Nitartha Digital Library
Tibetan
 
no previousno next

(༡)ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ་ཡོངས་རྫོགས་ཀྱི་བཞུགས་བྱང་ཆོས་རབ་རྣམ་འབྱེད་ཅེས་བྱ་བ་བཞུགས་སོ།

(༢) དྲན་པ་ཉེར་གཞག་ལ་སོགས་རྣམ་བྱང་གི། །ངོ་བོ་ཉིད་ནི་སྟོན་པ་མཆོག་ཡིན་ལ། །དེ་ཡི་ཞལ་སྒོ་ལས་དབྱངས་ཀྱི་སྒྲ། །བསྟན་པ་ཉིད་དེ་དེ་འཛིན་སློབ་མར་འདུད། །ཐེག་པ་རྒྱ་མཚོའི་སྙིང་པོ་སྔགས་ལམ་གྱི། །རྡོ་རྗེའི་ལུས་འདི་ད་གདོད་མ་ཡིན་པར། །རླུང་སྔགས་ཡི་གེའི་གདངས་སུ་གྲོལ་བའི་དཔྱིད། །མདོ་སྔགས་བསྟན་པ་འབྱུང་བའི་སྒོ་རུ་ཤར། །གང་ཕྱིར་འདི་ན་གཙུག་ལག་སྣ་ཚོགས་ཀྱི། །ཐེག་པའི་སྒོ་དང་ངེས་དོན་ཟབ་མོའི་སྤྲིན། །ཆོས་ཉིད་ཀློང་ལས་ཡི་གེའི་རོལ་མི་རུ། །དཀྲོལ་བའི་ཆོས་རབ་རྣམ་འབྱེད་གསལ་བར་བྱ། །དེ་ལ་འདིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ་ཡོངས་རྫོགས་ཀྱི་བཞུགས་བྱང་ཆོས་རབ་རྣམ་འབྱེད་གསལ་བར་བྱེད་པ་ལ། །གླེངས་བམ་དང་པོ། ཀ་པ་ལ་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ཡིན་ཏན་རིན་པོ་ཆེའི་མཛོད་རྩ་བ་ལེའུ་བཅུ་གསུམ་པ། །དེའི་འགྲེལ་པ་ལེའུ་དགུ་པ་ཡན་གྱིས་སྡེ་སྣོད་གསུམ་གྱི་དོན་ལེགས་པར་སྟོན་པ་བདེན་གཉིས་ཤིང་རྟ། །ཁ་པ་ལ་སྡ་མའི་འཕྲོ་ལེའུ་བཅུ་པས་རིག་པ་འཛིན་པའི་སྡེ་སྣོད་ཡོངས་རྫོགས་དང་ལེའུ་ལྷག་མ་གསུམ་གྱིས་ཁྱད་པར་མན་དག་རྫོགས་པ་ཆེན་པོའི་གཞི་མ་འབྲས་གསུམ་གྱི་གནད་དོན་གཏན་ལ་ཕབ་པ་རྣམ་མཁྱེན་ཤིང་རྟ། །ག་པ་ལ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་འཛམ་གླིང་ཐ་གྲུ་ཁྱབ་བའི་རྒྱན་ཅེས་བྱ་བ།

(༣)ཐོག་མར་སྟོན་པ་སངས་རྒྱས་བྱོན་ཚུལ་དང་། རྒྱན་དྲུག་མཆོག་གཉིས་ལ་སོགས་པ་བསྟན་འཛིན་ཆེན་པོ་རྣམས་ཀྱིས་མཚོན་སྤྱི་དང་བྱེ་བྲག་གི་ཆོས་འབྱུང་གིས་སྣ་དྲངས། བསྟན་པ་དམ་བའི་ཆོས་ཀྱི་རྣམ་པར་གཞག་པ་དང་། །ཆོས་ཀྱི་བཞུགས་བྱང་བསྔོ་སྨོན་གྱིས་མཐའ་བསྡུས་ལེའུ་དགུ་པ་དང་། ཐེག་པ་ཆེ་ཆུང་གི་རྣམ་གཞག་མ་ངེས་པར་སྟོན་པ་དྲིས་ལན་རིན་པོ་ཆེའི་བསྟན་བཅོས་ལུང་གི་གཏེར་མཛོད་ལེའུ་ལྔ་པ། ང་པ་ལ་སྔགས་ལམ་ལ་ཞུགས་པའི་གནག་ཞིག་ལས་དང་པོ་པ་རྣམས་ལ་ཕན་གདགས་ཕྱིར་ཚིག་དོན་དབྱིངས་ཆེན་པོས་མ་བཅིངས་ཤིང་གོ་བདེ་བར་བརྗོད་པ་དགོངས་འདུས་ཆོ་གའི་རྣམ་བཤད་མཁྱེན་བརྩེའི་མེ་ལོང་དང་། རིག་པ་དང་གཙུག་ལག་སྣ་ཚོགས་ཀྱི་དོན་འདོད་རྒྱལ་དུ་སྟོན་པ་རབ་བྱེད་ཀྱི་ཚོམ་བུར་བསྡུས་པ་གཏམ་གྱི་ཚོགས་ཐེག་པའི་རྒྱ་མཚོ་ལེའུ་དོན་གསུམ་པ་སྟེ། དེ་ལ་སྤྱི་དོན་ཐེག་པའི་གྲུ་གཟིངས། ནམ་མཁའ་བརྟག་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན། ས་གཞི་བརྟག་པ་ལྷོ་ཕྱོགས་རྒྱ་གར་གྱི་གཏམ་བརྟག་པ་བརྒྱད་ཀྱི་མེ་ལོང་། རིན་པོ་ཆེ་བརྟག་པའི་གཏམ་ཅིནྟ་མ་ཎིའི་མཛོད་ཁང་། སྙན་དངགས་ཀྱི་གཏམ་རིན་པོ་ཆེའི་གཏེར། རྒྱལ་པོ་དང་དམངས་ལ་གདམས་པའི་གཏམ་རབ་བྱེད་གཉིས་པ་འཇིག་རྟེན་གསོ་བའི་སྨན། ས་སྐྱོང་སྡེ་དགེ་ལ་སྤྲིང་པའི་གཏམ་ས་ལ་སྤྱོད་པའི་རྣ་རྒྱན། རྒྱལ་བུ་ལ་སྤྲིང་པའི་གཏམ་ཆར་སྤྲིན་གྱི་རོལ་མོ། བཙུན་མོ་ལ་སྤྲིང་པའི་གཏམ་དམ་པའི་གན་མཛོད་དོན་

(༤)འགྲེལ་དང་བཅས་པ། དམངས་ལ་སྤྲིང་པའི་གཏམ་དཔེ་དོན་འབྲེལ་བ། བྷོ་ཊའི་སྲིད་སྐྱོང་ལ་སྤྲིང་པའི་གཏམ། སྟོན་ཆེན་དབེན་པ་ལ་བསྐུལ་བའི་གཏམ། སློབ་མ་ལ་སྤྲིང་པའི་གཏམ་མདུན་ན་འདོན་གྱི་རྣ་རྒྱན། བཤེས་གཉེན་བུདྡྷ་ལ་སྤྲིང་པའི་གཏམ། །དགའ་ལྡན་བྱང་རྩེའི་བཤེས་གཉེན་ལ་སྤྲིང་པའི་གཏམ། །བླ་མ་ལ་སྤྲིང་པའི་གཏམ། ལྷོ་བྲག་གསུང་སྤྲུལ་ལ་སྤྲིང་པའི་གཏམ་མ་ཚངས་པའི་རྣ་རྒྱན། །སྒོམ་པ་ལ་སྤྲིང་པའི་གཏམ། སྤོང་བ་བསམ་གཏན་པ་ལ་སྤྲིང་པའི་གཏམ་དོན་རབ་འབྱེད་པའི་རྒྱན། དགེ་སློང་ལ་སྤྲིང་པའི་གཏམ་སྦྱངས་པའི་ཡོན་ཏན་གྱི་རབ་བྱེད། །རབ་བྱུང་པ་ལ་སྤྲིང་པའི་གཏམ་པྲ་ཏི་མོ་ཀྵ་གརྦྷ། སྔགས་པ་ལ་སྤྲིང་པའི་གཏམ་བཤགས་ལེ་བཞི་པའི་ཊཱི་ཀ་དམ་ཚིག་རྒྱ་མཚོའི་གསལ་བྱེད། །སྡེ་བརྒྱད་ལ་སྤྲིང་པའི་གཏམ་གནོད་སྦྱིན་གྱི་རྣ་ཆ། །ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིང་བའི་གཏམ་ལྷ་མ་ཡིན་གྱི་གཙུག་ཏོར། །འབྱུང་པོའི་སྡེ་ལ་སྤྲིང་པའི་གཏམ་ལྷ་མ་ཡིན་གྱི་གཙུག་ཏོར། འབྱུང་པོའི་སྡེ་ལ་སྤྲིང་པའི་གཏམ་པདྨའི་ཞལ་ལུང་། མར་ཇག་ལ་སྤྲིང་བའི་གཏམ་དཀོན་མཆོག་གསུམ་ཀྱི་གྲིབ་བསིལ། །གནས་བསྐོར་པ་ལ་སྤྲིང་པའི་གཏམ་ལྷག་བསམ་གྱི་ཆུན་པོ། བསམ་ཡས་གཙུག་ལག་ཁང་གི་གཏམ་འདོད་ཁམས་ཀྱི་རྣ་རྒྱན། །ཨཱ་རྱ་པ་ལོའི་གླིང་གི་གཏམ་དབེན་པའི་རྣ་རྒྱན། །དཔལ་གྱི་བསམ་ཡས་མཆིམས་པུའི་གཏམ་ཀ་ལ་པིངྐའི་རོལ་མོ། །མཆོད་སྡོད་གསར་གཞེངས་ཀྱི་གཏམ་འཕྲུལ་དགའི་རྣ་རྒྱན། །གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཞབས་རྗེས་རིན་པོ་ཆེའི་གཏམ། །གཞུ་སྟོད་གཏེར་སྒྲོམ་གྱི་གཏམ་མཁའ་འགྲོའི་གླུ་གར། །དབུར་སྟོད་ཞྭ་ལྷ་ཁང་གི་གཏམ་ཆོས་འབྱུང་གི་མེ་ཏོག །ལྷོ་མོན་དཀར་པོ་བངས་ཀྱི་གཏམ། །བཀྲ་ཤིས་སྲོང་བཙན་བང་སོའི་གཏམ་ལོ་རྒྱུས་ཀྱི་མཛོད་ཁང་། །བཀྲ་ཤིས་སྲོང་བཙན་བང་སོའི་དཀ་ཆག་འབྲིང་པོར་བྱས་པནྱ་གྲོ་དྷཱའི་ཆུན་འཕྱང་། །དཔལ་རི་ཐེག་པ་ཆེན་པོའི་གླིང་གི་གཏམ་རྡོ་རྗེའ་སྒྲ་མའི་རྒྱུད་མངས། །པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང་བརྟེན་པར་བཅས་པའི་གཏམ་ནོར་བུའི་དོ་ཤལ། །གཙད་རུ་ལག་རྒྱལ་བྱེད་ཚལ་གྱི་གཏམ་དད་པའི་གེ་སར། མཚོ་སྣར་རྒྱུད་འབུམ་

(༥)བཞེངས་པའི་གཏམ་ལནྟ་ཀའི་རྒྱན། །སྔ་འགྱུར་རྒྱུད་འབུམ་ལ་དཔྱད་ཞུས་ཀྱི་གཏམ་དྲང་སྲོང་གི་རྡ་སྒྲ། །མཆོད་རྟེན་བཀྲི་ཤིས་འོད་འབར་གྱི་གཏམ་རྙོག་མ་བགྲུངས་པའི་ཀི་ཏ་ཀ། །བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ཐིག་གི་གཏམ་བྱང་ཆུབ་ལྗོན་ཤིང་། །མཆོད་སྦྱིན་གྱི་གཏམ་འཕྲུལ་དགའི་རོལ་མོ། །མཎྜལ་གྱི་གཏམ་བསོད་ནམས་སྤྲིན་ཕུང་། །བསྡོ་བའི་གཏམ་རྣམ་མཁྱེན་ལམ་བཟང་། ནགས་ཚལ་གྱི་གཏམ་ཨུ་དུམ་ལྦཱརའི་ཆུན་པོ། འདབ་ཆགས་ཀྱི་གཏམ་མི་ཁོམ་པའི་གནས་ལ་སྐྱོ་བ་བསྐུལ་བ། རི་དྭགས་ཀྱི་གཏམ་དེས་འབྱུང་གི་ཕོ་ཉ། །རི་བོང་ཤིན་ཏུ་བརྟན་པའི་གཏམ་བྲག་རིའི་མགུལ་རྒྱན་འདུ་འཛིལ་སྐྱོ་བའི་གཏམ་ཏོག་གི་བློ་གྲོས། །བློ་ལྡན་བྷྲ་མརའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ། ཆོས་སྤྱོད་བཅུའི་གཏམ་དགེ་བའི་ལྗོན་ཤིང་། དྲན་པའི་གཏན་ཡོན་ཏན་རྒྱ་མཚོ། དྲན་དང་ཤེས་བཞིན་ལས་འཕྲོས་པའི་གཏམ་དོན་རབ་འབྱེད་པའི་ཐུར་མ། །འཕགས་པ་སྟོང་ཕྲག་བརྒྱ་པ་ལས་འཕྲོས་པའི་གཏམ་དེ་ཁོ་ན་ཉིད་ཀྱི་མེ་ལོང་། །གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ། མི་དགེ་བཅུ་སྤོང་གི་གནང་བཀག་ལ་དཔྱད་པའི་གཏམ་ཚུལ་ཁྲིམས་རིན་པོ་ཆེའི་རྒྱན། །ཕྱག་རྫོགས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་དབྱེ་བའི་གཏམ་ཀེ་ཏ་ཀའི་རྣ་རྒྱན། །ཆོས་ཉིད་རྣམ་པར་མ་གྱུར་པའི་གཏམ་ནམ་མཁའ་ལྡིང་གི་རྣ་རྒྱན། །གནས་མིན་གྱི་བརྒལ་བརྟག་ལ་སྐྱོ་བའི་གཏམ། རྣམ་གྲངས་པའི་དོན་དམ་ལ་དཔྱད་པའི་གཏམ་ལྷའི་རྒྱལ་རྡ། །ཤིན་ཏུ་རྣལ་འབྱོར་གྲུབ་མཐའ་བཞི་ལ་རྟོན་པའི་གཏམ་རྡོ་རྗེ་གཟེགས་མའི་མཚོན་ཆ། །ལེ་གྲོལ་ཀ་དག་གི་གཏམ་དག་པ་ཉིས་ལྡན་གྱི་མཛོད་ཁང་། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་རྫོགས་པ་ཆེན་པོའི་དྲོྭ་ཧ་མཛོད། ཏནྟྲའི་ཕྱོགས་འཛིན་བཟློག་པའི་གཏམ། །རྟོན་པ་བཞི་ལྡན་གྱི་གཏམ་ལོག་རྟོག་གི་གཉེན་པོ། །ཤེས་རབ་ཀྱི་གཏམ་ཟབ་མོ་སྣང་བ། །ཤེས་རབ་སྙིང་པོའི་གཏམ་བསྟོད་ཕྱག་གིས་གསལ་བ། །ཡང་དེའི་དོན་བསྡུས་ཀྱི་གཏམ། །ན་ཚལ་མཁྱེར་གྱི་གཏམ་རྣམས་སོ།། །།ཅ་པ་ལ་བསྟོད་ཚོགས་དང་། །དཔེ་ཕྲན་སྣ་ཚོགས་ཀྱི་

(༦)སྐོར་གཉིས་ལས་དང་པོ་ལ། སྐྱེས་པ་རབས་ཀྱི་རྒྱུད་སྙན་དངགས་དམ་པའི་འཁྲི་ཤིང་དུ་བསྔགས་པ་མིའམ་ཅི་ཀུན་ཏུ་དགའ་བའི་ཟློས་གར། སངས་རྒྱས་སུམ་ཅུ་སོ་ལྔ་ལ་བསྟོད་པ་ལྗོན་པའི་གླུ་ཕྲེང་། །ཐུག་དབང་གྲོང་ཁྱེར་མ་ལ་བསྟོད་པ། དུས་གསུམ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མཚན་དོན་གྱི་སྒོ་ནས་བསྔགས་པ་དད་པའི་ཕོ་ཉ། །རྙིང་མ་རྒྱུད་འབུམ་གསར་བཞེངས་ལ་བསྔགས་པ། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམ་པ་ཐམས་ཅད་རྫོགས་པ་བརྒྱད་ལ་བསྟོད་པ། བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད་ལ་བསྟོད་པ། །དེའི་དོན་འགྲེལ་དང་བཅས་པ། །ཆོ་འཕྲུལ་ཆེན་མོའི་དུསཆེན་ལ་ཆེད་དུ་བརྗོད་པ་ཚོགས་གཉིས་ཤིང་རྟ། བཅོམ་ལྡན་འདས་རྟ་མཆོག་རོལ་པ་གསང་བ་སྒྲུབ་པ་ལ་བསྟོད་པ། ཟངས་མདོག་དཔལ་རིལ་བསྟོད་པ། ཡོན་གཏན་གཏེར་མཛོད་ལས་གསུངས་བའི་མན་ངག་བཅུ་གསུམ་ལ་བསྔགས་པ། རྣམ་ཐར་སིནྡྷུ་མ་ལ་བསྟོད་པ། །རིག་འཛིན་ལ་བསྟོད་པ། མཁན་པོ་ལ་བསྟོད་པ། སློབ་དཔོན་ལ་བསྟོད་པ། ཆོས་རྒྱལ་ལ་བསྟོད་པ། སཻངྒའི་སྒྲ་ལ་བསྟོད་པ། སྡོམ་བཙོན་དམ་པ་ལ་བསྟོད་པ། ཚེ་རིང་ཡུལ་ལྗོངས་ལ་བསྟོད་པ། །རྣམ་བཅུ་དབང་ལྡན་ལ་བསྟོད་པ། བྱད་གྲོལ་འཁོར་ལོ་ལ་བསྟོད་པ། །སྤྲུལ་བའི་སྐུ་མཚན་བརྒྱད་ལ་བསྟོད་པ། །ཀུན་མཁྱེན་ངག་གི་དབང་པོ་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་་རྒྱངས་གླུ། ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་བསྡུས་བ་ཚིགས་སུ་བཅད་པ་རྐང་པ་ལྔ་པ། དཔལ་གྱི་བསམ་ཡས་མཆིམས་ཕུལ་བསྟོད་པ་རྡོ་རྗེའི་གཱ་མཀརྣམས་དང་། །གཉིས་པ་ལ་སྐོར་ཚོ་དྲུག་ལས། །དང་པོ་ངག་འདོན་ཆོས་སྤྱོད་ཀྱི་སྒོར་ཆོག་བསྒྲིགས་མར། དང་པོ་ངག་བྱིན་རླབས། གཉིས་པ་བླ་མ་རྒྱང་འབོད། །གསུམ་པ་སྟོན་པའི་མཛད་བཅུ། །བཞི་པ་སོ་ཐར་རྒྱུད་འདེབས། ལྔ་པ་སྔ་འགྱུར་རིན་པོ་ཆེའི་བླ་བརྒྱུད་གསོལ་འདེབས་མོས་པ་ལམ་བྱེད། དྲུག་པ་ཕྱག་འཚལ། བདུན་པ་སྤྱི་བཤགས། བརྒྱད་པ་སྤྱན་འདྲེན་ཁྲུས་གསོལ། །དགུ་པ་ཚད་མེད་བཞི་བསྒོམ་པ། །བཅུ་པ་བྱང་སྔགས་སྡོམ་བཟུང་དང་འབྲེལ་བ་ཐེག་པ་ཆེན་པོའི་ལམ་དམ་བཅའ་བ་རྣམས་དང་། རིགས་

(༧)པ་གསུམ་བསྐྱེད་སྨོན་ལམ། །གསོལ་འདེབས་བསམ་པ་མྱུར་འགྲུབ། །ལྷ་མོ་འོད་ཟེར་ཅན་ལ་བསྟོད་ཅིང་གསོལ་བ་འདེབས་པ། །རྒྱ་རོང་དཔོན་སྤྲུལ་ལ་གནང་བའི་སྨོན་ལམ་རྣམས་དང་། །གཉིས་པ་སྒྲུབ་ཐབས་སྣ་ཚོགས་པའི་སྐོར་ལ། །སྒྱུ་འཕྲུལ་བཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ། སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ཁྲག་འཐུང་མངོན་རྫོགས། །འདུས་པ་མདོའི་ཆོ་གའི་ལྷན་ཐབས་བསྟན་པ་རྒྱ་མཚོའི་གྲུ་གཟིངས། དེའི་རྒྱུན་ཁྱེར་ཉེར་བསྡུས། ཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་གྱི་ཆོག་སྒྲིགས་འཆི་བ་མེད་པའི་ལྗོན་པ་ཀུན་ཏུ་དགའ་བའི་སྐྱེས་མོས་ཚལ། མུན་པའི་རྣལ་འབྱོར་ཡང་ཏིག་ནག་པོའི་ཕྲིན་ལས་ཀྱི་ཆོག་ཁྲིག་སུ་བསྡེབས་པ། །ཇོ་བོ་ལུགས་ཀྱི་སྒྲོལ་དཀར་མཎྜལ་གཅིག་པའི་སྒྲུབ་ཐབས། འཇམ་དཀར་མ་ཏི་ལུགས་ཀྱི་རྒྱུན་ཁྱེར། དྲང་སྲོང་ལོཀྟྲིའི་རྒྱུན་ཁྱེར་། རྟ་མགྲིན་གསང་སྒྲུབ་ཀྱི་རྒྱུན་ཁྱེར། སྨན་བླའི་སྒོམ་བཟླས། བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མའི་སྒྲུབ་ཐབས་རྣམས་དང་། གསུམ་པ་ཕྲིན་ལས་སྣ་ཚོགས་པའི་སྐོར་ལ། འཁོར་ལོས་མཚོན་པའི་གསུང་རྟེན་སྤྱི་ཁྱབ་ལ་རབ་གནས་བྱ་བའི་ཆོ་ག་ཕྱག་རྒྱ་བཞི་ལྡན། གྲོལ་ཐིག་དགོངས་པ་རང་གྲོལ་གྱི་དབང་གི་ཆོ་ག་གདན་རྣམ་བར་ཕྱེ་བ་མཁྱེན་བརྩེའི་དགོངས་རྒྱན། དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་འདུས་་པ་མདོའི་དབང་གི་བསྙེལ་ཐོ། །བཀའ་བརྒྱད་བདེ་གཤེགས་འདུས་བའི་གཏོར་བཟློག་གི་དྲིས་ལན་གཤིན་རྗེའི་གད་རྒྱངས། གཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་མནན་པའི་ཡིག་ཆུང་གཅིག་ཤེས་ཀུན་གྲོལ། ལོ་དགྲ་སེར་བའི་གནོད་པ་བསྲུང་ཐབས་སྤྲུལ་སྐུའི་འཁོར་ལོ། །མནན་པའི་ལས་རིམ་རི་རབ་ནག་པོ། ཕུར་པ་དྲེགས་འདུལ་གནམས་ལྕགས་འཁོར་ལོའི་ལས་མཐའ་དམེ་བརྩེགས་ཀྱི་བྱ་བ་ཁྲུས་རྒྱུད་དོན་རྣམ་དག་རྣམས་དང་། །གཞི་བ་ཊཱི་ཀ་གསལ་བྱེད་ཀྱི་སྐོར་ལ། ཀུན་མཁྱེན་ཤཱནྟ་བུ་རི་པའི་བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊཱི་རྒྱལ་བའི་གཞུང་ལམ། །གསང་བསྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་

(༨)འགྲེལ་པ་རིག་འཛིན་ལམ་བཟང་། ཡོངས་རྫོང་ཐུགས་སྒྲུབ་ཀྱི་ཧཱུྃ་བསྙེན་དམིགས་སྐོར་དཔལ་རིའི་མྱུར་ལམ། །ཀུན་བཟང་སྨོན་ལམ་གྱི་འདྲེན་བྱེད་ཊཱི་ཀའི་ཐུར་མས་བསལ་བ། འཁོར་ལོ་འབར་བའི་དམིགས་རིམ་གྱི་དོགས་པ་ཀུན་གསལ་མེ་ལོང་རྣམས་དང་། །ལྔ་པ་ལྷ་སྲུང་གསོལ་མཆོད་ཀྱི་སྐོར་ལ། བསང་བརྔན་གྱི་ཆོ་ག་མཆོད་པའི་སྤྲིན་གྱི་ཁང་བཟང་། ཕུད་སྐོང་བརྔན་སྦྱིན་རྒྱ་མཚོ། དཔལ་མགོན་ཞལ་གྱི་སྐོང་གསོད་མ་ཅན་བླ་ཆགས། དུར་ཁྲོད་ལྷ་མོའི་མཆོད་ཐབས། རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད་སྨན་བཙུན་མགུལ་རྒྱན། དེའི་སྐོང་གསོ་ཉེར་བསྡུས། །གནོད་སྦྱིན་ཅི་དམར་བའི་སྐོང་གསོ་དབང་དྲག་དུས་ཀྱི་ཕོ་ཉ། རྒྱལ་ཆེན་རྣམ་སྲས་ཀྱི་སྐོང་གསོ་ཉུང་བསྡུས། མ་སངས་ཀྱི་གསོལ་ཀ་ཉུང་བསྡུས། བསྟན་སྲུང་དམ་ཅན་རྒྱ་མཚའི་རུ་མཚོན་མངའ་གསོལ་དམ་ཅན་རྒྱ་མཚོ་བཤགས། ཆོས་སྐྱོང་སྤྱིའི་ཕྲིན་བཅོལ་ཐུབ་བསྟན་མ་རྣམས་དང་། དྲུག་པ་ཐོར་བུ་སྣ་ཚོགས་ཀྱི་སྐོར་ལ། སྔོན་འགྲོ་དངོས་གཞིའི་ལམ་བསྡུས་མཐོ་རིས་ཐེམ་སྐས། ཆབ་གཏོར་སྐབས་ཀྱི་ལན་ཆགས་བུ་ལོན་འཁོར་བའི་སྒྲ་དོན། སྐྱབས་དོམ་འབོགས་ཆོག་ཐར་པའི་འཁྲི་ཤིང་། གནས་བརྟན་ཕྱག་མཆོད། སྨྱུང་གནས་ཀྱི་ཆོག་མདོར་བསྡུས་འདུན་བ་བཟང་པོ། །རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མདོན་དགའི་ཞིང་སྦྱོང་། །སངས་རྒྱས་སྣང་བ་མཐའ་ཡས་ལ་བརྟེན་པའི་སྐུ་གསུམ་ལ་རྣལ་བྱོར། སྔ་འགྱུར་བསྟན་པའི་སྲོལ་བའབྱེད་ཆེན་པོ་རྣམས་ལ་གསོལ་འདེབས། ཇོ་བོ་རིན་པོ་ཆེ་ལ་གསོལ་འདེབས་སྨོན་ལམ་དང་འབྲེལ་བར་བཞི་ལེན་ཚུལ། མཛད་བཅུ་དབང་བཞི་དང་སྦྱར་བ། རྫོགས་སྨིན་སྤྱོད་པའི་སྨོན་ལམ། བླ་མའི་གསོལ་འདེབས་མཆད་འདོན་མ། རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབས་གསོལ་འདེབས། །རྣམ་ཐར་གསོལ་འདེབས། །གཅིག་ཆོག་ནོར་བུ་ལུགས་ཀྱི་གསོལ་འདེབས། ཡང་གསོལ་འདེབས་ལེ་ཚན་བཞི། ཞབས་བརྟན་གསོལ་འདེབས་ལེ་ཚན་གསུམ། རྒྱལ་སྲས་ཉིན་བྱེད་འོད་ཟེར་གྱི་ཞབས་བརྟན་གསོལ་འདེབས་ལེ་ཚན་གཉིས། མདོ་ཁམས་རྫོགས་ཆེན་པའི་སྐྱེ་ཕྲེང་གསོལ་འདེབས། ཇ་མཆོད་ལེ་ཚན་ཉིས། །རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབས་

(༩)གནད་བྱང་དུ་གསལ་བ་བཞིན། དགུང་གྲངས་སོ་དྲུག་པ་ཤིང་སྤྲེལ་ལོར་ངེས་པས་སྤྲེལ་ཟླའི་ཚེས་བཅུ་མཆོད་པའི་ཚིག་མཛད་པ་ན་ཨོ་རྒྱན་ཆེན་པོ་འཁོར་མཁའ་འགྲོ་དང་མཁའ་འགྲོ་མའི་འདུ་བ་དང་བཅས་པ་མཇལ་ཞིང་། དེ་དང་རྗེས་མཐུན་དུ་དམ་པའི་སྐྱེས་བུ་དུ་མའི་ཐུགས་བསྐྱེད་ཀྱིས་མཚམས་སྦྱར་བ་ལ་བརྟེན་འདུས་པ་དང་པོའི་འཁོར་བཅོ་ལྔ་ལ། སྨིན་གྲོལ་གྱི་ཆོས་འཁོར་ཐོག་མར་བསྐོར། དེ་ནས་བརྩམས་སྣོད་ལྡན་གྱི་གདུལ་བྱ་རྣམས་ལ་ཁྱད་གདལ་དུ་སྣང་བར་མཛད་པ་ཡིན་ནོ། སྔར་ཀུན་མཁྱེན་ཆེན་པོས་རང་གི་བསྟན་པ་ཡོངས་རྫོགས་གཏད་ནས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་བ་བཞིན་རང་ཉིད་ཀྱི་མཛོད་ཆེན་བདུན་དང་ཤིང་རྟ་རིན་པོ་ཆེ་རྣམ་པ་གསུམ་དགོངས་དོན་མ་ལུས་གཞུང་ཅིག་ཏུ་སྟོན་པ་ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ཚིགས་སུ་བཅད་པ་དང་། དེའི་ཚིག་དོན་རྒྱ་ཆེར་འགྲེལ་བའི་རྒྱུ་མཚན་ཉིད་ཀྱི་ཐེག་པ་བདེན་གཉིས་ཤིང་རྟ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་སྤྱི་དང་བྱེ་བྲག་འོད་གསལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་རྒྱས་པར་གཏན་ལ་ཕབ་པ་རྣམ་མཁྱེན་ཤིང་རྟ་གྲགས་པ་མཛད་ནས་ལུང་དང་རིག་པའི་སྐྱ་བར་ནས་འོད་གསལ་རྡོ་རྗེ་སྙིང་པོའི་གྲུབ་མཐའ་གཞི་བཞེངས་སུ་ལྷོངས་བར་མཛད་པས་གངས་ཅན་གྱི་རིའི་སུལ་དུ་ཀློག་པའི་མགྲིན་རྔ་གཟིངས་མཐོར་སྒྲོགས་པའི་རིགས་པར་སྨྲ་བའི་སྟོན་ཆེན་རྣམས་ཀྱང་ཁེངས་པའི་རུ་མཚོ་ནས་ལ་བསྙིལ་ཏེ་བསྔགས་པའི་མེ་ཏོག་ཆར་དུ་གཡོ་སྔོན་དུ་འགྲོ་བས་གུས་འདུད་ལྷུར་ལེན་པ་ལ་སྤྲོ་བར་གྱུར་ཏོ། རྒྱུ་དེས་ཕྱིས་ཀྱི་སྔ་འགྱུར་ཕྱོགས་གཏོགས་རྣམས་ཀྱིས་སྡེ་སྣོད་མི་ཤེས་ཏེ་འོང་སྙམ་རྟོག་ནང་གྱི་མུན་བ་རྒྱུན་ཆད་ཅིང་དག་སྣང་གི་ཉི་མ་ཤར་བར་མཛད་པའི་བཀའ་དྲིན་ཁོ་ནའང་རང་རེ་རྣམས་ཀྱིས་གཞལ་བར་དཀའ་བའི་རང་བཞིན་དུ་བསམ་པར་རགས་སོ། སྤྲུལ་པའི་ཆོས་རྒྱལ་དང་ལོ་པན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་འབྲས་བུ་ཆུད་འཛའ་བ་ལ་མགོན་དུ་ཕྱོགས་པ་ཐུགས་ཀྱིས་མ་བཟོད་པས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་གླེགས་བམ་ཡོངས་རྫོགས་གསར་དུ་བཞེངས་ཤིང་། ཕྱི་འགྱུར་གྱི་མཁས་པ་ཆེན་པོ་དེ་ལྟ་བུ་ཡང་འཇིག་རྟེན་

(༡༠)པའི་སྐྱོ་མ་སྡ་བཙན་གྱི་དབྱེ་ན་སྟོབས་ཆེས་པས་གཟིགས་སྟངས་འཛོལ་པར་གྱུར་པས་ཡོག་གསུམ་གྱི་རྒྱུད་སྡེ་རབས་རིམ་ཙམ་ལས་བཀའ་འགྱུར་གྱིར་ཁྲོད་དུ་བཞུགས་མ་ཐུབ་ཅིང་གཏན་ཚིགས་ཀྱིས་བསྒྲུབས་དེབ་ཐེར་དང་དཀར་ཆག་སོགས་སྔོན་ཆད་འགོད་པ་མ་གྱུར་ལ། །རྗེས་བཙུན་དམ་པ་འདི་ཉིད་ཀྱིས་གཏན་ཚིགས་གསུམ་དང་འབྲེལ་བའི་སྤོབས་བཟང་ལ་རྒྱ་ཆེ་བས་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་མཛད་ནས་ལོག་པར་རྟོག་པའི་དྲི་མ་ཐས་ཅད་ལུང་དང་རིག་པའི་བྱི་དོར་གྱིས་གཙང་བར་མཛད་པ་ཡིན་ནོ། རླངས་དཔལ་གྱི་སེང་གེའི་ཡེ་ཤེས་ཀྱི་སྐུས་རྡོ་རྗེ་ཕུར་པའི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་མཚན་མ་ཐོབ་པ་ལ་བརྟེན་གངས་རིའི་ལྗོངས་འདིར་ཕུར་བུའི་བཀའ་སྲོལ་རྒྱལ་པོ་ལུགས་དང་། ཇི་མོ་ལུགས་དང་། ལྕམ་ལུགས་གཙོ་བོར་གྱུར་བའི་བཀའ་བབ་ཐ་དད་པའི་བརྒྱུད་པ་མང་དུ་བཞུགས་པའི་དོན་བརྒྱུད་ཀྱི་དགོངས་པར་གཅིག་པའི་བཀའ་བབ་ཐམས་ཅད་འདུ་བའི་རྟེན་འབྲེལ་གྱི་ངེས་པས་ཕུར་བུ་མྱང་འདས་ཆེན་པོ་དང་། རྡོ་རྗེ་བཀོད་པ། རྣལ་འབྱོར་ཆེན་པོ། །ཡེ་ཤེས་རྩེ་མོ། །རྩ་རྒྱུད་རྣལ་འབྱོར་ཆེན་པོ་གཙོ་བོར་གྱུར་པའི་རྒྱུད་སྒྲུབ་ཐབས་སུ་བསྡེབས་པ་སྔོན་མེད་པའི་བཀའ་བསྡུ་མཛད། དེ་ལྟར་གཙོ་ཆེ་ལོངས་ཙམ་ལས་ཞིབ་བར་སྦྲོ་བ་མ་ནུས་པ་ཤིང་། དེ་བཞིན་དུ་བྱ་བ་ལས་ཀྱི་འཁོར་ལོ། རྟེན་བཞེངས་མཆོད་སྦྱིན། སྲོག་བསླུ། དབང་ཆོས་འཆད་པ་སོགས་མཐའ་དག་ནི་འདིར་སྨྲས་མི་དོགས་ཤིང་ཞིབ་པར་རྣམ་ཐར་ཆེན་མོར་ཕེབས་པས་ལྟར་ཤེས་པར་བྱའོ། དེ་ལྟ་བུའི་བདག་ཉིད་ཆེན་པོ་འདི་ནི་ལྔ་བརྒྱ་ཐ་མའི་དུས་འདིར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་ཉིད་གདུལ་བྱ་འདུལ་བར་དཀའ་བ་རྣམས་ལ་སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན་རྡོ་རྗེ་སློབ་དཔོན་ཆེན་པོ་འཚུལ་བཟུང་ནས་འགྲོ་བའི་དོན་མཛད་པ་བཀའ་དང་བསྟན་བཅོས་ཐམས་ཅད་ནས་ཚད་མས་བསྒྲུབས་ཤིང་། སྣོད་དང་འཚམས་པར་བསྟེན་པའི་གསུང་རབ་རྣམས་ཀྱང་བརྗོད་བྱ་དོན་ཆེན་པོ་དང་ལྡན་པའི་ཁམས་གསུམ་གྱི་ཉོན་མོངས་མཐའ་དག་སྤོང་བའི་ཐབས་སུ་གྱུར་པ་དང་། ཞི་བ་མྱ་ངན་ལས་འདས་པའི་ལམ་སྟོན་པར་བྱེད་པ་སངས་

(༡༡)རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྒྱུ་དང་འབྲས་བུའི་ཆོས་ཀྱི་ཚུལ་ལེགས་པར་གསུངས་པའི་མཚན་ཉིད་དང་མཐུན་པས་ཁྱད་པར་དུ་འཕགས་པ་སྟེ། རྗེ་བཙུན་བྱམས་པས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་བཤད་པ་བཞིན་ནོ། །ངེས་ཚིག་གི་དབང་དུ་བྱས་ན། །སུ་བྷཱ་ཥི་ཏའི་སྒྲ་དོན་ལེགས་པར་བཤད་པ་སྟེ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། །བར་དུ་དགེ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། མང་དྲས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ལ་སོགས་པའི་ཆོས་རྣམས་ཀྱང་ངེས་པར་མངའ་ལ། བསྟན་བཅོས་ཀྱི་དབང་དུ་ནི། །གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་བཤད། ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། ཞེས་གསུངས་ཤིང་། བསྟན་བཅོས་གང་ཞིག་བརྗོད་བྱ་སངས་རྒྱས་ཀྱི་བསྟན་པའི་དབང་དུ་བྱས་ཤིང་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པའི་མཚན་ཉིད་གང་ལ་ཡོད་པ་དེ་ཉིད་བདེ་བར་གཤེགས་པའི་བཀའ་དང་མཚུངས་བར་བལྟ་དགོས་པར་གསུངས་ན་བསྟན་པ་ཐམས་ཅས་ཀྱི་སྙིང་པོ་འབྲས་བུ་སྔགས་ཀྱི་ཐེག་པའི་སྡེ། སྣོད་ཐམས་ཅད་ཀྱི་བླ་མར་གྱུར་པ་ནང་པ་བསྐྱེད་རྫོགས་གསུམ་བརྗོད་བྱའི་གཙོ་བོར་གཞུང་འདི་དག་ནི་ལེགས་པར་གསུངས་པའི་བཀའ་དང་མཚུངས་པར་ཤེས་པར་བྱ་སྟེ། དེར་མ་ཟད་བླ་མ་དགོངས་འདུས་དང་བཀའ་བརྒྱད་ཙམ་ལས་གཏེར་མའི་ཕྱོགས་ཀྱི་སྒྲུབ་ཕྲིན་ཕལ་མོ་ཆེ་སྙིགས་མའི་གདུལ་བྱ་ལས་དང་པོ་པ་ལ་དགོངས་ནས་ཞལ་གསལ་བ་ཉིད་ཀྱིས་ཚིག་ལ་བརྟེན་པ་ཕལ་ཆེར་མཐོང་ཕྱོགས་འཛོལ་བས་དེང་དུས་ཀྱི་འགྲོ་བ་ཚིག་ལ་གྲིམས་པ་གཙོ་བོར་བྱེད་པ་རྣམས་དགའ་བའི་ཕྱིར་རྗེ་ཉིད་ཀྱི་གསུང་རྣམས་ཚིག་བརླིང་ཞིང་དོན་སྒྲོམ་ཆེ་བས་རྣམ་དཔྱོད་ཀྱི་བློ་གྲོས་རྣོ་བྲར་རློམས་པ་རྣམས་ཀྱང་ལན་དུ་མར་ལེགས་པར་བརྟགས་ཀྱང་གཏིང་མཐའ་དཔོག་པར་དཀའ་ཟིང་དོན་བྱིངས་ཇི་ལྟ་བ་འཇལ་

(༡༢)བར་ནུས་པའང་དཀོན་ལ། བློ་དང་ལྡན་པ་རྣམས་ཀྱི་རྒྱུད་ལོག་བ་སྟེར་ཕུལ་ཆེ་བའི་ཚིག་དོན་གྱི་ནུས་པ་མཁས་པ་གཞན་གྱི་བསྟན་བཅོས་ལས་ཁྱད་པར་དུ་འཕགས་པ་མངོན་སུམ་གྱིས་གྲུབ་པས་ཕྱི་རབས་པ་རྣམས་ཀྱི་དག་ཡོན་གྱུར་པ་ནི། འཕགས་པའི་ཡུལ་དུ་བསྟན་པ་ཕྱི་དར་གྱི་འཇུག་ཐོག་མཁས་པ་སྒོ་དྲུག་སོགས་ཀྱི་སྐབས་སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་ཞབས་ཀྱི་གཞུང་རྣམས། བསྟན་བཅོས་སྔ་མ་རྣམས་ལས་ལྷག་བར་གཙིགས་སུ་བྱེད་པ་དང་འདྲ་བར་གཟུ་བོའི་བློས་ཤེས་བྱ་དགོས་པ་ཉིད་དོ། དེ་ལྟ་བུའི་གསུང་རབ་དེ་རྣམས་ཇི་སྲིད་བར་གླེངས་བམ་གྱི་ཕྲེང་བའི་ཇི་སྙེད་འབྱུང་བའི་ཁྱི་མོར་བར་དུ་བསྒྲུབས་པའི་བདག་པོའི་རྐྱེན་ནི། མདོ་ཁམས་ཆུ་བཞིན་དང་སྒད་དྲུག་གི་འཛིན་མའི་དཀྱིལ་འཁོར་ལ་དབང་བྱེད་པའི་ས་སྐྱོང་རྐང་ཐུང་ཕལ་བའི་ཁྲོད་དུ་རྒལ་སྲིད་ཆོས་ཀྱིས་སྐྱོང་བས་ཁྱད་པར་དུ་གྱུར་པས་མཆོག་དབང་པོའི་ལྗོན་པ་ལྟ་བུ་སྡེ་དགེ་རྒྱལ་པོ་ཞེས་སྙན་པའི་ཡི་གེ་སྲིད་ན་མངོན་པར་གསལ་བ་འདི་ཉིད་དེ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གོང་མ་རིམ་བྱོན་ནས་བཟུང་ད་ལྟའི་རབ་གངས་ལྗོངས་ཀྱི་གྲུབ་པའི་མཐའ་གསར་རྙིང་རིས་མེད་ཡོངས་ཀྱི་བསྟན་པ་གུས་མཆོད་བླ་ལྷག་ཏུ་མཛད་པའི་སྦྱིན་བདག་ཆེན་པོར་གྱུར་ཞིང་། ཁྱད་པའི་རྗེ་བཙུན་ཆེན་པོ་འདི་ཉིད་དང་མཆོད་ཡོན་སྔོན་གྱི་ཐུག་བས་སྐྱེད་སྨོན་ལམ་གཅིག་ཏུ་འབྲེལ་བའི་དབང་གིས་མཁས་ཤིང་གྲུབ་པའི་རྣམ་མཐར་བཟང་པོའི་སྙན་པས་ཐུགས་ཡིད་གཏན་མེད་དུ་ཕྲོགས་པ་ལས་གཏན་གྱི་རེ་ལྟོས་འཆའ་བའི་ཡུལ་གཅིག་བུར་མཛད་ཅིང་དམ་པའི་ཆོས་དང་འབྲེལ་བའི་ཞབས་འདེབས་ཀྱི་རིམ་པ་དང་། སྲི་ཞུ་རྒྱ་ཆེན་པོས་གུས་པས་མཆོད་དེ་གསུང་རབ་སྔ་མ་རྣམས་བར་དུ་བཀོད་ནས་སྔོན་མེད་པའི་ཆོས་ཀྱི་སྦྱིན་པ་ཕྱོགས་ཐིས་ཅན་དུ་བཀྱེ་བས་རྒྱལ་བའི་ཕྲིན་ལས་ཆུད་མི་འཛའ་བའི་སྒོ་མཐའ་ཡས་པ་ཕྱེ་བའི་རྟེན་འབྲེལ་ལས། དགོངས་གཏེར་རྡོ་རྗེའི་ལུང་ལས། ངང་ཚུལ་ཕོ་གྱོང་རྒྱལ་མོ་བཙུན༔ ཞེས་པའི་ཐོག་མ་ལྷ་ལྕམ་དང་ཚུལ་རྒྱལ་མོའི་སྐྱེ་བར་ལུང་བསྟན་པ་ཡུམ་ས་སྐྱོང་ཆོས་ཀྱི་རྒྱལ་མོ་འདི་ཉིད་དང་། ལྷ་སྲས་ཆོས་ཀྱི་རྒྱལ་པོ་ཚེ་དབང་རྡོ་རྗེ་རིག་འཛིན། ལྕམ་རྟ་མགྲིན་དབང་མོ་བཅས་ཀྱིས་དང་བ་ཆེན་པོས་རྗེ་བླ་མའི་བསྟན་པ་ཇི་སྲིད་དུ་མ་ཉམས་ཤིང་སྤེལ་བའི་ཕྱིར་མདའ་ཁུལ་རྫ་རྒྱུད་དུ་ཆོས་སྡེ་

(༡༣)གསར་འཛུགས་དང་། གདན་ས་རྙིང་པ། རྫོགས་ཆེན་དགོན་དང་། རྒྱ་རོང་། ཀཐོག་རྣམས་སུ་དཔལ་ཆེན་ཞི་ཁྲོ་དང་། རྡོ་རྗེ་ཕུར་པ་སོགས་ཀྱི་སྒྲུབ་མཆོད་ཇི་སྲིད་བར་ཉམས་ཆག་མི་འགྲོ་བའི་ཐེབས་རྒྱ་ཆར་སྦྱར་བ་སོགས་བསྟན་པའི་སྦྱིན་བདག་ཆེན་པོ་ཡིན་ལུགས་ལྟར་གྱི་ཞབས་འདེབས་མཛད་པའི་རྒྱུ་འབྲས་བསླུ་མེད་དང་། དམ་ཚིག་སེལ་མེད་ཀྱི་རྟེན་ཅིང་འབྲེལ་འབྱུང་ལས་བླ་མའི་ཐུགས་བསྐྱེད་དང་ཐུགས་རྗེའི་འཇུག་པ་དུས་ལས་ཡོལ་བ་མི་མདའ་བས་མཆོག་གི་སྤྲུལ་པའི་སྐུ་ཡང་ཕྱོགས་འདིར་ཕེབས་པ་ད་ལྟ་གོང་མའི་གདན་སར་མངའ་གསོལ་གྲུབ་ནས་ཆོས་ཀྱི་ཕྲིན་ལས་མཐར་ཕྱིན་པའི་བར། དད་པ་དང་། སྟོབས་དང་༑ འབྱེར་པས་མཆོད་བཞིན་པ་འདིའོ། །དེ་ལས་གསུང་རབ་རྣམས་སྔ་ཕྱི་ཕྱོགས་གཅིག་པར་དུ་འཁོད་པར་བསྐུལ་བ་པོ་ནི་དགོངས་གཏེར་རྡོ་རྗེའི་ལུང་ལས། ལྷ་སྲས་སྤྲུལ་པས་ཆོས་སྒོ་འབྱེད༔ ཅེས་ལུང་གིས་ཟིན་པའི་སྐྱེས་བུ་དམ་པ་འདི་ནི། མདོ་ཁམས་རོལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན། ཤར་རྡོ་རོལ་དུ་སྐུ་འཁྲུངས་ཤིང་། ཆུང་དུའི་དུས་ནས་ཕྱག་རྫོགས་ཀྱི་གདམས་པས་མཚོན། བཀའ་ལུང་སྨིན་གྲོལ་རྒྱ་མཚོ་ལྟ་བུར་གསན་བསམ་སྒོམ་པ་རྒྱ་ཆེ། ཙཱརི་ཏྲ་སོགས་གྲུབ་པའི་གནས་ཆེན་རྣམས་སུ་ཟབ་མོའི་ཏིང་འཛིན་དང་འབྲེལ་པའི་སྔགས་ཀྱི་ཐབས་མཁས་དང་ལྡན་པའི་ཚོགས་བསགས་དང་སྒྲིབ་སྦྱོང་ལ་གད་དུ་བསྣུན་པས་ཉམས་རྟོགས་ཁོང་ནས་རྡོལ། རིས་སུ་མ་ཆད་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་བསྟེན་ཞིང་དམ་པའི་ཆོས་ཀྱི་བདུད་རྩི་མང་དུ་བཞེས། ལྷག་པར་ཚེ་རབས་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་ཀུན་མཁྱེན་བླ་མའི་ཞལ་མཇལ་བ་ཉིད་ནས་ཐུགས་ཀྱི་སྲས་སུ་བཟུང་། སྙིང་ཏིག་གསར་རྙིང་དང་། བླ་མ་དགོངས་འདུས། རྒྱུད་འབུམ་ཆེན་མི་སོགས་བཀའ་རྫོགས་ལུང་རྫོགས་སུ་མཛད་ནས་དོན་གྱི་བསྟན་པ་གཏད། འཇིགས་མེད་ཕྲིན་ལས་འོད་ཟེར་ཞེས་མཚན་གྱི་ཅོད་པན་དབྱངས། མདོ་ཁམས་ཕལ་མོ་ཆེ་དང་ཤར་རྒྱལ་མོ་རོང་ཡན་གྱི་སྐྱེ་དགུ་རྣམས་ལ། རྗེ་བླ་མའི་ཆོས་ཀྱི་ཕྲིན་ལས་ཁྱབ་གདལ་དུ་སྤེལ་བའི་དོན་གྱི་རྒྱལ་ཚབ་ཆེན་པོ་གང་དེས་བསྟན་པའི་

(༡༤)སྦྱིན་བདག་ས་སྐྱོང་ཆེན་པོ་ལ་ཀུན་མཁྱེན་བླ་མའི་གསུངས་རབ་ཡོངས་རྫོགས་པར་དུ་བཞེངས་པར་གསོལ་བའི་བསྐུལ་མཆེ་ཐང་དུ་མཛད་པ་བཞིན་ས་སྐྱོང་ཆེན་པོ་སྲས་ཡུལ་ནས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས་པའི་དོན་ལྟར། ལས་ཚན་རྣམས་ཀྱིས་ཐོག་མཐའ་བར་གྱི་བསམ་སྦྱོར་གྱི་བསམ་སྦྱོར་རྗེས་གསུམ་ཡོངས་སུ་དག་པར་བར་གྱི་བྱ་བ་འདུ་བྱས་པས་གསུང་འབུམ་ཡོངས་སུ་རྫོགས་པ་ལེགས་པར་བཞེངས་གྲུབ་པ་ཡིན་ནོ། གཉིས་པ་བཞུགས་བྱང་དཀར་ཆག་དངོས་ནི། ཀ་པ་ལ་མདོ་སྔགས་ཀྱི་བརྟེན་པ་གོངས་རྫོགས་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་བ་ལེའུ་བཅུ་གསུམ་པ། དེའི་འགྲེལ་པ་ལེའུ་དགུ་པ་ཡན་གྱིས་སྡེ་སྣོད་གསུམ་གྱི་དོན་ལེགས་པར་སྟོན་པ་བདེན་གཉིས་ཤིང་རྟ། ཁ་པ་ལ་སྔ་མའི་འཕྲོ་ལེའུ་བཅུ་པས་རིག་པ་འཛིན་པའི་སྡེ་སྣོད་ཡོངས་རྫོགས་དང་ལེའུ་ལྷག་མ་གསུམ་གྱིས་ཁྱད་པར་མན་ངག་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་གནད་དོན་གཏན་ལ་ཕབ་པ་རྣམ་མཁྱེན་ཤིང་རྟ། ག་པ་ལ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་འཛམ་གླིང་ཐ་གྲུ་ཁྱབ་པའི་རྒྱན་ཅེས་བྱ་བ། ཐོག་མར་སྟོན་པ་སངས་རྒྱས་བྱོན་ཚུལ་དང་། རྒྱན་དྲུག་མཆོག་གཉིས་ལ་སོགས་པ་བསྟན་འཛིན་ཆེན་པོ་རྣམས་ཀྱིས་མཚོན་སྤྱི་དང་བྱེ་བྲག་གི་ཆོས་འབྱུང་གིས་སྣ་དྲངས། བསྟན་པ་དམ་པའི་ཆོས་ཀྱི་རྣམ་པར་གཞག་པ་དང་ཆོས་ཀྱི་བཞུགས་བྱང་བསྔོ་སྨོན་གྱིས་མཐའ་བསྡུས་ལེའུ་དགུ་པ་དང་། ཐེག་པ་ཆེ་ཆུང་གི་རྣམ་གཞག་མ་ངེས་པར་བསྟོན་པ་དྲིས་ལན་རིན་པོ་ཆེའི་བསྟན་པ་ཅེས་ལུང་གི་གཏེར་མཛོད་ལེའུ་ལྔ་པ། ང་པ་ལ་སྔགས་ལམ་ལ་ཞུགས་པའི་གང་ཟག་ལས་དང་པོ་བ་རྣམས་ལ་ཕན་གདགས་ཕྱིར་ཚིག་དོན་དབྱིངས་ཆེན་པོས་མ་བཅིངས་ཤིང་གོ་བདེ་བར་བརྗོད་པ་དགོངས་འདུས་ཆོ་མའི་རྣམ་བཤད་མཁྱེན་བརྩེའི་མེ་ལོང་དང་། རིག་པ་དང་གཙུག་ལག་སྣ་ཚོགས་ཀྱི་དོན་འདོད་རྒྱལ་དུ་སྟོན་པ་རབ་བྱེད་ཀྱི་ཚོམ་བུར་བསྡུས་པ་གཏམ་གྱི་ཚོགས་ཐེག་པའི་རྒྱ་མཚོ་ལེའུ་དོན་གསུམ་བསྟེ། དེ་ལ་སྤྱི་དོན་ཐེག་པའི་གྲུ་གཟིངས་། ནམ་མཁའ་བརྟག་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན། ས་གཞི་བརྟགས་བ་

(༡༥) ལྷོ་ཕྱོགས་རྒྱ་གར་གྱི་གཏམ་བརྟག་པ་བརྒྱད་ཀྱི་མེ་ལོང་། རིན་པོ་ཆེ་བརྟན་པའི་གཏམ་ཙིནྟ་མ་ཎིའི་མཛོད་ཀྱང་། སྙན་དངགས་ཀྱི་གཏམ་རིན་པོ་ཆེའི་གཏེར། རྒྱལ་པོ་དང་དམངས་པའི་གཏམ་རབ་བྱེད་གཉིས་པ་འཇིག་རྟེན་གསོ་བའི་སྨན། ས་སྐྱོང་སྡེ་དགེ་ལ་སྤྲིང་བའི་གཏམ་ས་ལ་སྤྱོད་པའི་རྣ་རྒྱན། རྒྱལ་བུ་ལ་སྤྲིང་པའི་གཏམ་མཆར་སྤྲིན་གྱི་རོལ་མོ། །བཙུན་མོ་ལ་སྤྲིང་པའི་གཏམ་དམ་པའི་གན་མཛོད་དོན་འགྲེལ་དང་བཅས་པ། །དམངས་ལ་སྤྲིང་བའི་གམ་དཔེ་དོན་འབྲེལ་པ། བྷོ་ཊའི་སྲིད་སྐྱིང་ལ་སྤྲིང་པའི་གཏམ། སྟོན་ཆེན་དབེན་པ་ལ་བསྐུལ་བའི་གཏམ། སློབ་མ་ལ་སྤྲིང་པའི་གཏམ་མདུན་ན་འདོན་གྱི་རྣ་རྒྱན། བཤེས་གཉེན་བུདྡྷ་ལ་སྤྲིང་པའི་གཏམ། དགའ་ལྡན་བྱང་རྩེའི་བཤེས་གཉེན་ལ་སྤྲིང་པའི་གཏམ། །བླ་མ་ལ་སྤྲིང་པའི་གཏམ། ལྷོ་བྲག་གསུང་སྤྲུལ་ལ་སྤྲུང་པའི་གཏམ་ཚངས་པའི་རྣ་རྒྱན། སྒོམ་པའི་ལ་སྤྲིང་པའི་གཏམ། སྤོང་བབས་མ་གཏན་པ་ལ་སྤྲིང་པའི་གཏམ་དོན་རབ་འབྱེད་པའི་རྒྱན། དགེ་སློང་ལ་སྤྲིང་པའི་གཏམ་སྦྱངས་པའི་ཡོན་ཏན་གྱི་རབ་བྱེད། རབ་བྱུང་པ་ལ་སྤྲིང་པའི་གཏམ་པྲ་ཏི་མོཀྵ་གརྦྷ། སྔགས་པ་ལ་སྤྲིང་པའི་གཏམ་བཤགས་ལེ་བཞི་པའི་ཊཱི་ཀ་དམ་ཚིག་རྒྱ་མཚོའི་བྱེད། སྡེ་བརྒྱད་ལ་སྤྲིང་པའི་གཏམ་གནོད་སྦྱིན་གྱི་རྣ་ཆ། ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིང་པའི་གཏམ་ལྷ་མ་ཡིན་གྱི་གཙུག་གཏོར། འབྱུང་པོའི་སྡེ་ལ་སྤྲིང་པའི་གཏམ་པདྨའི་ཞལ་ལུང་། ཨར་ཇག་ལ་སྤྲིང་པའི་གཏམ་དཀོན་མཆོག་གསུམ་གྱི་གྲིབ་བསིལ། གནས་བསྐོར་བ་ལ་སྤྲིང་པའི་གཏམ་ལྷག་བསམ་གྱི་ཆུན་པོ། བསམ་ཡས་གཙུག་ལག་ཁང་གི་གཏམ་འདོད་པ་ཁམས་ཀྱི་རྣ་རྒྱན། ཨཱ་རྱ་པ་ལོའི་གླིང་གི་གཏམ་བདེན་པའི་རྣ་རྒྱན། དཔལ་གྱི་བསམ་ཡས་མཆིམས་ཕུའི་གཏམ་ཀ་ལ་པིང་ཀའི་རོལ་མོ། མཆོད་སྡོང་གསར་བཞེངས་ཀྱི་གཏམ་འཕྲུལ་དགའི་རྣ་རྒྱན། གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཞབས་རྗེས་རིན་པོ་ཆེའི་གཏམ། གཞུ་སྟོད་གཏེར་སྒྲོམ་གྱི་གཏམ་མཁའ་འགྲོ་གླུ་གར། དབུར་སྟོད་ཞྭ་ལྷ་༣༠ཁང་གི་གཏམ་ཆོས་འབྱུང་གི་མེ་ཏོག །ལྷོ་མོན་དཀར་པོ་ཟངས་ཀྱི་གཏམ། བཀྲ་ཤིས་སྲོང་བཙན་

(༡༦)བང་སོའི་གཏམ་ལོ་རྒྱུས་ཀྱི་མཛོད་ཁང་། བཀྲ་ཤིས་སྲོང་བཙན་བང་སོའི་དཀར་ཆག་འབྲིང་པོར་བྱས་པ་ནྱ་གྲོདྷཱའི་ཆུ་ན་འཕྱང་། དཔལ་རི་ཐེག་པ་ཆེན་པོའི་གླིང་གི་གཏམ་རྡོ་རྗེ་སྒྲ་མའི་རྒྱུད་མང་། པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང་བརྟེན་བར་བཅས་པའི་གཏམ་ནོར་བུའི་དོ་ཤལ། གཙང་རུ་ལག་རྒྱལ་བྱེད་ཚལ་གྱི་གཏམ་དད་པའི་གེ་སར། མཚོ་སྣར་རྒྱུད་འབུམ་བཞེངས་པའི་གཏམ་ལ་་ལནྟ་ཀའི་རྒྱན། སྔ་འགྱུར་རྒྱུད་འབུམ་ལ་དཔྱད་ཞུས་ཀྱི་གཏམ་དྲང་སྲོང་གི་རྔ་སྒྲ། མཆོད་རྟེན་བཀྲ་ཤིས་འོད་འབར་གྱི་གཏམ་རྙོག་མ་འགྲུངས་པའི་ཀེ་ཏ་ཀ། བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ཐིག་གི་གཏམ་བྱང་ཆུབ་ལྗོན་ཤིང་། མཆོད་སྦྱིན་གྱི་གཏམ་འཕྲུལ་དགའི་རོལ་མོ། མཎྜལ་གྱི་གཏམ་བསོད་ནམས་སྤྲིང་ཕུང་། བསྔོ་བའི་གཏམ་རྣམ་མཁྱེན་ལམ་བཟང་། ནགས་ཚལ་གྱི་གཏམ་ཨུ་དུམ་ལྦཱ་རའི་ཆུན་པོ། འདབ་ཆགས་ཀྱི་གཏམ་ཁོམ་པའི་གནས་ལ་སྐྱོ་བ་བསྐུལ་བ། རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ། རི་བོང་ཤིན་ཏུ་བརྟེན་པའི་གཏམ་བྲག་རིའི་མགུལ་རྒྱན། འདུ་འཛིལ་སྐྱོ་བའི་གཏམ་ཏོག་གི་བློ་གྲོས། བློ་ལྡན་བྷྲ་མ་རའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ། ཆོས་སྤྱོད་བཅུའི་གཏམ་དགེ་བའི་ལྗོན་ཤིང་། དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ། དྲན་དང་ཤེས་བཞིན་ལ་སེ་འཕྲོས་པའི་གཏམ་དོན་རབ་འབྱེད་པའི་ཐུར་མ། འཕགས་པ་སྟོང་ཕྲག་བརྒྱ་པ་ལས་འཕྲོས་པའི་གཏམ་དེ་ཁོ་ན་ཉིད་ཀྱི་མེ་ལོང་། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ། མི་དགེ་བཅུ་སྤོང་གི་གནང་བཀག་ལ་དཔྱད་པའི་གཏམ་ཚུལ་ཁྲིམས་རིན་པ་ཆེའི་རྒྱན། ཕྱག་རྫོགས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་དབྱེ་བའི་གཏམ་ཀེ་ཏ་ཀའི་རྣ་རྒྱན། ཆོས་ཉིད་རྣམ་པར་མ་འགྱུར་པའི་གཏམ་ནམ་མཁའ་ལྡིང་གི་རྣ་རྒྱན། གནས་མིན་གྱི་བརྒལ་བརྟག་ལ་སྐྱོ་བའི་གཏམ། རྣམ་གྲངས་པའི་དོན་དམ་ལ་དཔྱད་གཏམ་ལྷའི་རྒྱལ་རྔ། ཤིན་ཏུ་རྣལ་འབྱོར་གྲུབ་མཐའ་བཞི་རྟོན་པའི་གཏམ་རྡོ་རྗེ་གཟེངས་མའི་མཚོན་ཆ། ཡེ་གྲོལ་ཀ་དག་གི་གཏམ་དག་པ་ཉིས་ལྡན་གྱི་མཛོད་ཁང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་རྫོགས་པ་ཆེན་པོའི་དྭ་ཧ་མཛོད། ཏནྟྲའི་ཕྱོགས་འཛིན་བཟློག་པའི་གཏམ། རྟོན་པ་བཞི་ལྡན་གྱི་གཏམ་ལོག་རྟོག་གི་གཉེན་

(༡༧)པོ། ཤེས་རབ་ཀྱི་གཏམ་ཟབ་མོ་སྣང་བ། ཤེས་རབ་སྙིང་པོ་གཏམ་བསྟོད་ཕྱག་གིས་གསལ་བ། ཡང་དེའི་དོན་བསྡུས་ཀྱི་གཏམ། ན་ཚལ་མ་ཁྱེར་གྱི་གཏམ་རྣམས་སོ།། །།ཅ་པ་ལ་བསྟོད་ཚོགས་དང་། དཔེ་ཕྲན་སྣ་ཚོགས་ཀྱི་སྐོར་གཉིས་ལས། དང་པོ་སྐྱེས་པ་རབས་ཀྱི་རྒྱུད་སྙན་དངགས་དམ་པའི་འཁྲི་ཤིང་དུ་བསྔགས་པ་མིའམ་ཅི་ཀུན་ཏུ་དགའ་བའི་ཟློས་གར། སངས་རྒྱས་སུམ་ཅུ་སོ་ལྔ་ལ་བསྟོད་པ་ལྗོན་གླུང་ཕྲེང་། ཐུག་དབང་གྲོང་ཁྱེར་མ་ལ་བསྟོད་པ། དུས་གསུམ་དང་ཕྱོག་ལ་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མཚན་དོན་གྱི་སྒོ་ནས་བསྔགས་པ་དད་པའི་ཕོ་ཉ། རྙིང་མ་རྒྱུད་འབུམ་གསར་བཞེངས་ལ་བསྔགས་པ། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམ་པར་ཐམས་ཅད་རྫོགས་པ་བརྒྱད་ལ་བསྟོད་པ། བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད་ལ་བསྟོད་པ། དེའི་དོན་འགྲེལ་དང་བཅས་པ། ཆོ་འཕྲུལ་ཆེན་མོའི་དུས་ཆེན་ལ་ཆེད་དུ་བརྗོད་པ་ཚོགས་གཉིས་ཤིང་རྟ། བཅོམ་ལྡན་འདས་རྟ་མཆོག་རོལ་པ་གསང་བསྒྲུབ་པ་ལ་བསྟོད་པ། ཟངས་མདོག་དཔལ་རི་ལ་བསྟོད་པ། ཡོན་ཏན་གཏེར་མཛོད་ལས་གསུངས་པའི་མན་ངག་བཅུ་གསུམ་ལ་བསྔགས་པ། རྣམ་ཐར་སིནྡྷ་མ་ལ་བསྟོད་པ། རིག་འཛིན་ལ་བསྟོད་པ། མཁན་པོ་ལ་བསྟོད་པ། སློབ་དཔོན་ལ་བསྟོད་པ། ཆོས་རྒྱལ་ལ་བསྟོད་པ། སེང་གེའི་སྒྲ་ལ་བསྟོད་པ། སྡོམ་བཙོན་དམ་པ་ལ་བསྟོད། ཚེ་རིང་ཡུལ་ལྗོངས་ལ་བསྟོད་པ། རྣམ་བཅུ་དབང་ལྡན་ལ་བསྟོད་པ། བྱང་གྲོལ་འཁོར་ལ་བསྟོད་པ། སྤྲུལ་པའི་སྐུ་མཚན་བརྒྱད་ལ་བསྟོད་པ། ཀུན་མཁྱེན་དག་གི་དབང་པོ་ལ་བསྟོད་པ་དཔྱིད་གྱི་རྒྱལ་མོའི་རྒྱངས་གླུ། ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་བསྡུས་པ་ཚིགས་སུ་བཅད་པ་རྐང་བ་ལྔ་པ། དཔལ་གྱི་བསམ་ཡས་མཆིམས་ཕུ་ལ་བསྟོད་པ་རྡོ་རྗེ་གཱ་མ་ཀརྣམས་དང་། གཉིས་པ་ལ་སྐོར་ཚོ་དྲུག་ལས། དང་པོ་ངག་འདོན་ཆོས་སྤྱོད་ཀྱི་སྐོར་ཚོག་བསྒྲིགས་མར། དང་པོ་དག་བྱིན་རླབས་གཉིས་པ་བླ་མ་རྒྱད་འབོད། གསུམ་པ་སྟོན་པའི་མཛད་བཅུ། བཞི་པ་སོ་ཐར་རྒྱུད་འདེབས། ལྔ་པ་སྔ་འགྱུར་རིན་པོ་ཆེའི་

(༡༨)བླ་བརྒྱུད་གསོལ་འདེབས་མོས་པ་ལམ་བྱེད། དྲུག་པ་ཕྱལ་འཚལ། བདུན་པ་སྤྱི་བཤགས། བརྒྱད་པ་སྤྱན་འདྲེན་ཁྲུས་གསོལ། དགུ་པ་ཚད་མེད་བཞི་བསྒོམ་པ། བཅུ་པ་བྱང་སྔགས་སྡོམ་བཟུང་དང་འབྲེལ་བ་ཐེག་པ་ཆེན་པོའི་ལམ་ལ་དམ་བཅའ་བ་རྣམས་དང་། རིག་པ་གསུམ་བསྐྱེད་སྨོན་ལམ། གསོལ་འདེབས་བསམ་པ་མྱུར་འགྲུབ། ལྷ་མོ་འོད་ཟེར་ཅན་ལ་བསྟོད་ཅིང་གསོལ་བ་འདེབས་པ། རྒྱ་རོང་དབོན་སྤྲུལ་ལ་གནང་པའི་སྨོན་ལམ་རྣམས་དང་། གཉིས་པ་སྒྲུང་ཐབས་སྣ་ཚོགས་པའི་སྐོར་ལ། སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ། སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ཁྲག་འཐུང་མངོན་རྫོགས། འདུས་པ་མདོའི་ཆོ་གའི་ལྷན་ཐབས་བསྟན་པ་རྒྱ་མཚོའི་གྲུ་གཟིངས། དེའི་རྒྱུན་ཁྱེར་ཉེར་བསྡུས། ཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་གྱི་ཆོག་བསྒྲིགས་འཆི་བ་མེད་པའི་ལྗོན་པ་ཀུན་ཏུ་དགའ་བའི་སྐྱེས་མོས་ཚལ། མུན་པའི་རྣལ་འབྱོར་ལང་ཏིག་ནག་པའི་ཕྲིན་ལས་ཀྱི་ཆོ་ག་ཁྲིགས་སུ་བསྡེབས་པ། ཇོ་བོ་ལུགས་ཀྱི་སྒྲོལ་དཀར་མཎྜལ་གཅིག་པའི་སྒྲུབ་ཐབས། འཇམ་དཀར་མ་ཏི་ལུགས་ཀྱི་རྒྱུན་ཁྱེར། དྲང་སྲོང་ལཀིྟྲའི་རྒྱུན་ཁྱེར། སྨན་བླའི་སྒོམ་བཟླས། བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མའི་སྒྲུབ་ཐབས་རྣམས་དང་། གསུམ་པ་ཕྲིན་ལས་སྣ་ཚོགས་པའི་སྐོར་ལ། འཁོར་ལོས་མཚོན་པའི་གསུང་རྟེན་སྤྱི། ཁྱབ་ལ་རབ་གནས་བྱ་བའི་ཆོ་ག་ཕྱག་རྒྱ་བཞི་ལྡན། གྲོལ་ཐིག་དགོངས་པ་རང་གྲོལ་གྱི་དབང་གི་ཆོ་ག་གནས་རྣམ་པར་ཕྱེ་བ་མཁྱེན་བརྩེའི་དགོངས་རྒྱན། དམ་གྲི་བ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོ་ག་ །འདུས་པ་མདོའི་དབང་གི་བསྙེལ་ཐོ། བཀའ་བརྒྱད་བདེ་གཤེགས་འདུལ་པའི་གཏོར་བཟློག་གི་དྲིས་ལན་གཤིན་རྗེའི་གད་རྒྱངས། གཤིན་རྗེ་ནག་པོ་སུམ་སྒྲིལ་ཕྱི་མནན་པའི་ཡིག་ཆུང་གཅིག་ཤེས་ཀུན་གྲོལ། ལོ་དགྲ་སེལ་བའི་གནད་བསྲུང་ཐབས་སྤྲུལ་སྐུའི་འཁོར་ལོ། གནན་པའི་ལས་རིམ་རི་རབ་ནག་པོ། ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་དམེ་བརྩེགས་ཀྱི་བྱ་བ་ཁྲུས་རྒྱུད་དོན་རྣམ་དག་རྣམས་དང་།

(༡༩)བཞི་པ་ཊཱི་ཀ་གསལ་བྱེད་ཀྱི་སྐོར་ལ། ཀུན་མཁྱེན་ཤཱནྟ་པུ་རི་པའི་བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊཱིཀ་རྒྱལ་བའི་གཞུང་ལམ། གསང་བསྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་འགྲེལ་པ་རིག་འཛིན་ལམ་བཟང་། ཡོངས་རྫོང་ཐུགས་སྒྲུབ་ཀྱི་ཧཱུྃ་བསྙེན་དམིགས་སྐོར་དཔལ་རིའི་མྱུར་ལམ། ཀུན་བཟང་སྨོན་ལམ་གྱི་འདྲེན་བྱེད་ཊཱིཀའི་ཐུར་མས་བསལ་བ། འཁོར་ལོ་འབར་བའི་དམིགས་རིམ་གྱི་དོགས་པ་ཀུན་གསལ་མེ་ལོང་རྣམས་དང་། ལྔ་པ་ལྷ་སྲུང་གསོལ་མཆོད་ཀྱི་སྐོར་ལ། བསང་བརྔན་གྱི་ཆོ་ག་མཆོད་པའི་སྤྲིན་གྱི་ཁང་བཟང་། ཕུད་སྐོང་བརྔན་སྦྱིན་རྒྱ་མཚོ། དཔལ་མགོན་ཞལ་གྱི་སྐོང་གསོ་དམ་ཅན་བླ་ཆགས། དུར་ཁྲོད་ལྷ་མོའི་མཆོད་ཐབས། རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད་སྨན་བཙུན་མགུལ་རྒྱན། དེའི་སྐོང་གསོ་ཉེར་བསྡུས། གནོད་སྤྱིན་ཅི་དམར་བའི་སྐོང་གསོ་དབང་དྲག་དུས་ཀྱི་ཕོ་ཉ། རྒྱལ་ཆེན་རྣམ་སྲས་ཀྱི་སྐོང་ཉུང་བསྡུས། མ་སངས་ཀྱི་གསོལ་ཀ་ཉུང་བསྡུས། བསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ། དམ་ཅན་རྒྱ་མཚོའི་སྐོང་བཤགས། ཆོས་སྐྱོང་སྤྱིའི་ཕྲིན་བཅལ་ཐུབ་བསྟན་མ་རྣམས་དང་། དྲུག་པ་ཐོར་བུ་སྣ་ཚོགས་ཀྱི་སྐོར་ལ། སྔོན་འགྲོ་དངོས་གཞིའི་ལམ་བསྡུས་མཐོ་རིས་ཐེམ་སྐས། །ཆབ་གཏོར་སྐབས་ཀྱི་ལན་ཆགས་བུ་ལོན་འཁོར་བའི་སྒྲ་དོན། སྐྱབས་སྡོམ་འབོགས་ཆོག་ཐར་པའི་འཁྲི་ཤིང་། གནས་བརྟན་ཕྱག་མཆོད། སྨྱུང་གནས་ཀྱི་ཆོ་ག་མདོར་བསྡུས་འདུན་པ་བཟང་པོ། རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དག་ལི་ཞིང་སྦྱོང་། སངས་རྒྱས་སྣང་བ་མཐའ་ཡས་ལ་བརྟེན་པའི་སྐུ་གསུམ་བླ་མའི་རྣལ་འབྱོར། སྔ་འགྱུར་བསྟན་པའི་སྲོལ་འབྱེད་ཆེན་པོ་རྣམས་ལ་གསོལ་འདེབས་ཇོ་བོ་རིན་པོ་ཆེ་ལ་གསོལ་འདེབས་སྨོན་ལམ་དང་འབྲེལ་བར་དབང་བཞི་ལན་ཚུལ། མཛད་བཅུ་དབང་བཞི་དང་སྦྱར་བ། རྫོགས་སྨོན་སྦྱོང་བའི་སྨོན་ལམ། བླ་མའི་གསོལ་འདེབས་མཚང་འདོན་མ། རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབས་གསོལ་འདེབས། རྣམ་ཐར་གསོལ་འདེབས་གཅིག་ཆོག་ནོར་བུ་ལུགས་ཀྱི་གསོལ་

(༢༠)འདེབས། ཡང་གསོལ་འདེབས་ལེ་ཚན་བཞི། །ཞབས་བརྟན་གསོལ་འདེབས་ལེ་ཚན་གསུམ། རྒྱལ་སྲས་ཉིན་བྱེད་འོད་ཟེར་གྱི་ཞབས་བརྟན་གསོལ་འདེབས་ལེ་ཚན་གཉིས། མདོ་ཁམས་རྫོགས་ཆེན་པའི་སྐྱེ་ཕྲེང་གསོལ་འདེབས། ཇ་མཆོད་ལེ་ཚན་གཉིས། རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབས་རྣམ་ཐར་ཉུང་བསྡུས། སྔ་འགྱུར་རྙིང་མ་མ་རྒོལ་ངན་ལོག་རྟོག་བཟློག་པའི་བསྟན་བཅོས་ཀུན་མཁྱེན་ངག་གི་དབང་པོས་མཛད་པ་ལ་རྣོ་སོགས་རབ་སྣན་བགྱིས་པ། ཆབ་ཤོག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་མིའམ་ཅིའི་ཟློས་གར། གསན་ཡིག་ཉི་ཟླའི་རྣ་ཆ། བཀའ་འབུམ་ཡོངས་རྫོགས་ཀྱི་བཞུགས་བྱང་ཆོས་རབ་རྣམ་འབྱེད་རྣམས་སོ། །ཆ་པ་ལ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་ནང་ཕུར་པའི་རྒྱུད་སྡེ་ལོ་པཎ་མི་གཅིག་པའི་འགྱུར་རྣམ་གྲངས་བརྒྱར་ཉེ་བ་ལས་བསྡུས་པ་ཕུར་པ་རྒྱུད་ལུགས་ཆོས་ཚན་རང་གཞུང་དཀར་ཆག་གིས་གསལ་བ། །ཇ་པ་ལ་རྒྱུད་སྡེ་རྒྱ་མཚོའི་ཉང་ཁུ་བསྐྱེད་རྫོགས་ཀྱི་མན་ངག་མཐའ་དག་གནད་ལས་གནད་དུ་བསྡུས་པས་སྙིང་ཐིག་གསར་མའམ་དོན་ཟབ་ཅིང་བྱིན་རླབས་མྱུར་བའི་དགོངས་གཏེར་ཆེན་མོ་ཀློང་ཆེན་སྙིང་གི་ཐིག་ལེ་སོ་སོའ་ནང་གསེས་ལྷན་ཐབས་དང་བཅས་པ་སྤྱིར་རང་གཞུང་གི་དཀར་ཆག་རབ་གསལ་ཉི་འོད་ཀྱིས་གསལ་བ་བོད་གཉིས་ཀྱི་སྔ་མ་ལ་བུམ་དབང་གི་ལམ་ཁྱེར་བསྐྱེད་རིམ་གཙོ་བོར་སྟོན་པ་སྒྲུབ་ཕྲིན་རྒྱབ་ཆོས་དང་བཅས་པ། བོད་ཕྱི་མ། །ཉ་པ་ལ་གསང་དབང་སོགས་དབང་གོང་མ་གསུམ་གྱི་ལམ་འཁྱེར་རྫོགས་རིམ་གཙོ་བོར་སྟོན་པའི་མན་ངག་ཡི་གེ་སོ་སོའི་རྒྱབ་ཆོས་དང་བཅས་པའོ། །ཏ་པ་ལ་ཀློག་པ་ཐོས་བསམ། སྒྲུབ་པ་ནན་ཏན། བྱ་བ་ལས་ཀྱི་འཁོར་ལོ་སྟེ་སྐོར་ཚོ་གསུམ་གཅིག་ཏུ་བསྡུས་པའི་རྣམ་མགུར་ལེགས་བྱས་ཡོངས་འདུའི་སྙེམ་དང་། དེའི་བསྡུས་དོན་དོ་ཧའི་རྒྱན། བསྐྱེད་རྫོགས་སྒོམ་ཕྱོགས་དྲིས་ལན་དང་ཞལ་གདམས་རྣམས་ཕྱོགས་ཏུ་བསྡེབས་པ་བདུས་ལེགས་པར་བཞུགས་པའོ། །གསུམ་པ་ནི། འདི་ལྟར་བགྱིས་པའི་ཕན་ཡོན་དང་བསྔོ་སྨོན་གྱིས་མཇུག་བསྡུ་བའོ། དང་པོ་ནི་འདི་ལྟར་རྒྱལ་བའི་ཡུམ་སྡུད་

(༢༡)པ་ཆིགས་སུ་བཅད་པ་ལས། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གདྷཱ་ཡི། །བྱེ་མ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་དེ་ཟུང་ཞིང་རྣམས་དེ་བྱེ་མཐའ་ཡས་ན། སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། བྱུག་པས་དུས་གསུམ་བསྐལ་པའི་མེད་བས་ལྷག་མཆོད་ལ། གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འགྲུབ་འགྱུར་བ། བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟངས་བྱེད་གྱུར་ན། མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། ཅེས་དང་། ལ་ལས་གདྷཱའི་ཀླུང་གི་བྱེ་སྙེད་ཞིང་ཁམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། བསོད་ནམས་མཆོག་ལ་གླེགས་བྱེན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེན་སྨྲ་མཆོག་དེ་དག་འདིར་བསླབ་ནས། །ཆོས་རྣམས་མཐའ་ད་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་ལམ་རྣམ་པར་གྲོལ་ལ་རེག །རང་རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་ཆུབ་རེག་ །ཅེས་པ་ལ་སོགས་རྒྱས་པར་གསུངས་པ་བཞིན། །བདེ་བར་གཤེགས་པའི་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བཞེངས་པའི་ཕན་ཡོན་ཚད་མེད་པར་གསུངས་པ་དང་མཐུན་པར་ཆོས་ཐམས་ཅད་ཀྱི་གཤིས་ལུགས་གཏན་ལ་ཕབ་པའི་ཤེར་ཕྱིན་རྫོགས་པ་ཆེན་པོའི་བརྗོད་བྱ་ཐེག་པ་ཀུན་གྱི་རྩེ་མོས་གནས་པ་དང་ཟབ་མོ་སྔགས་ཀྱི་སྡེ་སྣོད་རིག་པ་འཛིན་པའི་ལམ་ཟབ་མོ་དག་གཙོ་བོར་སྟོན་པའི་གསུང་རབ་གླེགས་བམ་གཅིག་བཞེངས་པ་ཙམ་གྱིས་ཕན་ཡོན་བརྗོད་མཐས་གཏུག་པ་འཐོབ་ན། ཇི་སྲིད་བར་གླེགས་བམ་ཟད་མི་ཤེས་པའི་འབྱུང་འདི་ཉི་བསྐྲུན་པའི་

(༢༢)ཕན་ཡོན་ནི་དེ་སྙེད་ཐོབ་པར་འགྱུར་ཞིང་། དེ་ལ་བརྟེན་པའི་ཐོས་བསམ་བསྒོམ་པའི་ཕན་ཡོན་ཀྱང་ཚད་བཟུང་དང་བྲལ་བ་ཁོ་ནར་ཤེས་པར་བྱའོ། །དེ་བཞིན་དུ་ཆོས་ཀྱི་གླེགས་བམ་གཞན་ལ་བྱིན་པའི་ཕན་ཡོན་ཀྱང་ཡུམ་རྒྱས་པ་ལས། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད་དེ། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་རུ་བཀོད་ན། ཀོ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ། དེའི་བསོད་ནམས་རྒྱུ་དེས་མང་དུ་འཕེལ་ལམ། གསོལ་པ་བཅོམ་ལྡན་འདས་མང་ངོ། བདེ་བར་གཤེགས་པ་མང་ངོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ། བཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར། གཞན་ལ་བྱིན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། ཞེས་པ་ནས། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་པའི་བར་གྱིས་བཀའ་སྩལ་པ་བཞིན་ཤེས་པར་བྱའོ། གཉིས་པ་བསྔོ་སྨོན་གྱི་ཚིགས་སུ་བཅད་པ་ཅུང་ཟད་ནི། སྭ་སྟི་བྷ་ལྦ་ཏུ། སྤང་རྟོགས་མཐར་ཕྱིན་ཐུབ་དབང་གངས་ཆེན་མཚོ། །ལས་འོང་འགོགས་པ་བཅུ་གཉིས་ཆ་རྫོགས་པ། །རྣམ་གྲོལ་ག་བུར་གསར་པའི་མུ་ཁྱུད་ཅན། །མུན་སེལ་དམ་ཆོས་ཟླ་བར་ཕྱག་བགྱིད་དོ། ༡།འཁོར་བའི་གདུང་འཕྱོག་ཞི་བའི་རོ་བྲོ་བའི། །ལམ་བདེན་མིང་ཚིག་ཡི་གེའི་བརྡར་བཏགས་གཟུགས། །གཅིག་ལས་དུ་མ་འབྱུང་བ་པར་གྱི་འཕྲུལ། །བསམ་སྦྱོར་དག་པས་

(༢༣)བསྒྲུབ་པའི་དགེ་བ་དང་། ༢།དེ་ལས་ཐོས་བསམ་བསྒོམ་པ་ལས་བྱུང་བའི། །ལེགས་པར་བྱས་སོ་ཅོག་དང་འགྲོ་ཀུན་གྱི། །དུས་གསུམ་དགེ་ཚོགས་གཅིག་བསྡོམས་རྣམ་མཁྱེན་གྱི། སྐུ་བཞིའི་རྒྱ་མཚོ་ཆེན་པོར་འཇུག་གྱུར་ཅིག ༣།དེ་མཐུས་དམྱལ་བ་མི་ཟད་སྡུག་བསྔལ་གྱི། །རྒྱུར་ཕྱུར་བདག་ལྟའི་ཚང་ཚིང་ལས་ངན་གྱིས། །དྲི་གཞོན་དྲག་པོས་རབ་སྦར་སྡུག་བསྔལ་མེ། །རབ་ཞི་བདེ་འགྲོའི་སྐྱེས་སྲིད་ཐོབ་གྱུར་ཅིག་ ༤།ཡི་དྭགས་རྣམས་ཀྱང་ནང་གི་བཀྲེས་སྐོམ་དང་། ཕྱི་རོལ་དུས་ཚིགས་ལོག་པས་གདུང་གྱུར་ལས། །གྲོལ་ནས་བདེ་དཔལ་འབྱོར་པ་ཟད་མི་ཤེས། །མཐོ་རིས་ལོངས་སྤྱོད་དཔལ་གྱིས་རྩེན་གྱུར་ཅིང་། ༥།དུད་འགྲོ་རྣམས་ནི་བཀོལ་སྤྱོད་བླུན་རྨོངས་ཀྱི། །མུན་པའི་འཁྲི་ཤིང་གཅོད་ལ་རྣོ་བའི་མཚོན། །ཆོས་རབ་རྣམ་འབྱེད་བདག་མེད་ཤེས་རབ་ཀྱི། །སྣང་བ་དམ་པ་ཀུན་ཏུ་གསལ་གྱུར་ཅིག ༦།མི་ཡི་འཇིག་རྟེན་དུ་ཡང་ཆུ་བོ་བཞི། སྒྲོལ་བའི་གྲུ་བ་དལ་འབྱོར་རྟེན་བཟང་ལ། །བརྟེན་ནས་ཐར་མཆོག་རིན་ཆེན་གླིང་ཕྱིན་ནས། །བདེ་མཆོག་ནོར་བུ་ལག་རྩེར་ལོན་གྱུར་ཅིག ༧།ལྷ་མིན་རྣམས་ཀྱང་ཕན་ཚུན་སྡང་འཁྲུགས་ཀྱི། །བཟོད་དཀའི་ཞེ་སྡང་བྱམས་པའི་ཆུས་བརླན་ཞིང་། ཕན་ཚུན་གཉེན་བཞིན་ཕན་པ་ཉིད་སྤྱོད་ནས། བྱང་ཆུབ་སེམས་ཀྱིས་རྣལ་དུ་གནས་གྱུར་ཅིག ༨།ལྷ་རྣམས་འདོད་བས་རབ་མྱོས་ཡུལ་རྣམས་ལ། །དགའ་བས་སྲེད་པ་རང་ཉིད་འཆི་བའི་རྒྱུར། །ཤེས་བཞིན་གསོག་དང་ཆུ་ཟླ་ལྟར་མཐོང་ནས། །མྱང་འདས་ལམ་དུ་སྤྲོ་བས་འཇུག་གྱུར་ཅིག་ ༩།སྐྱེ་བོ་མ་ལུས་འཇིགས་ཚོགས་ལ་བལྟ་བའི། །ཀུན་ནས་རྨོངས་དང་ཆགས་སོགས་ཆུ་སྲིན་གྱི། །མཆེ་བའི་འཕྲག་པ་ལྟ་བུའི་གནས་བཏང་ནས། །བག་ཡོད་ཞི་བའི་གནས་རབ་བསྙེན་གྱུར་ཅིག་ ༡༠།སྨིག་རྒྱུའི་རྗེས་གཡོ་བྱིས་རྣམས་རང་འབྱོར་གྱིས། ཆོག་ཤེས་མེད་པས་གཞན་དཔལ་ཕུན་ཚོགས་ལ། །འཕྲག་པ་དོག་པའི་སྡང་སེམས་མཚོན་ཆའི་ལས།

(༢༤)རྩུབ་མོའི་བསམ་སྦྱོར་བག་ལ་ཞི་གྱུར་ཅིག་ ༡༡།འབྱུང་པོ་རྣམས་ཀྱི་རྒྱུད་ལའང་བྱང་ཆུབ་ཀྱི། །སེམས་བསྐྱེད་ནུས་པས་སྐྱེ་དགུ་རབ་སྲུང་ཞིང་། །སྣོད་བཅུད་རྒུད་པ་མཐའ་དག་རབ་ཞི་ནས། །རྫོགས་ལྡན་དཔལ་གྱིས་འཇིག་རྟེན་དག་འགྱུར་ཅིག ༡༢།སངས་རྒྱས་སྒྱུ་འཕྲུལ་དུས་མཐར་སློབ་དཔོན་སྐུར། །བཞེངས་པའི་ཐུགས་བསྐྱེད་གོ་ཆ་ནག་ཕྱོགས་ཀྱིས། །བརྫི་བར་མི་ནུས་རིག་འཛིན་འདུས་པའི་སྡེ། །རིག་དང་གྲོལ་བས་ས་སྟེང་མཛེས་གྱུར་ཅིག་ ༡༣།སྙིང་པོའི་བསྟན་མཆོག་ས་གཞིའི་འབྱོར་འཇིགས་ཆེ། །སྙིང་སྟོབས་གཞིག་པར་རབ་དཀའི་སྲེད་མེད་བུ། །སྡེ་བཞི་དགེ་བཅུའི་དབང་ཕྱུག་སྲས་ལྕམ་ཡུམ། །བརྩུན་མོར་བཅས་པའི་རྒྱལ་སྲིད་ལེགས་ཚོགས་དང་། ༡༤།ཚེ་ཆོས་དཔལ་འབྱོར་རིགས་རྒྱུད་མ་སྨད་པའི། །ཕུན་ཚོགས་མ་ལུས་དབྱར་དུས་ཆུ་གཏེར་དང་། །ལྷུན་པོའི་དཔལ་བཞིན་སྐྱེ་དགུའི་ཉེར་འཚོར་གནས། །ཕྱོགས་ལས་རྣམ་རྒྱལ་ས་ཀུན་གནོན་གྱུར་ཅིག་ ༡༥།སྙིང་རྗེའི་ཆུ་ཡིས་རབ་བརླན་སྤྱིན་པའི་ཤིང་། །གཏོང་བའི་འབྲས་བུ་རྫོགས་པའི་གྲིབ་བསིལ་དུ། །སྐྱེ་དགུའི་བསམ་ཀུན་རྫོགས་ལ་སྤྲོ་བའི་སེམས། །གཡོ་མེད་སྦྱིན་པའི་ཕ་རོལ་ཕྱིན་གྱུར་ཅིག་ ༡༦།དབང་པོ་རབ་ཞི་སྡིག་བྲལ་སྡོམ་པ་ཡིས། །རབ་བསམས་ཞི་བའི་གནས་སུ་མངོན་པར་དགའ། །རྡུལ་མེད་ཡོན་ཏན་བྱེ་བའི་མཛོད་གྱུར་པའི། །གཙང་ཞིང་དག་པའི་ཚུལ་ཁྲིམས་མཐར་ཕྱིན་ཤོག ༡༠།དངོས་རྣམས་སྒྱུ་མ་བཞིན་མཐོང་གཞན་དོན་ཕྱིར། །ལུས་དང་སྲོག་ལ་ཅི་མི་སྙམས་སྤྱོད་པའི། །བྱ་དཀའི་གནས་ལ་དུས་ཀུན་མི་འཛད་པའི། །བཟོད་པ་དམ་པའི་ཕ་རོལ་ཕྱིན་གྱུར་ཅིག་ ༡༨།སྨིག་རྒྱུ་ལྟ་བུའི་འགྲོ་ཁམས་མྱང་འདས་སུ། །སྒྲོལ་བའི་དམ་བཅའ་བརྟན་པོ་སྒྱིད་ལུགས་དང་། །ཐེ་ཚོམ་ལེ་ལོའི་དཔུང་གིས་མི་ཕྱེད་པ། །བཙོན་འགྲུས་བརྟན་པའི་ཕ་རོལ་ཕྱིན་གྱུར་ཅིག་ ༡༧།སྤྲོས་པའི་མཚན་མའི་རྡུལ་གྱིས་རྣམ་དབེན་ཞིང་། །རྟོག་པའི་རླབས་ཀྱིས་མི་འཁྲུག་

(༢༥)ཏིང་འཛིན་མཚོ། །དགའ་བདེའི་ཉམས་དང་རྟོགས་པའི་རོ་ཡི་གཏེར། བསམ་གཏན་ཕ་རོལ་ཕྱིན་པ་ཐོབ་གྱུར་ཅིག ༢༠།མཚན་མའི་འཁྲི་ཤིང་གཅོད་ལ་བདག་མེད་ལྟའི། །རྡུལ་བྲལ་རྣོ་རྒྱུན་གྲུབ་པ་གཞན་མེད་པའི། །གཟུངས་དང་སྤོབས་པའི་གཏེར་ལྡན་ཆོས་ཀུན་ལ། །རྣམ་འབྱེད་ཤེས་རབ་ཕར་ཕྱིན་ཐོབ་གྱུར་ཅིག་ ༢༡།སྐྱེ་ཀུན་ཐར་བའི་ཕྱོགས་སུ་གེགས་མེད་ཅིང་། །དམ་བའི་མགོན་གྱིས་རྗེས་བཟུང་གུས་པས་བསྙེན། །སྨིན་གྲོལ་རྒྱ་མཚོའི་འཕང་རྩལ་ལ་གོམས་པས། །སྲིད་པའི་དགྲ་སྡེ་ཕམ་པར་བྱེད་གྱུར་ཅིག་ ༢༢།ཆོས་ཁམས་བདེ་གཤེགས་སྙིང་པོའི་རང་ཞལ་ཉིད། །སྒྲིབ་བྱེད་སྡིག་ལྟུང་ཉེས་པ་གློ་བུར་བ། །ཡོངས་བྱང་རིག་འཛིན་བཞིས་བསྡུས་ལམ་ལྔ་ཡི། །མངོན་རྟོགས་གོང་འཕེལ་གཞི་དོན་རྟོགས་གྱུར་ཅིག་ ༢༣།སྒོ་གསུམ་འབད་པས་ཚུལ་འདིར་འབྲེལ་ཐོགས་ཀུན། །ལས་ངན་རྒྱུ་འབྲས་མི་ཟད་མི་མྱོང་ཞིང་། །རྣམ་པར་རྒྱལ་བ་ཅན་ཞེས་རྐང་གཉིས་གཙོའི། །འདུས་པ་དང་པོའི་འཁོར་དུ་འགྱུར་བར་ཤོག་ ༢༤།གང་འདིར་ཐོས་བསམ་བསྒོམ་པ་ལས་བྱུང་བའི། །ལམ་གྱི་མངོན་རྟོགས་དཀར་ཆ་བཞིན་འཕེལ་ཞིང་། །གསུང་རབ་གླེགས་བམ་ཕྲེང་བས་ས་སྟེང་གི །རིག་འཛིན་རྣམས་ཀྱི་མགྲིན་པ་མཛེས་གྱུར་ཅིག་ ༢༥།གང་དུ་བསྔོ་དང་གང་གིས་བསྔོ་པའི་བྱེད་པོ་མི་དམིགས་མཁའ་བཞིན་རྣམ་མི་རྟོག ་བསྔོ་བ་ཉིད་ཀྱང་ནམ་མཁའི་མེ་ཏོག་རྨི་ལམ་སྐྱེས་བུས་མཐོང་བ་བཞིན། །དམིགས་མེད་དོན་གཟིགས་འཕགས་མཆོག་རྣམས་ཀྱིས་ཇི་ལྟར་བསྔོ་བའི་རྗེས་བསླབ་སྟེ། །འདི་ན་སྨོན་པའི་འབྲས་བུ་རབ་རྫོགས་ཡོངས་བསྔོ་རྣམ་པར་དག་གྱུར་ཅིག ༢༦།ཅེས་དེ་ལྟར་ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་བ་ཞེས་མཚན་གྱི་བླ་བྲེས་སྲིད་པའི་ཁྱོན་ཀུན་ཡོངས་སུ་ཁེབས་པའི་གསུང་འབུམ་ཐེག་པའི་གྲངས་ལྡན་འདི་དག་སྔ་རབས་མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ཆེན་པོར་སྤར་གྱི་

(༢༦)ལམ་སྲོལ་ཇི་ལྟར་བཏོད་ཚུལ་སོགས་འགྱུར་མེད་ཚེ་དབང་མཆོག་གྲུབ་པས་གོང་དུ་ཞིབ་པར་གསུངས་པ་བཞིན་ལ། །དབུས་ལྗོངས་ཆོས་ཚིགས་ཀྱི་རྡོ་རྗེ་གདན་གཉིས་པ་ལྷ་ལྡན་སའི་ཐིག་ལེར་ཇི་ལྟར་བཞེངས་ཚུལ་ནི། །ཡོན་ཏན་རིན་པ་ཆེའི་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་་ག་་དོན་་ཁ་་རྣམ་ཤིང་རྟ་པོད་གཉིས། །ཐུགས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྐོར་་ཇ་ཉ་་ཀློང་སྙིང་པོད་གཉིས་བཅས་ཕུལ་བྱུང་བློ་གྲོས་ཀྱི་འཇུག་སྒོ་རྣམ་པར་ཡངས་པ་ཟུར་གཉེར་དོན་འགྲུབ་ཆོས་འཕེལ་གང་ནས་རྩོལ་བ་ཆེན་པོས་བསྐུལ་མ་མཛད་དེ། །གཏོང་བའི་སྒོ་འཕར་ཡངས་བ་དག་གིས་སྔོན་ནས་རིམ་པར་བཞེངས་ཤིང་། །དེ་འཕྲོས་ག་པ་རྙིང་རྒྱུད་དཀར་ཆག་དང་དྲི་ལན་རིན་པོ་ཆེ་ལུང་གི་གཏེར་མཛོད། །ང་པ་དགོངས་འདུས་རྣམ་བཤད་དང་གཏམ་ཚོགས་སྐོར། །ཅ་པ་བསྟོད་ཚོགས་སྐོར། ཆ་པ་ཕུར་པ་རྒྱུད་ལུགས་སྐོར། །ཏ་པ་རྣམ་ཐར་བཅས་བོད་ལྔ་པོ་འདོ་དག་ཁོ་བོ་རྡོ་རྗེ་རྒྱལ་མཚན་དང་། །དགེ་སློང་ཆོས་ལྡན་ཟུང་ནས་སྤར་གྱི་སྒོ་འཕར་ཡོངས་སུ་དབྱེ་རྒྱུའི་བློ་གྲོས་ཀྱི་འདུན་ཁང་ཡངས་པོར་བརྩེགས་པའི་མི་རིང་བའི་ཆར། །ལྷོ་ཕྱོགས་འཛིན་མའི་ཁྱོན་ལ་རྐང་བས་འཐུང་ཞིང་ཞོ་ཤས་འཚོ་བ་བློ་གྲོས་ཀྱི་ཉིན་ཉེད་ལ་བརྐམ་ཆགས་ཀྱི་མཚན་མས་མི་རེག་པ། །གྲོ་ཤོད་སྐལ་བཟང་ཆོས་འཕེལ་ཞེས་མིང་གི་ཅོད་པན་དགེ་བ་ཅན་དུ་དབྱངས་པ་གང་ཉིད་བྲོ་ནད་ཀྱི་འཚོ་བས་རིང་པོར་མནར་སྐབས། །རིང་མོའི་ལམ་ནས་གདུང་ཚིག་དབྱངས་ཀྱི་བརྗོད་གཞི་ཞིབ་ལྷོངས་དང་བཅས་པའི་འཕྲོར། །སྔར་ཕན་བྲ་ོནད་འདི་དག་ཕན་དུ་རེ་བའི་མོ་ལུང་རྩིས་བབས་ཀྱིས་མཚོན་ཡུལ་སྲོལ་རང་འཁོས་དང་བསྟུན་པའི་དགེ་རྩ་བླ་གྲྭ་འདུས་ཚོགས་རིས་མེད་ནས་བསྒྲུབ་དང་སྒྲུབ་མུས་ཀྱང་། །མི་འདོད་ཚོར་བའི་ཟུག་རྔུ་སྔར་མཁོ་ཇི་བཞིན་ལགས་པ་ལས་འབྲས་བུ་སེམས་ཤིང་། །འོན་ཏེ་ཁྱེད་གཉིས་རྣམ་ཀུན་ཆོས་སྤྱོད་ཀྱི་བྱར་བར་ལྟེམས་རྐྱང་མེད་ཅིང་བསྟན་

(༢༧)འགྲོའི་སྨན་པོ་ཡོན་ཁོ་ན་བཅས་སུ་བྱེད་པ་ཞིག་ན། །ཁོ་བོར་འདི་ཕྱིར་སྨན་སྟོབས་ཆེ་ཞིང་སྙན་གྲགས་སོགས་ལོ་ཀའི་ཆོས་ཚུལ་དུ་མ་སོང་བའི་དགེ་རྩ་ཇི་ལྟར་བསྒྲུབ་འགབ་གསོང་པོའི་ལན་ནས་གདམས་དགོས་ཚུལ་འབྱོར་བ་བཞིན། །འཆོལ་སྐྱོ་བ་གཉིས་ཀྱི་ཡོན་ཏན་རྒྱ་མཚོས་བསྲུངས་པའི་བསྟན་བཅོས་འདི་སྐོར་བཞེངས་རྒྱུ་ཁོང་གི་བགོ་སྐལ་ཉིད་དུ་བབ་པ་སྙམ་དེ་འཕྲལ་རྒྱུ་རྐྱེན་ལོ་རྒྱུས་ཞིབ་བཤད་ཀྱིས་སྣ་དྲངས་ནས། །དེ་ལྟའི་རྣམ་དགེ་བློ་གྲོས་སུ་ཆུད་མིན་གད་མངར་བྱས་པའི་སྤེལ་ལེགས་ཚིག་གི་ཕྲེང་བ་བསྲིངས་པ་གནག་གི་མདུན་སར་ལྷགས་མ་ཐག་སྔོན་དགེའི་ལས་སྨོན་དུས་སུ་བདོ་བ་དང་སྐབས་མཚུངས་པས་རྗེས་སུ་ཡི་རངས་ཏེ་སླར་ཡང་བརྗོད་བྱའི་དོན་པོར། །འོ་ལེགས་སོ། །དེ་ལྟའི་གསུང་རབ་རྣམས་ཁོ་བོ་གཅིག་པུས་བཞེངས་རྒྱུའི་བློ་གྲོས་ཁུར་དུ་བཟོད་ཅིང་གཡར་དམ་ཡང་བཅས་ཟིན་པ་ལགས་ན། །ད་ཕྱིན་ངེད་རང་འདི་ཕྱི་གང་དུ་སོང་ཡང་འདི་སྐོར་བཀོད་འདོམས་ཀྱིས་མཚོན་པའི་འགན་ལེན་ཁྱེད་གཉིས་ནས་རེམ་རེམ་ཞེས་སྐབས་གསུང་བཞེངས་ཀྱི་རྒྱུར་དམིགས་ལག་ཡོད་ཡིན་གཉིས་སྲང་འཁོར་དོན་ལྔ་དང་། །ཊཾ་སྲང་བཞི་བརྒྱ་ཉེར་ལྔ་གཞན་ནས་ལེན་རྒྱུའི་གན་རྒྱ་བཅས་འབྱོར་མ་ཐག །ཁོ་བོ་ཅག་ནས་གོང་གསལ་མ་དཔེ་རྣམས་སྡེ་དགེའི་སྤར་མ་ཕྱིར་སློག་ཐོག་ །སྟོད་འགྲེལ་བ་རྣམས་ཀྱིས་སྒྱུར་བྱེད་ཅེས་འབོད་པ་རབ་བྱུང་བཅོ་ལྔ་པའི་ལོ་རྐྱང་སོ་གསུམ་པ་ནོར་འཛིན་གྱི་བུ་མི་འཁོར་ལོའི་སྣ་ཅན་གྱིས་ཉེ་པར་དབང་བའི་ས་གས་ཉ་བའི་གྲལ་ཆོས་བཅོ་ལྔ་པ། །མཉམ་མེད་བུ་རམ་ཤིང་པ་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་ཆེན་སོགས་ངོ་མཚར་ཕན་བདེའི་སྣང་བ་འབུམ་ཕྲག་དུ་མར་འཛག་པའི་ཉིན་ནས་དབུ་བརྩམས་སྟེ། །བཟོ་བའི་རིག་བྱེད་རྣམས་ལའང་དག་བཀོད་འདི་སྐད་དུ། །སྤྱིར་དེ་

(༢༨)བཞིན་གཤེགས་པའི་གསུང་རབ་རྣམས་ནི་བསོད་ནམས་དང་དཀར་པོ་རྣམ་པར་འཕེལ་བའི་འཇུག་དོགས་དམ་པ། །ནག་པོའི་ཕྱོགས་དང་མཛད་པ་མ་ཡིན་པ། །ཐར་པ་དང་ཐམས་ཅད་མཁྱེན་པའི་ཉེ་རྒྱུ་ཡང་དག་པ། །སུ་ཞིག་གིས་འདི་ཉིད་ཀྱི་བྱ་བའི་ལས་ལ་སྒོ་གསུམ་གྱིས་ཕན་པའི་སྦྱོར་བ་དང་། །ཟང་ཟིང་གི་འབྲེལ་བ། ཐ་ན་རྗེས་སུ་ཡི་རང་བརྣམ་པར་རྟོག་པ་ཙམ་ལའང་བསོད་ནམས་དཔག་པར་དཀའ་བ་ཞིག་ན། །གསུང་གི་གསང་བའི་འདི་རྣམས་གཅིག་ལས་དུ་མར་འཕེལ་བའི་ངོ་མཚར་འདི་ནི་རྒྱལ་བསྟན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྲིད་མཐའི་བར་དུ་མི་ཉམས་པའི་སྲོག་ཤིང་ཆེན་པོ་ཉིད་ཡིན་པས་ན། །ཁྱེད་ཅག་ནས་ཁྲལ་ལས་དང་སླ་བཅོས་ས་ུམ་སོང་ཞིང་། །ཡི་གེའི་ཆོས་ཉི་ཤུའི་མཚན་ཉིད་ལས་ཉམས་པའི་དཔེ་བྱད་མི་རྫོགས་པས་མཚོན་ཉེས་སྐྱོན་མཐའ་དག་རིང་དུ་སྤངས་ནས་ཆད་ལྷག་མེད་ཅིང་། །བརྩམས་པ་གང་ཞིག་སྒྲོས་གཙང་ཕུལ་ཕྱིན་ཞིག་ཐོན་ཐབས་ལ་ཅི་ནས་འབད་དགོས་དང་། །དེ་ལྟར་བྱུང་ན་ཆད་དོན་ལས་ལྷག་པའི་བསྟི་སྟང་དུ་འོས་པའང་བདག་ཉིད་ནས་བསྟར་བ་བྱ་ཡི་ཞེས་སོགས་སྒོ་དུ་མ་ནས་རྣ་ལུང་མཛེས་པར་བྱས་ནས་བསྟི་སྟང་སོགས་ཀྱི་ཚིམ་པར་བརྔན་ཅིང་། །དེ་ཡང་དངོས་གཞི་གླེགས་བམ་རྣམས་ཚུལ་ཇི་ལྟར་བཞེངས་པ་དང་དགེའི་ཡོན་འབབ། །ཞར་བྱུང་ཞལ་འདེབས་བྱུང་རིགས་ཀྱང་ཞིབ་ཏུ་འགོད་པར་སྤྲོ་སྟེ། །གླེགས་བམ་སོ་སོའི་དབུ་ཁང་གཡས་གཡོན་དུ་བཅོམ་ལྡན་འདས་གདོད་མའི་མགོན་པོ་སྟོང་དཔྱལ་གྱིས་མཚོན་པའི་དཀྱིལ་འཁོར་རྒྱ་མཚོའི་མངའ་དབང་རྙིང་བརྒྱུད་བླ་རབས་རྣམས་དང་། །ཁྱད་པར་རྗེ་བླ་མ་འིད་ཉིད་ཀྱི་འཁྲུངས་རབས་ཚང་མ། །མ་མགོན་ལྕམ་དྲལ་གྱིས་མཚོན་པའི་དབུ་

(༢༩)ཞབས་ཀྱི་ལྷ་གྲངས་བཞི་བཅུ་སྐོར་རྣམས་བསྐྱར་བྲིས་ཆོས་དབྱིངས་པའི་རི་མོའི་ཉམས་འགྱུར་གྱིས་རྣམ་པར་སྒེག་ཅིང་། །རེ་རེར་བྲི་བརྐོས་ཀྱི་ཡོན་དངུལ་ཞོག་སུམ་སྐར་ལྔ་རེ་རྩིས་སྤྱིར་ཊཾ་སྲང་བཅུ་བཞི་སྐོར་དང་། །དཔེ་ལྡེབ་རེར་རྐོ་གླང་ཤིང་རིན་བཅས་དངུལ་ཞོ་བཞི་རེ་རྩིས་པོབ་ལྔ་ལ་བཞུགས་གྲངས་སྤྱིར་བསྡོམས་ཆིག་སྟོང་བརྒྱད་བརྒྱ་དགུ་བཅུ་དོ་དྲུག་སྐོར་ལ་ཡོན་ཁྱོན་བསྒྲིལ་ཊཾ་སྲང་བདུན་བརྒྱ་དྲུག་ཅུ་སྐོར་དང་། །ཕྱི་མོ་སྤར་ལེག་པུ་སྟ་ཀ་བཅུ་ལ་ཡོན་ཊཾ་སྲང་བཅུ་དྲུག་ །བཟ་རྐོས་མི་བཅོ་ལྔ་སྐོར་ནས་བསྐྱར་བཟོ་དང་སྤར་འཛུག་རྒྱག་རྒྱུས་མཚོན་ལས་རྒྱུན་ཟླ་བ་གཉིས་ཙམ་རིང་གི་བསྙེན་ཡོན་འགྲོ་སོང་དངུལ་བསྒྲིལ་ཊཾ་སྲང་དྲུག་ཅུ་རེ་བདུན་སྐོར་དང་། །གཞན་ཡང་ཕྲ་ཞིབ་འགོད་པའམ་ལངས་ལ། །གོང་གསལ་སྤྱིར་བསྡོམས་ཊཾ་སྲང་བརྒྱད་བརྒྱ་ལྔ་བཅུ་ང་བདུན་སྐོར་དམའ་དེས་སུ་ཐལ་ཞིང་༑ །དེ་རྩིས་ཡོན་སྦྱོར་ཉིད་ལའང་གནས་ཚུལ་བསྲིང་བའི་ལན་དུ། །སྔོན་གྱི་ལྗགས་རིང་ཐུང་དུར་གྱུར་ནས་ཁས་བླངས་བཤགས་པ་མཚོན་བྱེད་ཊཾ་སྲང་བརྒྱད་ཅུ་གཞན་ནས་ལེན་རྒྱུའི་ཚིག་ཕྲེང་ཉམ་ཐག་ང་རོའི་རང་བཞིན་ཅིར་ཡང་སོན་པ་ནི་ཁོང་པའི་བློ་གྲོས་ལ་ནེ་མ་ནུར་ཡོད་པ་ག་ལ་ཞིག་མོད། །སྤྱིར་ན་གྲོ་ནད་ཀྱིས་རྒྱུན་མནར་ལ་བརྟེན་པའི་རང་ཉིད་ཀྱིས་ནི་སེམས་ཀྱི་ཁུར་པོ་ཙམ་ལས་གནས་སྐབས་འཕྲལ་མར་ཐབས་འཁོས་ཀྱང་དཀའ་བ་དེར་ཟད། །ལྷག་པར་དེང་སང་དུས་ཀྱིས་སྙིགས་པས་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་མཐུ་དང་རྫུ་འཕྲུལ་ཆེ་ཞིང་། །མདའ་ལྔའི་མེ་ཏོག་ཀྱང་ནུས་པ་རྣོ་ལ་བཀྲག་མདངས་ཆེ་སྟབས། །དངོས་སམ་དེའི་གྲོགས་དན་དུ་གྱུར་པའི་དགེ་བའི་སེམས་ཀྱི་རྒྱུན་ལམ་ལ་འབེན་དུ་བཅའ་གནས་སུ་བལྟས་ཏེ་བསྟུན་བསྐྱེད་ནས་གོམ་པ་བྱ་གྱུར་འདོར་བ་དང་བཅས་

(༣༠)ལྷགས་པས་ཇི་ཞིག་ན་དེའི་སེམས་དགེ་བའི་རྗེས་སུ་ཞུགས་པ་དག་ཡིད་གཉིས་བྲལ་བའི་ཞིང་རྟ་ལས་ཕབས་ཏེ། །འཕྱར་མོ་ཉུག་གི་བསམ་པས་གནས་མ་ཡིན་པ་ཉིད་འཕེན་པ་དང་གཞན་ཡང་དེའི་འཁོར་འདབས་ཉིད་དུ་བརྫུས་པ་གོར་ཆགས་ཤིང་། །དེ་ལྟ་ནའང་། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། །རྗེ་བཙུན་ཐུགས་རྗེའི་མངའ་བདག་ཉིད་ཀྱི་གཟིགས་པ་དུས་ལས་ཡོལ་བ་མི་མངའ་བས་ཞི་བ་དང་བདེ་ལེགས་སུ་མཛད་དེ། །རྒྱུ་དེས་གསུང་འབུམ་ཅ་པ་སུ་སྟ་ཀ་ཆ་ཚང་དེ་མ་ཐག་ཤར་ཕྱོགས་མན་ཧཱ་ཙི་ན་བའི་ལྗོངས་དང་ཉེ་བར་སྐྱེ་བའི་མྱུ་གུ་བཟུང་བ། །ན་ཚོད་ཀྱི་ལང་ཚོ་ཕྲ་ཡང་གཏོང་བའི་བློ་མཐུ་སྦོམ་པོར་གྱུར་བ་བློ་བཟང་སྐལ་ལྡན་ཞེས་མིང་གི་ཅོད་པན་འཆང་བ་གང་ནས་དགའ་སྤྲོའི་རྣམ་འགྱུར་དང་བཅས་དྭང་བ་ཆེན་པོས་འགན་བཞེས་རྐན་ཐུབ་མཛད་པ་མ་ཟད། །གླ་འབབ་ཀྱང་གཞན་མ་རྣམས་ལས་ཤོག་རེར་སྐོར་ལྔ་འཕར་དང་བཅས་རུ་ང་སྤུས་གཙམ་དགོས་རྒྱུའི་དག་བཀོད་ཀྱིས་འདོམས་ཤིང་། །པོད་བཞི་པོའི་སྟེང་སྤར་ཤིང་ཉིས་བརྒྱ་ལྔ་བཅུ་སློར་ཞལ་འདེབས་དང་གཞན་ཡང་འགྲོ་དོན་ཅི་ཆེར་མཛད། །གཞན་པ་ཞལ་འདེབས་སུ་དམིགས་པ་གཟིམ་ཤག་རག་ཤག་ནས་ཊཾ་སྲང་བདུན། །གྲོ་མོ་ཚོང་པ་སྤྱི་ཚོགས་ནས་ཊཾ་སྲང་ཉི་ཤུ་རྩ་ལྔ་དང་། །བསྟན་འཛིན་ཕུན་ཚོགས་ནས་སླ་ང་དོ་གཅིག་ལ་ཊཾ་སྲང་བཅུའི་རྩིས་འབབ། །བསྟན་སྐྱབས་ནས་ཕ་འདས་པའི་ཆེད་སྲང་གསུམ་བཅས་བྱང་ལ། རྡོ་རྗེ་མགོན་པོ་ནས་ཊཾ་སྲང་བཅོ་ལྔ། །རྒྱ་མཚོ་ནས་སྲང་བདུན་དང་ཞོ་ལྔ། །དེ་འཕྲོས་ཊཾ་སྲང་བཅོ་ལྔ་སྐོར་ཆད་པ་རང་ཉིད་ནས་འབྲེལ་བར་དམིགས་ཤིང་། །གཞན་མ་འདི་སྐོར་མགོ་མཇུག་ཚང་མའི་བཟོ་རྐོས་ཀྱི་བཀོད་འདོམས་དང་། །ཞུ་དག་སོགས་རྡོ་རྗེ་རྒྱལ་མཚན་རང་ཉིད་ཀྱིས་ཁུར་ལེན་རྐང་ཐུབ་དང་འབྲེལ་བར། །སྤྱིར་མ་དཔེ་སྡེ་དགེའི་སྤར་མ་བཞག་ལ་རང་གི་བློ་གྲོས་ཀྱིས་

(༣༡)པའི་གནས་ཐམས་ཅད་མེའི་འོབས་དང་། །་གཅན་གཟན་དང་མི་རྒོད་ཀྱི་ཁྲོད་ལྟ་བུར་གཟིགས་པའི་ངེས་འབྱུང་ཚད་མེད་པ་དང་། སྐྱོ་ཤས་ཀྱིས་དྲངས་པའི་སྒོ་ནས་དཔལ་གྱི་རི་ཡི་སྒྲུབ་སྡེར་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོའ་ཚུལ་མཛད་པའི་ཚེ་ཐུན་མོང་མ་ཡིན་པའི་བླ་མ་རིགས་ཀྱི་བདག་པོ་སངས་རྒྱས་གཉིས་པ་དང་། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་འོད་གསལ་ཆེན་པོའི་ཀློང་དུ་མཇལ། བརྡ་དོན་སྤྲོས་པ་མེད་པའི་དབང་མང་པོ་བསྐུར་བའི་མོད་ལ་རྟོགས་པ་བྱུང་རྒྱལ་དུ་སྐྱེས། ཉམས་ཀྱི་འཛིན་སྟངས་བུད། ལས་རླུང་དབང་དུ་འདུས། སྣང་བའི་རྫུན་ཕུག་གཏིབས། རིག་པ་ལ་བརྟུལ་ཞུགས་ཀྱི་ངར་ཐོགས་བས་ཅིར་སྣང་དག་པར་རབ་འབྱམས་སུ་ཀླས། ཆོས་ཐམས་ཅད་ལ་གཟུངས་དང་སྤོབས་པའི་གཏེར་ཁ་ནང་ནས་རྡོལ་བས་ཁ་ཕྱིར་བལྟས་ཀྱི་ཐ་སྙད་དང་ཤེས་བྱའི་གོ་ཡུལ་ཐམས་ཅད་ཤུན་པར་གཟིགས་ཀྱང་དབྱིས་པ་རྣམས་དྲང་བའི་ཕྱིར་དེ་དག་སྟོན་པ་ལའང་ཆག་ཐོགས་མི་མངའ། ལོངས་སྤྱོད་འཁོར་ལོའི་མདུད་པ་དབྱིངས་སུ་ཡལ་བས་རྩ་དང་རླུང་གི་འདུ་འཕྲོ་ཐམས་ཅད་ཡི་གེའི་སྤྲིན་དུ་གྱུར་པ་ལས་གྲགས་པ་ཐམས་ཅད་བརྗོད་མེད་མཆོག་ཏུ་མི་ཤིགས་པ་ནཱ་འདི་སྒྲ་གདངས་རྣམ་པ་ཐམས་ཅད་པར་རང་རྡོལ་བས་སྣང་བ་ཐམས་ཅད་བརྡ་དང་དཔེ་ཆར་ཤར། བྱས་ཚད་མན་ངག་ཏུ་གོ་བས་བླ་མ་དགོངས་པ་འདུས་པའི་ཆོ་གའི་རྣམ་ངེས་མཁྱེན་བརྩེའི་མེ་ལོ་བཞེས་བྱ་བ་ཡི་གེར་བཀོད། དགུང་གྲངས་ཉེར་ལྔའི་དུས་རིགས་བདག་སློབ་དཔོན་ཆེན་པོ་ལ་མོས་གུས་ཀྱིས་དྲངས་པས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་དབྱིངས་སུ་ཐིམ་པའི་སྐད་ཅིག་ལ་རྗེ་ཉིད་སེང་གེ་ལ་བཅིབས་ནས་ནམ་མཁའི་ལམ་དུ་གཤེགས་པ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཟ་མ་ཏོག་གཅིག་ཕྱག་ཏུ་བཞག་སྟེ། དག་བའི་འཁོར་གྱི་སྣང་བ་ལ༔ ཁྱོད་ནི་ཁྲི་སྲོང་ལྡེའུ་བསྟན་ཡིན༔ མདག་གདུལ་བྱའི་སྣང་ངོ་རུ༔ ཁྱོད་ནི་སེང་གེ་རས་པ་ཡིན༔ ཀུན་ཏུ་བཟང་པོའི་ཐུགས་ཀྱི་གཏེར༔ རིག་འཛིན་པདྨའི་ཀློང་ཆེན་བརྡ༔ མཁའ་འགྲོའི་གསང་མཛོད་ཆེན་མོ་ཡིན། བརྡ་ཐིམ༔ ཞེས་གསུངས་བའི་མོད་ལ་ཐུགས་སྤྲོ་བ་ཚད་མེད་པ་འཁྲུངས་ཏེ། ཟ་མ་ཏོག་ཞལ་ཕྱེ་བས་ཤོག་སེར་ཧྲིལ་མོ་ལྔ། ཤེལ་དཀར་སྲན་འཕོས་ཙམ་པ་བདུན་བཅས་བྱུང་བ་ཞལ་དུ་གསོལ་བས་ཚིག་དོན་

(༣༢)ཐམས་ཅད་པར་བཏབ་པ་བཞིན་ཐུགས་ལ་བཀྲ་ལམ་མེར་གསལ་ཞིང་བགྲང་བྱ་བདུན་གྱི་བར་དགོངས་པའི་ཀློང་དུ་སྦ་བར་མཛད་དོ།་ །དེ་ནས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་མཆོག་གི་དངོས་གྲུབ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་དུས་མ་བྱོན་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་ཡེ་ཤེས་ཀྱི་སྐུ་ལན་གསུམ་གཟིགས་ཤིང་། དང་པོས་བརྗོད་བྱ་དང་རྗོད་བྱེད་ཀྱི་བརྒྱུད་པའི་དོན་རྒྱུད་ཀྱི་བྱིན་རླབས་འཕོ་བར་མཛད་པ་སྐུའི་བྱིན་རླབས་དང་། བར་བས་མཛོད་ཆེན་བདུན་དང་ཤིང་རྟ་གསུམ་གྱི་བསྟན་པ་གཏད་ནས་ངེས་དོན་མཐར་ཐུག་གི་གྲུབ་མཐའ་བཟང་པོ་འདི་ཉིད་རང་གིས་འཛིན་ཞིང་གཞན་ལའང་རྒྱ་ཆེར་སྟོན་པའི་སྒོ་མི་ནུབ་པའི་ཕྱིར་འཆད་པ་དང་༑ རྩོམ་པའི་ཕྲིན་ལས་རྒྱ་ཆེན་པོས་གསང་བསྟན་རྣལ་མ་འཛིན་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་རྗེས་སུ་གནང་བའི་གསུང་གི་བྱིན་རླབས་དང་། ཐ་མས་བརྗོད་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་རིག་པའི་རྩལ་གྱི་བྱིན་རླབས་འཕོ་བའི་དབང་བསྐུར་བསྩལ་ནས་དོན་བརྒྱུད་རྟོགས་པའི་བདག་པོར་ཐུགས་ཀྱི་བྱིན་གྱིས་བརླབས་ཤིང་ཀུན་ཏུ་བཟང་པོའི་རྒྱལ་ཐབས་ལ་བཞག་གོ། །དེའི་ཚེ་མན་ངག་གི་བསྟན་བཅོས་ཀུན་མཁྱེན་ཞལ་ལུང་སོགས་ཚིག་ཉུང་ལ་དོན་རྒྱས་པ་རྣམས་མཛད་དོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ལུང་མངའ་རིས་ཞུས་ལན་དུ། །བང་སོ་དམར་པོའི་ཤར་རམ་ལྷོ་ཕྱོགས་སུ༔ ལྷ་བབས་མཆོད་རྟེན་དགོན་སྡེ་འཆའ་ཡང་སྲིད༔ ཅེས་པའི་དོན་ལྟར་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དང་མི་རིང་བར་བཀྲ་ཤིས་སྲོང་བཙན་བང་སོའི་དབང་པོའི་ཕྱོགས་ཀྱི་རི་སུལ། བྱང་ཆུབ་ཤིིང་གི་ནགས་ཁྲོད་དུ་ཚེ་རིང་ལྗོངས་ཀྱི་བསྟི་གནས་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན། །མཐའ་དབུས་རིས་སུ་མ་ཆད་པའི་བསྐལ་བཟང་ཆོས་ཀྱི་འདུ་བར་ལྷགས་པ་རྣམས་ལ་རིག་འཛིན་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་རྒྱུན་མི་འཆད་དུ་བསྐོར་བར་མཛོད་བར་མཛད་དོ། །གང་གི་ཚེ་རིགས་ལྔ་མཁའ་འགྲོ་མའི་གཙོ་མོས་བརྡ་གྲོལ་གྱི་རྟེན་ཅིང་འབྲེལ་འབྱུང་གིས་སྒོ་ཕྱེ་བར་མཛད་པ་ནས་སྔར་ཞུགས་གཏེར་དུ་བབས་པའི་ཀློང་ཆེན་སྙིང་གི་ཐིག་་ལེའི་ཆོས་སྡེ་རྣམས་རིམ་པར་བུ་ཡིག་ཏུ་འབེབས་པར་མཛད་པའི་དུས་གནད་ཀྱང་

(༣༣)དཔྱད་པ་གང་ཐུབ་ཐོག་ །གྱ་ཚོམ་དང་གཟུ་ལུམས་སྤངས་པའི་ཞིབ་འཇུག་གང་ཆེ་བགྱིས་ཁུལ་ཀྱང་གསུང་སྔར་ཚོགས་ཆེ་ཞིང་ཞུ་དག་བཀོད་འདོམས་སོགས་གང་སྤྱིའི་སྣེ་ལེན་ཚང་མ་རང་ཉིད་གཅིག་པུའི་ཕྲག་པས་བཟུང་དགོས་སྟབས་ཚིག་འབྲུའི་སྐྱོན་གྱུར་རིགས་ཕྲན་བུ་ཡོད་པར་སྲིད་ལ་ད་དུང་སླད་ནས་བསྐྱར་ཞུས་བྱེད་འདུན་གོར་མ་ཆགས་མོད། །མཁྱེན་ལྡན་བློ་གྲོས་ཀྱི་འཇུག་པ་ཡངས་ཤིང་གཟུ་བོར་གནས་ལ་བསྟན་པའི་མིག་རྐྱེན་ལ་ཐུགས་གཞོལ་བ་དག་ནས། །འདི་བསྐོར་ལ་མ་རྟོགས་པ་དང་ལོག་པར་རྟོགས་པས་མཚོན་མ་དག་པའི་རིགས་གང་ན་ཅི་མཆིས་རྣམས་ཇི་མི་སྙམ་དུ་འཇོག་པ་དང་། །གང་གིས་ལྷག་པའི་བསམ་པས་བསྐྲུན་པ་ལ་མ་འགྲིགས་མ་འཐུས་སོགས་སྒྲོ་སྐུར་མི་མཛད་པར་བསྟན་འགྲོའི་བདེ་སྐྱིད་ལ་དགོངས་ནས་དཔྱད་གསུམ་དག་པའི་བྱི་དོར་གྱིས་འདི་གའི་ཞབས་འདེགས་མཛད་མི་བྱུང་ན་བཀའ་དྲིན་ཆེ་བའི་རང་བཞིན་ལགས་པ་གཅམ་བུ་མིན་ཅིང་། །དེ་ལྟར་ཡིད་བཞིན་གྱི་ནོར་བུ་བརྒྱ་ཕྲག་གིས་ཀྱང་མཚོན་དུ་མེད་པའི་གསུང་འབུམ་ཡོངས་སུ་རྫོགས་པ་ངོ་མཚར་སྤར་གྱི་ཆོས་སྦྱིན་བླ་ན་མེད་པ་འདི་དག་རབས་ཚེས་ལོ་རྐྱང་སོ་ལྔ་པ་༔ཁྱུ་མཆོག་ལོའི་ནང་གེགས་མེད་དུ་གྲུབ་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་

(༣༤)གྱུར་ཅིག་ །སླར་སྨྲས་པ། དྲི་མེད་རྡུལ་བྲལ་དག་པའི་དབང་པོའི་མཚོན། །ལྷུན་གྲུབ་བ། ཟུགས་སྐུའི་སྒྱུ་འཕྲུལ་ལ་ཆགས་པས། །ཐབས་མཁས་སྤྲུལ་པའི་ཟློས་གར་བསམ་ཡས་པས། །སྐུ་གསུམ་རྣམ་རོལ་མཆོག་དེས་ཡང་ཡང་སྐྱོངས། ༡།རྨད་བྱུང་བསམ་སྦྱོར་དགེ་བའི་ཆུ་རིས་རླབས། །ཆེས་ཆེར་གཡོ་བས་ས་བླའི་ལམ་གང་ཞིག་ །དོག་པོར་བགྱིད་ལ་ངེས་ལེགས་ཆར་གཡོ་བའི། །ངོ་མཚར་སྤར་གྱི་སྤྲིན་ཆེན་འདི་ན་དཀྲིགས། ༢།གྲངས་མེད་བསོད་ནམས་བྱེ་བས་སྐལ་བཟང་གི། །གདུང་སེལ་ཆོས་སྦྱིན་མི་ཟད་འཕེལ་བའི་འཕྲུལ། །བསམ་དང་སྦྱོར་བ་ཤིན་ཏུ་རྒྱ་ཆེའི་ཕྱིར། །འཇིག་རྟེན་མེས་པོའི་བློས་ཀྱང་བསྐྲུན་དུ་མེད། ༣།བློ་གྲོས་དགེ་མཚན་སྐྱེ་རེངས་ཀྱིས་བསུས་པའི། །སྲིད་ཞིའི་དཔལ་ཡོན་བཟང་པོའི་འོད་སྟོང་ཅན། །འདེགས་བཟོད་སྐལ་ལྡན་ཤིང་རྟའི་གཏམ་སྙན་དྲིས། །རྒྱལ་བསྟན་སྨན་གྱི་ནགས་གླུང་མཛེས་པར་བྱས། ༤།ཕུན་ཚོགས་ལྷག་བསམ་ཆུ་འཛིན་ལང་ལོང་དབུས། །དཔག་ཡས་བསོད་ནམས་དབྱར་རྔ་ཆེས་ལྡིར་བས། །རྣམ་མཁྱེན་སྟོབས་བཅུའི་རྩལ་འཆང་གཙུག་ཕུད་ཅན། །ལུང་རྟོགས་ཡོན་ཏན་རྔོམ་པའི་གར་གྱིས་བྲེལ། ༥།དུར་སྨྲིག་མཚམས་སྤྲིན་གསར་བས་མཛེས་བྱས་པའི། །སུམ་ལྡན་རིག་གྲོལ་འདུས་པ་བརྒྱ་ཕྲག་བརྒྱའི། །བཤད་སྒྲུབ་འོད་སྟོང་

(༣༥)འབར་བའི་ཉིན་བྱེད་ཀྱིས། །སྡ་སྣོད་ཚུལ་ཁྲིམས་པདོྨ་བཞད་གྱུར་ཅིག་ །སྙིགས་མའི་རྒུད་པ་གདུག་པའི་མེ་ལྕེའི་རྩེས། །བསྟན་འགྲོའི་ལང་ཚོར་རེག་བའི་དཔལ་ཆེན་པོ། །ལེགས་བྱས་སྤོས་ཀྱི་སླང་པོའི་སྟེ་བའི་དྲིས། །ཡུད་ལ་འཚོ་བའི་དབུགས་འབྱིན་ཐོབ་གྱུར་ཅིག་ །འདིས་མཚོན་རྣམ་དཀར་ཟག་པ་མེད་གང་ཤིན་ཏུ་རྒྱ་ཆེ་འཛིན་མའི་གཞིར། །བསྟན་དང་བསྟན་པ་ཇི་སྙེད་རྒྱ་མཚོའི་དཔལ་སྟུག་དགེ་བའི་མྱུ་གུ་ཅན་། །གཞི་ལམ་འབྲས་བུ་སྣང་སྟོང་ཟུང་འཇུག་འོད་གསལ་ཆེན་པོའི་སྙེ་མས་དུད། །མ་ལུས་མི་ལུས་འདོད་ཀུན་འཇོ་བས་བཀྲ་ཤིས་ཉིན་མོར་བྱེད་གྱུར་ཅིགར། ཅེས་པའང་དཀར་ཆག་སྔོན་མའི་མཇུག་མཐུད་ཚུད་དུ་སྙོམ་ལས་པ་རྡོ་རྗེ་རྒྱལ་མཚན་གྱིས་དཔེན་གནས་ཡེར་བའི་རང་ཤོང་བསམ་གཏན་ཁང་བུར་གཡས་ཁྲལ་ཙམ་དུ་སྨྲས་པའ། སརྦ་མངྒལཾ།

(༣༦)

(༣༧)སྐྱེས་པ་རབས་ཀྱི་རྒྱུད་སྙན་དང་གས་དམ་པའི་འཁྲི་ཤིང་དུ་བསྔགས་པའི་པྲ་ནིདྷ་མིའམ་ཅི་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ་བཞོགས་སོ།

(༣༨)རྒྱ་གར་སྐད་དུ། ཛ་ཏ་ཀ་མཱ་ལ་བི་ཨུཏྟ་མ་བ་ཏ་བལིླཱ་བ་རྞྞིཏ་པྲ་ནི་དྷ་ཀི་ཧྣ་ར་ཨ་ནནྟ་ཎྜ་པ་ནཱ་མ། བོད་སྐད་དུ། སྐྱེས་པ་རབས་ཀྱི་རྒྱུད་སྙན་དང་གས་དམ་པའི་འཁྲི་ཤིང་དུ་བསྔགས་པའི་པྲ་ནི་དྷ་མིའམ་ཅི་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་པ༑ འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །དཔལ་གྱི་ཡོན་ཏན་དམ་པའི་ལམ་མཆོག་ནི། །དམ་བཅའ་ཁྱད་བར་ཅན་དང་མཐུན་གྱུར་ཅིང་། །སྦྱིན་དང་སྙན་སྨྲ་དོན་སྤྱོད་ཤེས་རབ་དང་། །སྙིང་རྗེས་རྒྱུད་བརླན་ཕ་རོལ་ཕྱིན་བཅུའི་དངོས། །སྐྱེད་གུ་གཞན་གྱིས་བདག་གིར་མ་བཟུང་བའི། །ཐུབ་པའི་བྱང་ཆུབ་སྤྱོད་པ་རྨད་བྱུང་བ། །གྲགས་པ་མ་ནོར་ཆོས་དང་ལྡན་པའི་གཏམ། དོན་མཐུན་པ་ནི་གཞན་ལ་བསྟན་པའི་ལམ་དེ་ཉིད་ལ་བདག་ཉིད་ཀྱང་གནས་པའོ་བར་པ་གཉིས་གོ་སླ་དོན་སྤྱོད་པ་ནི་གཞན་ཐབས་ཇི་ལྟ་བུས་ལམ་ལ་འཇུད་པའི་ཐབས་དེ་ལ་བྱའོ། །སྨོན་ལམ་མེ་ཏོག་སྙིམ་པས་གུས་པར་མཆོད། །རིགས་ཀྱི་སྤྱོད་བསྲུང་བའི་ཆོ་ག་ལ། །ཡིད་གཞུངས་ལེ་ལོ་ཕམ་པའི་བཙོན་འགྲུས་ཀྱི། །དཔལ་ལ་སྒྱུ་རྩལ་རྣམ་དང་རིག་པའི་གནས། །ཤིན་ཏུ་ཆུབ་པར་ཆགས་ཀྱང་ཁྱིམ་ན་མིན། །ནགས་ལ་མངོན་བར་དགའ་

(༣༩)བའི་བྲམ་ཟེའི་སྤུན། །བཀྲེས་པའི་གདུང་བ་མི་བཟད་ཚོར་བ་ཡིས། །སྤྱོད་པ་ཤིན་ཏུ་ཉམས་པའི་སྟག་མོ་ནི། །རང་གི་བུ་ཡང་བཟའ་བར་རྩོམ་པ་ལ། །སྙིང་རྗེའི་གཞན་དབང་དྲག་པོས་སྲོག་གཞར་བ། །སྟག་མོ་ལུས་སྦྱིན་ལྟ་བུར་བདག་འགྱུར་ཤོག ༡།རྒན་ལ་བཀུར་ཞིང་འཇུངས་སྤངས་ཤིན་ཏུ་དུལ། །རིག་པ་དུ་མས་ཕྱག་པའི་བློ་གྲོས་ཀྱིས། །མི་བདག་གཞན་གྱི་གྲགས་པ་འཕྲོག་པ་ཡང་། །ཕོངས་པ་རྣམས་ལ་སྙིང་རྗེས་ལྷག་པར་བལྟ། །གཏན་པ་མེད་པའི་མཆོད་སྦྱིན་ཁང་བུ་ནི། །གྲོང་ཁྱེར་ཆེན་པོའི་མུ་ཁྱུད་ལ་བསྐོར་ནས། །དགོས་དགུ་ཤིན་ཏུ་ཚང་པའི་ལོངས་སྤྱོད་ཆར། །དབུལ་པོའི་གདུང་བ་འཕྲོག་ལ་མངོན་ཆས་ཀྱང་། །སྦྱིན་ལས་གཞན་པའི་མངོན་མཐོའི་ཚོང་ཟོང་ནི། །དེ་ལ་ཡོད་མིན་སྲོག་ཀྱང་སྤྲོ་བཞིན་བཏང་། ཤི་བའི་རྒྱལ་པོ་ལྟ་བུར་བདག་འགྱུར་ཤོག་ ༢།སྤྲོ་དང་གསང་ཚིག་ནུས་པའི་ཆུ་གཏེར་གྱི། །རྒྱུད་ལ་ཁེངས་པའི་ལྦུ་ཕྲེང་བ་རྩིག་མ་ནུས། །སྐལ་པ་ཕུན་སུམ་ཚོགས་པའི་རྣམ་སྨིན་ཡང་། །རབ་ཏུ་དང་བའི་སེམས་དང་སྣོད་ཀྱི་ཁྱུད། །ཚུལ་ཁྲིམས་རིན་ཐང་མེད་པའི་དགེ་སྦྱོང་བཞིར། །དྭང་ཞིང་འཇམ་པའི་ཡིད་ཀྱིས་ཕྱག་བྱས་ནས། །ཟན་དྲོན་ཆབས་གཅིག་བྱིན་པའི་འབྲས་བུ་ནི། །རྟ་དང་གླང་པོ་ཤིང་རྟ་དམག་ཚོགས་དང་། །ས་ཆེན་ནོར་མང་བཙུན་མོའི་འབྱོར་པ་ཅན། །དེ་དེས་བསོད་ནམས་མཆོག་ལ་སླར་གུས་པའི། །ཀུན་རྟོག་སེར་སྣའི་

(༤༠)གཡུལ་ངོར་ཕམ་པ་མིན། །ཀོ་ས་ལ་ཡི་རྒྱལ་པོ་ལྟར་འགྱུར་ཤོག་ ༣།དེས་ཤིང་སྤྱོད་ལམ་འཇམ་པའི་སྒྱུ་རྩལ་ནི། །གཞན་གྱི་ཁུར་དུ་མི་འགྲོ་བསྔགས་འོས་ཅན། །བདག་གི་འབྱོར་པ་གཞན་དང་ཐུན་མོང་བའི། །ཁྱིམ་ལ་འཇུངས་པའི་གཏན་པ་ཡོད་མི་སྲིད། །བདོག་པ་བསོད་ནམས་ཟོང་དུ་བསྒྱུར་བ་ལ། །ཡོངས་སུ་བསྔོ་བ་དམ་པ་གསེར་འགྱུར་རྩིའི། །རྣམ་པ་མཆོག་ལ་མཁས་པའི་རང་སངས་རྒྱས། །ཚོགས་ཀྱི་དམ་པར་སྤྱོད་ལ་བདུད་སྡིག་ཅན། །མ་བཟོད་འཁྲུགས་པའི་ཡིད་ཀྱིས་དེའི་སྒོ་དྲུང་། །དམྱལ་མེ་འབར་བར་སྤྲུལ་ནས་གེགས་བྱས་ཀྱང་། །སྦྱིན་པའི་སླད་དུ་བདག་ཉིད་བརླག་ནུས་པ། །ཚོང་དཔོན་སྦྱིན་ལ་དཔའ་བཞིན་བདག་འགྱུར་ཤོག་ ༤།འབྱོར་པས་མཐོ་རིས་ཐོབ་པ་ག་ལ་ཞིག་ །སྦྱིན་པས་མངོན་མཐོའོ་རྟེན་ལ་སྦྱོར་བྱེད་ན། །སྡུག་བསྔལ་གནོད་པ་དུ་མའི་གཞིར་གྱུར་པ། །ནོར་ནི་ཤིན་ཏུ་མི་བཟད་ངན་འགྲོའི་རྒྱུར༑ ༑ཤེས་རྣམས་སེར་སྣའི་ཉེས་པས་ཟིལ་མི་ནོན། །གང་ཞིག་དམ་བཅའ་འདི་ནི་བརྟན་ནམ་མིན། །ཉམས་སད་སླད་དུ་དབང་པོས་ཟོར་བ་དང་། །ཐག་པ་གཅིག་པའི་བརྟུལ་ཞུགས་ལ་བཞག་ཀྱང་། །རྩྭ་ཡི་རིན་ལས་སྦྱིན་པའི་སྙིང་སྟོབས་སྤེལ། །འདི་ན་སློང་བས་བླང་ཞེས་སྨྲས་པ་ལ། །དེ་ཡིས་མེད་ཅེས་སྨྲ་ནུས་ལྟ་ཞོག་གི། ཕོངས་པས་ཁྱིམ་ནས་ཕྱུང་ལའང་རབ་ཏུ་དགའ། །ཚོང་དཔོན་ཟིལ་གྱིས་མི་ནོན་ལྟར་འགྱུར་ཤོག་ ༥།ནགས་ཀྱི་ངོ་མཚར་རྫོགས་པའི་འབྲོག་དགོན་པ། །རྩྭ་ལྗང་ལྗོན་པས་བག་ཕེབས་བསྟེན་བྱས་དེར། །བྱང་ཆུབ་སེམས་དཔའ་ཆེན་པོ་རི་བོང་ནི༑ སྲམ་དང་ཅི་སྦྱང་སྤྲེའུའི་འཁོར་གྱི་དབུས། །གཞན་ལ་བསྟན་ནས་བདག་ཉིད་དོན་ཡོད་འདོད། །དེ་ཡི་བསམ་པའི་ཁྱད་པར་རྟོག་པ་ལ། །བརྒྱ་བྱིན་མིག་སྟོང་བགྲདབཞིན་གྱུར་ཀྱང་སླར། །རྣམ་པར་འཁྱམས་པའི་བྲམ་ཟེའི་གཟུགས་ཀྱིས་སུ། །བཀྲས་ཤིང་ཉམས་པའི་ཆོ་ངེ་

(༤༡)འདོན་པ་དེར། །མདག་མེའི་ཕུང་པོ་འབར་བའི་མེ་དཔུང་བར། །སྐྱིད་མོའི་ཚལ་ལྟར་བལྟས་ནས་འཇུག་བྱེད་ཅིང་། །ལུས་སྲོག་སྟེར་བའི་སྙིང་སྟོབས་རྗེས་འགྲོར་ཤོག ༦།བྲམ་ཟེའི་རིགས་ལ་མཁས་བའི་ཡོན་ཏན་དང་། །འབྱོར་བའི་ཁྱད་པར་མ་ལུས་རྫོགས་བྱས་ཀྱང་༑ །ཁྱིམ་ན་གནས་པ་བྱ་བ་ངན་བས་བྲེལ། །གསོག་དང་སྲུང་སང་སྤེལ་བས་རྣམ་བར་དཀྲུགས། །གྲགས་བ་ངན་ཆེན་པའི་ཐང་ལ་འཁྱམས་གྱུར་བའི། །ཉེས་ཐ་ཤིན་ཏུ་མི་བཟད་མཐོང་ནས་དེ། །དཀའ་ཐུབ་ནགས་སུ་སྡོམ་པའི་ཡོན་ཏན་ཅན། །དེས་བསྐྱེད་བསོད་ནམས་མཐུ་ལ་དབང་པོ་ཡང་། །རང་གི་དཔལ་འབྱོར་འཕྲོག་བའི་དོགས་པས་སྐྲག་ །སྐྱེས་བུ་ཆེན་པོའི་རྣམ་ཐར་འཇིག་རྟེན་རྣམས། །སྐྱེ་རྒན་འཆིའི་གྲོང་ལས་དབུགས་འབྱིན་སླད། ཀྡའ་ཐུབ་ནགས་ནའང་དཔལ་དང་གཏོང་ཕོད་ཅན། །དྲང་སྲོང་ཨ་ག་སྟ་བཞིན་བདག་འགྱུར་ཤོག་ ༧།གཞན་དག་གསོད་དང་མདངས་འཕྲོག་ལ་དགའ་བའི། །མ་རུངས་གནོད་སྦྱིན་ལྔ་ཡི་དཔའ་དང་མཐུ། །དེ་ཡི་མདུན་ན་ལྷག་པར་ཉམས་པ་ནི། །བདག་ཉིད་ཆེན་པོའི་མཐུ་ཡི་ཁྱད་པར་ཏེ། །གང་ལ་བདག་གི་ཡིན་པར་བློ་བཞག་པའི། །མོད་ལ་མངའ་རིས་བསྲུང་བའི་དཔལ་ཐོབ་པས། །གྲགས་བ་ཤིན་ཏུ་ཉམས་པའི་གནོད་སྦྱིན་རྣམས། །བྲམ་ཟེའི་ཟོལ་གྱིས་རྫི་བོར་སྐབས་འཚོལ་ཞིང་། །མི་བཟང་ཚོར་བས་གདུངས་བ་སྙིང་རྗེ་ཡིས། །སླར་ལ་བཟུང་ནས་གསེར་གྱི་ཁ་དོག་ལྟའི། །ལུས་ལས་ཁྲག་ཕྱུང་སྤུ་གྲིས་ཤ་བཅད་དེ། །གནོད་སྦྱིན་གདུག་པའི་སེམས་ཀྱང་ཞི་ནུས་པ། །རྒྱལ་པོ་བྱམས་པའི་སྟོབས་ལ་རྣམ་པར་སྨོན། ༨།ཕོངས་པའི་གདུང་བ་རབ་བསིལ་སྦྱིན་པའི་ཆར། །འབེབས་པའི་བརྟན་པ་ཕའ་ཆེར་འདིར་ཉམས་ནུས། །འགྲན་ཟླར་ཆས་པའི་མི་བདག་བསླུ་བ་མཁན། །བརྐམ་ཆགས་བློ་ཡིས་གླང་པོའི་མཆོག་སློང་བར། །འཁུན་པ་མེད་པར་བྱིན་

(༤༢)པས་གཞན་དག་འཁྲུགས། །རྒྱལ་སྲིད་དཔལ་ལས་ཕབ་པའི་གྲགས་པ་ནི། །དེ་ལ་ངོ་མཚར་བདན་སྒྲེང་བ་བཞིན། །ཡིད་ལ་ཤིན་ཏུ་སྤུག་པའི་བུ་སྨད་ཀྱང་། །འདོད་པ་བྲལ་བ་མིན་བཞིན་བཏང་བྱས་པའི། །མྱ་ངན་མེ་ཆེན་རབ་ཏུ་འཁྲུགས་པས་སྙིང་། །བཅོས་པའི་རླངས་པས་ན་བུན་འཕྱུར་པ་ཡང་། །འགྱོད་དང་ལྡོག་པའི་བསམ་པས་འཆིང་མ་ནུས། །རྒྱལ་པོ་ཐམས་ཅད་སྒྲོལ་བཞིན་བདག་འགྱུར་ཤོག་ ༧།གང་ཞིག་སྙིང་རྗེ་ཁག་ཉིད་ཅན་རྣམས་ལ། །གསོད་པའི་ཆོ་ག་ཡིད་ཀྱི་ཚེར་མ་སྟེ། །གྲུབ་མཐའ་ངན་པའི་རྒྱུ་འབྲས་མ་ཞེན་རྣམས། །ཆར་པའི་སླད་དུ་སྲོག་དུ་མཆོད་སྦྱིན་སེམས། །དབང་ཕྱུག་རྣམས་ཀྱི་ཐབས་ལ་མཁས་པའི་བློ། །བསྒྲིམས་པའི་བློ་ཆུང་རྣམས་ཀྱིས་མཐའ་འཆལ་མིན། །སྐྱེས་བུ་སྟོང་གི་སྲོག་ལ་གཞར་བྱེད་པའི། །ཚིག་གིས་གཞན་དག་མགོ་བོ་རྨོངས་བྱས་ནས། །དོན་གྱིས་འཇིག་རྟེན་ཆོས་རབ་ལྡན་ལ་སྦྱར། མི་འཇིགས་ནང་ནའང་སྲོག་གི་སྦྱིན་པ་ལས། །ཁྱད་པར་གྱུར་པ་ཐུབ་པའི་ལུགས་ལ་མེད། །སྡིག་པའི་གྲོགས་ཀྱིས་བསླུ་བར་མི་ཚུགས་པ། །མི་བདག་མཆོད་སྦྱིན་བྱེད་ལྟར་དེང་འགྱུར་ཤོག་ ༡༠།རིང་ནས་བསོད་ནམས་སྤྱོད་ལ་གོམས་པའི་མཐུ། །དབང་ཕྱུག་ཕུན་སུམ་ཚོགས་པའི་གཟི་བྱིན་ནི། །ལྷ་མིན་སྙིང་ལ་དྲེགས་པའི་མཚོན་ཆར་ལྡང་། །འགྲོ་ལྡོག་ཤིན་ཏུ་གཡོ་བའི་དཔུང་ཚོགས་བཞིས། །ཕན་ཚུན་ཀུན་ནས་འཁྲུགས་པའི་གཡུལ་བསྲེ་ལ། །བྲག་ལྟར་འཇིགས་པའི་གླང་ཆེན་འཐབ་པའི་རྡུལ། །དུས་མཐའི་རླུང་དང་འགྲོགས་ནས་ཆས་པ་བཞིན། །མྱུར་དུ་སྲོག་ལ་ཟ་བའི་སྐབས་མཐོང་ཡང་། །དེས་ཡིས་ལྷག་པའི་བསམ་པ་མཐུ་བསྟན་པས། །ཤིང་རྟས་གཞན་ལ་གནོད་པའི་མེད་པར་འགྲོ། །བདག་ཉིད་ཆེ་རྣམས་རྒུད་དམ་ཕུན་ཚོགས་ཀྱང་། །རིང་གི་ངང་ཚུལ་ཉམས་ལ་སྤྲོ་མ་ཡིན། །མཆོད་སྦྱིན་བརྒྱ་པར་སྐྱེས་བཞིན་བདག་འགྱུར་ཤོག་ །༡༡།འདོད་

(༤༣)པའི་སླད་དུ་ངོ་ཚ་འདོར་བྱེད་པས། །རིགས་དང་ཡོན་ཏན་བདག་གིར་བཟུང་ནུས་མིན། །འདི་ན་རིག་བྱེད་མཆོག་ལ་མཁས་པ་ཡིས། །སློབ་མའི་ཚོགས་ལ་ཉམས་སད་ཆོ་ག་བཅས། །གྲགས་པ་བསྲུང་ཕྱིར་མངོན་དུ་གཞན་གྱི་ནོར། །དབྲོག་པ་མ་ཡིན་ལྐོག་ཏུ་བླང་བྱ་བ༑ །བྲམ་ཟེ་རྒུད་པའི་ཆོས་སུ་སྒྲོ་བཏགས་པས། །ཕལ་ཆེར་རིགས་པ་མིན་པའི་གཏམ་གྱིས་བསླུས། །སྐྱེས་བུ་མཆོག་གི་ངོ་ཚའི་ཡ་ལད་ལ། །བརྟན་པ་བྲལ་བའི་མཚོན་གྱི་དོ་ཟླར་མིན། །སྡིག་པ་གཞན་གྱིས་མ་མཐོང་སྤྱད་རུང་བའི། །རྒྱུད་འབྲས་ངན་བ་མདོད་པས་འདེབས་ལ་དཔའ། །བྲམ་ཟེ་ཆེན་པོའི་རྣམ་ཐར་གྱིས་བརྒྱན་ཤོག་ ༡༢།ཕོ་བྲང་སླས་དེ་ན་ཆུང་བཟང་མོ་མཆོག་ །མྱོས་བྱེད་མ་ཡི་ལང་ཚོའི་ཁད་པར་གྱིས། །དྲང་སྲོང་རྣམས་ལའང་དངོས་གྲུབ་གེགས་གྱུར་ན། །མི་དབང་ཆགས་པའི་རྙིས་ལྟ་ཅིས་མི་འཛིན། །བརྟན་པ་མེད་པར་བྱས་པའི་སེམས་ཀྱི་འཇུགས། །དེ་ཡི་དབང་དུ་ཧ་ཅང་གྱུར་པ་ལས། །ཤུགས་རིང་འདོན་ཞིང་གླལ་བལྟར་ཉམས་ཀྱང་། །ཁྱུ་མཆོག་འགྲོ་བ་དྲང་དམ་གཡོ་བའི་རྗེས། །དོགས་པ་མེད་པར་བ་གླང་གཞན་དག་རྒྱུ། །གང་ཕྱིར་འཇི་རྟེན་དག་གི་བདེ་སྡུག་ནི། །རྒྱལ་པོའི་སྤྱོད་ལ་ལྷག་པར་རག་ལུས་པར། །མཐོང་ནས་བསྲན་ཐུབ་གོ་ཆས་སེམས་རབ་བསྲུངས། །མྱོས་བྱེད་མ་ཡི་རབས་ལ་དཔྱོད་གྱུར་ཅིག་ ༡༢།ཆོས་ལ་གནས་ན་བདེན་པའི་ཚིག་འགྲུབ་ཅིང་། །དགེ་བའི་བཤེས་ལ་བསྟེན་པའི་ཁྱད་པར་ནི། །གཟུགས་སུ་མཆིས་པ་འདི་ན་དབང་པོར་གྱུར། །གྲུ་ཆེན་རུང་གིས་ཐལ་བའི་རྒྱན་མཚོའི་མཐར། །ཚོང་པ་རྣམས་ཀྱི་སྲོག་ཀྱང་གཞན་དབང་ཅན། །རླབས་ཀྱི་ཕྲེང་བ་ཁྲོས་པ་གཤེད་མ་བཞིན། །གང་དུ་ཕྱི་ན་སླར་ལ་མི་ལྡོག་པའི། །རྒྱ་མཚོའི་ཀློང་ནི་འཆི་བདག་ཁ་གདངས་བཞིན། འཇིག་རྟེན་ཕ་རོལ་མཐོང་ཆོས་ལ་གནས་པས།

(༤༤)ཚེ་ཟད་མཐའ་དང་ཀུ་ཅོ་འགྲན་པ་ཡང་། །རྒས་ཤིང་དྲན་པ་ཉམས་པའི་དེད་དཔོན་གྱིས། །བདེན་ཚིག་གཅིག་གི་མཐུ་ཡིས་དབུགས་འབྱིན་བྱས། །ལེགས་པར་ཕ་རོལ་བྱིན་བཞིན་བདག་འགྱུར་ཤོག་ ༡༤།དང་དུར་ཤུག་ཏུ་འགྲོགས་པ་ཞི་བ་དང་། །པདྨའི་ཚལ་གྱིས་བསྟན་པའི་མཚོར་བཅས་ཉ། །དཔྱིད་ཀྱིས་དུས་ཚིགས་ཁྲོས་པས་བསྲེགས་པ་ལ། །ཉིན་མོའི་དཔལ་མང་སྐོམ་པས་གདུངས་པ་བཞིན། །གདོན་མི་ཟ་བར་སྲོག་དང་བཅས་པའི་ལུས། །གཡོ་བའི་དང་ཚུལ་ཅན་འདི་མངོན་སུམ་དུ། །དགྲ་ཡིས་བཟའ་པར་མཐོང་བ་རང་གི་མིག་ །སྡུག་བསྔལ་ཚོར་བ་མྱོང་ལ་བསྐོས་པ་བཞིན། །འདི་ན་ཕོངས་པར་གྱུར་ཀྱང་བཞན་སྲོག་ལ། །གནོད་པ་སྤངས་པའི་བདེན་པའི་མཐུ་ཆེན་དེས། །ཕྱོགས་ཀྱི་ཐ་གྲུ་འཇལ་འདྲའི་ལྷོ་སྤྲིན་ཡང་། །ཆར་སྤྲིན་མུ་ཏིག་དྲ་བ་དབྱངས་བཞིན་པས། ཉ་ཆེན་སྐྱེས་པའི་རབས་ལ་རྣམ་པར་སྨོན། ༡༥།ནགས་ཚལ་མེ་ཡིས་འཆིག་པའི་ཐུག་ཆོ་མས་ལ། །གླང་པོའི་ཚོགས་ཀྱང་སྐྲག་ནས་འབྱེར་བྱེད་ཅིང་། །མེ་ལྕེ་གཡོ་བའི་ལག་པ་མཚོན་ཆ་ཅན། །སྲོག་ལ་ཟ་བའི་ཟློས་གར་སྒྱུར་བ་བཞིན། །བྱ་རོག་ལྟ་བུར་ཐམས་ཅད་བཟའ་བའི་སྤུན། །ལུས་ཉམས་བརྟས་པས་འཇིགས་ཤིང་རྟབས་འུར་འཕུར། །འཚོ་བ་ཉོན་མོངས་མ་ཡིན་དགེ་སྡིག་དང་། །ངོ་ཚ་ཤེས་པ་ལང་ཚོའི་དགྲར་གྱུར་ནས། །ཤིན་ཏུ་རིད་ཅིང་འདོད་བའི་སྟོབས་ཉམས་ཀྱང་། །བདེན་པའི་ཚིག་ནི་འསླུ་བ་མེད་པ་ལ། །མེ་སྟག་འཕྲོ་བ་རླུང་གི་བཞོན་པ་ཅན། །ཐལ་མོ་སྦྱར་ནས་འབྲོས་པའི་གོ་སྐབས་བཙལ། །འདབ་ཆགས་སྲེག་པར་སྐྱེས་བཞིན་བདེན་འགྲུབ་ཤོག་ ༡༦།གང་གིས་འཐུངས་པས་ལྷ་དང་ཚུལ་ཁྲིམས་ཉམས། །བྱ་བ་མ་ཡིན་གནས་ལ་དགའ་བཞིན་འཇུག་ ཆེན་པོར་གྱུར་དང་འབྱོར་པས་བརྒྱན་པ་ཡང་། །བརླག་པར་བྱེད་ལ་ཆང་གིས་དོ་ཟླར་མིན། །འདི་ན་བཤེས་གཉེ་ངན་པས་བསླད་གྱུར་པའི། །མི་

(༤༥)བདག་ཐམས་ཅད་མཛའ་བོ་བློན་འབངས་རྣམས། །གྲགས་པ་ངན་པའི་ཆང་གིས་མྱོས་མཐོང་ནས། །བཞིན་བཟང་ལག་ན་མྱོས་བྱེད་བུམ་པ་ཅན། །འཇིག་རྟེན་དག་ན་ཚོད་ཟོང་ངན་ཡང་རུང་། །དེ་ལ་ཡོན་ཏན་བརྗོད་པས་གླུར་བྱེད་ཀྱང་། །རྫུན་དུ་སྨྲ་བས་འཇིགས་དང་ལྷག་བསམ་ཅན། །ཉེས་པ་འཆབ་པར་མི་བྱེད་ལྡོག་ལ་བཙོན། །བརྒྱ་བྱིན་བུམ་པའི་རབས་བཞིན་གཞན་ཕན་ཤོག་ ༢༤།གང་དག་རིགས་གཟུགས་འབྱོར་བའི་ཁྱད་པར་དང་། །བློ་གྲོས་གསལ་ཞིང་སྒྱུར་རྩལ་རྫོགས་པ་ལ། །འཇིག་རྟེན་འདི་ན་སྨོན་པའི་ཡུལ་གྱུར་ཀྱང་། །གྲོང་ཁྱེར་ལ་སྤྱོད་ཁེངས་པས་ཉོན་མོངས་ཤིང་། །སྲིད་པས་སྡུག་བསྔལ་འཇུངས་པས་རྣམ་པར་ཉམས། །ཚུལ་ཁྲིམས་ལྡན་པའང་མོད་ལ་དོན་མེད་བྱེད། །རྒྱག་དང་རྒྱལ་དྲེགས་པའི་ལྕགས་སྒྲོག་ཅན། །འཕགས་པ་རྣམས་ཀྱིས་སྨད་པའི་ལམ་དུ་འདུག་ །དཀའ་ཐུབ་ནགས་ན་ཚོང་དང་སོ་ནམས་མེད། །འདུ་འཛི་མ་ཡིན་བྱིས་པའི་གྲོགས་དང་བྲལ། །རྣམ་པར་གྲོལ་བའི་ཁྱད་པར་ཤེས་ནས་དེའི། །དམ་བཅའ་སུས་ཀྱང་ལྡོག་པར་མི་ནུས་པ། །རྒྱས་རིགས་འབྱོར་པས་བརྒྱན་བཞིན་བརྟན་ལ་སྨོན། ༡༨།འཇིག་རྟེན་དག་ན་བཅིང་ཞིང་གསོད་དང་བརྡག་ །རྒྱལ་པོའི་དཔལ་ཉམས་མངའ་བ་རྣམས་དང་ཁོ་ན། །ཆོས་ལས་ཉམས་ཤིང་ཕྱིར་མར་སྡུག་བསྔལ་བའི། །རྒྱུ་ནི་འདོད་པའི་ཉེས་དམིགས་ཁོ་ན་སྟེ། །དེ་ཡང་ཁྱིམ་དང་རྟེན་ཅིང་འབྲེལ་འབྱུང་ཅན། །བས་མཐའི་ནགས་ནི་ཞི་བའི་གྲོང་ཁྱེར་མཆོག་ །གང་ལ་སྤྲོ་བས་སྤྲོན་པའི་མཆེད་ཟླར་བཅས། །པདྨའི་རྩ་བས་འཚོ་བའང་བརྒྱ་བྱིན་གྱིས། །ཉིན་བཞིན་ཕྲིབས་རྒྱུད་པའི་མཐར་ལྷུང་ཡང་། །ཡིད་ལ་འཁྲུགས་པ་སྟེར་བའི་གནས་སྐབས་ནི། །སྲོག་གི་ཕྱིར་ཡང་དེ་ལ་ཡོད་མིན་ན། །མ་བྱིན་བླངས་ལ་ཁྲོ་བ་ལྟ་ཅི་སྨོས། །བྲམ་ཟེ་དཀའ་ཐུབ་ཅན་བཞིན་བདག་འགྱུར་ཤོག་ ༡༧།བསྔགས་པར་འོད་པའི་ཡོན་ཏན་

(༤༦)གྱིས་བཏང་བའི། །སྒྲོ་བཏགས་གཏམ་གྱི་ལྕགས་ཀྱུས་བློ་མཆོག་རྣམས། །ཁེངས་པར་མི་ནུས་གོ་འཕང་དེ་ལ་སྦྱོར། །ཁྱིམ་བདག་རིན་ཆེན་ལྟ་བུའི་ཚོང་དཔོན་ནི། །རྒྱལ་པོའི་ཕོ་བྲང་དེང་ལ་མཆིས་བྲང་དང་། །སྒྱུག་མོ་དོགས་བས་བསླུས་བའི་གཏམ་གྱི་འཛུམ། །འདི་ཡི་བསོད་ནམས་གཟུགས་སུ་གྱུར་ལ་ལྟོས། །ཁྱིམ་ནས་རྙེད་པར་མི་འགྱུ་ཚུལ་ཁྲིམས་ནོར། །རང་གིས་དབང་དུ་བྱས་བའི་གྲགས་པ་ཡང་། །གཞན་དག་བདག་ལ་བསྐུལ་བ་ལྟར་མཐོང་ནས། །གདོན་ནི་ཟ་བར་རབ་ཏུ་འབྱུང་བའི་སེམས། །བཙན་བོའི་མཐུས་ཀྱང་བརྫི་བར་ནུས་མ་ཡིན། །ཆོ་རིགས་བཙུན་པའི་ཚོང་དཔོན་ལྟར་འགྱུར་ཤོག་ ༢༠།གང་གིས་བཞིན་རས་མཛེས་པའང་ཉམས་འགྱུར་ལ། །སྙིང་ཡང་མེར་འབར་ཟུག་རྡུའི་ཐག་བས་འཆིང། །གཡང་ས་ཆེ་དང་ངན་འགྲོའི་ལམ་ངན་ལ། །སྤྲོ་བཞིན་འཇུག་པ་འདི་ནི་ཁྲོ་བའི་སྐྱོན། །ཁྱིམ་ནི་གཙུབ་ཤིང་གཙུབས་པའི་མེ་དཔུང་བཞིན། །ནགས་ཚལ་སྟུག་པོ་ཆུ་སྐྱེས་གེ་སར་ཅན། །བུང་བ་མྱོས་པའི་ཚོགས་དང་ལྷན་ཅིག་པར། །ཁྱོ་ཤུག་ཆགས་བྲལ་བཏུལ་ཞུགས་ལ་གནས་པའི། །བཟང་མོའི་ཉེས་སྤྱོད་སྡོམ་པའི་བག་མ་ནི། །གློ་བུར་ལྷགས་པའི་མི་བདག་མཐུས་བཅོམ་ཡང་། །ཁྲོ་བ་ཐུལ་ལདོ་ཟླ་རྙེད་མིན་ན། །སེམས་འཁྲུགས་གོ་སྐབས་སུ་ཡིས་བཙལ་བར་ནུས། །གཙུག་ཕུད་བྱང་ཆུར་རབས་བཞིན་བདག་འགྱུར་ཤོག་ ༢༡།བདག་ཉིད་ཆེན་མས་མི་ཁོམ་གནས་སུ་ཡང་། །སྙན་པར་སྨྲ་དང་དམ་པའི་དང་ཚུལ་ལས། །འདའ་བ་མ་ཡིན་དེ་ཡི་དཔལ་དང་གཟུགས། །ཡུལ་འཁོར་སྲུང་དང་སྡེ་དཔོན་བཞིན་བཟང་ལྟར། །ཡིད་བཞིན་མཚོ་ཡི་ལོངས་སྤྱོད་ཁྱད་པར་ལ། །འགྲན་ཟླར་རྫུས་པ་ལས་ཀྱང་ལྷག་པའི་མཚོར། །དོགས་པས་སྐྲག་པ་མིན་པ་དང་པའི་རྒྱལ། །རྙི་ཡིག་དུ་བུད་འཁྱུད་པའི་རྐང་པ་དང་། །དེ་ལ་བྱམས་པས་བཅིངས་པའི་ཞགས་པའི་མཐུ། །བགྲོད་པ་ཅིག་ཆར་

(༤༧)འགོག་ལ་མཉམ་པ་ནི། །མཛའ་བཤེས་ཉམས་ཀྱིས་དོགས་པའི་ཁྲེལ་གཞུང་དང་། །སྐྱེས་བུ་ཆེན་པོའི་རྣམ་ཐར་འགྲན་ལས་བྱུང་། །དང་པར་སྐྱེས་པའི་རབས་ལ་མཆོག་ཏུ་སྨོན། ༢༢།བཅོས་མའི་རིག་པས་བཀུར་སྟི་ཐོབ་པ་རྣམས། །ཕྲག་དོག་མེ་ཡིས་ཡོན་ཏན་ལྡན་ལ་བསྲེག་ །ཆོས་ལ་གཏམ་དུ་བྱ་བའི་ཀུན་ཏུ་རྒྱུ། །སྐྱེད་མོས་ཚལ་དུ་རྒྱལ་པོས་བསྙེན་པ་གང་། །བློན་པོའི་དབྱེན་གྱིས་རི་མགྲོ་ཉམས་བྱས་པས། །ནགས་ཚལ་མེ་ཏོག་བརྒྱན་པའི་ཀུན་དགའ་རར། །བསམ་གཏན་བཞི་དང་མངོན་ཤེས་ལྔ་ཡང་ཐོབ། །བདག་ཉིད་ཆེ་ལ་སྔོན་ཆད་ཕན་བཏགས་ཤིང་། །ཕྱི་ནས་གཡེལ་བྱས་དོན་མེད་མ་ཡིན་ཏེ། །ཆོས་ལས་ཉམས་ཤིང་གཡོ་དང་དགྲ་ཐབས་དང་། །འཇིག་ཚོགས་ལྟ་བས་བསླད་པའི་མི་དབང་སླར། །བྱས་པ་མི་གཟོར་མེད་པའི་དྲིན་གྱིས་བསྐྱངས། །བྱང་ཆུབ་ཆེན་པོར་སྐྱེས་པའི་རབས་བཞིན་ཤོག་ ༢༣།གང་འགྲོའི་ཕྱོགས་བསླད་ལམ་སྟོར་འཁྱམས་པའི་མི། །འཆི་བདག་ཁ་དང་འདྲ་བའི་གཅོང་རོང་དུ། །ལྗོན་ཤིང་རྩེ་ལས་ལྷུངས་དེ་བརྟན་བྱས་པ། །བྱང་ཆུབ་སེམས་དཔའ་སྤྲེའུའི་སྙིང་སྟོབས་ལ། །ས་འདི་རི་དབང་ནགས་ཚལ་བཅས་པ་ཡང་། །དངོས་སམ་རྫུ་འཕྲུལ་འཕྱང་མོ་ཉུག་ལ་བྲེལ། །ཕན་བཏགས་ལན་ཏུ་གནོད་དཔའ་དུ་བྱེད་པ། །དེ་ལ་དཀོན་ཅོག་ཁྲེལ་ལྟ་སྨོས་ཅི་དགོས། །ཡན་ལག་མཆོག་ལ་བསྣུན་པའི་རྡོ་བ་ཡང་། །ཁྲེལ་བས་གཉིད་ལས་སློང་བའི་ཕོ་ཉར་བྱས། །སྐྱེས་བུ་ཆེན་པོ་གཞན་གྱི་དགེ་བའི་མཐུ། །ཉམས་པས་རབ་གདུངས་བདག་ཉིད་སྡུག་བསྔལ་བ། ཁུར་དུ་མི་བྱེད་སྤྲེའུའི་རབས་ལ་སྨོན། ༢༤།གང་ཞིག་སྙིང་རྗེས་སྒྱ་རྩལ་ལ་གོམས་པའི། །བགྲོད་པ་འགོག་ལ་བློང་ངན་དོ་ཟླར་མིན། །ངེས་པར་སྲོག་ལ་ཟ་བའི་གཅོང་རོང་ཡང་། །བྱམས་པའི་གོམ་པ་གཅིག་གིས་བདེ་བླག་བགྲོད། །འཕོང་སྐྱེན་རི་

(༤༨)དྭགས་ལུས་ལ་སང་འདོད་པའི། །མི་དབང་བཞོན་པ་རླུང་གིས་བགྲོད་པ་ཅན། །ལྷ་མིན་གཡུལ་དོར་ཕམ་པའི་ལག་ཆ་བཞིན། །དམ་གྲོག་གཏིང་ན་བསྣད་པའི་ཚོར་བས་ཉམས། །བདག་ཉིད་གསོད་ལ་དགྲ་རུ་འདུ་ཤེས་པ། །སེམས་དཔའ་ཆེན་པོའི་རྣམ་ཐར་མ་ཡིན་པས། །ད་དུང་གཞན་གྱི་སྡུག་བསྔལ་ཁུར་བཟོད་བོ། །གོར་མའི་ལྕིད་ལ་ལྟ་གོན་རྩོམ་པས་བྲེལ། །རི་དྭགས་ཤར་བྷ་ལྟར་བདག་འགྱུར་ཤོག་ ༢༥།འདོད་ཆེན་དགྲ་ཡིས་དབང་དུ་གྱུར་བ་ཙམ། །ཤིན་ཏུ་འཁྲུགས་པའི་གཡུལ་དོན་ཡང་མིན། །གྲགས་པ་ཉམས་པས་ཚེ་འདི་མ་རུངས་གྱུར། །བསོད་ནམས་ཉམས་པས་ཕྱི་མ་བརླག་པ་བཞིན། །འབབ་ཆུ་དྲག་པོར་སྲོག་ལ་སྐྱབས་སྦྱིན་པའི། །དྲིན་དང་བརྐམ་ཆགས་བློ་གཉིས་བར་མདོར། །རེ་ཞིག་འཁྱམས་པའང་འདོད་པས་དབྱེན་བཅོས་ཏེ། །བྱས་པ་མི་གཟོ་རྔོན་པའི་ས་མཁན་གྱུར། །བདེན་པར་སྨྲ་ལ་མཚོན་ཆ་ཡོད་མིན་ཏེ། །མ་རབས་ལག་པ་སྤུ་གྲིས་བཅད་པ་ལྟའི། །རྒྱུ་ལས་གཏམ་རྒྱུད་བརྗོད་པ་འཕྲོག་པའི་རྔོན། །ཁྲེལ་བདས་ཉག་བྲན་གྲོང་དུ་འཛུད་པའི་བར། །བདག་ལུས་རྡུལ་དུ་བརླག་ལ་རིངས་པ་བཞིན། །རི་དྭགས་རུ་རུར་སྐྱེས་བཞིན་བདག་འགྱུར་ཤོག་ ༢༦།སྙིང་རྗེའི་གཟུགས་ནི་གང་དུའང་མི་འཕོ་བས། །དགྲ་ཡང་དགར་འགྱུར་དེ་ཡི་ངོ་བོ་ཉིད། །འཇིག་རྟེན་དག་ན་ཕུན་སུམ་ཚོགས་པའི་དཔལ། །ཕལ་ཆེར་བདེ་བ་འཇོམས་པའི་ཕོ་ཉ་སྟེ། །ནྱ་གྲོ་དྷ་ཡི་འབྲས་བུ་གཅིག་གཅིག་གིས། །རྒྱལ་པོའི་དཔུང་ཚོགས་བོས་པའི་སྤྲེའི་ཚོགས། །སྤ་ཡི་འཁྲིང་ཤིང་སྟེང་ནས་དབུགས་འབྱིན་སླད། །མཆོངས་བ་གཅིག་གིས་གཞལ་བྱ་མ་ཡིན་པར། །འཇིག་རྟེན་ཕ་རོལ་ཉིད་ལ་སྐབས་བཙལ་བའི། །འབད་པ་དྲག་པོའི་མཐུ་ནི་ཟམ་པ་བཞིན། །སྟོན་པས་གཞན་གྱི་དོན་བཙོན་པ་ཙམ། །སེམས་ཅན་རྣམས་ཀྱི་རང་དོན་སྒྲུབ་ནུས་མིན། །སྤྲེའུའི་རྒྱལ་པོར་སྐྱེས་བཞིན་བདག་འགྱུར་ཤོག་ ༢༧།བཞིན་རས་གསལ་

(༤༩)པར་བྱེད་པའི་རྣ་ཆ་དང་། །ཅོད་པན་མཛེས་པའི་ཁྱིམ་ཐབ་ཀྱིས་བཟུང་བའི། །འཕྱར་ཞིང་འཆོས་པ་བཟང་མོའི་སྒྱུ་མ་ཡང་། །དུལ་ཞིང་བཟོད་པའི་རྒྱན་གྱི་གཞན་དབང་སོང་། །འདོད་པའི་ལྕགས་ཀྱུས་ཤིན་ཏུ་ཉམས་བྱས་ཤིང་། །ཕྲག་དོག་ལུས་སྟོབས་བརྟས་པའི་རྒྱལ་པོ་ཡིས། །དྲང་སྲོང་མཆོག་ལ་སྐུར་བའི་དམག་ཚོགས་དང་། །རལ་གྲི་རྣོན་པོས་ཡན་ལག་བཅད་གྱུར་ཀྱང་། །དེ་ཡི་བཟོད་པའི་གོ་ཆ་བརྟན་པོ་ལུས། །གྲགས་པ་མཆོག་གིས་ཡན་ལག་དང་འགྲོགས་ཤིང་། །དགེ་དང་ཞི་བའི་སྲོག་གིས་བསྙེན་བྱས་པས། །ད་དུང་དགྲ་བོ་ཉམས་ཀྱིས་དོགས་པས་སྐྲག། །དྲང་སྲོང་བཟོད་པར་སྨྲ་བཞིན་བདག་འགྱུར་ཤོག་ ༢༨།ཁ་ན་མཐོའི་ནང་ན་མཐུ་ཆེ་བ། །ལོག་པར་ལྟ་ལ་ཞེན་པ་ལམ་གང་ལས། །ལྡོག་པའི་བརྟུལ་ཞུགས་མཆོག་ལམ་གནས་པ། །དེ་སྲིད་སེམས་དཔའ་ཆེ་ལ་བདེ་མི་ཐོབ། །འཇིག་རྟེན་ཕ་རོལ་མེད་པའི་གཏན་ཚིགས་ལ། །སྤྲོ་ཞིང་འཇུག་པའི་རྒྱལ་པོ་ཡག་ལག་མེད། །འབར་ཞིང་གསལ་བའི་གཟི་བྱིན་མཐུས་གནོན་ལ། །ཚངས་པའི་འཇིག་རྟེན་ཉིད་ནས་སྐབས་བརྩལ་བཞིན། །མངོན་སུམ་རྟགས་སུ་བཀོད་པའི་ཚད་མས་ཀྱང་། །རྟག་ཆད་གུབ་མཐའ་འཇིག་པར་ཉམ་མི་བདེ། །སྤྱི་བརྟོལ་ལྟ་བ་ངན་པའི་ཚིག་གི་ཚོགས། །དམྱལ་མེའི་གཏམ་གྱི་གཡུལ་དོར་རབ་ཏུ་ཕམ། །ཚངས་པའི་འཇིག་རྟེན་སྐྱེས་བཞིན་བདག་འགྱུར་ཤོག་ ༢༧།མྱང་མ་དགོན་པ་ཐ་གྲུ་མི་མངོན་བར། །རྒྱལ་པོས་བསྐྲད་པའི་སྐྱེ་བོ་བརྒྱ་ཕྲག་བདུན། །མཆི་མས་གདོང་བཀྲུ་སྨྲེ་སྔགས་འདོན་པའི་སྒྲས། །བྱམས་པའི་བདག་པོ་རྣམས་ལ་བས་པ་བཞིན། །ལྕགས་ཀྱུས་མ་ཡིན་སྙིང་རྗེ་ཁ་ལོ་པས། །རིངས་པས་རིངས་པར་བསྐུལ་བའི་གླང་པོ་མཆོག་ །མི་འཇིགས་མ་འཇིགས་སྒྲ་ཡིས་དབུགས་འབྱིན་ནོ། །གངས་རིའི་རྩེ་མོས་གོམ་པ་དོར་བར་རྫུ། །འཇིགས་པ་

(༥༠)ཆེ་ལས་སྐྱོབས་ལྟ་སྨོས་ཅི་དགོས། །དེ་ཡིས་ལུས་ཀྱང་གངས་ལྡན་དབང་པོ་ཡི། །སྟེང་གཡོགས་ལྷུང་ལྟར་གཡང་ས་ཆེར་བཏང་བའི། །སྙིང་སྟོབས་མཆོག་ལས་ཡང་སྐྲག་ནས་འདར། །གླང་ཆེན་སྐྱེས་པའི་རབས་ལྟར་བདག་འགྱུར་ཤོག་ ༣༠།སྙིང་ལ་མེ་ཏོག་གཞུ་ཡི་འཁྲི་ཤིང་ཅན། །སྡིག་ཏོའི་གདོང་ནི་ཁྲོ་གཉེར་རབ་ཏུ་ལྡན། །སུ་དཱ་སའི་བུ་ཤ་ཟ་གཏུམ་བོའི་མཐུར། །་རྒྱལ་པོའི་དཔུང་ཡང་བརྟན་པ་བྲལ་ནས་བྱེར། །དམ་པ་རྣམས་དང་ཕྲད་པའི་ཁྱད་བར་དང་། །བདེན་པའི་ཚིག་ལ་བསྲུང་བའི་གཞུ་བདུངས་ན། །གཅན་གཟན་ཁྲོ་བོའི་མཐུས་ཀྱང་མི་མཚོན་པའི། །སྡིག་སེམས་རྩུབ་མོའི་སྙིང་ཡང་ཞི་བར་བཀས། །ཐོས་ལ་བརྟེན་དང་ཆོས་ཀྱི་གཟི་བྱིན་གྱིས། །དེ་ཡི་སྡིག་པ་རབ་ཏུ་ཉམས་བྱས་པས། །རྒྱལ་རིགས་བརྒྱ་ཕྲག་གཅིག་ལྡང་བའི་བུ། །མཆོད་སྦྱིན་སླད་དུ་བཙོན་རར་བཅིངས་པའང་བཏང་། །རྒྱལ་བུ་ཟླ་བའི་སྙིང་སྟོབས་རྗེས་འགྲོར་ཤོག་ ༣༡།མཐོ་རིས་བུ་མོས་སྤྲུལ་པའི་སྐྱེད་ཚད་དུ། །ཤིང་རྟ་མཆོག་ལ་བརྟེན་ནས་འགྲོ་འགྱུར་ཅིང་། །བཟང་མོ་སྟོང་གིས་བསྙེན་བཀུར་སྟོབ་པ་ཡང་། །རྒ་ཤིས་ཉམས་བྱས་ཕ་རོལ་འགྲོ་བ་ཡིན། །གླང་ཆེན་མྱོས་པས་མཁར་གྱི་རྟ་བབས་དང་། །དཔུང་ཚོགས་ཡན་ལག་བཞི་ཡང་ཕམ་ནུས་ལ༑ །བསྙེམས་པས་གད་པ་ཆེན་པོའི་ངོས་འདྲལ་བའི། །སྟོབས་ཀྱིས་འཆི་བདག་དགྲ་བོ་ཕམ་མ་ནུས། །དེ་ཕྱིར་ལྷ་ཡི་འབྱོར་བས་མངོན་མཐོ་ཡང་། །རྒྱལ་སྲིད་རང་བཞིན་གཡོ་ཞིང་མི་བརྟན་པར། །སྐྱོ་བའི་གཏམ་ནི་རླུང་གི་སྤུ་གྲི་ལྟས། །གཞན་དག་དབུགས་འབྱིན་བདག་ཀྱང་ནགས་སུ་འགྲོ༑ །ལྕགས་ཀྱི་ཁྱིམ་ན་སྐྱེས་པའི་རབས་ལ་སྨོན། ༢༣།རྭ་རྩེས་རྡོ་རྗེའི་མཐུ་ཡང་སྦ་བཀོང་ལ། །ཡན་ལག་འཕྲས་པ་བྲག་ལ་འད་མཛ་བ་བཞིན། །བྲག་རི་བགྲོད་བརྩོམ་ལྟའི་མ་ཧེ་ལ། །ཉམ་ཆུང་སྤྲེའུ་རྒོལ་འདི་བྱམས་པའི་མཐུ། །དེ་ལ་སྙིང་རྗེས་ཡུན་རིང་འདྲིས་བྱས་པས།

(༥༡)ཁྲོ་ཞིང་འཁྲུག་པ་མེད་པས་སྐབས་རྙེད་ནས། །མི་བསྲུན་གནོད་པ་སྣ་ཚོགས་འདུ་བྱེད་ལ། །གནོད་སྦྱིན་དག་ཀྱང་ཁྲེལ་ནས་གཟུགས་སྟོན་གྱུར། །འདི་ན་ལང་ཚོ་ཡོལ་བའི་བྱིས་པ་རྣམས། །གཡོ་སྒྱུས་མ་བྱིན་ལེན་པ་ཁེ་རུ་སྨྲ། །གང་ན་གནོད་བ་ཡོད་ན་དེ་ཉིད་ལ། །བརྟེན་ནས་བཟོད་པའི་ཁེ་འཚོལ་དམ་པའི་ལུགས། །མ་ཧེར་སྐྱེས་པའི་རབས་ལྟར་བཟོད་ཐོབ་ཤོག ༣༣།གླང་པོའི་སྤྱི་བོ་འདྲད་པའི་སེང་གེ་ཡང་། །རལ་པས་རྡུལ་འཆག་ས་ལ་འགྲེ་བྱས་ནས། །བསྙེམས་པའི་བརྟུལ་ཞུགས་འདོར་ལ་རིངས་པ་ནི། །རུས་པའི་ཆ་ཤས་ཆགས་ཙམ་གྱི་དགྲ་བོའི་མཐུ། །དེ་ཡི་གྲེ་བར་འཇུག་པའི་ཤིང་རྟ་མོ། །ཟུག་རྡུད་བྱུང་ལ་མཁས་པའི་དང་ཚུལ་ནི། །ཤེས་རབ་རྣོན་པོ་བསྒྲིམས་པའི་མཐུ་མ་ཡིན། །རིང་ནས་འདྲིས་པའི་སྙིང་རྗེའི་ཁྱུད་དཔྱད་ཡིན། །རང་བཞིན་ངན་དང་ཁྲོ་ཆགས་སེར་སྣའི་སྐྱོན། །སེམས་ཅན་རྣམས་ཀྱི་ཆོས་ཉིད་ལ་གནས་ཕྱིར། །བྱས་པ་མི་བཟོར་ཁྲེལ་འདས་སྐུར་བཏབ་ཀྱང་། །མགོ་མས་ཕྱིར་ན་ཁྲོ་བོ་འཛིན་མི་ནུས། །འདབ་ཆགས་ཤིང་རྟ་མོ་བཞིན་བདག་འགྱུར་ཆོག་ ༣༤།འཆར་ཀའི་དུས་མཚམས་གསར་པས་བཙོས་བལྟའི། །དུར་སྨྲིག་གོས་ལ་སྲོག་ལས་ལྷག་བལྟ་རྣམས། །དྲང་སྲོང་རྒྱལ་མཚན་རྔོན་པས་འཛུར་བྱས་ཀྱང་། །གུས་བ་མི་ལྷོད་བདག་ཉིད་ཆེན་པོའི་མཐུ། །གཏམ་ངན་གོས་སུ་གྱོན་པའི་མ་རབས་མིག་ །ཕྱི་མའི་གནས་རིགས་བལྟ་ལ་ལྡོངས་གྱུར་པས། །བསོད་ནམས་ཕུང་པོར་སྦུངས་པའི་སེང་གེའི་སྲོག་ །དུག་མདས་ཅིག་ཅར་འཕྲོག་འདི་སྨད་པའི་གནས། །དེ་ཡི་བྱང་ཆུབ་སེམས་ཀྱི་ཁྱད་ཆོས་ནི། །པགས་པ་གསེར་གྱི་དམོག་དང་འདའ་ཀའི་ཆིག །མ་རུངས་འདོད་པ་གཞན་དུ་བྱེད་པ་ལ། །ལས་དང་དེ་ཡི་འབྲས་བུས་བསྐོས་པ་ཡིན། སེངྒའི་རྒྱལ་པོ་ཡི་དམ་བརྟན་བཞིན་སྨོན། ༣༥།འདི་ན་འགྱུར་བའི་སྡུག་

(༥༢)བསྔལ་བལྟ་འདོད་རྣམས། །ཚོད་པར་སྙེམས་ནས་རྒྱ་མཚོར་གཟིངས་སུ་འཇུག །སྟང་ཟིལ་བཅག་པའི་དུམ་བུ་ཁོལ་བ་ལྟའི། །སྤྲིན་གྱི་ཕང་ནས་ལྷུང་ཐོག་སེར་དང་། །རབ་ཏུ་ཁྲོས་པའི་རླུང་དང་འཐབས་པའི་རླབས། །ལྕགས་ཀྱི་འཁྱུད་མོས་བསྡམས་པའི་གྲུ་གཟིངས་ལ། །ཁོན་དུ་འཛིན་པ་མེད་བཞིན་བ་ཤིག་པའི་སྒྲ། །གནམ་ས་གྲུམ་པའི་འོ་དོད་འབོད་པ་བཞིན། །སྲོག་ལས་ཕངས་པའི་ཁྱད་ནོར་རྒྱ་མཚོར་མིན། །འཇིག་རྟེན་ཕ་རོལ་ཅ་ཅོས་འབོད་པ་ལ། །སྤུ་གྲི་རྣོན་པོས་རང་གི་སྲོག་བྱིན་ནས། །ཕུང་པོའི་གྲུ་ཡིས་གཞན་དག་དབུགས་འབྱིན་བརྩོན། །དེད་དཔོན་བརྩོན་འགྲུས་ཆེན་པོ་ལྟར་འགྱུར་ཤོག་ ༣༦།ལྷ་དག་བག་མེད་འཁྲི་ཤིང་རྩེར་སོན་ན། །སྦྲུལ་ནག་ལྕེ་མང་བསྐྱོད་འདྲའི་ཆར་སྤྲིན་དང་། །བཤེས་པ་མ་ཡིན་དགེ་བཅུས་བཀབ་པའི་ཡུལ། །ལོ་ཏོག་གསར་པའི་རྣ་ཆས་འདོར་བ་ཡིན། །འཛམ་བུའི་གླིང་གི་བཟའ་བའི་དངོས་པོ་ཀུན། །བརྩོན་འགྲུས་མཐུ་ཡིས་བསླུས་ཤིང་བསྲིབས་ཀྱང་། །མུ་གེའི་གདུང་བ་འཕྲོག་པར་མ་ནུས་པ། །བསོད་སྙོམས་གཅིག་གི་འབྲས་བུས་དབུགས་འབྱིན་བྱས། །བྲེ་གང་ལུས་པའི་རྒྱལ་པོའི་བང་མཛོད་དག་ །ལྷ་མིན་དག་པའི་རྒྱལ་གྱིས་གཟིགས་ནས། །བླངས་ཤིང་སྨོན་པས་ཕབ་པའི་ལོངས་སྤྱོད་ཆར། །ལྷ་མིའི་གྲོང་ཁྱེར་ན་ཡང་འབེབས་པ་མེད། །རྒྱལ་པོ་གསེར་མདོག་ཅན་བཞིན་བདག་འགྱུར་ཤོག་ ༣༧།ཚེ་རབས་གཞན་དུ་སྡིག་པ་ལ་གོམས་པའི། །རྨི་ལམ་ཉིད་ཀྱང་དེ་ཡི་ཕྱོགས་འཛིན་ཏེ། །བསྡུའི་འཁྲི་ཤིང་གསེར་གྱིས་བྱུག་པ་ལྟའི། །ཀུནྡ་ནགས་ན་གནས་པ་མངོན་སུམ་གྱུར། །རྒྱལ་པོ་ཚངས་བྱིན་འདོད་ལ་བརྐམ་པའི་ངག་། རྔོན་པས་ཉམས་སུ་བརྟགས་པའི་ཆོ་ག་རྣམས། །མྱ་དམ་དགོན་པ་ཤིན་ཏུ་ཡང་བར། །ཆོ་ངེའི་སྒྲ་སང་སྟབས་གཅིག་ཉམས་གྱུར་ཀྱང་། །སེམས་དཔའ་མཆོག་གི་

(༥༣)སྙིང་རྗེའི་པགས་པ་ནི། །སྤུ་གྲི་རྣོན་པོའི་དཔལ་ལའང་བཟོད་ཐོབ་སྟེ། །སྤྲོ་བཞིན་སྟེར་བའི་སྙིང་སྟོབས་ལ་གུས་ནས། །ལྷ་ཡང་མཆི་མའི་མེ་ཏོག་གཏོར་བས་བྲེལ། །གཅན་གཟན་ཀུན་དར་སྐྱེས་བཞིན་བདག་འགྱུར་ཤོག་ ༣༨།ཐབས་ལ་མཁས་པའི་གཏམ་གྱི་མཚོན་རྣོན་པོས། །མི་དགེར་སྤྱོད་པའི་སྲོག་ལ་གཟས་པ་འདིས། །རིགས་དང་རིགས་མིན་ལས་འདས་ཀུན་གཞིའི་ཁམས། །སྙིང་རྗེའི་གཟུགས་སུ་འཕོས་པའི་ཁྱད་པར་བསྟན། །བརྩོན་འགྲུས་མཐུ་ཡིས་བྱས་པའི་བསོད་ནམས་ནི། །ཡུད་ཙམ་ལ་ཡང་མང་པོར་འཕེལ་འགྱུར་བས། །འཆི་བདག་བདུད་ཀྱང་དེ་ཡི་སྤྱོད་པ་ལ། །སྤྲོ་བ་བརྟས་ནས་ཚེ་ལོ་ལྔ་བརྒྱར་བཏང་། །དགྲ་ཐབས་མཐུ་ཡིས་མ་བྱས་རིགས་ངན་ཞིག་ །འཛམ་བུའི་གླིང་གི་དབང་པོར་གྱུར་ནས་སུ། །ཆོས་ལ་ཀུན་སྦྱར་དབུལ་བའི་སྡུག་བསྔལ་བསལ། །སྤུ་གྲིའི་རྩེ་ནས་མིད་དང་པགས་པའང་བྱིན། །རྒྱལ་པོ་བསོད་ནམས་སྟོབས་བཞིན་བདག་འགྱུར་ཤོག་ ༣༧།ཤིན་ཏུ་བྱ་དཀའི་གནས་ལ་བརྩོན་འགྲུས་ཀྱི། །འཛིན་དཔྱད་དམ་པོས་འཁྱུད་པའི་ཤེས་རབ་ནི། །ལེ་ལོའི་གཡང་དང་ལྷན་ཅིག་གནས་པ་མིན། །བྱང་ཆུབ་སེམས་དཔའི་སྙིང་སྟོབས་ཁྱད་པར་ལྟོས། །སྙིང་པོ་མེད་པའི་ལུས་ནི་སྡོང་བུ་བཞིན། །སྙིང་པོར་བྱ་བ་བཅོས་བུའི་རས་ཀྱིས་དཀྲིས། །དེ་ལ་མེ་ལྕེས་རེག་བའི་རྣོད་བལ་ཟུང་། །ཡིད་ཀྱིས་ཆོ་གར་བཀོད་ནའང་བ་སྤུ་ཟིང་། །བྱང་ཆུབ་སེམས་དཔའ་དང་པོའི་ལས་ཅན་གྱི། །བློ་ནི་གོང་ནས་གོང་དུ་སྤྱོད་པ་དང་། །སངས་རྐྱ་མངོན་སོད་གཤེགས་ལ་མཆོད་པའི་སྲད། །ལུས་ཀྱང་འབྲུ་མར་འབར་བཞུགས་ལ་བཞེན། །དགེ་སློང་གྲགས་པའི་འོད་བཞིན་བདག་འགྱུར་ཤོག་ ༤༠།བྱམ་ལ་རི་བོང་མཚན་མ་དྲིས་པ་མིན། །ལྷག་བསམ་སྟོན་ཀའི་ཟླ་གཞོན་གྱིས་འཁྱུད་པས། །ཟད་མི་ཤེས་པའི་ནོར་

(༥༤)དང་བརྩེ་བའི་དཔལ། །འགྲོ་བ་ཀུན་ལ་སྙོམས་པར་འགྱེད་ལ་ལྟོས། །འདི་ཡིས་བརྩོན་པའི་མཐུ་དང་ལྷག་བསམ་སྟོབས། །མཁྱེན་ནས་བདེ་གཤེགས་འོད་ཟེར་དཔག་མེད་ཀྱང་། །དཔག་ཚད་བྱེ་བ་བྲག་བཅུའི་ཕ་རོལ་ནས། །ཁྱིམ་ལས་དབུགས་འབྱིན་དེ་ལ་འབོད་པ་བཞིན། །ཉོན་མོངས་ཚེར་མ་རྣོན་པོའི་ཟུག་རྡུའི་དཔལ། །བསམ་གཏན་མེ་ཆེན་གཅིག་གིས་བསྲེགས་པ་ན། །སངས་རྒྱས་འཇིག་རྟེན་བྱོན་པའི་ཁད་ཆོས་དང་། །དེ་ཡིས་སྡེ་སྣོད་གསུངས་པའི་ཡོན་ཏན་ཡིན། །ཁྱིམ་བདག་དབེན་པ་འདོད་ལྟར་བདག་འགྱུར་ཤོག་ ༤༡།ལྷ་དབང་དཔལ་ལ་ཉོ་ཚོང་བྱས་པ་ལྟའི། །འཛམ་བུའི་གླིང་གི་ལོངས་སྤྱོད་གང་ཡིན་པ། །སྲིད་ཀྱི་འབྱོར་པའི་ཁད་པར་ལ་ཐོབ་ཀྱང་། །ཕྱགས་དར་ཕུང་པོ་ཙམ་ལས་མཐོང་བ་མེད། །དཔྱ་ཡི་སླད་དུ་བཅིངས་པའི་སྐྱེས་བུ་ནི། །དེ་ལ་དེས་འབྱུང་ཤིང་རྟ་འདུ་བྱེད་བཞིན། །རྒལ་སྲིད་འདོད་པའི་ཆུ་སྲིན་ལྟོ་བ་ནས། །དཀའ་ཐུབ་ནགས་ཚལ་མཛེས་པར་རབ་ཏུ་སོང་། །རྒྱ་མཚོར་འཇིགས་པས་སྐྲག་པའི་དེད་དཔོན་རྣམས། །ལག་པར་སྒྲོན་མེ་སྦར་ནས་དབུགས་འབྱིན་ལ། །ཚིངས་པའི་གནས་པ་གཞི་དང་མངོན་ཤེས་ལྔ། །ལྷག་བསམ་རྩ་བ་བརྟན་པོས་བཙུགས་པ་བཞིན། །རྒྱལ་པོ་སྒྲོན་མ་སྣང་བྱེད་ལྟར་འགྱུར་ཤོག་ ༤༢།ཡུལ་རྣམས་ཕལ་ཆེར་ཞེན་པའི་ལྕགས་སྒྲོག་སྟེ། །ཁྱིམ་གྱི་བཙོན་རར་འཆིང་བ་དམ་བོས་བཅིངས། འདོད་དང་ཁོ་བ་སྤངས་བའི་སྨན་ལྗོངས་དག་ །བསམ་གཏན་འདོད་པ་རྣམས་ལ་འབོད་པ་བཞིན། །དུར་སྨྲིག་ཆོས་ཀྱི་བཙོས་བམ་ཡིན་ཏེ། །རང་བཞིན་དག་པའི་བྱང་ཆུབ་སེམས་དཔའ་ནི། །དུད་འགྲོར་གྱུར་ཀྱང་བསམ་གཏན་ལ་སྤྱོད་རྣམས། །གཞན་གྱི་བརྟུལ་ཞུགས་ཉམས་ཀྱིས་དོགས་པས་སྐྲག་ །གསོད་སྙོམས་ཕྱིར་ན་གྲོང་ཁྱེར་ལ་སེམས་པའི། །བྲམ་ཟེའི་དྲང་སྲོང་ནགས་སུ་བསྟི་བའི་སླད། །རེག་པ་ཤིན་ཏུ་མི་བཟད་མེད་དབུང་ཡང་།

(༥༥)ལུས་ལ་མནབས་ཏེ་དེ་ལ་འབུལ་པར་བྱེད། །རི་བོང་དབེན་པ་ལ་དགའ་ལྟར་འགྱུར་ཤོག་ ༤༣།ཁེངས་པས་རབ་དྲེགས་སྲེད་པའི་འཆིང་བ་ཅན། །རྒྱལ་པོའི་སྲིད་ཀྱི་ལོངས་སྤྱོད་ཁྱད་པར་ཡང་། །འདོད་པའི་ཁམས་ན་རེག་བྱ་རྡོ་རྗེ་མ། །ཨུཏྤལ་མིག་ཅན་བཙུན་མོའི་དོ་ཟླར་མིན། །གྲོང་ཁྱེར་མ་ཡི་སྒྱུ་རྩལ་དྲུག་ཅུ་བཞིས། །རྐང་གདུབ་ནོར་བུའི་སིལ་ཁྲོལ་གཡོ་བ་ཅན། །ཁྲི་ཕྲག་བརྒྱད་ཀྱི་གྱ་གྱུའི་ཞགས་པས་ཀྱང་། །ཁྱིམ་དུ་འཆིང་བར་མ་ནུས་བསམ་གཏན་མཐུ། །རེག་པའི་བདེ་བས་མྱོས་པའི་ཡིད་སྤྲུབས་མདའ། །ལྕུག་ཕྲན་ནོར་བུས་བརྒྱན་པའི་སོར་རྩེ་ནས། །འཕངས་པའི་བརྟུལ་ཞུགས་ལྡོག་པར་དཀའ་ཡང་། །བསམ་གཏན་ཆོ་ག་གཅིག་གིས་དོན་ལྡན་བྱས། །རྒྱལ་པོ་ཀུན་ཏུ་གོ་བྱེད་ལྟར་འགྱུར་ཤོག་ ༤༤།དཀའ་མཐུ་ཡིས་བསྲུངས་པའི་མུ་ཁྱུད་ལ། །སྡིག་སེམས་རྩུབ་མོས་འདའ་བར་མ་ནུས་པས། །རྔོན་པའི་བརྟུལ་ཞུགས་ལ་གནས་རྒྱལ་པོ་ཡང་། །བྱང་ཆུབ་སེམས་དཔའ་གཞོན་ནུའི་རྐང་སྟེགས་གྱུར། །བསྡམས་པ་མ་ཡིན་གཡོ་སྒྱུས་ཕྱོགས་བསླད་པའི། །དགེ་སྦྱོང་ཆུ་སྲོན་རྒྱལ་མཚན་བསྙེན་པ་རྣམས། །རང་རང་གྲགས་པ་ཉམས་ཀྱིས་དོགས་པའི་སེམས། །དབྱེན་གྱི་གཟུགས་བརྙན་འཆོས་ལ་རིངས་པ་བཞིན། །འཇིག་རྟེན་ཕལ་ཆེར་ཆོས་ཀྱི་སྣོད་མ་ཡིན། །འདི་ཕྱིར་ཉམས་པ་སྡིག་པའི་གྲོགས་པོའི་མཐུ། །དེ་ལ་མེ་བརྟན་བག་ཡོད་སྲུང་བ་རྣམས། །བསྐྲུ་བར་མི་ཚུགས་བསོད་ནམས་དམ་པའི་ཁྱད། །ཁྱེའུ་ག་མ་མཛད་དང་ཉིས་ཀྱི་སྐྱེས་པའི་རབས་ལ་སྨོན། བྱེ་བ་བརྒྱ་ཕྲག་བདུན་ཅུ་ལས་ཐལ་བའི། །གྲོང་ཁྱེར་རིན་ཅེན་སྣ་བདུན་རང་བཞིན་དང་། །བགྲང་གིས་མི་ལང་སྐྱེད་མོས་ཚལ་གྱི་མཆོག་ །བཟའ་ཤིང་མེ་ཏོག་འབྲས་བུས་རབ་བརྒྱན་ཅིང་། པདྨས་མཛས་པའི་རྫིང་བུ་བལྟན་སྡུག་ ཤཱ་ཀ་ཐུབ་ཡིན། འདབ་

(༥༦)ཆགས་རྣམ་པ་མང་པོས་བརྟེན་པ་ལ། །རྒྱལ་བུ་བརྒྱ་ཕྲག་ལྔ་ཡང་བརྩེ་བྱེད་ཅིང་། །མཚོན་གྱི་ཆད་པ་མེད་པའི་རྒྱལ་སྲིད་ཀྱང་། །དོར་ནས་རབ་བྱུང་བརྟུལ་ཞུགས་ཞེན་ན། །འབྱོར་པ་ཉུང་ཞིང་དབྱ་དང་ཆད་པས་འཚེ། །དབུལ་ཞིང་སྡུག་བསྔལ་མང་པོས་ཉམ་ཐག་པ་ལི། །གནས་ངན་ཁྱིམ་ལ་སུ་ཞིག་སྤྲོ་བར་བྱེད། །རྒྱལ་པོ་བརྟན་པས་བྱིན་བཞིན་བདག་འགྱུར་ཤོག་ ༢༦།སྐར་ཚོགས་གྲངས་སུ་བཏབ་པའི་སྣང་གསལ་དང་། །དེ་སྙེད་བླ་ན་ཡོད་པས་ཚངས་བྱིན་གདུང་། །རི་མོར་བགྱིད་པའི་རྒྱལ་པོ་དཔལ་དབྱངས་མཐུ། །མཆོད་པའི་ཁྱད་པར་གཅིག་གིས་ཉམས་སད་བྱས། །པདྨའི་རྣལ་མ་མཆོག་གི་ལག་པ་ནི། །ཀ་ཤིས་དཀྲིས་པའི་རིན་ཐང་ལ་འཇིགས་ནས། །འབྲུ་མར་རྡུལ་དུ་འཛག་པ་བསྲེག་བྱ་ཟས། །རྣམ་པར་སྦར་བཞིན་ཡང་འགོང་པ་བཞིན། །ད་ཡི་སྙིང་སྟོབས་མཆོག་ལ་ཉིན་བྱེད་ཀྱང་། །དད་ནས་རང་གི་སྣང་དཔལ་སྟེར་ཞིང་། །སྒྲ་གཅན་ཁ་ནས་ལྷུང་པའི་ཟླ་བ་ཡང་། །སོར་ཆུད་དབུགས་འབྱིན་དེ་ཡི་ལག་པར་འཕོ། །བྱང་སེམས་བདེ་བའི་སྦྱིན་ལྟར་བདག་འགྱུར་ཤོག་ ༢༧།འགྲོ་བའི་དོན་ལ་བརྩོན་པའི་གོ་ཆ་ནི། །གཡུལ་ངོའི་གཏམ་དང་ལྷན་ཅིག་གནས་པ་མིན། །བསྟན་པ་ཤིན་ཏུ་སྙིགས་མང་འགྱུར་བའི་དུས། །རྒྱལ་པོའི་འཁྱིམ་ཡང་དབེན་པ་ལྟ་བུར་གཟིགས། །ཤིན་ཏུ་མ་རུངས་གྱུར་པའི་སེམས་ཅན་རྣམས། །དུས་ལས་ཡོལ་བ་མེད་པའི་ཚུལ་ཁྲིམས་དང་། །དྲན་དང་རྟོགས་པར་ལྡན་པའི་བསམ་གཏན་ལ། །བཞག་པས་བདུན་ཀྱི་གཉེན་རྣམས་ཁྲོ་ཞིང་འཁྲུངས། །དམ་པ་རྣམས་ཀྱི་བསོད་ནམས་གཞན་ཕན་ཏེ། །མུན་པའི་བློ་ལ་རང་གིས་འཕྲོག་པ་བཞིན། །རྙེད་ལ་བརྐམ་པའི་དགེ་སྦྱོར་བརྒྱ་ཕྲག་གིས། །འཕངས་བའི་མཚོན་ཆ་མེ་ཏོག་གྱུར་ལ་ལྟོས། །དགེ་སྦྱོང་་བསྙེན་པའི་འོད་བཞིན་བདག་འགྱུར་ཤོག་ ༢༨།རྫིང་བུ་བསིལ་བའི་དཔལ་

(༥༧)གྱི་ལྡིང་ཁང་དུ། །སེམས་ཅན་དམྱལ་བ་འཕོས་པའི་རྒྱལ་བུ་ནི། །མདལ་གྱི་འདམ་རྫབ་སྤངས་པའི་མེ་ཏོག་ལྟར། །ཡབ་ཅིག་སྤྲོ་བའི་ཤིང་རྟར་འཛེག་སླད་འོངས། །དེ་ཡིས་སྔོན་རབས་དྲན་པའི་མེ་ལོང་ནང་། །དམྱལ་དང་རྒྱལ་སྲིད་ཕན་ཚུལ་ལན་དུ་མར། །བརྗེས་པའི་གཟུགས་བརྙན་མཐོང་བས་རྒྱལ་པོའི་སྲིད། །སྙིང་ལ་མཚོན་ཆ་རྣོན་པོས་བཀས་ལྟར་གྱུར། །ཅོད་པན་ལྟ་བུར་གཡོ་བའི་ཡན་ལག་དང་། །ལྷ་ཡིས་སིལ་སྙན་འཁྲོལ་འདྲའི་སྨྲ་སྒོ་ཡང་། །ལྐུགས་ཤིང་འཕྱེ་བོར་བརྫུ་བའི་སྒྱུ་ཐབས་འདིས། །དྲང་སྲོང་རྒྱལ་མཚན་ཕང་པར་བླངས་པ་ཡིན། །ཁྱེའུ་ཆུ་སྐྱེས་ལྟ་བུར་བདག་འགྱུར་ཤོག་ ༢༧།སྦྱིན་པའི་མཐུ་ཡིས་ས་ཆེན་འབྱོར་བར་སྐྱོང་། །ཚུལ་ཁྲིམས་མཆོག་དང་བཟོད་པའི་ལྗོན་ཤིང་ལས། །རིགས་གཟུགས་ལང་ཚོའི་བ་དན་གཡོ་བ་ཅན། །དེ་ལ་འབངས་རྣམས་སྙིང་ཉེ་སྙིང་རྗེའི་མཐུ། །ལྷ་དབང་ལྷ་ཡི་དཔལ་འབྱོར་དྲངས་བྱས་ནས། །འཇིག་རྟེན་གང་དུ་མི་ཡི་ལྷར་བྱོན་ལྟའི། །མི་དབང་འཇིག་རྟེན་སྣ་ཚོགས་དགའ་བ་མང་། །སྐྱེ་ཤིས་འཇིགས་པའི་སོ་ནམ་མཁས་བ་ཡིན། །རྣམ་རྟོག་ཚེར་མ་ཉེར་ཞི་བས་མཐའི་གྲོང་། །ལྷག་མཐོང་གསལ་བའི་འབབས་ཆུ་ལྷུང་ལྷུང་སྒྲས། །མྱང་འདས་གོ་འཕང་མཆོག་ལ་འབོད་པ་དེར། །བསམ་གཏན་བདུད་རྩིའི་དགའ་སྟོན་འགྱེད་དེ་གང་། །སྣ་ཚོགས་མངོན་པར་དགའ་བཞིན་བདག་འགྱུར་ཤོག་ ༥༠།བདོག་པ་སེར་སྣས་བསྡམ་ལ་མ་འདྲིས་ཀྱང་། །ལེགས་བཤད་རིན་ཅེན་ནོར་ལ་བརྐམ་དེའི་ཕྱིར། །བུ་དང་ཆུང་མའང་དམ་པའི་ཕྱོགས་བཏང་ལ། །དཔའ་བོས་ཉག་ཕྲན་འཕེན་པའི་ཀུན་སྤྱོད་བཞིན། །སྐྲ་མཚམས་ནོར་བུས་མཛེས་པའི་ལྷ་དབང་གང་། །ཆར་སྤྲིན་ལྟ་བུར་གནག་པའི་གནོད་སྦྱིན་གཟུགས། །མི་སྡུག་ཁྲོས་པའི་བཞིན་གྱི་ལེགས་བཤད་ཀྱང་། །གུས་པ་མི་ལྷོད་ཤེས་རབ་མཆོག་

(༥༨)གིས་མཉན། །སྡིག་ལས་ལྡོག་པའི་ཚིགས་བཅད་གཅིག་གི་སླད། །བདག་ལུས་གང་གཱའི་རྡུལ་སྙེད་བཏང་བཟོད་ན། །མཆོག་སྦྱིན་སྐྱེས་བུའི་ཡོན་ཏུ་དེ་ཡི་སེམས། །དཔས་བརྟན་བ་བྲེལ་ལ་འཚོད་བ་བཞིན། །རྒྱལ་པོ་ཚངས་བྱིན་ལྟ་བུར་བདག་འགྱུར་ཤོག་ ༥༡།བྱང་ཆུབ་སེམས་དཔའ་མཁས་པའི་བརྟུལ་ཞུགས་ནི། །རྒྱལ་རིགས་ཆེན་པོའི་དཔལ་གྱིས་འབྱོར་ན་ཡང་། །གཏི་མུག་སྒྲིབ་པ་སེལ་བའི་ཆོས་འཚོལ་ཕྱིར། །བསྙེམས་པ་བྲལ་བའི་བགྲོད་པས་ཀུན་ཏུ་འགྲོ། །དེ་བཞིན་གཤེགས་པའི་མཚན་དང་ལྡན་པའི་གཏམ། །འཆིང་བ་ཀུན་གྱིས་བཅིངས་བའི་སྐྱེ་བོ་ཡིས། །རྙེད་པའི་སླད་དུ་ཚིགས་སུ་བཅད་ལ་ཡང་། །གོས་རྒྱན་རིང་ཐང་སྤངས་པ་བྱིན་ལ་ལྟོས། །འདོད་བའི་ཚེར་མ་རྣོན་པོས་ངོ་ཚའི་གདོང་། །སྨད་པ་མ་རབས་སྐྱེ་བོའི་མཚན་ཉིད་དེ། །གཞན་དག་བསམ་པ་རྫོགས་ན་རང་ལུས་ཀྱང་། །གཡང་སར་གཏོང་ལ་མི་འཇིགས་དམ་ཆོས་བསྲུདས། །རྒྱལ་བུ་གཞོན་ནུ་ཆོས་འཚོལ་ལྟར་འགྱུར་ཤོག་ ༥༢།རྙེད་པ་དུར་སྨྲིག་ཆོས་ཀྱིས་འཚོལ་བའི་དབུས། །བག་ཡོད་སྟོར་པ་གཅིག་ཀྱང་འཇིག་རྟེན་མིག་ །།ས་ཆེན་སྐྱོང་བའི་མི་དབང་ཡེ་ཤེས་སྟོབས། །དགེ་སློང་ཡང་དག་བློ་ལ་གུས་པ་བཞིན། །མི་བདག་རིགས་ཀྱི་ཐིག་ལེ་གཞོན་ནུ་མའི། །ལྷག་བསམ་ཟླ་བ་ཞུན་མས་བྱུགས་མིན་ཏེ། །བདག་ཉིད་ཉམས་ཀྱི་དོགས་པའི་མུན་ནག་ཀུན། །དེ་ཡི་མདུན་ན་འབྲོས་ལ་རིངས་པ་ཡིན། །འཇིག་རྟེན་ལྡོངས་པ་དག་ལ་ཏིང་འཛིན་གྱི། །མིག་སྤྱིན་དགེ་སློང་ནད་བུས་ཉམ་ཐག་པར། །སྨན་པས་རང་གི་བརླ་ལས་ཤ་བྲེགས་ཤིང་། །ཁྲག་གིས་གསོ་བ་འདི་ནི་སུ་ཞིག་ཡིན། །རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་ལ་སྨོན། ༥༣།སྨན་པ་མཆོག་གི་ཆོ་གའི་བདག་ཉིད་ཀྱང་། །གསོ་དཔྱད་ཕལ་བའི་བརྟུལ་ཞུགས་འདི་འཛིན་ཏེ། །རྒྱལ་པོ་ལྷ་ཡི་དབང་ཕྱུག་མངའ་རིས་རྣམས།

(༥༩)ནད་ཀྱིས་གདུངས་པ་ཤེས་བྱའི་མཐུ་ཡིས་བསལ། །ཆུ་ཀླུང་ཆེན་པོས་རབ་སྤངས་ལྟེང་ཀའི་ཉ། །མངོན་སུམ་ཤ་ཟའི་གདོན་གྱིས་གཅོས་པ་གང་། །མཐོང་བའི་མོང་ལ་བྱང་ཆུབ་སེམས་དཔའི་སྙིང་། །ཕྲར་བརྡུལ་དུ་ཞིག་པའི་ཚོར་བ་མྱོང་། །གླང་པོའི་ཉའ་ན་མཛེས་པ་ཆབ་མ་ཡིན། །བརྒྱ་ཕྲག་བརྒྱ་ཡི་ཉ་ལ་སྲོག་སྦྱིན་ཡིན། །བཟའ་བས་ཚིམས་པར་བྱས་པ་ཤེས་རབ་མིན། །བདེ་གཤེགས་མཚན་གྱིས་ཁྱོད་ལ་དོན་ཡོད་བྱས། །སྨན་པ་ཆུ་འབེབས་ལྟ་བུར་བདག་འགྱུར་ཤོག་ ༥༤།གང་ལ་ཤེས་རབ་ཕུན་སུམ་ཚོགས་པ་དེར། །སྲིད་ཞིའི་ཡོན་ཏན་རྣམས་ཀྱང་རྗེས་འབྲང་སྟེ། །སེང་གེའི་ཁྲི་དང་བཅས་པའི་རྒྱལ་སྲིད་ཀྱང་། །རྒྱལ་བུ་ཐ་ཆུང་གཅིག་གིས་དབང་དུ་བྱས། །རྟགས་ལ་བརྟེན་ནས་དོན་གྱི་ཁྱད་མཐོང་བ། །བློ་གྲོས་རྣམ་པར་དག་པའི་ཁྱད་གཞི་སྟེ། །བླུན་པོ་རྣམས་ལ་མིག་གི་མདུན་སར་ཡང་། །ཁྱད་ཆེས་གནས་པ་སྤངས་པ་བཞིན་དུ་འགྱུར། །འཇིག་རྟེན་དག་ན་འཐབས་དང་རྩོད་པ་འགྱེད། །ཕལ་ཆེར་མ་རིག་གདོན་གྱི་མཐུ་ཡིན་ཏེ། །མཁས་པའི་ཤེས་རབ་ཆོ་གས་བསྲུངས་པའི་ཡུལ། །དུས་ཀྱི་ཆད་པས་བཤིག་བར་ནུས་མ་ཡིན། །རྒྱལ་བུ་མེ་ལོང་གདོང་བཞིན་བདག་འགྱུར་ཤོག་ ༥༥།གང་ན་རྒྱལ་སྲིད་གྲོས་ཀྱིས་འཚོ་བར་དེར། །ཤེས་རབ་ཆེན་པོས་ཡུལ་ཁམས་སྲུང་ནུས་པས། །མདུན་ན་འདོན་རྣམས་རྒྱལ་པོའི་བློ་གྲོས་ཀྱི། །བསྣོན་མར་འགྱུར་བ་བྲམ་ཟེའི་ཁྱེའུ་བཞིན། །སྲེད་རྣམས་སྡིག་ཏོའི་སྒྲ་གཅན་ལག་པ་ཡིས། །མ་བཀའ་འཇིག་རྟེན་ཆོས་བཞིན་སྐྱོང་མཁས་པས། །འབངས་དང་རྒྱ་ཕ་བོ་གློ་བ་ཉེ་བྱེད་ཅིང་། །གྲགས་པ་གསལ་བའང་ཤེས་རབ་ཁོ་ནའི་མཐུ། །བློ་གྲོས་མཐུན་པ་ཉིད་དུ་བཟོ་ཤེས་ན། །མངའ་རིས་བགོ་བཤར་བྱེད་ལའང་འཇུངས་མ་ཡིན། །མཐར་ཐུགས་དམ་པའི་ཆོས་ལ་ཀུན་སྦྱོར་བ། །ཐབས་ལ་མཁས་པའི་

(༦༠)མཐུས་ཡིན་གཞན་གྱིས་མིན། །བྲམ་ཟེ་གནག་ལྷས་སྐྱེས་ལྟར་བདག་འགྱུར་ཤོག་ ༥༦།འདི་ན་འཇིག་རྟེན་མ་རུངས་སུས་བྱས་ཞེས། །དགེ་སྤྱོད་དང་ནི་བྲམ་ཟེ་མཁས་པའི་ཚོགས། །ཇི་སྙེད་བློ་གྲོས་མཐུ་ལ་ཉམས་སད་ཀྱང་། །སྤོབས་པར་མ་གྱུར་མ་རིག་གཞན་དབང་མཐུ། །རྒ་བས་ལང་ཚོའི་མཛེས་པ་འཕྲོག་བྱེད་ཅིང་། །ན་བས་ཟུག་རྡུའི་སྡུག་བསྔལ་མངོན་སུམ་འབོད། །ཤི་བས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །གནོད་ཆེན་འདི་ལས་ཐར་བ་སུ་ཞིག་ཡོད། །གད་ལས་དབུགས་འབྱིན་ཆོ་ག་རབ་མཁྱེན་པའི། །ཐམས་ཅད་མཁྱེན་པ་འཇིག་རྟེན་ཁྲིད་མཛད་ལས། །རྣམ་པ་སྣ་ཚོགས་སྡུག་བསྔལ་སྣོད་དང་བཅུད། །དེ་ཡི་རང་བཞིན་ཤེས་ནས་གྲོལ་བྱེད་པ། །རྒྱལ་བུ་ཞི་པའི་བློ་གྲོས་ལྟར་འགྱུར་ཤོག ༥༧།ཤེས་རབ་གདེངས་ཀ་འཛིན་ངན་འགྲོར་ཡང་། །སྙིང་རྗེ་ནོར་བུའི་ཏོག་གིས་སྤང་བ་མིན། །ཀླུ་རྒྱལ་རྔ་ལ་རྔ་སྒྲ་ཁོང་འཁྲུགས་པའི། ལྕེ་ཡིས་ཐོག་མདའ་བྱམས་པའི་མཐུ་ཡིས་མནན། །ཧ་ཅང་དགྲ་དང་གཉེན་དུ་བལྟ་བ་རྣམས། །ཡལ་ག་རྙིང་མ་འབད་པས་འཇུ་བ་བཞིན། །བདག་ཉིད་ལྷུང་ཞིང་ཕ་རོལ་བརླག་པའི་རྒྱུ། །དེ་ཡི་བླང་དོར་ཤེས་པའང་ཤེས་རབ་ཡིན། །འཇིག་རྟེན་དག་ན་མཁས་པ་བདེ་བར་འཚོ། །དེ་ལ་གནོད་བྱེད་བྲལ་བ་མ་ཡིན་ཏེ། །ཤེས་རབ་མཐུ་ཡིས་གནོད་བྱའི་རྒྱུ་འབྲས་རྣམས། །རང་བཞིན་ཤེས་ནས་ལྡོག་ལ་མཁས་པའི་ཕྱིར། །བརྟུལ་ཞུགས་བརྟན་པ་རྔ་ཆེན་ལྟར་འགྱུར་ཤོག་ ༥༨།རིགས་དང་སྤྱོད་པ་མཐུན་ལའང་བ་ཟར་བྱེད་པ། །བླུན་པོ་གཟུ་ལུམས་ཅན་གྱི་རང་བཞིན་ཏེ༑ ༑ངན་གཡོར་རྟག་ཏུ་གོམས་པའི་ཆུ་སྲེག་རྒན། །ཡན་ལག་གདུང་བས་ཉམས་པར་འཆོས་པས་ཕུང་། །བྱ་བ་ངན་པ་ཁོང་ན་བས་གྱུར་ཀྱང་། །དེ་ཡི་གཞན་དབང་གྱུར་པའི་རྣམ་ཤེས་ན། །ཤེས་རབ་ཆེན་པའི་ཟིལ་ལ་བཟོད་ནུས་མིན། །ཧ་ཅང་གྲིམས་པ་གཟུགས་སུ་གྱུར་བ་བཞིན། །མཁས་

(༦༡)པའི་གཏམ་གྱི་རལ་གྲི་རྣོན་པོ་ལ། །ཟུག་རྡུ་བསྐྱེད་པའི་བེམ་ཆོས་མི་ལྡན་ཡང་། །མ་རབས་སྙིང་ལ་ལྷག་པར་འཇིགས་བྱེད་པས། །སྡིག་ཅན་གནས་ནས་བསྐྲོད་པའི་གཤེད་མར་བསྐོས། །བྱང་ཆུབ་སེམས་དཔའ་ཆུ་སྲེག་འགྱུར་ཤོག་ ༥༧།ཡུལ་ལ་དབང་པོས་ཉེར་བར་ལེན་པའི་སེམས། །རྟོག་དཔྱོད་དང་བཅས་འཇིག་རྟེན་བསམ་གཏན་ཏེ། །ཡུལ་གྱི་ཀུན་རྟོག་ནུབ་ལའང་ལྷག་མཐོང་མེད། །མྱ་ངན་མི་འདའ་སྲིད་རྩེའི་་ཏིང་འཛིན་ཡིན། །གང་ན་དྲང་སྲོང་རིག་མཆོག་མ་ཡིན་པ། །མཐའ་གཉིས་འདས་པའི་གོ་འཕང་བར་མ་ནི། །དབུ་མའི་ལམ་གྱིས་སྤངས་པ་ལྟར་གྱུར་པས། འཇིག་ཚོགས་ལྟ་བའི་གཡུལ་དོར་རབ་ཏུ་ཕམ། །འདི་ན་བདག་མེད་རྟོགས་པའི་ཤེས་རབ་ནི། །གཟུགས་སྟོང་བའོ། །ཡུལ་དང་ཉིས་ཐ་སྟོང་པ་ཉིད་གཟུགས་སོ་དད་རིས་མི་ཕྱེད། །གཅིག་ཏུ་མི་གནས་ཡོངས་གྲུབ་ཆེན་པོར་སྟོན། །སྟོན་པ་ཤེས་རབ་སྣ་ཚོགས་ལྟར་འགྱུར་ཤོག་རྣམ་པར་ཤེས་པའི་ཚོང་པ་ལྔ་བརྒྱ་ཡང་། །སྙིང་རྗེའི་དེད་དཔོན་གཅིག་གིས་དབང་བྱས་བས། །དབྱིག་དང་ནོར་བུས་གང་བའི་གྲུ་ཆེན་ནི། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྡིག་ཏོའི་ཆུ་སྲིན་ལྟོ་བས་འཇུབ་མིན། །མདའ་དང་མཚོན་ཆའི་ཐབས་ལ་ལྷ་མིན་བཞིན། །བརྐུ་ཞིང་འཕྲོག་ལ་བྱི་ལའི་བརྟུལ་ཞུགས་ཅན། །གཡོན་ཅན་སེམས་ཀྱི་ཚེར་མ་རྣོན་པོ་ལ། །རྒྱལ་མཚོའི་ལྷ་ཡང་ཁྲེལ་ནས་དགོད་ལ་ལྟོས། །དེ་ཡི་སྡིག་པ་སྤུ་གྲིས་གཞར་ནུས་མིན། །སྲོག་དང་བཅས་པའི་ཕུང་པོའི་ལྗོན་ཤིང་ནི། །རལ་གྲིའི་བདེ་བླག་གཅིག་གིས་མཐར་བྱས་པའི། །དགེ་བའི་འདི་ལས་རྨད་བྱུང་སུ་ཡིས་མཐོང་། །དད་དབོན་སྙིང་རྗེ་ཆེན་པོ་ལྟར་འགྱུར་ཤོག་ ༦༡།གང་དུ་རྗེ་བོས་སྤངས་པའི་འཇིག་རྟེན་ཡང་། །བག་མེད་ཆུ་སྲིན་གདུག་པའི་ལྟོ་བ་ནས། །ངན་འགྲོའི་གཡང་ས་ཆེན་པོར་སྐྱེས་འདེབས་པ། །ཅེ་སྦྱང་སྙི་

(༦༢)ལས་གོལ་བའི་གནས་སྐབས་བཞིན། །གླིང་བཞིའི་ཅོད་པན་མཛེས་པའི་འཁོར་ལོས་སྒྱུར། །དགེ་བ་བཀོད་བརྒྱལ་བུ་སྟོན་དང་བཅས། །ཚངས་པར་སྤྱོད་པས་སྤངས་པའི་རྒྱལ་སྲིད་ནི། །ཆུ་སྐྱེས་གསར་པའི་ཡུབ་ལ་བཟུང་བཟུང་བཞིན། །ཐབས་ལ་མཁས་པའི་བྱང་ཆུབ་ཆེན་པོའི་གོས། །མིག་སྨན་མདོག་ཏུ་འདུག་ཀྱང་གནག་པ་མིན། །བསླབ་བ་བརྒྱད་ཀྱི་ཚུལ་ཁྲིམས་ལ་གནས་པས། །ཁྱིམ་ཡང་ཐར་པ་ཆེན་པོའི་གྲོང་ཁྱེར་ཡིན། །གཞོན་ནུ་སྙིང་རྗེ་ཆེན་སེམས་ལྟར་འགྱུར་ཤོག་ ༦༢།ཚུལ་ཁྲིམས་ལོང་ཚོ་དར་བའི་བཞིན་རས་ལ། །དཀར་ནག་ཕྱོགས་ཀྱི་འཕེལ་འགྲིབ་ཡོད་མིན་ཡང་། །དེ་ཡི་ལྷག་བསམ་བཅོ་ལྔའི་ཟླ་རྒྱས་སུ། །འཁྲུལ་བའི་བུ་མོ་ཀུནྡར་བརྫུ་བས་བྲེལ། །ལོ་གྲངས་བརྒྱད་ཁྲི་ཉིས་སྟོང་ནགས་ཁྲོད་དུ། །ཚངས་པར་སྤྱད་པའི་རིན་ཅེན་རིན་ཐང་ཅན། །སྲོག་གི་ཚོད་ཟོང་ཁྱེར་བའི་ལང་ཚོས་ཀྱང་། །མ་ཁུགས་ངོ་ཚའི་གདོང་པས་ལ་འབྱར། །ཉོན་མོངས་ཐབས་ཀྱིས་བཅོམ་པའི་ནུས་པ་ལ། །དཀའ་ཐུབ་བརྟུལ་ཞུགས་འདིས་ཀྱང་འགོང་ནུས་མིན། །འདི་ན་གོམ་པ་བདུན་བའི་སྙིང་རྗེ་ཡིས། །ཚངས་པའི་འཇིག་རྟེན་ཆེད་དུ་ཉོས་པ་བཞིན། །བྲམ་ཟེའི་ཁྱེའུ་སྐར་མ་ལྟར་བསྐྱེད་འགྱུར་ཤོག་ ༧༣།ས་འདི་རིར་བཅས་དེ་ཡི་ཁུར་མིན་མི་དགེར་སྤྱོད་ལ་བཟའ་བ་རྣམས། །ངན་འགྲོའི་ཅེ་སྤྱང་གདུག་པའི་ཁར་སོང་འདིས་ནི་བྱང་ཆུབ་སེམས་དཔའ་དེའི། །ཕྲག་པ་དུབ་བྱས་གདོང་ལ་རྡུལ་རིས་གྱ་གྱུར་བྲིས་ནས་ཉམས་པའི་གཟུགས། །མི་སྡུག་གནོད་སྦྱིན་བྱད་དུ་འཕོ་ཡིན་སེམས་བསྐྱེད་དམ་བཅའ་ལྷག་པར་བརྟན། །གང་དུ་སྤྲུལ་པའི་མི་དག་ལ། །ཆད་པས་བཅད་པའི་ཡལ་ལག་ནི། །འཇིག་རྟེན་མ་རུངས་སྡིག་ཏོ་ཅན། །རྣམས་ལ་གོ་སྐབས་འཚོལ་བ་ཡིན། །བརྒྱ་བྱིན་སྣང་བྱེད་ལྟ་བུར་ཤོག་ ༦༩།ཆགས་བྲལ་རྣམས་ལ་འདོད་པ་ནི། །སྦྲང་རྩིས་བཟུང་བའི་དུག་བཞིན་ཏེ། །རང་གིས་རང་ཉིད་རྨོངས་བྱེད་ཅིང་། །རྣམ་གཡེང་མཐུ་ཡིས་བསམ་གཏན་ཉམས།

(༦༣)འདི་ན་སློབ་དཔོན་མཁན་པོ་ནི། །སློབ་མ་གཞན་དུ་སྤངས་བཞིན་དུ། །རི་དྭགས་ལ་ཡང་བགྲོ་བྱེད་པ། །ཆོག་ཆེས་ཁྱད་པར་སྟོན་པའི་སླད། །དཀའ་ཐུབ་ཅན་དང་རི་དྭགས་གཉིས། །སྤྱོད་ཡུལ་མཉམ་པར་དམ་འཆའ་བ། །ཐབས་ལ་མཁས་པས་སློབ་མ་རྣམས། །གདུལ་ཕྱིར་ཡིན་གྱིས་གཞན་དུ་མིན། །སྟོན་པ་བྲམ་ཟེ་ལྟར་འགྱུར་ཤོག་ ༦༥།རྩེ་དགའི་ཀྱོ་བས་དབང་དུ་མི་བྱེད་པའི། །འཇིག་རྟེན་དེ་ཡང་ཆོས་ཀྱོ་སྣོད་མ་ཡིན། །མཚར་སྡུག་ལང་ཚོའི་གེ་སར་གྱིས་བོས་པའི། །སྐྱེས་བུ་འདི་དག་བུང་བའང་མ་ཡིན་ནོ། །གཞོན་ནུ་མ་ཡི་སོར་མོའི་ལྕུག་ཕྲན་རྣམས། །ནོར་བུའི་འཁྱུད་མོས་བསྡམས་པའི་ཟློས་གར་དང་། །བིན་དྷུ་ཛི་ལྦ་ཀ་འདྲའི་མཆུ་སྒྲོས་ནས། །ལྷུང་ལྷུང་འབབ་པའི་གླུ་ཡི་ཉམས་འགྱུར་ལ། །དེ་ཡི་མགྲིན་པར་ཀ་ལ་པིང་ཀ་དང་། །དྲི་ཟའི་ན་ཆུང་བལྟར་མི་མངོན་པ་ཡང་། །འཁྱལ་བའི་ངག་དང་འགྲེ་བ་མ་ཡིན་ཞེས། །རབ་བསྔགས་མེ་ཏོག་གཏོར་བས་བྲེལ་བ་བཞིན། །གར་མཁན་འགྲོ་བའི་དཔལ་མོ་ལྟར་འགྱུར་ཤོག་ ༦༦།མི་དབང་རིན་ཆེན་བདུན་གྱི་ཁྱད་ནོར་དང་། །དཔའ་ཞིང་རྟུལ་ཕོད་ལྡན་པའི་བུ་སྟོང་གི། །ཡབ་གྱུར་གླིང་བཞིའི་དབང་ཕྱུག་ང་ལས་ནུའི། །བསོད་ནམས་རྙོག་པར་བྱེད་པ་སུ་ཞིག་ཡིན། །དམོད་པས་དྲང་སྲོང་མཐུ་ཡང་ཉམས་སད་ལ། །དཔའ་བས་ལྷ་མིན་གཡུལ་ངོ་ཟློག་བྱེད་ཅིང་། །དྲེགས་པས་བརྒྱ་བྱིན་ཉིད་དང་སྟན་གཅིག་པ། །བསམ་ངན་གཅིག་གིས་ནུས་པས་བརླག་ལ་ལྟོས། །སྲེད་པའི་མེ་ལྕེ་གཏུམ་པོའི་ལྕེ་ཞགས་མཐུས། །རི་དབང་ལྟ་བུར་མཐོ་ཞིང་བརྟན་པ་ཡི། །རྣམ་དཀར་སྐད་ཅིག་ཡུད་ལ་བསྲེགས་གྱུར་པའི། །མངོན་སུམ་ཚད་མས་གཞན་དག་ལམ་ངན་འགོག་ །འཁོར་ལོས་སྒྱུར་རྒྱལ་སྤྱི་བོ་སྐྱེས་བཞིན་ཤོག་ ༦༧།བསགས་པས་བཏང་བའི་ལོངས་སྤྱོད་ནི། །འབྲུ་མར་ཟད་པའི་སྡོང་བུ་ལྟར། །དབུལ་ཞིང་ཕོངས་པས་ཉམ་ཐག་ཚེ། །སྡིག་བའི་མུན་ནག་སྟུག་པོར་འཇུག་ །གང་

(༦༤)།ལ་རྟག་ཏུ་ཕན་བཞེད་པ། །བདག་ཉིད་ཆེན་པོའི་སྙིང་རྗེ་ནི། །ས་འོག་ཏུ་ཡང་ས་བོན་ལྟར། །གྱུར་པས་ས་འདི་དབྱིག་གིས་བཀང་། །དབུལ་བས་ཉམས་པའི་སེམས་ཅན་རྣམས། །ས་འོག་གཏེར་ལ་ལོངས་སྤྱོད་པའི། །བརྔན་གྱིས་རབ་ཏུ་དགའ་གྱུར་ནས། །ཐེག་གསུམ་ཆོས་ལ་ཀུན་ཀྱང་བཀོད། །ཀླུ་རྒྱལ་གཏེར་སྤྱོད་ལྟར་འགྱུར་ཤོག་ ༦༨།བྱང་ཆུབ་སེམས་དཔའ་སེངྒའི་ལྷག་བསམ་ཡོངས་འདུ་ས་བརྟོལ་ལྗོན་པ་ལ། །འཁྲི་ཤིང་ཐོབ་པའི་སྤྲེའུ་ཁྱོ་ཤུག་བུ་ཡང་སྐྱབས་སུ་དོང་བཅུག་ནས། །བག་རྐྱང་ཕ་མས་ནགས་སུ་དེ་ངས་པའི་དྭ་ཕྲུལ་ལ་ཡང་རྒལ་བྱེད་པ། །བྱ་རྒོད་སྡེར་མོའི་ཁ་ན་མ་ཐོས་ངོ་ཚའི་ནམ་འཕང་དམན་ལ་སྦྱར། །གཞན་ཕྱིར་བདག་གིསྲོག་བཏབ། །བྱང་ཆུབ་སེམས་དཔའི་ཁྱད་ཆོས་ཏེ། །དགྲ་ཡང་དེ་ལ་ཡི་རང་བས། །ཕྱི་ནས་མི་དགེ་སྤང་བར་འགྱུར། །ཡན་ལག་མ་སྨད་ལྟར་འགྱུར་ཤོག་ ༦༧།རིག་བྱེད་དང་ནི་སྔགས་རྒྱུད་ཆོ་ག་སོགས། །གང་ལ་རིགས་ཀྱི་ཡོན་ཏན་ཐོབ་པ་དེའི། །ཕྱི་བཞིན་འདོད་པའི་ལོངས་སྤྱོད་སོན་ན་ཡང་། །བརྟུལ་ཞུགས་བརྟན་པའི་ཁྱིམ་དུ་འཆིང་བ་མིན། །རྒོད་ཅིང་མི་བརྟན་འཕྱར་ཞིང་གཡེང་བ་ཡི། །ཁྱིམ་ཐབས་འབྲངས་པས་དེ་ལ་བསླུར་མ་ཚུགས། །ཐུབ་པ་དགྱེས་པའི་སྤྱོད་པ་མཐར་སོན་པ། །་དེ་ཡི་མོད་ལ་སངས་རྒྱས་མཐོང་བ་ཡིན། །རྣམ་པར་མི་རྟོག་མཐུ་ཡིས་རྒྱལ་བའི་མཚན། །ཚད་མ་མ་ཡིན་རྟོག་དཔྱོད་ཤེས་རབ་ནི། །འོད་མཚན་སྟོང་དུ་འབར་བའི་ཐུགས་རྗེ་དང་། །ལུང་བསྟན་བསྐུལ་བའི་དཔལ་གྱི་རྔ་ཆེན་ཡིན། །བྲམ་ཟེའི་ཁྱིའུ་སྤྲིན་བཞིན་བདག་འགྱུར་ཤོག་ ༧༠།ཆོ་ག་ཞིབ་མོས་བརྟུལ་བའི་གླང་ཆེན་ཡང་། །རྩེ་དགའི་བསམ་པས་རབ་ཏུ་རྒོད་བྱས་ཤིང་། །གླང་མོའི་གདུང་བས་བཅིངས་པ་ལྕགས་ཀྱུས་མིན། །དེ་ཡི་གཉའ་བར་འཆི་བདག་གནས་པ་བཞིན། །ཕྱོགས་རྣམས་རྣམ་པར་འཚོལ་ཞིང་གཡོ་བའི་རྗེས། །རི་དང་ཤིང་ཡང་གྱ་ཚོམ་རྒྱུག་པ་ལྟས། །ཤིན་ཏུ་རྟབ་པར་བྱས་པའི་

(༦༥)རྗེ་དང་འབངས། །ཡལ་གའི་རི་དྲགས་ཁུར་གྱིས་དུབ་པས་ཉམས། །གང་ཞིག་འདོད་པའི་གླང་པོ་གཉའ་རེངས་ནི། །ཐུབ་པ་མཆོག་གི་སྡོམ་བས་མཐུ་ལ་ན། །སྲིད་པའི་ཆུ་གཏེར་ཀུན་ནས་ཡང་བར། །དབང་མེད་འགྲོ་བ་མཐོང་ན་ཆོས་ལམ་གནས། །རྒྱལ་པོ་རབ་གསལ་ལྟ་བུར་བདག་འགྱུར་ཤོག་ ༧༡།གསེར་གྱི་ཁང་བུ་བརྩེགས་པ་རང་གི་རིན། །གཞི་རྣམས་གསེར་གྱི་གཡོགས་ཀྱང་མ་ཡིན་སྙམ། །ནོར་བུའི་དོ་ཤལ་མཛེས་བའི་བླ་བྲེ་ནི། །ཁྱོད་མཐུས་བདག་ཅག་བར་སྣང་དབྱངས་སོ་ཞེས། །ཕན་ཚུན་འགྲན་དང་ཡུས་པས་དབང་པོ་ལ། །མཆོད་པའི་ལས་སུ་བསྐོས། ཡུལ་གྱི་མིང་ལས་འོད་ལྡན་ཞེས་ཀྱང་རུང་སྟེ། །དཔག་བསམ་འཁྲི་ཤིང་ལྟར་ཡིན། །པའི་སྨིན་ལེགས་མ། །རྣ་ཆག་ཡོ་བསྙིམ་པའི་མེ་ཏོག་དང་། །སྣ་ཚོགས་རོལ་མོའི་སྒྲ་ཡིས་སྟངས་གཅོད་བཞིན། །རྫོགས་པའི་སངས་རྒྱས་སྒྲིབ་མེད་བསྟན་ལ། །ཡོངས་སུ་མཆོད་པའི་སྒྲ་དང་རྡུ་འཕྲུལ་གྱིས། །ཏཱ་ལ་བདུན་གྱི་སྲིད་དུ་དེ་དྲངས་པས། །སྨོན་ལམ་ཐ་གུའི་རྩ་ནས་ལྷུང་བ་མེད། །བྲམ་ཟེ་རྣམ་པར་གྲགས་བཞིན་བདག་འགྱུར་ཤོག་ ༧༢།གང་དག་ཁྱིམ་གྱི་དབང་ཐང་ཡོད་དོ་འཆལ། །རྒྱན་པོས་རབ་ཉམས་དབུལ་པོའི་གོ་འཕང་ལ། །སྤྲོ་བ་མེད་ཡང་བདེ་བླག་ཉིད་སོན་པ། །བདེན་བར་སྨྲ་བ་གཅིག་གིས་དབུགས་འབྱིན་བྱས། །རྙོག་བྲལ་སེམས་ཀྱི་རྫིད་བུ་བླ་གོས་དང་། །པཎ་ལྔ་ཡིས་རྒྱན་འདིས་ཆོས་སྨྲས་ཚལ། །བརླན་བྱས་སྨོན་པའི་ས་བོན་མ་རྙིང་པའི། །ལོ་ཏོག་འདི་ལས་མྱུར་བར་གང་དུ་སྨིན། །དབུལ་པོའི་ཁྱིམ་གྱི་ར་བའི་ཁྲོན་པན། །ཟབས་ཆེན་དབྱིག་གིས་གང་བའི་གྲགས་སྙན་ནི། །དེ་ལ་རྒྱལ་སྲིད་བསྐོ་བ་ལྟར་འགྱུར་ནས། །དབུང་པི་འགྲིབ་མས་འཇིག་རྟེན་གདུངས་བབས་ལ། །རྒྱན་པོ་རྒྱལ་བ་ལྟ་བུར་བདག་འགྱུར་ཤོག་ ༧༢།སྐབས་གསུམ་དཔལ་གྱི་འབྱོར་པས་མ་སྙེམས་པར། །བག་མེད་གཡུལ་དོར་ཕམ་འཛམ་བུའི་གླིང་། །བྱམས་པའི་

(༦༦)གདུགས་ཀྱིས་འགེགས་ལ་རྡུལ་བྲལ་མིག་ །བརྒྱ་བྱིན་མིག་བཟང་མིག་སྟོང་བགྲད་ནས་བལྟ། །ནད་ཀྱི་བསྐལ་པས་བཏབ་བའི་འཇིག་རྟེན་ནི། །རྣམ་པ་སྣ་ཚོགས་ཟུག་རྡུའི་ལྕེ་ཞགས་ཅན། །གསོད་དཔྱད་མཐུ་ཡིས་བཏང་བའི་ཚོ་ངེའི་སྒྲ། །ལྷ་ཡི་རྣབས་བཟོད་པའི་གོ་ཆ་མིན། །གཟུགས་ཀྱི་མཚན་ཉིད་སྤངས་པའི་སྙིང་རྗེའི་གཟུགས། །སྨོན་ལམ་དྲོད་གཤེར་དངར་པོས་བསྐྱེད་བསྲིངས་པའི། །ལང་ཚོའི་མྱུ་གུ་གསར་པའི་སྨན་མཆོག་ནི། །ནམ་མཁའི་ངོས་ལ་བཅད་གཏུབས་བྱས་བ་བཞིན། །སྲོག་ཆགས་དེས་པར་སྐྱེས་བཞིན་བདག་འགྱུར་ཤོག་ ༧༤།དེ་ཡི་སྙིང་རྗེ་ཆེན་པོའི་སྟོབས། །གངས་རིའི་དུམ་བུ་ལ་བཙོངས་པས། །མཆེ་པ་དྲུག་གི་རིན་ཐང་དེས། །ཚར་བ་སྡུག་བསྔལ་གནས་ལ་སྦྱར། །གཡོ་སྒྱུའི་ཚོར་མ་རྣོན་པོ་ལ། །དུར་སྨྲིག་ཚོས་ཀྱིས་བཙོས་པ་དེས། །གླང་པོ་མཆོག་ལ་རེག་བའི་དུག་ །ཉག་ཕྲན་ལྕེ་ཡིས་བླུད་པས་ཉམས། །ཀྱེ་ཧོ་སེམས་དཔའ་ཆེན་པོ་ནི། །དདུང་གཤེས་མ་ཉམས་ཀྱིས་དོགས། །ལུས་ཀྱང་དེ་ལ་བསིལ་ཡབ་བཞིན། །སྤྲོ་བས་རུས་པའི་གེ་སར་གཏོང་། །གཉིས་འཐུང་མ་ཆེ་བ་དྲུག་པར་སྨོན། ༧༥།འཇིག་རྟེན་རྟེན་ཅིང་འབྲེལ་འབྱུང་ལས། །ཕུང་པོ་ལྔ་རུ་འཛིན་པ་ཡང་། །སྐྱེ་རྒན་དང་འཆི་བ་ཡི། །གྲོང་ཁྱེར་ཆེན་པོར་རྟག་ཏུ་འཆིང་། །མ་རིག་རྒྱ་ལས་རབ་ཐར་པའི། །བཅིང་མེད་སེམས་ཀྱི་རི་དྭགས་ལ། །བདག་ཏུ་འཛིན་བའི་རྔོན་བས་ཀྱང་། །འཆིང་གྲོལ་མ་ནུས་གཉུག་མར་དེང་། །གང་དག་འདོད་དང་ཁྲོ་བ་དང་། །གཏི་མུག་ཞགས་པད་མ་པོ་ཡིས། །འཁོར་བས་བཅིངས་རྣམས་མངོན་ཤེས་དང་། །སྨོན་ལམ་སྟོབས་ཀྱིས་རབ་གདུལ་བ། །ཀུན་ཏུ་འཆར་ཀ་ལྟར་འགྱུར་ཤོག་ ༧༦།རྒྱ་མཚོར་སྐ་རགས་ལྡན་པའི་གླིང་གི་ཁྱོན། །དཔུང་བས་ཇི་ལྟར་བཟུང་བའི་སྐྱེ་དགུ་དང་། །སྟོང་ཕྲག་གཅིག་ཏུ་སྣང་བའི་རྒྱལ་བུའི་ཚོགས། །བསྟན་པ་ནུབ་པའི་སྐྱོ་བས་ཆོས་ལ་བསྐུལ། །ཐར་པའི་དབུགས་དང་

(༦༧)བྲལ་བའི་ཚུལ་ཁྲིམས་ཀྱི། །གཟུགས་བརྙན་མེ་ལོང་ནང་དུ་དངས་པའི་འཛུམ། །མཛའ་གཅུགས་སེ་མས་སུ་མ་ཡིན་རྒྱལ་བུ་དྲུག་ །སེམས་བསྐྱེད་དམ་བཅས་མངའ་རིས་ཉོ་རུ་སྩལ། །བྱང་ཆུབ་སེམས་ཀྱི་དཔུང་པའི་གྲིབ་མ་ནི། །ཕན་ཚུན་འཐབས་དང་རྩོད་ལ་མི་གནས་པས། །འཇིག་རྟེན་དུས་ཀྱི་ཆད་བས་གདུངས་པ་དེར། །སྨོན་པས་བཏང་བའི་ཤ་རུས་ལྷུན་པོ་བཞིན། །རྒྱལ་པོ་ནོར་ཅན་ལྟ་བུར་བདག་འགྱུར་ཤོག་ ༧༧།དམ་པ་རྣམ་ཀྱི་ཡོན་ཏན་ནི། །འགྲོ་བ་ཀུན་ལ་སྨན་བཞིན་ཏེ། །གང་ལས་རྙེད་པ་ཐོབ་པ་ཡང་། །འཇིག་རྟེན་དག་དང་ཐུན་མོང་ཡིན། །འབུམ་ཕྲག་བརྒྱད་ཀྱི་ལོའི་སྲིད་དུ། །མཆོད་སྦྱིན་བརྩོན་བའི་བཀད་ས་ལ། །རྒྱལ་བའི་ཉན་ཐོས་མི་འཇུག་པ། །བདག་ལ་འདྲེན་པ་སྟོན་ལྟར་གྱུར། །སངས་རྒྱས་རྣམས་ཀྱི་འོད་ཟེར་ནི། །གད་ལ་འཕོག་བ་དོན་ལྡན་ཏེ། །མྱ་ངན་བྲལ་ལ་བསྙེན་བཀུར་བའི། །སྨོན་ལམ་འདི་ཡི་ཁྱད་པར་ལྟོས། །བྲམ་ཟེ་ཟླ་དགའ་ལྟར་འགྱུར་ཤོག་ ༧༨།ཚིམས་པ་ཐོབ་པའི་ཆོག་ཤེས་མི་མངོན་མཐའ་དག་ཆུ་གཏེར་འདོད་པའི་དཔའ་རླབས་གཡོ་བ་ན། །སློད་པའི་ཆུ་སྲིན་གདུག་པའི་ལྟོ་ནི་དབྱིག་དང་ནོར་བུ་ཟས་ཚོགས་ཀྱིས་བཏང་བས་མིན། །བུ་དང་ཆུང་མ་རྒྱལ་སྲིད་ལོངས་སྤྱོད་ཡོངས་སུ་བཏང་བས་ཀྱང་མིན་དབང་པོ་ཡན་ལག་རྣམས། །ཤིན་ཏུ་གཏོང་བའི་མཚོན་གྱིས་རེག་པས་འཇིགས་པ་མ་ཡིན་ཁྲག་གི་རླབས་ཕྲེང་འཕྱུར་ལ་ལྟོས། །ཚོར་བའི་སྡུག་བསྔལ་རབ་ཏུ་བརྣག་དཀའ་ཡང་། །དེ་ལ་འདོད་པའི་ཡོན་ཏན་ལྟར་གྱུར་པས། །བརྒྱ་ཕྲག་བཅུ་ཡིས་བགྲང་བྱར་གཡོ་བའི་ལུས། །སྦྱིན་པའི་དངོས་པོར་མི་ཟད་སྨོན་ལམ་མཐུ། །ས་སྦྱོད་ནམ་མཁའ་ལྟ་བུར་བདག་འགྱུར་ཤོག་ ༧༧།བསྲེགས་བཅད་བརྡར་བ་མ་ཡིན་དེ་ཡི་སེམས། །ཐུབ་པའི་ལེགས་བྱས་ཆོས་ལ་རབ་གནས་པས། །འབདས་ཀྱང་ཡོངས་འདུས་བརྟོལ་ལྗོན་པ་བཞིན། །ལྷ་ཡི་གྲོང་

(༦༨)ཁྱེར་བལྟ་ན་སྡུག་ཏུ་འགྲོ། །འཁྱུད་པའི་རྗེས་ཆགས་མེས་གདུངས་དྲང་སྲོང་ལ། །བཙུན་མོ་བྱིན་པས་ས་འདི་འདར་བའི་རྒྱུས། །གང་ལ་པོས་པ་ལྟར་སོད་མིག་སྟོང་པ། །སྐེད་སྐབས་ཆད་པའི་ཟོལ་གྱིས་སློང་ཞུགས། །སྐྱེ་དགུའི་བསོད་ནམས་ལྗོན་པ་མི་དབང་ནི། །རེག་པ་ཤིན་ཏུ་རྩུབ་མོ་སོག་ལེའི་ལྕེས། །ཐིག་ནག་ལྟ་བུར་བྲེགས་པའི་གདུང་བ་ཡང་། །སྨོན་ལམ་དམ་བཅའ་བརྟན་པོས་དོན་ཡོད་བྱས། །ས་སྤྱོད་དཔལ་གྱི་སྡེ་བཞིན་བདག་འགྱུར་ཤོག་ ༨༠།གང་དུ་རྒྱལ་སྲིད་འབྱོར་བའི་སྐྱེད་མོས་ཚལ། །དོན་མཐུན་སྤྱོད་པས་སྤངས་པ་ལྟར་གྱུར་ནས། །འོད་མ་སྟུག་པོས་ཁེབས་པའི་ནགས་ཚལ་དུ། །སྙིང་སྟོབས་ལ་ཞོན་མཆེད་ཀྱང་སྦྲན་ནས་སོང་། །དེ་ན་ཕྲུག་གུས་འབྲངས་པའི་སྟག་མོ་ནི། །ཉམ་ཐག་མཐོང་བའི་མོད་ལ་ལུས་སྦྱིན་ཡང་། །གཅན་གཟན་ཁྲོ་བོའི་བརྟན་པ་རབ་ཉམས། །དེ་ཡིས་བཟའ་བར་མ་སྤོབས་སྲེད་པས་གདུང་། །འོད་མ་རྣོན་པོས་ཕུག་པའི་མགུལ་པ་ནས། །ཁྲག་གི་ཆུ་རྒྱུན་འབབ་པའི་གཞོན་ནུའི་ལུས། །ཤིན་ཏུ་སྙིང་རྗེའི་བསམ་པས་བ་སྟབས་བྱས་པའི། །གོས་རྣམས་ཡལ་གའི་ལོགས་ལ་གདུང་བ་བཞིན། །རྒྱལ་བུ་སྙིང་སྟོབས་ཆེན་པོར་ལྟར་འགྱུར་ཤོག་ ༨༡།སྲོག་གི་སླད་དུ་བདག་ཉིད་མི་བསྲུངས་སྐྱེས་བུ་ཆེན་པོའི་བློ་སྟོབས་ཀྱིས། །གྲགས་སྙན་མུ་ཏིག་གདུགས་དཀར་ཡུ་བ་ལ་རེག་བྲམ་ཟེ་དྲངག་པོའི་མིག་ །སློད་བ་འབྲས་མེད་བགྱིད་ལ་མངོན་ཕྱོགས་གྲོང་ཁྱེར་ལ་ནི་གཟུགས་ཅན་མས། །བློ་ཆེན་བློན་པོ་ཟླ་བར་སྦྲན་ལས་གསེར་གྱི་མགོ་བོས་བསླུར་བརྩམས་ཀྱང་། །སྡིག་སེམས་རྩུབ་མོའི་སྒྲ་གཅན་གདེང་དེའི་སློང་བོ་དན་མཐུན་ལ་སེམས་པ། །མི་བདག་རང་གིས་ཅོད་པན་བཀྲོལ་བའི་མོད་ལ་སྐྱེ་དགུ་གཞན་གྱིས་མགོའི། །ཅོད་པན་རྣམས་ཀྱང་ས་ལ་རང་ལྷུང་གཙུག་ཕུད་བཅིངས་པའི་ལྗོན་པ་ཡང་། །ཚེ་དེའི་སྐྲར་ལྡན་དྲི་མེད་སྨོན་པས་མགོ་བོའི་འཁྲི་ཤིང་ཡང་དག་བཅད། །བྱང་

(༦༩)ཆུབ་སེམས་དཔའ་ཟླ་བའི་འོད་ཀྱི་སྙིང་སྟོབས་དེས་ནི་བདག་འཁྱུད་ཤོག་ ༨༢།སྨན་པས་རབ་ཏུ་བཏང་བའི་ནད་པའི་སྲོག་ །འཁོར་བའི་རྩེ་མོར་འདར་ཞིང་རྡུལ་བའི་ཆུས། །མི་དབང་སྤྱན་གྱི་གེ་སར་ལ་བཀྲུས་པས། །སྙིང་རྗེའི་སྤྲིང་ཡིག་གསར་པ་འགྲེམས་པ་བཞིན། །གང་དུ་བཙའ་བའི་ཚོར་བ་མྱོང་བ་ནས། །དེ་ཡི་འདུ་ཤེས་ཁོང་ཁྲོའི་འདམ་རྫབ་ཀྱིས། །དྲི་བཅས་མ་ཡིན་སྐྱེས་བུའི་ཟུངས་ཁྲག་གིས། །ནད་འདི་སོར་ཆུད་གཞན་གྱིས་མ་ཡིན་ལོ། །བདག་ལ་ལྐོག་ཏུ་མ་གྱུར་སྨན་གྱི་མཆོག་ །དབྱུང་ལ་དཔྱད་མཁན་ལག་ཆ་ཤོར་བ་ཡང་། །སྐྱེས་བུ་ཆེན་པོའི་བློ་སྟོབས་ཀྱིས་བཟུང་ནས། རྩ་ཆེན་གཏུབས་པའི་ཁྲག་གིས་དེ་ལགས་སོ། །ཤི་བའི་རྒྱལ་པོ་ལྟ་བུར་བདག་འགྱུར་ཤོག་ ༣།རིག་བྱེད་བཞི་དང་གསད་ཚིག་ལ་སོགས་པ། །རིགས་ཀྱི་ཡོན་ཏན་གྲགས་པའི་ཟླ་འོད་ཀྱིས། །བདག་ཉིད་གསལ་བྱས་བྲམ་ཟེ་ལྔ་བརྒྱ་ཡི། །སློབ་དཔོན་ཉིད་དུ་གྱུར་ཀྱང་དེས་སྨྲས་པ། །ཀྱེ་མ་ངེས་པར་འདུ་བྱེད་ལྡན་བ་འདི། །མི་བཟད་གཤིན་རྗེའི་གཡུལ་དོར་ཕམ་པ་ཡིན། །སྣ་ཚོགས་རིགས་པ་དཔྱད་དུ་བཟོད་བས་ཀྱང་། །རྨོངས་པ་བཅོམ་པའི་ཕ་རོལ་འདའ་མི་ནུས། །ཐུབ་པས་བསྔགས་པའི་དྲང་སྲོང་རྒྱལ་མཚན་ནི། །ཐར་པའི་རི་དབང་རྩ་ན་མངོན་པར་མཐོ། །དེ་ཕྱིར་ཕྱེད་ཀྱང་ཚངས་སྤྱོད་བརྟུལ་ཞུགས་ལ། །སྤྲོ་བར་གྱིས་ཞེས་ཀུན་ཀྱང་ཆོས་ལམ་བཞག་ །སྟོན་པ་རྩིབས་ཀྱི་མུ་ཁྱུད་ལྟར་འགྱུར་ཤོག་ ༨༤།གསུམ་རིག་དབང་པོ་ཐུལ་པའི་སྐྱེས་བུ་ཆེས། །བྱང་ཆུབ་སེམས་ཀྱི་བསླབ་པའི་མཐུ་བསྟན་ཡང་། །སྙིགས་མའི་གདོན་གྱིས་ནོན་པའི་དགེ་སློང་རྣམས། །རྣལ་དུ་མི་འཛིན་གཞན་བརྙས་ཆོས་སུ་སེམས། །གཏི་མུག་སྟུག་པོའི་སྨག་རུམ་ལ་ཆགས་ཆགས། །ང་རྒྱལ་སྤྲིན་གྱི་ལྕུག་མའི་གད་མ་དང་། །ལྷན་ཅིག་དབྱིབ་པས་བསྐྲད་པའི་གཟུ་ལུམས་ཀྱང་། །དེ་ལ་ཁྲོ་བ་འགོད་པའི་ཡོང་མི་བདེ། །ལྷག་

(༧༠)བསམ་བརྟན་པོས་བོས་པའི་སངས་རྒྱས་ནི། །སྒྲ་དབྱངས་རྒྱལ་པོ་བསྟན་པ་དམ་པའི་ཆོས། །པད་མ་དཀར་པོའི་ཀེ་སར་བཞད་པས། །མེ་ཏོག་ཟས་ཅན་རྣམས་ལ་དོན་ཡོད་བྱས། །རྟག་ཏུ་བརྙས་པ་བཟོད་བཞིན་བདག་འགྱུར་ཤོག་ ༨༥།གང་གིས་སྐ་རགས་བཅིངས་པ་ཙམ་ཀྱིས་ཀྱང་། །འདི་འགྲོའི་བརྟེན་པ་མ་ལུས་ཉམས་གྱུར་པ། །ཚོང་པ་ལྔ་བརྒྱའི་སྲོག་དང་དཀོར་གྱི་དབྱིག་ །ཅིག་ཅར་འཕྲོག་པའི་དུག་སྤྲུལ་སུ་ཡིས་བོས། །ཅ་ཅོས་བྱང་ཆུབ་སེམས་དཔའ་ལ་སྤྲན་པས། །འཕྲོག་བྱེད་དབང་པོའི་སྡེར་མོ་རྡོ་རྗེའི་རྡུལ། །གླང་པོའི་སྤྱི་བོས་བཏུད་པའི་ཐལ་མོའི་གཟི། །གདེངས་ཀ་རྣོན་པོས་མ་བཟོད་ཕ་རོལ་སོང་། །ལྟོ་འགྲོའི་དུག་གིས་སེངྒེའི་སྲོ་བཏང་ལ། །སེངྒེའི་ཤུགས་ཀྱིས་གླང་ཆེན་མ་གཟུམ་ཡང་། །ཐབས་ཀྱིས་ཟིན་པའི་སྙིང་རྗེའི་བརྟུལ་ཞུགས་འདིར། །རྣལ་མ་མ་ཡིན་ལས་འབྲས་གཞན་ཞིག་ཡོད། །སེངེྒའི་རྒྱལ་པོ་རལ་པ་ཅན་བཞིན་ཤོག་ ༨༦།དམ་པ་རྣམས་ཀྱ་སྙིང་སྟོབས་དང་། །བརྩོན་འགྲུས་གལ་ཏེ་གཟུགས་མཆིས་ནི། །ལྷུན་པོའི་དཔལ་ཡང་ཕྲག་དོག་གིས། །གདོང་ལ་གཉར་མའི་བང་རིམ་བརྩིག་ །འགྲོ་བ་གཞན་གྱི་དབུལ་བའི་གདོན། །ཡིད་བཞིན་ནོར་བུས་གཞོམ་འདོད་དེའི། །རེ་བ་ཆུ་གཏེར་དབུས་འཁྱམས་པའི། །ཕ་མཐའ་དཔག་པའི་སེམས་ལ་ལྟོས། །རྒྱ་མཚོ་སྐེ་མ་པར་འདོད་པ་ཡིས། །སྙིམ་པའི་ཆུ་ཕྱགས་མཐོང་བའི་ལྷ། རང་གི་བརྩོན་འགྲུས་སྨ་བབས་ནས། །ཡི་རང་ཟོལ་གྱིས་ནོར་བུ་འབུལ། །དེད་དཔོན་སློང་ལྡན་ལྟར་འགྱུར་ཤོག་ ༨༧།ཧ་ཅང་ཟླུམ་པ་མ་ཡིན་བིམ་པའི་སྒྲོས། །རྣ་རྒྱན་རི་དྭགས་མིག་གིས་ཉོས་པའི་བཞིན། །མིའམ་ཅི་ཡི་བུ་མོ་ཡིད་འཕྲོག་མའི། །གཙུག་ཕུད་དོན་ཡོད་ཞགས་པའི་གཞན་དབང་ཅན། །ཕ་རོལ་གནོན་ལ་རྟུལ་ཕོད་ནོར་བཟང་གིས། །རྩེ་དགའི་འཁྲི་ཤིང་གསར་པར་བཟུང་དེའི། །སོར་མོའི་ལྕུག་འདར་བའི་གདུ་བུའི་སྒྲ། །ཁྱོ་ཤུག་མཛའ་བའི་བརྩོན་བ་བྱེད་པ་བཞིན་།

(༧༡)ཕན་ཚུན་སྙིང་ལ་སྡུག་པའི་རི་མོ་ནི། །བློན་པོའི་གཡོ་སྒྱུས་འདུ་འབྲལ་ལ་བཀོད་ཀྱང་། །བགྲོད་དཀའ་ཉོན་མོངས་བརྒྱ་ཡིས་བསྲུང་བའི་ལམ། །སྙིང་སྟོབས་མཐུ་ཡིས་བརྒལ་ནས་སླར་ལ་བརྩེ། །གཞོན་ནུ་ནོར་བཟང་ལྟ་བུར་བདག་འགྱུར་ཤོག་ ༨༨།སྙིང་ལ་སྡིག་པའི་དུས་མེ་རབ་ཞུགས་པའི༑ ༑བློན་པོས་མི་བདག་དཔུང་པ་བཅོམ་པའི་གཡུལ། །རིགས་ཀྱི་ཐིག་ལེར་འཁུ་བའི་མངོན་བརྗོད་སྒྲ། །ཡུལ་གཞན་གདུང་བས་བགྲོད་པའི་སྤྲིང་ཡིག་གྱུར། །སྲོག་ལ་བཟའ་བར་བྱེད་པའི་མྱ་ངམ་ཐང་། །བཤུལ་རིང་ལམ་གྱི་མཐུ་ཡིས་ཟིལ་གནོན་པའི། །རབ་ཅིག་དེ་ལས་ཅིག་ཤོས་སྲས་དང་བཅས༑ ༑འགྲོ་བཞིན་རྒྱལ་བུའི་ཤ་ལས་བཅད་ཅིང་ཟོས། །ས་སྤྱོད་གཞན་གྱི་དཔུང་པའི་གྲིབ་བསིལ་ལ། །དབུགས་འབྱིན་ཐོང་དུ་ཉེ་བའི་སར་སོན་ཚེ། །ཞོ་ཤས་བསྟན་པས་མ་ནུས་རུས་པའི་ཁུར། །རྩ་བ་བཅད་པའི་ལྗོན་པ་བཞིན་དུ་དེངས། །རྒྱལ་བུ་སུ་ཤ་དེ་ལྦ་ལྟར་འགྱུར་ཤོག་ ༨༧་གཟུགས་དང་བརྩོན་འགྲུས་བཟོད་དང་ཤེས་རབ་དང་། །བསོད་ནམས་མིང་གི་ཅོད་པན་ཁུར་བཟོད་ནས། །རང་རང་དོན་མཐུན་ལ་སྙེམས་རྒྱལ་བུ་ལྔས། །བསོད་ནམས་དམ་བའི་ཟིལ་ལ་བཟོད་མ་ནུས། །རྒྱལ་པོ་རང་གི་ཡུལ་ན་ཆེ་བའི་ཁག་ །སྤངས་པའི་ཕ་རོལ་གྱི་ནར་མངོན་འཕྱན་ནས། །གསུགས་སོགས་ཡོན་ཏན་མཐུ་ཡིས་འཚོ་བའི་སྟོབས། །དབུལ་པོའི་ཁྱིམ་དུ་ཞུགས་པའི་གཞོན་ནུས་ཕྲོགས། །བསྡུ་དངོས་བཞི་བའི་དཔུང་གི་ཡན་ལག་ནི། །དེ་ཡི་བསོད་ནམས་བྱིན་དང་རབ་འགྲོགས་པས། །གཡུལ་གྱི་བགྱི་བརྩུབ་མོས་མ་ཡིན་པར། །འཛམ་བུའི་གླིང་གི་དབང་ཕྱུག་ཆེན་པོར་གྱུར། །རྒྱལ་བུ་བསོད་ནམས་སྟོབས་བཞིན་བདག་འགྱུར་ཤོག་ ༨༩ཐུབ་རྣམས་རལ་པའི་ཟུར་ཕུད་ལ། །ལྔ་ཕྲག་ཡེ་ཤེས་ཅོད་པན་མཛེས། །ཀུན་ཏུ་རྒྱུ་ཡི་ཡོ་བྱད་གསུམ། །འདོད་པ་ཟིལ་གྱིས་གནོན་པའི་དཔལ། །རྣལ་འབྱོར་རྗེས་མཐུན་ནགས་ཁྲོད་ན། །བསམ་གཏན་མཐུ་ཡིས་མངོན་བསྐྱེད་པའི།

(༧༢)བཟོ་ཡིས་གནས་དང་མངོན་ཤེས་ལྔས། །ཐུབ་པའི་བརྟུལ་ཞུགས་རྫོགས་མ་ཡིན། །ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱང་། །གང་དུ་འགོག་དང་སྐྱེ་བའི་གནས། །རང་བཞིན་དག་པའི་ཆོས་ཉིད་ཀྱིས། །ཇི་ལྟའི་ཡེ་ཤེས་རྣལ་མར་སྤྱོར། །དྲང་སྲོང་འོད་བཟང་ལྟར་འགྱུར་ཤོག་ ༧༡།ཤེས་བྱའི་ཡུལ་ལ་ཤེས་རབ་ཀྱིས། །སྣང་བས་ཉོན་མོར་རབ་བྱས་པས། །མངོན་སུམ་རྗེས་དཔག་གཏན་ཚིགས་གཉིས། །འདུ་འབྲལ་གསར་པ་གསར་བར་བཀོད། །སེམས་དང་སེམས་བྱུང་འདུ་བྱེད་ཀྱིས། །ཡུལ་རྣམས་གདུང་པས་བགྲོད་བྱས་པའི། །སྣ་ཚོགས་ལས་ཀྱི་ས་བོན་འདིས། །འགྲོ་འདི་ཤིན་ཏུ་མ་རུངས་བྱས། བདག་མེད་རྟོགས་པའི་ཡེ་ཤེས་ནི། ཤེལ་ལ་ཆགས་མཚོན་མི་གནས་ལྟའི། །མཚན་ཉིད་ལ་སྤྱོད་གྲོང་ཁྱེར་དང་། །ཡུལ་རྣམས་ཡེ་ཤེས་མཐུ་ཡིས་གདུལ། །དྲང་སྲོང་ཕྱི་མཐའ་བསྒྲུབ་བཞིན་ཤོག་ ༧༢།ཆོས་སྟོབས་འབར་བའི་རྒྱལ་པོ་རྣམས། །བློ་གྲོས་གྲགས་པའི་འཛུམ་དཀར་ལས། །ཡེ་ཤེས་མཆོག་གི་སྦོབས་པའི་གཏམ། །སུམ་རྩེན་གནས་སུའང་ཡང་དག་འགྲོ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཆོས་དང་གང་ཟག་ལ་སོགས་པ། །དངོས་པོར་བལྟ་བའི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་བཅིངས༑ ༑ཐུབ་པ་རྣམས་ཀྱི་ཡེ་ཤེས་ནི། །གཟུང་འཛིན་ཡུལ་ལ་རབ་ཞི་བའོ། །ངོ་བོ་ཉིད་ཀྱི་གྲོན་ཁྱེར་ཆེར། །སེམས་ཅན་ཁམས་རྣམས་ཡང་དག་འཛུད། །ཏོག་ཏི་བློ་གྲོས་ལྟར་འགྱུར་ཤོག་ ༣་དྲི་བཞོན་གཡོ་བའི་ཤིང་རྟས་དྲངས་མིན་པ། །སོ་ཀའི་ཆར་སྦྲིན་སྔོན་པོའི་དཔལ་སྟུག་དང་། །ཤིན་ཏུ་འཁྲུལ་པ་སྐྱེད་བྱེད་ནྱ་གྲོ་ཏཱའི། །ཡལ་ག་རྒྱང་གྲགས་གཅིག་པའི་མུ་ཁྱུད་ཅན། །ཉོན་མོངས་རྙོག་པའི་བ་ཞིའི་རྟོག་དཔྱོད་ཀྱི། །ཆོ་ག་ཤིན་ཏུ་ཞི་བ་མོས་འདབ་མའི་གྲངས། །གཞལ་ལ་ལོ་གྲངས་བཅུ་གཉིས་ངལ་བྱས་པ།

(༧༣) དྲང་སྲོང་སྣང་བའི་བརྟུལ་ཞུགས་ཡུད་ལ་སྨད། །དབང་པོས་ཡུལ་ལ་འཇལ་བའི་ཤེས་རབ་ནི། །ས་མཐོར་གཤེགས་ལ་ཤེས་བྱའི་སྒྲིབ་པ་སྟེ། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ལ། །སྲིད་ཞིའི་ཆོས་རྣམས་ལྐོག་ཏུ་གྱུར་བ་མེད། །བྲམ་ཟེ་སྔོ་སངས་ལྟ་བུར་བདག་འགྱུར་ཤོག་ ༧༤།འཁོར་བ་ཆུ་སྲིན་འབྱུང་གནས་བདག་ལྟའི་རིས། །རྣམ་པ་སྣ་ཚོགས་ཚོན་དུ་བཀྲག་བརྟས་པའི། །ཉོན་མོངས་དབའ་ཀློང་འཁྲུགས་པའི་རྣམ་གཡེང་རླབས། །ཞི་བའི་གྲུ་གཟིངས་གསར་པས་རབ་རུ་བརྒལ། །གཟུགས་ནི་བདག་མིན་བདག་ལ་གཟུགས་མི་གནས། །དེ་བཞིན་ཚོར་དང་འདུ་ཤེས་འད་བྱེད་དང་། །རྣམ་པར་ཤེས་པའི་ཕུང་པོ་སྒྱུ་འདྲའི་ཆོས། །རང་བཞིན་ཉིད་དུ་དག་པའི་ཤེས་བྱས་འདུལ། །བྲམ་ཟེ་ཉེ་ཕྲེང་སྤོང་བཞིན་བདག་འགྱུར་ཤོག་ ༧༥།རིགས་ཀྱི་བརྟུལ་ཞུགས་ཉམས་བའི་བཞིན། །ཕ་མས་མ་བཟོད་རྣམ་པར་འཁྱམས། །དཀའ་ཐུབ་སྤྱོད་པའི་བསྟི་གནས་སུ། །སྔོན་གནས་རྗེས་དྲན་སྟོབས་སུ་འབར། །འཇིག་རྟེན་མེས་པོ་ཚངས་པ་ཡང་། །གཟའ་དང་རྒྱུ་སྐར་ཆུ་ཚོད་ཀྱི། །རྟེན་ཅིང་འབྲེལ་འབྱུང་ལ་རྨོངས་ནས། །མཚན་ཉིད་དེ་ལ་དྲི་བར་མཁས། །ལོ་ནི་དྲུག་ཁྲིའི་དཀའ་ཐུབ་རང་། །བརྟན་པ་ཐོབ་པའི་ཡེ་ཤེས་ཀྱིས། །མཁའ་ལ་གཟའ་སྐར་བརྐམ་པའི་ཁྱད། །མེ་ལོང་ནང་གི་གཟུགས་བཞིན་བསྟན། །དྲང་སྲོང་རྔ་བོང་ལྟར་འགྱུར་ཤོག་ ༧༦།མི་བདག་ཡེ་ཤེས་མགོན་གྱུར་རྣམས། །བག་མེད་རླབས་ཀྱིས་འཁྲུགས་པ་མིན། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དང་། །དོན་མཐུན་ཤིང་རྟ་རྩིབས་སྟོང་པས། །ཟད་དང་མི་སྐྱེས་ཤེས་པ་ལ། །བཟོད་པ་ཐོབ་པའི་རིན་ཅེན་གླིང་། །འགྲོ་ཀུན་སྒྲོལ་བའི་གྲགས་སྙན་རྔས། །ཆོས་བཟང་ལྷ་ཡི་འདུན་སར་བོས། །ལྷ་དབང་ཉིད་དང་སྟན་གཅིག་པའི། །གྱ་ནོམ་འདོད་པའི་ཡོན་ཏན་ཀྱང་། །དེ་ཡིས་ཡེ་ཤེས་དམ་པའི་ཟིལ། །རྒྱལ་པོ་མུ་ཁྱུད་ལྟར་འགྱུར་ཤོག་ ༧༧།དག་བྱེད་

(༧༤)གཏེར་གྱིས་འཁྱུད་མོས་རབ་བསྔམས་པའི། །ནོར་འཛིན་དཔུང་པའི་གྲིབ་མས་བཀབ་པ་ཡང་། །མི་རྟག་གཡོ་བའི་སིར་བུའི་གཞན་དབང་གི། །མངོན་སྤྱོད་མཐུ་ཡིས་བཤིག་ལ་རབ་རུ་སྐྱོ། །བགྲང་དུ་མི་སྤྱོད་སྲས་དང་བཙུན་མོའི་འཁོར། །འབྱོར་པའི་བ་གམ་བརྗིད་པའི་རྒྱལ་པོའི་སྲིད། །ཐར་པའི་རྒྱལ་མཚན་ཏོག་ལ་རབ་སྦྱར་བའི། །བུད་མེད་དག་ཀྱང་སྐྱེས་པའི་དབང་པོར་གྱུར། །ལོག་ལྟ་དགྲ་སྟྭའི་དུམ་བུས་སྙིང་བཀས་པའི། །ཤོར་པ་གཞོན་ནུས་རབ་བྲིང་ཚོགས་པར་བཅས། །སྙིང་རྗེ་སྟོབས་སུ་གྱུར་པའི་བསིལ་ཡབ་ཀྱིས། །བཀབ་པས་ལྟ་ལེག་གདུང་པ་རིང་དུ་བྲོས། །དགེ་སློང་ཨུཏྤལ་བཞིན་བདག་འགྱུར་ཤོག་ ༧༨།ཐར་བའི་ལམ་མཆོག་གསལ་ལ་ཕྲག་དོག་གི། །མུན་པ་སྟུག་པོའི་བཞིན་རས་བྱུགས་བྱས་ཀྱང། །ད་དུང་ཆགས་བྲལ་ཟོལ་གྱིས་འདོད་ཡོན་ལ། །རབ་ཏུ་བསྔགས་པར་བྱེད་འདི་བདུད་ཀྱི་ལས། །མི་བསྲུན་འཕྱར་ཞིང་གཡེང་བའི་མགྲིན་པ་ནི། །རྣམ་བཀྲའི་དོན་ཤལ་གསར་པས་རབ་སྤངས་ནས། །ཁྱོ་རོ་རུལ་པའི་འཕྱང་ཐག་ལ་འབྲེལ་པ། །བདུད་ཀྱི་བདུད་གྱུར་སྐྱེས་བུ་ཆེན་པོ་མཐུ། །ཤུགས་འཆང་དཔུང་པས་བཀབ་པའི་གཞན་འཕྲུལ་དབང་། །འདོད་པའི་ཅ་ཅོས་སྲུང་བའི་མིག་ཡངས་མ། །ཁྲི་ཕྲག་དགུ་བཅུ་རྩ་དགུ་བྱང་ཆུབ་ལམ། །བཞག་པས་བདུད་ཀྱི་འཇིག་རྟེན་སྟོངས་པར་བྱས། །བྱང་ཆུབ་སེམས་དཔའ་དཔའོ་བོའི་སྟོབས་ལྟར་ཤོག་ ༧༧།ཕྲ་རབ་རྡུལ་གྱི་རྒྱལ་བའི་ཞིང་ཁམས་ལ། །ཞབས་སེན་རི་མོས་བཀོད་པའི་འོད་ཟེར་གྱིས། །འགྲོ་རྣམས་མ་རིག་འཐིབས་པོའི་གཉིས་སད་ནས། །སངས་རྒྱས་མཐོང་བའི་ཐུར་འཛུགས་པ་བཞིན། །བདེ་གཤེགས་འོད་མཐའ་ཡས་པའི་ཞིང་ཁམས་ཁྱོན། །འོད་ཟེར་སྣང་བས་བཀོད་པའི་མུ་ཁྱུད་ལ། །བསྐལ་པ་གྲངས་མེད་གཉིས་སུ་རྫུ་འཕྲུལ་གྱིས། །བགྲོད་པས་ཕ་མཐའ་མ་ཐུག་གཏམ་འདི་རྫུན། །གང་དུ་རྒྱལ་

(༧༥)སྲས་སྙིང་སྟོབས་རྟུལ་ཕོད་ལ། །ཕ་ལམ་རྡོ་རྗེའི་མཐུ་ཡང་འབྱེར་བྱེད་ན། །སྒྱིད་ལུག་ཁུར་ཆེན་འདི་ནི་བལྟར་སྣང་ཙམ། །སྟོང་གསུམ་དར་ཡུག་ཆེན་པའི་བྱེད་པོ་སུ། །གཟི་བརྗིད་དྲག་པོ་ལྟ་བུར་བདག་འགྱུར་ཤོག་ ༡༠༠།འདི་ལྟར་གྲངས་མེད་གསུམ་གྱི་བསྐལ་བའི་སྲིད། །འཁོར་བ་ཆུ་སྲིན་འབྱུང་ངས་ལ་འགྲོགས་ཀྱང་། །བྱང་ཆུབ་སྤྱོད་པའི་འཁྲི་ཤིང་གསར་པ་ནི། །བློ་དང་རིག་པ་སྙིང་རྗེའི་གྲིབ་བསིལ་ཅན། །ཕ་རོལ་ཕྱིན་བཅུའི་ཆ་ཤས་ཉ་གང་བར། །ཚོགས་གཉིས་དབང་པོའི་མཚོན་གྱི་རྣ་ཆ་འདི། །ཆེད་དུ་བཏགས་པ་མན་ཡང་མཛད་བའི་ཁྱིམ། །བཅུ་གཉིས་བགྲོད་པའི་ལྟད་མོར་འོངས་བ་བཞིན༑ ༑གང་དུ་རྣམ་པ་ཉི་ཤུས་བྱང་ཆུབ་པའི། །ཁ་སྦྱོར་བདུན་ལྡན་རྡོ་རྗེ་སེམས་དཔའོ་དངོས། །བྱང་གྲོལ་མེ་ལོང་ནང་གི་དཔེ་བྱད་གཟུགས། །རྡོ་རྗེའི་གདན་གྱི་སྤོ་ལ་མངོན་རྫོགས་བའི། །ཀུན་མཁྱེན་དེ་ཡི་གོ་འཕང་མྱུར་ཐོབ་ཤོག་ ༡༠༡།སྐྱེས་པ་རབས་ཀྱི་རྒྱུད་སྙན་དངགས་དམ་པའི་འཁྲི་ཤིང་དུ་བསྔགས་པའི་པྲ་ནི་དྷ་མིའམ་ཅི་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ། །བློ་གསལ་དབང་པོ་ལྦ་གིན་དྲས་བསྐུལ་བའི་དོར། །མ་ཧཱ་སན་རཱི་བྷ་ཡི་དྭཱི་པ་མཁྱེན་བརྩེའི་ལྷས་སྦྱར་བ་རྫོགས་སོ། །སངས་རྒྱས་དང་བྱང་སེམས་སྤྲུལ་བར་བཅས་པའི་བསྟོད་ཚོགས་ཚངས་པའི་རྒྱུད་མངས་ཞེས་བྱ་བ་བཞུགས། །སངས་རྒྱས་སུམ་ཅུ་སོ་ལྔ་ལ་བསྟོད་པ་ལྗོན་པའི་གླུ་ཕྲེང་ཞེས་བྱ་བ། །ཁྱོད་མཚན་བསླུ་བ་སྤགས་པ་ནོར་བུའི་ཏོག་ །མཐོན་མཐིང་འོད་ཆགས་འཛུམ་པའི་གདེངས་ཀ་སྟེ། །ཐལ་མོས་བཏུད་པའི་མོད་ལ་བསྐལ་ཁྲིའི། །ཉེས་བྱས་འཁིར་ཤིང་གཅོད་པ་ཤཱཀྱའི་རྒྱལ། །ཐབས་དང་བརྩོན་འགྲུས་མཐུ་ཡིས་འཕགས་པར་འདུད༑ ༑༡བསམ་གཏན་ཕ་རོལ་ཕྱིན་པ་རྡོ་རྗེ་ལྟའི། །ཏིང་འཛིན་གཞུ་རྒྱུད་བདུངས་པའི་སྙིང་པོའི་མཚོན། །བདུད་ཀྱི་དབུང་དང་བསྐལ་ཆེན་ཁྲི་ཕྲག་ལྔའི། །སྡིག་པའི་སྙིང་ལ་འཇུག་པས་རབ་འཇོམས་པ། །གསེར་མདོག་ཆོས་འཆད་མཛད་ལ་སྤྱི་བོས་བཏུད། ༢།རྒ་ཤིའི་ཆད་པས་ནོན་པའི་འཇིག་རྟེན་དུ།

(༧༦)བསྐལ་ཆེན་ཁྲི་ཕྲག་ལྔ་སྟོང་གོམས་བྱས་པའི། །ངན་སོང་རྒྱུ་འབྲས་དག་དང་བདུད་ཀྱི་དཔུང་། །མཐར་བྱེད་རིན་ཆེན་འོད་འཕྲོའི་ལྷུན་བོ་ནི། །གསེར་ཅན་ཆོས་འཆད་མཛད་ལ་སྐྱབས་སུ་དོང་། །མ་དྲོས་ཀླུ་ཡིས་འཛམ་བུའི་གླིང་པ་བཞིན། །སྟོང་གསུམ་འགོག་ལམ་བདེན་པའི་ཆོས་ཆར་ཅན། །ཀླུ་དབང་རྒྱལ་པོ་གདེངས་ཅན་ཞལ་མགྲིན་དཀར། །བསྐལ་བ་བརྒྱད་ཀྱི་སྡིག་པའི་དུས་མེ་འཇོམས། །ཨིནྡྲ་ནི་ལ་ཆོས་འཆད་རྒྱལ་ལ་འདུད། ༤།རྟག་ཆད་མཚོན་ཆ་རྣོན་པོའི་གཞན་དབང་གིས། །དཀྲུགས་པའི་བདུད་དང་མུ་སྟེགས་གླང་པོའི་སྤྱི། །ཀུན་མཁྱེན་སྡེར་མོས་འདྲད་པ་དཔའོ་བོའི་སྡེས། །ངག་གིས་ཉེས་བྱས་དགྲ་སྟྭའི་དུམ་བུ་བཅོག་ །གསེར་ཞུན་སྐྱབས་སྦྱིན་ཆོས་འཆད་གཙུག་ན་བསྟེན། ༥།འཇིག་རྟེན་ཕ་རོལ་སོན་པ་སོར་ཆུད་ལས། །ཁྱོད་ཀྱིས་འཚོ་གཞེས་འགྲོ་བ་གཞན་དོན་དུ། །གཏོང་ལ་དཔལ་ལྟར་གཟིགས་ནས་རབ་དགྱེས་པས། །ཡིད་ཀྱིས་ཉེས་བྱས་འཆབ་པ་མེད་པར་བཅོམ། །གསེར་གྱི་ལྷུན་པོ་ཆོས་འཆད་མཛད་ལ་འདུད། ༦།དབང་ཕྱུག་རྣམས་ལ་ཡེ་ཤེས་སྣང་བ་དང་། །བར་མི་རྒྱུད་ལ་སྨིན་པའི་ནུས་པ་བསྐྱེད། །ཀུན་དཀྲིས་ཉོན་མོངས་བསྲེགས་པའི་རིན་ཆེན་མེ། །དགེ་འདུན་དཀོར་འབགས་རྣམ་སྨིན་བྱིན་ཟའི་གདོན། །བདུད་འདུལ་ཕྱག་རྒྱ་གཙུག་ཏོར་ནོར་བུའི་ཏོག་ ༧།མཁྱེན་རབ་རིན་ཆེན་སྒྲོན་མའི་ཟླ་འོད་ཀྱིས། །ཕྱོགས་ཀྱི་མཛེས་མའི་བཞིན་རས་སྣང་མཛད་ཅིང་། །མེ་སྤྲུལ་དགྲ་དང་རྡོ་རྗེའི་འཇིགས་པ་ཡིས། །ཕྱོགས་ཙམ་མི་མཚོན་འཕགས་པ་སྐུར་བའི་སྡིག་ །དག་བྱེད་དཀར་པོ་ཆོས་འཆད་སྐྱི་བོས་མཆོད། །བལྟ་བས་མི་ངོམས་འདོམ་གང་འོད་ཀྱི་སྐུ། །མཐོང་བ་དོན་ཡོད་ཡིན་པས་བསྐལ་པའི་སྡིག་ །རིངས་པར་འབྲོས་པའི་གོ་སྐབས་སྟེར་བྱེད་ན། །དམྱལ་བའི་མེ་མདག་སྐྱབས་སྦྱིན་ཕྱག་རྒྱ་ཡིས། །བསིལ་བྱེད་བཻ་ཌཱུརྱ་ཡི་ལྷུན་པོར་འདུད། །གསང་གསུམ་རིན་ཆེན་ཟླ་བ་ག་བུར་རྡུལ། །དྲི་མེད་སྤྲོས་བྲལ་མཁའ་ལ་རྒྱས་ཐེབས་པའི། །མཚན་དཔེ་མཐོང་བའི་མདོ་ལམ་བསད་པའི། །སྡིག་ཏོའི་སྲོག་གི་ཟུངས་གཏོང་བྱང་ཆུབ་

(༧༧)མཆོག་ །ཕྱག་རྒྱ་རི་ཐང་སྤངས་པ་སྤྱི་བོས་བཏུད། ༡༠།བདག་ཉིད་དག་པའི་ཆོ་གས་གདོད་ཀྱི་གཞན། །མཆོག་ཏུ་དག་བྱེད་དབང་སྔོན་ཞུན་མའི་མཁས། །དྲི་མ་མེད་པའི་དཔལ་གྱུར་ཆོས་འཆད་སྡེས། །ཕ་བསད་སྡིག་ཏོའི་གཡུལ་ངོ་མཐར་བྱས་ན། །ཡན་ལག་མཆོག་གི་ཏོག་ཏུ་གསལ་གྱུར་ཅིག་ ༡༡།བསོད་ནམས་བྱང་ཆུབ་ལམ་དུ་བསྒྱུར་བ་ལ། །མུ་བཞིའི་ཆོ་ག་དག་པའི་ན་ཁྱེན་རབ་མཚོན། །བསྔོ་བ་དམ་དམ་དཔལ་བྱིན་ཆོས་འཆད་སེར། །མཐོང་བའི་མོད་ལ་དགྲ་བཅོམ་གསོད་པ་དེ། །མནར་མེད་གྲོང་དུ་འཇུག་པའི་སོ་འཕར་གཅོད། ༡༢།གང་ལ་རིག་དང་ཆགས་སུ་ལྡན་པ་པོར། །ཚངས་པའི་མཚན་དུ་བྲམ་ཟེས་མངའ་གསོལ་ཡང་། །བདེ་གཤེགས་སྐུ་ལ་དན་སེམས་ཁྲག་ཕྱུག་བའི། །ལྟུང་བྱེད་ཆེན་པོ་ཚངས་པའི་ཁྱུ་མཆོག་ནི། །སྟོབས་བཅུའི་དཔལ་ལྡན་ས་གནོན་མཉམ་གཞག་སེར། །གང་ལ་སྐྱབས་སུ་དོང་བ་དེ་ཡིས་སེལ། ༡༣།གཞི་གསུམ་རྩ་བ་བརྟན་པོའི་ཁྱད་ཆོས་ཀྱིས། །ཚངས་པར་སྤྱོད་དང་ཚངས་པའི་གནས་པ་བཞི། །དོན་མཐུན་ལམ་སྦྱོར་ཕྱིར་ཚངས་པས་ཀྱང་། །ཆོས་འཁོར་བསྐུལ་ཞིང་ཐར་ལམ་གསལ་བར་བྱིན། །གསེར་ཞུན་རྡུལ་བ་རྩེགས་ཆོས་འཆད་ལ་ཕྱག་འཚལ། ༡༤།དཀའ་ཐུབ་བརྟུལ་ཞུགས་གཙང་མའི་ཆུ་གཏེར་དང་། །ཁ་ན་མ་ཐོའི་ཆུ་སྲིན་སྡིག་ཏོ་ཅན། །རྟེན་དང་བརྟེན་པར་འགལ་བས་དགྲ་བཅོམ་པ། །སུན་བྱུང་ཉེས་སྤྱོད་ཟུག་རྡུ་དག་བྱེད་ཆོས། །ཆུ་དཀར་པོ་མཉམ་པར་ཞག་ལ་འདུད། །འཇིག་རྟེན་སྲི་ཞུའི་གནས་གྱུར་བདེ་བྱེད་དེའི། །བསྟི་སྟང་མ་དྲོས་ཀླུ་དབང་དཔལ་གྱུར་ཡང་། །རང་གི་གདེངས་ཀ་གཞན་།དབང་གྱུར་ལ་དེར། །ཆུ་ལྷའི་ལྟར་གྲགས་ཆོས་འཆད་ག་བུར་རྡུལ། །བྱང་ཆུབ་སེམས་དཔའོ་ངེས་གསང་སྡིག་ཏོའི་སྨན། ༡༦།འདྲེན་པ་ཀུན་གྱི་བསྟི་སྟང་རེག་བྱ་ཡིས། །ཐུགས་ལ་ཡང་དག་འཁྱུད་ཀྱང་ཉེར་ཞི་བ། །འཇིག་རྟེན་ཀུན་ལ་དཔལ་མཛད་བཟང་པོ་སེར།

(༧༨)འཕགས་པ་སློབ་པ་བསད་པའི་སྡིག་ཏོའི་སྒྲ། །སྐྱབས་སྦྱིན་ཆོས་འཆད་ཅན་ལ་ཕྱག་བགྱིའོ། ༡༧།ཉོན་མོངས་འཐིབས་པོའི་ནགས་ཀྱིས་གདུངས་བ་ཀུན། །ཙན་དན་བསིལ་བའི་དྲི་བཞོན་གྱིས་སྤངས་པའི། །དཔལ་སྟུག་ཕྱོགས་ཀྱི་གོས་ཅན་བདུད་འདུལ་རྒྱས། །དགེ་འདུན་འདུས་བའི་སྒོ་འཕར་ཕྲོགས་བའི་ཁུར། །དབུགས་འབྱིན་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། ༡༨།རྒྱལ་བ་ཁྱོད་ཀྱི་དཔལ་དང་གཟི་བརྗིད་ལ། །དོ་ཟླར་ཆས་པ་རྟག་ཆད་མཐར་ལྟའི་མིག་ །བདུན་གྱི་བདུན་པའི་བདུན་སར་ཉམས་བྱེད་པའི། །གཟི་བརྗིད་མཐའ་ཡས་དམར་པོ་ཆོས་འཆད་ཅན། །མཆོད་རྟེན་བཤིག་པའི་རྣམ་སྨིན་སྦྱོང་ལ་འདུད། ༡༧།ཁེངས་དང་རྒྱལ་ཆུ་སྲིན་གདུག་པའི་ལྟོ། །བྱང་ཆུབ་མཆོག་གི་རྒྱག་རྒྱས་དབྲོལ་པའི་མཚོན། །ཆོ་ག་ཤིན་ཏུ་ཞི་བའི་འོད་ཟེར་ནི། །ཞེ་སྡང་ལས་གྱུར་ཀུན་སློང་ཆེམ་པོ་མཆོག་ །བདེ་གཤེགས་འོད་དཔལ་སྔིན་པོ་ལ་ཕྱག་འཚལ། ༢༠།ཚོགས་གཉིས་ཁམས་ལ་བཞུ་བཏུལ་མཐར་མཛད་རྣམས། །ཕུང་སོགས་སྐྱེ་མཆེད་ཆོད་དང་བཤེས་མ་ཡིན། །མྱ་ངན་མེད་པའི་དཔལ་སྟུག་དམར་སྐྱ་ནི། །འདོད་ཆགས་ལས་གྱུར་ངན་འགྲོའི་ལམ་དོན་སྒོ། །རབ་གཅོད་མཉམ་པར་གཞག་ལ་ཕྱག་བགྱིའི། ༢༡།མཐའ་དག་རྟེན་ཅིང་འབྲེལ་འབྱུང་ཞགས་པ་ཡིས། །ཉོན་མོངས་གསུམ་གྱི་བསྐལ་པའི་སྲིད་འགྲོགས་སྡིག་ །སྟོབས་ལྡན་སྲེད་པར་གོམས་པའི་ཟུག་རྔུ་དང་། །ལྷན་ཅིག་གསོ་བའི་སྨན་པ་སྲེད་མེད་བུ། །གསེར་མདོག་ཆོས་འཆད་སྟེང་འོག་ཅན་ལ་འདུད། ༢༢།མཐའ་དག་མཛེས་པས་ཁྱོད་ལ་བསྙེན་བཀུར་བའི། །རྣམ་པ་ཀུན་གྱི་མཆོག་ལྡན་མེ་ཏོག་དཔལ། །གཡས་བརྐྱང་མཐེབ་མཛུབ་སྦྱར་བའི་མཚན་དཔེའི་དཔྱིད། །འཛམ་བུའི་གསེར་གྱིས་བྱུགས་ལ་སྐྲག་གྱུར་ནས། །འབུམ་ཕྲག་བསྐལ་པའི་སྡིག་ཚོགས་ཡུད་ལ་བྲོས། ༢༣།སྡིག་ཏོའི་མཚོན་ཆ་རྣོན་པོས་བསྐལ་པ་སྟོང་། །གཞར་བ་མུན་པའི་བཞིན་རས་ཀུན་དཀྲིས་ཅན། །ཚངས་པའི་འོད་ཟེར་རྣམ་པར་རོལ་པ་ཡི་།

(༧༩)སྣང་མཛད་ཡེ་ཤེས་མངོན་པར་མཁྱེན་པའི་མཚོན། །གསེར་གྱི་རྡུལ་བརྩེགས་ས་གནོན་མཉམ་གཞག་རྒྱལ། ༢༤།རེག་ན་བདེ་བར་འཆར་བའི་མཚོན་ཆས་ཀྱང་། །བསྐལ་པ་བདུན་གྱི་སྡིག་ཏོའི་དུས་མེ་གསོར། །པདྨའི་འོད་ཟེར་རྣམ་པར་རོལ་པའི་ཐུགས། །ལྐོག་གྱུར་ཡོང་ཡེར་མ་བཟུང་མངོན་པར་མཁྱེན། །བཙོ་སྦྱངས་གནོན་མཉམ་གཞན་ཅན་ལ་འདུད། ༢༥།རིན་ཐང་ཉམས་བ་མེད་པའི་བསོད་ནམས་ནི། །འགྲོ་ལ་ཚུལ་ཁྲིམས་ནོར་དང་དཔལ་བྱིན་ནས། །ལས་མཐའ་སྔམས་བཞག་པའི་བག་ཆགས་སྡིག་ །མཉམ་གཞག་ཆ་ོག་ཟབ་མོའི་བྱི་དོར་གྱིས། །བསལ་ནས་ནམ་མཁའི་མངོན་རྟོགས་རྔོམ་ལ་འདུད། ༢༦།དྲན་པ་ཉེ་བར་གཞག་སོགས་རྣམ་བྱང་ཆོས། །མཐའ་དག་ལམ་ལྔའི་འཛིན་བྱད་ཀྱིས་བཟུང་བའི། །ཁྱོད་མཚན་དྲན་པའི་དཔལ་གྱི་མདུན་སར་ཡང་། །ལུས་ཀྱི་ཉེས་བྱས་ཚོགས་ཤིང་དུས་བབ་པའི། །སྐབས་ཡོལ་གསེར་མདོག་མཉམ་གཞག་ཅན་གྱི་མཐུ། ༢༧།ཐུབ་རྣམས་ཆོས་ཀྱི་འཁོར་ལོའི་གྲགས་སྙན་རྔ། །གྲོང་ཁྱེར་གསུམ་གྱི་རྣ་ལུང་ལ་དཔྱངས་པའི། །མཚན་དཔལ་ཤིན་ཏུ་ཡོངས་གྲགས་ཆོས་འཆད་དཀར། །སངས་རྒྱས་འབྱུང་ལ་མཉེས་པར་མི་བགྱིད་པའི། །སྟོབས་ཆེན་སྡིག་པའི་དབུགས་འཕྲོག་རྒྱལ་གྱུར་ཅིག་ ༢༨།དབང་པོའི་གཙུག་ན་ཏོག་གྱུར་རྒྱལ་མཚན་གྱི། །གཡོན་པའི་ཕྲག་པ་ཡངས་བྱས་གཡས་བས་བཟུང་། །དང་དང་སྟོབས་བཅུའི་ཟིལ་གྱིས་བདུད་ཚོགས་ལས། །རྒྱལ་བའི་དབང་པོ་གཡོན་པ་མཉམ་གཞག་ཅན། །ཕྲག་དོག་ལས་གྱུར་རྣམ་པར་འཐག་པས་སྲུངས། ༢༩།འཇིག་ཚོགས་ཆོས་ལ་ལྟ་བའི་སྤྲིན་དཀར་དུམ། །ཡེ་ཤེས་རྡོ་རྗེའི་མཚོན་རྣོན་གདོང་བ་ལྔས། །ཤིན་ཏུ་རྣམ་པར་གནོན་པའི་རལ་གྲི་སྔོན། །གཞན་དག་བགྱིད་དུ་རྩལ་བའི་སྡིག་ཏོའི་སྲོག་ །འཕྲོག་ལ་དཔའི་ངང་ཚུལ་སྟོན་དེར་འདུད། ༣༠།ཀུན་ནས་དཀྲིས་ཤིང་གཏུམ་པའི་ཉོན་མོངས་སྡེས། །བལྟར་མི་བཟོད་པ་ཁྱོད་ཀྱི་དཀའ་ཐུབ་དགྲའི། །གཡུལ་ལས་ཤིན་ཏུ་རྣམ་རྒྱལ་དཔལ་ཕྲོགས་པས། །ང་རྒྱལ་རྩུབ་མོས་

(༨༠)འཕངས་བའི་ལྷ་མིན་མཚོན། །བཟོད་པའི་གོ་ཁྲབ་དཔལ་ལམ་ཆགས་འབྲོས། ༣༡།བགྲོད་པ་གཉིས་པ་སྤངས་པའི་ཤིང་རྟ་ཡི། །བདུད་དང་ངན་འགྲོའི་འཇིགས་ཚོགས་ཉ་ལྕིབས་ཅན། །རྣམ་པར་གནོན་པས་གཤེགས་བའི་དཔལ་སྔོན་པོའི། །མདུན་སར་ཕྲ་མའི་རིན་ཐང་བཅལ་བའི་རླབས། །གཉེར་བའི་བང་རིམ་འཇིག་པའི་སྟོང་གཟུགས་རྔོམ། ༣༢།ཀུན་ནས་སྣང་བ་བཀོད་བའི་རྔུ་འཕྲུལ་མཚན། །ལི་ཁྲིའི་དཔལ་གྱིས་བྱུགས་པ་མཐོང་བའི་མོད། །ཕ་རོལ་སྡིག་པའི་ལྕིད་ཀྱིས་ནོན་པའི་ཁུར། །རྗེས་སུ་ཡི་རང་རིན་གྱིས་ཉོས་པ་རྣམས། །དམ་བཅའ་འཇིག་པ་སྐྱབས་སྦྱིན་ཆོས་འཆད་མཐུ། ༣༣།རྟག་ཆད་ཐར་པར་རེ་བ་ཕྱི་རོལ་པའི། །རྒྱུ་སྐར་སྐྱ་རེངས་ཞགས་པས་དམ་བཅིངས་ནས། །ས་མཆོག་རིན་ཆེན་པདྨས་རྣམ་པར་གནོན། །སྐྱབས་སྦྱིན་ཆོས་འཆད་ཉི་འོད་དམར་སེར་མདུན། །དམ་ཆོས་སྤངས་པའི་མུན་ནག་ཅིག་ཅར་འཇིག་ ༣༤།རིན་ཐང་རྣམ་པར་སྤངས་བ་བསོད་ནམས་ཚོགས། །མཐའ་དག་བརྗོད་པས་མ་ཐུག་ཡེ་ཤེས་ཏེ། །སྐུ་གསུམ་རི་དབང་རྒྱལ་པོ་ཕྱག་སོར་རྩེར། །བཀོད་བའི་དཔལ་ལ་ཕྲག་པ་དོག་པ་དེས། །དགེ་འདུན་མཛའ་གཅུགས་དམ་བཅའ་འདྲལ་བའི་སྡིག་ །དམིགས་པ་མེད་པའི་དབྱིངས་སུ་བཅིང་ཁྱོད་རྒྱལ། ༣༥།ཕུང་པོ་གསུམ་པའི་ཡན་ལག་དང་པོ་བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔའི་མངོན་པར་རྟོགས་པ་དང་། །བྱེད་ལས་ཀྱི་སྒོ་ནས་བསྔགས་པར་བརྗོད་བ་ལྗོན་པའི་བླུ་ཕྲེང་ཞེས་བྱ་བ་འདི་ནི་གཉིས་མེད་གསུང་བའི་བསྟན་པ་ལ་ཞུགས་པ་མཁྱེན་བརྩེའི་འོད་ཟེར་གྱིས་ཤིང་རྟ་ཆེན་པོ་ཀླུའི་དབང་པོ་དང་། མ་ཏི་ཙི་ཏྲལ་སོགས་པའི་རྒྱ་གཞུང་དང་བསྟུན་ནས་སྙན་དངགགས་ཀྱི་མེ་ཏོག་དང་མངོན་བརྗོད་ཀྱི་དོ་ཤལ་སྤེལ་མར་དཔྱངས་པའོ། །ཚིག་སྦྱོར་གྱི་ཁོང་ནས་མངོན་རྟོགས་མི་གསལ་བ་རྣམས་ལ། །ཕྱག་གཡོན་པ་གང་བྱུང་མཉམ་གཞག་དང་། སྐུ་མདོག་མ་བསྟན་པ་རྣམས་བཙོམ་པའི་མདོག་སངས་རྒྱས་ཀྱི། །ཁྱེད་ཆོས་སུ་སྣང་བས་ཤེས་པར་འགྱུར་རོ། །ཐུབ་དང་གྲོང་ཁྱེད་མ་ལ་བསྟོད་པ།

(༨༡)བཞེངས་ཤིང་འཆག་པ་གྲོང་ཁྱེར་ལ་གདུང་མིན། །གཞན་སྡེམ་རུངས་བགྱིད་པའི་གླང་ཆེན་གྱི། །བཞིན་རས་གཡུལ་གྱི་ཁྲག་གིས་བཀྲུ་བའི་རྒྱུན། །རྣམ་བར་གཅོད་པའི་སྐུ་མཆོག་བལྟར་མི་ངོམས། །སྡིག་ཏོས་ནོན་པའི་ལྷས་སྦྱིན་མ་སྐྱེས་དགྲའི། །མདུན་སར་ཞུགས་ཤིང་སྦྲན་པའི་ནོར་སྐྱོང་གི་། །དཔའ་བོའི་ངང་ཚུལ་གཏུམ་པའི་ཕྲག་དོག་མཚོན། །ཁྱོད་སྐུ་མཐོང་བའི་མོད་ལ་མཛའ་གཅུགས་བཞིན། །ཐུབ་དབང་གྲོང་ཁྱེར་མ་ལ་རང་བྱུང་རྡོ་རྗེས་སོ། །དུས་གསུམ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མཚན་དོན་གྱི་སྒོ་ནས་བསྔགས་པ་དད་པའི་ཕོ་ཉ་ཞེས་བྱ་བ། །རྣམ་པར་སྣང་མཛད་ཡེ་ཤེས་གང་ཆེན་མཚོའི། །ཕྲ་རབ་རྡུལ་གྱི་སྙེད་གྲགས་དཔག་དཀའ་བའི། །ཞིང་ནད་ལྟ་འཚོ་ཞིང་གཞེས་པ་ཀུན། །ཤཱཀྱའི་རྒྱལ་པོར་རྣམ་རོལ་ལ་ཕྱག་འཚལ། །གཞན་དོན་རླབས་ལ་ཡོལ་བ་མ་མཆིས་ཀྱང་། །བཅུ་གཉིས་མཛད་པའི་ཆ་ཤས་ནང་དབྱིངས་སུ། །མངོན་བྱང་ཆུབ་ལ་འདས་པའི་སངས་རྒྱས་སུ། །ཡོད་གྲགས་མར་མེ་མཛད་ལ་ཕྱག་འཚལ་ལོ། །བརྒྱད་ཁྲིར་འཚོ་བའི་དབྱིག་འཛིན་དུང་གི་གྲོང་། །ཚོགས་གཉིས་དཔལ་གྱི་དུམ་བུའི་རིན་ཐང་གིས། །ཉོས་པ་བྱམས་པ་ལེགས་པའི་མཆོག་ལྡན་དེ། །མཐོང་ལ་རིངས་པའི་དད་པས་ཕྱག་འཚལ་ལོ། །སྟེང་གིས་ཕ་རྒྱས། །འདོད་ཆགས་ཟམ་པ་བཤིག་པའི་ཐུང་པ་ནི༑ །རྫུ་འཕྲུལ་སྐང་པ་ཁོ་ནས་ཆོས་ཉིད་ཀྱི། །མཁའ་ལ་རྣག་བཞིན་མེད་པར་གཤེགས་གྱུར་ཀྱང་། །འཇིག་རྟེན་དགའ་བའི་དཔལ་གྱིས་སྐྱོང་ལ་འདུད། །ཤར། །རྣམ་ཤེས་ཚོགས་པའི་ཡུལ་ལ་ཡུལ་ཅན་གྱི། །དཔེ་བྱད་ལྟར་སྣང་མ་ཡིན་གསུམ་བྱིན། །འགྲོ་ཁམས་བདེ་གཤེགས་སྙིང་པོའི་དཔལ་གྱུར་པས། །དཀོན་མཆོག་འབྱུང་གནས་ཞེས་གྲགས་དེར་ཕྱག་འཚལ། །ལྷོ། རིག་དང་ཞབས་སུ་ལྡན་སོགས་བདེ་གཤེགས་ཀྱི། །སྣང་བ་འབུམ་ཕྲག་འབར་བའི་ཉིན་བྱེད་དཔལ། །འཇིག་རྟེན་སྒྲོན་མར་གསལ་བ་དྲན་པའི་མོད། །མྱ་ངན་མེད་པའི་དཔལ་སྟེར་ལ་ཕྱག་འཚལ།

(༨༢)ནུབ། སྟོབས་བཅུའི་སྣང་བ་འབུམ་ཕྲག་འཕྲོ་བའི་གཟིས། །ཕུང་པོའི་ཉེར་ལེན་འཕྲོག་པ་སངས་རྒྱས་ཀྱི། །རང་བཞིན་ཉིད་ན་ཁམས་དང་སྐྱེ་མཆེད་མུན། །རིན་ཆེན་འོད་འཕྲོས་ཕྲག་དོག་བསལ་དུ་གསོལ། །བྱང་། རྣམ་པ་ཀུན་གྱི་མཆོག་ལྡན་ཆོས་ཀྱི་སྐུའི། །ཡེ་ཤེས་གཟོ་དམ་ཉིད་ནས་བྱང་ཆུབ་ཀྱང་། །ཚོགས་གཉིས་འདབ་བརྒྱ་གྲོལ་བའི་ཆོ་ག་ཡིས། །རྒྱལ་བའི་དབང་པོར་སྟོན་ལ་ཕྱག་འཚལ་ལོ། །ཤར་ལྷོ། བདེན་བཞིའི་ཆོས་ཀྱི་འཁོར་ལོས་འཇིག་ཚོགས་ལ། །ལྟ་བའི་རི་པོ་ཉི་ཤུའི་དགྲ་བཅོམ་ནས། །སྙོམས་འཇུག་སྒྲིབ་པའི་སྤུངས་ལས་དབུགས་འབྱིན་པ། །པདྨོ་དམ་པའི་དཔལ་ལ་ཕྱག་འཚལ་ལོ༑ ༑ལྷོ་ནུབ། །གཞན་དང་མ་འདྲེས་རྒྱལ་བའི་ཆོས་བཅོ་བརྒྱད། །རྣམ་པ་ཀུན་གྱི་མཆོག་ལྡན་ལ་ཆགས་པས། །གཟུང་འཛིན་བློ་ཡི་མུན་བ་དྲུངས་འབྱིན་པ། །ཉི་མ་སྣང་བའི་དཔལ་ལ་ཕྱལ་འཚལ་ལོ། །ནུབ་བྱང་། བདུད་རྣམས་ཀུན་གྱི་བདུད་དུ་གྱུར་ཟིན་ཀྱང་། །སྣང་ཆེན་ཡུལ་ལ་མི་གནས་བྱམས་པའི་གཟུགས། །འགྲོ་ལ་ཐུགས་རྗེ་ཆེན་པོའི་གྲིབ་བསིལ་ཅན། །གདུགས་ཆེན་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །བྱང་ཤར། འཁོར་ལོ་དང་པོའི་མངོན་པར་རྟོགས་པ་ཡི། །ཁུར་དུ་མི་བཟོད་ཐེག་པ་ཆེན་པོའི་ལམ། །སྨོན་འཇུག་གཉིས་དང་རྣམ་ཐར་གསུམ་གྱི་དབྱིངས། །འདེགས་མཛད་གླང་པོ་དམ་པའི་དཔལ་ལ་འདུད། །འོག་ རྫོགས་སྨིན་སྦྱངས་བའི་ཡོན་ཏན་རྒྱ་མཚོའི་བཟིང་། །བྱང་ཆུབ་ཕྱོགས་ཆོས་ཚད་མེད་གྲུས་བརྒལ་བཞིན། །འཁོར་བའི་འདམ་ལ་སྙིང་རྗེས་སླར་དགོངས་ཀྱང་། །སྐྱོན་ཀྱིས་མ་གོས་པདྨོའི་དཔལ་ལ་འདུད། །ཅེས་བའང་རང་ཉིད་ཀྱི་དད་རྟེན་དུ་ཐང་ཆེན་ཐོག་ཚད་མ་བཅུ་གསུམ་བཞེངས་པའི་ཚེ་རྫོགས་ཆེན་པ་མཁྱེན་བརྩེའི་ལྷས་དཔལ་ལྡན་པདྨ་འོད་གླིང་དུ་བསྟོད་ཕྱག་བྱས་པ་སྟེ། འདི་ལྟར་ཐར་བ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་སྡེ་ནས་སངས་རྒྱས་འདི་དག་གིས་མཚན་ནས་བརྗོད་པའི་ཕན་ཡོན་ལ་དམིགས་ནས་འདོད་བའི་དད་བས་ཀྱང་

(༨༣)འདི་ཉིད་ཁ་ཏོན་བགྱིད་པར་བསྐུལ་ན་དད་ཅན་རྣམས་ཀྱི་བསོད་ནམས་ལ་སྨན་པར་གྱུར་ཅིག་ །རྙིང་མ་རྒྱུད་འབུམ་གསར་བཞེངས་ལ་བསྔགས་བ། །རྒྱལ་བསྟན་ཉིན་མོར་བྱེད་པའི་གཟི་བྱིན་འབུམ། །ཟླ་བ་ཞུན་མའི་རྡུལ་བརྩེགས་གངས་རིའི་ཁྲོད། །ཐུགས་བསྐྱེད་མྱུར་འགྲོ་བདུན་གྱི་མཐུས་འབོད་པའི། །ཁུར་ཆེན་ཚངས་པས་བཟོད་མིན་ཁྲི་སྲོང་རྗེ། །འདི་ན་སྡེ་སྣོད་བཞི་པའི་རྔ་བོ་ཆེ། །རིག་པ་འཛིན་བའི་རྒྱུད་དུ་ལེགས་བརྡུང་བ། །ཨྱོ་ན་དྷཱུ་མ་ཐ་ལའི་གན་མཛོད་དང་། །སྤྲུལ་བའི་ལོ་པཎ་རྣམས་ཀྱི་ཁྱད་པར་ཆོས། །སྔ་འགྱུར་རྒྱུད་སྡེ་རྒྱ་མཚོའི་ལེགས་བྲིས་ལྗོན། །བསྟན་པའི་སྲོག་ཏུ་འཛུགས་མེད་གླིང་། །གསེར་གྱི་མངལ་ཅན་བྱ་བའི་ཁུར་བསྟན་ཚེ། །དྲང་སྲོང་རིག་འཛིན་ཚོགས་ཀྱང་གཡེངས་པ་བཞིན། །ཡི་གེའི་ལུས་ཀྱི་རྣམ་འགྱུར་རྫུ་འཕྲུལ་གྱི། །ཡན་ལག་བཅུ་དྲུག་རྔོམ་པའི་རི་དྭགས་གཟུགས། །ལྔ་ལྡན་ཤོག་བུའི་མདུན་སར་སླར་འོང་བའི། །བྱེད་པོ་ལེགས་བྱིན་ཉི་མའི་སྤུན་ཟླར་སོང་། །རྙེད་དང་བཀུར་སྟིའི་སླད་དུ་དམ་པའི་ཁུར། །བསྟན་པ་ཅི་ཞིག་རྒྱལ་དང་དེ་སྲས་ཀྱི། །མཚན་དཔེའི་ངོ་མཚར་སྟོན་ལ་དགེ་མཚན་མཐུས། །མགྲོན་པོར་བོས་པ་འདི་ནི་བསྔགས་པའི་གནས། །ཞེས་པདྨ་འོད་གླིང་ཐར་པ་ཆེན་པོའི་གྲོང་ཁྱེར་དམ་པར་ལྕགས་མོ་ཡོས་ཀྱི་ལོར། །སྔ་འགྱུར་རོད་རྗེ་ཐེག་པའི་རྒྱུད་འབུམ་རིན་པོ་ཆེའི་བསྟན་པའི་དངོས་པོ་གསར་དུ་སྣང་བར་བགྱིས་པའི་དབུ་ལྷའི་ཚོགས་རྣལ་འབྱོར་སྤྱོད་པ་དྷརྨ་ཀོརྟི་དང་། །ཡི་གེའི་གཟབ་བྲིས་རྒྱལ་རྩེ་ཡང་སྟེང་དྲུང་ཡིག་འཇིགས་མེད་དཔལ་འབར་འདུ་བྱེད་དགེ་བའི་འབྲས་བུར་སད་པའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་རྣམ་པ་ཐམས་ཅད་རྫོགས་པ་བརྒྱད་ལ་བསྟོད་པ། །པདྨ་སྤུངས་པ། །ལྷུམས་ཀྱི་འདམ་རྫབ་སྤངས་བའི་དགེ་མཚན་ལ། །བརྒྱ་ཕྲག་ལྔ་ཡི་གཏེར་དང་ཞབས་མཐིལ་མཚན། །འཁོར་ལོའི་རེ་ཁཱས་པདྨའི་ཀེ་སར། །སྤུངས་པའི་གྲགས་པ་ལུམྦིའི་ཚལ་ན་སྙན། །བྱང་ཆེན། །འདོད་ལྷ་སྡེར་བཅས་སྙིང་གི་ཚངས་པའི་ཐིག་ །ཆེར་མས་།

(༨༤)འདྲལ་བ་སྙིང་རྗེའི་གཞན་དབང་སྟེ། །བདུད་ལས་རྣམ་རྒྱལ་བྱང་ཆུབ་ཕྱོགས་ཀྱི་ཆོས། །རྣམ་པ་ཐམས་ཅད་པ་འདི་བསྔགས་པར་འོས། །བཀྲ་ཤིས་རྒོ་མངས། །བདེན་བཞིའི་ཆོས་ཀྱི་འཁོར་ལོས་ལྔ་སྡེ་བཟང་། །ཚངས་པར་སྤྱོད་པ་དོན་མཐུན་ལ་སྦྱར་བའི། །རྣམ་པར་ཐར་དང་རྟེན་འབྲེལ་སྟོང་ཉིད་ཀྱི། །བཀྲ་ཤིས་གོ་འཕར་མང་པོ་འདིར་ཡང་ཕྱེ། །ཆོ་འཕྲུལ། སྟོབས་བཅུ་མི་འཇིགས་རྣམ་བཞིའི་ཆོ་འཕྲུལ་ཆེས། །འཇིག་ཚོགས་ལ་བལྟ་མངོན་བའི་ང་རྒྱལ་གྱི། །རི་ངོ་དུས་མཐའི་མེ་ལྕེའི་བཟང་བ་རུ། །བོས་བས་མཉན་དུ་ཡོད་པ་འདར་བ་སྙམ། །ལྷ་བབས། །གཞི་གསུམ་རྩ་བ་བརྟན་པོའི་ལྗོན་ཤིང་གི། འཆི་མེད་བུ་མོའི་གྲོང་ཁྱེར་མཛེས་བྱས་ནས། །གསལ་ལྡན་ཡུལ་དུ་ལྷ་ལས་བབས་པ་ཡིས། །གྲགས་པའི་འཁྲི་ཤིང་གཙུག་གཏོར་ནོར་བུས་བརྟེན། །དབྱེན་བསྡུམས། །སེམས་ཀྱི་གླང་པོ་ཁ་ན་མཐོ་བའི། །ལྷས་བྱིན་དགེ་འདུན་དབྱེན་གྱི་སྣ་ཞགས་ཅན། །མཆོག་ཟུང་ཐུགས་རྗེའི་ཀྱོ་བས་རབ་བསྡུམས་པའི། །གྲགས་པ་མ་གྷདྷཱ་ན་ཤོང་བ་མིན། །རྣམ་རྒྱལ། །རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་བཞིན། །མེ་ཏོག་མདའ་ཅན་རབ་ཏུ་དགར་བྱས་ནས། །སྐུ་ཚེའི་འདུ་བྱེད་བཏང་ཡང་ཙུནྡའི་ངོར། །འཚོ་བའི་འདུ་བྱེད་བྱིན་བརླབས་རྣམས་པར་རྒྱལ། །མྱང་འདས། །མཛད་པའི་ཆ་ཤས་རྫོགས་པའི་འོད་དཀར་ཅན། །རྣམ་ཀུན་མཆོག་ལྡན་དབྱིངས་སུ་སྤྲོས་བྲལ་ཆེ། །གྲོང་ཁྱེར་རྩྭ་ཅན་མྱ་ངན་ཁུང་བུ་ལས། །འདའ་ཀའི་གདུང་བ་རིང་བསྲེལ་སྣོད་འདིས་བསལ། །ཞེས་པའང་ཚོང་དཔོན་དབྱར་རྔ་རྣམ་རྒྱལ་གྱིས་ཙན་དན་གསེར་ཟངས་འཁོར་ལོས་མཛེས་པའི་བདེ་གཤེགས་མཆོད་རྟེན་བཞེངས་པའི་ཞལ་བྱང་དུ་རིག་པ་འཛིན་པ་མཁྱེན་བརྩེའི་ལྷས་སོ། །བྱང་ཆུབ་སྨེས་དཔའི་དགེ་འདུན་ཆེན་པོ་ཉེ་བའི་སྲས་བརྒྱད་ལ་བསྟོད་པ། །འཇམ་དབྱངས་ལ། །གང་ལ་རེག་ན་རྨོངས་དང་མ་རིག་དོན། །རྣམ་ཐར་བཞི་དམ་པའི་ཆོས་པདྨ་དཀར་པོ་ལས་ཡི་མཐར་བྱེད་མཁྱེན་རབ་མཚོན། །རལ་བའི་སྟ་ཟུར་མ་མཛེས་པའི་ཆོ་ག་ལ། ཟུར་ཕུད་ལྔ་ཡང་དོ་ཟླར་ལྷགས་པ་བཞིན། །ཕྱག་རྡོ་པ་

(༨༥)སྡེ་དོན་གསུམ་དང་རྒྱུད་དོ་ཅོག་རྣམས་ཀྱི། །མཐའ་དག་དངོས་བསྟན་གསང་བ་འཛིན་པ་ལ། །རྒྱལ་ཀུན་ཐུགས་ཀྱི་ཐིག་ལེས་ཁྱོད་ཀྱི་མཚན་ལན་ན་རྡོ་རྗེ་མགོན་པར་དབང་བསྐུར་བའི་རྒྱུད་སོགས། །ནམ་ཡང་སྤངས་པ་མེད་དོ་རྡོ་རྗེ་ཅན། །སྤྱན་རས་གཟིགས་ལ། །མིག་མི་འཛུམ་བའི་མཚན་གྱི་མེ་ཏོག་ནི། །གང་གི་རྣ་ལུང་དཔྱངས་པའི་ཡིད་ཅན་ལའང་། །ཟུག་རྡུའི་གདུང་བ་ཉེ་བར་པདྨ་དཀར་མོ་མི་མཆིན། །སེམས་དམྱལ་རྣམས་ཀྱིས་ཁྱོད་ཅིག་མཐོན་བར་ཤོག་ །ས་སྙིང་ལ། སེམས་ཅན་ཁམས་ལ་རབ་སྨན། །སྨོན་བའི་སེམས། །ཕྱིན་དྲུག་ཤིང་རྟའི་སྒྱུ་ཐབས་ལ་ཆགས་པ། །རྡུལ་དང་ལྟ་བ་མ་སྐྱེས་དགྲའི་འགྱོད་བསལ་ཀུན་དང་བྲལ་བ་ནི། །འཕགས་པ་རྣམས་ཀྱི་ཁྱད་ཆོས་ཁོ་ན་ཡིན། །སྒྲིབ་པ་རྣམ་སེལ་ལ། །སངས་རྒྱས་གཟུགས་སུ་མ་ཡིན་ཆོས་ཉིད་དེ། །ཆོས་ནི་སྒྲ་ཚིག་མ་ཡིན་འདོད་ཆགས་བྲལ། །དགེ་འདུན་ཚོགས་ལ་མ་ཡིན་འདུས་མ་བྱས། །ཤེས་རབ་མིད་དག་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་ལ། །ཆོས་ཁམས་རྒྱ་མཚོའི་ལམ་དང་འབྲས་བུ་ལ། །གང་ཞིག་ལྟུང་བའི་ཕུང་པོས་རེག་བྱས་ཀྱང་། །འཆབ་པ། །ཁྱའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པ། མེད་བའི་བྱི་རོར་ལ་བརྩོན་ན། །དེ་ལ་ཁྱོད་ཀྱི་མཚན་དཔེ་ཐབས་ལ་མཁས་པའི་མདོ་དང་ནམ་སྙིང་གི་མདོ་ལྷགས་པར་རྔམ། །བྱམས་པ་ལ། །འདོད་སྲེད་སྤངས་པ་བྱམས་པའི་ངོ་བོ་སྟེ། མེ་ཏོག་གཞུ་ཅན་གཡུལ་ལས་རྣམ་རྒྱལ་བས། །མ་ཕམ་པ་ཞས་ཀུན་ནས་བསྔགས་པ་བྱམས་ཁ་ལུང་བསྟན་པའི་མདེར་ཁྱོད། །དུས་ཀྱི་ཆད་པ་བཤིག་པའི་དེད་དཔོན་ཡིན། །ཀུན་ཏུ་བཟང་བ་ལ། །ཁྲིམས་དང་ལྡན་ནམ་དེ་ལས་ཅིག་ཤོས་ཉིད། །དེ་བཞིན་མཁས། །བླུན་ཐབས་དང་ལྡན་ནམ་མིན། །དམ་ནན་མ་ཅིག་ཤོས་དམ་ལ་རིག་པ་མཆོག་གི་རྒྱལ་པོར་མ་བཞག་པ༑ །ཀུན་ཏུ་བཟང་པོའི་སྤྱོད་པ་སྨོན་པས་འགྲུབ། །ཅེས་པའང་འབྲུག་རྣམ་པར་རྒྱལ་བས། །འདོད་ལི་ལས་གྲུབ་པའི་ཉེ་སྲས་བརྒྱད་ཀྱི་སྣང་བརྙན་ཁྲུ་གང་བ་རེ་བཞེངས་བའི་ཚེ་བསྔགས་བརྗོད་ཤློ་ཀ་རེ་དགོས་ཞེས་བསྐུལ་བ་ལ་དེ་བཞིན་གཤེགས་པས་ལེགས་པར་གསུངས།

(༨༦)པའི་ཆོས་ཀྱི་སྒྲ་དོན་གྱིས་ཕྱུག་པར་བྱས་ཏེ་མཁྱེན་བརྩེའི་འོད་ཟེར་གྱིས་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ། །ད་ནི་འདི་དག་ལ་དོན་འགྲེལ་ཅུང་ཟད་བཞག་པ། དང་པོ་འཕགས་པ་འཇལ་དཔལ་ལ་མཚོན་ན། །སྤྱིར་ཤེས་རབ་ཕུན་སུམ་ཚོགས་པ་ནི་འཕགས་པའི་ནོར་གྱི་ཕྱི་མོ་ཡིན་ཏེ། །བྱང་ཆུབ་སེམས་དཔའ་རྣམས་སློབ་པ་ལམ་གྱི་གནས་སྐབས་ན། འཕགས་པའི་སྤངས་རྟོགས་ཇི་བཞིན་བ་མངོན་དུ་མ་བྱས་ཀྱང་མཁྱེན་རབ་ཀྱི་མཚོན་ཆ་རྣོན་པོས་ཆོས་ཀྱི་ཚིག་དོན་ལ་རྣམ་པར་དཔྱོད་ཅིང་། །བསམ་གྱིས་མི་ཁྱབ་པའི་དོན་ལ་སེམས་པ་ཆོས་ཉིད་ཡིན་ཏེ། །དམ་པའི་ཆོས་པདྨ་དཀར་པོ་ལས། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་བྱའི་རྒྱལ་པོ་ཀ་ལ་པིངྐའི་ཕྲུལ་དུ་སྒོ་ངའི་སྒྲུབས་ན་འདུག་བ་སྒོང་ཆག་ཅིང་སྦུབས་ནས་མ་བྱུང་ཡང་འདི་ལྟ་སྟེ། །སྒྲ་ཡིད་དུ་འོང་བ་ཀ་ལ་པིངྐའི་སྒྲ་ཉིད་སྒྲོགས་སོ། །འཇལ་དཔལ་དེ་བཞིན་བྱང་ཆུབ་སེམས་དཔའ་མ་རིག་པའི་སྒོངའི་སྦུགས་ཞུགས་པ། །འཇིགས་ཚོགས་ལ་ལྟ་བ་མ་བཅོམ་པ། ཁམས་གསུམ་ན་མངོན་པར་མ་བྱུང་ཡང་འདི་ལྟ་སྟེ། །སྒྲ་སྟོང་པ་ཉིད་དང་། །ཚན་མ་མེད་པ་དང་། །སྨོན་པ་མེད་པ་དང་། །མངོན་པར་འདུ་བྱ་བ་མེད་པ་དང་། །སངས་རྒྱས་ཀྱི་ཆོས་ཀྱི་སྒྲ་ཉིད་སྒྲོགས་སོ། །འཇལ་དཔལ་འདི་ལྟ་སྟེ། །ཀ་ལ་པིངྐ་རྨ་བྱའི་ནང་དུ་སོང་ན་ཀ་ལ་པིངྒའི་སྒྲ་མི་སྒྲོགས་སོ། །ཀ་ལ་པིངྐའི་ནང་དུ་སོང་ན་ཀ་ལ་པིངྐའི་སྒྲ་སྒྲོགས་སོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ནང་དུ་སོང་ན་ཆོས་བསམ་གྱིས་མི་ཁྱབ་པའི་སྒྲ་མི་སྒྲོགས། །བྱང་ཆུབ་སེམས་དཔའི་ནང་སོང་ན་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའི་སྒྲ་སྒྲོགས་སོ། །ཞེས་གསུངས་ལ། །ཁྱད་པར་འཕགས་པ་འཇལ་དཔལ་ནི་གཟུངས་ཀྱི་དབང་ཕྱུག་ཆེན་པོ་དྲན་པ་མཉམས་བའི་བདག་ཉིད། །བློ་གྲོས་མ་རྨོངས་པ། རྟོག་པ་མ་གཡེངས། ཤེས་རབ་མངོན་དུ་བྱེད་པ། །ཆོས་ཐམས་ཅད་ཀྱི་ཚིག་རབ་རུ་ཐ་དད་པ་ཤེས་པ། །རྨོངས་པ་དང་མ་རིག་པའི་ཕྱོགས་མཐའ་དག་ཆར་གཅོད་པའི་མཁྱེན་རབ་

(༨༧)ཀྱི་མཚོན་ཆ་རྣོན་པོ་གདེངས་པས། །ཤེས་རབ་ཀྱིས་རྒན་པ་དང་། །ཐོབ་པས་རྒན་པ་དང་། སྤོབས་པས་རྒན་པའི་ཕྱིར་གྲལ་གྱི་ཐོག་མར་སྨོས་པ་ཡིན་ནོ། །གཉིས་པ་ཕྱག་ན་རྡོ་རྗེ་ནི། །འདུལ་བ་དང་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ། །རྒྱུད་དོ་ཅོག་ཅེས་མང་ཚིག་གིས་འདོམས་པའི་སྔགས་རྒྱུད་ཕྱི་ནང་གི་ཆོག་སོ་སོ་སྐྱེ་བོས་གྲངས་དང་རྣམ་དབྱེ་བསམ་པར་མི་ནུས་པ་ཐམས་ཅད་གསང་བའི་བདག་པོའི་སྐུའི་བཀོད་པ་སྣ་ཚོགས་པས་བཟུན་བ་ཡིན་ཏེ། །སྡེ་སྣོད་ཀྱི་ཆ་ཀུན་དགའ་བོ་དང་། །རྡོ་རྗེ་སྙིང་པོ་ལ་སོགས་བ་དང་། །རྒྱུད་སྡེའི་གནས་ཀྱི་གསང་བ་མཐའ་དག་རྡོ་རྗེ་འཛིན་པ་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་སྨྲ་བ་དང་། །རྡོ་རྗེ་རྣོན་པོ་ལ་སོགས་པའི་མཚན་གྱི་གྲངས་ཐ་དད་པས་བསྡུས་ཤིང་བཟུང་བའི་མཚན་ཉིད་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་སོགས་ནས་ལེགས་པར་བསྟན་ལ། དེ་དག་ཀྱང་དོན་དམ་པར། །འཆད་པ་བོ་ད་ཆོས་ཀྱང་། །ཞེས་སོགས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་གཉིས་སུ་མེད་པས་ན། །རྒྱལ་ཀུན་ཐུགས་ཀྱི་ཐིག་ལེར་ཞེས་པའི་བསྙོན་དོར་གྱི་སྒྲ་ཞུགས་བར་བསྟོད་པའོ། །གསུམ་པ་སྤྱན་རས་གཟིགས་ནི། །གང་གི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པའི་མཐུ་ལྷག་པར་ཡང་ཚད་མེད་པས་དེའི་མཚན་འཛིན་པ་ཙམ་ཡང་སྡུག་བསྔལ་ལས་གྲོལ་བར་པདྨ་དཀར་པོར། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་འཛིན་བདེ་དག་གལ་ཏེ་མེའི་ཕུང་བོ་ཆེན་པོར་ལྟུང་ན་ཡང་། ད་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས་མེའི་ཕུད་པོ་འབར་བ་ལས་ཐར་བར་འགྱུར་རོ། །ཞེས་པ་ནས་ཆུ་ཀླུང་ལ་སོགས་ཏེ་འཇིགས་པ་མཐའ་དག་ལ་སྦྱར་ནས་གསུངས་པ་ཡིན་ནོ། །རྒྱུ་དེས་མཚན་ཐོས་པ་ལའང་ཡོན་ཏན་དེ་ལྟ་བ་མང་བ་ན། །ངན་སོང་ལ་སོགས་པའི་སྡུག་བསྔལ་བྲང་པར་དཀའ་བས་ལྷག་པར་

(༨༨)གཟིར་བའི་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་ཀྱིས་ཀྱང་གང་སྐུ་མཐོང་བར་ཤོག་ཅིག་ཅེས་སྨོན་བ་ནི་སྤྱོད་འཇུག་ལས་ཀྱང་། །མ་ཏོག་འཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །དམྱལ་བའི་མེ་དམག་ཆིལ་ཆིལ་གསོད་བ་མཐོང་གྱུར་ན། །གློ་བུར་བདེ་བས་ཚིམས་པ་འདི་ཅི་སྙམ་པ་དང་། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨ་མཐོང་བར་ཤོག་ །ཅེས་གསུངས་སོ། །བཞི་པ་དང་ལྔ་པ་གཉིས་ལ་བྱང་ཆུབ་སེམས་དཔའ་མཐའ་དག་པའི་ངོ་བོའི་ཆོས་ཉིད་ཀྱི་སྒོ་ནས་བསྔགས་བ་སྟེ། །སའི་སྙིང་པོ་ལ། །དེ་ལ་ལམ་དང་འབྲས་བུའི་བྱེ་དྲག་གིས་ཕྱེ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཁྱད་པར་སྤྱིར་བསྟན་པ་དང་། །བྱང་ཆུབ་སེམས་དཔའི་བྱེ་བྲག་སྒོས་སུ་སྟོན་པ་ལས། །དང་པོ་ནི། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པ་དེ་སངས་རྒྱས། བར་ཆད་མེད་པའི་ལམ་དུ་ཞུགས་ད་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། །ཤེར་ཕྱིན་ལས། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཞུགས་པའང་གཞན་ལ། །འབྲས་བུ་ལ་གནས་པའང་གཞན་ཏེ། །དེ་གཉིས་ཀའང་འཕགས་པའི་གང་ཟག་མ་ཡིན་ཞེས་མི་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་དཔའི་ཆེན་པོ་ནི་བར་ཆད་མེད་པའི་ལམ་དུ་ཞུགས་པ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་སེམས་དང་པོ་བསྐྱེད་པ་ནི་སྨོན་སེམས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པ་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དང་། །དེ་བཞིན་གཤེགས་པ་དགྲ་བཅིམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཁྱད་པར་རོ། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་ཁྱད་པར་ལ་བཞི་སྟེ།སྤྱོད་པ་ལ་ཞུགས་པ་ནི་ཕྱིན་དྲུག་ །ཕྱིར་མི་ལྡོག་པ་ནི་དག་པའི་ས་གསུམ་ལ་གནས་པ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ཕྱིན་ཆད་ལམ་ལ་མི་གནས་པ་སྟེ། །ས་མཚམས་བཞིར་བློ་གྲོས་རྒྱ་མཚོས་ཞུས་པར་བཤད་པས། །འདིར་ཀ་མ་ཤཱི་ལའི་འདོད་པ་བཏང་སྙོམས་སུ་བཞག་གོ། །དེ་ལ་

(༨༩)འཕགས་པའི་ངེས་ཚིག་ནི། མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས། །རྡུལ་དང་ལྟ་བ་ཐམས་ཅད་དང་བྲལ་བའི་ཕྱིར་འཕགས་པ་ཞེས་བྱའོ། །ཞེས་གསུངས་སོ། །ལྔ་བ་ནི། ཐླྷཻ། སྒྲིབ་བ་རྣམ་པར་སེལ་བའི་མཚན་གཞི་དོན་དམ་བདེན་པ་ལ་སྦྱར་ན། །སངས་རྒྱས་ལ་གཟུགས་སུ་བལྟ་བ་དང་། ཆོས་ལ་སྒྲ་ཚིག་དུ་གོ་བ་དང་། །དགེ་འདུན་ལ་ཚོགས་སུ་བལྟ་བ་དང་། ཤེས་རབ་ཀྱི་མིག་མ་དག་པ་རྣམས་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་བྱའི་སྒྲིབ་པར་འགྱུར་པ་སྟེ་སྤངས་ཤིང་རྣམ་པར་སེལ་བ་ལ་སྦྱོར་ཏེ། །ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་བས་བསྟན་པ་ལས། །སངས་རྒྱས་ལ་ཆོས་ཉིད་དུ་མཐོང་གིས། །གཟུགས་སུ་མ་ཡིན་པ་དང་། །ཆོས་ལ་འདོད་ཆགས་དང་བྲལ་བར་མཐོང་གིས་ཡི་གེ་དང་། །ངེས་པའི་ཚིག་དུ་མ་ཡིན་པ་དང་། དགེ་འདུན་ལ་འདུས་མ་བྱས་སུ་མཐོང་གིས་ཚོགས་སུ་མ་ཡིན་པ་དང་། ཤེས་རབ་ཀྱི་མིག་ཡོངས་སུ་དག་པར་འགྱུར་བ་སྟེ། །བཞི་པོ་དེ་དག་གོ། །ཞེས་གསུངས་སོ། །དྲུག་པ་ནམ་མཁའི་སྙིང་པོ་ནི། །སྨོན་ལམ་དང་ཐབས་ལ་མཁས་པའི་ཐུགས་བསྐྱེད་ཀྱིས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་། །སྡིག་པའི་ལྟ་བ་དང་། །ངན་སོང་དུ་འགྲོ་བའི་ལས་དང་། །ཁྱད་པར་ལྟུང་བའི་ཉེས་པ་སྤྱི་དད། །བྱེ་བྲག་ཏུ་རྒྱལ་པོ་ལ་གདམས་པ་ལྔ། བློན་པོ་ལ་གདམས་པ་ལྔ། ཉན་ཐོས་ཀྱི་ལྔ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དག་གི་བརྒྱད་ལ་སོགས་པའི་ཉེས་པ་ཐམས་ཅད་འཁྲུད་པའི་གཉེན་པོ་ཡིན་ཏེ། །ནམ་མཁའི་སྙིང་པོའ་མདོ་ལས། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་འདི་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ། །སེམས་ཅན་ལ་ཕན་པའི་ཕྱིར་ཞུགས་པ། །སྡུག་བསྔལ་ཆེན་པོ་ལས་ཐར་བར་བྱེད་པ་སྟེ། །སེམས་དག་དག་ལྟུང་བའི་རྩ་བ་འབྱུང་བ། །ངན་སོང་དུ་འགྲོ་བ། །དགེ་བའི་རྩ་བ་ཐམས་ཅད་སྤུགས་པར་བྱེད་པ། །འཇིག་པར་བྱེད་

(༩༠)པའི་སེམས་ཅན་དེ་དག་ལ་རིགས་ཀྱི་བུ་འདི་ནི་སྨན་དུ་གྱུར་པའོ། །མ་རིག་པའི་མུན་ནག་དང་ལྟ་བ་ངན་པས་སྡུག་བསྔལ་བར་འགྱུར་པ་རྣམས་ལ་ནི་འདི་ཉི་མ་དང་མཚུངས་པའོ། །ལྟུང་བའི་རྩ་བ་འཆགས་སུ་འཇུག་པའོ། །དེ་དག་གི་སྙིང་ལ་ཐེ་ཚོམ་ཡོད་པ་དང་འབྲལ་བར་བྱེད་པའོ། །གང་དག་གི་སྙིང་གི་སྣོད་ཆག་པར་གྱུར་བ། །ལྟུང་བར་གྱུར་པ། །ཕམ་པར་གྱུར་པ། །སེམས་ཅན་དགེ་བའི་ཆོས་ཐམས་ཅད་ཞིག་པར་གྱུར་པ། །ངན་སོང་དུ་འགྲོ་བ། མགོན་མེད་པ། །རྟེན་མེད་པ། །ཁམས་པ་ཐམས་ཅད་ཀྱིས་སྤངས་པ་རྣམས་ལ་ནི་རིགས་ཀྱི་བུ་འིད་འཁོར་བ་དང་མཚུངས་པའོ། ལམ་སྟོན་པའོ། སྡིག་པ་ཐམས་ཅད་དང་། །དྲི་མི་ཞིམ་བ་ཐམས་ཅད་སྟོན་པར་བྱེད་པ་འཁྲུ་བར་བྱེད་པའོ། །འགྲོ་བ་ངན་པའི་ལམ་ལས་ལྡོག་པར་བྱེད་པའོ། །ཤིང་རྟ་དང་མཚུངས་པའོ། །མཐོ་རིས་དང་ཐར་བ་ལ་འཛེག་བར་བྱེད་པའོ། །རིགས་ཀྱི་བུ་འདི་ནི་སེམས་ཅན་གང་དག་སེམས་ཤིན་ཏུ་འདོད་པར་འཇུག་པ་དང་། །གང་དག་ཤིན་ཏུ་ཁྲོ་བ་དང་། གནོད་སེམས་དང་། གནོད་པ་འཆང་པ་དང་། །སེར་སྣས་སེམས་འཁྲུགས་པར་འགྱུར་བ་དང་། །གང་དག་ཤིན་ཏུ་གཏི་མུག་གི་མུན་པར་སོང་བ་དང་། །རྒྱུ་མེད་པར་སྨྲ་བ་དང་། །འཇིག་རྟེན་ཕ་རོལ་གྱིས་མི་འཇིག་པར་བལྟ་བ་དང་། །གང་དག་ནོར་སོགས་པས་ཆོག་མི་ཤེས་པ་དང་། །གང་དག་མི་དགེ་པའི་ཆོས་བཅུའི་སར་དང་། རྟག་ཏུ་ཤིན་ཏུ་ལྡན་པའི་སེམས་ཅན་དེ་དག་གི་ངན་སོང་གི་སྒོ་གཅོད་པར་བྱེད་བ་ནས་ཤིང་རྟ་དང་མཚུངས་པའི་བར་དུ་ཡིན་ཏེ། སེམས་ཅན་རྣམས་མཐོ་རིས་དང་ཐར་པ་ལ་གཞོག་པར་བྱེད་པའོ། །དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མ་གཏོགས་པར་རིགས་ཀྱི་བུ་འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་བྱ་བ་ཡིན། ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་ནམ་མཁའི་དྲན་ཞིང་མིང་ནས་བརྗོད། བདུག་པས་བདུགས། །རིག་པ་བཟླ་བ་དང་། ཕྱག་བཙལ་ནས་ཉལ་བ་དེའི་མདུན་དུ་བྱང་ཆུབ་སེམས་དཔའ་དེ། དགེ་

(༩༡)སྤྱོད་དང་། །བྲམ་ཟེ་དང་། བརྒྱ་བྱིན་དང་། དཔལ་དང་། །དབྱངས་ཅན་དང་། །རྒྱལ་བློན་དང་། །སྨན་པ་དང་། །བུ་དང་། བུ་མོ་ལ་སོགས་པའི་གཟུགས་སུ་བྱོན་ནས་སེམས་ཅན་དེའི་སྡིག་པ་དང་། ནད་དང་ལྟུང་བ་དང་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་མདོ་དེ་ཉིད་ལས་ཏིན་ངེ་འཛིན་རྒྱ་མཚོ་དང་མཚུངས་པ། །བསླབ་པ་རི་རབ་དང་མཚུངས་པ། ཡེ་ཤེས་ནམ་མཁའ་དང་མཚུངས་པ། བརྩོན་འགྲུས་རླུང་དང་མཚུངས་པ། བཟོད་པ་རྡོ་རྗེ་དང་མཚུངས་པ། དགེ་བའི་རྩ་བ་ཆད་དེ་ལྕང་ རྣམས་ཀྱི་འཁོར་བའ་ལྟ་བུ། ཚིག་ངན་པ་དང་སྐུར་པས་གདུངས་བ་རྣམས་ཀྱི་གདུགས་ལྟ་བུ་ཞེས་གསུངས་སོ། །བདུན་པ་བྱང་ཆུབ་སེམས་དཔའ་བྱམས་བ་ནི། ཚེ་ལོ་བརྒྱ་བའི་དུས་ནས་དགའ་ལྡན་ན་ལྷའི་བུ་དམ་པ་ཏོག་དཀར་པོའི་རྒྱལ་ཚབ་ཏུ་བྱང་ཆུབ་སེམས་དཔའི་དང་ཚུལ་དུ་བཞུགས་ཤིང་མ་འོངས་པ་ན་སངས་རྒྱ་བའི་ཚུལ་བྱམས་པའི་མདོར། །མྱ་ངན་ལས་འདས་ནས་རིམ་གྱིས་རྣམ་པ་ལྔ་ནུབ་པར་འགྱུར་ཏེ། །ཞེས་འབྲས་བུ་ཐོབ་པ་དང་། །སྒྲུབ་པ་ལ་གནས་བ། ལུང་གི་ཆོས།དུར་སྨྲིག་གི་རྟགས།ཐུབ་པའི་རིང་བསྲེལ་རྣམས་སྟོང་ཕྲག་ལྔ་ཡིས་ནུབ་པར་གྱུར་ནས།ལོ་ལྔ་བལ་ཁྱིམ་ཐབས་བྱེད་པའི་ཚེ་ལོ་བཅུ་པ་དང་། མུ་གེ་དང་།ནང་དང་།མཚོན་གྱི་བར་གྱི་བསྐལ་པ་གསུམ་རྫོགས་ནས༑ འབྲས་ས་ལུ་དང་གོས་རྒྱན་རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ། ཚེ་ལོ་གྲངས་མེད་བར་འཕེལ་ཞིང་། དེ་ནས་འགྲིབ་པ་བརྒྱད་ཁྲི་བའི་ཚེ། །འཛམ་བུའི་གླིང་ཐམས་ཅད་ལྷ་དང་སྐྱེ་མཆེད་མཚུངས།སྣོད་བཅུད་ཀྱི་འབྱོར་བ་ཡང་ལྷའི་ལོངས་སྤྱོད་ལྟ་བུར་གྱུར་པའི་ཚེ། །བྱམས་པ་འཇིག་རྟེན་དུ་འབྱོན་པར་འགྱུར་ཏེ་མདོ་དེ་ཉིད་ལས། དེའི་དུས་ན་བྱང་ཆུབ་སེམས་དཔའ་བྱམས་པ་འདི་གྲངས་མེད་པའི་བསྐལ་བ་འབུམ་ཕྲག་གཅིག་དང་བཅུ་དྲུག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་ཏོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་ནས་ཐམས་ཅད་སྒྲོལ་བའི་ཚུལ་གྱིས་ཐ་མ་ཉིད་དུ་སྦྱིན་པ་ཆེན་པོ་སྟེ། ཕ་ཏོལ་ཏུ་ཕྱིན་བའི་ཚོགས་

(༩༢)ཐམས་ཅད་མཐར་ཕྱིན་ཅིང་འདི་ནས་དགའ་ལྡན་དུ་མངོན་པར་སྐྱེས་ཏེ། དེའི་དུས་ན་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུའི་ལྷ་ཐམས་ཅས་འོངས་ཏེ་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་སྒྲ་དབྱངས་སྙན་པ་ཆེན་པོ་འབྱིན་ཞིང་མངོན་པར་རྫོགས་པར་འཚང་རྒྱ་བར་གསོལ་ཞེས་བསྐུལ་བར་བྱེད་དོ། །དེ་ནས་གཟིགས་པ་རྣམ་པ་ལྔ་ལ་མངོན་པར་གཟིགས་ཏེ། དགའ་ལྡན་གྱི་ལྷའི་འཁོར་ནས་འོངས་ཏེ་རྒྱལ་པོ་དུང་གི་གྲོང་ཁྱེར་རྒྱལ་མཚན་བློ་གྲོས་སུ་བྲམ་ཟེ་མདུན་ན་འདོན་ཚངས་རབ་ཅེས་བྱ་བའི་བཙུན་མོ་ཚངས་ལྡན་ཞེས་བྱ་བའི་ལྷུམས་སུ་འཇུག་སྟེ། འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་འདར་ཞིང་གཡོ་པར་འགྱུར་རོ། །དེར་ཟླ་བ་བཅུ་སོང་ནས་དྲང་སྲོང་ལྷུང་བའི་རི་དྭགས་རྒྱུ་བའི་གནས་སུ་ཡུལ་ལས་འཁྲུངས་ཏེ་རིམ་གྱིས་ནར་སོན་ནས་རང་གི་བསོད་ནམས་ཀྱི་མཐུ་ལས་ས་འོད་གནས་ནོར་བུ་རིན་པོ་ཆེ་བདུན་ལས་གྲུབ་པའི་ཁང་བཟང་བཞི་བྱུང་བའི་ནང་དུ་རང་ཉིད་ལྷ་བཞིན་དུ་ལྷ་མོ་ཟླ་བའི་གདོང་ཅན་དང་།གཞན་ཡང་ལྷ་མོ་ལྟ་བུའི་བུད་མེད་མང་པོ་དང་ལྷམ་གཅིག་ཏུ་ལོ་སྟོང་ཕྲག་གཅིག་ཏུ་ལྷའི་ལོངས་སྤྱོད་ལྟ་བུ་ལ་བདེ་བར་སྤྱོད་དེ།དེ་ནས་ཐ་མའི་ཞག་ལ་བཙུན་པའི་བཟུགས་ཞིག་མཐོང་ནས་གསེར་གྱི་ཁང་བུར་སེང་གེའི་རྒྱལ་པོ་མི་དགའ་བ་བཞིན་དུ་རིན་པོ་ཆེའི་ཁང་བཟངས་དཔལ་མང་པོ་ཡོད་པ་ལ་མི་དགའ་ཞིང་ངེས་པར་འབྱུང་བ་ཆེན་པོའི་སེམས་བྱུང་སྟེ། འཇིག་རྟེན་འཁོར་ལོ་སྟོང་ཕྲག་བཅུ་ཐམས་ཅད་ཀྱི་ལྷ་རྣམས་ལྷའི་མེ་ཏོག་ལག་ཏུ་ཁྱེར་ནས་འཇིག་རྟེན་གྱི་འཁོར་ལོ་འདིར་འོངས་ཏེ་འཁོད་པར་བྱེད་དོ། །རྒྱལ་པོ་དུང་དང་བཅས་པའི་མི་མང་པོ་ཡང་མེ་ཏོག་དང་།དྲི་དང་།སྤོས་ཁྱེར་ཏེ་ཁང་བཟངས་ལ་བསྐོར་ནས་འཁོད་པར་བྱེད་དོ།།ནམ་མཁའི་ལྷ་རྣམས་ཀྱང་ལྷའི་མེ་ཏོག་ལག་ཏུ་ཁྱེར་ནས་ལེགས་སོ་ལེགས་སོ་ཞེས།།འོད་མིན་གྱི་བར་དུ་སྒྲ་ཆེར་སྒྲོགས་ཅིང་འཁོད་པར་བྱེད་དོ།།དེ་ནས་རིན་པོ་ཆེའི་ཁང་བཟངས་རྫ་མཁན་གྱི་འཁོར་ལོ་བཞིན་དུ་འཁོར་ཤིང་ནམ་མཁའ་ལ་སོང་ནས་བཅོ་ལྔའི་ཟླ་བ་སྐར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བཞིན་དུ་བྱང་ཆུབ་སེམས་དཔའི་ནི་ཟླ་

(༩༣)བའི་གདོང་ཅན་མ་དང་། གཞན་བཙུན་མོའི་ཚོགས་དང་བཅས་པ་ནམ་མཁའ་ལ་འགྲོ་བར་བྱེད་དེ། སེམས་དཔའ་ཆེན་པོ་དེ་དང་ཐབས་གཅིག་ཏུ་འགྲོ་བའི་སེམས་ཡོད་པ་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བར་བྱེད་དོ། །དེ་ནས་ཚངས་པ་ཆེན་པོས་ནི་བག་ཚད་གསུམ་ཙམ་ཡོད་པའི་གདུགས་དཀར་པོ་འཛིན་ཅིང་ལྷའི་དབང་པོའི་རྒྱལ་པོས་དུང་འབུད་པར་བྱེད་དོ། །འདི་ལྟར་བསོད་ནམས་ཀྱིས་དཔལ་ཆེན་པོའི་ལྷ་དང་མིས་བསྐོར་བའི་ཁང་བཟངས་དང་བཅས་བས་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་ཉེ་བར་འོངས་ཏེ། ཞེས་དང་། དེ་ལྟར་བྱང་ཆུབ་ཀྱི་ཤིང་ཀླུང་ཤིང་ཉེ་འཁོར་དུ་འོངས་ཏེ་ནམ་མཁའ་ལས་བབས་ནས་ཁང་བཟངས་སའི་ཉེ་འཁོར་ཡིད་དུ་འཐད་པའི་སྟེང་དེ་ཉིད་དུ་འཁོད་བར་བྱེད་དོ། །དེར་དཔལ་གྱི་ཁང་བཟངས་ཀྱི་ནང་དུ་ཞག་བདུན་དུ་དཀའ་འཐུབ་བྱེད་དོ། །དེ་ནས་ཚངས་པ་ཆེན་པོས་ཕུལ་བ་མཁོ་བའི་ཡོ་བྱད་བླངས་ཏེ་རབ་ཏུ་བྱུང་བར་བྱེད་དོ། །འཁོར་ཐམས་ཅད་ཀྱང་རབ་ཏུ་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། བརྒྱས་ཁྲི་བཞི་སྟོང་གྲངས་སྙེད་ཀྱི། །བྲམ་ཟེའི་རིག་བྱེད་རབ་མཁས་པས། །ང་ཡི་རྗེས་སུ་རབ་ཏུ་འབྱུང་། །འཁོར་རྣམས་ཀུན་ཀྱང་རབ་ཅུ་འབྱུང། །དེ་ལྟར་རབ་ཏུ་བྱུང་ནས་ལྷ་མོ་ཟླ་བའི་གདོང་ཅན་མས་ཕུལ་བའི་སོ་ཐུག་རོ་སྣ་ཚོགས་དང་ལྡན་པ་གསོལ་བར་བྱེད་དོ། །དེའི་དགོངས་ཐུན་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་འོངས་ཏེ་རྣམ་པར་རྒྱལ་བའི་ཁང་བཟངས་སུ་ཁྲི་བཤམས་པ་ལ་ཤར་གྱི་འཇིག་རྟེན་ལ་མངོན་པར་གཟིགས་ཏེ་བཞུགས་པར་མཛད་དོ། །དེ་ནས་རིམ་གྱིས་ཉི་མའི་སྐྱ་རེངས་ཤར་བའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་མཛད་དེ་འདི་སྐད་གསུང་རབ་འགྱུར་རོ། །འཁོར་བའི་སྐྱེ་བོ་མང་པོར་ནི་དུག་མེད་པ་ཡི་དོན་གྱི་ཕྱིར། །གནས་བཟང་ཀུན་ཏུ་བཙལ་བྱས་ཀྱང་། །ཡང་ཡང་སྐྱེ་བའི་སྡུག་བསྔལ་བྱུང་། །ད་ནི་གནས་བཟང་མཆོག་ཐོབ་པས། །ད་གཟོད་གནས་གཞན་མི་འགྲོ་སྟེ། །དུག་ཁྱིམ་སྡུག་བསྔལ་ཐམས་ཅད་བཅས། །རབ་བཅོམ་ཐོ་བས་བཤིག་པ་ཡིན། །ཉོན་མོངས་དུག་བཅས་འདོད་པ་

(༩༤)ཡི། །ཡིད་ནི་རྣམ་པར་དག་པར་བྱས། །འདི་སྐད་ཅེས་གསུངས་ནས་བྱང་ཆུབ་ཀྱི་ཤིང་ལ་ཉེ་བར་གནས་ཏེ་ཞག་བདུན་ཕྲག་བདུན་སོང་བ་དང་། ཚངས་པས་གསོལ་བ་འདེབས་བ་གསན་ནས་དྲང་སྲོང་ལྷུང་བའི་གནས་སུ་ཕྱིན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་གཤེགས་པའི་ཚེ། ཞབས་ནི་བསྐྱོད་པ་མེད་པར་ཡང་། །ཤིན་ཏུ་རྒྱས་པའི་པད་སྟེང་གཤེགས། །འདབ་མ་ཁྲུ་ནི་སུམ་ཅུར་བཅས། །བར་གྱི་འདབ་མ་ཉི་ཤུ་ལྔ། །གེ་སར་ཉི་ཤུའི་ཁྲུ་དང་ལྡན། །ཟེའུ་འབྲུ་ལ་ནི་བཅུ་དྲུག་སྟེ། །གེ་སར་ཁ་དོག་ཤིན་ཏུ་དམར། །མེ་ཏོག་པདོྨ་ཆེན་པོ་འབྱུང་། །སྟོབས་བཅུ་མངའ་བའི་འོད་ཟེར་རབ་ཏུ་འབར་ཞིང་གསལ་ཏེ་ཉི་མའི་འོད་དམིགས་ལ་ཞིང་ཉིན་མཚན་བྱེ་བྲག་མེད་པར་འགྱུར་རོ། །དེའི་ཚེ་སྔ་དྲོད་དགོངས་མོ་བྱའི་སྒྲས་ཤེས་པར་བྱེད་པ་དང་། །མེ་ཏོག་རྒྱས་བས་ཀྱང་འཇིག་རྟེན་པ་རྣམས་གོ་བར་བྱེད་དོ། །གང་དང་གང་ན་ཆོས་འཆད་པ་ཡོད་པ་དེ་དང་དེར་ཆོས་ཀྱི་སྒྲ་ཐམས་ཅད་ལ་རབ་ཏུ་གྲགས་ཤིང་འཆད་པར་བྱེད་དོ། །དེའི་ཚེ་བྲམ་ཟེ་བརྒྱད་ཁྲི་བཞི་སྟོང་དང་། ཚངས་པ་ས་ཡ་ཕྲག་བཅོ་བརྒྱད་ཀྱིས་ཐོག་མར་ཆོས་ཀྱི་བདུད་རྩི་འཐུངས་ཏེ། འདི་ལྟར་བཅོམ་ལྡན་འདས་བསོད་ནམས་དང་བྱིན་རླབས་བརྒྱ་ཕྲག་མང་པོ་དང་ལྡན་པ་འོད་ཟེར་ཁ་དོག་སྣ་ཚོགས་པ་འགྱེད་ཅིང་། བརྒྱ་ཕྲག་མང་པོའི་མཚན་ཅན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་མཉམ་པར་ལྡན་ཞིང་ངོ་མཚར་མང་པོ་མངའ་བ། བརྒྱ་ཕྲག་མང་པོའི་འོད་དེའི་སྐུ་ལས་འབྱུང་བ་ཡིན་ནོ། །ཞེས་དང་། དེ་ལྟ་བུའི་སངས་རྒྱས་དེ་ནི་དཔེ་མེད་པའི་དཔལ་དང་། སངས་རྒས་ཀྱི་ཡོན་ཏན་མཐའ་མེད་པ་དང་ལྡན་ཞིང་། འཇིག་རྟེན་འཁོར་ལོ་སྟོང་ཕྲག་བཅུ་པོ་ཐམས་ཅད་ཀྱི་ལྷ་དང་མིའི་དབུས་སུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བསྟེན་པར་མཛད་བ་ཡིན་ནོ། །དེའི་རྗེས་སུ་ས་ཡ་འབུམ་ཕྲག་གཅིག་གི་ལྷ་དང་མི་རྣམས་འཛིན་བ་མེད་པར་དང་པོ་ཉིད་ནས་དང་པོ་ཉིད་དུ་ཆོས་ཀྱི་མཆོག་གིས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། རྣམ་པར་གྲོལ་བ་མཐོབ་པ་རྣམས་ལྷའི་ཡུལ་དུ་སྐྱེ་བར་འགྱུར་རོ། །འདི་ལྟར་

(༩༥)བྱམས་པ་ལེགས་པའི་མཆོག་ཆེན་པོ་དེ་གང་གིས་མི་མཐོང་ཞེ་ན། །མ་བསད་པ་དང་། །ཕ་བསད་པ་དང་། །དགྲ་བཅོམ་པ་བསད་བ་དང་། དགེ་སློང་མ་སུན་བྱུང་བ་དང་། དགེ་འདུན་གྱི་དབྱེ་ན་བྱེད་པ་སྟེ་སྡིག་པའི་ལས་ལྔ་བྱེད་བ་དང་། མཆོག་རྟེན་བཤིག་པ་དང་། བྱང་ཆུབ་ཀྱི་ཤིང་བཅད་པ་དང་། བྱང་ཆུབ་སེམས་དཔའ་བསད་པ་དང་། །དགེ་འདུན་གྱི་འཚོ་ཉམས་པར་བྱེད་བ་དང་། །སེར་སྣ་ཆེ་བ་དང་། རྟག་ཆད་དུ་ངེས་པར་ལྟ་བའི་མུ་སྟེགས་དང་། འཕགས་པ་རྣམས་ལ་སྨོད་པ་དང་། །གཅེར་བུ་བའི་རིགས་ཅན་རྣམས་ཀྱིས་མི་མཐོང་བ་ཡིན་ནོ། །ཚིགས་སུ་བཅད་པ་སྟོང་ཕྲག་གཅིག་གི་རྒྱན་ཡོད་པའི་ཐམས་ཅད་སྒྲོལ་བའི་སྐྱེས་རབས་ཆེན་པོ་སྟོང་ཕྲག་གསུམ་བཞག་གཅིག་ལ་འཆད་ཅིང་ཉན་པར་བྱེད་པའི་མི་དང་། མར་མེ་སྟོང་ཕྲག་གཅིག་འབུལ་བ་དང་། །དྲི་བཟང་པོ་མེད་ན་ཡང་མེ་ཏོག་སྟོང་ཕྲག་གཅིག་ཙམ་འབུལ་བ་དང་། ཨུཏྤལ་སྔོན་པོ་སྟོང་ཕྲག་གཅིག་ཙམ་འབུལ་བ་དང་། སངས་རྒྱས་ཀྱི་རིང་བསྲེལ་ཡོད་པའི་མཆོད་རྟེན་དང་། སངས་རྒྱས་ཀྱི་སྐུ་ལ་མཆོད་པ་བྱེད་པ་ཐམས་ཅད་ནི་སངས་རྒྱས་བྱམས་པ་དེ་ཆོས་འཆད་པའི་དུས་སུ་ངའི་དྲུང་དུ་ཆོས་ཀྱི་མཆོག་གིས་རྣམ་པར་གྲོལ་བ་ཐོབ་པ་དང་། མཐོང་བར་འགྱུར་རོ། །དེ་མ་ཡིན་བ་སེམས་ཅན་སྦྱིན་པ་གཏོང་བ་དང་། སྡོམ་པ་བསྲུང་བ་དང་ལྷ་ཁང་བྱེད་པ་དང་། བྱང་ཆུབ་ཀྱི་ཤིང་གི་ས་བོན་སྐྱེད་བ་དང་། རིང་བསྲེལ་གྱི་མཆོད་རྟེན་བྱེད་པ་དང་། བྱང་ཆུབ་ཀྱི་ཤིང་དང་མཆོད་རྟེན་ལ་ཞབས་ཏོག་བྱེད་པ་དང་། །སེམས་ཅན་ལ་ཕན་པའི་ཚུལ་བྱེད་པ་དང་། ཟམ་བ་བྱེད་པ་དང་། ལམ་འཆོས་པ་དང་། མགྲོན་པོའི་གནས་ཁང་བྱེད་པ་དང་། ཆུ་མིག་བྱེད་བ་དང་། སངས་རྒྱས་ཀྱི་བསྟན་པ་ལ་དད་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་འདི་དག་འཆང་བ་ལ་དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པ་བྱེད་པ་དང་། ཁྲིལ་བྱི་དོར་བྱེད་ཅིང་ལེགས་པར་ཆོས་ཉན་བ་དང་། དགེ་འདུན་ལ་བསྙེན་པ་བཀུར་དམ་པ་བྱེད་བ་དང་། །མ་དང་ཕའི་ཞབས་ཏོག་བྱེད་བ་དང་། རིགས་

(༩༦)ཀྱིས་ཆེ་བ་ལ་གུས་པར་བྱེད་བ་དང་། སྡོམ་པ་སྲུང་བའི་དུས་སུ་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། ཚེས་བཅོ་ལྔ་ལ་དུས་སྟོན་བྱེད་བ་དང་། ལྷུང་བཟེད་འབུལ་བ་དང་། སྟན་སྟེར་བར་བྱེད་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་ཞིང་མཇལ་བ་ཡིན་ནོ། །དེ་ལྟ་བུའི་བསོད་ནམས་མང་པོ་མི་ནུས་ན་ཡང་མེ་ཏོག་སྦར་མོ་རེ་ཙམ་དང་། མར་མེ་གཅིག་ཙམ་འབུལ་བར་བྱེད་པ་དང་། གཞན་གྱི་བསོད་ནམས་ལ་རྗེས་ཡི་རང་བའི་དགེ་བར་བྱེད་པའི་ལྷ་དང་མི་རྣམས་ཀྱིས་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་བ་དེ་མཐོང་བར་འདོད་བའི་དང་བ་ཡོད་ཅིང་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བསྙེན་གནས་སྒྲུབ་པ་དང་། དོན་ཡང་དག་བར་སྒོམ་བ་དང་། དགེ་བའི་ལས་ཤིན་ཏུ་ལེགས་པར་བྱེད་པ་རྣམས་ཀྱིས་ཤིན་ཏུ་ལེགས་པར་མཐོང་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟ་བུའི་སངས་རྒྱས་དེ་ནི་སྔོན་གྱི་བསོད་ནམས་ཀྱི་མཐུས་སྣོད་བཅུད་ཀྱི་འབྱོར་པ་ཤིན་ཏུ་རྒྱས་བའི་དུས་ན་འབྱོན་ཞིང་། རང་གི་སྐུ་ཚད་དང་ཁྲུ་བརྒྱད་ཅུ་རྩ་བརྒྱད་པའི་སྲིད་དུ་རིང་ལ་གདུལ་བྱ་བསམ་གྱི་མི་ཁྱབ་པའི་ཚུལ་བྱམས་བ་ལུང་བསྟན་པའི་མདོར། །སངས་རྒྱས་བྱམས་པ་མི་མཆོག་དེའི། །འབྱོར་བ་རྒྱས་པར་ཁྱེད་ལ་དས༑ །ལུང་བསྟན་བྱ་ཡིས་ངལ་ཉོན། །དེ་ཡི་ཚོན་ཡུལ་གྱི་མི། །དར་ཞིང་འབྱོར་པ་ཚད་པ་མེད། །འཆི་མེད་མི་ནི་དེ་དག་ཀྱང་། དགེ་བ་བྱེད་པ་དག་ཏུ་འགྱུར། །ས་གཞི་ཚེར་མ་མེད་པ་དང་། །མཉམ་ཞིང་ནེའུ་གསིང་སྔོ་དང་ལྡན། །མངར་ཞིང་དྲི་མི་ལྡན་བ་ཡི། །ས་ལུ་མ་རྨོས་པར་སྐྱེས་ཏེ༑ སོགས་བའི་མུར། །འགྱུར་འབྱུང་དཔའ་བོ་ཆེན་པོ་སྟེ། །བསོད་ནམས་བརྒྱ་ཡི་སྟོབས་ལས་སྐྱེས། །ཞེས་དང་། །དེ་ཡི་སྐུ་ཡི་ཁྲུན་དུ་ནི། །ཁྲུ་ནི་བརྒྱད་ཅུ་དག་རུ་འགྱུར། ཞེང་ནི་ཁྲུ་རྣམས་ཉི་ཤུ་སྟེ། །ཞལ་གྱི་དཀྱིལ་འཁོར་དེ་ཡི་ཕྱེད། །ཅེས་དང་། །དེ་ཡི་འདུས་པ་དང་པོ་ནི།

(༩༧) ཉན་ཐོས་སྲིད་པ་བཅད་གྱུར་པ། །དུང་ཕྱུར་ཕྲག་དགུ་བྱེ་ཕྲག་དྲུག་ །ཚངས་བའི་ཉན་ཐོས་འབྱུང་བར་འགྱུར། །དེ་ཡི་འདུས་བ་གཉིས་པ་ནི། །ཉོན་མོངས་འཆིང་བ་ལས་གྲོལ་བའི། །དུང་ཕྱུར་ཕྲག་དགུ་བྱེ་བྲག་བཞི། །ཚངས་བའི་ཉན་ཐོས་འབྱུང་བར་འགྱུར། །དེ་ཡི་འདུས་པ་གསུམ་པ་ནི༑ །སེམས་ཞི་རྣམ་པར་གྲོལ་གྱུར་པ། །དུང་ཕྱུར་ཕྲག་དགུ་བྱེ་ཕྲག་གཉིས། །ཚངས་པའི་ཉན་ཐོས་འབྱུང་བར་འགྱུར། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །ལྷ་དང་མི་རྣམས་རྣམ་བཏུལ་ཏེ། །ཉན་ཐོས་དགེ་འདུན་ཐབས་གཅིག་ཏུ། །གྲོང་དུ་བསོད་སྙོམས་སྤྱོད་ལ་རྒྱུ། །དེ་ནས་རྟོག་ལྡན་དགའ་ལྷ་ཡི། །གྲོང་ཁྱེར་དེར་ནི་གཤེགས་པ་ན། །གྲོང་ཁྱེར་མཆོག་ཏུ་མནྡཱ་རའི། །མེ་ཏོ་ཆར་ཆེན་འབབ་བར་འགྱུར། །ཐུབ་པ་གྲོང་དེར་གཤེགས་པ་ལ། །ལྷ་ཡིས་མེ་ཏོ་འཐོར་བ་འགྱུར། །རྒྱལ་པོ་ཆེན་པོ་བཞི་དག་དང་། །བརྒྱ་བྱིན་སུམ་ཅུ་རྩ་གསུམ་དབང་། །ཚངས་པ་ལ་སོགས་ཐབས་གཅིག་ཏུ། །དེ་ལ་མཆོད་པ་བྱེད་པར་འགྱུར། །ལྷ་ཡི་བུ་ནི་མཐུ་ཆེན་གྱིས། །ཨུཏྤལ་པདྨ་ཀུ་མུ་ཏ། །པདྨ་དཀར་པོ་དྲི་ཞིམ་དང་། །ཨ་ཀ་རུ་དང་ཅན་དན་དང་། །དེ་བཞིན་ལྷ་རྫས་ཕྲེང་བ་དང་། །ལྷ་རྫས་གོས་ཀྱང་མཐོང་བར་འགྱུར། །འཇིག་རྟེན་མགོན་དེ་གྲོང་ཁྱེར་གྱི། །མཆོག་གི་གཤེགས་པ་མཐོང་ནས་ནི། །ཤིང་བལ་འདབ་ལྟར་འཇམ་བ་ཡི། །ས་དེར་གདིང་བ་རྒྱ་ཆེར་འདིངས། །དེ་དག་ལམ་དཀར་ཕྲེང་བ་ནི། །སྣ་ཚོག་ས་མཛེས་པ་རྣམ་པར་འགྲེམས། །ལྷ་ཡི་བུ་ནི་མཐུ་ཆེན་དང་། །མི་རྣམས་ཡིད་ནི་རང་དང་བ། །གདུགས་དང་རྒྱལ་མཚན་བ་དན་དང་། །སྤོས་དང་ཕྲེང་བ་བྱུག་པ་དང་། རོལ་མོ་སྒྲ་སྙན་བསྒྲགས་པ་ཡིས། །སྟོན་པ་ལ་ནི་མཆོ་བར་འགྱུར། །བརྒྱ་བྱིན་མིག་སྟོང་ལྷ་རྣམས་ཀྱིས། །རྒྱལ་པོ་བདེ་སོགས་བདག་པོ་དེ། །རབ་མགུ་ཐལ་མོ་སྦྱར་ནས་ནི། །འཇིག་རྟེན་མགོན་ལ་བསྟོད་པ་བྱེད། །ཅེས་དང་། །དེའི་ཚེ་སེམས་ཅན་རྣམས་ཀྱང་ཉོན་

(༩༨)མོངས་པ་ཆུང་ཞིང་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་ཚངས་པར་སྤྱོད་པ་དག་ཀྱང་མྱ་ངན་ལས་འདའ་བར་སླ་སྟེ། །དེ་སྐད་དུ། གང་དག་བྱམས་པའི་བསྟན་པ་ལ། །ཚངས་པར་སྤྱད་པ་སྤྱོད་གྱུར་པ། །དེ་དག་གདོན་མི་ཟབ་ནི། །ཉོན་མོངས་མེད་ཅིང་ཐེ་ཐོམ་མེད། །གང་དག་བྱམས་པའི་བསྟན་པ་ལ། །ཚངས་པར་སྤྱད་པ་སྤྱོད་གྱུར་བ། །དེ་དག་གདོན་མི་ཟ་བར་ནི། །སྲིད་པའི་དྲཱ་བ་བཅད་བ་དང་། །བསམ་གཏན་རྫོགས་པར་བྱས་ནས་ནི། །དགའ་དང་བདེ་དང་ཡང་དག་ལྡན། །འབྱུང་པོ་ཀུན་ལ་ཐུགས་བརྩེ་བ། །བྱམས་པ་རྐང་གཉིས་རྣམས་ཀྱི་མཆོག་ །ལོ་ནི་དྲུག་ཁྲི་དག་ཏུ་ཡང་། །དམ་པའི་ཆོས་ནི་སྟོན་པར་འགྱུར། །དེ་ན་སྲོག་ཆགས་བརྒྱ་སྟོང་དང་། །འབུམ་ཕྲག་རྣམ་པར་འདྲེན་པ་སྟེ། །དམ་པའི་ཆོས་ལ་བཏུལ་ནས་ནི། །དེ་ནས་མྱ་ངན་འདས་བར་འགྱུར། །ཐུབ་པ་ཆེན་པོས་གསུངས་པ་དེ། །ཡོངས་སུ་མྱ་ངན་འདས་ནས་ཀྱང་། །དེ་ཚེ་དེ་ཡི་དམ་ཆོས་ནི། །ལོ་ཁྲི་དག་ཏུ་གནས་པར་འགྱུར། །རྒྱལ་བ་ཤཱཀྱ་ཐུབ་དེ་ལ། །སེམས་ནི་རབ་ཏུ་དད་པར་གྱིས། །དེས་བ་བྱམས་པ་རྐང་གཉིས་མཆོག་ །རྫོགས་པའི་སངས་རྒྱས་མཐོང་བར་འགྱུར། །དེ་ཕྱིར་སངས་རྒྱས་ཆོས་དག་དང་། །དགེ་འདུན་ཚོགས་ཀྱི་མཆོག་ལ་ནི། །སེམས་ནི་རབ་ཏུ་དད་གྱིས་དང་། །དོན་ཆེན་རབ་ཏུ་འགྲུབ་བར་འགྱུར། །ཐུགས་རྗེ་ཆེ་ལྡན་དེ་ལྟ་བུའི། །བྱམས་པ་རྐང་གཉིས་མཆོག་གྱུར་པ། །ད་ཚོ་མཉེས་པར་བྱས་ནས་ནི། །དེ་ནས་མྱ་ངན་འདའ་བར་གྱུར། །ཡ་མཚན་འདི་དག་ཐོབ་གྱུར་ཅིང་། །འབྱོར་པ་མི་ཉུང་མཐོང་མཛད་དེ། །ནག་པོའི་རིགས་ཀྱང་དད་འགྱུར་ན། །མཁས་པ་སུ་ཞིག་དད་མི་འགྱུར། །དེ་ཕྱིར་འདི་ན་བདག་ཉིད་ཆེ། །འདོད་ཅིང་བདག་ལ་ལེགས་འདོད་པས། །སངས་རྒྱས་བསྟན་པ་དྲན་བཞིན་དུ། །དམ་པའི་ཆོས་ལ་གུས་པར་བྱ། །ལོ་ཁྲི་དག་ཏུ་གནས་པར་འགྱུར། །ཅེས་གསུངས་པས་བསྟན་པ་འདི་ལ་མྱ་ངན་ལས་མི་འདའ་བར་དེས་པ་དག་དཔ།

(༩༩)ཚུལ་ཁྲིམས་འཆལ་བ་རྣམས་བྱམས་བའི་བསྟན་པ་ལ་འབྲས་བུ་ཐོབ་བར་ཤིན་ཏུ་ཡང་སྨོན་བའི་གནས་བླ་ན་མེད་པའི་ཕྱིར་ཅུང་ཟད་རྒྱས་བར་བཤད་པའོ། །བརྒྱད་བ་ཀུན་ཏུ་བཟང་པོ་ལ་མཚན་གཞི་དང་ཕན་ཡོན་གྱི་སྒོ་ནས་བསྔགས་པ་ནི། ཀུན་ཏུ་ནི་དུས་གསུམ་དུས་མེད་རྣམ་པ་ཐམས་ཅད་པ་སྟེ། །དཔལ་གསང་བའི་སྙིང་པོ་ལས་ཀྱང་དེ་སྐད་དུ་བཤད་ཅིང་། དེ་ལ་སྔ་རབས་པ་དག་གིས་བཟེར་བའང་རང་ཉིད་མཐོང་བ་ཆུང་བར་དམ་འཆའ་བ་སྟེ། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་བས་བསྟན་པ་ལས་སྔོན་གྱི་མཐའ་དབེན་པ་དང་། །ཕྱི་མའི་མཐའ་མི་འཕོ་བ་དང་། །ད་ལྟར་བྱུང་བ་འཇིག་བར་ཤེས་བ་དང་། དུས་གསུམ་མཉམ་བ་ཉིད་དེ་བཞི་པོ་དེ་དག་གོ། །ཞེས་པས་གསལ་བར་བསྟན་ནོ། །བཟང་པོ་ནི། །སྤྱིར་དཀར་བོའི་ཕྱོགས་མཐའ་དག་བའམ། བྱེ་བྲག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་དང་། །ཚུལ་ཁྲིམས་དང་། །བཟོད་བ་དང་། །བརྩོན་འགྲུས་ཏེ་སྤྱོད་པའི་ཕྱོགས་བཞི། །བསམ་བཏན་དང་། ཤེས་རབ་སྟེ་ལྟ་སྒོམ་གྱི་ཕྱོགས་གཉིས་སམ། ཁ་གཅིག་ཏུ་བསམ་གཏན་སྤྱོད་པར་བསྡུ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཡང་སེམས་ཅན་གྱི་ཁམས་ཚད་མེད་པ་ལ་ཕན་བདེ་སྟེར་བ་དང་། །སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་བསྒྲུབ་པའི་ཚོགས་གཉིས་རླབས་པོ་ཆེ་ལ་རྟག་པ་རྒྱན་གྱི་འཁོར་ལོར་ཀུན་ཏུ་བཟང་པོར་སྤྱོད་དཔའི་ཐུགས་བསྐྱེད་དང་སྨོན་ལམ་ནམ་མཁའི་མཐས་ཀྱང་མི་གཏུག་བའི་ཚུལ་ཕལ་པོ་ཆེའི་མདོ་དང་། ཕྱོགས་གླང་གི་འགྲེལ་པས་སྟོན་ལ། གཞོན་ནུ་ནོར་བཟང་གིས་བཤེས་གཉེན་མང་དུ་བསྟེན་པ་ཐམས་ཅད་ཀྱི་ཕྱི་ནའང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཉིད་ལ་བསྟེན་ཞིང་། །དེའི་མཚན་དོན་དང་མཚུངས་བའི་སྤྱོད་པ་སྨོན་ལམ་དུ་བཏབ་པར་ཡང་། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་བཏོན་ཏམ་ཀློག་པ་ཡི། །སོགས་དང་། ཕན་ཡོན་ཆེ་བའི་སྒོ་ནས་བསྔགས་པ་ནི། །རིག་པ་མཆོག་གི་རྒྱལ་

(༡༠༠)པོར༑ ཚུལ་ཁྲིམས་དང་ལྡན་ཡང་རུང་། །མི་ལྡན་ཡང་རུང་། །དམན་པའམ། དམན་པ་མ་ཡིན་བ་ཡང་རུང་། །མཁས་པའམ། །མཁས་པ་མ་ཡིན་པའང་རུང་། །ཐབས་དང་ལྡན་པའམ། །མི་ལྡན་པའང་རུང་། ངེས་པར་འགྲུབ་བར་འགྱུར་རོ། །དད་བ་མེད་པ་དང་། །བྱང་ཆུབ་སེམས་བསྐྱེད་པ་ནི་མ་གཏོགས་སོ། །ཞེས་པ་ལྟར། མཚམས་མེད་ལྔ་པོ་བདག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག་ །ཅེས་ཕན་ཡོན་གྱི་སྒོ་ནས་བསྔགས་བ་ལ་ཆེད་དུ་བརྗོད་བའོ། །ཆོ་འཕྲུལ་ཆེན་མོའི་དུས་ཆེན་ལ་ཆེད་དུ་བརྗོད་པ་ཚོགས་གཉིས་ཤིང་རྟ་ཞེས་བྱ་བ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་གསེར་གྱི་ཤིང་རྟས་དྲངས་པའི་སྐུ། །མཚན་དཔེ་ཡོན་ཏན་རྒྱ་མཚོའི་འཁྲི་ཤིང་ཅན། །བདུད་སྡེ་བྱེ་བའི་གཡུལ་ལས་རྣམ་རྒྱལ་བས། །རྒྱལ་བའི་མཚན་གྱིས་བསྔགས་བ་དེ་ལ་འདུད། །ཆོས་རྣམས་མ་ལུས་བློ་ཡི་བཏགས་པ་དེ། །བཏགས་པའི་ཆོས་ལ་ལས་དང་དེའི་འབྲས་བུ། །གྲུབ་པའི་རང་བཞིན་མཁྱེན་ནས་བཅོམ་ལྡན་གྱི། །ཆོ་འཕྲུལ་ཆེན་པོས་དུས་ཀྱང་བྱིན་གྱིས་བརླབས། །ཆུ་ཤེལ་དབང་པོའི་དཀྱིལ་འཁོར་མཆུས་ཉ་ཞིང་། །ཞག་གི་ཕུང་པོ་བུམ་པའི་གྲོང་ཁྱེར་གྱིས། །རང་དབང་བྱས་པའི་དུས་ཀྱི་ཁྱད་པར་ལ། །མཉན་དུ་ཡོད་བར་ཆོ་འཕྲུལ་འདུན་ཁང་གཤེགས། །ཟག་པར་བཅས་པའི་སེམས་ཀྱི་གླང་པོ་ཡིས། །སྟོབས་བཅུ་མི་འཇིགས་བཞི་ལྡན་སེང་གེ་ལ། །རྒོལ་འདི་སེམས་ཅན་རྣམས་ཀྱི་བསོད་ནམས་མཐུར། །ཤེས་ནས་ལྷ་དང་བཅས་པའང་ལྟད་མོར་ལྷགས། །དགའ་བ་དང་པོ་ཚེས་གཅིག་ཉིན་ཞག་ལ། །མི་དབང་གསལ་རྒྱལ་བསྙེན་བཀུར་བསྟབས་པའི་ཚེ། །ས་ལ་བཙུགས་པའི་ཚོམས་ཤིང་ལྗོན་པ་ནི། །དཔག་ཚད་ལྔ་བརྒྱའི་སྲིད་དུ་ལོ་འབྲས་དུད། །དབང་ཡུལ་བདེ་བས་ཁྱབ་མཛད་དེར་ཕྱལ་འཚལ། །ཚེས་གཉིས་རྒྱལ་པོ་ཨུ་ཏྲ་ཡ་ནས་མཆོད། །སྟོན་། ////////////////////////////////////////////////////////////////////////////////////////////////////////////////////////////////////////////////////////////////

(༡༠༡)མཆོག་མཚན་དཔེར་འབར་བའི་སྐུའི་གཡས་གཡོན། །རིན་ཅེན་རི་བོ་ནོར་བུའི་དོ་ཤེལ་ཅན། །རོབ་དའི་འབྲས་དང་རྩ་ལྗང་སྤྲུལ་བསྒྱུར་ལས། །མི་ཕྱུགས་ཆིམས་པར་མཛད་བ་དེར་ཕྱལ་འཚལ། །ཚེས་གསུམ་མི་ཡི་དབང་པོ་ཤུ་སྨི་དས། །མཆོད་ཚོགས་བསིལ་ལས་ལ་དོ་རབ་ཡང་། །བཻཌཱུ་ཞུན་མའི་ཆུ་མཚོར་གྱུར་པའི་སྟེང་། །རིན་ཆེན་པདྨའི་མྱུ་གུ་རྣམ་བཞད་པས། །མཐོ་རིས་ས་བོན་བསྒྲུན་དེར་ཕྱལ་འཚལ་ལོ། །བཞི་བའི་ཚེས་ལ་ཨིནྡུ་ལྦ་རྨི་ཡིས། །བསྟི་སྟང་ཚེ་ན་རྫིང་བུའི་དོགས་བཞི་ནས། །ཆུ་ཀླུང་ཆེན་པོ་ཡུར་བ་བརྒྱད་དུ་འཐོན། །སྙན་བའི་སྒྲ་བཅས་བསྙེར་ཞིང་དེ་རུ་འབབས། །བྱང་ཆུབ་ཆོས་སྒྲ་སྒྲོགས་བ་དེར་ཕྱག་འཚལ། །ཚེས་ལྔར་མི་ཡི་དབང་པོ་ཚངས་བྱིན་གྱིས། །གཡོས་སྦྱར་ཤིན་ཏུ་འཛུམ་བའི་ཞལ་སྒོ་ལས། །བྱུང་བའི་འོད་ཀྱིས་སྟོང་གསུམ་ཀུན་གསལ་ཞིང་། །འོད་ཀྱིས་ལུས་ལ་རིག་པའི་སྐྱེད་གུ་ཀུན། །སྒྲིབ་པ་ལྔ་ཡི་དི་མ་འཁྲུད་དེར་འདུད། །ཚེས་དྲུག་ཡི་ཙ་བྱི་ཡིས་ཉེར། མཆོད་ཚེ། །རྣམ་བར་ཤེས་བ་ལྐོག་ཏུ་གྱུར་བས་ཀྱང་། །ཕན་ཚུན་འཛིན་བར་མ་ནུས་ཕན་ཚུན་གྱི། །ཁམས་དང་བསམ་པའི་ཁྱད་བར་མངོན་གྱུར་དུ། །ཤེས་པའི་བྱིན་བརླབས་མཛད་དེར་ཕྱག་འཚལ་ལོ། །ཚེས་བདུན་གཽ་གམ་ཤཱཀྱའི་རིགས་ཀྱིས་མཆོད། །སློབ་མའི་ཚོགས་ཀུན་རྩིབས་གྱི་མུ་ཁྱུད་ལྟའི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སྲས་སྟོང་ལྡན། །རྒྱལ་ཕྲན་བློན་འབངས་བཅས་པར་གནས་བསྒྱུར་ནས། །ངོ་མཚར་དད་པའི་གཞིར་བཀོད་དེར་ཕྱག་འཚལ། །ཚེས་བརྒྱད་ལྷ་ཡི་དབང་པོས་སྲི་ཞུའི་ཚེ། །དེས་བཤམས་ཁྲིལ་བཞུགས་བཞིན་མི་སྣང་བས། །ཕྱོགས་བཞིར་སྤྱོད་ལམ་བཞི་དང་སྒྲ་འོད་འབྱིན། །སྐུ་སྨད་མེ་འབར་སྟོད་ནས་ཆུ་འབྲུབ་ཆིང་། །ཀླུ་ཡིས་ཕུལ་པའི་པདྨའི་སྙིང་པོ་ལ། །རང་འདྲའི་སངས་རྒྱས་མང་པོར་སྤྲུལ་ནས་བཞུགས། །ལ་ལ་འབར་ཞིང་ལ་ལ་གསལ་བ་སོགས། །བཀོད་པ་བསམ་གྱིས་མི་ཁྱབ་རྫུ་འཕྲུལ་མེས། །འགྲན་ཟླའི་རང་མཚད་འཚིག་པའི་སྟོན་བ་དྲུག་

(༡༠༢)གཅིག་གིས་གཅིག་བསྐུལ་འབྲོས་ལ་རིངས་པའི་ཚེ། །བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱ་གཡོར་གྱིས། །སེང་གེའི་ཁྲིལ་རེག་པའི་སྐད་ཅིག་མར། །སྒྲ་དང་བཅས་ཏེ་འཇིགས་རུང་སྲིན་པོ་ལྔ། །འཐོན་པས་ལོག་པར་སྨྲ་བའི་ཁྲི་བཤིག་ཅིང་། །གསང་བའི་བདག་པོས་འབར་བའི་རྡོ་རྗེས་བསྡིགས། །དྲག་སུམ་སྦྱོར་བ་རྣོན་པོས་ཚར་བཅད་དེ། །ཡོག་སྨྲའི་འཁོར་འབངས་དགུ་ཁྲི་རབ་རུ་བྱུང་། །བ་སྤུ་འོད་ཟེར་འབར་བའི་སངས་རྒྱས་རྣམས། །རང་རང་འཁོར་ལ་ཆོས་སྟོན་དེར་ཕྱལ་འཚལ། །ཆོས་དགུར་དྲེགས་ལྡན་མི་མཇེད་བདག་པོ་ཡིས། །མཆོད་ཚེ་རེག་བའི་དབུའི་གཙུག་ཏོར། །བལྟར་མི་མངོན་པའི་ངང་ཚུལ་འདིའོ་ཞེས། །སྟོན་ཕྱིར་ཚངས་བའི་ཡུལ་སར་སྙེག་པའི་ཚུལ། །མངོན་སུམ་གསལ་བར་མཛད་པ་དེར་ཕྱལ་འཚལ། །ཡར་ངོའི་ཆེས་བཅུར་འཇིག་རྟེན་སྐྱོང་བ་བཞི་ས། །སྲི་ཞུ་སྦྱར་ཚེ་མཚན་དཔེར་འབར་བའི་སྐུ། །སྲིད་རྩེར་ཁྱབ་པའི་འོད་ཀྱིས་འཇིག་རྟེན་གགསུམ། །མངོན་སུམ་ལྟ་བའི་སྐལ་བར་སྦྱར་བ་ཡིས། །གདུལ་བྱ་དད་བར་མཛད་ལ་ཕྱག་འཚལ་ལོ། །བཅུ་གཅིག་ཁྱིམ་བདག་མགོན་ན་མེད་ཟས་སྦྱིན་མཆོད། །གར་སྐུ་འོད་ཟེར་དྲྭ་བས་ལེགས་འཁྱུད་པའི། །དཔལ་གྱི་མགུར་ལས་བདུད་རྩིའི་དགའ་སྟོན་གྱིས། །མཐོ་རིས་དང་ནི་དགྲ་བཅོམ་ཐེམ་སྐས་ལ། །འཇོག་པའི་སྐལ་པ་ཕྱིན་དེར་ཕྱལ་འཚལ་ལོ། །བཅུ་གཉིས་ཆོས་ལ་ཙིནྟས་བསྙེན་བཀུར་ཚེ། །བཙོ་སྦྱངས་ཞུན་མར་འཕྲོ་བའི་ཟེར་འོད་མཚོན། །བརྟན་གཡོའི་ཁམས་ལ་རེག་པས་འཁོར་རྣམས་ཀྱི། །དུག་གསུམ་རྟོག་པ་སྦྱངས་ཏེ་ཉ་དང་ཁོ་ན། །སྤངས་པའི་མཛའ་བཤེས་གནས་འགྱུར་དེར་ཕྱལ་འཚལ༑ །བཅུ་གསུམ་ཤུནྟ་ད་ལས་མཆོད་པའི་ཚེ། །ལྟེ་བའི་སྒྲུབས་ནས་འོད་ཟེར་ཟུང་ལྡན་རྩེར། །པདོྨའི་སྟེང་ན་སྤྲུལ་པའི་སངས་རྒྱས་གཉིས། །དེ་ལས་དེ་འདྲ་གྲངས་མེད་གྱུར་པའི་ཚུལ། །ཀུན་ལ་སྣང་བར་མཛད་པ་དེར་ཕྱལ་འཚལ། །བཅུ་བཞི་རས་དབང་ཨུ་ཏྲ་ཡ་ནས་མཆོད། །སྐུ་

(༡༠༣)ལ་གཏོར་བའི་མེ་ཏོག་སྐད་ཅིག་མར། །རིན་པོ་ཆེ་ཡི་ཁམས་སུ་གནས་འགྱུར་ཅིང་། །ཚངས་པའི་འཇིག་རྟེན་ཐུག་པར་གསེར་བཞིན་འབར། །སྟོང་དང་ཉིས་བརྒྱ་ལྔ་བཅུའི་གྲངས་དེ་སྙེད། །སྤྲུལ་པའི་སངས་རྒྱས་བཞུགས་བསྟན་དེར་ཕྱག་འཚལ། །བཅོ་ལྔར་རྒྱལ་པོ་གཟུགས་ཅན་སྙིང་པོས་མཆོད། །སྣོད་ཀུན་རོ་བརྒྱ་ལྡན་པའི་ཟས་གང་བ། །ཆོ་འཕྲུལ་ལྟ་བར་འདུས་པས་མྱོད་བྱིན་བརླབས། །ས་ལ་འཁོར་ལོས་མཚན་པའི་ཕྱག་རེག་སྟེ། །དམྱལ་བའི་གྲོང་ཁྱེར་བསྟན་པས་འཁོར་ཚོགས་རྣམས། །འཇིགས་དང་སྙིང་རྗེའི་དང་གཟུགས་འགྲན་པའི་མོད། །ངེས་པར་འབྱུང་བས་རྒྱུད་བསལ་བློ་ཆེན་རྣམས། །བྱང་ཆུབ་སེམས་དཔའི་གནས་ལ་རང་བཞག་ཅིང་། །དམྱལ་བའི་འགྲོ་བས་ཐུབ་དབང་ཞལ་མཐོང་བས། །ཚེ་འཕོས་མཐོ་རིས་རྟེན་ལ་འགོད་པ་སོགས། །སྤྱོད་ཡུལ་བསམ་གྱིས་མི་ཁྱབ་དར་ཕྱག་འཚལ། །འདི་ལྟར་བསྟོན་མཆོག་རྫོགས་པའི་སངས་རྒྱས་ཀྱི། །ཆོ་འཕྲུལ་ཆེན་པོའི་མཛད་པ་ཁ་ཏོན་དུ། །བྱས་ཤིང་ཡིད་ལ་དྲན་པའི་དགེ་བ་ཡིས། །འགྲོ་ཀུན་ཁྱོད་ཀྱི་སྤྱོད་པ་དེ་འདྲ་བས། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་སངས་རྒྱས་ཤོག་ །ཅེས་ཆོ་འཕྲུལ་ཆེན་པོའི་མཛད་པའི་རྣམ་གྲངས་ཁ་ཏོན་དུ་བྱས་ཚོག་པ་ཞིག་དགེ་ས་ཞེས་། །བཟོ་གནས་ཀྱི་རིག་པ་ལ་གོམས་ཤིང་ཡང་དག་འཇོག་ལ་བློ་གཞིལ་བ་ལྦ་གིནྡྲ་དྷརྨ་ཀཱིརྟིས་བསྐུལ་ངོར། །བདག་ཅག་གི་སྟོན་པ་དང་། །དེས་གསུངས་པའི་བསྟན་པ་ལ་འདུན་པ་ཙམ་དང་། ཞེ་སྡང་དང་། །གཏི་མུག་གིས་མ་ཡིན་པར་རྒྱུ་མཚན་ཤེས་ནས་མི་བསླུ་བར་ངེས་པའི་དད་པ་ཅན་ཆོས་ཀྱི་རྗེས་སུ་འབྲེལ་བ་པོ་མཁྱེན་བརྩེའི་འོད་ཟེར་གྱིས་ཐུན་མོང་དང་མཐུན་པར་བྲིས་པ་སྟེ། བསོད་ནམས་འཕེལ་བའི་ཁྱད་པར་ལ་ནི། ཇི་སྐད་དུ། ཁ་ཅིག་བཅོ་ལྔ་ཕན་ཆད་ཅེས། །ཟླ་བའི་བགོ་བཤའ་བྱེད་མོད་ཀྱང་། །རྗེ་བཙུན་བྱམས་པའི་ལུང་བསྟན་ལས། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །ཞེས་པའི་བཀའ་

(༡༠༤)སྩལ་གསུངས་བ་དང་། །ཐེག་པ་ཆེ་འབྲིང་རྣམ་གསུམ་དུ། །ཟླ་བའི་བགོ་བཤའ་མ་གསུངས་པས། །ཟླ་བ་གཅིག་བུ་ཉིད་དུ་ངེས། །ཞེས་བོད་མཁས་པའི་བསྟན་བཅོས་ལས་བྱུང་མོད། །རྟོག་པས་བརྟགས་ན་དཔྱད་པར་བྱ་བའང་སྣང་སྟེ་ཟླ་བ་རིལ་པོ་དུས་བཟང་དུ་བྱས་ནས་བསོད་ནམས་བསོག་པར་འདོད་པ་དག་གི་དགེ་བའི་གེགས་སུ་འགྱུར་བའི་ཕྱིར་དེ་བཞིན་གཤེགས་བའི་ཐབས་དང་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་དོན་དྲན་པར་བྱའོ། །བཅོམ་ལྡན་འདས་རྟ་མཆོག་རོལ་བ་གསང་བ་སྒྲུབ་པ་ལ་བསྟོད་པ། །འགྲོ་འདིའི་ཀུན་རྟོག་ཆུ་སྲིན་གྲོང་ཁྱེར་ལས། །གདོན་པ་བགེགས་ཀྱི་དགྲ་བོའི་མཚན་དཔེའི་དཔལ། །སྣང་ཆར་འཛུམ་བའི་མོད་ལ་མཚོ་སྐྱེས་རྗེའི། །དྲག་ཤུལ་ཆོ་གར་བསྙེམས་པའི་ཞལ་སྐྱིན་མཐོང་། །རྒྱལ་རྣམས་ཡེ་ཤེས་ཞགས་པའི་མུ་ཁྱུད་དུ། །འཆིང་བ་སྤངས་པའི་ཡིད་ཅན་འགའ་མེད་ཀྱང་། །སྡུག་བསྔལ་ཆུ་གཏེར་གྱིས་བཟུང་གར་མཁན་ལྕེ། །ཀྱོ་བའི་མཚོན་ཆས་འདེབས་པ་ཁྱོད་ལས་སུ། །ཡིད་གཉིས་མུན་པའི་གོ་སྐབས་འཕྲོག་པའི་གདོན། །ཁྱེད་ཤེས་ཉི་གཞོན་འཆར་ཀའི་དཔལ་འཛིན་དེར། །སྙིང་དབུས་ལས་གཞན་གཉིས་པའི་པདྨ་འོད། །མཆིས་མིན་འདུ་བྱེད་བཏང་བའི་མོད་མཐོང་ཤོག་ །ཅེས་རྫོགས་ཆེན་པ་མཁྱེན་བརྩེའི་ལྷས་སོ། །ཟངས་མདོག་དཔལ་རི། །རྒྱལ་རྣམས་ཡེ་ཤེས་གཞལ་ཡས་སྒྱུ་འཕྲུལ་ནི། །པད་རག་ལྷུང་པོའི་གཙུག་གཏོར་གྱིས་བརྟེན་པའི། །གཟུགས་བརྙན་གཉིས་པར་སྤོས་པའི་བསྟི་སྟང་གིས། །ཚོགས་བརྒྱད་སྲིན་པོའི་གྲོང་ཁྱེར་གནས་འགྱུར་ཤོག་ །ཡོན་ཏན་གཏེར་མཛོད་ལས་གསུངས་བའི་མན་ངག་བཅུ་གསུམ་ལ་བསྔགས་པ། །སྣ་ཚོགས་མོས་བའི་དཔྱངས་ཐག་ཡོན་ཏན་གྱི། །གཏེར་མཛོད་དུ་མས་ཕྱུག་པའི་ནོར་བུའི་རིན། །སྣོད་བཅུད་འབྱོར་པས་མ་ཁུགས་མཚོ་སྐྱེས་རྗེའི། །ཐུགས་རྗེའི་གཟུགས་སུ་འཁོས་པའི་ཁྱད་བར་བསྟན། །རྣམ་ཐར་སིནྷྲུ་ར་མ་ལ། །ཆུ་སྐྱེས་གཞོན་ནུས་བསྐྲུན་པའི་ཀེ་སར། །གངས་རིའི་ལ་ཐོད་རྒྱལ་དུ་སྤུང་

(༡༠༥)པ་ཡི༑ །རྣམ་ཐར་གཟུགས་བརྙན་གསལ་བའི་དོ་ཤལ་འདི། །ཐུགས་རྗེའི་སྤྱན་དགྱུས་རིང་མོ་ལ་ཐོགས་ཤིག་ །རིག་འཛིན། གང་ལ་འདྲེས་ན་དགེ་མཚན་གྱི། ཕྱིན་དང་བརྟུལ་ཞུགས་མ་སྨད་པ། །རྒྱལ་རྣམས་ཡེ་ཤེས་གཟིགས་པའི་དཔལ། །དང་པོའི་འགྲོས་ཀྱིས་འདིར་རྩེན་མཛོད། །མཁན་པོ།མཐའ་གཉིས་ལས་བརྒལ་ཞི་བའི་ཆུ་གཏེར་གྱི། ལྤུ་ཕྲེང་ཚུལ་ཁྲིམས་གསུམ་བའི་འཛུམ་དཀར་ལ། རྒྱལ་བསྟན་རྙོག་པ་དྭགས་པའི་ཀེ་ཏ་ཀ། རིན་ཐང་ཆེན་པོར་བྱས་བ་ཁྱོད་ཀྱི་དྲིན། །སློབ་དཔོན། འོད་མཚན་སྟོང་དུ་འབར་བའི་ཡེ་ཤེས་མཚོན། །ཟུག་རྡུའི་དཔལ་གྱིས་སྤངས་པའི་མཐུ་སྟོབས་མེ། །སྣང་སྲིད་དྲེགས་པའི་སྙིང་ལ་རབ་འབར་བའི། །སྣང་བརྙན་ཡེ་ཤེས་བྱིན་དང་རབ་འགྲོགས་ཤིག་ །ཆོས་རྒྱལ། །མཐོན་མཐིང་རལ་པའི་ཟུར་ཕུད་ལ་ཐོད་ཀྱི། །གདེངས་ཀས་བསྒྲིགས་པའི་མོད་ལ་གངས་རིའི་ཁྲོད། །པཎ་གྲུབ་གཡུལ་གྱི་ཕྲུ་མས་བཏབ་པ་འདི། །ཚངས་བའི་མེ་ཏོ་གསར་པའི་ཕྲིན་ལས་ཡིན། །སེངྒེའི་སྒྲ། སྟོན་བས་འཁོར་ལོ་གསུམ་དུ་བདེན་གསུང་བ།སྟོང་ཉིད་སྙིང་རྗེར་ཤར་བའི་སྡེར་མོའི་དཔལ། །མ་རིག་ལྟོ་འགྲོའི་སྙིང་ལ་བཟའ་བྱེད་པ། །སེང་གེའི་སྒྲ་ཆེན་སྒྲོགས་པས་དེ་བསྲུངས་ཤིག་ །སྡོམ་བརྩོན་དམ་པ། །ངེས་སྤྱོད་དབུ་མར་སྡོམ་པ་ཞི་བའི་མཚོ། །སེམས་ཅན་དོན་ལ་སངས་རྒྱས་པདྨའི་ཞལ། །དགེ་བའི་ཆོས་རྣམས་སྡུད་བྱེད་ལྷའི་མེ་ཏོག །མཁན་སློབ་ཆོས་རྒྱལ་ལོ་པཎ་ཞལ་སྐྱིན་རྨང་། །སྐད་གཉིས་སྨྲ་དབང་དང་མོས་རྣམ་རྩེན་ཞིང་། །ཆུ་སྐྱེས་གེ་སར་བཞད་བའི་རྣ་ལུང་ན། །པདྨའི་ངང་ཚུལ་གསར་པས་བསྟེན་པ་གང་༑ ༑བྱིན་ཟའི་མི་མཐུན་བཟའ་བྱེད་ཤེས་པས་སྲུངས། །ཚེ་རིང་ཡུལ་ལྗོངས། །འོད་མཚན་སྟོང་དུ་འབར་བའི་ཕྲིན་ལས་ནི། །རྣམ་པ་ཀུན་ནས་བལྟར་མི་མངོན་པ་ཡི། །ཆོ་འཕྲུལ་འཆི་བ་མེད་བའི་གྲོང་ཁྱེར་དེས། །མཐོ་རིས་ཡོན་ཏན་བདུན་དང་མཛའ་བོར་བྱས། །གནམ་གྱི་ཤེ་མོང་དབུང་བའི་ཁྲི་ཤིང་གིས།

(༡༠༦)རང་གི་ར་བྱས་པའི་ཡུལ་གྲུ་ཆེན་པོ་ན། །ལུས་སེམས་ཤིན་ཏུ་སྦྱངས་པའི་བཏུལ་ཞུགས་ལ། །དབང་བསྒྱུར་དྲང་སྲོང་རྒན་པོའང་འདིར་སྤྱོན་ཅིག་ །རྣམ་བཅུ། དབྱིངས་ཕྱུག་ནམ་མཁའི་རྡོ་རྗེ་བཙུན་མོའི་ཁྱིམ། །སྤྱན་སོགས་འབྱུང་བཞིའི་དགའ་མ་མཚར་སྡུག་གཟུགས།ཡར་ལྦ་ལའི་སྤྱི་བོས་བཏུད་པའི་མ། །རྣམ་པ་སྣོད་ཀྱི་རྟེན་གཞི་འབྱུང་བའི་ས་བོན་ཡི་གེ་འབྲུ་བཞིའི་སྤྱི་བོ་ན་ལྷུང་པོ་མཚོན་པའི་མདངས་བཞི་པ། །བལྟ་ན་སྡུག་པ་ལྷུན་པོའི་བག་མ་ཡིན།སྣང་དང་ཕྱེད་སྣང་མི་སྣང་གྲོང་ཁྱེར་གསུམ།སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ནམ་མཁའི་དབྱིངས་ཕྱུག་མའི་ཀློང་དུ།ས་སངས་རྒྱས་སྤྱན་མ།ཆུ་མཱ་མ་ཀཱི།མི་གོས་དཀར་མོ།རླུང་དམ་ཚིག་སྒྲོལ་མ་སྟེ་རིགས་ཀྱི་བཙུན་མོ་རྣམས་དང་གཉིས་སུ་མེད་པར་སངས་རྒྱས་ཀྱང་།མཐར་ཟད་ཡི་གེ་ཀྵ་དང་ཧས་མཚོན་པའི།གཙུག་གཏོར་ཤར་གྱི་ཐིག་ལེས་དཀྲིས་པའི་ཏོག་ །ཀུན་གསལ་འགྲམ་པར་འཕྱང་བ་འདི་སྟེང་འདོད་དང་གཟུགས་མེད་དེ་ཁམས་གསུམ་མཚོན་པའི་ཡི་གེ་བརྩེགས་མ་འབྲུ་གསུམ། ནཱ་དའི་དབྱངས།།མཐའ་གཉིས་སྤངས་པའི་སྒྲ་གསན་ལྟོ་བ་རུ།ཀུན་འབུང་སྲིད་པའི་གྲོང་ཁྱེར་རྣམ་པ་བཅུ།དག་བྱེད་ཕྱི་ནང་གཞན་གསུམ་དེ་སྟེང་རྫུལ་རླུང་གསུམ་གྱི་དག་བྱ་མཚོན་བཟླ་ཚེས། །ཆོས་ཁམས་ཉི་མའི་དཀྱིལ་འཁོར་སྤྲིན།སྒྲ་བཅས་ཀྱི་རླུང་།དང་པོའི་སངས་རྒྱས་རྒྱུད་ཀྱི་དགོངས་པ་ཡིན།།ཞེས་རྣམ་བཅུ་དབང་ལྡན་གྱི་ཞལ་གཟུང་འཛིན་རོ་རྐྱང་གི་རྣམ་རྟོག་ བྱང་རང་བྱུང་རྡོ་དབུ་མའི་དབྱིངས་བུ་དེན་བ། །རྗེ་ཨ་བྷ་ཡས་སོ། །བྱང་གྲོལ་འཁོར་ལོ། །རྒྱལ་བའི་ཡོན་ཏན་ཕྲིན་ལས་གང་ཆེན་མཚོར། །མེས་དཔོན་ཐུགས་བསྐྱེད་གསར་བཞད་པའི་རྩེར། བསླབ་གསུམ་གིན་ཅེན་མཛོད་ཁང་ཡངས་པ་ལ། རྣམ་ཡང་ཡོན་ཏན་རྫོགས་པའི་མཆོད་སྡོང་འབར། །ཕྱི་རྒྱུད་སྡེ་གསུམ་རིན་པོ་ཆེ་ཡི་མཛོད། །ཤེས་རབ་དབྱིངས་ཀྱི་རོལ་མོས་ཉེར་མཚོན་ལ། །དཀའ་ཐུབ་མཐུ་ཡིས་མི་གདུང་རྡོ་རྗེའི་ལམ།།དབང་པ་ཚར་བཅས་ལས་འདས་དགའ་བའི་ཆར། །བསྟན་པ་ཡོངས་རྫོགས་བྱང་གྲོལ་འཁོར་ལོ་འདི། སྡུག་བསྔལ་ཀུན་འབྱུང་འགོག་པའི་དྲང་དོན་ལ།།མི་རྟོན་

(༡༠༧)བདེན་གཉིས་དབྱེར་མེད་རྣམ་མཁྱེན་ཆོས། །འདྲེན་པའི་ངེས་དོན་ཤིང་རྟ་ཆེན་པོ་ཡིན། །རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །སྤྲུལ་པའི་སྐུ་མཚན་བརྒྱད་བསྟོད་བ། །རྣམ་ཤེས་འདམ་གྱིས་མ་བཟུང་ཡེ་ཤེས་ནི། །པདྨ་གཞོན་ནུའི་སྲོག་ཏུ་དམ་བཅས་ནས།་ །འཛམ་བུའི་སྐ་རགས་བཅིངས་པའི་གེ་སར་དབུས། །ཡོན་ཏན་རིན་ཆེན་འབྱུང་གནས་གཅིག་ཏུ་བརླིང་། ༡།མེ་ཏོག་མནྡཱ་ར་གླིངས་ཧོ་རའི། །མི་བདག་དཔུང་པ་གཏུམ་པོའི་བྱིན་ཟའི་མཚོན། །རེ་བ་འབྲས་ལྡན་མིན་པའི་ཆུ་གཏེར་དབུས། །ལྷུང་བྱེད་པདྨ་སམྦྷ་གངས་རིའི་རྒྱན། ༢།སྣ་ཚོགས་ཤེས་བྱའི་ཡུལ་ལ་མངོན་ཕྱོགས་ནས། །རྣམ་གསུམ་ཡོ་ག་འཛམ་བུ་ཆུ་བོའི་གསེར། །བསྲེགས་བཅད་བརྡར་ལ་དཔའ་བའི་བློ་ལྡན་ཁྱོད། །མཆོག་གི་གོ་འཕང་ཉིད་ལས་གཞན་མི་སྲིད། ༣།བརླིང་ལ་ཅ་ཅོ་མི་སྒྲོག་པདྨའི་མཚོས། །གཤེས་མའི་མེ་ཡི་བརྟུལ་ཞུགས་བསླུས་གྱུར་བ། །མཐོང་བའི་མོད་ལ་ཨིནྡྲ་བྷོ་དྷི་ཡིས། །རྒྱལ་ཐབས་བདག་པོའི་ཅོད་པཎ་ཁྱོད་ལ་བཅིངས། ༤།མཚོན་གྱིས་གཞར་ནུས་མ་ཡིན་ལས་ཉོན་ཆབ། །ཐུགས་རྗེའི་ཉི་མ་བྱེ་བའི་འོད་ཟེར་གྱིས། །ཡུད་ལ་སྐམ་པའི་རྒྱུ་འབྲས་སྤྲིང་ཡིག་ནི།།རྣམ་ཀུན་གྱི་མཆོག་ལས་ས་དེངས། ༥།སྡོམ་པ་གསུམ་གྱི་དགག་དགོས་གཉིས་འཐུང་སེམས། །རྡོ་རྗེ་འཛིན་པའི་ཐག་པས་བཏགས་གྱུར་ཀྱང་། །ཤཱཀྱའི་བསྟན་ལ་རབ་ངགའི་གཙུག་ཏོར་རིན། །འོད་མཚན་སྟོང་འབར་གེའི་ང་རོས་བསྲུན། ༦།བྱམས་པའི་མཐུ་ཡིས་ཁུར་དུ་མི་བཟོད་པའི། །བྲམ་ཟེའི་སྟོན་པ་སྙིང་རྗེ་ཚད་མ་ཡིས། །རྣམ་པར་དཀྲུགས་པའི་ཐལ་འགྱུར་སེང་གེའི་སྒྲ། །སྒྲག་རྒྱུ་འབྲས་གནམ་ལྕགས་ཞུན་མར་ཁོལ། ༧།གདུག་རྩུབ་རིམས་ཀྱིས་རྣལ་དུ་མི་གནས་པ། །མཐའ་དག་འཆོལ་བའི་རྡོ་རྗེ་གྲོ་ལོད་ཀྱི། །མཐུ་སྟོབས་ལུགས་ཀྱུའི་དབང་དུ་སོང་བ་ཡིས། །བསླབ་པ་གང་ལ་འདའ་བར་ནུས་མ་ཡིན། ༨།སྟོན་དང་བསྟན་པའི་ཉི་མ་འཇིག་རྟེན་དུ། །ཆས་པ་བསྔགས་པར་འོས་བསོད་ནམས་ཏེ།

(༡༠༨)གངས་རིའི་ལ་ཐོད་མཛེས་པ་ཁྱོད་ཅིག་ །ཁོ་ནའི་བཀའ་དྲིན་དྲན་ནས་འདིར་བོས་སོ། །བྱང་ཆེན་ལ་གཏུགས་དེ་སྲིད་ཀྱི། །རིགས་ཀྱི་བདག་པོའི་ཞབས་སེན་ནི། །གང་ཞིག་གཙུག་ཏོར་གདེངས་ཀ་ལ། །ཡོངས་སུ་ཆགས་པའི་ངལ་བ་སྤོངས། །ཞེས་པའང་རང་བྱུང་རྡོ་རྗེས་སོ། །དཔལ་བསམ་ལས་པ་ཀུན་མཁྱེན་ངག་གི་དབང་པོ་ལ་བསྟོད་པ་གནྷ་རྦ་ར་བདགའི་རྒྱུད་མངས་ཀྱི་སྒྲ་ལས་དྲངས་པའི་སྙན་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱད་གླུ་ཞེས་བྱ་བ། །རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱལ་འཚལ་ལོ། །གདོད་མའི་མགོན་པོ་སྤྲོས་ཀུན་ཕྲེང་བའི་གསལ་བྱེད་ལས་དྲངས་པའི་རྒྱན་ཀུན་ཉེར་ཞི་མཆོག་ཏུ་མི་འགྱུར་ཁྱད་ཆོས་དྲུག་ལྡན་རྡོ་རྗེའི་ཁམས། །རྣམ་ཐར་བཞི་ལྡན་སྟོང་ཉིད་བདེ་ཆེན་སྙིང་རྗེའི་སྒེག་མོས་གདུལ་བྱའི་དོན་དུ་རབ་བསྐུལ་ལས། །དུ་མའི་བསྐལ་པ་བཟང་པོའི་སྡ་རོལ་ཕུན་ཚོགས་ལྔ་ལྡན་གཞི་སྣང་ཆེན་པོའི་ཞིང་ཁམས་དེར། །མངོན་རྫོགས་སངས་རྒྱས་ར་ིརབ་མར་མེའི་རྒྱལ་མཚན་ཞེས་བྱ་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། ༡།མགོན་ཁྱོད་ཐོག་མཐའ་མེད་པའི་སྔོན་རོལ་བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་ནས། །སྤངས་རྟོགས་བཅུ་དྲུག་ཆ་ཤས་ཡོངས་རྫོགས་ཀྱང་། །བརྩེ་ཆེན་ཐུགས་རྗེས་མ་བཟོད་གདུལ་བྱའི་དོར། །སྐྱེས་རབ་འཕེལ་འགྲིབ་རྣམ་ཐར་ཅི་ཡང་འཆར། ༢།ཆོས་སྲིད་ཉི་ཟླའི་གཅིག་ལ་གཅིག་ལྟོས་ཀྱི་སྲས་བུར་སྤྲེལ་བའི་རབ་སྤེལ་སྣང་བྱེད་ཤུགས་ཀྱིས་ཁམས་གསུམ་མུན་སེལ་ཁྲི་སྲོང་རྗེའི། །ཀུནྡ་བྱང་སེམས་མྱུ་གུ་གསར་པ་པདྨ་གསལ་དུ་སྤྲུལ་པའི་གར། །བསྒྱུར་བ་དེ་ཉིད་བགྲང་བྱའི་ཙ་ཀྲ་གདེངས་ཅན་གྲངས་སུ་ཉེར་བསྡུའི་ཚེ། །རང་བྱུང་པདྨས་སྙིང་ཏིག་བདག་པོར་དབུགས་དབྱུང་གཟེངས་བསྟོད་ཀློང་ཆེན་པ།ཉྲ།ཚེ་དབང་རིག་ཡལ་ལག་གཅིག་པའི་གཟུགས་ཅན། །འཛིན་ལུང་བསྟན་བདེན་པའི་དབྱར་གྱི་རྔ་གསང་འབར་བ་ལས། །སྟོང་པའི་དབྱིངས་ལས་སྤྲུལ་པའི་གར་མཁན་རིན་ཆེན་ཚུལ་རྡོར་ཆར་ཟིམ་རྒྱུན། །བབས་པའི་ཚེ་ནམ་མཁའ་འགྲོའི་སྙིང་ཏིག་གཏེར་གྱི་མྱུ་གུ་བཞད་ནུས་པའི། །གཞི་ལམ་འབྲས་བུའི་དོན་བརྒྱུད་བདག་པོ་པདྨ་ལས་

(༡༠༩)འབྲེལ་ཀློང་ཆེན་པ། ༤།ཐལ་གྱུར་རྩ་རྒྱུད་རྨ་བྱའི་མཚུངས་པར་སྟོན་པའི་གསལ་བྱེད་ཀྱི་སྒྲས་ཤན་སྦྱར་བའི་དཔེ་རྒྱན་རུམ་ནས་འབྱུང་འགྱུར་ལུང་གི་ལྔ་ལྡན་སྒོ་ང་བརྡོལ་བ་ལས། །རུ་བཞིའི་ཆ་ལས་གཡོར་པོའི་འཛིན་མར་འབྲོམ་སྟོན་མཆོག་དབྱངས་རིགས་རུས་དྲོད་ཀྱིས་བསྐྱེད་བསྲིངས་པ། །དུས་ཀྱི་ཕོ་ཉའི་ནུས་བ་རྫོགས་ཚེ་བར་ལྔའི་ཕུར་བུའི་ད་པོ་ཟླ་ཡར་ངོའི་ཚེས་བཅུའི་ཉིན། །ཐུབ་དབང་མཆོག་གི་སྤྲུལ་ །ཀུར་ཅོ་འདྲིའི་དགེ་མཚན་གཤོག་རླབས་གཡོ་བཞིན་བལྟམས་པ་ཀློང་ཆེན་པ། ༥།དེ་ཚེ་འདོད་ཁམས་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་སྒྲོ་སྐུར་དང་བྲལ་གསྣོད་གསུམ་གྱི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྔགས་ཤིང་དབང་མོ་ནམ་གྲུ་མས། །ཕྱག་གིས་བླངས་ཤིང་འཕྲང་རྐྱེན་མི་བསྲུན་བཅོམ༑ ༑སྐྱེ་བས་ཐོབ་པའི་མཁྱེན་རབ་ཕུལ་བྱུང་དང་། །སྙིང་རྗེའི་རླབས་ཆེན་ཟླ་བྲལ་ཀློང་ཆེན་པ། ༦།གཞོན་ནུ་ཉིད་ནས་རྡོ་རྗེའི་ཐེག་པར་གོམ་པའི་ནང་ཤེས་བྱེད་ཀྱི་རྒྱུ་ལ་ལྡན་གཟུགས་ཀྱིས་སྤུད་པ་འདེགས་འཇིག་བསྒྱུར་ཟིན་ཡང་། །བསྟན་པའི་གཞི་རྟེན་སྡེ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ཁྱིམ་ནང་བདེན་གཉིས་ཟུང་འཇུག་ཉི་ཟླའི་འགྲོས། །རྟགཔར་བསྒྱུར་བས་ལམ་ལྔ་ས་བཅུའི་སྤངས་རྟོགས་མངོན་གྱུར་ཀློང་ཆེན་པ། ༧།ཀ་ཙན་པ་ཎྀ་དབྱངས་ཅན་མ་ཆ་ཤས་གསུགས་ཅན་ལ་སོགས། །ལེགས་སྦྱར་ཀུན་བཤད་སྒྲ་མེད་རྒྱ་མཚོའི་བཅུད། །འཐུངས་པས་བྱིངས་རྐྱེན་རྣམ་དབྱེའི་མཚམས་སྦྱོར་གྱི། །བརྡ་སྤྲོད་རྒྱང་གླུ་ལེན་མཁས་ཀློང་ཆེན་པ། ༨།མངོན་སུམ་རྗེས་དཔག་འགལ་གྲུབ་བརྒ་ཉམས་ལ་ལྡན་གཟུགས་ཀྱི་ཕྲ་བཀོད་པའི་རྒྱན་ལ་བརྟག་གི། རྩོད་པའི་འཁོར་ལོས་ལོག་སྨྲའི་གཉིས་འཐུད་དབང་། །ཀླད་པའི་འགེམས་ཕྱིར་གདོང་བ་ལྔ་པའི་ཟོལ། །ཚད་མའི་སྟོན་པ་ཀུན་མཁྱེན་ཀློང་ཆེན། ༧།ལྷ་དང་གཙུག་ལག་ཁང་ལ་སོགས་པའི་བཟོ་རིགས་སྲུངས་དབང་པོའི་སྟེང་། །སྡེ་སྣོད་གསུམ་དང་གསང་སྔགས་ཟབ་དོན་ནང་གི་རིག་པའི་མིག་སྟོང་བགྲད། །སྐྱེས་པ་བུད་མེད་ཤིང་རྒྱ་མཚོ་གོས་

(༡༡༠)ནོར་རྟ་གླང་ཆེན་སོགས། །བརྟག་པ་འདུལ་བ་ཕྲན་ཚེགས་ལས་བརྒྱད་ཀྱི་སྐྱེད་མོས་ཚད་དུ་རྩེད་འཇོར་རོལ་པ་ཀློང་ཆེན་པ། ༡༠།རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་རྩ་བ་མ་རིག་བ་ཡི་ས་བོན་རིག་པ་བརྗོད་པ་ཐ་མའི་གསལ་བྱེད་ལ། །ཉོན་མོངས་གསུམ་གྱི་མྱུ་གུ་ནར་སྲོན་བྲོ་ནད་ཡལ་འདབ་རྒྱས་པའི་ཚེ། །རོ་ནུས་ཞུ་རྗེས་སྡེབ་པའི་སྨན་དང་གཏར་བསྲེག་དཔྱད་ཀྱི་བདུད་རྩི་ཡིས། །ཟུག་རྡུ་གང་གི་ཚེ་ནོར་གྱུར་བདེའི་ཚེ་ཡི་གེ་བརླབ་པར་བྱའོ། །རིན་པོ་བརྟག་པ་དང་། །ཤིང་བརྟག་པ་དང་། །གཞི་བརྟག་པ་དང་། གོས་བརྟག་པ་དང་། གླང་པོ་ཆེ་བརྟག་པ།རྟབ་རྟག་པ་དང་།བུད་མེད་བརྟག་པ་དང་།སྐྱེས་པ་བརྟག་པར་ལ་མཁས་པར་གྱུར་ཏེ། ཞེས་གསུངས་པའི་ཕྱིར་རོ།།ཚར་བཅོད་གསོ་རི་སྨུ་ལ་གཡུ་ཐོག་གཉིས་པ་ཀློང་ཆེན་པ། ༡༡།བཅུ་ཕྲག་རང་གི་ངོ་བོས་སྟོན་པའི་སྲིད་པ་ཅན་རིག་པར་བསླབ་ཚ་མི་གཡོ་བ། །སྒྲ་དབྱངས་ལྷ་མོ་འཇལ་པའི་རྡོ་རྗེ་ཡི། །གསལ་སྟོང་སྒྱུ་མའི་རྣལ་འབྱོར་ལ་ཞུགས་པས། །ཞལ་གཟིགས་ལུང་བསྟན་མངོན་གྱུར་ཀློང་ཆེན་པ། ༡༢།ཨེ་དབྱིངས་ཤེས་རབ་གཎྜའི་ཚལ་དུ་ཐབས་མཆོག་བདེ་གསལ་ལྦ་ཡིག་གསར་པའི་ལེ་ཁ་ནི་ས། །བསྒྱུར་བཀོད་ཕྲི་བསྣན་རྣམ་འགྱུར་བརྒྱ་ཡིས་རི་མོའི་གར་སྟབས་རྣམ་དག་གྲུབ་པས་བསྒྱུར་བ་ལས། །གོ་ལའི་ངོས་ཀྱི་དྲང་སྲོང་རྒྱུ་སྐར་བཅུ་གཉིས་ཁྱིམ་དུ་དུས་བཞིའི་ལྟད་མོར་རྩེ་བ་མཐོང་། །དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་ཐུགས་ཀྱི་ཐིག་ལེར་རོ་གཅིག་བཟླུམས་སོ་ཀློང་ཆེན་བསྐྱེད་བྱེད་གྲུབ་པའི་རྒྱུ་པ། །༡༣།ས་མཐོའི་གྲུབ་མཐའ་གངས་རིའི་སྤོ་ལ་སྔོན་ནས་སྙོགས་པས་ལོངས་སྤྱོད་འཁོར་ལོའི་རྩ་མདུད་རྒྱ། །ཅིག་ཅར་གྲོལ་བས་གཞུང་ལུགས་རྒྱ་མཚོར་བློ་གྲོས་རབ་རྒྱས་ལུང་རིག་གཡུ་རལ་ལན་བུ་གཡོ། །བརྒལ་བརྟག་རིག་པའི་སྡེར་མོའི་ལོག་སྨྲའི་གཉིས་འཐུང་ཀླད་པ་འགེམས་ཤིང་ཐལ་འགྱུར་གྱི།།མགྲིན་ལྔ་ལྡིར་པའི་རིགས་ལེའུ་དང་པོའི་ལྷོ་ཕྱོགས་བེ་དྷགྷའི་རབ་དངས་དང་ཁྱད་འཕགས་ཕུལ་འབྱུང་བསྲེས་པ། །གྲྭ་ཀུན་ཏུ་འགྲན་གྱི་ཟླ་མེད་མི་ཡི་སེངྒེཀློང་ཆེན་པ། ༡༤།རང་ལྟ་མཆོག་འཛིན་ཕྱོགས་རེའི་མིག་རྐང་བཞིའི་ཅན་ཐོག་མན་ཡོད་པའི་ཟུང་ལྡན་དཔེ་རྒྱན་གྱིས་སྤྲས་པ། ལྟ་གྲུབ་སྒོ་དའི་སྦུབས་ལས་གྲོལ།

(༡༡༡)རང་གཞན་ཕྱི་ནང་གྲུབ་མཐའི་གཞུང་ལུགས་གངས་ཅན་འདི་ན་དར་རོ་ཅོག་ །རང་རྒྱུད་ཉམས་སུ་ལེགས་པར་བསྟར་བས་ཐམས་ཅས་མཁྱེན་པའི་འདབ་གཤོག་རྒྱས། །རང་གཞན་དོན་གཉིས་ལྷུན་གྲུབ་མཁའ་ལ་འཕུར་བའི་རྩ་ལ་རྫོགས་ཀློང་ཆེན་བ། ༡༥།ཇི་སྙེད་མཁྱེན་པའི་མཐའ་དག་གཟུགས་ཅན་བསམ་རྒྱ་མཚོ་སྒོམ་པའི་གཟིངས་ཀྱིས་རྣམ་པར་བརྒལ་བའི་ཕ་མཐའ་ཆེ། །སྐུ་གསུམ་གྲོང་ཁྱེར་རིན་ཆེན་གླིང་ནས་ཇི་ལྟའི་རྟོགས་པ་བསམ་འཕེལ་དབང་རྒྱལ་ལེན་པའི་སླད། །ཅོག་ལ་བྲག་ཏུ་དབྱིངས་སྣང་གསལ་བྱེད་ཨར་གཏད་མུན་པའི་རྣལ་འབྱོར་ལམ་ལ་རྗེས་ཕྱོགས་པས། །ཀློང་ལྔའི་བདག་ཉིད་རྒྱལ་ཡུམ་འཕགས་མ་ཡིད་བཞིན་འཁོར་ལོས་ཞལ་གཟིགས་ལུང་བསྟན་ཀློང་ཆེན་པ། ༡༦།སྲིད་པའི་ཕུན་ཚོགས་རིག་བྱེད་གྱི་གཏམ་རྒྱུད་དང་སྦྱང་བའི་བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་ཐིག་ལེ་མཆོག་མར་ཆགས་པ་མིན་ཡང་མཁྱེན་བརྩེ་ནུས་མཐོའི་གདོང་བཞི་རྔོམ་ཕྱོགས་རེའི་གཞུང་ལ་རྒྱུགས་མ་ཡིན་ཤེས་བྱར་སྲིད་ཚད་མཁྱེན་རབ་འདྲེན་བྱེད་བརྒྱད་ཀྱིས་སྤྱོད། །ཐུབ་བསྟན་བཤད་སྒྲུབ་མདོ་སྔགས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་མི་མཇེད་ཡངས་པའི་ཁྲིར། །སྟོབས་བཅུ་མངའ་ཀུན་མགྲིན་གཅིག་བླས་པའི་དབྱངས་ཀྱིས་གསོལ་མཆོག་གི་སྤྲུལ་སྐུ་ཀློང་ཆེན་པ། ༡༧།མཛེས་སོ་སྟོབས་བཅུ་མངའ་དབུས་ཉི་མའི་ཡོན་ཏན་བརྗོད་པའི་ཐོག་མའི་གསལ་བྱེད་གཉེན། །བདེ་འབྱུང་རལ་པའི་རྒྱན་དུ་ཆུ་ཤེལ་དབང་། །ནོར་འཛིན་བུ་མོའི་འགྲམ་པར་ཁྱུད་སྔོན་སྐྱེས། །གངས་ཅན་ཁམས་པའི་ཁྲོད་ན་ཀློང་ཆེན་པ། ༡༨།སྲིད་པའི་ལྷ་ཆེན་ཡར་ལྷ་ཤཾ་མཐའ་པོས་དག་གཟུགས་ཅན། སྲུང་བའི་དཔེན་གནས་སྐྱམ་གྱི་ཕུར། །བི་མ་མི་ཏྲ་མི་ཡི་རྫུར་ཞུགས་རིག་འཛིན་བླ་མ་ཀུ་མཱ་ར།རྫོགས་ཆེན་བདུད་རྩིའི་དགའ་སྟོན་འགྱེད་ལས་སྡེ་གསུམ་ཀློང་དགུའི་བཅུད་འཐུངས་པས། །ཐེག་བརྒྱད་གྲུབ་མཐའི་ཚུལ་ཆོས་ཞིག་

(༡༡༢)སྟེ་རྟོགས་པས་མྱོས་པ་ཀློང་ཆེན་པ། ༡༧།ཀ་དག་དི་མེད་ཤེལ་གྱི་ཁང་མཛེས་གཞི་དབྱིངས་གསལ་བུམ་སྐུའི་ཀློང་། །མཐའ་བརྒྱད་སྤྲོས་བྲལ་ཁྱད་ཆོས་དྲུག་ལྡན་འོད་གསལ་གཉུག་མའི་གདན་ཁྲིལ། །དུས་གསུམ་དུས་མེད་ཁྱབ་གདལ་ཆེན་པོར་དགོངས་པའི་རྒྱལ་པོ་གཏན་སྲིད་ཟིན། །གཟུགས་སྐུའི་སྦུབས་ནས་ལྦོ་ཟད་ཆོས་ཟད་གདོད་མའི་མགོན་པོ་ཀློང་ཆེན་པ། ༢༠།ཨོ་ཊི་ཡན་བསིལ་བའི་ཚལ་མཚུངས་གཟུགས་ནད་ཅུང་ཟད་པ་སྤེལ་པའི་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན། །མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེ། །གནས་ཀྱིས་གང་ཟག་བྱིན་གྱིས་རློབ་ནུས་གངས་རི་ཐོད་དཀར་སྙིང་པོའི་མགུལ། །མངོན་སུམ་རིག་པ་གནང་ལ་གཟེར་བས་སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་ཀློང་། །སྣང་བཞིའི་རྩལ་རྫོགས་ལོངས་སྐུའི་ཞིང་དུ་རྩེ་འཇོར་རོལ་པ་ཀློང་ཆེན་པ། ༢༡།ཀློང་གསལ་དགོངས་པའི་གཏེར་ཁྱད་འཕགས་ཕུལ་བྱུང་དཔའ་ཉམས་གྱིས་སྤྲས་པ་མཛོད་བརྡོལ་བས། །སེམས་ལྡན་ར་བརྟོག །སྣང་གྲག་བརྡ་དང་དཔེ་ཆར་ཤར་ཏེ་ཐུགས་གཏེར་རྒྱ་མཚོའི་ཅོད་པན་འཆང་། །པདྨའི་ལུང་བསྟན་བདེན་པས་རབ་བསྐུལ་ས་ཡི་སྙིང་པོའི་ཟབ་དོན་ཕྱུང་པས་དུས་གསུམ་གཏེར་བརྒྱ་རྩའི་ཏོག་ །ཤེས་བྱ་རིག་པའི་གཞུང་ལུགས་སྤྱི་དང་བསོ་སྐོར་གསུམ་ཆེན་ །བདུན་གྱི་བསྟན་བཅོས་བང་རིམ་དུམ་ཆོས་བཀྲ།རྨད་བྱུང་སྤངས་རྟོགས་བག་མ་རབ་བརྗིད་མཁྱེན་པའི་ཟིལ་གྱིས་རྒྱན་དྲུག་མཆོག་གཉིས་ས་ཆེན་འདར་ནུས་ཀློང་ཆེན་པ། ༢༢ །རྩ་གསུམ་རྒྱ་མཚོས་ཞལ་གཟིགས་དབང་བསྐུར་རིག་པའི་རྩལ་དབང་མངོན་དུ་གྱུར། །དམ་ཅན་སྲུང་མས་འབངས་སུ་ཞལ་འཆེས་ཚར་གཅོད་རྗེས་འཛིན་ཕྲིན་ལས་བརྙེས། །གངས་ཅན་མཁས་གྲུབ་རྨུགས་འཛིན་དབང་པོས་འབྲལ་མེད་དད་པའི་རྟེན་དུ་བསྲུངས། །དགོངས་པའི་ཀློང་ནས་སྙིང་ཐིག་གསུམ་གྱི་ཡང་བཅུད་སྒྱུག་མཁས་ཀློང་ཆེན་པ། ༢༣།གསེར་འཁོར་རྩིབས་རྫས་དང་ཡོན་ཏན་མ་ཚད་བའི་ཁྱད་པར་ལ་བསྙོད་བ། སྟོད་སྔོན་དུ་འགྲོ་མིན་ཐུགས་རྗེའི་ཤུགས་ཀྱིས་ས་གསུམ་གདུལ་བྱར་རང་དབང་བསྒྱུར། ཡན་

(༡༡༣)ལག་བཞི་པའི་དཔུང་ཆེན་བཤམས་མིན་ཐར་པའི་དགྲ་བོ་ཀུན་རྟོག་བག་ཆགས་གཡུལ་ལས་རྒྱལ། །ལས་དབང་བསོད་ནམས་ཤུགས་ཀྱིས་མ་ཡིན་བསྡུ་བ་རྣམ་བཞིས་འགྲོ་ཀུན་རྣམ་མཁྱེན་ལམ་ལ་བཀྲི། །ཐེག་པ་རིམ་དགུའི་འཁོར་ལོས་སྒྱུར་བའི་ཆོས་ཀྱི་རྒྱལ་བོ་ཐམས་ཅད་མཁྱེན་གཟིགས་ཀློང་ཆེན་པ། ༢༤ཐུབ་པའི་བསྟན་པའི་འཆི་མེད་ཆ་ཤས་ཀྱི་གཟུགས་ཅན་གྲོང་ཁྱེར་བལྟ་ན་སྡུག་པའི་ཕོ་བྲང་དབུས། །སྔ་འགྱུར་རྫོགས་ཆེན་ས་སྲུངས་དབང་པོ་ཤིན་ཏུ་རྣལ་འབྱོར་ཐེག་པའི་སྟེང་། །སྣང་བ་བཞི་ཡི་མིག་སྟོང་བགྲད་ནས་རྣམ་པར་བསྒྱིངས་ཚེ་ཀུན་བརྟག་བློའི། །ཨ་སུར་ཚོགས་ཟིལ་གྱིས་གནོན་བའི་གྲགས་པ་དོན་ལྡན་ཀློང་ཆེན་པ། ༢༥།མུཀྟི་ཀ་ཡི་དེ་ཉིད་བརྗོད་པའི་དཔེ་བརྒྱན་དྲྭ་བས་ཐོད་བརྒྱན་འཇིག་རྟེན་དགའ་བའི་མཛེས་མ་མིན། །སྤུ་སྡུག་འཇའ་ཚོན་རི་མོས་བཀྲ་བའི་སྒྲོག་ཤོག་ཟླུམ་པོའི་རྨ་བྱ་མིན། །ལུང་རྟོགས་ཡོན་ཏན་ཐིག་ལེ་མཆོག་མའི་བཞིན་གྱི་དཀྱིལ་འཁོར་མཐོང་བའི་མོད། །ཆགས་བྲལ་ཞི་བ་འཇིག་རྟེན་མེས་པོའི་ཡིད་ཀྱང་ཕྲོགས་སོ་ཀློང་ཆེན་པ། ༢༦།ཕྱི་ནང་གཞུང་ལུགས་མད་རྨད་བྱུང་གི་ཉམས་ལ་སྙམ་སྒྲས་མཛེས་པར་བྱས་བ་དུ་ཐོས་པ་ལུང་གི་ཡོན་ཏན་ཕ་མཐའ་མི་དཔོགས་འཛམ་བུ་ཆུ་བོའི་སུ་ལྦ་རྣ། །ནན་ཏན་བསམ་པའི་དཔྱད་གསུམ་རྣམ་དག་མགར་གྱི་སྦྱོར་བས་བསྲེགས་བཅས་བརྡར་བའི་ཤིང་རྟ་གསུམ་གྱི་མཆོད་སྡོང་ལ། །གངས་རིའི་མགུལ་བར་ཕུལ་བྱུང་སྒོམ་པའི་ཉམས་མྱོང་དྲོད་ཀྱིས་དག་པ་གཉིས་ལྡན་ས་ལ་སྦྱོར་བའི་ཕྲ། །སྨྲ་མཁས་ས་པཎ་ཚིག་ལ་འཆེལ་སྙམ་རིག་པའི་བསྟན་བཅོས་བཀའ་རྩིས་ཟོལ་གྱིས་སྒྲིབ་པར་བྱེད་དོ་ཀློང་ཆེན་པ། ༢༧།ཏིང་འཛིན་གྲུབ་པའི་དྲང་སྲོང་རྒན་པོའང་གནྡྷརྦ་ཡི་གླིང་བུས་སད༑ ༑ཁེངས་བས་དྲེགས་པའི་འཁོར་ལོས་སྒྱུར་ཡང་ལྗོངས་རྒྱུའི་ཟོལ་གྱིས་ལྟད་མོར་ལྷགས། །འགྲོ་འོད་མེད་པ་འཕགས་པའི་མཉམ་གཞག་དེས་ཀྱང་གཡོ་བར་མི་ནུས་པ། །མཛོད་ཆེན་བདུན་གྱིས་ཡིད་ཀྱི་ཆོམ་རྐུན་ཆེན་པོ་བྱས་སོ་ཀློང་ཆེན་པ། ༡༨།འཛམ་བུའི་གླིང་ན་རྒྱུའི་དཔེ་རྒྱན། །རྒྱན་དྲུག་མཆོག་གཉིས་

(༡༡༤)འོད་ཟེར་ཆེ། །གངས་ཅན་འདི་ན་མེས་དཔོན་རྣམ་གསུམ་སྙིང་སྟོབས་ཆེ། །ཀུན་གྱི་ཕྲིན་ལས་འཇའ་ལུས་རིག་འཛིན་བརྟུལ་ཞུགས་ཆེ། །ལྔ་བརྒྱའི་མཐའ་ལ་བསྟན་པའི་སྣང་བྱེད་ཀློང་ཆེན་པ། ༢༩།ཕྱོགས་རེའི་སྐྱེ་བོ་གསོ་ཐིག་གི་གཏམ་རྒྱུད་དང་སྦྱར་བའི་བསྡུས་གཟུགས་ལྟ་གྲུབ་ཁྲོན་བའི་ཆུ་ཡིས་ལྟོ་བ་སྦོས་པའི་ཀརྐ་ཊས། །གསང་རྒྱུད་རྒྱ་མཚོར་འོད་ཚོད་མཛུབ་མོས་ལོག་སྨྲའི་ཚད་དུ་དཔོགས་པའི་ཚེ། །མོད་རྒྱུད་ཆུ་གཏེར་ཧུབ་ཀྱིས་འཐུངས་པའི་བརྒལ་བརྟག་ཏིག་པའི་སུན་འབྱིན་སྒྲས། །བསྟན་ལ་རི་མོར་བགྱིས་བ་ཡིན་ནོ་གྲགས་བ་དོན་ལྡན་ཀློང་ཆེན་པ། ༣༠།ཀ་དག་ཕྱོགས་ཡན་ལྟ་བར་ཤར་བས་མཐའ་བརྒྱད་སྤྲོས་པ་དབྱིངས་སུ་ནུབ། །ལྷུན་གྲུབ་རང་ཡན་སྒོམ་པར་གྲོལ་བས་དྲན་འཛིན་གཉེན་པོ་ཕྱལ་བས་ལས། །གཏན་མེད་རང་གྲོལ་སྤྱོད་བར་གོམས་པས་རེ་དོགས་ཆོ་མ་རྐུན་ཟིལ་གྱིས་མནན། །གངས་ཅན་འདི་ན་མཁས་དང་གྲུབ་པའི་གྲགས་པའི་མུ་ཁྱུད་ཀློང་ཆེན་པ། ༣༡།ཤིང་རྟའི་ལམ་སྲོལ་འབྱེད་ལ་དེ་ཉིད་བརྗོད་པ་དར་བུ་ལ་བྱུང་བསྲེས་པའི་རྒྱན་ཀླུ་སྒྲུབ་རྗེར༑ ༑སྒྲོ་སྐུར་དང་བྲལ་བ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན། །མཚུངས་ཀྱང་མ་ཡིན་ཀུན་མཁྱེན་བསམ་ཡས་པ། །གསང་རྒྱུད་དགོངས་བ་ལོན་འདི་དགའ་རབ་རྗེ། །མ་ཡིན་གང་ཆེན་མཚོ་ཡིས་ཐུགས་བསྐྱེད་མཐུ། ༣༢།ཁྱོད་ཀྱི་སྤངས་རྟོགས་རབ་རྟོག་དོགས་སྒྲ་ཅན་མཚུངས་ནམ་མཁའི་མཐས་ཀྱང་ཐུག་པ་མེད་པའི་ངོ་མཚར་གཏམ་གྱི་བཻ་རོ་ཙ། །གླིང་བཞིའི་སྣང་བྱེད་ཉི་ཟླ་ཟུང་གིས་ནོར་འཛིན་བུ་མོའི་རྣ་བའི་རྒྱན་ཏུ་བཏགས་པ་ལས། །གྲུབ་བརྒྱའི་སྤྱི་མེས་སྤྲོས་བྲལ་དོ་ཧའི་རྒྱུངས་གླུ་ལེན་མཁས་སར་ཧའམ་མདའ་བསྣུན་རྗེ། །རང་མིན་གཉིས་པ་གཞན་ཞིག་ཡོད་སྙམ་འཕྱུང་མོ་ནུག་གི་དྲ་བར་བཙུད་ཀློང་ཆེན་པ༑ ༣༣༑གང་གིས་རྒྱན་དྲུག་མཆོག་གཉིས་ཞུན་མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནུས་པའི། །ལྔ་རིག་གཙུག་ལག་སྨྲ་ལ་མཚར་དུ་ཅི། །གདོད་མའི་མགོན་པོའི་ཁྱད་ཆོས་དྲུག་ལྡན་གྱི། །དགོངས་པའི་ཀློང་དུ་བཙན་ས་ཟིན་མིན་ནམ། ༣༤།ཀྱེ་ཧོ་བརྟན་གཡོའི་ཐུན་མོང་མ་ཡིན་པའི་རྒྱན་ལས་ཤར་ཕྱོགས་གཽ་ཌ་བའི་བསྔགས་པ་ལ་སྦྱར་བའི་

(༡༡༥)མཛེས་པའི་ཡོན་ཏན་གྱི་གཏམ། ཆོས་ཁམས་རྒྱ་མཚོའི་རྡུལ། །ཀུན་མཁྱེན་ཁྱོད་ཀྱི་ཀློང་ཆེན་མེ་ལོང་དོགས།།མི་འཆར་ཤེས་བྱའི་སྣང་བརྙན་འདི་ཀོ་ཞེས།།སྟོབས་བཅུའི་མངའ་བདག་དེས་ཀྱང་བསྟན་དུ་མེད། ༣༥།འདུས་བྱས་རང་བཞིན་མ་བསྡུས་པའི་གཟུགས་ཅན་རྟག་པ་མ་ཡིན་འཕེལ་འགྲིབ་དུས་ཀྱི་འཐོར་རླུང་ཆེས།།དབུར་ཞྭའི་ལྷ་ཁང་སྤྲིན་གྱི་ཁང་མཛེས་དུམ་བུར་སྟོང་བ་བི་མ་ལས། །སྡིགས་མཛུབ་ཟོལ་གྱིས་ཞིག་གསོའི་ལུང་བསྟན་ཇི་བཞིན་མངོན་དུ་སྒྲུབ་པའི་ཚེ། །སྣང་བ་དབང་བསྒྱུར་བརྟུལ་ཞུགས་སྤྲོས་པས་བརྟན་གཡོ་ཟིལ་མནོན་ཀློང་ཆེན་པ། ༣༦།རྒྱལ་བ་རིག་འཛིན་བྱ་བའི་རང་བཞིན་བརྗོད་པ་བཀའ་བགྲོས་རྟང་དུན་པས། །བསྐུལ་ཏེ་མདོ་སྔགས་བསྟན་པའི་འོད་བརྒྱ་པ། །མི་ཡི་ཟོལ་ལ་བརྟེན་ནས་ཤར་བ་དེས། །མུ་ཅོར་སྨྲ་བའི་ཟིལ་གྱིས་མནན། ༣༧།ས་ཐོབ་རྣམས་ལ་བྱ་བ་བརྗོད་པ་ཐ་མའི་གསལ་བྱེད་སྐྱེ་འཆིའི་དངོས་པོ་རང་ཚན་མེད་དེ་རྟག་འཛིན་གདུལ་བྱ་སྐྱོ་བའི་སླད།།གཟུགས་སྐུའི་མཆོད་སྡོང་དཔལ་གྱི་མཆིམས་ཕུར་གདུང་ཆེན་ལྔ་དང་རིང་བསྲེལ་ཕྲ་མོའི་འབྱུང་ནས་སུ། །ཆོས་སྐུའི་བཞུགས་སྟངས་དྲང་པོས། གཞག་སྟ་ཞི་བར་གཟིམས་ཀྱང་གསང་གསུམ་ལུང་རྟོགས་རྒྱ་མཚོའི་ཕུལ། །ཡི་གེའི་ཟོལ་གྱིས་ཆོས་སྐུའི་རིང་བསྲེལ་ཕུང་པོར་བཞག་བའི་བཀའ་དྲིན་བསམ་གྱིན་ཐལ་མོ་སྦྱར། ༣༨།དེ་སྐད་དུས་མཁྱེན་བསྡུས་པ་དང་མ་བསྡུས་པའི་གཟུགས་ཅན་བསྲེས་བ་རྗེས་སུ་ཕྱོགས་པའི་བསྲོད་ཚིག་འགྱུར་ཁུགས་དུས་ཀྱི་ཕོ་ཉའི་རྒྱངས་གླུ་འདིས། །བདག་གི་སྐྱེས་རབས་སྲིད་གསུམ་རྒྱ་མཚོའི་ཕ་མཐའ་འགྲིམ་པ་དེ་སྲིད་ཀུན་མཁྱེན་བླ་མ་དེའི། །རྗེས་སུ་ཞུགས་ཤིང་གང་གི་སྤངས་རྟོགས་ལེགས་བྲིས་ལམ་ལ་གོམ་པའི་འདེགས་འཇོག་བསྒྱུར་ནུས། ནས། །བསྟན་འགྲོའི་དོན་མཆོག་རླབས་ཆེན་འགྲུབ་པའི་སྙེ་མ་སྤོམ་པོ་གཡུར་དུ་ཟ་བར་ཤོག་ཅིག་གུ། ༣༧།དགོས་འབྲེལ་མེད་པ་ཕྱི་པའི་གཞུང་ལུགས་དཔེ་རྒྱན་ལས་ངེས་བའི་དཔེ་དང་། བྲམ་ཟེའི་རིག་བྱེད་ལྟ་བུས་བསྔགས་

(༡༡༦""པ་མིན། །མདོ་སྔགས་བསྟན་པའི་སྲོག་ཤིང་འདི་ཡིན་བས། །རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་མཛོད། ༤༠།ཅེས་སྟོན་བའི་ཞལ་ཚབ། །པདྨའི་གདུང་འཛིན། །བསྟན་པའི་སྒྲོན་མེ།མཁས་པའི་གཙུག་རྒྱན།གྲུབ་པའི་སྤྱི་མེས།མཚུངས་ཟླར་འོད་པ་འགའ་ཡད་མི་སྲིད་ཅིང་སྲིད་པར་མིན་པ་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ལ་དོན་དམ་བའི་ལམ་ནས་སྒྲོ་སྐུར་དང་བྲལ་བར་བསྟོད་པའི་དཔྱིད་ཀྱི་རྒྱལ་མོའི་རྒྱད་གླུར་ཞེས་བྱ་བ་འདི་ཚེ་རབས་ཀྱི་ཕྲེང་བ་མང་པོར་ཀུན་མཁྱེན་སངས་རྒྱས་གཉིས་པ་ཉིད་ཀྱིས་ཀློང་གསལ་མཁའ་ལྟར་དག་པའི་ཡེ་ཤེས་ཀྱིས་རྗེས་སུ་བཟུང་བའི་མཐུ་ལས་མངོན་གྱུར་དུ་སད་པ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་གཟུ་བོའི་བློ་གྲོས་དཔྱོད་བའི་སྐལ་བ་མིད་མན་ཞིང་། །གངས་རིའི་ལྗོངས་ཀྱི་གཞུངས་ལུགས་དང་མན་ངག་ཇི་སྙེད་ལ་སྡང་ཞེན་དང་ཕྱོགས་ལྷུང་གི་གཟེབ་ཏུ་མ་ཚུད་པས་ཐེག་པ་དང་གྲུབ་མཐའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་དག་རྒྱལ་བའི་གདུལ་བྱའི་བློ་དང་འཚམས་པར་བསྟན་པའི་དབྱེ་བ་ཅུང་ཟད་ཕྱེད་ནས་འགལ་གྲུབ་སྤོང་ལེན་གྱི་མཐའ་དང་བྲལ་བའི་ངོས། །ཚིག་ཆོད་གཞི་རྫོགས་ཨ་ཏིའི་ཐེག་བར་ཡོད་དཔྱོད་བློ་བྲལ་དུ་ལ་བཟླ་བའི་འབྱོར་པ་རང་བྱུང་པདྨ་དགྱེས་པའི་མཁྱེན་བརྩེའི་འོད་ཟེར་ཞེས་བགྱི་བ་དེ་ཉིད་གངས་ཅན་བོད་ཀྱི་ཚནོྡྷ་ཧ་ཆེན་པོ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་གོང་པའི་ཚུལ་དུ་འབྲེལ་བའི་སྒྲུབ་གནས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དབང་ཆེན་རོལ་པའི་ཕ་བྲང་ཆེན་པོའི་སའི་ཐིག་ལེ། འོག་མིན་བྲེ་དགུ་གེའུ་འོག་མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་ལྷུན་གྲུབ་རང་བྱུང་གི་བྱ་སྐྱིབས་འོད་གསལ་གཉུག་མའི་ཕོ་བྲང་། །ཐིག་ལེ་དང་ལུ་གུ་རྒྱུད་ཀྱི་དྲྭ་བས་བཀོད་མཛེས་པའི་གནས་སུ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ། ཁྱུ་མཆོག་སྣྲོན་ཟླའི་དུས་ཀྱི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་གི་དཀྱིལ་འཁོར་ཆེན་པོའི་ནང་དུ་རིག་པ་ཡུལ་ལྔའི་ཤེས་པ་ཀུན་།

(༡༡༧)གཞི་མི་རྟོག་པའི་དང་དུ་དར་གཅིག་ཐིམ་པའི་སྣང་མཆེད་ལུགས་ལྡོག་ཆེན་པོའི་ཡེ་ཤེས་ཀྱི་མེ་ལོང་དྲྭངས་བའི་དོགས་སུ། །རང་སྣང་གདོད་མའི་མགོན་པོ་མིའི་རྫུ་ལ་ཞུགས་པའི་མཚོན་བྱེད་དཔེའི་བླ་མ་གང་གི་གསང་པ་གསུམ་གྱི་སྣང་བརྙན་ཡུལ་ཅན་སྤྲུལ་པའི་ཟློས་གར་ཆུ་ཟླའི་རོལ་རྩེད་ལྟ་བུར་བསྟན་པའི་ཚེན་བཀོད་པ་ལུས་ཀྱི་གྲོང་ཁྱེར་ཆེན་པོ་ནས་རྩ་ཁམས་ཀྱི་ཡི་གེ་གཡོ་བྱེད་ཀྱི་རླུང་གིས་བསྐྱོད་པ་མིང་ཚིག་གྲུབ་པའི་བརྡ་རྟགས་སུ་ཤར་ཏེ་སྒྱུ་མ་དང་རྨི་ལམ་ལྟ་བུའི་རྣམ་རོལ་གྱིས་ལྗོན་བའི་བསིལ་གྲིབ་ལ་བརྟེན་ནས་རང་ལོ་སོ་གསུམ་བ་ལ་ཟིན་རིས་སུ་བྱས་པ་རིང་ཞིག་རྟོག་མེད་དུ་གཡེངས་ཏེ་དཀྱུས་སུ་འདིར་བ་མ་ཤར་བའི་ཐོག་མི་ཆོས་གཙང་མ་བཅུ་དྲུག་གི་རྣམ་ཐར་བཟང་པོས་ཡོངས་སུ་བསྲུངས་ཤིང་མི་འཕྲོགས་བའི་འདོད་ནོར་དང་ལྡན་པ་སྡེ་པ་རྡོ་རྗེ་ཕུན་ཚོགས་ཀྱིས་རྒྱན་མིང་ནོས་འཛིན་དང་བཅས་འཕྲལ་དུ་གཏན་ལ་ཕེབས་པ་ཞིག་དགོས་ཞེས་ལན་མང་པོར་བསྟུད་ནས་བསྐུལ་འདེབས་གནང་བ་ལས་ཇི་ལྟར་བཞད་བཞིན་དུ་བྲིས་པའོ། །སླར་སྨྲས་པ། ཀྱེ་ཧོ་མ་བཅོས་རང་བའི་དྲན་པ་ལ།།ཀུན་བརྟགས་ཅ་ཅོའི་ལྷན་པ་གདབ་མིན་ཡང་། །ཤེས་བྱའི་གོ་ན་སྲིད་ཚད་ཐམས་ཅད་ཀྱིས།།བསྟན་ལ་བྱ་བ་བྱེད་ཅེས་དམ་པས་བསྔགས།།དེ་ཕྱིར་སྒྲ་དོན་རྒྱན་གྱི་སྤྲོས་བཅས་གཏམ།།གྱ་གྱུའི་ཀུན་རྟོག་དྲུང་པོས་བཏགས་མིན་ཡང་། །སྤྲོས་མེད་ཀློང་གསལ་རིག་པའི་རོལ་རྩལ་ཆེར། །ཤེས་བྱའི་ཡོན་ཏན་མ་སྦྱངས་རང་བྱང་མཚར། །དབུ་མར་ལས་རླུང་ཀུན་གྱིས་ཕྱག་བྱས་ཚེ། །རྟོགས་པས་འཁོར་འདས་ཀུན་གྱི་མཚང་རིག་ན།།རྒྱན་དང་མངོན་བརྗོད་བྱིས་པའི་རྩེད་མོར་གདའ་འདི་ཀོ་གྲུབ་ཡོངས་ཀྱི་ཤུལ་ལམ་ཡིན། །རྣལ་འབྱོར་པུ་ཏྲའི་གྲོགས་ཀྱིས་བསླུས་མིན་ཡང་། །གདུལ་བྱའི་བློ་དང་འཚམས་པའི་ཀླུང་རྟོགས་ཆོས། །འཛད་མེད་དགོངས་པའི་ཀློང་ནས་སྐྱུགས་པ་འདི། །བྱ་བྲལ་ཁོ་བོའི་རྣམ་ཐར་ཡིན་པས་སེམས། །ལོ་ཟླར་ཀུན་འབྱུང་སྒོམ་པའི་མ་རིག་བྱ་།།ད་

(༡༡༨)དུང་སྒོ་ངའི་རྒྱ་ལས་མ་གྲོལ་ན། །མཁྱེན་གཉིས་མཁའ་ལ་འཕུར་བའི་ནུས་པ་ཅི།།སྲིད་རྩེའི་སྙོམས་འཇུག་མལ་དུང་ལ་བསོ་མཛོད། །ཚིགས་སུ་བཅས་བརྐང་པ་ལྔ་པ་ཞེས་བྱ་བ།གངས་རིའི་ཁྲིད་དུ་དཔལ་ཀུན་ཏུ་བཟང་པོ་རང་ཉི་སྤྲུལ་པའི་གཟུགས་སུ་གཤེགས་ནས་གནས་དུས་གདུལ་བྱའི་ཁམས་དང་འཚམས་པའི་སྟོན་པ་དང་བསྟན་པའི་སྣང་བ་གསར་དུ་བཀོད་པ་ལ་བསྟོད་བ། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངཱ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྫོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་སྟོན་པ་གཉིས་པ་ཡིན། །གངས་ཁྲོད་ལྟ་བ་མཐའ་དག་གཞན་དབང་དུ། །ཐལ་འགྱུར་མཚོན་ཆ་རྣོན་པོས་སྨ་ད་བབ་པའི། །ཕས་རྒོལ་རང་ཉིད་རྟག་ཆད་གྲུབ་མཐའ་རུ། །འགོད་བྱེད་བསྟན་པའི་ཤིང་རྟའི་ཆོས་ཀྱི་རྣམ་གྲངས་བཅོ་ལྔ་དང་ཉིན་བྱེད་མ་ཤར་ན། །སྔོན་བྱོན་མཆོག་གཟིགས་མང་པོས་སྐལ་ངན་བྱས། །འཁོར་ལོ་བར་མཐའི་ལྡེམ་དགོངས་གཉིས་འཐུང་སྣས༑ ༑རྣམ་བར་དཀྲུགས་པའི་གྲུབ་མཐའ་གསར་བུའི་ཡིད། །རྟོག་གེའི་གཞན་དབང་གྱུར་པ་འཇིག་རྟེན་ན། །རྣམ་པར་རིག་ཅིང་ལྡན་པ། །།མཛོད་ཆེན་བདུན་རྩ་འགྲེལ་རྣམས། །སངས་རྒྱས་ཀྱི། །ཡེ་ཤེས་མངོན་སུམ་མཐོང་བ་ཁྱོད་ཀྱིས་བཀྲལ། །ཚིག་ཚོགས་དབུ་བའི་ཐ་སྙད་སྲུང་བས་ཀྱང་། །ཁྱོད་གསུང་ཡོན་ཏན་རྫོགས་པའི་དཔལ་མཐོང་ནས། །མ་ནོར་ལམ་མཆོག་དགག་པ་རྩུབ་མོའི་དག །ཁ་ཡི་སྲང་མདོར་འཁྱམས་ལ་སྐྲག་གྱུར་ནས། །འགྱོད་པའི་རྣམ་ཕྲུལ་སློང་བ་མཐོང་བའི་ཆོས། །རང་ལས་གཞན་པའི་ལུགས་ནི་རྨོངས་བས་བསྒྲིབས་པའི་ཁན་མཐོ་བ་ཤ་སྟག་་གོ་སྙམ་པའི་ཀློག་པའི་སྡེ། །སྒྲུབ་གཤག་གི་བརྟུལ་ཞུགས་མྱུར་བའི་བཤེས་གཉེན་དག་གི་མདུན་སར་ཁོ་བོ་ཅག་གི་ཡིད་བཞིན་རིན་པོ་ཆེའི་མཛོད་འབྲམ་བས། རྣལ་ཐགས་དང་བ་གཏོར་བཟློག་ཐེས་བྲག་དང་བླུན་སྒོམ་ལ་གྲུབ་མཐར་གདེངས་འཆའ་བདག་གིས་དངོས་ཅག་གི་རྒྱུད་ལ་ལྟུང་བའི་ཆོས་སྦོམ་པོ་འདུ་བྱས་ཀྱི། འདི་ལྟ་བུ་གྲུབ་པའི་མཐའ་ལ་བདག་གིར་བགྱིད་པ་ཁྱོད་ཅག་གིས་བདག་།

(༡༡༩)ཉིད་ལའང་ཕན་པ་རྒྱ་ཆེན་པོ་བསྒྲུབས་སོ་ཞེས་སྒྲོགས་ཤིང་ཡིག་ཆའང་འདུ་བྱས་སོ།།གང་ལས་ཐུབ་བསྟན་སྐབས་གསུམ་དབང་པོའི་གྲོང་། །ཀློག་པའི་བརྟུལ་ཞུགས་རྫོགས་པར་འདོད་པ་ཀུན།།དོན་འདི་གཉེར་བྱར་བགྱིད་ན་སྔ་འགྱུར་བར། །ཁས་འཆེ་ཡང་དག་ལམ་ལས་ཕྱིར་ཕྱོགས་ཀུན།།རྣམ་ཤེས་ཕ་རོལ་སོང་བའི་སྐྱེས་བུ་ཡིན།།ཚིགས་སུ་བཅད་པ་རྐང་པ་ལྔ་པ་ཞེས་བྱ་བ་མ་རིག་གཉིད་ལས་སློང་བའི་ཕོ་ཉ་རང་བྱུང་རྡོ་རྗེས་སོ།།དཔལ་གྱི་བསམ་ཡས་མཆིམས་བུ་ལ་བསྟོད་པ་རྡོ་རྗེའི་གཱ་མ་ཀ༔ ཨེ་མ་ཧོ།།རང་བྱུང་རྫུས་སྐྱེས་དུས་གསུམ་མཁྱེན་པའི་སྐུ།།མཁའ་འགྲོའི་ཚོགས་རྗེ་རྒྱུད་སྡེ་རྒྱ་མཚོའི་བདག་།།ཐུབ་པའི་རྒྱལ་ཚབ་འཁོར་འདས་ཀུན་གྱི་དཔལ། །ཁོ་བོའི་འདྲེན་མཆོག་ཨོ་རྒྱན་ཆོས་རྗེ་མཆོད།།འཕགས་བོད་ཨོ་རྒྱན་གནས་ཡུལ་ཉེར་བཞིའི་གླིང་།།གནས་ཀྱིས་གང་ཟག་བྱིན་རླབས་དེ་དག་དང་།།རྣམ་དབྱེར་མེད་པ་སྒྲུབ་རིའི་རྒྱལ་པོ་ཆེ།།དབང་ཆེན་རོལ་པ་མཆིམས་ཕུའི་ནགས་ཁྲོད་དེ།།ཡུལ་ལྗོངས་བཀོད་པ་པད་སྡོང་ཁ་ཕྱེའི་ཚུལ།།རྒྱབ་རི་བློན་པོ་བློང་གཤོངས་དགུང་ལ་སྙེག།དེ་ཡི་རྩེ་མོ་གུར་ཆེན་ཕུབ་འདྲ་བའི།།ཨོ་རྒྱན་གཟིམ་ཕུག་རིན་ཆེན་གཏེར་གྱི་མཛོད།།མཐའ་སྐོར་རྗེ་འབངས་ཉེར་ལྔའི་སྒྲུབ་ཕུག་མཛེད།།མཁའ་འགྲོའི་ཚོགས་གཞོང་དབྱར་ཆུའི་ཟིལ་པས་ཁེངས།འདབས་སུ་རི་དྭགས་གཞོན་ནུའི་རྩེད་འཇོ་རོལ།།སྐྱེ་བོའི་སྒྱུ་འགྲུལ་འདུ་འཇིའི་གཟེབ་ཀྱིས་དབེན།།ཀ་དག་རི་གཞལ་མཐོང་བའི་རྣལ་འབྱོར་ཀུན།།ལྷུན་གྲུབ་ཐོད་རྒལ་དབྱིངས་རིག་གཟིར་བའི་གནས།།ཕུང་པོ་གཟན་ལྟར་བསྐྱུར་བའི་བྱ་བྲལ་ཀུན།།དྭངས་སམ་འོད་སྐུར་སྦྱོང་བའི་གནས་ཀྱི་མཆོག་།རྒྱུད་ནས་གསུངས་པའི་ཡོན་ཏན་འདི་ལ་ཚང་།།གནས་འདིར་སླེབས་པ་ཙམ་གྱིས་སྣང་བས་འགྱུར། །ཚེ་རབས་མང་པོའི་བག་ཆག་མོད་ལ་བྱང་།།གནས་མཆོག་འདི་ནི་འིད་གསལ་ཐོད་རྒལ་གླིང་།།ད་ལྟ་བཞུགས་དང་སླད་ཀྱི་འབྱོན་པ་ཡི།།ཆགས་མེད་ཞེན་པ་བྲལ་བའི་རྣལ་འབྱོར་རྣམས།།དབྱིངས་རིགས་སྲུང་དུ་

(༡༢༠)གཞུག་ལ་བརྩོན་པར་མཛོད།།རིམ་དགུའི་ཐེག་པས་མ་ཐུགས་མན་ངག་སྡེའི།།དགོངས་པའི་མཐར་ཐུག་ལོན་ས་དེ་རུ་གདའ།།ཨེ་མ་ངོ་མཚར་ཆེ་བའི་གནས་མཆོག་ནི།།རང་བྱུང་པདྨས་བྱིན་གྱིས་བརླབས་པའི་མཐུ།།ཚུལ་འདིར་བསམས་ཤིང་ཨོ་རྒྱན་སྙིང་ནས་དྲན།།ཉིན་བསམས་ཉིན་དྲན་མཚན་བསམ་མཚན་མོ་དྲན།།ཞན་འཇིན་ཅན་གྱི་བློ་སྣ་ཆོས་ལ་བསྒྱུར།།དགོས་མེད་ཞེན་ལོག་སྙིང་ནས་དྲན་པ་དང་།།ཆགས་མེད་ཞེན་བ་བྲལ་བའི་བརྟུལ་ཞུགས་ཀྱིས། །འདི་འདྲའི་གནས་སུ་མངོན་སུམ་གཟིར་བའི་མཐུས།།གང་སོང་ཆ་མེད་དང་ནས་ཟག་བཅས་ཀྱི།།ཕུང་པོ་འཇའ་ལྟར་ཡལ་བར་བྱིན་གྱིས་རློབས།།དེ་ཡི་མདུན་ན་སྤང་ལྗོངས་མེ་ཏོག་བཀྲ།།རྫ་དང་ཤིའི་རྩ་འཛོམ་པའི་ཚད་ཚིད་ཁྲོད།།འདབ་ཆགས་ཅང་ཏེའུའི་སྒྲ་སྒྲོགས་ཁྱོ་ཤུག་དང་།།བདག་མེད་རི་དྭགས་ཚོགས་རྣམས་གྱ་གྱུར་རྩེ།།གཡས་རི་བྱ་ཁྱུང་གཤོག་པ་བརྒྱངས་འདྲ་ལ།།ཕོ་རྒྱུད་དཀྱིལ་འཁོར་བྲག་ཅན་ཁྲོ་བོའི་ཞལ།།དབུས་ན་རྡོ་རྗེ་ཕག་མོའི་བཀོད་པ་མཛེས།།ཐུགས་ཀའི་ཀློང་ན་ཡེ་ཤེས་མཁའ་འགྲོའི་གཙོ།།འཚོ་རྒྱལ་ཏིང་འཛིན་གསང་བའི་ཕུག་པ་དེར།།སླེབས་པ་ཙམ་གྱི་ཚེ་འདིའི་སྣང་བ་འགག་ །ཀ་དག་སྤྲོས་བྲལ་རང་བཞིན་རྒྱུད་ལ་འཆར།།དེ་ཡི་བདེ་སྐྱོང་འཁོར་ལོའི་ཕོ་བྲང་ན།།ལྔ་པའི་ལམ་དུ་དེངས་པའི་གཟུགས་ཕུང་ཀུན།།དངོས་མེད་སྲོག་གཏོར་བྱེད་པའི་དུར་ཁྲོད་འཇིགས།།སོ་སོ་སྐྱེ་བོ་ངེས་འབྱུང་སྐྱེ་བའི་ས།།ལམ་པའི་གང་ཟག་རེ་དོགས་གཅོད་པའི་ཡུལ།།གྲུབ་ཐོབ་རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་གནས།།འཕགས་བའི་ཡུལ་གྱི་དུར་ཁྲོད་བསིལ་ཚལ་སོགས།།དུར་ཁྲོད་ཆེན་པོ་བརྒྱད་དང་བྱིན་རླབས་མཚུངས།།སྐྱེས་པའི་ཐ་མ་ངེས་པར་འཆི་བ་དང་།།འདུས་པའི་ཐ་མ་འབྲལ་བ་ཆོས་ཉིད་ཡིན།།ས་ཕྱོགས་འདིའམ་གཞན་པའི་སྐྱེ་བོ་རྣམས།།མིང་གི་ལྷག་མར་སོང་བའི་རུས་དུ་མ་འཁྲོལ།།གཏན་དུ་སྡོད་གྲབས་བྱེད་རྣམས་འདི་ལ་སོམས།།ཕུང་པོ་

(༡༢༡)མེ་ལྕེས་བཟའ་བའི་བཞད་སྒྲ་དང་། །བྱ་རྒོད་གཤོག་རླབས་གཡོ་བའི་འགྱིད་འགྲོས་དང་། །ཅེ་སྦྱང་བ་སྤུ་གཟིང་བའི་གནས་སྐབས་སོམས། །རྟག་དུར་ཁྲོད་འདིར་ལྟོས་ངེས་འབྱུང་དང་། །རང་རྒྱལ་བཞིན་དུ་རྟེན་འབྲེལ་ལུག་ལྡོག་སྒོམས། །མི་རྟག་མི་རྟག་གློ་བུར་ཚེ་མི་རྟག་ །ནམ་ཟླ་དུས་བཞི་སྔ་དྲོད་གོངས་ཁ་དང་། །དགྲ་གཉེན་འགྱུར་ལྡོག་སྣང་ཚུལ་ཆོས་མི་རྟག་ །གཞན་དུ་སྐྱེས་ལས་འདིར་ནི་འཆི་བྲོད་ཅེས། །ཡེ་ཤེས་སྐུ་ཅན་པདྨ་ལས་གྲོལ་དང་།།ཨ་ཙར་ས་སྙིང་འཇའ་འོད་ཕུང་པོར་གཤེགས། །དེ་ཕྱིར་ཀུན་ཀྱང་ངེས་འབྱུང་དྲག་པོའི་བློས། །འདི་ལ་སོམས་ནས་དམ་པའི་ལྷ་ཆོས་རེམས།།གཡོན་རི་གླང་ཆེན་ཟས་སུ་འགྱིད་འདྲ་བའི།།རྩེ་ནས་ཉི་ཟླའི་བགྲོད་པ་དལ་གྱིས་འཆར།།མཐོ་ལ་ལྷུན་ཆགས་ནེའུ་མེ་ཏོག་བཀྲ།།ངོས་ལ་བལ་བུའི་ལོ་འདབ་དྲི་དང་ལྡང་།།བར་ན་སཱ་ལའི་ལོན་པ་དྲང་ལ་ལྡེམ།།རྩ་བར་ལྗོན་ཤིང་གེ་ལ་བའི་གྲིབ་བསིལ་ཅན།།རི་རྒྱུད་གསེར་འཕྲུལ་ལྡེམ་པ་བཙུགས་འདྲའི་གམ།།འཆི་མེད་བདུད་རྩིའི་ཚེ་བུ་མ་རང་བྱོན་ནས།།པདྨས་བྱིན་གྱིས་བརླབས་པའི་ཚེ་ཆུ་འབབ།།མྱོང་བ་ཙམ་གྱིས་ཚེ་བསྲིང་སྡིག་སྒྲིབ་དག་ །འདི་ཉིད་གཅིག་པུའི་ཡོན་ཏན་བསམ་མི་ཁྱབ།།དེ་མཐར་ལྷ་འདྲེས་སྙིལ་བའི་རྫ་ཆེན་གཟིང་།།བདེ་གཤེགས་ཐུགས་སྲོག་ཡི་གེ་ཧཱུྃ་གི་གཟུགས།།རང་བྱུང་པདྨའི་རྫུ་འཕྲུལ་ཕྱག་རྟགས་ཡིན།།གཤམ་དུ་རེག་གྲོལ་ཞབས་རྗེས་གྲངས་མེད་བཞུགས།།རི་རྒྱུད་འདི་ཡི་མེ་ལྷ་གནས་པའི་ཕྱོགས།།རྩི་ཤིང་ནགས་ཚལ་སྟུག་པོའི་ཚང་ཚིང་ཁྲོད། ཇོ་མོའི་གཟིམ་ཕུག་ངོ་མཚར་རིང་མོ་ཅན༑ ༑བར་དུ་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་བར།།རྩ་གསུམ་རྒྱ་མཚོས་ཞལ་བསྟན་སྙིང་ཐིག་གི།།དགོངས་གཏེར་བྱིན་རླབས་བབས་པའི་གནས་མཆོག་ཡིན།།མཐོང་སྣང་འོད་ཀྱི་དྲྭ་བའི་གཞལ་མེད་ཁང་།།རྩོད་དུས་འདི་ན་གསང་ཆེན་སྙིང་པོའི་བསྟན།།བཤད་སྒྲུབ་ཟུང་གིས་འཛིན་པ

(༡༢༢)ཁྱོད་ལས་སུ།།ལྷ་གཅིག་པདྨ་གསལ་གྱི་སྨོན་ལམ་དང་།།རི་དབང་རྒྱལ་མཚན་བི་མ་བཻ་རོ་སོགས།།པཎ་གྲུབ་ཀུན་གྱི་སྤྲུལ་པའི་སྒྱུ་འཕྲུལ་ཕྱིར།།གྲུབ་མཐའ་བསླངས་པའི་བཀའ་དྲིན་བསམ་མི་ཁྱབ།།ཆོས་དྲིན་སོམས་ལ་གསོལ་བ་སྙིང་ནས་ཐོབ།།མཛོད་དང་སྙིང་ཐིག་རྣམས་ཀྱི་དགོངས་པ་ཡོད༑ ༑དེ་དང་འབྲེལ་མཚུངས་འོད་གསལ་ལྷུན་གྲུབ་སྒང་།།རི་རྒྱུད་རུ་མཚོན་གནམ་དུ་སྒྲེང་བ་འདྲ།།རྣམ་རྟོག་བག་ཆགས་ཟང་ཐལ་འཕགས་པའི་བརྡ།།ཁྲེགས་ཆོད་ཨ་ཏི་སྒོམ་པའི་གནས་སུ་འདུག་ །གང་ཤར་རང་གྲོལ་ཆེན་པོའི་རྟོགས་པ་སྐྱེ།།ཇོ་བོས་ཞབས་བཅགས་ཉེ་ངས་རྣལ་འབྱོར་ལ།།སྔགས་ཀྱི་ཐབས་ལམ་ཟབ་མོ་ཚིག་བརྒྱུད་བསྟན།།རྒྱ་བརྩོན་ནག་ཚོ་གཉིས་ཀྱིས་སྒྲུབ་གནས་མཛད།།དབུས་ཕྱོགས་གནས་ཀྱི་ལྟེ་བ་བྲག་དམར་རྫོང་།།དགེའུ་གོང་རི་བོ་རྒྱལ་མཚན་སྒྲེང་བའི་མགུལ།།སྤྲུལ་པའི་ཞིང་མཆོག་བྲག་དམར་ཀེའུ་ཚང་།།ཐོས་པ་ཙམ་གྱིས་དད་པའི་བ་སྤུ་གཡོ།།མཐོང་བ་ཙམ་གྱིས་རགས་པའི་རྣམ་རྟོག་འགག་ །མཇལ་བ་ཙམ་གྱིས་ཚེ་རབས་ལས་སྒྲིབ་བྱང་།།འདས་དུས་དེ་ཡི་གནས་སྐབས་བཟང་པོའི་ཚེ།།དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཀྱིས།།ལྷ་གཅིག་ཚངས་བ་ལྷ་ཡི་མེ་ཏོག་སོགས།།ས་ཐོབ་ལས་ཆེན་གྲུབ་ཆེན་བརྒྱད་པོ་ལ།།མ་ཧཱ་ཡོ་གའི་རྒྱུད་སྡེ་ཀུན་བཅུད།།བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས།།སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས།།རིག་འཛིན་རྣམ་བཞིའི་དངོས་གྲུབ་བརྙེས་པའི་ས།།དཔའ་བོ་མཁའ་འགྲོ་མང་པོ་སྤྲིན་ལྟར་གཏིབས།།ལྷུན་གྲུབ་རང་བྱོན་བཀོད་པ་བསམ་མི་ཁྱབ།།རིན་ཆེན་གཏེར་གྱི་བང་མཛོད་ཆེན་པོ་ཡིན།།བྲག་ལ་ཡེ་ཤེས་འཁོར་ལོ་དངོས་སུ་བཞུགས།།ཆུ་ནུར་མཚན་མའི་མིག་གིས་སྤྱོད་ཡུལ་མིན།།དག་པའི་སེམས་དཔའ་རྣམས་ཀྱིས་དངོས་སུ་གཟིགས།།རྣམ་སྣང་མཛད་དང་མཐའ་མགོན་བརྩོན་གྱིས།།ཐུགས་བསྐྱེད་སོར་མོའི་རྩལ་ལས་བྱོན་པ་

(༡༢༣)ཡི།།གུ་རུའི་སྐུ་ཚབ་ཇོ་མོ་གཉིས་དང་བཅས།།ཉིད་ཀྱིས་ལྷག་པའི་འཁོར་ལོ་བཅུག་པའི་ཡིས།།བཟོ་བཀོད་བྱིན་རླབས་ཐམས་ཅད་ཁྱད་བར་འཕགས།།རྟེན་འདི་པད་འབྱུང་དངོས་དང་ཁྱད་པར་མེད།།ཟངས་མདོག་དཔལ་རིའི་ཞལ་སྐྱིན་མངོན་སུམ་སྟེ།།འོག་མིན་བདེ་བ་ཆེན་པོའི་ཞིང་མཁས་དངོས།།འདི་ཉིད་སུ་ཡིས་མཇལ་བ་དོན་དང་ལྡན།།ཚོགས་འཁོར་བྱས་ཚད་བསོད་ནམས་དཔག་ཏུ་མེད།།སྨོན་ལམ་ཐེ་བས་ཚད་ངན་སོང་སྐྱེ་སྒོ་ཁེགས།།མཉམ་འགྲོགས་བྱེད་ཚད་བདུད་ཀྱི་མངག་གཞུག་ཡིན།།བསྙེན་སྒྲུབ་ཡན་ལག་བཞི་ཡི་ཁོག་ཕུབ་བའི།།སྒྲུབ་ཆེན་མཛད་པའི་གནམས་སུ་འདི་ཉིད་བཟང་།།སྣང་གྲག་ལྷ་སྔགས་ཆོས་ཉིད་ཆེན་པོའི་དང་།།རྣམ་བཞིའི་རིག་འཛིན་བརྙེས་ལ་སོམ་ཉི་མེད།།གསང་སྔགས་འབྲས་བུའི་བསྟན་པའི་ཆུ་འགོ་སྟེ།།འདི་ལས་འཕགས་པའི་སྒྲུབ་གནས་བོད་ན་མེད།།པདྨས་བྱིན་བརླབས་གནས་གསུམ་མཁའ་འགྲོ་འདུ།།འདི་ཉིད་གཅིག་བུའི་བཀའ་དྲིན་དྲན་པས་ཀྱང་།།པདྨའི་ཐུགས་རྗེ་བསྐལ་བརྒྱར་འཁོར་ཐབས་མེད།།འདྲེན་པའི་དེང་དཔོན་པདྨ་འབྱུང་གནས་དེ།།ད་ལྟ་མངོན་སུམ་བཞུགས་ན་དགའ་བ་ལ།།དག་པའི་འཁོར་སློབ་རྗེ་འབངས་རྒྱ་མཚོ་དེ།།དང་སང་ལྷན་ཅིག་འཛོམ་ན་སྐྱིད་པ་ལ།།ད་དུང་ཁོ་བོའི་བློ་སྣ་ཆོས་ལ་བསྒྱུར།།ཆོས་བརྒྱད་གཏིང་ནས་ཞིག་པར་བྱིན་གྱིས་རློབས།།གཡོན་ཕྱོགས་འཛིན་དུང་དཀར་འདྲ་བའི་ཐོད།།གྲུབ་པའི་བསྟི་གནས་ཁྱད་འཕགས་ཨོ་རྒྱན་རྩེ།།ཕྲིན་ལས་གྲུབ་པ་རོགས་དང་ཟུར་ཤཱཀྱ་འབྱུང་༑ ༑ཉད་སྒོམ་ཤ་བ་ཅན་སོགས་བཞུགས་གནས་ཏེ། །རྩ་བ་རྣམ་པར་རྟན་བ་རྡོ་རྗེའི་བྲག་ །རྩེ་མོ་རྣམ་དག་དབྱིངས་སྒྲོལ་གཞལ་མེད་ཁང་། །ཐིག་ལེ་སྟོང་པའི་སྒྲོན་མ་ལྷུག་པར་མངོན། །ཤེས་རབ་རང་བྱུང་སྒྲོན་མའི་བཞིན་རས་རྔོམ།། །ཀློང་གསལ་མན་དག་སྡེ་ཡི་

(༡༢༤)གནད་བསྒོམ་པའི། །སྔོན་བྱོན་ཞིག་པོ་རྣམས་ཀྱིས་བསྒྲུབས་རི་ཡིན། །གང་ཞིག་འདི་རུ་སུ་ཡིས་འོད་གསལ་སྒོམ།།དེ་ཉིད་ལྕེ་བཙུན་ཆེན་པོ་ལྟ་བུར་འགྱུར།།དུང་གི་སྡེབས་ལ་མདོ་སྔགས་ཟུང་འཇུག་གི།།བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་པ་དང་།།ཁྱད་པར་ཐམས་ཅད་མཁྱེན་གཟིགས་འགྲོ་འདུལ་གླིང་།།པྲཛྙཱ་རསྨིའི་ཐུགས་སྨོན་པའི་མཐུས།།གྲུབ་ཐོབ་རྒྱུན་མི་འཆད་པ་ཕྱི་མཐའི་བར།།ངེས་པར་འབྱོན་པའི་འདུས་སྡེ་རྣམ་པར་བཀྲ།།རི་སུལ་ཀུན་ཏུ་དལ་འགྲོའི་ཆུ་རྒྱུན་འབེབས།།གོ་མཚམས་མེད་པར་ནགས་ཚལ་དྲ་བས་མཛེས།།རྣམ་པ་དུ་མའི་བྱ་ཚོགས་གླུ་དབྱངས་ལེན།།རྐང་དྲུག་བུང་བའི་ཚོགས་རྣམས་འཕུར་ལྡིང་གཡོ།།དབྱར་དུས་སྦྲང་ཆར་ཟིམ་བུས་ས་བཅུད་གསོ།།ས་གཞི་ཐམས་ཅན་མ་རྒད་ཞུན་མ་མཁར་འདྲ།།སྟོན་དུས་སྒྲུབ་རིའི་རྩེ་མོས་ལ་ཐོད་འཆིང་།།རྩི་ཤིང་ནགས་ཚལ་ཟོ་འག་བཀྲམ་བ་འདྲ།།ལྗོན་པའི་ཤིང་དང་སྔོ་སྨན་དྲི་བཟང་འཐུལ།།དགུན་དུས་ཤིང་རྩི་ཁ་བའི་ལ་ཐོད་འཆིང་༑ ༑ཕན་ཚུན་ཡལ་ག་འདུད་ཅིང་མགོ་ལྕོགས་ལྡེམ།།རྟ་ལྗང་ཟེར་གྱིས་ལ་ཐོད་འཇུ་བའི་ཚེ།།བ་དན་རུ་མཚོན་ནམ་མཁར་སྒྲེང་བ་འདྲ།།རང་བྱུང་ལྷུན་གྲུབ་མཐུན་རྫས་ཁྱད་འཕགས་འདིས།།དམ་ཅན་ཆོས་སྐྱོང་རང་བཞིན་དགྱེས་བ་སྐོང་།།དཔྱོད་སོས་ས་གཞི་སྨུག་ལ་བྱ་དབང་སྒྲོག་ །དུས་ཀྱི་རྒྱལ་མོས་བསྔགས་པའི་བྱ་མ་རྟ།།བྱ་རྒྱལ་ཁུ་བྱུག་སྔོན་མོས་རྒྱངས་གླུ་ལེན།།སོ་སྐྱེ་ཀུན་གྱི་རྣ་བའི་བཅུད་དུ་མཛེས།།རྣལ་འབྱོར་རྟོགས་ལྡན་རྣམས་ལ་ཉམས་བཟང་གཡོ།།དེ་འདྲའི་གནས་མཆོག་པདྨ་ཁ་ཕྱེ་ལྟའི།།དབུས་བཅུད་ཟེའུ་འབྲུ་ལྟ་བུའི་དགེའུ་འོག་ །མིང་ལས་དོན་དུ་བརྟགས་ནན་འོག་མིན་དངོས།།རི་དབྱིབས་གསེར་གྱི་རྡོ་རྗེ་གནམ་སློང་འདྲ། །བྲག་ལ་རང་བྱོན་བཀོད་པ་བརྗོད་མི་ལྡང་། །པད་འབྱུང་རྫུ་འཕྲུལ་ཕྱག་རྒྱའི་སོར་མོའི་རྩེས།། འགྲོ་བའི་བསོད་ནམས་གསོག་པའི་མཆོད་སྡོང་དུ། །རི་མོར་མཛད་པའི་སྐུ་གསུང་ཐུགས་ཀྱི་རྟེན།

(༡༢༥) མཐོང་གྲོལ་རེག་པས་འཚེངས་པ་གྲངས་མེད་བཞུགས། །འདི་དག་སངས་རྒྱས་དངོས་ཀྱིས་བྱིན་བརླབས་པས། །སོ་སྐྱེ་རབ་གནས་བེམ་པོའི་གཟུགས་བརྙན་ལ། །གསེར་གྱིས་བྱུགས་པ་བདག་ལྟའི་རིན་ཐང་རྒྱན། །འབྱོར་སྟོབས་དཔལ་དུ་སྒོམ་དང་ཆོས་མི་མཚུངས། །ཡེ་ཤེས་བདུན་དང་ལྡན་པའི་བདག་ཉིད་ཅན། །སུ་ཡིས་མཐོང་རེག་སྨོན་ལམ་འདེབས་པ་དེ། །ངན་སོང་སྐྱེ་སྒོ་ཆོད་ལ་སེམ་ཉི་མེད། །འོན་ཀྱང་དབུལ་པོའི་ཁྱིམ་གྱི་གཏེར་ཁ་བཞིན། །ཡོན་ཏན་ཡོད་ལ་ཡོད་པར་མ་ཤེས་པར། །ཆུ་བུར་མིག་གི་ལྟད་མོའི་ཚུལ་ཙམ་དུ། །མཇལ་ལ་དེ་དང་མཚུངས་པའི་བྱིན་རླབས་ལས། །མི་འབྱུང་དེ་ཕྱིར་ཡོན་ཏན་དྲན་བའི་མོད། །དང་མོས་དྲིལ་ནས་གསོལ་འདེབས་སྨོན་ལམ་རེམས། །གནས་རྟེན་འདི་དག་འབྲེལ་ཚད་དོན་ལྡན་ཡིན། །ཟབ་རྒྱའི་བརྡ་རྟགས་རྫས་གཏེར་དུ་མས་གང་། །མཁའ་འགྲོའི་ཚོགས་ཁང་རིན་ཆེན་གསང་བའི་ཕུག་ །བསྐལ་པར་གནས་བའི་སྣང་གསལ་སྒྲོན་མེ་སོགས། །སྒྲུབ་རིའི་རྒྱལ་པོ་འདི་ཡི་ནང་དུ་བཞུགས། །དུས་བཟང་ཀུན་ལ་མཁའ་འགྲོས་ཚོགས་འཁོར་བསྐོར། །རོལ་མོའི་སྒྲ་དང་ཆོས་རྡ་ལྡི་ར་བ་ཐོས། །རྒྱུན་དུ་མི་མ་ཡིན་གྱིས་བསྐོར་བ་བྱེད། །དེ་ཕྱིར་སླད་ཀྱི་གང་ཟག་སྐལ་ལྡན་རྣམས། །འདི་ཡི་ཡོན་ཏམ་སོམས་ལ་ཕྱག་བསྐོར་རེམས། །ལན་ཅིག་འབད་པའི་བསོད་ནམས་ཕ་མཐའ་ཡས། །འདས་དང་མ་འོངས་གཏེར་རྒྱ་གྲངས་མེད་གསལ། །ཤུད་བུས་བྱང་སེམས་བྱེན་ལ་འདྲོངས་པ་ཡི། །གྲུབ་རྟགས་ཆུ་བོ་གྱེན་ལ་དྲངས་པ་དང་། །རྔ་ཡལ་གླིང་དུ་འབྱོན་ཁའི་དབུ་རྗེས་དང་། །ཕྱག་མཁར་རྗེས་སོགས་འདམ་ལ་བརྒྱབ་ལྟར་གསལ། །ཤར་དུ་འཆོད་འབྱུང་འདྲ་བའི་ཀེའུ་ཚང་།།ནང་ན་གུ་རུའི་ཞབས་རྗེས་ཆུང་ཡོད། །ཏིང་འཛིན་བཟང་པོ་གྲུབ་པ་བརྙེས་བའི་ཕུག་ །ཨ་བུ་ཡོ་གའི་རྫོགས་རིམ་སྒོམ་པའི་གནས། །བདེ་སྟོང་འབར་འཛག་ཡེ་ཤེས་སྐྱེ་བའི་ཡུལ། །འདི་འདྲའི་གནས་ཀྱི་ཡོན་ཏན་

(༡༢༦)བརྗོད་མི་ལྔ། །ཕྱི་ནས་འདོད་ཡོན་འདི་འཇིའི་རྣམ་གཡེང་མེད། །ནང་ན་རྣམ་རྟོག་གྱ་གྱུའི་སྒྱུ་འཕྲུལ་མེད། །བར་ན་ཞི་གནས་སྟེངས་པོའི་སེམས་འཛིན་མེད།།སྐུ་གསུམ་བཞུགས་སྟངས་གནད་ལ་ཕེབས་པའི་དང་།།སྐུ་གསུམ་ལུས་ཀྱི་གཞལ་མེད་ཁང་ཆེན་ནང་།་སྐུ་གསུམ་མཚོན་པའི་རྩ་གསུམ་མཉམ་པར་སྦྱོར། །སྐུ་གསུམ་ཕོ་མོ་མ་ནིང་རླུང་གསུམ་གྱི། །སྲོག་རྩོལ་གནད་དུ་ཆུད་པའི་རྟེན་འབྲེལ་ལས། །འདུ་བྱེད་རྟོག་ཚོགས་འགྱུར་པའི་ལམ་སྲང་འགག་ །མ་བཅོས་རིག་པའི་རྒྱལ་པོ་ལྷོད་དེ་བཞུགས། །ཤེས་ཉམས་ཟ་ཟུའི་རྣམ་རྟོག་བག་ལ་ཞ། །སྣང་ཉམས་མངོན་སུམ་རིག་པ་གནད་ལ་ཕེབས། །སྣང་སྨེས་དབྱེར་མེད་ཟང་ཐལ་ཁྲལ་ཁྲོལ་ལ། །ཆོས་མེད་ཆོས་ཀྱི་འདུ་ཤེས་དེ་ཡང་མེད། །དམིགས་མེད་གཏད་མེད་བྱར་མེད་ལྟ་སྤྱོད་མེད། །ཆོས་ཉིད་ཅིག་ཅར་ཟད་པའི་རྟེན་འབྲེལ་གནས། །རྟོག་གེས་བརྟགས་ན་སྙིང་རྗེ་གད་མོ་བྲོ། རྟོགས་པ་ཅན་རྣམས་བློ་བྲལ་གུ་རེ་ཡངས། །རྒྱལ་པས་གཟིགས་ན་ཐུགས་རྗེའི་ཡེ་ཤེས་འཇུག་ །རྩོལ་མེད་ཉམས་རྟོགས་ལྷུག་པའི་མེ་ཆེན་འབར།།ཉོན་མོངས་རྣམ་རྟོག་བག་ཆགས་ཐུལ་གྱིས་བསྲེག་ །འཁོར་བར་ཕྱི་ཕྱག་འཚལ་བའི་གནས་སུ་འདུག་ །ད་ལྟ་བཞུགས་དང་སླད་གྱི་འབྱོན་པ་ཡི། །འཁོར་འདས་པར་ལག་གཅོད་པའི་རྣལ་འབྱོར་རྣམས།།འདུ་འཛིའི་མཁར་གོག་པོ་རོ་ལྟར་བསྒྱུར།།འདི་འདྲའི་གནས་སུ་རིག་པའི་བཙན་ས་ཟུངས། །ཀེའུ་ཚང་འདི་ཡི་ཡོན་ཏན་བསམ་མི་ཁྱབ།། དྲན་ནོ་དྲན་ནོ་ཏིང་འཛིན་བཟང་པོ་དྲན། །ད་དུང་ཞེན་འཛིན་རྩ་དག་དར་ཆོད་པ་དང་། །མངོས་སུམ་རིག་བ་བཅུད་དུ་སྨིན་པ་དང་། །ཉིད་མཚན་དབྱེར་མེད་འོད་གསའ་འབྱོངས་པ་རུ། །བྱིན་གྱིས་རློབས་ཤིག་གསོལ་བ་སྙིང་ནས་འདེབས། །འདི་ཡི་འོག་ན་ཆོས་རྒྱལ་ཕུག་པ་ཡོད། །ཉང་བན་ཏིང་འཛིང་གུབ་པས་ཉང་ཕུག་འོག་ །འདི་ལ་སྔོན་ཆད་བདག་ཏུ་གཟུང་བ་མེད། །མེ་ཏོག་ཕུག་པ་ཞེས་

(༡༢༧)ནི་རབ་ཏུ་བརྗོད། །འོག་མིན་འདི་ཡི་རྒྱབ་ཀྱི་རླུང་ལྷའི་ཕྱོགས། །རྟ་མཆོག་གསང་བའི་ཕུག་པ་རེ་ཆགས། །རྒྱབ་ན་རྫུ་འཕྲུལ་ཞབས་རྗེས་འདོ་མདོ་ཙམ། །འདི་དང་མང་ཡུལ་རི་བོ་ཕན་ཚུན་བརྗེས། །བསམ་ཡས་ནེའུ་ཐང་ནགས་ཚལ་སྤོས་པ་སོགས། །ཕྱོགས་མཚུངས་སྣང་སེམས་འདྲེས་པའི་གྲུབ་རྟགས་ཡིན། །ལོག་ལྟ་ཅན་འཕྲལ་དུ་སྣང་བ་འགྱུར། །མཐིལ་ན་རྨ་བན་མཆོག་གིས་ཕ་ལྦང་ཆེ། །ཟན་གྱི་ཕུད་ལྟར་བཅད་པ་གྲུབ་པའི་མཚན། །ངོ་མཚར་ཁྱད་འཕགས་འདི་ལ་སུ་མི་དད། །འདི་ནས་ཤིན་ཏུ་ཉེ་བའི་སའི་ཐིག་ལེར། །བོད་ཀྱི་ལྷ་གཅིག་ཁྲི་སྲོང་ཡབ་སྲས་སོགས། །རྗེ་འབངས་གྲོགས་གསུམ་འདུས་པའི་ཚེམ་བུ་ཡིས། །རིང་ཐང་བྲལ་བའི་ཟང་ཟིང་དངོས་པོ་དང་། །ལུས་སྲོག་ལྟོས་པ་མེད་པར་མཎྚལ་དུ། །ཕུལ་ནས་གུས་པས་གསོལ་བ་བཏབ་བའི་དོར། །ཉིད་ཀྱི་དགོངས་པའི་གསང་མཛོད་ཆེན་པོ་ནས། །རྒྱུད་སྡེའི་བཅུད་ཕུར་ཡོ་ག་གསུམ་གྱི་སྲོག་ །མཁའ་འགྲོའི་སྙིང་ཁྲག་ས་འོག་གཏེར་ཅིག་མ། །ཀུན་ལ་ཡོངས་གྲགས་ཡང་ཟབ་གདམས་པའི་མཐིལ། །དགོངས་འདུས་གསེར་ཆོས་གསུངས་པའི་གནས་མཆོག་ཡིན། །རང་བྱུང་རྡོ་ཡི་བཞུགས་ཁྲི་ཆུ་ཞེང་གབ། །འདི་ཡི་ནང་ན་ཆོས་གཏེར་མང་པོ་བཞུགས། །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དེས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཡིན་བས། །རྡོ་རྗེ་གདན་གྱི་ཡོན་ཏན་ཕྱོགས་མཚུངས་འགོ་ །འོག་མིན་གསང་ཆེན་རོལ་བ་མ་ལ་ཡའི། །གནས་ཆེན་རྣམས་དང་ཀྱད་པར་འདི་ལ་མེད། །དད་བརྩོན་ཤེས་རབ་ཅན་གྱི་སྐྱེ་འགྲོ་རྣམས། །ཚོགས་འཁོར་བསྐོར་བའི་གནས་སུ་འདི་ཉིད་བཟང་། །དམ་ཚིག་ཉམས་ཆག་བསྐང་ཞིང་དངོས་གྲུབ་ཐོབ། །མཐའ་རྟེན་བསྔོན་སྨོན་བཟང་པོའི་རྒྱ་ཡིས་ཐོག་ །དགོངས་འདུས་གསུངས་པའི་ཡོན་ཏན་བརྗོད་མི་ལང་། །འདི་ཡི་ལུང་བསྟན་བཀའ་བརྒྱའི་ནང་དུ་ལྟོས། །མཐོང་བ་ཙམ་གྱིས་དད་པའི་བ་

(༡༢༨)སྤུ་གཡོ། །མཁན་སློབ་རྗེ་འབངས་དྲན་པས་མཆི་མ་ཤོར། །ད་ནི་དེ་དག་མེད་པས་སེམས་པ་སྐྱོ། །ཤུལ་དུ་གནས་བཤད་བྱས་པས་མི་རྟག་དྲན། །འདི་ཡི་ཚུལ་ལ་སོམས་ཤོག་ཕྱི་རབས་རྣམས། །འདབས་ན་གནས་སྲུང་ཌཱཀྐིའི་རྟེན་མཁར་བརྗིད། །རྩི་ཤིང་ནགས་ཚལ་མཚོན་ཆ་གཟིང་བ་འདྲ། །ཤིང་སྐམ་ཤ་བའི་རྭ་ལྟར་གནམ་ལ་འཕྱོ། །འཇིགས་པའི་གཅན་གཟན་དུ་མས་ལ་ཡིབས། །ཤིང་རྩིའི་ཁ་དོག་དུ་རླངས་འཇའ་ཚོན་འཁྱིལ། །སྣང་བ་ཡུལ་ཕྱིར་འབྲེང་བའི་ཡུས་ཅན་ཀུན། །ཉིན་མོའི་སྣང་བྱེད་ལྡན་ཡང་སྐྱི་གཡའི་གནས། །འདི་ཡི་གནས་བདག་ཤ་ཟར་ལ་གཅིག་མ། །སྔོན་ཚེ་རྟ་མཆོག་རོལ་པའི་ཕོ་ཉ་ཡིན། །མཚན་དུ་དུར་ཁྲོད་ཤ་ཟ་ཁ་མོ་ཆེ། །དགོངས་འདུས་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ཚེ། །ཏིག་འཛིན་ཧཱུྃ་ཀཱའི་སྲས་མོ་སྔགས་སྐྱེས་རིགས། །བུམ་འཛིན་ལྷ་མོ་འཛོམ་པ་སྐྱིད་དུ་གྲགས། །དགོངས་འདུས་སྨོན་ལམ་གཏད་རྒྱ་འབེབས་པའི་ཚེ། །བསྟན་པའི་གཉེན་གཏད་འོས་བ་སུ་ཞིག་ཅེས། །པད་འབྱུང་རྡོ་རྗེའི་གསུང་གསང་བབས་པ་ལས། །འདི་ཡིས་འདུས་པའི་དཀྱིལ་འཁོར་གྲལ་ལས་ལངས། །རང་གི་ན་བཟའ་ཕུད་ཅིང་རྒྱན་ཆས་བཀྲོལ། །ཕྱག་དང་བཅས་ཏེ་པད་འབྱུང་རྗེ་ལ་ཕུལ། །དགོངས་འདུས་བསྟན་པ་སྲུང་པའི་བྱེད་པོ་རུ། །ཁས་བླངས་བྲོ་བོར་སློབ་དཔོན་དགོངས་པ་བསྒྲུབས། །ཀླུ་ཡི་རྒྱལ་པོས་ཕུལ་བའི་མ་ཎི་ཀ རྗེ་ཡིས་མགུལ་ཁུག་ནང་བཏོན་སྐྱེས་སུ་སྩལ། །མངའ་གསོལ་གཟེངས་བསྟོད་མེ་ཏོག་ཆར་པ་ཕབ། །དཀྱིལ་འཁོར་འདུས་པའི་ཚོམ་བུས་ཤིས་པ་བརྗོད། །རྡོ་རྗེ་སློབ་དཔོན་དགྱེས་བ་བསྐངས་པའི་རྗེས། །དཀྱིལ་འཁོར་དྲུང་དུ་ཚེ་ཡི་འདུ་བྱེད་བཏང་། །ནམ་མཁའ་འཇའ་དང་མེ་ཏོག་ཆར་གྱིས་ཁེངས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་འཚམས་སྦྱོར་གྱིས། །མི་མངོན་དབྱིངས་སུ་སྤྲུལ་པའི་ཟློས་གར་བསྒྱུར། །ཁྱོད་ཀྱི་སྤྲུལ་པས་གནམ་ས་བར་

(༡༢༩)སྣང་ཁྱབ། །ལུས་དང་ལུས་མེད་སྣ་ཚོགས་ཅིར་ཡང་སྟོན། །རྣལ་འབྱོར་སྒྲུབ་བོ་ཀུན་གྱི་སྟོང་གྲོགས་བྱེད། །འདི་ཡི་མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །རྣམ་བཞིའི་ཕྲིན་ལས་ཀུན་ལ་ཐོགས་རྡུགས་མེད། །སྔ་འགྱུར་སྤྱི་དང་ཁྱབ་པར་དགོངས་འདུས་ཀྱི། །བསྟན་འཛིན་ཀུན་ལ་བུ་གཅིག་མ་ལྟར་བརྩེ། །བསྟན་བཤིག་རྣམས་ཀྱི་སྲོག་ལ་ཧབ་ལེན་བྱེད། །སྲུང་མ་མང་ཡང་ཕལ་ཆེར་ཟས་ཕྱིར་འབྲང་། །འདི་ཉིད་དམ་ཚིག་གཉན་ལ་འདའ་མི་མཛད། །རང་བཞིན་སྙིང་ཉེ་འཁུ་ལྡོག་བགས་ཀྱིས་ཆུང་། །གནས་འདིའི་སྲུང་མ་བརྗོད་ཀྱིས་མི་ལང་ཡང་། །ཁྱད་པར་གྱུར་པ་ལྷ་མཆོག་འདི་ཉིད་དོ། །གཤམ་དུ་མཆོག་དབྱངས་རྟ་མགྲིན་གྲུབ་ཕུག་དང་། །དཔེན་རྩ་ནཱ་རའི་གཙུག་ཤུལ་ཕབ་མོའི་མཁའ། །སྒྲུབ་གནས་འདི་ཉི་རྔ་ཡབ་དཔལ་རིལ། །ལྷུན་གྲུབ་ཤེལ་དཀར་ལངྐའི་ཕོ་བྲང་ཚུལ། །ཞབས་རྗེས་ཡན་ཆད་གནས་ཀྱི་ལ་ཆག་ཡིན། །ས་རྡོ་ཤིང་རྩི་ནགས་ཚལ་ཐམས་ཅད་ལ། །པདྨས་བྱིན་བརླབས་རབ་གནས་ཤུགས་ཀྱིས་ཆགས། །ཐ་མལ་རང་གར་མི་ལྟ་མོས་པ་བསྐྱེད། །བྱིན་རླབས་རང་རང་བློ་ནུས་འཚམས་པར་འཇུག་ །འདི་འདྲའི་གནས་ཀྱི་ཡོན་ཏན་བརྗོད་མི་ལྡང་། །དབྱར་དུས་ན་བུན་སྟུག་པོས་འཐུམས་ཤིང་རྨུགས། །དེས་ནི་འཁོར་འདས་གཞི་ཡི་གནས་ལུགས་སྟོན། །རི་ལ་གནས་ཀྱི་བཀོད་བ་ཚད་ན་ཡང་། །མངོན་པར་མི་གསལ་རིག་པའི་གནས་ལུགས་ལ། །འཁོར་འདས་གཉིས་ཀའི་འཆར་གཞི་ཚང་པའི་བརྡ། །རེས་འགའ་གཡས་གཡོན་དབུས་ཀྱི་རེ་སྐེད་ལ། །བ་བུན་མཐིང་གོས་བཞིན་དུ་དཀྲི་བར་བྱེད། །ལམ་ལ་ཞུགས་པའི་གང་ཟག་ཐམས་ཅད་ལ། །སྒྲིབ་གཉིས་བག་ཆགས་ཤུགས་ལ་ཡོད་པའི་བརྡ། །རེས་འགའ་ནམ་མཁའ་དྭངས་ཤིང་བསེར་བུ་གཡོ། །གནས་ཀྱི་བཀོད་པ་ལག་མཐིལ་བཞིན་དུ་བཀྲ།

(༡༣༠)ཇི་ལྟ་ཇི་སྙེད་མཁྱེན་པའི་རྩལ་རྫོགས་ཏེ། །འབྲས་བུ་སྐུ་གསུམ་རང་རྩལ་རྫོགས་པའི་བརྡ། །ཆོས་རྣམས་ཐམས་ཅད་ཐབས་ཤེས་རྟེན་འབྲེལ་ཏེ། །དངོས་མཚན་རང་གར་གྲུབ་བ་རྡུལ་ཙམ་མེད། །ཐམས་ཅད་རང་སེམས་གཅིག་བུའི་ཆོ་འཕྲུལ་ལ། །རྟག་བརྟན་ཐེར་ཟུག་སྒོམ་བ་རྨོངས་བ་སྟེ། །དེ་ཕྱིར་འདི་ཡང་གདུལ་བྱ་དྲང་བའི་སླད། །ཡིན་གྱི་ངེས་པའི་དོན་དུ་ཐ་སྙད་ཙམ། །རང་རིག་ཕྱོགས་ཡན་ཆེན་པོར་གློད་ཤེས་པས། །དངོས་འཛིན་ཨ་འཐས་འཇུར་གེགས་རང་སར་གྲོལ། །ཀློང་ཆེན་དགོངས་པའི་གསང་མཛོད་བརྡོལ་བ་ལས། །ཕྱི་ཡི་ཡུལ་སྣང་བརྡ་དང་དཔེ་ཆར་ཤར། །ཁས་ལེན་གཏད་སོ་བྲལ་བའི་རིག་པ་དེ། །སྣང་བ་ཡུལ་ཕྱིར་འབྲང་བ་མ་ལགས་ཏེ། །རྗེས་ཐོ་བསྒྱུ་མའི་རོལ་པར་བཞེངས་པའི་གཏམ། །གནས་བསྟོད་རྡོ་རྗེའི་ཐོལ་གླུ་གསར་བར་ཤར། །དགེ་བས་སྲིད་པར་ཞེན་བའི་ཡིད་ཅན་ཀུན། །ཐབས་མཁས་རྒྱ་གར་རྗེའི་མཛད་པ་རྨད་བྱུང་བས། །རྣམ་མཁྱེན་ཐར་པའི་གླིང་མཆོག་ཉམས་དགའ་བར། །ཁྲིད་དེ་ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག་ །ཅེས་སོ།

(༡༣༡)ཆོས་སྤྱོད་བསྟན་པ་ཡོངས་རྫོགས་ཆེ་བྱ་བ་བཞུགས་སོ།

(༡༣༢)སྔགས་ཀྱི་ལམ་ཞུགས་རྣམས་ཀྱི་ཐུན་མོང་མ་ཡིན་པ་དང་འབྲེལ་བའི་ཆོས་སྤྱོད་ལ་དང་པོ་དག་བྱིན་བརླབ་ནི། །ཨོཾ་ཨཱཧཱུཾ།ལྕེ་དབང་རཾ་ཡིག་ལས་བྱུང་མེས་བསྲེགས་ནས། །འོད་དམར་རྣམ་པའི་རྡོ་རྗེ་རྩེ་གསུམ་སྤུབས། །ཨཱ་ལི་ཀཱ་ལོ་མཐའ་བསྐོར་རྟེན་འབྲེལ་སྙིང་། །མུ་ཏིག་ཕྲེང་བ་ལྟ་བུའི་ཡིག་འབྲུ་ལས། །འོད་འཕྲོས་རྒྱལ་བས་སྲས་བཅས་མཆོད་པས་མཉེས། །སླར་འདུས་ངག་སྒྲིབ་དག་ནས་གསུང་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། །ཨོཾ་ཨ་ཨཱཨི་ཨཱིཨུ་ཨཱུ་རི་རཱྀལྀ་ལཱྀཨེ་ཨཻཨཾ་ཨཀ་ཁ་ག་གྷ་ང། །ཙ་ཚ་ཛ་ཛྷ་ཉ། །ཊ་ཋ་ད་ཌྷ་ཎ། །ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། །ཡ་ར་ལ་ལྦ། ཤ་ཥ་ས་ཧ་ཀྵ ཨོཾ་ཡེདྷ་རྨ་ཧེ་ཏུ་པྲ་བྷ་ལྦ་ཧེ་ཏུནེྟ་ཥཱནྟ་ཐཱ་ག་ཏོ་ཧྱ་ལྦ་དཏ། །ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ལྦཾ་བཱ་དཱི་མཧཱ་ཤཱ་མ་ནསྦཱ་ཧཱ། ལན་བདུན་རེ་བརྗོད། གཉིས་པ་བླ་མ་རྒྱང་འབོད་ནི། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །པདྨ་ཀཱ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་དང་གཏེར་སྟོན་བརྒྱ་རྩ་སོགས། །བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས། །འཛམ་གླིང་མཛོས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྫོགས་པའི་ཀློང་ཆེན་པ། །དྲི་མེད་འོད

(༡༣༣)ཟེར་ཞབས་ལ་གསོལ། །ཤེས་བྱ་ཀུན་མཁྱེན་འགྲོལ་རྗེས་བརྩེའི་གཏེར། །དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་བ། །འཇིགས་མེད་གླིང་བའི་ཞབས་ལ་གསོལ་བ་འདེབས། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མའི་སྐུ་གསུང་ཐུགས་ལ་འདུད། །འདྲེན་པ་རྣམས་ཀྱིས་ཡོངས་སྤངས་ཤིང་། །ངན་འགྲོའི་གཡང་སར་ཕྱོགས་པ་བདག་ །ཐར་པའི་ལམ་དང་རབ་སྤྲོད་པའི། །དེད་དཔོན་ཆེན་པོ་ཁྱོད་ལ་འདུད། །གནས་དང་གནས་མིན་མི་ཤེས་ཤིང་། །ལམ་དང་ལམ་མིན་གྱི་ནར་འཕྱན། །མུན་པ་ལས་ཀྱང་མུན་ནག་ཅན། །བདག་ལྟའི་སྒྲོན་མེ་ཁྱོད་ལ་བསྟོད། །གང་སྐུ་མཐོང་བས་སྣང་བ་འགྱུར། །ཞི་བར་གཟིམས་པའི་སྙིགས་མས་ཀྱང་། །མཚམས་མེད་བྱང་ཞེས་མོད་ལས་གསུངས། །འབྲེལ་ཚད་དོན་ལྡན་ཆེན་པོར་འདུད། །ཁྱེད་གསུང་ཐོས་པས་བླང་དོར་ཤེས །ཉེས་སྤྱོད་ཆེན་པོའི་གཡང་ལས་སྐྱོབ། །འགོག་ལམ་བདེ་བདེན་པའི་ངོ་བོ་ཉིད། །ཐོས་གྲོལ་ཆེན་རྒྱན་སྟུག་པོ་བཀོད་པ་ལས། །འཇམ་དཔལ་ཕྱོགས་གང་ན་ཆོས་སྨྲ་བ་དེ་འདུག་གམ། །ངེའི་རུས་བུའམ། རོ་བམ་བཞིག་མཐོང་ན་ཡང་མཚམས་མེད་པའི་ལས་ལྔ་རྣམ་བར་འགྱུར་རོ། །ཞེས་སོ། པོའི་དབྱངས་ལ་བསྟོད། །བདག་གིས་འབད་ཀྱང་

(༡༣༤)མི་ཐར་བ། །ཁྱེད་ཐུགས་གཏད་པས་ཡུད་ལ་སྨིན། །མོས་གུས་ཐོབ་ན་རྟོགས་པ་འཆར། །སྤྲོས་བྲལ་བསམ་མི་ཁྱབ་ལ་འདུད། །གྲངས་མེད་གསུམ་དཀའ་ཐུབ་ཀྱི། །གདུང་བས་དབང་པོ་ཚར་བཅད་ཀྱང་། །ཐོབ་པར་དཀའ་པའི་རྡོ་རྗེ་སེམས། །མ་ནོར་མངོན་སུམ་སྟོན་ལ་འདུད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱི་གཟིགས་མཛོད་ལ། །འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཚེ་འདིའ་ལེགས་པ་ཀུན་འགྲུབ་ཅིར། གེགས་དང་བར་ཆད་མེད་པ་དང་། །འཆི་ཁར་ཟབ་མོའི་འོད་གསལ་ཟིན། །བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །ལུས་དང་དག་ཡིད་རྩོམ་པ་ཀུན། །རྟག་ཏུ་གཞན་ལ་ཕན་པ་དང་། །རྐྱེན་རྣམས་བྱང་ཆུབ་ལམ་མཆོག་ཏུ། །དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །བདག་གིས་འབད་ཀྱང་ཐར་བར་དཀའ། །མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་གྲུས། །མགོན་མེད་བདག་དང་འགྲོ་བ་ཀུན། །ཐར་པའི་གླིང་དུ་ཕྱིན་པར་མཛོད༑ ༑གང་དག་བདག་ལ་དད་གྱུར་ཏམ། །སྨོད་དམ་སྐུར་པ་འདེབས་ཀྱང་རུང་། །དེ་དག་སྡིག་ཟད་ཉོན་མོངས་མེད། །སྲིད་པའི་ཆུ་བོ་སྤང་བར་ཤོག་ །ནམ་ཞིག་བདག་གི་མིང་ཙམ་གྱིས། །འགྲོ་བའི་འདོད་དགུ་རབ་འགྲུབ་ཅིང་། །ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །མཆོད་པའི་སྤྲིན་གྱི་ཆར་འབེབས་ཤོག་ །དགེ་པ་འདི་ཡིས་ལུས་ཅན་ཀུན། །ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །སྟིང་དབུས་དད་པའི་གེ་སར་བཞག་པ་ནས། །སྐྱབས་གཅིག་དྲིན་ཅན་བླ་མ་ཡར་ལ་བཞེངས། །ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི། །སྐལ་བ་ངན་པ་བདག་ལ་སྐྱོབ་པའི་ཕྱིར། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། །ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་ལོག་ལྟ་ཅན། །སངས་རྒྱས་མ་

(༡༣༥)བྱོན་ཞིང་དང་ལྐུགས་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་བའི་དལ་བ་ཐོབ། །མིར་གྱུར་དབང་པོ་ཚང་དང་ཡུལ་དབུས་སྐྱེས། །ལས་མཐའ་མ་ལོག་བསྟན་ལ་དད་བ་སྟེ། །རང་ཉིད་འབྱོར་བ་ལྔ་ཚང་སངས་རྒྱས་བྱོན། །ཆོས་གསུངས་བསྟན་པ་གནམ་དང་དེ་ལ་ཞུགས། །བཤེས་གཉེན་དམ་པས་ཟིན་དང་གཞན་འབྱོར་ལྔ། །ཐམས་ཅད་རང་ལ་ཚང་བའི་གནས་ཐོབ་ཀྱང་། །རྐྱེན་མང་ངེས་པ་མེད་བའི་ཚེས་སྤངས་ནས། །འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྡོ། །གཉིས་སུ་མེད་དོ་དྲིན་ཆན་བླ་མ་མཁྱེན། །ད་རེས་དལ་རྟེན་དོན་ཡོད་མ་བྱས་ན། །ཕྱིས་ནས་ཐར་བ་བསྒྲུབ་པའི་རྟེན་མི་རྙེད། །བདེ་འགྲོའི་རྟེན་ལ་བསོད་ནམས་ཟད་གྱུར་ནས། །ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་འཁྱམ། །དགེ་སྡིག་མི་ཤེས་ཆོས་ཀྱི་སྒྲ་མི་ཐོས། །དགེ་བའི་བཤེས་དང་མི་མཇལ་མཚང་རེ་ཆེ། །སེམས་ཅན་ཙམ་གྱི་གྲངས་དང་རིམ་པ་ལ། །བསམས་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ། །མི་ཡང་ཆོས་མེད་སྡིག་ལ་སྤྱོད་མཐོང་ན། །ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང་། །ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས། །ཐར་བ་བསྒྲུབ་པའི་རྟེན་དུ་མི་རུང་ཞིང་། །ཁྱད་པར་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུག་ །ལས་ངན་ཐོག་ཏུ་འབབ་དང་ལེ་ལོས་གཡེངས། །གཞན་ཁོལ་བྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས། །རྨོངས་སོགས་ཕྲལ་རྐྱེན་གྱིས་མི་ཁོམ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་བའི་ཚེ། །བློ་སྣ་ཆོས་ལས་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན།

(༡༣༦)སྐྱོ་ཤས་ཆིང་ཞིང་དད་བའི་ཞོར་དང་བྲལ། །འདོད་སྲིད་ཞགས་བས་བཅིངས་དང་ཀུན་སྤྱོད་རྩུབ། །མི་དགེ་སྡིག་ལ་མི་འཛེམས་ལས་མཐའ་ལོག་ །སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ། །རིས་ཆད་བློ་ཡིས་མི་ཁོམ་རྣམ་པ་བརྒྱད། །བདག་ལ་ཆོས་ཀྱི་འགལ། བློ་སྣ། ལཾ་གོལ། །གཉིས་སུ། ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་བས། །རང་དབང་ཐོབ་བའི་རྟེན་འབྲེལ་འགྲིག་དུས་འདིར། །སྙོམ་ལས་དང་དུད་ལ་འབྱོར་ཆུད་གསན་ན། །འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ལྟ། །ལྟ་ཅིག་ཅེས་པར་བཟུང་བའི་ལུས་འདི་ཡང་། །མལ་གྱི་ནང་ནས་ས་ཕྱོགས་སྟོངས་བར་བསྐྱལ། །ལྦ་དང་བྱ་རྒོད་ཁྱི་ཡིས་འདྲད་བའི་དུས། །བར་དོའི་ཡུལ་ན་འཇིགས་བ་ཤིན་ཏུ་ཆེ། །བློ་སྣ། ལམ་གོལ། །གཉིས། །དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འཕྲང་། །ཁྱད་པར་དམྱལ་བའི་འཇིག་རྟེན་ཉིད་སོན་ན། །ལྕགས་བསྲེགས་ས་གཞིར་མཚོན་གྱིས་མགོ་ལུས་འདྲལ། །སོག་ལས་གཤོག་དང་ཐོ་ལུམ་འབར་བས་འཆིར། །སྒོ་མེད་ལྕགས་ཁྱིམ་འཐུམ་བར་འོ་དོད་འབོད། །འབར་བའི་གསལ་ཤིང་གིས་འབུགས་ཁྲོ་ཆུར་ཚོད། །ཀུན་ནས་ཚ་བའི་མེས་བསྲེག་བརྒྱད་ཚན་གཅིག་ །གངས་རི་སྟུག་པོའི་འདབས་དང་ཆུ་འཁྱགས་ཀྱི། །གཅོང་རོང་ཡངའི་གནས་སུ་བུ་ཡུག་སྤྲེབས། །གྲང་རེག་རླུང་གིས་བཏབ་པའི་ལང་ཚོ་ནི། །ཆུ་བར་ཅན་དང་ལྷག་པར་བརྡོལ་བ་ཅན། །སྨྲེ་ངག་རྒྱུན་མི་འཆད་བར་འདོན་པ་ཡང་། །ཚོར་བའི་སྡུག་བསྔལ་བརྣག་པར་དཀའ་བ་ཡི། །ཟུངས་ཀྱིས་རབ་བཏང་འཆི་ཁའི་ནད་པ་བཞིན། །ཤུགས་རིང་འདོན་ཞིང་སོ་ཐམ་པགས་པ་འགས། །ཤཱུ་ཐོན་ནས་ལྷག་པར་འགས་ཏེ་བརྒྱད། །དེ་བཞིན་སྤུ་གྲིའི་ཐང་ལ་རྐང་པ་གཤོག་ །རལ་གྲིའི་ཚལ་དུ་ལུས་ལ་གཅད་གཏུབས་བྱེད། །རོ་མྱགས་འདམ་ཚུད་ཐལ་ཚན་རབས་མེད་ཀློང་། །མནར་བའི་ཉི་

(༡༣༧)འཁོར་བ་དང་འགྱུར་བ་ཅན། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །རྟག་ཏུ་བཀོལ་ཞིང་སྤྱོད་པའི་ཉི་ཆོ་བ། །རྣམ་གྲངས་བཅོ་བརྒྱད་གང་ལས་འབྱུང་བའི་རྒྱུ། །ཞེ་སྡང་དྲག་པོས་ཀུན་སློང་སྐྱེས་བའི་ཚེ། །བློ་སྣ། །ལམ་གོལ། གཉིས། དེ་བཞིན་ཕོངས་ལ་ཉམས་མི་དགའ་བའི་ཡུལ། །བཟང་བཏུང་ལོངས་སྤྱོད་མིང་ཡང་མི་གྲག་པར། །ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དྭགས་ལུས། །འདི་ཅིང་འདོད་བའི་སྟོབས་ཉམས་རྣམ་པ་གསུམ། །གང་ལས་འབྱུང་པའི་རྒྱུ་ནི་སེར་སྣ་ཡིན། །གཅིག་ལ་གཅིག་ཟ་གསོད་བའི་འཇིག་པ་ཆེན། །བཀོལ་ཞིང་སྤྱོད་པས་ཉམ་ཐག་བླང་དོར་རྨོངས། །ཕ་མཐའ་མེད་པའི་སྡུག་བསྔལ་གྱིས་གཟིར་པའི། །ས་བོན་གཏི་མུག་མུན་བར་འཁྱམས་པ་བདག་ །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་གསོལ། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང་། །ཐེག་ཆེན་སྒོར་ཞུགས་གཞན་ཕང་སེམས་དང་བྲལ། །དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་བསྒོམ་པའི། །ལམ་གོལ་འདི་ལ་བླ་མས་བསྒྲལ་དུ་གསོལ། །ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད་བ་ཅན། །གོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐག་ །སྤྱོད་པ་ནོར་ཡང་རང་སྐྱོན་མི་སེམས་པའི། །ཆོས་དྲེད་འདི་ལས་བླ་མས་བསྒྲལ་དུ་གསོལ། །ནངས་པར་འཆི་ཡང་གནས་གོས་ནོར་ལ་སྲེད། །ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱོ་ཤས་བྲལ། །ཐོས་པ་ཆུང་ཡང་ཡོན་ཏན་ཅན་དུ་རློམ། །མ་རིག་འདི་ལས་བླ་མས་བསྒྲལ་དུ་གསོལ། །རྐྱེན་ཁར་འཆོལ་ཡང་འདུ་འཛི་གནས་བསྐོར་སེམས། །དབེན་པ་བརྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་བའི། །ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ། །གཉིད་མཐུག་འདི་ལས་མྱུར་སད་དུ་གསོལ། །ཁྲི་མུན་འདི་ལས་མྱུ་དུ་དབྱུང་དུ་གསོལ། །ཞེས་འབོད་པ་དྲག་པོས་ཐུགས་རྗེ་ལྷོངས་པར་པའོ།

(༡༣༨)གསུམ་བསོ་ཐར་བརྒྱུད་འདེབས་ཀྱི་ཐོག་མར་བསྟན་པའི་བདག་པོ་སྟོན་པའི་མཛད་བཅུ་ནི། །དགའ་བ་བརྒྱ་ལྡན་འཆི་མེད་གྲོང་ཁྱེར་ནས། །བྱང་ཆུབ་སེམས་ཀྱི་དམ་པ་ཏོག་དཀར་པོ། །ཤཱཀྱའི་རིགས་ཀྱི་ཐིག་ལེར་འཛིན་པའི་སྣོད། །སྒྱུ་འཕྲུལ་ལྷ་མོ་རི་དྭགས་མི་གཅན་ཡིན། །འོད་སྟོང་ཤར་ཀྱི་རིལ་ཆས་པ་བཞིན། ལྷུམས་ཀྱི་གེ་སར་བཞད་པ་ལུམ་པའི་ཚལ། །ཚངས་དང་དབང་པོའི་སྲི་ཞུས་མཛེས་བྱས་ཤིང་། །བྱང་ཆུབ་རིགས་སུ་ལུང་བསྟན་ལ་ཕྱག་འཚལ། །ལང་ཚོས་དྲེགས་བའི་ཤཱཀྱ་གཞོན་ནུའི་དབུས། །རྒྱུ་རྩལ་དྲུག་ཅུ་རྩ་བཞིའི་རོལ་རྩེད་མཐུས། །ཀུན་གྱིས་ཁྱོད་ལ་བཅུད་ཅིང་གྲགས་པ་ཡིས། །སྐྱེ་དགུའི་རྣམ་ཤེས་མིག་དང་རྣ་བར་རྫོགས། །འདོད་སྲེད་ཞགས་པའི་གཞན་དབང་མ་གྱུར་བཞིན། །ཡབ་ཅིག་དགྱེས་སླད་བཙུན་པོའི་སྒྱུ་མ་ལ། །སྒྱུ་མའི་ལྟེ་བས་བ་ལྟས་ནས་རྒྱལ་པོའི་ཁབ། །བསྐྱངས་པས་དོན་ཀུན་གྲུབ་པ་ལ་ཕྱལ་འཚལ། །ཤིན་ཏུ་གཡོ་ཞིང་འཇིགས་པ་རྒྱལ་སྲིད་ཀྱི། །ལྕགས་ཀྱུའི་དབང་དུ་མ་གྱུར་འགའ་མེད་ཀྱང་། །ངེས་པར་འབྱུང་བའི་རྐྱེན་བཞིས་ཁྱོད་ཐུགས། །ཕྲོགས་ནས་རང་བྱུང་དགེ་སོང་ཉིད་དུ་བསྟན། །བརྩོན་འགྲུས་རླབས་ཀྱིས་མི་དལ་ནེ་རེཉྫར། །དཀའ་ཐུབ་གདུད་བ་བཟོད་པའི་སྙིང་སྟོབས་དང་། །ཀུན་རྟོག་འདུལ་བ་འཛིན་པའི་བསམ་གཏན་ལ། །ཕྱོགས་བཅུའི་བདེ་གཤེགས་དགྱེས་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་གྱི་སྲིད་དུ་རྣམ་རིག་ཀུན། །ཚོགས་གཉིས་ཐ་གུས་བཅིང་བ་དོན་ཡོད་ཕྱིར། །བྱང་ཆུབ་ཤིང་དྲུང་བདུད་རྣམས་སྐྲག་བྱས་ནས། །མངོན་བར་རྫོགས་སངས་རྒྱབ་རྒྱལ་ཀུན་གཤིས། །འཁོར་བ་གཏིང་མཐའ་མེད་པའི་གཡངས་ལ༑ །རྒྱུག་བའི་འགྲོ་བ་འཁོར་ལོ་གསུམ་གྱི་གྲུས། །བསྒྲལ་ནས་ཐར་པ་དང་ནི་རྣམ་མཁྱེན་གྱི། །གོ་འཕང་བཀྲི་བ་ཁྱོད་ལ་ཕྱག་འཚལ་ལོ། །རྟོག་ཅིང་དཔྱོད་ཀྱང་སྡོམ་པ་མིན་བའི་ཆང་། །འཐུངས་པས་ཆེས་གཟིར་མུ་སྟེགས་སྟོན་པའི་ལྕེ། །མཉམ་དུ་ཡོད་པའི་ཆོ་འཕྲུལ་མཐུས་བཅད་པས། །སྐྱེངས་

(༡༣༩)དང་གཟི་བརྗོད་ཉམས་པའི་ཆོ་ག་རྫོགས། །རྫུ་འཕྲུལ་རྐང་བ་བཞི་ལ་མཆོག་ཐོབ་ཁྱོད། །སྐྱེ་རྒན་འཆིའི་ཚོར་བ་མི་མྱོང་ཡང་། །ངེས་པར་ཕ་རོལ་འགྲོ་འདི་སེམས་རྣམས། །སྐྱོ་སྨད་མྱ་ངན་འདའ་སྟོན་དེར་ཕྱལ་འཚལ། །བསོད་ནམས་ཉམ་རླུང་གྱུར་པའི་འགྲོ་བ་རྣམས། །དཀར་བོའི་ཆོས་རབ་འཕེལ་བའི་ཚོང་ཟོང་ནི། །འཛད་པ་མེད་བའི་རིང་བསྲེལ་ཆ་བརྒྱད་དུ། །བཞག་སྟེ་ཆོས་ཀྱི་དབྱིངས་སུ་གཟིམས་པ་ལྟར། །བདག་ཀྱང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། །ཁམས་གསུམ་ལས་འདས་འོག་མིན་ཆེན་པོ་རུ། །མངོན་པར་སངས་རྒྱས་སྤྲུལ་པའི་མཛད་པ་བཅུས། །ཀུན་མཁྱེན་ཁྱེད་དང་འགྲོ་དོན་མཉམ་བར་ཤོག་ །མི་མཛེད་ཞིང་གི་སྟོན་པ་ཤཱཀྱའི་ཏོག་ །ཤཱ་རིའི་བུ་དང་སྒྲ་གཅན་འཛིན་བཟང་པོ། །འདུལ་བ་རྒྱ་མཚོའི་སྡུད་བྱེད་ཉེ་བ་འཁོར། །གཏད་རབས་བདུན་སོགས་ཐོས་པ་སྒྲོག་པའི་སྡེ། །ཉེས་སྤྱོད་སྡོམ་པ་རིག་བྱེད་མིན་པའི་གཟུགས། །སོ་ཐར་བརྟུལ་ཞུགས་ཆུ་ལོན་ལྟ་བུ་ལས། །ཉིས་བརྒྱ་ལྔ་བཅུ་སྤོང་བའི་ཚུལ་ཁྲིམས་དང་། །བཅུ་བདུན་བླང་བྱ་འཇུག་བའི་ཁྲིམས་དག་ཅིང་། །བདེན་པ་བཞི་ཡི་ལམ་ལ་དགྲ་བཅོམ་པ། །འཁོར་ལོ་དང་པོའི་བརྒྱུད་རིམ་ལ་གསོལ་བ་འདེབས། །བཞི་པ་བྱང་སྡོམ་བརྒྱུད་པ་ནི། །ཐུབ་ཆེན་འཇམ་དཔལ་དབྱངས་དང་ཞི་བའི་ལྷ། །ཨེ་ལདྷ་རི་མ་ཧཱ་ཤྲཱི་དང་། །རཏྣ་བྷ་ལྦ་བཛྲ་ཆོས་ཀྱི་གྲགས། །དཱི་བཾ་ཀཱ་ར་ཡབ་སྲས་རྡོག་ལོ་ཆེ། །ཆོས་ཀྱི་བླ་མ་ཕྱ་བ་ཆོས་སེང་དང་། །དྷརྨ་བཀྲ་ཤིས་ཤེས་རབ་མཚན་ཅན་ཟུང་། །སངས་རྒྱས་བརྩོན་འགྲུས་ཤཱཀྱ་སེང་གེ་དང་། །ཆོས་དཔལ་རྒྱལ་མཚན་ཀུན་མཁྱེན་བསམ་ཡས་པ། །དེ་ཡིས་ཞལ་བསྟན་མཁྱེན་བརྩེའི་འོད་ཟེར་སོགས། །རྒྱ་ཆེན་སྤྱོད་པའི་རྒྱུད་པ་ལ་གསོལ་བ་འདེབས། །སྟོན་མཆོག་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་གཉིས། །མཆོག་སྡེ་འདུལ་བའི་སྡེ་དང་སྣང་མཛད་བཟང་། །སེང་གེ་

(༡༤༠)བཟང་པོ་སངས་རྒྱས་ཡེ་ཤེས་ཞབས། །གུ་ཎ་མི་ཏྲ་རཏྣ་པ་རྦ་ཐཱ། །འབུམ་གསུམ་བློ་ལྡན་ཤེས་རབ་འབྲ་ཤེས་འབར། །བྱང་ཡེ་ཁུ་བརྩོན་དཀར་ཆུང་ཞང་གཡེ་བ། །གཉའི་ཞིག་རྒྱ་བྱིང་སེང་དཔལ་མ་ཏི་གྲགས། །བཙན་དགོན་དབེན་དགེ་རྣམ་གཉིས་བླ་བྲང་བ། །ཆོས་གྲགས་ཀུན་མཁྱེན་རྗེ་དང་མཁྱན་བརྩེའི་འོད། །ཟབ་ཅིང་རྒྱ་ཆེའི་བརྒྱུད་པ་ལ་གསོལ་བ་འདེབས། །སངས་རྒྱས་འཇལ་དཔལ་དབྱངས་དང་ཀླུ་སྒྲུབ་རྗེ། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་དང་། །ཀུ་ས་ལི་པ་ཆེ་ཆུང་ཨ་ཏི་ཤ་ །བལ་པོ་ཐང་པ་ཛ་དང་ཨ་བྷྱ་ཀཱར། །ཟླ་བ་རྒྱལ་མཚན་གྲོ་ལུང་སྤྱི་བོ་ལྷས། །རྨ་ཤཱ་ཀ་ནམ་མཁའ་གྲགས་དང་སྨོན་བྱང་གཞོན། །ཀུན་མཁྱེན་རྒྱལ་བའི་མྱུ་གུ་མཁྱེནབརྩེའི་འོད། །ཟབ་མོ་ལྟ་བའི་བརྒྱུད་པ་ལ་གསོལ་བ་འདེབས། །འཁོར་ལོ་བར་མཐའི་དྲང་ངེས་ལྡེམ་དགོངས་དང་། །སྐྱེས་བུ་གསུམ་གྱི་ལམ་རིམ་སྒྲ་ཇི་བཞིན། །གདུལ་བྱའི་ཡུལ་ལ་མངོན་སུམ་འདོམས་མཁས་ཤིང་། །འཆད་རྩོད་རྩོམ་པའི་ཉི་མ་འབུམ་ཕྲག་གིས། །རྒྱལ་བསྟན་གསལ་མཛད་རྒྱན་དྲུག་མཆོག་བརྒྱད་སོགས། །བསྟན་པའི་རྩ་ལག་ཀུན་ལ་གསོལ་བ་འདེབས། །ལྔ་པ་སྔགས་སྡོམ་ནི། ། །རང་བཞིན་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་། །སྣང་ཆར་ལོངས་སྤྱོད་རྫོགས་པ་སྤྲུལ་བའི་སྐུར། །བརྟན་ནས་སྒྲ་ཚིག་བརྗོད་པར་སྣང་བའི་རྒྱུད། །།འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ངོ་བོ་ཉིད། །མངོན་སུམ་སྟོན་པའི་ཤིང་རྟ་རྡོ་རྗེ་ཆོས། །དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །གནས་པ་སེམས་དང་བྱ་བྲལ་ཀློང་གི་སྡེ། །གནད་དོན་མན་ངག་སྡེ་ཡི་ཤིང་རྟའི་སྲོལ། །འབྱེད་མཁས་འཇལ་དཔལ་རྣོན་པོ་ཤྲཱི་སིད། །དཔལ་བཟང་ཡེ་ཤེས་མོད་དང་བི་མ་ལ། །ཉང་བན་ལྷ་ཡི་མེ་ཏོག་གནས་བརྟན་སོགས། །མན་ངག་སྡེ་པའི་བརྒྱུད་པ་ཐམས་ཅད་དང་། །སྡེ་གསུམ་ཀློང་དགུའི་གཙུག་གཏོར་ཀུན་མཁྱེན་རྗེ། །བསྟན་པ་རྒྱ་མཚོའི་ཤིང་རྟར་གསོལ་བ་འདེབས། །ཕུར་པོ་འོད་དེངས་བར་བྱིན་

(༡༤༡)གྱིས་རློབས། །ཡེ་ཤེས་སྤྱན་ལྡན་བཻ་རོ་ཙ་ན་ཡིས། །གཡུ་སྒྲ་ཡེ་ཤེས་བླ་མ་སངས་རྒྱས་མགོན། །གཉགས་དང་ལི་བཟང་རིམ་པ་ལྔར་གསུངས་བརྒྱུད། །དཔལ་གྱི་སྙིང་པོ་ལྷ་ལུང་རྡོ་རྗེ་ལི་ཞབས། །འོ་བྲན་གཞོན་ནུ་སངས་རྒྱས་ཡེ་ཤེས་རྩལ། །སྤང་དང་ཡ་ཟ་ཟིར་དག་ཤེས་རབ་འོད། །ངན་ལམ་བྱང་ཆུབ་ཟང་མ་རིན་ཆེན་དབྱིག་ །ཁུ་འགྱུར་གསལ་དང་ཉད་བྱང་ཤེས་རབ་གྲགས། །སྔ་སྒམ་འཛད་དང་འཛེང་ཆུང་ནནྡ། །ཡེ་ཤེས་དབང་པོ་མཁན་པོ་རྣམ་བཞི་དང་། །བརྩོན་འགྲུས་དབང་ཕྱུག་མཐའ་བཞི་གྲགས་པའི་མཚན། །ཤཱཀྱ་རྒྱལ་པོ་འགོས་ལོ་གཞོན་ནུ་སོགས། །ཀློང་སྡེ་བརྒྱུད་པའི་བླ་མར་གསོལ་བ་འདེབས། །མཁའ་འགྲོ་མ་ཡི་འཆི་ལུགས་མངོན་གྱུར་ཤོག་ །མཁས་བ་ཉར་གཅིག་ལས་བརྒྱུད་བཻ་རོ་དང་། །གཡུ་སྒྲ་ཡེ་ཤེས་གཞོན་ནུ་སོག་དཔལ་གཟུབས། །གནུབས་ཆུང་རིགས་ཀྱི་སྲས་དང་ཉང་ཤར་མཆོག་ །ཡེ་འབྱུང་བསྟན་པའི་རྩ་ལག་ཟུར་ཆེ་ཆུང་། །ཤཱཀ་ཡེ་བརྒྱུད་བཤད་བདག་པོ་སྒྲོ་ཕུག་པ། །དམ་པ་ཤཱཀ་རྒྱལ་ལྕེ་སྟོན་ཡབ་སྲས་དབོན། །ཟུང་རེ་བཀྲ་ཤིས་ཐན་སྟོན་བླ་སྐྱབས་རྡོར། །དགེ་འདུན་འབུམ་དང་གཡུང་སྟོན་མཁས་པ་སོགས། །སེམས་ཕྱོགས་བརྒྱུད་བའི་བླ་མར་གསོལ་བ་འདེབས། །ཆོས་ཀུན་སེམས་ཀྱི་རྒྱན་དུ་རྟོགས་པར་ཤོག་ ། རིགས་ཅན་དྲ་མ་ལྔ་དང་རྒྱལ་པོ་ཛ ཨུ་པ་རྭ་ཛ་ཨིནྡྲབྷཱུ་ཏི་དང་། །བུ་ཏྲི་རྣམ་གཉིས་ཀུ་ཀུ་རཱ་ཛའི་ཞབས། །རོ་ལངས་རྡོ་རྗེ་བཞད་པ་པྲ་བྷ་ཧ། །ཤཱཀྱ་སེངྒེ་རཀིྵ་ཧཱུཾ་ཀཱར། །མ་ཏི་བདེ་གསལ་བྱད་ཆུབ་ཆོས་རྒྱལ་སྐྱོང་། །བ་སུ་དྷ་ར་ཆེ་བཙན་གནུབས་ཡབ་སྲས། །གློ་གྲོས་ནམ་མཁའ་སྡེ་དང་ཟུར་ཆེན་ཆུང་། །ཡང་ཁྱེད་སྒྲོ་ཕུག་འགར་སྲེག་གླན་སེང་སོགས། །འདུས་པ་མད་ཡི་བརྒྱུད་པར་གསོལ་བ་འདེབས། །རླུང་སེམས་དྷཱུ་ཏིར་ཐིམ་པའི་དངོས་གྲུབ་སྩོལ། །སིདྷ་ཀུ་ཀུ་རཱ་ཛ་གོ་མས། །སྒེག་རྡོར་སངས་རྒྱས་གསང་བ་དྲི་མེད་བཤེས།

(༡༤༢)རྨ་རིན་གཙུག་གྱེར་རྣམ་གཉིས་ལས་བརྒྱུད་དེ། །འཇིག་རྟེན་མིག་གཅིག་རོང་ཟོམ་ཆོས་བཟང་སོགས། །སྒྱུ་འཕྲུལ་བཤད་སྒྲུབ་བརྒྱུད་པར་གསོལ་བ་འདེབས། །སྣ་བཞེན་དཀྱིལ་འཁོར་གསུམ་དུ་རྫོགས་བྱིན་རློབས། །རྡོ་རྗེ་བཞད་པ་ཧཱུཾ་མཛད་པདྨའི་ཞབས། །ནམ་སྙིང་གཉགས་དང་དཔལ་གནུབས་ཡེ་དབང་ཀལ། །གཙུག་ཏོར་ཆོས་སེད་རྒྱལ་འབར་ཆོས་ཡེ་སོགས། །ཡང་དག་བརྒྱུད་བའི་བླ་མར་གསོལ་བ་འདེབས། །སེམས་ཉིད་རྡོ་རྗེ་སེམས་དཔའ་རྟོགས་བྱིན་རློབས། །མདོར་ན་ལྷ་གནས་གསུམ་དང་ཨོ་རྒྱན་སོགས། །ཉི་ཤུ་རྩ་བཞིའི་ཡུལ་དང་གནས་སོ་གཉིས། །ཤམྦྷ་ལ་དང་ཟ་ཧོར་འགྲོ་ལྡོང་སོགས། །འཕགས་ཡུལ་ཆོས་ཀྱི་གན་མཛོད་ཆེན་པོ་ནས། །རིག་འཛིན་སྡེ་སྣོད་རྒྱ་མཚོའི་བདག་ཉིད་ཆེ། །ཀླུ་སྒྲུབ་སྙིང་པོ་པདྨ་ཐོད་ཕྲེང་དང་། །རིག་འཛིན་བརྒྱད་དང་དབང་དབང་ཕྱུག་བརྒྱད་ཅུ་སོགས། །མཆོག་གཟིགས་བཎ་གྲུབ་རྣམས་ལས་ལེགས་འོངས་བའི། །རྒྱུད་སྡེ་རྒྱ་མཚོའི་ཚོགས་དང་བྱེ་བྲག་ཏུ། །སངས་རྒྱས་མཉམ་སྦྱོར་ཧེ་རུ་ཀ་གལ་པོ། །རྟ་མཆོག་རོལ་པ་རྫོགས་མ་ལེ་བ་རྒྱན་དང་། །ཟླ་གསང་གཤེད་སྐོར་ཕུར་པ་རྒྱ་མཚོའི་སྡེ། །བདུད་རྩི་བ་མ་བརྒྱད་གཟུངས་སྲིད་པ་བ་མ། །མགོན་པོ་མངོན་བྱུང་མེ་ལྕེ་འབར་མ་སོགས། །ཆོས་ཀྱི་རྣམ་གྲངས་བཅུ་ཕྲག་ལྔ་སྟོང་གི། །སྒྱུ་བྱེད་ལོ་པཎ་མཁས་དང་སོ་ཟུར་གནུབས། །བབས་སོ་གསུམ་གྱི་བཀའ་བབས་གསུམ་ལྡན་ལས། །སྙན་ནས་སྙན་བརྒྱུད་རིམ་བྱོན་བླ་མ་དང་། །རྒྱལ་དབང་པདྨའི་གདུང་འཚོ་བ་འཇིགས་མེད་གླིང་། །བཀའ་དྲིན་གསུམ་ལྡན་དགོངས་བརྡ་སྙན་བརྒྱུད་བདག་ །རྒྱལ་ཀུན་འདུས་ཞལ་ངོ་བོ་གསོལ་བ་འདེབས། །གཞི་རྒྱུད་བདེ་གཤེགས་སྙིང་པོའི་དག་བྱ་རྣམས། །ལམ་རྒྱུད་འཕགས་པའི་སྤངས་རྟོགས་ཀྱིས་སྦྱངས་ནས། །སློབ་པ་མིན་པའི་བདེ་ཆེན་འབྲས་བུའི་རྒྱུད། །ཚེ་འདིར་མངོན་གྱུར་སངས་རྒྱས་ཐོབ་བྱིན་རློབས། །དྲུག་པ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ ཆོས་རྣམས་རྣམ་

(༡༤༣)དག་ཡེ་ནས་ལྷུན་གྲུབ་ཅིང་། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག་ །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་ཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱལ་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་འཚལ་ལོ། །རྣམ་ཤེས་དབང་བོ་དག་པས་ཐུགས་དང་གསུང་། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱལ་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མ། །ནམ་མཁའ་མཉམ་པའི་མཆོད་བས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱལ་འཚལ་ལོ། །བདུག་བ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱལ་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །ཏ་ཀྲྀ་སྒོ་བ་བཞི་ལ་ཕྱལ་འཚལ་ལོ། །རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་དང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ལ་ཕྱལ་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ། །ཉོན་མོངས་དྲུག་འཛོམས་རྒྱུད་དག་བར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །འཇིགས་བྱེད་འདས་པའི་དུས་ན་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༑ དཔལ་ཆེན་ཧེ་རུ་ཀ་རྣམ་ལ་ཕྱལ་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པའི་ལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་བརྒྱན་གྱིས་

(༡༤༤)བཞུགས། །ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱལ་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མིན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱལ་འཚལ་ལོ། །དཔལ་གྱི་འཁོར་ཚོགས་བཛྲ་ཨར་ལི། །མཁའ་ལ་ཤུགས་འགྲོ་མཆོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དྲེགས་པས་བརྣོལ་བའི་གདན་སྟེངས་སུ། །ཡེ་ཤེས་བསྐལ་པའི་མེད་པུང་འབར་བའི་དབུས། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱལ་འཚལ་ལོ། །ལོངས་སྤྱོད་རྫོགས་བའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་པའི་ཡོན་ཏན་མཐར་ཕྱིན་བ། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱལ་འཚལ་ལོ། །བདུན་པ་སྤྱི་བ་བཤགས་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་དང་། ཕྱོགས་བཅུའི་རྒྱལ་བསྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་གིཆིྒམོ་ཐོག་མར་འཁྲུལ་བ་ནས་བཟུང་སྟེ་དུས་དེ་རིང་ལ་ཐུག་གི་བར་ཏུ་མ་རིག་པའི་གཞན་དབང་དུ་སོང་སྟེ་ཀུན་འབྱུང་གི་ཉེ་བར་ལེན་པས་ཉོན་མོངས་པ་འདོད་ཆགས་དང་། །ཞེ་སྡང་དང་། །གཏི་མུག་མངོན་བར་འདུ་བྱས་ཏེ། །ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང་། །གསོད་སེམས་བསྐྱེད་པ། །མ་བྱིན་བླངས་པ་དང་། །འདོད་པས་ལོག་པར་གཡེམ་པའི་རིགས། །ངག་གི་སྒོ་ནས་བརྫུན། །ཕྲ་མ་ཚིག་རྩུབ་ངག་རྒྱལ། །ཡིད་ཀྱི་སྒོ་ནས་བརྣབ་སེམས། །གནོད་སེམས། །ལོག་ལྟ་སྟེ། །མི་དགེ་བ་བཅུ། །དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་ལ་སོགས་ཏེ་མཚམས་མེད

(༡༤༥)པ་ལྔ། །དེ་དང་ཉེ་བ་ལྔ་ལ་སོགས་ཏེ་མི་དགེ་བའི་ཕྱི་མོ་རྣམས་ཀྱི་སྟེང་། བཅས་བའི་ཁྲིམས་དགེ་བསྙེན་དང་། །དགེ་ཚུལ་དང་། དགེ་སློང་སྟེ་སོ་སོ་ཐར་པའི་སྡོམ་བ་རིགས་བདུན་ལ་ཕ་མ་ལྟུང་དང་ཉེས་བྱས་བྱུང་བ་དང་། །བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱ་སྤྱི་དང་། །རྩ་ལྟུང་དང་སྦོམ་པོའི་རྣམ་གྲངས་ཐ་དད་བ་དང་འགལ་བ་དང་། །བྱད་པར་དུ་རིག་པ་འཛིན་བའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས། །རྡོ་རྗེ་ཐེག་བའི་འདུལ་བ་དང་འགལ་བའི་ནོངས་པ་བླ་མ་ལ་སྨོད་པ་ལ་སོགས་པའི་རྩ་བའི་ལྟུང་བ་བཅུ་བཞི་དང་། །ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལས་ཕས་ཕམ་པ་དང་། ཁ་ན་མ་ཐོ་བའི་མཐུས་བཅོམ་སྟེ་གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་བ་ཕྲ་ཞིང་བསྲུང་དཀའ་བ་ལས་འདས་བ་ཐམས་ཅད་དང་། རང་བཞིན་དུ་ཉིན་མོངས་པའི་གཞན་དབང་གིས་སེམས་ཟིལ་གྱིས་ནོན་ནས་དཀོན་ཅོག་གསུམ་དང་བླ་མ་ལ་བརྙས་པ་དང་། དམ་བའི་ཆོས་སྤངས་བ་དང་། མཁན་པོ་ལ་མ་གུས་པ་དང་། བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པ་དང་། ཕ་མའི་དྲིན་ལན་མ་བཅལ་བ་དང་། དཀོན་ཅོག་གི་དཀོར་ཕྲོགས་པ་དང་། ཚངས་པར་མཚུངས་སྤྱོད་སུན་ཕྱུང་བ་དང་། བསམ་གཏན་སྒོམ་པའི་ཐུགས་དཀྲུགས་པ་དང་། དགེ་བ་ཅན་གྱི་ཚོགས་བཅག་པ་དང་། དད་བ་ཅན་སུན་ཕྱུང་བ་དང་། རྒྱུ་འབྲས་ལ་སྐུར་བ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བྱས་བ་དང་། ཁྲེལ་དང་ངོ་ཚ་སྤངས་བ་ལ་སོགས་ཏེ་མདོར་ན་སྡིག་པ་མི་དགེ་བའི་ལས་རང་གིས་བགྱིས་པ་དང་། གཞན་ལ་བྱེད་དུ་བཅུག་བ་དང་། བྱས་བ་ལ་རྗེས་སུ་ཡི་རང་བ་ལ་སོགས་བ་དེ་དག་ཀྱང་རྟག་པའི་སེམས་དང་། མངོན་པར་ཞེན་པ་དང་། གཉེན་པོ་སྟོབས་ཞན་བ་དང་། །ཡུལ་ཁྱད་བར་ཅན་དང་གཞི་ལས་བྱུང་བ་སོགས་པ་ཁ་ན་མ་ཐོ་བ་ཆེན་བོར་གྱུར་པས་མཚོན། །མདོར་ན་མངོན་པར་མཐོ་བ་དང་། །ངེས་པར་ལེགས་པའི་གོང་ཕང་ཐོབ་པ་ལ་བར་དུ་གཅོ་ཅིང་། འཁོར་བ་དང་ངན་སོང་

(༡༤༦)།གི་རྒྱུར་གྱུར་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཐོགས་མེད་ཀྱི་གཟིགས་བར་ལྡན་བ་རྣམས་ཀྱི་སྤྱན་སྔར་ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས་སོ། །སྔོན་ཆད་ནི་བཀའ་ལས་འདས་སོ། །ད་ནི་ཉེས་པ་ལ་ཉེས་བར་མཐོང་ལགས་བས་མི་འཆབ་པོ། །མངོན་གྱུར་དུ་སྒོག་པས་མི་སྤེད་དོ། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་ལགས་སོ། །མགོན་བོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སྡིག་ལྡན་བདག་ལ་དགོངས་ཤིག་ །དེང་བདག་གི་འགྱོད་ཚངས་དང་དུ་མ་བཞེས་ན་སྐྱབས་མེད་དོ། །མགོན་མེད་དོ། །དཔུང་གཉེན་དང་བྲལ་ལོ། །དེ་བས་ན་སེམས་ཅན་གྱི་རང་བཞིན་ལས་དང་ཉོན་མོངས་པའི་གཞན་དབང་ཅན་ལགས་པས་དེ་ལ་དགོངས་ཏེ་ཚངས་བར་སྩལ་དུ་གསོལ། ཞེས་སྙིང་ཐག་པ་ནས་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་འགྲུབ་ན་རབ། །མ་ལྕོགས་ན་ཉིན་ནུབ་རེ་རེ་མ་ཆག་པར་བྱས་པས་སྡིག་ལྟུང་སོར་ཆུད་པར་འགྱུར་རོ། །བརྒྱད་པ་སྤྱན་འདྲེན་ཁྲུས་གསོལ་སོགས་ཚོགས་གསོག་རིམ་བ་ནི། །གང་ཞིག་ལུས་པ་མེད་པའི་སེམས་ཅན་གྱི། །མགོན་དང་དཔུང་གཉེན་གྱུར་ཀྱང་བདུད་སྡེའི་དགྲ། །ཇི་ལྟར་ཇི་སྙེད་མཁྱེན་ཅིང་གཟིགས་པ་ཡི། བཅོམ་ལྡན་བདག་གི་སྡུམ་བར་མཆིས་སུ་གསོལ། །ལས་ཀྱིས་སྤྲུལ་པ་མ་ཡིན་འབྱོན་པའི་ཤུལ། །ཁྲུས་ཀྱི་ཁང་བུ་བརྩེགས་པ་དྲི་བསུང་ཅན། །ཤེལ་དང་ནོར་བུའི་ས་གཞི་ཀ་བར་ལྡན། གཡུ་དམར་མུ་ཏིག་བླ་བྲེ་དབྱངས་བ་དེར། །བདེ་གཤེགས་རིགས་ཀྱི་བུ་མཆོག་བཅས་བ་ལ། །སྤོས་ཆུས་གང་བའི་ནོར་བུའི་བ་ནས། །ཁྲུས་ཀྱི་རིམ་གྲོ་བགྱིད་བའི་སྨིན་ལེགས་མ། །གླུ་གར་རོལ་མོའི་འགྱུར་པ་འགྲན་ལ་བརྩོན། །ཉེ་རེག་ཆོ་ག་མཁས་བའི་རི་དྭགས་མིག་ །དྲིལ་ཕྱིས་བཀུ་མཉེའི་སྲི་ཞུས་གཡེང་བ་ཡང་། །ཁ་དོག་གཅིག་ཏུ་མི་གནས་དབང་བོའི་ཚོན། །ཐགས་སུ་བཏགས་པ་མེད་པའི་ལྷ་རྫས་ཏོ། །དཔག་བསམ་ལྗོན་བས་བཙོང་བའི་བཉྩལི། །ལྕིད་ཀྱིས་ནོན་སྤངས་སྲབ་འཇལ་ཡང་

(༡༤༧)པའི་གོས། །དྲི་ངན་སྤོས་ཆུས་བསྐྱོས་ཤིང་བྱུགས་བ་དང་། །རིན་ཐང་བརྗོད་ལ་ཁྲེལ་བའི་རིན་ཆེན་རྒྱན། །གདུ་བུ་དབུང་རྒྱན་སྙན་ཆ་ཅོད་པན་སོགས། །འདོད་པའི་ཡོན་ཏན་སྤངས་བའི་ཐུབ་དབང་ཡང་། །བཀྲེན་ལྡན་བསོད་བསོད་ནམས་སླད་དུ་བདག་གེར་བཞེས། །འཇིག་རྟེན་དབང་ཕྱུག་ལ་སོགས་ཉེ་བའི་སྲས། །ངན་སོང་ཀུན་འདྲེན་ལ་སོགས་བསྐལ་བཟང་གི། །སེམས་དཔའ་བཅུ་དྲུག་དང་ནི་ཁྱིམ་བའི་ཚུལ། །ཆོས་འཕགས་རྟག་ཏུ་དུ་དང་ལི་ཙ་བཱི། །དྲི་མ་མེད་པར་གྲགས་ལའང་དབུལ་བར་བགྱི། །སྟོང་གསམ་ཅིག་ཅར་ཁྱབ་པའི་དྲིའི་བཞོན་བར། །འཁྱུད་པའི་ཙནྡན་སྤོས་ཀྱི་བསུང་ཞིམ་དྲིས། བསོད་རྣམས་བྱེ་བའི་འགྱུང་གནས་མཚན་དཔེའི་བྱད། །གསེར་སྦྱངས་བརྟན་པ་འཕྲོག་ལ་བྱུག་པར་བགྱི། །བཏང་སྙོམས་ཡངས་པའི་ཤེལ་གྱིས་གཞི་ལ། །བྱམས་བའི་པདྨོགེ་སར་སྟོང་བརྡལ་བར། །སྙིང་རྗེའི་ཟླ་བཀྲག་ཏུ་འཚེ་རབ་བསྟར། །དགའ་ཆེན་བཅོམ་ལྡན་སྲས་བཅས་བཞུགས་སུ་གསོལ། །བབ་ཅོལ་གོམ་བ་མིན་པའི་ལུས་བཏུད་ཀྱི། །སྙིང་གར་གུས་བཅས་མངོན་རྟོགས་དོམ་པ། །མེ་ཏོག་དོག་པས་རབ་བཟུང་སྙིམ་པའི་སྣོད། །གཱུ་ཆུང་གི་བརྟུལ་ཞུགས་འཛིན་བ་ཡིན། །རིག་དང་ཞབས་སུ་ལྡན་སོགས་བདེ་གཤེགས་ཀྱི། །ཡོན་ཏན་མཐའ་དགག་ནས་ཀྱིས་བསྐལ་བ་བཞིན། །དད་པའི་སྐྱེད་མོས་ཚལ་དུ་འོང་བའི་མོད། །སྐྱོ་བ་མིན་པའི་བ་སྤུ་གཅིག་ཏུ་ཟིང་། །ཟླ་གཞོན་ཁྲུས་ལ་འཇུག་བའི་རྫིང་བུའི་ནང་། །རྨ་བྱའི་བུ་མོ་འཇོ་སྒེག་རོལ་བ་ལྟའི། །ལང་ཚོའི་གྲངས་སྙེད་རྡུལ་གྱི་རྣམ་གྲངས་དང་། །ཤིན་ཏུ་འཁྲུལ་བ་སྐྱེད་བྱེད་ཕྱག་གིས་བྲེལ། །གཏོང་བའི་ཡན་ལག་རྫོགས་པའི་དངོས་འབྱོར་དང་། །དེས་ཀྱང་མཚོན་པར་དཔེ་མེད་ལིད་ཀྱིས་སྤྲུལ། །གླན་མཆིས་བ་མ་ཡིན་མཆོད་བའི་སྤྲིན། །ཀུན་ཏུ་བཟང་བོའི་ཡོན་ལ་ཕྲག་དོག་བགྱིད། །མུ་ཅོར་སྨྲ་བའི་ལས་དང་བག་ཆགས་སྡིག་ །དགེ་ལ།

(༡༤༨)འཇིགས་ནས་གཞན་དུ་བྲོས་པའི་གཟུགས། །སྲིད་བའི་མུན་ནས་སྟུག་པོར་འཆབ་བ་ཀུན། །སྟོབས་བཞིའི་ཉིན་བྱེད་འབར་བས་སྦྱངས་ཤིང་བཤགས། །སྦྱོར་བ་གང་གིས་བདག་གཉིས་མ་འཁྲུགས་བཞིན། །བསམ་པའི་ཁྱད་པར་གཅིག་གིས་གཞན་དག་བའི། །རྣམ་དཀར་ཡུད་ལ་འཕྲོག་བའི་ཆོམ་རྐུན་གྱི། །བརྟུལ་ཞུགས་རྗེས་སུ་ཡི་རང་ཁོ་ནས་བྱས། །ཐར་མེད་འཁོར་བའི་སྤྱོད་པ་མ་དུལ་ཞིང་། །རྣམ་བར་སྲ་མཁྲེགས་ཐ་བ་གང་གིས་ཀྱང་། །གདུལ་ཐབས་བརྟེན་པ་བྲལ་ལ་ཆོས་འཁོར་གྱི། །རྩི་བས་རྣོན་མུ་ཁྱུདའཛིན་དེ་བསྐོར་བསྐུལ། །རྒྱལ་དང་དེ་སྲས་རྣམས་ཀྱིས་སྤངས་གྱུར་བའི། །འགྲོ་འདིས་སྡུག་བསྔལ་གནས་སྐབས་རྟེན་མཐོང་ནས། །མྱ་ངན་འདའ་བ་མེད་པའི་གདན་ཁྲི་ལ། །དངོས་བོ་ཀུན་གྱི་རིན་ཐང་གཅིག་ཏུ་སྤུངས། །བདག་ཏུ་བལྟ་བས་འདར་བའི་རྣམ་དཀར་ཡང་། །སྲིད་པར་ལན་གཅིག་མཐོ་བའི་ཚོ་དེ་སྟེ། །བྱང་ཆུབ་བསྔོ་བའི་གསེར་འགྱུར་རྩིས་ཐེབས་བ། །འདི་ནི་སྟོན་པ་གཞན་གྱི་ལུགས་ལ་མེད། །ཆོ་ག་ཤེས་བདུད་རྩིའི་བཏུང་བས་མདོ་མས་ན། །སྐྱེས་བུའི་ཡིད་ལམ་བཟུང་མཆོད་སྤྲིན་ཡང་། །ཚིག་གི་ཕ་མཐར་འཁྱམས་ལ་སྐྲག་གྱུར་ནས། །བདག་ལུས་སྟན་དུ་དབུལ་ལའང་དོ་གལ་བགྱིད། །དཀོན་ཅོག་གསུམ་གྱི་འབངས་སུ་དམ་བཅས་པའི། །གྲིབ་བསིལ་སོ་ཀའི་མེ་ཏོག་འཇོ་སྒེག་ཅན། །རྣམ་ཀུན་འཁྲུག་བའི་གཤིན་རྗེའི་མདུན་སར་ཡང་། །ཁྲོ་གཉེར་འཇིགས་བའི་རིན་ཐང་ཟད་མི་ཤེས། །དེས་ནི་གཏུང་མུག་མཐུས་སྡིག་ལྡན་བདག་ །བྱི་དོར་ཤིན་ཏུ་བརྟེན་པའི་དངས་ཤེལ་ལྟར། །བསོད་ནམས་རྙོག་པ་དངས་པའི་སེམས་ཀྱི་ནང་། །སེམས་བསྐྱེད་ཆོ་གས་ཐོབ་པའི་གཟུགས་བརྙན་དོམ། །ཉེས་པ་བརྒྱ་ཕྲག་གཡང་སར་ལྷུང་བ་ཡི། །རིམས་ཀྱིས་ཤིན་ཏུ་བཏབ་པའི་ནད་པ་རྣམས། །གསོ་དཔྱོད་ཕལ་བའི་མདུན་སར་དབུགས་མི་ཕྱི་ན། །སྨན་པ་མཆོག་ལ་སྐྱབས་སུ་ལྷག་བར་དོང་། །མོས་བ་གང་གི་སླད་དུ་འདིར་གཤེགས་ནས། །སེམས་

(༡༤༩)ཅན་ཁམས་ལ་དགོངས་པའི་སྟོན་མཆོག་ནི། །ཐེག་པ་ཆེན་པོའི་སྐྱེས་བུ་འབའ་ཞིག་པའི། །ཚོགས་ཀྱི་དབུས་ན་ལྷམ་མེར་མཛེས་པ་ལ། །སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཅས་ལ། །དགོངས་སུ་གསོལ་བ་གསུམ་གྱིས་སས་བྱས་ནས། །རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་དང་། །བསླབ་པའི་བརྟུལ་ཞུགས་མཐའ་དག་བླང་བ་ཡིན། །ཉོན་སྒྲིབ་ཟུག་རྡུའི་དུམ་བུ་བཅད་གྱུར་ཀྱང་། །ཤེས་སྒྲིབ་ཡུལ་གྱི་རོལ་ཆགས་པ་ཡི། །ཉན་རང་དགྲ་བཅོས་མ་བསྒྲལ་བ་ལས་བསྒྲལ། །གཉིས་ཀའི་འཆིང་བས་ཀུན་ནས་དཀྲིགས་པ་ཡི། །ཚངས་པ་ལ་སོགས་སོ་སོ་སྐྱེ་བོ་ན། །སློབ་པ་འཕགས་བའི་བར་ལ་གནས་པ་ཡི། །སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བ་དང་། །ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་རིང་ལས། །དབུགས་འབྱིན་ཐོབ་པའི་ནང་སོང་གསུམ། །དབུགས་འབྱིན་ཆེན་པོའི་གནས་ལ་སྦྱར་བ་དང་། །མདོར་ན་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི། །འཁོར་ལོའི་རྒྱར་ཆུད་སེམས་ཅན་ཡོད་དོ་ཅོག་ །མི་གནས་ཡེ་ཤེས་མྱ་ངན་འདས་བའི་གྲོད། །འགོད་བྱེད་ཆོ་གས་བཟུང་བའི་བརྗོད་བ་ནི། །སྔོན་བྱོན་དྲང་སྲོང་རྣམས་ཀྱི་ལུགས་ལ་བརྟེན། །དགུ་པ་ཚད་མེད་བཞི་སྒོམ་བ་ནི། །གང་རྣམས་སྡུག་བསྔལ་ཉེན་པ་ལས། །བྲལ་བར་འདོད་པ་སྙིང་རྗེ་ཡི། །བྱམས་པ་ཕན་པ་བསྒྲུབ་པ་སྟེ། །ཀུན་ལ་སྐྱོབ་ཅིང་ཕན་པར་དགའ། །རབ་ཏུ་དགའ་བ་དགའ་བ་སྟེ། །དམ་བའི་དོན་ལ་འདུན་པའོ། །ཆགས་སྡང་གཉིས་དང་བྲལ་བ་ནི། །བར་མའི་སེམས་དང་ལྡན་པས་ཏེ། །དོན་དམ་པ་ཡི་བཏང་སྙོམས་སྒོམ། །བཅུ་བ་བྱད་སྔགས་སྡོམ་བཟུང་དང་འབྲེལ་བར་ཐེག་བ་ཆེན་པོའི་ལམ་ལ་དམ་བཅའ་བ་ནི། །ཨོཾ༑ རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་རྒྱུད་

(༡༥༠)གཅིག་པུ་བ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་བ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་སྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་ནོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱོད་ཀྱིས་མཁྱེན། །འཕགས་མཆོག་སྦྱན་སྔར་ཇི་ལྟར་དམ་བཅས་བ། །སུན་པར་མི་བགྱི་མགོན་ཁྱོད་བསླ་ུམ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་བསྒྲུབ་པ་གཅིག་པོའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྦྱང་། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡིས། །བྱང་ཆུབ་མཆོག་ཏུ་བདག་གི་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་བག་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྒོས། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རོད་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་བའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་བར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱད་པ་ན། །བྱང་ཆུབ་སྤྱོད་བརླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་

(༡༥༡)གདགས་ཕྱིར། །རང་དབང་དུ་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་སྡུག་བསྔལ་གནས་རྣམས་སུ། །བསྐལ་བ་རྒྱ་མཚོར་གནས་ཤིང་ཕན་བ་བགྱི། །སྲིད་བར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་བར་མ་གྱུར་བར། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེས་ལོངས་སྤྱོད་དེ་ལས་མ་མཆིས་བས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་སྙིང་རྗེས་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པར་མ་མཆིས་པར། །ཇི་ལྟར་འཚམ་པ་བཞིན་དུ་རྒྱས་བར་བགྱི། །སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་གཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་བའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་དཔའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མིན་མིན་གདུག་པ་གནག་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་བར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་བར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་

(༡༥༢)པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེད་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱི་ནུས་མཐུ་སྩལ་དུ་གསོལ། །སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་སེམས་ལན་གསུམ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེད་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འཁོར་བཅས་བྱོན་བ་ལེགས། །བདག་ཅག་བསོད་ནམས་སྐབས་བར་ལྡན། །བདག་གི་མཆོད་ཡོན་བཞས་སླད་དུ། །འདི་ཉིད་དུ་ནི་བརྟེན་པར་བཞུགས། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལ་གསན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟཾྭ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པར། །ཤེལ་གྱིས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཇི་ལྟར་བལྟམས་བ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་བ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུ་གསོལ། །དེ་བཞིན་གཤེགས་པ་རྣམས་དང་དྲ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རེལ་མོར་བཅས་བདུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། །དེ་དག་སྐུ་ལ་མཚུངས་བ་མེད་པའི་གོས། །གཙང་ལ་དྲི་རྦ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧཱིཨ ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྦཱ་ཧཱ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་

(༡༥༣)སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཚོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱིས། །ཨོཾ་བཛྲ་ལྦཥྚ་ཡེ་སྦཱ་ཧཱ། སྐབས་འདིར་སྒྲོན་མཎྚལ་ཚོམ་བུ་སོ་བདུན་མ་བླ་མ་འཕགས་པའི་ལུགས་ལྟར་འབུལ། དེ་བཞིན་བསྡུ་ན། ས་གཞི་སྤོས་ཆུས་བྱུགས་ཤིང་ཞེས་པ་ནས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག་ །མཉེས་བྱེད་མཎྚལ་བཟང་པོ་སོགས་ནས། མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག་ །ཇི་སྙེད་སུ་དག་སོགས་ཀྱི་ཡན་ལག་བདུན་པ་འབུལ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ལན་གསུམ་ཚད་མེད་བཞི་བསྒོམས་རྗེས། བྱང་སྡོམ་གཟུང་བ་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའི་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་བ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་བ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ཨལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། དེང་དུ་བདག་ཚེ་འབྲས་བུ་ཡོད། །མི་ཡིད་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུད་གྱུར་ཏོ། །བདག་གིས་དྲ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་བ་བྱིག་ །དེ་ནས་རིམ་བཞིན་ཀློང་སྙིང་བརྒྱུད་འདེབས། །ཁྲིད་ཡིག་དྲན་བ་ཉེར་གཞག་གི་ངག་འདོན་སྐོར། །བླ་མའིརྣལ་འབྱོར། །ཆུ་གཏོར་བརྒྱ་རྩའི་ལྷན་ཐབས། །དཀར་དམར་གྱིས་གསུར། གསོན་གཤིན་གྱི་བསྔོ་བ། །ལེགས་སྨོན་དངོས་སྒྲུབ་རྒྱ་ཚོ། བར་དོའི་སྨོན་ལམ། །དུས་མཐར་གདབ་དཔའི་སྨོན་ལམ། །སྐུ་གསུམ་ཞིང་སྤྱོང་སྨོན་ལམ་

(༡༥༤)སོགས་བཞུགས་ཀྱང་དེ་རྣམས་ནི་སྔ་ལོ་ན་ཀློང་སྙིང་བོད་གཉིས་སུ་བྱོན་ཟིན་ལ། །རིག་པ་གསུམ་བསྐྱེད་སྨོན་ལམ་ནི། །འཁོར་ལོ་འབར་བའི་རྣམ་ཐར་སྒོ་གསུམ་དོན། །དུས་གསུམ་རྟོག་བྲལ་ཡོངས་གྲུབ་ཆེན་པོའི་དང་། །སྔོན་གྱི་གནས་དང་འཆི་འཕོ་སྐྱེ་བ་ཤེས། །ཟག་བ་ཟད་དེ་རིག་པ་གསུམ་བསྐྱེད་ཤོག་ །འགྲོ་ལ་ཕན་མཆོག་རྒྱལ་བའི་ཐུགས་ལའང་སྨན། །གང་ལ་གནོད་མཆོག་ཀྱང་ནི་དེ་བཞིན་ཕྱིར། །ང་དང་སེམས་ཅན་བདེ་སྡུག་མཚུངས་ཞེས་གསུངས། །དེ་ཕྱིར་འཕགས་པའི་སྤངས་རྟོགས་བདེན་པས་སྐྱོབས། །རྒྱལ་བསྟན་ལྔ་ཕྲག་ཐམས་མི་བརྫི་ཞིང་། །འགྲོ་བའི་བདེ་སྐྱིད་བདུན་གྱི་བདུན་བའི་ཞལ། །ནད་མཚོན་མུ་གེའི་བསྐལ་བ་ངན་པ་དང་། །ལོག་སྨོན་བདུད་ཀྱི་གཡུལ་ལས་རྒྱལ་བར་ཤོག་ །ཅེས་པའང་འབྲུག་པ་ཆོས་གྲགས་ཀྱི་ངོར་རང་བྱུང་རྡོ་རྗེས་སོ། །གསོལ་འདེབས་བསམ་བ་མྱུར་འགྲུབ་མ་བཞུགས། །ཨེ་མ་ཧོ། །མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པདྨ་ཡབ་ཡུན་ནི། །མཁའ་འགྲོའི་སྤྲིན་ཕུང་འཁྲིམས་ལ་གསོལ་བ་འདེབས། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི། །ནད་གདོན་བར་གཅོད་དམག་འཁྲུག་མུ་གེའི་ཚོགས། །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི། །ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨུ་རྒྱན་རྗེ། །བསམ་བ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་། །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤེས་རབ་ཕུན་སུན་ཚོགས་བའི་ནོར་བདུན་པོ། །སེམས་ཅན་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས། །འཇིག་རྟེན་བདེ་སྐྱིད་ལྡན་པར་དབུགས་འབྱིན་མཛོད། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན། །འབྱུང་པོའི་གདོན་དང་རྒྱལ་པོའི་ཆད་པ་དང་། །མེ་ཆུ་གཅན་གཟན་ལམ་ཕྲང་འཇིགས་པ་ཆེ། །ཚེ་ཡི་ཕ་མཐར་གཏུགས་པའི་གནས་སྐབས་ཀུན། །སྐྱབས་དང་རེས་གཞན་དུ་མ་མཆིས་པས། །ཐུགས་རྗེས་ཟུང་ཞིག་གུ་རུ་ཨུ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།

(༡༥༥) ཞེས་བོད་ཁམས་ནད་མུག་མཐའ་དམ་ཞི་ཞིང་བསྟན་འགྲོའི་བདེ་སྐྱིད་གསོ་བར་ཕན་ན་སྙམ་བ་དད་ལྡན་རྣམས་ཀྱིས་ཐུགས་ལ་གཞུག་ །ལྷ་མོ་འོད་ཟེར་ཅན་ལ་བསྟོད་བ། །ཨོཾ་ལྷ་མོ་འོད་ཟེར་ཅན་མ་ལ་ཕྱལ་འཚལ་ལོ། །ཕྱག་འཚལ་བདུད་ཀྱི་བདུད་དགྲ་ཆེན་མོ། །གཞན་གྱི་མི་ཐུབ་རྣམ་བར་འཇོམས་མ༑ ༑ཉི་མ་ཟླ་བའི་མདུན་ནས་འགྲོ་ཞིང་། །ཆུ་སྲིན་རྒྱལ་མཚན་རྣམ་པར་སྐྲོད་མ། །ཁྱོད་ལ་གསོལ་བ་བཏབ་བ་ཙམ་གྱིས། །དགྲ་ཡི་དཔུང་ནི་རྣམ་བར་ཆོམས་ཤིག་ །བསད་དང་དབྱེ་དང་བསྐྲད་རྨོངས་བྱེར་བས། །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ་ཅིག་ །དུས་འཁྲུག་གི་འཇིགས་བ་སྐྱོབ་ཕྱིར་རིག་འཛིན་འཇིགས་བྲལ་གླིང་པས་སོ།། ༈ །།ཀ་བ་མེད་པའི་བྲག་ཕུག་རང་ཤོང་ནང་། །ཁ་ཏོན་བཅོན་ཞིང་ངེས་འབྱུང་སྐྱོ་ཤས་བསྒོམ། །ད་བུ་རང་ད་ལྡང་ཚུལ་ཁྲིམས་དག་པའི་རྒྱུ། །ང་རྒྱལ་གཞན་གནོད་གཞི་བཅས་སྤང་བར་ཤོག་ །ཅ་ཅོ་འ་དག་འཁྱལ་གྲོགས་ངན་ལ་བརྟེན་འབྱུང་། །ཆ་མེད་གནས་སུ་གཅིག་བུར་སྡེ་སྣོད་བལྟ། །ཇ་ཆང་ལོག་འཚོའི་དཀོར་ལ་མི་རྔམས་བར། །ཉ་སྟོང་ཡང་དག་གསོ་སྦྱོང་ལེན་བར་ཤོག་ །ཏ་ཐཱ་ག་ཏཱི་བསྟན་ལ་རབ་བྱུང་ནས། །ཐ་ཆད་ཁྱིམ་པའི་བྱ་བ་མི་བྱེད་ཅིང་། །ད་ལྟ་ཉིད་ནས་བདེན་བཞིའི་དོན་བསྒོམ་སྟེ། །ན་རྒ་སྐྱེ་འཆིའི་མཚོ་ལས་སྒྲོལ་བར་ཤོག་ །བ་ཅ་ཀླ་ཀློའི་ཆོས་ལུགས་མི་བགྱིད་བར། །ཕ་རོལ་ཕྱིན་པའི་ལམ་ལ་དད་བྱས་ཏེ། །བ་ལང་ལྟ་བུའི་འགྲོ་ལ་སྙིང་རྗེ་བསྐྱེད། །མ་རིག་སྲིད་པའི་རྒྱ་མཚོ་སྐེམས་ནུས་ཤོག་ །ཙ་ན་ཤི་ཡོང་སྙམ་བའི་ངེས་འབྱུང་གིས། །ཚ་གྲང་དཀའ་སྤྱད་ཆོས་ལ་བཟོད་བ་དང་། །ཛཱ་ཏི་སྲུང་བ་བཞིན་དུ་བྱང་ཆུབ་སེམས། །ལྦ་ལྟཏ་ཏི་སུལ་འགྲིམས་མས་བསྒོམ་བར་ཤོག་ །ཞྭ་ཐོད་བཞིན་དུ་བླ་མ་དཀོན་མཆོག་བརྟེན། །ཟ་མ་ཏོག་བཞིན་སྡོམ་བ་དམ་ཚིག་བསྲུང་། །འ་ཅག་འབའ་ཞིག་བསམ་ན་གཞན་དོན་ཉམས། །ཡ་རབས་

(༡༥༦)སྤྱོད་པས་འགྲོ་དོན་བྱེད་པར་ཤོག་ །ར་ཆགས་གསོད་ཅིང་རྡོགས་ཆགས་རྟ་ཁལ་བརྟེན། །ལ་ཀླུང་ཉུལ་བའི་ཚོང་དང་སྒར་བསྐོར་སོགས། །ཤཱཀྱ་ཐུབ་པའི་རིང་ལུས་མ་ཡིན་བས། །སཱ་ལའི་ཤིང་དྲུང་སྦྱངས་ཡོན་ལ་གནས་ཤོག་ །ཧ་ཅང་སྙིགས་མར་གྱུར་བའི་དུས་ཚོང་འདིར། །ཨ་དོན་ཆོད་ཉིད་བདེན་པ་མ་མཐོང་ན། །ཆོས་ལྟར་བཅོས་བ་ཐམས་ཅད་ངན་སོང་རྒྱུར། །མཐོང་ནས་སྨོན་ལམ་དྲང་བོར་བཏབ་བའོ། །མདོ་ཁམས་རྒྱ་རོང་པ་དབོན་སྤྲུལ་གྱི་དོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །དགེའོ།། །དགེའི།། །དགེའོ།།

(༡༥༧)དཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་རྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

(༡༥༨)དཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ་ཞེས་བྱ་བ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཕྱག་འཚལ་ལོ། །ཐབས་ལས་ཐབས་གྱུར་བདེ་ཆེན་སྒྱུ་མ་ནི། །རྣམ་ཐར་སུམ་ལྡན་བཙུན་མོའི་རྡུ་འཕྲུལ་ཅན། །གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་མངོན་རྟོགས་ལ། །ཡིད་ཆོས་གཉིས་སུ་མེད་པའི་ཕྱག་གིས་བཏུད། །དེ་ལ་རྒྱུད་ཐམས་ཅད་ཀྱི་སྤྱི། ལུང་ཐམས་ཅད་ཀྱི་མདུད། མན་ངག་ཐམས་ཅད་ཀྱི་མཛོད་ཁང་། ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བར་གྱུར་བས་ཨོ་རྒྱན་སངས་རྒྱས་གཉིས་བས་ཀྱང་མན་ངག་ལྟ་བའི་ཕྲེང་བར་ཆེད་དུ་བརྗོད་ཅིང་བསྔགས་ལ། །སློབ་དཔོན་བི་མ་ལ་དང་། སངས་རྒྱས་གསང་བ། རྨ་གཉགས་ལ་སོགས་པའི་ལོ་པཎ་རྒྱལ་བའི་ཞལ་སྐྱིན་རྣམས་ཀྱིས་བཤད་སྒྲུབ་ཀྱིས་གཏན་ལ་ཕབ་པ་དཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། ཞི་བ་རིན་པོ་ཆེའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ་བསྟན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་དཀྱིལ་འཁོར་འདུ་བྱ་བ་དང་། ཆོ་གའི་སྦྱོར་བ་གཉིས་ལས། དང་པོ་ནི། དབང་སྒྲུབ་ཆེན་མོའི་རིགས་དང་འབྲེལ་ནས་སའི་ཆོ་ག་ནས་བཟུང་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་པའི་ལས་རིམ་གཞན་དུ་ཤེས་བར་བྱ་ཞིང་། སྒྲུབ་མཆོད་འཇུག་བདེ་ཙམ་ལ་ནི་རྡུལ་ཚོན་གྱི་སྒོས་ཆོས་རྣམས་དོར་བའི་རས་ཁྲིས་ལའང་བརྟེན་དུ་རུང་ངོ།

(༡༥༩)གཉིས་པ་ལ་རྣམ་གྲངས་བདུན་པས། དང་པོ་རྒྱུད་དག་པར་བྱ་བ་ནི། སྤྱི་ཕྱག་དང་གྲལ་ཕྱག་སྔོན་དུ་འགྲོ་བས། ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །སོགས་ནས། ནོངས་བ་མཆིས་ནའང་རབ་ནོངས་བཟོད་པར་གསོལ། །ཞེས་དམིགས་འདོན་ཟུང་དུ་ཆུད་པར་བྱའོ། །གཉིས་པ་ཚོགས་བསག་བ་ནི། །རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རྣག་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ་གྱི་རྗེས་ཚོགས་ཞིང་རང་ལ་བསྡུའོ། །གསུམ་པ་སྔགས་སྡོམ་བཟུང་གི་དམ་བཅའ་བ་ནི། །ཧོ རྫོགས་སངས་རིན་ཆེན་དག་པའི་སེམས་ཉིད་དང་། །རྟོག་པའི་དྲི་མ་རབ་བྲལ་དམ་

(༡༦༠)བའི་ཆོས། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས་ལ་གུས་ཕྱག་འཚལ་ལོ། །དེང་ནས་བདག་ནི་འགྲོ་ཀུན་ཉེར་འཚོའི་ཕྱིར། །མགོན་རྣམས་འབངས་སུ་བདག་ཉིད་འབུལ་ལགས་ཀྱི། །བརྩེ་བའི་ཐུགས་རྗེས་བཞེས་བར་མཛད་དུ་གསོལ། །བྱམས་བའི་ཞལ་བཟང་དུས་འདིར་གཟིགས་ནས་ཀྱང་། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་བསྐང་དུ་གསོལ། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱི། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །གདོད་ནས་མ་སྐྱེས་མཁའ་ལྟར་རྣམ་དག་ཅིང་། །མི་འགྱུར་ལྷུན་གྲུབ་རང་བྱུང་འོད་གསལ། །ཇི་བཞིན་མ་བཅོས་ཆོས་ཉིད་དོན་བསྒོམ་སྟེ། །ཆོས་སྐུ་ཡངས་པ་ཆེན་པོའི་མཁའ་དབྱིངས་སུ། །ཀུན་བཟང་དོན་གྱི་དམ་ཚིག་གཟུང་བར་བགྱི། །བདེ་བར་གཤེགས་པ་རིགས་ཀྱི་དམ་ཚིག་ཏུ། །སྡོམ་དད་ཆོས་སྡུད་སེམས་ཅན་དོན་བྱེད་ཅིང་། །བྱང་ཆུབ་སྙིང་པོ་རང་ལ་མཚོན་བྱའི་ཕྱིར། །ཆོས་ཀྱི་འཁོར་ལོའི་རྫས་ཀྱང་གཟུང་བར་བགྱི། །མི་འགྱུར་རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རང་བཞིན་བསྐྱེད་རྫོགས་དོན་ལས་མི་འདའ་ཞིང་། །རྡོ་རྗེ་སློབ་དཔོན་མཆོག་ཏུ་བཀུར་བ་དང་། །ཐབས་དང་ཤེས་རབ་རང་ལ་མཚོན་བའི་ཕྱིར། །རྡོ་རྗེ་དྲིལ་བུའི་རྫས་ཀྱང་གཟུང་བར་བགྱི། །བསམ་འཕེལ་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་འགྲོ་ཀུན་བསྐྱང་བ་དང་། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་བྱེད་ཅིང་། །ལྷུན་གྲུབ་ཡོན་ཏན་རྣག་ལ་མཚོན་བའི་ཕྱིར། །ནོར་བུ་རིན་ཆེན་རྫས་ཀྱང་གཟུང་བར་བགྱི། །མ་ཆགས་པདྨ་རིགས་ཀྱི་དམ་ཚིག་ཏུ། །ཕྱི་ནང་གསང་བའི་ཆོས་

(༡༦༡)རྣམས་ཡོངས་བཟུང་ཞིང་། །འགྲོ་ལ་ཚད་མེད་སྙིང་རྗེས་ཆགས་པ་དང་། །སྐྱོན་བྲལ་ཆོས་ཉིད་དང་ལ་མཚོན་བའི་ཕྱིར། །ཡིད་འོང་པདྨ་མཆོག་ཀྱང་གཟུང་བར་བགྱི། །སྣ་ཚོགས་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །ཐེག་གསུམ་སྡོམ་པ་མཐའ་ཡས་བཟུང་བ་དང་། །དོན་གཉིས་ལྷུན་གྲུབ་རང་ལ་མཚོན་བའི་ཕྱིར། །རྒྱ་གྲ་མ་རལ་གྲི་མཆོག་ཀྱང་གཟུང་བར་བགྱི། །བླ་མེད་རྡོ་རྗེ་ཐེག་པའི་དམ་ཚིག་ཏུ། །ཟུང་འཇུག་ལམ་དུ་ཐམས་ཅད་བླང་བ་དང་། །སྤང་བླང་མེད་པའི་རོལ་བའི་མཚོན་པའི་ཕྱིར། །ཁ་ཊྲཱཾ་ཐོད་པ་ཅང་ཏེའུ་བཟུང་བར་བགྱི། །མདོར་ན་གང་གིས་འཁོར་བ་རྣམ་སྦྱོང་བ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དག་བྱེད་ཅིང་། །དབང་པོའི་ཡུལ་དང་ཉོན་མོངས་རྣམ་སྦྱོང་བ། །ཀུ་ལྔ་ཡེ་ཤེས་ལྔ་དང་གསུང་ལྔ་དང་། །ཡོན་ཏན་ཕྲིན་ལས་རིགས་ལྔ་སྒྲུབ་པའི་རྫས། །ནང་གི་དགོངས་སྤྱོད་རྒྱ་མཚོ་མཐའ་ཡས་དང་། །ཕྱི་རོལ་དམ་རྫས་འདོད་ཡོན་ཐབས་ཆེན་ལྔ། ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དང་། །རྩ་བ་ཡན་ལག་དམ་ཚིག་ལྔ་རྣམས་ལ། །རྡོ་རྗེ་མཆོག་སྒྲུབ་སྐུ་གསུང་ཐུགས་གསུམ་དང་། །ཤེས་དང་མི་སྤང་དང་དུ་བླང་བ་དང་། །བསྒྲུབ་དང་སྤྱད་བར་བྱ་བ་ལྔ་ལྔ་སྟེ། །ཉི་ཤུ་རྩ་བརྒྱད་རྩ་བ་ཡན་ལག་བཅས། །གསང་སྔགས་རྡོ་རྗེ་སྙིང་པོའི་སྡོམ་པ་ཀུན། །དེང་ནས་བརྩམས་ཏེ་བདག་གིས་བསྲུང་བར་བགྱི། །གང་ལ་བརྟེན་ནས་སྲིད་ལ་རྣམ་སྦྱོང་ཞིང་། །ཞི་བ་ཐར་བའི་དམ་པ་ཐབས་ཆེན་ཀུན། །འགྲོ་བའི་དོན་དུ་བདག་གིས་ཡོངས་སུ་གཟུང་། །སྲིད་ཞིར་མི་གནས་བྱང་ཆུབ་མཆོག་ཞུགས་ཏེ། །དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་སློབ་དཔོན་དང་། །དཔའ་བོ་རྣལ་འབྱོར་མ་ཀུན་མཆོད་པ་དང་། །ཚོགས་གཉིས་བརྩོན་པ་མཐའ་ཡས་རྒྱ་མཚོ་བསྒྲུབ། །འགྲོ་ལ་སྙིང་བརྩེ་ཕན་པ་མཆོག་ཏུ་བྱ། །གནོད་པར་མི་བ་བརྙས་པར་ཡོངས་མི་བགྱི། །གཅིག་བུ་ཞི་བ་དོན་

(༡༦༢)དུ་མི་གཉེར་ཞིང་། །གཞན་དོན་ཡང་དག་བསྒྲུབ་ལ་བརྩོན་པ་ཡིས། །རང་གཞན་ཐར་བའི་སྒོ་ནི་དབྱེ་བར་བགྱི། །བཞི་པ་ཕྱི་རོལ་ལ་བསྐྲད་པ་ནི། །གཞིབ་གེགས་སོ་སོར་གཏོར་མ་ཆ་གཉིས་བཤམས་ལ། །ཨ་ཀཱ་རོས་བརླབ། ཧཱུྃ་ཡུལ་ཕྱོགས་འདི་དག་ཀུན་ལ་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་འབྱུང་པོ་དང་། །ཡི་དྭགས་ཤ་ཟ་བརྗེད་སྨྱོ་བྱེད་དང་། །མཁའ་འགྲོ་མ་མོ་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གཏོར་མ་བཟང་པོ་འདི་ཉིད་བཞེས། །བར་དུ་གཅོད་པའི་བསམ་སྤྱོད་ཀུན་སྤངས་ལ། །ཞི་དང་ཕན་པའི་སེམས་ཀྱིས་གནས་པར་གྱིས། ཧཱཾ་ཡེ་ཤེས་རོལ་བ་དཔལ་གྱི་སྐུར་གསལ་བའི། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས། །བདེགས་རིགས་མ་ལུས་རྒྱ་མཚོའི་མཐར་བསྐྲད་དོ། །ཧཱུཾ་བཞིའི་སྔགས་ཀྱིས་བསྐྲད། །ལྔ་པ་སྲུང་འཁོར་ནི་འོད་རིམ་ལས། །ཧཱུྃ་སྟོང་ཆེན་གསལ་བའི་རིག་པ་ཉིད། །སྐད་ཅིག་ས་བོན་རང་གི་ལྷར། གསལ་བས་ཧཱུྃ་བསྐུལ་འཕྲོ་འདུ་ལས། །ཞེ་སྡང་རྡོ་རྗེར་གསལ་བ་ཡི། །ཐུགས་ཀྱི་ས་བོན་འོད་ཟེར་ལས། །མཚོན་ཆ་རིམ་སྤྲོས་བར་ཆས་བསྐྲད། །སླར་འདུས་རིམ་བཞིན་སྟེང་འོག་གུར། །ཛྭ་ལ་རཾ་གྱིས་མེད་པུང་འབར། །རྣམ་རྟོག་འདུ་ཤེས་ཀུན་སྤངས་ན། །བགེགས་ཀྱི་སྤྱོད་བ་ཡོང་མི་འགྱུར། །དེ་བས་རྣམ་རྟོག་གེགས་ཡིན་པས། །ཡང་དག་རིག་པ་ཉིད་ཀྱིས་སྲུངས། །དྲུག་པ་བྱིན་འབེབས་ནི། །ཆོས་ཉིད་སྤྲོས་བ་དང་བྲལ་བའི་ཀློང་ནས་ཡེ་ཤེས་ཀྱི་འཁོར་ལོ་སྐུ་ཕྱག་རྒྱ། །གསུང་སྒྲ་ཚིག་ །ཐུགས་ཕྱག་མཚན་གྱི་རྣམ་པར་སད་པ་བདག་གནས་ཡོ་བྱད་རྣམས་ལ་ཐིམ་བར་བསམ་ལ། སྤོས་རོལ་དང་བཅས། ཨོཾ་ཧཱུཾ་ཨ་ལ་ལ་ཧོ། །བྷག་ལྦཱན་ས་མ་ཡ་ཧོ ས་མ་ཡ་སྟཱཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟེན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་བརླབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ་

(༡༦༣)དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཞིང་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུས། །བདུན་པ་མཆོད་རྫས་བརླབ་པ་ནི། ཕྱི་མཆོད་ལ་དམིགས་ནས། བདག་ཉིད་ལྷར་གསལ་ཐུགས་ཀའི་ཧཱུྃ་ཡིག་ལས། །རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་མེ་རླུང་ཆུ། །མཆོད་རྫས་དངོས་འཛིན་སྐྱོན་སྦྱངས་སྟོང་པའི་དང་། །ཨ་ལས་སྟོང་གསུམ་བྷནྡྷར་རྫོགས་པའི་ནང་། །འཁོར་འདས་བཅུད་དྲངས་ཧཱུྃ་ལས་ཉེར་སྤྱོད་ཀྱི། །དམ་རྫས་འདོད་ཡོན་སྤྲིན་ཕུང་རྒྱ་མཚོར་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། །ཨོཾ་བཛྲ་རཱ་ག་ །དྷུ་པེ་དྷུ། དེ་བཞིན་དུ། །པུཥེྦཔུ། །ཨཱ་ལོ་ཀེ་ཧྲཱི གྷནྡྷེ་གྷན། །རྡོ་རྗེ་ཞབས་བསིལ་མ་ལ་སོགས་པ་མཆོད་པའི་ལྷ་མོས་ནམ་མཁའ་གང་བར་གྱུར། ནང་མཆོད་བསང་སྦྱངས། སྟོང་པའི་ངང་ལས་ཀཾ་ཡིག་ཡོངས་གྱུར་ལས། །མི་མགོའི་སྒྱིད་སྟེང་ཨ་ལས་བྷནྡྷའི་ནང་། །འཁོར་ལོ་རྩིབས་བཞི་ལྟེ་བར་བཅས་པའི་དབུས། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང། བི་མུ་མར་ཤུ་ལས་བདུད་རྩི་ལྔ། རང་རང་ས་བོན་གྱིས་མཚན་ཡཾ་རཾ་ལས་། རླུང་གཡོས་མེ་སྦར་དམ་རྫས་ཞུ་བའི་སྟེང་། །ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ་ལས་ཕྱག་མཚན་ལྔ། །སོ་སོ་ས་ཡུ་བ་བྱས་པའི་དྲིལ་བུ་རྣམས། །ཡོངས་གྱུར་རིགས་ལྔ་ཡབ་ཡུབ་མཉམ་སྦྱོར་གྱུར། །ཨོཾ་ཧཱུཾ་ཏྲཾ་ཧྲཱིཨ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། །ཟླ་བའི་ཁ་གཅོད་སྣ་ཚོགས་རྡོ་རྗེའི་ལྟེར། །རྟ་མགྲིན་དམར་པོ་པདྨ་རྒྱ་གྲམ་འཛིན། །རྭ་བཞིར་ཡུམ་བཞི་རྡོ་རྗེའི་ཏོག་གི་དབུས། སྟངས་དབྱལ་ཀུན་གྱི་བདེ་བའི་འོད་རླངས་སྤྲིན། །དབྱངས་གསལ་ལ་ལས་གྱུར་འབྲུ་གསུམ་བརྩེགས་མ་ཡི། །འོད་ཀྱིས་རྒྱལ་བ་མཆོད་ཅིང་གཞན་དོན་བྱས། །ཚུར་

(༡༦༤)འདུས་དམ་ཚིག་རྫས་དང་དབྱེར་མེད་འདྲེས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་གསལ་བས་བདུད་རྩི་དཀྲུག་ཅིང་། ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུཾ་ཧྲཱིཐཱ ཉེར་གཅིག་དང་། བསངས་འཐོར་ཀྱང་བྱའོ། །གཏོར་མ་ལ་དམིགས་ནས། སྭབྷཱ་ལྦས་སྦྱངས། སྟོང་པའི་དང་ལས་གཏོར་གཞོང་པདྨའི་སྣོད། །གཏོར་རྫས་མཆོག་ཆེན་མི་དང་སེང་གེ་གླང་། །བ་ལང་རྟ་ཤ་བདུད་རྩི་ལྔ་ཡི་སྟེང་། རིགས་ལྔ་ཡབ་ཡུམ་ཕྱག་མཚན་རྣམས་ཀྱིས་མཚན། །འོག་ནས་རླུང་གཡོས་མེ་སྦར་བདུད་རྩི་ཁོལ། །ཟག་མེད་བརྒྱ་ལྡན་པའི་གཏོར་མ་ནི། །དབང་པོ་དྲུག་ལ་དགྱེས་དགུའི་སྤྲིན་དུ་གྱུར། །ཨོཾ་ཨཱཧཱུྃ་མ་ཧཱ་བྷཱ་ལིངྟ་ཏཛྭ་བ་ལི༚་ཏ་བ་ལ་བཱ་ཏ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ལམ་གསུམ། རཀྟ་ལ་དམིགས་ནས། ཨོཾ་སྭ་བྷཱ་ལྦས་སྦྱངས། ཨ་ལས་ཡུམ་མཁའ་རྣམ་ཐར་གསུམ་ལྡན་དབྱིངས། །མ་ལས་ཉི་དཀྱིལ་ར་ཡིག་ཡོངས་གྱུར་ལས། །ཆགས་ཆེན་སྲིད་པའི་རཀྟ་འབར་བའི་ཀློང་། །དར་འཛིན་རུ་ཏྲའི་རྣམ་ཤེས་ཚོགས་བརྒྱད་རྣམས། །ཐབས་མཆོག་རྡོ་རྗེ་ནོར་བུས་སྦྱངས་པ་ཡིས། །འཁོར་བ་ལུགས་ལྡོག་སྐྱེ་མེད་ཆོས་སྐུར་བསྒྲལ། །དྲེགས་མའི་ཚོགས་ལ་ཞིང་གི་ལྷུ་དུམ་དང་། །རྡོ་རྗེ་སྒེག་མོའི་མཆོད་སྤྲིན་སྤྲོ་བར་གྱུར། །ཨོཾ་ཨཱཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྚལ་ལ་ཧཱུྃ་ཧྲཱིཐཱ ལན་གསུམ། གཉིས་པ་དངོས་གཞི་ལ་ཐེག་པ་ཆེན་པོའི་ལམ་ཀྱི་རྩ་བ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་དང་། །ཕྱིན་དྲུག་གི་ཡན་ལག་བསྐྱེད་རྫོགས་ཀྱི་དངོས་པོར་སྡུད་པའོ། །དང་པོ་ལ་ཀུན་རྫོབ་དང་དོན་དམ་གཉིས་ལས། །དང་པོར་ཆོས་དང་སེམས་ཅན་ལ་དམིགས་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབན་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གཉིས་པ་དམིགས་མེད་རྣམ་པར་སྨིན་པ་ནི། ཨེ་མ་ཧོ་ངོ་མཚར་རྨད་

(༡༦༥)ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་བ་མེད་ལས་ཐམས་ཅད་འགག། །འགག་པ་ཉིད་ན་འགག་འ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་བ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། འགྲོ་འོང་ཉིད་ན་འགྲོ་འོང་མེད། །གཉིས་པ་ལ་ཏིང་འཛིན་གསུམ་གྱིས་བསྐྱེད་གཞི་བརྟན་པ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ཕྲིན་ལས་བྱ་བའི་ཡན་ལག་བསྒྲུབ་པའོ། །དང་པོ་རྡོ་རྗེ་ལྟ་བུ་དེ་བཞིན་ཉིད་ནི། །གཞི་རྒྱུད་བདེ་གཤེགས་སྙིང་པོའི་དག་བྱ་ཚོགས་བརྒྱད་གློ་བུར་པའི་སྤྲོས་པ་གསལ་ལ། །དངོས་རྣམས་ཉིད་ན་དངོས་མོད་བ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་མེད་པའོ། །གཉིས་པ་དཔའ་བར་འགྲོ་བཀུན་སྣང་ནི། །ཆོས་ཉིད་དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ལ་སྟོང་ཉིད་སྤྲོས་པ་མེད་པའི་གདངས་དམིགས་མེད་ཀྱི་སྙིང་རྗེར་ཤར་བས༑ དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །གསུམ་པ་སྒྱུ་མ་ལྟ་བུ་རྒྱུའི་ཏིང་ངེ་འཛིན་ནི། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་དེའི་དང་ལས་ཡིད་བྱེད་པ་པོ་ཀུན་ཏུ་

(༡༦༦)བཟང་པོའི་བདག་ཉིད་སྐྱེ་མེད་ཀྱི་ཡི་གེར་ལྡང་བ་སྟེ། །དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འགྱུར་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིག་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །དེ་ལྟར་སྐྱེ་མེད་ཀྱི་ཡི་གེ་ལས་སྤྲོ་བསྡུའི་ཚིག་ཏུ་བསྟན་ཀྱང་འཕེལ་འགྲིབ་ལྟར་སྣང་བ་ནི་མེད་དེ། །ཆོས་ཉིད་ཀྱི་དོན་ཡིག་འབྲུས་མཚོན་ནས་བསྐྱེད་རིམ་གྱི་རོལ་རྩལ་མཐའ་དག་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ལྷག་མཐོང་གསལ་བའི་བདག་ཉིད་དུ་བརྟེན་པར་བྱ་བ་སྟེ། །ཨརབ་ཏུ་བརྟན་ཕྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟེན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །རྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །གཉིས་པ་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བསྒོམ་བ་གཉིས་ཀྱི། དང་པོ་ལ་གསུམ་ལས། དང་པོ་རྟེན་གཞི་འགྱུད་བའི་དཀྱིལ་འཁོར་བསྒོམ་པ་ནི། །ཨ་ལས་ཐམས་དབུས་མེད་པ་ཡི། །འོག་མིན་ཆོས་འབྱུང་བསམ་པར་བྱ། །དེ་ནས་ཡཾ་ལས་བྱུང་བ་ཡི། །རླུང་གི་དཀྱིལ་འཁོར་བསམ་པར་བྱ། །དེ་སྟེང་ཡི་གེ་རཾ་ལས་ནི། །མེ་ཡི་དཀྱིལ་འཁོར་བསྐྱེད་པར་བུ། །དེ་ཡི་སྟེང་དུ་པཾ་བསམས་ཏེ། །དེ་ལས་ཆུ་ཡི་དཀྱིལ་འཁོར་རོ། །ཆུ་ཡི་དཀྱིལ་འཁོར་སྟེང་དུ་ནི། །ལཾ་ལས་ཡེ་ཤེས་གཞིར་བརྟག་ །གཉིས་པ་རྟེན་ཞལ་ཡས་ཁང་བསྒོམ་པ་ནི། རྒྱུད་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་བའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་།

(༡༦༧)ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཞེས་པས་སྡུག་བསྔལ་བདེན་པའི་རང་གཟུགས་སྣོད་ལྟར་སྣང་བའི་ཀུན་འབྱུང་བ་ཅན་ལས་སྣོད་མ་དག་པ་རྟེན་གཞལ་ཡས་ཁང་གིས་འགོག་བའི་ལམ་གྱི་བདེན་པ་ནི། །ལྷུན་པོའི་སྟེང་དུ། བྷཱུྃ་བི་ཤྭ་པི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྚལ་བྷཱུྃ། བྷཱུྃ་ཡིག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་བ་ནང་ནས་རིམ་བ་བཞིན། མཐིང་། དཀར། སེར། དམར། ལྗང་བའི་རིན་པོ་ཆེའི་རྩིག་པ་རིམ་པ་ལྔ་དང་ལྡན་བའི་སྟེང་ན། །རིན་པོ་ཆེའི་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་བས་བཀྲ་བ་འཕྱར་ཐབས་སུ་བཀོད་པའི་མཐར་མུ་ཏིག་གི་མགུལ་འཁོར་འཕྱང་བ། དེའི་སྟེང་ན་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་མ་ཀརའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་། དྲྭ་བ་ཕྱེད་པ། །དར་དང་རྡ་ཡབ། །དྲིལ་བུ་དང་མེ་ལོང་། །ཟླ་བ་རླུང་གིས་བསྐྱོད་བ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབས་དབྱངས་པའི་རིན་པོ་ཆེའི་ཤར་བུ། སྟེང་ངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དེ་དག་གི་བར་བར་དུ་བུམ་བ་ལ་གནས་པའི་རྒྱལ་མཚན་དང་། བ་དན་བརྒྱད་བརྒྱད་དང་། ཟུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་མཚན་བ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་གཟུགས་རྡོ་རྗེ་མ་ལ་སོགས་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། སྒོ་དང་སྒོ་ཁྱུད་ཀྱི་མཚན་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་བརྒྱན་པ། སྒོ་ལོགས་ཀྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས། རྟ་རྐང་ཆུ་སྐྱེས་རིན་ཆེན་སྒྲོམ། །སྣ་འཕྱང་བཞི་ལས་ཟར་ཚགས། །རིན་ཆེན་སྒྲིལ་འཕྱང་ཤར་དུ་བྱུང་། །ཞེས་པས་རིམ་པཅན་ཀྱི་སྣམ་བུ་བརྒྱས་པ་བསིལ་ཁང་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་བའི་ཆོས་ཀྱི་འཁོར་ལོ། གཡས་གཡོན་དུ་དྭགས་ཕོ་མོ་དང་བཅས་བ།

(༡༦༨)གཞན་ཡང་གསུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་བ་དང་གསེར་གྱི་དྲིལ་བུ་ལ་སོགས་པས་བརྒྱན་བ། སྒོའི་གཡས་གཡོན་གྱི་གཞིལ་ཏཱ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་ལ་བཀྲ་ཤིས་པའི་བྱ་སྙན་བར་སྒྲོགས་བ་སྣ་ཚོགས་གནས་བ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲིས་ཤིང་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙམ་པར་འཁྲོལ་བས་མཛོས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟ་བརྒྱད་དང་། གཞན་ཡང་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་བའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་བའོ། གཞལ་ཡས་ཁང་གི་ནང་བར་ཁྱམས་གྲུ་བཞིབས་ཀུན་ནས་བསྐོར་ཞིང་། གྲུ་ཆད་བཞི་གླི་འབུར་གྱིས་མཛེས་པའི་ནང་དུ། རྡོ་རྗེའི་ཕྲེང་བས་བསྐོར་བའི་འཁོར་ལོ་རྩིབས་བཞི་བ་ལྟེ་བ་དང་བཅས་པ་རྣམས་རིམ་པ་བཞིན་ཁྱད་པར་དུ་གྱུར་བས་འཕགས་བ་རྡོ་རྗེའི་ཟླུམ་བསྐོར་ལ་བརྟེན་བའི་ཀ་བ་རིགས་ཀྱི་མཚན་མ་ཅན་གཉིས་གཉིས་ཀྱིས་ཕྱོགས་རེ་ནས་བཏེག་བའི་སྟེང་། རྡོ་རྗེའི་གདུང་གིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པའི་དབུས་ཕྱུར་བུ་སངས་རྒྱས་ཀྱི་གཙུག་གཏོར་ལྟར་ཀུན་ནས་ཟླུམ་བོར་ལ་བྱིལ་བའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་སྟོང་འོད་ཟེར་མཐའ་ཡས་པ་སྤྲོ་བས་མཛེས་པ། ནང་གི་སྟེང་དང་འོག་གི་གཞི་མཐས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ། ལྷ་དང་མི་ལས་ཁྱད་པར་དུ་གྱུར་པའི་ངོ་མཚར་དུ་མས་འཕགས་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དངས་ཤིང་སྒྲིབ་པ་མེད་པར་ཀུན་ཏུ་གསལ་བ་གཞི་ཚད་མེད་པའི་ཡེ་ཤེས་གྱི་འཁོར་ལོའི་ལྟེ་བ་ལ་རྫོགས་པར་གྱུར། གསུམ་པ་གདན་བསྐྱེད་པ་ནི། རྒྱུད་ལས། སེང་གེ་གླང་ཆེན་རྟ་དང་ཁྱུང་། ནང་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པས་གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བ་རྩི་བས་བཞིར་རིམ་པ་བཞིན། དབུས་སུ་སེང་གེ། ཤར་དུ་གླང་པོ། །ལྷོར་རྟ་མཆོག་ །ནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་རྣམས་

(༡༦༩)ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ། བཾ་པདྨ་མཎྚལ། མ་སཱུརྻ་མཎྚལ། ཨ་ཙནྡྲ་མཎྚལ། སྣ་ཚོགས་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་དང་། ཟླ་བ་ཉ་གང་བ་སྟེ་ལྔ་བརྩེགས། འཁོར་ལོའི་གོང་རས་དང་། གྲུ་ཆད་ཀྱི་གྲ་བཞིར། པཾ་པདྨ་མཎྚལ། མ་སཱུརྻ་མཎྚལ། ཨ་ཙནྡྲ་མཎྚལ། པདྨ་དང་ཉི་ཟླའི་གད་ན་སུམ་བརྩེགས། ཁྱམས་ཀྱི་ཤར་ནུབ་གཉིས་སུ་རིན་པོ་ཆེའི་ཁྲིར། པཾ་པདྨ་མཎྚལ། མ་སཱུརྻ་མཎྚལ། ཨ་ཙནྡྲ་མཎྚལ། པད་ཉི་ཟླ་བའི་གདན་བཞི་བརྩེགས། ལྷོ་བྱང་དང་མཚམས་བཞིར༑ པཾ་པདྨ་མཎྚལ། སྣ་ཚོགས་པདྨའི་གདན་རེ་རེ་སྒོ་བཞིར། མ་སཱུརྻ་མཎྚལ། ཉི་མའི་དཀྱིལ་འཁོར་རེ་རེ་རྣམས་གསལ་བར་གྱུར། གཉིས་པ་བརྟེན་པ་ལྷ་བསྐྱེད་བ་ལ་གསུམ་ལས། དང་པོ་ནི་རྒྱུད་ལས། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒལ་པོ་རྒྱལ་མོ་དང་། གཡས་ནས་མཐོང་ཐོས་སྣོམ་པ་དང་། མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེས་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོའི་ཚོགས་དང་བཅས་པར་གནས། །བར་འཁྱམས་ལ་ནི་ཐུབ་དྲུང་དང་། །མདུན་དང་རྒྱབ་ཏུ་བྱེད་བ་དང་། བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཛོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་དང་། །ཨུཏྤ་ལ་ཀླུ་ཤིང་ལ་སོགས་མཚན། །མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན། །མཐིང་ག་དཀར་པོར་སེར་ལེ་བརྒན། ལྗང་གུ་ལ་སོགས་སྣ་ཚོགས་པའི། །མཉེན་ལྷུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བས་འཁྱིལ་བ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་

(༡༧༠)ཡས་ལྷུན་གྱིས་གྲུབ། །ཅེས་པས་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་ལྟར་ཤར་དས་བཅུད་མ་དག་པ་དང་ཀུན་བརྟགས་ཀྱི་རྟོག་ཚོགས་ལྷ་སྐུར་བསྒྲུབ་བ་ནི། །གཞིའི་ཨ་ཡིག་ལས་ཡི་གེ་བཞི་བཅུ་རྩ་གཉིས་ཐོན་ཏེ་སོ་སོའི་གདན་སྟེང་དུ་འཁོད་བ་ནི་དབུས་སུ། ཥ་ཐ། རྩིབས་བཞིའི་ཤར་དུ། ཊ་ཏ། ལྷོར། ཌ་ད་། ནུབ་ཏུ། ཌྷ་དྷ། བྱང་དུ། ཎན། རྩིབས་མཆན་གྱི་ཤར་ལྷོའི་གདན་ལ། ཀ་ཙ། ལྷོ་ནུབ་ཏུ། ཁ་ཚ། ནུབ་བྱང་དུ། ག་ཛ། བྱང་ཤར་དུ། གྷ་ཛྷ། གྲུ་ཆད་ཀྱི་ཤར་ལྷའི་གདན་ལ། པ་ལ། ལྷོ་ནུབ་ཏུ། ཕ་ལྦ། ནུབ་བྱང་དུ། པ་ར། བྱང་ཤར་དུ། བྷ་ལ། ཁྱམས་ཀྱི་ཤར་དུ། ཀྵ། ནུབ་ཏུ། ཨཱ། ཤར་ལྷོར། ཨི། བྱང་དུ། ཨཱི། ནུབ་བྱང་དུ། ཨཱུ། ལྷོ་ནུབ་ཏུ། ཨེ། བྱང་ཤར་དུ། ཨི། སྒོ་བཞིའི་སྒོར། ད་ཤ། ལྷོར་སྒོར། ཉ་ཥ། ནུབ་སྒོར། མ་ས། བྱང་སྒོར། ཨོ་ཨཽ་ཧ། རྣམས་རང་རང་གི་ལྷའི་ཁ་དོག་དང་མཐུན་བར་སོ་སོའི་གདན་ལ་འཁོད་བའི་མཐར་ཨ་ཞེས་བརྗོད་པས། གཞིའི་ཨ་དེ་ཡིག་འབྲུ་རྣམས་ལ་ཁྱབ་པར་ཐིམ་པས་ཤིན་ཏུ་གསལ་ཞིང་འབར་བར་བསམ་ལ། །ཨ་ཉིད་སྣ་ཚོགས་བར་སྣང་བའི། །ཀ་ལ་སོགས་པ་བཞིན་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །ཨསྥར་ཎ་ཕཊ་ཅེས་བརྗོད་བས་ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབ། སཾ་ཧ་ད་རཎ་ཧཱུྃ་སླར་འདུས་ནས་ཡིག་འབྲུ་རྣམས་འཐིམ་པ་འོད་དུ་ཞུ་བ་ལས། བ་ཛྲ་ཙཀྲ་རཏྣ་པདྨ་ཁངྒ་གྷནྜ་ཞེས་བརྗོད་པས། དབུས་སུ་རྡོ་རྗེ་དང་དྲིལ་བུ། རྩིབས་བཞིའི་ཤར་དུ་འཁོར་ལོ་དང་དྲིལ་བུ། ལྷོར་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་པདྨ་དང་དྲིལ་བུ། བྱང་དུ་རལ་གྲི་དང་དྲིལ་བུ། རྩིབས་མཚན་གྱི་ཤར་ལྷོར་རིན་པོ་ཆེའི་མྱུ་གུ་དང་མེ་ལོང་། ལྷོ་ནུབ་ཏུ་རླ་གྲི་དང་ཕྲེང་བ། ནུབ་བྱང་དུ་པདྨ་དང་པི་ལྦང་། བྱང་ཤར་དུ་རྡོ་རྗེ་དང་རྡ་ཡབ། གྲུ་ཆད་བཞིའི་ཤར་ལྷོར་ཀླུ་ཤིང་དང་སྤོས་ཁང་། ལྷོ་ནུབ་ཏུ་པུ་སྟི་དང་མེ་ཏོག་ །ནུབ་བྱང་དུ་རིན་པོ་ཆེའི་

(༡༧༡)སྙེམ་དང་མར་མེ། བྱང་ཤར་དུ་ཨུཏྤལ་དང་དྲི་ཆབ། ཁྱམས་ཀྱི་ཤར་དུ་རྡོ་རྗེ། ནུབ་ཏུ་དྲིལ་བུ། ཤར་ལྷོར་པི་ལྦང་། བྱང་དུ་གོ་མཚོན། ལྷར་གསེག་བར། ནུབ་བྱང་དུ་པུ་སྟི། ལྷོ་ནུབ་ཏུ་སྒྲོམ་བུ། བྱང་ཤར་དུ་མེ་ཆུ། ཤར་སྒོར་ནྲྀ་མགོ་གདེངས་པ་དང་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་རྩེ་ལྔ་དང་ཞགས་པ། ནུབ་སྒོར་ཐོད་པ་སྤྲུལ་གྱིས་དཀྲིས་པ་དང་ལྕགས་སྒྲོག་ །བྱང་དུ་རྡོ་རྗེ་རྒྱ་གྲམ་དང་དྲིལ་བུ་སྟེ་ཕྱག་མཚན་བཞི་བཅུ་རྩ་གཉིས་སུ་གྱུར། སྥར་ཎ་ཕཊ། དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབ། སཾ་ཧ་ར་ཧཱུྃ་འདུས་ནས་ཕྱག་མཚན་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཧཱུྃ་བཛྲ་དྷི་ཀ དཀྱིལ་འཁོར་ཆེན་པོའི་དབུས་དག་ཏུ། བདག་ཉིད་བཅོམ་ལྡན་མི་བསྐྱོད་པ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། སྐུ་གསུང་ཐུགས་ཀྱི་དབུ་གསུམ་ནི། གཡས་པས་རྡོ་རྗེ་གཡོན་དམར་དབུས་མཐིང་ཞལ། །ཡེ་ཤེས་དྲུག་གི་ཕྱག་ཉིད་ལ། །རྡོ་རྗེ་པདྨར་ལ་གྲི་ནི། གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །དྲིལ་བུ་འཁོར་ལོ་རིན་ཆེན་འབར། གཡོན་གྱི་ཡེ་ཤེས་ཕྱལ་ན་བསྣམས། །གཡས་པས་རྡོ་རྗེ་ཐུགས་ཀར་བརྟེན། །གཡོན་པ་དྲིལ་བུ་ཡུམ་ལ་འཁྱུད། །ཐབས་དང་ཤེས་རབ་ཞབས་གཉིས་ནི། །མཉམ་པའི་བརྟུལ་ཞུགས་སྐྱིལ་མོ་ཀྲུང་། །མདུན་དང་རྒྱབ་མེད་ཀུན་ཏུ་ཞལ། །མཚན་དང་དཔེ་བྱད་ཀུན་གྱིས་སྤྲས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་ལས། །ཐུབ་པའི་དཀྱི་འཁོར་སྣ་ཚོགས་འཕྲོ། །རྒྱལ་བ་རིགས་ལྔས་དབུ་བརྒྱན་ཅིང་། །སྣ་ཚོགས་རྒྱན་རྣམས་ཀུན་གྱིས་བརྒྱན། །བཙུན་མོ་སྣང་བའི་དབྱིངས་ཕྱུག་མ། །གཞོན་ཚུལ་འཁྲིལ་ལྡེམ་ཤིན་ཏུ་ཆགས། །ཆ་ལུགས་ལ་སོགས་ཏབ་དང་མཐུན། །གཡོན་པ་དྲིལ་བུ་ཐུགས་ཀར་བརྟེན། །གཡས་པ་ཉི་མ་ལས་ལ་འཁྲིལ། །གཉིས་ཀའང་ལྷ་རྫས་ཀྱིས་དར་བཔཝངཔོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་གུའི་སྨང་།

(༡༧༢)དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་བན་ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་བདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། མཉན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུག་སྡུག་གཟི་བྱིན་འབར་བ་སྟེ། །ཞི་བའི་ཉམས་དགུས་བརྒྱན་པ། འོད་ཟེར་ཁ་དོག་དྲུག་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །ཨོཾརྫཱི་ན་རྫཱི་ཀ་ །ཤར་གྱི་རྩིབས་ལ་རྣམ་སྣང་དཀར་པོ། དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་། བར་པས་རྡོ་རྗེ་དང་རིན་པོ་ཆེ། ཐམས་པདྨ་དང་རལ་གྲི་འཛིན་པ། ལཱཾ་དེ་ཥ་ར་ཏི། ཡུམ་སྦྱན་མ་དཀར་མོ་གཡས་དྲིལ་བུ་འཛིན་བས་ཡབ་ལ་འཁྱུད་ཅིང་། གཡོན་འཁོར་ལོ་འཛིན་པ། སྭཱ་རཏྣ་དྷིཀ་ །ལྷོར་རིན་ཆེན་འབྱུང་ལྡན་སེར་པོ། སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་ཀྱིས་རིན་པོ་ཆེ་དང་དྲིལ་བུ། །བར་པས་འཁོར་ལོ་དང་རིན་པོ་ཆེ། ཐམས་རྡོ་རྗེ་དང་རལ་གྲི་འཛིན་པ། མཱཾ་མོ་ཧ་ར་ཏི། །མཱ་མ་ཀཱི་སེར་མོ་གཡས་དྲིལ་བུ་འཛིན་པས་ཕབ་ལ་འཁྱུད་ཅིང་། །གཡོན་རིན་པོ་ཆེ་འཛིན་པ། ཨཱཾ་ཨ་རོ་ལི་ཀ །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། དམར་དཀར་སྡོ་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་ཀྱིས་པདྨ་དང་དྲིལ་བུ། བར་པས་འཁོར་ལོ་དང་རིན་པོ་ཆེ། ཐམས་རྡོ་རྗེ་དང་རལ་གྲི་འཛིན་པ། པཱཾ་རཱ་ག་ར་ཏི། གོས་དཀའ་མོ་དམར་མོ་གཡས་དྲུལ་བུ་འཛིན་པས་ཏབ་ལ་འཁྱུད་ཅིང་། གཡོན་པདྨ་འཛིན་པ། ཧཱུཾ་པྲཛྙཱ་དྷྲིཀ་ །བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ། ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རལ་གྲི་དང་དྲིལ་བུ། བར་པས་འཁོར་ལོ་དང་རིན་པོ་ཆེ། ཐམས་པདྨ་དང་རྡོ་རྗེ་འཛིན་པ། ཏཾྣ་བཛྲར་ཏི། དམ་

(༡༧༣)ཚིག་སྒྲོམ་ལ་ལྗང་གུ་གཡས་དྲིལ་བུ་འཛིན་བས་ཡབ་ལ་འཁྱུད་ཅིང་། གཡོན་རལ་གྲི་འཛིན་པ་ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་རོལ་པའོ། །ཀྵི༚་ཧི་རཱ་ཛ་ཡ། རྩིབས་མཆན་བཞིའི་ཤར་ལྷོ་རས་སྙིང་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་འཛིན་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཧཱུྃ་ལཱ་སེྱས་མ་ཡ་སྟྭཾ། སྒེག་མ་དཀར་མོ་གཡས་ཡབ་ལ་འཁྱུད་ཅིང་། གཡོན་མེ་ལོང་འཛིན་བ། ཧྲཱི་ཨཱ་གྷརྦྷ་ཡ། ལྷོ་ནུབ་ཏུ་ནམ་སྙིང་སེར་པོ་གཡས་རལ་གྲི་འཛིན་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཏྲཾ་མཱ་ལེྱས་མ་ཡ་ཧོ ཕྲེང་བས་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ། ཧྲཱི༚ཧཱ་ཧཱུྃ་པདྨ་པྲ་དམ། ནུབ་བྱང་དུ་སྤྱན་རས་གཟིགས་དམར་པོ་གཡས་པདྨ་དཀར་པོ་འཛིན་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཧྲཱི༚ཧཱི་ཏི་རཱ་གོ་ཧཾ གླུ་མ་དམར་མི་པི་ལྦང་འཛིན་བ། ཛི༚་ཀུ་རུ་པ་ཎ། བྱང་ཤར་དུ་ཕྱག་རྡོར་མཐིང་ག་གཡས་རྡོ་རྗེ་འཛིན་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཨཾ་ནི་རྟི་རཱ་གཡ་མྱེ། གར་མ་ལྗང་གུ་གར་རྒྱ་མཛད་པ། མཻདྡྷ་ར་ཎ་སཱ་ཧཱ། གྲུ་ཆད་བཞིའི་ཤར་ལྷོར་བྱམས་པ་དཀར་སེར་གཡས་ཀླུ་ཤིང་འཛིན་ཤིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཛདྷཱུ་བ་པྲ་བེ་ཤ བདུག་སྤོས་མ་དཀར་སེར་སོས་ཁང་འཛིན་པ། །།།ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ལྷོ་ནུབ་ཏུ་སྒྲིབ་སེལ་དམར་སེར་གཡས་ཆོས་ཀྱི་འཁོར་ལོ་འཛིན་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་བ། ཧཱུྃ་པུཥྤ་ཨཱ་བེ་ཤ །མེ་ཏོ་ག་མ་དམར་སེར་མེ་ཏོག་གི་ཕྲེང་བ་འཛིན་པ། ཧཱུཾ་ས་རཱ་ཛ་ར་སྭཱ་ཧཱ། ནུབ་བྱང་དུ་ཀུན་བཟང་དམར་ལྗང་གཡས་རིན་པོ་ཆེའི་སྙེ་མ་འཛིན་ཞིང་། གཡོན་དྲིའ་བུ་དཀུར་བརྟེན་པ། པཱཾ་དཱི་པ་སུ་གི་རི། མར་མེ་མ་དམར་ལྗང་མར་མེ་འཛིན་བ། །མཱུཾ་ཤྲཱི་ཨཾ་རཱ་གཡ་སྭཱ་ཧཱ། བྱང་ཤར་དུ་འཇམ་དཔལ་དཀར་ལྗང་གཡས་ཨུཏྤལ་འཛིན་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཧོབནྡྷེ་ཙིཏྟ། དྲི་ཆབ་མ་དཀར་ལྗང་

(༡༧༤)དྲིའི་དུང་ཕོར་འཛིན་བ། སེམས་དཔའ་བརྒྱད་པོ་ཐམས་ཅད་ཀྱང་ཞབས་གཡས་ཅུང་ཟད་བརྐྱང་བའི་སྐྱིལ་གྱིས་བཞུགས་ཤིང་༑ སེམས་མ་རྣམས་གཡོན་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་ཀྱིས་ཡབ་ལ་འཁྱུད་པའི། །ཧཱུཾ་ཧཱུཾ་ཧཱུཾ་བ་ཛྲ་ཙིཏྟ་ཨོཾ། ཁྱམས་ཀྱི་ཤར་དུ་ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཨ་ཨ་ཨ་བཛྲཱི་བྷ་ད་ས་མདྣ་ཨཱ ནུབ་ཏུ་ཀུན་ཏུ་བཟང་མོ་མཐིང་ག་གཡོན་སྟེང་དུ་བཞག་པའི་མཉམ་གཞག་གི་ཕྱག་རྒྱ་ཅན་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ་གཤེགས་པ་གཤེགས་མ་སེམས་དཔའ་མ་ཀུན་བཟང་ཡབ་ཡུམ་རྣམས་ཞི་བཀའི་རྒྱན་ཆ་བཅུ་གསུམ་གྱིས་མཛེས་ཤིང་། ཚུལ་དགུའི་ཉམས་ཀྱིས་རྒྱས་པའོ། །ཨོཾ་མུ་ནེ་ཀཾྵ་སྭཱ་ཧཱ། ཁྱམས་ཀྱི་ཤར་ལྷོར་ལྷའི་ཐུབ་བ་དཀར་པོའི་ལྦང་འཛིན་པ། ཨོཾ་མུ་ནེ་ཀྲཾ་སྭཱ་ཧཱ། བྱང་དུ་ལྷ་མིན་གྱི་ཐུབ་པ་མཐིང་ག་གོ་ཆཛིན་པ། ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ། ལྷོར་མིའི་ཐུབ་པ་སེར་པོ་གསེག་པོར་འཛིན་པ། ཨོཾ་མུ་ནེ་ཧཱུཾ་སྭཱ་ཧཱ། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་དམར་པོ་པུ་སྟི་འཛིན་པ། ཨོཾ་མུ་ནེ་པྲཾ་སྭཱ་ཧཱ། །ལྷོ་ནུབ་ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། ཨོཾ་མུ་ནེ་ཡ་སྭཱ་ཧཱ། བྱང་ཤར་དུ་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པ། དྲུག་ཀའང་གཙུག་ཏོར་དང་ལྡན་ཞིང་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། འགྲོ་བའི་དོན་ལ་འགྲེང་སྟབས་སུ་གཤེགས་པའི་ཚུལ་ཅན་ནོ། །ཧཱུྃ་ཡ་ནཱནྟ་ཀྲ་ཏ་ཕཊ། ཤར་སྒོར་གཤིན་རྗེ་ཤེད་སྨུག་ནག་ནྀྲ་མགོ་གདེངས་པ་འཛིན་ལ། ཨོཾ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པ་དང་མཉམ་པར་སྦྱོར་བ། ཧཱུྃ་བྲ་ཛྙཱནྟ་ཀྲ་ཏ་ཕཊ། ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ་རྩེ་ལྔ་འཛིན་པ། ཨོཾ་མ་ཧཱ་རཏྣ་ཧ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ཞགས་པ་མ་སེར་ནག་ཞགས་པ་འཛིན་པ་དང་མཉམ་པར་སྦྱོར་བ། ཧཱུྃ་པདྨནྟ་ཀྲི་ཏ་ཕཊ། ནུབ་སྒོར་རྟ་མགྲིན་དམར་ནག་ཐོད་དབྱུག་སྤྲུལ་གྱིས་དཀྲིས་པ་འཛིན་པ། ཨོཾ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲི་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ལྕགས་

(༡༧༥)སྒྲོག་མ་དམར་ནག་ལྕགས་སྒྲོག་འཛིན་པ་དང་མཉམ་པར་སྦྱོར་བ། ཧཱུྃ་བིགྣན་ཏ་ཀྲི་ཏ་ཕཊ། བྱང་སྒོར་བདུད་རྩི་འཁྱིལ་པ་ལྗང་ནག་རྡོ་རྗེ་རྒྱ་གྲམ་འཛིན་པ། ཨོཾ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲི་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ་དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ་ཁྲོ་བོ་བཞི་ཀའང་གཡོན་སྡིགས་མཛུབ་མཛད་ཅིང་། ཡུམ་རྣམས་གཡོན་པས་དུང་ཁྲག་སྟོབ་པའི་ཚུལ་ཅན་ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་ལ་རྣམ་པར་འགྱུར་བའི་ཞལ་ཅན། གར་གྱིས་ཉམས་དགུས་སྒེག་ཅིང་། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཏེ། བསྐལ་པའི་མེ་དཔུང་འབར་བའི་ཀློང་ནག་དུག་པ་ཅན་ཚར་གོད་པའི་ཚུལ་གྱིས་བཞུགས་པ། དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་མེ་ལོང་ནང་གི་གཟུགས་བསྙེན་ནམ་ཆུ་ནང་གི་ཟླ་བ་ལྟར་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་འཁོར་ལོར་བཞུགས་པའོ། །གཉིས་པ་ནི་དེ་ལ་གཞན་དབང་གི་རྒྱས་འདེབས་དག་ཆེན་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བ་ནི། གདན་གསུམ་རྫོགས་པའི་དཀྱིལ་འཁོར་གྱི་སྲོག་གི་གོར། །རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་རང་རང་གི་ཕྱག་མཚན་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་གཤེགས་པ་ཐམས་ཅད་དབང་གི་ལྷ་ཡིགས་ལྔ་སྟངས་དཔྱལ་གྱི་རྣམ་པར་བཛྲ་ས་མཱ་ཛས་སྤྱན་དྲངས། ཨོཾ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ལྦ་ཨཱཏྨ་ཀོ་ཉ་ཧཾཞེས་བསྐུལ་བས་རྗེས་ཆད་ཞུ་བདེའི་ཆུ་རྒྱུན་གྱིས་དབང་བསྐུར་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་དང་། ཉོན་མོངས་པ་ཡེ་ཤེས་ལྔ། སྐྱེ་མཆེད་སེམས་དཔའི་སེམས་མ། །ལས་དབང་ཁྲོ་བོ་ཁྲོ་མོར་གནས་འགྱུར། ཆུ་ལྷག་མ་སྤྱི་བོར་བརྟན་པ་ཡོངས་གྱུར་པ་ལས་རང་རིགས་གཙོ་བོར་གྱུར་པའི་རིགས་ལྔ། སྤྲུལ

(༡༧༦)སྐུའི་ཆ་བྱད་ཅན་གྱིས་དབུ་རྒྱན་པར་གྱུར། ཅེས་བརྗོད་ལ་སོ་སོའི་དབང་རྒྱ་དང་རང་སྔགས་བསྟུན་ཞིང་། དེ་ཡང་མི་བསྐྱོད་པ་ལ་མཚོན་ན། རྡོ་རྗེ་ཕྱི་བསྡམས་ལས་གུང་མོ་གཉིས་བརྐྱང་བ་སྤྱི་བོར་བཞག་ལ། ཨོཾ་མ་ཧཱ་ཤཱུནྱ་ཧཱ་ཛྙཱན་བཛྲ་སྭ་བྷཱ་ལྦ་ཨཱཏྨ་ཀོ་྅་ཧཾ། ཕྱག་རྒྱ་དེ་ལས་མཛུབ་མོ་གཉིས་བརྐྱང་བ་དཔྲལ་བར་བཞག་ལ། ཨོཾ་མ་ཧཱ་ཨཱ་ད་རྴ་ཛྙཱ་ན་བ་ཛྲ་སྭ་བྷཱ་ལྦ་ཨཱཏྨ་ཀོ་྅་ཧཾ། སྲིན་ལག་བརྐྱང་བ་རྣ་ལྟག་གཡས་པར་བཞག་ལ། ཨོཾ་མ་ཧཱ་ས་མ་ཏྭཛྙཱ་ན་བཛྲ་སྭ་བྷ་ལྦ་ཨཱཏྨ་ཀོ་྅་ཧཾ། མཐེ་བོང་བརྐྱང་བ་ལྟག་པར་བཞག་ལ། ཨོཾ་མ་ཧཱ་པྲཱ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ལྦ་ཨཱཏྨ་ཀོ་྅་ཧཾ། མཐེའུ་ཆུང་བརྐྱང་བ་རྣ་ལྟག་གཡོན་པར་བཞག་ལ། ཨོཾ་མ་ཧཱ་ཀྲོ་ཏྱ་ཨན་ཥྛུན་ཛྙཱ་ན་བཛྲ་སྭཱ་བྷ་བླ་ཨཱཏྨ་ཀོ་྅་ཧཾ། དཀྱིལ་འཁོར་བདག་པོ་སྟངས་དཔྱལ་དང་། བྱ་བྱེད་ཡབ་ཡུམ་ཐུབ་དྲུག་ལ། མི་བསྐྱོད་དབུས་ན་བཞུགས་པ་ནི། རྒྱལ་བ་རིགས་ལྔས་དབུ་རྒྱན་གྱུར། དེས་མཚོན་ནས་རིགས་གཞན་བཞི་ལའང་རིགས་གང་ཡིན་དེའི་སྔགས་དང་པོ་དང་ཕྱག་རྒྱ་དབུས་སུ་འཇོག་ལ། གང་དབུས་སུ་སོང་བའི་ཤུལ་དུ་མི་བསྐྱོད་པ་འཇོག་པ་ལས། རྣམ་སྣང་གི་དབང་རྒྱ་མཛུབ་མོ་བརྐྱང་བ་དང་ཨཱ་ད་རཱ་དང་པོར་བརྗོད་པའི་ལྔ་ཚན་ལྔའི་སྔགས་རྒྱའི་མཐར། རྣམ་སྣང་ས་སྙིང་བྱམས་པ་དང་། གཤེན་རྗེ་ཡུམ་དང་བཅས་བ་ལ། །སྣང་མཛད་དབུས་ན་བཞུགས་པ་ཡི། །རྒྱལ་བ་རིགས་ལྔས་དབུ་རྒྱན་གྱུར། རིན་འབྱུང་གི་དབང་རྒྱ་སྲིན་ལག་བརྐྱང་བ་དང་ས་མ་ཧཱ་ཐོག་མར་བརྗོད་པའི་ཚན་ལྔའི་མཐའ། །རིན་འབྱུང་ནམ་སྙིང་སྒྲིབས་ལ་དང་། སྟོབས་ཆེན་ཡུལ་དང་བཅས་པ་ལ། རིན་འབྱུང་དབུས་ན་བཞུགས་པ་ཡི། །རྒྱལ་བ་རིགས་ལྔས་དབུ་རྒྱན་གྱུར། །སྣང་མཐའི་དབང་རྒྱ་ཐེ་བོང་བརྐྱང་བ་དང་། །པྲཱ་ཏྱ་དང་པོར་བརྗོད་པའི་ལྔ་ཚན་ལྔའི་མཐར། །སྣང་བ་མཐའ་ཡས་སྦྱན་རས་གཟིགས། །ཀུན་བཟང་མགྲིན་ཡབ་ཡུམ་ལ། །སྣང་མཐའ་དབུས་སུ་

(༡༧༧)བཞུགས་པ་ཡི། །རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །དོན་སྐུད་ཀྱི་དབང་རྒྱ་མཐའུ་ཆུང་བརྐྱང་བ་དང་། ཀྲིདྱ་དང་པོར་བརྗོད་པའི་ལྔ་ཚན་ལྔའི་མཐར། །དོན་ཡོད་གྲུབ་པ་ཕྱག་རྡོར་དང་། །འཇལ་དཔལ་བདུད་རྩི་འཁྱིལ་པ་ལ། དོན་གྲུབ་བདག་པོར་གྱུར་བ་ཡི། །རྒྱལ་བ་རིགས་ལྔས་དབུས་བརྒྱད་གྱུར། །གསུམ་པ་ཡོངས་གྲུབ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པ་ནི། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། །དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཨོཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་བཏབ་པར་གྱུར། རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་གཏུག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ར་བཛྲ་སྭ་བྷ་ལྦ་ཨཱཏྨ་ཀོ་྅་ཧཾ། །མགྲིན་པ་པདྨ་ལ་གནས་པའི་ཨཱཾདམར་པོ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྲུང་། གསུང་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཨཱཾལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་གྱུར། །ཨཱཾཡོངས་སུ་གྱུར་པ་ལས་སྣང་མཐའ་དམར་པོ་པདྨ་འཛིན་བས་རྒྱས་བཏབ་པར་གྱུར། རྡོ་རྗེའི་ཕྱག་རྒྱ་མགྲིན་པར་གཏུགས་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ལྦཱ་ཀྐ་བཛྲ་སྭ་བྷཱ་ལྦ་ཨཱཏྨ་ཀོ་྅་ཧཾ། སྙིང་གར་ཉི་ལ་ལ་གནས་དཔའི་ཧཱུཾ་སྔོན་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། ཐུགས་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གནག་བར་བྱོན་ནས་ཧཱུཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་བར་གྱུར། །ཧཱུྃ་ཡོངས་སུ་གྱུར་བ་ལས་མི་བསྐྱོད་བ་སྔོན་པོ་རྡོ་རྗེ་འཛིན་བས་རྒྱས་བཏབ་པར་གྱུར། རྡོ་རྗི་ཕྱག་རྒྱ་སྙིང་གར་གཏུགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷ་ལྦ་ཨཱཏྨ

(༡༧༨) ཀོ་྅་ཧཾ། གསུམ་པ་ཕྲིན་ལས་བྱ་བའི་ཡན་ལག་ལ་དྲུག་སྟེ། བསམ་གཏན་གྱི་དང་ནས་ཡེ་ཤེས་བ་སྤྱན་དྲང་བ། སྦྱིན་པའི་རང་བཞིན་མཆོད་པ་འབུལ་བ། བཟོད་པའི་ངོ་བོ་བཤགས་པ་བྱ་བ། བརྩོན་འགྲུས་ཀྱི་བདག་ཉིད་དངོས་གྲུབ་བསྐུལ་བ། ཚུལ་ཁྲིམས་ཀྱི་ངོ་བོ་དམ་བཅའ་བ། ཤེས་རབ་ཀྱི་རང་བཞིན་བཟླས་པ་བྱ་བ་དང་དྲུག་གི། དང་པོ་ཞལཱང་གསུམ་སྟེ། དང་པོ་རྡོ་རྗེའི་གླུས་བསྐུལ་བ་ནི། རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྟོང་ཉིད་བཅུ་དྲུག་གི་བདག་ཉིད་རང་བཞིན་དང་ངོ་བོ་ཉིད་མེད་པ་དང་། ཡོད་མེད་ཀྱི་མཐའ་གཞིག་པའི་རྣལ་འབྱོར་གྱི་དོན་དྲན་བར་བྱེད་པ་སྟེ། ཧཱུྃ༑ སྟོང་བ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའི་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་བཞིན་བདེ་བར་གཤེགས་མཛད་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་ཁྱོད་བདག་སྐལ་བཟང་དཔལ། །གཉིས་པ་ནི་ལྷ་ཚོགས་རྣམ་ཀྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ་རང་བཞིན་གྱི་གནས་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རབ་འབྱམས་མ་ལུས་ཤིང་ལུས་པ་མེད་པ་སྒྱུ་འཕྲུལ་དྲྭ་བའི་གདན་གསུམ་གྱི་འཁོར་ལོར་སད་བ་བསམས་ལ་སྤོས་རོལ་དང་བཅས། ཕྱོགས་དུས་སྐྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དང་ངོ། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བ། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་བའི་དམ་ཚིག་མཆོག་ །ཨོཾ་ཨེཧྱེ་བྷག་ལྦཱ་ན་མ་ཧཱ་ཀཱ་ཏུ་ཎི་ཀ་ི༚ངྲ་ཧྱ་ཧོ ཛཧཱུྃ་བྃ་ཧོ ཞེས་དམ་ཡེ་རོ་གཅིག་ཏུ་བསྲེའོ། །གསུམ་པ་ནི། རིགས་པ་བདེ་གཤེགས་སྙིང་པོའི་མེ་ཏོག་ཕུང་ཁམས་ཚོགས་བརྒྱད་དཀྱིལ་འཁོར་གྱི་འཁོར་ལོར་དག་པའི་དབྱིངས་སུ་དོ་ར་བས་རང་བཞིན་དབྱེར་

(༡༧༩)མེད་དུ་འདྲེས་པར་བསམ་ལ། །ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾབཛྲ་ས་མ་ཡ་ཨཱཾཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་པས་རང་བཞིན་གྱི་དཀྱིལ་འཁོར་དང་། ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་གཉིས་སོ་སོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཀྱི་དམ་ཚིག་གི་ངོ་བོར་གྲུབ་པར་བསམ་ལ། དངོས་གྲུབ་ཀྱོ་དིན་དུ་གསོལ་བ་གདབ་པ་ནི། ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མྲད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག་ །ཅེས་པས་ལྷ་རྣམས་དངོས་གྲུབ་སྩོལ་བ་ལ་ཕྱོགས་པ་དང་། ཨོཾ་བཛྲ་ས་མ་ཡ་ཧཱུཾགིས་ཡེ་ཤེས་པ་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་ཐིམ། ཨོཾ་བཛྲ་ས་མ་ཡ་སྟཾྭ་གྱིས་རང་ཉིད་ལྷའི་དཀྱིལ་འཁོར་དུ་འཚང་མ་རྒྱས་ཀྱི་བར་དུ་བརྟན་པ་བཞུགས་པར་བསམ། ཨོཾ་བཛྲ་ས་མ་ཡ་ཧོས་དབང་དུ་གྱུར་ཅིང་དགྱེས་པར་བསམ། ཛཧཱུཾ་བཾ་ཧོས་བརྟན་ཞིང་གསལ་བར་བྱས་ནས། རིན་ཆེན་སེང་གེའི་གདན་ལ་ཡང་དག་དེས་བཞིགས་ཤིང་། རང་གི་ལྷ་མོ་དག་དང་སྲས་དང་གཡོག་འཁོར་བཅས་པ་རྣམས། ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། །འཇིག་རྟེན་ལྷ་དང་བཅས་པ་རྣམས་ལ་ཕན་ཕྱིར་བཞུགས་སུ་གསོལ། ཀཱ་ཡ་ལྦཱཀྐ་ཙཏྟ་ཏིཥྛ་བཛྲ། ཞེས་བཞུགས་སུ་གསོལ་ལོ། །གཉིས་པ་ཕྱག་དང་མཆོད་པ་ནི། པཉྩ་དྲྭ་མ་ལས།ཇི་ལྟར་ཆུ་ལ་ཆུ་བཞག་དང་།ཇི་ལྟར་མར་ལ་མར་བཞག་བཞིན། རང་གིས་རང་གི་ཡེ་ཤེས་གང་༑ ༑ལེགས་མཐོང་གང་ཡིན་འདིར་ཕྱལ་འཚལ། །ཞེས་པ་ལྟར་ཆོས་ཉིད་མངོན་དུ་མཐོང་བ་རྣམས་ལ་བྱ་བ་བྱེད་ཀྱི་གཉོས་རྟོག་མི་དགོས་ཀྱང་། །དང་པོའི་བློ་ཅན་རྣམས་ནི་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མ་ཆད་ཀྱི་ཚུལ་དུ་རྡོ་རྗེ་སེམས་

(༡༨༠)དཔའ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་དེ། སེམས་ཅན་ཐམས་ཅད་བྱ་བྱེད་ཐུན་མོང་བར་གྱུར་ནས་ཕྱག་དང་མཆོད་པ་ལ་སོགས་པ་ལས་ཀྱི་རིམ་པ་ལ་འཇུགས་པར་མོས་པའོ། །དེའི་དང་པོ་ཕྱག་འཚལ་བ་ནི། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེ་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པའི། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག་ །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལོ། །ཆོས་སྐུན་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་འཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལོ། རྣམ་ཤེས་དབང་པོ་དག་པ་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མ། །ནམ་མཁའ་མཉམ་པའི་མཆོད་བས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །མཐར་བྱེད་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་དང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞིར་འཇིག་རྟེན་གདུལ་བའི་གཙོ། །ཉོན་མོངས་དྲུག་འཛོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། ལོངས་སྤྱོད་

(༡༨༡)རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱིས་བསྒྲུབས་བ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་འུ་ཧོ པྲ་ཏི་པུ་ཧོ། །ཞེས་ཕྱག་བྱའོ། །གཉིས་པ་མཆོད་པ་ལ་བཅུ་གསུམ་ལས། དང་པོ་ཕྱག་རྒྱའི་མཆོད་པ་ནི། སྔགས་བླ་མེད་སྤྱིའི་གྲུབ་མཐའི་མངོན་རྟོགས་ཕྱག་རྒྱའི་ཁོང་ནས་འདོན་བ་ལས། །འདིར་མཆོད་པ་ལ་མཚོན་ན། ལྷར་སྣང་ཕྱག་ཆེ། ས་བོན་ཆོས་རྒྱ། བཅའ་བ་དམ་ཧྱ། དགྲོལ་བ་ལས་རྒྱའི་དོན་ངེས་པས། །ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ། མ་སཱུརྱ་མཎྚལ། ཉི་མའི་དཀྱིལ་འཁོར་ལྔ། གུང་མཛུབ་སྲིན་ལག་མཐེ་བོང་མཐེའུ་ཆུང་རྣམས་ལ། ཧཱུྃ་ཨོཾ་སྭཱ་ཨཱཾཧཱ། གཡོན་གྱིས་སོར་མའི་བྲེ་ཁ་ལྔ་ལ། ཨ་ཙནྡྲ་མཎྚལ། ཟླ་བའི་དཀྱིལ་འཁོར་ལྔ། གུང་མཛུབ་སོགས་ལྔ་ལ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། རྣམས་ཀྱིས་མཚན་བར་བསམ་ལ། ཧཱུྃ་སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གསང་བ་ད་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ་ །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ་ །ལྔ་གཉིས་ཟུང་དུ་སྤྲད་པ་འདི་ནས་ལས་སྤྲད། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ཨོཾ་དང་མཱུཾ་གཉིས་གཡས་གྱི་མཛུབ་མོ་དང་གཡོན་གྱི་ཐུང་མོ་རྩེ་ལ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་གཡོན་དུ་དགྲོལ་ཆེན་པོ་སྦྱིན་བའི་རྒྱ། །པད་སྐོར་འབྲུ་ཞིག་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་གཡས་ཀྱི་སྲུད་མོ་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྤས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཧཱུཾ་བཛྲ་དྷཱིག་ །འབྲུ་བཞི་བས་པད་སྐོར་ནས་ཐུད་ཀར་བཀན།

(༡༨༢)རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲུལ། །བདུད་པས་འཛུམ་བའི་མདངས་ཀྱིས་བལྟ། །མཱུཾདྷ་ཏེ་ཤྭ་རི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨོཾ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟེན། །ཨོཾཛན་ཛེ༚ཀ །འབྲུ་བཞི་སྦས་ནས། དྲིལ་གསིལ་ཐུགས་ཀར་བཀན་། པད་སྐོར། ལཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། གཡས་སུ་དཀྲིལ་བ། ཉི་མ་འབྲུ་ལྔ་ལས་སུ་འབར། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ལཱཾ་དྲེྭ་འ་ར་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སྭཱ་སྒྲེང་ཆེན་མོར་རིན་ཆེན་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟེན། སྭཱཾརཏྣ་དིྷྲཀ་ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འབར། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །མཱཾ་མོ་ཧ་ར་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨཱཾ་སྒྲེང་རྩེ་མོར་པདྨ་འབར། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟེན། །ཨཱཾ་ཨ་རི་ལི་ཀ་ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །པཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་འབར། །བཏུད་དེ་འཛུམ་བའི་མདངས་ཀྱིས་བལྟ། །པཱཾ་རཱ་གར་ཏི། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟེན། །ཧཱཾ་པྲཛྙཱ་དྷྲིཀ་ །འབྲུ་བཞིན་སྦས་ནས་ཐུགས་ཀར་བཀན། །ཏཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འབར། །བཏུད་དེ་འཛུམ་བའི་མདངས་ཀྱིས་བལྟ། །ཧཱུཾ་བཛྲ་ར་ཏི། ཨོཾ་ཏྲཱཾ་སོགས་སྒྲེང་རྒྱུ་གཡས་གཡོན་སོ་སོའི་གུང་མཛུབ་ནས་རེ་མོས་ཁོ་ནར་བསྒྲེང་བའོ། འདི་ནི་རྒྱལ་བ་ཐམས་ཅད་ཀུན། །དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར། །ཕྱག་རྒྱའི་མཆོད་པ་ཆེན་པོ་ཡིན། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་བར་མཛོད། །ཅེས་རིམ་པ་བཞིན་རིགས་

(༡༨༣)ལྔ་སོ་སོའི་ཕྱག་རྒྱ་བཅའ་བ་སྟེ། དེ་ཡང་ཕྱག་རྒྱ་མདུན་དུ་བསྒྱུར་ནས་ཡབ་གཡོན་དང་། ཡུམ་གཡས་སུ་དགྲོལ་བའོ། །གཉིས་པ་ཀུན་བཟང་ནི། །ཨོཾ་ཧཱུཾ། བདེ་བར་གཤེགས་བ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྦྲིན་མཆོག་ཏུ་རོལ། །ཨོཾ་ནམ་སརྦ་ཏ་ཐཱ་ག་ཏ་བེྷྱ་བི་ཤེ་མུ་ཁེ་བྷྱསརྦ་ཏཏཾྑ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ཕྱི་ནང་གསང་བའི་འདོད་ཡོན་གྱི་དངོས་པོ་མཐའ་དག་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོར་འབུལ་ལོ། །གསུམ་པ་ཞབས་བསིལ་ནི། །ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨ་ཧ་ར་ཨ་ཧ་ར་ས་དྲ་བིངྲ་དྷར་པཱུ་ཇཾ་ཏིན་སྶ་མནྟ་བུདྡྷ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཞེས་ཕྱག་ཆབས་ལ་ཉེ་རེག་དང་ཡོན་དུ་དབུལ་ལོ། །བཞི་པ་བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་ཧཱུཾ་སྤོས་ཀྱི་སྤྲིན་ལྡིང་བདུག་བ་ན། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷཱུ་པེའི་མཆོད་པར་རོལ། །ཨོཾ་བ་ན་བི༚་བི་ནུ་སུ་ར་ཏོ། ཏི་བུ་པ་ར་མུ། སརྦ་ཏ་ཐཱ་ཏ་སིདིྡྷ་ཧུ། ས་མ་ཡོ་ཏ་མུ སརྦ་མ་ཧཱ་སུ་ཁ་སིདིྡྷ་ཧཱུུ། ཨོཾ་ཧྲཱི་བཛྲ་རཱ་ཤདྷཱུ་པེ་ཧཱུཾ། །ཨུཏྤལ་མཐིལ་མེ་ཏོག་མཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། བཛྲ་པུཥེྤའི་མཆོད་པར་རོལ། ཨོཾ་བ་ན་པི༚་སོགས་དང་། ཨོཾ་ཤྲཱི་བཛྲ་རཱ་ག་བུཥྤེཔུ། དབང་གི་ཕྱག་ན་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ལོ་ཀེའི་མཆོད་པར་རོལ། །ཨོཾ་བ་ན་བི༚་སོགས་དང་། ཨོཾ་ཤྲཱི་བཛྲ་ཛཱ་ག་ཨཱ་ལོ་ཀེ་ཧྲཱི །ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་ཐབས་དང་ཤེས་རབ་ལས།

(༡༨༤)བཛྲ་གནྡྷེའི་མཚོད་པར་རོལ། ཨོཾ་བ་ན་པི༚་སོགས་དང་། ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་ག་ན། །ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་ནས་ཤངས་ལ་སོགས་པའི་དབང་པོའི་སྒོ་སོ་སོ་ལ་ཐིམ་པར་བསམ། ཨོཾ་ཨཱཧཱུཾ་རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་བ་གྲུབ་བར་མཛོད། །མཆོད་ཆེན་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་བར་མཐོང་། །ལྔ་པ་སྨན་མཆོད་ནི། ཨོཾ་ཧཱུཾ་ སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་བར་དག་ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེམ་བའི་བདུད་རྩི་སྨན། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་ལས་ཀྱི་མཆོག །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ག་པུར་ཤེལ་གྱི་ཕོན་པོའི་དྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །མ་ལུས་འདུས་པའི་ཐིལ་ལེ་ཆེ། །གཅིག་ཏུ་དཔའ་བོའི་རོ་སྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱར་ནས། །བདུད་རྩི་དམ་པ་རིན་ཆེན་བཅུད། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་ཉིད། །རྒྱལ་བ་རྒྱ་མཚོའི་དངོས་གྲུབ་མཆོག་ །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར། །བདག་ཅག་དད་པས་འབུལ་ལ་གསན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བཞེས་ནས་ཀུན་ཏུ་དགྱེས་མཛོད་ལ། །བླ་མེད་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཉྩ་ཨ་མྲྀ་ཏ་ཁ་རམ་ཁཱ་ཧི༑ ཞེས་སྤྱིར་འབུལ་ཞིང་། བྱེ་བྲག་ཏུ་དཀོན་མཆོད་འབྲེལ་ལས། དཀོན་མཆོད་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །དེ་སྩོལ་ ལྷག་བའི་ལྷ། །དེ་དབང་སྤྲུལ་པའི་འཁོར་ལོར་བཅས་བ་ལ། །སྨན་མཆོག་འབུལ་ལོ་མཐུན་པར་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་

(༡༨༥)མ་ཧཱ་བཉྩ་ཨ་མྲྀ་ཏ་བ་རཾ་ཁཱ་ཧི། ཞེས་དང་། ཀུན་བཟང་རིགས་ལྔ་རིགས་གསུམ་དྲ་མ་ལྔ། །ལུང་བསྟན་རྡོ་རྗེ་ཡུ་པ་རཱ་ཛ་དང་། །དྲང་སྲོང་བྷ་ཤི་པྲབྷ་བ་སྟི་ལ། སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། སརྦ། རྒྱལ་དབང་པདྨ་ཀ་ཏ་གཉགས་པོ་དང་། །སོག་པོ་ལྷ་དཔལ་གནུབས་ཆེན་སྲས་སློབ་བརྒྱུད། །ཤེས་རབ་མཆོད་དང་ཡེ་ཤེས་འབྱུང་གནས་ལ། །སྨན་མཆོད། སརྦ། གྲུབ་ཐོབ་ཟུར་ཆེན་ཟུར་ཆུང་ཀ་ཆེན་བཞི། །གསང་བདག་སྒྲོ་ཕུག་པཎ་ཆེན་རོང་པའི་ཞབས། །ཤཱཀྱ་འབྱུང་གནས་ཤཱཀ་འབྱུང་རྡོ་རྗེ་འོད། སྨན་མཆོད། སརྦ། གུརཻྣ་དྷཱ་ཛ་ཆོས་སེང་བུདྡྷ་ཤྲཱི། །བསོད་ནམས་མགོན་པོ་སྒྲོལ་ཆེན་དགེའ་འདུན་འབུམ། །ཤཱཀྱ་བཤེས་གཉེན་ཁྲ་བོ་ཆོས་འབུམ་ལ། །སྨན་མཆོད། སརྦ། རཏྣ་བྷ་དྲ་རྡོ་རྗེ་དཔལ་རོང་བས་དགུང་ལོ་བརྒྱ་དང་ཉི་ཤུ་སྐོར་བཞུགས་ཤིང་རྣམ་ཐར་ན་མདོ་སྟོན་སེངྒེ་ལས་གསན་ཚུལ་ཡོད་པ་སྒྲོ་ཕུག་པ་ཤཱཀྱ་སེངྒེ་ཡིན། བཟང་པོ། །དན་འབག་གཞོན་ནུ་ཀུན་མཁྱེན་དྲི་མེད་འོད། །གཏད་རྒྱ་ལུང་རྫོགས་འཇིགས་མེད་གླིང་པ་ལ། སྨན། སརྦ། །ཕུང་ཁམས་དག་པའི་གཤེགས་པ་གཤེགས་མ་དང་། །དབང་ཡུལ་དག་བའི་བྱང་ཆུབ་ལྕམ་དྲལ་ཚོགས། །ལས་ལ་དབང་བའི་སྐོ་སྐྱོད་ཐུབ་དྲུག་ལ། །སྨན། སརྦ། མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྡེ། །གནས་ཡུལ་ཌཱཀྐི་དམ་ཅན་ཆོས་སྐྱོང་དང་། །ཞིང་སྐྱོང་གཞི་བདག་དཀར་ཕྱོགས་སྐྱོང་བའི་ཚོགས། །དུས་གསུམ་ཕམ་འགྲོ་བ་རིགས་དྲུག་ལ། །སྨན་མཆོད་འབུལ་ལོ་འཐུ་དབང་དངོས་གྲུབ་སྩོལ། །སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ཞེས་གུ་ཧྱ་ལག་གི་ཕྱག་རྒྱས་གཏོར་བས། ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མ་མཁའ་ལ་སྤྲིན་བཞིན་དུ་ཆགས་པ་ལས་བདུད་རྩིའི་ཆར་ཆེན་པོ་བབས་ཏེ་ལྷ་ཚོགས་ཐམས་ཅད་མཉེས་ཤིང་ཚིམ་བར་བསམ་ལ། །མཐར་དངོས་གྲུབ་བླང་བ་ནི། །རང་གི་ལྕེ་

(༡༨༦)ལ་ཧཱུྃ་ཡིག་དང་། །སྨན་གྱི་སྟེང་དུ་ཨོཾ་ཨཱཧཱུྃ་གསུམ་བསྒོམ་སྟེ། ཨོཾ་ཨཱཧཱུཾ་རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱངས་ན་དངོས་གྲུབ་ཐོབ་བར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདིྡྷ་ཨོཾ། །ལྦཱ་ཀྐ་སིདིྡྷ་ཨཱ ཙིཏྟ་སིདྡྷ་ཧཱུཾ། ཞེས་རིམ་བར་བརྗོད་ཅིང་བླངས་ནས་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བར་བསམ་མོ། །དྲུག་པ་གཏོར་མའི་མཆོད་པ་ནི། འདོད་ཡོན་གྱི་ལྷ་མི་དཔག་ཏུ་མེད་པས་དཀྱིལ་འཁོར་པ་རྣམས་དགྱེས་པ་བསྐྱེད་ནས་རང་ལ་གཉིས་མེད་དུ་གྱུར་བར་བསམ་ཞིང་། ཨོཾ་ཧཱུྃ་བླ་མ་དམ་ཚིག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་པས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱཧཱུྃ་སུར་ཏོ་ཨུ་པ་བྷྱ ཀ་མ་ལ་མཱ་ལ་བཛྲ་ཨ་མྲི་ཏ་ག་ར་ཎ་པྲ་ཏཱིཙྪ་བྷ་ག་ལྦཱན་ཛཧཱུྃ་བཾ་ཧོ །ཨ་ལ་ལ་ཧོ། །ཞེས་དང་། །ཨོཾ་ཕན་ཕི༚་སོགས་བཞི་བསྣོལ་གྱིས་ཀྱང་། །བདུན་པ་བདུད་རྩི་གསང་ནན་གྱི་མཆོད་པ་ནི། བདུད་རྩི་བཟེད་ཞལ་དུལན་གསུམ་འཕྱར་ཞིང་། ཨོཾ་ཨཱཧཱུྃ་མི་བསྐྱོད་ཡེ་ཤེས་བདེ་བའི་མཆོད་དང་ལྡན་པའི་རོལ་བསྣམ་དུ་གསོལ། ཨ་ལ་ལ་ཧོ། །བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམ་དུ་གསོལ། །ཨོཾ་ཨཱཧཱུྃ། མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆིག་དབྱིངས་ལས་མི་ཉམས་བདེ་བའི་གར་མཛོད་ཅིག་ །ཨ་ལ་ལ་ཧོ། ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་རྣོ་བརྐམ་གཟིར་བ་ཡི། །མྱོང་བྱེད་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱི་སྐུ་ལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག་ །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག་ །ཨ་ལ་ལ་ཧོ། །ཞེས་དང་པོས་དཀྱིལ་

(༡༨༧)འཁོར་བ་དགྱེས་པ་བསྐྱེད། གཉིས་པས་བྱང་ཆུབ་སེམས་དཔའི་བདེ་མཆོག་མ་རྟོགས་པའི་ཉན་ཐོས་རྣམས་འགོག་པ་ལས་བསླང་། གསུམ་པས་དེ་བཞིན་གཤེགས་པ་རྣམས་གཞན་དོན་ལ་བསྐུལ་ཞིང་གཏོར་མ་ལ་སྤྲན་ནོ། །བརྒྱད་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། ཨོཾ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱིས་ཡིན་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །དྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོས་སྒོམ། །དགུ་པ་བསྒྲལ་མཆོད་ནི། །རང་གི་ཐུགས་ཀ་ནས་རམ་དཔག་ཏུ་མེད་པ་ཆད། རཾ་ཛྭ་ལ་རཾ། །རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་ན་གནས་པའི་རིག་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བསམ་ཞིང་། ཧཱུཾ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །བཅུ་པ་སྦྱོར་མཆོད་ནི། །ཡབ་ཀྱི་ནོར་བུ་ཧཱུཾ་ལས་རྩེ་ལྔ་པའི། །རྡོ་རྗེའི་དབྱིབས་ཅན་ཟླ་བར་ཨོཾ་གྱིས་མཚན། །ཡུམ་གྱི་ཆོས་

(༡༨༨)འབྱུང་པཱཾ་ལས་འདབ་བརྒྱད་ཀྱི། །པདྨའི་ཟེ་འབྲུ་ཉི་མར་མཱུཾ་གྱིས་མཚན། །ཡས་ཀྱིས་ས་མ་ཧོ་ཡི་བརྡས་བསྐུལ་བས། །ཡུམ་གྱིས་ས་མ་ཡ་སྟྭཾ་ལན་བཏབ་པ། །ཡབ་ཀྱིས་རཱ་ག་ཡ་ལྷོའི་བརྡ་སྦྱར་བས། །ཡུམ་གྱི་རཱ་ག་ག་མིའི་བརྡ་ཡིས་བསྐུལ། །ཛཧཱུྃ་བྃ་ཧོབོདིྡྷ་ཙིཏྟ་མ་ཧཱ་སུ་ཁ་ཧོ། །ཞེས་དགབ་བཞིའི་རོལ་མོ་སོ་སོར་རྟོག་པའི་ཡེ་ཤེས་སུ་སད་པར་བསམ་ལ། ཨོཾ་ཧཱུྃ། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པ་མཉེས་བར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག་ །བདག་དང་མཉམ་པའི་ཚོགས་ལ་འབུལ། །།ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ལྦ་ཨཱཏྨ་ཀོ་྅་ཧཾ། ཞེས་པས་དེ་བཞིན་གཤེགས་པ་ཀྱི་རྗེས་སུ་ཆགས་པ་དང་དབྱེར་མེད་པའི་ང་རྒྱལ་བྱའོ། །བཅུ་གཅིག་པ་འདོད་ཡོན་རེ་མཉམ་གྱི་མཆོད་པ་ནི། ཨོཾ་ཧཱུྃ་བཟའ་དང་བཅའ་བཏུང་དང་བགོ། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །འདོད་ཡོན་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་དག་པ་དང་། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་བར་བསམས་པ་ནི་བླ་ན་མེད་པའི་དུག་གསུམ་ལམ་དུ་སློང་བའི་མཆོད་པའོ། །བཅུ་གཉིས་པ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། །ཨོཾ་དབང་པོའི་སྤྱོད་ཡུལ་རང་བཞི་དངོས་པོ་མེད། རྣམ་དག་བདུད་རྩིའི་རང་བཞིན་དུ་ལྔ་སེལ། །དམ་རྫས་དག་པ་ལྔ་དང་ཞལ་ཟས། །སྐུ་ལྔ་ཆོས་ལྔ་རང་བཞིན་དབྱེར་མེད་མཉམ། །དེ་ཕྱེར་དག་པས་དག་པ་ཉིད་མཆོད་ཕྱིར། །ཆོས་ཉིད་ལ་ནི་ཆོས་ཉིད་ཐིམ་པར་དབུལ། །དྲི་མེད་རྣམ་དག་ནམ་ཁའི་རང་བཞིན་ལ། །ལོག་རྟོག་མཚན་མ་མང་པོའི་སྤྲིན་སྤུངས་ཏེ། །ཡེ་ཤེས་ཉི་མའི་འོད་ཀྱིས་རབ་བརྒྱན་ནས། །དག་པའི་དོན་ཕྱིར་རྟོགས་ནས་མཆོད་པར་འབུལ། །མཉམ་ཉིད་བླང་དོར་མེད་ལ་སྙོམས་བར་འཇུག་པ་དང་། །བདེ་ཆེན་ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱན། །འདོད་ཡོན་ལྔ་ཡི་ལྷ་མོར་བྱིན་བརླབས་པ། །དམ་

(༡༨༩)ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཞེས་པའི་རོལ་མོ་ཇི་སྙེད་པ་ཐམས་ཅད་ཀྱིས་འཁོར་གསུམ་ཡེ་ཤེས་སུ་དག་བར་མངོན་དུ་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ལྦ་ཨཱཧྨ་ཀོ་྅་ཧཾ། ཞེས་མཆོད་པའི་ང་རྒྱལ་བྱ་ཞིང་རོལ་མོ་ཡེ་ཤེས་ཀྱི་སྒྲས་བསྐུལ་ལོ། །བཅུ་གསུམ་བ་གླུ་ཡེ་ཤེས་ཀྱི་མཆོད་པས་བསྟོད་པ་ནི། །ཨོཾ་ཕྱོགས་བཅུ་དུས་བཞི་རྫོགས་བ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ། །ཨོཾ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །ཕྲི་བསྟབས་དང་བཅས་གསོར་དཀྲོལ། །ཨོཾ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེན། དཔད་སྐོར །ཡོན་ཏན་ཕྲིན་རང་ཕྱག་ལས་ཀུན་ཏུ་རྫོགས། །ནང་བསྐོར་ལ་སྦྱར། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ། །ཨོཾ་མི་མདིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་ཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུག་ཆེན་པོ་ཧོ། །ཨོཾ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་པྲ་ན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་གྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །ཨོཾ་མཐས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱི་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཞེས་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཆོས་ཉིད་རང་སྒྲས་བསྟོད་པར་བྱའོ། །གསུམ་པ་བཤགས་པ་བྱ་བ་ནི། ཧོ། །སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་བར་དག་པ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་བའི་སྤྱི་བྱང་། སངས་རྒྱས་བཅོམ་ལྡན་འདས། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་བ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ལྔའི་

(༡༩༠)བདེ་བར་གཤེགས་པ། རིགས་མཆོག་གཟུངས་ཀྱི་ཡུམ་གྱི་དབྱིངས་ན་རྣམ་པར་བཞུགས་པ་སེམས་དཔའི་ཚོགས། སེམས་མའི་འཁོར། ཡེ་ཤེས་ཆེན་པོའི་དབང་ཕྱུག་ཐབས་ལ་མཁས་བའི་བདག་ཉིད། སྒྲོལ་བའི་མཁའ་འགྲོ་རང་བཞིན་གྱི་རྣལ་འབྱོར། །ངོ་བོ་ཉིད་ཀྱི་སྐུ། མ་ལུས་མི་ལུས་ལུས་མེད་པ་ཐམས་ཅད་དགོངས་སུ་གསོལ། འདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ཀྱིས། དང་པོ་གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉེན་པོ་མ་ནོར་བར་མ་ནོས་པ་ལས། །རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་འགལ་འཁྲུལ་དུ་གྱུར་པ། །ལྷ་ཉེ་བར་མ་བསྒོམས་པ། སྙིང་པོ་དག་བར་མ་བགྲངས་པ། སྦྱོར་བ་མང་པོར་བར་བསྐུམས་པ། དད་པ་ཅན་གྱི་ཚོགས་བཙག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླ་ལས་འདས་པ། དམ་རྫས་ལག་ལེན་རྡོ་མ་ཐོགས་པ། །རྫ་པྲ་བཟླས་གྲངས་ཉུང་བ། བསྙེན་པ་ཡུན་ཐུང་བ་ཏིང་འཛིན་ཐང་ལྷོད་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང་། སེམས་ཅན་གྱི་སྤྱོད་པ་རང་ཐད་དུ་གྱུར་པ་དང་། །ཁྱད་པར་དུ་སྒྲུབ་པའི་དམ་ཚིག་དང་། ཁྱད་པར་གྱི་དམ་ཚིག་གཉན་པོ་མངོན་པར་ནོས་བ་ལས། །ཉམས་ཤིང་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤིང་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་མཆིས་ན། དབྱིངས་ཉིད་ནམ་མཁའ་དང་འདྲ་པའི་དང་གིས་སྐུ་བཟོད་པ་ཆེན་པོ་དང་དུ་བཞེས་ནས། ཚངས་པ་མཆོད་ཡིད་བཞིན་དུ་ཐོབ་པར་སྩལ་དུ་གསོལ། བཞི་པ་དངོས་གྲུབ་གསོལ་བ་ནི། །ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུགས། མངོན་པར་ཤེས་པ་དྲུག་རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟབུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བླ་མན་ཆད་ནས། དངོས་གྲུབ་ཀྱི་སྐལ་བ་དང་རིགས་བརྒྱུད་གང་ལགས་

(༡༩༡)པ་ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་མཛད་དུ་གསོལ། རྣལ་འབྱོར་བ་ལ་བར་དུ་གཅོད་པར་བྱེད་བ་སྡང་བའི་དགྲ། གནོད་པའི་བགེགས། གདུག་པའི་དཔལ། སྦྱོར་བའི་དུག་ །རྣོ་བའི་མཚོན། ནད་བཞི་རྒྱན་རྩ་བཞི་གདོན་སྟོང་ཕྲག་བརྒྱད་ཅུ། །སོ་སོའི་རྨི་ལམ་ངན་པ་དང་ལྟས་ངན་པ། མི་ཤེས་པའི་རྐྱེན་དེ་དག་ཐམས་ཅད་བཟློ་ག་ཅིང་མིང་ཡང་མི་གྲག་བཞི་བ་ཆེན་པོ་མཛད་དུ་གསོལ། གལ་ཏེ་ཞི་བས་བསྒྱུར་དུ་མི་བཏུབ་པ་དག་དྲག་པོའི་ཕྲིན་ལས་ཀྱི་དབང་དུ་བསྡུ་བ་དང་། གཟིར་ཞིང་མནན་པ་དང་། བསྒྲལ་ཞིང་སྤྲབ་བ་ལ་སོགས་ཏེ། ཕྲིན་ལས་དྲག་ཐབས་རྣམ་པ་བཞིས། ཇི་ལྟར་འདུལ་བར་འཚམས་པ་བཞིན་མཛད་ནས་མིང་ཙམ་ཡང་མི་གྲག་པར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་བ་རྣམས། །གཅད་གཏུབས་སྡུག་བསྔལ་ལུས་ལ་འབྱུང་བར་མི་འབྱུ་ཡང་། གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང་། གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི། །འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འབྱུང་བ་དང་། །ལུས་ངག་སེམས་ལ་ཚེ་འདི་ནི་རྡོ་རྗེ་རབ་སྣང་སྟེ། །རེ་སྨིན་ཐམས་ཅད་དུས་འདི་ཉིད་དུ་སྩལ་དུ་གསོལ། །ཞེས་འདོད་དོན་གསོལ། ལྔ་བ་དམ་བཅའ་བ་ནི། ལྷག་བའི་བསམ་པ་རྩེ་གཅིག་པས། ཨོཾ་ཧཱུྃ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག་ །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏང་ན། །རྡོ་རྗེ་རྒྱལ་པོས་བྱིན་བརླབ་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་

(༡༩༢)རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་འགྱུར་ཅིག་ །དྲུག་བ་ཛ་པྲ་ལ། དེ་ཉིད་བརྗོད་པ། ཛ་པྲ་ཁང་དབྱེ་བ། ཛ་པྲ་དངོས། །སྐབས་ཀྱི་མཇུག་བསྡུ་བ་དང་བཞི་ལས། དང་པོ་ནི། ཡང་དག་དོན་གྱི་སྙིང་པོ་ནི། །བརྗོད་བ་དུ་མའི་ཁ་བརྒྱུད་ཀྱང་། །གང་ནས་བཙལ་ཀྱང་མི་རྙེད་བས། རང་རིག་དྲི་མེད་དག་པ་ཡིན། །དེ་ལ་རྟག་ཏུ་མོས་བ་ནི། །བསྙེན་པའི་དམ་བ་མཆོག་ཡིན་ནོ། །སེམས་ཉིད་ཐེག་པར་རབ་ངེས་ན། །སྒྱུ་འཕྲུལ་དཀྱིལ་འཁིར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་བ། །ད་ལྟ་ཉིད་དུ་མངོན་གྱུར་ཅིག་ །ཅེས་དེ་ཁོ་ན་ཉིད་ཀྱི་དོན་དྲན་པར་བྱའོ། །གཉིས་པ་ནི། དབྱེ་གཞིའི་དཀྱིལ་འཁོར་ལེགས་བར་གསལ་བཏབ་ནས། བྷཱུཾ་བི་ཤྭ་བི་ཤུདེྡྷ་ཕཊཛཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ཕཊ་ཛ ཞེས་བརྗོད་པས་དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་བ་ལོགས་སུ་ཕྱེ་ནས། མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་མོས་པའོ། །གསུམ་པ་ནི། བདག་མདུན་གྱི་ལྷ་རྣམས་ཀྱི་ཡེ་ཤེས་སེམས་དཔའ་སོ་སོའི་ཐུགས་ཀར་རང་དང་གི་ཕྱག་མཚན་གྱི་ལྟེ་བར་དྭངས་མའི་ཐུགས་སྲོག་ཧཱུྃ་ཡིག་ལ་སོགས་པའི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བས་བསྐོར་བར་བཏབ་ལ། སྔགས་ཟློས་པའི་ཚེ་བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྦྲོས་བས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཞིང་ཐིམ་བར་བསམ་ལ། དེ་ཡང་དབང་པོ་མཆོག་ཏུ་གྱུར་པ་རྣམས་ཀྱིས་དམ་ཡེ། །འཕྲོ་འདུ་སྟེགས་ལ་བ་གསུམ་དང་ལྡན་བའི་བདུད་བཞི་བཅོམ་པའི་མཚན་ཉིད་རིག་པར་བྱ་སྟེ། མན་དག་ལྟ་པའི་ཕྲེང་བ་ལས། འདི་ལྟར་བསྙེན་པའང་བྱང་ཆུབ་ཀྱི་སེམས་ཤེས་

(༡༩༣)བའི་མཚན་ཉིད། མ་སྐྱེས་བའི་ཏིང་ངེ་འཛིན་གྱིས་འཆི་བདག་གི་བདུད་བཅོམ་མོ། །ཉེ་བའི་བསྙེན་པ་བདག་ཉིད་ལྷར་ཤེས་བའི་མཚན་ཉིད། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕུང་པོའི་བདུད་བཅོམ་མོ། །སྒྲུབ་ལ་ཡུམ་བསྐྱེད་པའི་མཚན་ཉིད། རྡུལ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་འདུད་བཅོམ་མོ། །སྒྲུབ་པ་ཆེན་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མཚན་ཉིད། མི་དམིགས་མཁའ་དང་མཉམ་པའི་ཏིང་ངེ་འཛིན་གྱིས་ལྷའི་བུའི་བདུད་ཆད་གཡེང་བའི་བདུད་བཅོམ་མོ། །དེ་ལྟར་ན་གང་ལ་བདུད་རྣམ་པ་བཞི་འདུལ་བར་བྱེད་པའི་མཐུ་ཡོད་པའི་ལ་མ་དེ་ནི་རྣམ་པར་དག་བའི་ལམ་ཡིན་ལ། །བཟླ་བྱའི་སྔགས་ནི། ཧཱུཾ་བཛྲ་དྷིཀ །མཱུཾ་དྷཱ་ཏེ་ཤྭ་རི། ཨོཾ་ཛི་ན་ཛི་ཀ། ལཱཾ་དེ་ཥ་ར་ཏི། སྭཱ་རཏྣ་དིྷྲ་ཀ། མཱཾ་མོ་ཧ་ར་ཏི། ཨཱཾ་ཨ་རོ་ལི་ཀ་ །པཱཾ་རཱ་ག་ར་ཧི། ཧཱུཾ་པྲཛྙཱ་དིྷྲ་ཀ་ །ཧཱཾ་བཛྲ་ར་ཏི། ཀི༚ྵ་ཧི་རཱ་ཛ་ཡ། ཧཱུྃ་ལཱ་སེྱ་ས་མ་ཡ་སྟཾྭ། ཏྲཾ་ཨ་གརྦྷྲ་ཡ། ཧྲཱཾ་མ་ལེ་ས་མ་ཡ་ཧོཧྲི་ཧཱཾ་ཧཱུཾ་པདྨ་པྲ་དམ། ཧྲི༚་གཱི་ཏི་རཱ་གོ་ཧཾ། ཇོཾ་ཀུ་རུ་པཱ་ཎ། ཨཱཾ་ནི་རྟི་རཱ་ག་ཡ་མྱེ། མ་དྷ་ར་ཎཻ་སྭཱ་ཧཱ། ཛདྷཱུ་བ་བྲ་བེ་ཤ། བྐྷཾ་ནི་སྨ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་པུཥྤ་ཨ་བེ་ཤ། ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བི་དཱི་བ་སུ་གི་རཱི། །མཱུཾ་ཤྲ་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཧོགནྡེྷ་ཙིཏྟ། ཧཱུཾ་ཡ་མནྟ་ཀྲི་ཏ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ཧཱུཾ་པྲཛྙཱ་ནྟ་ཀྲི་ཏ་ཕཊ། ཨོཾ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་ཛྭ་ལ་ནི་ཧཱུཾ་ཕཊ། ཧཱུཾ་པདྨནྟ་ཀྲི་ཏ་ཕཊ། ཨོཾ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ལ་ནི་ཧཱུཾ་ཕཊ། ཧཱུཾ་བི་གྷྭ་ནྟ་ཀྲི་ཏ་ཕཊ། ཨོཾ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ་བཛྲ་བྷ་དྲས་མནྟ་ཨ། ཨོཾ་མུ་ནེ་ཀྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་སྦུཾ་སྭཱ་ཧཱ། །ཨོཾ་མུ་ནེ་པྲི༚་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། །ཞེས་པ་རྣམས་རིམ་པ་བཞིན་གཙོ་འཁོར་གྱི་འགྲོས་དང་སྦྱར་ནས་བཟླའོ། །བཞི་པ་སྐབས་ཀྱི་མཇུག་བསྡུ་བ་ལ། བསྟོད་པ་བཤགས་པ། ཡི

(༡༩༤)ཤེས་པ་བསྡུ་བ་དང་གསུམ། དང་པོ་ནི་ཧཱུཾ་རྣམ་ཤེས་དག་བཅོམ་ལྡན་རྡོ་རྗེ་སེམས། །ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་དང་། །མཐིང་ག་ཕྱག་ན་རྡོ་རྗེ་འབར་བ་བསྣམས། །ཐུགས་མཆོག་རྡོ་རྗེ་སེམས་ལ་ཕྱག་འཚལ་བསྟོད། །གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད། །གཏི་མུག་རྣམ་དག་མེ་ལོང་ཡེ་ཤེས་དང་། །དུར་མདོག་ཕྱག་དྲིལ་སྟབས་དང་བཅས་རྡོ་རྗེ་གསོར། །པད་སྐོར་ན་འཁོར་ལོ་འབར་བ་བསྣམས། རྡོ་རྗེ་གཏོད་དེ་དིལ་བུ་དཀུར་བརྟེན། །སྐུ་མཆོག་རྣམ་ནང་སྐོར་ཐལ་སྦྱོར། སྣང་མཛད་ལ་ཕྱག་འཚལ་བསྟོད། །ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང་། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་དང་། །གསེར་མདོག་ཕྱག་ན་རིན་ཆེན་འབར་བ་བསྣམས། །ཡོན་ཏན་རིན་ཆེན་འབྱུང་ལ་རང་གི་རྒྱ་སྟབས་ཕྱག་འཚལ་བསྟོད། །འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས། །འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་དང་། །ལེ་བརྒན་ཕྱག་ན་པདྨ་འབར་བ་བསྣམས། །གསུང་མཆོག་སྣང་མཐའ་ཡས་ལ་ཕྱག་འཚལ་བསྟོད། །འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ། །ཕྲག་དོག་རྣམ་དག་བྱ་བྲུག་ཡེ་ཤེས་དང་། །ལྗད་གུ་ཕྱག་ན་རལ་གྲི་འབར་བ་བསྣམས། །ཕྲིན་ལས་དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད། །འབྱུང་བ་རྣམ་དག་རིགས་ཀྱི་ཡུམ་ཆེན་ལྔ། །ཀུན་བཟང་སྤྱན་མ་མཱ་མ་གོས་དཀར་སྒྲོལ། །ཐབས་ཀྱི་སྐུ་ལ་ཤེས་རབ་དགྱེས་འཁྲིལ་མ། །རིགས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་བསྟོད། །གསོར་དཀྲོལ། བསྐལ་བཟང་བྱང་ཆུབ་སེམས་དཔའི་བརྒྱད་རྣམས་ནི། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །ཡོན་ཏན་མི་ཟད་སྤྲུལ་པ་བསམ་ཡས་པའི། །སེམས་དཔའི་ཆེན་པོ་བརྒྱད་ལ་ཕྱག་འཚལ་བསྟོད། །གསོར་དཀྲོལ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་འཁྱུད་རྒྱ་གར་ཅན། །བདུག་བ་མེ་ཏོག་མར་མེ་དྲི་ཆབ་མ། །རང་རང་གི་ཕྱག་རྒྱ་རྒྱལ་བ་རྒྱ་མཚོ་རྣམས་པད་སྐོར་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་པད་སྐོར། པད་སྐོར། །བརྒྱད་ལ་ཐལ་སྦྱོར། ཕྱག་འཚལ་ཐལ་སྦྱོར་

(༡༩༥)བསྟོད། །ཡེ་ཤེས་སྒོ་བ་ཆེན་པོ་ཡབ་ཡུམ་བརྒྱད། །གཤིན་རྗེ་སྟོབས་ཆེན་རྟ་མགྲིན་བདུད་རྩི་འཁྱིལ། །ལྕགས་ཀྱུ་ཞབས་པ་ལྕགས་སྒྲོག་དྲིལ་བུ་མ། །སྒོ་བ་ཡབ་ཡུམ་བརྒྱད་ལ་འཚལ་བསྟོད། །ཆོས་ཉིད་སྟོང་པའི་དང་ལས་མ་གཡོས་ཀྱང་། །ཆོས་ཉིད་ཀུན་ཏུ་བཟང་པོ་འདུ་འབྲལ་མེད། །ཆོས་ཉིད་ཁྱབ་གདལ་ཆེན་པོའི་ཡེ་ཤེས་ཀྱི། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། རང་རང་ཕྱག་རྒྱ། །ཡེ་ཤེས་བཞི་ལ་རིགས་བཞི་འཕྲིན་ལས་ཀྱིས། །འཇིག་རྟེན་དྲུག་གི་བྲ་བ་ཕྲག་བརྒྱ་རུ། །སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་དྲུག་གི །དོན་མཛད་ཐུབ་བ་དྲུག་ལ་ཕྱག་འཚལ་བསྟོད། །མཉམ་གཞག་ །རྒྱལ་བ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི། །ཆེ་བའི་ཡོན་ཏན་བརྗོད་ཀྱིས་མི་ལངས་ཀྱང་། །ཡོན་ཏན་ཆ་ཤད་བརྗོད་པའི་བྱིན་རླབས་ཀྱིས། །རིག་འཛིན་སྔགས་འཆང་རྣལ་འབྱོར་པད་སྐོར། །བདག་ཅག་གི་ །ལས་དང་ཉོན་མོངས་བག་ཆགས་གཏན་སྦྱངས་ནས། །ཚེ་འདི་ཉིད་ལ་རིང་། འདི་ནས་ཐལ་སྦྱོར་ལས་མེད་ འཛིན་མཆོག་ཐོབ་སྟེ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །ཅེས་བསྟོད། གཉིས་པ་ནི། ཡེ་ཤེས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གི་སྒྲེ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བ་འདི་མ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་བས། །རྒྱལ་བ་འཁོར་བཅས་ཐུས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །ཞེས་བཟླས་པའི་ཉེས་བྱས་སུ་གྱུར་པ་ཐམས་ཅད་བཤགས་ཤིང་དག་པར་བྱའོ། །གསུམ་པ་ནི། རང་བཞིན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་རང་བཞིན་དབྱེར་མེད་དུ་རྟོག་པའི་ཕྱིར། །ཨོཾ་བཛྲ་ས་མ་ཡ་ཨོཾ་སོགས་ལྔ་དང་། །ཡེ་ཤེས་རྒྱལ་

(༡༩༦)པོ་སྐུ་གསུང་ཐུགས་སོགས་ཀྱིས་རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་ནས་ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཞེས་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་ཐིམ། ཨོཾ་བཛྲ་ས་མ་ཡ་སྟཾྭ། ཞེས་བརྟན་པར་བྱས། ཨོཾ་བཛྲ་ས་མ་ཡ་ཧོ ཞེས་དབང་དུ་གྱུར་ནས་དགྱེས་ཤིང་ཆགས་པར་བྱས། ཛཧཱུྃ་བཾ་ཧོ ཞེས་ཕྱག་རྒྱ་བཞིས་བརྟན་ཅིང་གསལ་བར་བྱས་ནས་ཡི་གེ་བརྒྱ་པ་ལ་ཡང་བཟླའོ། ༈ །གསུམ་པ་རྗེས་ཀྱི་ཆོ་ག་ལ་ཚོགས་ཀྱི་མཆོད་པ། བསྟན་མ་སྐྱོང་བ། ཉེར་བསྡུ་བྱ་བ། གོ་བ་གོ་ལུས་བསྲུང་དང་བཞི་སྟེ། དང་པོ་ཚོགས་མཆོད་ལ་ལྔ་ལས། དང་པོ་བཤམས་ཤིང་བྱིན་གྱིས་བརླབ་པ་ནི། །ཛག་དང་མཱཾ་ས་གཙོ་བོར་གྱུར་པའི་ཡོ་བྱད་ཅི་འབྱོར་པ་བཤམས་ནས།་ བསང་ཆུ་གཏོར་ལ། ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཀྱིས་བསངས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས་ཏེ་སྟོང་བར་སྦྱངས། མ་སཱུ་རྱ་མཎྚལ། ཞལ་ཟས་ཀྱི་སྣོད་དུ་ཉི་མ་ལ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་བཟའ་བཏུང་གི་དངོས་པོ་ཡེ་ཤེས་ལྔའི་རང་བཞིན་བདུད་རྩི་རོ་བརྒྱ་པ་འདོད་ཡོན་གྱི་རྣམ་པ་མཚང་བ་མེད་པ་སོ་སོའི་ལྷ་མོ་རོལ་བ་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྤྲིན་འཕྲོ་བར་བསམས་ལ་ཡི་གེ་གསུམ་ལན་བརྗོད་པས་བྱིན་གྱིས་བརླབས། །གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི༑ ཨོཾ་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ཨོཾ་ཨེ་ཧ་ཧི་སོགས་ཀྱིས་ཚོགས་ཞིང་མཁའ་ཁྱབ་ཏུ་ཤད་པར་བྱ། གསུམ་བ་མཆོད་པ་ལ་གཉིས་ཀྱི། དང་པོ་ཏིང་ངེ་འཛིན་གྱི་མཆོད་པ་ནི། ཨོཾ་ཧཱུྃ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷཱུ་པེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་གདྷཱུ་པེ་དྷཱུ། །ཨུཏྤལ་མཐིང་ག་མེ་ཏོག་

(༡༩༧)འཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་པུཥྦེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱག་པུཥྦེཔུ། དབང་གི་ཕྱག་ན་སྒྲོན་མེ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ལོ་ཀེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི། ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་ཐབས་དང་ཤེས་རབ་ལས། །བཛྲ་གནེྡྷའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ཞེས་བཞི་བསྣོལ་དང་། ཧཱུྃ་རྡོ་རྗེ་སྒེག་མོ་རྡོ་རྗེ་ཅན། །སེམས་དཔའ་སྔོན་པོའི་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལས། །བཛྲ་ལཱ་སྱེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་ལཱ་སྱེ་ཧཱུྃ། ཡིད་བཞིན་རིན་ཆེན་འོད་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས། །བཛྲ་མཱ་ལེའི་མཆོད་པར་རོལ། ཨོཾ་ཤྲཱི་བཛྲ་རཱ་ག་མཱ་ལེ་ཏྲཱཾ། པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིན། །སོ་སོར་རྟོག་པའི་ཡེ་ཤེས་ལས། བཛྲ་གཱི་རྟིའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་གཱི་རྟི་ཧྲཱི གར་མཁན་འགྱིང་བག་གཟི་ལྡན་མ། །ལས་ཀྱི་འཁོལ་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན་ཡེ་ཤེས་ལས། །བཛྲ་ནི་རྟིའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་ནི་རྟི་ཨ གཉིས་པ་ཚོགས་རྫས་ཀྱི་མཆོད་པ་ནི། ཞལ་ཟས་ཀྱི་ཕུད་རིམ་པར་སྤྲོས་ལ། ཧཱུྃ་ཐབས་དང་ཤེས་རབ་ལྡན་འགྱུར་ཅིང་། བྱང་ཆུབ་སེམས་མ་ཆགས་པའི། །གཉིས་སུ་མེད་པར་ཐིམ་གྱུར་ནས། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །འདོད་ཡོན་ལྔ་པོ་ཐམས་ཅད་། སྣ་ཚོགས་སྣང་བ་ཐམས་ཅད་ཀུན། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །གཟུགས་མཛེས་ལྷ་དང་ལྷ་མོར་

(༡༩༨)བརྟག་ །སྣ་ཚོགས་གཟུགས་ནི་ཐམས་ཅད་ཀུན། །སྣང་སྟོང་ངོ་བོ་ཉིད་ཀྱི་གཞི། །ཆོས་དབྱིངས་དག་པའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །ཐམས་ཅད་མ་ལུས་སྒྲ་རྣམས་ནི། །གྲག་སྟོང་ངོ་བོ་ཉིད་ཀྱི་གཞི། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མི་འཇམ་བའི་སྒྲ༑ བདེ་བ་ཚིམ་བྱེད་བསོད་ནམས་ཏེ། །ཚིམ་སྟོང་ངོ་བོ་ཉིད་ཀྱི་གཞི། །བརྗོད་མེད་མིག་ནས་ཡེ་ཤེས་ཏེ། །རྡོ་རྗེ་ཆགས་མེད་པདྨའི་གསུང་། །བདེ་གཤེགས་དཀྱིལ་འཁོར་མ་ལུས། །བདེ་བ་རོ་ཡིས་ཚིམ་བྱེད་པ། །རོ་སྟོང་ངོ་བོ་ཉིད་ཀྱི་གཞི། །སོ་སོར་རྟོག་པའི་ཡེ་ཤེས་ཏེ༑ །ཐམས་ཅས་ཐིམ་བྱེད་རོ་ཡི་ལྷ། །རྡོ་རྗེ་རེག་བྱེད་མྱོང་བྱེད་མ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །བདེ་མཆོག་དཀྱིལ་འཁོར་ཡངས་བྱེད་མ། །བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །རྡོ་རྗེ་རེག་བྱའི་ལྷ་མོ་རྣམས། འདོན་ཡོན་ཕྱག་ན་བསྣམས་ནས་ནི། །རྐང་པས་སྟབས་བྱེད་ལག་གར་སྒྱུ། །སྙན་པའི་གླུ་དབྱངས་བླང་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་བར་འབུལ། །ཧོ་བ་དེ་བར་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཚོགས་ཀྱི་མཆོད་བ་ཆེན་པོ་འབུལ་ཞིང་མཆིས་ན། སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་ཚིམས་ནས། དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ཏེ་བླ་ན་མེད་པའི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། བཞི་བ་ཚོགས་ལ་རོལ་བ་ནི། ལས་ཀྱི་རྡོ་རྗེས་འཁོར་ལོ་འདུས་བའི་གཙོ་བོ་ལ་ཕྱག་བྱས། ཐབས་ཤེས་ཀྱི་རྫས་བསྣོལ་མར་འབུལ་ཞིང་། མཉམ་ཉིད་མི་གཡོ་མཉམ་པའི་སངས་རྒྱས་དཔལ། །ལོག་རྟོག་མཚན་མའི་སྒྲོས་པ་དང་གིས་ཞི། །དམ་ཚིག་བཞིན་ལས་ཅི་བ་དེར་སྐྱེད་ནས་ཀྱང་། །མཉམ་རྫོགས་ཆེན་པོའི་མཆོད་བ་བཞེས་སུ་གསོལ། །ཞེས་སྟོབ་དེས་ཀྱང་པདྨའི་ཕྱག་རྒྱ་བསྐོར་ཞིང་། ཨ་ལ་ལ་ཧོ། །ཞེས་བླངས་ནས། །བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གང་ན་

(༡༩༩)གསུམ་མཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། བསྒུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །གཉིས་མེད་མཉམ་བའི་དང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱིས་སྒྲིབ་པར་མི་འགྱུར་ཞིང་། །གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུ་སྤྱོད་བར་ཤོག་ །ཅེས་རོལ་ནས། ཧོབདག་ཅག་རྡོ་རྗེ་སློབ་དཔོན་མཆོད་དང་ལྕམ་དྲལ་རྣམས་ཀྱིས་ཛ་གད་་དཔའ་བོ་གསོལ་བས་འགྲོ་བ་མ་ལུས་པ་དབང་དུ་འདུ་བར་གྱུར་ཅིག་ །མ་ཧཱ་མཱཾ་གསོལ་བས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་ཅིག་ །རྡོ་རྗེའི་ཚེ་གསོལ་དཔའི་ཚེ་དང་དཔེ་བྱད་ལ་མངའ་བརྙེས་བར་གྱུར་ཅིག་ ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོའི་ཕྲིན་ལས་ཀྱི་རྫུ་འཕྲུལ་སྣ་ཚོགས་ལ་དབང་འབྱོར་བར་གྱུར་ཅིག་ །ཅེས་སྨོན་ལམ་གདབ་པོ། །ལྔ་པ་ལྷག་མའི་མཆོད་པ་ནི། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས། ལྷ་མཆོད་པའི་ལྷག་མས་བསྣན་པ་དཀྱིལ་འཁོར་དང་ཧ་ཅང་མི་ཉེ་བའི་ལྷོར་དྲིའི་མཎྚལ་ཟླུམ་པོ་བྱས་པའི་སྟེང་དུ་གཞག་ །རྩ་བའི་དཀྱི་འཁོར་གསལ་བ་ལས་ཁྱད་པར་ལྷག་མའི་གནས་སུ། བྷཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྷཱ་ན་ཙཀྲ་མཎྚལ་བྷཱུྃ་ལྷག་མའི་དཀྱིལ་འཁོར་མཚན་ཉིད་རྫོགས་པར་གདན་དང་བཅས་པའི་ནང་གི་དབུས་དང་ཕྱོགས་བཞིར་ཧཱུྃ་བཛྲ་དིྷྲཀ་ །ཨོཾ་ཛིན་ཛིཨའ །སྭཱ་རཏྣ་དིྷྲཀ་ །ཨཱཾ་ཨཱ་རོ་ལི་ཀ །ཧཱཾ་པྲཛྷཱ་ཛྷྲིཀ །རིགས་ཀྱི་ཡབ་ལྔ་སྐད་ཅིག་གིས་གསལ་བར་གྱུར། གཏོར་མ་དམ་ཚིག་གསང་བའི་ལོངས་སྤྱོད་འདོད་ཡོན་གྱི་ཕུང་པོ་ཟད་མ་ཤེས་པས་ནམ་མཁའ་གང་བར་བསམ་ལ། ཨོཾ་ཨཱཧཱུྃ། ལན་གསུམ་བརྗོད་བས་བྱིན་གྱིས་བརླབས་ཏེ། །ཧཱུྃ་ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །མཁའ་འགྲོ་ལྷག་སྡུད་མ་སྲིང་གིང་གི་ཚོགས། །ལྷག་མ་ཁ་ཆུའི་དམ་ལ་གཏོགས་པ་རྣམས། །དམ་ཚིག་བཞིན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཧོ་མཁའ་འགྲོ

(༢༠༠)གསང་བའི་རྒྱུད་དུ་གཏོགས་བའི་མཁའ་འགྲོ་སུམ་ཅུ་རྩ་གཉིས་གྱི་ཐུགས་དམ་དུས་ལས་མི་འདའ་བར་སྒྲུབ་པའི་སྟོང་གྲོགས་ལ་གཤེགས་ཤིག་ །ཨེ་མ་ར་ལི་ཧྲི༚་ཧྲི༚་ཛཧཱུྃ་བཾ་ཧོ ཌཱཀྐི་ནི་ཧཱུྃ་ཛཞེས་བརྗོད་ཅིང་ཧེ་རུ་ཀའི་དམ་རྒྱ་དཔྲལ་བར་བཅིངས་ནས་སྤྱུག་བའི་བརྡ་དང་བཅས་པས་སྤྱན་དྲངས་བས། མཁའ་འགྲོ་སོ་གཉིས་སྤྲིན་གཏིབས་པ་བཞིན་བྱོན་ཏེ། རིགས་ལྔའི་གཙོ་མོ་བདུན། དོན་གྲུབ་ལ་དྲུག་ །གཞན་གསུམ་ལ་ལྔ་ལྔ་ལ་བྲལ་ཞིང་། སྒོམ་བ་ཞིག་གཙོ་བོའི་གདན་ཀྱི་ཚུལ་དུ་བཞུགས་པ་ལ། མེ་ཏོག་ལ་སོགས་བས་སྤྱིར་མཆོད་ནས། དམར་གྱི་རཀྟ་གཏོར་མ་ལ་སྦྲང་ཞིང་ཧེ་རུ་ཀའི་ཐོད་པའི་ཐལ་མོའི་རྒྱ་དང་བཅས་པས། ཨོཾ་བཛྲ་ཌཱ་ཀྐི་ནི་པྲཏཱཙྪ་མཾ་བི་ལཾ་ཏ་ཧཱུྃ་ཕཊ། །དེ་བཞིན་དུ་བུདྡྷ་ཌཱ་ཀྐི་ནི་སོགས་ནས། ཨོཾ་ཕཊ། ཨོཾ་རཏྟ་ཌཱ་ཀྐི་ནི་སོགས་ཏཱཾ་ཕཊ། ཨོཾ་པདྨ་ཌཱ་ཀྐི་ནི་སོགས་ཧྲཱིཕཊ། ཅེས་བས་གཏོར་མ་ཕུལ་ལ། ཧཱུྃ་རྣམ་དག་ཆོས་དབྱིངས་ཞིབ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱུང་། །རང་རང་ལས་ཀྱིས་བསྐུལ་གྱུར་པས། །སྤྲུལ་པ་བསམ་ཡས་མཁའ་ལ་འགྲོ། །འཇའ་ཚོན་མདོག་འཛིན་རིགས་ལས་སྤྲུལ། །མི་རོ་སྐམ་པོའི་གདན་སྟེང་ལ། ཐུགས་རྗེས་ཐུལ་བ་ཅིར་ཡང་སྟོན། མཐིང་ག་མི་བསྐྱོད་ལ་སོགས་གཟུགས། །སུམ་ཅུ་རྩ་གཉིས་ཀུན་འཛིན་ཞིང་། །མི་ཐོད་ཁྲག་གིས་བཀང་བ་དང་། །ཁ་ཊྭཱི་ཏྲི་ཤུལ་གཤོལ་གྲི་བསྣམས་ །རང་རང་ལག་ཆ་སྣ་ཚོགས་ལྡན། །པའ་བོའི་གཟུགས་ཅན་ཁ་མིག་བགྲད། །ཉི་ཟླའི་ཚུལ་དུ་མཁའ་ལ་འགྲོ། །ཟས་སུ་ཤ་དང་ཁྲག་དང་ནི། །རྐང་དང་ཚུལ་བུ་རྒྱུ་མ་ཟ། །ཡང་དག་ཉིད་དེ་འཇིག་རྟེན་ཉིད། །སྤྲུལ་པའི་ཚུལ་གྱིས་གཟུགས་ལས་སྤྲུལ། །མཁའ་འགྲོ་མ་མོ་ཁྱོད་རྣམས་ཀྱང་། །སྔོན་ཚེ་བཅོམ་ལྡན་རིགས་ལྔ་ལ། །ཡེ་ཤེས་དབྱིངས་ལ་ཆགས་ཚུལ་དུ། འཁྲིལ་ཞིང་རིགས་ལྔའི་སྲས་སུ་བྱས། །བསྟན་པ་བསུང་བར་མན་འཁོར་བའི། །ཁས་བླངས་འགལ་

(༢༠༡)བར་མི་བྱའི་ཕྱིར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་དང་། ཧཱུྃ་མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕངས་འདི་གསོལ་ལ། །བཅོལ་བའི་ཕྲིན་ལས་གྲུབ་བར་མཛོད། །ཅེས་བརྗོད་ཅིང་སྨན་དང་རཀྟས་ཀྱང་མཆོད་ནས། ཧེ་ལྷག་སྡུད་ཀྱི་དམ་ཚིག་པ་གཏོགས་པའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷག་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་བར་གྱུར་ཏེ། དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ནས་སངས་རྒྱས་ཀྱིས་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོང་། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་གལ་རྐྱེན་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་གྲོགས་མཛོད་ཅིང་། །ཅེས་ཕྲིན་ལས་བཅོལ། ཡ་ཧི་གཙྪ། ཞེས་བས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ་ལ། གཏོར་མ་ཕྱི་རོལ་དུ་བསྐྱལ། ཧཱུྃ་ཞེས་པས་ལྷག་མའི་དཀྱིལ་འཁོར་རིགས་ལྔ་རང་ལ་བསྟིམ་ནས། མཎྚལ་ཀྱང་བསྡུའོ། །གཉིས་པ་བསྟན་མ་སྐྱོང་བ་ནི། ཕྱི་རོལ་དུ་བསྟན་མའི་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཏྲཱཾསྥར་ན་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཏྲཱཾ་རཏྣ་ཏྲཻ་ལོ་ཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་བཞིན་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཧཱུྃ་ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད།

(༢༠༢)བདག་ཉིད་ཆེན་མོ་ལ་སོགས་བདུད་མི་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བདོ་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ཧུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྦྱོན་དམ་སྐོང་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱོད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངྶ་ཆེན་དཔལ་གྱིས་སེང་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག་ །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སླུབ་པའི་གྲོགས་བཞེ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་གྲུབ་བར་མཛོད། །ཨོཾ་ལ་ལ། ལེ་ལེ། ཏཾ་ཏཾ།ཏ་ཏ་ཁར་ཀྨ། མ་མ་སྲི༚་འགྲོ་ཧཱུྃ་བོྷྱ་ཧཱུྃ་ཧཱུྃ། ཞེས་དང་། མ་ཧཱ་པཉྩ་ཨ་མྲི་ཏ་རཀྟ་བྷ་ལི༚་ཏ་ཁཱ་ཏི་ཞེས་སྨན་རཀ་སྦྲེང་། ཕྲིན་ལས་བཅོལ་ནས་ཡ་ཏིགཙྪས་གཤེགས་གསོལ་བྱས་ལ། གཏོར་མ་གཙང་སར་བསྐྱལ་ལོ། །གསུམ་པ་ཉེ་བསྡུ་བྱ་བ་ནི། ཐུན་མཚམས་ལ་འཇུག་བའམ་ཉལ་བ་ན། བྷཱུྃ་བི་ཤྭ་བི་ཤུདེྡྷ་ཧཱུྃ་ཨོཾ་སཱ་ཨཱཾ་ཧཱ་ཞེས་པས་དཀྱིལ་འཁོར་གསལ་བཏབ་ལ། བཛྲ་པདྨས་མ་ཡ་སཾྟྲ། ས་མ་ཡ་ཧོ ཨ་ནུ་རྭ་ག་ཡ་མྱེ། ཛཧཱུྃ་བཾ་ཧོ བེ་བྷི་ཙིནྟ་སྥར་ཎ་ཕཊ། ཅེས་བརྗོད་ཅིང་ཡབ་ཡུམ་སྙོམ་པར་འཇུག་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲིན་འཕྲོས་པས་སྣོད་བཅུད་ཐམས་ཅད་དག་ཅིང་འདོ་གསལ་བར་བྱས། སཾ་ཧ་ར་ཎ་ཧཱུྃ་ཞེས་བརྗོད་པས་དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་ལ་ཐིམ། གཞལ་ཡས་ཁང་གི་རྒྱན་ཐམས་ཅད་ཡབ་རྣམས་ལ་ཐིམ། དངོས་པོ་ཐམས་ཅད་ཡུམ་རྣམས་ལ། །ལྷ་ཡབ་ཐམས་ཅད་ཙོ་བོ་རྡོ་རྗེ་སེམས་དཔའ་ལ། ཡུམ་ཐམས་ཅད་དབྱིང་ས་ལ། དེ་ཡབ་ལ། དེ་ཡེ་ཤེས་སེམས་

(༢༠༣)དཔའ་ལ། དེ་ཏིང་འཛིན་སེམས་དཔའ་ལ། དེ་ཧཱུྃ་ལ། ཧཱུྃ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་རྣམ་བར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་དང་ལས་མཉམ་པར་གཞག་ །ཉལ་བ་ལས་ལངས་པའམ་སྤྱོད་ལམ་ལ་འཇུག་ན། ཧཱུྃ་བཛྲ་བིྷྲཀ་ །ཅེས་བརྗོད་པས་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་སྣང་སྟོང་རྒྱུ་འཕྲུལ་དྲྭ་བའི་སྐུར་ལྡང་ངོ། །བཞི་པ་གོ་ཆ་བགོ་ཞིང་ལུས་བསྲུངས་བ་ནི། རང་ཉིད་རྡོར་སེམས་སུ་གསལ་བའི་སྤྱིར་བོར་ཨོཾ། མགྲིན་པར་ཨཱ སྙིང་ཀར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། བཛྲ་ཀཱ་ལྦཱ་ཙིརཀྵཧཾ། ཞེས་བརྗོད་པས་ལུས་ཐམས་ཅས་རྡོ་རྗེ་རྒྱ་གྲམ་གྱི་གོ་ཆས་བཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བཅིངས་པར་བལྟས་ལ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅས་བརྗོད་ཅིང་ང་རྒྱལ་བྱ། དེ་ནས་མཛུབ་མོ་གཡས་སུ་ཏྲཱཾ་ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་མཆེ་བ་དང་སྡིགས་མཛུབ། གཡོན་དུ་ཨོཾ་ལས་ཁྲོ་བོ་མི་འཆི་ཐབས་སྦྱོར་དམར་པོ་རྒྱ་གྲམ་དང་སྡིགས་མཛུབ་ཅན་དུ་བསྐྱེད་ལ། ལྟེ་བ་སྙིང་ག་ལྟག་པ་དང་། དཔྲལ་བ་སྤྱི་བོ་གནས་ལྔ་རུ། ཨོཾ་ཏྲུཾ། ཞེས་བརྗོད་བཞིན་པར་མཛུབ་མོ་གཉིས་བསྣོལ་ནས་རིམ་པར་རེག་པས། གནས་དེ་དང་དེར་ཁྲོ་བོ་གཉིས་པོ་ཟུང་རེ་ཞབས་བསྣོལ་ནས་ཞལ་ཕྱིར་གཟིགས་ཏེ་སྲུང་བའི་ལས་མཛད་པའི་ཐུགས་ཀ་ནས་རྡོ་རྗེ་ལུ་གུ་རྒྱུད་བྱུང་བས་བསྲུངས་ཤིང་བརྟན་པར་བྱས་ལ། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཞེས་རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བར་མོས། ཨོཾ་རཏྟ་མ་ལེ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ། རིན་པོ་ཆེའི་ཕྲེང་བས་བཅིངས་པར་བསམ་མོ། །ཨོཾ་ཨཱ་རྱ་ལཾ་བྷོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཧྲཱི དམ་མཐིང་དམར་གྱི་ཅོད་པན་གྱིས་བརྒྱན་པས་བསམ་མོ། །ཨོཾ་གུ་ཧྱ་ས་མ་ཡ་སྟྭ་ ཞེས་བརྟན་བར་བསམ་ཞིང་ཡི་གེ་བརྒྱ་པ་ལན་གསུམ་སོགས་བར་བཟླས་བས་ཤིན་ཏུ་བརྟན་པར་བྱས་ལ་དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད་པ་རྣམས་ཀྱིས་མཐའ་རྒྱན་པའི་བྱའོ། །དེ་ལྟར་འགྲུབ་པའི་རྒྱུ་དང་། དེས་གྲུབ་པའི་འབྲས་བུ་ནི། ཚོགས་བསྟན་པ་རི་ཐུན་དང་མཚམས་ཀྱི་ངེས་པ་

(༢༠༤)ཐམས་ཅད་དུ། ཕྱིན་དྲུག་གི་ཡན་ལག་བསྐྱེད་རྫོགས་ཀྱི་དངོས་བོར་སྡུད་བ་ལས་མི་འདའ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྫོགས་པར་འགྱུར་ལ། དེ་ཡང་རྡོ་རྗེ་ཐེག་པའི་གྲུབ་མཐའ་ལས་དང་། དམ་ཚིག་དང་། ཆོས་དང་། ཕྱག་ཆེན་ཏེ་ཕྱག་རྒྱ་བཞིའི་སྒོ་ནས་སློང་བ་ལ་མཉམ་རྗེས་ཀུན་ཏུ་བསླབས་པས་རིམ་པ་དང་པོའི་དག་རྫོགས་སྨིན་གསུམ་ལྷངས་སུ་གྱུར་ནས་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཞིང་། མངོན་བར་བྱང་ཆུབ་པའི་གཟུགས་ཀྱི་ཀུ་མྱུར་དུ་འགྲུབ་ལ། དེ་ཡང་སྔ་འགྱུར་རང་གཞུང་གི་གྲུབ་མཐའ་ལམ་ལྔ་ལྔ་དང་། ས་བཅུའི་སྤངས་རྟོགས་རིག་འཛིན་བཞིའི་གོ་འཕང་ལ་བརྟེན་ནས་རྫོགས་བའི་ཚུལ་བཎིྜཏ་རོང་པ་ཆོས་ཀྱི་བཟང་པོ་དང་། རྒྱལ་བ་གཉིས་པ་ཀུན་མཁྱེན་དག་གི་དབང་པོའི་རྒྱུད་འགྲེལ་ལས་རྟོགས་པར་བྱའོ།

(༢༠༥)དཔལ་གསང་བའི་སྙིང་པོ་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ཁྲག་འཐུང་མངོན་རྫོགས་བཞུགས་སོ།།

(༢༠༦)དཔལ་གསང་བའི་སྙིང་པོ་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ཁྲག་འཐུང་མངོན་རྫོགས་ཞེས་བྱ་བ་སྤྱི་དཔལ་ཆེན་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཞི་བ་དམ་པ་ཆོ་ཀྱི་དབྱིངས། །གདུག་ཅན་གཤེད་དུ་གར་དགུས་དཔའ་བའི་ཉམས༑ ༑རྡོ་རྗེ་མངོན་སྤྱོད་རོལ་པའི་འཕྲིན་ལས་ཅན། །ཁྲག་འཐུང་དུས་པའི་བདག་ཉིད་ལ་ཕྱག་འཚལ། །འདི་ལ་གསུམ་སྔོན་འགྲོ། །དངོས་གཞི། རྗེས་སོ། དང་པོ་ལའང་གཉིས། སྦྱོར་བ་སྔོན་འགྲོ། དབང་སྒྲུབ་ཆེན་མོ་དང་འབྲེལ་ན་སའི་ཆོ་ག་ནས་བཟུང་རྡུལ་ཚོན་གྱི་དཀྱི་འཁོར་འདུ་བྱ་བའི་ལས་རིམ་དཀྱིལ་ཆོ་ག་ལྟར་ཤེས་བར་བྱས་ནས། གཉིས་པ་ཆོ་གའི་སྔོན་འགྲོ་ལ་རྣམ་གྲངས་བརྒྱད་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། ཧཱུྃ། བདེ་གཤེགས་ཡོངས་རྫོགས་དཀོན་མཆོག་གསུམ་གྱི་དང་། །དཔལ་ཆེན་འདུས་པའི་ངོ་བོར་ཡོངས་ཤར་བ། །སྤྲོ་བསྡུའི་བྱེད་པོ་བྱང་ཆུབ་སེམས་ཀྱི་ལྷར། །རང་ངོ་ཤེས་པའི་དང་ནས་སྐྱབས་སུ་མཆི། །ལན་གསུམ། །གཉིས་པ་སེམས་བསྐྱེད་ནི། ཧཱུྃ། ཆོས་ཀྱི་དབྱིངས་ལ་ཕྱོགས་རིས་མཉམ་བརྡལ་ཡང་། །མ་རྟོགས་འཁྲུལ་པར་འཁྱམས་བའི་བདག་འཛིན་བདུད། །འོད་གསལ་ཆོས་སྐུའི་ཀློང་དུ་བསྒྲལ་བའི་ཕྱིར། །དཔལ་ཆེན་ལྷ་ཚོགས་བསྒྲུབ་པར་སེམས་བསྐྱེད་དོ། །ལན་གསུམ། གསུམ་པ་ཚོགས་གསོག་ནི། ཧོ། རྡོ་རྗེ་སློབ་

(༢༠༧)དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །བཞི་པ་བགེགས་གཏོར་གཏོང་པ་ནི། །ཧཱུྃ། ད་ནི་སྤྱི་དཔལ་ཆེན་པོ་སྟེ། །བྱང་ཆུབ་བསྒྲུབ་ལ་བར་གཅོད་པའི། །གནོད་བྱེད་ལོག་འདྲེན་འབྱུང་པོ་རྣམས། །གཏོར་མ་ལོང་ལ་ཕྱིར་དེངས་ཤིག་ །གལ་ཏེ་བཀའ་ལས་འདའ་བྱེད་ན། །མགོ་བོ་ཚལ་བ་བརྒྱར་ཁོས་ཤིང་། །ལུས་ནི་རྡུལ་ཕྲན་བཞིན་དུ་བཞིག་ ཧཱུྃ༑ བཞིའི་དྲག་སྔགས་དང་བཅས་ཐུན་བརྡེག །ལྔ་པ་མཚམ་གཅོད་སྲུང་འཁོར་ནི། ཧཱུྃ༑ བདག་ཉིད་ཞེ་སྡང་རྡོ་རྗེ་ཡི། །ཉི་ཟླར་འབར་ཞིང་བསྲེག་ །ཐུགས་ལས་ཁྲོ་བོའི་ཚྭ་ཚྭ་འཕྲོ། །སྟོང་གསུམ་སྤྲུལ་པའི་མེ་ཡིས་འགེངས། །ཕྱོགས་

(༢༠༨)མཚམས་མཚོན་ཆ་འཆོལ་བས་གཏམས། །བདག་མེད་སྟོང་པར་མཚམས་གཅད་དོ། །ཨོ་སཱུ་རྱ་ཙནྡྲ་བཛྲ་ཀྲོ་ཏ་ཛྭ་ལ་རཾ་རཾ་ཙཀྲ་ལྦ་ཏི་མ་ཧཱ་ཏྲོ་ཏ་སརྦ་དུ་ཥཾྚ་ཨེ་ཧཱུྃ་ཕཊ། དྲུག་པ་བརྡ་སྒོ་དབྱེ་ཞིང་བརྡ་ཕྱལ་འཚལ་བ་དང་། ནོངས་བཤགས་དམ་བཅའ་གཟུང་པ་ནི། ཧཱུྃ། མ་རིག་ལིང་ཏོག་ཡེ་ཤེས་ཐུར་མས་དབྱེ། །སེམས་ཉིད་ལྷ་སྐུར་རྟོགས་པའི་ཕྱག་བརྡ་འཚལ། འགལ་འཁྲུལ་ནོངས་པ་ཆོས་སྐུའི་ཀློང་དུ་བཤགས། །དཔལ་ཆེན་སྲོག་གི་ཕྱིར་ཡང་མི་གཏང་ངོ། །ཨ་ལ་ལ་ཧོ། དགུ་པ་བཅུད་བྱིན་འབེབས་ནི། ཧཱུྃ༑ དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས། །ཆོས་སྐུའི་ཀློང་ནས་ཐུགས་རྗེ་བསྐྱེད། །ལོངས་སྐུའི་རྣམ་རོལ་ཅིར་ཡང་བསྒྱུར། །སྤྲུལ་སྐུའི་དཀྱིལ་འཁོར་བརྟེན་པར་བཅས། །དབང་བསྐུར་བྱིན་ཕོབ་རྟགས་མཚན་སྟོན། །ཨོཾ་རུ་ལུ་རུ་ལ་ཧཱུྃ་བོྷྱ་ཧཱུྃ། སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཕཻ༚་ཕཻ༚། བརྒྱད་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། ཕྱི་མཆོད་ལ་དམིགས་ནས། བདག་ཉིད་ལྷར་གསལ་ཐུགས་ཀའི་ཧཱུྃ་ཡིག་ལས། །རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་མེ་རླུང་ཆུས། །མཆོད་རྫས་དངོས་འཛིན་སྐྱོན་སྦྱངས་སྟོང་པའི་དང་། །ཨཱལས་སྟོང་གསུམ་བྷནྡྷ་ར་རྫོགས་པའི་ནང་། །འཁོར་འདས་བཅུད་དྲངས་ཧཱུྃ་ལས་ཉེར་སྤྱོད་ཀྱི།། དམ་རྫས་འདོད་ཡོན་སྤྲིན་ཕུང་རྒྱ་མཚོར་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། །ཨོཾ་བཛྲ་རཱ་ག་དྷཱུ་པེ་དྷུ། དེ་བཞིན་དུ།པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིགྷནྡྷེ་གྷན། རྡོ་རྗེ་ཞབས་བསིལ་མ་ལ་སོགས་པ་མཆོད་པའི་ལྷ་མོས་ནམ་མཁའ་གང་བར་གྱུར། །ནད་མཆོད་བསང་སྦྱངས་ནས། སྟོང་པའི་དང་ལས་ཀཾ་ཡིག་ཡོངས་གྱུར་ལས། །མ་མགོའི་སྒྱེད་སྟེང་ཨ་ལས་བྷནྡྷའི་ནང་། །འཁོར་ལོ་རྩིབས་བཞི་ལྟེ་བར་བཅས་པའི་དབུས། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་། བི་མུ་མ་ར་ཤུ་ལས་

(༢༠༩)བདུད་རྩི་ལྔ། །རང་རང་ས་བོན་གྱིས་མཚན་ཡཾ་རཾ་ལས། །རླུང་གཡོས་མེ་སྦར་དམ་རྫས་ཞུ་བའི་སྟེང་། །ཧཱུྃ་ཨཱོཾ་སྭཱ་ཨཾ་ཧཱ་ལས་ཕྱག་མཚན་ལྔ། །སོ་སོས་ཡུ་བ་བྱས་པའི་དྲིལ་བུ་རྣམས། །ཡོངས་གྱུར་རིགས་ལྔ་ཡུམ་མཉམ་སྦྱོར་གྱུར། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཟླ་བའི་ཁ་གཅོད་སྣ་ཚོགས་རྡོ་རྗེའི་ལྟེར། །རྟ་མགྲིན་དམར་པོ་པདྨ་རྒྱ་གྲམ་འཛིན། །གྲྭ་བཞིར་ཡུམ་བཞི་རྡོ་རྗེའི་ཏོག་གི་དབུས། །སྟངས་དཔྱལ་ཀུན་གྱི་བདེ་བའི་འོད་རླངས་སྤྲིན། །དབྱངས་གསལ་ལས་གྱུར་འབྲུ་གསུམ་བརྟེགས་མ་ཡི། འོད་ཀྱིས་རྒྱལ་བ་མཆོད་ཅིང་གཞན་དོན་བྱས། །ཚུར་འདུས་དམ་ཚིག་རྫས་དང་དབྱེར་མེད་འདྲེས། །ཡེ་ཤེས་བདུད་རྩེའི་རྒྱ་མཚོ་ཆེན་པོར་གྱུར། །མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་གསལ་བས་བདུད་རྩི་དཀྲུགས་ཤིང་། ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཐཱཉེར་གཅིག་དང་༑ བསངས་འཐོར་ཡང་བྱའོ། །གཏོར་མ་ལ་དམིགས་ཏེ། །སྭ་བྷཱ་ལྦ་སྦྱངས་སྟོང་པའི་དང་ལས་གཏོར་གཞོང་པདྨ་སྣོད། །གཏོར་རྫས་མཆོག་ཆེན་མི་དང་སེངྒེ་གླང་། །བ་ལང་རྟ་ཤ་བདུད་རྩི་ལྔ་ཡི་སྟེང་། །རིགས་ལྔ་ཡབ་ཡུམ་ཕྱག་མཚན་རྣམས་ཀྱིས་མཚན། །འོག་ནས་རླུང་གཡོས་མེ་སྦར་བདུད་རྩི་ཁོལ། །ཟག་མེད་རོ་རྒྱ་ལྡན་པའི་གཏོར་མ་ནི། དབང་པོ་དྲུག་ལ་དགྱེས་དགུའི་སྤྲུན་དུ་གྱུར། །ཨོཾ་ཨཱཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བ་ལི༚་ཏ་བ་ལ་བཱ་ཏི་གུཧྱ་ས་མ་ཡེ་སྭཱ་ཧཱ། རཀྟ་ལ་དམིགས་ནས། །ཨོཾ་སྭ་བྷཱ་ལྦ་ས་སྦྱངས། །ཨཱལས་ཡུམ་མཁའ་རྣམས་ཐར་སུམ་ལྡན་དབྱིངས། །མ་ལས་ཉི་དཀྱིལ་ར་ཡིག་ཡོངས་གྱུར་ལས། །ཆགས་ཆེ་ན་སྲིད་པའི་རཀྟ་འབར་བའི་ཀློང་། །དར་འཛིན་རཱུ་ཏྲཱི་རྣམ་ཤེས་ཚོགས་བརྒྱད་རྣམས། །ཐབས་མཆོག་རྡོ་རྗེ་ནོར་བུས་སྦྱངས་ཡིས། །འཁོར་བ་ལུགས་ལྡོག་སྐྱེ་མེད་ཆོས་སྐུར་བསྒྲལ།།

(༢༡༠)ཟེགས་མའི་ཚོགས་ལ་ཞིང་གི་ལྷུ་དུམ་དང་། །རྡོ་རྗེ་སྒེག་མོའི་སྤྲིན་སྤྲོ་བར་གྱུར། །ཨོཾ་ཨཱཧཱུྃམ་ཧཱ་རཀྟ་ཛྭ་ལ་མཎྚ་ལ་ཧཱུྃ་་ཧྲཱིཐཱལན་གསུམ། གཉིས་པ་དངོས་གཞི་ལ་གཉིས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་དང་། །བསྙེན་ཅིང་བསྒྲུབ་པའི་ལས་ཀྱི་རིམ་པའོ། །དང་པོ་ལའང་གཉིས། རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བརྟེན་པ་ལྷའི་དཀྱིལ་འཁོར་བསྒོམ་པ་གཉིས་ཀྱི་དང་པོ་ལའང་ནང་གསེས་རྣམ་གྲངས་བརྒྱད་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། །དངོས་རྣམས་ཉིད་ན་དངོས་མེད་པས། །རྟོག་པའི་སྨྲ་བསམ་ཡུམ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་མེད་པའོ། །ལུས་དང་ངག་སེམས་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པའི། །རང་བཞིན་མཉམ་པའི་དཀྱིལ་འཁོར་ལ། །མི་གཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། །ཕྱོགས་བཅུ་མ་ལུས་ཐམས་ཅད་ལ། །སྙིང་རྗེ་ཆེན་པོས་ཀུན་ཏུ་ཁྱབ། །རང་བྱུང་དེ་ཉིད་དངོས་མེད་པར། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ནོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། །སྔོན་པོ་ཧཱུྃ་ཉིད་ཧེ་རུའི་དངོས། །ངེས་པ་ལས་ནི་རྡོ་རྗེ་ཆེ། །དེ་ལས་དཔལ་ཆེན་ཧེ་རུ་ཀ། །འབར་བ་ཆེན་པོའི་གར་དགུ་ཡི། །འཇིགས་པ་ཡི་ནི་དུས་ལྟར་གྲག། བཞི་བརྟེན་གཞལ་ཡས་ཁང་བསྒོམ་པ་ནི། །རྒྱུའི་ཧེ་རུ་ཀ་སྐུ་མཆོག་སྨུག་ནག་རྡོ་རྗེ་དང་དུང་ཁྲག་འཛིན་བའི་ཐུགས་ཀ་ནས་ཨ་ཡཾ་རཾ་སུཾ་ཀཾ་རཾ་རྣམས་ཆད། ཨེ་ལས་ནམ་མཁའ་མཐིང་ནག །ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་རཀྟའི་རྒྱ་མཚོ། སུཾ་ལས་ཞིང་ཆེན་གྱི་ས་གཞི། ཀཾ་ལས་རུས་པའི་རི་རབ། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། རྒྱུའི་ཧེ་རུ་ཀའི་ཐུགས་ནས་བྷཱུྃ་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བྷཱུྃ་བི་ཤྭ་བི་ཤདྡྷེ་ཛྙཱ་ན་ཙཀྲ་མཎྚ་ལ་ཞེས་བརྗོད་པས། ཡེ་ཤེས་

(༢༡༡)འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པ། །ཕྱི་དང་ནང་མེད་ཀུན་ཏུ་སྣང་། །འབར་བའི་འཁོར་ལོ་རྩིབས་བཞི་བ། །གྲུ་ཆད་བཞིས་ནི་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་དང་ལྡན། །འབར་བའི་འཕྲོ་བ་མང་པོ་འཕྲོ། །ཡེ་ཤེས་རིན་པོ་ཆེའི་རང་བཞིན་བྷཉྫཱ་འབར་བའི་གཞལ་ཡས་ཁང་། །རྣམ་ཐར་བཞི་དང་ལྡན་པའི་རྟགས། །གྲུ་བཞི་སྒོ་བཞི་པ། ཕྱི་ནང་ཉིས་རིམ་འབར་བར་ཁྱམས་གཉིས་དང་ལྡན་པའི་ཕྱི་མའི་རྩིག་པ་རིམ་པ་ལྔ་དང་། །ནང་རྩིག་རིམ་པ་གསུམ་པ། གཉིས་ཀའང་ཐོད་པ་སྐམ་རྙིངས་རློན་གསུམ་ཁྲག་ཞག་གི་འམ་གྱིས་བརྩིགས་ཤིང་གནམ་ལྕགས་ཨུར་མོའི་གཟེར་གྱིས་གཏམས་པའི་སྟེང་ན་ཐོད་པ་སྣ་ཚོགས་པས་བཀྲ་བར་ཕ་གུ་འཕྱར་ཐབས་སུ་བཀོད་པ་ལས་རྒྱུ་མ་དང་དོན་སྙིང་གི་མགུལ་འཁོར་འཕྱང་བ། །དེའི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུ་ལ་མ་ཀ་རའི་ཁ་ནས་སྤྲུལ་སྦྲམ་དང་ཐོད་སྐམ་གྱི་དྲྭ་བ་དང་དྲྭ་བ་ཕྱེད་པ། །དོན་སྙིང་དང་ཡན་ལག་གི་འཕྱང་འཕྲུལ། ཐོད་ཚལ་གྱི་ཟླ་བ། ལྕང་ལོའི་རྔ་ཡབ་དང་དྲིལ་གཡེར་རླུང་གིས་བསྐྱོད་བས་མཛེས་ཤིང་། ཕྱི་དོས་སུ་བྱ་འདབས་ལས་འཕྱང་བའི་རྐང་ལག་གི་ཤར་བུ། སྟེང་ངོས་སུ་སྒལ་ཚིགས་ཀྱི་མངའ་ཡབ་ཚར་དུ་དངར་བ། དེ་དག་གི་བར་བ་དུ་ཞིང་ཆེན་གྱི་གདུགས་ཉ་ཆེན་གྱིས་ཕན་དང་། །རྒྱུ་རློན་གྱི་ལྔ་ལྡི། ཞིང་ལྕགས་ཀྱི་ལྷབ་ལྷུབ་སོགས་འཇིགས་བའི་རྒྱན་སྣ་ཚོགས་པས་བཀྲ་བ། རིམ་པ་གཉིས་ཀའི་རྩིག་པའི་ཕྱི་འགྲམ་ནས། འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་གཟུགས་རྡོ་རྗེ་མ་སོགས་ལྷ་མི་རྣམས་ཀྱིས་དུར་ཁྲོད་རོལ་པའི་མཆོད་སྤྲིན་རབ་འབྱམས་སྤྲོ་བ། བདེན་པ་གཉིས་ལྡན་གྱི་སྒོ་དང་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། །ཕྱི་མའི་སྒོ་ལོགས་ཀྱི་ཕྱིར་ཟུར་བཞི་ནས་ཞིང་གི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་

(༢༡༢)སྣམ་བུ་བརྒྱད་པ་སོ་དང་། ཐོད་པ་དང་། དབང་པོ་དང་། ཉི་ཟླའི་ཕྲེང་བ་རྣམས་ཀྱིས་སྤྲས་ཤིང་བསིལ་ཁང་དང་ལྡན་པའི་རྩིར་པདྨ་ལ་གནས་བའི་ཆོས་ཀྱི་འཁོར་ལོའི་སྟོང་ནས་ཞིང་གི་གདུགས་ཕུབ་ཅིང་། །ཆུ་སྲིན་གྱི་ཕྲུག་གུ་ཟུང་གིས་བརྟེན་པ། །ཕྱི་ནང་གི་སྒོ་ཐམས་ཅད་ལ་རུས་སྤལ་གྱི་མ་ཐེམ། །ཆུ་སྲིན་གྱི་ཡ་ཐེམ། སྦྲུལ་ནག་གི་སྐྱེས་བུ། ཞིང་གི་སྒོ་གླེགས་རྣམས་ཀྱིས་སྤྲས་བ། སྒོ་ཕྱི་མའི་གཡས་གཡོན་གྱི་བཞི་ལ། སྐྱེས་བུ་གསལ་ཤིང་གིས་ཕུག་བ་དང་། ཏཱ་ལའི་ལྗོན་པ་རྣམས་ཐོད་ཚལ་རྒྱུ་མ་ལ་བརྒྱུས་པའི་ཕྲེང་བས་བྲེས་ཤིང་། རཀྟའི་ཛིང་བུ་རླབས་ཕྲེང་འཁྲུག་པ་བརྒྱད་ཀྱིས་བསྐོར་བ། དཀྱིལ་འཁོར་དེའི་ནང་གི་ཁྱམས་ཕྱི་མ་ཁྲག་མཚོ་དང་། །ནང་མ་གསེར་ཁྱམས་སུ་གནས་པ། །ཐོད་སྐམ་གྱི་བརྩིགས་པ་ཆེ་བའི་ཡོན་ཏན་རྒྱས་བའི་རྟགས། གྲུ་ཆད་བཞི་གློ་འབུར་གྱིས་མཛེས་པའི་སྟེང་དུ། །བདེན་པ་བཞི་དང་ལྡན་པའི་རྟགས། །འཁོར་ལོ་རྩིབས་བཞི་པ་ལྟེ་བ་དང་བཅས་པ་རྣམས་རིམ་པ་བཞིན་ཁྱད་པར་དུ་གྱུར་པས་ལྤགས་པ། ནང་ལྷ་ཆེན་པོ་བརྒྱད་ཀྱི་ཀ་བ་རུས་སྦལ་གྱི་ཀ་གདན་དང་ལྡན་པས་བཏེགས་པའི་སྟེང་ན་ཚངས་པའི་གདུང་བཞི་གདུང་ཟླུམ་དང་བཅས་བ། །ཀླུ་བདུན་ཀྱི་ཕྱ་མ་དང་། རྒྱུ་སྐར་གྱི་དྲལ་གྲབ། ཞིང་ལྕགས་ཀྱི་ཐོག་ཕུབ། །ཉི་ཟླའི་མཐོང་དཀར་དང་བཅས་པའི་དབུས་ཕྱུར་བུར་ལྷ་ཆེན་པོའི་ཐོད་པས་ཟླུམ་བོར་ཕུབ་པའི་རྩེ་མོར་ཙིཏྟའི་ཏོག་གིས་བརྒྱན་པ། ནང་གི་སྟེང་འོག་རྣམས་ཤར་དཀར། །ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ། འབར་བའི་ཕྲེང་བ་འཁྲུག་ཅིང་འབར་བ་ལ་སོགས་ཏེ་དུར་ཁྲོད་རོལ་བའི་གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་རྫོགས་པ། །དངས་ཤིང་སྒྲིབ་པ་མེད་པར་ཀུན་ཏུ་གསལ་བ། །གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོའི་ལྟེ་བ་ལ་རྫོགས་པའི་ཕྱི་རོལ་སྲུང་བའི། ཁོར་ཡུག་གི་ནང་གུ་རཱུ་ཏྲ་ལོངས་སྤྱོད་དང་བཅས་བ་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་ཆེན་པོ་བརྒྱད། དེ་

(༢༡༣)དག་ཏུ་ཤིང་བརྒྱད། དེའི་རྩ་བ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད། ཡལ་ག་ལ་བརྟེན་པའི་ཞིང་སྐྱོང་བརྒྱད། །ཆུ་བརྒྱད། །དེ་ལ་རོལ་པའི་ཀླུ་བརྒྱད། གཞན་ཡང་། མེ་དང་། ཆུ་དང་། སྤྲིན་དང་། རི་དང་། མཆོད་རྟེན་རྣམས་ཀྱང་བརྒྱད་བརྒྱད། ཐམས་ཅད་དུ་གྲུབ་པ་དང་རིག་འཛིན། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་། རོ་ལངས་དང་། ཤ་ཟ་འབྱུང་པོའི་ཚོགས་རྣམས་ཧ་ཧར་རྒོད་ཅིང་གར་རྩེ་བ། བྱ་དང་གཅན་གཟན་གཏུམ་པོ་མང་པོ་ལང་ལོང་སུ་རྒྱུ་ཞིང་། ཀེང་རུས་དང་། རོ་ལངས་པོ་དང་། དུམ་བུ་དང་། འཚིག་པ་དང་། མ་ཚིག་པ་དང་། འཐོར་བ་ལ་སོགས་པའི་ཤ་རུས་གསར་རྙིང་སྣ་ཚོགས་པ་གཅལ་དུ་བཀྲམ་ཤིང་ཕུང་པོར་སྤུངས་བས་ཡོངས་སུ་གང་བར་བསམ་མོ། །ལྔ་པ་བདན་བསྐྱེད་པ་ནི། བཾ་པདྨ་མཎྚལ། ཨ་ཙནྡྲ་ལ། འཁོར་ལོའི་དབུས་དང་རྩིབས་བཞིར། ཡོན་ཏན་གྱི་ཆེ་བ་དང་ལྡན་པའི་རྟགས། སྣ་ཚོགས་པདྨ་དང་ཟླ་ཉི་བརྩེགས་པའི་དཀྱིལ་འཁོར་རེ་རེ། །དེ་རྣམས་ཀྱི་སྟེང་དུ་མ་ཧཱ་དེ་ལྦ་པཾ། ཨིནྡྲ་ཡ། ཡ་མ་ཡ། རཀྵ་ཡ། ཀུ་བེར་ཡ། ཏི་ར་བཾ། གདུག་ཅན་ཟིལ་གྱིས་གནོན་པའི་རྟགས་སུ། དབུས་སུ་དབང་ཕྱུག་དང་དྲག་པོ། ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཏུ་སྟིན་པོ། བྱང་དུ་གནོད་སྦྱིན་རྣམས་རང་རང་གི་ཆུང་མ་དང་བཅས་པ་ཁྱོ་ཤུག་བསྣོལ་བ་རེ་རེའི་སྟེང་དུ། དུག་ལྔ་གནས་སུ་དག་པའི་བརྡ། །ཁྱུ་མཆོག་མ་ཧེ་གཟིག་དང་སྟག་ །གཏུམ་པོ་དོམ་གྱི་སྤར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ཞེས་བྱོལ་སོང་གཙོ་བོ་བརྒྱད་པོ་རེ་རེས་དྲེགས་པ་ཕོ་མོ་བརྫིས་པ། འཁོར་ལོའི་གྲྭ་དང་གྲུ་ཆད་བཞི་གསེར་ཁྱམས་གྱི་ཕྱོགས་མཚམས་བརྒྱད་པོར། མ་སཱུ་རྱ་མཎྚལ། ཏི་ར་བཾ་ལས་ཉི་མ་དང་ཞིང་གི་གདན་རེ་རེ། ཁྲག་ཁྱམས་ཀྱི་ཕྱོགས་མཚམས་དྲུག་དྲུག་དང་སྒོ་བཞིའི་ནང་དུ་ཞིང་གི་གདན་རེ་རེ་གསལ་བར་

(༢༡༤)བསམ་མོ། གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་གཉིས། བདག་ཉིད་ཀྱི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང་། དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའོ། །དང་པོ་ནི། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་ །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི། །ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །ཧི་ཧི་དགྱེས་་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་དེ། །གཉིས་མེད་འཁྲིལ་བས་དབྱེས་པར་ཐིམ། །ནམ་མཁར་གནས་པའི་རྒྱུའི་ཧེ་རུ་ཀ་དབུས་ཀྱི་གདན་ལ་བཞུགས་པ་དེ་ཉིད་དཔལ་ཆེན་པོ་སྐུ་སྨུག་ནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པར་འགྱུར་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ནས་ཁྲོ་མོ་དབང་ཕྱུག་ཆེན་མོ་མངོན་དུ་ཕྱུང་སྟེ། ཧེ་ཧེ་ཞེས་དགྱེས་པའི་མདངས་ཀྱིས་ཡབ་ལ་བཏུད་ཅིང་། པདྨ་རྒྱས་བར་མཛད་ནས་གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་རོལ་བར་བསམ་མོ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྚ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་པས་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སྨེས་སྤྲིན་ལས། འཇིག་རྟེན་དྲུག་གི་ཕྱོས་བཅུ་མཐའ་ཡས་ཁྱབ་པར། ཁྲོ་བོ་འཆོལ་བ་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་དཔག་ཏུ་མེད་པ་སྤྲོས། །ལྟས་ཆེན་པོ་བཅོ་ལྔ་ས་གདུག་པ་ཅན་གྱི་ཚོགས་ཐམས་ཅད་ཚར་གཅད་པར་བསམ་མོ། མཁའ་ཁྱབ་ཀྱི་ཁྲོ་བོའི་སྤྲིན་རྣམས་སླར་འདུས་བ་ལས། རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྣམས་རྣག་ལ་ཐིམ་པས་འབྲས་བུའི་ཧེ་རུ་ཀར་གྱུར་པ་ནི། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུ། བཛྲ་ཀྲོ་དྷི་ཤྲ་རཱི་སྟྭ། བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོ། །དགྱེས་མཛད་བཛྲ་ཧེ་རུ་ཀ། མཐིང་ནག་ཆར་སྤྲིན་ལྟ་བུར་གནག་ །ཉི་མ་བྱེ་བའི་གཟི་བྱིན་ཅན། །དབུ་གསུམ་གཡས་དཀར་གཡོན་དམར་མཐིང་། ཁྲོས་པའི་ཉམས་ཅན་དམར་ཟླུམ་སྤྱན། གསུམ་གསུམ་

(༢༡༥)རྣམ་པར་འགྱུར་བའི་ཞལ། མཆེ་གཙིགས་སྔགས་ནི་ཀློག་ལྟར་འཁྱུག །རྡོ་རྗེའི་གད་མོས་སྲིད་གསུམ་གཡོ། །ཤངས་ནས་མི་བཟད་ཧཱུྃ་སྒྲ་འབྱིན། །རྫི་སྨན་སྨར་མེ་ལྟར་འབར། །གཏུམ་རྡམས་ཞལ་ནི་ཁྲོ་གཉེར་བསྡུས། །སྐུ་ཆེ་ཡན་ལ་ག་རགས་པ་ལ། རྡོ་རྗེའི་བ་སྤུས་ཀུན་ནས་བལྟམས། །སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་གཤེ་དང་འཇིགས་སུ་རུང་། གར་གྱི་ཉམས་དགུས་རབ་ཏུ་རྒྱས། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད། །གཉིས་པ་རྩེ་ལྔ་བྷནྡྷ་དམར། །གསུམ་པས་ཞིང་དབྱུག་སྟོང་ཁམས་འདེབས། །ཞབས་བཞི་གཡས་བརྐྱང་གཡོན་པ་བསྐུམ། གྱད་ཀྱི་དོར་སྟབས་ཆེན་པོས་རོལ། །ཐོད་སྐམ་རིགས་ལྔའི་དབུ་རྒྱན་སོགས། དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས། །སྙན་གོང་ཉི་ཟླའི་འོད་ཟེར་སྤྲོ། །ཡུམ་ཆེན་ཀྲོ་དྷི་ཤྭ་རཱི་མ། །སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་ལ། །སྤྱན་གསུམ་ལང་ཚོས་སྒེག་པའི་ཉམས། །ཕྱག་གཡས་དྲིལ་བུས་ཡབ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །གཟིག་གི་པགས་པའི་ཤམ་ཐབས་སོགས། །དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན། །གཡོན་བརྐྱང་གཡས་བསྐུམ་གཙོ་དང་འཁྲིལ། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །དེ་བཞིན་གཤེགས་དང་རིན་ཆེ། །པདྨ་ལས་ཀྱི་རིགས་ལ་སོགས། །ཐམས་ཅད་འདུས་པའི་བདག་ཉིད་ཅན། །རིགས་བཞིའི་ཧེ་རུ་གྱུར་ནས། །འཁོར་ལོ་རྩིབས་བཞིའི་གདན་ལ་བཞུགས། །ཨོཾ་བུདྡྷ་ཤྲི་ཧེ་རུ་ཀ་ཧཱུྃ། བུདྡྷ་ཀྲོ་དྷི་ཤྭ་རཱི་སྟཾྭ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ། རཏྣ་ཀྲོ་དྷི་ཤྭ་རཱི་སྟཾྭ། ཨོཾ་པདྨ་ཤྲཱི་ཧེ་རུ་ཧཱུྃ། པདྨ་ཀྲོ་ཀྲོ་དྷི་ཤྭ་རཱི་སྟཾྭ། ཀརྨ་ཀྲོ་དྷི་ཤྭ་རཱི་སྟཾྭ། སྨུག་ནག་སྔོ་ནག་གསེར་ནག་དང་། དམར་ནག་ལྗང་ནག་འཇིགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྡམས་བའི་

(༢༡༦)སྒྲ་ཆེན་འཇིགས་པར་སྒྲོག་ །སྤྲུལ་དང་ཐོད་ཕྲེང་ཉི་ཟླའི་ཆས། །སྟོང་གི་འཇིག་རྟེན་ཁོར་ཡུམ་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། རལ་གྲི་དགྲ་སྟྭ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་ཏེ། །བཙུན་མོ་འཇིགས་བའི་ཚོགས་དང་འཁྲིལ། །རྗེས་སུ་ཆགས་པས་སྙོམས་པར་བཞུགས། །ཧེ་ཞེས་དགྱེས་པའི་བཞད་སྒྲ་ལས། །སྦྱོར་མཚམས་བྱང་ཆུབ་སེམས་ཀྱི་སྤྲིན། །ཁྲོ་མོ་བརྒྱད་ཀྱི་རྣམ་པར་ཐོན། །གཽ་རཱི་མ་དང་ཙཽ་རཱི་མ། །པྲ་མོ་ཧ་དང་བེ་ཏ་ལཱི། །པུ་སྐ་སཱི་དང་གྷ་སྨ་རཱི། །སྨེ་ཤ་ནཱི་དང་ཙཎྜ་ལཱི། རྩིབས་མཆན་དང་ནི་གྲུ་བཞིར་འཁོད། །ཧེ་ཞེས་དགྱེས་པའི་བཞད་སྒྲ་ལས། ཕྲ་མེན་ཆེན་མོ་བརྒྱད་ཐོན་ཏེ། སེང་གེ་སྟག་དང་ལྦ་སྤྱང་གདོང་། །བཞད་གདོང་ཀངྐ་བྱ་རོག་དང་། །ལུག་གདོང་བརྒྱད་པོ་གསེར་ཁྱམས་ཀྱི། །ཕྱོགས་མཚམས་ལ་ནི་རིམ་བཞིན་འཁོད། །སླར་ཡང་དགྱེས་པའི་བཞད་སྒྲ་ནི། །ཧེ་ཞེས་བརྗོད་པས་བྱང་ཆུབ་སེམས། །སྒོ་སྐྱོང་བཞི་ཡི་རྣམ་པར་ཐོན། །ཤར་ལྷོ་ནུབ་བྱང་སྒོ་བཞི་རུ། །རྟག་དོང་མ་དང་ཕག་གདོང་མ། །སེང་གདོང་མ་དང་སྤྱང་གདོང་མ། །ཀུན་ཀྱང་ཤིན་ཏུ་ཁྲོས་པའི་ཉམས། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞིའི་ཕྱག་རྒྱས་རབ་མཛེས་ཤིང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། རང་གི་སྟན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །མཐའ་དབུས་མེད་པར་ཁྱབ་པ་ཡི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབར་བའི་དཀྱིལ་འཁོར་གསལ་བར་སྣང་། །གཉིས་པ་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་གཉིས། རྟག་མཐའ་གཞིག་པ་དང་། ཆད་མཐའ་བསལ་བའོ། དང་པོ་ནི། ཐབས་དང་ཤེས་རབ་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་ལུས་རྟོག་སྦྱངས། གསེར་ཞུན་ལྟ་བུའི་སེམས་དག་ལས། གསུང་གི་བྱིན་རླབས་འོད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེའི་ལམ་ནས་

(༢༡༧)ཡུམ་གྱི་མཁར། ཆོས་སྐུ་བྱང་ཆུས་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། ཧཱུྃ་ཧ་ཧ་ཕཊ་ཅེས་བྱུང་ནས། །བྱང་ཆུབ་སེམས་སུ་གཅིག་པར་ཐིམ། །གཙོ་བོའི་ཐུགས་ཀ་ནས་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་བདག་ཉིད་རྣམ་སྨིན་གྱིས་ལུས་ཀྱི་རྣམ་པས་འཐོན་ཏེ། །དཀྱིལ་འཁོར་གྱི་ཤར་སྒོར་འདུད་པའི་རྣམ་པས་འཁོད་པར་བསམ་ཞིང་། ཧོ། །སེམས་ཉིད་ཐེག་པར་རབ་ངེས་པའི། །དཀྱིལ་འཁོར་བཞི་བཅུ་རྩ་གཉིས་རྫོགས། །སངས་རྒྱས་རྡོ་རྗེ་ཧེ་རུ་ཀའི། །ཚོམ་བུའི་དཀྱིལ་འཁོར་བསམ་ཡས་ཀྱིས། །སྐུ་གསུང་ཐུགས་སུ་བདག་སྦྱོར་ཅིག་ །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ། །ཨོཾ་བཛྲ་ཀྲོ་ཤ་ས་མ་ཡ་སྟཾྭ། །ཞེས་བསྐུལ་བས་ལྷ་རྣམས་ཀྱིས་རྗེས་སུ་གནང་སྟེ། །ཐབས་དང་ཤེས་རབ་ཀྱི་འོད་ཟེར་བདག་ལ་འཕྲོས་པས་སེམས་ཀྱི་རྟོག་པ་དང་དེ་ལས་གྱུར་པའི་ལུས་ངག་སྦྱངས་ནས། །གཉིས་སུ་མེ་དཔའ་ཡེ་ཤེས་གཟུང་འཛིན་དང་བྲལ་བའི་རང་བཞིན་གསེར་ཞུན་ལྟ་བུའི་འོད་ཀྱི་གོང་བུར་གྱུར་པ་ལ། ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་འབྲུ་གསུམ་གྱི་རྣམ་པར་འཕྲོས་ཏེ་ཐིམ་པས། །དེ་ཉིད་ཨོཾ་ཨཱཧཱུྃ་གསུམ་དགྱུར་ནས་རིམ་བཞིན་ཧཱུྃ་ལ་ཞུགས་པ་ཟླ་བ་དང་རླུང་དཀྱིལ་ལ་གནས་པར་འགྱུར། །དེ་རླུང་གིས་བཏེག་པའི་བུང་བ་མེ་ཏོག་ལ་ལྡིང་བ་ལྟར་ལྷ་ཚོགས་རྣམས་ལ་ལན་གསུམ་བསྐོར་ནས་གཙོ་བོའི་ཀར་ཐིམ། །ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་རོལ་མོས་བྱད་ཆུབ་ཀྱི་སེམས་སུ་ཞུ་བསྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོན་པ་འོད་ཀྱི་གོང་པུར་གནས་པ་ལས། གཙོ་བོ་ཡབ་ཡུམ་ཀྱང་རྗེས་སུ་ཆགས་པའི་སྦྱོར་བར་བདེ་བའི་ངོ་བོར་ཞུ་བར་བསམ་མོ། །དེ་ནས་ཧཱུྃ་ཧ་ཧེ་ཕཊ་ཅེས་བརྗོད་པས། །རིགས་བཞིའི་ཧེ་རུ་ཀ། ཁྲོ་མོ་བརྒྱད། སྒོ་མ་བཞི་རྣམས་རིམ་བཞིན་དབུས་ཀྱི་ཐིག་ལེ་ལ་རོ་གཅིག་ཏུ་གྱུར་པ་

(༢༡༨)ལས་གསེར་ཞུན་ལྟ་བུའི་འོད་ཀྱི་གོང་བུར་འབར་བར་གྱུར། གཉིས་པ་ཆད་མཐའ་བསལ་བ་ལ་གསུམ། །གཙོ་བོ་ཡབ་ཡུམ་བསྐྱེད་པ་དང་། དེ་ལ་དབང་བསྐུར་བ་དང་། སྲས་ཀྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་གཙོ་བོ་བསྐྱེད་པ་ནི། ཧཱུྃ་ཧཱུྃ་ཞེས་བརྗོད་བས། །གདན་སྟེང་གི་འོད་ཕུང་དེ་ཉིད་ཧཱུྃ་ཟུང་གཅིག་ཏུ་གྱུར་སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས། དོན་གཉིས་བྱས། སོཾ་ཧ་ར་ཎ་ཧཱུྃ། སླར་འདུས་ཧཱུྃ་ལ་ཐིམ། འོད་དུ་ཞུ་བ་ལས། ཨོཾ་བཛྲ་གྷཎེྜ། རྡོ་རྗེ་རྩེ་དགུ་དང་དྲིལ་བུ་ཧཱུྃ་ཡིག་གིས་མཚན་པར་གྱུར། སྥ་ར་ཎ་ཕཊ། །སཾ་ཧ་ར་ཎ་ཧཱུྃ། །སྔར་བཞིན་འཕྲོས་འདུས་འོད་དུ་ཞུ་བ་ལས། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ། བཛྲ་ཀྲོ་དྷི་ཤྭ་རཱི་སྟཾྭ། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟར་གནག་ཅིང་ཉི་མ་བྱེ་བའི་གཟི་བྱིན་འབར་བ། རྣམ་ཐར་གསུམ་དང་ལྡན་བའི་རྟགས། དབུ་གསུམ་གྱི་གཡས་ཞལ་དཀར་ལ་བཞད་པ། །གཡོན་ཞལ་དམར་ལ་གཤེ་བ། །དབུས་ཞལ་མཐིང་ནག་དྲག་པོར་ཁྲོས་པའི་ཉམས་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ་རྣམ་བར་འགྱུར་བའི་ཞལ་གདངས་ཤིང་། མཆེ་བ་གཙིགས་པ། གློག་ལྟར་འཁྱུད་པའི་ལྗགས་འདྲིལ་ཞིང་། རྡོ་རྗེའི་གད་མོས་ས་གསུམ་གཡོ་བ་ཁྲོ་གཉེར་བསྡུས་པའི་ཤངས་ནས་མི་བཟད་པའི་ཧཱུྃ་འབྱིན་པ། རྫི་སྨིན་སྨར་ལས་འབར་བའི་མེ་འཁྱོག་པོར་སྤྲོ་པ། །སྐུ་ཆེ་ཞིང་ཡན་ལག་རགས་པ། ལང་ཚོ་རྒྱས་པའི་འགྱུར་བག་ཅན། རྡོ་རྗེའི་བ་སྤུས་གཏམས་པ། སྒེག་པ་དཔའ་བ་མི་སྡུག་པ། དགོད་དང་གཤེ་དང་འཇིགས་སུ་རུང་། སྙིང་རྗེ་རྡམས་དང་ཞི་བ་སྟེ་གར་གྱི་ཉམས་དགུས་རབ་ཏུ་རྒྱས་པ། ཡེ་ཤེས་དྲུག་དང་ལྡན་པའི་རྟགས། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་རིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཉིས་པས་རྡོ་རྗེ་རྩེ་ལྔ་དང་། བྷཉྫ་དམར་གྱིས་གང་བ་ཐོགས་པ། གསུམ་པས་ཞིང་གི་དབྱུག་པ་དང་སྟོང་གི་

(༢༡༩)འཇིག་རྟེན་འདེགས་པ། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས། ཞབས་བཞི་གཡས་བརྐྱངས་ཤིང་། །གཡོན་བསྐུམས་པའི་གྱད་ཆེན་པོའི་སྟབས་ཀྱིས་སྟན་ལ་རོལ་བ། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔ་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་བ། འཛག་པའི་མོག་བོ་ལྔ་བཅུའི་དོ་ཤལ་དང་། ཐོད་པ་ཚལ་བུའི་དཔུང་རྒྱན་ཅན། ཞིང་ཆེན་གྱི་གཡང་གཞི་དང་། གླང་པོ་ཆེའི་ཀོ་བརློན་པས་སྟོད་གཡོགས་ཤིང་། །སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཀླུ་རྒྱལ་རིགས་དཀར་པོས་སྐྲ་ཆིངས། རྗེའུ་རིགས་སེར་པོས་སྙན་ཆ། བྲམ་ཟེའི་རིགས་དམར་པོས་ས་མོད་དོང་མགུར་ཆུ། །དམངས་རིགས་ལྗང་གུས་སྐ་རགས་དང་དོ་ཤལ། །གདོལ་པ་ནག་པོས་ཕྱག་ཞབས་ཀྱི་གདུ་བུ་སྟེ། །ཐམས་ཅད་ཀྱང་གདུག་པའི་སྤྲུལ་གྱི་རྣམ་པ་ཅན། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་ཀྱིས་མཚན་པ་སྟེ་དུར་ཁྲོད་རོལ་པའི་ཆས་བརྒྱད་དང་། །དཔལ་གྱི་ཆས་བཅུ་སྒུ་ལ་རྫོགས་ཤིང་། སྙན་གོང་ནས་ཉི་མའི་འོད་ཟེར་སྤྲོ་བ། ཡུམ་ཀྲོ་དྷི་ཤྭ་སྔི་སྐྱ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པའི་ཉམས་འགྱུར་ཅན། གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་པ་ཁྲག་གིས་བཀང་བ་གཙོ་བོའི་ཞལ་དུ་སྟོབ་པ། གཟིག་གི་པགས་པའི་ཤམ་ཐབས་སོགས་དུར་ཁྲོད་རོལ་པའི་ཆས་ཅན་ཞབས་གཡོན་བརྐྱངས་ཤིང་། གཡས་བསྐུམས་པས་གཙོ་བོ་དང་དགྱེས་པར་འཁྲིལ་བ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་བདག་ཉིད་ཅན། བསྐལ་པའི་མེའི་ཕུང་པོ་རབ་ཏུ་འབར་བའི་ཀློང་ཁམས་གསུམ་པོའི་དབང་ཕྱུག་ཆེན་པོའི་ངོ་བོར་བཞུགས་པའོ། གཉིས་པ་དབང་བསྐུར་བ་ནི། རང་གི་ཐུགས་རིན་པོ་ཆེའི་གུར་ཁྱིམ་ལྟ་བུའི་ནང་དུ་ཉི་མ་ལ་གནས་པའི་རང་འདྲའི་ཡེ་ཤེས་

(༢༢༠)སེམས་དཔའ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་ཡིག་ཕྲ་མོ་འབར་བས་མཚན་པར་བསམས་ལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲས་མཱ་ཛས་སྤྱན་དྲངས་པར་བསམ་ཞིང་ཨོཾ་སརྦ་ཏ་ཐཱ་ག་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ལྦ་ཨུཏྨ་ཀོ་྅་ཧཾ། ཞེས་བསྐུལ་བས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྡར་བབས་ཏེ་དབང་བསྐུར་བར་བསམ་ཞིང་། རིགས་ལྔའི་དབང་རྒྱ་སྤྱི་བོའི་གནས་ལྔར་འཇོག་ཅིང་དབང་སྔགས་རྣམས་བརྗོད་པ་སྟེ། རྡོ་རྗེ་ཕྱི་མ་བསྡམས་ལས་གུང་མོ་གཉིས་བརྐྱང་བ་སྤྱི་བོར་བཞག་ལ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ལྦ་ཨཏྨ་ཀོ་྅་ཧཾ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བརྐྱང་བ་དཔྲལ་བར་འཇོག་ཅིང་། ཨོཾ་མ་ཧཱ་ཨ་ད་རྴ་ཛྙཱ་ན། སྲིན་ལག་གཉིས་བརྐྱང་བ་རྣ་ལྟག་གཡས་པས་འཇོག་ཅིང་། ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན། མཐེ་བོང་གཉིས་བརྐྱང་བ་ལྟག་པར་འཇོག་ཅིང་། ཨོཾ་མ་ཧཱ་བེཀྵན་ཛྙཱ་ན། མཐེའུ་ཆུང་གཉིས་བརྐྱང་བ་རྣ་ལྟག་གཡོན་པར་འཇོག་ཅིང་། ཨོཾ་མ་ཧཱ་ཀྲྀ་དྱ་ནུཥྠ་ན་ཛྙཱ་ན། ཞེས་རིམ་པར་དབང་བསྐུར་བས། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར་བས་ཀུན། བརྟགས་ལེ་གཞན་དབང་གིས་རྒྱས་བཏབ། ཆུ་ལྷག་མ་སྤྱི་བོར་བརྟེན་པ་ལས། གཞན་དབང་ལ་ཡོངས་གྲུབ་ཀྱིས་རྒྱས་བཏབ་པས་ཡེ་ཤེས་འགྱུར་བ་མེད་པའི་འརྡར་དབུ་གཙུག་ན་རྡོ་རྗེ་ཕྱེད་པ་དང་། རིགས་བ་དག་རྡོ་རྗེ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བརྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཨོཾ་ལ་ཐི་མ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་བས་རྒྱས་བཏབ་པར་གྱུར་

(༢༢༡)པར་བསམ་ཞིང་། རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་གཏུགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་བཛྲ་སྭ་བྷཱ་ལྦ་ཨཱཏྨ་྅་ཀོ་ཧཾ། མགྲིན་པར་པདྨ་ལ་གནས་པའི་ཨཱཾ་དམར་པོ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། གསུང་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཨཱཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་གྱུར། ཨཱཾ་ཡོངས་སུ་གྱུར་བ་ལས་སྣང་མཐའ་དམར་པོ་པདྨ་འཛིན་པས་རྒྱས་བཏབ་བར་གྱུར། རྡོ་རྗེའི་བྱག་རྒྱ་མགྲིན་བར་བཞག་ །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ལྦཱཀྐ་བཛྲ་སྭ་བྷཱ་ལྦ་ཨཱཏྨ་ཀོ་྅་ཧཾ། སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པ། དེའི་འོད་ཟེར་གྱི་དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཧཱུྃ་ལ་ཐིམ། དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར། ཧཱུྃ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པ་རྡོ་རྗེ་འཛིན་པས་རྒྱས་བཏབ་པར་གྱུར། རྡོ་རྗེའི་ཕྱག་རྒྱ་སྙིང་གར་གཞག་ །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ལྦ་ཨཱཏྨ་ཀོ་྅་ཧཾ། ཞེས་བརྗོད་ཅིང་། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་གསལ་ལོ། །གསུམ་པ་སྲས་གྱི་དཀྱིལ་འཁོར་བསྐྱེད་པ་ལ། རིགས་བཞིའི་ཧེ་རུ་ཀ་བསྐྱེད་བ་དང་། འཁོར་གྱི་དཀྱིལ་འཁོར་བསྐྱེད་བའོ། །དང་པོ་ལ་གཉིས། མཁའ་གསང་བརླབ་པ་དང་། ལྷ་ཚོགས་སྤྲོ་བ་གཉིས་ལད་དང་པོ་ནི། ཡབ་ཀྱི་གསང་གནས་ཧཱུྃ་ལས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་བྱང་ཆུབ་ཀྱི་སེམས་ཨོཾ་དཀར་པོར་གནས་པའི་བུག་ཕཊ་ཀྱིས་བཀག་པ། ཡུམ་གྱི་མཁའ་བཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་ར་ཀྟ་ཨཱཾདམར་པོར་གནས་བའི་གེ་སར་ཨེས་མཚན་པར་མོས་ལ། ས་མ་ལ་སྟཾྭ། ས་མ་ཡ་ཧོ། མ་ནུ་རཱ་ག་ཧཾ། ཨ་ནུ་ག་ག་ཡ་ཧཾ། སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཧཱུྃ་བཾ་ཧོཞེས་ཕྱག་རྒྱ་བཞིས་འཁྱུད་སྡོམ་སྒྲད་ནས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་

(༢༢༢)གཉིས་སུ་མེད་པར་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་བ་ཐམས་ཅད་བཀུག་ནས་ཞལ་དུ་ཞུགས། རྗེས་སུ་ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདོྨར་ལན་གསུམ་དུ་སྤྲོས་བ་ལས་ལྷ་རྣམས་ཀྱི་ས་བོན་ཡིག་འབྲུའི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བར་གྱུར་པར་བསམ་མོ། །གཉིས་བ་ལྷ་ཚོགས་སྤྲོ་བ་ནི། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་བ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ཅེས་བརྗོད་པས། དབུས་ཀྱི་ཧཱུྃ་གཉིས་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་གྱུར་ཕཊ་ཛ ཞེས་པས་མཁའ་ལས་སྤྲོས་ནས་མདུན་གྱི་ནམ་མཁར་བཞུགས་བར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། དེ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བའི་སྦྱོར་བས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ། བདག་ཉིད་གཙོ་བོ་ཡབ་ཡུམ་ལ་གཉིས་སུ་མེད་བར་གྱུར། དེ་བཞིན་དུ་ས་བོན་ཡིག་འབྲུའི་དཀྱིལ་འཁོར་གཞན་རྣམས་ཀྱང་ལྷ་སྐུར་རྫོགས་པ། ཕཊ་ཛ ཞེས་མཁའ་ལས་སྤྲས་ཏེ་རང་རང་གི་གདན་ལ་བཞུགས་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུ་ཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དུ་ཥཾྚ་ཧཱུྃ་ཕཊ། ཤར་གྱི་རྩིབས་ལ་བུདྡྷ་ཧེ་རུ་ཀ་སྐུ་དང་རྩ་ཞལ་སྨུག་ནག་ གཡས་དཀར་གཡོན་སེར་པའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ། གཉིས་བས་རྡོ་རྗེ་དང་དུང་ཁྲག་ །ཐ་མས་ཞིང་དབྱུག་དང་ཏྲི་ཤུལ་འཛིན་པ་ཡུམ་བུདྡྷ་ཀྲོ་དྷི་ཤྭ་རཱི་མ་སྨུག་ནག་དང་མཉམ་བར་སྦྱོར་བ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུ་ཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་སཱུ་རྱ་རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བེ་དམ་ཧཱུྃ་ཕཊ། ལྷོའི་རྩིབས་ལ་རཏྣ་ཧེ་རུ་ཀ་སྐུ་དང་རྩ་ཞལ་སེར་ནག་ །གཡས་སྔོ་གཡོན་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རིན་པོ་ཆེ་དང་དྲིལ་བུ། གཉིས་བ་

(༢༢༣)།རྡོ་རྗེ་དང་དུང་ཁྲག་ །ཐམས་ཞིང་དབྱུག་དང་དགྲ་སྟྭ་འཛིན་པ། ཡུམ་རཏྣ་ཀྲོ་ཤྭ་རཱི་མ་སེར་མོ་དང་མཉམ་པར་སྦྱོར་བ། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཏྣ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཱི་ཤཱུ་ཏ་ས་མ་ཏ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཁཱ་ཧི་ཧཱུྃ། ཕཊ། ནུབ་ཀྱི་རྩིབས་ལ་པདྨ་ཧེ་རུ་ཀ་སྐུ་དང་རྩ་ཞལ་དམར་ནག་ །གཡས་དཀར་གཡོན་སེར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་པདྨ་དང་དྲིལ་བུ་འཛིན་པ། །གཉིས་པས་རྡོ་རྗེ་དང་དུང་ཁྲག་ ཐ་མས་ཞིང་དབྱུག་དང་རྡེའུ་ཆུང་འཛིན་པ། ཡུམ་པདྨ་ཀྲོ་དྷི་ཤྭ་རཱི་མ་དམར་མོ་དང་མཉམ་པར་སྦྱོར་བ། ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུ་ཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷི་ཤྭ་རི་བི་ཤྭ་ཧཱུྃ་ཕཊ། བྱང་གི་རྩིབས་ལ་ཀརྨ་ཧེ་རུ་ཀ་སྐུ་དང་རྩ་ཞལ་ལྗང་ནག་ །གཡས་དཀར་གཡོན་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྒྱ་གྲམ་དང་དྲིལ་བུ། གཉིས་བས་རྡོ་རྗེ་དང་དུང་ཁྲག་ །ཐ་མས་ཞིང་དབྱུག་དང་ཐོད་གཤོལ་འཛིན་པ། ཡུམ་ཀརྨ་ཀྲོ་དྷི་ཤྭ་རཱི་བི་ཤྭ་མ་ལྗང་མོ་དང་མཉམ་པར་སྦྱོར་བ། ཁྲག་འཐུང་ཡབ་ཡུམ་ཐམས་ཅད་ཀྱང་གར་དགུའི་རོས་སྒེག་ཅིང་། རྒྱན་དང་ཆ་ལུགས་གཙོ་བོ་དང་མཐུན་པ། རང་རང་གི་གདན་ལ་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། ཕཊ་ཛཞེས་བརྗོད་པས་འཁོར་ལོའི་གྲྭ་དང་གྲུ་ཆད་བཞི་ལ། ཨོཾ་བཛྲ་ཀཽ་རཱི་ཧ། རྩིབས་མཆན་གྱི་ཤར་ལྷོར་གཽ་རཱི་མ་སྔོན་མོ་གཡས་ཞིང་དབྱུག་དང་གཡོན་བྷན་དམར་འཛིན་པ། ཨོཾ་བཛྲ་ཙོ་རཱི་ཧ། ལྷོ་ནུབ་ཏུ་ཙཽ་རཱི་མ་སེར་མོ་མདའ་གཞུ་འགེངས་བ། ཨོཾ་བཛྲ་པྲ་མོ་ཧ་ཧ། ནུབ་བྱང་ཏུ་པྲ་མོ་ཧ་དམར་མོ་སྲིན་གྱི་རྒྱལ་མཚན་འཕྱར་པ། ཨོཾ་བཛྲ་པེ་ཏ་ལཱི་ཧ། བྱང་ཤར་དུ་པེ་ཏ་ལཱི་ནག་མོ་གཡས་རྡོ་རྗེ་འཕྱར་ཞིང་གཡོན་བྱིས་བའི་བམ་ཟ་བ། ཨོཾ་བཛྲ་པུ་སྐ་སི་ཧ། གྲུ་ཆད་ཀྱི་ཤར་ལྷོར་བུ་སྐ་སཱི་དམར་སེར་ཞིང་ཆུང་གི་རྒྱུ་མ་འདྲེན་བ། ཨོཾ་བཛྲ་དྷ་སྨ་རཱི་ཧ།

(༢༢༤)ལྷོ་ནུབ་ཏུ་གྷ་སྨ་ལྗང་གུ་གཡས་པའི་རྡོ་རྗེས་གཡོན་གྱི་དུང་དམར་དཀྲུག་ཅིང་གསོལ་བ། ཨོཾ་བཛྲ་སྨེ་ཤ་ནཱི་ཧ། ནུབ་བྱང་དུ་སྨེ་ཤ་མཐིང་ནག་བྱིས་པའི་རོ་བཟུང་ནས་སྙིང་ཟ་བ། ཨོཾ་བཛྲ་ཙཎྜ་ལཱི་ཧ། བྱང་ཤར་དུ་ཙཎྜ་ལཱི་སེར་སྐྱ་མཆོག་ལུས་འབྲལ་བ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙིགས་པ། སྐྲ་སེར་པོ་གྱོན་དུ་བརྫེས་བ། གཅེར་བུ་དུར་ཁྲོད་རོལ་པའི་ཆས་ཅན། གཡོན་བརྐྱང་པའི་སྟབས་ཀྱིས་གནས་པའོ། །ཕཊ་ཛ ཞེས་སྤྲོས་པས་གསེར་ཁྱམས་ཀྱི་ཕྱོགས་མཚམས་བརྒྱད་དུ། ཨོཾ་བཛྲ་སིདྷ་མུ་ཁ་ཧེ། ཤར་དུ་སེང་གདོང་སེར་མོ་ཕྱག་གཉིས་ཐུགས་ཀར་གྱེན་དུ་བསྣོལ་བས་ཏིར་བཟུང་ནས་ཟ་བ། ཨོཾ་བཛྲ་བྱཱ་གྷྲི་མུ་ཁ་ཧེ། ལྷོར་སྟག་གདོང་མ་དམར་མོ་ཕྱག་གཉིས་མཐུར་དུ་བསྣོལ་ནས་རོ་བཟུང་བ། ཨོཾ་བཛྲ་ཤྲི་གཱལ་མུ་ཁ་ཧེ། ནུབ་ཏུ་བླ་གདོང་མ་ནག་མོ་ཞིང་ཆུང་བཟུང་ནས་ལྕེས་བལྡག་པ། ཨོཾ་བཛྲ་ཤྭ་མུ་ཁ་ཧེ། བྱང་དུ་སྤྱད་གདོང་མ་མཐིང་ག་ཞིང་ཆུང་གི་ཁོག་པ་འདྲལ་བ་སྟེ་མཆེ་བ་ཅན་བཞི་དང་། ཨོཾ་བཛྲ་གྲྀདྡྷ་མུ་ལ་ཧེ། ཤར་ལྷོར་བཞད་གདོང་མ་དམར་གསེར་གཡོན་ཞིང་ཆུང་བཟུང་བའི་རྒྱུ་མ་གཡས་པས་དྲངས་ནས་གསོལ་བ། ཨོཾ་བཛྲ་ཀངྐ་མུ་ཁ་ཧེ། ལྷོ་ནུབ་ཏུ་ཀངྐའིམགོ་ཅན་དམར་སྐྱ་བམ་རོའི་རྐང་ལག་བཟུང་ནས་ཕྲག་པར་འགེལ་པ། ཨོཾ་བཛྲ་ཀཱ་ཀ་མུ་ཁ་ཧེ། ནུབ་བྱང་དུ་བྱ་རོག་གདོང་མ་ནག་མོ་གཡས་རལ་གྲི་གཡོན་བྷན་དམར་འཛིན་པ། ཨོཾ་བཛྲ་ཨུ་ལུ་ཀ་མ་ཁ་ཧེ། བྱང་ཤར་དུ་འུག་གདོང་མ་མཐིང་ག་གཡས་ལྕགས་ཀྱུ་དང་གཡོན་བྷན་དམར་འཛིན་པ་སྟེ། གཤོག་པ་ཅན་བཞི། ཐམས་ཅད་གཅེར་བུ་རང་རང་ཁྲོས་པའི་ཞལ་ཅན་དྲག་མོའི་རྣམ་འགྱུར་དུར་ཁྲོད་འབར་བའི་ཆས་དང་ལྡན་པའོ། །ཕཊ་ཛ ཞེས་སྤྲོས་བས་སྒོ་བཞིའི་ནང་དུ། ཨོཾ་བཛྲ་ཨཱ་རྱ་ཏེ་ཛ་ཏེང་ཛ། ཤར་སྒོ་རྟ་གདོང་མ་སྔོན་པོ་ལྕགས་ཀྱུ་འཛིན་པ། ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ། ལྷོ་སྒོར་ཕག་གདོང་མ་ནག་མོ་མཆེ་ཞགས་འཛིན་པ། ཨོཾ་བཛྲ་ལོ་ཀ་བཾ། ནུབ་སྒོར་སེང་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ།

(༢༢༥)ཨོཾ་བཛྲ་བྷ་སྨི་པ་ལ་ཡ་བ་ཏུ་ཧོ །བྱང་སྒོར་སྤྱང་གདོང་མ་ལྗང་དུ་དྲིལ་བུ་འཛིན་པ། བཞི་ཀའང་གཅེར་བུ་གཏུམ་ཞིང་ཁྲོས་བའི་ཉམས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཏེ་ཞལ་ཕྱིར་ཕྱོགས་ནས་འཁོད་པའོ། །གཉིས་པ་འཁོར་ཁྱམས་དབང་ཕྱུག་མ་བསྐྱེད་པ་ནི། བདག་ཉིད་བཛྲ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ཉི་ཤུ་རྩ་བརྒྱད་འགྲོས། ཁྱམས་ཕྱི་མའི་ཕྱོགས་བཞིར་དྲུག་དྲུག་དང་། སྒོ་བཞིར་རེ་རེ་སྟེ་རང་རང་གི་སྟན་ལ་འཁོད་པ་ལས། རིམ་པ་བཞིན། མ་ནུ་རཀྴ་སཱི་བྷྱོ། པྲཧྨ་ཎི་བྷྱོ། རཽ་ཏྲཱི་བྷྱོ། བཥྞ་བཻ་བྷྱོ། ཀུ་མ་རཱི་བྷྱོ། ཨིནྡ་ཎི་བྷྱོ། ཤར་སྟོད་ནས་གཡས་སྐོར་དུ་རིམ་བ་བཞིན། སྲིན་མོ་སྨུག་ནག་ཐོད་རློན་འཆང་བ། ཚངས་མ་དམར་སེར་པདྨ་བསྣམས་བ། ལྷ་ཆེན་མོ་དཀར་ལྗང་ཏྲི་ཤུལ་འཛིན་པ། རྟོགས་འདོད་མ་སྔོན་མོ་འཁོར་ལོ་འཆང་བ། གཞོན་ནུ་མ་དམར་མོ་མདུང་ཐུང་འཕེན་པ། བརྒྱ་བྱིན་དཀར་མི་ཨིནྡྲ་གདེངས་པའོ། །བཛྲ་བིང་ག་ལོ་བྷྱོ། ཨ་མྲྀ་ཏཾ་བྷྱོ། སཽ་མྱ་བྷྱོ། ནནྜ་དཾ་བྷྱོ། རཀྵ་སཱི་བྷྱོ། བྷཀྵ་སཱི་བྷྱོ། ལྷོ་སྟོད་ནས་རིམ་པ་བཞིན། རྡོ་རྗེ་མ་སེར་མོ་དིང་ཁྲག་འཐུང་བ། བདུད་རྩི་མ་དམར་མོ་པདྨ་བསྣམས་བ། ཟླ་བ་མ་དཀར་མོ་པུཎྜ་རི་ཀ་འཛིན་པ། བེ་ཅོན་མ་ལྗང་ནག་དབྱུག་ཐོ་འཕྱར་བ། སྲིན་མོ་དམར་མོ་དུང་ཁྲག་འཐུང་བ། ཟ་བ་མ་ལྗང་ནག་རྒྱུ་མ་འདྲེན་པའོ། །རཱི་ཏི་བཛ་བྷྱོ། རུ་ཏི་ར་མཏྟཱ་བྷྱོ། ཨེ་ཀ་ཙ་རི་ཎི་བྷྱོ། མ་ན་ཧ་རཾ་བྷྱོ། སིདིྡྷ་ཀཾ་བྷྱོ། བཱ་ཡ་བཱི་བྷྱོ། ནུབ་སྟོད་ནས་རིམ་པ་བཞིན། དགའ་བ་དམར་མོ་ཀ་ཏར་འཕྱར་བ། སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན་པ། རྡོ་རྗེ་སེར་མོ་སྤུ་གྲིས་གཅོད་པ། འདོད་པ་མ་དམར་མོ་མངའ་གཟུང་འགེངས་པ། ནོར་སྲུང་མ་དཀར་མོ་བུམ་པ་འཛིན་པ། རླུང་ལྷ་མ་སྔོན་མོ་བ་དན་འཕྱར་བའོ། །མ་ཧཱ་མཱ་ར་ཎ་བཛྲ་བྷྱོ། ཨ་གིྣྲ་མ་བྷྱོ། བཱ་ར་ཧཱི་བྷྱོ། ཙ་མུ་ཎིྜ་

(༢༢༦)བྷྱོ། སུ་ཏ་ནི་བྷྱོ། བ་རུ་ཎི་བྷྱོ། བྱད་སྟོད་ནས་རིམ་པ་བཞིན། གསོད་བྱེད་མ་དཀར་མི་རལ་གྲི་འཛིན་བ། མ་མོ་དམར་མོ་གསལ་ཤིང་འཕྱར་བ། ཕག་མོ་ནག་མོ་མཆེ་ཞགས་འཛིན་བ། རྒན་བྱེད་མ་དམར་མོ་ཞུང་ཆུང་ཟ་བ། སྣ་ཆེན་མ་དཀར་ལྗང་ཐོད་ཁྲག་འཐུང་བ། ཆུ་ལྷ་སྔོན་མོ་སྤྲུལ་ཞགས་འཛིན་པའོ། །བཛྲ་མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀཱ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལ་མྦོ་དྷ་ར་བྷྱོ། ཤར་སྒོར་རྡོ་རྗེ་ནག་མོ་ཆེན་མོ་ལྕགས་ཀྱུ་འཛིན་བ། ལྷོར་སྒོར་རྡོ་རྗེར་མོ་སེར་ནག་ཞགས་པ་འཛིན་པ། ནུབ་སྒོར་རྡོ་རྗེ་བུམ་སྣམ་དམར་ནག་ལྕགས་སྒྲོག་འཛིན་པ། བྱར་སྒོར་རྡོ་རྗེ་གསུས་འཛིན་མ་ལྗང་ནག་དྲིལ་བུ་འཁྲོལ་བ་སྟེ། ཐམས་ཅད་ཀྱང་གཏུམ་ཞིང་ཁྲོས་པ་དྲག་མོའི་ཉམས་ཅན་དུར་ཁྲོད་རོལ་པའི་ཆས་ཀྱི་བརྒྱན་ཏེ། འདོད་དགུར་བསྒྱུར་བའི་རྣམ་རོལ་ཅར་ཡང་འཆར་བ་མེ་དབུང་འབར་བའི་དབུས་ན་གནས་པའི་ལྷ་ཐམས་ཅད་ཀྱི་སྲོག་གི་གོར་ཡེ་ཤེས་སེམས་དཔའི་དངས་མའི་སྲོག་ཡིག་དང་བཅས་པས་མཚན་པའོ། །ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་བས་དཀྱིལ་འཁོར་ལོ་ཐམས་ཅད་གསལ་བརྟན་བསྒྲིབ་པ་མེད་པ་འབར་བའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོ་བའི་བདག་ཉིད་དུ་གནས་པར་བསམ་མོ། །གསུམ་པ་ལས་ཀྱི་རིམ་བའི་ཏིང་ངེ་འཛིན་ལ་དྲུག་སྟེ། སྤྱན་དྲང་བ། མཆོད་པ་དབུལ་བ། བཤགས་པ་བྱ་བ། དངོས་གྲུབ་གསོལ་བ། དམ་བཅའ་བ། ཛ་པྲ་བཟླ་བའོ། །དང་པོ་ལའང་ནང་གསེས་བཞིའི་དང་པོ་སྙན་གསན་དབབ་པ་ནི། གཙོ་བོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དངས་མའི་ཐུགས་སྲོག་ཧཱུྃ་མཐིང་ག་ཡེ་ཤེས་ལྔའི་རང་བཞིན་རྟག་ཏུ་འཆར་བཞིན། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བས། ཆོས་སྐུ་འགྱུར་བ་མེད་པའི་དད་ལས། གཟུགས་སྐུ་ལྔ་བཅུ་རྩ་བརྒྱད་སྒྱུ་འཕྲུལ་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པ་ཅན་དུ་བསམས་ལ། ཧཱུྃ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་

(༢༢༧)ཆེ། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་བ་ཡིས། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག་ །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་སྙན་མནན་ལ། གཉིས་པ་སྤྱང་དྲང་བ་དངོས་ནི། ཧཱུྃ། རྡོ་རྗེ་སྙིང་པོ་སྲིད་གསུམ་མགོན། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །འཇིགས་བྱེད་འདུལ་བ་འཇིགས་བའི་གཙོ། །རྡོ་རྗེ་ཁྲག་འཐུང་གཤེགས་སུ་གསོལ། །ཐོད་རུས་འབར་བའི་དཀྱིལ་འཁོར་ནས། །མཁའ་འགྲོའི་ཚོགས་དང་ལོངས་སྤྱོད་ཅིང་། །གདུག་པ་མ་ལུས་འདུལ་མཛད་པ། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པ། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཡེ་ཤེས་རྟོག་པའི་ཁྱད་པར་ལས། །སྤྲུལ་པ་མང་པོའི་ཚོགས་དང་གཤེགས། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨེ་ཧྱེ་ཧི་ཨ་ན་ཡ་ཛཧཱུྃ་བཾ་ཧོ །དམ་ཚིག་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་རྣམ་པ་ཅན་དུ་འཕྲོས། ཡེ་ཤེས་ཀྱི་འཁོར་ལོ་བཀུག་བཅིངས་བསྔམས་ལ་དགྱེས་པ་བསྐྱེད་ནས། རཾ་བཞེས་བས་དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབས་འབྱར་དུ་བཞུགས་པར་བསམ་མོ། །གསུམ་པ་རིག་པའི་མེ་ཏོག་དོར་བ་ནི། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཨོཾ། ཨཱབཛྲ་ཀྲོ་དྷ་ས་མ་ཡ་ཨཱ ཧཱུྃ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ཀྲོ་དྷ་ས་མ་ཡ་སྭཱ། ཧཱ་བཛྲ་ཀོ་དྷ་ས་མ་ཡ་ཧཱ། ཞེས་བརྗོད་པས་རང་བཟིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་དབྱེར་མེད་དུ་རྟོགས་བར་བྱའོ། །བཞི་པ་དངོས་གྲུབ་བསྐུལ་བ་ནི། ཨོཾ། ཁྲོལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྡམས་བའི་ཚོགས། །འབར་བའི་བྱིན་བརླབས་

(༢༢༨)རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་ཀྲོ་དྷ་ས་མ་ཡ་ཧོ། །ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་དཀྱིལ་འཁོར་ལ་དབྱེར་མེད་དུ་བསྟིམ་ནས། དམ་ཚིག་བསྐུལ་ཞིང་རང་དབང་དུ་བྱས་པ། ལྷ་རྣམས་རྗེས་ཆགས་ཀྱི་དགྱེས་པ་བསྐྱེད་ནས་དྲིན་ལན་གྱི་ཚུལ་དུ། ཨ་ལི་ཨུ་ལི་ཏཱ་པ་ལོ་དིཥྚ་གོ་ནཱ་རཽ་ཧྲི་ཁ་རཾ་ཡོ་གི་མཱ་ཁཱ་ཧི་ཧེ། ཅེས་བརྗོད་པས་གསལ་ཞིང་བརྟན་པར་བྱས་ལ། བཞུགས་སུ་གསོལ་བ་ནི། ཧཱུྃ། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དོན་གྱི་དངོས་གྲུབ་མཆོག་གི་གནས། །བདག་ལ་གསལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཀཱ་ཡ་ལྦཱཀྐ་ཙིཏྟ་ཏིཥྛ་བཛྲ། གཉིས་པ་མཆོད་པ་ལ་ཕྱག་དང་མཆོད་པ་གཉིས་ལས། དེ་གཉིས་གང་གི་ཚེ་ཡང་། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་སྤྲུལ་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་དཀྱིལ་འཁོར་གྱི་ཤར་སྒོར་འཁོར་པས་སེམས་ཅན་དང་བྱ་བྱེད་ཐུན་མོང་དུ་གྱུར་པས་དེ་དང་དེའི་བྱ་བ་ལ་འཇུག་པ་མོས་ནས། དང་པོ་ཕྱག་འཚལ་བ་ནི། ཧཱུྃ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུང་ཅིང་། །བྱམས་དང་སྙིང་རྗེར་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་ནས། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་སྒྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིད་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། ཨ་ཏི་པུ་ཧོ། །པྲ་ཏི་པུ་ཧོ།

(༢༢༩)གཉིས་པ་མཆོད་པ་ལ་བཅུ་གསུམ་ལས། དང་པོ་ཕྱག་རྒྱའི་མཆོད་པ་ནི། ཧཱུྃ། རྣམ་པར་གྲོལ་བད་སྐོར་བ་མཚོན་པའི་ཕྱིར། །དབུས་ཀྱི་པད་སྐོར་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྩེ་དགུ་རྩེ་ལྔ་ཏི་ར་གཡས། །དྲིལ་བུ་དུང་དམར་འཇིག་རྟེན་གཡོན། །དཔལ་ཆེན་ཡེ་ཤེས་ཐབས་ཀྱི་རྒྱ། །ཤེས་རབ་དབྱིངས་མའི་ཕྱག་རྒྱ་ནི། །ཞལ་ཅིག་ཕྱག་གཉིས་། སྐུ་མདོག་མཐིང་། བདག་སྐོར། གཡས་པ་ཤེས་རབ། །མཛུབ་བརྡ། ཐབས་ལ་བརྟེན། །གཡོན་པ་དུང་སོ་སོའི་རྐ་སྟབས། དམར་གཙོ་ལ་སྟོབ། །ཀྲི་དྷི་ཤྭ་རཱི་དབྱིངས་ཀྱི་རྒྱ། །འབར་བའི་པད་སྐོར། ཕྱི་སྐོར། གཡོན་དགྲོལ། གདན་ལ། བད་སྐོར། བཞེངས་ནས་ཀྱང་། །མཆོད་དཔེའོ། །བཞེས་པད་སྐོར་མ་བསྐང་དངོས་གྲུབ་སྩོལ། །རིགས་བཞི་ཁྲོ་རང་ཕྱག་བོའི་ཕྱག་རྒྱ་ལས། བུདྡྷ་ཧེ་རུའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་སེར་དབུས་སྨུག་ཞལ། །འཁོར་ལོ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་ཏྲི་ཤཱུ་གཡོན། །དཔལ་ཆེན་བུདྡྷ་ཐབས་ཀྱི་རྒྱ། །རཏྣ་ཧེ་རུའི། པས་སྐོར། ཕྱག་རྒྱ་ནི། །གཡས་སྔོ་གཡོན་དམར་དབུས་སེར་ཞལ། །རིན་ཆན་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་དགྲ་སྟྭ་གཡོན། །དཔལ་ཆེན་རཏྣ་ཐབས་ཀྱི་རྒྱ། །དྲིལ་བུ་དུང་དམར་ཐོད་གཤོལ་གཡོན། །དཔལ་ཆེན་ཀརྨ་ཐབས་ཀྱི་རྒྱ། །རིགས་བཞིའི་ཡུམ་ལྔའི་ཕྱག་རྒྱ་ནི། ཞལ་གཅིག་པྱག་གཉིས་རིགས་ཀྱི་མདོག་ །གཡས་པ་ཤེས་རབ་ཐབས་ལ་བརྟེན། །གཡོན་པ་དུང་དམར་གཙོལ་སྟོབ། །ཀྲོ་དྷི་རིགས་བཞི་

(༢༣༠)དབྱིངས་ཀྱི་རྒྱ། །འབར་བའི་གདན་ལ་བཞེངས་ནས་ཀྱང་། མཆོད་བཞེས་དམ་བསྐང་དངོས་གྲུབ་སྩོལ། །གནས་པ་བརྒྱད་ཀྱི་ཕྱག་རྒྱ་ནི། །ཀཽ་རཱི་བྷན་དམར་ཞིང་དབྱུག་སྔོ། །ཙཽ་རཱི་མདའ་གཞུ་འགིངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །པེ་ཏ་བྱིས་ཟ་རྡོར་འཕྱར་ནག་ །པུ་སྐ་དམར་སེར་གྱིས་རྒྱུ་འདྲེན། །གྷ་སྨ་དུང་དམར་དཀྲུག་འཐུང་ལྗང་། །སྨི་ཤ་མཐིང་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་མཆོག་ལུས་འདྲལ། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་བསྐང་དངོས་གྲུབ་སྩོལ། །ཡུམ་མ་བརྒྱད་ཀྱི་ཕྱག་རྒྱ་ནི། སི་དྷ་ཁ་རོ་བསྣོལ་སེང་སེང་། །བྱཱ་གྷྲཱི་གནས་ལྟག་བསྣོལ་དམར་སྟག་ །སྲི་ལ་ནག་མོ་བྱིས་བ་ལྡག་ལྦ། ཤྭ་ན་འདྲལ་ལྟ་མཐིང་ག་སྦྱང་། །གྲིདྡྷ་མགྲིན་དམར་རྒྱུ་འདྲེན་རྒོད། །ཀངྐ་ཞིང་ཕྲག་སྣར་སྤུབ་བགན་སྦྱར། མགོ་རིང་། །ཧཱ་ཀ་ཁ་རོ་བྷན་གྲི་པད་སྐོར། ནག་ །ཨུ་ལུ་ལྕགས་ཀྱུ་མཐིང་ཚོགས་ལུག་ །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་བསྐང་དངོས་གྲུབ་སྩོལ། །སྒོམ་བཞི་ཡི་ཕྱག་རྒྱ་ནི། །རྟ་གདོང་སྔོན་མ་ལྕགས་ཀྱུ་འཛིན། །ཕག་གདོད་ནག་མོ་མཆེ་ཞགས་ཅན། །སེང་གདོང་དམར་མོ་ལྕགས་སྒྲོག་སྡོམ། གཡས་མཛུབ་བཀུག་སྤྱང་གདོང་ལྗང་ནག་དྲིར་འཁྲོལ་དགྱེས། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་བསྐང་དངོས་གྲུབ་སྩོལ། །འཇིག་རྟེན་འདས་དང་མ་འདས་པའི། །རང་ཕྱག་ །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆད་ཚངས་མ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏྲི་ཤཱུ་ལ། །རྟོགས་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་དུ་དམར་མོ་མདུང་ཐུང་འཕེན། པད་སྐོར། །བརྒྱ་བྱིན་རྒྱུ་འདྲེན། དཀར་མོ་ཨིནྡྲ་གདེངས། པད་སྐོར། །རྡོ་རྗེ་སེར་མོ་ཙན་དན་པད་སྐོར། འཐུང་། །བདུད་རྩི་དམར་མོ་པདྨ་སྲིན་ལག་མིག་འབྲས་བྱ།

(༢༣༡)བསྣམས། །ཟླ་བ་དཀར་མོ་པུཎྜ་རི། །བེ་ཅོན་ལྗང་ནག་དབྱུག་ཐོ་འཕྱར། །སྲིན་མོ་དམར་མི་དུང་ཁྲག་འཐུང་། །ཟ་བ་ལྗང་བ་སུ་འདྲེན། །དགའ་བ་དམར་མོ་ཀ་ཏར་འཕྱར། །སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན། །རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །འདོད་པ་དམར་མོ་མངའ་གཞུང་འགེངས། །ནོར་སྲུང་དཀར་མོ་བུམ་བ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཕྱར། །གསོད་བྱེད་དཀར་མི་རལ་གྲི་འཛིན། །མེ་མོ་དཀར་མོ་གསལ་ཤིང་། གཡས་གདེངས་འཕྱར། །ཕག་གཡོན་སྡིགས་མཛུབ་དང་གཡས་རྡོ་རྗེ་ཁུ་ཚུར། །གདོང་ནག་མོ་མཆེ་ཞགས་ཅན། །རྒན་བྱེད་དམར་མོ་ཞིང་ཆུང་ཟ། །སྣ་ཆེན་དཀར་ལྗང་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་ཅན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །རྡོ་རྗེ་སེར་མོར་མགོ་ཞགས། །རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ། །རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་བསྐང་དངོས་གྲུབ་སྩོལ། །ཞེས་རིམ་པ་བཞིན་ལྷ་སོ་སོའི་ཕྱག་རྒྱ་མདུན་དུ་བཅའ་ཞིང་བསྒྱུར་བའི་མཐར། །སྒོམ་བཞིའི་རབ་ཕྱག་ ཡུམ་རྒྱ་གཡས་དང་ཡབ་རྒྱ་གཡོན་དུ་འགྲོལ་ལོ། །ཕྱག་རྒྱ་བཞིའི་མཚན་ཉིད་ནི་ཞི་བར་བཤད་པ་བཞིན་འདིར་ཡང་ངེས་པར་བྱའོ། །གཉིས་པ་ཀུན་བཟུང་ནི། ཨོཾ་ཧཱུྃ། བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་ཁུ་ཚུར་ཁ་སྦྱར་བརླ་གཡོན་སྟེང་དུ་འཇོག་ །བ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟད་མཆོད་སྤྲིན་མཆོག་དུ་རོལ། །ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བ་ཤྭ་མུ་ཁེ་བྷྱ སརྦ་ཏཏྑཾ་ཨུཏྒ་ཏེ་སྥར་ཎ་ཧི་མཾ་ག་ག་ན་ཁྃ་སྭཱ་ཧཱ། ཞེས་ཕྱི་ནང་གསང་བའི་འདོད་ཡོན་གྱི་དངོས་པོ་མཐའ་དག་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཅེན་པོར་འབལ་ལོ། །གསུམ་པ་ཞབས་བསིལ་ནི། །ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་

(༢༣༢)ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བི་དྱ་དྷ་ར་པཱུ་ཛི་ཏེ་ན་མས་མནྟ་བུདྡྷ་ནཾ་ག་ག་ན་ཁཾས་མ་ཡེ་སྭཱ་ཧཱ། ཞེས་རིམ་བར་ཕྱག་ཞབས་བསིལ་ཞིང་ཞལ་དུ་གསོལ་བར་བསམ་མོ། །བཞི་པ་བཞི་པ་སྣོལ་ནི། སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་ཧཱུྃ། སྤོས་ཀྱི་སྤྲིན་ལྗིང་བདུག་པ་མོ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲདཱུ་པེའི་མཆོད་པར་རོལ། །ཨོཾ་པ་ན་པེཾ་པེ་མུ་སུ་ར་ཏོ། །ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡིྷ་ཧུ། ས་མ་ཡོ་ཏ་མུ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཤྲཱི་བཛྲ་རཱ་གཔྙུ་བེ་ངྙུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་བུཥྤེ་འི་མཆོད་པར་རོལ། །ཨོཾ་པ་ན་པཾ་པེ་ནུ་སོགས་ཀྱི་མཐར། །ཨོཾ་ཤྲཱི་བཛྲ་རཱི་ག་པུ་ཥྤ་པུ། དབང་གི་ཕྱག་ན་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ལོ་ཀེའི་མཆོད་པར་རོལ། །ཨོཾ་པ་ན་བཾ་སོགས། ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི ཙན་དན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། བཏང་སྙོམས་ཐབས་དང་ཤེས་རབ་ལས། །བཛྲ་གནྡྷེའི་མཆོད་པར་རོལ། །ཨོཾ་བན་པོ་སོགས་དང་། །ཨོཾ་ཤྲཱི་བཛྲ་རཱ་ག་དྷནེྡྷ་གན། ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་ནས་ཤངས་ལ་སོགས་པའི་དབང་པོ་སོ་སོ་ལ་ཐིམ་བར་བསམ་མོ། །ཨོཾ་ཨཱཧཱུྃ་རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གུབ་པར་མཛོད། །མཆོད་ཆེན་ཐམས་ཅད་ཅིང་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་པ། སྐྱེས་དང་སྐྱེས་ལན་གྱི་ཚུལ་དུ་ལྷ་རྣམས་མཉེས། །ལྷ་མོ་རྣམས་སླར་བྱུང་སྟེ་རང་གི་གནས་བཞིར་

(༢༣༣)ཐིམ་པས་སྐུ་གསུང་ཐུགས་ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པར་བསམ་མོ། །ལྔ་པ་སྨན་མཆོད་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག་ །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་བསྒྲལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས། །ཐུགས་དམ་དབྱིངས་ནས་བསྐང་བའི་ཕྱིར། །འདི་ནི་སྔོན་གྱི་ཐ་ཚིག་སྟེ། །སྐུ་གསུང་ཐུགས་ཀྱི་དད་ཉིད་དུ། །བདག་ཅག་དད་པས་འབུལ་ལགས་ན། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཞེས་སྤྱིར་དབུལ་ཞིང་བྱེ་བྲག་ཏུ་དཀོན་མཆོག་འགྲེལ་ལས། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཞུབ་སེམས། །དེ་སྩོལ་བླ་མ་དེ་རྒྱ་ལྷག་པའི་ལྷ། །དེ་དབང་སྤྲུལ་པའི་འཁོར་ལོར་བཅས་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ་།ཞེས་དང་། ཀུན་བཟང་རིགས་ལྔ་རིགས་གསུམ་དྲ་མ་ལྔ། །ལུང་བསྟན་རྡོ་རྗེ་ཨུ་པ་རཱ་ཛ་དང་། །དྲང་སྲོང་བྷ་ཤི་པྲ་བྷ་ཧ་སྟི་ལ། །སྨན་མཆོད། སརྦ། རྒྱལ་དབང་པདྨ་ཀཱ་ཏ་གཉགས་ལོ་དང་། །སོག་པོ་ལྷ་དཔལ་གནུབས་ཆེན་སྲས་སློབ་བརྒྱུད། །ཤེས་རབ་མཆོག་དང་ཡེ་ཤེས་འབྱུང་གནས་ལ། །སྨན་མཆོད། སརྦ། །གྲུབ་ཐོབ་ཟུར་ཆེན་ཟུར་ཆུང་ཀ་ཆེན་བཞི། །གསང་བདག་སྒྲོ་ཕུག་པན་ཆེན་རོང་པའི་ཞབས། །ཤཱཀྱ་འབྱུང་གནས་ཤཱཀ་འབྱུང་རྡོ་རྗེ་འོད། །སྨན་མཆོད། སརྦ། པུཎེ་དྷྭ་ཛ་ཆོས་སེང་བུདྡྷ་ཤྲཱི། །བསོད་ནམས་མགོན་པོ་སྒྲོལ་ཆེན་དགེ་འདུན་འབུམ། །ཤཱཀྱ་བཤེས་གཉེན་བྲ་བ་ཆོས་འབུམ་ལ། །སྨན་མཆོད། སརྦ།

(༢༣༤)རཏྣ་བྷ་དྲ་རྡོ་རྗེ་དཔལ་བཟང་པོ། །དམ་འབག་གཞོན་ནུ་ཀུན་མཁྱེན་དྲི་མེད་འོད། །གཏེར་རྒྱ་ལུང་རྫོགས་འཇིགས་མེད་གླིང་པ་ལ། །སྨན་མཆོད། སརྦ། མངོན་རྫོགས་རྒྱལ་པོ་ཁྲག་འཐུང་ཡབ་ཡུམ་བཅུ། །ཀཽ་རཱི་ཕྲ་མེན་གདོང་མོ་དབང་ཕྱུག་སོགས། །ལྔ་བཅུ་རྩ་བརྒྱད་འབར་བའི་དཀྱིལ་འཁོར་ལ། །སྨན་མཆོད། སརྦ། མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྡེ། །གནས་ཡུལ་ཌཱཀྐི་དམ་ཅན་ཆོས་སྐྱོང་དང་། །ཞིང་སྐྱོང་གཞི་བདག་དཀར་ཕྱོགས་སྐྱོང་བའི་ཚོགས། དུས་གསུམ་ཕ་མ་འགྲོ་བ་རིགས་དྲུག་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རམ་ཁཱ་ཧི། ཞེས་གུ་ཧྱ་ལག་གི་ཕྱག་རྒྱས་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མ་མཁའ་ལ་སྤྲིན་བཞིན་དུ་ཆགས་པ་ལས་བདུད་རྩིའི་ཆར་ཆེན་པོ་བབས་ཏེ་ལྷ་ཚོགས་ཐམས་ཅད་མཉེས་ཤིང་ཚིམ་པར་བསམས་ལ་མཐར་དངོས་གྲུབ་གླང་བ་ནི་རང་གི་ལྕེ་ལ་ཧཱུྃ་ཡིག་དང་། སྨན་གྱི་སྟེང་དུ་ཨོཾ་ཨཱཧཱུྃ་གསུམ་བ་བསྒོམས་ཏེ། ཨོཾ་ཨཱཧཱུྃ་རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་སྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱངས་ན་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། །ལྦཱཀྐ་སིདྡྷ་ཨཱ །ཙིཏྟ་སིདིྡྷ་ཧཱུྃ། ཞེས་རིམ་པར་བརྗོད་ཅིང་བླངས་ནས་ལྕེ་བ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །དྲུག་པ་གཏོར་མའི་མཆོད་པ་ནི། ཨོཾ་ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཛཧཱུྃ་བཾ་ཧོ །ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། །ཨི་དཾ། དྷཱུ་པེ། །པུཥྤེ། དཱི་པཾ། གནྡྷེ། བ་ལིཾ་ཏ། པྲ་ཏཱི་ཙྪ་ཧོ ཤྲཱི་མཱ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏོར་མ་འདོད་ཡོན་གྱི་ཕུང་པོ་ལས་འདོད་ཡོན་དྲུག་གི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་ལྷ་རྣམས་

(༢༣༥)དགྱེས་པ་བསྐྱེད་ཏེ་རང་ལ་ཐིམ་པར་བསམ་མོ། །བདུན་པ་བདུད་རྩི་གསད་ནན་གྱི་མཆོད་པ་ནི། བདུད་རྩི་བཟེད་ཞལ་དུ་ལན་གསུམ་འཕྱར་ཞིང་། །ཨོཾ་ཨཱཧཱུྃ། མི་བསྐྱེད་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོལ་བསྣམ་དུ་གསོལ། །ཨ་ལ་ལ་ཧོ། །བྱང་ཆུབ་སེམས་དཔའ་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམ་དུ་གསོལ། །ཨོཾ་ཨཱཧཱུྃ། མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་བདེ་བའི་གར་མཛོད་ཅིག་ །ཨ་ལ་ལ་ཧོ། །ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་རྣོ་བ་རྐམ་གཟིར་བ་ཡི། །མྱོང་བྱེད་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱི་སྐུ་ལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག་ །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག་ །ཨ་ལ་ལ་ཧོ། །ཞེས་དང་པོས་དཀྱིལ་འཁོར་བ་དགྱེས་པ་བསྐྱེད། །གཉིས་པས་བྱང་ཆུབ་སེམས་དཔའི་བདེ་མཆོག་མ་རྟོགས་པའི་ཉན་ཐོས་རྣམས་འགོག་པ་ལས་བསླང་། གསུམ་པས་དེ་བཞིན་གཤེགས་པ་རྣམས་གཞན་དོན་ལ་བསྐུལ་ཞིང་གཏོར་མ་རྣག་ལ་སྒྲན་ནོ། །བརྒྱད་པ་རཀྟའི་མཆོད་པ་ཚར་གསུམ་ལས། དང་པོ་ནི། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པའི་ གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨ་རྒྷཾ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་བཞེས་ནས་བསམ་དུ་གསོལ། །ཛཧཱུྃ་བཾ་ཧོ །ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། །ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ།

(༢༣༦)པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཤྲཱི་བན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དང་པོ་སྤྲེངས་པས་རཀྟའི་དངས་མ་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་སུམ་གཅིག་རོལ་པར་བསམ་མོ། རྒྱ་མཚོ་ལ། །འཁོར་གྱི་མཁའ་འགྲོ་རྣམས་དང་རོལ། །མ་རུངས་འདོད་ལ་མ་ཆགས་ཤིང་། །དམ་ཚིག་ལ་སྡད་དགྲ་ཆེན་རྣམས། ཐུགས་རྗེ་བྱང་སེམས་ལྡན་པ་ཡིས། །དོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །ཛཧཱུྃ་བྃ་ཧོ །ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། །སརྦ་དུ་ཥྚཾ་ས་མ་ཡ་མུ་དྲ་མཱ་ར། ཁ་ཁ། ཁཱ་ཧི་ཁཱ་ཧི། ཧྲི་ད་ཡ་པི་བ་ཧཱུྃ་ཕཊ། །ཞེས་གཉིས་པ་སྦྲེངས་པས་རཀྟའི་ཁི་བ་ཞིང་བཅུའི་དགྲ་བགེགས་ཀྱི་ངོ་བོར་སུམ་གཉིས་རོལ་པར་བསམ་མོ། །གསུམ་པ་ནི། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་ཟ་བར་བྱའོ། །ཛཧཱུྃ་བཾ་ཧོ །ཤྲཱི་ཧ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་མཱཾ་ས། མ་ཧཱ་ར་ཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཀི༚་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲི་ཏ། མ་ཧཱ་ཨ་རྒྷཾ་པྲ་ཙཱི་ཙྪ་ཧོ། །ཁ་ཁ་ཁ། ལེ་ལེ་ལེ། ཧཱུྃ་བྷྱོ། ཧཱུྃ་བྷྱོ། ཧཱུྃ་བྷྱོ། ཞེས་གསུམ་པ་སྦྲེངས་པས་རཀྟའི་རྩི་བ་མ་ཞིང་གསུམ་ཤ་ཁྲག་རུས་བའི་དངོས་པོར་ལྷག་མེད་དུ་རོལ་བར་བསམ་མོ། །དགུ་པ་བསྒྲལ་མཆོད་ན། རང་གི་ཐུས་ནས་ནས་རཾ་དཔག་ཏུ་མེད་པ་ཆད། རཾ་ཛྭ་ལ་རཾ། །རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་གྱི་སྙིང་ནང་ན་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བསམ་ཞིང་། ཧཱུྃ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། ་།བློ་ངན་

(༢༣༧)འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །བཅུ་བ་སྦྱོར་མཆོད་ནི། །ཡབ་ཀྱི་ནོར་བུ་ཧཱུྃ་ལས་རྩེ་ལྔ་པའི། །རྡོ་རྗེའི་དབྱིངས་ཅན་ཟླ་བར་ཨོཾ་གྱིས་མཚན། །ཡུམ་གྱི་ཆོས་འབྱུད་པ་ལས་འདབ་བརྒྱད་ཀྱི། །པདྨའི་ཟེའུ་འབྲུ་ཉི་མར་མུཾ་གྱིས་མཚན། །ཡབ་ཀྱིས་ས་མ་ཧོ་ཡི་བརྡས་བསྐུལ་བས། །ཡུམ་གྱིས་ས་མ་ཡ་སྟཾྭ་ལན་བཏབ་པ། །ཡབ་ཀྱིས་རཱ་ག་ཡ་ཧོའི་བརྡ་སྦྱར་བས། །ཡུམ་གྱིས་རཱ་ག་ཡ་མིའི་བརྡ་ཡིས་བསྐུལ། །ཛཧཱུྃ་བཾ་ཧོ །བྷོ་དྡྷི་རྩིཏྟ་མ་ཧཱ་སུ་ཁ་ཧོ། །ཞེས་དགའ་བ་བཞིའི་རོལ་མོས་སོ་སོར་རྟོག་པའི་ཡེ་ཤེས་སུ་སད་པར་བསམ་ཞིང་། །ཨོཾ། འཕྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག་ །བདག་དང་མཉམ་པའི་ཚོགས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷཱ་ལྦ་ཨཱཏྨ་ཀོ་྅་ཧཾ། ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་བ་དང་དབྱེར་མེད་པའི་ང་རྒྱལ་བྱའོ། །བཅུ་གཅིག་པ་འདོད་ཡོན་རོ་མཉམ་གྱི་མཆོད་པ་ནི། ཨོཾ་ཧཱུྃ། བཟའ་དང་བཅའ་དང་བཏུང་དང་བ་གོ། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །འདོད་ཡོན་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་དག་པ་དང་། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདེ་བ་ཆེན་པོར་རི་གཅིག་ཏུ་གྱུར་པར་བསམས་པ་ནི་བླ་ན་མེད་པ་དུག་གསུམ་ལམ་དུ་སློད་པའི་མཆོད་པའོ། ་བཅུ་གཉིས་པ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། ཀོ་ཊཀྵ། ཀོ་ཊ་བ། ཀོ་ཊ་ཀོ་ཊ། ཀོ་ཊ་པ་ཤྩ། ཀོ་ཊཱི་རཾ་བ། ཀོ་ལཀྵ། ཀོ་ལ་བ། ཀོ་ལ་ཀོ་ལ། ཀོ་ལ་བཤྩ། ཀོ་ལ་བྷ་སྟ་ཐཱ། རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བ། །བཅོམ་ལྡན་བདེ་གཤེགས་ཐམས་ཅད་སྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང་། །ཕྱག་བརྙན་ཁྲོ་གཏུམ་བརྔམས་པའི་ཚོགས་

(༢༣༨)དང་བཅས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས། །དགྱེས་པར་རོལ་ཅིག་མཆོད་པ་དམ་པ་འདི། །བཞེས་རེ་ཨ་ལ་ལ་ཡིས་དགྱེས་བར་མཛོད། །ཅེས་པས་བདུད་དང་ལོག་འདྲེན་རྣམས་ཚར་གཅོད་པ་དང་། །མཁའ་ཁྱབ་ཀྱི་རྒྱལ་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་ལ་བབསྟོད་ཅིང་བསྐུལ་བ་དང་། །ཆོས་ཀྱི་སྒྲ་རྣམས་མཐའ་ཡས་པ་སོ་སོའི་མོས་པ་བཞིན་འཆར་བར་མོས་ལ་རོལ་མི་སྣ་ཚོགས་པའི་སྒྲ་སྦྱར་རོ། །བཅུ་གསུམ་པ་ཡེ་ཤེས་བླུའི་མཆོད་པ་གསད་བ་གསུམ་གྱི་ཡོན་ཏན་དྲན་པས་བསྟོད་པ་ནི། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བཟང་ཡག་ཟ་ཡིན་ཆེ་ཧོ། །ཧཱུྃ། རྡམས་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྦྱུགས་པའི་མཐོར་རླུང་གཡེང་བ་ཆེ་ཧོ། ཧཱུྃ། ཁྲོ་བོ་ཤེས་རབ་འོད་བོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། ཧཱུྃ། །ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། ཧཱུྃ། བདུད་ཀུན་གྱི་ནི་བདག་ཆེན་པོ། །བདུད་ཀྱི་བདུད་བྱེད་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐེག་ལེ་ཆེ་ཧོ། ཧཱུྃ། རྡོ་རྗེ་བྲག་ཆེན་སྲབ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ། །ཞེས་བསྟོད་པར་བྱའོ། །གསུམ་པ་བཤགས་པ་བྱ་བ་ནི། །ཨོཾ་བཛྲ་ཨེ་ས་ཧུ། བེ་ས་ཧུ། ས་མ་ཡ་བྷཀྵ་ཧུ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཛ ཧཱུྃ་བཾ་ཧོ། །ཨོཾ་པྲ་ཏཱི་ཙྪ་ཧོ། །ཞེས་

(༢༣༩)མེ་ཏོག་དོར་བ་སྔོན་སུ་འགྲོ་བས། ཧོ། །སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན། །དུས་གསུམ་དུ་གཤེགས་ཤིང་བཞུགས་བའི་སངས་རྒྱས་བཅོ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ་བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རིགས་མཆོག་གཟུངས་ཀྱི་ཡུམ་གྱི་དབྱིངས་ན་རྣམས་པར་བཞུགས་པ་སེམས་དཔའི་ཚོགས། སེམས་མའི་འཁོར། །ཡེ་ཤེས་ཆེན་པོ་དབང་ཕྱུག་ །ཐབས་ལ་མཁས་པའི་བདག་ཉིད། སྒྲོལ་བའི་མཁའ་འགྲོ། རང་བཞིན་གྱི་རྣལ་འབྱོར། །ངོ་བོ་ཉིད་ཀྱི་སྐུ། །མ་ལུས་མི་ལས་ལུས་པ་མེད་པ་ཐམས་ཅད་དགོངས་སུ་གསོལ། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ཀྱིས། དང་པོ་གསང་བ་རྡོ་རྗེ་ཐེག་པའི་སྐོར་ཁས་འཆེས་ཏེ། དམ་ཚིག་གཉེན་པོ་མ་ནོར་བར་མ་ནོས་བ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་འགལ་འཁྲུལ་དུ་གྱུར་པ། ལྷ་ཉེ་བར་མ་བསྒོམས་པ། སྙིང་པོ་དག་པར་མ་བགྲངས་བ། །སྦྱོར་བ་མང་པོས་བར་བསྐུམས་པ། །དང་པ་ཅན་གྱི་ཚོགས་བཅག་པ། །དགེ་བ་ཅན་གྱི་ཐུགས་དཀྲུགས་པ། །མཆོད་པ་ལོ་ཟླར་འདས་པ། དམ་རྫས་ལག་ལེན་རྡོ་མ་ཐོགས་པ། །རྫ་པྲ་ཁ་ཟླས་གྲངས་ཉུང་བ། །བསྙེན་པ་ཡུན་ཐུང་ལ། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང་། སེམས་ཅན་གྱི་སྤྱོད་པ་རང་ཐད་དུ་གྱུར་པ་དང་། ཁྱད་པར་དུ་སྒྲུབ་པའི་དམ་ཚིག་དང་། ཁྱད་པར་གྱི་དམ་ཚིག་གཉེན་པོ་མངོན་པར་མ་ནོས་པ་ལས། ཉམས་ཤིང་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤིན་ཏུ་གནོད་ཞིང་འགྱོད་པའི་སེམས་ཀྱིས་འཐོལ་ཞིང་བཤགས་པར་མཆིས་ནི། དབྱིངས་ཉིད་ནམ་མཁའ་དང་འདྲ་བའི་རང་གིས་སྐུ་བཟོད་པ་ཆེན་པོ་དང་དུ་བཞེས་ནས། ཚངས་པ་མཆོག་ཡིད་བཞིན་ཐོབ་པར་སྩལ་དུ་གསོལ། བཞི་

(༢༤༠)པ་དངོས་གྲུབ་གསོལ་བ་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་དཔའི་ཤེས་རབ། མི་བརྗེད་པའི་གཟུངས་། མངོན་ཤེས་པ་དྲུག་ །རྒྱུན་གྱི་ཏིང་ངེ་འཛིན། །རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུག་ལྟ་བུའི་ལུས། བཅོམ་ལྡན་འདས་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བློ་མན་ཆད་ནས། དངོས་གྲུབ་ཀྱི་སྐལ་བ་དང་རིགས་བརྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པ། སྡང་བའི་དགྲ། གནོད་པའི་བགེགས། །གདུག་བའི་དཔལ། །སྦྱོར་བའི་དུག་ །རྣོ་བའི་མཚོན། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། སོ་སོའི་རྨི་ལམ་ངན་པ་དང་། ལྟས་ངན་བ་མི་ཤེས་པའི་རྐྱེན་དེ་དག་ཐམས་ཅད་ཕྱིར་བཟློག་ཅིང་མང་ཙམ་ཡང་མི་གྲག་པར་ཞི་བ་ཆེན་པོ་མཛད་དུ་གསོལ། གལ་ཏེ་ཞི་བས་བསྒྱུར་དུ་མི་བཏུབ་པ་དག་དྲག་པོའི་ཕྲིན་ལས་ཀྱིས་དབང་དུ་བསྡུ་བ་དང་། གཟིར་ཞིང་གནན་པ་དང་། བསྒྲལ་ཞིང་སྤྲབ་བ་ལ་སོགས་ཏེ། ཕྲིན་ལས་དྲག་ཐབས་རྣམ་པ་བཞིས་ཧི་ལྟར་འདུལ་བར་འཆམས་པ་བཞིན་མཛད་ནས་མིང་ཙམ་ཡང་མི་གྲག་པར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །གཅད་གཏུབས་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཡང་། །གྲི་བ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པས། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང་། །གཟི་མདངས་ལུས་ལ་འཇུག་བའི་ཉི་མ་སྟོང་ཕྲག་གི། །འོད་བཞིན་འཇིག་རྟེན་ཁམས་འདིར་རྟགས་རུ་འབྱུང་བ་དང་། །ལུས་དག་སེམས་ལ་ཚེ་འདིར་རྡོ་རྗེ་རབ་སྣང་སྟེ། །རེ་སྨོན་ཐམས་ཅད་དུས་འདིར་ཉིད་དུ་སྩལ་དུ་གསོལ། །ཞེས་འདོད་དོན་གསོལ། །ལྔ་པ་དམ་བཅའ་ནི། ཨོཾ་ཧཱུྃ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག་ །སྤྱོད་པ་རྨད་བྱུང་བསམ་ཡས་བ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱོད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་

(༢༤༡)ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གྱི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་བརླབ་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག་ །དྲུག་པ་ཛ་བྲ་ལ་གསུམ་གྱི་དང་པོ་ཇ་པྲ་ཁང་དབྱེ་བ་ནི། དབྱེ་གཞིའི་དཀྱིལ་འཁོར་ལེགས་བར་གསལ་བཏབ་ནས། བྷཱུཾ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛ ཞེས་བརྗོད་པས་དམ་ཚིག་གི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས། མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་བར་མོས་པའོ། །གཉིས་པ་ཛ་པྲ་དངོས་བཟླ་བ་ནི། །བདག་མདུན་གྱི་ལྷ་རྣམས་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་མའི་གདན་སྲན་ཟླུམ་ཙམ་གྱི་དབུས་སུ་རིགས་ལྔ་ལ་ཧཱུཾ། ཀཽ་རཱི་མ་བརྒྱད་ལ་ཧ། ཕྲ་མེན་བརྒྱད་ལ་ཧེ། སྒོ་སྐྱོད་བཞི་ལ་ཕཊ། དབང་ཕྱུག་མ་རྣམས་ལ་བྷྱོ། དེ་རྣམས་རུ་ལུ་འབྲུ་བརྒྱད་པའི་སྔགས་ཀྱི་ཕྲེང་བ་རེ་རེས་བསྐོར་བར་གསལ་བཏབ་ལ། །སྔགས་ཟློས་བའི་ཚེ་བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་བ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཞིང་ཐིམ་པར་དམིགས་པ་སྟེ། བསྐྱེད་རིམ་ཆོས་ཀྱི་ཕྱག་རྒྱའི་དག་རྫོགས་སྨིན་གསུམ་ལ་ངེས་པ་རྙེད་པ་འཕྲོ་འདུ་ལས་ཀྱི་ཕྱག་རྒྱའི་སྦྱང་གཞིང་སྦྱོང་བྱེད་ཀྱི་རྣམ་དག་དྲན་པ། འདའ་དཀའ་དམ་ཚིག་གི་ཕྱག་རྒྱའི་དང་མ་ཉམས་བ་ལྷར་སྣད་ཕྱག་རྒྱ་ཆེན་པོ་ལ་གསལ་བརྟན་གྱི་ཆད་བརྒྱད་ཐོབ་པར་སློབ་བཞིན་པས། བཟླས་པའི་སྐྱོན་བཅུ་སྤངས་ཏེ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། མ་ཧཱ་ཀྲོ་དྷི་ཤྭ་རཱི་སྟཾྭ།

(༢༤༢)ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པས་མཚོན་ནས་རིགས་བཞི་དང་། གནས་ཡུལ་གྱི་མ་མོ་སྒོ་སྐྱོང་དབང་ཕྱུག་མ་རྣམས་སོ་སོའི་བསྐྱེད་སྔགས་ལ་རུ་ལུ་འབྲུ་བརྒྱས་སྦྱར་བ་གཙོ་འཁོར་གྱི་འགྲོས་དང་སྦྱར་བས། བརྒྱ་དང་ཉེར་གཅིག་བདུན་སོགས་རིམ་པར་བཟླ་ཞིང་། སྤྱི་ཛ་པྲ་ནི་རུ་ལུ་ཉིད་ལ་གཙོ་བོར་བྱའོ། །དང་སང་རྒྱུད་སྡེ་ཆེན་པོའི་རིང་ལུགས་ལ་འཇུག་པ་ཉུང་ཡང་གལ་ཏེ་སྨིན་པར་སློབ་པ་བྱུང་སྲིད་ན་གྲངས་དུས་མཚན་མའི་བསྙེན་པ་སྤྱི་དང་མཐུན་པ་ངེས་རྫོགས་ལས་ཀྱང་བཤད་དོ། །གསུམ་པ་སྐབས་ཀྱི་མཇུག་བསྡུ་བ་ལ་གསུམ་ལས། དང་པོ་གཞི་བསྟོད་བྱ་བ་ནི། ཧཱུྃ། དུས་གསུམ་མི་འགྱུར་རྣམ་ཤས་རྡོ་རྗེའི་སྐུ། །ཞེ་སྡང་མཐར་ཕྱིན་བཛྲ་ཧེ་རུ་ཀ །དབྱིངས་ནས་རྒྱས་འདེབས་བཛྲ་ཁྲོས་པའི་ཡུམ། །བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །མ་འགགས་རང་གསལ་གཟུགས་ཕུང་ཆོས་ཀྱི་སྐུ། གཏི་མུག་མཐར་ཕྱིན་བུདྡྷེ་ཧེ་རུ་ཀ་ །དབྱིངས་ནས་རྨོངས་སེལ་བུདྡྷ་ཁྲོས་པའི་ཡུམ། །བུདྡྷ་ཧེ་རུ་ཀ་ཕྱག་འཚལ་བསྟོད། །ཟ་བྱེད་གཏེར་ཚོགས་ཚོར་བ་རིན་འབྱུང་སྐུ། །ང་རྒྱལ་མཐར་ཕྱིན་རཏྣ་ཧེ་རུ་ཀ་ །དབྱིངས་ནས་ཆེ་འཕེལ་རཏྣ་ཁྲོས་པའི་ཡུམ། །རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཆགས་མེད་དག་འདུ་ཤེས་པདྨའི་སྐུ། །འདོད་ཆགས་མཐར་ཕྱིན་པདྨ་ཧེ་རུ་ཀ་ །དབྱིངས་ནས་རྫོགས་བྱེད་པདྨ་ཁྲོས་པའི་ཡུམ། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །དོན་རྣམས་མཐར་ཕྱིན་འདུ་བྱེད་སྤྲུལ་པའི་སྐུ། །ཕྲག་དོག་མཐར་ཕྱིན་ཀརྨ་ཧེ་རུ་ཀ་ །དབྱིངས་ནས་ཟ་བྱེད་ཀརྨ་ཁྲོས་བའི་ཡུམ། །ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་བཞད་བའི་དུ་ཁྲོད་གནས་བརྒྱད་ནས། །ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས། །ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྲོགས་མཛད་མ། །གནས་ཀྱི་ཀཽ་རཱི་བརྒྱད་ལ་ཕྱག་འཚལ་བསྟོད། །ཡོན་ཏན་རྟགས་ཀྱི་དུར་ཁྲོད་གནས་བརྒྱད་ནས། །འཇིགས་བྱེད་རྩལ་འཕགས་སེང་

(༢༤༣)གདོང་ཕྲ་མེན་ཚོགས། །ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྲོགས་མཛད་མ། །ཡུམ་གྱི་ཕྲ་མེན་བརྒྱད་ལ་ཕྱག་འཚལ་བསྟོད། །ཕྱིན་ཅི་ལོག་བཞི་དུར་ཁྲོད་གནས་བཞི་ནས། །ཚད་མེད་བཞི་ཡི་འགྲོ་བའི་དོན་མཛད་པའི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །ཡེ་ཤེས་སྒོམ་བཞི་ལ་ཕྱག་འཚལ་བསྟོད། །ལྷ་ཆེན་རྣམས་ཆུང་མ་དབང་མོའི་ཚོགས། །འཁོར་བའི་ཆོས་ལ་མངའ་བརྙེས་སྲིན་མོའི་གཟུགས། །མྱ་ངན་འདས་པའི་སྤྲུལ་སྐུ་མགོ་བརྙན་ཅན། །དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་དང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་འབར་བའི་སྐུར་སྟོན་པ། །ཁྲག་འཐུང་རོལ་པའི་ལྷ་ཚོགས་ལྔ་བཅུ་བརྒྱད། །གདོད་ནས་མ་སྐྱེས་རང་བྱུང་གྲུབ་པའི་ལྷ། །ཚེ་རབས་སྔོན་ནས་བསྒྲུབས་པའི་འཕྲོ་མཆིས་ཀྱི། །ད་ལྟ་ཉིད་དུ་བདག་ལ་མངོན་གྱུར་ཅིག་ །ཅེས་བསྟོད་ལ་གཉིས་པ་བཤགས་པ་ནི། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་དག་སེམས་ཀྱིས། །བདག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་བས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཞེས་བཟླས་པས་ཉེས་བྱས་རྣམས་བཤགས། །གསུམ་བཛྲ་པྲ་ཁང་བསྡུ་བ་ནཾ། །རང་བཞིན་དང་ཏིང་འཛིན་དབྱེར་མེད་དུ་རྟགས་པའི་ཕྱིར། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟཾྭ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ ཞེས་རིག་པའི་མེ་ཏོག་དོར་བ་དང་དངོས་གྲུབ་བསྐུལ་བ། །ཨོཾ་ཁྲོལ་ཁྲོས་པས་སོགས་སྔར་བཞིན་བྱས་ནས། ཧཱུྃ། ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་

(༢༤༤)མེད་དུ་བསྟིམ་ལ། །གསལ་ཞིང་བསྟན་པའི་ཕྱིར་ཡི་གེ་བརྒྱ་པའང་བཟླའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ། །ཚོགས་མཆོད། ཐུགས་དམ་བསྐུལ་བ། ཆད་བསྟན་སྐྱོང་བ། །དངོས་གྲུབ་བླང་བ། །ནོངས་བཤགས་ཉེར་བསྡུ། གོ་བསྒོ། །ལུས་བསྲུང་། དགེ་བ་བསྔོ་བ་ཤིས་བརྗོད་དང་དགུའི་དང་པོ་ཚོགས་མཆོད་ལཱང་དྲུག་གི་ །དང་པོ་བསང་སྦྱངས་བྱིན་བརླབ་ནི། ཧཱུྃ། དཔལ་ཆེན་ཐུགས་ལས་རཾ་ཡཾ་ཁཾ། །འཕྲོས་པས་ཚོགས་ཀྱི་དངོས་འཛིན་སྦྱངས། །སྣང་སྲིད་བདེ་ཆེན་ཀ་པཱ་ལ་ར། །བཅུད་རྣམས་རིགས་ལྔའི་དམ་རྫས་གྱུར། །ཨོཾ་ཨཱཧཱུཾ་ཧ་ཧོ་ཧྲཱི༔ །གཉིས་པ་སྤྱན་འདྲེན་ནི་ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་དང་། །ཡན་ལགས་བདུན་ལྡན་ལོངས་སྤྱོད་རྫོགས། །རང་བཞིན་སྤྲུལ་སྐུ་ཞིང་ཁམས་ནས། །དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་དང་། །གནས་དང་ཉེ་གནས་རྣམ་པ་གཉིས། །ཡུལ་ནི་རོལ་པ་ཉེ་ཡུལ་རོལ། །ཞིང་དང་ཉེ་བའི་ཞིང་དང་ནི། །འདུ་དང་ཉེ་བའི་འདུ་བ་དང་། །ཚནྡྷོ་ཉེ་བའི་ཚནྡྷོ་སྟེ། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །ཨཽ་ཌི་ཡ་ནར་པདྨ་བརྩེགས། །ཟ་ཧོ་ར་ཡུལ་ན་ཁུ་བྱུག་ཀློང་། །སེང་ངའི་ཡུལ་ན་སྐུ་ལ་རྫོགས། །ཁ་ཆེའི་ཡུལ་ན་ཧེ་ཆེན་རོལ། །བལ་པོའི་ཡུལ་ན་ཡ་མ་ཁ། །ཐོ་གར་ཡུལ་ན་གསང་ཆེན་རོལ། །ལི་ཡུམ་འཇིག་རྟེན་མངོན་རྫོགས། །དུར་ཁྲོད་ཆེན་པོ་བརྒྱད་རྣམས་ན། །བཞུགས་བའི་དཔའ་བོ་མཁའ་འགྲོ་དང་། །ཤུགས་འགྲོ་རྣལ་འབྱོར་ཞིང་སྦྱོང་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་ཁང་འདི་ནི་སྤྲུལ་པའི་ཞིང་། །ཚོགས་རྫད་འདོད་ཡོན་རོལ་པའི་རྒྱན། །ཐབས་དང་ཤེས་རབ་ལྕམ་དྲལ་ལྡན། །རྡོ་རྗེ་གླུ་གར་བྱིན་རེ་ཆ་གས། །ཅང་ཏེའུ་དྲིལ་བུ་སྙན་ཅིང་འཁྲོལ། །འདི་ནི་དམ་ཚིག་མཆོག་གི་གནས། །གཤགས་དང་རྩོད་པ་ཀུ་ཙེ་མེད། །རྟིག་པ་བརྟུལ་ཞུགས་

(༢༤༥)ཉམས་དང་ལྡན། །དམ་ཚིག་འིད་ནི་དང་དུ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་ལྦ་ཌཱཀྐ་ཌཱཀྐི་ནི་དྷ་རྨ་པཱ་ལ་བཛྲ་ས་མཱ་ཡ་ཛགསུམ་པ་ཚོགས་ཕུད་འབུལ་བ་ནི། ཧཱུྃ། སངས་རྒྱས་དམ་ཚིག་བླ་ན་མེད། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས། །འདོད་ཡོན་ལྷ་མོ་རྣམ་པ་ལྔ། །དབང་པོའི་ལོངས་སྤྱོད་ནང་གི་ཚོགས། །བདེ་སྟེང་ཡེ་ཤེས་བླ་ན་མེད། །དགའ་བཞི་རྣམ་རོལ་གསང་བའི་ཚོགས། །དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ། །བཞེས་ནས་དབང་དང་དངོས་གྲུབ་སྩོལ། །ག་ན་ཙ་ཀྲ་པཱུ་ཙ་ཧོ། བཞི་པ་བཤགས་པ་ནི། ཧཱུྃ། གང་ཞིག་འཁྲུལ་པར་གྱུར་པ་དེ་ནས་བཟུང་། རྣམ་སྨིན་ལུས་ལ་རྟེན་བ་དེ་སྲིད་དུ། །མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ། །ལྕི་བ་བཅུ་དྲུག་ལོག་པ་བརྒྱད་ལ་སོགས། །ཐེག་པ་གསུམ་དང་རིག་པ་འཛིན་པ་ཡི། །སྡོམ་གསུམ་དམ་ཚིག་ཉམས་པ་མཐའ་དག་ཀུན། །ག་ན་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས། །འཆབ་པ་མེད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །དག་ཚངས་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །ཧེ་རུ་ཀའི་ཡིག་བརྒྱ་བཟླའོ། །ལྔ་པ་བསྒྲལ་བསྟབ་ནི། །ཨེ་ལས་ཐར་མེད་སྲིད་བའི་འབྲུབ་ཁུང་ནང་། །མ་རིག་འཁྲུལ་པས་བཅིངས་པ་བདག་ལྟའི་དགྲ། །ཡེ་ཤེས་དབྱིངས་ལ་བསྒྲིབ་པའི་གཟུང་འཛིན་བགེགས། །དག་ཆེན་ཡེ་ཤེས་རིག་པའི་ལྕགས་ཀྱུས་ཟུང་། །མཉམ་པར་མ་གཞག་མེད་པའི་ཞགས་པས་ཆིངས། །ལྷག་མཐོང་ལུ་གུ་རྒྱུད་ཀྱི་དྲྭ་བས་སྡོམས། །རྗེས་ཐོབ་འཁྲུལ་པ་མེད་པའི་དྲིལ་བུས་མྱོས། །ཕུང་པོ་ལྔ་ཡི་ཉེ་བར་ལེན་པ་ཀུན། །བདག་མེད་རྟོགས་པའི་མཚོན་གྱིས་རྣམ་པར་གཏུབས། །སྐྱེ་མེད་ཁྲོས་པའི་ལྷ་ཚོགས་ཞལ་དུ་སྟོབ། །མཱཾ་ས།རཀྟ་ཙིཏྟ། གོ་རོ་ཙ་ན། བ་སུ་ཏ། ཀི༚་ནི་རྟི་ཏ་ན་ཙ་ཀྲ་པཱུ་

(༢༤༦)ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི་དྲུག་པ་ལྷག་མ་ནི། ཞིང་ལྤགས་ཀྱི་སྟེང་དུ་བཞག་ལ། །ཧེ་རུ་ཀའི་དམ་རྒྱས་ཁ་ཕྲུ་དབབ། ཨ་ཀཱ་རོས་བརླབ་ཅིང་། །སྤྱུགས་གླུ་དང་བཅས། ཀྱཻ༑ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ། །དཔལ་ཆེན་དཀྱིལ་འཁོར་ཚོགས་གྱི་བདག་ །བར་དུ་བཤགས་པ་མི་བགྱི་རྒྱུ། །རྣལ་འབྱོར་ལྡན་ལ་དམ་ཚིག་བརྟན། །ཐ་མ་བསྒྲལ་བསྟབ་མི་བགྱི་རྒྱུ། །རྟོགས་པས་བདག་རྒྱུད་སྔོན་བསྒྲལ་ཕྱིར། །ད་ལྟ་ལྷག་མས་མི་མཆོད་རྒྱུ། །མ་ཚོགས་དབང་ཕྱ་ུགིང་ལངྒ། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས། །ཀུན་ཀྱང་དཔལ་ཆེན་སྤྲུལ་པ་ཡིན། །ལྷག་མ་ཁ་ཆུས་མི་བྲན་རྒྱུད། །དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར། །འབངས་ཐོག་རྗེ་ཡིས་མི་གནན་རྒྱུ། །ཅི་བཅོལ་ལས་ལ་བསྐུལ་བའི་ཕྱིར། །རྗེ་ལ་འབངས་ཀྱིས་མི་རྒོལ་རྒྱུ། །དྲག་ཤུལ་ལས་ཐབས་མྱུར་བའི་ཕྱིར། ཧཱུྃ། རྣམ་དག་རང་བཞིན་ཞི་བ་ལས། །བཅོམ་ལྡན་དཔལ་ཆེན་སྤྲུལ་པ་ནི། །ཐབས་ཤེས་ཟླ་གསང་རོལ་པ་ལས། །དཀྱིལ་འཁོར་མུ་རན་སྐྱོང་བ་སྟེ། །ཁྱེད་ཅག་སྔོན་གྱི་ཡལ་ག་མ་ཅན། །ལག་ན་གློ་སྙིང་ནང་ཁྲོལ་ཐོགས། །ལེགས་ཉེས་སྟངས་འཛིན་ཚོགས་ཁང་ཉུལ། །མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །དུས་གསུམ་རཱུ་ཏྲ་བསྒྲལ་བའི་ཚེ། །ཁས་བླངས་དམ་བཅས་དྲན་གྱིས་ལ། །སྲིན་མོའི་ཟ་ལམ་ཆེན་པོ་རུ། །ཕམ་ཕབས་ལོང་ལ་བསྟན་པ་སྲུངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཉིས་པ་ཐུགས་དམ་བསྐུལ་བ་ནི། །ཧཱུྃ། མི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་རྫོགས་པ་ཞི་དང་ཁྲོ་བོའི་ལྷ། །ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས། །རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡང་། །མ་རིག་འཛིན་པའི་ཀུན་གཞི་ལུང་མ་བསྟན། །སྒོ་ལྔའི་ཡུལ་དང་རྟེན་ཅིང་འབྲེང་བ་ལས། །རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམས། །ལས་དང་ཉོན་མོངས་མཐུས་ཡིས་གཟེར་བའི་མཐུ།

(༢༤༧)ཕྱི་རོལ་ཡུལ་ལ་སྨིན་པའི་སྡུག་བསྔལ་དང་། །ནད་མཚོན་མུ་གེ་དགྲ་བགེགས་འབྱུང་པོའི་གདོན། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན། །མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་ནས། །ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས། །རང་བྱུང་ཡེ་ཤེས་རྟོགས་བའི་ཕྲིན་ལས་མཛོད། །གསུམ་པ་ཆད་ཐོ་བསྒྲག་བ་ནི། ཧཱུྃ་ དུས་གསུམ་རྣམ་དག་ཀུན་ཏུ་བཟང་པོའི་དུས། །མངོན་རྫོགས་ཡེ་ཤེས་དམ་པའི་འོག་མིན་དུ། །ཀུན་གཞི་ཡིད་ཆོས་དག་པའི་སྟོན་པ་ཡིས། །རང་སྣང་རང་བཞིན་མེད་བའི་འཁོར་ཚོགས་ལ། །རྒྱལ་བ་དགོངས་བརྒྱུད་རྫོགས་བའི་ཡོ་ག་གསུམ། །བརྡ་ཚིག་བརྗོད་པ་བྲལ་བར་བསྟན་པའི་ཚེ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་དང་། །དགའ་རབ་དཔའ་བོ་གསང་འཛིན་རྡོ་རྗེ་ཆོས། །བརྡ་བརྒྱུད་རིག་འཛིན་གྲུབ་པ་མཆོག་རྣམས་ཀྱིས། །སྟོན་འཁོར་དགོངས་བ་གཅིག་པའི་དབང་ཐོབ་བཞིན། །ཚོགས་བརྒྱད་རང་གྲོལ་གཏོར་མ་འདི་བཞེས་ལ། །འཁྲུལ་པ་གཞི་ལ་དག་པའི་ཕྲིན་ལས་མཛོད། །དེ་རྗེས་གསང་སྔགས་བསྟན་པ་བྱུང་བའི་ཚེ། །འོག་མིན་དགའ་ལྡན་རི་རབ་ལྷུན་པོའི་རྩེ༑ །ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་དང་། །ཤམྦྷ་ལ་དང་ཨོ་རྒྱན་ཟ་ཧོ་ར་ཡུལ། །སིངྒ་ལ་དང་གནམ་ལྕགས་འབར་བའི་རྩེ། །མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་རུ། །རིག་འཛིན་སྡེ་སྣོད་མཐའ་དག་བབས་བའི་ཚེ། །འཇིག་རྟེན་འཇིག་རྟེན་འདས་བའི་མཁའ་འགྲོ་དང་། །དཀྱིལ་འཁོར་མུར་ན་སྐྱོང་བ་ཐམས་ཅད་ཀྱིས། །གཏོར་མ་ལེན་ཞིང་ལེགས་ཉེས་སྟངས་འཛིན་པའི། །ཁས་ལྦངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད། །ཅེས་བཤལ་ཆུས་གཏོར་མར་བྲན་ཏེ་བརྟན་མ་སྐྱོང་བ་ནི། བྷྱོ། །ཚོགས་དང་བཀའ་ཡི་བདག་

(༢༤༨)ཉིད་ནི། །ཁྲག་འཐུང་རྡོ་རྗེ་ནམ་མཁའི་ཡུམ། །གདས་རི་ཅན་གྱི་ཡུལ་ལྷ་ནི། །བདུད་དང་གནོད་སྦྱིན་སྨན་མོ་བཞི། །ཚུར་སྦྱོན་ཚུར་སྦྱོན་གཏོར་མ་ལོང་། །རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། །དུས་སྦྱོར་བཅུ་གཉིས་གནས་དག་པས། །བལ་བོད་མཚམས་ན་ཚེ་རིང་མ། ལ་སྟོད་རྡོ་རྗེ་གཡའ་མ་སྐྱོང་། །གནོད་སྦྱིན་གངས་ལ་ཀུན་བཟང་མོ། །འབྲོག་ཆེན་འཁོར་འདུལ་བགེགས་ཀྱི་གཙོ། །ཇོ་མོ་གངས་རར་སྦྱན་གཅིག་མ། །བྱང་ན་མཁའ་ལྡིང་ཀླུ་མོ་རྒྱལ། །ཁ་རག་རྡོ་རྗེ་ཁྱུང་བཙུན་མ། །རྨ་ཆེན་སྤོམ་རར་དྲག་མོ་རྒྱལ། །ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་། །འབྲོག་བཙན་རྡོ་རྗེ་སྨན་གཅིག་མ། །ཇོ་མོ་ནགས་རྒྱལ་གཡར་མོ་བསིལ། །དབུས་ན་རྡོ་རྗེ་ཟུ་ལེ་སྨན། །ཀུན་ཀྱང་པདྨའི་བཀའ་ཉན་ཏེ། །དམ་ལ་གནས་ཤིང་རིགས་ལ་འགོ། །ཐ་ཚིག་བཞིན་དུ་གཏོར་མ་ལོངས། །མཐའ་ཡི་དམག་དང་རྒྱ་འདྲེན་འཚུབ། །མུ་སྟེགས་འགྱུ་པའི་སྒོ་འཕྲང་དང་། །འགོང་པོ་སྤུན་དགཱི་ནད་དལ་སྲུངས། །རྟག་ཆད་ཐར་བར་འཁྲུལ་བ་ཡི། །འཇིག་ཚོགས་ལྟ་བ་དབུ་མར་བཟློག་ །བདེན་དོན་རྣམ་པ་བཅུ་གཉིས་ཀྱི། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཨོཾ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རག་མ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། གཏོར་ཞིང་རི་རབ་ཏུ་བསམ་པ་ཁ་སྦུབ་ལ། ཧཱུྃ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །འགྲོ་བ་ཡོངས་ཀྱི་རྒྱུད་ལ་རྒོལ། །བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་བྲོས། །མནན་ནོ་སྟོང་ཆེན་འོག་ཏུ་མནན། །གཏད་དོ་ཆུ་སྲིན་གྲེ་བར་གཏད། །བསྒྱུར་རོ་གཤིན་རྗེའི་ཁ་རུ་བསྒྱུར། །བསྲེག་གོ་ཡེ་ཤེས་མེ་ཡིས་བསྲེག་ །བདག་ཏུ་བལྟ་བ་མ་ཞིག་བར། །བསྐལ་པ་ཞིག་ཀྱང་མོ་གཏོང་ངོ། །ཨོཾ་ཨཱཧཱུྃ་སྟྭམྦྷ་ཡ་ལཾ་ནན། བཞི་པ་དངོས་གྲུབ་བླང་བ་ནི། མཆོད་ཅིང་བསྟོད་ལ། ཧཱུྃ། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི། །དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ། །རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནས། རང་

(༢༤༩)བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོས། །ཕྱག་རྒྱ་ཆེན་པོ་ཆོག་གི་དངོས་གྲུབ་སྩོལ། །ས་བཅུ་ལམ་ལྔ་དབང་བཅུ་ཕྱི་ནང་གཉིས། །རིག་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞི། །འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས། །ཀུན་གཞིའི་ཁམས་ལ་བག་ཉལ་གྱི་ཚུལ། །ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི། །དངོས་གྲུབ་དམ་པ་དང་འདིར་སྩལ་དུ་གསོལ། །རྩ་སྔགས་མཐར། དྷརྨ་ཀཱ་ཡ། སམོྦྷ་ཀཱ་ཡ། ནི་རྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ། ཞེས་སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུག་ཅིང་མྱོང་། །སླར་ཡང་གཏང་རག་གི་མཆོད་བསྟོད་བྱས་ལ། །ལྔ་པ་ནོངས་བཤགས་ནི། ཧོ། །སྔགས་ཀྱི་དངོས་གྲུབ་མ་ལུས་པ། །དམ་ཚིག་ཉིད་ལ་བརྟེན་གྱུར་ཀྱང་། །རྨོངས་དང་མ་རིག་ཉོན་མོངས་པས། །ཟིལ་གྱིས་ནོན་པ་བདག་ཅག་ནི། །ཉེས་པ་དུ་མའི་སྣོད་ལགས་ཏེ། །མགོན་པོ་ཐུགས་རྗེ་རྣམས་ཀྱི། །ཐུགས་ལ་ཁྲོ་བ་མི་མངའ་ཡང་། །ལེགས་ཉེས་སྟངས་འཛིན་བདག་པོ་རྣམས། །སྐྱོན་མཐོང་ཙམ་ན་ཆད་པ་གཅོད། །འགལ་ཞིང་ནོངས་པ་ཅི་མཆིས་པ། །མཐོལ་ལོ་བཤགས་སོ་ཚངས་པར་སྩོལ། །ཡི་གེ་བརྒྱ་པ་ལན་གསུམ་གྱིས་སྙིང་ནས་བཤགས་པར་བྱའོ། །དྲུག་པ་ཉེར་བསྡུ་ནི། ཧཱུྃ། སྣོད་བཅུད་ལྷ་དང་གཞལ་ཡས་སུ། ཤར་བདག་པའི་སྣོད་བཅུད་ཀྱང་། །རྟེན་ཉིད་བརྟེན་པ་ལྷ་རྣམས་ཀྱང་། །གཙོ་བོ་ལ་ཐིམ་དེ་ཡང་ཧཱུྃ། །ཞབས་ཀྱུ་ནས་བཟུང་ནཱ་དའི་བར། །རིམ་ཡལ་གདོད་མའི་གཤིས་སུ་ཨ ཞེས་མྱམ་པར་གཞག་ །བདུན་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། །སླར་ཡང་རིག་པ་བྱང་ཆུབ་སེམས། །རྗེས་ཐོབ་གཉུག་མའི་ཧེ་རུ་ཀ །ཕྱག་རྒྱ་གཅིག་པའི་གནས་གསུམ་དུ། །ཡི་གེས་མཚན་པས་རྣམ་རྟོག་སྲུངས། །བཛྲ་རཀྵ་ཧཾ། ཞེས་གོ་བགོ། ཡི་གེ་བརྒྱ་པས་བརྟན་པར་བྱ། །བརྒྱད་པ་སྨོན་ལམ་ནི། ཧཱུྃ། སྣང་གྲག་རིག་པ་དཀྱིལ་འཁོར་གསུམ་གྱི་

(༢༥༠)དང་། །བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགས། །མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོ། །ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག་ །ལན་གསུམ། །དགུ་པ་ཤིས་བརྗོད་ནི། ཧཱུྃ། གདོད་མའི་མགོན་པོ་རིགས་ལྔ་གང་ཆེན་མཚོ། །སྐུ་ལྔ་ལྷུན་རྫོགས་སྤྲུལ་བའི་ཞིང་ཁམས་ལ། །བསྐལ་བཟང་སངས་རྒྱས་སྟོང་རྩ་བྱོན་པ་ཡི། །སྒྲོན་མའི་བསྐལ་པ་བཟང་པོའི་བཀྲ་ཤིས་ཤོག་ །སྟོང་གསུམ་མི་མཛེད་རྡོ་རྗེ་ཐེག་པའི་ཞིང་། །འཕུར་འགྲོའི་བསྟན་པ་འབྱུང་གནས་ཨོ་རྒྱན་ཡུལ། །གངས་རིའི་ཁྲོད་དུ་འབོད་བ་ཁྲི་སྲོང་རྗེའི། །ཐུགས་བསྐྱེད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག་ །འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེའི་གདན། །པཎ་གྲུབ་ཆོས་རྒྱལ་འཛོམ་པ་ཆོས་འཁོར་གསུམ། །མོད་སྔགས་བསྟན་པ་དར་པ་གངས་ཅན་ལྗོངས། །རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག་ །ཅེས་དང་། བསྔོ་སྨོན་གྱིས་མཐའ་རྒྱས་བྱའོ། །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་བསྒྲུབ་པའི་ཐབས་དང་། །རྒྱ་གཞུང་རྣམས་ནི་རྗོད་བྱེད་ཉུང་ལ་དམ། །དཔལ་ལྡན་ཟུར་པའི་གཟུང་ལུགས་ཆུ་ལྟར་ཕྱོགས། །དོན་ལ་གཡེལ་དང་བྱིན་རླབས་ཞུད་པའི་ཚོ། །འབབ་ཆུའི་རྒྱུན་ལྟར་བཀླགས་པས་དོན་གྲུབ་བསྡེབས། །རྒྱལ་བའི་ཆོས་འཁོར་གསུམ་གྱི་འབྲས་བུའི་དོན། །འོག་མིན་ཆེན་བོར་ཐོག་མཐའ་མེད་དུས་ནས། །རྒྱལ་བའི་དགོངས་བ་རིག་འཛིན་བརྡས་བརྒྱུད་པ། །ལུང་བསྟན་རྡོ་རྗེའི་ཆོས་ཆར་ཆེན་པོ་ཉིད། །རྒྱུད་ཀྱི་དངོས་པོ་བཅུ་དང་ཕྱག་རྒྱ་བཞིའི། །ཆིངས་ཀྱིས་སྐྱེ་གནས་བཞི་ཡི་གནས་སྦྱོང་ཞིང་། །རིག་འཛིན་རྣམ་བཞིའི་གོ་འཕང་ལ་སྦྱོར་བ། །རྡོ་རྗེའི་སྡེ་སྣོད་ལས་གཞན་ལྟར་སྣང་ཆོས། །ཉང་སྨད་ས་ཡི་ཐིག་ལེ་རྒྱལ་བྱེད་ཚལ། །ཐེག་པ་མཆོག་གི་གླིང་དེ་སྒྲ་དང་དོན། །མཚུངས་པར་བསྔགས་པའི་བྱེད་པོ་འིད་ཉིད་ཕྱིར། །སྔ་འགྱུར་བསྟན་པའི་ཉིད་བྱེད་འབར་གྱུར་ཅིག་ །རིག་འཛིན་འདུས་བའི་ཚོགས་རྗེས་བསྐུལ་དོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།

(༢༥༡)འདུས་འདོའི་ཆོ་གའི་ལྷན་ཐབས་བསྟན་པ་རྒྱ་མཚོའི་གྲུ་གཟིངས་ཞེས་བྱ་བ་བཞུགས།

(༢༥༢)ན་མོ་གུ་རུ་ནི་རྨ་མཱ་རི་ཙྱཻ ཁམས་དྲུག་ལྡན་པ་རྡོ་རྗེ་ལུས་ཀྱི་གྲོང་། །ཡོངས་གྲུབ་གདན་གསུམ་ཚང་བའི་འཁོར་ལོ་ཅན། །དག་མཉམ་ཡེ་ཤེས་དབྱིངས་ལ་རོལ་པའི་ལྷ། །རྗེས་སུ་རྣལ་འབྱོར་ལུང་གི་དབྱིངས་ལ་འདུད། །རྡོ་རྗེ་ཐེག་པ་སྔ་འགྱུར་ལ་མདོ་སྒྱུ་སེམས་གསུམ་གྱི་གྲུབ་པའི་མཐའ་གསུམ་ལས། །རྩ་རྒྱུད་རྡོ་རྗེ་བཀོད་པ་ཀུན་འདུས་རིག་བའི་མོད་ལུང་འོག་མིན་ཚོགས་ཆེན་འདུས་བའི་དཀྱིལ་འཁོར་དུ་ཞུགས་ཤིང་དངོས་གྲུབ་བརྙེས་བར་འདོད་པའི་རྟེན་ནི་རིམ་པ་དགུའི་དཀྱིལ་འཁོར་དུ་སྨིན་ཅིང་དམ་ཚིག་ལ་གནས་པ། །དེ་ཉིད་བཅུའི་གནས་ལ་བྱང་ཆུབ་བདག་གིས་རྡུལ་ཚོན་གྱི་ཆོ་ག་དང་སྦྲེལ་བའི་རིམ་པ་ནི་དཀྱིལ་ཆོག་ལས་ཤེས་ལ། འཇུག་པ་བདེ་ཕྱིར་རས་བྲིས་ལ་བརྟེན་ནའང་། ས་གཟུང་བ་དང་བསྲུང་བ་བགྱི་བ་ཉིད་ལེགས་སོ། །དཀྱིལ་འཁོར་རྒྱན་དགོད་དབང་རྫས་མཆོད་གཏོར་སོགས་མཐོང་བརྒྱུད་བཞིན་ལས། །འདིར་ཆོ་གའི་བྱ་བ་ལ་སྔོན་འགྲོ། །དངོས་གཞི། །རྗེས་གསུམ་ལས། །དང་པོ་ནི། །རྡོ་རྗེ་ལས་རིམ་ལས། །ཕྱོགས་བཅུ་སྲས་དང་བཅས་པ་དང་། །དབང་ཕྱུག་སངས་རྒྱས་ད་ལྟ་བདག་ །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་བ་གསུམ་ཕྱིར་ལུས་དབུལ་བྱ། །ཞེས་བསོད་ནམས་ཀྱི་ཁྱད་པར་དུ་གསུམ་གྱི་སངས་རྒྱས་ལ་ལུས་དབུལ་བ་སོགས་ཀྱི་ལྷག་པར་བདུདན་རྣམ་དག་གི་དོན་དྲན་པས། །རྡོ་

(༢༥༣)རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ནས། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ། །གཉིས་པ་སྔགས་ཀྱི་ཐེག་པ་བྱེ་བྲག་པ་འདིས་སེམས་ཅན་གྱི་ཁམས་ཚད་མེད་པ་བསྒྲལ་བའི་བྱང་ཆུབ་ཀྱི་སེམས་ལྷག་པའི་བརྟུལ་ཞུགས་བསྐྱེད་པ་ནི། ཧཱུྃ་གདོད་ནས་མས་སྐྱེད་རྣམ་དག་ཆོས་ཀྱི་སྐུ། སོགས་དཀྱིལ་འཁོར་དགུ་པའི་ཁྱམས་ལམ་མོ་དྲུག་ཅུ་སྟེ། །མ་མོ་ཤྭ་ར་ཧཱུྃ་ཞེས་དྲུག་ཅུ་བརྗོད་པས། སྐུའི་འོད་ཟེར་སྨུག་ནག་ལས། །ལས་བྱེད་ཀྱི་ཕོ་ཉ་མོ་དྲུག་ཅུ་ཁྱམས་ཀྱི་ཕྱོགས་རེ་རེ་བཅོ་ལྔ་བཅོ་ལྔ་བཞུགས་པར་བསམས་ལ། གསུམ་པ་ནི། འདུན་བ་སེམས་པ་ལ་སོགས་ལམ་ལྔས་བསྡུས་བའི་འགྲོན་ཐབས་རིམ་པ་གསུམ་ལས། དང་པོ་མདོའི་ཡན་ལག་གི་དཀྱིལ་འཁོར་རྣམས་བསོད་ནམས་ཀྱི་ཞིང་དུ་གསལ་གདབ་པ་ནི། རྒྱུའི་རྟ་བབས་ཀྱི་ཕྱོགས་བཞིའི་སྣམ་བུ་བརྒྱད་པ་རྣམས་ལ་མ་ཧཱ་ཡོ་གའི་ལྷ་ཚོགས་བཞུགས་བ་ནི། ཤར་ཕྱོགས་སུ་སངས་རྒྱས་མཉམ་སྦྱོར་དང་ཧེ་རུ་ལ་གལ་པོ། །ལྷོ་ཕྱོགས་སུ་ཟླ་གསང་ཐིག་ལེ་དང་དཔལ་མཆོག་དང་པོ། །ནུབ་ཕྱོགས་སུ་གསང་འདུས་པ་དང་རྟ་མཆོག་རོལ་པ་བྱང་ཕྱོགས་སུ་རྒྱུད་སྡེ་སྒྱུ་འཕྲུལ་དང་། སྒྲུབ་སྡེ་བཀའ་བརྒྱད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དམ་ཚིག་དང་ཐུགས་རྗེས་འཁོད་པའོ། །སྣམ་བུ་བདུན་པ་བཞི་ལ་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་བཞུགས་པ་ནི། །ཤར་ཕྱོགས་སུ་རྣམ་སྣང་ཀུན་ཏུ

(༢༥༤)ཞལ། རིགས་ཀྱི་ཡུན་བཞིའི་ངོ་བོ། །རྡོ་རྗེ་མི་བསྐྱོད་པ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པའོ། །ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན། རྡོ་རྗེ་རིན་ཆེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་བཞད་པའོ། །ནུབ་ཕྱོགས་སུ་སྣང་བ་མཐའ་ཡས། །རྡོ་རྗེ་ཆོས་རྡོ་རྗེ་རྣོན་པོ། །རྡོ་རྗེ་རྒྱུ། རྡོ་རྗེ་སྨྲ་བའོ། །བྱང་ཕྱོགས་སུ་དོན་ཡོད་གྲུབ་པ། རྡོ་རྗེ་ལས། རྡོ་རྗེ་སྲུང་བ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར་རོ། །མཚམས་ལ་མཆོད་པའི་ལྷ་མོ་བརྒྱད། བྱང་ཆུབ་སེམས་དཔའི་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། །མྱ་ངན་མུན་འཇོམས། སྦོས་ཀྱི་གླང་པོ། དཔའ་བར་འགྲོ་བ། རྣམ་མཁའ་མཛོད། ཡེ་ཤེས་ཏོག །འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲ་བ་ཅན་གྱི་འོད། རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ་ཀུན་ཏུ་བཟང་པོ་སྟེ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་རྣམས་ཕྱོགས་བཞིར་བཞི་བཞི་བཞུགས་པའོ། །སྣམ་བུ་དྲུག་པ་རྣམས་ལ་སྤྱོད་བའི་རྒྱུད་ཀྱི་ལྷ་ཚོགས་བཞུགས་པ་ནི། ཤར་ཕྱོགས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད། རིགས་བཞིའི་སངས་རྒྱས། ལྷོ་ཕྱོགས་སུ་མཆོད་པའི་ལྷ་མོ་བརྒྱད། །ནུབ་ཕྱོགས་སུ་དུས་ལྡན་མ། པདྨ་ཅན། འཇིགས་བྲལ་མ། འོད་ལྡན། མདངས་ལྡན་མ། དྲི་མེད་མ། རྒྱལ་བ་གདུང་མ། ཡིད་བཟང་མ་སྟེ། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། བྱང་ཕྱོགས་སུ་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། །ཕྱོགས་སྐྱོང་བཅུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། །འཇིགས་བྱེད་ཆེན་པོ་དགུ། རྒྱལ་པོ་ཆེན་པོ་བཞི་སྟེ་དཔལ་མགོན་བདུན་བཅུ་རྩ་ལ་བཞུགས་པའོ། །སྣམ་བུ་ལྔ་པ་རྣམས་ལ་བྱ་བའི་རྒྱུད་ཀྱི་ལྷ་ཚོགས་བཞུགས་པ་ནི། ཤར་དུ་རྒྱལ་སྲས་རིགས་གསུམ་མགོན་པོ། །ལྷོར་སྦྱོང་བའི་ལྷ་ཤཱ་ཀྱ་ཐུབ་པ། །སྤེལ་བའི་རྣམ་པར་སྣང་མཛད། །བསྒྱུར་བའི་ལྷ་བདུད་རྩི་འཁྱིལ་པ། །ཐོབ་པའི་ལྷ་རིན་ཆེན་འབྱུང་ལྡན། ཚིམ་པའི་ལྷ་དོན

(༢༥༥""ཡོད་གྲུབ་པ། དབང་བྱེད་ཀྱི་ལྷ་ཕྱག་རྡོར་ཏེ་ཀྲྀ་ཡ་དོན་གྱི་ལྷ་དྲུག་ །ནུབ་ཏུ་སྒེག་མོ་མ་སོགས་ལྷ་མོ་བརྒྱད། བྱང་དུ་སྒོ་མ་བཞི་རྣམས་བཞུགས་པའོ། །སྣམ་བུ་བཞི་པ་རྣམས་ལ་བྱང་ཆུབ་སེམས་དཔའི་ལྷ་ཚོགས་བཞུགས་པ་ནི། ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས། ཡུམ་ཆེན་མོ། ཤཱ་རིའི་བུ་སྤྱན་རས་གཟིགས་ལ་སོགས་ཉེ་བའི་སྲས་བརྒྱད། །སེམས་དཔའ་བརྒྱད། ལྷོ་ཕྱོགས་སུ་སངས་རྒྱས་དགའ་བའི་དཔལ། དམིན་མཆོག་འབྱུང་གནས། མྱ་ངན་མེད། རིན་ཆེན་འོད་འཕྲོ། རྒྱལ་བའི་དབང་པོ། པདྨོ་དམ་པའི་དཔལ། ཉི་མ་སྣང་བའི་དཔལ། གདུགས་ཆེན་དམ་པའི་དཔལ། གླང་པོ་དམ་པའི་དཔལ། པདྨོའི་དཔལ་ཏེ་ཕྱོགས་བཅུའི་སངས་རྒྱས་རྣམས་དང་མཆོད་པའི་ལྷ་མོ་ལྔ། ནུབ་ཕྱོགས་སུ་སྣང་བ་དམ་པའ་དཔལ། ཏིང་འཛིན་རྒྱལ་པོ། ཟླ་འོད་གཞོན་དུ། ཆོས་ཀྱི་རྒྱལ་མཚན། དབང་ཕྱུག་རྒྱལ་པོ། རིན་ཆེན་འོད་འཕྲོ། པདྨའི་རྒྱལ་པོ། རྡོ་རྗེ་མི་གཡོ། ཐོགས་མེད་རྒྱལ་པོ་ལ་སོགས་པའོ། བྱང་ཕྱོགས་སུ་ཡེ་ཤེས་འོད། གདུགས་མཛེས་དམ་པ། གཞོན་ནུ་རྒྱལ་མཚན། སྐྱེས་བུ་དམ། སེང་གེ་སྒྲ། རྒྱལ་བའི་དབང་པོ། གྲུབ་པ་སྔོན་པོ། དགའ་བ་དམར་པོ། མི་གཡོ་བ་ལ་སོགས་བཞུགས་པའོ། །སྣམ་བུ་གསུམ་པ་བཞི་ལ་རང་རྒྱལ་གྱི་ལྷ་ཚོགས་བཞུགས་པ་ནི། ཤར་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་རང་སངས་རྒྱས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའི་ཚོགས། ལྷོར་འཇིགས་བ་མེད་པ། སྣང་བ་བརྩེགས་པ། དཔལ་བོ་འདུལ་བ། ཉོན་མོངས་གདུང་སེལ། ནུབ་ཏུ་ཤེས་རབ་མགྱོགས་ཆེན། རྫུ་འཕྲུལ་ཆེར་སྟོན། གདུང་བ་སེལ་བྱེད། །སྒྲ་ཆེན་པོ། བྱང་དུ་བསེ་རུ་ལྟ་བུ། རིའི་རྒྱལ་པ། སེང་གེ་ལྟ་བུ། ཡིད་གྱུར་ཏེ་ཐམས་ཅད་ཀྱང་དགེ་སློང་དགྲ་བཅོམ་པའི་ཆ་ལུགས། གཙུག་ཏོར་ཅུང་ཟད་དང་བཅས་པའོ། །སྣམ་བུ་གཉིས་པ་བཞི་ལ་ཉན་ཐོས་ཀྱི་ལྷ་ཚོགས་བཞུགས་པ་ན། ཤར་དུ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དང་

(༢༥༦)བསྐལ་པ་ཟང་པོའི་སངས་རྒྱས་སྟོང་། ལྷོར་ཀུན་དགའ་བོ། ཤཱ་རིའི་བུ། མཽངྒལ་གྱི་བུ། རབ་འབྱོར། མ་འགག་པ། འཆར་ཀ། ཀཽ་ཌི་ནྱ། རྟ་ཐུལ་ཏེ་སྦྲུལ་པའི་གང་ཟག་བརྒྱད། ཉེ་བ་འཁོར། བ་གླང་བདག་ །འོད་སྲུངས་སྒྲ་གཅན་ཛིན། གཅུང་དགའ་བོ། མིང་ཅན། ནོར་སྦྱིན། གད་པོ་སྟེ་རང་རྒྱུད་པ་བརྒྱད། ནུབ་ཏུ་འཕགས་པའི་གནས་བརྟན་ཡན་ལག་འབྱུང་། མ་ཕམ་བ། ནགས་ན་གནས། དུས་ལྡན། རྡོ་རྗེ་མོའི་བུ། བཟང་པོ། གསར་བེའུ། བྷ་ར་དྷྭ་ཛ། བ་ཀུ་ལ། སྒྲ་གཅན་འཛིན། ལམ་བསྟན། ཀླུའི་སྡེ། སྦེད་བྱེད། མི་ཕྱེད་བ་རྣམས་དང་། དགེ་ཚུལ་ཙུནྡ། དགེ་བསྙེན་དྷརྨཱ་ཏ་རྣམས་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པའོ། །བྱང་དུ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང། ཕྱིར་མི་འོང་བ། དགྲ་བཅོམ་པ་སྟེ་ཞུགས་གནས་ཀྱི་བྱེ་བྲག་ལས་སྐྱེས་བུ་ཟུང་བཞི་ཡ་བརྒྱད། །སྐྱེ་དགུའི་བདག་མོ་ལ་སོགས་པའི་དགེ་སློང་མ་ལྔ་བརྒྱ། །དགེ་བསྙེན་ལི་ཙ་བཱི་དྲི་མེད་གྲགས་པ་དང་དགེ་བསྙེན་ཕ་མའི་ཚོགས་རྣམས་བཞུགས་པའོ། སྣམ་བུ་དང་པོ་བཞི་ལ་དུས་བཟང་དང་དུས་ཆེན་པོའི་ལྷ་མ་འཇིག་རྟེན་དང་མཐུན་པར་འཇུག་བའི་འཁོར་ཅན་ལྷ་མིའི་ཐེག་པའི་ལྷ་ཚོགས་ནི། ཤར་དུ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་དང་། རྡོ་རྗེ་མི་འཁྲུགས་པ། ལྷོར་ཤཱཀྱའི་རྒྱལ་པོ། ནུབ་ཏུ་སྨན་པའི་རྒྱལ་པོ་བཞི་ལ་རིམ་པ་བཞིན། དབང་པོ་ཡབ་ཡུམ། ཚངས་པ་ཡབ་ཡུམ། ཁྱབ་འཇུག་ཡབ་ཡམ། དབང་ཕྱུག་ཡབ་ཡུམ་རྣམས་རང་རང་གི་མངག་གཞུག་ཕོ་ཉ་དང་བཅས་པས་སངས་རྒྱས་ལ་འདུད་པའོ། །གཉིས་པ་རིག་འཛིན་རྩལ་འཆང་ནི། ཨོཾ་མ་ཧཱ་གུ་རུ་ཤཱ་རི་ར་ཧཱི་ལི་ཧཱུཾ། འབྲས་བུའི་རྟ་བབས་ཀྱི་ཐད་ཀའི་སྟེང་གི་ནམ་མཁའ་ལ། ཨ་ཏི་ཡོ་གའི་ཤིང་རྟ་ཆེན་པོ་གྲགས་ཆེན་གྱི་སྟོན་པ་བཅུ་གཉིས། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ། འཇམ་དཔལ་

(༢༥༧)བཤེས་གཉེན། ཤྲཱི་སིདྷ། ཛྙཱན་སཱུ་ཏྲ། བི་མ་ལ་མི་ཏྲ། དྷ་ཧེ་ན་ཏ་ལ་སོགས་པའི་རྒྱལ་རིགས་བཞི། དགེ་སོང་མ་ཀུན་དགའ་མ་ལ་སོགས་པ་མིག་བསྒྱུར་མ་བདུན། སློབ་དཔོན་ཀུ་ཀུ་རཱ་ཛ་ལ་སོགས་བའི་གྲུབ་ཆེན་ལྔ། སློབ་ཆེན་ན་གཱ་རྫུན་ལ་སོགས་པཎིྚ་ཏ་ལྔ། སངས་རྒྱས་གཉིས་པ་པདྨམྦྷ་ལྦ། ལོ་ཆེན་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར། ལྡང་མ་པ་ལྷུན་གྲུབ་རྒྱལ་མཚན་ནས་རྩ་བའི་བླ་མའི་བར་གྱི་རིག་འཛིན་གྱིས་ལ་གཤེགས་པ་རྣམས་དང་། ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཾ་གི་ལི་ཧཱུྃ། ལུང་ཆེན་ཨ་ནུ་ཡོ་གའི་ཤིང་རྟ་ཆེན་པོ་ལྷ་བློ་གྲོས་མཐའ་ཡས། གནོད་སྦྱིན་བློ་གྲོས་དད་སེལ། སྲིན་པོ་བློ་གྲོས་ཐབས་ལྡན། །ཀླུ་རྒྱལ་བློ་གྲོས་རྒྱ་མཚོ། ལི་ཙ་བཱི་བློ་གྲོས་རབ་ཞི་སྟེ་དམ་བའི་རིགས་ཅན་དྲ་མ་ལྔ། ཆོས་རྒྱལ་ལུང་བསྟན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བུ་ཏི། ཟ་ཧོར་རྒྱལ་པོ་པྲ་བྷ་ཧ་སྟི་ལ་སོགས་བའི་རྒྱལ་རིགས་ཆེན་པོ་དྲུག་ །ཨུ་པ་རཱ་ཛ་ལ་སོགས་པའི་གྲུབ་ཐོབ་གསུམ། རོ་ལངས་བདེ་བ་དང་། ཨཱ་ཙཱ་རྱ་གསང་བའི་རྒྱན་ལ་སོགས་པའི་པཎིྚ་ཏ་བདུན། མདོ་མཁན་དྷརྨ་བོ་དྷི། མཁན་པོ་ཆོས་རྒྱལ་སྐྱོང་། ཡར་ཀླུངས་པ་ཆེ་བཙན་སྐྱེས། །གནུབས་ཆེན་རྡོ་རྗེ་ཡང་དབང་། །ཐུགས་ཀྱི་སྲས་བཞི་དང་སྲས་ཀྱི་དམ་པ་གཅིག །དགེ་བའི་མཆེད་བཅོ་ལྔ། རྒྱ་སྟོན་བྱང་ཆུབ་བློ་གྲོས། ཐོ་གར་ན་མཁའ་སྡེ། བསྟན་པའི་རྩ་ལག་བདེ་གཤེགས་ཟུར་པོ་ཆེ། སློབ་མ་རྩེ་མོ་བཞི་དང་རྩེ་ལྐོག་གཅིག་ །ཁྱད་པར་གྲུབ་ཐོབ་ཆེན་པོར་ཟུར་ཆུང་པ་ཤེས་རབ་གྲགས། སློབ་མ་ཀ་བཞི་གདུང་བརྒྱད། སྲས་གསང་བདག་སྒྲོ་ཕུག་པ་ཆེན་པོ། །སློབ་བརྒྱུད་གདུགས་ཐོགས་སྟོང་། ཁྱད་པར་མ་གར་སྲེག་གླན་ཟུར་དངོས་དང་བརྒྱུད་པའི་ཚོགས་མ་ཚང་བ་མེད་པ་དང་། ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུཾ། བསྐྱེད་པ་མ་ཧཱ་ཡོ་ག་ཏནྟྲ་བཅོ་བརྒྱད་ཀྱི་བཀའ་བབས་བརྙེས་པ་སྐད་ལྡན་རྒྱལ་པོ་ཛ་ལ་སོགས་པའི་རྒྱལ་རིགས་

(༢༥༨)བཞི། སྲད་མོ་གོམ་དེ་ལྦི། །མཻ་ཏྲི་ཀ་མཱ་ལ། རྡོ་རྗེ་བཞད་པ། ཉིན་བྱེད་སེང་གེ། སངས་རྒྱས་གསང་བ། སྒེག་པའི་རྡོ་རྗེ། རྨ་བན་རིག་ཆེན་མཆོག་ལ་སོགས་རྒྱལ་བོད་ཀྱི་པཎ་གྲུབ་དམ་ཚིག་དབང་གི་སློབ་དཔོན། ཤེས་རབ་རྒྱུད་ཀྱི་སློབ་དཔོན། མན་དག་འབྲས་བུའི་སློབ་དཔོན་དུ་གྱུར་ཏོ་ཅོག་དང་། བྱེ་བྲག་ཏུ་གངས་རིའི་ཁྲོད་ན་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་རྒྱལ་མཚན་དུ་གྱུར་བ་རོང་ཟོམ་པཎིྚ་ཏ་ཆེན་པོ། རྒྱལ་བ་ཀློང་ཆེན་རབ་འབྱམས། གཡུང་སྟོན་རྡོ་རྗེ་དཔལ། པཎིྚ་ཏ་ཡེ་ཤེས་རོལ་བ་ལ་སོགས་ངོ་མཚར་བརྒྱུད་པའི་བླ་མ་དམ་ཚིག་གི་དཀྱིལ་འཁོར་ཆེན་པོའི་བདག་ཉིད་གཅིག་ཏུ་བཞུགས་བ་ནས། འཁོར་ལོའི་དབང་ཕྱུག་སོགས་མཇུག་ཏུ་སྤྱོད་ལམ་གྱི་རྣལ་འབྱོར་ལ་སླེབ་ཚེ། སྐོམ་པ་ས་ད་ུབ་ན་སོགས། དྲན་རྫོགས་ཡོངས་གྲུབ་ཆེན་པོ་གཉུགས་མའི་ཧེ་རུ་ཀར་མངོན་བྱང་ཆུབ་པའི་འདུན་པ་སེམས་ལ་བསླབས་པས་དག་བྱ་དག་འབྲས་ལས་རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་པའི་གོ་འཕང་ལ་སོན་པའི་མཆོག་གི་དངོས་གྲུབ་མི་སློབ་པའི་ཟུང་འཇུག་མངོན་དུ་འགྱུར་བའོ། འདུས་པ་མངོའི་རྒྱུད་ལུགས་ཀྱི་ཞི་ཁྲོའི་དབང་བྱང་ལ་སོགས་བའི་ཡི་གེ་ཟུར་ཧི་ལྕམ་དྲལ་གྱི་སློབ་བརྒྱུད་ལས་ཟུར་ལུགས་དང་ཁམས་ལུགས་ཀྱི་གཉིས་སུ་དར་ཆེ་བ་ལ་སྔོན་གྱི་བླ་མ་རྣམས་ཀྱིས་དཔྱད་པ་དང་དགག་སྒྲུབ་ཅི་རིགས་པ་མཐོང་མོད། དེ་ཀུན་ཀྱང་ལ་ལ་རྩ་བའི་རྐང་ཚུགས། ལ་ལ་དགོས་དབང་དང་འབྲེལ་བས་ཆོས་ནི་ཚིག་ལ་མི་རྟོན་ཕྱིར་ནོར་བ་མངོན་གྱུར་ཅན་ལས་གཞན་དུ་ཐལ་འགྱུར་མི་དགོད་ལ། འདིར་ནི་གླན་ལུགས་ཀྱི་རྒྱུན་རྒྱུད་ལུགས་འཇུག་བ་དེ་ལ། ལུང་ལུགས་ཀྱེ་སྨོན་ལ་སྦྱར་ནས་འཇུག་བདེ་ར་བསྡེབས་པ་ཆོས་སྦྱིན་གྱི་ཕྱིར་མོར་འཁོད་པ་དཔེ་རྒྱུན་རྙེད་སླ་བའི་ཕྱིར་སོང་བཞག་པ་ལ་སྨོན་ལམ་རྣམས་རྒྱུད་ཀྱི་དགོངས་པར་མི་འབྲེལ་ཞིང་ཆོག་ཉོག་པས་དོར། ལམ་སྲོལ་འདིར་མདོ་སྔགས་ཀྱི་བསྟན་པ

(༢༥༩)ཡོངས་རྫོགས་རིག་འཛིན་གྱི་སྡེ་སྣོད་དུ་བཀྲལ་བས་རྟེན་དང་བརྟེན་པའི་རྣམ་གཞག་ཀྱང་རྒྱལ་བའི་མཚན་དཔེ་དང་། བྱང་ཕྱོགས་ཀྱི་ཆོས། ས་ལམ་དང་རྣམ་པར་ཐར་བའི་བརྡ་དོན་རྟགས་གསུམ་གྱིས་གྲུབ་པ་ལ་ཕྱི་ནང་དང་། །མཐའ་དཀྱིལ་དུ་ཞེན་བ་ནི་བྱིས་བ་ཉེར་སྤྱོད་ཀྱི་བློ་གྲོས་བྱིན་པ་ཡིན་ནོ། །དེའི་ཕྱིར་ཡན་ལག་གི་དཀྱིལ་འཁོར་ལྷ་ཚོགས་ཀྱང་ཐེག་པའི་གདགས་གཞི་དང་མཐུན་པ་ཟུར་ལུགས་ཀྱི་ཡི་གེ་རྙིང་པའི་ས་བཅད་ལྟར་བཀོད། སྤྱིར་སྨན་བླ་མདོ་སྔགས་གཉེས་ཆར་དུ་བཀྲལ་ཞིང་། བྱེ་བྲག་ཏུ་མགྲོན་ཐབས་ནི་ཀུན་རིག་ལ་སོགས་པར་ཡང་དཀོན་མཆོག་གསུམ་དངོས་བསྟན་དུ་ཚང་བའི་དཀྱིལ་འཁོར་དུ་བསྔགས་པས་མཚོན། །མདོ་སྔགས་ཀྱི་འགལ་འབྲེལ་བསམ་པའི་དམ་གཞག་མེད། སྟོན་པ་མྱ་ངན་ལས་འདའ་ཁར་ཀུན་དགའ་བོའི་ལག་པ་ན་བཟུང་སྟེ། ངའི་ཆོས་དཀོན་མཆོག་གི་མཛོད་འདུན་པ་དང་། བརྩོན་འགྲུས་བག་ཡོད་པ་གསུམ་གྱིས་སྲུངས་ཤིག་ །ཅེས་གདམས་ན། ལྔ་བརྒྱའི་མཐའ་མ་འདིར་བསྟན་པ་ཡོངས་རྫོགས་གང་ཟག་གི་རྒྱུད་ལ་བསྒྲུབ་པའི་བློ་མཐུ་ཆུང་ཞིང་རྒྱུད་སྡེ་ཆེན་པོའི་ལམ་ལ་སྨིན་པར་སློབ་པ་ཉུང་ནའང་མོས་སློབ་ཀྱི་སྒྲུབ་མཆོད་རིག་འཛིན་གྱི་སྡེ་སྣོད་ཆེན་པོ་འདི་ལ་བསྙེན་པ་རྣམས་ལ་བསྟན་བ་སྒོ་ཐམས་ཅད་ནས་མཆོད་པའི་བསོད་ནམས་དཔག་ཏུ་མེད་བ་འཕེལ་བ་ཡིན་ནོ། །ཞེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །འདུས་པ་མདོའི་རྒྱུན་ཁྱེར་ཉེར་བསྡུས་བཞུགས། ཚོགས་ཆེན་འདུས་བའི་ལྷ་ལ་ཕྱག་འཚལ་ལོ། །འདུས་པ་མདོའི་རྒྱུན་ཁྱེར་ནི། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ནས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ་གྱིས་རྒྱུད་དག་པར་བྱས་ནས། །བསྐྱེད་པའི་རིམ་པ་ནི། ཤཱུ་ནྱ་ཏྲཱ་ས་ཆོས་ཉིད་ཀྱི་དོན་ལ་མཉམ་པར་གཞག་སྟེ། ཧཱུཾ་སྟོང་ཉིད་དབྱིངས་ལས་དེ་ལྟར་མ་རྟོགས་བའི། །འགྲོ་ལ་སྙིང་རྗེའི་རང་མདངས་ལྷག་མཐོང་རྩལ། རྒྱུ་རྐྱེན་ལས་འདས་སྤྲུལ་པའི་གཞལ་མེད་ཁང་། །འོག་མིན་ཚོགས་ཆེན་

(༢༦༠)འདུས་བའི་ཕོ་བྲང་ནི། །འབར་བའི་གཞལ་ཡས་ཕྱི་ནང་རིམ་པ་དགུ། སྒོ་ཁྱམས་དགུ་པའི་ཕྱི་མར་རྒྱུ་འབྲས་ཀྱི། རྟ་བབས་གཉིས་ལྡན་ཕོ་བྲང་དབུས་མའི་ནང་། །རྡོ་རྗེ་བྲག་ཆེན་པདྨ་སྟོང་བརྡལ་ལ། །ཐབས་ཤེས་ཉི་ཟླར་དབང་ཕྱུག་ཁྱ་ཤུག་ནི། །ཉི་ཤུ་རྩ་གཅིག་སྟེང་དུ་དཔའ་གཏུམ་སྟག་ །འཇིགས་བྱེད་སད་གེ་གདུག་པ་གཟིག་དང་ནི། །གཏུམ་པ་དོམ་དང་སྟོབས་ཆེན་གླང་པོ་དང་། །བརྗིད་པ་མ་ཧེ་འཛིན་པ་ཆུ་སྲིན་དང་། །ཞེ་སྡང་ལྟོ་འགྲོ་བྱོལ་སོང་གཙོ་བརྒྱད་རེས། །དྲེགས་པ་ཕོ་མོ་ཟུང་བཞི་བརྫིས་པའི་སྟེང་། །འཁོར་འདས་ཀུན་གྱི་སྤྱིད་བལ་བཅོམ་ལྡན་འདས། །ཆེ་བའི་ཆེ་མཆོག་ཨནྟྲ་ནཱི་ལའི་མདངས། །ཉི་མ་བྱེ་བའི་འོད་ལྡན་བདུན་གསུམ་ཞལ། །ཞབས་བརྒྱད་ཕྱག་ནི་བཞི་བཅུ་རྩ་གཉིས་ན། །ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྣམས། །གནམ་ཞལ་ཡུམ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད། །རྩ་བའི་ཕྱག་གཉིས་རྡོ་རྗེ་དུ་ང་ཁྲ་འཛིན། །ལྷག་མས་གནས་ཡུལ་མ་མོ་ཕྲ་མེན་བསྣམས། །ཡབ་ཡུམ་ཁྲོ་མཁར་ཚུལ་དུ་མཉམ་པར་སྦྱོར། །སྲིད་དང་ཞི་བའི་ཆོས་ཁམས་མ་ལུས་བ། །བཅོམ་ལྡན་འདས་ཀྱི་གདན་ཁྲི་ནས། །དབུ་རྒྱན་འཁོར་ལོའི་བར་ལ་རང་བཞིན་རྫོགས། །དབང་མཆོག་དང་ནི་ཧེ་རུ་ཀ་དཔལ་དགུ། །གློ་འབུར་བཞི་དང་གྲུ་ཆད་རྣམ་བཞི་ལ། །རྣམ་ཤེས་ཚོགས་དག་གཽ་རཱི་ལ་སོགས་བརྒྱད། །དཀྱིལ་འཁོར་དང་པོའི་ཁྱམས་ལ་ཕྲ་མེད་བརྒྱད། །གཉིས་པའི་ཁྱམས་ལ་སྤོང་མ་རྣམ་བརྒྱད། །གསུམ་པའི་ཁྱམས་ལ་དབང་མོ་ཉི་ཤུ་བརྒྱད། །ཀུན་ལ་རང་རང་སྒོ་བཞིར་ལྡན། །འབར་བའི་རྣམ་རོལ་གར་དགུའི་ཉམས་ཀྱིས་བརྗིད། །འདི་དག་རང་སྣང་ལོངས་སྐུའི་དཀྱིལ་འཁོར་ཏེ། །གཞི་སྣང་ལྷུན་གྲུབ་དོན་གྱི་འོད་མིན་ཡིན། བཞི་པའི་ཁྱམས་འགྲོ་སུམ་ཅུ་གཉིས། །ལྔ་པའི་ཁྱམས་ལམ་བདུན་སྲིང་མོ་བཞི། །དྲུག་པའི་ཁྱམས་ལ་གིང་ཆེན་དྲུག་ཚན་གསུམ། །བདུན་པར་ཁྲོ་བོ་ཡབ་ཡུམ་བཅུ་ཕྲག་དྲུག་ །བརྒྱད་པར་ཕོ་ཉ་ཉིས་བརྒྱ་བཞི་བཅུ་སྟེ། །དགུ་པའི་ཁྱམས་ལ་མ་མོ་དྲུག་ཅུ་རྣམས། །ལོག་འདྲེན་

(༢༦༡)གདུལ་ཕྱིར་སྤྲུལ་པས་བསྡུས་པའི་ཕྱིར། བགེགས་སོགས་གདུལ་བྱ་སོ་སོའི་རང་ངོ་སྣང་། །སྟེང་ཁང་ཞི་བ་བྱང་ཆུབ་སྙིང་པོའི་གནས། །དབང་མཛད་ཞི་བ་བཞི་བཅུ་རྩ་གཉིས་ལས། །དམ་པའི་སྟངས་དབྱལ་གཉིས་ནི་སྤྲུལ་གཞི་སྟེ། །ཀུན་ལ་ཁྱབ་པར་གདལ་བས་ཆོས་ཀྱི་སྐུ། །འགྲོ་དྲུག་སོ་སོའི་གནས་སུ་དོན་མཛད་བའི། །རིག་པའི་སྐྱེས་བུ་དྲུག་ནི་སྤྲུལ་པར་ཤར། །རང་སྣང་ལོངས་སྐུའི་ཞིང་ན་སུམ་ཅུ་བཞི། །གཙོ་བོ་བཅུ་ལ་ཉེར་བཞི་འཁོར་གྱི་ཚུལ། །ཕུང་ཁམས་སྐྱེ་མཆེད་གནས་དུ་དག་པའི་ལྷ། །གདན་གསུམ་ཚུང་བའི་དཀྱིལ་འཁོར་ཆེན་པོ་ནི། །དམ་ཡེ་གཉིས་མེད་ལྷུན་གྲུབ་ཆེན་པོར་གསལ། །ཞེས་སྟོང་ཉིད་གསལ་ཁྱབ་ཅན་གྱི་རྣམ་བར་ངེས་ཤེས་བསྐྱེད་ལ། །ཨོཾ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། །ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། ཅེས་གཙོ་བོའི་སྙིང་པོ་དང་། ཨོཾ་གུཧྱཛྙཱ་ན་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ། ཞེས་སྟེང་ཁང་ཞི་བ་ཡོངས་རྫོགས་ཀྱི་སྙིང་པོ་ཅི་ནུས་འཇོག་ཅིང་། རྗེས་ཐོབ་ལ་དགེ་བ་བསྔོ་བ་སྤྱི་དང་མཐུན་ནོ། །ཞེས་བའང་རྡོ་རྗེའི་སློབ་བུ་འཇིགས་མེད་དགའ་བའི་ངོར་རིག་འཛིན་འཇིགས་མེད་གླིང་བས་སོ།

(༢༦༢)

(༢༦༣)ཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་བ་མེད་པའི་ལྗོན་པ་ཀུན་ཏུ་དགའ་བའི་སྐྱེད་མོས་ཚལ་ཞེས་བྱ་བ་བཞུགས་སོ།

(༢༦༤)ཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་བ་མེད་པའི་ལྗོན་པ་ཀུན་ཏུ་དགའ་བའི་སྐྱེད་མོས་ཚལ་ཞེས་བྱ་བ། དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །རྒྱལ་རྣམས་སོ་སོར་རྟོག་བའི་ཡེ་ཤེས་མཚོན། །གདེངས་ཀ་འོད་མཚན་སྟོང་དུ་འབར་བ་ཡང་། །པདྨ་གཞོན་ནུའི་འཁྲི་ཤིང་གཡོ་བ་ཅན། །འཆི་བ་མེད་པའི་བཅུད་ལེན་གྲུབ་དེས་སྲུངས། །ཁྱོད་མཚན་རྣ་ལུང་དཔྱད་བའང་བདེ་ཆེན་གྱི། །ལང་ཚོ་གསར་པའི་འཇོ་སྒེག་རྫུ་སྐྱེས་ཞལ། །སྙམ་པ་བདུད་སྡེའི་སྙིང་ལ་གཟོན་པའི་གཏམ། །སྲིད་པ་གསུམ་གྱི་ཁོང་ན་གཡོ་ཞིང་འདར། །པཎ་གྲུབ་བཞེད་གཞུང་མགྲིན་པའི་དོ་ཤལ་དུ། །བཟུང་ལ་སྙེམས་བའི་བ་དན་རབ་ཏུ་བསྙན་ནས། །གེ་སར་བརྒྱ་པའི་རིང་ལུགས་སུ་དུ་མ་ལྦཱ་ར། །ཤནྟ་བུ་རིའི་གྲོང་ཁྱེར་མཛེས་བའི་རྒྱན། དེ་ལ་བདག་ཅག་གི་གདོད་ནས་གྲུབ་པའི་རིགས་ཀྱི་ཅོན་པན་རྒྱལ་བའི་དབང་པོ་མཚོ་སྐྱེས་རྡོ་རྗེའི་རིང་ལུགས་བ། སྤངས་བ་དང་རྟོགས་བའི་ཡོན་ཏན་ཟད་མི་ཤེས་པ་ཁོ་ནའི་ཆ་ནས་ཀུན་མཁྱེན་ཤནྟ་བུ་རི་བཞེས་ཡོངས་སུ་གྲགས་པ་དེ་ཉིད་ས་མཐོར་གཤེགས་བའི་དངོས་གྲུབ་ཀྱི་ཕམ་ཕབས་ཆེན་པོ་ཆོས་ཀྱི་གཏེར་ལ་མངའ་དབང་བསྒྱུར་བ་པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་སྡེ་ཚན་ལས། ཚེ་དཔག་མེད་འཆི་མེད་སྐུ་གསུམ་འདུས་བའི་དཀྱིལ་འཁོར་ཆེན་པོར་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་བརྩམས་པ་ལ་གསུམ། སྔོན་འགྲོ། དངོས་གཞི་

(༢༦༥)རྗེས་སོ། །དང་པོ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བར་བྱེད་ནས་བསླང་བ་ནས་བཟུང་བྱ་བའི་ལས་རིམ་རིག་འཛིན་གྱི་རྩ་དབང་ཆེན་མོའི་ཡི་གེ་ཁོ་བོས་བྱས་པ་ལས་ཤེས་པར་བྱ་ཞིང་། ཉིན་ཆོག་འཇུག་བ་དེར། སྟེགས་བུའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་ལྟེ་བ་དམར་ཟླུམ། ཚོགས་བརྒྱད་གནས་སུ་དག་པའི་པད་འདབ་བརྒྱད་མཛེས་ཚོན། ཁྱམས་བཞི་ཕྱོགས་མདོག་སྒོ་སྣམ་ཅན་སྤྱི་དང་མཐུན་པའི་ཕྱི་རོལ་ལ་ཁྱད་བར་གྱི་ཆོས་དང་ལྡན་པས་བཏིང། དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དང་ལྡན་པ། མདུན་ཏུ་ཚེ་གཏོར་རམ་ཚེ་བུམ། གཡས་སུ་ཚེ་རིལ། རྒྱབ་ཏུ་ཚེ་མདའ། གཡོན་དུ་བདེ་སྐྱོང་མ་དཱ་ན་དང་ཨ་མྲྀ་ཏའི་བཅུད་ལྡན་དར་དམར་བརྒྱད་ལྟེ་བ་ཀྱི་ཁེབས་དང་བཅས་པའི་སྟེང་དུ་གསུམ་པའི་དབང་རྟེན་རིག་ཙ་ཀ། ཅི་རིགས་པར་ལས་ཐམས་ཅད་པའི་བུམ་པ། མདུན་དུ་སྨན་རག་གཏོར་གསུམ་ཉེར་སྤྱོད་དང་བཅས་པ་བཀོད་ལེགས་པར་བཤམ་མོ། །གཉིས་པ་དངོས་གཞི་ལ་གཉིས། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བའོ། །དང་པོ་ལའང་ཉི་ཤུ་རྩ་བརྒྱད་ལས། །དང་པོ་ནི། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། །བླ་མ་བསྒོམས་ན་ཆོས་སྐུ་བསྒོམས། ལྷ་སྐུ་འབུམ་ཕྲག་སྟོང་བསྒོམས་པས། བསོད་ནམས་དེ་ཡིས་ཆར་མི་ཕོད། དེ་ཕྱིར་དཀར་པོའི་ཆོས་སྤྱོད་རྣམས། ཉན་བཤད་སྒོམ་དང་འཛིན་པ་དང་། མཆོད་

(༢༦༦)གཏོར་ལ་སོགས་གང་བྱེད་ཀྱང་། །སྔོན་དུ་འགྲོ་བའི་ལས་ཡིན་པས། །བླ་མ་དུས་གསུམ་སངས་རྒྱས་དཔལ། །ཞེས་གསུངས་པས་སྔོན་འགྲོའི་ཡང་སྔོན་འགྲོར་བླ་མའི་རྣལ་འབྱོར་བྱ་སྟེ། སྣོད་བཅུད་སྟོང་གསལ་རྡོ་རྗེའི་གུར་ནང་དུ༔ སོགས་ནས། དབང་བསྐུར་བྱིན་རླབས་མཆོག་གི་དངོས་གྲུབ་སྩོལ༔ གཉིས་པས་སྐྱབས་སུ་འགྲོ་བ་ནི། ན་མོ་ཆོས་སྐུ་སྣང་བ་མཐའ་ཡས་ཚེ་ཡི་བདག༔ ལོངས་སྐུ་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས༔ འགྲོ་འདུལ་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྐུ་གསུམ་གདོད་མའི་ལྷ་ལ་སྐྱབས་སུ་མཆི༔ གསུམ་པ་སེམས་བསྐྱེད་པ་ནི། བདག་གིས་མཁའ་མཉམ་འགྲོ་བའི་དོན་སླད་དུ༔ སྐུ་གསུམ་གདང་མའི་ལྷ་ཚོགས་བསྒྲུབས་ནས་ནི༔ འགྲོ་ཀུན་འཆི་བའི་འཇིགས་པ་ལས་བསྒྲལ་ཏེ༔ སྙིང་པོ་བླ་་མེད་ས་ལ་འགོད་པར་བགྱི༔ བཞི་པ་ཡན་ལག་བདུན་པ་ནི། སྐུ་གསུམ་ཡོངས་འདུས་འཆི་མེད་ལྷ་ཡི་ཚོགས༔ རབ་གུད་དུང་པའི་གནས་འདིར་སྤྱན་འདྲེན་གཤེགས༔ རིན་ཆེན་གཞལ་ཡས་མཛེས་པའི་གདན་ལ་བཞུགས༔ བདག་སོགས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་མཆོད་སྤྲིན་རྒྱ་མཚོས་མཆོད༔ དམ་ཚིག་ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ དུས་གསུམ་རྒྱལ་བའི་སྤྱོད་ལ་རྗེས་ཡི་རང་༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ནང་མི་འདའ་འགྲོ་བའི་དོན་ཕྱིར་བཞུགས༔ འཁོར་འདས་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ འགྲོ་ཀུན་སྐུ་དང་ཡེ་ཤེས་ཡོངས་འགྲུབ་ཤོག༔ ཅེས་པ་རྣམས་ལམ་གསུམ་རེ་བྱའོ། །ལྔ་པ་ཚོགས་ཞིང་ལ་ཐུགས་རྒྱུད་བསྐུལ་བ་ནི། །རྗེ་བཙུན་བླ་མ་རྡོ་རྗེ་འཛིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དབང་བཞི་རྫོགས་པའི་དངོས་གྲུབ་སྩོལ༔ སྒྲིབ་གཉིས་བྱང་བར་མཛད་དུ་གསོལ༔ ཨོཾ་ཨཱཧཱུཾ༔བཛྲ་གུ་རུ་པདྨ་སི་དྷི་ཧཱུྃ གསོལ་

(༢༦༧)འདེབས་ཀྱི་བསྙེན་པ་བརྒྱ་སྟོང་ཅི་ནུས་ཀྱི་ངང་ནས་དབང་བཞི་བླང་བར་བྱ་ཞིང་། ཐུན་མཐར། གསོལ་གདབ་བསྙེན་པས་མདུན་གྱི་ལྷ་ཚོགས་ལས༔ དཀར་དམར་མཐིང་ཚོགས་བསམ་ཡས་འོད་ཟེར་གྱིས༔ གནས་གསུམ་གང་བས་སྒོ་གསུམ་རིམ་པར་སྦྱངས༔ མ་བཅོས་སྐུ་གསུང་ཐུགས་སུ་བྱིན་་གྱིས་བརླབ་པ་དང་༔ འོད་ཟེར་ཕར་འཕྲོས་སྐུ་གསུང་ཐུགས་ལ་ཐིམ༔ ཕྱི་ནང་གསང་བའི་མཆོད་པས་མཉེས་པ་དང་། བར་དུ་འོད་ཟེར་སྣོད་བཅུད་ཐམས་ཅད་གང་༔ བླ་མ་ཡི་དམ་མཁའ་འགྲོར་གསལ་བའི་དང་༔ ཚོགས་ཞིང་འོད་ཞུ་རང་དང་གཉིས་སུ་མེད མ་བཅོས་ཁྱབ་གདལ་ཟུང་ཇུག་དང་ལ་གཞག༔ ཅེས་པས་བླ་མ་ཆོས་སྐུའི་རང་ཞལ་ལྟ་བའི་དགོངས་ཉམས་བསྐྱང་ངོ། །དྲུག་པ་ཕྱི་རོལ་བ་ལ་གཏོར་མ་བྱིན་ནས་བསྐྲད་པ་ནི། སྔོན་གཏོར་ལ་ཆབ་ཀྱིས་བྲན་ཏེ་ཨ་ཀཱ་རོ་ས་བསྡོས་ལ། ཧཱུྃ། ས་ཕྱོགས་འདིར་གནས་ལྷ་ཀླུ་འབྱུང་པོའི་ཚོགས༔ དངོས་སུ་བཤམས་བའི་མཆོད་སྦྱིན་བདུད་རྩིའི་རྒྱུན༔ འབད་པ་མེད་པར་བྱིན་གྱིས་བརླབས་ནས་འབུལ འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་༔ ས་ཕྱོགས་དགེ་ཞིང་བར་ཆད་མེད་པ་དང་། ཇི་སྲིད་བསྙེན་སྒྲུབ་འབྲས་བུ་མཐོབ་བར༔ ཁྱེད་རྣམས་ས་ཕྱོགས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་འདིར་གནས་བསམ་སྦྱོར་ངན་པ་ཡི༔ ལས་ལ་མི་མཐུན་འབྲས་བུ་འབྱིན་འགྱུར་ན༔ བདག་ཉིད་དབང་ཆེན་དཔལ་གྱི་མཐུ་སྟོབས་ཀྱིས༔ ལུས་དག་ཡིད་གསུམ་ཐལ་བའི་རྡུལ་དུ་བྱེད༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྀྷྲཧྞ་གྷྲྀཧྞ་ཧཱུྃ༔ གྀྷྲཧྞ་གྷྲྀཧྞ༔ གྷྲྀཧྞ་བ་ཡ་གྷྲིཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷག་ལྦཱན་བཛྲ་བིདྱ་རཱ་ཛ་ཡ་ཧཱུཾ་ཕཊ། བདུན་པ་མཚམས་གཅད་པ་ནི། ཧཱུཾ བདག་ཉིད་ཁྲོ་རྒྱལ་རྟ་མགྲིན་ཁྲོས་པ་ཡི༔ ཐུགས་ལས་སྤྲོས་པའི་མཚོན་ཆ་རྡོ་རྗེ་མེས༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན་ཏུ་གཏམས༔ བསྐལ་པའི་ལས་ཀྱི་རླུང་ཡང་ལྡང་མི་འགྱུར༔ ཨོཾ་ཧྱ་གྷི་ལྦ་བཛྲ་རཀྵ་རཀྐྵ་ཧཱུྃ་ཕཊ༔ བརྒྱད་པ་བྱིན་དབབ་པ་ནི། སྤོས་རོལ་

(༢༦༨)གདུང་བའི་དབྱངས་དང་བཅས། ཧཱུྃ། བདེ་ཆེན་པདྨོ་བཀོད་པའི་ཞིང་། །འོད་མཚན་སྟོང་འབར་ལྷ་ཡི་ལྷ། །ཚེ་ལྷ་རྒྱལ་བརྒྱ་མཚོར་བཅས། །འདིར་སྦྱོན་བྱིན་རླབས་དབང་བསྐུར་སྩོལ། །སྲིད་ཞིར་མི་གནས་པདྨ་སྐྱེས། ལྷ་ལྕམ་མེ་ཏོག་མནྡྲཱར། །བཅུ་དྲུག་དགའ་སྟོང་པདྨ་ལྕམ། །འདིར་སྦྱོན་བྱིན་རློབས་དབང་བསྐུར་སྩོལ། །སྒྲ་བསྒྱུར་ལོ་ཆེན་རྣམ་སྣང་མཛད། །ཀུན་གཟིགས་གཏེར་མཛོད་བྲཛྙཱའི་ཞབས། །ཟུང་འཇུག་སྤྲུལ་བའི་རྒྱལ་སྲས་གཉིས། །འདིར་སྦྱོན་བྱིན་རླབས་དབང་བསྐུར་སྩོལ། །མ་རིག་དྭ་བ་གཅོད་པའི་དཔལ། །ཟུར་གྱི་གདུང་འཆོས་པདྨ་དབང་། །ཀུན་མཁྱེན་རྡོ་རྗེ་ཐོགས་མེད་རྩལ། །འདིར་སྦྱོན་བྱིན་རློབས་དབང་བསྐུར་རྩོལ། །བཛྲ་ཀྵར་གསང་ཆེན་མཛོད། །ངག་ལ་དབང་ཐོབས་མནྟ། །དོན་ཀུན་གྲུབ་པ་འཇིགས་མེད་གླིང་། །འདིར་སྦྱོན་བྱིན་རླབས་དབང་བསྐུར་སྩོལ། །གནས་མཆོད་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཧཱུྃ་གུ་རུ་དེ་ལྦ་ཌཱ་ཀྐི་ནི་ཛྙཱ་ན་བཛྲ་སརྦ་ས་མ་ཡ་ཨེ་ཨར་ལི་ཕི༚་ཕི༚་ཨཱ་བེ་ཤ་ཡ་ཨ་ཨཱ༔ ད་གུ་བ་མཆོད་རྫས་བྱིན་བརླབ་ནི། འཆི་མེད་རིག་འཛིན་དཀྱིལ་འཁོར་བསྒྲུབ་པའི་རྫས། ཕྱི་ནང་གསང་བའི་རང་བྱུང་མཆོད་པ་རྣམས༔ མ་དག་ལོག་འཁྲུལ་ཉེས་པའི་ཚོགས་རྣམས་ཀུན༔ ཡེ་ཤེས་འབྲུ་གསུམ་སྦྱང་ཞིང་བྱིན་གྱིས་རློབས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཧཱུཾ༔ ལན་བདུན་བརྗོད༔ བཅུ་བ་བསྐྱེད་རིམ་གསལ་གདབ་པ་ནི། གཏེར་གཟུང་རྩ་བར་དངོས་བསྟན་མ་ཧཱའི་ཨ་ནུ་དང་མཐུན་པའི་སྒོམ་རིམ་གསལ་བས། ཏིང་འཛིན་གསུམ་གྱིས་ཁམས་གསུམ་བའི་བག་ཆགས་སྦྱོང་བ་དང་། སྐུ་གསུམ་གྱི་དབྱིངས་ལ་སྦྱོར་བའི་དགོས་བ་ཁྱབ་པར་ཅན་ཡོད་ཕྱིར་དེ་ཁོ་ན་རྩ་བར་བཟུང་། ཚེ་ལྷའི་ཐུགས་ཀར་སློབ་དཔོན་ཡབ་ཡུམ་བསྐྱེད་པ་དབང་གཞུང་གི་དགོངས་བ་ཐུན་མོང་མ་ཡིན་དུ་གྲུབ་ཅིང་དངོས་གྲུབ་

(༢༦༩)བླང་བའི་ཚེ་གས་ཀྱང་ཤེས་ལ། ཁྱད་པར་བྱང་པའི་འཆི་མེད་སྐུ་གསུམ་མའི་ལྷན་ཐབས་ལ་རྟེན་དང་བརྟེན་བཤད་མི་འགལ་བ་སོགས་དགོས་པ་སྤྱི་དང་བྱེ་བྲག་པས་ཟུར་བརྒྱན། སྣོད་བཅུད་དུ་སྣང་བའི་རྟོག་ཚོགས་དཀྱིལ་འཁོར་གྱི་རོལ་པ་ཅིག་ཅར་དུ་འཆར་བ་དོན་དུ་གཉེར་བྱ་ཡིན་ན་ཆོས་ཉིད་ལ་མྱོང་བ་མི་བརྟན་པས་བདག་མདུན་གྱི་རྟེན་གྲལ་སྒྲིག་པའང་ཐ་མལ་གྱི་སྣང་བ་རང་ཚན་པ་སྟེ། འདིར་སྔོན་གྱི་མཆོག་གཟིགས་རྣམས་ལ་གྲགས་པའི་གཏམ་བདག་མདུན་དབྱེར་མེད་ཀྱི་དོན་ཁོང་དུ་ཆུད་བས། ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ལྦ་ཨཱཏྨ་ཀོ་྅་ཧཾ ཆོས་ཐམས་ཅད་ཀྱི་རང་བཞི་དེ་བཞིན་ཉིད་ལས་མི་འདའ་བའི་སྟོང་པ་ཉིད་ཀྱི་ངོ་བོ་དྲན་པ་ནི་སངས་རྒྱས་རྣམས་ཀྱི་ཆོས་སྐུའི་བཞུགས་ཚུལ་ཆེན་པོའི། །དེ་ཉིད་མ་རྟོགས་པའི་སེམས་ཅན་རྣམས་གདངས་འགག་པ་མེད་བ་ལོངས་སྐུའི་རྩལ་སྣང་སྙིང་རྗེ་ཆེན་པོའི་དབང་གིས་རེ་ཞིག་མིག་འཕྲུལ་ལྟ་བུར་འཆི་མེད་སྐུ་གསུམ་འདུས་བའི་སྐུར་ལྡང་བར་བྱའོ་སྙ་པའི་དང་ལས། སྤྲུལ་པ་རྒྱུའི་ཡི་གེ་ཧྲཱིདམར་པོ་གསལ་ཞིང་འབར་བ་ལས་འོད་ཟེར་འཕྲོས། །མ་དག་པའི་སྣོད་བཅུད་རང་བཞིན་སྤྲུལ་པའི་སྐུའི་རྟེན་དང་བརྟེན་བའི་རོལ་མོར་རྫོགས་བར་བྱེད་པའི་ཡི་གེ་ཧཱུཾ་ཁ་དོག་ལྔ་ལྡན་ཞིག་ཆད་བ་འོད་དུ་ཞུ་བ་ལས་པདྨ་རཱ་གཱི་ས་གཞི་ལག་མཐིལ་ལྟར་ཁོད་སྙོམས་པའི་གཞི་ལ། བདེ་ཆེན་པདྨོ་བརྩགས་བའི་གཞལ་མེད་ཁང་། གྲུ་བཞི་པ་ལང་མིག་བཞི་ནས་ཉི་མའི་འོད་དང་ལྡན་པ། །སྒོ་བཞིན་རིན་པོ་ཆེའི་རྟ་བབས་བརྒྱད། རྒྱན་དང་རི་དྭགས་འཁོར་ལོར་བཅས་ཤིང་། ཕོ་བྲང་གི་ཟུར་བཞི་ལ་མུ་ཏིག་གི་མཆོད་རྟེན་བཀོད་ལེགས་བཞི་གནས་པ་དྲེལ་བུ་དང་གཡེར་ཁ་ལུ་གུ་རྒྱུད་དུ་དབྱངས་བའི་གསེར་གྱི་ཐགས་སྦྲེལ་བའོ། །ཕྱོགས་བཞིན་དར་སྣ་ཚོགས་བའི་བདན་བཞི་རླུང་གིས་བསྐྱོད་པ་ལས་ཞིང་ཁམས་ཀུན་ཏུ་ཁྱབ་པའི་འཕགས་པའི་ཚུལ་ཁྲིམས་དྲི་བསུང་འཕྲོ་བ། ཕྱི་རིམ་ན་ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ཏཱ་ལའི་ལྗོན་པ་དང་བཅས་པ་བརྒྱད་པ་ལ། ནེ་ཙོ་མི་སྐད་སྨྲ་བ་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་རིག་

(༢༧༠)དང་། མཐིང་རིལ་དང་། ཀ་ཏ་རི་དང་། རྨ་བྱ་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་བ། །དུང་ལྟར་དཀར་བ་དང་། བྱུ་རུ་ལྟར་དམར་བ་དང་། གཡུ་ལྟར་སྔོ་བ་དང་། ཨིནྡྲ་ཧཱི་ལ་ལྟར་ལྗང་བ་ལ་སོགས་མ་འདྲེས་སོ་སོར་སྣང་བའི་བྱ་རིགས་མཛེས་ཤིང་ཡིད་དུ་འོང་བ་རྣམས་བརྩེ་ཞིང་སྐད་སྙན་སྒྲོག་པ། བར་བར་དུ་ལྷ་དང་། ལྷ་མོ་དང་། དྲང་སྲོང་གྲུབ་པ་ཅན་ལ་སོགས་པ་དེ་དག་ཀྱང་སེམས་རྣམ་པ་གསུམ་དང་། ཡིད་དྲུག་དང་། ཉོན་མོངས་པ་དྲུག་དང་། མ་རིག་པའི་རྐྱེན་བཞི་དང་བཅས་པ། དེ་དང་མཚུངས་པར་ལྡན་བའི་ཡིད་སྤངས་པ་ཤ་སྟག་སྟེ། ཡེ་ཤེས་སྒྱུ་མའི་རང་བཞིན་རྒྱ་ཁྱོན་དང་ངོ་མཚར་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་མཐའ་བསྐོར་རིན་པོ་ཆེ་སྣ་བདུན་གྱི་ཕ་གུས་ཡོངས་སུ་བསྐོར་བའོ། །ཕོ་བྲང་ཆེན་པོའི་ལྟེ་བ་ལ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་སྟེགས་རབ་ཏུ་མཐོ་བ་རྨ་བྱ་གཞོན་ནུའི་གར་གྱིས་རྩེན་པའི་སྟེང་དུ། པདྨ་ཉི་ཟླའི་གདན་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་སྟོན་པར་བྱེད་བའི་ཡི་གེ་ཧྲཱིལས་ཚེ་དཔག་མེད་སྐུ་མདོག་དམར་འོད་དང་ལྡན་པ༔ ཞལ་གསུམ་ཕྱག་དྲུག་༔གཡས་ཞལ་ཆུ་ཤེལ་ལྟར་དཀར་ལ་མཚེར་བ༔ གཡོན་ཞལ་རིན་པོ་ཆེ་མ་རྒད་ལྟར་ལྗང་ཞིང་འོད་འཕྲོ་བས་མཛེས་པ༔དབུས་ཞལ་པདྨ་རཱ་ག་ལྟར་དམར་གསལ་འཛུམ་ཞིང་བཞད་པས་འོད་ཟེར་ལྔ་འཕྲོ་བ༔ཕྱག་གཡས་དང་པོ་ཐུགས་ཀར་པདྨའི་ཕྲེང་བ་འདྲེན་ཐབས་སུ་འཛིན་པ༔གཡོན་གྱི་དང་པོ་མཉམ་གཞག་གི་སྟེང་དུ་ཚེ་ཡི་བདུད་རྩིས་གང་བའི་བུམ་པ་འཛིན་ཅིང་ཡུམ་ལ་འཁྱུད་པ༔གཡས་ཀྱི་ལྷག་མ་གཉིས་རོད་རྗེ་དང་ནོར་བུ་རིན་པོ་ཆེ་འབར་བ་འཛིན་པ༔གཡོན་གྱི་ལྷག་མ་གཉིས་འཁོར་ལོ་དང་རྒྱ་གྲམ་འཛིན་པ༔དེའི་པང་དུ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀྐི་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་མ༔གཡས་པདྨ་དང་གཡོན་ཀ་པཱ་ལ་བདུད་རྩི་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ༔ ཡབ་ཡུམ་གཉིས་

(༢༧༡)ཀའང་དབུ་བརྒྱན༔ སྙན་རྒྱན༔ མགུལ་རྒྱན༔ དོ་ཤལ༔ ཚངས་སྐུད་ལ་སོགས་བ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི༔ ལོངས་པྱོད་རྫོགས་པའི་སྐུའི་རྒྱན་ཅན༔ ཞབས་གཉིས་སྐྱིལ་ཀྲུང་གིས་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས་ན་སྣང་ལ་རང་བཞིན་མེད་པར་བཞུགས་པའི་བ་སྤུའི་བུ་ག་ཐམས་ཅད་ནས་རྟ་མགིན་གྱི་སྐུ་ཕྱེད་ཕྱེད་འཐོན་པས་སྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ་པའོ༔ ཚེ་དཔག་མེད་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀའི་ཁྱམས་ལ་པདྨའི་སྡོད་བུའི་སྟེང་དུ་ཡེ་ཤེས་སེམས་དཔའ་གུ་རུ་རིན་པོ་ཆེ་པདྨ་སམྦྷ་ལྦའི་ཆ་ལུས་སྐུ་མདོག་དཀར་དམར་གཞོན་ཤ་ཆགས་པའི་ཉམས་ཅན༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གདེངས་པའི་ཚུལ་དང་༔ གཡོན་པདྨ་རཱ་གའི་བུམ་ཐོད་བདུད་རྩིས་གང་པ་བསྣམས་ནས་ཡུམ་ལ་འཁྱུད་པ༔ ཞབས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པའི་བང་ན༔ ཡུམ་ཡེ་ཤེས་འཚོ་འགྲོའི་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད་ཅིང་༔ཞབས་པས་སྐྱིལ་གྱིས་འཁྲིལ་བ༔ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོར་ངོ་བོར་གྱུར་བའོ།མཐའ་སྐོར་གྱི་པད་འདབ་ལ་མགྲོན་ཐབས་ཀྱི་ལྷ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། ཡིད་མ་ཞི་ཁྲོ་རབ་འབྱམས།གནས་ཡུལ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་བར་བཞུགས་པའོ། །དེ་ནས་དབང་བསྐུར་བ་ནི། རང་གི་སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་བཞུགས་བ་ལ་ཨོཾ་སརྦ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ལྦ་ཨཱཏྨ་ཀོ་྅་ཧཾ། ཞེས་བསྐུལ་བས་རྗེས་ཆགས་ཞུ་བདེའི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། །ཕུང་པོ་ལྔའི་སངས་རྒྱས་གནས་བསྒྱུར། །ཆུ་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། བྱིན་གྱིས་བརླབ་པ་ནི། སླར་ཡང་རང་གི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་བར་པདྨ་ལ་གནས་པའི་ཨཱ༔ དམར་པོ། སྙིང་གར་ཉི་མ་ལ་གནས་བའི་ཧཱུྃ་སྔོན་

(༢༧༢)པོ་རྣམས་ཀྱིས་མཚན་བར་བསྒོམས་བས་ཐ་མལ་གྱི་སྒོ་གསུམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་རྣམ་པ་ཉི་ཤུས་བྱང་ཆུབ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་། སྐུ་གསུང་བདེ་བ་ཆེན་པོའི་ཞིང་ཁམས། འོག་མིན་པདྨོ་བཀོད་ལ་སོགས་པ་ནས་ཚེ་ལྷ་རབ་འབྱམས་རྒྱ་མཚོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས། ཡི་དམ་དཔའ་བོ་མཁའ་འགྲོ། འདུན་པ་སེམས་བ་དང་། རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་བ་ལ་སོགས་པའི་དུས་གསུམ་གྱི་རིགས་འཛིན་བླ་མའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛ༔ ཞེས་སྤོས་རོལ་དང་བཅས། མཁའ་ཁྱབ་ཏུ་སད་པར་བྱས་ལ། བཅུ་གཅིག་པ་སྦྱན་འདྲེན་པ་ནི། གདུང་དབྱངས་དང་བཅས། ཧྲཱི སྔོན་ཚེ་བདེ་བ་ཅན་གྱི་ཞིང་ཁམས་ནས༔ འོད་ཟེར་ལྔ་ལྡན་རྒྱ་མཚོའི་གླིང་དུ་འཕྲོས༔ ཆོས་སྐུའི་དབང་བསྐུར་འཆི་མེད་དངོས་གྲུབ་བརྙེས༔ མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ༔ འཆི་མེད་ཚེ་ཡི་ལྷ་མོ་ཙཎྜ་ལི༔ འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ བཀྲ་ཤིས་ཟླ་ག་མ་འོངས་ཀྱི་བྲག་ཕུག་ཏུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབ་པའི་ཚེ༔ བྷནྡྷ་ཁ་སྦྱོར་ལོངས་སྐུའི་རྩལ་དབང་རྫོགས༔ པདྨ་འབྱུང་གནས་འགྱུར་མེད་རྡོ་རྗེའི་སྐུ༔ གཉིས་མེད་སྦྱོར་བའི་ཡུམ་ཆེན་མནྡཱ་ཱར༔ འཁོར་དུ་དཔའ་བོ་འགྲོའི་ཚོགས་དང་བཅས༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ སྤྲུལ་སྐུའི་ཞིང་ཁམས་བྲག་དམར་གཡས་མ་ལུང་༔ འཆི་མེད་བདུད་རྩིའི་སྙིང་པོ་བསྒྲུབ་པའི་ཚེ༔ ཚེ་ཡི་ལྷ་ཚོགས་མཁའ་ལ་ཆར་བཞིན་བབས། ལྷ་དང་དབྱེར་མེད་པདྨ་ཚེ་དབང་རྩལ༔ གསང་བའི་ཡུམ་གཅི་

(༢༧༣)ཡེ་ཤེས་མཚོ་རྒྱལ་མ༔ འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ལྦཱ་ན་མ་ཧཱ་ཀཱ་རུ་ཎི་ཀྀ་དྲ་ཤྱཧོཛཧཱུཾ་བཾ་ཧོས་དགུག་བཅིང་བསམས་ལ་དགྱེས་པ་བསྐྱེད་བའི་ལས་བཞི་བྱས་བས་དམ་ཚིག་གི་འཁོར་ལོ་དང་འདྲེན་བར་བལྟའོ། །བཅུ་གཉིས་པ་བཞུགས་སུ་གསོལ་བ་ནི། ཧྲཱི གདོད་ནས་གཉིས་མེད་མཉམ་བའི་དང་ཉིད་ལས༔ བློ་སྦྱང་ཕྱིར་དུ་དམ་ཚིག་ཡེ་ཤེས་སེམས༔ ཆུ་ལ་ཞུ་བཞག་སྒྱུ་མ་ཇི་བཞིན་དུ༔དུ་མར་སྣང་ཡང་རོ་གཅིག་བརྟན་པར་བྱ༔ཀཱ་ཡ་ལྦཱཀྐ་ཙིཏྟ་ཏིཥྛ་བཛྲ་ལྷན༔ བཅུ་གསུམ་པ་བྱིན་དབང་བསྐུར་བ་ནི། ཧྲཱི ཐམས་ཅད་སྐུ་གསུང་ཐུགས་དང་ཡེ་ཤེས་ལྡན༔ དབང་ཆེན་དབང་བསྐུར་མཐུ་རྩལ་བྱིན་གྱིས་རློབས༔ ཕྱག་རྒྱ་བཞི་ལྡན་ཡེ་ནས་གྲུབ་པའི་དང་༔ཐམས་ཅད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ༔ཨོཾ་ཧཱུྃ་སྭཱ་ཧྲཱི་ཧཱ་ཨ་བྷིཥིཉྩ་ཧཱུྃབཅུ་བཞི་པ་རྡོ་རྗེའི་ཡན་ལག་མཛེས་བ་ན་མཁའི་རྡུལ་སྙེད་དུ་སྤྲུལ་བས་ལྷ་ཆེན་འཕྲུལ་དགའ་ལྟ་བུའི་ཕྱག་བྱ་བ་ནི༔ཧྲཱིསྐུ་གསུམ་ཡོངས་འདུས་འཆི་མེད་ལྷ་ཡི་ཚོགས༔རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱི་ཕྱག༔ རྣམ་དག་ཡེ་ཤེས་ཆེན་པོ་རྟོགས་བྱའི་ཕྱིར༔ སྲི་ཞི་གུས་པས་འཕྲུལ་དགའ་ཚུལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ པྲ་ཏི་ཛ་ཧོ༔ བཅོ་ལྔ་པ་རྡོ་རྗེའི་ལྷ་མོ་བཅུ་དྲུག་གིས་མཆོད་པ་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རོལ་བ་ཟད་མི་ཤེས་པས་གཞོན་ནུ་མའི་སྒྱུ་རྩལ་བརྒྱད་ཚན་བརྒྱད་ཀྱི་བདག་ཉིད་ལ་རྣམ་པ་ཐམས་ཅད་ནས་གོམས་བའི་ལྷ་མོ་རི་དྭགས་མིག་ཅན་ཡིད་དུ་འོང་ཞིང་བལྟ་ན་སྡུག་པ་དེ་ཉིད་རྣམ་པ་བཅུ་དྲུག་གི་གྲངས་སུ་ཤར་བས་དཀྱིལ་འཁོར་གྱི་འཁོར་ལོའི་ཐུགས་བདེ་སྟོང་ཡེ་ཤེས་ཆེན་པོའི་དང་དུ་དགྱེས་པ་བསྐྱེད་པར་བལྟས་ལ། །དབྱངས་ཀྱི་ངེས་པ་དྲུག་གམ་བདུན་དང་ལྡན་བའི་སྙན་འགྱུར་དང་བཅས་ཤིང་། དངོས་སུའང། ཏམྦུར་དང་། གོལ་བོ་དང་། གླིང་བུ་དང་། ཟུར་ལ་འབུད་བ་དང་རྫ་རྡ་དང་། རྫ་

(༢༧༤)རྡ་ཁ་གཅིག་པ་དང་། ལྕགས་དང་འཁར་བའི་སིལ་ཁྲིལ་དང་། རྔ་མུ་ཀུནྡ་དང་། པི་ལྦང་རྒྱུད་གཅིག་པ་དང་། རྡ་ཆེན་དང་། རྔ་ཕྲན་དང་། རྒྱུད་མངས་དང་། རྔ་མྲི་ཏཾ་གི་དང་། པ་ཊ་ཧ་ལ་སོགས་པ་འབུད་འཁྲོལ་བརྡུང་བའི་རོལ་མོའི་བྱེ་བྲག་གིས་སྐབས་ཕྱེད་བར་མཆོད་ཅིང་། ཕྱག་རྒྱ་དངོས་ལ། ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ཞེས་འབྲས་བུ་དེའི་རྒྱུ་སྔོན་དུ་སོང་ནས། བཅའ་བ་ཕྱག་རྒྱ། དགྲོལ་བ་དམ་རྒྱ། ས་བོན་ཆོས་རྒྱ། ལྟར་སྣང་ཕྱག་རྒྱ་ཆེན་པོར་ངེས་པ་སོགས་སྔ་འགྱུར་རྒྱུད་སྡེ་ཆེན་པོའི་གཞུང་ལུགས་གནས་པ་ཉིད་དེ། །འདིར་ཆོས་མཉམ་པའི་དང་རྟོགས་ན། །སྒུལ་ཞིང་གསིགས་པ་ཐམས་ཅད་ཀུན། །ཕྱག་རྒྱ་ཡིན་བར་དཔའ་བོས་བཤད། །ཅེས་ལྷུན་མཉམ་རྫོགས་པ་ཆེན་པོ་ལ་རྣལ་དུ་འབྱོར་པས་སྣང་སྲིད་ཡེ་ཤེས་ཀྱི་མཆོད་པའི་ཕྱག་རྒྱར་རྫོགས་པའི་དང་ནས་འདོད་པའི་ཡོན་ཏན་གྱི་ངོ་བོ་གནག་ཡིན་བ་དེ་དང་དེའི་ཕྱག་རྒྱ་མ་འཁྲུལ་བ་དོན་དུ་གཉེར་བའོ། །པདྨ་རྒྱས་པ་ལྟ་བུའི་ལང་ཚོ་ཅན། །རེག་ན་བདེ་བའི་མཆོག་སྟེར་ཨུཏྨ་ལ་མིག་ །གཟུགས་ཀྱི་རྣམ་འགྱུར་དོམ་པའི་ཡིད་འཕྲོག་མ། །རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག་ གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ལྦཱ་ར་བཛྲ་ལ་སེྱ་ཧཱུཾ་པྲ་ཏཱི་ཙྪ་ཧོཀུན་ལ་པད་སྐོར་སྔོན་དུ་འགྲོ་བས་ཁུ་ཚུར་གཉིས་དཀུར་བརྟེན་ན་ཅུང་ཟད་འགྱིད་ཞིང་སེ་གོལ་ཕྱི་ནང་གཉིས་སུ་གཏོགས་པའོ། །སྲིད་ན་རྣམ་པར་མཛེས་བའི་ཟླ་བས་ཀྱང་། །བཛྲ་མཱ་ལེ་ཏྲཾ་སོགས་རྡོ་རྗེ་ཐལ་མོ་གཉིས་ནང་ནས་ཐུར་ལྡོག་གཡོ་བས་ཕྲེང་བ་འདོགས་བའི་ཚུལ་ལོ། འཇམ་མཉེན་པུནྡ་རི་ཀིའི་ལང་ཚོ་ལ། བཛྲ་གི་རྟི་ཧྲཱི ཁུ་ཚུར་གཉིས་ཀྱིས་མགྲིན་བ་ནས་སྒྲ་འབྱིན་པའི་ཚུལ་ལོ། །བུང་བ་པདྨའི་ཚལ་ན་གཡོ་བ་བཞིན། བཛྲ་ནི་རྟི་ཨ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སྤྱི་བོར་གར་བྱེད་པའི་ཚུལ་ལོ། བཅུ་དྲུག་ལང་ཚོས་མྱོས་བའི་རྣམ་འགྱུར་དེས། བཛྲ་དྷཱུ་པེ་ཧཱུཾ། ཐལ་སྦྱར་ཚིགས་པ་བཅག་པ་བདུག་སྤོས་ཀྱི་ཁང་པ་ལྟར་རོ། །ཚངས་དབང་འཆི་མེད་བུ་མོའི་འཇོ་སྒེག་ཀྱང་། བཛྲ་བུཥེྤ་ཏྲཱཾ།

(༢༧༥)རྡོ་རྗེ་ཁུ་ཚུར་གཉིས་ཀ་བཀན་ལ་མེ་ཏོག་འཐོར་བའི་ཚུལ་ལོ། །ཡིད་འོང་བལྟ་ན་སྡུག་བའི་རིམ་ཁུར་ཚོས་ལ། བཛྲ་ཨཱ་ལོ་ཀེ་ཧྲཱི། རྡོ་རྗེ་ཁུ་ཚུར་ལས་མཐེ་བོང་གནིས་མར་མེ་ལྟར་སྒྲེད་བའོ། །འཆི་མེད་བུ་མོའི་དཔལ་འཛིན་སྨིན་ལེགས་གཟུགས། བཛྲ་གྷནྡྷེ་ཨ། གཡོན་བའི་མཐེ་བ་མཛུབ་སྦྱར། གཞན་རྣམས་བརྒྱད་པ་ཁ་བཀན་ཏེ་དུང་ཆོས་བྱས་བའི་སྙིམ་པ་ནས་གཡས་བའི་མཐེ་བ་མཛུབ་གྱིས་དྲིའི་བྱུག་བ་འགྱོད་པའི་ཚུལ་ལོ། །ལང་ཚོའི་ཆ་ཤས་རྫོགས་པའི་པདྨ་དང་། བཛྲ་རཱུ་པ་ཨོཾ། གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་བའི་ཐལ་མོ་སྙིང་གནས་ཕྱིར་བསྟན་ཏེ་མེ་ལོང་ལྟར་བྱའོ། །ཏིང་འཛིན་རི་མོ་མཁན་གྱིས་བྲིས་པའི་གཟུགས། བཛྲ་མྲྀ་ཏཾ་གེ་ཧྲཱི རྔ་ཟླུམ་བརྡུང་བ་ལྟར་གཡོན་པའི་སོར་མོ་གྱེན་ལ་ཕྱོགས། གཡས་བའི་སོར་མོ་རྣམས་སྤུབ་ན་གཡོབ་པའོ། །རཏྣའི་སོར་གདུ་བ་འཁྲོལ་བའི་ཁུ་ཚུར་གྱིས། བཛྲ་ལྦི་ནི་ཧཱུཾ། གཡོན་གྱེན་དུ་སྒྲང་བའི་མཐེ་བོས་གུང་སྲིན་མནན་ཏེ་མཛུབ་མོ་མཐེའུ་ཆུད་བརྐྱང་པས་པི་ལྦང་བཟུང་བའི་ཚུལ་དང་། གཡས་པའི་གྲུ་མོ་དཀུར་བརྟེན་ཏེ་སྒྲེང་བའི་ཚུལ་ལོ། །དགའ་བ་བཅུ་དྲིག་རླུང་གི་རྟར་བསྐྱོན་ནས། བཛྲ་ལྦཾ་སེཏྲཱ། གླིང་བུ་འབུད་པའི་ཕྱག་རྒྱ་ཉིད་ཁའི་མདུན་ན་ཧ་ཅང་ཕྲལ་བ་མ་ཡིན་བར་བྱེད་པའོ། །ཟླ་གཞོན་པད་དཀར་ལྟ་བུའི་བའི་ལང་ཚོའི་དཔལ། བཛྲ་མུར་ཉྫ་ཨཱ། ལག་གཉིས་སྙིང་གའི་ཐད་ནས་ཁ་ཕྱིར་བསྟན་ལ་སོར་མོ་རྣམས་གཡོས་པས་རྫ་རྔ་བརྡུང་བའི་ཚུལ་ལོ། །སྟོང་ཉིད་ནམ་མཁའི་རྒྱན་གྱུར་ལྷ་ཡི་གོས། །བཛྲ་པརེྴ་ཏྲཱཾ། ལག་པ་གཉིས་སོ་སོའི་མཐེབ་མཛུབ་གུང་སྲིན་རྣམས་རྩེ་སྦྲད། མཐེའུ་ཆུང་སྒྲེང་གོས་དབུལ་བའི་ཚུལ་ལོ། །ཆགས་མེད་ཆགས་པ་ཆེན་པོ་ཟུར་མིག་གིས། བཛྲ་རཱ་ས་ཧྲཱི ཐལ་མོ་ཁ་སྦུབ་ཅིང་བརྐང་བ་གྱེན་དུ་ལྡོག་པས་བཤོས་འདེགས་བའི་ཚུལ་ལོ། །བདེ་བས་བདེ་བའི་མཐར་སོན་སྟོང་པ་ཉིད། བཛྲ་དྷརྨ་དྷཱ་ཏུ་ཨ། སོར་མོ་ཕན་ཚུན་གྱི་གུང་སྲིན་བཞི་ག་ཤིབས་ཏེ་སྦྱར། གཞན་དྲུག་པོ་བརྐྱང་སྟེ་རང་རང་རྩེ་སྤྲད་བས་ཆོས་འབྱུང་གསུམ་འབྱུང་བ་མཁའ་དབྱིངས་ཀྱི་

(༢༧༦)རྒྱའོ། བཅུ་དྲུག་བ་གསང་མཆོད་ནི། དེ་མ་ཐག་པའི་ལྷ་མོ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་དབང་པོ་སོ་སོའི་གནས་སུ་ཐིམ་བར་གྱུར་པའི་རྒྱེན་ལས་རང་རང་གི་རིགས་གྱི་ཡུམ་དང་རྗེས་ཆགས་ལྷག་བར་རྒྱས། བདེ་བ་ཆེན་པོའི་རྩལ་སྣང་མུ་མཐའ་མེད་པའི་གཟུགས། ཆོས་ཉིད་ཀྱི་གླུ་སིད་དང་ཧལ་སོགས་པའི་སྒྲ། ཡུམ་གྱི་ལང་ཚོ་ལས་སྐྱེས་བའི་བསུང་ཞིམ་དངར་པོའི་དྲི། དགའ་བ་བཞིའི་ཡེ་ཤེས་ལ་རྣམ་པ་ཀུན་ནས་ཉམས་བརྟས་པའི་དོ འཕོ་མེད་ཀྱི་བྱང་སེམས་ཀུན་ལ་ཁྱབ་པའི་རེག་བྱ་སྟེ། ཁྱད་པར་ནང་གི་འདོད་ཡིན་ཆེན་པོས་མཉེས་པར་དམིགས། ཧྲཱི གསང་བ་ཡུམ་གྱི་བདེ་བ་དམ་པ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཏེ འདོད་ཡོན་མ་འགགས་རང་བྱུང་ལྷ་མོའི་ཚོགས། སྐུ་གསུམ་ཚོ་ཡི་ལྷ་ལ་མཆོད་བར་འབུལ༔ པཉྩ་ཀརྨ་གུ་ཎ་པཱུཾ་ཛ་ཧོ བཅུ་བདུན་པ་སྨན་མཆོད་ནི། ཧྲཱི རང་བྱུང་གདོད་ནས་དག་བ་རྫས་ཀྱི་མཆོག༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ དག་མཉམ་རྟོགས་པས་རྣག་བྱུང་རང་ལ་མཆོད སྐུ་གསུང་ཐུགས་ཀྱི་སིདྡྷི་སྩལ་དུ་གསོལ། །སརྦ་བཉྩ་ཨ་མྲྀ་ཁ་རི་ཁཱ་ཧི༔ ཞེས་སྤྱིར་མཆོད་ནས༔ ལག་མཆོད་དུ་རྣམ་གསུམ་ཡོ་གའི་བླ་མ་རྣམས་ཚོགས་གསོག་གི་ཞིང་བརྒྱུད་པའི་ཆུ་མགོར་བྱས་ནས་འབུལ་བའི་ཚུལ། སྟོན་པ་ཀུན་བཟང་རྒྱལ་ཚབ་རིགས་ལྔ་མཆོག་ །དགའ་རབ་ལ་སོགས་བརྡ་བརྒྱུད་རིག་འཛིན་རྣམས། །བྲག་ཆེན་གསལ་བའི་སྟོན་པ་བཅུ་གཉིས་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་བཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རིགས་གསུམ་སེམས་དཔའ་ལུང་བསྟན་རྡོ་རྗེ་དང་། །ཨུ་བ་རཱ་ཛ་འབྱོར་བའི་དབང་པོ་སོགས། རོ་ལྔགས་བདེ་བ་རྡོ་རྗེ་བཞད་རྩལ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་བཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། དམ་པའི་རིགས་ཅན་ལྔ་དང་རྒྱལ་པོ་ཛ །ཀུ་ཀུ་རཱ་ཛ་ཨནྡྲི་བོ་དྷི་སོགས། །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལར། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། སརྦ་བཉྩ

(༢༧༧)ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །རྣམ་གསུམ་ཡོ་གའི་བདག་པོ་ཨོ་རྒྱན་རྗེ། །རྒྱལ་ཡུམ་འཚོ་རྒྱལ་ལོ་ཆེན་བཻ་རོའི་ཞབས། །གཏེར་ཆེན་བླ་མ་རྒྱལ་སྲས་རྣམ་གཉིས་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་བཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཆོས་དབྱིངས་རང་གྲོལ་ཟ་ཧོར་སྔགས་སྨྱོན་མཆོག་ །བཛྲ་ཀྵ་ཀུན་བཟང་པདྨ་དབང་། །གུ་རུ་འོད་ཟེར་ནམ་མཁའི་རྣལ་འབྱོར་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། སརྦ་བཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །བདག་ཉིད་ཆེན་པོ་ཚེ་ལྷ་ཡབ་ཡུམ་དང་། །རྩ་གསུམ་འདུས་པ་རབ་འབྱམས་དཀྱིལ་འཁོར་ལྷ། །གནས་གསུམ་མཁའ་འགྲོ་ཞིང་སྐྱོང་གཞི་བདག་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་བཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྗེས་འབྲེལ་དུ་དངོས་གྲུབ་བ་བླང་བ་ནི། བདུད་རྩི་སྙིང་པོ་ཅན་གྱི་དབུས། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། ཡི་གེ་གསུམ་ཀྱི་རྣམ་བ་ཅན། དམ་ཚིག་ཕྱག་རྒྱ་གཉེན་པོས་བླང་། ཀཱ་ཡ་སིདྡྷི་ཨོཾ། ལྦཱཀྐ་སིདྡྷི་ཨཱ། ཙིཏྟ་སིདྡིྷ་ཧཱུྃ། ཞེས་མཐེབ་སྲིན་ཉི་ཟླའི་ག་འུས་བླང་ཞིང་གནས་གསུམ་དུ་གཏུགས་ལ་མྱང་ངོ། །བཅོ་བརྒྱད་པ་གཏོར་མའི་མཆོད་པ་ནི། ཧྲཱི ཁྱད་པར་རྨད་བྱུང་དམ་རྫས་འདོད་ཡོན་ལྔ། སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག་གི་རྟན༔ ཟག་མེད་བདུད་རྩིའི་གཏོར་མ་ལོངས་སྤྱོད་རྒྱན༔ སྐུ་གསུང་མཚེ་ཡི་ལྷ་ལ་མཆོད་པར་འབུལ༔ མ་ཧཱ་བ་ལིངྟ་ཁཱ་ཧི བཅུ་དགུ་པ་རཀྟ་མཆོད་པ་ནི། ཧྲཱི བདེ་ཆེན་ཡེ་ཤེས་འབྱུང་བའི་གནས་གཅིག་པུ༔ པདྨ་རཀྟ་ཆགས་བ་ཆེན་པོའི་མཆོག༔ མ་ལུས་གཅིག་བསྡུས་འཁོར་སྐྱོན་དག་བའི་རྫས༔ སྐུ་གསུམ་ཚེ་ཡི་ལྷ་ལ་མཆོད་པ་འབུལ་ལོ༔ མ་ཧཱ་རཀྟ་ཁཱ་ཧི༔ ཉི་ཤུ་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། ཀུན་ཏུ་བཟང་པོའི་བློ་མཆོག་གི་ཁྱད་པར་དམན་ཡང་འབྱོར་བའི་དཔལ་གྱིས་བརྒྱན་པ་རྣམས་ལ་རང་གི་ཡུལ་འཁོར་ལོངས་སྤྱོད་དང་བཅས་པའང་བསམ་པའི་བྱེ་བྲག་ལས་རང་བཞིན་གྱི་མཆོད་པའི་སྤྲིན་དུ་འགྱུར་བའི་ཕྱིར་འདི་ལྟར།

(༢༧༨)ཨོཾ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཅེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ༑ །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚོགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ལ་རྒྱས་བར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱན་ཆེན་པོར་བསྒོམ། །ཨ་ལ་ལ་ཧོ༔ ཉེར་གཅིག་པ་བསྟོད་བ་ནི། གསང་བ་གསུམ་གྱི་ཡོན་ཏན་དྲན་བའི་སྒོ་ནས། ཧྲཱི ཆོས་སྐུ་སྤྲོས་དང་བྲལ་པའི་ཕོ་བྲང་ནས༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་ཚེ་ཚེ་དཔག་མེད༔ སངས་རྒྱས་ཀུན་འདུས་འོད་ཟེར་སྣ་ཚོགས་འཕྲོ། བཅོམ་ལྡན་ཚེ་དཔག་མེད་ལ་འཚལ་བསྟོད། །རྒྱལ་བ་ཁྱོད་ནི་སངས་རྒྱས་ཀུན་ལས་ལྷག་ གསལ་འཚེར་ལྷུན་སྟུག་ལོངས་སྐུའི་རྒྱན་གྱིས་སྤྲས༔ ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་ལ་འཚེར༔ ཡབ་ཡམ་གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད གསང་བ་ཡེ་ཤེས་ཡུམ་མཆོག་གོས་དཀར་མོ༔ ཚེ་ལྷ་རྒྱལ་བ་ཡབ་ཡུམ་གཙོ་འཁོར་བཅས༔ བདུད་བཞིའི་གཡུལ་ལས་རྒྱལ་ལ་ཕྱག་འཚལ་བསྟོད༔ ཉེར་གཉིས་པ་རྒྱུད་དག་པར་བྱས་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བའི་སླད་དུ་བཤགས་པ་བྱ་ཞིང་འདོད་དོན་གསོལ་བ་ནི། ཧོ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔའ་རྡོ་རྗེ་

(༢༧༩)སེམས་དཔའ་ལ་སོགས་རིགས་ཐམས་ཅད་པའི་དབང་ཕྱུག་བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། །བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ཀྱིས། གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉེན་པོ་མ་ནོར་བར་མ་ནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་འགལ་འཁྲུལ་དུ་འགྱུར་པ། ལྷ་ཉེ་བར་མ་བསྒོམས་པ། སྙིང་པོ་དག་པར་མ་བགྲངས་པ། སྦྱོར་བ་མང་པོས་བར་བསྐུམས་པ། དད་པ་ཅན་གྱི་ཚོགས་བཅག་པ། དགེ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླར་འདས་པ། དམ་རྫས་ལག་ལེན་རྡོ་མ་ཐོགས་པ། རྫ་པྲ་བཟླས་གྲངས་ཉུང་བ། བསྙེན་པ་ཡུན་ཐུང་བ། ཏིང་འཛིན་ཐང་ལྷོད་དུ་གྱུར་པ། དེ་བཞིན་གཤེགས་བའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང་། སེམས་ཅན་གྱི་སྤྱོད་པ་རང་ཐད་དུ་གྱུར་པ་དང་། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་མངོན་དུ་མ་ནོས་པ་ལས། ཉམས་ཤིང་ཞིག་རལ་དུ་གྱུར་བ་ཅི་མཆིས་པ་ཐམས་ཅད་ཤིང་ཏུ་གནོང་ཞིང་འགྱོད་བའི་སེམས་ཀྱིས་མཐོལ་ཞིང་བཤམས་པར་མཆིས་ན། ཐུགས་ཞི་བ་ཆེན་པོའི་དབྱིངས་སུ་ཚངས་པར་སྩལ་བ་དང་དུ་བཞེས་སུ་གསོལ། བཞེས་ནས་ཀྱང་བདག་གི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་ཏེ་དངོས་གྲུབ་ཀྱི་སྣོད་དུ་གྱུར་ནས་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག་ །ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱང་འཁོར་བ་ཀ་ནས་དག་པར་གྱུར་ཅིག་ །གནས་སྐབས་སུ་འད་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག་ །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དུང་ལྟ་བུའི་ལུས། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བླ་མ་ན་ཆད་ནས། དངོས་གྲུབ་ཀྱི་སྐལ་བ་དང་རིགས་བརྒྱུད་བརྒྱུད་གང་ལགས་པ

(༢༨༠)ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར་དུས་ད་ལྟ་ཉིད་ཐོབ་བར་སྩལ་དུ་གསོལ། །རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པ། སྡང་བའི་དགྲ། གནོད་པའི་བགེགས། གདུག་པའི་དཔལ། སྦྱོར་བའི་དུག་ །རྣོ་བའི་མཚོན། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། སོ་སོའི་རྨི་ལམ་དན་པ་དང་ལྟས་ངན་པ། མི་ཤིས་པའི་རྐྱེན་ཐམས་ཅད་ཕྱིར་བཟློག་ཅིང་མིང་ཡང་མི་གྲག་བར་མཛད་དུ་གསོལ། གལ་ཏེ་ཞིབས་བསྒྱུར་དུ་མི་བཏུབ་པ་ད ག་ །དབང་དུ་བསྡུ་པ་དང་། གཟིར་ཞིང་མནན་པ་དང་། བསྒྲལ་ཞིང་སྤར་བ་ལ་སོགས་ཏེ་དྲག་ཤུལ་གྱི་ལས་ཆེན་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་མཱི་ཡང་མི་གྲག་པར་མཛད་དུ་གསོལ། ཉེར་གསུམ་པ་དམ་བཅའ་བ་ནི། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། དེ་འདྲ་ཁོ་ནར་བདག་འགྱུར་ཤོག་ །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །དཔའ་བོ་རྡོ་རྗེས་བྱིན་རློབ་མཛོད། ཉེ་བཞི་པ་ཛ་པྲ་ཁང་དབྱེ་བ་ནི། དབྱེ་བའི་གཞི་དཀྱིལ་འཁོར་གྱི་སྣང་ཆ་ལེགས་པར་གསལ་ནས། བྷཱུ་བི་ཤྭ་བི་ཤུདྡྷེ་ཕཊ་ཛ ཞེས་བརྗོད་པས། རོལ་པ་གཅིག་པའི་དཀྱིལ་འཁོར་ལས་རྣམ་ཆ་གཉིས་པ་ཞིག་ཡོགས་སུ་ཕྱི་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱང་དུ་བཞུགས་པར་གསོལ་ལོ། །ཉེར་ལྔ་པ་ཛྲ་པྲ་དགོངས་ནི། བདག་མདུན་གྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་ལ་གནས་བའི་ཉི་ཟླའི་སྟེང་དངས་མའི་ཐུགས་སྲོག་ཧྲཱི ཡིག་དམར་པོའི་མཐར་སྔགས་ཀྱི་ཕྲེ་བས་བསྐོར་བ་ལས་འོད་ཟེར་བུང་བའི་མཚོན་ཆ་ལྟ་བུ་འཕྲོས། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་པས་མཉེས། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མ་ལུས་པའང་ལ་བསྟི་མ། དཔག་ཏུ་མེད་པའི་འཇིག་རྟེན་ཁམས་ཐམས་ཅད་སོ་སོར་ཀུན་ཏུ་སྣང་བར་བྱས། འོད་ཟེར་གྱིས་རེག་པ་ཙམ་གྱིས་སེམས་ཅད་ཐམས་ཅད་ཀྱི་ལས་དང་རྣམ་པར་སྨིན་པའི་སྡུག་བསྔལ་སྦྱངས། རང་འདྲའི་གོ་འཕང་ལ་བཀོད་བ་ནི་དམ་ཚིག་གི་བཟླས་པ་དང་། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་བྱུང་བ་ལྕེ་པདྨ་འདབ་མ་གསུམ་པའི་རྣམ་པར་གནས་པའི་ཟེའུ་

(༢༨༡)འབྲུའི་སྦུབས་ནས་ཕྱིར་བྱུང་། མདུན་བསྐྱེད་ཀྱི་ཞལ་ནས་ཞུགས། སྦྱོར་བའི་ལམ་གཉིས་ནས་འཁོར་བར་དམིགས་ཤིང་། རྣམ་པར་རྟོག་དང་བཟླས་པའི་སྐྱོན་སྤངས་ནས་ལྷའི་གསལ་སྣང་ལ་སློབ་པ་ནི་དོ་ལིའི་བཟླས་པའོ། །གང་གི་ཚེ་རྒོད་པར་གྱུར་ན་མངོན་དུ་གྱུར་བའི་ཚིག་སྤངས་ཏེ་ཡིད་ཀྱི་བཟླས་པ་རླུང་འབྱུང་འཇུག་གནས་གསུམ་ལ་བརྟེན་པ་ནི་རྡོ་རྗེའི་བཟླས་པའོ། །དེ་ལྟར་གཞུང་རྩ་བའི་དགོངས་པ་ལུགས་གསུམ་པོ་ལ་རིམ་གྱིས་སློབ་ཅིང་། ཁྱད་པར་རྟོག་འཇོམས་པའི་གཉེན་པོར་གང་ཆེ་ཆེད་དུ་གཉེར་ཞིང་གསལ་བ་གསུམ་གྱི་ཏིང་འཛིན་དང་ལྡན་པས། ཨོཾ་ཨཱཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾཧྲཱི༔ཨཛྙཱ་ན་བཛྲ་ཨའ་ཡུ་ཤེས་ཧཱུྃ་བྷྲུྃ་ནྲྀ་ཛ སརྦ་སིདྡྷ་ཕ་ལ་ཧཱུྃ་ཧྲཱི ཞེས་ཅི་ནུས་བཟླའོ། །ཉེར་དྲུག་པ་ཛ་བྲ་མཇུག་བསྡུ་བ་ནི། སྤྲོ་ཞིང་ནུས་ན་ལྷ་མོ་བཅུ་དྲུག་གིས་མཆོད། བསྡུ་ན་ཨརྒྷཾ་ནས་ཤབྟའི་བར་བརྗོད། བསྟོད་པ་ནི། ཧྲཱི མཉམ་ཉིད་དག་པ་རྒྱལ་བའི་ཡེ་ཤེས་སྐུ༔ རྩོལ་མེད་རང་བྱུང་ཨའ་ལི་ཀཱ་ལོའི་སྐྲ༔ རྟོག་མེད་སྤྲོས་བྲལ་འོད་གསལ་ཐིག་ལེའི་ཐུགས༔ རྩོལ་བ་བྲལ་བ་ལྷུན་གྲུབ་ཡོན་ཏན་གཏེར། རང་བཞིན་མ་ངེས་ཕྲིན་ལས་ལྷུན་གྱིས་གྲུབ༔ བླ་མ་ཡི་དམ་ཌཱཀྐིའི་ཚོགས་ལ་བསྟོད༔ ཅེས་པའི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཤགས་པ་བྱའོ། །ཉེར་བདུན་པ་ལས་བུམ་བསྒྲུབ་པ་ནི། ལས་ཐམས་ཅད་བའི་བུམ་པའི་རྟ་མགྲིན་དམར་པོ་ཕྱག་གཉིས་དབྱུག་ཏོ་དང་སྡིགས་མཛུབ་མཛད་ཅིང་། ཁྲོ་ཚུལ་གར་གྱི་ཉམས་དགུ་དང་ལྡན་པ། དུར་ཁྲོད་ཀྱི་ཆད་བརྒྱད་ཀྱིས་བརྒྱན་པ་གསལ་བར་གྱུར། ཨོཾ་བཛྲ་ཀྲོ་ཏ་ཧྱྀ་གྷྲ་ལྦ་ཧུ་ལུ་ཧུ་ལུ་ཧཱུྃཊ༔ ཅེས་བཟླས་མཐར་འོད་ཞུ་བྱ་བ་ནི། དུང་ཞལ་གྱི་ཆུ། ཨོཾ་ཨཱཧཱུྃ༔གི་མཆོད་ཡོན་དུ་ཕུལ་བའི་རྐྱེན་གྱིས་བུམ་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུན་པ་བྱེད་ལས་ཐམས་ཅད་གྲུབ་པའི་ནུས་ལྡན་དུ་གྱུར། ཅེས་བརྗོད། ཉེར་བརྒྱད་པ་ཚེ་འགུགས་པ་ནི། དཀྱིལ་འཁོར་གྱི་འཁོར་ལོའི་འོད་ཟེར་གྱིས་འདས་བརྟན་གཡོའི་ཁམས་ཀྱི་དངས་བཅུད་དང་། རང་གི་རྣམ་སྨིན་གྱི་ཁམས་ནས་བླ་ཚེ་

(༢༨༢)ཡར་ཞིང་འཐོར་འཁྱམས་མ་ལུས་པ་སྤུར་མ་དང་ལེན་པ་པོའི་སྣང་ཚུལ་བཞིན་བདག་དང་སྒྲུབ་རྫས་རྣམས་ལ་ཐིམ་པས་བསྐལ་བར་མི་ཤིགས་པའི་ཚེ་དང་། བསོད་ནམས་ལ་སོགས་པ་དཔལ་བཅུའི་ཡོན་ཏན་འཐོང་བར་བསམས་ལ་ཆོ་མདའ་གཡོབ་ཅིང་། ཨོཾ་ཨཱཧཱུྃ་ཧྲཱི བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་ནས༔ ཆོས་སྐུ་འདོད་དཔག་མེད་པ་ཚེ་ཡི་བདག༔ ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནས༔ འགྲོ་མགོན་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང་། འདིར་སྤྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཚེ་ཟད་འདི་ལ་སྣོད་བཅུད་ཚེ་བཀྲག་བསྟིམ༔ ཚེ་མདན་འདི་ལ་ལེགས་ཉེས་པྲ་རྟགས་སྟོན༔ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ། ཨོཾ་ཨཱཧཱུྃ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཨ༔ སོགས་རྩ་སྔགས་བརྗོད། ལྷོ་ནུབ་སྲིན་ཡུལ་ཟངས་མདོག་དཔལ་རི་ནས། འཆི་མེད་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང་༔ འདིར་སྦྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ། ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་བསྟིམ། ཚེ་མདའ་འདི་ལ་ལེགས་ཉེས་པྲ་རྟགས་སྟོན༔ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨསོགས་སྡྷིུན་རྒྱ་མཚོ་གླིང་ནས༔ མཚོ་སྐྱེས་རྡོ་རྗེ་འཆི་མེད་ཚེ་ཡི་ལྷ་མོ་ཙཎྜ་ལཱི༔ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང་༔ འདིར་སྦྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ། ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་བསྟིམ༔ ཚེ་མདའ་འདི་ལ་ལེགས་ཉེས་པྲ་རྟགས་སྟོན འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ཕོབ༔ ཨོཾ་ཨཱཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིསོགས། བྲག་ཕུག་མར་ཏི་ཀའི་གནས་མཆོག་ནས༔ པདྨས་མྦྷ་འཆི་མེད་ཚེ་ཡི་ལྷ གཉིས་མེད་སྦྱོར་བའི་ཕྱག་རྒྱ་མ་ནྡཱ་ར༔ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང་༔ འདིར་སྦྱོན་སྒྲུབ་པའི་རྗེས་ལ་བྱིན་ཆེན་ཕོབ། ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་བསྟིམ ཚེ་མདའ་འདི་ལ་ལེགས་ཉེས་པྲ་རྟགས་སྟོན༔ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ༔ཨོཾ་ཨཱ༔ཧཱུྃ་ཨོཾ་ཧཱུ་ཏྲཱཾ་ཧྲཱི་ཨསོག་

(༢༨༣)བྲམ་དམར་གཡའ་མ་ལུང་གི་གསང་ཕུག་ཏུ༔ གུ་རུ་པདྨ་འབྱུང་གནས་ཚེ་དབང་རྩལ༔ བདེ་སྟོང་གཉིས་མེད་སྦྱོར་བའི་ཚོ་རྒྱལ་ཡུམ། སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང་། འདིར་སྦྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་བསྟིམ ཚེ་མདའ་འདི་ལ་ལེགས་ཉེས་པྲ་རྟགས་སྟོན༔ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨསོགས། ཀྱེ་ཧོདགོངས་དང་སྐུ་གསུམ་ཚེའི་ལྷ་ཚོགས༔ འཆི་མེད་སྒྲུབ་པའི་གནས་ནི་ཉམས་རེ་དགའ༔ རིག་འཛིན་སྒྲུབ་པ་པོ་ནི་བརྗིད་རེ་ཆེ༔ དཀྱིལ་འཁོར་སྒྲུབ་པའི་རྫས་ནི་བྱིན་རེ་ཆགས། ཚིལ་ཆེན་དུད་པའི་སྤྲིན་ཕུག་ཁྲིགས་སེ་ཁྲིག༔ ཞུན་ཆེན་གསལ་བའི་མར་མེ་ཡལ་ལ༔ ཚེ་ཟན་འབྲང་རྒྱས་ཉི་ཟླའི་རྒྱན་དང་ལྡན༔ ཕྱི་ལྟར་སྣང་བ་ཚེ་འབྲང་ལུ་གུ་རྒྱུད༔ ནང་ལྟར་སྣང་བསྐུ་གསུམ་ཚེ་ཡི་ལྷ༔ གསང་བ་འཆི་བ་མེད་པའི་དམ་རྫས་གཏེར༔ ཚེ་མདའ་རྒོད་སྒྲོ་སྐུ་གསུམ་ཚིགས་ཕྲང་ཅན༔ འཆི་མེད་ཚེ་རྟེན་བླ་ག་ཡུ་དམར་པོ་དང་། སྣང་སྲིད་གསལ་བའི་མེ་ལོང་དར་སྣས་བརྒྱན༔ ལེབ་རྒྱན་དར་གྱི་ཆོད་པན་པུ་རུ་རུ འདིར་སྦྱོན་འདིར་གཤེགས་སྐུ་གསུམ་ཚེ་ཡི་ལྷ༔ འབྱུང་ཆེན་རིགས་བཞིའི་ཌཱཀྐི་དམ་ཚིག་ཅན༔ ཕྱི་ནང་སྣོད་བཅུད་ཀུན་གྱི་ཚེ་བཀྲག་བསྟིམ༔ འདིར་ཁུག་ཉམས་པ་གསོས་ལ་གནས་པ་སྤྲེལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ཚེ་མདའ་གནས་ལྔར་བཞག་སྟེ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཨ ཚེ་མདའ་རིན་ཆེན་བཱར་པ་ཡིསགནས་ལྔ་ངག་ཏུ་བྱིན་བརླབས་བས༔རྣལ་འབྱོར་ཚེ་ཡི་བར་ཆད་སོལརྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལཨོཾ་ཨ་པཱ་ར་མི་ཏ་ཨཱ་ཡུཛྙཱན་བེ་ཏུབྷྲཱུཾ༔ ཞེས་བྱིན་གྱིས་བརླབ་ཅིང་བརྟན་པར་བྱའོ། ༈ །གཉིས་པ་བདག་འཇུག་བླང་བ་ནི། ཆོས་ཉིད་གདོད་ནས་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་བྱེད་མེད་དུ་རྫོགས་བ་དབང་ལེན་བྱའི་ཡུལ་ལ། རྩལ་སྣང་གློ་བུར་བ་ལམ་དང་འབྲས་བུའི་དབང་གི་ཐོབ་བྱ་དོན་དུ་གཉེར་འདོད་དེ་ཉིད་ལེན་བྱེད་སློབ་མའི་རྣམ་

(༢༨༤)པར་ངེས་པས། ལས་བུམ་གྱི་ཆུས་ཉེ་རེག་བྱ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷིའེ་ཥེ་གཏེགས་མ་ཡ་ཤྲཱི་ཡེ་ཧཱུྃ། ཕྱི་རོལ་བའི་གཏོར་མ་ཨོཾ་ཨཱཧཱུྃ་གིས་བྱིན་གྱིས་བརླབས་ནས། ཧཱུྃ་ཡེ་ཤེས་རོལ་པ་དཔལ་གྱི་སྐུར་གསལ་བའི༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ བགེགས་རིགས་མ་ལུས་རྒྱ་མཚོའི་མཐར་བཀྲག་བགྱི༔ ཧུམ་བཞིའི་སྔགས་དང་། བཛྲརཀྵརཀྵ༔ ཞེས་སྲུང་འཁོར་སྒོམ། བདེ་ཆེན་པདྨོ་བརྩེགས་པའི་དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ། ཨོཾ་བཛྲ་བྷཱུ་མི་ཨཱཧཱུྃ་སོགས་མཎྜལ་ཕུལ། ཨོཾ་ཨཱཧཱུྃ་གིས་མིག་དར་འཆིང་། ཨ་ཁཾ་ལྦིར་ཧཱུྃ་གིས་མེ་ཏོག་ཕྲེང་བ་བཟུང་། གསོལ་གདབ་ནི་ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན༔ སྲིད་པའི་འཁོར་ལོ་རྣམ་སྦྱོང་བ དེ་རིང་བཤད་པའི་རིན་ཆེན་གཏེར༔ གཙོ་བོས་བདག་ལ་བཀའ་དྲིན་སྩོལ༔ ལན་གསུམ། སྐྱབས་སེམས་དང་བྱང་སྡོམ་བཟུང་བ་ནི་མོས་པ་བརྟན་པོས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ། སྔགས་ཀྱི་རྡོ་རྗེ་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར་སྙིང་གར་རྡོ་རྗེ་བཞག་ལ། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འོད་ཟེར་ཀུན་ནས་འཕྲོ་བར་གྱུར། ཨོཾ་སརྦ་ལོ་གཙིཏྟ་ཨུ་པ་ཏ་ཡ་མི༔ རྡོ་རྗེ་ལག་ཏུ་བཟུང་ནས། ཨོཾ་སུ་ར་ཏི་སམ་ཡ་སྟཾྭ༔ ཧོ་སིདྡྷི་ཡ་ཐཱ་མུ་ཁཾ། དམ་ཚིག་བསྒྲག་པ་ནི་རྡོ་རྗེ་སྤྱི་བོར་བཞག་ལ། ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས༔ ང་ཡིས་ཡ་ཤེས་རྡོ་རྗེ་སྦྱིན༔ བྱིན་པས་དངོས་གྲུབ་ཐོབ་པར་འགྱུར༔ གང་ཞིག་འདི་མ་མཐོང་བའི། མདུན་དུ་སྨྲ་བར་མཁྱེན་ཅིག༔ བག་མེད་སྨྲན་ཉམས་བར་འགྱུར། དེ་བས་རྒྱལ་བཅོམ་ནས་ནི བདག་ཉིད་མ་འཁྲུལ་ཤེས་པར་གྱིས དམ་ཆུ་བཏུང་ཞིང་། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང་༔ སརྦ་བཉྫཨ་མྲི་ཏ་ཨུ་ག་ཏ་ཧཱུྃ༔ ཚོགས་གསོག་ནི། རྣམ་དག་མཉམ་པའི་དང་

(༢༨༥)ཉིད་ལས༔ བླ་མ་རྩ་གསུམ་ལྷ་ཚོགས་གཤེགས༔ པདྨ་ཉི་ཟླའི་གདན་ལ་བཞུགས། ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ བཞུགས་གསོལ་འདེབས་སོ་དགེ་བ་བསྔོ༔ ཡང་དག་རྡོ་རྗེ་འཆང་ཐོབ་ཤོག༔ རིགས་ལྔའི་སྡོམ་བཟུང་ནི༔ སངས་རྒྱས་ཀྱི་སྡོམ་པ་ཡིན༔ བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས། དཀོན་མཆོག་གསུམ་གཟུང་མི་གྲང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ། རྡོ་རྗེ་རིགས་ཀྱི་སྡོམ་པ་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། སྦྱིན་པ་དུས་ནི་རྟག་ཏུ་གཏོང་། རིན་ཆེན་རིགས་ཀྱི་སྡོམ་པ་ཡིན། པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་སྡོམ་པ་ཡིན། ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ འགྲོ་བའི་དོན་ལ་བརྩོན་པར་བྱ། ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ ཞེས་བཟུང་ལ་ངེས་ཤེས་བསྐྱེད༔ ཨོཾ་བཛྲ་ཨུཏྤ་ཏ་ཡས་མས་པྲ་བེ་ན་མ་ཧཱུྃ༔ ཞེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་བསམ་ཞིང་། ཤར་སྒོ་ནས་ཕྱག་བྱས་པའི་མོས་པས་ཐལ་མོ་སྤྱི་མགྲིན་སྙིང་ག་གསུམ་དབུ་སྦྱར་ལ། ཨོཾ་ན་མ་ཏེ་ཧཱུཾ༔ ཨོཾ་ན་མ་མེ་ཧཱུྃ༔ ཞེས་ཕྱག་བྱ། དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་ལ་འཁོད་པས་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཏྲཱི ཡི་གེ་དམར་པོར་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས། སྐུའི་དབྱིབས་བརྒྱུད་ཡུམ་གྱི་པདྨར་བབས། ཕྱིར་བྱུང་ནས་སྔར་གྱི་གདན་ལ་འཁོད། དེ་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་ཤིང་། ཡེ་ཤེས་སེམས་དཔའ་རིག་འཛིན་གྱི་སློབ་དཔོན་ཆེན་པོ་ཡུམ་དང་བཅས་པ་གསལ་བའི་གནས་གསུམ་དུ་ཕྱག་མཚན་གསུམ་ལ་གནས་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་ཐུགས་ཀའི་ཆ་སྨད་དུ་སྔགས་ཕྲེངས་བོན་དང་བཅས་པ་ལས་འོད་ཟེར་འདྲོས་

(༢༨༦)པས་རང་བཞིན་གྱི་གནས་དང་། དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས་ཚེ་ལྷ་འཁོར་དང་བཅས་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་བཅས་བྱོན་ནས་རང་ཉིད་ལ་ཐིམ་པར་བསམ་ལ། སྦོས་དང་རོལ་མོའི་སྒྲ་སྣ་ཚོགས་སྦྱར་བ་ཞིང་། ཨོཾ་ཧཱུྃ༔ ཨ་ལ་ལ་ཧོབྷ་ག་ལྦཱ་ནས་མ་ཡ་ཧོསམ་ཡ་སྟཱཾ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་བའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ། བྱིན་གྱིས་བརླབ་པའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཁོབ་བཅོམ་ལྡན་འདས༔ དབང་ཆེན་དབང་བསྐུར་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་བསྡུ། ཏི་ཥྛི་བཛྲ་ས་མ་ཡ་ཧཱུྃ། ཞེས་སྤྱི་བོར་རྡོ་རྗེ་དང་བཅས་བརྟན་པར་བྱ། སངས་རྒྱས་དངོས་གྲུབ་འཐོབ་བྱའི་ཕྱིར༔ འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། སྨིན་པར་དགོངས་ཏེ་བཞེས་སུ་གསོལ༔ པྲ་ཏཱི་ཙྪ་བཛྲ་ཧོ༔ ཞེས་རིག་པའི་མེ་ཏོག་དོར། ཡེ་ཤེས་ཀྱི་ལྷས་དབང་རྟགས་སྤྱི་བོར་བཅིངས་པར་མོས་ལ། པྲ་ཏི་གྷྲི་ཧ་ན་ཨི་མཾ་ས་ཏྭ་མ་ཧཱ་ཕཱ་ལ ཞེས་རིགས་ངེས་པའི་གསང་མཚན་དྲན་བས་མེ་ཏོག་སྤྱི་བོར་གཞག་ །གསེར་གྱི་ཐུར་མས་མིག་ཕྱེ་ཚུལ་བྱ་ཞིང་༔ ཧོ བུ་ཁྱོད་བློ་མ་ཚེ་དཔག་མེད༔ རིག་འཛིན་ང་དང་དབྱེར་མེད་འགྱུར༔ རིག་པ་ཡེ་ཤེས་མིག་བྱོ་བས༔ རང་བྱུང་ཡེ་ཤེས་པོ་ལ་ལྟོས༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ཧོ༔ ལྟོས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྟོས༔ བལྟས་པས་མཐོང་བ་བདེ་བ་ཆེ། བལྟས་པས་མཐོང་བ་བདེ་བ་ཆེ༔ རང་བཞིན་མེད་པས་ཆོས་ཀྱི་དབྱིངས། འདུ་འབྲལ་མེད་པར་རྟག་ཏུ་བཟུང་༔ ཞེས་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་བལྟས་བས་མཚོན་བདོན་གྱི་ཆོས་ཉིད་མཐོང་བར་བསམ། དེ་ནས་དབང་དོན་དངོས་གཞིའི་སླད་དུ་གསོལ་བ་གདབ་པ་ནི། ཁྱོད་ཞབས་པདྨོ་སྤངས་ནས་ནི༔ གཙོ་བོ་གཞན་ནམ་མཆིས་པས༔ དཔ༔ བོ་རྡོ་རྗེ་སློབ་དཔོན་གྱིས༔ བློ་མཚོག་ཏིང་འཛིན་བསྐྱེད་དུ་གསོལ༔ ལན་གསུམ་གྱི་རྗེས། གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་

(༢༨༧)ཚོགས་ནམ་མཁའི་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་བ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་བཀྲ་ཤིས་པའི་མེ་ཏོག་འཐོར་ཞིང་ཤིས་བ་བརྗོད། །ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། བུམ་འཛིན་གྱི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་བ་ཐོགས་ཤིང་རྒྱལ་ཚབ་ཀྱིས་ལ་མངོན་པར་དབང་བསྐུར་བར་གྱུར། རྣམ་བུམ་བཏེག་ལ། །ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་གྱི་བུམ་པའི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཀུན་ནི་རབ་བསྒྲུབ་ཕྱིར༔ བུམ་པའི་དབང་ནི་ཁྱོད་ལ་བསྐུར༔ ཨོཾ་ཨཱཧཱུྃ་ཨོཾ་ཧཱུཾ་ཏྲཱཾ་ཧྲཱི༔ཨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃཞེས་དབང་བསྐུར་བས་སྐུ་གང་། དག་བྱ་མ་ལུས་བ་སྦྱངས། ཆུ་ལྷག་མ་གྱེན་དུ་འཁྱིལ་བ་ལས་རིགས་བདག་འོད་དཔག་མེད་དང་རིགས་ལྔས་དབུ་བརྒྱན་པར་གྱུར། སླར་ཡང་བླ་མ་དང་མདུན་བསྐྱེད་ཐ་མི་དད་བའི་གནས་གསུམ་ལས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་འཕྲོས་རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་བ་སྦྱངས་བར་སྒོམ། ཡང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཀྱི་འཁོར་ལོ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཞལ་ནས་འཐོན། རང་ཉིད་ཀྱི་ཞལ་དུ་ཞུགས། སྙིགས་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་མོས་ལ་བགྲང་ཕྲེང་དང་བཅས་རྩ་སྔགས་ལན་གསུམ་བརྗོད། བཅོམ་ལྡན་འདས་ཀྱི་གཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགྲོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ༔ གསུང་པར་མོས་ཏེ་བརྗོད། བུམ་དབང་དང་འབྲེལ་བར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མངོན་དུ་ཐོབ་པས་གཙོ་བོར་ལུས་རགས་བ་རིལ་པོར་འཛིན་པ་དང་། ཕྲ་བ་ལུས་གནས་ཀྱི་རྩ་རྣམས་སྦྱངས། ལམ་བསྐྱེད་པའི་རིམ་པ་དང་དགའ་བའི་ཡེ་ཤེས་ལ་བརྟེན་ནས་འབྲས་བུ་སྤྲུལ་པའི་སྐུ་

(༢༨༨)འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །བདེ་སྐྱོང་གི་སྣོད་ནས་མཚོན་པ་བྱང་ཆུབ་ཀྱི་སེམས་མྱངས་པས་ཡི་གེའི་སྤྲིན་གྱིས་རྩ་གནས་རྣམས་གང་ཞིང་རྩ་མདུང་གྲོལ་ནས་དེ་ལས་བྱུང་བའི་ཡོན་ཏན་ཁྱད་པར་བ་སྐྱེས་པར་བསམ་ལ། ཧོ༔ གསང་སྔགས་ཐེག་པ་མཆོག་གི་ཆོས༔ འདི་ལ་ཚེ་ཚོམ་བྱར་མི་རུང་༔ གཙང་དམེ་ཚུལ་འཆོས་ཐམས་ཅད་སྤངས། ཐབས་དང་ཤེས་རབ་གཉིས་མེད་པའི། བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། ཨོཾ་ཨ་པཱ་ར་མི་ཏ་ཨཱ་ཡུཛྙཱ་ན་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཐོད་པའི་རྫས་གསང་དབང་བསྐུར་བ་ལ་བརྟེན་ནས། ཞུ་བདེ་མགྲིན་བ་ནས་བརྒྱུད། ཕྲ་བ་རླུང་དང་རགས་པ་དག་གི་སྒྲིབ་པ་སྦྱངས། ཤ་ལྔ་བདུད་རྩི་ལྔ་བསྟེན་་ཞིང་ལམ་རླུང་སྔགས་སྒོམ་བ་ལ་དབང་། མཆོག་དགའི་ཡེ་ཤེས་ལ་བརྟེན་པའི་འབྲས་བུ་ལོངས་སྐུ་འགྲུབ་པའི་བསྐལ་བ་ཅན་དུ་བྱས་སོ། ཞེས་རྟོག་པ་བསྐྱེད། བདེ་བའི་ཡེ་ཤེས་ཀྱི་རོལ་མོ་རྒྱུད་ལ་སྟེར་བའི་བྱེད་པ་མོ་གཡོན་མིག་མའི་དགའ་སྟོན་ལ་ཐབས་ཀྱིས་ཟིན་བའི་སྤྱོད་པ་སྒྱུ་མ་བུར་སྤྲོ་བས་རིག་ཙཀ་བཟུང་ལ། ལྷ་མོ་དགཱ་སྟེར་གནས་སྟེར་མ༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མ༔ འདི་ཉིད་ཀྱི་ནི་པདྨ་ལའ་རྟག་ཏུ་ཁྱོད་ཀྱིས་ལོངས་སྤྱོད་མཛོད༔ ཨ་ཧོ་མཱ་ཧཱ་སུ་ཁ༔ དེ་ལྟར་རིག་མ་ལ་རྙེང་པའི་ཤེས་དབང་གི་ཁྱད་པར་གྱི་དགའ་བ་དང་། ལྷན་སྐྱེས་ཡེ་ཤེས་གྱི་དགའ་བས། རགས་པ་ཚོགས་བདུན་གྱི་བག་ཆགས་དང་། ཕྲ་བ་ཡིད་ཀྱི་ཐིམ་སྦྱངས། དེ་ཉིད་རྣམ་པ་བཅུ་དྲུག་ལ་བརྟེན་ནས་དོན་གྱི་འོད་གསལ་ལ་གོམས་པས་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། འོན་ཀྱང་མཆོག་དབང་གསུམ་གྱི་བརྡ་དོན་ངོ་སྤྲད་པ༔ ཞེས་ས་བཅད་ཀྱི་རྩིས་མགོན་བསྡུས་པས། འདིར་མན་ངག་གིས་ངེས་པ་ཕྱ་བ་ནི། ཡེ་ཤེས་སེམས་དཔའི་རྩ་ཀླི་དང་ཤེལ་རྡོ་བཟུང་ལ། བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས། ངོ་བོའི་སྐུ་ཆུང་ལ་ཡན་ལག་རགས་པ་ཐེམ་བོང་ཙམ་ཞིག་རྒྱངས་སེ་ཐོན། རང་ཉིད་གྱི་ཚངས་བུག་ཏུ་ཞུགས། སྙིང་གི་དབུས་སུ་

(༢༨༩)གནས་བར་བསམས་ལ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས༔ སྙིང་དབུས་འཁོར་ལོར་བརྟན་བར་བྱས༔ སྐུ་དང་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨ་པཱ་ར་མི་ཏ་ཨཱ་ཡུཛྙཱན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བྱིན་རླབས་འཕོ་བའི་ཚུལ་དུ་གཏུག་ཅིང་། རང་བཞིན་མེད་པའི་ཆོས་ཉིད་ཀྱི་དགོངས་ཉམས་བསྐྱང་། དེ་ལྟར་བརྡའི་དབང་བཞི་བསྐུར་བས། ལམ་ཟུང་འཇུག་ལ་བརྟེན་ནས་ཤིན་ཏུ་ཕྲ་བའི་ལུས་ངག་ཡིད་གསུམ་སྐྱེད་བྱེད་ཀྱི་རྩ་ཐིག་རླུང་ཕྲ་བ་དྲི་བཅས་དང་། ཀུན་གཞི་ཤེས་བྱའི་དྲི་མ་དང་བཅས་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་། བདག་ལུས་རྔུལ་དང་བྲལ་བའི་དངས་མ་གསུམ་ལྡན་གཅིག་ཏུ་འདྲེས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན། འབྲས་བུ་ངོ་བོ་ཉིད་སུ་མངོན་དུ་བྱས་པའོ། མཐའ་བརྟེན་ཚེ་མདས་རྒྱས་གདབ་བ་ནི༔ འཆི་མེད་སྐུ་གསུམ་འདུས་པ་ཡི༔ བུམ་པ་བདུད་རྩིས་བཀང་ནས་ཀྱང་༔ འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱི༔ དབང་བསྐུར་ཐམས་ཅད་འདིར་སྩལ་བས། ཚེ་ལ་རྒྱས་བཏབ་རྒྱ་མ་ཉམས༔ སྲོག་ལ་མདུད་བཏབ་མདུད་མ་གྲོལ༔ ཚེ་འདི་བཅོལ་ལོ་སྲོག་ནི་བརྟན༔ ཚེ་མངའ་འབར་བས་རྒྱས་གདབ་བོ༔ ཨོཾ་ཨཱཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨ༔ སོགས་རྩ་སྔགས་བརྗོད། དེ་ནས་བགེགས་བསྲུང་ཞིང་རྡོ་རྗེའི་སྲོག་བསྒྲུབ་པ་ནི༔ སླར་ཡང་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ཀུན་ནས་འཕྲོ་བ༔ དེའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ པད་ཉིའི་སྟང་དུ་རང་གི་རྣམ་པར་ཤས་པའི་ངོ་བོ་ཡི་ག་ཧྲཱིདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས་པའི་སྣེར་ཁྲོ་བོའི་རྒྱལ་བོ་རྟ་མཆོག་རོལ་བ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་དབྱུག་ཐོ་དང་གཡོན་མེའི་ཞགས་པ་འཛིན་པ་དཔག་ཏུ་མེད་པ་འཕྲོས་པས༔ ཉོན་མོངས་པ་འཆི་བདག་གི་བདུང་ལ་སོགས་པ་ཚར་བཅད༔ ཚུར་འདུས་ཧྲཱིལ་ཐིམ་པར་འཆི་བར་མེད་པའི་ཚེ་དང་༔ རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་གྱུར༔ མེ་ཏོག་འཐོར་ཞིང་། བརྟན་པ་མི་གཡོ་ཚེ་ཡི་རང་བཞིན་ཏེ༔ སྤྲོས་པས་ཁམས་གསུམ་ཐམས་ཅད་བཀག་

(༢༩༠)དང་ལྡན༔ བསྡུས་པས་སྲིད་པ་གསུམ་གྱི་གཟི་མདངས་འཕྲོག༔ བཅིངས་པས་འདུ་འབྲལ་མེད་པའི་ལུ་གུ་རྒྱུད༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་ཤོག༔ ཡེདྷ་རྨ་སོགས་བརྗོད་ཅིང་རོལ་མོའི་སྒྲས་ཤིས་བར་བྱ། བླ་མ་ཚེ་དཔག་མེད་པའི་སྐུ། ཁྱོད་ཞབས་པདོྨ་ལས་བྱུང་བའི། ཡང་དག་དམ་ཚིག་སྣང་བ་གང་༔ བསྲུང་བྱ་སྲུང་བྱེད་ལས་འདས་པ༔ ཡོངས་གྲུབ་ཆེན་པོའི་བར་དུ་བསྲུང་༔ ཉེས་ལྟུང་དྲི་མས་གོས་གྱུར་ན ཆ་ཡི་ཀྱང་ནི་སྤྱད་དུ་གསོལ༔ ཞེས་དམ་ཚིག་ཁས་ལེན་དང་། སྐུ་དྲིན་གཏང་རག་གི་སླད་དུ་ཞེས་མཚམས་སྦྱར་མཎྜལ་དབུལ་ནས་གྲོལ་ལོ། །བར་འདིར་ཆོས་སྲུང་སྤྱི་དང་བྱེ་བྲག་ཏུ་བཀའ་སྲུང་མཆེད་བཞི་དང་། གཏེར་སྲུང་གཞོག་རྒོད་མའི་མཆོད་ཕྲིན་སྐོང་བའང་རྒྱས་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་དྲུག་ལས། དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི། ནང་མཆོད་འཐོར་ཞིང་། ཧཱུྃ་ རུས་སྦལ་ཁོལ་པའི་སྣོད་ཡངས་སུ༔ ཤ་ལྔ་བདུད་རྩི་རྣམ་ལྔ་དང་༔ དབང་པོ་ལྔ་གོ་རོ་ཙ༔ བ་སུ་ཏ་དང་ནང་ཁྲོལ་ལྔ༔ བཟའ་དང་བཏུང་བ་འབྲས་བུར་བཅས༔ ཚོགས་རྫས་ཡུལ་གྱི་འདོད་ཡོན་རྣམས༔ འབྲུ་གསུམ་འོད་ཀྱིས་བྱིན་བརླབས་ཤིང་༔ མི་གཙང་རྟོག་སྒྲིབ་སྦྱང་སྦེལ་ནས། ཨོཾ་ཨཱཧཱུྃ་དང་ཧ་ཧོ་ཧྲཱིས༔ བྱིན་བརླབས་བདུད་རྩིའི་རྒྱ་མཚོར་གྱུར༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི༔ ཧཱུྃ་ བླ་མ་ཡིད་མ་མཁའ་འགྲོ་དང་༔ དམ་ཅན་རྒྱ་མཚོའི་ཚོགས་པ་ཅས་རྣམས༔ ཚོགས་གཏོར་མགྲོན་དུ་སྤྱན་འདྲེན་ནོ༔ གནས་མཆོད་དམ་པ་ཉམས་ཏེ་དགའ༔ བདེ་ལྡན་པདྨོ་འོད་ཀྱི་ཞིང་༔ ཚོགས་དང་གཏོར་མ་མདངས་དང་ལྡན༔ དཔལ་ལྡན་མཛེས་པའི་ཕོ་བྲང་ཡིན༔ འདིར་ཚོགས་རྣལ་འབྱོར་དམ་རེ་གཙང་། འདོད་ཡོན་ཏེ་སྐོང་ལྷུན་གྱིས་གྲུབ༔ འོག་མིན་གནས་དང་པདྨ་བརྩེགས༔ དུར་ཁྲོད་བརྒྱད་དང་གནས་ཡུལ་དང་༔ ཨོ་རྒྱན་གནས་ནས་གཤེགས་སུ་གསོལ༔ གུ་རུ་དེ་ལྦ་ཌཱ་ཀྐི་ནི་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་

(༢༩༡)གསོལ་ནི༔ ཧཱུྃ་ ཕོ་བྲང་ཡིད་འོང་མཛེས་པ་འདིར༔ བླ་མ་ཡི་དམ་མཁའ་འགྲོ་རྣམས བདག་དང་འགྲོ་ལ་ཞལ་བསྟན་ཕྱིར༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ པདྨ་ཙནྡྲ་སུ་རྱ་སྟཾ༔ སྐབས་འདིར་རྩ་མདོའི་བརྗོད་མེད་དོན་བཤགས་ཀྱི་ཚིག་དོན་ལ་དྲན་པ་མངོན་དུ་གཞག་ནས༔ ཚོགས་མཆོད་གཏོར་མས་ཐུགས་དམ་སྐོང་། དཔག་བསམ་ཤིང་ཆེན་རེ་སྐོང་ཞིང་༔ ཡིད་བཞིན་ནོར་བུ་དགོས་འདོད་ཆར༔ ཀུན་བཟང་མཆོད་སྤྲིན་མཁའ་ཁྱབ་ཀྱི༔ རིགས་ཀྱི་བླ་མ་འགྲོ་བའི་མགོན༔ ཁྱབ་བདག་ཡི་དམ་མཁའ་འགྲོའི་ཚོགས༔ བཀའ་སྲུང་གཉེར་གཏད་དམ་ཅན་རྣམས༔ ཐུགས་དམ་གཉན་པོ་དེས་བསྐངས་ལ༔ ཚངས་པའི་དངོས་གྲུབ་སྩོལ་དུ་གསོལ། ག་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ ལྔ་པར་བར་པ་བཤགས་པ་ནི། ཧོ ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཚོགས༔ཡུད་ཙམ་བདག་ལ་ཉེར་དགོངས་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ ཁ་ན་མ་ཐོ་སྡིག་པའི་ལས༔ གནོད་འགྱོད་དབང་གིས་མཐོལ་ལོ་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ དྲུག་བ་ཚོགས་ཐ་མ་ལ༔ སྣང་སྲིད་ཡེ་སྒྲོལ་གྱི་དགོངས་པས་བསྒྲལ་བ་ནི། ཧཱུྃ་ སྣང་སྲིད་ཡེ་ནས་དག་པ་ལ༔ ཡེ་ཤེས་རྩལ་ལ་བགྲར་འཛིན་མཁན༔ རང་རང་ལས་ལ་གཞན་དུ་སྣང༔ ཐམས་ཅད་རོ་མཉམ་མཚོན་ཆས་སྒྲོལ༔ མཱ་ར་ཡ་རྦད༔ བསྒྲལ་མཐའ་ཡེ་སྦྱོར་གྱི་དགོངས་པས་བསྟབ་པ་ནི། བདག་ཏུ་འཛིན་པ་རང་གི་སེམས༔ སྣང་བ་ཡེ་ཤེས་ཀློང་དུ་བསྟབ༔ འཁྲུལ་རྟོག་ལས་ཀྱི་ཚོགས་བརྒྱད་རྣམས༔ སྐྱེ་མེད་རྟོགས་པའི་མཚོན་གྱིས་གཏུབས༔ བསྟབ་པོ་སྐུན་བཟང་ཀློང་དུ་བསྟབ༔ མཱཾ་ས་རཀྟ་ཀེ༚་ནི་རི་ཏི༔

(༢༩༢)ག་ཎ་ཙཀྲ་ལ་ཁཱ་ཧི༔ བདུན་པ་ཚོགས་ལ་རོལ་བ་ནི། གཟུངས་མའམ། ལས་ཀྱི་རྡོ་རྗེས་འཁོར་ལོ་འདུས་པའི་གཙོ་བོ་ལ་ཕྱག་བྱས་ནས་ཐབས་ཤེས་ཀྱི་རྫས་བསྣོལ་མར་སྟོབ་ཅིང་། ཧོ ཀུན་བཟང་བླ་མ་ཐོད་ཕྲེང་དགོངས་སུ་གསོལ༔ སྣང་སྟོང་དབྱེར་མེད་ཚོགས་ཀྱི་ལོངས་སྤྱོད་འདི༔ བདེ་སྟོང་དབྱེར་མེད་ཚུལ་གྱིས་བཞེས་སུ་གསོལ༔ སློབ་དཔོན་གྱིས་ཕད་སྐོར་གྱིས་བླང་ཞིང་ལན་དུ ཀྱེ་ཧོ སྣང་སྲུད་དག་པ་ཞི་ཁྲོའི་ལྷ་ཚོགས་དགོངས༔ ཡེ་ནས་མཉམ་ཉིད་ཚོགས་ཀྱི་ལོངས་སྤྱོད་འདི༔ རྟོགས་པའི་བློ་ལ་དག་སྣང་གིས་འདུལ་ན༔ འཁྲུལ་མེད་དག་པའི་དང་ནས་བཞེས་ཤིང་རོལ༔ དེ་ནས་མཆེད་ལྕམ་རྣམས་ལ་སྟོབ་པ་ནི། ཀྱཻ། རྡོ་རྗེའི་མཆེད་ལྕམ་རིག་རྩལ་དགོངས་སུ་གསོལ༔ དགའ་མགུ་རངས་བའི་ཚོགས་ཀྱི་ལོངས་སྤྱོད་ནི༔ སོ་སོར་མ་མཆིས་གཡར་དམ་ཚུལ་དུ་འབུལ༔ འཁོན་འཛིན་མེད་པའི་ཚུལ་གྱིས་བཞེས་སུ་གསོལ༔ དེ་དག་གིས་ཀྱང་དངོས་གྲུབ་ཆེན་པོའི་ཕམ་ཕབས་སུ་ཤེས་པས་བླངས་ཏེ། ལན་དུ། ཨེ་མ་ཧོ སྐུ་གསུམ་དག་པའི་ཞིང་ཁམས་གཅིག་ཏུ་མཐོང་༔ བླང་དོར་མི་འཚལ་ཡི་རང་དགའ་བས་རོལ༔ ཨ་ལ་ལ་ཧོ༔ ཞེས་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་གདན་མ་ཚང་བའི་དཀྱིལ་འཁོར་དུ་ཤེས་བས་བཟའ་བའི་དམ་ཚིག་ནང་གི་བསྲེག་བླུགས་ཀྱི་ཚེ་གར་བསྟར་ནས་ཚིམ་བ་དྲུག་ལྡན་དུ་རོལ། བརྒྱད་པ་ལྷག་མའི་ཆོ་ག་ནི། ཚོགས་ལྷག་རྣམས་བསོད་འཇོག་མེད་པར་བསྡུས། ཤིས་བར་བྱ་བའི་ཕྱིར་གཙང་ལྷག་སྟེང་དུ་བདུ་བསྣན། རྟོག་པ་དག་པའི་རྣལ་འབྱོར་བ་ཡིན་ན་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་བའི་བྱང་སེམས་བདུད་རྩིའི་ཁ་ཕྲུ་དང་རོ་གཅིག་བ་ཧེ་རུ་ཀའི་དམ་རྒྱས་དབབ་པའམ། གོ་འཕང་དམན་ན་གཡོན་པའི་མཐེབ་སྲིན་སྦྱར་བ་རེག་ཅིང་ན་མཆོད་བྲན་ནས། ཨོཾ་ཨཱ༔ཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧ་ཧོ་ཧྲཱི ཧཱུྃ། ཡེ་ཤེས་རོལ་པ་ལྷ་ཡི་ཚོགས་རྣམས་དང་༔ ལས་ལ་གྲུབ་པའི་མཁའ་འགྲོ་དབང་ཕྱུག་གིང་༔ མ་བདུན་སྲིང་བཞི་འདིར་གཤེགས་མཆོད་པ་བཞེས༔ འབར་མ་དང་ནི་སྦོར་མ་ཕོ་ཉའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་བཀའ་ཡི་སྲུང་མར་བཅས༔ མ་ལུས་

(༢༩༣)འདིར་སྤྱོན་ཟག་མེད་བདུད་རྩི་ལ༔ བརྡམས་ཤིང་དགྱེས་པའི་ཚུལ་གྱིས་རོལ་ཏུ་གསོལ༔ མ་མ་ཤ་ཏྲུཾ་ཨ་མུ་ཀམ༔ ཁཾ་ཡཀྵ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱི་རོལ་གོམ་པ་བདུན་ཅུའི་ས་སྲིན་མོའི་ཟ་ལམ་དུ་དོར། དགུ་པ་ཆད་ཐོ་བྱ་བ་ནི། གཏོར་སྣོད་བསྒུལ་ཏེ་སྨན་རག་བྲན་ལ། ཧྲཱི སྔོན་ཚེ་བྲག་ཕུག་མར་ཏི་ཀ་རུ༔ རིག་འཛིན་ཆེན་པོ་པདྨ་སཾ་བྷ་ལྦ༔ གྲུབ་པའི་རྒྱལ་མོ་མནྟཱ་ར་བར་བཅས༔ ཉེ་རྒྱུའི་སྤྱོད་པས་འཆི་མེད་བསྒྲུབ་པའི་ཚེ༔ ཕུང་ཁམས་སྐྱེ་མཆེད་དྭངས་མའི་འཁོར་དུ་འདུས༔ སྐྱེ་འཆི་མེད་པ་རྡོ་རྗེའི་གཟུགས་བསྟན་ནས༔ རླུང་སེམས་དྷཱུ་ཏིར་དག་པར་མ་ཆད་དམ༔ འཆི་བདག་བདུད་དབུང་བཟློག་པར་མ་ཆད་དམ༔ འབར་འཛག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ འཇའ་ལུས་འོད་སྐུར་དངས་པའི་ཕྲིན་ལས་མཛོད༔ དེ་རྗེས་དཔལ་གྱི་བསམ་ཡས་འོམ་བུའི་ཚལ་༔ བྲག་དམར་གཡའ་མ་ལུང་གི་ཀེ་ཚང་དུ༔ རྒྱལ་བའི་དབང་པོ་མཚོ་སྐྱེས་རྡོ་རྗེ་དང་། མཁའ་འགྲོའི་གཙོ་མོ་ཡེ་ཤེས་འཚོ་རྒྱལ་གྱིས༔ ཚེ་ལྷ་འདུས་བའི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ ནམ་མཁའ་མ་ལུས་འཇའ་དང་འོད་ཀྱིས་ཁེངས༔ བཀ་ཤེས་བུམ་པ་ཁིལ་ཞིང་ཚེ་ཆུ་ལུད༔ ཞིང་སྐྱོད་མཁའ་འགྲོས་དང་གཟུགས་བསྟན་ནས་ཀྱང་༔ མ་འོངས་བརྒྱུད་འཛིན་སྐྱོང་བར་མ་ཆད་དམ། དམ་ཚིག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ བཅུ་པ་བརྟན་མ་བསྐྱང་བ་ནི། བཤལ་ཆུས་བྲན་ལ། ཧྲཱི༔ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང་། སྨན་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང་༔ ཕྱོགས་མཚམས་སྟེང་འོག་གང་ན་གནས་པ་ཡི༔ བིད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་གཞིན༔ རང་རང་ཕོ་བྲང་གནས་ནས་འདིར་བྱོན་ལ། ཕུད་ལྷག་བཤལ་བའི་གཏོར་མ་འདི་བཞེས་ནས༔ བཅོལ་བའི་ཕྲིན་ལས་མ་ལུས་བསྒྲུབ་བར་མཛོད༔ ཅེས་གཏོར་མ་གཉིས་མཁར་གྱི་ཡང་སྟེངས་སུ་ཞལ་ནང་བསྟན་གྱིས་འབུལ༔ བཅུ་གཅིག་པ་རྟ་བྲོ་ནི། སྒོ་དྲུང་དུ་གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་བགེགས་རྣམས་ཚུད་བ་རི་རབ་ཀྱིས་མནན

(༢༩༤)བར་དམིགས་ལ། ཧྲཱི དབང་ཆེན་དྲེགས་འདུལ་དཀྱིལ་འཁོར་འདིར༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་བརྡམས་པའི་སྒྲ་སྒྲོག་ཤིང་༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ ཨོཾ་མ་ཧཱ་ཀྲོ་ཏ་ཧཱུྃ༔ཨོཾ་ཧྱ་གིྷྲ་ལྦ་ཧཱུྃཨོཾ་པདྨ་ཏ་ཀྲི་ཏ་ཧཱུྃཧྲཱི་ཧྲཱིཧྲཱིཧཱུྃཧཱུྃཧཱུྃཕཊ་ཕཊ་ཕཊ༔གནོད་པར་བྱེད་པ་སྟཱཾ་བྷ་ཡ་ནནདྲག་ཤུལ་གྱི་ལས་མཐའ་ཤིས་པས་བསྡུ་བའི་ཕྱིར་གཏོར་གཞོང་བསྒྱེལ་བ་སྨན་འབྲུས་བཀང་ལ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་དཔལ་འབྱོར་པ་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥིྚ་ཀུ་རུ༔སྭཱ་ཧཱ༔ བཅུ་གཉིས་བ་དངོས་གྲུབ་བླང་བ་ནི། ཡར་མར་གྱི་ཚེས་བཅུ་སོགས་སྤྲོས་བཅས་དང་འབྲལ་བའི་ཚེ། ཟླ་ཕྲོམ། ཟླ་རྒྱས་ལ་སོགས་པའི་དངོས་གྲུབ་ཀྱི་རྫས་རྣམས་ཀྱང་འདུ་བྱ་ལ། དངོས་གྲུབ་བསྡུ་པའི་གནད་ཀྱང་ཚེ་འགུགས་པ་ཁོ་ན་ལ་འདུ་བས་ཚེ་མདའ་གཡོབ་ཅིང་། ཨོཾ་ཨཱཧཱུྃ་ཧྲཱི༔ བདེ་ཆེན་པདྨ་བཀོད་པའི་ཞིང་ཁམས་ནས། སོགས་ཀྱི་མཐར། སྒྲུབ་རྫས་རྣམས་བཏེག་ཅིང་། ཧྲཱི རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔ གསང་བ་ཡེ་ཤེས་ཡུམ་མཆོག་གོས་དཀར་མོ༔ ཚེ་ལྷ་རྒྱལ་བ་ཡབ་ཡུམ་གཙོ་འཁོར་བཅས༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང་༔ འཆི་མེད་ཚེ་ཡི་བདུད་རྩིས་རབ་ཏུ་གང་༔ བཀྲག་མདངས་བཅུད་དང་ཚེ་ཡི་འོད་ཟེར་འབར༔ བསྙེན་སྒྲུབ་ལས་སྦྱོར་སྒྲུབ་པ་མཐའ་རུ་ཕྱིན༔ དངོས་གྲུབ་འབྱུང་བའི་དུས་ལ་བབ་བས་ན༔ མགོན་པོ་ཁྱོད་ཀྱི་ཚེ་ཞག་དུས་འདི་ལ༔ ཐུགས་ལ་ལེ་ལོ་བཏང་སྙོམས་མ་མཛད་བར༔ རྡོ་རྗེའི་ནམ་ལངས་ཉི་ཟླ་ནམ་མཁར་ཤར༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ སྐལ་ལྡན་བདག་ལ་ཚེ་ཡི་དབང་མཆོག་བསྐུར༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ་པར་ཤོག༔ ཅེས་སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུག་ཅིག་ །བདུད་རྩི་དང་ཚེ་རིལ་རྣམས་མྱོང་ངོ། །བཅུ་གསུམ་པ་མཆོད་བསྟོད་ནོངས་བཤགས་ནི། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། ཕྱི་ནང་གསང་པའི

(༢༩༥)མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། ཨོཾ་བཛྲ་ཨ་རྒཾ་སོགས་ཀྱི་མཐར། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཤགས་པ་བྱའོ། །བཅུ་བཞི་པ་ཉེར་བསྡུ་ནི། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟན་བཞུགས་དང་། སྣང་ཆ་གཟུགས་བརྙན་གྱི་འཁོར་ལོར་རྟག་མཐའ་བསལ་ཕྱིར། ཧཱུྃ། རང་རིག་ཐིག་ལེ་གཅིག་ཏུ་གསལ་བ་ལ༔ སྤྲོ་དང་བསྡུ་བར་བྱ་བ་མི་དམིགས་ཀྱང་༔ མ་རྟོགས་འཁྲུལ་པའི་རྟག་ལྟ་སྤྱད་བྱའི་ཕྱིར༔ ཐམས་ཅད་ཐིག་ལེ་ཆེན་པོར་བསྡུ་བར་བྱ༔ བཛྲ་མུ༔ ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་ཟླ། ཆད་མཐའ་བསལ་ཕྱིར། ཧཱུྃ། རྟག་ཏུ་མི་འགྱུར་ཐིག་ལེ་ཆེན་པོའི་དང་༔ བསྐྱེད་དང་རྫོགས་པའི་མཐའ་གཉིས་བྲལ་བ་ལ༔ ཆད་པའི་སྟོང་ཉིད་མེད་པ་ལས་གྲོལ་ཕྱིར༔ རྫོགས་རིམ་ལྷ་སྐུ་བླ་མ་རྩ་གསུམ་ལྷ༔ སྣང་ལ་མ་གྲུབ་འཇའ་ཚོན་ལྟ་བུར་ཤར༔ བཅོ་ལྔ་པ་དགེ་བ་བསྔོ་བ་ནི། ཧཱུྃ། དུས་གསུམ་མི་དམིགས་སྒྱུར་མར་སྣང་བའི་ཆོས༔ མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ༔ ཡོངས་སུ་བསྔོས་པས་རྩ་གསུམ་དཀྱིལ་འཁོར་གྱི༔ གོ་འཕང་མཆོག་ལ་འགྲོ་ཀུན་སྦྱོར་གྱུར་ཅིག༔ ཅེས་ལན་གསུམ། བཅུ་དྲུག་པ་སྨོན་ལམ་ཤིས་བརྗོད་ནི། དུས་ཀྱི་རྒྱུད་པ་ལ་དམིགས་ཀྱི་བསལ་བ་རྒྱལ་དབང་ལྔ་པའི་གསུང་། །གདངས་འགྱུར་དང་བཅས་འདུན་པ་རྩ་གཅིག་པས། །རྒྱན་ཀུན་འདུས་པ་རྔ་ཡབ་གླིང་པ་ཡི། །རྗེས་བཟུང་ན་ཇག་ཐང་ཏ་སྤྲུལ་པའི་གར། པྲཛྙཱ་ར་སྨིས་སྤྱན་དྲངས་ཟབ་གཏེར་ལས། པདྨ་རིགས་ཀྱི་དཀྱིལ་འཁོར་བསྒྲུབས་པའི་མཐུས། །སྤྱི་དང་བྲེ་བྲག་ཐུབ་བསྟན་དེ་འཛིན་རྒྱས། །འགྲོ་རྣམས་རྫོགས་ལྡན་དུས་ཀྱི་རིང་པོའི་ཚེ། །ལེགས་བྲིས་དགའ་སྟོན་གནོད་སྦྱིན་ལོངས་སྤྱོད་སོགས། བདེ་ཞིང་སྐྱིད་པའི་དཔལ་གྱིས་རྟག་འཚོར་ཤོག་ །ཡང་སྒོས་ས་ལའི་ལྗོངས་འདིར་འཐབ་རྩོད་གཡུལ། །ནད་རིམས་དབུལ་ཕོངས་བསྐྱེད་པ་འབྱུང་པོའི་གདོན། །གངས་

(༢༩༦)ཅན་འགྲོ་སྙིང་ཞུགས་པའི་བརླང་སྤྱོད་སོགས། །དགྲ་བགེགས་སྡེ་འགྲས་བཅས་པ་ཞི་བར་ཤོག་ །ཁྱད་པར་ལྔ་བདོའི་མཐུ་ཡིས་སྔོན་དུས་ནས། །སྨོན་ལམ་ལོག་དང་གློ་བུར་དམ་སྲིའི་འཕྲུལ། །འཇིག་རྟེན་ཕུང་བར་བྱེད་པ་མུན་པའི་རུམ། །བྱིན་རླབས་རྟ་བདུན་དབང་པོས་སངས་བར་ཤོག་ ལྷོ་བྱང་སྟོད་སྨད་ཕྱོགས་མཚམས་ནས་སློང་སྟེ། །ལུས་ཅན་མནར་ནུས་དཔག་དང་རྗེས་འབྲངས་འདྲེས། །ཉེར་ཚེའི་ན་བུད་དེངས་པའི་ནམ་མཁའ་ལ། །བདེ་སྐྱིད་ཉི་ཟླ་ཟུང་འབྲེལ་འཆར་བར་ཤོག་ །ཐེག་མཆོག་དཔལ་གྱི་རི་བོའི་རྩེ་མོ་རུ། །སྒྲུབ་པའི་དུས་སྡེས་རབ་མཚོན་ཟབ་ཆོས་འདི། །ཉམས་སུ་ལན་ནོ་ཅོག་གི་བསོད་རྣམས་ལ། སྲིད་ཞི་གདོད་མའི་འབྲས་བུ་ཡོངས་སྨིན་ཤོག་ །དཔལ་ལྡན་རྡོ་རྗེ་གཤོག་རྒོད་མ་ལ་སོགས། །ཟབ་གཏེར་བསྟན་སྐྱོང་ཚོགས་ཀྱིས་སྲུང་སྐྱོབ་ཅིང་། །རྩ་གསུམ་དྲང་སྲོང་ལྷ་དང་རིག་འཛིན་གྱི། །བདེན་པས་དུས་ཀུན་དགེ་བའི་བཀྲ་ཤིས་ཤོག་ །ཅེས་དང་། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་འཇིག་རྟེན་དགེ་བའི་ཤིས་པས་མཐའ་རྒྱས་སུ་བྱ་ཞིང་མེ་ཏོག་སིལ་མའི་ཆར་དབབ་པར་བྱའོ། །དཔལ་ལྡན་འདྲེན་བྱེད་སྟོང་པའི་གྲོང་ཁྱེར་གང་། །མཐོ་རིས་དང་པོར་འཕོས་པ་འཇིག་རྟེན་ན། །ཡི་གེའི་གྲགས་པ་གསལ་བའི་ལྷ་ཡི་ཁང་། །མང་པོས་བཀུར་བའི་རིན་ཆེན་ཟ་མ་ཏོག་ །གང་ན་གསེར་གྱི་མངལ་ཅན་བློ་གྲོས་ཀྱི། །ལང་ཚོ་མ་རྙིད་སྡེ་བཞིའི་གདོང་པ་དང་། །གཙུག་ལག་རྣ་བ་བརྒྱད་པའི་བ་དན་ཅན། །ལྷ་སྲས་ཞལ་གྱི་ཆུ་སྐྱེས་གེ་སར་ལས། །རྣམ་དཔྱོད་འདྲེན་བྱེད་སྟོང་གི་ལེགས་མཐོང་བའི། །ས་འོག་གཏེར་གཅིག་བྱིས་པའི་སྒྱུ་རྩལ་གྱིས། །ཉམས་འོག་འཛུད་གང་འགལ་ཟླའི་གདེངས་ཅན་དེའི། །གཞན་དབང་མ་བཟོད་གཡོན་ཕྱོགས་ལྷ་དང་བསྙེན། །དེ་ཕྱིར་ཀུན་གཟིགས་བླ་མ་པྲཛྙཱའི་ཞབས། །གང་གི་རུང་ལུགས་ནུབ་པ་མེད་པའི་རྒྱན། །མགུལ་པར་མཛེས་པ་ཁྱོད་ཀྱིས་རེ་

(༢༩༧)བའི་དོན། གྲུབ་པར་མཛོད་ཅེས་རྒྱལ་པོའི་ཁབ་དེར་བསྐུལ། །འདི་ན་སྔོན་ཆད་བརྗོད་པ་བྲལ་བའི་ནགས། །ཁུ་བྱུག་ཅ་ཅའི་སྒྲ་འབྱིན་མཱ་ལ་ཡའི། ནགས་ཀླུང་རང་གི་ངང་ཚུལ་དིའི་བཞོན་པས། །ཡིད་ལ་གདུང་བ་བསྐྱེད་པ་དུས་ཀྱི་མཐུ། གང་དུ་འཇུག་བྱའི་དཀྱིལ་འཁོར་འཕྲུལ་དགའི་གྲོང་། །གདགས་གཞི་མཚན་ཉིད་མེད་པའི་རྣམ་ཆ་ཡང་། །གྲོང་ཁྱེར་མེད་ལ་སློང་བ་དོན་གཉེར་བཞིན། །པདྨ་བརྩེགས་པའི་ཕོ་བྲང་དེ་སླད་སྦྱོན། །ལྗོན་པ་ལང་ཚོས་གདུངས་བའི་བརྟུལ་ཞུགས་ནི། །ཡལ་འདབ་ཁུར་དུ་བཟོད་པ་ཙམ་ཞིག་སྟེ། །རྒྱལ་པོའི་སྲིད་ལ་འབྲེལ་བ་འཛམ་བུའི་ཤིང་། །ཕུན་ཚོགས་འབྲས་བུའི་ཁུར་གྱིས་ལྕིད་པའོ། །ཞེས་བརྗོད་བྱ་དང་། རྗོད་བྱེད་གཉིས་ཀར་རྟེན་འབྲེལ་གྱི་ཕུན་ཚོགས་མང་པོས་འཁྱུད་པའང་ཟུར་གྱིས་བསྟན་པའི་ཁྲིགས་རིམ་འདི་ནི། །རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་གི་ཉེར་འཚོར་བླ་ན་མཚུངས་བ་མེད་པ། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་གྱི་གདུང་རབས་ཤིང་སཱ་ལ་པ་ཆེན་པོའི་མྱུ་གུ། གསང་ཆེན་རྡོ་རྗེ་སྙིང་པོ་རྒྱུད་སྡེ་ཆེན་པོའི་རིག་པ་མཆོག་གི་དཀྱིལ་འཁོར་དུ་མེ་ཏོག་ཕོག་པའི་རིགས་ཀྱི་ཅོད་པན། ལྷ་འཇིགས་མེད་དཔའ་བོ་འཆི་མེད་བསྟན་པའི་རྡོ་རྗེ་ཕྱོགས་ལས་རྣམས་པར་རྒྱལ་བའི་སྡེ་ཞེས་ཡོངས་སུ་དཔྱངས་པ་རྗེ་འབངས་རྣམས་ཀྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་རྣལ་འབྱོར་བཀས་བསྐུལ་བ་བཞིན། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོས་རྗེས་སུ་བཟུང་བའི་རིག་པ་འཇིགས་མེད་གླིང་མའམ། གཞན་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོ་ཟེར་གྱིས་བྱང་ཆུབ་ལྗོན་པའི་

(༢༩༨)

(༢༩༩)མུན་པའི་རྣལ་འབྱོར་ཡང་ཏིག་ནག་པོའི་ཕྲིན་ལས་ཀྱི་ཆོ་ག་ཁྲིགས་སུ་བསྡེབས་པ་བཞུགས་སོ༔

(༣༠༠)ན་མ་གུར་ལྦེ། འདིར་མུན་པའི་རྣལ་འབྱོར་ཡང་ཏིག་ནག་པོའི་ཕྲིན་ལས་ཀྱི་ཆོ་ག་ཁྲིགས་སུ་བསྡེབས་པ་ལ་སྔོན་འགྲོ། དངོས་གཞི། རྗེས་སོ། དང་པོ་ལ་བདུན་ལས། དང་པོ་ཤོམ་འགོད་ནི། གཏེར་གཞུང་རྩ་བར། ཡང་ཏིག་དབང་ངམ་ཚོགས་འཁོར་དུས༔ མཎྜལ་པད་འདབ་བརྒྱད་པའམ། ཡང་ན་ནས་ཀྱི་ཚོམ་བུ་དགུ་བྱས་ལ༔ དེ་ཡི་སྟེང་དུ་གཏོར་མ་བཤམ༔ ཞི་ཁྲོའི་གཞལ་ཡས་ཁང་དུ་བསྐྱེད༔ ཅེས་པ་ལྟར་ལས་མཚན་མ་རྫས་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གནས་སྐབས་དང་བསྟུན་ཞིང་དབང་སྒྲུབ་སོགས་དང་འབྲེལ་མིན་གྱི་ཁྱད་པར་ཕྱེ་ནས་སྒྲུབ་རྫས་རྣམས་ཀྱང་མཐོང་བ་རྒྱུད་ལྟར་བཤམས་ལ་མདོར་ན་དགོས་པའི་ཡོ་བྱང་ཐམས་ཅད་མ་ཚང་བ་མེད་པར་ཉེས་བསྡོགས་གྲུབ་པར་བྱའོ། གཉིས་པ་བགེགས་སྐྲོང་ནི། ཐུན་མོང་གི་བསག་སྦྱང་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་བཟང་ངན་བདེ་སྡུག་ཏུ་འཛིན་བའི་ཀུན་རྟོག་གི་གེགས་རྣམས་འོད་གསལ་གཉུག་མའི་དང་དུ་སྦྱངས་ལ། ཨོཾ་ཨཱཧཱུྃ༔ ལྷ་ཡང་སེམས་ལ་འདྲེ་ཡང་སེམས༔ རང་བཞིན་གཅིག་པའི་གཏོར་མ་ལོངས༔ དངོས་འཛིན་མ་གྲུབ་གདོད་ནས་དག་ །ཆོས་ཉིད་དང་ལས་བགེགས་མ་འདའ༔ ཨོཾ་ཨཱཧཱུྃ་བཛྲ་སརྦ་ཀྲོ་ཏ་སྥོཊ་ཡ་བྲ་ཏྭ་ཡ་ཧཱུྃ་ཕཊ༔ གསུམ་བ་མཚམས་གཅོད་ནི། ཧཱུྃ་སྣང་སྲུད་ལྷ་

(༣༠༡)སྐུར་ལྷུན་གྲུབ་པའི༔ ཞི་ཁྲོ་ཡོངས་རྫོགས་མཚམས་བཅད་དོ༔ སེམས་ཅན་སངས་རྒྱས་ལྷུན་གྲུབ་པའི༔ ཆོས་ཉིད་མངོན་སུ་མཚམས་བཅད་དོ༔ འཁོར་བ་མྱང་འདས་ལྷུན་གྲུབ་པའི༔ རང་རིག་རྟོགས་པས་མཚམས་བཅད་དོ༔ དུག་ལྔ་རང་སར་གྲོལ་བ་ཡི༔ ཡེ་ཤེས་རྣམ་ལྔས་མཚམས་བཅད་དོ༔ རེ་དོགས་སྤང་བླད་བྲལ་བ་ཡི༔ ཐིག་ལེ་ཉག་གཅིག་མཚམས་བཅད་དོ༔ ཨོཾ་ཨཱཧཱུྃ༔ རཾ་རཾ་རཾ་རཾ་རཾ༔ ཧཱུྃ༔ རྡོ་རྗེ་མཱི་ནི་དཀར་གསལ་འབར༔ རཏྣའི་མེ་ནི་སེར་གསལ་འབར༔ པདྨའི་མེ་ནི་དམར་གསལ་འབར༔ ཀརྨའི་མེ་ནི་ལྗང་གསལ་འབར༔ བུདྡྷའི་མེ་ནི་མཐིང་གསལ་འབར༔ ཡེ་ཤེས་མེ་འོད་ཕྱོགས་བཅུར་འཕྲོས༔ གསང་བའི་མེ་མཚམས་བགེགས་མ་འདའ༔ རཾ་རཾ་རཾ་རཾ་རཾ༔ བཞི་པ་སྐྱབས་སུ་འགྲོ་བ་ནི༔ སྐྱབས་ཡུལ་ཞི་ཁྲོའི་ལྷ་ཚོགས་མདུན་གྱི་ནམ་མཁར་དམིགས་ལ། ཀྱཻ་ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་༔ སངས་རྒྱས་ཆོས་དང་འབགས་པའི་དགེ་འདུན་ལ༔ བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ལྔ་པ་སེམས་བསྐྱེད་ནི། སྨོན་འཇུག་ཟུང་དུ་འཇུག་པའི་བློས༔ བདག་ནི་དེང་ནས་བྱང་ཆུབ་མ་

(༣༠༢)ཐོབ་བར༔ རིག་འཛིན་རྒྱལ་སྲས་རྣམས་ཀྱི་རྗེས་ཞུགས་ནས༔ གསང་བ་ཟབ་མོའི་སྙིང་པོ་མངོན་བྱས་ཏེ༔ འགྲོ་རྣམས་ཀུན་བཟང་འོད་ལྔའི་སར་འགོད་བྱ༔ ལན་གསུམ། དྲུག་པ་བཤགས་པ་ནི། ཨོཾ་ཨཱཧཱུཾ༔ སེམས་ཅན་སངས་རྒྱས་དངོས་ཉིད་ལ༔ ཞེ་སྡང་དབང་གིས་སྲོག་བཅད་དང་༔ མ་བྱིན་ལེན་དང་གནོད་པ་བྱས༔ ཞི་ཁྲོ་སྐུ་ཡི་ལྷ་བཤགས༔ སྒྲ་རྣམས་སྔགས་ཀྱི་རང་བཞིན་ལ༔ འདོད་ཆགས་ཞེ་སྡང་དབང་གྱུར་པས༔ ངག་འཁྱལ་ཚིག་རྩུབ་ཕྲ་མ་བྱས༔ ཞི་ཁྲོ་གསུང་གི་ལྷ་ལ་བཤགས༔ དྲན་རྟོག་ཆོས་ཉིད་ཡིན་པ་ལ༔ གནོད་སེམས་བརྣབ་སེམས་ལོག་པར་བལྟས། ཞི་ཁྲོ་ཐུགས་ཀྱི་ལྷ་ལ་བཤགས༔ འདོད་ཡོན་རང་བྱུང་རང་ཤར་ལ༔ ད་རྒྱལ་དབང་གིས་འཐབ་ཅིང་རྩོད༔ དགའ་མགུ་ཉེས་ཚིག་བྱས་པ་རྣམས༔ ཞི་ཁྲོ་ཡོན་ཏན་ལྷ་ལ་བཤགས༔ རེ་དོགས་སྤངས་བླང་བྲལ་བ་ལ༔ ཕྲག་དོག་དབང་གིས་འཐབ་ཅིང་རྩོད༔ གནར་མེད་དམྱལ་བའི་རྒྱུ་བསགས་པ༔ ཞི་ཁྲོ་ཕྲིན་ལས་ལྷ་ལ་བཤགས། མདུན་པ་མཆོད་རྫས་བྱིན་བརླབ་ནི༔ སྣང་སྲིད་ཐམས་ཅད་གདོད་ནས་ལྷུན་གྲུབ་ཆེན་པོའི་མཆོད་པའི་ཕྱག་རྒྱར་བལྟ་ཞིང་༔ ཨོཾ་ཨཱ༔ཧཱུཾ༔ བཛྲ་ཨ་རྒྷཾ༔ པཱ་དྱཾ༔ པུཥེྤ༔ དྷུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནེ་ལྦི་དྱཱ༔ ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་པས་ཕྱི་མཆོད་དང་༔ ཨོཾ་ཨཱཧཱུཾ༔ མ་ཧཱ་པཉྫ་ཨ་མྲི་ཏ་ཧཱུཾ་ཧྲཱིཋ༔ ལག་གསུམ༔ ཨོཾ་ཨཱཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྚལ་ལ་ཧཱུཾ་ཧྲཱི་ཋ༔ ལན་གསུམ། ཨོཾ་ཨཱཧཱུཾ༔ མ་ཧཱ་བ་ལིངྟ་བྷ་ལ་བྷ་ཏེ་གྷུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ལན་གསུམ་གྱིས་ནང་མཆོད་བརླབ་བོ༔ གཉིས་པ་དངོས་གཞི་ལ་རྣམ་སྤངས་བདུན་ལས༔ དང་པོ་ཡེ་གཞིའི་ཀློང་ནས་ཐ་མལ་གྱི་ཞེན་པ་སྐུ་གསུམ་གྱི་ཞིང་ཁམས་རྣམ་དག་ཏུ་རྩ་ལ་སྦྱོང་བ་ནི༔ རྡོ་རྗེ་གསུམ་གྱི་རང་རྩལ་ལས་ཀློང་

(༣༠༣) ལྔའི་རོལ་པ་བཅུད་དུ་སྨིན་པའི་འདེགས་བྱེད་ཀྱི་སྟེང་དུ་བརྡ་རྟགས་ལྷུན་རྫོགས་ཀྱི་གཞལ་མེད་ཁང་ཆེན་གདན་གསུམ་དང་བཅས་པའི་དབུས་སུ་གཞི་སྣང་ལྷུན་གྲུབ་ཀྱི་ལྷག་པའི་འཁོར་ལོ་ནམ་མཁའ་ལ་གཟའ་སྐར་ཤར་བ་ལྟར་གསལ་འདེབས་ཤིང་། ཨོཾ་ཨཱཧཱུཾ༔ཡཾ་ཁཾ་སཾ་ཀི༚་རཾ་བྷཱུཾ༔ པཾ་པདྨ་མཎྚ་ལ མ་སཱུ་རྱ་མཎྚ་ལ ཨ་ཙནྡྲ་མཎྚ་ལ་ཧཱུཾ་ཕཊ ཧཱུཾ༔འགྱུ་བ་དམིགས་མེད་ནམ་མཁའི་རླུང་༔ ཆོས་ཉིད་སྟོང་སྒྲོན་རྒྱ་མཚོ་ས༔ དབྱིངས་ཆེན་རྣམ་དག་ཀིང་རུས་ནི༔ ཡེ་ཤེས་ལྔ་ཡི་མེ་འོད་འབར། ལུ་གུ་རྒྱུད་ཀྱི་གཞལ་ཡས་ཁང་༔ འཁོར་བའི་སྐྱོན་བྲལ་པདྨའི་སྟེང་། དབྱིངས་རིག་གཉིས་མེད་ཉི་ཟླའི་གདན། གདུག་ལྔ་རང་བྱུང་རང་གྲོལ་ལ༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲི་ལས་ཞི་ཁྲོའི་སྐུ༔ མ་བསྐྱེད་ལྷུན་གྱིས་རྫོགས་པའོ༔ གཉིས་པ་སྤྱན་འདྲེན་པ་ནི། ཡང་དག་དོན་ལ་དམ་ཚིག་དང་ཡེ་ཤེས་སུ་འཛིན་པའི་གཉིས་སྣང་དང་སྤྱན་འདྲེན་གྱི་གནས་ཡུལ་གུད་དུ་གཅད་པ་མེད་ཀྱང་། འགྲོ་འདུལ་སྤྲུལ་བའི་རོལ་གར་ཆུ་ལས་ཉ་འཕར་བ་ལྟར་རིག་པ་ལྷན་སྐྱེས་ཀྱི་ཡེ་ཤེས་འོད་གསལ་ཆེན་པོའི་རྣམ་རོལ་ཏུ་སད་པར་བྱ་བའི་ཕྱིར་རྟོགས་མེད་སྤྲོས་བྲལ་ཆེན་པོའི་དར་གདངས་དང་ལྡན་པས་སྤོས་རོལ་དབྱངས་དང་བཅས། ཨོཾ་ཨཱཧཱུཾ༔ འགྱུར་མེད་ཆོས་དབྱིངས་ཕོ་བྲང་ནས༔ སྐྱེ་མེད་བླ་མ་གཤེགས་སུ་གསོལ༔ ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ སྤྲུལ་པ་སྐུ་ཡི་ཕོ་བྲང་ནས༔ ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ༔ སྐྱེ་མེད་ཆོས་དབྱིངས་ཕོ་ཕྲད་ནས༔ མ་གཅིག་མཁའ་འགྲོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ ལེགས་ཉེས་སྟངས་འཛིན་ཕོ་

(༣༠༤)བྲང་ནས༔ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ སྣང་སྲིད་རྣམ་དག་གཞལ་ཡས་ནས༔ འཁོར་འདས་རང་གྲོལ་གཤེགས་སུ་གསོལ༔ ཆོས་ཉིད་ཡེ་ཤེས་དང་ཉིད་ལས༔ དུས་གསུམ་སངས་རྒྱས་སྐུ་ཡི་ལྷ། རྣམ་སྣང་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ སོར་རྟོག་ཡེ་ཤེས་དང་ཉིད་ལས༔ དུས་གསུམ་སངས་རྒྱས་གསུང་གི་ལྷ༔ སྣང་མཐའ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ མེ་ལོང་ཡེ་ཤེས་དང་ཉིད་ལས༔ དུས་གསུམ་སངས་རྒྱས་ཐུགས་ཀྱི་ལྷ༔ མི་བསྐྱོད་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ མཉམ་ཉིད་ཡེ་ཤེས་དད་ཉིད་ལས༔ དུས་གསུམ་སངས་རྒྱས་ཡོན་ཏན་ལྷ༔ རིན་འབྱུང་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ བྱ་གྲུབ་ཡེ་ཤེས་དང་ཉིད་ལས། དུས་གསུམ་སངས་རྒྱས་ཕྲིན་ལས་ལྷ༔ དོན་གྲུབ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ ཛཧཱུཾ་བཾ་ཧོ གསུམ་པ་བཞུགས་གསོལ་ནི༔ ཧཱུཾ༔ སྣ་ཚོགས་རང་གྲོལ་གཞལ་ཡས་འདིར རོ་དང་ཉི་ཟླ་པདྨའི་སྟེང་༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བརྟེན་པར་བཞུགས་སུ་གསོལ༔ མཐིང་གསལ་ཐི་ལེའི་གཞལ་ཡས་སུ༔ མི་འཇིགས་སེང་གེའི་ཁྲི་སྟེངས་སུ༔ དྲི་མེད་ཉི་ཟླ་པདྨ་ལ༔ སྐུ་ཡི་ཞི་ཁྲོ་བཞུགས་སུ་གསོལ༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ མཛེས་བྱེད་རྨ་བྱའི་ཁྲི་སྟེངས་སུ༔ དྲི་མེད་ཉི་ཟླ་པདྨ་ལ༔ གསུང་གི་ཞི་ཁྲོ་བཞུགས་སུ་གསོལ༔ དཀར་གསལ་ཐིག་ལེའི་གཞལ་ཡས་སུ༔ སྟོབས་ཆེན་གླང་ཆེན་ཁྲི་སྟེངས་སུ༔ དྲི་མེད་ཉི་

(༣༠༥)ཟླ་པདྨ་ལ༔ ཐུགས་ཀྱི་ཞི་ཁྲོ་བཞུགས་སུ་གསོལ༔ སེར་གསལ་ཐིག་ལེའི་གཞལ་ཡས་སུ༔ མགྱོགས་བྱེད་རྟ་མཆོག་ཁྲི་སྟེངས་སུ༔ དྲི་མེད་ཉི་ཟླ་པདྨ་ལ༔ ཡོན་ཏན་ཞི་ཁྲོ་བཞུགས་སུ་གསོལ༔ ལྗང་གསལ་ཐིག་ལེའི་གཞལ་ཡས་སུ༔ གཙོ་བྱེད་ཤང་ཤང་ཁྲི་སྟེངས་སུ༔ དྲི་མེད་ཉི་ཟླ་པདྨ་ལ༔ ཕྲིན་ལས་ཞི་ཁྲོ་བཞུགས་སུ་གསོལ༔ ཨོཾ་ཨཱཧཱུཾ་ས་མ་ཡ་ཏིཥྛ་ལྷ་ན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུཾ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ༔ སྣ་ཚོགས་རང་གྲོལ་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ སྐུ་ནི་འཁྲིལ་ལྡེམ་སྒེག་བཞད་ལྡན༔ གསལ་སྟོང་དབྱེར་མེད་ཕྱི་ནང་མེད༔ ཞི་ཁྲོའི་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ གསུང་ནི་འུར་ཚེ་སེང་བག་ལྡན༔ གྲག་སྟོང་དབྱེར་མེད་སྐྱེ་འགག་བྲལ༔ ཞི་ཁྲོའི་གསུང་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ ཐུགས་ནི་ཐིག་ལེ་ཉག་གཅིག་ཟླུམ༔ རིག་སྟོང་དབྱེར་མེད་མཐའ་དང་བྲལ། ཞི་ཁྲོའི་ཐུགས་ལ་ཕྱག་འཚལ་ལོ། དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ ཕྲིན་ལས་ཇི་བཞིན་ལྷུན་གྲུབ་ཅིང་༔ སྣང་སྟོང་དབྱེར་མེད་ཀུན་ལ་ཁྱབ༔ ཞི་ཁྲོའི་ཡོན་ཏན་ལ་ཕྱག་འཚལ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ ཕྲིན་ལས་ཇི་བཞིན་ལྷུན་གྲུབ་ཅིང་༔ སྣང་སྟོང་དབྱེར་མེད་སྣ་ཚོགས་སྟོན༔ ཞི་ཁྲོའི་ཕྲིན་ལས་ལ་ཕྱག་འཚལ༔ ཨོཾ་ཨཱཧཱུཾ་ཨ་ཏི་པུ་ཧོ པྲ་ཏི་ཛ་ཧོ༔ ལྔ་པ་ཆོས་ཉིད་རོལ་པ་ཆེན་པོའི་ཀློང་ནས་འཕྲུལ་དགའི་མཆོད་པ་འབུལ་བ་ནི༔ ཧཱུཾ༔ སྣོད་བཅུད་སྣང་གྲག་གཟུགས་ཕུད་ཀུན༔ ཞི་ཁྲོ་སྐུ་ཡི་ལྷ་ཚོགས་

(༣༠༦)ལ༔ སྣང་ཞིང་ཤེས་པར་མཆོད་པ་འབུལ༔ འཇའ་ཚོན་ལྟ་བུར་བཞེས་སུ་གསོལ༔ ས་ཆུ་མེ་རླུང་ཆོས་ཉིད་སྒྲ༔ ཞི་ཁྲོ་གསུང་གི་ལྷ་ཚོགས་ལ༔ ཐོས་ཤིང་གོ་བར་མཆོད་འབུལ༔ གཡུ་འབྲུག་ལྟ་བུར་བཞེས་སུ་གསོལ༔ དྲན་ཞིང་རིག་པ་ལུ་གུ་རྒྱུད༔ ཞི་ཁྲོ་ཐུགས་ཀྱི་ལྷ་ཚོགས་ལ༔ རྟོགས་ཤིང་གོ་བར་མཆོད་པ་འབུལ༔ ཉི་ཟླ་ལྟ་བུར་བཞེས་སུ་གསོལ༔ རེག་ཅིང་བདེ་བའི་ཚོར་བ་ཀུན༔ ཞི་ཁྲོ་ཡོན་ཏན་ལྷ་ཚོགས་ལ༔ མྱོང་ཞིང་སྟོད་པར་མཆོད་པ་འབུལ༔ བདུད་རྩི་ལྟ་བུར་བཞེས་སུ་གསོལ༔ ཞི་དང་རྒྱས་དང་དབང་དང་དྲག༔ ཞི་ཁྲོ་ཕྲིན་ལས་ལྷ་ཚོགས་ལ༔ ལྷུན་གྱིས་གྲུབ་པའི་མཆོད་པ་འབུལ༔ ནོར་བུ་ལྟ་བུར་བཞེས་སུ་གསོལ༔ ཨོཾ་ཨཱཧཱུཾ༔ རིག་པའི་མེ་ཏོག་ཚུལ་ཁྲིམས་སྤོས༔ ཡེ་ཤེས་མར་མེ་ཆོས་ཉིད་དྲི༔ བདེ་ཆེན་ཞལ་ཟས་རང་བྱུང་སྒྲ༔ ཞི་ཁྲོ་ཡེ་ཤེས་ལྷ་ལ་འབུལ༔ ཨོཾ་ཨཱ་ཧཱུཾ་ཨརྒྷཾ་ལ་སོགས་པས་མཆོད༔ ཧཱུཾ་དུག་ལྔ་རང་བྱུང་སུར་སྨན༔ ཉོན་མོངས་ཚོགས་འཇོམས་རཀྟ་དང་༔ ཆོས་ཉིད་རོལ་པའི་གཏོར་མ་ཀུན༔ ཞི་ཁྲོ་ལྷུན་གྲུབ་ལྷ་ལ་འབུལ༔ སྐྱེ་མེད་ཤེས་རབ་ཆོས་ཉིད་མཁའ༔ འགྱུར་མེད་རྡོ་རྗེ་འགག་མེད་ཐབས༔ བདེ་ཆེན་ཟུང་འཇུག་གཉིས་མེད་རོལ༔ ཞི་ཁྲོ་གསང་བའི་ལྷ་ལ་འབུལ༔ འཁོར་འདས་མ་ལུས་རང་གི་སེམས༔ ངོ་བོ་མ་གྲུབ་གདོད་ནས་དག༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ ཞི་ཁྲོ་རིག་པའི་ལྷ་ལ་འབུལ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲི་ཏ་རཀྟ་ཏ་བྷོ་དྷི་ཙིཏྟ་པཱུ་ཙ་ཧོ དྲུག་པ་གྲག་སྟོང་སྐྱེ་མེད་ཀྱི་རྣམ་རོལ་ཆེན་པོས་བསྟོད་ཅིང་གཟི་བྱིན་བསྐྱེད་པ་ནི༔ ཧཱུཾ༔ སངས་རྒྱས་བཞི་བཅུ་རྩ་གཉིས་དང་༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང་༔ ཞི་ཞིང་ཁྲོ་བས་འགྲོ་བ་འདུལ༔ ཞི་ཁྲོ་སྐུ་ཡི་ལྷ་ལ་

(༣༠༧)བསྟོད༔ ས་ཆུ་མེ་རླུང་འབྱུང་བའི་སྒྲ༔ ཨཱ་ལི་ཀཱ་ལིའི་རོལ་པ་ཡིས༔ ཨོཾ་ཨཱཧཱུཾ་གིས་འགྲོ་བ་འདུལ༔ ཞི་ཁྲོ་གསུང་གི་ལྷ་ལ་བསྟོད༔ ཀུན་བཟང་དགོངས་པ་མཁའ་ལགས་ལ༔ ཉག་ཅིག་ཟླུམ་པོ་མཐའ་དང་བྲལ༔ དངོས་སུ་སྣང་བས་འགྲོ་བ་འདུལ༔ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་བསྟོད༔ ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབ༔ བཅུད་ཀྱི་བཅུད་མཆོག་བདུད་རྩི་རྒྱས༔ རྒྱས་ཤིང་སྨིན་པས་འགྲོ་བ་འདུལ༔ ཞི་ཁྲོ་ཡོན་ཏན་ལྷ་ལ་བསྟོད༔ སྐྱེ་མེད་ཤེས་རབ་འགག་མེད་ཐབས༔ རང་རིག་རང་གསལ་འགྲོ་འདུལ་ཞིང་༔ ཞི་རྒྱས་དབང་དྲག་ཐུགས་རྗེས་སྒྲོལ༔ ཞི་ཁྲོ་ཕྲིན་ལས་ལྷ་བསྟོད༔ བདུན་པ་ཛ་པྲ་དགོངས་ནི༔ ནང་རྒུད་སྤྱི་མཐུན་དུ་བསྙེན་པ། ཉེར་བསྙེན། སྒྲུབ་པ། སྒྲུབ་ཆེན་ཏེ། བསྙེན་སྒྲུབ་ཡན་ལག་བཞིས་ཁོག་དཔུང་ཀྱང་། འདིར་ལས་བྱང་ཁོག་དབུབ་ཤིན་ཏུ་དམ་པས་ཛ་པྲ་དགོངས་དང་པྲ་ཁྲིད་སོགས་ཟུར་ཙམ་མ་བྱུང་མོད༔ འོན་ཀྱང་འདི་ནི་ཡོ་ག་འོག་མ་གཉིས་ལྟར་སྤྲོས་བཅས་ཀྱི་བསྐྱེད་རིམ་ཚོགས་སྒྲུབས་སོགས་གཙོ་བོར་མི་བྱེད་པར་དབང་ཚོགས་འཁོར་ཙམ་གྱི་ཕྲིན་ལས་འཇུག་བ་དེར་དགོངས་པར་སྣང་ཞིང་། ལམ་གྱི་གཙོ་བོ་ཁྲེགས་ཆོད་དང་ཨར་གཏད་མུན་པའི་རྣལ་འབྱོར་ཁོ་ན་ཡིན་ཕྱིར་བྱ་རྩོལ་འཛིན་ཞེན་ལས་འདས་མཉམ་རྫོགས་གྱི་ཨ་ཏི་ས་ལྷུན་གྲུབ་སྣང་སྟོང་མོའི་བསྐྱེད་རིམ་གཞི་སྣང་གི་རོལ་རྩལ་མ་འགགས་པ་རིག་པ་ཚད་ཕེབས་ཀྱི་འཆར་གཞི་བཀོད་ལ་ཞི་བའི་ཛ་པྲ་བཟླས་ནི། ཨོཾ་ཨཱཧཱུཾ༔ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་ཡི་དམ་ལྷ་ཡི་ཚོགས༔ འཁོར་བ་སྡུག་བསྔལ་ཆོས་ཉིད་རོལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ཨོཾ་ཨཱཧཱཾུ ཨོཾ་དང་ཨཱདང་ཧཱུཾ་དང་གསུམ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས བྷོ་དྷི་ཙིཏྟ

(༣༠༨)བྱང་ཆུབ་སེམས༔ མ་ཧཱ་སུ་ཁ་བདེ་བ་ཆེ༔ ཛྙཱ་ན་དྷཱ་རྟཱུ་ཡེ་ཤེས་དབྱིངས༔ ཨ་ནི་སྐྱེ་བ་མེད་པའོ༔ ཞི་བ་ལྷུན་གྲུབ་ཡེ་ཤེས་ལྷ༔ བཞི་བཅུ་རྩ་གཉིས་སྙིང་པོའོ༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་རྟུ་ཨཱ༔ ཞེས་ཅི་ནུས་བཟླའོ༔ དེ་ནས་ཁྲག་འཐུང་གི་སྒྲུབ་པ་ནི༔ ཨོཾ་ནི་སྐུ་དང་ཡེ་ཤེས་ལྔ༔ རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངས༔ ཧཱུཾ་ཧི་འགག་མེད་ཐིག་ལེ་ཉིད༔ བྷྱོ་ནི་སྐྱེ་མེད་མཁའ་ལ་འཁྱིལ༔ ཧཱུཾ་ནི་སྐྱེ་འགག་གཉིས་སུ་མེད༔ ཁྲག་འཐུང་ཁྲོ་བོ་རིན་ཆེན་རྩལ༔ དྲུག་ཅུ་ཐམ་པའི་སྙིང་པོའོ༔ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ཞེས་བར་མེད་དུ་བཟླའོ༔ དེ་ཡང་ཇི་སྐད་དུ་གྲོལ་བའི་ཐིལ་ལེའི་ལམ་འབྲས་ནི་ཁྲོའི་མན་ངག་ཏུ། ཆོས་ཉིད་སྟོང་བའི་རང་སྒྲ་ཡང་༔ དུས་རྣམས་ཀུན་ཏུ་རྒྱུན་མི་གཅད༔ ཆོས་སྐུ་ཞི་ཁྲོ་རབ་འབྱམས་ནི། དབྱིངས་ཀྱི་སྟོད་ཆ་ཞི་བར་བཞུགས༔ རིག་པའི་གསལ་ཆ་ཁྲོ་བོར་བཞུགས༔ ཡེ་ཤེས་རྩ་རླུང་ཐི་ལེ་རྣམས༔ ཡིག་འབྲུ་སྔགས་ཀྱི་ཚུལ་དུ་བཞུགས༔ ཞི་ཁྲོ་དམ་པ་རིགས་བརྒྱ་སོགས༔ བཞུགས་ཀྱང་མ་བསྒྲོམས་མ་སྤྲད་ན༔ ལས་ཀྱི་རྩ་རླུང་ཐིག་ལེས་བསྒྲིབས༔ དབུལ་པོའི་ཁྱིམ་གྱི་གཏེར་བཞིན་བཞུགས༔ ཞེས་དང་། གདོད་ནས་ཡེ་རྫོགས་ཆེན་པོའི་སྐུ༔ སེམས་ཅན་ཀུན་ལ་རང་ཆས་སུ༔ ལྷུན་གྱི་གྲུབ་པའི་ཚུལ་དུ་གནས༔ བལྟར་ཡོད་གཟུང་དུ་མེད་པར་བཞུགས༔ ཞེས་དང་། དེ་ལྟར་རང་གནས་ཆེན་པོ་ལ༔ འཛིན་མེད་དང་ནས་གཏད་མེད་ལྷ༔ མ་ཡེངས་རྩེ་གཅིག་གནས་པ་ཙམ༔ ཅིར་སྣང་རང་རིག་ཆོས་སྐུ་རུ༔ ཤེས་ན་བར་རོ་རྣམས་སུ་གྲོལ༔ ཅེས་གསུང་པ་ལྟར་ཀུན་བརྟགས་བློས་བྱས་ཀྱི་བསྐྱེད་རིམ་དང་མ་འདྲེས་པར་ལྷུན་གྲུབ་རང་གནས་ཆེན་པོའི་དགོངས་པ་གསལ་གདབ་ཅིང་གཟེར་གྱི་གནད་དང་ལྡན་པས་ལམ་སྣང་གི་འཛིན་པ་ཆོས་

(༣༠༩)ཉིད་ཟད་པའི་ས་ལ་བསྐྱལ་བར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པར་བཅོ་ལྔ་ལས། དང་པོ་ཚོགས་མཆོད་བྱིན་བརླབ་ནི། དངོས་སུ་འབྱོར་ན་ཚོགས་རྫས་ཅི་ལྟར་འབྱོར་བ་བཤམ་ཤིང་། མ་འབྱོར་བའམ་སྤྲོས་པ་ཆུང་ན་གཅོད་དམིགས་ཀྱི་མན་ངག་དང་ལྡན་པས་ཕུང་པོ་ཚོགས་སུ་སྦར་ལ། ཨོཾ་ཨཱཧཱུཾ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ བག་ཆགས་ཚོགས་ཀྱི་དྲི་མ་ཡིན༔ རང་སྟོང་རང་གསལ་རང་གྲོལ་གསུམ༔ དུས་གསུམ་ཆོས་ཀྱི་དབྱིངས་སུ་བཀྲུ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཧཱུྃ༔ བྱིན་གྱིས་བརླབས་པའི་ཡི་གེ་གསུམ༔ སྤྲོས་ཀྱང་རང་སེམས་སྐྱེ་བ་མེད༔ བསྡུས་ཀྱང་འཁོར་འདས་རྒྱ་ཡན་ཀློང་༔ སྐུ་གསུམ་དང་དུ་བདུད་རྩིར་འཁྱིལ༔ ཨོཾ་ཨཱཧཱུཾ༔ གཉིས་པ་ཕུད་དང་པོ་སྤྲོས་བྲལ་ཆོས་སྐུའི་ལྷ་ལ་མཆོད་པ་ནི། ཨོཾ་ཨཱ༔ཧཱུཾ ཞལ་ཟས་འབྱོར་ལྡན་དམ་པ་འདི༔ བརྟགས་ཤིང་བརྟགས་ཤིང་བྱུང་ཚོར་སྟོང་༔ དཔག་མེད་དམིགས་མེད་འཛིན་པ་མེད༔ ཆོས་སྐུ་སྐྱེ་མེད་དབྱིངས་སུ་འབུལ༔ འགག་མེད་ཐབས་ཀྱི་ཚོགས་རྫོགས་ནས༔ དམིགས་མེད་མཆོག་གི་དངོས་གྲུབ་སྩོལ༔ གྷ་ན་ཙཀྲ་པཱུ་ཙ་ཧོ གསུམ་པ་ཚོགས་བར་པས་ལྷུན་གྲུབ་ལོངས་སྐུའི་ལྷ་ལ་མཆོད་པ་ནི། ཨོཾ་ཨཱཧཱུཾ༔ སྣང་སྲིད་ཡེ་སངས་རྒྱས་པ་ལ༔ རང་སྣང་དུཁས་སོ་སོར་བཟུང་༔ ཨ་འཐས་དངོས་པོ་བདེན་པར་ཞེན༔ རིགས་དྲུག་མུ་རུ་འཁྱམས་པ་ཀུན༔ ལྷུན་གྲུབ་ལོངས་སྐུར་བསྐང་ཞིང་བཤགས༔ སྐུ་གསུམ་མངོན་གྱུར་ཚངས་པར་སྩོལ༔ བཛྲ་ས་མ་ཡ་ཨཱ བཞི་པ་ཚོགས་ཐ་མ་སྣ་ཚོགས་སྤྲུལ་སྐུའི་ཞལ་དུ་སྦྱོར་སྒྲོལ་ཟུང་འཇུག་ཆེན་པོར་བསྟབ་པ་ནི། ཨོཾ་ཨཱཧཱུཾ༔ ང་དང་བདག་ཏུ་འཛིན་པའི་སེམས༔ མྱ་ངན་འདའ་ཕྱའི་རཱུ་ཏྲ་འདིར༔ རིག་པ་ཡེ་

(༣༡༠)ཤེས་མཚོན་གྱིས་བསྣུན༔ བདག་མེད་ཆོས་ཉིད་དབྱིངས་སུ་བསྒྲལ༔ རྟོག་ཚོགས་ཆོས་སྐུའི་ཀློང་དུ་རོལ༔ རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཧོ༔ སྐབས་འདིར་དབང་བཞིའི་དམ་ཚིག་དང་བསྟུན་ནས་རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་ལ་ཚོགས་མཆོད་དབུལ། ལྔ་ལྷག་མ་ནི། གཟུགས་པུང་ཤ་ཁྲག་ལྷག་མ་འདི༔ སྐྱེ་མེད་ཆོས་དབྱིངས་དང་དུ་བཞེས༔ ལུས་ངག་ཡིད་གསུམ་ལྷག་མ་འདི༔ སྐུ་གསུང་ཐུགས་ཀྱི་དང་དུ་བཞེས༔ ཉོན་མོངས་དུག་ལྷག་མ་འདི༔ ཡེ་ཤེས་ལྔ་ཡི་དང་དུ་བཞེས༔ སྐུ་གསུམ་འཛིན་མེད་ལྷག་མ་འདི༔ ཀ་ནས་དག་པའི་དང་དུ་བཞེས༔ ཞེས་སོ། དྲུག་པ་ཐུགས་དམ་བསྐུལ་བ་ནི། ལྷུན་གྲུབ་ཡེ་ཤེས་རོལ་བའི་དཀྱིལ་འཁོར་རྣམས་ཐུགས་ཀ་དག་ཟབ་ཞི་སྤྲོས་བྲལ་གྱི་ཀློང་ལས་མ་གཡོས་ཀྱང་འགག་མེད་ཡེ་ཤེས་ཀྱི་རོལ་རྩལ་གང་འདུལ་དེར་སྣང་གི་འཆར་སྒོམ་འགགས་པའི་ཕྲིན་ལས་དཔག་ཏུ་མེད་པར་སྟོན་པར་བལྟས་ལ༔ ཨོཾ་ཨཱཧཱུཾ༔ ད་ནི་ཀུན་བཟང་ཡབ་ཡུམ་ལ༔ ད་ནི་དཔག་མེད་ཧེ་རུ་ཀ༔ ད་ནི་རང་བྱུང་རང་གྲོལ་ལྷ༔ ད་ནི་དུས་གསུམ་སངས་རྒྱས་དངོས༔ རྣམ་ཤེས་གནས་དག་ཤར་ཕྱོགས་ན༔ ཐིག་ལེ་དཀར་གསལ་གཞལ་ཡས་སུ༔ བཛྲ་ཤི་ཁྲོ་ཕྲིན་ལས་མཛོད༔ ཞེ་སྡང་འདུལ་བའི་དུས་ལ་བབས༔ ཚོར་བ་གནས་དག་ལྷོ་ཕྱོགས་ན༔ སེར་གསལ་ཐེག་ལེའི་གཞལ་ཡས་སུ༔ རཏྣ་ཞི་ཁྲོ་ཕྲིན་ལས་མཛོད༔ ང་རྒྱལ་འདུལ་བའི་དུས་ལ་བབས༔ འདུ་ཤེས་གནས་དག་ནུབ་ཕྱོགས་ན༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ པདྨ་ཞི་ཁྲོ་ཕྲིན་ལས་མཛོད༔ འདོད་ཆགས་འདུལ་བའི་དུས་ལ་བབས་

(༣༡༡)འདུ་ཤེས་གནས་དག་བྱང་ཕྱོགས་ན༔ ཐིག་ལེ་ལྗང་གསལ་གཞལ་ཡས་སུ༔ ཀརྨ་ཞི་ཁྲོ་ཕྲིན་ལས་མཛོད༔ ཕྲག་དོ་འདུལ་བའི་དུས་ལ་བབས༔ ཆོས་ཉིད་མི་འགྱུར་དབུས་ཕྱོགས་ན༔ ཐིག་ལེ་མཐིང་གསལ་གཞལ་ཡས་སུ༔ སངས་རྒྱས་ཞི་ཁྲོ་ཕྲིན་ལས་མཛོད༔ གཏི་མུག་འདུལ་བའི་དུས་ལ་བབས༔ ཙིཏྟ་སྙིང་གི་གཞལ་ཡས་སུ༔ བཞི་བཅུ་རྩ་གཉིས་ཞི་བའི་སྐུ༔ མཉེན་ལྕུགས་འཁྲིལ་ལྡེམ་འོད་ཟེར་འབར༔ ཕུང་པོ་ལྷག་མེད་ཕྲིན་མས་མཛོད༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ སྒེག་ཅིང་དཔའ་བ་འཇིགས་སུ་རུང་༔ རང་སྣང་རྟོགས་པའི་ཕྲིན་ལས་མཛོད༔ སྣོད་བཅུད་རྒྱན་གྱི་གཏོར་མ་བཞེས༔ ཞི་བས་ཆོས་ཉིད་དབྱིངས་སུ་སྒྲོལ༔ ཁྲོ་བོས་དགྲ་བགེགས་མ་ལུས་སྒྲོལ༔ འཁོར་བ་དོང་སྤྲུག་ཕྲིན་ལས་མཛོད༔ ཨོཾ་ཨཱཧཱུཾ༔ གསལ་སྟོང་དབྱེར་མེད་འཇམ་དཔལ་སྐུ༔ གྲག་སྟོང་དབྱེར་མེད་པདྨ་གསུང་༔ རིག་སྟོད་དབྱེར་མེད་ཡང་དག་ཐུགས༔ བདེ་གཤེགས་བདུད་རྩི་ཡོན་ཏན་ལྷ༔ སྣང་སྟོང་ཕུར་པ་ཕྲིན་ལས་མཛོད༔ སྟོང་ཉིད་མ་མོ་རྦོད་གཏོང་ལྷ༔ ཆོས་ཉིད་རོལ་པའི་གཏོར་མ་ལོངས༔ དགྲ་བགེགས་སྐྱེ་བ་མེད་པར་སྒྲོལ༔ ཨོཾ་ཨཱཧཱུཾ རྣམ་སྨིན་རིག་འཛིན་ཤ་ཁྲག་ལུས༔ སྐྱེ་མེད་རྟོགས་པའི་ཚེ་དབང་དང་༔ བདེ་སྟོང་ཕྱག་རྒྱའི་རིག་འཛིན་དང་༔ ལྷུན་གྲུབ་རིག་འཛིན་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་མ་མེ་རིག་འཛིན་རྣམས༔ ཅིར་སྣང་ཆོས་སྐུའི་གཏོར་མ་ལོངས༔ འཁོར་བ་མྱ་ངན་འདའ་འབར་མཛོད༔ ཨོཾ་ཨཱཧཱུཾ༔ འདོད་ཆགས་ཞེ་སྡང་གཏི་མུག་དང་༔ ང་

(༣༡༢)རྒྱལ་ཕྲག་དོག་འཇིག་རྟེན་ལྷ༔ ཞེ་སྡང་ཁོང་ཁྲོད་མོད་པའི་ལྷ༔ རང་ངོ་ཤེས་པའི་ཕྲིན་ལས་མཛོད༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་མ་ལུས་རྫོགས་པ་ཡི༔ ཞི་ཁྲོ་ཡེ་ཤེས་ལྷ་ཚོགས་རྣམས༔ ཅིར་སྣང་ཆོས་སྐུའི་གཏོར་མ་ལོངས༔ ཡེ་ནས་ཀྱེ་འགག་མེད་པ་ཡི༔ སྒྲུབ་བ་བཀའ་བརྒྱད་ལྷ་ཚོགས་རྣམས༔ སྣང་སྲིད་གཞིར་བཞེངས་གཏོར་མ་ལོངས༔ ཆགས་མེད་ཞེན་མེད་ཕྲིན་ལས་མཛོད༔ ཨོཾ་ཨཱཧཱུཾ༔ ཕཊཕཊཕཊ གཏི་མུག་འོད་གསལ་དུ་ཟློག༔ མཱ་ར་ཡཱ་སོད༔ ཞེ་སྡང་རང་གྲོལ་དུ་ཟློག་ མཱ་ར་ཡ་སོད༔ འདོད་ཆགས་བདེ་ཆེན་དུ་ཟློག༔ མཱ་ར་ཡ་སོད༔ ཨ་འཐས་སྟོང་པར་ཟློག༔ མཱ་ར་ཡ་སོད༔ མི་བདེན་པ་ལ་བདེན་པར་འཛིན་པའི་ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ འཁོར་བ་ལ་ཆགས་ཞེན་ཆེ་བ་ཟློག༔ ངན་སོང་གསུམ་ལ་ཉམ་ང་བ་ཟློག༔ གཟུང་འཛིན་གྱི་རྨི་ལྟས་ངན་པ་ཟློག༔ ཡར་གྱི་བདུད་སངས་རྒྱས་ལ་རེ་བ་ཟློག༔ མར་གྱི་བདུད་འཁོར་བ་ལ་ལྷུང་དོགས་པ་ཟློག༔ ཐམས་ཅད་སྐྱེ་མེད་དུ་ཆ་ལ་ལ༔ འགག་མེད་དུ་ཡ་ལ་ལ་ལ༔ གཉིས་མེད་དུ་ཁྲིལ་ལོ་ལོ་ཐོང་ཞིག༔ བདུན་པ་སྙིང་ཐིག་གཉན་པོའི་བཀའ་སྲུང་རྣམས་ལ་གཏོར་མ་བསྔོ་ཞིང་ཆད་ཐོ་བསྒྲག་པ་ནི༔ ཧཱུཾ༔ དབྱིངས་ལས་ཡེ་ཤེས་རང་ཤར་བ༔ རང་རིག་རྒྱལ་པོ་སྒྲ་ཅན་འཛིན༔ ཁྱབ་འཇུག་ཆེན་པོའི་ཐུགས་དམ་བསྐང་༔ རང་སྣང་རྩལ་ཆེན་རྒྱས་བར་མཛོད༔ སྣང་ལ་རང་བཞིན་མེད་པའི་ཡུལ༔ ཀུན་ཏུ་བཟང་མོ་གནམ་ཞལ་མ༔ ཨེ་ཀེ་ཙི་ཏཱིའི་ཐུགས་དམ་བསྐང་༔ དངོས་འཛིན་དབུ་མར་ཐིམ་པར་མཛོད༔ དབྱིངས་རིག་གཉིས་མེད་རྡོ་རྗེ་འཛིན༔

(༣༡༣)རྡོ་རྗེ་སེམས་དཔའ་དགྱེས་མཛད་པ། སྡེ་བརྒྱད་དྲེགས་དཔོན་ཐུགས་དམ་བསྐང་༔ མཐའ་བརྒྱད་སྤྲོས་བ་ཆོད་པར་མཛོད༔ མ་ཧཱ་བ་ལིངྟ་ཁཱ་ཧི༔ བརྒྱད་པ་བརྟན་་མ་བསྐྱང་བ་ནི༔ བྷྱོ༔ སྣ་ཚོགས་མ་འགགས་མ་མོའི་ཚོགས༔ རྟེན་འགྲེལ་བཅུ་གཉིས་ཡོངས་དག་པ༔ སྟོང་ཆེན་ཉིད་ཀྱི་རང་བཞིན་ཅན༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ ལུགས་འབྱུང་བཅུ་གཉིས་གཏོར་མ་འབུལ༔ ལུག་ལྡོག་བཅུ་གཉིས་ཟད་པའི་མཐར༔ རིག་པ་ཡེ་ཤེས་རྟོགས་པར་མཛོད༔ མ་མཱ ཁ་ཁཱ ལ་ལཱ ཏ་ཏཱ ཏེ་ཏཻ མ་མ་སྲིང་འགྲོ་མ་སརྦ་པཱུ་ཙ་ཁཱ་ཧི དགུ་པ་རྟ་བྲོ་ནི། སྲིད་པ་སྤྱི་གནོན་གྱི་དགོངས་པས་གཏོར་གཞོང་ཁ་སྦུབ་པའི་སྟེང་དུ་ཕྲིན་ལས་རྣམ་པ་བཞིའི་རྟ་བྲོ་བརྡུད་ཞིང་༔ ཧཱུཾ དཀར་ཞིང་གསལ་ལ་དངས་བ་ཡི ཉོན་མོངས་མ་ལུས་ཞི་མཛད་པ༔ ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཧཱུཾ༔ ཞི་བ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ སེར་ཞིང་གསལ་ལ་དངས་པ་ཡི༔ ཡེ་ཤེས་མ་ལུས་རྒྱས་མཛད་པ༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཧཱུཾ༔ རྒྱས་པ་པུཥིྚ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུཾ དམར་ཞིང་གསལ་ལ་དངས་པ་ཡི༔ སྐུ་གསུམ་དབང་དུ་སྡུད་མཛད་པ༔ དབང་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཧཱུཾ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ ཧཱུཾ ལྗང་ཞིང་གསལ་ལ་དངས་པ་ཡི༔ འཁོར་བའི་སྡུག་བསྔལ་སྒྲོལ་བར་མཛད༔ སྒྲོལ་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཧཱུཾ༔ སརྦ་མཱ་ར་ཡནན༔ བཅུ་པ་ཚེ་འགུགས་པ་ནི། ཡེ་ཤེས་ལྔ་ལྡན་གྱི་མདའ་དར་གཡོབ་ཅིང་༔ ཨོཾ་ཨཱཧཱུཾ༔ ཤར་གྱི་ཕྱོགས་ནས་འགུགས་བྱེད་མ༔ རྡོ་རྗེ་མཁའ་འགྲོས་ཚེ་གཡང་ཁུག༔ འགྱུར་བ་མེད་པའི་

(༣༡༤)བཀྲ་ཤིས་ཤོག༔ ལྷོ་ཡི་ཕྱོགས་ནས་འགུགས་བྱེད་མ༔ རིན་ཆེན་མཁའ་འགྲོས་ཚེ་གཡང་ཁུག༔ དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག༔ ནུབ་ཀྱི་ཕྱོགས་ནས་འགུགས་བྱེད་མ༔ པདྨ་མཁའ་འགྲོས་ཚེ་གཡང་ཁུག༔ སྐུ་ལྔ་དབང་སྡུད་བཀྲ་ཤིས་ཤོག༔ བྱང་གི་ཕྱོགས་ནས་འགུགས་བྱེད་མ༔ ལས་ཀྱི་མཁའ་འགྲོས་ཚེ་གཡང་ཁུག༔ ལས་རྣམས་འགྲུབ་པའི་བཀྲ་ཤིས་ཤོག༔ དབུས་ཀྱི་ཕྱོགས་ནས་འགུགས་བྱེད་མ༔ སངས་རྒྱས་མཁའ་འགྲོས་ཚེ་གཡང་ཁུག༔ མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཌཱཀྐི་ནི་ཧ་རི་ནི་ས་ཛྙཱ་ན་ཨཱ་ཡུ་ཤེ་པུཎྱ་སིདྡྷི་ཚེ་བྷྲཱུྃ་ནྲི་ཛཔཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱུ༔ བཅུ་གཅིག་པ་དངོས་གྲུབ་བླང་བ་ནི། ཨེ་མ༔ བདེ་གཤེགས་ལྷུན་གྲུབ་གནས་མཆོག་ནས༔ བདེ་ཆེན་རང་བྱུང་ཡེ་ཤེས་ནི༔ ཅིར་ཡང་མི་རྟོག་གསལ་ལེར་བཞུགས༔ རྩ་བ་གསུམ་དང་གཉིས་སུ་མེད༔ གཞན་ནས་མ་བཙལ་ཆོས་སྐུ་སྐྱེ་བ་མེད༔ རང་བྱུང་སེམས་ལ་རང་དབང་ཐོབ་པར་ཤོག༔ ཨོཾ་ཨཱཧཱུཾ༔སརྦ་སིདྡྷི་ཕ་ལ་ཧོ༔ བཅུ་གཉིས་པ་དབང་སྒྲུབ་ལྟ་བུའི་ཚེ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྡུ་བ་ནི༔ ཨཱ༔ སྐྱེ་བ་མེད་ལ་འགག་པ་མེད༔ དུས་གསུམ་འཕོ་འགྱུར་མེད་པ་ལ༔ ཡིད་མིག་རླུང་གསུམ་ལ་འོད་དུ༔ འདུ་འབྲལ་མེད་པར་ཐིམ་ཞིང་གསལ༔ ཀུན་ཀྱང་གཉིས་མེད་བཛྲ་མུ༔ བཅུ་གསུམ་པ་བསྔོ་བ་ནི༔ ཧཱུཾ༔ དམིགས་མེད་ཆོ་འཕྲུལ་སྒྱུ་མའི་གར༔ དགེ་ཚོགས་མ་འགགས་མེ་ལོང་གཟུགས༔ འཛིན་མེད་ཆོས་དབྱིངས་དངས་པའི་སར༔ འཁོར་གསུམ་དམིགས་གཏད་བྲལ་བར་བསྔོ༔ བཅུ་བཞི་པ་སྨོན་

(༣༡༥)ལམ་ནི། ཧཱུཾ་ཨཱཨོཾ༔ སྐྱེ་བ་མེད་པས་ཅིར་ཡང་སྣང་༔ འགག་པ་མེད་པའི་ཡེ་ཤེས་ཀྱིས༔ གནས་མེད་འགྲོ་བའི་དོན་བྱས་ནས༔ དམིགས་མེད་རྫོགས་སངས་རྒྱས་གྱུར་ཅིག༔ ལན་གསུམ་བརྗོད། བཅོ་ལྔ་པ་མཐའ་བརྟེན་བཀྲ་ཤིས་ནི༔ཨོཾ་ཨཱཧཱུཾ༔ སྐྱེ་མེད་རྟོགས་པས་འཆི་རྒྱུ་མེད༔ འཆི་མེད་ཚེ་ཡི་བརྐ་ཤིས་ཤིག༔ བདེ་སྟོང་རྟོགས་པས་ན་རྒྱུ་མེད༔ ནད་མེད་བཅུད་ཀྱི་བཀྲ་ཤིས་ཤོག༔ རི་སྐུ་མཐོང་བས་རྒས་རྒྱུ་མེད༔ རྒས་མེད་མཆོག་གི་བཀྲ་ཤིད་ཤོག༔ ཉག་གཅིག་རྟོགས་པས་རྨོངས་རྒྱུ་མེད༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ རང་རིག་རྟོགས་པས་འཁྲུལ་རྒྱུ་མེད༔ འཁྲུལ་མེད་ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཡེ་ཤེས་རྟོགས་པས་གསལ་འགྲིབ་མེད༔ ཞི་ཁྲོ་རབ་འབྱམས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་སིལ་མའི་ཆར་དབབ་པར་བྱའོ།

(༣༡༦)

(༣༡༧)ལོ་ལུགས་སྒྲོལ་དཀར་མཎྚལ་གཅིག་པ་བཞུགས།

(༣༡༨)ན་མ་ཨཱ་རྱ་ཏཱ་རེ། འདིར་ཇོ་བོ་ལས་བརྒྱུད་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་པ་བྱ་བར་འདོད་པས། གནས་དབེན་ཞིང་ཉམས་དགའ་ལ། གཞི་བདག་དང་འབྱུང་པོ་གདུག་པ་ཅན་གྱིས་དབང་དུ་མ་བྱས་པར་བྱི་དོར་ལེགས་པར་བྱ། དཀོན་མཆོག་གི་རྟེན་དགྲ་མ། ཚེ་སྒྲུབ་སྤྲོས་བཅས་དང་འབྲེལ་ན་སྟེགས་བུ་ཁབས་ལྡན་པདྨ་འདབ་བརྒྱད་རེ་ཁཱ་ཅན་གྱི་དབུས། སྐུ་རྟེན་ཚེ་བུམ། གསུང་རྟེན་བདུད་རྩི། ཐུགས་རྟེན་ཚེ་རིལ་ཡང་བཤམ། རྒྱུན་བསྙེན་དང་སྒྲུབ་པ་ཇི་ལྟར་ཡང་དཀར་གསུམ་མངར་གསུམ་ཤིང་འབྲས་སོགས་ཀྱིས་བརྒྱན་པའི་དཀར་གཏོར་ཟླུམ་པོ་པད་འདབ་ཞི་བ་དང་། མཐའ་ཉེར་སྤྱོད་ཀྱིས་བསྐོར། གྲུབ་ན་གཏོར་མཆོ་གསུམ་དང་། མ་བདེ་ན་གཞི་བདག་ལ་དཀར་གཏོར། འབྱུང་པོ་ལ་ཆངས་བུ། རིལ་བུ། མཐེ་བ་ཀྱུ་སོགས་བཤམས་ལ་ཆུ་ཆང་གིས་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བརླབ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྔོས་ལ་ཕྱི་རོལ་དུ་གཏང་། རྡོ་རྗེའི་རྭ་གུར་གྱི་སྲུང་འཁོར་སྒོམ། དེ་ནས་བྱང་ཆུབ་སེམས་ཀྱི་བསྔགས་པ་བརྗོད་པ་ནི། ངན་འགྲོའི་ལམ་ནི་ལྡོག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ཅིང་། ཚད་མེད་བཞིས་རྒྱུད་ལེགས་བར་སྦྱང་། སྐྱབས་འགྲོ་ནི། སྐྱོབ་པ་མཆོག་དང་བདེན་གཉིས་དམ་

(༣༡༩)བའི་ཆོས། །རིག་གྲོལ་གཉིས་ལྡན་བྱང་ཆུབ་སེམས་དཔའི་ཚོགས། །འཕགས་མའི་སྐུ་གསུང་ཐུགས་ལས་གཞན་མིན་པས། །སྐྱེས་བུ་ཆེན་པོའི་སེམས་ཀྱིས་སྐྱབས་སུ་མཆི། །གསུམ། སེམས་བསྐྱེད་ནི། ཧོ། །བདག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀུན། །གནས་སྐབས་བདུད་བཞིའི་འཇིགས་བ་ལས་གྲོལ་ཞིང་། མཐར་ཐུག་བྱང་གྲོལ་མཆོག་ལ་འདོད་བའི་ཕྱིར། །སྨོན་དང་འཇུག་པའི་བྱང་ཆུབ་མཆོག་སེམས་བསྐྱེད། །གསུམ། ཡན་ལག་བདུན་པ་ནི། ཨཱཡན་ལག་ལྔས་བཏུད་ལུས་དང་ལོངས་སྤྱོད་འབུལ། །ཉེས་ལྟུང་མི་འཆབ་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདར་གསོལ། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །མཆོད་རྫས་བྱིན་བརླབ་ནི། ཧཱུཾ་མཆོད་པའི་དམ་རྫས་བརྟན་གཡོའི་དངོས་པོ་ཀུན། །ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ཡིས། །ནམ་མཁའ་མཛོད་ཀྱི་འཁོར་ལོར་བྱིན་གྱིས་རློབས། །མཆོད་བའི་ཕྱག་རྒྱ་ཆེན་པོར་ལྷུན་རྫོགས་ཤོག །རཱུ་པ། ཤབྷ། གྷནྡྷེ། རཱ་ས། བརྴེ། དྷརྨ་དྷཱ་རྟུ་སརྦ་པཱུ་ཛ་ཨཱཧཱུྃ། གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རློབ། དེ་ནས་མངོན་རྟོག་བསྒོམ་པ་ནི། ཨཱཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང་། འདི་ལྟར་རྟོགས་སེམས་ཅན་སྙིང་རེ་རྗེ། །སྐྱེ་མེད་དང་ལས་སྐྱེ་བའི་ཆོ་འཕྲུལ་ནི། །གཡུ་ལོ་བཀོད་བའི་ཞིང་ཁམས་ཉམས་དགའ་

(༣༢༠)བ༑ ༑མནན་ན་ནེ་མ་ཞིང་བཏེག་ན་སྦར་བའི་གཞིར། །རིན་ཆེན་བཻ་ཌཱུརྻ་ཡི་བྲག་རི་ལ། །དྲང་སྲོང་རིག་འཛིན་གྲུབ་པ་མཆོག་རྣམས་གནས། །འབྱུང་བ་ཡོངས་རྫོགས་དངས་པའི་མཚོ་རྫིང་ནི། བཱུཎྜ་རི་ཀ་ནེའུ་གསིང་དྲྭ་བས་མཛེས། །རིན་ཆེན་སྣ་ཚོགས་ལྗོན་ཤིང་བལྟ་ན་སྡུག །ཡལ་འདབ་རྣམས་ལ་གསེར་གཡུ་བྱི་རུ་དང་། །པད་རག་ཨིནྡྲ་ནཱི་ལ་ལ་སོགས་པ། །དབང་གཟུང་ལྟ་བུར་བཀྲ་བའི་བྱ་ཚོགས་དང་། །འཕུར་ལྡིང་ཤིནྟུ་གཡོ་བའི་བྷྲ་མར། །སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་། །ཀུན་འབྱུང་སྡུག་བསྔལ་སྤངས་པའི་ཆོས་ཀྱི་སྒྲ། ཐེག་པ་གསུམ་དང་རྒྱུད་སྡེའི་དབྱངས་སུ་སྒྲོགས། གཟུགས་སྣང་ཐམས་ཅད་དག་པའི་སྣོད་དང་བཅུད། །ཚོར་བ་ཐམས་ཅད་བདེ་སྟོང་ཕྱག་རྒྱ་ཆེ། །འདུ་ཤེས་ཐམས་ཅད་ཕ་རོལ་ཕྱིན་པ་དྲུག་ །འདུ་བྱེད་ཐམས་ཅད་ས་བཅུའི་སྤངས་རྟོགས་ཏེ། །རྣམ་ཤེས་ལས་དཱས་ཡེ་ཤེས་རོལ་པའི་གདངས། །དག་པ་རབ་འབྱམས་ཞིང་མཁས་བཀོད་པའི་ཀློང་། །རང་བཞིན་ལྷུན་གྲུབ་སྤྲུལ་པའི་གཞལ་མེད་ཁང་། །རྒྱ་ཁྱོན་བཀོད་པ་བློ་ལས་འདས་པའི་དབུས། །པད་ཟླའི་གདན་ལ་ཏཱཾ་ཡིག་ཡོངས་གྱུར་ལས། །རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ནི། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་མོ་ཀྲུང་། །ཕྱག་གཡས་མཆོག་སྦྱིན་མི་མཐུན་ཕྱོགས་ལས་སྒྲོལ། །གཡོན་པ་སྐྱབས་སྦྱིན་མཐེ་བ་མཛུབ་ལ་གནས་བའི། ཨུཏྤ་ལ་ཟེའུ་འབྲུས་དུས་གསུམ་སངས་རྒྱས་མཚོན། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་བརྒྱན། །ཚེ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་སྟེར། །འགྲོ་ལ་ཐུགས་རྗེས་གཟིགས་པ་མི་ཡོལ་བས། །ཕྱག་ཞབས་མཐིལ་སོགས་ཡེ་ཤེས་སྤྱན་བདུན་སྤྲས། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུའི་དང་ཚུལ་ཅན། །གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན་པ་སྟེ། །ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །མཐའ་སྐོར་སངས་རྒྱས་བྱང་སེམས་རིག་འཛིན་དང་། །གནས་ཡུལ་ཉེར་བཞི་རི་དཔའ་བོ་མཁའ་འགྲོས་བསྐོར། །ཀུན་ཀྱང་གདན་གསུམ་རྡོ་རྗེའི་བདག་ཉིད་ཅན། །ཡོངས་གྲུབ་དབང་བསྐུར་

(༣༢༡)རྫོགས་པའི་པྲོག་ཞུས་བརྒྱན། །གནས་གསུམ་ཕྱག་མཚན་གསུམ་དང་ཡིག་འབྲུ་ལས། །འོད་འཕྲོས་རང་བཞིན་སྤྲོས་བྲལ་གདོད་མའི་དབྱིངས། །སྐུ་གསུམ་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །གཡུ་ལོ་བཀོད་སོགས་སྤྲུལ་བའི་ཞིང་ཁམས་ནས། །ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛསྤྱན་འདྲེན་ནི། ཧཱུྃ།མཁྱེན་པས་བྱང་ཆུབ་ཁམས་ཡོངས་གཟིགས་ཀྱང་། །བརྩེགས་ཞི་ལ་མི་གཞོལ་འཁོར་བ་སྒྲོལ། །ནུས་པས་བདུད་སྡེ་ཕྱེར་འཐག་བཅོམ་ལྡན་མ། །ཚེ་དབང་བདེ་སྦྱིན་ལྷ་མོ་གཤེགས་སུ་གསོལ། །ཨེ་ཧྱེ་ཧེ་བྷཱ་ག་ལྦཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོབཞུགས་གསོལ་བསྟོད་ཕྱག་ནི། ཨཱ བདེ་གཤེགས་སྙིང་པོའི་རང་བཞིན་ཡེ་ཤེས་སེམས། །གདོད་ནས་དམ་ཚིག་འཁོར་ལོར་རོ་གཅིག་ཀྱང་། །བློ་བུར་སྒྲིབ་གཉིས་སྤངས་པའི་སྟན་བཞུགས་ལ། །མངོན་སུམ་ལྟ་བ་མཇལ་བའི་ཕྱག་གིས་བཏུད། །ན་མ་ན་མ་ཧཱུཾ། མཆོད་པ་ནི།ཧཱུྃ། ཡུལ་དང་དབང་པོ་འབྲེལ་བའི་སྲེད་ལོན་གྱི། ཉེར་སྤྱོད་ལས་འདས་མཆོད་པའི་ཕྱག་རྒྱ་ཆེ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་བླ་ན་མེད། །ནམ་མཁའ་མཛོད་ཀྱི་འཁོར་ལོས་མཉེས་གྱུར་ཅིག། བཛྲ་རཱུ་པ། ཤཔྟ། གནྡྷ། རཱ་ས། པརེྴ། དྷརྨ་དྷཱ་རྟུ་མ་ཧཱ་སརྦ་པཱུ་ཙ་ཨཱཧཱུཾ། བསྟོད་པ་ནི། ཨོཾ་ཆུ་སྐྱེས་ཞལ་གྱི་གེ་སར་ལས། འགྲོ་བསྒྲོལ་ཕྱིར་རྣམ་པར་འཕྲུལ། །ཕྲིན་ལས་མྱུར་ཞིང་བདུད་ལ་དཔའ། །བཞད་པར་བ་བཞད་ཁྱོད་ལ་བསྟོད། །སྦྱིན་པའི་མཆོག་ལྡན་མི་འཇིགས་སྟེར། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་། །བཟོད་པའི་དཀའ་ཐུབ་ཉམས་མི་མངའ། །ཤིན་ཏུ་སྦྱངས་པ་ཁྱོད་ལ་བསྟོད། །སུ་ཡིས་ཁྱོད་ལ་གསོལ་བཏབ་དོན། །ཡལ་བར་མི་འདོར་བརྩོན་གྲུས་དང་། །དེ་བཞིན་གཤེགས་དགའི་བསམ་གཏན་དང་། །བྱང་གྲོལ་ཤེས་རབ་ལྷ་མོར་བསྟོད། །བདག་གིས་ཚེ་རབས་ཐམས་ཅད་དུ། །ཁ་ན་མཐོའི་ལས་བསགས་པ། །ལྷ་མོ་ཁྱོད་ལ་མཐོལ་ཟིན་གྱིས། །བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད། བཟླས

(༣༢༢)དམིགས་ནི། །ཐུགས་ཀར་ཟླ་གདན་ལ་གནས་པའི། །འོད་ཀྱི་རྣམ་པའི་འཁོར་ལོ་ནི། །རྩིབས་བརྒྱད་འབྲུ་བརྒྱད་དབུས་ན་ཏཱཾ། །རེག་ལ་མ་འབྱར་གཡོན་དུ་འཁོར། །འོད་ཟེར་འཕྲོས་པས་རྒྱལ་བ་མཆོད། །སེམས་ཅན་དོན་བྱས་འཁོར་འདས་ཀྱི། །དངས་བཅུད་བདག་ལ་ཐིམ་པ་ཡིས། །དུས་མིན་འཆི་བའི་འཇིགས་པ་བསལ། །མཆོག་ཐུན་དངོས་གྲུབ་ཐོབ་བར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུ་རྤུ་ཎྱ་ཛྙཱ་ན་པུཥི༚ྚ་ཀུ་རུ་སྭཱ་ཧཱ། ཞེས་སྣང་བ་སྐུ་དང་ཞིང་ཁམས། གྲག་བ་སྔགས་ཀྱི་རང་སྒྲ། དྲན་རྟོག་ཆོས་ཉིད་ཀྱི་དོན་ལས་མི་འདའ་བའི་དང་ནས་བཟླས་དམིགས་བྱ་ཞིང་། ཐུན་བསྡུ་པ་ནི། ཚོགས་བསག་པའི་ཕྱིར་མཆོད་པ་བརྗེ། མཎྚལ་རྒྱས་བསྡུས་ཅི་རིགས་པ་དང་། བསྟོད་པ་སྔགས་ནི། སངས་རྒྱས་ཐམས་ཅད་ཁྱོད་ལས་སྐྱེས། །དེ་ཕྱིར་རྒྱལ་བ་ཀུན་གྱི་ཡུམ། །ས་དང་ཕ་རོལ་ཕྱིན་བཅུའི་བདག་ །སྤྲོས་བྲལ་དབུ་མ་ཆེན་པོར་བསྟོད། །གཟུགས་སོགས་ཕུང་པོའི་ཉེར་ལེར་བདུད། །རང་བཞིན་རྣམ་དག་སྟོང་ཉིད་དབྱིངས། །ལྟོས་གྲུབ་མེད་བར་སྦྱོར་མཛད་པའི། །རྣམ་ཀུན་མཆོག་ལྡན་མ་ལ་བསྟོད། །ཀུན་བརྟགས་ལས་རླུང་བཞོན་པ་དང་། །ལྷན་ཅིག་སྐྱེས་པའི་ཉོན་མོངས་བདུད། །མཐོང་སྤང་བྱང་ཆུབ་ཡན་ལག་གི། །ཡེ་ཤེས་མེ་ལྕེས་བསྲེག་ལ་བསྟོད། །མ་རིགས་ལས་ནི་རྣམ་ཤེས་སེགས། །རྟེན་འབྲེལ་ལུགས་འབྱུང་འཆི་བདག་བདུད། །སྒོམ་སྤང་འཕགས་པའི་ལམ་བརྒྱད་ཀྱིས། །འཆི་མེད་ཞི་བར་སྦྱོར་ལ་བསྟོད། །ཡུལ་དང་ཡུལ་ཅན་འབྲེལ་བ་ལས། །བསླུ་བྲིད་འདུ་བྱེད་ལྷ་བུའི་བདུད། །སློབ་པ་མིན་པའི་ཟུང་འཇུག་ཀློང་། །སྒྲོལ་མཛད་ཡིད་བཞིན་འཁོར་ལོར་བསྟོད། །ནོངས་བཤགས་ནི། མ་འབྱོར་བ་དང་ཉམས་བ་དང་། །སོགས་ཀྱི་མཐར་ཡིག་བརྒྱས་ནོངས་པ་བཤགས། རྗེ་བཙུན་བཅོམ་ལྡན་འདས་མ་སོགས་ཀྱིས་འདོད་གསོལ་གདབ། །དགེ་བ་འིད་ཡིས་སྐྱེ་བོ་ཀུན། །སོགས་གྱིས་བསྔོ་སྨོན་བྱ། ཐུན་མཚམས་ཐམས་ཅད་དུ་བྱང་ཆུབ་སེམས་ཀྱིས་ཟིན་པའི་བསྐྱེད་རྫོགས་བཟླས་གསུམ་གྱི་ལམ་ཁྱེར་དང་མ་བྲལ་ན། བར་དོར་སྒྲོལ་མའི་ཞལ་མཐོང་བ་ཡིན་ནོ། །ཆོས་མཛད་སཱ་རའི་

(༣༢༣)དོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།། །།འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་རྒྱུན་ཁྱེར་ནི། སངས་རྒྱས་ཆོས་ཚོགས་དང་། །སྟོང་པའི་དང་ལས་པཾ་ཡིག་ནི། །འོ་མའི་རྒྱ་མཚོར་གྱུར་བའི་མཐའ། །ནེའུ་གསིང་མེ་ཏོག་དུ་མས་མཛེས། །ལྷ་དང་དྲང་སྲོང་རིག་འཛིན་དང་། །གླང་ཆེན་ཐལ་ཀར་ཆུ་བྱས་གང་། །ཡིད་འོད་རྫིང་བུར་པཾ་ཡིག་ལས། །པདྨའི་སྡོང་པོ་རྒྱས་པའི་རྩེར། །འདབ་སྟོང་གེ་སར་དམར་སེར་དབུས། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །རང་སེམས་ཨ་ཡིག་དཀར་པོ་ལས། །འོད་འཕྲོས་མི་ཤེས་རྨོངས་མུན་བསལ། །འགྲོ་ཀུན་ཤེས་རབ་སྣང་བར་བཀོད། །ཚུར་འདུས་ཡོངས་གྱུར་བདག་ཉིད་ནི། །རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་དབྱངས། །དཀར་གསལ་གཅིག་ཕྱག་གཉིས་པ། །གཡས་པ་མཆོག་སྦྱིན་གཡོན་པ་ཡི། །མཐེ་བ་སྲིན་གྱིས་བཟུང་ཨུཏྤ་ལའི། །སྡོང་བུའི་རྩ་བ་ཐུགས་ཀར་འཛིན། །རྩེ་མོ་སྙན་ཐད་བྱེ་བའི་སྟེང་། །སྟོང་ཕྲག་བརྒྱ་པའི་གླེགས་བམ་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་། །རལ་པའི་ཟུར་ཕུད་ལྔ་དང་ལྡན། །བཅུ་དྲུག་ལོན་པའི་ན་ཚོད་ཅན། །དར་དང་རིན་ཅེན་རྒྱན་གྱིས་མཛེས། །མཚན་དཔེ་བལྟ་བས་ཆོག་མི་ཤེས། །ཐུགས་མཆོད་པད་འདའ་ཁ་བྱེའི་དབུས། འཁོར་ལོ་དཀར་པོ་རྩིབས་དྲུག་པའི། །ལྟེ་བར་ཟླ་དཀྱིལ་ཨ་ཡིག་མཚན། རྩིབས་དྲུག་མདུན་ནས་གཡས་བསྐོར་ལ། འབྲུ་དྲུག་འཁོར་ལ་མ་རེག་གསལ། །འཁོར་ལོ་གཡས་དང་ཡིག་འབྲུ་ནི། །དེ་ལས་ལྡོག་པར་འཁོར་བ་ཡིས། །སྡིག་སྒྲིབ་དག་ནས་རིག་པ་མཆོག་ །སྤོབས་པའི་གཏེར་མཛོད་གྲོལ་བར་གྱུར། །ཨོཾ་ལྦཱ་ཀྱཻ་དཾ་ནཱ་མ། ཞེས་ཅི་མང་བཟླས་མཐར་ཡིད་ཀྱིས་མཎྚལ་ཕུལ། དགེ་བ་འིད་ཡིས་སོགས་བརྗོད། སློབ་དཔོན་སྒེག་པའི་རྡོ་རྗེའི་ཐུགས་དམ་ཟླ་བ་གཅིག་གིས་བློ་གྲོས་ཀྱི་མཐུ་ཆེན་པོར་བྱེད་པའི་མན་ངག་གི་རྒྱུན་འཁྱེར་འིད་ཡང་རྭ་སྟོན་སྤྲུལ་པའི་སྐུ་འཇིགས་མེད་མཐུ་སྟོབས་རྡོ་རྗེའི་སྐྱེས་ཐོབ་ཀྱི་ལང་ཚོ་སྒེག་པའི་ཆ་རྐྱེན་དུ་མཁྱེན་བརྩེའི་འོད་ཟེར་གྱིས་གཟུང་ལས་ཉེ་བར་བསྡུས་ཏེ་སྦྱར་བའོ།།

(༣༢༤)དྲང་སྲོང་ཞི་བའི་རྒྱུན་ཁྱེར་ནི། །སྐྱབས་སེམས་དང་ཡན་ལག་བདུན་པ་བྱས་ནས། རང་གི་སྙིང་ཨ་དཀར་པོ། །རང་གི་སྙིང་ནང་ཨ་དཀར་པོ། །འོད་ཟེར་ཤིན་ཏུ་འབར་བ་ཡིས། །རྣམ་སྨིན་ལུས་དང་བག་ཆགས་བསྲེགས། །སྟོང་པའི་དང་ལས་དྲན་རྫོགས་སུ། །རང་ཉིད་དྲང་སྲོང་དྲི་མེད་ནི། །སྐུ་མདོག་སྔོ་་སྐྱ་སྐྱིལ་ཀྲུང་བཞུགས། །སྨིན་མ་སྟུག་ཅིང་ཨག་ཚོམ་རིང་། །རས་དཀར་ཤ་མ་ཐབས་བླ་གོས་གསོལ། །གཡས་གཡོན་ཕྱག་ན་སྤྱི་བླུགས་དང་། །ལུང་ཐང་ཕྲེང་འཛིན་རིག་སྔགས་གསུང་། །འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར། །དེ་ལྟར་གསལ་བའི་སྙིང་ག་རུ། །ཉི་མའི་གདན་ལ་ཧཱུྃ་གི་མཐར། །སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །ནད་གདོན་སྡིག་སྒྲིབ་ཀུན་ཞི་ཞིང་། །ཕས་རྒོལ་རིག་སྔགས་བཟློག་པར་གྱུར། ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛཛ། ཞེས་ཅི་ནུས་བཟླས་མཐར། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདེན་པ་དང་། །རྒྱུ་འབྲས་བསླུ་བ་མེད་པ་དང་། །ཆོས་ཉིད་ཟབ་མོའི་བདེན་པ་དང་། །གསང་སྔགས་རིག་སྔགས་ནུས་མཐུ་དང་། །དྲང་སྲོང་ཞི་ཁྲོའི་བདེན་པ་ཡིས། །ཕས་རྒོལ་རིག་སྔགས་བྱད་མ་དང་། །ཁྱབ་པ་འདུ་བྱེད་རྟེན་འབྲེལ་ལས། །ཚེ་དང་སྲོག་ལ་རྒོལ་བ་ཡི། །བྱད་ཕུར་རྦོད་གཏོང་འཚེ་བ་ཀུན། །སླར་ལ་ཁོ་རང་གཤེད་དུ་བཟློག་ །སངས་རྒྱས་ཀྱིས་ནི་བདུད་རྣམས་ཕམ། །ཆོས་མ་ཡིན་པ་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟིགས་ཕམ། །དབང་པོས་ལྷ་མིན་ཕམ་པར་གྱུར། །ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ། །ནམ་མཁའ་ལྡིང་གིས་རྒྱ་མཚོ་ཡི། །ཀླུ་རྣམས་རབ་ཏུ་ཕམ་པར་གྱུར། །མེ་ཡིས་བུད་ཤིང་བསྲེགས་བ་དང་། །རླུང་གིས་སྦྲིན་རྣམས་གཏོར་བ་དང་། །རྡོ་རྗེས་རིན་ཆེན་ཕུག་པ་ལྟར། དྲང་སྲོང་བདེན་པས་རབ་ཏུ་གནས། །བདེན་པའི་འདི་དག་ཐམས་ཅད་ཀྱིས། །དེང་འདིར་བྱད་ཕུར་བཟློག་གྱུར་ཅིག་ །ཅེས་ཐལ་མོ་བརྡབས། །དྲང་སྲོང་ལོག་ཏིྭ་འདི་ནི་སྡེ་བརྒྱད་གནས་ལན་བབ་པའི་དྲག་སྔགས་ཤིན་ཏུ་གཉེན་པ་ཡིན་ཡང་། །བྱད་ཁ་བཟློག་པའི་ཐབ་གྲགས་ནོར་སྐྱོང་གི་ཀུ་ཅོས་རབ་ཏུ་འགྲོགས་ནས་གང་

(༣༢༥)དྲན་གྱི་དམོད་སྔགས་དྲག་པོའི་ཉམས་ལེན་ལ་ཞུགས་བས་སྡེ་བརྒྱད་ཀྱི་འཁུ་ལྡོག་བལྟ་ར་མངོན་པ་དང་མི་མངོན་པ་རྣམས་ཚོགས་ཤིང་དུས་ལ་བབས་པའི་འབྲས་བུའི་ཚོར་བ་དང་ལྷན་ཅིག་ཉམས་སུ་མྱོང་བར་མཐོང་བ་དག་ལ་ཕན་པའི་བློས་རིགས་གཏད་ཐོབ་ལ་བསྙེན་པ་མ་སོང་བ་དག་གི་རྒྱུན་ཁྱེར་དུ་ཕན་སེམས་བསྐྱེད་ནས་མཁྱེན་བརྩེའི་ལྷས་སྦྱར་བའོ། །རྟ་མགྲིན་གསང་སྒྲུབ་ཀྱི་རྒྱུན་ཁྱེར་བཞུགས། པདྨ་ཧེ་རུ་ཀ་ལ་ན་མོ། འདིར་རྟ་མགྲིན་གསང་སྒྲུབ་ཀྱི་རྒྱུན་འཁྱེར་ནི། །གཏོར་སོགས་མཐོང་རྒྱུད་བཞིན་བཤམས་ལ། །དང་པོ་སྐྱབས་སེམས་སྤྱི་ལྟར་བྱས། །མཆོད་རྫས་རཾ་ཡཾ་ཁཾ་གིས་བསངས་སྦྱངས། ཨོཾ་ཨཱཧཱུཾ་གིས་བྱིན་གྱིས་བརླབས། གཉིས་པ་མངོན་རྟོགས་ནི། ཨོཾ་རང་སེམས་མ་བཅོས་གཉུག་མའི་དང་། །ཆུ་ལས་ཆུ་བུར་རྡོལ་བ་བཞིན། །རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། །སྐུ་དམོག་དུས་མཐའི་མེ་ལྟར་འབར། །གཡས་ལྗང་གཡོན་དཀར་རྩ་ཞལ་དམར། །ཀུན་ཀྱང་རྟ་མགོ་ལྗང་ཞུར་གྱི། །རྡོག་མའི་གསེབ་ནས་མེ་སྟག་འཕྲོ། །གཡས་གསུམ་རྡོ་རྗེ་ཁ་ཊྲཾཱ་གྲི། གཡོན་གསུམ་མེ་དཔུང་མདུང་རྒྱུ་ཞགས། །ཞབས་བཞིས་ཀླུ་བརྒྱད་སྦྲུལ་དུ་བརྫིས། །དུར་ཁྲོད་རོལ་པའི་ཆས་ཀུན་རྫོགས། །བ་སྤུའི་བུ་ག་ཁྲོ་བོས་གཏམས། །ཀུན་ཀྱང་དྲག་སྔགས་གནམ་ཐོབ་འབེབས། །ཡེ་ཤེས་མེ་དཔུང་ཀློང་ན་བརྗིད། །ལྷ་སྲིན་སྡེ་བརྒྱད་རྒྱལ་འགོད་རྣམས། །རང་དབང་མེད་པར་འདུད་ཅིང་འདར། །དེ་ལྟར་གསལ་བའི་གནས་གསུམ་དུ། །ཡི་གེ་གསུམ་ལས་འོད་འཕྲོས་པས། །རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས། །བདེན་བྲལ་ལངིྒའི་ཕོ་བྲང་ནས། །ཡེ་ཤེས་སྤྱན་དྲང་དབྱེར་མེད་བསྟིམ། །གསུམ་པ་སྤྱན་འདྲེན་ནི། ཧཱུཾ། ཐུགས་རྗེའི་ལྕགས་ཀྱུས་སྤྱན་འདྲེན་ན། །བྱམས་པའི་ཞགས་པས་རྟེན་དང་བསྲེ། །དགའ་བའི་སྒྲོག་གིས་ཕྱག་འཚལ་ལོ། །བཏང་སྙོམས་དྲིལ་བུས་དགེས་པ་དགྱེས་པ་བསྐྱེད། ཛཧཱུྃ་བྃ་ཧོ།།བཞི་པ་མཆོད་པ་ནི། ཧཱུཾ། བླ་མེད་མཆོག་གི་དམ་རྫས་ནི།

(༣༢༦)ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །འདོད་ཡོན་ལོངས་སྤྱོད་ཀུན་བཟང་སྤྲིན། །བླང་དོར་མེད་པའི་དང་དུ་རོལ། རཱུ་པ། ཤཔྟ། གྷནྡྷེ། རཱ་ས། པརེྴ། པྲ་ཏཱིཙྪ་ཧ། མ་ཧཱ་པཉྩ་རཀྟ་བ་ལིངྟ་པཱུ་ཛ་ཧོ། །ལྔ་པ་བསྟོད་པ་ནི། ཧྲཱི གཏི་མུག་རྡོ་རྗེ་རྟོག་བྲལ་ཆོས་ཀྱི་དབྱིངས། །འདོད་ཆགས་རྡོ་རྗེ་བདེ་ཆེན་ལོངས་སྤྱོད་རྫོགས། །ཞེ་སྡང་རྡོ་རྗེ་གར་དགུས་དཔའི་བའི་ཉམས། །དཔལ་ཆེན་རྟ་མཆོག་རོལ་པའི་སྐུ་ལ་བསྟོད། །དྲུག་པ་བཟླས་དམིགས་ནི། ཨཱ ཐུགས་ཀར་སྤྱན་རས་གཟིགས་དབང་ནི། །སེམས་ཉིད་འལ་བསོའི་ཐུགས་ཀ་རུ། ཟླ་གདན་ལ་གནས་ཧྲཱིཡིག་མཐར། །ཡི་གེ་དྲུག་པས་བསྐོར་བ་ལས། འོད་འཕྲོས་འགྲོ་དྲུག་སེམས་ཅན་དང་། །ཁྱད་པར་གནོད་བྱེད་ལས་ཉོན་སྦྱངས། །བྱང་ཆུབ་སེམས་དང་ལྡན་པར་བསམ། །ཨོཾ་མ་ཎི་པདེྨ་ཧཱུྃ། བརྒྱ་སྟོང་བཟླས་རྗེས་ཁྲོ་བོའི་བཟླས་བ་ནི། ཟླ་གད་ན་ཉི་མ་དང་ཡིག་དྲུག་ཁྲོ་བོའི་སྔགས་སུ་བསྒྱུར་ལ། བསྐྱེད་རྫོགས་བཟླས་གསུམ་གྱི་གདེང་དང་ལྡན་པས། ཨོཾ་ཧྲཱིཔདྨ་ཏ་ཏྲི་ཏ་བཛྲ་དྷ་ཧྱ་གྷི་ལྦ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་ཤིང་འོད་ཟེར་སྤྲོ་བསྡུ་སྤྱི་དང་འདྲའོ། ཐུན་མཐར་རྫོགས་རིམ་ནི། ཆུ་ལས་ཆུ་བུར་རྡོལ་བ་བཞིན། རང་ལས་སྤྲུལ་དཀྱིལ་འཁོར་ལྷ། ཡེ་ཤེས་དབྱིངས་སུ་བཛྲ་མུ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་། བདུན་པ་དགེ་བ་བསྔོ་བ་དང་། །བརྒྱད་པ་ཤིས་བརྗོད་གང་རུང་བྱའོ། །ཐལ་བ་ན་ཚོད་བུས་པ་བློས་གྲོས་ཕྱིར། །བསྐྱེད་རིམ་རང་རྒྱུད་ཅན་གྱི་དྲག་སྔགས་དེས། །གདོན་གྱིས་སྤྱན་འདྲེན་བྱེད་པ་མང་མཐོང་ནས། །རང་བྱུང་རྡོ་རྗེས་དགེ་བའི་སེམས་ཀྱིས་སྦྱར།། །།སྨན་བླའི་སྒོམ་བཟླས་འཚོ་བྱེད་བདེ་ལམ་བཞུགས། སྐྱབས་སེམས་སྔོན་དུ་འགྲོ་བས། སྣང་སྲིད་ཐམས་ཅད་བཻ་ཌཱུརྻའི་རང་བཞིན། །འོད་སྣང་ལས་གྲུབ་ཞིང་ཁམས་བཀོད་པའི་དབུས། །པད་ཟླའི་གདན་ལ་ཨ་ཡིག་ཡོངས་གྱུར་ལས། །འགྲོ་བའི་དོན་མཛད་སངས་རྒྱས་སྨན་གྱི་བླ། །ས་གནོན་མཉམ་གཞན་བཻ་ཌཱརྻ་ཡི་མདངས། །རོ་དྲུག་ནུས་བ་བརྒྱད་ལྡན་རྣམ་རྒྱལ་འཛིན། །མ་རིག་རྒྱུ་ལས་རྣམ་པར་གྱུར་

(༣༢༧)པའི་ནད། །བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་སེལ་མཛད་ཅིང་། །རྣམ་པར་མ་གྱུར་བདེ་ལ་སྦྱོར་མཛད་པ། །ཁྱོད་ལ་སྐྱབས་མཆི་ཕྱག་འཚལ་མཆོད་པ་འབུལ། །ཉེས་པ་མི་འཆབ་དགེ་ལ་རྗེས་ཡི་རང་། །མ་རིག་མང་ལས་དབུགས་འབྱིན་ཆོས་འཁོར་བསྐོར། བསྐལ་པར་འཚོ་གཞེས་དགེ་བ་རྫོགས་བྱང་བསྔོ། །མགོན་པོ་ཁྱོད་ཀྱི་ཐུགས་དང་རོ་གཅིག་ཤོག །ཅེས་བརྗོད་ཅིང་སྙིང་གར་ཟླ་གདན་ཨ་ཡིག་གི་མཐར་བྷཻ་ཥ་ཛྱཻས་བསྐོར་བ་ལ་སེམས་གཏད་ནས་འོད་ཟེར་སྤྲོ་བསྡུས་འགྲོ་བའི་དུག་གསུམ་གྱི་ནད་ལས་གྲོལ་བར་བསམས་ལ་བཟླས་པ་ཅི་ནུས་མཐར་འཁོར་གསུམ་མི་དམིགས་པའི་དང་དུ་མཉམ་པར་འཇོག་ཅིང་གདེ་བ་བསྔོའོ། །ཞེས་པའང་མདོ་ཁམས་ཡིད་ལྷུང་བ་འཇིགས་མེད་རི་རྒྱལ་དོར་རྒྱལ་བའི་མྱུ་གུ་རང་བྱུང་རྡོ་རྗེས་སོ།། །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་སྒྲུབ་ཐབས་ཀུན་མཁྱེན་ལམ་སྲོལ་བཞུགས།། ན་མསྭ་ར་སྭ་སྟི། འདིར་ལྷ་མོ་དབྱངས་ཅན་མའི་རྒྱུན་བསྙེན་བྱ་བར་འདོད་པས། །སྔ་ཐུན་གྱི་ཆར་ཤ་ཆང་། སྒོག་ཙོང་སོགས་དྲིང་བའི་ཟས་སྤངས་ལ། །སྐྱབས་སེམས་སྔོན་དུ་འགྲོ་བས། །སྭ་བྷ་ལྦས་སྦྱངས། སྣོད་བཅུད་རྣམ་དག་བདེ་ཆེན་ཞིང་། འོང་སྣང་ལས་གྲུབ་རི་དབང་དང་། །ནགས་ཚལ་མན་ལྗོངས་ཉམས་དགའ་བ། །ལྷ་དང་དྲང་སྲོང་གྲུབ་པས་བརྟེན། །དབུས་ན་འོ་མའི་རྒྱ་མཚོའི་ནང་། །པཾ་ལས་དཀར་འདབ་སྟོང་སྟེང་། །ཨ་ལས་གདན་ཧྲཱི༚་མཚན་པའི། །ས་བོན་ཡོངས་གྱུར་དབྱངས་ཅན་མ། །བཅུ་དྲུག་ལང་ཚོ་སྟོན་མདོག་ །ཞི་འཛུམ་བལྟ་ན་སྡུག་པའི་ཞལ། །དབུ་སྒྲ་ལི་བ་ལྟག་པར་བཅིངས། །ལྷག་མཐུར་གྲོལ་རིན་ཆེན་བརྒྱན། །པད་དཀར་ཕྲེང་བས་ཐོད་བཅིངས་པའི། །དབུ་གཙུག་ཟླ་བ་ཕྱེད་པས་མཚན། །དར་དཀར་སྟོད་གཡོགས་སྨེད་དཀྲིས་ནི། །དབང་པོའི་མཚོན་ཆ་ལྟ་བུར་བཀྲ། །ནོར་བུའི་རྒྱན་ཕྲེང་གཡེར་ཁས་མཚན། །ཙོག་བུ་མ་ནོལ་བའི་འདུག་སྟངས་པང་། བཻ་ཌཱུརྱ་ཡི་ཏ་མྦུར་

(༣༢༨)འཛིན་ལས་ཆོས་ཀྱི་སྒྲ་དབྱངས་སྒྲོགས །ཟླ་བའི་རྒྱལ་ཡོལ་ལ་བརྟེན་པའི། །ཙིཏྟ་ཨུཏྤལ་གྱེན་བསྟན་ལྟའི། །དབུས་ན་ཟླ་སྟེང་ཨོཾ་དཀར་པོ། །དེ་ཡི་ནཱ་དཱི་བཞོན་པ་དང་། །ལྷན་ཅིག་འོད་ཟེར་དཀར་པོའི་ཕྲེང་། །སྣ་བུ་གཡས་ནས་ཐོན་གྱུར་ཏེ། །རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ། །རིག་པ་འཛིན་པའི་དགའ་ཚལ་ན། །སྒྲ་དབྱངས་ལྷ་མོ་བཞུགས་པ་ཡི། །ཤངས་བུག་གཡོན་ཞུགས་ཐུགས་ཀ་ནས། །ཡེ་ཤེས་སེམས་དཔའི་རང་བཞིན་ནི། །འཁོར་ལོའི་རྣམ་པ་ཤངས་གཡས་ཐོན། །སྤྱན་དྲངས་མདུན་གྱི་མཁར་བཞུགས་བསམ། །ཨོཾ་པྲི་ཏི་དེ་ལྦཱི་དཱི་བྱ་འུཥེྤ་ཧཱུྃ། དེ་བཞིན་དུ་སྦྱར་བས། །དྷཱུ་པེ། གནྡྷེ། ནཻ་ལྦེ་ཏེ། ཨཱ་ལོ་ཀེ། བི་ལེ་བཾ་ཧཾ་ཧཱུྃ། ཞེས་པས་མཆོད། ཨོཾ་བྲི་ཏི་དེ་ལྦཱི་མེ་ཧྲཱིཥིྚ་ཏིཥིྛ་ཧྲཱི ཞེས་ཤུབ་བུར་བརྗོད་ཅིང་སྣ་བུག་གཡོན་ནས་དབུགས་རྡུབ་པ་དང་ཆབ་ཅིག་ཏུ་འཁོར་ལོ་འོད་ཀྱི་རང་བཞིན་དུ་གྱུར་པ་སྙིང་ཁའི་ཨོཾ་དང་འདྲེས། ཨོཾ་ཡོངས་སུ་གྱུར་པ་སླར་ཡང་ཡེ་ཤེས་སེམས་དཔའི་ངོ་བོ་འཁོར་ལོ་པད་འདབ་བརྒྱད་པ་དཀར་ལ་འཚེ་རབ་གྱུར་པའི་ལྟེ་བར་ཟླ་གདན་ཏིང་འཛིན་སེམས་དཔའི་ཧྲི༚་དང་། འདབ་མ་བརྒྱད་ལ་བདུན་ནས་གཡས་བསྐོར་དུ་དབངས་ཡིག་གཉིས་གཉིས་གནས་པ་སྣང་གསལ་ལྟར་འབར་བའི་འོད་ཀྱིས་སྐུའི་དབྱིངས་ཐམས་ཅད་ཁྱབ། རྨོངས་པའི་མུན་པ་ཅིག་ཅར་དུ་བཅོམ། ཆགས་ཐོགས་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར། ཅེས་བརྗོད་ལ་བཟླས་དམིགས་ནི། ཏིང་འཛིན་སེམས་དཔའི་ཧྲི༚་ལས་མར་མེ་གཅིག་ལས་གཉིས་མཆེད་ལྟར་ཧྲི༚་ཡིག་ལུ་གུ་བརྒྱུད་དུ་འབྲེལ་བཞལ་ནས་ཐོན། དེའི་འོད་ཟེར་གྱི་སྣང་བས་རྒྱལ་བ་སྲས་དང་བཅས་པའི་སྤངས་རྟོགས་ཀྱི་ཡོན་ཏན་དང་མཁྱེན་བརྩེ་ནུས་གསུམ། །ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པ་མཆོག་རྣམས་ཀྱི་ཚེ་དང་བསོད་ནམས་མངའ་དབང་ལོངས་སྤྱོད་ཐམས་ཅད། ཉི་ཟླ་ལ་སོགས་པའི་བརྟན་གཡོའི་དྲྭངས་བཅུད་ཐམས་ཅད་བསྡུས་དེ་ཐུགས་སྲོག་ལ་ཐིམ། སྔགས་ཕྲེང་རྣམས་ཀྱན་ལྟེ་བ་ནས་

(༣༢༩)ཞུགས་འཁོར་ལོའི་དབུསཀྱི་ལྟེ་བའི་ཧྲི༚ཐིམ་པས་བློ་གྲོས་ཀྱི་སྣང་བ་སྲིད་ཞིའི་ཡོན་ཙན་ཐམས་ཅད་རྒྱས་པར་བསམས། སྔགས་ཕྲེང་དལ་བུས་འཁོར་བ་ལ་རིག་པ་གཏད་དེ། །ཡི་གེ་འབྲུ་གཅིག་པ་འབུམ་ཕྲག་གཅིག་དང་ཉི་ཁྲི་ལྔ་སྟོང་བཟླ་བ་གྲངས་ཀྱི་བསྟེན་ཚད་དང་། དེ་བཞི་འགྱུར་བཟླ་བ་ནི་དུས་བསྙེན་ནོ། །རྒྱུན་བསྙེན་བཟླས་པ་ཅི་ནུས་བྱ། མཐུན་མཚམས་སུ་མཆོད་བསྟོད་གཏོར་འབུལ་ནི། མཆོད་པ་རྣམས་འབྲུ་གསུམ་ལན་བསུན་གྱིས་བྱིན་གྱིས་བརླབས་ལ། ཨོཾ་སྭ་ར་སྭ་སྟི་ས་བ་རི་ལྦཱ་ར་རཱུ་པ། ཤཔྟ། གནྡྷེ། རཱ་ས། པ་རེ། དྷརྨདྷཱ་རྟུ་བྲ་ཏཱིཙྪ་ཨཱཧཱུྃ། བསྟོད་པ་ནི། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྐྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །ཁྱོད་ཞལ་མཛེས་བཟླ་བས་མི་མཚུངས་སྤྱན་གྱི་གེ་སར་འཛུམ་པའི་ཕྱིར། །མཆུ་སྒྲོས་དམར་བིམ་བས་ཅི་ཞིག་ཚེམས་ཀྱི་ག་བུར་བལྟ་ན་སྡུག་ །དེས་པ་དྲུག་ལྡན་ཧྲི༚གིང་རོ་མྦུར་དང་གཉིས་མེད་གསུང་། །ཟབ་ཞི་སྤྲོས་བྲལ་རྣམ་བ་ཀུན་གྱི་མཆོག་ལྡན་ཐུགས་ལ་རྟག་ཏུ་འདུད། །གཏོར་མ་འབྲུ་གསུམ་ལན་བདུན་གྱིས་བརླབས་ལ། །བདུད་རྩིའི་རང་བཞིན་དུ་གྱུར་བ་ཚོགས་ཞིང་གི་ལྗགས་རྡོ་རྗེའི་སྤུ་གུ་ཅན་གྱིས་བཞེས་པར་བསམས་ལ། ཨོཾ་སྭ་ར་སྭ་སྟིས་པ་རི་ལྦཱ་ར་བྷྱེ ཨི༚་དཾ་བྷ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱི་མཐར། མཆོད་སྦྱིན་གཏོར་མ་འིད་བཞེས་ལ་སོགས་བྱ། དེ་ནས་ནོར་འགྲིབ་པ་སྡང་བའི་ཕྱིར། །ནོར་རྒྱུན་ནམ་གཏོར་མ་གཅིག་བཤམས་ཏེ། གོང་ལྟང་བརླབས། ཨོཾ་བཱ་སུ་དྷ་ར་ས་མ་ཡ་ཛ༔ ཞེས་སྤྱན་དྲངས། ཨོཾ་བཱ་སུ་དྷ་ར་ས་པ་རི་ཨི་དཾ་བྷ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་ལ། །བདག་ནི་མཚོ་བྱུང་བསྒྲུབ་པ་ལ། །ནོར་སྟེར་ལྷ་མོ་མཆོག་ཁྱོད་ཀྱིས། །ཕྲག་པ་ཡངས་པར་མཛད་ནས་ཀྱང་། །ཟས་ནོར་འཕེལ་བའི་དངོས་གྲུབ་སྩོལ།

(༣༣༠)ཞེས་དང་། ཤེས་རབ་ཀྱི་གྲོགས་མཛད་པའི་ཕྱིར་འཇམ་དབྱངས་ལའང་། ཨོཾ་ལྦཱ་ཀྱཻ་དཾ་ནཱ་མ་ས་མ་ཡ་ཛས་སྤྱན་དྲངས། ཨོཾ་ལྦཱ་ཀྱཻ་དཾ་ས་པ་རི་ལྦཱ་ར་ཨི་དཾ་བྷ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་དེ་བཞིན་དུ་གེགས་བ་སྲུང་དུ་བ་དང་བློ་མཐུ་བསྐྱེད་པའི་ཕྱིར་མི་གཡོ་བ་ལ་དམིགས་ཏེ༑ ཨ་ཀཱ་རོ་མུ་ཁཾ་ལན་གསུམ་གྱིས་གཏོར་མ་ཕུལ་ལ། རྣོ་ལ་མྱུར་བའི་ཤེས་རབ་ཀྱང་། །སོ་སོ་ཡང་དག་རིག་པ་བཞིར། །སྤོབས་པའི་གཏེར་གྲོལ་ཐབས་ཀྱི་ལྷས། །ཡིད་ལ་འཁྱུད་པའི་དངོས་གྲུབ་སྩོལ། །འབྱུང་པོ་སྤྱི་ལ་དམིགས་ནས་ཨ་ཀཱ་རོ་ལན་གསུམ་གྱི་མཐར། རྣམ་དག་ཆོས་དབྱིངས་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱུང་། །ཐབས་ཆེན་ཟླ་གསར་ཐིག་ལེ་ལས། །ཡ་གམ་ཅན་རྣམས་འདུ་བར་མཛོད། །འདུ་རྫས་རྣམ་དག་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་བར་མཛོད། །མགྲོན་རྣམས་བ་ཛྲ་མུ་ས་གཤེགས། །དེ་ནས་ཐུན་བསྡུ་བ་ནི། སྣང་ཆ་རྟེན་དང་བརྟན་པར་བཅས། །འོད་ཞུ་ཐུགས་ཀའི་འཁོར་ལོར་བསྟིམ། །འཁོར་ལོ་དབྱངས་ཅན་ཐུགས་ཀར་གཤེགས། །ཐུགས་སྲོག་བདེ་བཤེགས་སྙིང་པོ་དང་། རོ་གཅིག་ཆོས་ཀྱི་དབྱིངས་སུ་ཨཱ ལས་སྦྱོར་དམིགས་གསལ་རྣམས་ནི་ཀུན་མཁྱེན་བསམ་ཡས་པའི་ཡིག་ཆ་ལས་ཤེས་པར་བྱའོ། །ཞེས་པའང་འགྲོང་རྩེ་སྲས་ཀྱི་ཞལ་འདོན་དུ་རིག་འཛིན་འཇིགས་མེད་གླིང་པས་གཟིམ་ཆུང་ལྷ་རྒྱལ་རྩེར་བཀོད་པའོ།

(༣༣༡)འཁོར་ལོས་མཚོན་པའི་གསུང་རྟེན་སྤྱི་ཁྱབ་ལ་རབ་གནས་བྱ་བའི་ཆོ་ག་ཕྱག་རྒྱ་བཞི་ལྡན་ཞེས་བྱ་བ་བཞུགས་སོ།

(༣༣༢) རབ་འབྱམས་ཞི་དང་ཁྲོ་བོ་ཡི། །དཀྱིལ་འཁོར་ཀུན་གྱི་འཁོར་ལོའི་མགོན། །སྣང་སྲིད་ཟིལ་གནོན་པདྨ་ ལ། །བཏུད་ནས་གསུང་རྟེན་ལྷག་གནས་བྲི། །དེ་ཡང་རྩོད་པ་ཐམས་ཅད་དང་བྲལ་ཞིང་དཔྱད་པ་གསུམ་གྱི་འཕྲུལ་རྒྱས་ལེགས་པར་བསྲུབས་པའི་མཆོག་གཏེར་ཤིན་ཏུ་གསང་བ་ཤོག་སེར་གྱི་དྲི་མ་ཐུལ་ལེ་བ་ཞིག་གི་རྒྱུད་ལས། །གསུང་རྟེན་གླེགས་བམ་རིགས་གྱུར་པ༔ ཀུན་ལ་རབ་གནས་འདི་ཉིད་གཅེས༔ གང་ལ་གང་དགོས་སྦྱར་ཤེས་བྱ༔ ཞེས་རྡོ་རྗེའི་ལུང་གིས་སྐབས་དབྱེ་བ་བཞིན་དོན་གཉེར་ཅན་གྱི་ཆེད་དུ་ལྷག་པའི་བསམ་པས་འཁོར་ལོ་དང་གླེགས་བམ་ལ་སོགས་ཏེ་གསུང་གི་རྟེན་ལ་གཏོགས་སོ་ཅོག་ལ་རབ་གནས་བགྱི་ཐབས་ཀྱི་ཕྲིན་ལས་སྤྱི་འདོམས་སུ་བཤད་པར་བྱ་སྟེ། དེ་ལ་དང་པོར་རབ་ཏུ་གནས་བྱའི་རྟེན་གང་དང་གང་གི་ལུགས་སུ་ཚུལ་ལྡན་དུ་བསྒྲུབ་པ་དེ་ལ་ཞི་དྲག་འཇམ་རྩུབ་སོགས་སོ་སོའི་སྒོས་གནད་ཀྱིས་ཕྱེ་བའི་རྫས་དང་དྲི་སྨན་སོགས་ཚུལ་བཞིན་དུ་བྱུག་ཅིང་སྤྲོ་ན་འཁོར་ལོ་སོགས་ལ་འབྱུང་ཁྲུས་བྱེད་པ་ཡང་འཐད། དེ་ནས་ཡི་དམ་གང་ལ་བརྟེན་པ་དེའི་དཀྱིལ་འཁོར་སྤྲོས་པ་རྒྱས་བསྡུས་དང་བསྟུན་པར་བཤམས་པའི་དབུས་སུ་ཞལ་རང་ལ་ཕྱོགས་བར་བཞག་ །སྲུང་བ་ལྟ་བུ་ཡིན་ན་བཀྲམ་ནས་བཞག་པའི་སྲུང་ཆིངས་ཀྱང་ཉེ་ལོགས་སུ་དགོད་ཅིང་། ཉེར་སྦྱོད

(༣༣༣""དང་སྨན་གཏོར་རཀྟ་སོགས་ཀྱང་བཤམ། དེ་ནས་འཁོར་ལོ་སོགས་ཀྱི་ཚེ་གང་ཡིན་དེ་གའི་ཡི་དམ་བདག་མདུན་ཟུང་འཇུག་ཨ་ཏིའི་རྣལ་འབྱོར་དུ་བསྐྱེད་པའི་མདུན་བསྐྱེད་འཁོར་ལོ་དག་ལ་དམིགས། །དྲག་པོའི་ང་རྒྱལ་ལ་གནས་པས་བགེགས་བསྐྲད་གུ་གུལ་བདུག །ལས་ག་ཞུང་མཐར་ཆགས་སུ་བྱས་རྗེས། །བཟླས་པའི་ཚེ་ལས་བཞི་གང་ཡིན་གྱི་འགྲོས་དང་བསྟུན་པའི་འོད་ཟེར་སྤྲོ་བ་སྡུ་བྱ་ཞིང་མདུན་བསྐྱེད་ལ་ཟི་བྱོན་བསྐྱེད། རྩ་སྔགས་གང་ཡིན་གྱི་ཤམ་བུར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བཏགས་པ་ཅི་ནུས་བཟླས་རྗེས་སྤྲོན་ཚོགས་མཆོད་བྱ། ལས་གང་ཡིན་འགྲུབ་པའི་ཕྲིན་ལས་འཆལ། །དེ་ནས་ཞལ་བསྒྱུར་བ་ནི། ལྷ་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཡིག་འབྲུའི་རྣམ་པར་གྱུར་པ་གསུང་མཆོག་སྣང་བ་མཐའ་ཡས་ངོ་བོར་གྱུར། ཅེས་བརྗོད་ཅིང་བསམ། ཧཱུཾ་སྣང་བ་མཐའ་ཡས་བཅོམ་ལྡན་འདས། དུས་གསུམ་སངས་རྒྱས་གསུང་གི་ལྷ། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དབྱིངས༔ ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས༔ བསྟན་པའི་གཙོ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཧཱུྃ༔ ཨོཾ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ ཨོཾ་ཨཱཧཱུྃ གསུམ་སྐུ་གསུང་ཐུགས༔ སྒྲ་གྲགས་རང་བྱུང་གསུང་གི་སྒྲ༔ཆོས་ཉིད་སྐྱེ་མེད་ཀློང་ནས་བྱུང་༔ཐུགས་རྗེའི་ཆོ་འཕྲུལ་བླ་ན་མེད༔ཨ་ཨཱཨི་ཨཱི་ཨུ་ཨཱུ་རྀ་རཱྀལྀ་ལཱྀ༔ཨེ་ཨཱཻ༔

(༣༣༤)ཨོ་ཨཽ༔ཨཾ་ཨཱ༔ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྙ་ན༔ ཊ་ཋ་ཌ་ཌྷ་ཎ༔ཏ་ཐ་ད་ན་དྷ་ན༔པ་ཕ་བ་བྷ་མ༔ཡ་ར་ལ་ལྦ༔ ཤ་ཥ་ས་ཧ་ཀྵ༔ ཨོཾ་ཨཱཧཱུྃ་ཧྲཱི༔དུས་གསུམ་སངས་རྒྱས་བྱིན་རླབས་ལས༔གླེགས་བམ་ཐམས་ཅད་ནི༔ ནམ་མཁའི་དབྱིངས་སུ་གསལ་བར་ཤར༔ཡེ་ཤེས་ལྔ་ཡི་འོད་མདངས་འཚེར༔ ཨོཾ་ཧཱུྃ་ཏཱཾ་ཧྲཱི་ཨམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཧྲཱི༔དུས་གསུམ་སངས་རྒྱས་སྐུ་ལྔའི་ཆོ་འཕྲུལ་ལས། བཅོམ་ལྡན་ཤཱཀྱ་ཐུབ་པའི་ཐུགས་རྗེ་དང་༔འཛམ་གླིང་སེམས་ཅན་རྣམསའཁོར་ལོའི་ཞེས་བསྒྱུར་ཆོག་ ཀྱི་དཔལ་འབྱོར་དང་༔ནམ་མཁའི་འོད་སྣང་འཁྲིགས་པའི་ཡེ་ཤེས་རྩལ༔འབྱུང་བ་རྣམ་པ་ལྔ་ཡི་ཆེ་རོལ་ལས༔རྒྱ་གར་ཡི་གེ་ཨ་ཀྴ་ལྔ་བཅུ་སྲེད༔ དེ་ལས་གཅེས་བསྡུས་བོད་ཡི་སུམ་ཅུ་སྟེ༔ བདེ་བཤེགས་སྐུ་སྤྲུལ་འཕྲུལ་གྱི་ཡི་གེ་རྣམས༔རང་བཞིན་ཡི་གེའི་འཁོར་ལོ་ཆེན་པོ་ནས། གཟུགས་བརྙན་གསལ་བའི་ཡི་གེ་དམ་པ་འདིར༔ སྤྱན་འདྲེན་མཆོད་པའི་སླད་དུ་གཤེགས་སུ་གསོལ། འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཀ་ཁ་ག་ང་བཞི་ནི་ནམ་མཁའི་ཁམས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་བོ་ཉིད༔ ཐུགས་རྗེ་མི་ཟད་སེམས་ཅན་ཀུན་ལ་ཁྱབ། འགྲོ་བའི་དོན་དུ་བརྟན་པར་བཞུགས་སོ་གསོལ༔ ཅ་ཆ་ཇ་ཉ་བཞི་ནི་ནམ་མཁའི་ཁམས༔ སོར་རྟོག་ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད༔ ཁམས་གསུམ་འདོད་ཆགས་གྲང་བའི་ནད་རྣམས་སེལ༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་གསོལ༔ ཏ་ཐ་ད་ན་བཞི་ནི་ས་ཡི་ཁམས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ངོ་བོ་ཉིད༔ བརྟན་བྱེད་སེམས་ཅན་ཀུན་གྱི་རྟེན་དུ་གྱུར༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ པ་ཕ་བ་མ་ལྦ་ལྔ་ཆུ་ཡིག་སྟེ༔ མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་ཉིད༔ བརླན་བྱེད་བདུད་རྩི་ཀུན་ལ་ཆར་ལྟར་འབབ༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཙ་ཚ་ཛ་གསུམ་མེ་ཡི་ཁམས་ལས་ཤར༔ བྱ་བ་གྲུབ་པའི་ཡེ་ཤེས་

(༣༣༥)ངོ་བོ་ཉིད༔ སྣང་གསལ་སྒྲོན་མེས་སེམས་ཅན་མ་རིག་སེལ༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཞ་ཟ་འ་ཡ་བདེ་གཤེགས་སྤྲུལ་པའི་སྲས༔ རང་བྱུང་ཀློང་གྱུར་ཡེ་ཤེས་ངོ་བོ་ཉིད༔ ཐུགས་རྗེས་སེམས་ཅན་ཀུན་ལ་ཁྱབ་པར་གཟིགས༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ར་ལ་ཤ་ས་ཧ་ལྔ་མེ་ཁམས་དང་༔ ས་ལ་ལ་སྤྲུལ་པའི་རང་བྱུང་ཡི་གེ་སྟེ༔ ཐབས་དང་ཤེས་རབ་ཡེ་ཤེས་མཆོག་གི་སྐུ༔ སྐྱེ་འགྲོ་སེམས་ཅན་ཀུན་གྱི་སྟོང་གྲོགས་བྱེད༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཨ་ནི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད༔ ཆོས་ཉིད་དོན་ལ་སྐྱེ་བ་མེད་པའི་སྐུ༔ རང་བྱུང་ཡེ་ཤེས་རང་ལས་སྣང་བར་བྱེད༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཧཱུྃ་གསུམ་སྐུ་གསུམ་འདུས་པའི་དོན༔ བྱིན་རླབས་ཀློང་ཡང་ས་རང་བཞིན་འོད་དུ་གསལ༔ ཁམས་གསུམ་སེམས་ཅན་སྐུ་གསུམ་དོན་ལ་སྦྱོར༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ དེ་ལས་སྤྲུལ་པའི་གུག་འགྲིང་ན་རོ་དང་༔ ཞབས་ཀྱུ་ཡ་བཏགས་ར་བཏགས་སྤྲུལ་པའི་སྐུ༔ གང་ལ་གང་འཚམས་སྟོན་པའི་ཐུགས་རྗེ་ཅན༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ མཐུག་པ་ལྔ་དང་ལོག་དྲུག་མཐར་ཟད་དང་༔ དབྱིངས་ཀྱི་ཡི་གེ་རྣག་རིག་བཅུ་དྲུག་དང་། ཕོ་ཡིག་ཐབས་དང་མོ་ཡིག་ཤེས་རབ་དང་༔ མ་ནིང་ཡི་གེ་དབྱིངས་དང་རིག་པ་སྟེ༔ སྤྲུལ་པའི་ཡི་གེ་རྣམས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཡི་གེའི་དངོས་པོ་ཐམས་ཅད་ནི༔ སངས་རྒྱས་སྤྲུལ་པའི་གསུང་ཡང་ཡིན༔ ཡི་གེ་བཀླགས་པས་སྒྲ་རྣམས་འབྱུང་༔ སངས་རྒྱས་སྤྲུལ་པའི་གསུང་རྣམས་ཐོས༔ ཡི་གེའི་དོན་རྣམས་བསྒོམས་པ་ཡིས༔ སངས་རྒྱས་སྤྲུལ་པའི་ཐུགས་སུ་གྲོལ༔ སྐུ་གསུང་ཐུགས་ལྡན་ཡེ་ཤེས་དབྱིངས༔ སྤྲུལ

(༣༣༦)པའི་ཡི་གེ་རྣམས་ལ་བསྟོད༔ འགྲོ་བའི་དོན་དུ་བརྟན་པར་བཞུགས༔ ཧྲཱི༔རང་བཞིན་ཡི་གེ་ཆེན་པོ་ནས༔ གཟུགས་བརྙན་ཡི་གེ་དམ་པ་འདིར༔ མྱ་ཁྱུད་འཁོར་ལོའི་ཆ་ལ་བརྟེན༔ གླེགས་བམ་འདི་ལ་བཞུགས་སུ་གསོལ༔ བདག་གཞན་དོན་གཉིས་འགྲུབ་གྱུར་ཅིག༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཧྲཱི༔ང་ནི་རང་བྱུང་དཔལ་ཆེན་པ༔ ཐུགས་རྗེས་འགྲོ་འདུལ་སྣང་མཐའ་ཡས༔ སྐུ་གསུང་ཐུགས་ལ་ཡི་གེ་གསུམ༔ ཡི་གེ་གསུམ་ལས་འོད་འཕྲོས་པས༔ ཡར་ལ་སངས་རྒྱས་ཐུགས་བརྒྱུད་བསྐུལ༔ མར་འཕྲོས་རིགས་དྲུག་སྡུག་སྒྲིབ་སྦྱངས༔ ཚུར་འདུས་ཡི་གེ་རྣམས་ལ་ཐིམ༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཞེས་བརྗོད༔ དེ་ནས་ཡི་གེ་རྣམས་ལ་སྐུ་གསུམ་གྱི་རབ་གནས་བྱ་བ་ནི་རྟེན་ཤཱཀྱ་ཐུབ་པར་བསྒོམས་ལ་མེ་ཏོག་འཐོར་བ་དང་མཉམ་དུ༔ ཡེ་དྷར་གྱི་ཤམ་བུར། དྷརྨ་ལྦཱ་ཀྐ་རཏྟ་ཧཱུྃ་ཧཱུྃ་གྷི་ཏི་སྭཱ་ཧཱ༔ ཞེས་བཏགས་པ་བརྒྱ་རྩ་འམ་ཉེར་གཅིག་གམ་བདུན་གྱིས་མཐའ་བརྟེན་བརྗོད། ཡང་ཡིག་འབྲུ་སྟོང་པ་ཉིད་དུ་བསྒོམས་ལ། ཡེདྷར་གྱི་ཤམ་བུར། དྷརྨ་ལྦཱ་ཀྐ་རཏྟ་ཧཱུྃ་ཧཱུྃ་སྭཱ་བྷཱ་ལྦ་ཏྲི་ཤུདྡྷེ་སརྦ་དྷརྨ་ཤུདྡྷོ་྅་ཧཾ༔ ཞེས་བརྗོད་སིང་སྔ་མ་ལྟར་བྱ། ཧྲཱིནམ་མཁའི་གནས་ནས་ཆོས་ཀྱི་སྒྲ༔ དཔག་མེད་ཚ་གྲང་ཡེ་ཤེས་སྒྲ༔ བསམ་གྱིས་མི་ཁྱབ་གསུང་རྣམས་ནི༔ གཟུགས་བརྙན་ཡི་གེ་འདི་ལ་ཐིམ༔ གསུང་གི་དངོས་པོ་བཀྲ་གསལ་ལེ༔ གསུང་གི་རྣག་སྒྲ་དིར་གྱིས་བྱུང་༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཞེས་བརྗོད་ཅིང་ཡི་གེ་རྣམས་རང་སྒྲ་དིར་དིར་སྒྲོག་པར་བསམས་ལ་རྟེན་སྙིང་ཤམ་བུར། དྷརྨ་ལྦཱ་ཀྐ་རཏྟ་ན་མ༔སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱསརྦ་ཏངྑ་ཨུཏྒ་ཏེ་སྥར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་བཏགས་པ་མང་ཉུང་ཆ་མཚུངས་སུ་བཟླ་ཞིང་མེ་ཏོག་འཐོར། །ཧྲཱི གཟུགས་སྣང་ཐམས་ཅད་ཡི་གེའི་གཟུགས༔

(༣༣༧)སྒྲ་གྲགས་ཐམས་ཅད་ཆོས་ཉིད་སྒྲ༔ གཟུགས་སྒྲ་སེམས་ཅན་ཀུན་གྱིས་ཐོས༔ ཐོས་པས་སེམས་ཅན་རང་རྒྱུད་གྲོལ༔ དྲན་རྟོག་ཐམས་ཅད་སྤྲོས་བྲལ་དང་༔ མཉན་ཉིད་བདེ་བ་ཆེན་པོར་གྲོལ༔ ཅེས་ཁྱད་པར་ཅན་གྱི་སྣང་གྲག་རིག་གསུམ་གྱི་རྣམ་རོལ་ཆེན་པོར་རྒྱས་བཏབ་ནས༔ རྟེན་སྙིང་ཤམ་བུར༔ དྷརྨ་ལྦཱ་ཀྐ་རཏྣ་ར་ཀྵ་ར་ཀྵ་ཧཱུཾ་ཧཱུྃ བཏགས་པ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ། དེ་ནས། ཧྲཱིསྲུང་བའི་འཁོར་ལོ་ཆེན་པོ་འདིའི༔ རང་བྱུང་རང་ཤར་ཡི་གེ་རྣམས༔ ནམ་མཁའི་དབྱིངས་ནས་རྟེན་ལ་བབས༔ གཟུགས་བརྙན་ཡི་གེ་ཐམས་ཅད་ཀུན༔ གྲགས་སྟོང་ཆོས་ཀྱི་ཕུང་པོར་གྱུར༔ སངས་རྒྱས་ཐམས་ཅད་ཡི་གེའི་གཟུགས༔ རང་བྱོན་རང་ཤར་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ གསུང་རྟེན་གླེགས་བམ་ཞེས་བསྒྱུར། ཞེས་བརྗོད་ཅིང་ལས་གཞུང་རྗེ་ཆོག་རྣམས་མཐར་ཆགས་སུ་བྱ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་པ་ལ་སོགས་པས་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱ་ཆེར་བརྗོད། སྲུང་བ་ལྟ་བུ་ཡིན་ན་ལྟེ་བ་ཆིང་བ་རྒྱག །བཟློག་འཁོར་ཡིན་ན་འདོད་གསོལ་དང་བཅས་གནོད་འཚེའི་ཕྱོགས་སུ་ཁ་སྟོན་ཞིང་འཇོག་ །དེ་ཡང་རིག་འཛིན་གསུགས་ཕུབ་དང་གླེགས་རལ་སོགས་ཁྱད་པར་བ་ཡིན་ན་སྨོན་ལམ་འདི་གདབ་པོ། ཨེ་མ་ཧོ༔ ཀུན་ཏུ་བཟང་པོ་ཀུན་བདག་ཉིད༔ ཁྱེད་ཀྱི་ཐུགས་རྗེའི་ཡེ་ཤེས་ལ༔ གསལ་འགིབ་ཉེ་རིང་ཕྱོགས་རིས་བྲལ༔འགྲོ་དྲུག་ཀུན་ལ་ཁྱབ་གྱུར་ཀྱང་༔ང་བདག་གིས་བསྒྲིབས་འཁོར་བར་འཁྱམས༔སྲིད་པ་ལས་ཀྱི་དྲ་བར་འཐུམས༔སྟོང་ཁམས་དྲེགས་པ་རླུ་ཏྲར་གོལ༔ སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས༔ དུག་གསུམ་རཱུ་ཏྲ་སྡེ་གསུམ་བཏུལ༔ གསང་སྔགས་ཐིག་ཆེན་སྒྲོན་མེ་སྦར། རྟེན་འབྲེལ་ཐུགས་རྗེའི་རོལ་པ་ལས༔ ཡེ་ཤེས་གཟུགས་ཀྱི་འཁོར་ལོ་ཤར༔ ཐབས་དང་ཤེས་རབ་གཉིས་མེད་ཀློང་༔ རབ་འབྱམས་མཐུ་སྟོབས་

(༣༣༨)བསམ་ལས་འདས༔ གསང་སྔགས་བདེན་པའི་བྱིན་རླབས་ཀྱིས༔ ཁྱོད་དང་དབྱེར་མེད་གཅིག་པར་ཤོག༔ སྐད་ཅིག་མཐོང་ཐོས་རེག་པས་ཀྱང་༔ ཐོག་མེད་དུས་ནས་ད་བར་གྱི༔ཉོན་མོངས་བསྒྲིབས་པར་གྱུར་པ་ཀུན༔ མཁའ་ལྟར་བྱང་ཞིང་དག་པ་དང་༔ སྲིད་པའི་མཚོ་ལས་སྒྲོལ་བར་ཤོག༔ སྦྱིན་སྟོབས་ཡོན་ཏན་འཕེལ་བ་དང་༔ ཚུལ་ཁྲིམས་ངེས་ལེགས་བཟང་པོར་ལྡན༔ བརྩོན་འགྲུས་བསམ་གཏན་ཏིང་འཛིན་གནས༔ ཤེས་རབ་ཕ་རོལ་ཕྱིན་རྟོགས་ཤོག༔ ཐབས་མཆོག་བདེ་བའི་རོ་མྱོང་ཞིང་༔ སྟོབས་བཟང་སྟོང་ཉིད་སྙིང་རྗེའི་རྩལ༔ སྨིན་ལམ་ཀུན་རིག་ཡོངས་རྫོགས་ནས༔ ཡེ་ཤེས་ཕ་རོལ་མཐར་ཕྱིན་ཤོག༔ གཞི་གནས་རང་བྱུང་ཡེ་ཤེས་དེ༔ སྒྲིབ་མེད་མངོན་གསུམ་མཐོང་རྩལ་རྫོགས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྟོབས༔སངས་རྒྱས་ཐུགས་རྗེ་ཡོངས་རྫོགས་ཤོག༔ བློ་བྲལ་ཆོས་ཟད་ཆེན་པོའི་དབྱིངས༔མཁའ་མཉམ་འགྲོ་བ་མ་ལུས་པ༔ རང་བྱུང་ཡེ་ཤེས་མངོན་གྱུར་ནས༔ ཀུན་བཟང་ཀློང་དུ་ཐིམ་པར་ཤོག༔ཅེས་བརྗོད་པར་བྱའོ༔ །སྨྲ་པ། གཟུགས་མེད་གཟུགས་སུ་ཤར་བའི་ཡི་གེའི་འཕྲུལ། །རྒྱལ་བསྟན་སྲོག་པ་རྩ་ཡི་རྟེན་མཆོག་ལ། །བྱིན་རླབས་ཡེ་ཤེས་དབབ་པའི་གནད་དོན་འགག་ །པདྨའི་ཞལ་ལུང་བཞིན་དུ་ཁྲིགས་སུ་བསྡེབས། །གསུང་རྟེན་པུ་སྟ་ཀཡི་དངོས་པོ་རྣམས། །གྲུབ་ཙམ་ཉིད་ནས་མཆོད་འོས་ཡིན་ཞིང་། །རབ་གནས་རྩིས་ལ་གདབ་པའི་ཐ་ཚིག་ཆེ། །ཐེག་པ་འོག་མའི་གཞུང་ནས་མ་གསུངས་མོད། །གསང་སྔགས་ཐབས་ཀྱིས་ཆེ་བའི་གནད་དོན་ལ། །ཡེ་ཤེས་དགུག་ཞུག་ལྷག་གནས་གཙོ་ཆེ་ཡང་། །ཙཀྲའི་གཟུགས་བརྙན་ཙམ་ལ་ཚོན་སྣ་ལྔའི། །སྲང་བུ་རིན་ཐང་ཆན་གྱིས་དཀྲིགས་པ་མང་། །དེ་ཕྱིར་ཤེས་ལྡན་དག་ལ་ཕན་པའི་སླད། །གཞན་ལེགས་བསླད་དུ་དོགས་ནས

(༣༣༩)འདིར་མ་བཙུད། །འདིར་བཤད་མངས་ཀྱིས་དོགས་ནས་མ་ཕྲི་བར། །རྡོ་རྗེའི་རྩ་ཚིག་བཞིན་དུ་གསལ་བར་བྱས། །ཞེས་པ་འདི་ཡང་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་རབ་གནས་ཡེ་ཤེས་རྒྱ་མཚོའི་ཆ་ལག་ཏུ་འདུའོ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨི་ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཥ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ལྦ། ཤ་ཥ་ས་ཧ་ཀྵ། ཨོཾ་ཡེ་དྷ་རྨ་ཧེ་ཏུ་པྲ་བྷཱ་ལྦ་ཧེ་ཏུནེྟ་ཥཱནྟ་ཐཱ་ཏ་ཏྭ་ཧྱ་ལྦ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ལྦཾ་བཱ་དཱི་མ་ཧཱ་ཤྲ་མ་ན་ཡེ་སྭཱ་ཧཱ། །སྔ་འགྱུར་བསྟན་པ་རྒྱ་མཚོའི་འཁོར་ལོ་ས་སྒྱུར། །འགྲོ་ལ་ཐེག་མཆོག་སྒྲ་སྒྲོག་རྫོགས་ཆེན་པ། །དོན་ཀུན་གྲུབ་པ་འཇིགས་མེད་གླིང་པ་ཡི། །བསྟན་པ་འཕེལ་རྒྱས་ཡུན་རིང་གནས་གྱུར་ཅིག །སརྦ་མངྒ་ལཾ་

(༣༤༠)

(༣༤༡)པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པར་བགྲོལ་གྱི་དབང་གི་ཆོག་གནད་རྣམ་པར་ཕྱེ་བ་མཁྱེན་བརྩེའི་དགོངས་རྒྱན་ཅེས་བྱ་བ་བཞུགས།

(༣༤༢)ན་མ་ཤྲཱི་བཛྲ་ཀྲོ་ཏ་ཡ། གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་གྱི། །སྣང་དང་སྟོང་པའི་རང་གཟུགས་རྡོ་རྗེའི་དངོས། །སྐུ་ལྔ་ཡེ་ཤེས་རྒྱ་མཚོའོ་རྣམ་རོལ་ཅན། །རང་བྱུང་པདྨ་ཡབ་ཡུམ་སྤྱི་བོས་མཆོད། །སྲིད་ཞི་མཉམ་པར་བརྡལ་བའི་དབྱིངས་ཆེན་པོར། །རྨད་བྱུང་ཞིང་ཁམས་བཀོད་བའི་ཕྲིན་ལས་ལས་ཅན། །རྣམ་སྣང་གང་ཆེན་མཚོ་ཡིས་སྤྲུལ་བའི་གར། །འཇིག་རྟེན་མིག་གཅིག་བཻ་རོ་བསམས་བཞིན་དྲན། །ཁྱོད་ཐུགས་རྫོགས་པ་ཆེན་པོའི་མུ་ཁྱུད་ནི། །གངས་ཅན་མུན་བའི་གླིང་དུ་ཡོངས་བསྐོར་ཡང་། །ཟབ་རྒྱའི་གསང་མཛོད་རྫོགས་པའི་འོད་དཀར་ཅན། །པྲཛྙཱར་སྨི་དང་བརྒྱའི་གཙུག་ན་མཛེས། །མགོན་དེའི་སྨོན་ལམ་ལས་འཕྲོ་གསར་པའི་གཟིས། །རྨད་བྱུང་གཏེར་གནས་དྲུག་གི་ཀུནྡའི་ཞལ། །ཕྱེ་སྟེ་པདྨའི་ཐུགས་བཅུད་གླངས་པའི་གཏམ། །སྲིད་པ་སུམ་ཅུ་རྩ་གཅིག་ཀུན་ན་སྙན། །དེ་ཕྱིར་བླ་མ་རིག་འཛིན་རྣམ་བརྒྱད་དང་། །བདེ་གཤེགས་སྒྲུབ་ཆེན་བཀའ་བརྒྱད་འདུས་པའི། །དབང་སྒྲུབ་ཡོངས་འདུའི་ཕྲིན་ལས་མཁྱེན་དང་བརྩེའི། །གསང་མཛོད་ཐུགས་ཀྱི་དགོངས་རྒྱན་འདིར་དབྱེའོ༑ །ཞེས་མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅས་ནས། །གླེང་བར་བྱ་བ་ནི་གསང་བ་ཡོངས་རྫོགས་འདུས་བའི་རྒྱུད་ནས། རྒྱུད་དོན་དབང་བསྐུར་རིམ་པ་ལ། །ལྔ་སྟེ་ངོ་བོར་སེ་ཚིག་དང་། །དབྱེ་བ་སྐུར་ཐབས་དགོས་ཆེད་དོ། །ཞེས་ངོ་བོ་རང་རིག་ཡེ་ཤེས། དེས་

(༣༤༣)ཚིག་ཆོས་ཉིད་རྩལ་དབང་། དབྱེ་བ་ཐུན་མོང་ཁྱད་པར། སྐུར་ཐབས་བྱ་བའི་རིམ་པ། དགོས་ཆེད་དྲི་མ་འཁྲུད་པ་སྟེ། དེ་དག་གི་རང་བཞིན་རྒྱས་པར་དགྱེ་བ་ལས། འདིར་ལག་ལེན་ལ་བསྟར་བའི་རིམ་པ་བྱེ་བྲག་པའི་ལུགས་སུ་བཤད་པར་བྱ་བ་ནི། དེ་ཡང་སྤྱིར་སྤངས་རྟོགས་ཀྱི་ཡོན་ཏན་དན་ལྡན་ཞིང་དགོངས་སྤྱོད་ཚད་དུ་ཕྱིན་པའི་རྡོ་རྗེ་སློབ་དཔོན་དག་ལ་སྣང་ཆའི་རྟེན་འབྲེལ་ངན་པས་བརྫི་བར་མི་ནུས་ཤིང་། ཐུགས་རྗེའི་ནུས་གཟུགས་གཞན་རྒྱུད་ལ་གཞུག་བའི་ཕྲིན་ལས་ལ་བྲི་གང་མི་མངའ་ཡང་། དེ་ལྟ་བུའི་བརྟུལ་ཞུགས་ཆེན་པོའི་གོ་འཕང་མ་བརྙེས་པ་དང་། རྟོག་པ་ཅན་གྱི་གང་ཟག་རྣམས་ལ་ཕྱི་ནང་གི་རྟེན་འབྲེལ་གནད་གཅིག་པའི་ནུས་པ་མངོན་དུ་བདོ་བའི་ཕྱིར། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བའི་ཕྱིར་དུས་གནས་ཀྱི་མཚན་ཉིད་བསྟན་པ་དང་། །བྱེ་བྲག་ཏུ་བླ་སློབ་ཀྱི་འབྲེལ་པ་བརྟག་པ་ཉིད་གཅེས་ཏེ། ཁྲུས་ལུང་དབང་གི་ཕྲེང་བ་ལས། དབྱར་མ་སྟོན་དང་དགུན་ཆུང་དུས། །སོ་ཀའི་དུས་དང་སྟོན་སེར་དུས། །ཕྱི་ཡི་འབྱུང་བསྙོམས་པའི་དུས། །ལུས་ལ་ནད་མེད་དྭངས་པའི་དུས། །སེམས་ལ་བདེ་སྡུག་མེད་པའི་དུས། །མུ་གེའི་འཁྲུག་རྩོད་མེད་པའི་དུས། །སློབ་དཔོན་ཡིད་སྣང་སྤྲོ་བའི་དུས། །དབང་ཁྲིད་བསྐུར་བའི་དུས་ཡིན་ནོ། །ཞེས་གསུངས་ལ། སྤང་བྱ་ནི་ཕྱི་ནང་གི་འཚོ་བ་དང་བཅས་ཤིང་། འབྱུང་བ་འཁྲུགས་པའི་དུས་ཏེ་སྔ་མ་ལས། དགུན་ནི་བསིལ་ཞིང་གྲང་བའི་དུས། །དབྱར་ནི་རླན་ཞིང་

(༣༤༤)རྨུགས་པའི་དུས། །ཕྱི་ཡི་འབྱུང་བ་མི་སྙོམས་དུས། །ནང་གི་འབྱུང་བ་འཁྲུགས་པའི་དུས། །མུ་གེ་འཁྲུག་རྩོད་དར་བའི་དུས། །སེམས་ལ་འགྲོ་འོང་བྱེད་པ་སྟེ། །དུས་མིན་དེ་དག་སྤང་བར་བྱ། །ཞེས་གསུངས་པ་ནི་སྤྱིར་བཏང་གི་བླང་དོར་ཏེ། །བྱེ་བྲག་ཏུ་དབང་བཞི་རང་རང་ལ་དམིགས་ཀྱི་བསལ་བ་སོགས་བའི་དུས་གནད་ནི་རྫོགས་པ་ཆེན་པོའི་རྒྱུད་ལ་ཇི་སྐད་བཤད་པ་བཞིན་ཁོ་བོའི་མན་ངག་ལུང་གི་གཏོར་མཛོད་དུ་དྲངས་པ་ལས་ཀྱང་ཤེས་པར་བྱ་ཞིང་། དེ་དག་ཀུན་ལ་དཀར་ནག་གི་རྩིས་གཞུང་ལས་བཤད་པའི་གཟའ་སྐར་འཕྲོད་སྦྱོར་བྱེད་པ་ལ་སོགས་ཏེ་ཡན་ལག་ལྔའི་རང་བཞིན་གྱི་བླང་དོར་མ་ལྡེག་པའི་དུས་སྦྱོར་བཟང་པོ་ལ་བརྩམ་པར་བྱ་བ་ནི་གཅེས་ལ། དེའང་གནས་ཀྱི་མཚན་ཉིད་ནི་ཉང་གཏེར་ཡེ་ཤེས་རང་བྱུང་གི་རྒྱུད་ཕྱི་མ་ལས། དང་པོ་ཡིད་འོང་བཀྲ་ཤིས་གནས༔ ཤར་དམའི་ཉི་ཤར་མདངས་འཕྲོག་ལ༔ ནུབ་དམར་ཉི་ནུབ་ཟེར་སྡུད་པ༔ ལྷོ་གཞོལ་རྩི་ཤིང་ནགས་ཚལ་རྒྱས༔ བྱང་རྒྱབ་རི་བོའི་མདུན་དུ་ལྟ༔ རང་རི་རིན་ཆེན་འབར་བ་འདྲ༔ དཀར་ལ་མདངས་ཆགས་བདག་དྲོ་བ༔ མདུན་ན་མཚོ་དང་མེ་ཏོག་ཡོད༔ བཀྲ་ཤིས་ཉམས་དགའི་ས་བཙལ་ལ༔ དེ་ལྟ་བུ་དང་མ་འཛོམ་ན༔ ཡིད་འོང་དབེན་པ་ཉམས་དགའ་བར༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པ་དང་༔ དགྲ་འདྲེས་དབང་དུ་མ་བྱས་པ༔ དེ་ལྟ་བུ་ཡི་གནས་སོང་ལ༔ ཞེས་རྫོགས་པ་རང་བྱུང་གི་རྒྱུད་དང་མཐུན་པར་གསུངས་པ་བྱང་ཆུབ་སྒྲུབ་པའི་ལས་སྤྱིའི་གནས་ཀྱི་མཚན་ཉིད་དང་། བྱེ་བྲག་ཏུ་རང་གཏེར་རྩ་བ་རྡོ་རྗེའི་མཁར་རྫོང་ལས། དབང་གི་གནས་ནི་གྲོག་སླེ་དང་༔ ཤིན་ཏུ་ས་ཕྱོགས་དམར་བ་དང་༔བུད་མེད་དུ་བའི་གནས་སུ་ཤིས༔ ཞེས་གསུངས་ལ། སྤང་བྱ་ནི་དེ་ཉིད་ལས། ཀླུ་ཡི་མིག་དང་འབྱུང་པོའི་སྲང་༔ ས་བདག་དྲེགས་པ་མ་རུངས་བ༔ ས་སྒེ་ཆུ་ཚན་ཕྱོགས་གཤིས་ལོག༔ དེ་དག་སྤང་བར་བྱ་བ་ཉིད༔ ཅེས་སོ། །དེའང་དཀྱིལ་འཁོར་གྱི་གཞི་བཟུང་བའི་བདག་པོའི་རྐྱེན་

(༣༤༥)རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་གཞི་རྟེན་དུ་བྱས་པའི་ཤེས་རབ་གསུམ་གྱིན་ཕྲིན་ལས་ཚད་མེད་ཅིང་། སྙིང་རྗེ་ཆེན་པོའི་དགངས་སྤྱད་ཀྱི་འགྲོ་བའི་ཁ་ལོ་གྱེན་ལ་བསྒྱུར་བའི་ནུས་པ་ཅན་དེ་ནི་སྤྱིར་འགྲོ་བ་འདྲེན་པའི་དེད་དཔོན་ཡིན་ལ། ཁྱད་པར་གསང་སྔགས་འཆད་པའི་སློབ་དཔོན་གྱི་མཚན་ཉིད་ནི། ཤིང་རྟ་ཆེན་པོ་ཀློང་ཆེན་པས་རྒྱུད་སྡེའི་དགོངས་པ་བསྡུས་པར། ཁྱད་པར་གསང་སྔགས་བླ་མའི་མཚན་ཉིད་ནི། །དབང་དང་སྡོམ་པ་དམ་ཚིག་གཙང་ལྡན་ཞིང་། །རྒྱུད་དོན་མན་ངག་རྒྱ་མཚོའི་ཕ་རོལ་ཕྱིན། །བསྙེན་སྒྲུབ་ལས་སྦྱོར་ཕྲིན་ལས་མངའ་བརྙེས་ཤིང་། །ལྟ་སྒོམ་སྤྱོད་འབྲས་ཉམས་རྟོགས་དྲོད་ཆད་ཐོབ། །བརྩེ་ཆེན་ཐབས་ཁས་གདུལ་བྱ་སྨིན་གྲོལ་འགོད། །བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་མ་ཡལ་བ། །དེ་འདྲཱི་མཁས་གྲུབ་དཔལ་ལྡན་བླ་མར་བསྟེན། །ཞེས་གསུང་པ་ལྟར་ཡིན་ལ། དེ་ལས་ལོག་པའི་བཤེས་གཉེན་སྤང་བྱ་ནི། ཇི་སྐད་དུ། བཅུད་དི་མ་ལྡན་སློབ་དཔོན་ནི། རང་གིས་མི་ཤེས་གཞན་ལ་སློབ། །རང་རྒྱུད་མ་སྨིན་གཞམ་སྨིན་འདོད། །རྒྱུད་ལུང་མན་ངག་དོན་མ་རིག །བླུན་པོའི་ངག་ཚིག་ཁེངས་ཚིག་ལྡན། །གསང་སྔགས་བོན་གྱེར་ཟབ་ཆོས་འཚོད། །རྒྱབ་བརྟེན་ཆོས་བྱས་ལས་སྡིག་གསོག །ཐོས་ཆུང་དྲིས་ལ་ལན་མི་ཐེབས། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཐབས་ཀྱིས་མི་བརྟེན་སྤང་བར་བྱ། །ཞེས་སོ། །དེ་བཞིན་དུ་སློབ་མའི་མཚན་ཉིད་ཀྱང་བརྟེན་བྱར་འོས་པ་ནི་ཇི་སྐད་དུ། སྟོན་བ་མཆོག་བརྩོན་རྟོག་པ་བསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་དང་། སྒྲུབ་དང་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་ཤིང་། །དུས་གསུམ་བླ་མ་མཆོད་བྱེད་པ། །ཡོན་ཏན་དང་ལྡན་སློབ་མ་ཡིན། །ཞེས་དང་། སྤང་བྱ་

(༣༤༦)ནི་དབང་གི་ཕྲེང་བར། སྣོད་དང་མི་ལྡན་མཚན་ཉིད་ནི། །ཤེས་ཆུང་ཁ་གསགས་གདོང་ལྟས་ཆེ། །བླ་མའི་བཀའ་གཅོ་གཡོ་ཁྲམ་བྱེད། །ཟས་ངོ་ལས་ངོ་དྲིན་ལན་འདེབས། །ལོག་ལྟ་སྐུར་འདེབས་འདོད་བློ་བྲན། །མཐར་ཐུགས་ཆོས་ལ་ཉམས་ལེན་འཆལ། །ཚོགས་འཁོར་སྦྱང་ཀི་དཀོར་ལ་འབྱོམས། །མི་རིགས་ངན་ལ་དང་རྒྱུད་ཐུང་། །རྐུ་ཞིང་རྫུན་སྨྲ་རང་ལ་བསྟོད། །ཆོས་བྱེད་གྲུབ་པ་འཆལ་བར་གཏོང་། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །རྫ་ཤིང་རུལ་བ་ལྟ་བུ་སྟེ། །དེ་འདྲའི་སློབ་མ་བསྟེན་མི་བྱ། །དེ་ལྟར་སྤང་བླང་གི་ཆོས་ཉིད་མ་འཇོལ་བའི་དཔོན་སློབ་ཀྱི་འགྲེལ་པ་གྲུབ་ནས་སློབ་མས་བཙན་ཐབས་སུ་གདམས་པ་མི་ཞུ་བར་ལོ་ཟླ་མང་པོའི་སྔ་རོལ་ནས་སྙན་གསན་དབབ། དེའི་ཚེ་བླ་མས་ཀྱང་རྒྱུ་དབང་སྔོན་སོང་གི་བསྙེན་པ་ལ་འཇུག་ཅིང་སློབ་མ་ལ་རྒྱུད་སྦྱོང་བའི་མན་ངག་བྱིན་ནས་ཐུགས་རྗེས་བྲེང་ངེ་ཟིགས་ཤིང་། །སློབ་མས་ཀྱང་བས་ག་སྦྱང་དང་བླ་མའི་རྣལ་འབྱོར་སོགས་ལ་འབད་པས་རྒྱུད་ལས་སུ་རུང་ཞིང་རྟེན་འབྲེལ་གྱི་སྒོ་དང་པོ་ནས་འགྲིགས་པ་སྟེ། དེ་སྐད་དུ་རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཙང་། །བརྩེ་དུང་རྒྱུན་མ་ཆད་པ་ཡིན། །སློབ་དཔོན་སློབ་མའི་འབྲེལ་བའོ། །ཞེས་སོ། །དེ་བཞིན་དུ་སྒྲུབ་པ་ལ་མཁོ་བའི་ཡོ་བྱད་རྣམས་ཀྱང་མ་ཚང་བར་མེད་པ་ཉེར་བསྡོགས་བྱ་བ་ནི། གནས་དུས་སྟོན་འཁོར་ཡོ་བྱད་དེ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་ཟུང་བའི་བཞིན་ཏེ། བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། །སྟོན་པ་གནས་དང་འཁོར་དང་དུས༔ ཡོ་བྱད་ལ་སོགས་གཞིར་ལྡན་ནས༔ ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སྒྲུབ་པའི་སྔོན་འགྲོ་ལ་སོགས་པས་ཁོག་ཇི་ལྟར་དབུབ་པ་ནི། གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། མདོར་ན་དབང་གི་སྔོན་འགྲོ་རྗེས། །སྒྲུབ་ཆེན་བསྙེན་སྒྲུབ་ཁོག་ཕུབ་ལ། །ལས་ལ་དབང་གི་སྦྱོར་བ་སྟེ། །ཞེས་བཤད་བས་འདི་ལ་སྤྱི་དོན་རྣམ་པ་གསུམ། །སྔོན་འགྲོ། དངོས་གཞི། རྗེས་སོ། དང་པོ་ལ་གསུམ་

(༣༤༧)ས་ཆོག་ །སྟ་གོན་དཀྱིལ་འཁོར་གྱི་བྱ་བའོ། །དང་པོ་སའི་ཆོ་ག་ལ་ནང་གསེས་དབྱེན། ས་བརྟག་པ། སླང་བ། སྦྱང་བ། གཟུང་བ། བསྲུང་བ་སྟེ་ལྔ་ལས། དང་པོ་ནི། མཚན་ཉིད་བརྟག་པ་ནི་སྔོན་དུ་བཤད་ཟིན་ལ་བྲ་བརྟག་པ་ནི། བམ་རྒྱད་ཀྱི་འགྲེལ་བར། ལྟོ་འཕྱེ་གནས་པའི་མཚན་ཉིད་ནི། སྟོན་ཟླ་གསུམ་གྱི་ཟླ་བ་ལ། ཉི་མ་འགྲོ་བའི་རིམ་པ་བཞིན། །མགོན་ཤར་ཁ་ལྷོ་གཡོན་གྱིས་ཉལ། །དགུན་ཟླ་གསུམ་གྱི་ཟླ་བ་ལ། །ནུབ་ཏུ་ཁ་བལྟས་མགོན་བོ་ལྷོ། །དཔྱིད་ཟླ་གསུམ་གྱི་ཟླ་བ་ལ། །བྱང་དུ་ཁ་བལྟས་ནུབ་ཏུ་མགོ། དབྱར་ཟླ་གསུམ་གྱི་ཟླ་ལ། ཤར་དུ་ཁ་སའི་ཆ་ཆེ་ཆུང་གང་དུའང་ལྟོ་འཕྱེ་གཅིག་གིས་དེ་ལྟར་ཁྱབ་བར་འདོད་པ་ལ་ལུང་རིག་དུ་མའི་གནོད་བ་འཇུག་ལ་གང་དུ་ལས་བྱ་བའི་གཞི་དེར་དགེ་མི་དགེའི་མཚན་ཉིད་མ་རྟོག་པའི་ཆོས་ཉིད་མ་རྟོག་པའི་ཆོས་ཉིད་ཡིན་པ་ཤེས་དགོས་སོ། །བལྟས་བྱང་དུ་མགོ། ས་བདག་ལྟོ་འཕྱེ་དེ་ལྟར་གནས། །སྐྱེས་བུ་ཆེན་པོས་ལྟོ་འཕྱེ་བརྐོ། །ཞེས་པ་ལྟར་ལས་ཚེས་ཞག་གསུམ་བརྒྱ་དྲུག་ཅུའི་རེའུ་མིག་ལ་ལོངས་སྤྱོད་པའི་ཐིམ་མ་ནོར་བར་གང་བ་ཅིང་ལྟོ་བའི་ཐད་ནས་བརྐོས་པའི་རོ་ལྔ་བྱུང་ན་ངན་བས་བསལ་བ་སྟེ། རོ་ལྔ་ནི། གྱོ་མོ་དང་། རུས་པ་དང་། གྲ་མ་པ་དང་། ཟུག་རྡོ་དང་། སོལ་བ་སྟེ། དེ་ལྔ་བསལ་རྗེས་སའི་ཕུད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ལ། སྔར་བརྐོས་མ་ཐག་པའི་ས་དེ་ཉིད་ཀྱིས་བཀང་ལག་ལེན་ཞིབ་པ་རྗེ་ཆོས་ཀྱི་གྲགས་པས་མཛད་པའི་ལྟོ་འཕྱེའི་ཆོ་ག་བཞིན་བྱ་བ་ཡིན་ནོ། །བས་ཕྱུར་བུར་བྱུང་ན་བཟང་། །མཉམ་ན་འབྲིང་། དམའ་ན་ངན། །གལ་ཏེ་རྐོ་བའི་ཚེ་རིན་པོ་ཆེའི་རིགས་དང་དུང་ལ་སོགས་པ་ཐོན་ན་མཆོག་ཏུ་དགེ་བའི་མཚན་མ་སྟེ་དེ་ཉིད་དུ་གཞུག་བར་བྱ་ཞིང་། རོ་ལྔ་བྱུང་ན་ངན་པའོ། །སླར་ཡངས་དེ་ཉིད་ཕྱིར་ཕྱུང་བ་མཐའ་སས་བཅགས་ཏེ་ནང་བ་བྱུང་ལྔས་བརླན། དེའི་ནང་དུ་ཆུ་བླུགས་པ་ལམ་ཏོག་བཅུག་ །ཡི་གེ་བརྒྱ་པ་བཟླ་བཞིན་དུ་གོམ་པ་ལྔ་བཅུའི་བར་འགྲོ་བའམ། ཡང་ན་ཤར་ཕྱོགས་སུ་གོམ་པ་བདུན་ཕྱིན་ལ་ཕྱིར་ལྡེག་ནས་བརྟགས་བས་སྔར་ལས

(༣༤༨)མ་བྲི་ཞིང་མེ་ཏོག་གཡས་སུ་འཁྱིལ་ན་བཟང་། བྲི་བ་དང་མེ་ཏོག་གཡོན་དུ་འཁོར་ནང་དུ་ནོ། །དེ་ལྟར་བརྟགས་པས་ལྟས་མ་རུངས་པར་མཐོང་ན་གཞན་དུ་སྤོ་བའམ་།ཡང་ན་ཞི་དྲག་གི་སྦྱིན་སྲེག་བྱ་སྟེ། ཧེ་རུ་ཀ་འདུས་པ་ལས། ས་ཡི་སྐྱོན་རྣམས་བསལ་བྱ་སྟེ། །ངན་ནམ་བར་ཆད་བྱུང་བ་ནི། །སྤང་དམ་ཡང་ན་སྦྱིན་བསྲེག་བྱ། །ཞེས་སོ། །སྩལ་བ་དང་དགེ་བར་རིག་ན་མཚན་ཉིད་དང་ལྡན་པའི་བུམ་པའི་གཏེར་གཞུག་པས་བཀྲ་ཤིས་པར་འགྱུར་ཏེ། རྔམ་གློག་ལས། གནས་དེ་བསོད་ནམས་གཏེར་ལྡན་ཕྱིར། །རིན་ཆེན་ལྔ་དང་སྨན་ལྔ་དང་། །སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ། །ག་འུའི་ནང་དུ་བླུགས་ནས་ནི། །ས་གཞི་གཏེར་དང་ལྡན་པར་བྱ། །ཞེས་སོ། །དེ་ལྟར་ལྟོ་འཕྱེ་བརྟག་པའི་རིམ་པ་གཙུག་ལག་ཁང་དང་སྒྲུབ་ཁང་ལ་སོགས་པའི་གཞི་འདིང་པའི་ཚེ་ནས་བྱ་བའི་ལས་ཡིན་ཕྱིར་སྐབས་འདིར་སྔོན་དུ་སོང་བ་གཞིར་བཞག་ནས་ཕྱག་ལེན་ལ་མི་འདེབས་ཀྱང་ས་བཅད་དུ་སྨོས་པ་སྟེ། གཞན་དུ་འོག་ཏུ་ས་སྦྱོང་བའི་ཚེ་ལས་དང་བྱ་བས་སྦྱང་པའི་རྣམ་གྲངས་སུ་འཆད་པའང་ཡོད་དོ། །གཉིས་པས་བླང་བ་ལ་གཉིས་ལས། དང་པོ་སྣང་ལ་བླང་བ་ནི། གཞི་དེ་གཟུགས་ཅན་གྱིསས་་བདག་གིར་བྱས་ན་ཚིག་གིས་རངས་པར་བྱས་ལ་རིན་གྱིས་བརྔན་ཞིང་རྩོད་པ་མེད་པར་བླང་དོ། །གཉིས་པ་མི་སྣང་བ་ལ་བླང་བ་ནི། གཞི་དེར་གཉུག་མར་གནས་པ་དང་། །སའི་ལྷ་མོ་སོ་སོར་གསེར་སྐྱེམས་སྔོན་གཏོར་དང་བཅས་པ་དྲིའི་ཐིག་ལེས་བསྐུས་པའི་མཎྚལ་ལ་བཀོད་ནས། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ཨ་ཀཱ་རོས་བརླབ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཕུལ་ལ། ཧཱུཾ་ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༔གངས་རི་གཡའ་རྩ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུས་བདག་གནས་འདིར་སྤྱན་འདྲེན་གྱིས༔ འཛམ་བུའི་གླིང་བཞི་གྲུབ་པའི་ས་བླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་བའི་གཏོར་མ་འདི་བཞེས་ལ༔རིན་

(༣༤༩) ཆེན་གཏེར་གྱིས་འདི་སྩལ་དུ་གསོལ༔ སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་པ་དང་བདུད་སྡེ་བཞི་བཏུལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡངས་གཞི་རིན་པོ་ཆེའི་སྟེང་དུ་མཛད་པ་ལ་གས་པས༔ དེ་དང་རྗེས་སུ་མཐུན་པར་བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་༔ ཚོགས་ཆེན་པོ་གཉིས་རྫོགས་པའི་བགྱི་བའི་སླད་དུ་གནས་འདིར་མི་གནས་དཔལ་ཆེན་པོ་རྒྱལ་བ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རིག་འཛིན་དང་བཅས་པའི་ཕོ་བྲང་འདེབས་པར་འཚལ་བས༔ ས་བདག་ལྷ་ཀླུ་སའི་ལྷ་མོ་བཅས་པ་ཀུན་ནས་གླུད་ཆེན་པོ་འདི་ཁྱེར་ལ་བདག་གིས་སྒྲུབ་པ་དབུ་ཚུགས་ནས་མཇུག་མཐོན་གྱི་བར་དུ་གནས་གཞན་དུ་སྤོས་ཏེ་ས་གཞི་བརྟན་ཞིང་བཀྲ་ཤིས་པས་མཛོད་དུ་གསོལ༔ ཞེས་གསོལ་པས་རངས་ཏེ་གནང་བ་སྦྱིན་པར་མོས་ལ། བྷཱུ་མི་པ་ཏི་ས་པ་རི་ལྦཱ་ར་གཙྪ༔ ཞེས་པས་གཤེགས་གསོལ་བྱས། གཏོར་མ་དང་གསེར་སྐྱེམས་ལ་སོགས་པ་ཕྱིར་དབུལ་ཞིང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །གསུམ་པ་སྦྱང་བ་ནི་བདེ་འདུས་ལས། ལག་པ་གཡས་པའི་སོར་མོ་ལྔ་ཕྲལ་ཏེ་རྡོ་རྗེ་རྩེ་ལྔ་པར་བསམ་ལ༔ ཆོས་ཉིད་རྣམ་པར་དག་པའི་སྔགས་བཟླ་ཞིང་ས་ལ་ལན་བདུན་གདབ་པོ༔ ཞེས་པ་ལྟར་ལག་གཡས་ཀྱི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་བསམས་པས་ལ་བསྣུན་ནས། སྭ་བྷཱ་ལྦའི་སྔགས་འདོན་ཟིང་སྟོང་ཉིད་གསལ་ཁྱབ་ཅན་གྱི་ལྟ་བའི་བར་ཆ་དང་བཅས། ཧཱུཾ་རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ཡི་གེ་བྷྲཱུྃ་འཕྲོས་སྨུག་ནག་བསམ༔འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས༔བླ་མ་རིག་འཛིན་ལྷ་ཚོགས་དགོངས༔ཁྲོ་བོ་རྣམས་མཆོད་དཔུང་གྲོགས་མཛད༔ཁྲོ་མོ་རྣམས་མཆོད་ཡུམ་དུ་གྱུར། །སེམས་ཅན་ཀུན་ཕོག་སྡིག་སྒྲིབ་སྦྱངས། །འོད་ཟེར་ཚུར་ལ་འདུས་པ་ཡིས། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ས་གཞི་གཞི་ལ་ཡས་ཁང་ཆེན་གྱུར། །བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཞེས་བརྗོད་པ་ནི་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གསུམ་ཀས་སྦྱོང་བའོ། །བཞི་པ་གཟུང་བའམ་དབང་དུ་བྱ་བ་ནི། རང་ཉིད་ཆེ་མཆོག་

(༣༥༠)ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་མིག་གཉིས་ཉི་ཟླ། མིག་འབྲས་ཧཱུྃ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་སྡང་མིག་ཏུ་བལྟས་པས། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཚར་གཅད་པར་བསམ་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བཞིན་པར་རྐང་པ་སྣ་ཚོགས་རྡོ་རྗེས་མཚན་པར་བསམས་པའི་རྩེ་གསུམ་འགྱིད་འགྲོས་ཀྱིས་བསྐར་ཞིང་། ཧཱུྃ་བདག་ཉིད་ལས་ཀྱི་ཧེ་རུ་ཀ། རྡོམ་བརྗིད་ཁྲོས་པར་བསྒམ་སྟེ། །སྤྱན་མིག་གཡས་གཡོན་ཉི་ཟླར་བསྐྱེད། །རྡོ་རྗེའི་འགྲོས་ཀྱིས་རབ་བསྐོར་ཞིང་། །ཁྲོ་བོའི་སྡང་མིག་རབ་ཏུ་བལྟ། །འགྱིང་བག་ཚུལ་གྱིས་རབ་ཏུ་བརྗིད། །ཞལ་ནས་ཧཱུྃ་ཕཊ་འབྲུག་སྒྲ་སྒྲོགས། །སྤྱན་ལས་འཕྲོས་པའི་འོད་ཟེར་གྱིས། །བར་ཆད་བདུད་དཔུང་སྲེག་པར་བྱེད། །ཨོཾ་ཨཱུ་རྱ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུཾཕ་ཊ། ཅེས་བརྗོད་ལ་ཧཱུཾ་བཞིའི་སྔགས་ཀྱིས་བསྐྲད་ཅིང་བསྲེག་པར་བྱའོ། །ལྔ་པ་བསྲུང་བ་ནི། སེང་ལྡིང་དམ།མ་གྲུབ་ན་ཚེར་མ་ཅན་ལ་སོགས་དྲག་པོའི་ཤིང་གི་ཕུར་བུ་བཅུ་ཉེར་བསྡོགས་བྱས་ལ་ཚིག་དོན་དང་མཐུན་པའི་དམིགས་པས་གསལ་གདབ་ཅིང་། ཧཱུཾ་བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཁྲོ་རྒྱལ་ཊཀྐི་ར་ཛ་འཕྲོས། །དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་ཐོ་བ་ལྕགས་ཀྱུ་ཐོགས། །འཕྲོས་པས་ཕྱོགས་བཅུར་རབ་སྤྲོས་པས། །ཕྱོགས་སྐྱོང་བཅུ་པོ་བཀུག་ནས་ནི། །ཕྱོགས་བཅུ་ཀུན་ཏུ་གདན་དུ་བཏིང་། ཕོ་མོ་གན་རྒྱལ་ཁ་སྦུབ་བསྣོལ། །ཧཱུཾ་བཞིའི་སྔགས་དང་།ཕྱོགས་སྐྱོང་གི་སྲོག་སྔགས། ཨོཾ་ཨིནྜ་ཡེ།ཨ་གྣ་ཡེ།ཡ་མ་ཡེ།ནི་རྟི།ལྦ་རུ་ཎ་ཡ།ལྦ་ཡ་ལྦི།ཀུ་བེ་ར།ཨི་ཤྭ་ན་ཡ།སཱུ་རྱ་ཙནྡྲ།པྲ་ཏི་བྷྱ།ཏི་ར་པ་མ།ཛཧཱུཾ་བཾ་ཧོ ཞེས་བརྗོད་པས་བཀུག་པ་ལ་ཕུར་བུ་ཁྲོ་བཅུར་གསལ་ཞིང་གཟི་བྱིན་བསྐྱེད་པ་ནི། ཧཱུཾ་བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཕྱོགས་སྐྱོང་བཅུ་ཡི་གདན་སྟེངས་སུ། །འབར་བའི་ཧཱུཾ་བཅུ་འཕྲོས་པ་ལས། །འཕྲོ་འདུས་ཁྲོ་བོ་བཅུ་རུ་གྱུར། །ཧཱུཾ་ཀར་རྣམ་རྒྱལ་དབྱུག་སྔོན་རྒྱལ། །གཤིན་རྗེ་མི་གཡོ་རྟ་མགྲིན་རྒྱལ། །འདོད་

(༣༥༡)རྒྱལ་བདུད་རྩི་ཁམས་གསུམ་རྒྱལ། །སྟོབས་པོ་ཆེ་རྣམས་རིམ་བཞིན་སྒོམ། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །སྐུ་སྟོད་ཁྲོ་ཚུལ་མཚོན་ཆ་འཛིན། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་པ། །ཕྱོགས་སྐྱོང་བཅུ་ཡི་སྤྱི་བོར་བཏབ། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། སྤྲུལ་པ་ཡང་སྤྲུལ་བས་མ་ལས་འདས། །བར་ཆད་བགེགས་དཔུང་མ་ལུས་པ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱ། །ཞེས་བརྗོད་ཅིང་སྟེང་ཤར་གྱི་ཤར་དང་། འོག་ནུབ་ཀྱི་ནུབ་ཏུ་གདབ་པའི་བྱེ་བྲག་ཕྱེད་པར་བྱ་ཞིང་། །དེ་བཞིན་དུ་ཕྱོགས་ཕུར་བཞི་གཡས་བསྐོར་དང་། །མཚམས་ཕུར་བཞི་གཡོན་བསྐོར་དུ་རང་སྔགས་དང་བསྟུན་ནས་གདབ་ཅིང་། ཕྱོགས་བཅུའི་གདོན་བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིང་གྱི་བར་ཐལ་བྱུང་དུ་ཕུག་པ་འོག་གཞི་དབང་ཆེན་གསེར་གྱི་ས་གཞི་ལ་སྒྲགས་པས་གཡོ་འགུལ་མེད་པར་བསམ་མོ། །འདིས་ནི་རྗོ་བོ་བཙོན་དུ་བཅུག་ན་འབངས་རང་བཞིན་གྱི་སྭ་དབང་དུ་འདུ་བ་ལྟར་བགེགས་དང་བར་ཆད་ཀྱི་ས་གླགས་པ་ལྟ་བར་མི་བཟོད་པའི་དགོས་པ་ཡོད་ལ། སྤྲོ་ན་ཆས་ཞུགས་ཀྱི་སྟངས་སྟབས་ལ་སོགས་པ་སྔ་འགྱུར་གྱི་རྒྱུད་སྡེའི་ལུགས་ལྟར་བྱའོ། །སླར་ཡང་ཕུར་བུ་ལས་བྱུང་བའི་འོད་ཟེར་རྡོ་རྗེའི་རྭ་གུར་དུ་གྱུབ་པ་ཕྱོགས་བཅུ་ཀུན་ཏུ་འཁྲིགས་པར་བསམ་ཞིང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེའི་གྱད་འགྲོས་ཀྱིས་བསྐོར་རོ། །དེ་ལྟར་རའི་ཆོ་ག་རྣམས་དཀྱིལ་འཁོར་གྱི་ཁང་པ་རྙིང་པ་སོགས་སུ་རྡུལ་ཚོན་གྱིས་བཞེངས་ན་མི་མངོན་བ་ལ་བླང་བ་དང་། །སྦྱང་བ་དང་། གཟུང་བ་རྣམས་དགོས་ལ། རས་བྲིས་ལ་བརྟེན་ཚེ་གཟུང་བ་དང་།བསྲུང་བའི་སྐོར་ཙམ་བྱ་བརྒྱ་གར་གྱི་སློབ་དཔོན་རྣམས་བཞེདདོ། །སྐབས་འདིར་དབང་སྒྲུབ་ཆེན་མོའི་རིགས་དང་འབྲེལ་བའི་ཚེ་ཕྱི་བཤགས་ཀྱི་བྱ་བ་ནི་རྩ་བ་རྡོ་རྗེའི་མཁར་རྫོང་ལས། གསུང་རབ་ཀློག་དང་ཆུ་གཏོར་གཏོང་། །ས་ཙྪ་དབ་དང་སྐུ་དཀར་གསོལ༔ སྒྲོལ་མ་མཚན་བརྗོད་སྐབས་འདིར་གསང་སྙིང་འདོན་སྐོང་བཤགས་

(༣༥༢)སོགས༔ ཞེས་པ་ལྟར་དང་། གཞན་ཡང་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེན། ནུབ་ཏུ་ལང་གཤེགས། བྱང་ཏུ་ཏོག་གཟུགས་འདོན་པ་སོགས་དགེ་བའི་བུངས་བསྐྱེད་པ་ཅི་འགྲུབ་དང་། ཁྱད་པར་དཀྱིལ་འཁོར་གྱི་བྱ་བའི་སྔོན་འགྲོ་ཕྱི་ནང་གསང་གསུམ་གྱི་མཚམས་གཅོད་སོགས་བྱ་བ་ནི་ཟུར་འདེབས་ཀྱི་ཚུལ་དུ་ལེགས་སུ་འདྲི་བ་ལས་ཤེས་པར་བྱའོ། །གཉིས་པ་སྟ་གོན་ནམ་ལྷག་པར་གནས་བའི་ཆོ་ག་ལ་གསུམ།ལྷ༑བུམ་པ།སློབ་མའོ།དང་པོ་ནི།གཞན་དུ་ཐིག་སྔོན་ལ་གདབ་པའི་ལྷ་གནས་སུ་དྲིའི་ཐིག་ལེ་བཀོད་ནས་ལྷ་ལྷག་པར་གནས་བར་བྱེད་ཀྱང་།གཞི་དེར་དཀྱིལ་འཁོར་བཞེང་པའི་དགོས་པ་གཅིག་པོ་ཙམ་མ་ཡིན་པར།སྙན་གསན་དབབ་ལྟ་བུའི་ཁྱད་ཆོས་ཅན་ཡིན་པར་ཐིག་གི་བྱ་བ་འོག་ཏུ་བྱས་ན་འཇུག་པ་བདེ་བས།འདིར་གང་དུ་དཀྱིལ་འཁོར་བྱ་བའི་གཞི་དེར། །ཇི་སྐད་དུ།མད་ལ་དྲི་ཡི་ཐིག་ལེ་བཅའ། །ལྷ་གྲངས་མཉམ་པའི་ཚོམ་བུ་བཀོད། །ཅེས་པ་ལྟར་དབུས་ནས་གཞི་བཟུང་སྟེ་ལྷ་གནས་སོ་སོར་དྲི་ཡི་ཐིག་ལེ་བསྐུས་པ་ལས། ལྷ་གྲངས་མཉམ་པའི་ཚོམ་བུ་བཀོད་པའི་མཐའ་ཕྱི་ནང་གི་མཆོད་པས་བསྐོར། ལམ་འབྲིང་བསྡུས་གང་ཡང་རུང་བའི་བདག་གི་རྣལ་འབྱོར་སྔོན་དུ་བཏད་ནས། སྐྱབས་སེམས་དང་བདུན་རྣམ་དག་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། མཆོད་པ་བྱིན་བརླབ་ནི་ཧཱུྃ་བླ་མ་རྩ་གསུམ་སྣང་སྲིད་དག་པ་ལ༔སོགས་མཐར་སོ་སོའི་སྔགས་ལན་གསུམ།དེ་ནས་རྟེན་དང་བརྟེན་པ་བསྐྱེད་པ་ནི།ཧཱུཾཆོས་རྣམས་སྐྱེ་མེད་འོད་གསལ་ནམ་མཁའི་དབྱིངས༔ཞེས་པ་ནས།གཙོ་དང་འཁོར་བཅས་བསམ་ལས་འདས་པར་བསྒོམ༔དེ་ཡི་ཕྱི་རལ་པདྨ་འདབ་བརྒྱད་ལ།འཇའ་ཚོན་ཐིག་ལེ་འོད་ཕུང་འཁྱིལ་བའི་ཀློང་། །རིག་འཛིན་རྣམ་བརྒྱད་མ་འདྲེས་འཇའ་ལྟར་ཤར། །ཀུན་ཀྱང་མཉེན་ཞུ་ཕོད་ཆེན་ཆོས་གོས་དང་། །རིན་ཆེན་རུས་རྒྱན་ཕྱག་རྒྱ་གར་གྱིས་རོལ། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་སྟེང་། །སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ་འཚེར་འབར། །རིག་འཛིན་དཔའ་བོ་ཌཀྐི་སྤྲིན་ལྟར་

(༣༥༣)གཏིབས། ཀུན་གྱི་གནས་བཞིར་འབྲུ་གསུམ་ཧྲིདང་མ། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། ཞེས་དཀྱིལ་འཁོར་གྱི་འཁོར་ལ་རྫོགས་བར་གསལ་བ་ལ། །སྤྱན་འདྲེན་མཆོད་བསྟོད་ལ་སོགས་པ་ཕྲུགས་གཅིག་ཏུ་བྱ་བ་ནི། ཧཱུཾ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆགས་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྟའི་བར་དང་། སརྦ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི ཞེས་བརྗོད་ཅིང་སྒྲུབ་སྔགས་ཧཱུྃ་དགུ་མ་དང་། །སྒྲུབ་ཆེན་གསལ་བ་གསོལ་འདུས་ནི་ཅི་ནུས་བཟླ་ཞིང་། མཐར་མཆོད་བསྟད་བསྡུས་ཙམ་བྱས་རྗེས། །རང་གི་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་གྱུར་ཅེས་བརྗོད། སྙན་གསན་དང་བ་པ་ནི། །བླ་མ་རིག་འཛིན་དཀྱིལ་འཁོར་བཅས། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་འཛིན། །སངས་རྒྱས་རྣམས་ནི་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་དོན་དུ། །བླ་མ་རིག་འཛིན་ཀུན་འདུས་ཀྱི། །དཀྱིལ་འཁོར་དམ་པ་བཞེང་འཆལ་བས། །དེ་ཕྱིར་གནང་བར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་ཏེ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་གི་ནམ་མཁར་བཏེག་པར་བསམ་ཞིང་། རྡོ་རྗེ་ཁུར་ཚུར་གཉིས་གཤིགས་པའི་མཛུབ་མོ་བརྐྱང་བ་རྩེ་གཏུག་ནས་འོད་ཏུ་ཕྱོགས་པ་སྤྱི་བོར་གཏོད་པ་དང་བཅས། ཨོཾ་བཛྲོད་ཏིཥྛ་ལྷན། ཞེས་ནམ་མཁའི་དབྱིངས་སུ་བཀོད་ལ། སླར་ཡ་ར་མཆོད་ཅིང་བསྟོད་ནས་ཚོམ་བུ་མཆོད་པ་དང་བཅས་རེ་ཞིག་བསྡུ་བར་བྱའོ། །གཉིས་པ་བུམ་པ་སྟ་གོན་ནི། གསེར་དངུལ་ཟངས་སོགས་རིན་པོ་ཆེ་ལས་གྲུབ་པའི་བུམ་བའི་མཚན་ཉིད་ནི། ཞབས་ཞུམ་པ། ལྟོ་ལྡིར། མགྲིན་པ་ཕྲ། ཁ་ཡངས། མཆུ་ཕྱིར་འཕྱང་། ཧ་ཅང་ཆུང་བ་མ་ཡིན་པ་སྟེ་དེ་ལྟ་བུའི་བུམ་པ་རྣམ་རྒྱལ། ཁྲུས་བུམ། ལས་བུམ་སྟེ་གསུམ་ཀ་ཤིན་ཏུ་

(༣༥༤)དག་ཅིང་གཙང་བར་བཀྲུས་པ་ལ་སུམ་བྷ་ནིའི་སྔགས་དང་བཅས་ཡུངས་ཀར་གྱིས་བྲབ་གུ་གུལ་བདུག །རྣམ་བུམ་ལ་ཡེ་ཤེས་ལྔ་མཚོན་པའི་བརྡར་མགུལ་ཆིངས་དར་སྣ་ལྔའི་ཁ་དོག་ཅན་ནམ། ཡང་ན་མཐིང་གར་བྱས་པའི་བུམ་མཚན་རྡོ་རྗེ་འང་སྟེང་དུ་གདགས་བའམ་བྲིས། བཀྲ་ཤིས་བའི་ཁྱེའུ་ས་རྒྱུད་འབབ་ཀྱི་ཆུ་ནས་བླངས་པའི་ཆུ་གཙང་སྲོག་ཆགས་མེད་པས་གཟུགས་སྐུ་གཉིས་ཀྱི་ཆ་སྟེ་བུམ་པའི་སུམ་གཉིས་ཁེངས་བར་བཀང་བ་ལ། བཅུད་རྫས་ནི་རིན་ཆེན། འབྲུ་སྣ།སྨན་སྣ།སྙིང་གོ་དྲི་ལྔ་སྟེ།ལྔ་ཚན་ལྔར་བུམ་རྫས་ཉེར་ལྔར་གྲགས་པ་རྒྱུད་སྡེ་འོག་མ་དང་། འདིར་དེའི་སྟེང་དུ་བདུད་རྩི་ལྔ་བསྣན་པའི་སུམ་ཅུའམ། དེའི་ཡང་སྟེང་དུ་ཤ་ལྔ་བསྣན་པའི་བུམ་རྫས་སོ་ལྔ་པར་གྲགས་པ་ཕྱག་བཞེས་ལ་འདེབས་ཤིང་། ཁ་ཅིག་ཏུ་ལྷ་གྲངས་དང་མཉམ་པའི་རིལ་བུ་ལྡུག་པའང་བཤད། ཇི་ལྟར་ཡང་ཁྲུས་བུམ་མགུལ་ཆིངས་དཀར་པོ་དང་། ལས་བུམ་ལྗང་གུར་བྱ་ཞིང་། གཉིས་ཀ་ལ་བཅུད་དང་ལ་རྒྱན་ལ་སོགས་པས་མཛེས་བར་བྱ་ས་ཏེ། དག་བ་སྦྱོར་ན། ཀུ་ཀུ་རཱ་རྫས། བུམ་བ་ལྷ་ཡི་གནས་ཡིན་ཏེ། ཁ་རྒྱན་མགུལ་ཆིངས་རྟ་འབབས་རྒྱན། །གཟུངས་ཐག་ཐུགས་རྗེ་ཆེན་པོའི་རྟགས། །སྨན་ལྔ་ཐུགས་རྗེ་ཡང་ཆུབ་སེམས། །འབྲུ་རྣམས་ལྷ་ཡི་རང་བཞིན་ཡིན། །རིན་ཆེན་སྣ་ལྔ་སྐུ་ཡི་འོད། །སྙིང་པོ་ཡེ་ཤེས་ཐུགས་ཀྱི་དབྱིངས། །སྤོས་སོགས་ཚུལ་ཁྲིམས་ཡོན་ཏན་བརྒྱན། །ཅེས་པ་ལྟར་རོ། །འགོད་ལུགས་ནི་སྟེགས་གཙང་མའི་ཁར་གཙོ་འཁོར་གྱི་ཚུལ་དུ་བཀོད་པའི་གཙོ་བོ་རྣམ་རྒྱལ་གྱི་བུམ་པའི་སྟེང་དུ་བྷནྡྷ་མཚན་ལྡན་དུ་བུར་ཆད་ཆོས་སྨན་སྦྱར་བ་བླུག་ཅིང་དར་དམར་བརྒྱད་ལྟེ་བས་ཀྱི་ཁེབས་དང་བཅས་གཞག་ །དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་བསྣོལ་མར་བྲིས་པའི་དབུས་སུ་བྃ། པད་འདབ་བཞི་ལ་ཧ་རི་ནི་ས་བྲིས་པ་བཞག་པའི་སྟེང་དུ་མན་ཤེལ་ཨོ་རྒྱན་གྱི་ཙཀླི་དང་བཅས་པ་བཤམ།དེའི་མདུན་ངོས་ཀྱི་གཡས་སུ་ཁྲུས་བུམ་དང་། གཡོན་དུ་ལས་བུམ། གསུམ་ཀའི་སྟེང་དུ་གཟུངས་རྡོར་བཀོད་པའམ་ཡང་ན་སྤོས་ཆོག་པ་བྱེད། གང་ལྟར་

(༣༥༥)ཡང་སློབ་དཔོན་དང་སྤྲེལ་མཐའ་མཆོད་བས་བསྐོར། སྔར་ལྟར་མཆོད་པ་བྱིན་གྱིས་བརླབས་ཇེས། བུམ་བ་བསངས་སྦྱངས། སྟོང་པའི་དང་ལས་རྣམ་རྒྱལ་བུམ་པ་ནི། །ཧཱུྃ་ཡིག་ཡོངས་གྱུར་རིན་ཆེན་སྣ་ཚོགས་ལས། །ཡོངས་གྲུབ་ཕྱི་ནི་བུམ་གཟུགས་ནང་གཞལ་ཡས། །ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །ཕོ་བྲང་དབུས་སུ་རིན་ཆེན་ཟུར་བརྒྱད་མཛེས། །ལྟེ་དབུས་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །ཞེས་པ་ནས། གཙོ་དང་འཁོར་བཅས་བསམ་ལས་འདས་པར་སྒོམ། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་ལ། །འཇའ་ཚོན་ཐིག་ལེ་འོད་ཕུང་འཁྱིལ་བའི་ཀློང་། །རིག་འཛིན་རྣམ་བརྒྱད་མ་འདྲེས་འཇའ་ལྟར་ཤར། །ཀུན་ཀྱང་མཉེན་ཞུ་ཕྱོད་ཆེན་ཆོས་གོས་དང་། །རིན་ཆེན་རུས་རྒྱན་ཕྱག་རྒྱ་གར་གྱིས་རོལ། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་སྟེང་། །སྤྲུལ་པའི་གུ་རུ་མཚན་བརྒྱན་གསལ་འཚེར་འབར། །རིག་འཛིན་དབའ་བོ་ཌཱཀྐི་སྤྲིན་ལྟར་གཏིབས། །གཡས་ཀྱི་ཁྲུས་བུམ་ནང་དུ་པད་ཟླའི་སྟེང་། །ཧཱུྃ་གིས་མཚན་པའི་རྡོ་རྗེ་ཡོངས་གྱུར་ལས། །བཛྲ་ས་ཏྭ་སྐུ་མཆོག་ཆུ་ཤེལ་མདོག །ཆལ་གཅིག་ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །ཕྱག་གཡས་ཤེལ་གྱི་རྡོ་རྗེ་ཐུགས་ཀར་གཏོད། །གཡོན་པ་དངུལ་དཀར་དྲི་བུ་དཀུ་ལ་བརྟེན། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཞི་ཚུལ་དགུ་ལྡན་མཚན་དཔེའི་གཟི་མདངས་འབར། །གཡོན་གྱི་ལས་བུམ་དབུས་སུ་པད་ཉི་དང་། །རྒྱ་གྲམ་སྟེང་དུ་ཧཱུྃ་ལས་སྣ་ཚོགས་ཀྱི། །རྡོ་རྗེ་ཧཱུྃ་གིས་མཚན་བ་ཡོངས་གྱུར་ལས། །བདུད་རྩི་འཁྱིལ་པ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་ལྗང་གུ་ཞབས་གཉིས་དོར་བསྟབས་ཅན། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་བསྡིགས་པའི་ཚུལ། །གཡོན་པ་དེ་ཡི་ཡུ་བའི་དྲིལ་བུ་འཛིན། །ཁྲོ་ཚུལ་གར་དགུའི་ཉམས་ལྡན་སྤྲུལ་ལ་སོགས། །མི་སྡུག་རྒྱན་གྱིས་སྤྲས་པའི་རང་བཞིན་ཅན། །ལྷ་ཚོགས་ཀུན་གྱི་གནས་གསུམ་ཨོཾ་ཨཱ༔ཧཱུཾ་གིས་མཚན་དེ་ལས་འོད་ཟེར་

(༣༥༦)དཔག་མེད་པ། །འཕྲོས་པས་རང་འདྲའི་ཡེ་ཤེས་སྤྱན་དྲངས་ཏེ། །རང་རང་དམ་ཚིག་སེམས་དཔར་དབྱེར་མེད་བསྟིམ། །ཧཱུཾ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་མོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྟ་པཉྩ་རཀྟ་བྷ་ལིངྟ་པཱུ་ཛ་ཧོ། །ཞེས་པའི་སྤྱན་འདྲེན། མཆོད་བསྟོད།ནོངས་བཤགས་ཚིག་རྫོགས་སུ་གྲུབ་པའི་རྗེས། བཟླས་པ་བྱ་བ་ནི། གཙོ་བུམ་ལ་དམིགས་ཏེ་གཟུངས་ཐག་ལ་འཇུས་ནས། ཧཱུྃ་དགུ་མ་དང་། སྒྲུབ་ཆེན་གསང་བ་ཡོངས་རྫོགས་ཀྱི་ཡང་སྙིང་སྟོང་ཚོ་ཙམ་བཟླས་རྗེས། གཡས་ཀྱི་ཁྲུས་བུམ་ལ་དམིགས་ཏེ། དེའི་གཟུངས་ཐག་ལ་འཇུས་ནས་ཡིག་རྒྱ་ཅི་ནུས་བཟླ། གཡོན་གྱི་ལས་བུམ་ལ་དམིགས་ནས་ཀུཎྜ་ལི་ཕྱོགས་མཚུངས་བཟླས་རྗེས། བུམ་པ་གསུམ་གྱི་དཀྱིལ་འཁོར་ལ་དམིགས་ནས། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད་ནས་འོད་ཞུ་ནི། བུམ་པ་གསུམ་གྱི་ལྷ་ཚོགས་བདེ་སྟོང་ཆེན་པོའི་རྣམ་རོལ་དུ་འོད་དུ་ཞུ་ནས་རང་རང་གི་བྱེད་ལས་འགྲུབ་པའི་ནུས་ཅན་དུ་གྱུར། ཅེས་བརྗོད་ཅིང་བསམ་མོ། དེ་ནས་བུམ་པ་སྟེགས་དང་བཅས་པ་རེ་ཞིག་གཅང་སར་བསྡུ་ཞིང་། མཆོད་པ་རྣམས་ཀྱང་བསྡུ་བ་ནི་བུམ་པ་སྟ་གོན་གྱི་རིམ་པའོ། །གསུམ་པ་སློབ་མ་སྟ་གོན་གྱི་རིམ་པ་ལ་གསུམ། སྔོན་འགྲོ།དངོས་གཞི།རྗེས་སོ།དང་པོ་ནི། ཁྲུས་བུམ་དང་ཞལ།ལས་བུམ།བགེགས་གཏོར།མཎྚལ་ཚོ་བུའི་རབ། དྲིའི་ཆུ།སྲད་བྱ།ཀུ་ཤ།སྐྱེ་མཆེད་བྱིན་བརླབས་ཀྱི་ཙཀླི་རྣམས་མངོན་དུ་འདུ་བྱས་སྣོད་དུ་གྱུར་པའི་སློབ་མ་ཟུང་དུ་མ་གྱུར་པའི་གྲངས་ལྡན་གྲངས་རྣམས་ལ་ལས་ཆུས་ཁྲུས་བྱ། གྲལ་དུ་འཁོད་དེ་ནས་བགེགས་ལ་གཏོར་མ་བྱིན་ཞིང་བདེན་སྟོབས་ཀྱིས་བསྒྲད། གུ་གུལ་གྱིས་བདུག།སུད་འཁོར་གཞོམ་གཞིག་དང་བྲལ་བར་སྒོམ་ལ།སྟ་གོན་ཞུ་བའི་ཡོན་དུ་མཎྚལ་དབུས་དུ་གཞུག །དེ་ནས་སློབ་དཔོན་གྱིས།འོ་

(༣༥༧)ཁྱེད་ཅག་བླ་མ་རིག་འཛིན་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་ཟབ་མོར་འཇུག་པའི་གསོལ་འདེབས་བ་དེ་སྐལ་བ་བཟང་། དེ་ལྟ་ནའང་ཇི་སྐད་དུ། གསང་སྔགས་དངོས་གྲུབ་དོན་གཉེར་ན། །འཇིག་རྟེན་ཚོ་འདིའི་ཞེན་པ་དོར། །ཕ་རོལ་པ་ནི་འདུན་པ་བསྐྱེད། །འདི་འབྲས་གཉེར་ན་ཕྱི་མ་འཇིག །ཕྱི་མ་གཉེར་ན་འདི་འབྲས་འགྲུབ། །དེ་བས་རང་གཞན་དོན་བྱའི་ཕྱིར། །བསམ་པ་བཟང་པོ་མཆོག་ལ་སྦྱོར། །ཞེས་གསུངས་པ་ལྟར་གང་ཞིག་མཆོག་གི་དངོས་གྲུབ་མི་སློབ་པའི་ཟུང་འཇུག་གི་འབྲས་བུ་དོན་དུ་གཉེར་བདག་གི་འཁོར་བའི་བདེ་སྐྱེད་མངོན་མཐོའི་གོ་འཕང་དང་། ངེས་འབྱུང་གི་བློ་དང་ལྡན་ཡང་རང་ཉིད་ཞི་བ་དེ་ཙམ་ལས་སེམས་ཅན་གཞན་དོན་རླབས་པོ་ཆེ་འགྲུབ་པའི་ནུས་པ་དང་བྲལ་བ་ཉན་རང་གི་འབྲས་བུ་ཙམ་གཉེར་བྱའོ་དོན་མ་ཡིན་ཏེ། འདིར་ནམ་ཁས་གར་ཁྱབ་ཀྱི་སེམས་ཅད་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་ལ། ཕ་མ་དེ་དག་རང་གི་རང་བཞིན་མ་རིག་པའི་ངོ་བོ་བདག་ཉིད་གཅིག་པས་རྒྱུ་བྱས་ཀུན་ཏུ་བརྟགས་པའི་འཇིག་པས་རྐྱན་སྦྱར་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་བདེ་བ་དོན་སྡུག་བསྔལ་སྒྲུབ་པའི་ཞེ་འདོད་ཕྱིན་ཅི་ལོག་ལ་རྣམ་པར་འབྱན་ཞིང་། བཟོད་དུ་མེད་པའི་སྡུག་བསྔལ་གྱི་རྣག་བཞིན་ལ་མཐོང་ཆོས་སུ་སྤྱོད་པས་ཤིན་ཏུ་ཉམ་ཐག་པ་འདི་རྣམས་ལ་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ཏེ། འདི་དག་གི་དོན་བྱ་བའི་ཕྱི་མཁྱེན་རྩེ་ནུས་གསུམ་གྱི་ཕྲིན་ལས་ཚད་མེད་ཅིང་དོན་གཉིས་ལྷུན་གྲུབ་ཀྱི་བརྟུལ་ཞུགས་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་མྱུར་ལམ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཟབ་མོ་འདིར་འཇུག་པར་བྱའོ་སྙམ་པའི་སེམས་བསྐྱེད་ཀྱི་འཕེན་པས་གཞི་བཟུང་ནས་གསོལ་བ་གདབ་བ་འདིའི་རྗེས་ཟློས་མཛོད། ཅེས་གདམས་ལ་སློབ་མའི་སྙིང་པ་མེ་ཏོག་དང་བཅས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱེད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་

(༣༥༨)བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་རྗེས། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་རིམ་པ་སྤྱི་དང་། །ཁྱད་པར་ཐིག་ཆེན་གྱི་རིགས་ལ་ནུས་པ་སད་པ་དང་སྨོན་སེམས་བརྟན་ཞིང་སྤྱོད་པ་ལ་སློབ་བའི་དོན་དུ་སེམས་ཅད་བདག་གིས་མགྲོན་དུ་གཉེར། ཞེས་པ་ལ་སོགས་པ་འདིར་སྤྱིར་བཏང་གི་བྱང་སྡོམ་བཟུང་ཞིང་རྒྱུད་དར་པར་བྱས་ནས་དམིགས་བསལ་ནང་དབང་བསྐུར་བའི་དེ་མ་ཐག་པར་སྡོམ་པ་གསུམ་ཚིག་རྫོགས་སུ་འཛིན་པ་ཡིན་ལ། དེའི་སྦྱོར་བ་ནི། །ཁྱེད་རང་རྣམས་ཐུན་མོང་དང་ཁྱད་པར་གྱི་སློབ་པའི་གནས་རྣམས་ཁས་བླང་ཞིང་གཟུང་བར་བྱ་བའི་གཞི་རྟེན་དུ་མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་གསལ་བར་དམིགས་ལ་ཚིག་དོན་ཡིད་ན་འཇུག་པས་འདིའི་རྗེས་ཟློས་མཛད་པར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། སོགས་ཚར་གསུམ་མོ། དེ་ལྟར་རྡོ་རྗེའི་ཐེག་པ་ལ་རྣལ་འབྱོར་དུ་བྱེད་པ་རྣམས་ཀྱིས་དངོས་གྲུབ་ནི་རྩ་བ་གསུམ་ཁོ་ན་ལ་བརྟེན་ནས་ཐོབ་དོགས་ཤིང་དེའི་ཕྱིར་ཐུན་མོང་ན་ཡིན་པའི་ཞིང་ལ་ཁྱད་པར་གྱི་སྐྱབས་སུ་འཛིན་ཞིང་བྱང་སའི་ཐུན་མོང་བའི་སྟེང་དུ་སྒོ་གསུམ་ཐ་ལམ་གྱི་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་ལ་བསླབ་པའི་དགེ་ཆོས་སྡུད། །གཞན་དོན་དུ་ལས་བཞིའི་ཕྲིན་ལས་ལ་འཇུག་པའི་སེམས་ཅན་དོན་བྱེད་དེ་སྔགས་སྡོམ་གྱིས་བསྔམས་པའི་ཚུལ་ཁྲིམས་བྱེ་བྲག་པ་རྣམས་ལ་བསླབ་བསྙམ་པས་འདིའི་རྗེས་ཟློས་མཛོད། བླ་མ་རྩ་གསུམ་སྐྱབས་ཀྱི་མཆོག་ཏུ་འཛིན༔ འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་དེ༔ སྐུ་གསུང་ཐུགས་དང་མཉམ་སྦྱོང་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི༔ ཞེས་གསུམ། དེ་ལྟར་ཡང་སྡིག་པ་སྟོབས་ཆེན་གྱིས་རྒྱུད་མ་རུངས་པར་བྱས་ཤིང་བསོད་ནམས་ཆེན་པོ་དང་མི་ལྡན་པ་དག་ལ་སྡོམ་པའི་ཚོགས་རྣམས་སྐྱེ་དཀའ་བས་

(༣༥༩)དེའི་ཕྱིར་ཚོགས་ཆུད་དུས་དགེ་ཚོགས་རྒྱ་ཆེན་པོ་བསྡུས་ཏེ་ཚོགས་བསགས་པའི་ཆེད་དུ་ཡན་ལག་བཅུ་པའི་དོན་དྲན་པས་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་ཌཱཀྐིའི་ལྷ་ཚོགས་རྣམས༔ ཚོགས་གཉིས་བསགས་ཕྱིར་རྟེན་གྱི་མཆོག་ཏུ་འཛིན༔དགའ་མགུ་རངས་པའི་སེམས་ཀྱིས་གུས་ཕྱལ་འཚལ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པས་མཆོད༔ སྡིག་པའི་ཚོགས་དང་དམ་ཚིག་ཉམས་ཆག་བཤགས༔ དགེ་ཚོགས་མཛད་པ་ཀུན་ལ་ཡི་རང་ངོ༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་ཨར་བསྐུལ༔ འགྲོ་ལ་ཕན་མཛད་མྱ་ངན་མི་འདར་བཞུགས༔ བདག་གཞན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ དེ་ལྟར་ཉམས་བླངས་དགེ་ཚོགས་ལ་བརྟེན་ནས༔ མཁའ་ཁྱབ་འཁྲུལ་པའི་སེམས་ཅན་ཐམས་ཅད་ལ༔ བྱམས་དང་སྙིང་རྗེ་དགའ་བ་ཚད་མེད་དང་༔ བཏང་སྙོམས་ལ་བརྟེན་མཉམ་ཉིད་ཆོས་ཀྱི་སྐུ༔ འགྲོ་བ་ཀུན་གྱི་ཡང་དར་གནས་ཐོབ་ཤོག་ ༔ཅེས་གསུམ་གྲུབ་རྗེས། རྒྱུད་དག་པར་བྱ་བའི་ཕྱིར་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས། སློབ་མ་རྣམས་ཀྱི་ལུས་ལ་ཕོགས་པས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་སྦྱངས། ཧཱུྃ་ཡིག་ཏུ་གྱུར་པ་དེ་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཕྱུང་། ཡུམ་འདི་ཁ་ནང་དབང་བསྐུར་བའང་ཟེར་ཏེ། དགོས་པ་ནི་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་ཚབ་ཏུ་དབང་བསྐུར་ལ་རྣག་རིགས་ཀྱི་སྲས་སུ་བསྐྲུན་པ་ཞིག་དེས་པར་དགོས་པ་དང་འདྲ་བར་རྡོ་རྗེ་སློབ་དཔོན་གྱི་ཆོས་སྲིད་ལ་དབང་བསྐུར་ཕྱིར་སློབ་མ་ཉིད་སློབ་དཔོན་གྱི་སྲས་སུ་བསྐྲུན་ནས་བུ་ཞེས་འབོད་པའི་རྒྱུ་མཚན་ནོ། །གྱི་པདྨར་བབས་པས་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྱུར། །སླར་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། རྗེས་སུ་ཆགས་པའི་མེས་ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་རྒྱུན་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཕྱུང་། ཡུམ་གྱི་པདྨར་གནས་བའི་སློབ་

(༣༦༠)མའི་སྤྱི་བོ་ནས་བྱང་ཆུབ་སེམས་ཀྱི་མངོན་པར་དབང་བསྐུར་ཏེ། ཡུམ་གྱི་པདྨ་ནས་ཕྱིར་ཕྱུང་། རང་རང་གི་གདན་ལ་འཁོད་པར་བསམས་པའི་དང་ནས་དམིགས་བསལ་གྱི་སྡོམ་པ་འཛིན་པ་དངོས་ཚོགས་ཞིང་གི་སྤྱན་སྔར་བདག་གི་སེམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་སྡོམ་པ་གསུམ་གྱི་སློབ་བྱའི་གནས་མཐའ་དག་བསྲུང་སྙམ་པའི་གདུང་ཞུགས་དྲག་པོས་ལམ་ལོག་པ་ལས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པའི་མོས་པ་བྱེད་པའང་ཡོད། ཁྱད་པར་དུ་གྱུར་པ་སོ་སོ་ཐར་པ་རིགས་བདུན། ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་བྱང་ཆུབ་སེམས་དཔའི་བསླབ་པ། ལམ་རྫོགས་པ་ལས་བྱེ་བྲག་ཏུ་འཕགས་པ་རིག་འཛིན་པ་སྔགས་ཀྱི་སྡོམ་པ་ནོད་པ་འདིའི་རྗེས་ཟློས་གནང་པར་ཞུ། རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ ཡུད་ཙམ་བདག་ལ་རབ་དགོངས་ཤིག༔ རང་རང་གི་མིང་ནས་བརྗོད་ལ། བདག་ཉིད་རྡོ་རྗེཆྒཻ་མོ སོགས་ནས། དེ་དག་ཐམས་ཅད་བདག་གིས་གཟུང་༔ ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་ཞིང༑ ཐོབ་པར་ཤེས་པའི་སྒོ་ནས་དགའ་བ་ལྷང་ལྷང་སྒོམ་པས་སྔར་སྡོམ་པ་མཐོབ་པ་ལ་གསར་དུ་ཐོབ་ཅིང་། ཐོབ་པ་ཉམས་པ་དག་ལ་སོར་ཆུད་པ་དང་མ་ཉམས་པར་གནས་པ་རྣམས་ལ་གོང་དུ་འཕེལ་ཞིང་དབང་གིས་འཛིན་པ་ཡིན་ནོ། །ཞེས་སྤྲོ་བ་བསྐྱེད། སྒོ་གསུམ་བྱིན་གྱིས་བརླབ་པ་ནི་ལས་ཆུ་འཐོར། དེ་ནས་སློབ་མའི་གནས་གསུམ་དུ་ཨོཾ་ཨཱཧཱུཾ་གསུམ་དང་། སླར་ཡང་མོས་ནས། ཧཱུཾ་ཨཱཨོཾ་གསུམ་གྱིས་དྲིའི་ཐིག་ལེ་བྱས་ཏེ། ཁྱེད་རང་སློབ་མ་རྣམས་ལྷར་གསལ་བ་ལ་སྐུ་གསུང་ཐུགས་རྡོ་རྗེའི་ཕྱག་རྒྱས་བསྲུངས་པས་མཆོད་པའི་གནས་སུ་གྱུར་ཅིང་། དེང་ནས་བཟུང་འདོད་ཡོན་ལ་སྲེད་བས་སྤྱད་མི་དགོས་པར་བདེ་སྟོང་ཡེ་ཤེས་འབར་བའི་གྲོགས་སུ་ཉེ་བར་སྤྱོད་པ་མཚོན་ཕྱིར་ཨོཾ་བཛྲ་པུཥེྤ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སོགས་ཉེར་སྤྱོད་ལྔས་མཆོད་པ་ནི་སྟ་གོན་གྱི་སྔོ་འགྲོའི་ཆོས་སོ། །གཉིས་པ་དངོས་གཞི་ལ་དྲུག་ལས། དང་པོ་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། རིགས་ལྔའི་ས་བོན་གྱི་ཙག་ལི་རྣམས་རིམ་པར་བསྐུར་བ་

(༣༦༡)ལས༑ རིན་འབྱུང་གི་ས་བོན་རྣ་བར་བསྐུར་ཏེ། ཧཱུཾ་ཉན་བྱེད་སྣང་བའི་དབང་པོ་ནི། རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས། །ཉན་པ་སངས་རྒྱས་ཐམས་ཅད་གསུང་། །ཐོས་པ་རང་གྲོལ་མཉམ་ཉིད་དང་། །ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། སྣང་མཐའི་ས་བོན་ལྕེ་ལ་བསྐུར་ཏེ། ཧཱུཾ་སྨྲ་བྱེད་ལྕེ་ཡི་དབང་པོ་ནི། སྣང་བ་མཐའ་ཡས་དེ་བཞིན་གཤེགས། བརྗོད་པ་ཐམས་ཅད་སངས་རྒྱས་སྒྲ། །བརྗོད་པ་རང་གྲོལ་སོར་རྟོག་དང་། །ཧྲཱིཧྲཱིཧྲཱིཧྲཱིཧྲཱི མི་བསྐྱོད་པའི་ས་བོན་སྙིང་གར་བསྐུར་ཏེ། ཧཱུྃ་བསམ་པར་བྱེད་པ་སེམས་ཀྱི་རྟེན། མི་བསྐྱོད་རྒྱལ་བོ་དེ་བཞིན་གཤེགས། །ཙིཏྟ་ཀུན་བཟང་རྡོ་རྗེ་འཛིན། །དྲན་པ་རང་གྲོལ་ཆོས་དབྱིངས་དང་། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། དོན་གྲུབ་ཀྱི་ས་བོན་ཡན་ལག་ལྔར་བསྐུར་ཏེ་།ཧཱུྃ་བྱ་བ་བྱེད་པ་ཡན་ལག་ལྔ། །དོན་ཡོད་གྲུབ་པ་དེ་བཞིན་གཤེགས། །བྱ་སྤྱོད་སྤྱོད་པ་སངས་རྒྱས་མཛད། །འདུ་བྱེད་རང་གྲོལ་བྱ་གྲུབ་དང་། །ཧཱ་ཧཱ་ཧཱ་ཧཱ་ཧཱ༔རྣམ་སྣང་གི་ས་བོན་སྙིང་གར་བསྐུར་ཏེ། །ཧཱུཾ་རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །བདག་ཉིད་ཁྱབ་བདག་ཀུན་ཏུ་བཟང་། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །འགུལ་བསྐྱོད་བདེ་བའི་ཕྱག་རྒྱ་ཆེ། །ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། གཉིས་པ་སོ་ཤིང་དོར་བ་ནི། །བཤད་རྒྱུད་རྡོ་རྗེཕྲེེང་བ་ལས། །ད་ནས་རྡོ་རྗེ་འཆང་གི་ནི། །སོར་ནི་བཅུ་གཉིས་གཞལ་པ་ཡིས། །ཟུར་ནི་གསུམ་དུ་ཡོངས་སུ་བྱ། །ཞེས་བཤད་པ་ལྟར་ལས། ཨ་ཤྭཏྠ་དང་ཨུ་དུ་མ་ལྦཱ་རའམ། །འོ་མ་ཅན་གྱི་ཤིང་ལ་སོགས་བྱང་ཆུབ་ཀྱི་རིགས་དང་ལྡན་པ་བུ་ག་འཛེར་པ་ཡོ་འཁྱོག་ལ་སོགས་པའི་སྐྱོན་དང་བྲལ་ཞིང་། །རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡར་སོར་མོ་བཅུ་གཉིས་པའམ། ཡང་ན་རྣམ་ཤེས་ཚོགས་བརྒྱད་དང་སྦྱར་བའི་སོར་མོ་བརྒྱད་པ་སྟེ། ཇི་ལྟར་ཡང་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་ཤིང་། རྩ་བ་ཕུར་པའི་རྣམ་པ་ཅན་དྲི་བཟང་གིས་བྱུགས་ལ་སྲད་བུ་དམར་པོས་བཅིངས་པ། བདུད་རྩི་འཁྱིལ་པའི་སྡེགས་ལན་བདུན་བཟླས་པས་ཆུས་བྱིན་

(༣༦༢)གྱིས་བརླབས་པས། སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་ཅན་དུ་གྲུབ་པ་དེ་ཤུ་འཕྲུལ་ལས། ལག་མཐིལ་སོ་ཤིང་ཀུ་ཤ་སྦྱིན། །ཞེས་པ་ལྟར་སློབ་མའི་ལག་ཏུ་བྱིན། སྔར་ཉེར་བ་སྔོོགས་བྱས་པའི་མཎྚལ་ལ་རྭ་བ་རེ་ཁཱ་དཀར་པོས་བྲིས་པའི་པད་འདབ་བརྒྱད་མུ་ཁྱུད་ཀྱིས་བསྐོར་བའམ། ཡང་ན་ཁྲུ་གཨང་གྲུ་བཞི་པའི་མཎྚལ་ལ་དྲི་དང་བ་བྱུང་གིས་སྤགས་པའི་ཚོམ་བུ་དགུ་བཀོད་པ་མདུན་དུ་བརྡར་བའི་ཤར་མཆན་མ་ནོར་བར་བཀོད། ཧཱུྃ་ལས་བྱུང་བའི་སོ་ཤིང་སློབ་མའི་ལག་གཉིས་མཁའ་དབྱིངས་ཀྱི་རྒྱས་བཟུང་ཞིང་། རྩེ་མོས་ལྗགས་བཞར། རྩ་བས་སོ་དྲུད་པས་ཚེ་རབས་སུ་བསྔགས་པའི་སྡིག་སྒྲིབ་ཐམས་ཅད་དག་པ་དང་། རང་གི་དངོས་གྲུབ་ཇི་ལྟར་ཐོབ་པའི་མཚན་མ་གསལ་བར་བསྟན་དུ་གསོལ་སྙམས་པས། ཤར་རམ་བྱང་དུ་ཁ་བལྟས་ལ། །ཧོ་བླ་མས་བསྒོ་བ་ཇི་བཞིན་སོ་ཤིང་དོར། །བླ་མ་རིག་འཛིན་སྐུ་གསུང་ཐུགས་མཆོག་གི། ཡེ་ཤེས་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །དབུས་ཕྱོགས་མེ་རི་འབར་པར་འབབ་པར་ཤོག །ཨོཾ་བཛྲ་ཧ་ས་ཧ། ཞེས་མིག་གཉིས་བཙུམ་ལ་ལྟོས་མེད་དུ་དོར་བས་དགེ་མི་དགེའི་མཚན་མ་དང་། །ངན་ན་བཟློག་ཐབས་ནི། ཇི་སྐད་དུ། ཕྱོགས་བཞི་དབུས་དང་ལྔར་བབས་ན། །རིགས་ལྔ་གང་ཡིན་དངོས་གྲུབ་ཐོབ། །མཚམས་སུ་ཕྲན་ཚོགས་སྟེང་མཁའ་སྤྱོད། །འོག་ཏུ་རྩེ་བསྟན་ས་སྤྱོད་དང་། །རྩ་བ་རང་ལ་བསྟན་པ་ན། །ལན་གསུམ་སླར་ལ་བསྐྱར་ཞིང་འཕངས། །གཡས་སུ་ཡོན་ཚེ་ཐར་གཏང་། །གཡོན་དུ་གཡོན་སྦྱིན་པ་བཀྱེ། །ཕྲེད་གསག་མར་མེ་བརྒྱ་རྩ་སྤར། །ཀུན་ངན་སྒྲུབ་ལ་བར་ཆད་འབྱུང་། བསག་སྦྱང་དགེ་བ་རླབས་ཆེན་བྱ། །ཞེས་སོ། གསུམ་པ་ཁྱོར་ཆུ་སྦྱིན་པ་ནི། དུང་ཞལ་གྱི་ཆུ་བཾ་ལས་བདུད་རྩིའི་རྒྱ་མཚོར་བསམ་ལ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པ་འཐུང་དུ་བཅུག་བས་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་། །རྣམ་རྟོག་བག་ཆགས་ཅང་བཅས་པ་བཀྲུས་པའི་མོས་པ་བྱེད་དུ་གཞུག་ཅིང་། སློབ་དཔོན་གྱིས་ཨོཾ་སྔར་དོན་ཨོཾ་གྱིས་

(༣༦༣)མགོ་དྲངས་སུ་རྡོ་རྗེའི་ས་བོན་གྱིས་པོས་ནས། ཆོས་ཐམས་ཅད་རྣམ་བར་དག་པ་ཡིན་བས་ཕུང་པོ་འདིའི་སྡིག་པ་རྣམ་བར་སངས་རྒྱས་ཤིག་རྣམ་བར་རྟོག་པ་ཐམས་ཅད་བསལ་བར་མཛོད་ཅེས་པ་ཡིན་ནོ། །ཧྲཱིབི་ཤུདྡྷ་སརྦ་དྷརྨ་པཱ་བི་ཤུདྡྷ་ནི་ཙཱ་སྱ་བི་ཤོདྷ་ཡ་སརྦ་བི་ཀ་ལྤནྡ་ཨ་བ་ན་ཡ་ཧཱུྃ། ཞེས་ལག་བ་གཡས་སུ་གསུམ་བྱིན་ཞིང་བཏུང་བའི་ལྷག་མ་དཔུང་པ་གཡོན་གྱི་ཕྱོགས་ནས་རྒྱབ་ཏུ་དོར་བས་སྒོ་གསུམ་གྱི་དྲི་མདག་པར་བསམ་མོ། །བཞི་པ་བསྲུང་སྐུད་བཅིང་བ་ནི། སློབ་བུའི་ལུས་ཚད་དང་མཉམ་པའི་སྲད་བུ་དམར་པོའམ། ཁ་དོག་ལྔ་ལྡན་སུམ་བལྟ་བ་ཏུ་བྱས་པ་ཧཱུཾ་ལས་སྐྱེས་པའི་སྲས་བུར་མོས། སྒོ་གསུམ་བྱིན་གྱིས་རློབ་ཕྱིར་རྡོ་རྗེའི་མདུད་པ་གསུམ་དུ་བྱས་བ་ལས་ཆུས་བསངས་ཤིང་རྩ་སྔགས་ཀྱིས་བྱིན་གྱིས་བརླབས་ལ། རྗེས་ཟློས་བྱ་བ་ན། ཧོ་བླ་མས་གནང་བའི་སྲུང་སྐུད་ལྔ་ལྡན་གྱི། །བསྲུངས་པས་བདག་ཉིད་ཁྲོ་རྒྱལ་སྐུར་གྱུ་ནས། །སྟོང་ཕྲག་བརྒྱད་བཅུའི་བགེགས་རིགས་ཐམས་ཅད་ཀྱང་། །རྡུལ་ཕྲན་བཞིན་དུ་བཏལ་ཞིང་བརླག་པར་ཤོག་ །ཅེས་གྲུབ་རྗེས་སློབ་དཔོན་གྱིས་སློབ་མའི་ཁམས་དཀར་དམར་གྱི་ཆའི་བར་ཆད་ཆེ་ཆུང་གི་སྒོ་ནས་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་བཅིངས་ཤིང་། ཨོཾ་སརྦ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཾ་སྭཱ་ཧཱ། ཞེས་བཟླས་ལ། དེ་ཡང་ཉིས་རིམ་དུ་འཆིང་བ་ནི་ཉིན་མཚན་ནམ་ཕྱི་ནང་གི་བར་ཆད་བསྲུང་པའི་རྟེན་འབྲེལ་ལོ། །སླར་ཡང་རྡོ་རྗེ་དང་བཅས་བའི་དྲིའི་ཆུས་མདུད་པ་ལ་རྒྱ་གྲམ་དུ་རེག་ཅིང་། ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བསྡོད་པས་ལུས་རྡོ་རྗེའི་གོ་ཆས་བ་ཞུ་གླུགས་སུ་གཡོགས་པ་ལ་རྡོ་རྗེ་རྒྱ་གྲམ་གྱི་མདོ་འཛིན་རེས་མཚན་པར་སྒོམ་མོ། །ལྔ་པ་ཀུ་ཤ་བྱིན་པ་ནི། །ཀུ་ཤ་བསངས་ཆུས་འཐོར་ཞིང་། ཨོཾ་བཛྲ་ཏི་ཀྵྞདྷི ཨོཾ་བཛྲ་རཀྵ་ཧཾ། ཀུ་ཤ་མིད་མིགས་པའི་དང་ལས་ཆེ་བ་ཧཱུྃ་དང་། ཆུང་བདྷིལས་བྱུང་བའི་ཀུ་ཤའི་ཆུན་པོ་སྡོ་ལྗང་རྩྭ་རྩེ་མ་ཉམས་བ་རྨི་ལམ་མི་འཕྱུགས་པའི་ནུས་བཅན་དུ་གྱུར་། ཅེས་བརྗོད་ཅིང་བསམས་ནས། ས་བོན་གཉིས་ལན་བདུན་བཟླས། སློབ་

(༣༦༤)མས༑ ཧོ བླ་མས་གནང་བའི་རྩྭ་མཆོག་ཉལ་སྔས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་བདག་གི་ལུས་ཞུགས་ནས། །བླ་མ་རིག་འཛིན་འཁོར་དང་བཅས་པ་ཡིས། །གྲུབ་རྟགས་མཚན་མ་བདག་ལ་བསྟན་དུ་གསོལ། །ཞེས་བའི་མཐར་སློབ་དཔོན་གྱིས་ས་ཕོན་ཆེ་བ་སྟན་གྱི་དོན་དུ་ལག་གཡོན་དང་། ཆུང་བ་སྔས་ཀྱི་དོན་དུ་གཡས་པར་བཟུང་བསྣོལ་ནས་གཏོད་ཅིང་། ཨོཾ་བཛྲ་ཏིཀྵྞ་བཾ། ཞེས་བརྗོད། །སློབ་མས། ཨོཾ་བཛྲ་ཏིཀྵྞ་སིདིྡྷ་ཧཱུྃ་ཞེས་བླང་། དེ་ནས་སློབ་དཔོན་གྱིས། འོ་དོ་ནུབ་རང་རང་གི་གནས་སུ་བླ་མ་དང་དཀྱིལ་འཁོར་ལ་མོས་པ་རྩེ་གཅིག་པས་སེང་གེའི་ཉལ་སྟབས་ཀྱི་སྔས་བྱང་དུ་སྟོན་ལ། བདུད་རྩི་འཁྱིལ་པའི་སྔགས་བཟླ་བཞིན་པར་ཉལ་བར་བྱོས་ཤིག་ །དེ་ལྟར་ཉལ་ནས་ནངས་པར་དགེ་མི་དགེའི་རྨི་ལམ་ཐམས་ཅད་ངལ་སྨྲོས་ཤིག་ །ཅེས་བསྒོ། དྲུག་པ་གསང་སྔགས་ལ་སྤྲོ་བ་བསྐྱེད་ཕྱིར་ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུ་མ་ལྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་དེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འགའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་པ་ནི། །གོ་འཕད་བླ་ན་མེད་པར་འགྱུར། །ཅེས་རྣམ་སྣང་མངོན་བྱད་ལ་བཤད་པ་སྟེ། །དེའང་འདི་ལྟར་འཇིག་རྟེན་ན་དཀོན་པའི་དངོས་པོ་གང་ཞེན་ཀུན་མཁྱེན་སྟོན་པ་རྫོགས་པའི་སངས་རྒྱས་ཏེ། དེ་འབྱུང་བར་དཀའ་པའི་དཔེ་ནི་ཨུ་དུ་མ་ལྦཱ་རའི་མེ་ཏོག་བཞིན་ཏེ། རྒྱུ་མཚན་ཅིའི་ཕྱིར་ན། ཨུ་དུ་མ་ལྦཱ་རའི་མེ་ཏོག་དེ་ཡང་སངས་རྒྱས་འཇིག་རྟེན་ན་བྱོན་དུས་ལན་རེ་འབྱུང་བ་ལས་གཞན་དུ་ནི་འགའ་ཡང་མ་ཡིན་ནོ། །དེ་ཡང་འདི་སྟ་ལྟི། གཟིགས་པ་རྣམ་བ་ལྔ་ལས་རྒྱལ་

(༣༦༥)རིགས་དང་། བྲམ་ཟེའི་རིགས་ཏེ་ཆེ་ཞིང་བཙུན་པའི་རིགས་ལ་གཟིགས་པའི་རྒྱལ་རིགས་སུ་འབྱོན་ན་མེ་ཏོག་དཀར་པོ་དང་བྲམ་ཟེའི་རིགས་སུ་འབྱོན་ན་སེར་པོ་འབྱུང་བའོ། །དེའི་ཕྱིར་དང་པོ་ཐུགས་བསྐྱེད་པ་ན་མེ་ཏོག་གི་རྒྱུའི་ས་བོན་འབྱུང་ངོ། །ཡུམ་གྱི་ལྷུམས་སུ་ཞུགས་བ་ན་ཁ་འབུས། བལྟམས་པ་ན་སྤལ་མིག་ཁ་ཕྱེ། གཞོན་ནུའི་རོལ་རྩེད་མཛད་པ་ན་ཆེས་ཆེར་རྒྱས། དཀའ་ཐུབ་ཀྱི་ཚེ་ཅུང་ཟད་རིང་། སངས་རྒྱས་བན་ལྷན་ནེར་འབར། ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས། མྱ་ངན་ལས་འདས་པའི་ཚེ་མེ་ཏོག་དེ་བསྐམས་བར་གྱུར་ཏོ། །དེ་བས་ཀྱང་གསང་སྔགས་རྡོ་རྗེའི་ཐེག་པ་རྙེད་པར་དཀའ་སྟེ། ཅིའི་ཕྱིར་ན་ཐབས་དང་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་འཕྲུལ་གསང་ཆེན་པོའི་མིག་འཕྲུལ་ལྟ་བུར་གྲོལ་བའི་ལམ་ཡིན་པའི་ཕྱིར་ཏེ། འདི་ལྟད་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བ་ཙམ་གྱིས་བསྐལ་པ་བྱེ་བ་དུ་མར་བསགས་བའི་སྡིག་པའི་ལས་ཇི་སྙེད་པ་ཟད་པར་འགྱུར་བ་དང་། སྔགས་སྤྱོད་ཀྱི་བརྟུལ་ཞུགས་མཚན་ཉིད་པར་གནས་ན་ཚེ་གཅིག་ལུས་གཅིག་ལ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྦྱོར་བའི་ཕྱིར་ཁྱེད་ཅག་གིས་བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་རླབས་པོ་ཆེ་བས་གས་ཤིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་བ་ཆོས་ཅན། དེ་བས་ན་རིགས་ཀྱི་བུ་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས༑ དེ་རིང་རྙེད་པ་ཆེན་པོ་རྙེད་པའི་རྟེན་འབྲེལ་མངོན་དུ་གྱུར་པས་སྤྲོ་བར་གྱིས་ཤིག་ །སང་ནངས་པར་དཀྱིལ་འཁོར་ཆེན་པོར་རབ་ཞུགས་ནས། བདག་ཉིད་ཆེན་པོ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་གོ་འཕང་རྒྱུད་ལ་བཞག་ནས་རང་བྱུང་གི་སྐལ་བ་ཆེན་པོ་ཐམས་ཅད་གཟིགས་ཤིང་ཐམས་ཅད་མཁྱེན་པའི་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བར་གདོན་མི་ཟ་བས་དགའ་བ་དང་སྤྲོ་བའི་འདུ་ཤེས་ཡང་དག་པར་བསྐྱེད་པར་གྱིས་ཤིག་ །ཅེས་སྤྲོ་བ་བསྐྱེད་ཅིང་དགེ་བ་སྔོས་ནས་གྲོལ་ལོ། །དེའི་ཚེ་རྨི་ལས་བརྟག་པ་ནི། འཇམ་དཔལ་རྩ་རྒྱུད་ལས། དང་པོའི་ཐུན་གྱི་རྨི་ལམ་གང་། བད་ཀན་ལས་བྱུང་ཤེས་པར་བྱ་

(༣༦༦)གཉིས་པར་གང་བྱུང་མ་ཁྲིས་པ་སྟེ། །འཇིག་རྟེན་ལ་ཡོད་སྨད་པ་ཡིན། །གསུམ་བ་རླུང་བྱུང་ཤེས་པར་བྱ། །བཞི་པ་བདེན་པར་འབྱུང་བ་ཡིན། །ཞེས་མཚན་མོའི་ཆ་མཐུན་བཞིར་བཅད་པའི་ཐམ་ཐ་རེངས་ཀྱི་ཆ་ལ་བརྟག་པར་བྱ་ཞིང་། དེའང་ཉང་གཏེར་འཕྲོ་འདུལ་ལས། །རྨི་ལམ་ན་ཉི་མ་ཤར་བ་དང་༔ གོས་གསར་གྱོན་པ་དང་༔ མགོན་ལ་མེ་ཏོག་གི་ཐོད་བཅིངས་པ་དང་༔ སྐས་དང་གྱེན་ལ་འཛེགས་པ་ལ་སོགས་པ་བཟང་བས་ལེགས༔ ཞེས་དང་། ངན་པ་ནི། ཐུང་ལ་འགྲོ་དང་གོས་ནག་གྱོན༔ ཐང་ལ་ཉལ་བ་ལ་སོགས་པ༔ ཞེས་བཤད་པས་མཚོན་ཏེ། རྡོ་རྗེ་སློབ་དཔོན་གྱིས་དགོངས་པས་དམག་ཤེས་པར་བྱས་ལ། དགེ་ན་སྤྲོ་བ་བསྐྱེད་ཅིང་དགའ་སྤྲོའི་བདུད་མ་ཞུགས་པ་དང་། ངན་ན་ཚོགས་གཏེར་སྦྱིན་སྲེག་ལ་སོགས་བས་ཀུན་རྫོབ་ཏུ་བཟློག་ཅིང་། དོན་དམ་བར་རྣམ་སྣང་མངོན་བྱང་ལས། །ཡང་ན་དངོས་ཉམས་རྨི་ལམ་དང་། །དྲི་བྲོའི་གྲོང་ཁྱེར་བཞིན་གཤེས་ནས། །བློ་དང་ལྡན་པས་རྨི་ལམ་རྣམས༑ །སྙིང་པོ་མེད་པར་ཤེས་པར་བྱ། །ཞེས་པ་སྟར་དགེ་མི་དགེའི་རྟོག་པ་འོད་གསལ་གཉུག་མའི་ཤེས་རིག་བརྗོད་དུ་མེད་བའི་དང་དུ་ཟིལ་གྱིས་ནོན་པར་བྱའོ། །དེ་ལྟའི་ལས་རིམ་ལ་སོ་ཤིང་བྱང་ཆུབ་ཤིང་དྲུང་སངས་རྒྱས་བ་དང་། ཁྱོར་ཆུ་བདུད་རྩི་མྱངས་པ། །སྲུང་སྐུད་བྱང་སེམས་འཛག་མེད་བཅིང་བ། ཀུ་ཤ་སྙན་ལ་མཉམ་པར་གཞག་བའི་ཆུལ་དང་དག་པ་སྦྱོར་བའང་ཡོད་དོ། །གསུམ་པ་དཀྱིལ་འཁོར་བཞེང་པའི་བྱ་བ་ལ་གཉིས། དཀྱིལ་འཁོར་བྲི་བ་དང་། རྒྱན་དགྲམ་བའོ། །དང་པོ་ལ་གཉིས། ཐིག་གདབ་བ། ཚོན་བཀྱེ་བའོ། །དང་པོ་ནི། སྒྱུ་འཕྲུལ་རྩ་རྒྱུད་ལས། འབྲུ་ལྔ་སྤྲོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཉིད་རབ་བསྐམས་ལ། ཞེས་པ་ལྟར་རྫས་ལྔ་ཚན་དྲུག་དང་བ་བྱུང་ལྟས་གང་དུ་དཀྱིལ་འཁོར་བྱ་བའི་ལ་ཁྱེམ་མེད་པར་བྱུག་ཅིང་བསྐྱང་ནུལ་ལེགས་པར་བྱ་རྗེས། དཔའ་བོའི་བདག་པོས་ཇི་ལྟར་བུ་རྩེ་གས་པ་འདོད་པ་བཞིན་སྤྲད་པ་ཡིན། རིན་གྱིས་ཉོས་པའི་རས་བྲལ་སོགས་གྱི་རྒྱུ་ལས་གཞོན་ནུ་མ་མཚན

(༣༦༧)ལྡན་གྱིས་བཀལ་བའི་སྲད་བུ་ཁ་དོག་ལྔ་པའམ། ལྔ་ཚན་ལྔའི་བདག་ཉིད་ཅན་རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། སྦོམ་ཕྲ་སྒོའི་ཉི་ཤུ་ཆ་ཙམ་དུ་བྱས་པ་དཀྱིལ་འཁོར་གྱི་དབུས་སུ་གཞག་ །སློབ་དཔོན་དང་གཟུངས་མ་གཙོ་བོ་ཡབ་ཡུམ་གྱི་ད་རྒྱལ་ལ་གནས་པས། ཐིག་སྐུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་དང་ལས་ཡིག་འགྲུ་ལྔ་ལས་ཐིག་སྐུད་རིགས་ལྔ་ཡབ་ཡུམ་གྱི་ངོ་བོར་གྱུར་པ་བདག་ཉིད་ཀྱི་སྐུར་བསྡུས། བྱང་ཆུབ་ཀྱི་སེམས་ཞུ་བ་ཡུམ་གྱི་མཁའ་ལ་སྤྲོས། །ཛཛཛ ཞེས་རླུང་གི་འགྲོ་ལྡོག་དང་སྦྱར་ནས་ཡུམ་ལ་གཏད། དེས་བླངས་ཏེ་ཅིག་ཏུ་དྲིལ་ནས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས། སློབ་དཔོན་ཤར་དང་གཟུངས་མ་ནུབ་ཏུ་ཞལ་ཕྱོགས་པས། ཨེ་མ་རིགས་ལྔའི་སངས་རྒྱས་གཙོ། །བླ་མ་རིག་འཛིན་ལྷ་ཚོགས་རྣམས། །འགྲོ་དོན་མཛད་དུས་འདི་ལགས་པས། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཀུན་བཟང་ཐིག་མཆོག་གདབ་ཏུ་གསོལ། །ཧཱུྃ་ཛྙཱ་ན་མདྷ་ལ་ཧཱུྃ། ཞེས་ལན་གསུམ་བརྗོད་ཅིང་སེ་གོལ་གཏོག་པ་དང་སྒྲག་ནམ་མཁའི་དབྱིངས་ལ་ཡེ་ཤེས་ཀྱི་ཐིག་བཞིའམ། བརྒྱད་དམ། བཅུ་དྲུག་ལ་སོགས་ཐིག་སྐོར་མ་འཁྲུལ་བར་གདབ་པས་ཐིག་སྒྲས་བསྐུལ་ཏེ་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྟེང་གི་ནམ་མཁའ་ལ་ཁྲལ་མ་གྱིས་གསལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཕན་ཚུན་གཉིས་ཀའི་ལྷ་བའི་ཐད་ཀའི་བར་སྣང་ལ་གཡས་པའི་མཐེབ་མཛུབ་ཀྱིས་བཟུང་། གཡོན་པས་ཐིག་སྐུད་བརྐྱང་ངོ། ཐམས་ཅད་ཀྱང་སྤྲིན་ཕུང་འཁྲིགས་པ་ལྟར་བྱོན་ཏེ་སྟེང་གི་ནམ་མཁར་བཞུགས་པར་བསམས་ལ་མཆོད་བསྟོད་ཅི་རིགས་སུ་བྱའོ། །གཞན་དུ་ལྷ་སྟ་གོན་ཚེ་ལས་ཐིག་རྫོགས་པར་གདབ་ནས། འདིར་ཡེ་ཐིག་ནི་ཚངས་ཐིག་གཉིས་ཙམ་ལས་མི་གདབ་ཅིང་། དེ་ཡང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་ཏེ་ཐིལ་སྐུད་ལ་ཐིམ། དེ་ལས་ཐིག་སྐུད་གཉིས་པ་ཞིག་ཆད་པར་བསམ་པ་དང་ལས་ཀྱི་ཐིག་གི་ཚངས་པ་གཉིས་པོའི་སྟེང་རེ་རེ་ནས་གདབ་ཅིང་། དེ་རྗེས་

(༣༦༨)ལས་ཐིག་ཐམས་ཅད་ཀྱི་སྟེང་དུ་ཡེ་ཐིག་རྫོགས་པར་གདབ་པ་ལས། ནམ་མཁར་བྲི་བྱའི་དཀྱིལ་འཁོར་ལ་གསལ་བ་སོགས་བླ་མེད་རྒྱ་གཞུང་གི་དགོངས་པ་མ་ཡིན་ཞེས་ཟེར་མོད། སློབ་དཔོན་སངས་རྒྱས་གསང་བས་སྤྱོད་རྒྱུད་ལ་དེ་ལས་ལྡོག་པར་བཤད་པས། དེ་ལྟ་ན་དཀྱིལ་འཁོར་གྱི་ལས་ལ་བྱ་བ་མང་བ་བཞིན་དུ་ཚོགས་གསོག་ཕུལ་ཆེ་བར་བཤད་པའང་ཡོད་པས་བླ་མེད་ལ་དེ་ལྟར་མི་རུང་བའི་དམ་བཞག་བྱེད་མི་དགོས་ཏེ། ཅིའི་ཕྱིར་ན་དགག་བྱར་མིགས་བསལ་མེད་ལ་དགོས་སོ་ལྷག་པོར་ཡོད་པའི་ཕྱིར་རོ། དེ་ནས་ལས་ཐིག་གདབ་པ་ནི། ཐིག་སྐུད་ཟུར་དུ་ཡོད་པའམ། མེད་ན་ལེ་ཐིག་གདབ་མ་ཐག་པའི་ཐིག་སྐུད་ཀྱི་ཡེ་ཤེས་པ་བཛྲ་མུས་གཤེགས་སུ་གསོལ་བའི་སྲད་བུ་དེ་ཁས་ཀྱང་རུང་སྟེ། དེ་ཉིད་བདུད་རྩི་ལྔ་དང་དཀར་ཆལ་གྱིས་སྤགས་ལ་སྔ་མ་ལྟར་ཕྱོགས་མ་འཁྲུལ་བས་ཐིག་གདབ་པ་ནི། ཤར་ནུབ་ལྷོ་བྱད་ཚངས་ཐིག་གཉིས། །མེ་རླུང་སྲིན་དབང་ཟུར་ཐིག་གཉིས། །བྱ་རྗེས་བཙལ་ལ་ལག་ལེན་ལྟར། །གདབ་བྱས་ཐིག་ཆེན་བརྒྱད་ཀྱི་ཆ། །ལེགས་པར་དོང་པའི་གྲྭ་བཞིའི་ཁྱན། །ཆེ་ཆེན་བཅུ་དྲུག་དག་ཏུ་བོག། །དེ་ནས་ཚངས་ཐིག་གཉིས་པོ་ཡི། །གཡས་གཡོན་ཆ་ཆེན་ནས་བརྩམས་ཏེ། །དང་པོ་ཕྱེད་གདབ་ཕྱི་མའང་གདབ། །གཉིས་བ་ཆ་བཞིར་བགོ་་བར་བྱ། །གསུམ་བཞི་མི་གདབ་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་བཞིར་བགོ་བརྒྱད་དབུས་དོར། །ཕྱི་རིམ་པད་རྭ་ཆ་ཆེན་ཕྱེད། །འོད་ལྔའི་མུ་ཁྱུད་ཆ་ཕྲན་ཅིག་ །དེའི་ཕྱི་དུར་ཁྲོད་ཆ་ཆེན་ཅིག་ །རྡོ་རྗེའི་རྭ་བ་ཆ་ཕྲན་གཉིས། །མེ་རི་ཆ་ཆེན་གཅིག་རྣམས་ཏེ། །དེ་དག་རྣམས་ནི་ཟླུམ་པོར་བསྐོར། །ལྟེ་བ་ཟླུམ་པོ་སྒོ་ཚད་ཕྱེད། །དེ་ཡི་མུ་ཁྱུད་ཆ་ཕྲན་གཅིག་ །འཁོར་ལོ་རྩིབས་བརྒྱད་ཆ་ཆེན་བྱེད། །དེའི་ཕྱི་པད་འདབ་ཉིས་རིམ་ལ། །སྒོ་ཚད་ཕྱེད་ཕྱེད་འདབ་མ་བརྒྱད། །མཐའ་ལ་འོད་ལྔའི་མུ་ཁྱུད་བསྐོར། །གསེར་ཁྱམས་ཁྲག་ཁྱམས་གཉིས་པོ་ལ། །ཆ་ཕྲན་ཕྱེད་གསུམ་མ་འདྲེས་ཕྱེ། །སྒོ་བཞི་རྟ་

(༣༦༩)བབས་རྣམ་བཞི་དང་། གླང་རྒྱབ་མིག་གསུམ་རྡོར་སསོགས། །དགོངས་འདུས་བཞིན་དུ་ཤེས་པར་བྱ། དེའི་ཚེ་ཇི་སྐད་དུ། སྐུད་པ་ཆད་ན་སློབ་དཔོན་འཆི

(༣༦༡)ལས༑ རིན་འབྱུང་གི་ས་བོན་རྣ་བར་བསྐུར་ཏེ། ཧཱུཾ་ཉན་བྱེད་སྣང་བའི་དབང་པོ་ནི། རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས། །ཉན་པ་སངས་རྒྱས་ཐམས་ཅད་གསུང་། །ཐོས་པ་རང་གྲོལ་མཉམ་ཉིད་དང་། །ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། སྣང་མཐའི་ས་བོན་ལྕེ་ལ་བསྐུར་ཏེ། ཧཱུཾ་སྨྲ་བྱེད་ལྕེ་ཡི་དབང་པོ་ནི། སྣང་བ་མཐའ་ཡས་དེ་བཞིན་གཤེགས། བརྗོད་པ་ཐམས་ཅད་སངས་རྒྱས་སྒྲ། །བརྗོད་པ་རང་གྲོལ་སོར་རྟོག་དང་། །ཧྲཱིཧྲཱིཧྲཱིཧྲཱིཧྲཱི མི་བསྐྱོད་པའི་ས་བོན་སྙིང་གར་བསྐུར་ཏེ། ཧཱུྃ་བསམ་པར་བྱེད་པ་སེམས་ཀྱི་རྟེན། མི་བསྐྱོད་རྒྱལ་བོ་དེ་བཞིན་གཤེགས། །ཙིཏྟ་ཀུན་བཟང་རྡོ་རྗེ་འཛིན། །དྲན་པ་རང་གྲོལ་ཆོས་དབྱིངས་དང་། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། དོན་གྲུབ་ཀྱི་ས་བོན་ཡན་ལག་ལྔར་བསྐུར་ཏེ་།ཧཱུྃ་བྱ་བ་བྱེད་པ་ཡན་ལག་ལྔ། །དོན་ཡོད་གྲུབ་པ་དེ་བཞིན་གཤེགས། །བྱ་སྤྱོད་སྤྱོད་པ་སངས་རྒྱས་མཛད། །འདུ་བྱེད་རང་གྲོལ་བྱ་གྲུབ་དང་། །ཧཱ་ཧཱ་ཧཱ་ཧཱ་ཧཱ༔རྣམ་སྣང་གི་ས་བོན་སྙིང་གར་བསྐུར་ཏེ། །ཧཱུཾ་རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །བདག་ཉིད་ཁྱབ་བདག་ཀུན་ཏུ་བཟང་། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །འགུལ་བསྐྱོད་བདེ་བའི་ཕྱག་རྒྱ་ཆེ། །ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། གཉིས་པ་སོ་ཤིང་དོར་བ་ནི། །བཤད་རྒྱུད་རྡོ་རྗེཕྲེེང་བ་ལས། །ད་ནས་རྡོ་རྗེ་འཆང་གི་ནི། །སོར་ནི་བཅུ་གཉིས་གཞལ་པ་ཡིས། །ཟུར་ནི་གསུམ་དུ་ཡོངས་སུ་བྱ། །ཞེས་བཤད་པ་ལྟར་ལས། ཨ་ཤྭཏྠ་དང་ཨུ་དུ་མ་ལྦཱ་རའམ། །འོ་མ་ཅན་གྱི་ཤིང་ལ་སོགས་བྱང་ཆུབ་ཀྱི་རིགས་དང་ལྡན་པ་བུ་ག་འཛེར་པ་ཡོ་འཁྱོག་ལ་སོགས་པའི་སྐྱོན་དང་བྲལ་ཞིང་། །རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡར་སོར་མོ་བཅུ་གཉིས་པའམ། ཡང་ན་རྣམ་ཤེས་ཚོགས་བརྒྱད་དང་སྦྱར་བའི་སོར་མོ་བརྒྱད་པ་སྟེ། ཇི་ལྟར་ཡང་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་ཤིང་། རྩ་བ་ཕུར་པའི་རྣམ་པ་ཅན་དྲི་བཟང་གིས་བྱུགས་ལ་སྲད་བུ་དམར་པོས་བཅིངས་པ། བདུད་རྩི་འཁྱིལ་པའི་སྡེགས་ལན་བདུན་བཟླས་པས་ཆུས་བྱིན་

(༣༦༢)གྱིས་བརླབས་པས། སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་ཅན་དུ་གྲུབ་པ་དེ་ཤུ་འཕྲུལ་ལས། ལག་མཐིལ་སོ་ཤིང་ཀུ་ཤ་སྦྱིན། །ཞེས་པ་ལྟར་སློབ་མའི་ལག་ཏུ་བྱིན། སྔར་ཉེར་བ་སྔོོགས་བྱས་པའི་མཎྚལ་ལ་རྭ་བ་རེ་ཁཱ་དཀར་པོས་བྲིས་པའི་པད་འདབ་བརྒྱད་མུ་ཁྱུད་ཀྱིས་བསྐོར་བའམ། ཡང་ན་ཁྲུ་གཨང་གྲུ་བཞི་པའི་མཎྚལ་ལ་དྲི་དང་བ་བྱུང་གིས་སྤགས་པའི་ཚོམ་བུ་དགུ་བཀོད་པ་མདུན་དུ་བརྡར་བའི་ཤར་མཆན་མ་ནོར་བར་བཀོད། ཧཱུྃ་ལས་བྱུང་བའི་སོ་ཤིང་སློབ་མའི་ལག་གཉིས་མཁའ་དབྱིངས་ཀྱི་རྒྱས་བཟུང་ཞིང་། རྩེ་མོས་ལྗགས་བཞར། རྩ་བས་སོ་དྲུད་པས་ཚེ་རབས་སུ་བསྔགས་པའི་སྡིག་སྒྲིབ་ཐམས་ཅད་དག་པ་དང་། རང་གི་དངོས་གྲུབ་ཇི་ལྟར་ཐོབ་པའི་མཚན་མ་གསལ་བར་བསྟན་དུ་གསོལ་སྙམས་པས། ཤར་རམ་བྱང་དུ་ཁ་བལྟས་ལ། །ཧོ་བླ་མས་བསྒོ་བ་ཇི་བཞིན་སོ་ཤིང་དོར། །བླ་མ་རིག་འཛིན་སྐུ་གསུང་ཐུགས་མཆོག་གི། ཡེ་ཤེས་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །དབུས་ཕྱོགས་མེ་རི་འབར་པར་འབབ་པར་ཤོག །ཨོཾ་བཛྲ་ཧ་ས་ཧ། ཞེས་མིག་གཉིས་བཙུམ་ལ་ལྟོས་མེད་དུ་དོར་བས་དགེ་མི་དགེའི་མཚན་མ་དང་། །ངན་ན་བཟློག་ཐབས་ནི། ཇི་སྐད་དུ། ཕྱོགས་བཞི་དབུས་དང་ལྔར་བབས་ན། །རིགས་ལྔ་གང་ཡིན་དངོས་གྲུབ་ཐོབ། །མཚམས་སུ་ཕྲན་ཚོགས་སྟེང་མཁའ་སྤྱོད། །འོག་ཏུ་རྩེ་བསྟན་ས་སྤྱོད་དང་། །རྩ་བ་རང་ལ་བསྟན་པ་ན། །ལན་གསུམ་སླར་ལ་བསྐྱར་ཞིང་འཕངས། །གཡས་སུ་ཡོན་ཚེ་ཐར་གཏང་། །གཡོན་དུ་གཡོན་སྦྱིན་པ་བཀྱེ། །ཕྲེད་གསག་མར་མེ་བརྒྱ་རྩ་སྤར། །ཀུན་ངན་སྒྲུབ་ལ་བར་ཆད་འབྱུང་། བསག་སྦྱང་དགེ་བ་རླབས་ཆེན་བྱ། །ཞེས་སོ། གསུམ་པ་ཁྱོར་ཆུ་སྦྱིན་པ་ནི། དུང་ཞལ་གྱི་ཆུ་བཾ་ལས་བདུད་རྩིའི་རྒྱ་མཚོར་བསམ་ལ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པ་འཐུང་དུ་བཅུག་བས་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་། །རྣམ་རྟོག་བག་ཆགས་ཅང་བཅས་པ་བཀྲུས་པའི་མོས་པ་བྱེད་དུ་གཞུག་ཅིང་། སློབ་དཔོན་གྱིས་ཨོཾ་སྔར་དོན་ཨོཾ་གྱིས་

(༣༦༣)མགོ་དྲངས་སུ་རྡོ་རྗེའི་ས་བོན་གྱིས་པོས་ནས། ཆོས་ཐམས་ཅད་རྣམ་བར་དག་པ་ཡིན་བས་ཕུང་པོ་འདིའི་སྡིག་པ་རྣམ་བར་སངས་རྒྱས་ཤིག་རྣམ་བར་རྟོག་པ་ཐམས་ཅད་བསལ་བར་མཛོད་ཅེས་པ་ཡིན་ནོ། །ཧྲཱིབི་ཤུདྡྷ་སརྦ་དྷརྨ་པཱ་བི་ཤུདྡྷ་ནི་ཙཱ་སྱ་བི་ཤོདྷ་ཡ་སརྦ་བི་ཀ་ལྤནྡ་ཨ་བ་ན་ཡ་ཧཱུྃ། ཞེས་ལག་བ་གཡས་སུ་གསུམ་བྱིན་ཞིང་བཏུང་བའི་ལྷག་མ་དཔུང་པ་གཡོན་གྱི་ཕྱོགས་ནས་རྒྱབ་ཏུ་དོར་བས་སྒོ་གསུམ་གྱི་དྲི་མདག་པར་བསམ་མོ། །བཞི་པ་བསྲུང་སྐུད་བཅིང་བ་ནི། སློབ་བུའི་ལུས་ཚད་དང་མཉམ་པའི་སྲད་བུ་དམར་པོའམ། ཁ་དོག་ལྔ་ལྡན་སུམ་བལྟ་བ་ཏུ་བྱས་པ་ཧཱུཾ་ལས་སྐྱེས་པའི་སྲས་བུར་མོས། སྒོ་གསུམ་བྱིན་གྱིས་རློབ་ཕྱིར་རྡོ་རྗེའི་མདུད་པ་གསུམ་དུ་བྱས་བ་ལས་ཆུས་བསངས་ཤིང་རྩ་སྔགས་ཀྱིས་བྱིན་གྱིས་བརླབས་ལ། རྗེས་ཟློས་བྱ་བ་ན། ཧོ་བླ་མས་གནང་བའི་སྲུང་སྐུད་ལྔ་ལྡན་གྱི། །བསྲུངས་པས་བདག་ཉིད་ཁྲོ་རྒྱལ་སྐུར་གྱུ་ནས། །སྟོང་ཕྲག་བརྒྱད་བཅུའི་བགེགས་རིགས་ཐམས་ཅད་ཀྱང་། །རྡུལ་ཕྲན་བཞིན་དུ་བཏལ་ཞིང་བརླག་པར་ཤོག་ །ཅེས་གྲུབ་རྗེས་སློབ་དཔོན་གྱིས་སློབ་མའི་ཁམས་དཀར་དམར་གྱི་ཆའི་བར་ཆད་ཆེ་ཆུང་གི་སྒོ་ནས་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་བཅིངས་ཤིང་། ཨོཾ་སརྦ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཾ་སྭཱ་ཧཱ། ཞེས་བཟླས་ལ། དེ་ཡང་ཉིས་རིམ་དུ་འཆིང་བ་ནི་ཉིན་མཚན་ནམ་ཕྱི་ནང་གི་བར་ཆད་བསྲུང་པའི་རྟེན་འབྲེལ་ལོ། །སླར་ཡང་རྡོ་རྗེ་དང་བཅས་བའི་དྲིའི་ཆུས་མདུད་པ་ལ་རྒྱ་གྲམ་དུ་རེག་ཅིང་། ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བསྡོད་པས་ལུས་རྡོ་རྗེའི་གོ་ཆས་བ་ཞུ་གླུགས་སུ་གཡོགས་པ་ལ་རྡོ་རྗེ་རྒྱ་གྲམ་གྱི་མདོ་འཛིན་རེས་མཚན་པར་སྒོམ་མོ། །ལྔ་པ་ཀུ་ཤ་བྱིན་པ་ནི། །ཀུ་ཤ་བསངས་ཆུས་འཐོར་ཞིང་། ཨོཾ་བཛྲ་ཏི་ཀྵྞདྷི ཨོཾ་བཛྲ་རཀྵ་ཧཾ། ཀུ་ཤ་མིད་མིགས་པའི་དང་ལས་ཆེ་བ་ཧཱུྃ་དང་། ཆུང་བདྷིལས་བྱུང་བའི་ཀུ་ཤའི་ཆུན་པོ་སྡོ་ལྗང་རྩྭ་རྩེ་མ་ཉམས་བ་རྨི་ལམ་མི་འཕྱུགས་པའི་ནུས་བཅན་དུ་གྱུར་། ཅེས་བརྗོད་ཅིང་བསམས་ནས། ས་བོན་གཉིས་ལན་བདུན་བཟླས། སློབ་

(༣༦༤)མས༑ ཧོ བླ་མས་གནང་བའི་རྩྭ་མཆོག་ཉལ་སྔས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་བདག་གི་ལུས་ཞུགས་ནས། །བླ་མ་རིག་འཛིན་འཁོར་དང་བཅས་པ་ཡིས། །གྲུབ་རྟགས་མཚན་མ་བདག་ལ་བསྟན་དུ་གསོལ། །ཞེས་བའི་མཐར་སློབ་དཔོན་གྱིས་ས་ཕོན་ཆེ་བ་སྟན་གྱི་དོན་དུ་ལག་གཡོན་དང་། ཆུང་བ་སྔས་ཀྱི་དོན་དུ་གཡས་པར་བཟུང་བསྣོལ་ནས་གཏོད་ཅིང་། ཨོཾ་བཛྲ་ཏིཀྵྞ་བཾ། ཞེས་བརྗོད། །སློབ་མས། ཨོཾ་བཛྲ་ཏིཀྵྞ་སིདིྡྷ་ཧཱུྃ་ཞེས་བླང་། དེ་ནས་སློབ་དཔོན་གྱིས། འོ་དོ་ནུབ་རང་རང་གི་གནས་སུ་བླ་མ་དང་དཀྱིལ་འཁོར་ལ་མོས་པ་རྩེ་གཅིག་པས་སེང་གེའི་ཉལ་སྟབས་ཀྱི་སྔས་བྱང་དུ་སྟོན་ལ། བདུད་རྩི་འཁྱིལ་པའི་སྔགས་བཟླ་བཞིན་པར་ཉལ་བར་བྱོས་ཤིག་ །དེ་ལྟར་ཉལ་ནས་ནངས་པར་དགེ་མི་དགེའི་རྨི་ལམ་ཐམས་ཅད་ངལ་སྨྲོས་ཤིག་ །ཅེས་བསྒོ། དྲུག་པ་གསང་སྔགས་ལ་སྤྲོ་བ་བསྐྱེད་ཕྱིར་ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུ་མ་ལྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་དེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འགའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་པ་ནི། །གོ་འཕད་བླ་ན་མེད་པར་འགྱུར། །ཅེས་རྣམ་སྣང་མངོན་བྱད་ལ་བཤད་པ་སྟེ། །དེའང་འདི་ལྟར་འཇིག་རྟེན་ན་དཀོན་པའི་དངོས་པོ་གང་ཞེན་ཀུན་མཁྱེན་སྟོན་པ་རྫོགས་པའི་སངས་རྒྱས་ཏེ། དེ་འབྱུང་བར་དཀའ་པའི་དཔེ་ནི་ཨུ་དུ་མ་ལྦཱ་རའི་མེ་ཏོག་བཞིན་ཏེ། རྒྱུ་མཚན་ཅིའི་ཕྱིར་ན། ཨུ་དུ་མ་ལྦཱ་རའི་མེ་ཏོག་དེ་ཡང་སངས་རྒྱས་འཇིག་རྟེན་ན་བྱོན་དུས་ལན་རེ་འབྱུང་བ་ལས་གཞན་དུ་ནི་འགའ་ཡང་མ་ཡིན་ནོ། །དེ་ཡང་འདི་སྟ་ལྟི། གཟིགས་པ་རྣམ་བ་ལྔ་ལས་རྒྱལ་

(༣༦༥)རིགས་དང་། བྲམ་ཟེའི་རིགས་ཏེ་ཆེ་ཞིང་བཙུན་པའི་རིགས་ལ་གཟིགས་པའི་རྒྱལ་རིགས་སུ་འབྱོན་ན་མེ་ཏོག་དཀར་པོ་དང་བྲམ་ཟེའི་རིགས་སུ་འབྱོན་ན་སེར་པོ་འབྱུང་བའོ། །དེའི་ཕྱིར་དང་པོ་ཐུགས་བསྐྱེད་པ་ན་མེ་ཏོག་གི་རྒྱུའི་ས་བོན་འབྱུང་ངོ། །ཡུམ་གྱི་ལྷུམས་སུ་ཞུགས་བ་ན་ཁ་འབུས། བལྟམས་པ་ན་སྤལ་མིག་ཁ་ཕྱེ། གཞོན་ནུའི་རོལ་རྩེད་མཛད་པ་ན་ཆེས་ཆེར་རྒྱས། དཀའ་ཐུབ་ཀྱི་ཚེ་ཅུང་ཟད་རིང་། སངས་རྒྱས་བན་ལྷན་ནེར་འབར། ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས། མྱ་ངན་ལས་འདས་པའི་ཚེ་མེ་ཏོག་དེ་བསྐམས་བར་གྱུར་ཏོ། །དེ་བས་ཀྱང་གསང་སྔགས་རྡོ་རྗེའི་ཐེག་པ་རྙེད་པར་དཀའ་སྟེ། ཅིའི་ཕྱིར་ན་ཐབས་དང་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་འཕྲུལ་གསང་ཆེན་པོའི་མིག་འཕྲུལ་ལྟ་བུར་གྲོལ་བའི་ལམ་ཡིན་པའི་ཕྱིར་ཏེ། འདི་ལྟད་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བ་ཙམ་གྱིས་བསྐལ་པ་བྱེ་བ་དུ་མར་བསགས་བའི་སྡིག་པའི་ལས་ཇི་སྙེད་པ་ཟད་པར་འགྱུར་བ་དང་། སྔགས་སྤྱོད་ཀྱི་བརྟུལ་ཞུགས་མཚན་ཉིད་པར་གནས་ན་ཚེ་གཅིག་ལུས་གཅིག་ལ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྦྱོར་བའི་ཕྱིར་ཁྱེད་ཅག་གིས་བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་རླབས་པོ་ཆེ་བས་གས་ཤིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་བ་ཆོས་ཅན། དེ་བས་ན་རིགས་ཀྱི་བུ་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས༑ དེ་རིང་རྙེད་པ་ཆེན་པོ་རྙེད་པའི་རྟེན་འབྲེལ་མངོན་དུ་གྱུར་པས་སྤྲོ་བར་གྱིས་ཤིག་ །སང་ནངས་པར་དཀྱིལ་འཁོར་ཆེན་པོར་རབ་ཞུགས་ནས། བདག་ཉིད་ཆེན་པོ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་གོ་འཕང་རྒྱུད་ལ་བཞག་ནས་རང་བྱུང་གི་སྐལ་བ་ཆེན་པོ་ཐམས་ཅད་གཟིགས་ཤིང་ཐམས་ཅད་མཁྱེན་པའི་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བར་གདོན་མི་ཟ་བས་དགའ་བ་དང་སྤྲོ་བའི་འདུ་ཤེས་ཡང་དག་པར་བསྐྱེད་པར་གྱིས་ཤིག་ །ཅེས་སྤྲོ་བ་བསྐྱེད་ཅིང་དགེ་བ་སྔོས་ནས་གྲོལ་ལོ། །དེའི་ཚེ་རྨི་ལས་བརྟག་པ་ནི། འཇམ་དཔལ་རྩ་རྒྱུད་ལས། དང་པོའི་ཐུན་གྱི་རྨི་ལམ་གང་། བད་ཀན་ལས་བྱུང་ཤེས་པར་བྱ་

(༣༦༦)གཉིས་པར་གང་བྱུང་མ་ཁྲིས་པ་སྟེ། །འཇིག་རྟེན་ལ་ཡོད་སྨད་པ་ཡིན། །གསུམ་བ་རླུང་བྱུང་ཤེས་པར་བྱ། །བཞི་པ་བདེན་པར་འབྱུང་བ་ཡིན། །ཞེས་མཚན་མོའི་ཆ་མཐུན་བཞིར་བཅད་པའི་ཐམ་ཐ་རེངས་ཀྱི་ཆ་ལ་བརྟག་པར་བྱ་ཞིང་། དེའང་ཉང་གཏེར་འཕྲོ་འདུལ་ལས། །རྨི་ལམ་ན་ཉི་མ་ཤར་བ་དང་༔ གོས་གསར་གྱོན་པ་དང་༔ མགོན་ལ་མེ་ཏོག་གི་ཐོད་བཅིངས་པ་དང་༔ སྐས་དང་གྱེན་ལ་འཛེགས་པ་ལ་སོགས་པ་བཟང་བས་ལེགས༔ ཞེས་དང་། ངན་པ་ནི། ཐུང་ལ་འགྲོ་དང་གོས་ནག་གྱོན༔ ཐང་ལ་ཉལ་བ་ལ་སོགས་པ༔ ཞེས་བཤད་པས་མཚོན་ཏེ། རྡོ་རྗེ་སློབ་དཔོན་གྱིས་དགོངས་པས་དམག་ཤེས་པར་བྱས་ལ། དགེ་ན་སྤྲོ་བ་བསྐྱེད་ཅིང་དགའ་སྤྲོའི་བདུད་མ་ཞུགས་པ་དང་། ངན་ན་ཚོགས་གཏེར་སྦྱིན་སྲེག་ལ་སོགས་བས་ཀུན་རྫོབ་ཏུ་བཟློག་ཅིང་། དོན་དམ་བར་རྣམ་སྣང་མངོན་བྱང་ལས། །ཡང་ན་དངོས་ཉམས་རྨི་ལམ་དང་། །དྲི་བྲོའི་གྲོང་ཁྱེར་བཞིན་གཤེས་ནས། །བློ་དང་ལྡན་པས་རྨི་ལམ་རྣམས༑ །སྙིང་པོ་མེད་པར་ཤེས་པར་བྱ། །ཞེས་པ་སྟར་དགེ་མི་དགེའི་རྟོག་པ་འོད་གསལ་གཉུག་མའི་ཤེས་རིག་བརྗོད་དུ་མེད་བའི་དང་དུ་ཟིལ་གྱིས་ནོན་པར་བྱའོ། །དེ་ལྟའི་ལས་རིམ་ལ་སོ་ཤིང་བྱང་ཆུབ་ཤིང་དྲུང་སངས་རྒྱས་བ་དང་། ཁྱོར་ཆུ་བདུད་རྩི་མྱངས་པ། །སྲུང་སྐུད་བྱང་སེམས་འཛག་མེད་བཅིང་བ། ཀུ་ཤ་སྙན་ལ་མཉམ་པར་གཞག་བའི་ཆུལ་དང་དག་པ་སྦྱོར་བའང་ཡོད་དོ། །གསུམ་པ་དཀྱིལ་འཁོར་བཞེང་པའི་བྱ་བ་ལ་གཉིས། དཀྱིལ་འཁོར་བྲི་བ་དང་། རྒྱན་དགྲམ་བའོ། །དང་པོ་ལ་གཉིས། ཐིག་གདབ་བ། ཚོན་བཀྱེ་བའོ། །དང་པོ་ནི། སྒྱུ་འཕྲུལ་རྩ་རྒྱུད་ལས། འབྲུ་ལྔ་སྤྲོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཉིད་རབ་བསྐམས་ལ། ཞེས་པ་ལྟར་རྫས་ལྔ་ཚན་དྲུག་དང་བ་བྱུང་ལྟས་གང་དུ་དཀྱིལ་འཁོར་བྱ་བའི་ལ་ཁྱེམ་མེད་པར་བྱུག་ཅིང་བསྐྱང་ནུལ་ལེགས་པར་བྱ་རྗེས། དཔའ་བོའི་བདག་པོས་ཇི་ལྟར་བུ་རྩེ་གས་པ་འདོད་པ་བཞིན་སྤྲད་པ་ཡིན། རིན་གྱིས་ཉོས་པའི་རས་བྲལ་སོགས་གྱི་རྒྱུ་ལས་གཞོན་ནུ་མ་མཚན

(༣༦༧)ལྡན་གྱིས་བཀལ་བའི་སྲད་བུ་ཁ་དོག་ལྔ་པའམ། ལྔ་ཚན་ལྔའི་བདག་ཉིད་ཅན་རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། སྦོམ་ཕྲ་སྒོའི་ཉི་ཤུ་ཆ་ཙམ་དུ་བྱས་པ་དཀྱིལ་འཁོར་གྱི་དབུས་སུ་གཞག་ །སློབ་དཔོན་དང་གཟུངས་མ་གཙོ་བོ་ཡབ་ཡུམ་གྱི་ད་རྒྱལ་ལ་གནས་པས། ཐིག་སྐུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་དང་ལས་ཡིག་འགྲུ་ལྔ་ལས་ཐིག་སྐུད་རིགས་ལྔ་ཡབ་ཡུམ་གྱི་ངོ་བོར་གྱུར་པ་བདག་ཉིད་ཀྱི་སྐུར་བསྡུས། བྱང་ཆུབ་ཀྱི་སེམས་ཞུ་བ་ཡུམ་གྱི་མཁའ་ལ་སྤྲོས། །ཛཛཛ ཞེས་རླུང་གི་འགྲོ་ལྡོག་དང་སྦྱར་ནས་ཡུམ་ལ་གཏད། དེས་བླངས་ཏེ་ཅིག་ཏུ་དྲིལ་ནས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས། སློབ་དཔོན་ཤར་དང་གཟུངས་མ་ནུབ་ཏུ་ཞལ་ཕྱོགས་པས། ཨེ་མ་རིགས་ལྔའི་སངས་རྒྱས་གཙོ། །བླ་མ་རིག་འཛིན་ལྷ་ཚོགས་རྣམས། །འགྲོ་དོན་མཛད་དུས་འདི་ལགས་པས། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཀུན་བཟང་ཐིག་མཆོག་གདབ་ཏུ་གསོལ། །ཧཱུྃ་ཛྙཱ་ན་མདྷ་ལ་ཧཱུྃ། ཞེས་ལན་གསུམ་བརྗོད་ཅིང་སེ་གོལ་གཏོག་པ་དང་སྒྲག་ནམ་མཁའི་དབྱིངས་ལ་ཡེ་ཤེས་ཀྱི་ཐིག་བཞིའམ། བརྒྱད་དམ། བཅུ་དྲུག་ལ་སོགས་ཐིག་སྐོར་མ་འཁྲུལ་བར་གདབ་པས་ཐིག་སྒྲས་བསྐུལ་ཏེ་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྟེང་གི་ནམ་མཁའ་ལ་ཁྲལ་མ་གྱིས་གསལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཕན་ཚུན་གཉིས་ཀའི་ལྷ་བའི་ཐད་ཀའི་བར་སྣང་ལ་གཡས་པའི་མཐེབ་མཛུབ་ཀྱིས་བཟུང་། གཡོན་པས་ཐིག་སྐུད་བརྐྱང་ངོ། ཐམས་ཅད་ཀྱང་སྤྲིན་ཕུང་འཁྲིགས་པ་ལྟར་བྱོན་ཏེ་སྟེང་གི་ནམ་མཁར་བཞུགས་པར་བསམས་ལ་མཆོད་བསྟོད་ཅི་རིགས་སུ་བྱའོ། །གཞན་དུ་ལྷ་སྟ་གོན་ཚེ་ལས་ཐིག་རྫོགས་པར་གདབ་ནས། འདིར་ཡེ་ཐིག་ནི་ཚངས་ཐིག་གཉིས་ཙམ་ལས་མི་གདབ་ཅིང་། དེ་ཡང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་ཏེ་ཐིལ་སྐུད་ལ་ཐིམ། དེ་ལས་ཐིག་སྐུད་གཉིས་པ་ཞིག་ཆད་པར་བསམ་པ་དང་ལས་ཀྱི་ཐིག་གི་ཚངས་པ་གཉིས་པོའི་སྟེང་རེ་རེ་ནས་གདབ་ཅིང་། དེ་རྗེས་

(༣༦༨)ལས་ཐིག་ཐམས་ཅད་ཀྱི་སྟེང་དུ་ཡེ་ཐིག་རྫོགས་པར་གདབ་པ་ལས། ནམ་མཁར་བྲི་བྱའི་དཀྱིལ་འཁོར་ལ་གསལ་བ་སོགས་བླ་མེད་རྒྱ་གཞུང་གི་དགོངས་པ་མ་ཡིན་ཞེས་ཟེར་མོད། སློབ་དཔོན་སངས་རྒྱས་གསང་བས་སྤྱོད་རྒྱུད་ལ་དེ་ལས་ལྡོག་པར་བཤད་པས། དེ་ལྟ་ན་དཀྱིལ་འཁོར་གྱི་ལས་ལ་བྱ་བ་མང་བ་བཞིན་དུ་ཚོགས་གསོག་ཕུལ་ཆེ་བར་བཤད་པའང་ཡོད་པས་བླ་མེད་ལ་དེ་ལྟར་མི་རུང་བའི་དམ་བཞག་བྱེད་མི་དགོས་ཏེ། ཅིའི་ཕྱིར་ན་དགག་བྱར་མིགས་བསལ་མེད་ལ་དགོས་སོ་ལྷག་པོར་ཡོད་པའི་ཕྱིར་རོ། དེ་ནས་ལས་ཐིག་གདབ་པ་ནི། ཐིག་སྐུད་ཟུར་དུ་ཡོད་པའམ། མེད་ན་ལེ་ཐིག་གདབ་མ་ཐག་པའི་ཐིག་སྐུད་ཀྱི་ཡེ་ཤེས་པ་བཛྲ་མུས་གཤེགས་སུ་གསོལ་བའི་སྲད་བུ་དེ་ཁས་ཀྱང་རུང་སྟེ། དེ་ཉིད་བདུད་རྩི་ལྔ་དང་དཀར་ཆལ་གྱིས་སྤགས་ལ་སྔ་མ་ལྟར་ཕྱོགས་མ་འཁྲུལ་བས་ཐིག་གདབ་པ་ནི། ཤར་ནུབ་ལྷོ་བྱད་ཚངས་ཐིག་གཉིས། །མེ་རླུང་སྲིན་དབང་ཟུར་ཐིག་གཉིས། །བྱ་རྗེས་བཙལ་ལ་ལག་ལེན་ལྟར། །གདབ་བྱས་ཐིག་ཆེན་བརྒྱད་ཀྱི་ཆ། །ལེགས་པར་དོང་པའི་གྲྭ་བཞིའི་ཁྱན། །ཆེ་ཆེན་བཅུ་དྲུག་དག་ཏུ་བོག། །དེ་ནས་ཚངས་ཐིག་གཉིས་པོ་ཡི། །གཡས་གཡོན་ཆ་ཆེན་ནས་བརྩམས་ཏེ། །དང་པོ་ཕྱེད་གདབ་ཕྱི་མའང་གདབ། །གཉིས་བ་ཆ་བཞིར་བགོ་་བར་བྱ། །གསུམ་བཞི་མི་གདབ་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་བཞིར་བགོ་བརྒྱད་དབུས་དོར། །ཕྱི་རིམ་པད་རྭ་ཆ་ཆེན་ཕྱེད། །འོད་ལྔའི་མུ་ཁྱུད་ཆ་ཕྲན་ཅིག་ །དེའི་ཕྱི་དུར་ཁྲོད་ཆ་ཆེན་ཅིག་ །རྡོ་རྗེའི་རྭ་བ་ཆ་ཕྲན་གཉིས། །མེ་རི་ཆ་ཆེན་གཅིག་རྣམས་ཏེ། །དེ་དག་རྣམས་ནི་ཟླུམ་པོར་བསྐོར། །ལྟེ་བ་ཟླུམ་པོ་སྒོ་ཚད་ཕྱེད། །དེ་ཡི་མུ་ཁྱུད་ཆ་ཕྲན་གཅིག་ །འཁོར་ལོ་རྩིབས་བརྒྱད་ཆ་ཆེན་བྱེད། །དེའི་ཕྱི་པད་འདབ་ཉིས་རིམ་ལ། །སྒོ་ཚད་ཕྱེད་ཕྱེད་འདབ་མ་བརྒྱད། །མཐའ་ལ་འོད་ལྔའི་མུ་ཁྱུད་བསྐོར། །གསེར་ཁྱམས་ཁྲག་ཁྱམས་གཉིས་པོ་ལ། །ཆ་ཕྲན་ཕྱེད་གསུམ་མ་འདྲེས་ཕྱེ། །སྒོ་བཞི་རྟ་

(༣༦༩)བབས་རྣམ་བཞི་དང་། གླང་རྒྱབ་མིག་གསུམ་རྡོར་སསོགས། །དགོངས་འདུས་བཞིན་དུ་ཤེས་བར་བྱ། །དེའི་ཚེ་ཇི་སྐད་དུ། སྐུད་པ་ཆད་ན་སློབ་དཔོན་འཆི། །ཐིག་སྣ་ཤོར་ན་སློབ་བུ་འཆི། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །དེ་ཕྱིར་མཁས་པས་བསྒྲིམས་ཏེ་བྱ། ཞེས་གསུངས་བས། རང་བཞིན་བག་ལ་ཉལ་གྱི་བསམ་པས་མ་ཡིན་པར་སྤྱོད་ལམ་ཤིན་ཏུ་གཟབ་པ་དང་ཡིད་གྲིམས་པར་བྱ་ཞིང་། འདིའི་ཚེ་ཐིག་ལ་འགོད་དགོས་ན་ཧྲཱིའིསྒྲས་ཐིག་མཁའ་ལ་བཏེག་པའི་འོག་ཏུ་འཛུལ་བར་བསམ་མོ། །གཉིས་པ་ཚོན་བཀྱེ་བ་ནི། ར་བ་རིན་པོ་ཆེ། འབྲིང་འབྲུ་སྨན། ཐམས་ཚོན་ཏེ་རང་གནས་ཀྱི་ཡེ་ཤེས་མཚོན་བའི་ཚོན་སྣ་ཁ་དོག་ལྔ་པ་སྣོད་སོ་སོར་ཕྱོགས་མ་འཁྲུལ་བར་བཀོད་ཅིང་རིགས་ལྔའི་ས་བོན་བྲིས་ལ་བཞག་ །ལས་ཆུས་འཐོར་ཞིང་བསངས་སྦྱངས། སྟོང་པའི་དང་ལས་ཚོན་སྣ་ལྔ་ཨོཾ་ཧཱུྃ་ཧྲཱི་ཧྲཱིཨལས་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་གྱུར། སྤྲོན་ཡེ་ཤེས་པ་སྤྱན་དྲངས། དབྱེར་མེད་དུ་གྱུར་པ་ལ་མཆོད་ཅིང་བསྟོད། བསྡུ་ན་འབྲུ་ལྔའི་བསྟེན་པ་བརྒྱ་རྩ་བརྒྱད་དུ་བཟླ་ཞིང་། འབྲུ་ལྔ་འོད་དུ་ཞུ་བ་ལས་ཐིག་ཚོན་སོ་སོར་གྱུར་པར་དམིགས། མཐེབ་སྲིན་གཡས་ཀྱིས་ཚོན་ལ་རེག་ཅིང་། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཏྲ་མ་ཧཱུཾ་ཞེས་དང་། །མཐེབ་སྲིན་གཉིས་ཀར་རེག་ཅིང་། ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཏྲ་མ་ཧཱུཾ་ཛཛཛ ཞེས་བརྗོད། དེ་ནས་ཐོག་མར་སློབ་དཔོན་གྱིས་ཚོན་ཐོགས་ཏེ། སངས་རྒྱས་རིགས་ལྔ་ཡེ་ཤེས་གཙོ། །བླ་མ་རིག་འཛིན་ལྷ་ཚོགས་རྣམས། །ཀུན་གྱི་དོན་རིག་བྱ་བའི་ཕྱིར། །ཡེ་ཤེས་ལྔ་ཡི་ཚོན་བཀྱེའོ། །ཞེས་བརྗོད་ལ་ཐོག་མར་དབུས་ཀྱི་ཕུར་ཁུང་དགང་། །དེ་ནས་དབང་དུ་ནང་ནས་རིམ་བཞིན་རྩིག་པ་རིམ་ལྔ་སྒོ་ཚད་ཙམ་དུ་དྲངས་པ་ལ་བྷནྡྷ་དགབ། དེ་ནས་སློབ་མ་རྣམས་ཀྱིས་བྲིས་ནས་རྩིག་པ་སྤྲེལ་རན་པ་ན་པྲབ་རྟག་པའི་ཕྱག་བཞེས་ཡོད་དོ། །ཇི་ལྟར་ན་ཀུ་ཀུ་རཱ་ཛས། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། །ཡོན་བོས་གདུང་བསྐྱེད་བར་བྱེད། །ཆང་པས་སློབ་

(༣༧༠)དཔོན་སློབ་མ་དག །འཆི་འམ་ན་བར་འགྱུར་བ་ཡིན། །ཆད་ལྷག་ལས་ནི་ནད་འབྱུང་ཞིང་། །ཕྱོགས་འཁྲུལ་རྨོངས་བའི་ལས་སུ་འགྱུར། །ཞེས་གསུངས་ལ། དེ་ལྟ་བུའི་རྐྱེན་གྱིས་མི་འཕྲོགས་བར་བྲིས་ཚོན་ཐོབ་ནི། །ལྷེ་བ་མཐིང་ག་འཁོར་ལོ་ཡི། །རྩིབས་བརྒྱད་མཐིང་ནག་རྩིབས་མཚན་དམར། །པད་འདབ་ཉིས་རིམ་ཕྱོགས་མདོག་དང་། །མཚམས་མཛེས་མཚོན་དེ་རྣམས་ལའང་། །འོད་ལྔའི་ཁུ་ཁྱུད་མཛེས་པར་བྱ། །གསེར་ཁྱམས་སེར་ལ་ཁྲག་ཁྱམས་དམར། །སྒོ་བཞི་ཕྱོགས་མདོག་རྩིག་པ་ལྔ། །ནང་རིམ་མཐིང་ལྗང་དམར་སེར་དཀར། །ཡང་ན་ཐོད་པ་རིམ་གསུམ་མོ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲྭ་ཕྱེད་བཞི་མཐིང་མདའ་ཡབ་དམར། །པུ་ཤུ་མཛེས་ཚོན་ཀ་བ་བརྒྱད། །ཕྱོགས་མདོག་ཀ་རྒྱན་མཛེས་པར་ས། །མུན་པ་ནག་པོ་ཁྱམུ་ུད་དམར། །གུ་ཎ་ཏྭ་ར་ཕྱོགས་ཀྱི་མདོག་ །རྟ་བབས་མཛེས་ཚོན་ཆུ་སྲིན་དམར། །རྡོ་རྭ་ཕྱོགས་མདོག་ཞིང་ཁམས་ལྗང་། །པད་གདན་མཛེས་ཚོན་ཆོས་འཁོར་དམར། །གདུགས་དཀར་ཉི་ཟླ་དམར་དང་དཀར། །པད་རྭ་སྣ་ཚོགས་མདོག་ལྡན་མཛེས། །དེའི་ཕྱི་འོད་ལྔའི་མུ་ཁྱུད་བསྐོར། །དུར་ཁྲོད་ས་གཞི་མཐིང་གའམ། །ཡང་ན་ལྗང་དུ་ནག་པའོ། །རྡོ་རྭའི་བཞི་མཐིང་རྡོ་རྗེ་སེར། །མེ་རི་ཡེ་ཤེས་རྣམ་ལྔའི་མདོག །གཡས་སུ་འཁོར་བ་དང་བཅས་པ༑ །སྲབ་མཐུག་མེད་ཅིང་སྙོམས་པར་བྲི། །ལྷ་མཚན་སོ་སོའི་གནས་རྣམས་སུ། །སྐུ་ཡི་ཕྱག་མཚན་ས་བོན་ནམ། །ཡང་ན་མདོག་མཐུན་ཐིག་ལེ་ནི། །གསལ་ལ་མ་འདྲེས་མཛེས་པར་བཀོད། །ཅེས་སོ། །དེ་ལྟར་ལེགས་པར་གྲུབ་ནས་སློབ་དཔོན་གྱིས་ཐིག་ཚོན་དང་བཅས་པ་ལ་ལན་གསུམ་བསྐོར༑ ཡི་གེ་བརྒྱ་པས་ཉམས་ཆག་བཤགས། །དཀྱིལ་འཁོར་ལ་ཉེས་སྙོན་བརྟག་ཅིང་ཆད་ན་གསོ། །ལྷག་ནད་བྱི། སྐྱོན་དང་བྲལ་བར་མཐོང་ནས་སྟ་གོན་གྱི་དུས་ཀྱི་ནམ་མཁའི་ལྷ་ཆད་མེད་བཞིའི་སྔགས་རྒྱས་དལ་ལ་བསྙིམ་ཞིང་། རྟེན་འབྲེལ་སྙིང་པོ་དང་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར། ཐིག་ཚོན་

(༣༧༡)ཀྱི་ཡེ་ཤེས་པ་བཛྲ་མུས་གཤེགས་ལ་མི་མངོན་པར་བསྡུ་བར་བྱའོ། །དེ་ལྟ་བུའི་དཀྱིལ་འཁོར་ཆེ་ཆུང་གི་ཚད་ནི། གསང་བ་སྙིང་པོ་ལས། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ཀྱི་གསུམ་གྱི་ཚད། །ཅེས་དང་། ཡང་ན་ཁྲུ་ནི་བཅུ་དྲུག་དང་། ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། །ཞེས་སོ། །གཉིས་པ་རྒྱན་དགྲམ་པ་ནི། གནས་ཁང་ཕྱི་དོར་གྱིས་འཐད་པར་བྱས་པ་ལས་རྒྱན་གནམ་རྒྱན་ལ་སོགས་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་མཉིྫའམ་ཁྲིའུའི་ཁར་སྟ་གོན་ཇི་ལྟའམ། སྔར་དཀྱིལ་འཁོར་ལྷག་གནས་བྱས་པའི་བུམ་པ་སྤྲོས་པ་ཆེ་སྐབས་སྤོས་རོལ་དང་བཅས་སྤྱན་དྲངས། དཀྱིལ་འཁོར་ལ་གཡས་སུ་བསྐོར་བ་དང་བཅས་འགོར། དེའི་སྟེང་དུ་ཐོད་པ་མེ་ལོང་སོགས་སྟ་གོན་ཇི་ལྟའམ། ཡང་ན་གཙོ་ཆེན་བུམ་པ་རང་གནས་ཁ་རྒྱན་དུང་ཆོས་སྐུ་རྟེན་ཙ་ཀློ་གཟུངས་ཐག་དང་བཅས་པའི་གཡས་སུ་བཀའ་རབ་འབྱམས་ཀྱི་དོན་དུ་ལམ་རྒྱས་པའི་དབང་སྒྲུབ་གཏོར་མ་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་གི་ཙ་ཀླི་དང་བཅས་པ། གཡོན་དུ་གསང་དབང་གི་དོན་དུ་ཐོད་པ་རྫས་ལྡན་མ་དཱ་ན་དང་ཀར་བུར་བདུད་རྩིའི་ཕུར་མ་སོགས་ཀྱིས་གཏམས་པ་དར་དམར་བརྒྱད་ལྟེབ་ཀྱིས་གཡོགས་པའི་ཁར་ཤེས་དབང་གི་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཅན་གྱི་སྟེང་དུ་དྲིལ་བུ་དང་ཤེར་ཙ་ཀ །དབང་བཞི་པའི་དོན་དུ་རྡོ་རྗེ་སེམས་དཔའི་མེ་ལོང་ཞེས་རང་བྱུང་གི་ཤེལ་ཟུར་པ་རྒྱད་པ་ཨོ་རྒྱན་ཡབ་ཡུམ་གྱི་སྐུ་འབག་དང་བཅས་ལ་དར་དམར་གྱི་གུར་ཕུབ། མདུན་དུ་དྲག་པོ་སྒྲོལ་དབང་གི་ལྕགས་ཕུར། མེ་མཚམས་སུ་ཁྲུས་བུམ། དབང་ལྡན་དུ་ལས་བུམ། ཕྱི་རོལ་དུ་ཁྲོ་བོ་བཅུའི་ཕུར་པ་རྣམས་འགོད་ཅིང་། དེ་ཡང་སྟེང་ཤར་གྱི་ཤར་དང་། །འོག་ནུབ་ཀྱི་ནུབ་ཏུ་འགོད་པ་དཀྱིལ་འཁོར་ལ་བྷད་ཆད་བསྲུང་པའི་ཕྱིར་ཡིན་ལ། །གཞན་དུ་དབང་རྫས་ལ་ཕུར་པ་འིད་དག་དམིགས་ཀྱིས་མ་བསལ་ཐས་མ་གྲུབ་ཀྱང་ཆོག་གོ། །འོན་ཏེ་སྒྲུབ་མཆོད་ཆེན་མོ་དང་སྨན་སྒྲུབ་ལ་སོགས་པའི་ཚེ་སྒྲུབ་རྫས་དམིགས་ཀྱིས་བསལ་བ་འགོད་དགོས་ཤིང་།

(༣༧༢)འགོད་ལུགས་ཀྱི་ལྡིང་ཁྲི་རིམ་པ་གསུམ་གྱི་རྩེ་མོར་དབང་རྫས་འདི་དག་བཤམས་པ་ཡིན་ལ། འདིར་དབང་ཁོ་ན་གཙོ་ཆེ་བར་བཤད་པས་གཞན་རྣམས་ཟུར་འདེབས་ལས་རྟོགས་བར་བྱའོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་མཐའ་སྐོར་ལས། ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། །ལྷོར་མེ་ཏོག་ །ལྷོ་ནུབ་ཏུ་བདུག་་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་དུ་མཚམས་འཛིན་མེ་ཏོག་ །ཤར་ཕྱོགས་སུ་མཆོད་གཏོར་གང་རྒྱས་སྨན་རག་གིས་མཐའ་བརྟེན་པ་དང་། ཅི་རིགས་པར་ཚོགས་མཆོད་ལ་སོགས་པ་བཤམ། དཀྱིལ་འཁོར་གྱི་ཕྱོགས་ཞིར་གྲི་བཞི། །ཟུར་བཞིར་རྒྱལ་མཚན་བཞི། དར་དང་མེ་ལོང་གིས་བརྒྱན་པའི་མདའ་བརྒྱད་ཕྱོགས་མཚམས་རྣམས་སུ་བཀོད་པ་ལ་ཚོན་སྐུད་ཀྱི་དྲྭ་བས་རྩིབས་བརྒྱད་རིས་སུ་སྤྲལ། སྟེང་ནས་རྨ་བྱའི་གདུགས་དང་བླ་བྲེ་ཕུབ། སྟག་ལྤགས་སམ་ཞིང་ཆེན་གྱི་སྒབ་དཀྲིས་བྱ། དེའི་ཕྱི་དར་པང་ལ་སོགས་པའི་ཡོལ་བས་གྲུབ་ཞིར་སྒྲེལ། མདོར་ན་དཀྱིལ་འཁོར་གྱི་རྒྱན་བཀོད་མཛེས་ཤིང་བྱིན་ཆགས་པར་བགྱིས་ལ་འབྱུང་བ་གསུམ་གྱིས་སྤྱད་བ་དང་། ལས་ཆུས་ཀྱང་གཏོར། །གུ་གུལ་གྱིས་བདུག་ །ཡུངས་ཀར་གྱིས་བྲབ་པ་དང་ལྷན་ཅིག་སུམ་བྷ་ནིའི་སྔགས་ཀྱིས་བགེགས་བསྐྲད། །དེ་ཐ་ཐག་ཏུ་མཆོད་པ་བྱིན་བརླབ་བསྡུས་ཙམ་དང་བྱིན་འབེབས་པ་རང་བྱ་ཞིང་། སྐབས་འདིར་སྟ་གོན་གྱི་ཡེ་ཤེས་པ་དཀྱིལ་འཁོར་ལ་བསྟིམ་པའང་ཡོད། འདིར་གང་རུ་རྡུལ་ཚོན་གྱི་དཀྱིལ་འཁོར་གྲུབ་མ་ཐག་བྱས་པས་བར་ཆད་མི་འཇུག་པའི་ཁྱད་པའམ་ཤེས་པར་བྱ་ལ། གཞན་ཡང་དཀྱིལ་འཁོར་གྱི་མདུན་དུ་དབང་གི་དངོས་གཞི་ལ་ཉེ་བར་མཁོ་བའི་མིག་དང་༑ རྡོ་རྗེ་ཐུང་མ། སོ་ཤིང་ཅོད་པན། །བགྲང་པྲེང་། ལིངྒ་། ཕྱག་ཤིང་། དུང་དཀར། གདན་འཁོར། སྒྲུབ་གཞུང་གི་བོ་ཏི་སོགས་གོ་རིམ་ལྟར་ཉེར་བ་སྡོག་བྱ་ཞིང་། དེར་མ་ལྟོས་པ་གུ་གུལ། སྤོས་རོལ། འཐོར་ནས། བྱིན་འབེབས་ཀྱི་དུད་རྫས་སོགས་མངོན་པར་འུད་བྱ་བ་གཅེས་སོ།

(༣༧༣) གཉིས་པ་དངོས་གཞིའི་བྱ་བ་ལ་གསུམ། །དཀྱིལ་འཁོར་སྒྲུབ་པ། བདག་ཉིད་འཇུག་པ། གཞན་ལ་དབང་བསྐུར་བའོ། །དང་པོ་ནི། སྣོད་བཅུད་སྟོང་གསལ་ནས་ཟུང་བདག་མདུན་དབང་དོན་དེ་ཉིད་གསལ་བ་ལྟར་ལས་གཟུང་བསྲང་ཞིང་། དེ་ཡང་སྒོམ་དོན་ནི། དཀྱིལ་འཁོར་གཞན་ལྟར་བློའི་འཇུག་པས་བདག་མདུན་ཆོག་གཅིག་གིས་བསྐྱེད་པ་ཡང་མ་ཡིན༑ སྔགས་གསར་མ་ལྟར་དཀྱིལ་འཁོར་རེ་ལ་ཆོ་ག་ཆ་ལག་དང་བཅས་པས་མཐར་ཆགས་སུ་བསྐྱེད་པའང་མ་ཡིན་པར། ལུགས་སྲོལ་འདི་ལ་བདག་བསྐྱེད་ཟབ་མོ་ལུས་དཀྱིལ་ནང་ཨ་ནུ་ཡོ་ག་ལྟར་གསལ་བ་ལ། མདུན་བསྐྱེད་རྒྱ་ཆེན་ཕྱི་དཀྱིལ་བསྐྱེད་བ་མ་ཧཱ་ཡོ་ག་ལྟར་གསལ་ཞིང་། ཕྱི་མའི་ཚིག་དོན་གྱི་རྒྱུ་དུས་ཕྱི་ཡི་དཀྱིལ་འཁོར་རྣམ་ལྔ་ལས་དབྱིངས་སུ་དབང་ལྷ་དང་། བུམ་པའི་བསྐྱེད་ཆོག་ཀྱང་གཟུགས་བརྙན་གཅིག་མེ་ལོང་ཐ་དད་པར་ཤར་པ་ལྟར་ཀ་དག་རང་བྱུང་གི་དབྱིངས་ལས་ལྷུན་གྲུབ་ཐུགས་རྗེའི་རང་རྩལ་འགོག་ཏུ་མེད་པའི་སྣང་་ཆའི་རྟེན་འབྲེལ་དུ་ཆབ་གཅིག་པར་བསྐྱེད་པ་ཡིན་ནོ། །གཞུང་གཞན་དུ་དབང་ལྷ་འིད་དབང་བསྐུར་དུ་ཉེ་བའི་ཆོ་དེ་མ་ཐག་པར་སྤྱན་འདྲེན་པ་ཡོད། དེ་ལྟར་རྡུལ་ཚོན་ལ་སོགས་པར་སྒྲུབ་པའི་དཀྱིལ་འཁོར་གྱིས་དབང་བསྐུར་པའི་བྱ་བ་མི་མཛད་དམ་ཞེན། བྱ་བ་དངོས་མི་མཛད་དེ་དགོངས་བ་གཏད་པའི་སྒོ་ནས་དབང་བསྐུར་བས་ན་དཀྱིལ་འཁོར་དེ་ལས་དབང་ཐོབ་བའི་སྒྲ་བཤད་བཞག་སྟེ། །དོན་ལ་དབྱིངས་ཀྱི་དབང་ལྷ་དང་རྡོ་རྗེ་སློབ་དཔོན་གཉིས་སུ་མེད་པས་དབང་གི་བྱ་བ་མཛད་པའི་ཕྱིར་རོ། །དེ་ཅི་ཞེ་ན། རིག་པའི་མེ་ཏོག་ནམ་མཁར་འབུལ། །ཞེས་དང་། དཀྱིལ་འཁོར་མ་བསྡུས་བའི་གོང་དུ། ཛཧཱུཾ་བཾ་ཧོས་དབང་ལྷ་རྣམས ཡི་གེ་གསུམ་གྱི་རྣམ་པར་ཐིམ ཞེས་པས་ཤིན་ཏུ་གསལ་བར་གོ་ནུས་སོ། །དེའང་བསྐྱེད་གཞིའི་དཀྱིལ་འཁོར་ལ་རྡོ་རྗེ་སློབ་དཔོན་གྱི་དགོངས་སྤྱོད་ཀྱི་བརྟུལ་ཞུགས་དང་སྦྱར་བའི་དབྱེ་བ་བཞིད་ཡོད་དེ། སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱིས་སློབ་མ་ས་བཅུ་རྒྱུ་ན་མཐའ་ལ་ཞུགས་པའི་སེམས་དཔའ་ཆེན་པོ་དག་ལ་འབྲས་དུས་་ཀྱི་དབང་འོད་ཟེར་ཆེན་པོའི་རང་བཞིན་དུ་བསྐུར་པའི་དག་ཆེན་ཡེ་ཤེས་ཀྱི

(༣༧༤)དཀྱིལ་འཁོར། སློབ་དཔོན་མཐར་ལམ་ལ་ཞུགས་པས་སློབ་མ་མཐོང་སྒོམ་གྱི་ས་ལ་བཞུགས་པའི་བྱང་སེམས་རྣམས་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པར་སྤྲུལ་ནས་བསྐུར་བ་དབྱིངས་རིག་སྤྲུལ་པའི་དཀྱིལ་འཁོར། སློབ་དཔོན་ས་ལ་བཞུགས་པའི་རིག་འཛིན་ཅན་གྱིས་སློབ་མ་ཚོགས་སྤྱོར་གྱི་ཡོན་ཏན་མཐར་ཕྱིན་པ་དག་ལ་ཉམས་སྣང་སྒྱུ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་རིག་པ་ཉམས་གྱི་དཀྱིལ་འཁོར། སློབ་དཔོན་གཡོར་ཐོར་གོམས་བརྟན་གྱི་ཏིང་ངེ་འཛིན་ཚད་དུ་ཕྱིན་པ་དག་གིས་སློབ་མ་དད་བརྩོན་དམ་ཚིག་ཅན་ཡང་རབ་ལ་ལུས་དཀྱིལ།། རབ་ལ་ཚོམ་བུ། འགྲིང་ལ་རས་བྲིས་ས་མཆུ་ཚོན། ཐ་མ་རྡུལ་ཚོན་ཏེ་བུམ་དབང་གི་དཀྱིལ་འཁོར་དང་། མཆོག་དབང་གོང་མ་གསུམ་ལ། ཀུན་རྫོབ་བྱང་སེམས། ཕྱག་རྒྱའི་བྷག་ །དོན་དམ་བྱང་སེམས་ཏེ་རང་བྱུང་གི་དཀྱིལ་འཁོར་གསུམ་ལ་བརྟེན་ནས་དབང་བསྐུར་བ་ནི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཏེ། ཚུལ་འདི་ཡི་གནད་ཀྱིས་བླ་ན་མེད་པའི་རྒྱུད་སྡེའི་བཅུད་ཕུར་ཆེན་པོའི་འདིར་དེ་ལྟར་བདག་ཉིད་གསལ་བའི་མདུན་དཀྱིལ་དུ༔ རྒྱུ་དུས་ཕྱིར་ཡི་དཀྱིལ་འཁོར་རྣམ་ལྔ་ལ༔ ཞེས་པ་ལ་སོགས་པའི་རྡོ་རྗེའི་ཚིག་གིས་གོ་ཕྱེ་བ་ཡིན་ལ། སྔོན་ཆད་རྡོ་རྗེའི་ཚིག་རྐང་གི་མདུད་པ་འདི་དགོངས་པའི་རྩལ་གྱིས་འགྲོལ་ཤེས་བ་མ་བྱུང་བས་མོས་སྒོམ་པ་ཡིད་ཅུང་ཟད་གཞུངས་པ་རྣམས་སྐབས་འདིར་བཀའ་བརྒྱད་ཀྱི་བསྐྱེད་ཆོ་ག་རིམ་པ་གཉིས་སུ་དོགས་ནས་འཕྱང་མོ་ཉུང་ཅིང་། དཔྱོད་ལྡན་དག་གིས་ཀྱང་སྟ་གོན་གྱི་བུམ་པའི་བསྐྱེད་ཆོ་ག་ལ་བདག་མདུན་གྱི་ཚོ་ག་ཡོངས་རྫོགས་བཅུག་བ་སོགས་ནོངས་པ་དུ་མ་མངོན་དུ་བསལ་བའི་ཕྱིར་བདག་ཅག་གི་འཕྲུལ་གསང་ཆེད་པོ་འདི་རྟོགས་པའང་ཀུན་མཁྱེན་ཤནྟ་བུ་རི་པའི་བྱིན་རླབས་ཡིན་པར་བལྟའོ། །དེའི་ཕྱིར་མ་མན་ངག་དེ་ལྟ་བུ་ཁོང་དུ་ཆུད་པས་གཟུ་ལུམས་དང་རས་ཆོད་སྤངས་ཏེ་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ལ་འཇུག་ཅིང་བསྙེན་སྒྲུབ་ནན་ཏན་གྱི་རྗེས། འོད་ཟེར་ཕར་འཕྲོས་མ་གར་གྱི་སོལ་ཡལ་བྱི༔ ཞེས་སོགས་ཀྱིས་བདག་བདུན་གྱི་ཛ་བ་ལ་དག་པ་བརྗོད། དེ་ནས་

(༣༧༥)བུམ་པ་ལ་དམིགས་ཕྱེད་པའི་བཟླས་པ་ནི། གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། ལྷ་རྣམས་བསྙེན་སྒྲུབ་སྔགས་མཇུག་ལ། །དབང་གི་གསང་སྔགས་འདི་བཏགས་བསྙེན། །ཀཱ་ཡ་ལྦཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ འོད་ཟེར་སྦྲོ་བསྡུས་སྦྱོར་བ་ཡིས། །སྒྲུབ་རྫས་ལྷར་གསལ་བདུད་རྩིར་བསྒྱུར། །སློབ་བུའི་སྒོ་གསུམ་སྒྲིབ་པ་སྦྱང་། །ཞེས་པ་ལྟར་ཛ་པ་དམིགས་ཀྱི་ཁྱད་པར་དེ་ལྟ་བུའི་སྔགས་ཀྱི་ལྡེ་ཐུང་གདགས་ལུགས་ཤེས་དགོས་ལ། དེ་ཡང་མན་ངག་སྙིང་གཟེར་ནག་པོར། བསྙེན་བ་བྷྱོལ་དགྲུབ་པ་ཕཊ། །ལས་སྦྱོར་དུས་སུ་སྭཱ་ཧཱ་དུ་ག །ཅེས་སྔགས་ཀྱི་དུག་སྐྱོན་རྣམ་གསུམ་དབྱུང་དགོས་པའི་ཕྱིར་འདིའི་མཇུག་གི་ལས་སྔགས་མེ་དཔུང་མ་དོར་བ་ལ་དབང་གི་ལས་ལ་སྦྱོར་པའི་ཤམ་བུ་འདོགས་སྟེ། ཇི་ལྟར་ན། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སོགས་ནས་སརྦ་ཌཱཀྐི་ནི་ས་མ་ཡ་ཧྲཱི་ཧྲཱི་ཛི༚ཀཱ་ལ་ལྦཱ་ཀྐ་ཙིཏྟ་ཨ་བྷིཥཉྩ་ཨོཾ། ཞེས་གཟུངས་ཐག་ལ་འཇུས་ནས་ཅི་ནུས་བཟླ། དེའི་ཚེ་གསད་རྫས་ཐོད་པའི་དཀྱིལ་འཁོར་དུའང་ཨོ་རྒྱན་ཡབ་ཡབ་མཉམ་པར་རོལ་བའི་ཐུགས་བདེ་སྟོང་ཆེན་པོའི་རོས་ཚིམས་པས་ཐུགས་བརྒྱུད་བསྐུལ། སློབ་མའི་སྒོ་གསུམ་གྱི་དྲི་མ་སྦྱང་། སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་དཔག་ཏུ་མེད་པ་བྱུང་བས་བྷཱནྡྷའི་ནང་ཁེངས་པར་བསམ། དེ་བཞིན་དུ་གཡས་ཀྱི་ཁྲུས་བུམ་ནང་རྡོ་རྗེ་སེམས་དཔའ་ཀྲོང་བསྐྱེད་ལ་དམིགས་ནས་ཡིག་བརྒྱ་ཅི་ནུས་དང་། གཡོན་གྱི་ལས་བུམ་དུ་བདུད་རྩི་འཁྱིལ་པ་དམིགས་པ་ལ་ཀུཎྜ་ལི་རྩི་མང་བཟླས་རྗེས། བུམ་པ་གསུམ་ཀའི་ལྷ་ལ་དམིགས་ནས་མཆོད་བསྟོད་མདོར་བསྡུས་མཐར། །བུམ་པ་གསུམ་གྱི་ལྷ་རྣམས་བདེ་སྟོང་ཆེན་པོའི་རྣམ་རོལ་དུ་འོད་དུ་ཞུ་ནས་རང་རང་གི་བྱེད་ལས་འགྲུབ་པའི་ནུས་པ་ཅན་དུ་གྱུར། ཞེས་བརྗོད་ཅིང་དུང་ཆོས་ཀྱི་ཆུ་ཨོཾ་ཨཱཧཱུྃ་གིས་མཆོད་ཡོན་དུ་ཕུལ། དེ་རྗེས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་དང་དག་པ་བརྗོད་པ་ནི། ཧཱུཾཆོས་དབྱིངས་མ་བཅོས་སྐྱེ་བ་མེད་པའི་དང་ སོགས་བརྗོད། གཙོ་བུམ

(༣༧༦)ནས་ལས་བུམ་ལ་ཅུང་ཟད་ལྡུག་པར་བྱའོ། །གཉིས་པ་བདག་འཇུག་བླང་བ་ནི། སྤྱིར་གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་བདག་ཉིད་དཀྱིལ་འཁོར་བའི་ལྷ་དང་རང་བཞིན་དབྱེར་མེད་དུ་རྟོགས་པའི་འདན་བས་བཟླས་བའི་ཚེ་ཏིང་ངེ་འཛིན་གྱིས་དབང་བླང་བའམ། སྒོ་ཕྱེ་ནས་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ཀྱང་དགོས་པ་འགྲུབ་པའི་ལུགས་ཡོད་དེ། འདིར་ནི་བསྡོ་ནམས་ཀྱི་ཚོགས་སྤེལ་བ་དང་། རང་རྒྱུད་ཀྱི་སྔགས་སྡོམ་རྣམ་པར་དག་ཅིང་རྗེ་བཟད་དུ་འགྱུར་བ་དང་། ལམ་དང་འབྲས་བུའི་དབང་གི་ཐོབ་བྱའི་རྟེན་འབྲེལ་ཁྱད་པར་ཅན་རྣམས་ཤེས་རྒྱུད་ལ་འཇོག་པའི་ཕྱིར་བདག་འཇུག་དམིགས་ཀྱིས་བསལ་བ་ཡིན་ཏེ། སྒྱུ་འཕྲུལ་རྩ་རྒྱུ་ལས། ཀུན་བྱས་དབང་སྒྱུག་རིམ་པས་འཇུག་ །དེ་ནས་སློབ་མ་འཇུག་པར་བྱ། །ཞེས་བཤད་པ་དང་དོན་འབྱོར་ལ། དེའང་བདག་ཉིད་ཀྱི་རིག་པ་གདོད་ནས་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་བ་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་བ་དེ་དབང་ལེན་བྱའི་ཡུལ་རྡོ་རྗེ་སློབ་དཔོན་གྱི་ངོ་བོར་བྱས་པ་ལ། སྲིད་པའི་རྣམ་འགྱུར་བདག་འཛིན་ལས་བྱུང་པའི་གློ་བུར་བག་ཆགས་ཀྱི་རྟེན་དབང་ནོད་པའི་སློབ་བུར་བྱས་པས། ཁྲུས་ནས་དབྱུང་བ་དང་། བགེགས་གཏོར་བསྔོ་བ། མཎྚལ་འབུལ་བ། མིག་དར་འཆིང་བསོགས་སོང་ནས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ ཞེས་སྙིམ་བ་མེ་ཏོག་དང་བཅས་གསོལ་བ་གདབ་པ་ནས་བཟུང་དབང་གི་བྱ་བ་ཡོངས་སུ་རྫོགས་པའི་བར་ཚིག་དོན་ཡིད་ལ་བརྣག་པས་འཇུག་པར་བྱ་ཞིང་། མཇུག་ཏུ་བདག་གི་ལུས་དང་ལོངས་སྤྱོད་ཀུན༔ ཞེས་པ་ན་ཚེ་གཅིག་གྲོལ་འགྱུར་གདམས་མཆོག་སྩོལ༔ ཞེས་པ་ཡན་ལས་མི་བརྗོད་དེ། འདི་བདག་འཇུག་རྐྱང་བའི་སྐབས་མ་ཡིན་བར་སློབ་མ་ལ་དབང་གདོད་ཀྱི་བསྐུར་དགོས་པའི་ཕྱིར༑ ཕྱག་རྒྱ་བཞིའི་སྔགས་ཀྱིས་དབང་ལྷ་མི་བསྟིམ་པ་ཁོ་བོའི་མན་ངག་གོ། །དེ་ནས་སློབ་བུ་འཇུག་པར་གནང་བ་ཞུ་བ་ནི། བཅོམ་ལྡན་འདས་བདེ་བར་གཤེགས་པ་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་ཆེན་པོར་བདག་གིས་སློབ་མ་རྣམས་འཇུག་པར་འཚལ་བས་ཐུགས་རྗེ་ཆེན་པོས་གནང་བར་མཛད་དུ་གསོལ།

(༣༧༧)ཞེས་བརྗོད་པས་ལྷ་ཚོགས་རྣམས་ཀྱིས་དེ་དེ་བཞིན་དུ་གནང་བ་བྱིན་པར་བསམ་མོ། །གསུམ་པ་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་ལ་གཉིས། འཇུག་བ་དང་། དབང་གིས་སྨིན་པར་བྱ་བའོ། །དང་པོ་ལའང་གཉིས། ཕྱི་འཇུག་དང་། ནང་འཇུག་གོ། དང་པོ་ནི། སྒྲུབ་ཁང་གི་ཕྱི་རོལ་དུ་རྡོ་རྗེ་རྒྱལ་ཐེབས་ཀྱིས་སློབ་མ་ལས་བུམ་གྱི་ཆུས་དག་པར་བཀྲུ་ཞིང་བདུད་རྩི་འཁྱིལ་བའི་སྔགས་བརྗོད། སྔོན་ཆད་གཉིས་སུ་འཛིན་པ་དང་མ་རིག་པའི་ལིང་ཏོག་གིས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའི་བརྡར། །བཛྲ་ཙཀྵུ་བྷནྡ་ལྦར་མན་ཡེ་སྭཱ་ཧཱ༔ ཞས་མིག་དར་དམར་པོ་འཆིང་། གདོད་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ལག་སྟོང་དུ་མཇལ་ན་མི་རུང་བས་སྐབས་དེར་འབུལ་བའི་ཕྱག་རྟེན་ཨུ་དུ་མ་ལྦཱརའི་མེ་ཏོག་གི་ཕྲེང་བ་ཁ་དོག་དམར་པོ་རེ་བྱིན་པར་མོས་ལ། ཧཱུྃ་ལས་བྱུང་པའི་མེ་ཏོག་འིད༔ ཨུ་དུ་མ་ལྦཱར་མནྤཱ་ར༔ ཡོངས་འདུ་དང་ནི་མ་ལི་ཀཱ སྔགས་དོན་ཡིད་ལ་མཆོག་ཏུ་བྱ་བའི་ཕྱིར་མིག་དར་འཆིང་ཞེས་པའི། །ཀ་ར་ལྦཱི་རའི་མེ་ཕྲེང་༔ ལེགས་བར་མ་ནོས་ཏེ་བྱ་ཁྱོད་ཟུང་༔ ཨ་ཁཾ་ལྦིར་ཧཱུཾ། ཞེས་གཏད། དེ་ནས་སློབ་བུ་རྣམས་ལག་པ་སྒྲེལ། ལས་ཀྱི་རྡོ་རྗེས་རྡོར་དྲིལ་བཟུང་ནས་གཟུངས་ཐག་ལ་སྦྲེལ་ཞིང་ཚོགས་ཁད་དམ། ཡང་ན་ཕྱི་རོལ་དུ་མོས་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ་ཞིང་སྒོ་དྲུག་ནས། ཀྱཻ་སྒོ་བ་ཞིང་ཆེན་དགོངས་སུ་གསོལ། །ཁྱོད་ནི་ཁྲོ་བོ་བྱ་ཁྱོད་ཟུང་༔ ཨ་སྣང་མཐའ། ཁཾ་དོན་ཀླུག་ །ལྦེ་རྣམ་སྣང་། ར་རིན་འབྱུང་། ཧཱུཾ་མི་བསྐྱོད་པའི་ས་བོན་ཏེ། ཡིག་འབྲུ་རང་རང་ལས་སྐྱེས་པའི་མེ་ཏོག་གི་ཕྲེང་བ་རབ་རང་སྐྱེད་བྱེད་ཀྱི་གེ་ས་མཚན་བར་སྒོམ་ལ། །སྔགས་དོན་ནམ་མཁའི་དཔའ་བོ་ཞེ་བར་བཤད་དོ། །མཚོན་ཆ་སྣ་ཚོགས་འཛིན་པའི་སྐུ། །བདག་ནི་འཁོར་བ་ལས་སྒྲོལ་ཕྱིར། ཁྱེད་ཀྱིས་གནང་ཞིང་གཏར་དུ་གསོལ། །སྒོབས་ལན་དུ། བདག་ནི་ལས་ཀྱི་སྒོ་བ་སྟེ། བཀའ་ཉན་སྤུང་སྡོམ་ལས་མཁན་ཡིན། །གསང་སྔགས་དཀྱིལ་འཁོར་འཇུག་པ་ན། །ལས་དང་སྐལ་བར་ལྡན་ནམ་ཅི། །ཞེས་བའི་ལན་དུ། ཀྱཻ་སྒོ་བ་གིང་ཆེན་དགོངས་སུ་

(༣༧༨)གསོལ། །བདག་ཅག་ལས་དང་སྐལ་བ་ཅན། །དམ་ཚིག་དང་ནི་སྡོམ་བར་ལྡན། །དཀྱིལ་འཁོར་བཞུག་ཅིང་དབང་ནོད་འཚལ། །ཞེས་ལན་བཏབ། ནང་ནས། ཧཱུཾ་སྐལ་ལྡན་ལས་ཅན་དམ་ཚིག་ལྡན་པའི་བུ། །སྟོན་པའི་བཀའ་བསྒྲུབ་དམ་ལ་གནས་བྱེད་ན། །དངོས་གྲུབ་འདོད་པས་ཐེག་ཚོམ་ལོག་ལྟ་སྤོངས་མོས་གུས་སྤྲོ་བ་བསྐྱེད་ལ་ནད་དུ་ཤོག་ །བྷཱུཾ་པྲ་བེ་ཤ་ཡ་ཕཊ ཅེས་བརྗོད་ལ་སྒོ་ཕྱེ། སློབ་བུར་ཆགས་ཤིང་དངོས་གྲུབ་ཟབ་མོ་བསྒྲུབ་བ་ལ་བར་དུ་གཅོད་བ་ཐམས་ཅད་ལ་གཏོར་མ་བྱིན་ཞིང་བཀའ་བསྒོ་དྲག་སྔགས་དང་རོལ་མོ་དྲག་ཏུ་སྒྲོག་ །སྒོ་ནང་ན་གནས་པའི་ཆས་ཞུགས་གིང་པས་ཐུན་བརྡེག་ཅིང་། །ཁྲོ་བོའི་ང་རྒྱལ་གྱིས་གཟིར། །གུ་གུལ་གྱི་བདུག་བ་དང་ཆབ་ཅིག་སློབ་བུ་ནད་དུ་བཏང་། སྒོ་བཅད་ལ་སྲུང་བའི་འཁོར་ལོ་སྒོམ། དེ་ནས་སློབ་བུ་རྣམས་ཡོལ་བའི་ཕྱིར་འཁོད། ཕྱག་བྱ། །གྲལ་མ་འཕྱུགས་བར་འཇུག་ལ། སློབ་དཔོན་གྱིས་ནམ་མཁའ་ལྟའི་ཏིང་ངེ་འཛིན་གྱི་དགོངས་པ་མི་གཡེལ་ཞིང་མཐོང་ན་མི་མཐུན་པ་མེད་པའི་བཞུགས་སྟངས་དང་། འཆད་བ་ལ་བསྙེངས་ད་བྲལ་ཞིང་དག་རྟབ་པ་དང་། བརྗོད་པ་ཟུར་ཆག་བ་ལ་སོགས་པའི་སྐྱོན་གྱིས་མགོས་ སྒོམ་དོན་དཀྱིལ་འཁོར་གྱི་ཤར་སྒོའི་མདུན་སྣ་ཚོགས་རྡོ་རྗེའི་དབུས་རྦའི་ཐད་ཙམ་དུ་ཡོད་པའི་མོས་བ་བྱ། པར་འཇམ་དཔལ་གཞོན་ནུ་ལྟ་བུའི་རི་ངག་གིས ༈ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཀུན་གྱི་མཆོག་ལྡན་ཟུག་འཇུག་བླ་ན་མེད་པའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འགོག་ལམ་གྱི་བདེན་པའི་མཐུ་ཅན་དམ་པའི་ཆོས་ཟབ་མོ་ལེགས་པར་གསན་སྙམ་པའི་མོས་པ་མི་བྱེད་པ་ལ་ཡིད་གཟུངས་པ་ཞུ། དེ་ཡང་དང་པོར་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་ལ་སྤང་བྱ་དང་། བསྒྲུབ་བྱ་གཉིས་སུ་ཡོད་པ་ལས་སྤང་བྱ་ནི། སྣོད་ཁ་སྦུབ་པ་ལ་བཅུད་བཟང་པོ་ཆགས་པའི་གོ་སྐབས་མེད་པ་ལྟ་བུ་སེམས་གཞན་དུ་ཡོངས་པ་དང་། སྣོད་ཞབས་རྡོལ་དུ་བཅུད་བླུགས་ཀྱང་རང་སར་ཟགས་ཏེ་མི་གནས་བསྟ་བུ་ཉན་ཡང་ཚིག་དོན་ཡིད་ལ་མི་གཟུང་བ་དང་། སྣོད་དུག་ཅན་ལ་བཅུད་བཟང་པོ་ལུགས་ཀྱང་དུག་

(༣༧༩)དང་འདྲེས་པས་བཟར་མི་རུང་བ་ལྟར་བླ་མ་ཆོས་ལ་ལོག་པར་རྟོག་ཅིང་། མཉམ་འགྲོགས་དང་ཐོས་པའི་ང་རྒྱལ་སོགས་ཆོས་ཉོན་མོངས་པའི་གྲོགས་སུ་སོང་བ་སྟེ་སྣོད་ཀྱི་སྐྱོན་གསུམ། དེ་བཞིན་དུ་དྲི་མ་དྲུག་ནི། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱིར་རོལ་རྣམ་གཡེང་ནང་དུ་སྦུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་ནམ་བཤད་རིག་པ་ལས་བཤད་པ་བཞིན་ཆོས་ཐོས་པའི་ཆ་ནས་ཁོང་བསང་ལྷང་སྙམ་པའི་ང་རྒྱལ། འཆད་ཉན་གྱི་ནུས་པ་བདག་ལའང་ཡོད་སྙམ་པའི་མ་དད་པ། ཕྱི་བཤོལ་དང་ལེ་ལོའི་དབང་གིས་དོན་དུ་མི་གཉེར་བ། ཚོགས་དྲུག་ཐ་མལ་དུ་གོལ་ནས་རྣམ་པར་གཡོང་ང༑ ཉན་པའི་ཚོ་གཉིད་རྨུགས་སུ་གྱུར་པ་དང་། ཅི་མི་སྙམ་པས་བསམ་གཏན་གྱི་ངང་དུ་ཡིད་སྡུད་པ། ཆོས་ཐུན་ཡུན་རིང་དང་། མགོ་བས་སྐྱོ་བར་གྱུར་པ་རྣམས་ཀྱི་གཉན་པོར་མདོ་ལས། དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་ །ཅེས་པས་སྤང་བྱ་ཟིལ་གྱིས་ནོན་པ་དང་། བསྒྲུབ་བྱ་ནི་འདུ་ཤེས་བཞི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་པ་བསྟེན་པ་སྟེ། སྡོད་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྒྱེད་པར་བྱའོ། ནན་ཏན་ཉམས་སུ་ལེན་པ་ལ་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པ་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང་། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་དབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་བསྡམ་པ་དང་། །སྲོག་ཆགས་ཀུན་ལ་འཚོ་མི་བྱད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་དག་ཉོན། །རྟོག་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་པ་རྣམས་ཀྱི་དོན་ལ་ལེགས་པར་དཔྱད་དེགས་ན་པར་ཞུ། དེ་ཅིའི་ཕྱིར་སྙམ་ན་དམ་པའི་ཆོས་ཀྱི་ཚིག་གཅིག་ཙམ་ཐན་དུད་འགྲོའི་རྣ་བར་ཐོས་ཀྱང་ནང་སོང་ལས་གྲོལ་བའི་ནུ་བ་ཅན་ཡིན་པར་མེད་རྒྱུད་རྒྱ་མཚོ་ནས་བཤད་ཅིང་།

(༣༨༠)དེ་སྐད་དུ། ཤིང་རྟ་ཆེན་པོ་ཀློང་ཆེན་པས་ཀྱང་། ཆོས་རྔ་སྒྲོགས་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་གསུངས་པ་ཡིན་ལ། དེའི་ཕྱིར་ན་རང་ཅག་རྣམས་ཆོས་ཕྱིར་འཇུག་པ་ལ་ཕྱོགས་ཐམས་ཅད་ནས་ཕུན་སུམ་ཚོགས་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཚེ་གཅིག་ལ་སངས་རྒྱས་བསྒྲུབ་པའི་སྐལ་བ་ཅན་འདི་ལྟ་བུ་ཐོབ་པའི་ཚེ་གཏན་གྱི་མདུན་མ་བསྒྲུབ་པའི་རྟེན་འབྲེལ་དུས་ལ་བབས་པ་ཡིན་ཏེ་སློབ་དཔོན་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པར་མ་བསྒྲུབས་ན། །ཕྱི་ནས་ཡང་དག་འབྱོར་བ་ག་ལ་འགྱུར། །ཅེས་གདམས་པའི་ཕྱིར་དམ་པའི་ཆོས་ཀྱི་བདུད་རྩི་ཟབ་མོ་བཏུངས་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་ཐབས་ལ་བརྩོན་པ་ལྷུར་ལེན་དགོས། དེ་ལྟར་ལེན་པ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེ་བས་གདུལ་བྱའི་བློ་རིགས་མ་ཐད་པར་ལ་འདུལ་བྱེད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱང་དེ་སྙེད་དུ་བསྟན་པ་ཐམས་ཅད་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུས་སྟེ། དེའང་ནད་གསེས་ཀྱིས་དབྱེ་ན་ལང་ཀར་གཤེགས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་པ་བཤད་དོ། །ཞེས་མངོན་མཐོའི་ཐེག་པ་གཉིས། ངེས་པར་ལགས་པའི་ཐེག་པ་གསུམ་དང་རྣམ་གྲངས་ལྔར་དབྱེ་བསོགས་ཡོད་དེ། བགྲོད་བྱའི་དབང་གིས་རྣམ་པར་གྲོལ་བའི་ཐེག་པ་ལ་རྡོ་རྗེའི་ཐེག་པ། སྔ་འགྱུར་གྱི་དབང་དུ་རྒྱལ་པོ་ལས། ཐེག་བ་རྣམ་བ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་འཁོར་ལོ་གསུམ་གྱི་རིམ་པ་ལ། རྒྱུ་ཕ་རོལ་ཕྱིན་པའི་ཐེག་པ་དང་། རྒྱུད་སྡེ་བཞིའམ་དྲུག་གི་ངེས་འབྱེད་ལ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཞེས་གྲགས་ཏེ། དེ་ཉིད་ལས་གསང་སྔགས་ཁྱད་ཆོས་དུ་མའི་སྒོ་ནས་འཕགས་པ་ནི། ར་

(༣༨༡)ལིའི་རྒྱུད་ལས། ལྟ་བ་སྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་དང་། དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དུས་དང་དགོས་པ་དང་། ངལ་དུ་བ་མཐའ་སྤངས་ཚོགས་ཆུང་དང་། །ཚོགས་བསགས་པ་ཡི་ཁྱད་པར་ཏེ། །ཁྱད་བར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་ལ། གང་གི་ཕྱིར་འབྲས་བུའི་ཐེག་པ་བྱ་ཞེ་ན། སམྦུ་ཊི་ལས། བསྐལ་པ་བྱེ་བ་དུ་མ་རུ། །འགྲུབ་པར་དཀའ་བའི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་བཤད་ལ། དེ་ལྟ་བུའི་འཕགས་ཆོས་ཅན་འབྲས་བུའི་ཐེག་པ་ལ་འཕགས་པའི་ཡུལ་དུ་གསར་རྙིང་གི་དབྱེ་བ་མེད་ཀྱང་། ལྗོངས་འདིར་སྒྱུར་བྱེད་ཀྱི་ལོ་ཙཱ་བ་ལ་ལྟོས་ནས་གསང་སྔགས་གསར་རྙིང་དུ་གྲགས་ཤིང་། དེའི་ཕྱིར་སྔགས་གསར་མ་ལྟར་ན་མི་རིགས་བཞི་ལ་དགོངས་པ་དང་། བློ་རིགས་བཞི་ལ་དགོངས་པ་དང་། དུས་ཚོད་བཞི་ལ་དགོངས་བ་དང་། སྦྱང་བྱ་བཞི་ལ་དགོངས་པ་དང་། ཕྱིན་ཅི་ལོག་བཞིའི་རྗེས་སུ་འཇུག་པ་དྲང་ཕྱིར་རྒྱུད་སྡེ་བཞིར་གསུངས་བ་ཡོད་དེ་སྤྱིའི་དབང་དུ་བྱས་ན་རྡོ་རྗེ་སྙིང་བོ་བཀོད་པའི་རྒྱུད་ལས། བདེ་བར་གཤེགས་པས་དགོངས་པའི་རྒྱུད། །རྣམ་པ་བཞི་རུ་ཡང་དག་བཤད། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་སོ། །འདིར་དེ་དག་ལས་ཁྱད་པར་དུ་གྱུར་བ་གསང་སྔགས་རྙིང་མ་སྟེ། དེ་ཡང་ལོ་ཙཱ་བ་ཆེན་པོ་རོང་ཟོམ་པ་སོགས་ཀྱི་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་འདྲེན་པའི་ལུགས་སྣང་མོད། འདིར་འགྱུར་ཁྱད་ཀྱི་སྒོ་ནས་འཇོག་པའི་ཚེ་གདོང་མའི་མགོན་པོ་ཀློང་ཆེན་པས། དེའང་རྒྱ་གར་ན་གསང་སྔགས་ཞེས་པ་ཙམ་ལས། འདི་ནི་གསར་མའོ། །འདི་ནི་རྙིང་མའོ། །ཞེས་སོ་སོར་དབྱེ་བ་མེད་ནའང་། བོད་འདིར་འགྱུར་སྔ་ཕྱིར་སོ་སོར་ག་གྲས་པ་སྟེ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ་སོགས་པ་རྒྱལ་བློན་སྔ་དར་གྱི་དུས་སུ་བསྒྱུར་བ་ནས་

(༣༨༢)བཟུང་སྟེ་པཎིྚ་ཏ་སྨྲྀ་ཏིའི་བར་དུ་བསྒྱུར་བའི་རྒྱུད་ལ་རྙིང་མ་ཞེས་འདོད་ལ། ལོ་ཙཱ་བ་རིན་ཆེན་བཟང་པོ་མན་ཆོད་བསྒྱུར་བའི་རྒྱུད་རྣམས་ལ་གསར་མ་ཞས་གྲགས་ས། །འདི་གཉིས་ལ་གོ་དཀའ་སླ་དང་། དབྱིངས་མཇལ་བ་རླབས་ཆེ་ཆུང་ལྟར་འདུག་པ་ནི། སྔོན་གྱི་ལོ་ཙཱ་བ་རྣམས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་བས་རང་དབང་བསྒྱུར་ནུས་པའི་ཕྱིར་བྱིན་རླབས་ཆེ་བར་མངོན་ནོ། །དུས་ཕྱིར་ཀྱི་ལོ་ཙཱ་བ་རྣམས་གང་ཟག་ཕལ་བའི་ལུགས་ཀྱི་མཁས་པ་རྣམས་བྱོན་པས། ཚིག་གྲིམས་ལ་གོ་དཀའ་བ་སྟེ། རྒྱ་དཔེའི་ཚིག་གི་རིམ་པ་ཙམ་ལས་དོན་འགྱུར་མ་ནུས་པས་དེ་ལྟར་དུ་བྱུང་བའོ། །ཞེས་གསུངས་བ་ལྟར་ཡིན་ལ། ཤེས་བྱེད་ཀྱི་རྒྱུད་སྡེའི་རང་ངོ་ནས་བརྗོད་ན། འདིར་མདོ་སྔགས་ཀྱི་ཆོས་འཁོར་མཐའ་དག་སྔགས་ལམ་གུ་རྩལ་རྫོགས་པར་འཆད་ནུས་པས་རིམ་པ་དགུར་འཇོག་པའང་བཤད་རྒྱུད་དགོངས་པ་འདུས་པ་ལས། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག་ །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་དོན་དམ་པར་མདོའི་ཕྱོགས་ལའང་འོད་ཟེར་ཆེན་པོ་ལ་སོགས་པའི་དབང་བསྐུར་གྱི་རྣམ་གཞག་ཡོད་པ་འདིར་མངོན་དུ་ཕྱུང་ནས་བསྟན་པ་ཡོངས་རྫོགས་ཀྱི་ཚུལ་དུ་སྨིན་པར་ནུས་པ་དང་། ཁྱད་པར་དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ་ནང་རྒྱུད་སྡེ་གསུམ་ལ་ཁམས་ཀྱི་དྲི་མ་བླང་དོར་གྱི་ངལ་དུབ་ཆེན་པོས་སྐྱང་མི་དགོས་པར་གཞི་རྫོགས་འཕོ་མེད་ཀྱི་དབྱིངས་ལས་ཆོས་ཐམས་ཅད་རིག་པའི་ཆི་འཕྲུལ་དུ་གདོད་ནས་མངོན་བྱང་ཆུབ་པ་བསྐྱེད་པ་མ་ཧཱ་ཡོག་ །དྲན་རིག་ཐམས་ཅད་འོད་གསར་ཡངས་པ་ཆེན་པོའི་ཀློང་དུ་དབྱིངས་ནས་སངས་རྒྱས་བ་ལུང་ཨ་ནུ་ཡོག་ །རྒྱུ་རྐྱེན་རྩོལ་སྒྲུབ་ལ་མ་ལྟོས་པར་ད་ལྟའི་རིག་པ་ལ་སྐུ་གསུམ་རང་ཆས་སུ་ཚང་བའི་གནད་ཤེས་པས་འཁོར་བ་མིང་མེད་དུ་སངས་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། དེ་དག་གི་འཕགས་ཆོས་རྒྱས་པ་ནི་བསྐལ་བར་བརྗོད་ཀྱང་ཟད་མི་ཤེས་པ་ལྟ་བུ་ཡོད་ཅིང་། རྒྱུད་སྡེ་ཆེན་པོ་དེ་དག་འཕགས་པའི་ཡུལ་དུའང་གསང་སྔགས་ཐུན་མོང་བ་ལྟར་ཡོངས་སུ་གྲགས་པ་མ་ཡིན་ཏེ་རྒྱུད་དབང་ཐོབ་པའི་བྱང་ཆུབ་སེམས་

(༣༨༣)དཔའ་དང་། གྲུབ་པ་མཆོག་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ་རྣག་རང་གི་གནས་དང་། འོག་མིན། རྡོ་རྗེ་བཙུན་མོའི་སྷག་ལ་སོགས་པ་ད་པའི་ཞིང་འཛམ་བུ་ཀླིང་གི་ཆ་ཤས། ཨོ་རྒྱན་དང་། ཤམ་བྷ་ལ་དང་། སིངྒ་ལ་དང་། མ་ལ་ཡ་སོགས་ནས་རིག་འཛིན་ཆེན་པོ་བརྒྱད་དང་། དེའི་ནང་ཚན་ལས་ཀྱང་། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དང་། པདྨ་འབྱུང་གནས་དང་། བི་མ་ལ་སོགས་ཀྱིས་མཁའ་འགྲོའི་གསང་མཛོད་པ་རྟོལ་ཞིང་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བས་རྒྱ་གར་སློབ་དཔོན་རྣམས་ལའང་ཡོངས་སུ་མ་གྲགས་ཤིན་གནད་ཟབ་པས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའི་འདི་ལ། །ཡིད་མི་ཆེས་པའི་སྐྱན་དུ་འགྱུར། །ཅེས་གསུངས་པས་དེ་ལྟ་བུའི་གསང་སྔགས་ལ་ཡིད་ཆེས་ཤིང་ཁུངས་བཙུན་པའི་འཐད་པ་འཇོག་ཕྱིར་བརྒྱུད་པའི་ལོ་རྒྱུས་ཅུང་ཟད་གླེང་ན། ཆོས་ཀྱི་དབྱིངས་འོད་གསལ་སྤྲོས་པ་དང་བྲལ་བའི་ཀློང་། རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཞིང་ཁམས་ན་གདོད་ནས་མངོན་སངས་རྒྱས་པའི་སྟེན་པ་ཡང་དག་བར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ནང་གསལ་ཐིམ་ལ་མ་རྨུགས་པའི་ངོ་བོ་ཅིར་ཡང་མ་གྲུབ་ལ་སྐུ་གསུམ་ངོ་བོ་ཉིད་ཀྱི་རྣམ་རོལ་ཆེན་པོར་རྟག་ཏུ་བཞུགས་པའི་ཐུགས་རྗེ་འདུས་མ་བྱས་པའི་རང་མདངས་ལས། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། རིགས་ལྔའི་སངས་རྒྱས་ལ་སོགས་པ་རྣམ་པར་འཕྲུལ་ཏེ། འོག་མིན་ལ་སོགས་པའི་ཞིང་ཁམས་ཆེན་པོར་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་ནས། ཉིད་ལས་མི་གཞན་པའི་འཁོར་རང་སྣང་ཡེ་ཤེས་ཀྱི་སྐུ་ཅན་ཞི་ཁྲོར་བ་འབྱམས་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་རྣམ་འགྱུར་ཆ་ལུགས་དུ་མར་སྣང་ཞིང་། མཚན་དང་དཔེ་བྱད་ཀྱི་མདའ་བདག་ཆེན་པོ། ཐུགས་ཀྱི་གསང་བ་འཛིན་པ་རྣམས་ལ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། མན་ངག་ཐམས་ཅད་ཀྱི་ཡང་ཞུན།

(༣༨༤)དགོངས་པ་ཐམས་ཅད་ཀྱི་མཐར་ཐུག་ །ཡང་ཟབ་རྫོགས་པ་ཆེན་པོའི་རྒྱུད་ཤློཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་སོགས་པ་དང་། རྫོགས་པ་ཨ་ནུ་ཡོ་ག་ །བསྐྱེད་བ་མ་ཧཱ་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་གྱི་དཀྱིལ་འཁོར་རྒྱ་མཚོའི་སྤྲིན་རྣམ་པར་བཀོད། ཡེ་ཤེས་ལྔའི་དགོངས་པས་སྒྲ་ཚིག་བརྗོད་པས་ལས་འདས་པའི་རིག་པའི་རྩལ་དབང་བསྐུར་ཏེ་རྒྱལ་བ་དགོངས་པའི་བརྒྱུད་པར་བྱིན་གྱིས་བརླབས། དེ་ལྟ་བུའི་ལོངས་སྐུའི་སངས་རྒྱས་རྣམས་ཀྱི་དགོངས་པའང་ཆོས་དབྱིངས་མཉམ་གནས་ཆེན་པོའི་དང་དུ་བཞུགས་ཀྱང་ཡེ་ཤེས་ཐུགས་རྗེའི་མཁྱེན་པས་འགྲོ་བའི་དོན་རྗེས་སུ་བསྒྲུབ་པར་དགོངས་ཏེ་འཇིག་རྟེན་གྱི་ཁམས་སུ་ཐུགས་རྗེའི་སྤྲུལ་པ་ཚད་མེད་པར་བཀྱེ་བ་ལས། མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ། རྒྱལ་སྲས་རིགས་སུ་མ་མགོན་པོ། རིགས་ཅན་དྲ་མ་ལྔ། སྐལ་ལྡན་གྱི་རྒྱལ་པོ་ལུང་བསྟན་རྡོ་རྗེ་ལ་སོགས་པར་བརྡ་ཐབས་རྟེན་འབྲེལ་གྱི་སྒོ་ནས་རྒྱུད་སྡེ་རབ་འབྱམས་ཀྱི་དབང་བསྐུར་ཞིང་། རྒྱུད་དོན་བདེ་བླག་ཏུ་རྟོགས་པའི་དོན་བརྒྱུད་བྱིན་པས་རིག་འཛིན་བརྡ་བརྒྱུད་དུ་གྲངས་ཤིང་དེ་ནས་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་ཧཱུཾ་ཆེན་ཀཱ་ར། འཇམ་དཔལ་བཤེས་གཉེན། ནཱ་ག་རྫུན། པྲ་བྷ་ཧ་སྟེ། དྷ་ན་ས་ངྀྐྲ། བི་མ་མི་ཏྲ། གུ་ཧྱ་ཙནྡྲ། ཤཱིནྟཾ་གརྦྷ་སྟེ། ཞི་ཁྲོ་རབ་འབྱམས་མ་ལུས་པའི་དཀྱིལ་འཁོར་གྱི་འབྱུང་ཁུངས་རྣམ་པར་བརྒྱད་ཀྱི་བར་དུ་རིམ་པར་དར་བ་ལས། རེ་ཞིག་གི་ཚེ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་གཅིག་ཏུ་བསྡུས་པ་ཨོ་རྒྱན་གྱི་ཡུལ་བྷ་ན་ཀོ་ཤའི་མཚོ་གླིང་གི་མེ་ཏོག་པདྨའི་སྦུབས་སུ་རིག་འཛིན་གྱི་སློབ་དཔོན་པདྨ་འབྱུང་གནས་སུ་སྤྲུལ་པ་ལས། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷོ་དྷིས་སྦྱན་དྲངས་ཏེ་རང་གི་སྲས་མངའ་གསོལ། རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། མཐར་འདོད་པའི་ཡོན་ཏན་ལ་ཞེན་པ་སློང་པའི་ཕྱིར་རྒྱལ་སྲིད་སྤངས་ནས་བུར་ཁྲོད་ཆེན་པོ་བསིལ་བའི་ཚལ་བའི་ལ་སོགས་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས། མ་མོ་དང་མཁའ་འགྲོའི་ཚོགས་རྗེ་མཛད།

(༣༨༥)དུར་ཁྲོད་ཆེན་པོ་མེ་རི་འབར་བ་དང་། སོ་ས་གླིང་། ཧེ་ཆེན་བརྡ་ལ་བ་ལ་སོགས་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་རྣམས་སུ་མཆོག་གི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་རིག་འཛིན་ཤྲཱི་སིདྷ། སློབ་དཔོན་འཇམ་དཔལ་ཤེས་གཉེན་སོགས་མདོར་ན་རིག་འཛིན་གྱི་ས་ལ་བཞུགས་པའི་པཎ་གྲུབ་མང་པོ་དང་། ལྷ་དང་མཁའ་འགྲོ་གྲུབ་པ་ཅན་མཐའ་དག་ལས་རིག་པའི་གནས་ལྔ་དང་རྒྱུ་འབྲས་ཀྱི་ཐེག་པ་མཐའ་ཡས་གསན། ཐམས་ཅད་མཁྱེན་པའི་བརྟུལ་ཞུགས་དང་རྫུ་འཕྲུལ་ཡ་མ་ཟུང་གིས་ལོག་པར་སྨྲ་བའི་མུ་སྟེགས་རྣམས་ཚར་བཅད། བྲག་ཕུག་མ་ར་ཏི་ཀར་མནྡཱ་ར་བས་སྒྲུབ་སྡེ་མོ་བྱས་ཏེ་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་ཚེ་དབང་རིགས་འཛིན་གྱི་གོ་འཕང་བརྙེས། བལ་ཡུལ་དང་ལེ་ཤོད་དུ་ཡང་དག་ལྷ་དགུའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཁྱད་པར་དུ་མཆོག་རྟེན་བདེ་བྱེད་བརྩེགས་པར་རིག་འཛིན་ཆེན་པོ་རྣམ་པ་བརྒྱད་དང་གདན་འཛོམ་ཞིང་། སྒྲུབ་སྡེ་བཀའ་བརྒྱད་བཀའ་སོ་སོར་དགུ་དང་། ཡོངས་སྒྲིལ་གྱི་སྒྲོམ་བུ་གཅིག་ལ་སོགས་པའི་སྒྱུད་ལུང་མན་ངག་ལ་རང་དབང་བསྒྱུར། མདོར་ན་སུམ་སྟོང་དྲུག་བརྒྱའི་བར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་ནོར་འཛིན་མ་ལུས་པ་ཞབས་ཀྱིས་བཅགས། གུ་རུ་མཚན་བརྒྱད་ལ་སོགས་ཏེ་མཚན་དོན་ཐ་དད་པའི་སྒོ་ནས་རྒྱལ་པོ་ལ་སོགས་པར་རྒྱལ་གྱི་དྲེགས་པས་རྒྱགས་པ་དང་། ཕྱིར་རོལ་པ་ལ་སོགས་ཏེ་ལྟ་སྤྱོད་ཕྱིན་ཅི་ལོག་གི་གཡང་སར་ལྷུང་བ་དང་། པར་མའི་འགྲོ་བ་ལས་དང་ཉོན་མོངས་པས་དཀྲིས་པ་མཐའ་དག་ཕྲིན་ལས་རྣམ་པ་བཞིའི་བརྟུལ་ཞུགས་རླབས་ཆེན་པོས་ཡང་དག་པའི་ལམ་ལ་གཟུང་ཅིང་། འགྲོ་བའི་བླ་མའི་ཤཱཀྱ་སེངྒེའི་བསྟན་པའི་སྒྲོན་མེ། སྟོན་པའི་ཞལ་སྦྱིན། གྲུབ་པའི་གཙུག་རྒྱན་མཚུངས་ཟླར་འོས་པའི་བཀའ་ཡང་མ་ཡིན་པ་གཅིག་ཏུ་གྱུར་བའི་སྐབས་དེར། འཇམ་པའི་དབྱངས་མའི་རྡུལ་ཞུགས་པ་ལྷ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་པ་ལ། མཐའ་འཁོབ་བོད་ཀྱི་ཡུལ་གདོང་དམར་མུན་པའི་གླིང་དུ་བ་བསྟན་

(༣༨༦)པའི་སྒྲོན་མེ་སྤར་བའི་སླད་དུ་བྱོན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐུ་སྟོབས་ནུས་པའི་མེ་ལྕེ་སླ་སའི་ཚ་དཔལ་རྣོན་པོས་ལྷ་སྲིན་གདུག་པའི་ཚད་ཚིང་བསྲེགས་ཏེ་མིང་གི་ལྷག་མར་བྱས། མགུར་ལྷ་དགེ་བསྙན་རྣམས་བཀའ་རྟགས་ཕྱག་རྒྱ་གཉེན་པོའི་ཐིལ་འོག་ཏུ་སྤང་ཀང་ནས་བསྟན་པ་སྲུང་བའི་གཉེན་དུ་བསྐོས། དཔལ་བསམ་ཡས་མི་གྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་འགྲོ་བའི་མཆོད་སྡོང་གཅིག་ཏུ་བཞེངས་ནས་རབ་གནས་དང་མངའ་གསོལ་མཛོད། པཎ་ཆེན་བི་མི་ལ་སོགས་ཏེ་སངས་རྒྱས་ཀྱི་ས་ལ་བཞུགས་པའི་པཎིྚ་ཏ་ཆེན་པོ་རྣམས་དང་། བཻ་རོ་ཙ་ན་ལ་སོགས་པ་དག་ས་ཆེན་པོ་ལ་གནས་པའི་ལོ་ཙཱ་བ་མང་པོ་ལུང་བསྟན་ཅིང་མདོ་སྔགས་ཀྱི་བསྟན་པ་དར་བའི་ཞལ་བཀོད་མཛད། ས་གཞི་དང་གངས་བྲག་ཐམས་ཅད་དབེན་རི་དང་སྒྲུབ་གནས་སུ་བྱིན་གྱིས་བརླབས། མངའ་བདག་རྒྱལ་པོའི་དགོངས་པ་མཐའ་རུ་བསྐྱེལ་ཞིང་བོད་འབངས་ལ་བཀའ་དྲིན་འགྲལ་ཟླ་མེད་པར་མཛོད། དུས་དེའི་ཚེ་རྒྱ་གར་རྡོ་རྗེ་གདན་དང་གཉིས་སུ་རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་གསང་སྔགས་རྡོ་རྗེའི་ཐེག་པའི་ཆོས་ཆར་ཕབ་པའི་ཚེ། དབེན་གནས་སྒྲུབ་རིའི་རྒྱལ་པོ་མཐའ་ཡས་པ་རྣམས་ལས་ཁྱད་བར་གྱུར་པ་འོག་མིན་དཔལ་གྱི་ཆོས་འཁོར་ཆེན་པོ་དབུ་རྩེ་རིགས་གསུམ། རྒྱ་གར་གྱི་དུར་ཁྲོད་བསིལ་བ་ཚལ་དང་མཚུངས་པར་བསྔགས་པ་མཆིམས་ཕུའི་བྲེ་ཕུ་གོང་འོག་རྣམས་སུ་རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་གསང་སྔགས་རྡོ་རྗེའི་ཐེག་པའི་ཆོས་ཆར་ཕབ་པའི་ཚེ། ལན་ཅན་རྗེ་འབངས་ཉི་ཤུ་རྩ་ལྔས་དགོངས་པ་ཀོང་དུ་གྱུར་ནས་རིག་འཛིན་གྱི་ས་ལ་གཤེགས་ཤིང་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པའི་གྲུབ་ཐོབ་ཀྱི་དངོས་པོར་གྱུར། དེ་དག་གི་ཚེ་གསང་སྔགས་ཐུན་མོང་ལས་ཁྱད་པར་དུ་གྱུར་པ་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་པའི་བཅུད་ཕྱུང་བ་ལྟ་བུའི་མན་ངག་ཟབ་པ་དང་རྒྱ་ཆེ་བ་ཇི་སྙེད་ཅིག་རྗེ་བཙུན་གུ་རུ་ཉིད་ཀྱི་དགོངས་པའི་ཀློང་ནས་ཕྱུང་ མགུལ་གྱི་བུམ་པ་ནས་དྲངས། རྡོ་རྗེའི་ལྗགས་ལ་བཀྲམ།

(༣༨༧)དུང་གི་ཚེམས་བར་བཤར་ཏེ་རྒྱུད་ལས་སྒྲུབ་ཐབས། སྒྲུབ་ཐབས་མན་དག་ །མན་དག་ལག་ལེན་དུ་བསྡེབས་ཏེ་གདམས་པ་སྣ་རེས་ཀྱང་གད་ཟག་གཅིག་ཆོག་གཞན་ལ་མི་ལྟོས་པས་སངས་རྒྱ་བའི་ཟབ་གནད་ཅན་དུ་བསྟན་པ་རྗེ་འབངས་སོ་སོ་ལ་བཀའ་བབས་ཀྱི་ངེས་པར་ལྟར་བཤད་པ་ལས། ཕལ་ཆེར་ཇོ་མ་འཚོ་རྒྱལ་གྱིས་ཀློང་གསལ་རིག་པ་རྗེད་ངས་དང་བྲལ་བའི་གཟུངས་ཀྱིས་བཟུང་ཞིང་། ཌཱ་ཀྐིའི་རྡ་རིས་རྣམ་གྲངས་མཐའ་ཡས་བར་བཏབ་ནས་སྦ་བའི་གཉེར་ཀ་མཛད། དེར་མ་ལྟོས་པ་ཡི་གེ་མཁས་པའི་མཆོག་ལེགས་བྱིན་ཉི་མ། སྐྱེན་པའི་ཕུལ་ལྡན་མ་རྩེ་མང་། དག་པའི་རབ་ཨ་ཙ་ར་ཡེ་ཤེས་དབྱངས་ལ་སོགས་པས་བྲ་གཞི་ངོ་མཚར་གྱི་བཀོད་པ་དུ་མས་ཁྱད་དུ་འཕགས་པར་བཀོད་ནས་སློབ་དཔོན་ཉིད་ཀྱིས་རབ་ཏུ་གནས་ཤིང་མཐོང་གྲོལ་གྱི་བདེན་པ་ཅན་དུ་བྱིན་གྱིས་བརླབས། མ་འོངས་པའི་དུས་ན་རང་རང་གི་ལས་འཕྲོ་སྐལ་བ་དང་འཚམས་པར་འདོན་པར་དབང་བའི་སྐྱེས་བུ་དེ་ལ་སྨོན་ལམ་དབང་བསྐུར་གཏད་རྒྱ་ལུང་བསྟན་ཡོངས་སུ་རྫོགས་པས་འགྲོ་བའི་དོན་རླབས་པོ་ཆེ་འགྲུབ་པའི་ཐུགས་བསྐྱེད་སྨོན་པའི་མཚམས་སྦྱོར་དང་བཅས་ཏེ། དམ་པའི་ཆོས་མི་ནུབ་པ་དང་། གདམས་ངག་མི་འཕྱུགས་པ་དང་། བྱིན་རླབས་མི་ཡལ་བ་དང་། བརྒྱུད་ཐག་ཉེ་བ་སྟེ་དགོས་པ་རྣམ་པ་བཞི་དང་ལྡན་པར་དགོངས་ནས་སྔོན་གྱི་ཚེ་རྒྱལ་བ་རྣམས་ཀྱིས་ཐུགས་ནས་ཐུགས་ཀྱི་གཏེར་རུ་སྦས་པ་དང་། མཁའ་འགྲོ་མས་དགོངས་པའི་རྩལ་གྱིས་ནམ་མཁའི་གཏེར་དུ་སྦས་པ་དང་། རིག་འཛིན་རྣམས་ཀྱིས་སྒྲོམ་བུ་ལ་བརྟེན་ཏེ་སའི་གཏེར་དུ་སྦས་པ་དང་རྗེས་སུ་མཐུར་པར། མཚོན་བྱ་དོན་གྱི་མན་ངག་སྐུ་གསུམ་རང་བྱུང་གི་སྡོམ། མཚོན་བྱེད་ཚིག་གི་དཔེ་རྒྱུད་དང་། མྱོང་གྲོལ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ས་རྡོའི་བྲག་ཆུ་ཤིང་ལ་སོགས་པའི་གནས་ཐ་དད་པར་འབྱུང་བ་ལྔའི་རྒྱས་བསྡམས་ཏེ་སྦས་པ་གཏེར་སྟོན་སངས་རྒྱས་བླ་མ་དང་། མངལ་བདག་ཉིད་ཡབ་སྲས་བཟུང་རིམ་པར་དུས་རྟགས་དང་མཚུངས་པར་མངོན་དུ་ཕྱུང་བའི་ནང་ཚན་

(༣༨༨)ལས་ཁྱད་པར་དུ་གྱུར་པ་འདིའི་ལོ་རྒྱུས་ཆུང་ཟད་ཞུ་ན། སྤྱི་ཆིངས་ལས། པདྨ་འབྱུང་གནས་བདག་གིས་ཀྱང་༔ སྔོན་གྱི་སྨོན་ལམ་འཕྲོ་མཐུད་ནས༔ བོད་ཡུལ་སེམས་ཅན་དོན་ལ་དགོངས༔ ས་འོག་ས་སྟེང་ཆོས་ཀྱིས་བཀང་༔ ད་ལྟའི་ལོ་ཙཱ་ཁྱོད་ཉིད་ཀྱང་༔ སྐལ་བ་དུ་མ་བུར་སྤྱོད་པའི་དུས༔ སྟེང་ཁང་སྙིང་མཛོད་སྨུག་པོ་སོགས༔ གཏེར་སྒོ་བཅུ་བཞིར་སྤྱོད་པའི་དུས༔ རྩ་གསུམ་མཐོང་བ་རང་གྲལ་གྱི༔ རྩ་གསུམ་མཐོང་བ་རང་གྲོལ་གྱི༔ བླ་རྫོགས་ཐུགས་གསུམ་དྲིལ་བའི་སྐོར༔ མཆོག་དང་ཐུན་མོང་ཀུན་འགྲུབ་པའི༔ བསྐྱེད་རྫོགས་ཉེར་ལྔ་སྦས་པ་ལས༔ པདྨ་ཐོད་ཕྲེང་རྩལ་ཉིད་ལ༔ རིག་འཛིན་བརྒྱད་ཀྱིས་བསྐོར་བ་དང་༔ བླ་མ་དབང་གི་རྒྱལ་པོ་ལ༔ བདེ་གཤེགས་ཡོངས་རྫོགས་བརྒྱད་ཀྱི་ས་བསྐོར༔ ཐུགས་སྒྲུབ་སེམས་ཉིད་རལ་བསོ་ལ༔ སེམས་དཔའ་བརྒྱད་ཀྱིས་བསྐོར་བ་དང་༔ གསང་བ་ཡེ་ཤེས་ཌཱ་ཀྐི་ལ༔ བཅུ་གསུམ་ཁམའ་འགྲོའི་སྤྲུལ་བར་བཅས། བྱང་ཁོག་ལུས་དང་སེམས་མཐུན་པའི༔ སྐུ་གསུང་ཐུགས་ཀྱི་གནད་བསྡུས་སྐོར༔ ཙིཏྟ་སྙིང་དང་འདྲ་བ་ཡི༔ བླ་མའི་རྫོགས་རིམ་རྣམ་པ་གསུམ༔ ཡི་གེ་མེད་པའི་གནད་ཏིག་འདི༔ ལུས་རྒྱའི་ནང་གི་མགོ་བོ་སྟེ༔ གཅེས་ཚད་མིག་ལ་ཕངས་ཚད་སྙིང༔ མདོ་རྒྱུད་ཀུན་གྱི་ཡང་ཏིག་ཡིན༔ ཞེས་གསུངས་བ་ལྟར་རབ་བརྟག་ དང་ཕུལ་གྱུང་གིས་བསྔགས་པ་ཙམ་མ་ཡིན་པར་བསྐྱེད་རྫོགས་རྫོགས་ཆེན་གསུམ་ཀའི་སྙིང་ཁྲག་གཏིབས་བ་ལྟ་བུ་བླ་རྫོགས་ཐུགས་གསུམ་ཡོངས་རྫོགས་དང་བཅས་པའི་ཆ་ལག་ཆོས་སྐོར་གཅིག་ཏུ་བསྡུས་པ་པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་དུ་གྲགས་པའི་ཌཱ་ཀྐིའི་སྙིང་ཁྲག་གཅེས་པ་འདི་ཡིན་ཏེ། ཇི་སྐད་དུ། །སྣང་བ་མཐའ་ཡས་ཐུགས་རྗེའི་འོད༔ བདག་འདྲ་པདྨ་འབྱུང་གནས་ཀྱི་ས༔ ཨོ་རྒྱན་རྒྱ་གར་ཤར་ནུབ་དང་༔ ལི་དང་བལ་པོའི་ཡུལ་རྣམས་སུ༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་དོན་བྱ་༔ ཁྱད་པར་གངས་ཅན་བོད་ཡུད་དུ། ཁྲི་སྲོང་

(༣༨༩)ལྡེའུ་བཙན་ཡབ་སྲས་ཀྱིས༔ དགོངས་པའི་གཙུག་ལག་ཁང་རྣམས་བཞེངས༔ ས་བཏུལ་ཕྱི་ནང་ཆོས་རྣམས་བསྟན། གྲུབ་ཐོབ་བརྒྱུད་འཛིན་མང་ཞིག་ཡོད༔ འོན་ཀྱང་དུས་ཀྱི་མཐའ་མ་རུ༔ ཆོས་ཀྱི་རོ་ཉམས་གྲུབ་མཐར་རྩོད༔ འགོང་པོ་སྤུན་དགུས་ས་སྟེང་ཁྱབ༔ དེ་དུས་ཆོས་བྱེད་སྐྱོབ་པའི་ཐབས། འདུས་པ་དགུ་སྐོར་སྙིང་པོའི་ལམ༔ བླ་རྫོགས་ཐུགས་གསུམ་སྙིང་གི་ཁྲག༔ རྩ་གསུམ་མཐོང་བ་རང་གྲོལ་གྱི༔ ཆོས་རྣམས་ཀུན་གྱི་སྙིང་པོ་བསྡུས༔ ཟབ་ལ་རྒྱ་ཆེའི་ཆོས་མང་ཡང་༔ དེ་དུས་འགྲུབ་པ་ཤིན་ཏུ་དཀའ༔ འདི་ནི་གདམས་པ་སྣ་རེས་ཀྱང་༔ བསྐྱེད་རྫོགས་སྙིང་པོ་གཅིག་ཏུ་བསྡུས༔ ཚུལ་བཞིན་ཉམས་སུ་བླངས་གྱུར་ན༔ ཉམས་རྟགས་མ་བྱུང་ང་ཡིས་བསླུས༔ ཞེས་ཟབ་པའི་མཐར་ཐུག་པར་ཆད་ལ་བོར་ནས་རྗེ་འབངས་གྲོགས་གསུམ་ལ་ལྐོག་ཆོས་སུ་གདམས་པ་སྟེ་ཐེམ་བྱད་ལས། རིན་ཆེན་སྤུངས་དང་ཀླུ་བདུད་ནག་པོའི་ཕྲེང༔ ཁྱུང་འདྲའི་བྲག་དང་ཞམ་པའི་གཙུག་ལག་ཁང་༔ དཔལ་གྱི་བསམ་ཡས་ལྷ་ས་དྲུག་ཡིན་ནོ༔ ཞེས་པ་ལྟར་གྲགས་རི་རིན་ཆེན་སྤུངས་པ་བསོགས་ཏེ་ཟབ་མོའི་གཏེར་གནས་དྲུག་ཏུ་རྒྱས་བཏབ་པ་ལས། བཞི་བཅུ་ཁ་རལ་གྱི་དུས་ན་རྣམ་པར་སྐང་མཛད་གང་ཆེན་མཚོ་ཞིང་འདིར། རིག་གྲོལ་སྤྲུལ་པའི་གར་གྱི་སྒྱུ་འཕྲུལ་ལ་ཆགས་པ་འཕགས་པ་ཀུན་དགའ་བོ། ལོ་ཆེན་བཻ་རོ་ཙ་ན། རྡོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ལ་སོགས་ཏེ་ཐུགས་རྗེ་ཡས་སྤྲུལ་ཕྱི་སྐྱེས་རབས་མནྡྲཱ་རའི་ཕྲེང་བར་བསྟན་པ་དང་སེམས་ཅན་ལ་ཕན་པ་རླབས་པོ་ཆེ་གདགས་པ་ལས། སྐབས་འདིར་བྱང་རྒྱུད་ནོར་འཛིན་གྱི་སའི་ཐིག་ལེར་སྤྲུལ་པའི་ཟློས་གར་བསྒྱུར་ནས་སྟོན་པ་བདེ་བར་གཤེགས་པ་བསྐལ་བཟང་རྣམ་འདྲེན་བཞི་པའི་ཆོས་ཀྱི་འཁོར་ལོ་གསུམ་གྱི་དཀའ་བའི་གནས་འབྲེལ་བ་ལ་རྒྱ་གར་གྱི་ཤིང་རྟ་ཆེན་པོ་རྣམ་གཉིས་དན་དབྱེར་མི་ཕྱེད་ལ། ཆོས་ཐམས་ཅད་ལ་དགོངས་པའི་ཀློང་རྣམ་རང་དབང་བསྒྱུར་བའི་བརྟུལ་ཞུགས་ལ་གྲུབ་

(༣༩༠)པའི་འཁོར་ལོས་སྒྱུར་བ་ཆེན་པོ་རིག་འཛིན་དགའ་རབ་རྡོ་རྗེ་དང་མི་གཉིས་ཤིང་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་ཟབ་རྒྱ་མཁའ་འགྲོའི་གསང་མཛོད་ལ་དབང་སྒྱུར་བ་དང་ཆབ་གཅིག་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་རྒྱལ་མཚན་སྒྲེང་བ་ལ་དོན་དམ་པའི་རྒྱལ་ཚབ་ཏུ་དབང་བསྐུར་བ་དོན་གྱི་སླད་དུ་མཚན་སྨོས་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གླིང་པའམ། མཚན་གཞན་ཐམས་ཅད་མཁྱེན་པ་པྲཛྙཱ་ར་སྨི་ཞེས་ཡོངས་སུ་གྲགས་ལ་རྩོད་པ་དང་བྲལ་བའི་སྐྱེས་བུ་དམ་པ་སྟེ། དེ་སྐད་དུ་ཡང་། མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོའི་རིག་འཛིན་ཡོངས་འདུས་ལས། མདོ་སྔགས་བསྟན་པ་ཉམས་པའི་ཚེ༔ དེ་ཚེ་བསྟན་གཞུག་སྐྱོང་བྱེད་པའི༔ འོད་ཟེར་མིང་དེ་རྒྱལ་བའི་སྲས༔ གཏེར་གསར་འདོན་ཞིང་གཏེར་རྙིང་སྐྱོང་༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན ཞེས་དང་། ཆོས་དབང་རིན་པོ་ཆེའི་གནད་བྱང་གསལ་བཀོད་ལས། འདི་ནས་ནུབ་ཕྱོགས་བྱང་ནུབ་ཏུ༔ ཤེས་རབ་འོད་ཅེས་བྱ་བ་ནི༔ རིགས་གསུམ་སྤྲུལ་པས་འགྲོ་བ་འདུལ༔ ཞེས་པ་དང་མཚུངས་པར་སངས་རྒྱས་གླིང་པའི་ལུང་བསྟན་བཀའ་རྒྱ་མ་ཞིག་པོ་ཀླིང་པའི་བར་ཆད་ཀུན་སེལ་སོགས་ལས་བཻ་རོ་ཙ་ནའི་ཐུགས་ཀྱི་སྤྲུལ་བར་ལུང་བསྟན་ཅིང་། རང་གཏེར་ལས་ཀྱང་། འདི་ཉིད་འདོན་པའི་ལས་ལྡན་སྐྱེས་བུ་དེ༔ པདྨ་བདག་དང་ཁྱད་པར་ཡོད་རེ་ཀན༔ འདི་ལ་འབྲལ་པ་ཟུང་ཅད་སུས་ཐོགས་པ༔ སྡུག་བསྔལ་སྣང་བ་རྩད་ནས་བཅད་ནས་ནི༔ བདེ་ཆེན་དག་པའི་ས་ལ་འགོད་པར་བྱེད༔ འདི་ལ་ལུས་ཀྱི་འབྲེལ་བ་སུས་ཐོགས་པ༔ ཨོ་རྒྱན་མཁའ་སྤྱོད་གནས་སུ་སྐྱེ་བར་ངེས༔ འདི་ཉིད་ཤའམ་དྲི་ཆུ་ལྟོར་སོང་ན༔ ལས་ངན་མཚམས་མེད་སྤྱད་ཀྱང་ངན་སོང་ཁེགས༔ སྐྱེ་བ་གཅིག་གིས་བདེན་པ་མཐོང་བར་འགྱུར༔ དེ་ཕྱིར་སྐྱེ་བདུན་ཕལ་ཀྱིས་དོ་ཟླ་མིན༔ ཞེས་འབྲེལ་ཚད་དོན་ལྡན་དུ་དབུགས་དབྱུང་ཞིང་འགྲལ་ཟླ་དང་བྲལ་བའི་སྤྲུལ་པའི་སྐྱེས་མཆོག་དེ་ཉིད་ཇི་སྐད་དུ་ཨོ་རྒྱན་རིན་པོ་ཆེས། ཁྱད་པར་ལྷ་སྲས་འགྲོ་འདུལ་ཉིད་ཀྱིས་རྗེས་སུ་འཛིན༔ ཞེས་

(༣༩༡)པའི་ལུང་བསྟན་མངོན་དུ་གྱུར་ཏེ་མགོན་པོ་འབྲི་གུང་པ་ཆེན་པོ་རྒྱལ་བའི་དབང་པོ་རིན་ཆེན་ཕུན་ཚོགས་ཀྱི་སྲས་ཀྱི་ཐུ་བོར་གྱུར་ནས་དམ་པ་དེ་ཉིད་ཀྱི་བཀའ་བཞིན་རེ་ཞིག་དབེན་པ་བསྟེན་པའི་ཚེ་བསྟན་སྐྱོང་མདུད་མེད་མོན་མོའི་ཆ་ལུགས་རས་ཟུང་དཀར་པོ་གྱོན་པ་ཞིག་ཏུ་སྤྲུལ་ནས། ཁྱེད་ཀྱི་བསླབས་པས་བཅིངས་པའི་བྱ་བཏང་འདི་ཉམས་རེ་དགའ། འདི་འཐུང་དང་ཟེར་ཆང་བསེ་ཕོར་གང་མནལ་ལམ་དུ་བྱིན་ནས་གསང་སྔགས་ཀྱི་རྟེན་འབྲེལ་བསྒྲིགས་པའི་ཐོག་ །དགུང་ལོ་སུམ་ཅུར་ལོན་བ་མེ་མོ་ལུག་གི་ལོ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཞོགས་པ། ཤར་ཕྱོགས་ཀྱི་ནམ་མཁའ་ལས་འོད་ཟེར་དཀར་པོ་དུང་ཆེན་གྱི་དབྱིབས་འདྲ་བ་ཞིག་གི་ཁ་སྒོར་ཤིན་ཏུ་ཡངས་པའི་མཐར་འཇའ་ཚོན་གྱི་དྲྭ་བས་བསྐོར་བས་དབུས་ནས་ཨོ་རྒྱན་ཆེན་པོ་པདྨ་རྒྱལ་པའི་ཆ་ལུགས་བལྟ་བས་ཆོག་མི་ཤེས་པ་ཞིག་མཇལ་ནས། ཁྱོད་ཀྱི་སྨོན་ལམ་གྱི་ཆོས་འདི་ཕྱིའི་ལུང་བསྟན་བྱིན་རླབས་དང་བཅས་པ་གྲགས་རི་རིན་ཆེན་སྤུངས་པ་ན་ཡོད་པས་ལོང་ལ་ལོངས་སྤྱོད་གསུང་བའི་མུར་གཏད་མེད་ལ་ཡལ་བས་སྐུ་དྲུང་ན་གྲོགས་ལས་དག་པ་འཚོ་བྱེད་དུ་གྲགས་པས་ཀྱང་འོད་དཀར་ཙམ་མཐོང་། དེ་མ་ཐག་དཔོན་སློབ་གཉིས་ཀྱི་གྲོགས་རི་རིན་ཆེན་སྤུངས་བར་ཕེབས་པ་ལས། ས་དམིགས་མ་རྙེད་པ་ཐོ་རེངས་བྱུང་བའི་བུད་མེད་དེས་མཛུབ་མོའི་བརྡ་ས་བསྟན་པ་དང་༑ འོད་དཀར་པོ་བཀྲག་དང་ལྡན་པ་ཞིག་ཀྱང་ཁྱེམ་མེར་འདུག་པ་དེར་གཟིགས་པས། བྲག་སྤྲུལ་ཐུར་དུ་རྒྱུག་པ་འདྲ་བ་ཞིག་གི་སྣ་ཟུར། ས་དཱང་ཆིལ་ཆིལ་བ་ཆ་དང་བཅས་པ་ལྷུད་ཀྱིས་རྒྱུག་པའི་སྣ་དེ་ནས། སྐུ་རྟེན་རྡོ་སྐུ་རང་བྱོན་མཐོང་བ་དོན་ལྡན། གསུང་རྟེན་རྡོའི་དུང་དཀར་གཡས་འཁྱིལ། ཐུགས་རྟེན་རྡོའི་དབང་ཕྱུག་ཆེན་པོ། ཤེལ་གྱི་གའུའི་ནང་ནས་ཨོ་རྒྱན་ཡ་ཡུམ་གྱི་བྱང་སེམས་དཀར་དམར། འཛམ་བུའི་ཤིང་ཤུན་ཁ་དོག་ལྗང་སེར་གྱི་རྣམ་པ་ལ་ཨོ་རྒྱན་རིན་པོ་ཆེའི་ཕྱག་བྲིས་སུ་བྱས་པའི་ཤོག་དྲིལ་གྲིས་མི་ཕེད་པ་བདུན་བཅས་བྱུང་བ་ལས། ཤོག་

(༣༩༢)དྲིལ་དང་པོ་ཁ་བྱང་གི་སྐོར་ལ། འཁོར་འདས་བདག་པོ་པདྨ་རྒྱལ་པོ་ང༔ ལྷོ་ནུབ་ཕྱོགས་སུ་སྲིན་པོ་འདུལ་ཕྱིར་འགྲོ༔ རྗེ་འབངས་སྨོན་ལམ་ལྷན་ཅིག་བཏབ་པ་རྣམས༔ ང་དང་མི་འབྲལ་གསོལ་བརྒྱུན་དུ་ཐོབ༔ ཅེས་པ་ལ་སོགས་པའི་གནད་བྱང་ལུང་བསྟན་སྣང་ཞིང་དེར་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་དངོས་གནས་སྙན་དུ་སྒྲོན་པས་ཤིན་ཏུ་དགྱེས་པ་འཁྲུངས་པ་དང་དཔོན་སློབ་ལྷན་ཅིག་པར་ཤོག་སེར་ལས་ཕབ་པ་ནས་བཟུང་རིམ་པར་གཏེར་མཛོད་དུ་མ་ལ་དབང་བསྒྱུར་ཞིང་། ཁྱད་པར་གུ་རུ་རིན་པོ་ཆེས། རྗེ་འབངས་རྣམས་ཀྱི་ནང་ནས་ཀྱང་། །ང་དང་དགོངས་པ་མཉམ་པ་བཻ་ཙོ་ཡིན༑ །ཞེས་པ་ལྟར། བཻ་རོ་ལ་ཐུགས་ཤིན་ཏུ་བརྩེ་བས། བར་ཆད་བསྲུང་བའི་གནམ་ལྕགས་རྡོ་རྗེ་རྩེ་དགུས་པ། ཨོ་རྒྱན་གྱི་ཕྱག་དྲིལ། མན་ཧོའི་ཕྱག་ཕྲེང་། མཁའ་སྤྱོད་རིལ་བུ། འཕོ་བ་རིལ་བུ། སྨོན་ལམ་རིལ་བུ་སོགས་གཏེར་སྟོན་གཞན་ལ་མ་གྲགས་པའི་རྫས་གཏེར་མཐའ་ཡས་པ་ཞིག་སྤྱན་དྲངས་པ་ལོ་རྒྱུས་སུ་གསལ་ལ། དེ་ལས་ད་ལམ་འཆད་པ་སྐབས་སུ་བབས་པ་ཡོངས་རྫོགས་རིག་འཛིན་གྱི་རྩལ་དབང་ཆེན་མོའི་སྐོར་ལ་གཏེར་ཤོག་ཚན་པ་གཉིས་སུ་བྱས་ཏེ། སྟེང་ཁང་སྙིང་མཛོད་སྨུག་པོར་བཞུགས་པ་མ་འོངས་པ་ན་གཏེར་ཚན་གཉིས་སུ་འབྱོན་པ་ནི་ཆོས་བདག་སྤྱི་གཏེར་གྱི་ལུང་བྱང་ལས། ཆོས་རྒྱལ་དང་བཻ་རོ་ས་གུ་རུ་ཉིད་ལ་ཕྱག་དང་མཆོད་པ་ཕུལ་ཏེ་ཞུས་པ༔ ཀྱཻ ཁམས་གསུམ་གྱི་སེམས་ཅན་རྣམས་གྲོལ་བའི་དུས་མཆིས་སམ༔ །མ་མཆིས༔ སྒོས་བདག་ཅག་རྗེ་འབངས་རྣམས་གུ་རུའི་ཐུགས་རྗེས་ཇི་ལྟར་གྲོལ༔ དུས་ནམ་གྲོལ༔ གྲོལ་ཚུལ་ཇི་ལྟར་ལགས༔ གྲོལ་བའི་ཐབས་ཅི་ཞིག་མཆིས༔ ཞེས་རྒྱན་རིན་ཆེན་སྤུངས་པ་ཕུལ་ཏེ་གསོལ་བ་བཏབ་པས། གུ་རུ་ཉིད་ཅད་མི་གསུང་པ་སྤྱན་བར་སྣང་དང་རྒྱན་པོ་དང་བཻ་རོ་ལ་ཅེ་རེ་གཟིགས་སོ༔ ཡང་འཚོ་རྒྱལ་གྱིས་ཞུས་པ༔ ཀྱེ་མ་གུ་རུ་རིན་པོ་ཆེ༔ བདག་ཅག་

(༣༩༣)མ་རིག་གདུལ་དཀའ་བ༔ ཐུགས་རྗེས་ཇི་ལྟར་འདུལ་བ་ལགས༔ ད་ལྟ་གནམ་ས་བར་སྣང་དང་༔ རྒྱལ་པོ་དང་ནི་བཻ་རོ་ལ༔ གཟིགས་པ་མཛད་པ་གང་ལྟར་ལགས། ཅི་ཡང་བཀའ་ལུང་མི་མཛད་པ༔ དེ་ལྟ་བུ་ཉིད་ཅིལ་དགོངས༔ བདག་གི་ཞུ་དོན་གསུང་དུ་གསོལ༔ ཞེས་ཕྱག་བཙན་ནས་གསེར་སྐྱོགས་རྒྱུན་ཆང་གིས་བཀང་ནས་ཞུས་པས། གུ་རུ་ས་བཀའ་སྩལ་པ༔ ཉོན་ཅིག་རྒྱལ་པོ་བཻ་རོ་འཚོ་རྒྱལ་རྣམས༔ བདག་ནི་སངས་རྒྱས་སྣང་མཐའི་སྤྲུལ་པ་སྟེ༔ དུས་གསུམ་མ་འགགས་དུས་གཅིག་ས་ལེར་སྐྱོང་ དེ་ཕྱིར་ཁྱེད་རྣམས་རྩེ་གཅིག་ཡིད་ལ་བཟུངས། སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོན༔ སེམས་ཅན་སངས་རྒྱས་མཉམ་པའི་ཁྱབ་གདལ་ཡང་༔ ཁམས་གསུམ་སེམས་ཅན་གློ་བུར་ལས་ཉོན་གྱིས༔ སྒོ་གསུམ་གནོད་པས་དུས་གསུམ་ངོ་མ་ཤེས༔ མི་གསུང་ཅེ་རེ་གཟིགས་པ་དེ་དོན་མོད༔ འཚོ་རྒྱལ་ཁྱོད་ནི་ཡེ་ཤེས་ཌཱ་ཀྐི་ཡིས༔ བྱིན་གྱིས་བརླབས་བས་སྙིང་ཉིད་སྙིང་རྗེར་ལྡན༔ ཐུགས་རྗེའི་སྤྲུལ་པ་སྣ་ཚོགས་ཅིར་ཡང་སྟོན༔ བདག་ལ་བསྐྱར་ནས་ཞུས་པ་ཤིན་ཏུ་ལེགས༔ ཁམས་གསུམ་སེམས་ཅད་རང་རང་ལས་ཀྱི་མཐའ༔ མ་ཟད་བར་དུ་གྲོལ་པའི་དུས་མིན་ཏེ༔ དུས་གསུམ་རྒྱལ་བའི་སྨོན་ལམ་ཐུགས་རྗེ་དང་༔ རང་རང་གླི་བུར་ལས་ཀྱི་འཕྲོ་སད་ཚེ༔ གྲོལ་མགོ་བརྩམས་སྟེ་སྟོང་ཉིད་རྟོགས་ཆེ་གོལ༔ འཁོར་བའི་མཐའ་ནི་རྣག་ཤེས་ཁྲུལ་སངས་ཡིན༔ དེ་ཉིད་བར་དུ་གྲོལ་བ་ངས་མ་མཐོང་༔ རྗེ་འབངས་རྣམས་ནི་སྔོན་གྱི་ལས་འཕྲོ་ཡིས༔ ང་དང་མཇལ་ནས་གདམས་པའི་གདན་ཐིག་ཐོབ༔ བརྩོན་འགྲུས་ལྡན་པ་ཟླ་གཅིག་དྲུག་ན་གྲོལ༔ དེ་འོག་དངད་ལྡན་ཆོས་ཀྱི་གོས་འཆང་བ༔ ལ་གཅིག་དྲུག་དང་བཅུ་གཉིས་དག་ན་གྲོལ༔ ཁ་ཅིག་ལས་འཕྲོ་སྐྱེ་བ་ལེན་ཚུལ་སྟོན༔ ཞེས་པ་ལ་སོགས་བའི་མཐར། དེ་ཕྱིར་ད་ལྟའི་རྗེ་འབངས་འདི་

(༣༩༤)རྣམས་ཀྱང་༔ མ་འོངས་བཞི་བཅུ་ཁ་རལ་དུས་ཀྱི་ཚེ། འདུས་པ་དགུ་སྐོར་སྙིང་པོའི་བཅུད་འདུས་པ༔ བླ་མའི་སྒྲུབ་པ་རབ་དབྱེ་རྣམ་གསུམ་གྱི༔ དགོངས་པ་རང་གྲོལ་ཆོས་ཀྱི་བདག་པོ་སྟེ༔ འགའ་ཞིག་བླ་ཆེན་རྒྱལ་པོའི་ཚུལ་འཛིན་ཅིང་༔ ལ་ལ་དམངས་དང་ཐ་ཤལ་སྤྱོད་པའི་ཚུལ༔ ཞེས་པ་རྣམས་གབ་རྒྱ་ཅན་ནས་ལུང་བསྟན་ཅིང་། དེ་ལས་ཟབ་གཏེར་ལ་དབང་བའི་སྐྱེས་བུ་ནི། །མ་འོངས་དུས་སུ་འགྲོ་བའི་དོན་ཉིད༔ ཟབ་མོའི་གཏེར་ཤོག་ཟུང་དུ་འགྲེལ་བ་གཉིས༔ སྟེང་ཁང་སྙིང་སྒྲོམ་དབུས་སུ་རྒྱ་ཡིས་སྡོམ༔ ཕྱི་མའང་ཆོས་རྒྱལ་སྟོབས་ལྡན་བརྟུལ་ཞུགས་ཅན༔ གནོད་སྦྱིན་དྲག་པོ་ཤིང་བྱ་ཅན་གྱིས་ཀྱང་༔ དེ་ཡི་བཀའ་ལས་འདའ་པར་མི་ནུས་པས༔ པདྨ་དབང་རྒྱལ་རོལ་པ་རྩལ་གྱིས་ཀྱང་༔ ལོ་ཀི་ཤྭ་རའི་ཕོ་བྲང་དང་ཉེ་བའི༔ རྣམ་ཤེས་མཚོན་པའི་ཕུག་པར་དག་པར་ཕོབ༔ དེ་ཚེ་བཻ་རོ་འོད་ཟེར་མིང་ཅན་ཡང་༔ ས་གཞི་སྒ་སྙན་གཟུགས་འདྲ་ཕན་ཚུན་རི༔ བཀྲ་ཤིས་རྟགས་ལྡན་མཚོན་ཆ་གཟིངས་འདྲའི་སར༔ ཆོས་སྒོ་འབྱེད་ཅིང་གསང་བའི་ལུང་བསྟན་སྤེལ༔ ཞེས་མངའ་བདག་གི་ཁྲི་སྲོང་གི་ཡང་སྲིད་མངའ་རིས་རིག་འཛིན་ཆེན་པོ་པདྨ་དབང་རྒྱལ་དང་། ལོ་ཆེན་བཻ་རོའི་རྣམ་སྤྲུལ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཤེས་རབ་འོད་ཟེར་སོ་སོས་སྟེང་ཁང་སྙིང་མཛོད་སྨུག་པོ་ནས་སྡ་མས་རིག་འཛིན་བཀའ་བརྒྱད་ཡོངས་འདུས་དང་། ཕྱི་མས་གྲོལ་ཐིག་རིག་འཛིན་བདེ་གཤེགས་ཀུན་འདུས་སྤྱན་དྲགས་པའི་འདི་གཉིས་ཚིག་དོན་ཞུས་དག་ཕེར་ཞིང་རྨད་བྱུང་བཀའ་བརྒྱད་དང་དབང་གི་ཆུ་བོ་གཅིག་ཏུ་འདྲེས་པ་ནི་བླ་མའི་རྫོགས་རིམ་གྲོལ་ཐིག་དགོངས་པ་རང་གྲོལ་ལས། རྒྱལ་བ་ཀུན་གྱི་དགོངས་པའི་བཅུད་བསྡུས་པ༔ སངས་རྒྱས་ལག་བརྐྱངས་ཁམས་གསུམ་ཅེར་གྲོལ་ཏེ༔ འདི་འདྲའི་གདམས་པ་འཛམ་བུའི་གླིང་ན་མེད༔ ཀུན་བཟང་རྡོར་སེམས་དགའ་རབ་རྡོ་རྗེ་ཡི༔ པདྨ་ང་ཡིས་སུ་ལའང་ཡི་བསྟན་པར༔ ཙིཏྟའི་ཀློང་དུ་རྒྱ་ཡིས་རབ་བཏབ་ཀྱང་༔ བཻ་རོ་ཆོས་རྒྱལ་གཉིས་ལ་སྙིང་ཁྲག་ཕོ༔

(༣༩༥)ད་ལྟ་ཉམས་ལོང་གསང་པའི་ཤིག་དྲིལ་རྣམས༔ སྙིང་མཛོད་སྨུག་པོའི་ནང་དུ་གཏེར་དུ་སྦོད༔ འདི་དང་སུ་ཕྲད་མངོན་སངས་རྒྱ་བར་དེས༔ དེ་དང་དགོངས་པ་མཉམ་པ་བཻ་རོ་ཡིན༔ མ་འོངས་བཞི་བཅུ་ཁ་རལ་དུས་ཀྱི་ཚེ༔ ལམ་ཟབ་བསྟན་པའི་སྙིང་པོ་མངོན་སུམ་གྱི༔ ལམ་གྱི་གནད་བྲལ་མུ་ཅོར་སྟོན་པའི་དུས༔ ལས་ལྡན་སྐྱེས་བུ་གཉིས་དང་ཕྲད་པར་འགྱུར༔ གསང་བའི་ལུང་བསྟན་མ་གཏོགས་ཞུ་དག་ཕེར༔ གཅིག་ལ་གཅིག་ཡིད་ཆེས་པས་འཁྲུལ་པ་བྲལ༔ ཞེས་གསུངས་པ་ལྟར་ཤིན་ཏུ་ཡིད་ཆེས་ཤིང་ངོ་མཚར་བའི་གནས་སུ་གྱུར་པ་ལས༔ འདིར་བཻ་རོལ་བཀའ་བབས་པའི་པའི་ཆོས་སྐལ་སྙིང་མཛོད་ནས་ཕྱུང་བའི་ལོ་རྒྱུས་ཟུང་ཅད་གླེང་ན་གཏེར་ཆེན་ཐམས་ཅད་མཁྱེན་པ་ཉིད་དགུང་ལོ་སུམ་ཅུ་སོ་གསུམ་པར་ཕེབས་པའི་ཚེ། ཆོས་རྒྱལ་འབྲི་གུང་པ་རིན་ཆེན་ཕུན་ཚོགས་བསམ་ཡས་སུ་ཕྱགས་ཕེབས་པའི་རྗེ་ཉིད་ཅོག་གྲ་ལ་བཞུགས་དུས། ཧོ་ར་ཟླ་ལྔ་པའི་ཚེས་བརྒྱད་ཀྱི་ཐོ་རེངས་ཁ་ན་ཛོ་ཀི་རས་ཁྲ་བོའི་ཨང་རག་གྱོན་པ་ཟུད་ཅིག་ཡོང་ནས། ཁྱེད་རང་གི་ཆོས་སྐལ་སློབ་དཔོན་ཅེན་པོས་བདག་ལ་བཅོལ་བ་རྣམས་འདོན་པ་རི་དུས་ལ་བབས་པས་གནངས་ཚེས་བཅུ་ལ་ཐེ་ཚོམ་མེད་བར་ཐོན་ཅིག་ཅེས་གཏེར་བདག་གནོད་སྦྱིན་གྱིས་བསྐུལ་པ་ལས། མགོན་པོ་འབྲི་གུང་བ་དང་བཅས་སྟེང་ཁང་དུ་ཕེབས། དེ་ནས་དབྱིངས་དམངས་སྐུ་གཉེར་དང་བཅས་ཕྱིར་བསྐྲད། བླ་མ་གཙང་ནས་དཔོན་སློབ་གསུམ་ལས་མེད་པའི་ཐོག་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་འདིས་རྣམ་སྣང་བཞི་སྒྲོམ་གྱི་སྙིང་མཛོད་དུ་ཕེབས། མུན་པ་ཤིན་ཏུ་གནག་པ་ལ་ཆ་བ་རིལ་གྱི་ནང་ནས་ཆབ་འཐོར་བས་དེའི་གཤེར་གང་ཕོག་ལས་མེ་རང་བྱུང་དུ་འབར་བས་གསལ་བའི་གཏེར་ཁ་ཤིན་ཏུ་མང་པར་བཞུགས་པ་ལས། ཀེ་ཚང་ཞིག་ན་ཐང་ཀ་ཆེན་པོ་ཞིག་དང་རྒྱལ་པོའི་བླ་དཔེ་ཞིག་འདུག་པ་གང་གཟིགས་པའི་ཆེད་དུ་བསྣམས་ནས་འབྲི་གུང་རིན་པོ་ཆེ་ལ་གཟིགས་ཕུལ་བས། ཐད་ཀ་བཀའ་འདུས་ཀྱི་དཀྱིལ་ཐང་དང་། དཔེ་ཆ་ཆོས་འབྱུང་རྒྱས་པ་ཞིག་འདུག་ཕེབས། དེ་མ་

(༣༩༦)ཐག་རང་གནས་སུ་བསྐྱལ་ནས་རང་ལ་དབང་བའི་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་གཏེར་ཤོག་ལེ་ཚན་གཉིས། འབྲི་གུང་གི་ནང་རྟེན་ལ་བཞུགས་པའི་གླུ་བདུད་ཀྱི་ཁ་གནོན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ། མངའ་བདག་རྒྱལ་པོའི་དབུ་ལོ། བདུད་རྩི་ཆོས་སྨན། ཆོས་རྒྱལ་གྱི་བླ་རྡོ་ནག་པོ་ལུག་གི་མཁལ་མ་ཙམ་ལ། ཤིང་སྡོང་དང་སྤྲེའུ་རི་མོ་གསལ་པ་ལ་སོགས་པ་སྤྱན་དྲངས་ཤིང་དཔོན་སློབ་གཉིས་ལྷན་ཅིག་པར་ཤོག་སེར་ལས་ཕབ་པའི་མཐར། ཟང་བ་སྟག་མགོར་ཟབ་མོའི་གཏེར་གྱི་སྒྲུབ་པ་གུ་རུ་བ་དེ་པ་ཆེན་པོའི་ལྷ་སྔགས་ཏིང་ངེ་འཛིན་གྱི་རོལ་མོ་ར་འབྱམས་ཀླས་པའི་ཚེ། ཚེས་བཅུ་ཞིག་གི་ནུབ་འོག་གསལ་དག་པའི་སྣང་བ་ལ་བུད་མེད་ཅིག་ན་རེ། ཆང་ཀ་པཱ་ལའི་གང་དང་། ཤ་དམར་ཙ་ཇི་བཏིག་གཅིག་བྱིན་ནས། དོ་ནུབ་སློབ་དཔོན་ཆེན་པོས་ཚེས་བཅུ་གནང་གི་ན་ཡོད་པས་ཚོགས་ཆང་འདི་འཐུང་། ཤ་འདི་ནལ་བྱིའི་དུར་ཁྲོད་བྲམ་བྲེུ་སྐྱེ་བ་བདུན་པའི་ཤ་འདུག་པ་དེ་ཚོགས་ཤར་བླངས་པ་ཡིན། གསོལ་དང་ནུས་པ་ཚད་མེད་ནམ་མཁའ་ལ་འཕུར་ཡང་ཐུབ་ཟེར་བས་ཆང་དེ་འཐུངས། ཤ་དེ་ལ་ཐུགས་འཕྲིག་པ་ཙམ་གྱི་ངང་ནས་གསོལ་བད་བུད་མེད་དེ་ན་རེ་ཁྱོད་རྣལ་འབྱོར་པ་འདྲ་པོ་མིན། །ད་སྟ་སློབ་དཔོན་མཇལ་དུ་འདེང་ཟེར་བ་སྣང་ལ་འཕུར་བས། རྗེ་བཙུན་ཉིད་ཀྱང་ཤའི་ནུས་པས་འཕུར་ཐུབ་སྟེ་ཟངས་མདོག་དཔལ་རི་ལ་ཕེབས་ཤིང་ཡུལ་བཀོད་དང་གནས་ཚུལ་ངོ་མཚམ་བ་གཟིགས་ཚུལ་ནི་རྣམ་ཐར་ན་གསལ་ཞིང་། དུས་དེའི་ཚེ་ཨོ་རྒྱན་ཆེན་པོ་གུ་རུ་བདེ་བ་ཆེན་པོ་ཡབ་ཡུམ་གྱི་སྐུར་བཞེངས་པ་ལ་དབུ་ལ་ལ་ཐོད་ཀྱི་གདེངས་ཀས་མཛེས་པ་ཞིག་ཏུ་བསྟན་ནས་ཤིན་ཏུ་དགྱེས་པ་ཆེན་པོ་དང་བཅས། རྩ་གསུམ་མཐོང་བ་རང་གྲོལ་གྱི་དབང་ལུང་གདམས་པ་དང་བཅས་བུམ་པ་གད་བྱོར་སྩལ་ཞིང་། བོད་ཡུལ་བསྟན་པའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ལྟར་སྐལ་ལྡན་གྱི་ཆོས་བདག་རྣམས་ལ་རིམ་པར་བསྟན་ཏེ་བརྒྱུད་པ་ལས། འདིར་ནི་ཐུན་མོང་མ་ཡིན་པ་བྱིན་རླབས་དོན་རྒྱུད་ལྟར་ཡིན་ཏེ། དེ་ཡང་སྤྱི་ཆིངས་ལས། རྟེན་འབྲེལ་དུས་གནད་འཕྱུགས་བ་ན༔ ཆོས་རྒྱལ་གསུང་གི་སྤྲུལ་པ་དང་༔

(༣༩༧)མེས་དང་མི་འབྲེལ་རང་སར་ཡལ༔ ཞེས་པ་ལྟར་བཀའ་བཙན་པར་གྱུར་ནའང་། སྔོན་གྱི་ཐུགས་བསྐྱེད་སྨོན་པའི་རི་མོ་བསུ་བ་ཏུ་མེད་པད་རེ་ཞིག་གི་ཚེ་རིག་འཛིན་དྷརྨ་སོ་མིའི་གཏེར་ལུང་ལས། དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང་། བཀའ་རྙིང་བསྟན་སྐྱོད་ཐབས་མཁས་འགྲོ་བ་འདུལ། ཞེས་པ་དང་ཆོས་མཚུངས་པ་ལས་ཁྱད་པར་མིང་འདྲ་དང་རུས་འདྲའི་ནེ་མ་ནུར་སྤངས་པ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མ་ལས། ལུས་ལ་ལྟེ་སྨེ་སྙིང་གར་ཤ་མཚན་ཏེ༔ ངག་ནི་སྙན་མགུར་སྔགས་ཚིག་རྩོལ་པ་ཅན༔ །པདྨ་ལས་བྱུང་པདྨའི་མིང་ལྡན་གཉིས༔ ཡིད་ནི་རྩེ་གཅིག་དུང་ཤུགས་ང་ཉིད་དྲན༔ ཞེས་འགྱུར་མེད་ངེས་པའི་བརྡ་རྟགས་གསུམ་གྱིས་རྣམ་པར་བཀྲ་ཤིང་རྗེ་འབངས་གྲོགས་གསུམ་གྱི་སྨོན་ལམ་གྱི་ཐུགས་རྗེས་ཉེ་བར་བསྐྱོངས་པའི་མངའ་རིས་པཎ་ཆེན་སྤྲུལ་པའི་སྒྱུ་འཕྲུལ་ལ་ཆགས་པ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེའོ་འོད་གསལ་དག་པའི་མེ་ལོང་གཙང་མའི་ངོས་དྭངས་པར། སྔོན་རྒྱལ་སྲས་ལྷ་རྗེ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེ་བའི་གནས་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་གི་སྣང་ཆར་བཀོད་པའི་གཞལ་མེད་ཁང་བློ་ལས་འདས་པ་ཞིག་ཏུ། ཨོ་རྒྱན་ཆེན་པོ་པདྨ་གུ་རུའི་རྣམ་པས་རྩ་གསུམ་མཐོང་བ་རང་གྲོལ་གྱི་གདམས་སྐོར་བརྡ་ཆོས་ཀྱིས་སྩལ་བའི་མཐར་གཏེར་ལུང་ལས༑ རྒྱལ་བའི་དགོངས་པ་ཉིད་ཀྱི་ཚུལ༔ དགོངས་པ་བབས་པ་དབང་གི་མཆོག༔ ཅེས་པ་ལྟར། གང་གི་ཚེ་ང་དང་ང་ཡིར་འཛིན་པའི་ཀུན་རྟོག་ཨོ་རྒྱན་ཆེན་པོའི་ཐུགས་ཀར་ཐིམ་པ་ལས། དུས་གསུམ་གྱི་རྟོག་པ་མཐའ་དག་དབྱིངས་སུ་དག་སྟེ་ཡེ་ཤེས་བརྗོད་བྲལ་བདེ་བ་ཆེན་པོའི་རོས་གང་ནས་ཞག་གཅིག་འདས་པའི་ཉམས་སྣང་ལས་སད་དོ། །དེར་རིག་པ་རྩལ་གྱིས་དབང་ཐོབ་པ་གདམས་ངག་ཡོངས་སུ་རྫོགས་པའི་ཚིག་དོན་ལ་རང་དབང་སྒྱུར་བའི་ནུས་པ་མངོན་སུ་གྱུར་ཅིང་། གཟུང་འཛིན་རོ་རྐྱང་གི་རྒྱུ་བ་དབུ་མ་ཡེ་ཤེས་ཀྱི་ཁང་བཟང་དུ་དྷུད་ད་སྙན་བརྒྱུད་ཡི་གེ་མེད་པའི་ལམ་རྟགས་དབང་པོའི་སྤྱོད་ཡུལ་དུ་མངོན་པའི་བྱིན་རླབས་བུམ་

(༣༩༨)པ་གང་བྱོར་ཐོབ་པ་ལས་སྨིན་གྲོལ་གྱི་གདམས་པ་མྱོང་ཆོས་སུ་གཏན་ལ་ཕབ་པའི་ལུགས་སུ་ལམ་རྒྱས་པ་རིག་འཛིན་བཀའ་བརྒྱད་ཀྱི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་སྐུར་བར་བྱེད་པ་ལ་བདག་རྡོ་རྗེ་སློབ་དཔོན་གྱིས་བགྱི་བ་གང་དུ་དགོས་བ་ཐམས་ཅད་ཚང་བ་ཡིན་ལ། སློབ་མས་བྱ་བའི་རིམ་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་ཡོན་གྱི་མཎྚལ་ཐུགས་གཏད་པར་ཞུ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར༔ བླ་མ་རྩ་གསུམ་དཀྱིལ་འཁོར་དུ། བདག་ཉིད་འདུག་པས་སྩལ་བར་བགྱི༔ ལན་དུ་བླ་མས་དམ་བསྒྲགས་ཤིང་གནང་བ་སྦྱིན་པ་ནི༔ ཧོ བུ་ཁྱོད་ང་ལ་ལེགས་པར་ཉོན༔ གསང་བ་སྔགས་ཀྱི་དཀྱིལ་འཁོར་འདིར༔ འཇུག་པར་དཀའ་ལ་ཉེས་དམིགས་ཆེ༔ དམ་ཚིག་ཉམས་ན་བརླག་པར་འགྱུར༔ དམ་ཚིག་བསྲུངས་ན་དབང་བསྐུར་སྦྱིན། ལན་དུ་སློབ་བུས་ཁས་སླང་བ་ནི་རྗེ་ཟློས་བྱར་གཞུག་ཅང་། ཧོ གསང་སྔགས་མཆོག་གི་དཀྱིལ་འཁོར་འདིར༔ སྔོན་ནས་དད་པའི་སྐལ་ལྡན་བདག༔ ལུས་དང་སྲོག་ལ་མི་ལྟོས་བར༔ དམ་ཚིག་མཆོག་བསྲུང་དབང་བསྐུར་སྩོལ༔ འོ་དེ་ལྟར་ཡིན་ན་འཇུག་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད༔ སྟོན་པ་ཁྱེད་ནི་དགའ་ཆེན་ཏེ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགི་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་བ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གགཞུག་ཏུ་གསོལ༔ སློབ་དཔོན་གྱིས་འོ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བཞི་རྫོགས་པར་ནོད་པ་ལ་དེའི་གཞི་རྟེན་དུ་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་བཟུང་བ་སྔོན་དུ་གལ་ཆེ་ཞིང་དེ་ཡང་ལམ་གྱི་རྨང་རྡོ་སྐྱབས་སུ་འགྲོ་བ་ཉི་ཉན་རང་ཐུན་མོང་ཡིན་ལ། ཐེག་ཆེན་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་རྡོ་རྗེ་ཐེག་པའི་ཁྱད་ཆོད་ཡིན་པས་དེ་གཉིས་ཀའི་

(༣༩༩)སྡོམ་པ་ཐུན་མོང་གཟུང་ཕྱིར། མདུན་གྱི་ནམ་ཁར་དུས་གསུམ་གྱི་བེ་བར་གཤེགས་བ་སྲས་དང་བཅས་པ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ། འཁོར་བའི་སྡུག་བསྔལ་ལ་འཇིགས་པ། སྡུག་བསྔལ་དེ་སྐྱོབ་བའི་ནུས་པ་སྐྱབས་གསུམ་དེ་དག་ལ་ཡོད་པས་དད་པ། རང་དང་འདྲ་བའི་སེམས་ཅན་ལ་སྙིང་རྗེ་མེ་གསུམ་ཀུན་སློང་དྲན་བས། ཡིད་ཁྱེད་ཤེས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་ཞིང་། སྐྱབས་གསུམ་རྣམས་དབང་པོར་བྱས་པ་ལ་རྒྱལ་སྲས་ཀྱི་སྡམ་པ་བྱང་ཆུབ་སེམས་བསྐྱེད་ཚུལ་བཞིན་དུ་ནོད་པར་བྱའོ་སྙམ་པའི་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་བདག་སྐྱབས་མཆི༔ སོགས་ལན་གསུམ་གྱི་རྗེས། སློབ་བུའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཏ་ལ་མི༔ སེམས་ཅན་ཐམས་ཅས་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་དེ་ཉིད། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དེའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་རང་བཞིན་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ལྔ་ཀུན་ནས་འཕྲོ་བ་བཅས་པ་གཅིག་ཏུ་གྱུར་པ་ཁྱོད་རང་རྣམས་ཀྱི་སྙིང་གར་བསྒོམ་ལ། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་རབ་གྱིའོ། །ཞེས་པའི་སྒྲ་དོན་ཅན་གྱི་གསང་སྔགས་འདིའི་རྗེས་ཟློས་མཛད། །ཅེས་སྔགས་གོང་མའི་རྗེ་ཟློས་ལན་གསུང་བྱང་གཞུག་པས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད། དེ་ནས་རྡོ་རྗེ་ལག་ཏུ་གཏད་ཅིང་། ཨོཾ་སུ་ར་ཏི། སྔགས་དོན་ཤིན་ཏུ་དགའ་བའི་དམ་ཚིག་དང་ལྡན་པ་ཁྱེད་ཀྱི་ཇི་ལྟར་བདེ་བར་བསྒྲུབ་པར་བྱའོ། །ས་མ་ཡ་སྟཾྭ༔ ཧོ་སིདྡྷུ་ཡ་ཐ་སུ་ཁཾ ཞེས་བརྗོད། རྡོ་རྗེ་སྤྱི་བོར་བཞག་ལ། ཧབླ་མ་ཡིད་མ་ཌཱ་ཀྐི་རྣམས༔ ཡེ་ནས་རང་བྱུང་ཁྱད་ལ་རྫོགས༔ དམ་ཚིག་ཉམས་ན་དེ་ལ་བསྒྲིབ༔ དེ་བས་དམ་ཚིག་གཅེས་བར་སྲུངས༔ ཞེས་དང་། བདུད་རྩི་བྱིན་ལ། ཧོའདི་ནི་དམ་ཚིག་བདུད་རྩིའི་ཆུ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ དམ་བསྲུངས་དངོས་གྲུབ་སྣ་ཚོགས་ཐོབ༔ འདི་རྩ་ལྟུང་ཐམས་ཅད་ཀྱི་དམ་བཞག་ཡིན། ས་མ་ཡ་ཨི་དན་ན་ར་ཀྐན༔ རིགས་ཀྱི་བུ་འདི་ལྟར་ཤེས་པར་བྱེས་ཤིག་ །ཁྱོད་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་དུ་ཞུགས་ཀྱང་སྔགས་ལ་མི་དད་ཅིང་དེའི་སྤྱད་ལུས་ལ་སྐྲག་པ་སྐྱེ་བ་རྣམས་ལ་གསང་བ་གདམས་པའི་དམ་ཚིག་ཁྱད་པར་བ་རྩ་ལྟུང་བདུན་པ་ལ་དམིགས་ཀྱི་བཀར་བའོ། །དཀྱིལ་འཁོར་ཆེན་པོ་

(༤༠༠)འདིར་གཞུག་སྟེ་མཆོག་གསང་བའི་རང་བྱུང་གི་ཡེ་ཤེས་བསྐྱེད་པར་བྱ་བ་ལ། དེའི་སྲོག་ཏུ་གྱུར་པའི་དམ་ཚིག་ཉམས་ན་དངོས་གྲུབ་ཆེན་པོ་ཐོབ་པའི་གོ་སྐབས་མེད་ཅིང་། ཁྱད་པར་དུ་དམ་ཚིག་བདུད་རྩི་རྡོ་རྗེ་དམྱལ་བའི་ཆུ་བཞག་པ་ལྕི་ཐོག་ཏུ་བཞག་ཀྱང་བབ་པ་སྙིང་དབུས་སུ་འབེབས་པ་སྟེ། དེའང་འདི་ལྟར་ཁེ་ཉེན་ཆེན་པོ་གཉིས་སུ་ཡོད་པའི་གལ་ཏེ་འདས་ཤིང་ཉམས་པར་གྱུར་ན། བཛྲ་ཡཀྴ་ཀྲོདྷ་ཞེས་བྱ་བའི་སྡིག་པ་མགོ་དགུ་པར་གྱུར་ནས་ཁྱོད་ཀྱི་སྙིང་ཁྲག་འཇིབ་ཅིང་། མཐོང་ཆོས་སུའང་ཚེ་ཐུང་ནད་མང་ལ། ཕྱི་མའི་ཚེ་རྡོ་རྗེ་དམྱལ་བར་ མཉམས་ན་རྗེས་སུ་འཛིན་པའི་ཆ་ནས་བདུད་རྩི་དང་། ཉམས་ན་ཚར་གཅོད་པའི་ཆ་ནས་རྡོ་རྗེ་ཤིན་ཏུ་བརྒལ་བར་དཀའ་བས་དམྱལ་བའི་ཆུ་ཞེས་སྒྲ་བཤད་ཞག་པོའི༑ །སྲེག་པར་བྱེད་དོ། །དམ་ཚིག་བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་པ་རྒྱུན་དུ་བྱིན་གྱིས་རློབ་ཅིང་འདི་ཕྱིར་ཕན་བདེ་མ་ལུས་པའི་འབྱུང་གནས་ཆེན་པོར་འགྱུར་པ་སྟེ། དེ་བས་ན་བླང་དོར་སྲོག་ལ་བབ་ཀྱང་འབད་པར་རིགས་སོ། །ཞེས་གདམས། དེ་ནས་ཁྱད་པར་གྱི་སྡོམ་པ་འབོག་པ་ནི། འོ་ཤེས་པར་བྱོས་ཤིག་ །འདི་ལྟར་དབང་བསྐུར་བ་དེའི་ཐོབ་བྱ་དཀྱིལ་འཁོར་གྱི་བྱ་བ་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་བ་དེ་དམ་ཚིག་དང་སྡོམ་པ་ཁོ་ན་ལ་བརྟེན་ནས་འཛིན་པ་ཡིན་པས་སྨིན་བྱེད་ཀྱི་སྡོམ་ལྡན་དུ་བསྒྲུབ་པ་གལ་ཆེ་སྟེ། རྩེ་མོ་ལས། སྡོམ་པ་གསུམ་ལ་བཀོད་ནས་ནི། དེ་ནས་དཀྱིལ་འཁོར་བསྟན་བར་བྱ། །ཞེས་གསུངས་ལ། དེའི་སྔོན་དུ་འགྲོ་བ་ལ་ཁྱད་པར་ཅན་གྱི་ཚོགས་བསག་དགོས་པའི་གནད་ཐམས་ཅད་ཡན་ལག་བཅུ་པར་འདུ་བ་ཡིན་པས་མདུན་མཁར་རྒྱལ་བ་སྲས་དང་བཅས་པ་ཉི་ཟེར་གྱི་རྡུལ་ཕྲན་བཞིན་དུ་བྱོན་པར་མོས་ནས་སྦྱང་གཞི་དང་སྤྱོད་བྱེད་ཀྱི་དོན་ཡིད་ལ་དྲན་པའི་ངང་ནས་འདིའ་རྗེས་ཟློས་མཛོད། ཧཱུྃ་རྣམ་དག་མཉམ་པའི་དང་ཉིད་ལས༔ བླ་མ་རྩ་གསུམ་ལྷ་ཚོགས་གཤེགས། པདྨ་ཉི་ཟླའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབྱུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ བཞུགས་གསོལ་འདེབས་སོ་དགེ་རྩ་བསྔོ༔ ཡང་དག་རྡོ་རྗེ་འཆང་ཐོབ་ཤོག༔ དེ་ལྟར་བསགས་སྤྱངས་སྔོན་དུ་སོང་ནས་ཚོགས་ཞིང་

པཕ

(༤༠༡)རྣམས་དབང་པོར་བྱས་ལ་ཕྱིའི་སོ་སོ་ཐར་པ་ནས་བཟུང་སྟེ་གསང་བ་རིག་པ་འཛིན་པའི་བར་གྱི་སྡོམ་པ་རྣམ་པ་གསུམ། སྡོམ་བ་དེ་དག་གཾ་ས་མཚམས་དང་རྣམས་པར་དབྱེ་བ་ཡང་བདེ་བར་གཤེགས་པའི་གསུང་རབ་ཀྱི་དགོངས་དོན་འཛམ་བུའི་གླིང་གི་རྒྱན་དྲུག་མཆོག་གཉིས་དང་། ཤིང་རྟ་ཆེན་པོ་ཀློང་ཆེན་པས་ཇི་ལྟར་བཀྲལ་བ་བཞིན་ལས་དེ་དག་གི་སྙིང་པོ་མདོར་ཧྲིལ་གྱིས་བསྡུ་ན། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་ཡི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་པ་ལ་ཚང་ཞིང་སྡོམ་བ་དེ་དག་གཞིར་བཞག་པ་ལ་སེམས་བསྐྱེད་ཀྱི་འཕེན་པའི་བྱེ་བྲག་དང་ལམ་སློང་གི་སྒོ་ནས་དབྱེ་བས་ལ་དུ་ཕྱེ་བས་ཕྱི་དོན་དང་སྦས་དོན་ལྟར་སྣང་བའི། རིགས་ལྔའི་སྡོམ་པ་དང་དམ་ཚིག་ །ཡན་ལག་གི་དམ་ཚིག་ལྔ་ཚན་ལྔ་། དེ་དག་ཐམས་ཅད་ཀྱི་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། མདོར་ན་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ་གྱི་མིང་གིས་བསྡུས་པའི་བསྲུངས་མཚམས་མཐའ་དག་སྲོག་ལ་བབ་ཀྱང་མི་གཏོང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ ཡུད་ཙམ་བདག་ལ་རབ་དགོངས་ཤིག༔ བདག་ཉིད་རྡོ་རྗེ་ཆེ་གེ་མོ༔ རང་རང་གི་མིང་ནས་བརྗོད། དུས་འདི་ནས་བཟུང་བྱང་ཆུབ་བར༔ ཁྱེད་དང་གཉིས་མེད་སྐྱབས་སུ་མཆི། སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་བའི་ཚོགས༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ གསུམ༈ ཨེ་མ་ཧོ ཁྱད་པར་དུ་ཡང་རིགས་ལྔ་ཡི༔ དམ་ཚིག་སྡོམ་བ་བདག་གིས་བཟུང་༔ འགྲོ་བ་མ་བསྒྲལ་བ་རྣམས་བསྒྲལ༔ ཉོན་སྒྲིབ་སྤངས་ཀྱང་ཤེས་སྒྲིབ་ལས་མ་བསྒྲལ་བ་ཉན་རང་དགྲ་བཅོམ་པ་སོགས། མ་གྲོལ་བ་རྣམས་དགྲོལ་བར་བགྱི༔ སྒྲིབ་གཉིས་ཀྱི་འཆིང་བ་ལས་ཤིན་ཏུ་མ་གྲོལ་བའི་ཚངས་བ་སོགས་སོ་སྐྱེ་ནས་སློབ་པ་འཕགས་པའི་བར། དབུགས

(༤༠༢)མ་ཕྱིན་རྣམས་དབུགས་དབྱུང་ཞིང་༔ དམྱལ་བ་ལ་སོགས་སྡུག་བསྔལ་གྱི་དགུངས་པ་བདེ་བར་དབུགས་མ་ཕྱིན་པ། སེམས་ཅན་མྱ་ངན་འདས་ལ་འགོད༔ མདོར་ན་སེམས་ཅན་ཐམས་ཅད་མི་གནས་པའི་མྱང་འདས་ལ་འགོད་པ་སོགས་རིག་ལྔ་དམ་ཚིག་དོན་བསྡུས་བ་ཡིན། ཕྱག་རྒྱ་བཞོན་པ་མི་སྨད་ཅིང་༔ ལྷ་དང་ལྷ་མིན་གསང་བ་པ༔ ལྷ་དང་མཉམ་སྦྱོར་བརྙེས་པ་སྤང་༔ བླ་མ་སངས་རྒྱས་དྲན་དུས་མཆོ༔ རྒྱལ་བས་བསྒྲགས་པ་གནག་ཡིན་པ༔ དེ་དག་ཐམས་ཅད་བདག་གིས་བཟུང་༔ འོ། དེ་ལྟར་བཟུང་བའི་སྡོམ་པ་གསུམ་གྱི་གནས་རྣམས་ཁས་བླངས་པ་ཙམ་གྱིས་ཆོག་པ་བསྲུང་ ཡན་ལག་གི་དམ་ཚིག་ཆོས་རྒྱ། ལས་རྒྱ། ཕྱག་རྒྱ་ཆེན་པོ་ལྟེ་བཞི་ཡས། འདིར་དངོས་བསྟན་ལག་གི་འདུ་བྱེད་པའི་ཕྱག་རྒྱ་དང་། རྡོར་དྲིལ་ལ་སོགས་ཏེ་ལྷའི་སྐུ་གསུང་ཐུགས་མཚན་གྱི་རིགས། བཞོན་པ་སྟེ་ལྷ་དང་བླ་མའི་ཆི་བས་དང་། སྟན་ལ་སོགས་པར་འགོ་མ་ཡུག་སྤང་བ་དང་། དངོས་བསྟན་གཉིས་དང་། གསང་བ་པ་གནོད་སྦྱིན་ཏེ་སྟོན་པའི་དམ་ཚིག་ལ་གནས་པའི་བསྟན་པ་སྐྱོང་བའི་ཚོགས་ལ་བརྙས་པར་མི་བྱ་ཞིང་ཐུགས་དམ་སྐོང་བ་དང་། བརྟན་གཡོ་མ་ལུས་པ་ལྷ་སྔགས་གཞལ་ཡས་ཁང་གི་རང་བཞིན་དུ་གདོད་ནས་ཐུབ་པ། བསྐྱེད་རྫོས་ཟབ་མོ་ལ་རྣལ་དུ་འབྱོར་བས་མཉམ་པར་སྦྱོང་ཞིང་། རྗེས་ཐོབ་ཏུ་རྒྱུད་ལས། རྣལ་འབྱོར་དབང་པོས་སྐྱེ་བ་ནི། གང་ལའང་བརྙས་པར་མ་བྱ་སྟེ། ཞེས་པས་འདོམས་ལ། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་རྡོ་རྗེ་སློབ་དཔོན་དང་། དེའི་རང་བཞིན་དུས་གསུམ་གྱི་སངས་རྒྱས་མ་ལུས་བ་ཡིད་ལ་དྲན་པ་དང་། སྐུ་བལྟམས་པ་ལ་ཏེ་མཛད་པ་བཅུ་གཉིས། དེ་དང་རྗེས་སུ་མཐུན་པའི་མཛད་བརླབས་པོ་ཆེའི་དུས་མཆོད་མ་ཆག་པ་སོགས་དོར་ན་རྒྱལ་བས་བསྒྲགས་བ་ཞེས་ཚིག་ཏུ་འདོམས་འོ། །བ་ལམ་འབད་ན་དམྱལ་བ་ལ་སོགས་པའི་གནས་འོག་མར་ལྷུང་བར་མ་ཟད་བཤགས་སྡོམ་གྱི་སྒོ་ནས་རྣམ་སྨིན་གྱི་ཆ་སྤྱོང་ནུས་པར་སྲིད་ཀྱང་ཡོན་ཏན་ཐོབ་པ་ལ་བར་དུ་གཅོད་པ་ནི་ཐབས་ལམ་ཁ་པའི་མདོ་ལས། རིགས་ཀྱི་བུ་འིད་སྟེ། དབེར་ན་ཉན་ཐོས་ཐེག་པ་ཅན་ལ་རྩ་བའི་ལྷུང་བ་བྱུང་ན་ཕྱུད་པོ་དེ་ཉིད་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་བ་མེད་དོ། །ཞེས་ཚེ་དེ་ལ་དགྲ་བཅོམ་ཐོབ་མི་ནུས་པ་དང་། དེ་བཞིན་དུ་བྱང་ས་ལས་བྱང་སེམས་ཀྱི་རྩ་ལྟུད་བྱུང་ན་ཚེ་དེ་ལས་དང་པོ་ཐོབ་མི་སྲིད་པར་གསུངས་ཤིང་། བྱེ་བྲག་ཏུ་སྔགས་ཀྱི་སྡོམ་པ་དང་། དམ་ཚིག་ཁྱད་པར་བ་རྣམས་ལ་འགལ་བ་དང་། ཉམས་པ་དང་། འདས་པ་དང་། རལ་བ་ཞེས་བྱ་བའི་བྱེ

(༤༠༣) བྲག་ཡོད་དེ་རྡོ་རྗེ་ཉི་མ་རྣམ་པར་བཀོད་པའི་རྒྱུད་ལས། སྤྱིར་ན་དམ་ཚིག་ཁྱད་པར་ལས། །དུས་ལ་ཁྱད་པར་དེས་ཕྱེ་བ། །དམ་ལས་འགལ་ཞེས་ཉེས་བྱས་གང་། །ཞག་གི་ས་བར་མ་ཆོད་བར་ནི། དམིགས་པའི་ཡུལ་ལ་བཤགས་བྱས་ན། །དེ་ནས་སོར་ཡང་ཆུད་པའོ། །ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་གསོས། །དམ་ལས་འདས་ན་ལོ་དག་གི། །བར་དུ་མཆོད་བཤགས་པས་སོ། །ལོན་གཉིས་དང་གསུམ་དག་ནས། །དམ་ཚིག་རལ་བ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་དུ་རུང་། །ལོ་གསུམ་དག་ལས་འདས་པ་ནི། །ནམ་ཡང་གསོ་རུ་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་འ་ཚིག་ །ཀུན་ཏུ་སྤྱོད་པ་ཁོ་ནའོ། ཞེས་པའི་འགྲེལ་པར་ཀུན་མཁྱེན་གྱིས། དམ་ཚིག་དེ་དག་ལས་ཉམས་ནས་ཞག་གིས་བར་མ་ཆོད་ན་དམ་ལས་འགལ་བ་ཞེས་བྱ་བས་དེ་མ་ཐག་བར་བཤགས་པས་འདག །ཞག་གིས་བར་ཆོད་ལ་ཟླ་བས་བ་མ་ཆོས་ཉམས་པ་ཞེས་བྱ་བའི་སྐོང་བཤགས་ན་བདུན་སོགས་ཀྱིས་འདག་ །ཟླ་བས་ཆོད་ལ་ལོས་བར་མཆོད་ན་འདས་པ་ཞེས་བྱ་སྟེ། དེ་ལ་ཚོགས་བརྒྱ་ཞུ་བ་དང་། རང་གི་བུ་ནོར་ལོངས་སྤྱོད་ཐམས་ཅད་ཕུལ་ན་འདག་ །ལོས་ཆོད་ལ་ལོ་གསུམ་མ་ལོན་ན་རལ་བ་ཞེས་བྱ་སྟེ། རང་གི་སྲོག་གིས་བསྐངས་ན་གསོས་ལ། ལོ་གསུམ་གྱི་བར་མ་བཤགས་པ་དེ་ལས་འདས་ན། དེ་ནས་དམ་ཚིག་གསོར་མི་རུང་སྟེ། ཞེས་གསུངས་པ་ལྟར་ཉམས་ལ་རྒྱུད་པ་གནས་པ་དེ་འཕེལ་བས་ནད་རོས་པ་གཉེན་པོའི་སྨན་གྱིས་མི་སོས་པ་ལྟར་གསོ་བའི་གོ་སྐབས་ལས་འདས་ཤིང་། སྡོམ་པ་འོག་མ་གཉིས་ལས་ཆེས་ཕྲ་ཞིང་བསྲུང་དཀའ་བ་ཡིན་པས་གཉེན་པོས་གཙུན་ཏེ་ནམ་ཡང་ཉམས་པ་མེད་པར་བསྲུང་ཞིང་། གལ་ཏེ་ཉམས་པའི་མགོ་རྩོམ་པ་ནའང་དེ་མ་ཐག་ཏུ་བཤགས་ཐབས་ལ་འབད་པ་ཡང་ཤིན་ཏུ་གཅེས་སོ། །དེ་ལྟར་བཤད་མ་ཐག་པ་དང་། གོང་དུ་སྟ་གོན་གྱི་སྐབས་ལས་འདས་ཤིང་། དངོས་

(༤༠༤)གཞི་ལ་ལྟོས་ནས་བསྲུང་བར་དབང་ཞིང་། དངོས་བསྟན་བསྐྱེད་རྫོགས་ཐུན་མོང་བའི་བྱེ་བྲག་གི་དམ་ཚིག་རྣམས་རིགས་ངེས་པ་ཁས་བླངས་ཀྱི་ཆོ་གས་ཐོབ་པ་ཞེས་བརྗོད་དོ། ཁྱད་པར་རིམ་པ་གཉིས་སོ་སོའི་སྔགས་སྡོམ་རྣམས་དབང་བཞི་རང་རང་གི་རྗེས་ཐོག་ཏུ་དབང་སོ་སོའི་ས་བོན་རྒྱུད་ལ་ཐེབས་པ་དང་ལྷན་དིག་ཏུ་ཐོབ་པ་ཡིན་ཕྱིར་སྔགས་སྡོམ་རྫོགས་བར་ཐོབ་པའི་དུས་ནི་དབང་བཞི་པའི་མཐར་ཐུག་ཁོ་ན་ལ་ལྟོས་དགོས་པ་ཡིན་ནོ། །དེ་ལྟ་ནའང་ཁས་བླངས་ཀྱི་ཆོ་གས་ཐོབ་པའི་རྣམ་གཞག་ཡོད་པར་མ་ཟད། མཚུངས་ལྡན་གྱི་སྡོམ་པ་ལ་གནས་དགོས་ཕྱིར། དེའི་དམ་སྡོམ་བསུངས་མཚམས་མཆིས་པའི་སྐྱེ་བོ་རང་ཁ་དང་ནག་གདོན་གྱིས་མ་ནར་བའི་རྐྱེན་སེལ་ལྟ་བུའམ། སྒྲིབ་སྦྱོང་སོགས་ལ་བསྐུར་དགོས་པའི་རིགས་ལ་སྡོམ་པ་ཁྱད་པར་བ་དཱི་དག་མི་འབོགས་ཤིང་། མཆོག་དབང་གོང་མ་རྣམས་ཀྱང་མི་བསྐུར་བ་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་དང་། མཁས་གྲུབ་ཆེན་པོ་རྣམས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་བ་ཡིན་ལ། དེ་ལྟ་ནའང་དེང་སང་སྙིགས་མའི་དུས་ཁྲོམ་ལ་དབང་སྐུར་བྱེད་པས་མཚོན་ཏེ་སྨོན་སློབ་གཉིས་ལ་དབང་བསྐུར་ཡུལ་གྱི་ཁྱད་པར་མི་འབྱེད་པའི་རྡོ་རྗེ་སློབ་དཔོན་དུ་རློམ་པ་དག་གི་སྙིང་ལ་འདོད་པའི་ལྷ་ས་གནས་མལ དམ་ཚིག་ད བསཔཙ ྲ སྡོམ་པའི་ཁྱད་པར་ནི་ཤཱནིྟ་བས། དམ་ཚིག་ནི་འདའ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྡོམ་པ་ནི་བྱ་བ་དང་མི་བྱ་བའི་ངེས་པའོ། །ཞེས་ངོ་བོ་གཅིག་ལ་ལྡོག་ཆེས་མི་འདྲ་བར་འཇོག་ཅིང་། དེ་ཡང་སྔགས་སྡོམ་ཡིན་ན་སྡོམ་པ་དམ་ཚིག་གཉིས་ཀ་ཡིན་པས་ཁྱབ་ལ། དམ་ཚིག་ཡིན་ན་སྡོམ་པ་ཡིན་པས་མ་ཁྱབ་སྟེ། བྱ་སྤྱོད་གཉིས་ཀྱི་དམ་ཚིག་སྡོམ་པ་མ་ཡིན་པའི་ངེས་བཟུང་གི། སྔགས་སྡོམ་ཉམས་པའི་གང་ཟག་གི་རྒྱུད་ལ་དམ་ཚིག་ཡོད་པར་བལྟ་བའང་ཡོད་དོ། བཅས་པར་གདོན་མི་ཟ་བས་སོ་མཚམས་ཕྱེད་པ་ཤིན་ཏུ་གལ་ཆེའོ། །དེ་ནས་བྱ་བའི་ལས་ཀྱི་སྒོ་ནས་དངོས་སུ་འཇུག་ཅིང་ཕྱག་བྱ་བ་ནི། དཀྱིལ་འཁོར་གྱི་ཁང་པའམ་ཡོལ་བའི་ཡོལ་བ་བསལ་ཀྱང་དོན་གཅིག་ །ནང་དུ་འཇུག་ཅིང་། འོ་ཁྱེད་ཅག་རྣམས་དཀྱིལ་འཁོར་དམ་པར་འཇུག་པའི་སླད་དུ་ངེད་ཀྱི་སྔགས་དང་ཕྱག་རྒྱའི་སྒོ་ནས་དཀྱིལ་འཁོར་ཆེན་པོའི་ཚད་མད་རྣམ་བཞིའི་སྒོ་ཕྱེ་བར་གྱུར་བ་ལས། གཙོ་བོའི་ཐུགས་

(༤༠༥)ཀ་ནས་བྱུང་བའི་ལས་ཀྱི་རྡོ་རྗེའི་ཕྱག་ལ་འཇུས་ཏེ་ཤར་སྒོ་ནས་བཟུང་རིམ་པར་གཡས་སྐོར་གྱིས་སྒོ་བཞིར་འཇུག་པའི་མོས་པ་མཛོད། ཨེ་མ་ཧོ༔ རང་བྱུང་ཡེ་ཤེས་ཕྱི་ནང་མཆོད་བའི་ཚོགས། མ་ལུས་མངོན་བྱས་རྩ་བ་གསུམ་ལ་འབུལ། ཨོཾ་བཛྲ་ཨུཏྭ་ཏ་ཡ ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ༔ ཞེས་ཚད་མེད་བཞིའི་ཕྱག་རྒྱ་བཅའ་ཞིང་སྒོ་དབྱེ། དེ་ནས་གོ་ཡུལ་གྱིས་བདེ་ན་སློབ་བུ་རྣམས་ཤར་སྒོ་ནས་རིམ་པར་སྔགས་ཚན་གསུམ་བརྗོད་བ་དང་སྦྲག་སྤྱི་མགྲིན་སྙིང་གའི་གནས་གསུམ་དུ་ཐལ་མོ་རིམ་བཞིན་སྦྱར་བ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་ཕྱག་ལན་གསུམ་རེ་སྒོ་བཞི་ཀར་བྱར་འཇུག་ལ། མ་བདེ་བ་དམིགས་པ་སྔགས་ཀྱི་རྗེས་ཟློས་བྱར་གཞུག་ཅིང་། ཨོཾ་ན་མ་ཏེ་ཧཱུྃ༔ ཨོཾ་ན་མ་མེ་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ཞེས་ཕྱག་བྱ་བ་ལན་ཕྱི་འཇུག་གོ། །དེ་ཡང་འདུས་པར། དེ་ལ་འདི་ནི་དཀྱིལ་འཁོར་ཆེན་པོར་འཇུག་པའི་རྡོ་རྗེ་དམ་ཚིག་གོ། །ཨ་ཁཾ་བི་ར་ཧཱུྃ༔ ཞེས་དཀྱིལ་འཁོར་དུ་འཇུག་པའི་ཚེ་བླ་མས་བརྗོད་པའི་སྔགས་སུ་བཤད་ལ། དེ་ལྟ་བུས་འཇུག་པ་ནི་དབང་གི་སྔོན་དུ་ངེས་པར་དགོས་ཏེ། ཅིའི་ཕྱིར་ན་ལྷ་དང་སྐལ་བ་མཉམ་པར་འགྱུར་བ་དང་། མ་འོངས་བའི་ཚེ་ལྷའི་གཞལ་ཡས་ཁང་ལ་དངོས་སུ་ལོངས་སྤྱོད་བའི་རྟེན་འབྲེལ་འགྲིག་པ་ཡིན་པས་བརྡ་འཕྲོད་པ་གལ་ཆེའོ། གཉིས་པ་ནང་འཇུག་ནི། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་སྟེགས་བུའི་གདན་ལ་འཁོང་བས་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱུང་། རང་གི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་བར་གཤེས་བ་ཧཱུྃ་མཐིང་གར་གྱུར་པ་ཡབ་ཀྱི་ཞལ་ན་དྲངས། སྐུའི་དབྱིབས་བརྒྱུད་ཡུམ་གྱི་པདྨར་བབས། ཕྱིར་བྱུང་ནས་རང་གི་གདན་ལ་འཁོད་པར་སྒོམ། དེ་ལས་དབང་བཞིའི་སྣོད་དུ་རུང་ཕྱིར་ཐ་མལ་གྱི་ཕུང་ཁམས་སྐྱེ་མཆེད་སྐད་ཅིག་གིས་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གསལ་བའི་གནས་གསུམ་ལས། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱལས་པདྨ་དམར་པོ་ཨཱ་ས་མཚན་པ། ཐུགས་

(༤༠༦)ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རྣམས་ལས་འོད་ཟེར་འཕྲོས། སློབ་དཔོན་དང་གཉིས་སུ་མེད་པའི་མདུན་དཀྱིལ་མཁའ་ཁྱབ་ཀྱི་འཁོར་ལོར་རྫོགས་བ་ལས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བྱོན་ནས། རང་ཉིད་དམ་ཚིག་སེམས་དཔར་གྱུར་བ་ལ་ཡེ་ཤེས་ཀྱི་འཁོར་ལོར་བྱེ་ཚན་ལ་ཁབ་བབས་པ་ལྟར་སིབ་སིབ་ཐིམ་པར་དམིགས་ཤིང་། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་བའི་གཡུང་དྲུག་དམར་པོ་ཆི་ལི་ལི་འཁོར་བ་ལ་ཤེས་པ་རྩེ་གཅིག་ཅེས་བརྡ་སྦྱར་ལ། བདུད་རྩི་ལྔས་སྤགས་པའི་གཞོན་ནུ་མའི་རཀྟ། ཤེ་ཆེན། གུ་གུལ། བྱི་ལ་ནག་པོའི་བྲུན། ཀླང་ཆེན། རའི་ཉ་བཞིའི་ཤ། རང་གི་སྐྲ་རྣམས་ཐོད་བའི་སྣོད་དུ་སོལ་ཆེན་གྱི་མེ་ལ་བསྲེག་ཅིང་། ཐོད་རྔ་དང་དྲིལ་བུའི་སྒྲ་མྱུར་དལ་སྤེལ་བ་ལ་སྔོན་བསྐལ་མས་སྣ་དྲངས་བའི་དབྱངས་སྙན་པོས། ཧཱུྃ་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས༔ མཁའ་ལ་ཆར་ལྟར་བབས་ནས་ཀྱང་༔ རྣལ་འབྱོར་སྒོ་གསུམ་རྡོ་རྗེར་མཛོད༔ བླ་མ་རིག་འཛིན་ལྷ་ཚོགས་རྣམས༔ བར་སྣང་གློག་ལྟར་འཁྱུག་ནས་ཀྱང་། རྩ་ཁམས་རླུང་ལ་ཡེ་ཤེས་སྦོར༔ ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས༔ ས་ནས་རླངས་ལྟར་རྡོལ་ནས་ཀྱང་༔ རིག་བའི་རྩལ་ཆེན་རང་ལ་སྦོར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ གུ་རུ་དེ་ལྦ་ཌཱཀྐི་ནི་སརྦ་ས་མ་ཡ༔ ཨ་ར་ལི་ཕཻ་ཾཕཻཾ༔ སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཨཱ ཞེས་འབེབས་སྔགས་ལན་མང་དུ་བརྗོད་ཅིང་དགོངས་བ་གཏད་མེད་ཀྱི་དང་ནས་དབབ་པས་ཕེབ་པའི་རྟགས་ནི། ལུས་ལ་ཕེབས་ན་འདོང་ཞིང་འཕར། དག་ལ་ཕེབས་ནས་ང་སྐྲྀ་ཏའི༔ སྐད་དང་བརྡ་སྔགས་གླུ་ལེན་དུ༔ སེམས་ལ་ཕེབས་ན་བག་དྲོ་ཞིང་༔ ཉམས་དགའ་བ་དེ་གསལ་མི་རྟོག་སྐྱེ༔ ཞེས་པ་ལྟར་ཡིན་ལ་གལ་ཏེ་མ་ཕེབས་ན་སྤོགས་པའི་ཆོ་ག་ན། སྙིང་གའི་གཡུང་དྲུང་དམར་པོའི་སྟེ་བར་པྃ་དང་། ཡན་ལག་བཞི་ཧ་རི་

(༤༠༧)ནི་ས་ལས་མཁའ་འགྲོ་སྡེ་ལྔ་གསལ་བས་ཤེས་པ་དྲག་ཏུ་བསྐུལ་ཞིང་། རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་དང་བཅས་བར་རླུང་ལྟེ་བར་བསྐྱིལ་ལ། སློབ་དཔོན་གྱིས། ཨོཾ་བཛྲ་ལི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ནི་ཧཱུྃ༔ དྷེལྦ་ཏ་ད་ཐ་ཧཱུཾ༔ ཞེས་དྲག་ཏུ་བཟླས་ནས་ཕེབས་ངེས་སོ། །དེ་ལྟར་ཡེ་ཤེས་འབེབས་པ་ནི་དབང་དོན་རྒྱུད་ལ་འཇོག་པའི་རྟེན་འབྲེལ་གྱི་རྩ་བ་ལྟ་བུ་ཡིན་བས་ནན་ཏན་དུ་གཅེས་སོ༔ ཕེབས་རྟགས་བྱུང་མ་ཐག་ཏུ་བརྟན་པར་བྱ་བ་ནི། བྱིན་ཕེབས་པའི་ཡེ་ཤེས་པ་རྣམས་རྡོ་རྗེའི་ཆོས་བདུན་ལྡན་གྱི་རྣམ་རོལ་ཏུ་བརྟན་པར་འགྱུར་ཅིག་ །ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་འཇོག་ །དེ་ནས་མདུན་དུ་མཎྚལ་གྱི་རབ་ཉེར་བ་སྔོགས་བྱ་ཞིང་། སྔར་སྤྲད་པའི་མེ་ཏོག་གི་ཚོམ་བུ་བཟུང་ལ། འོ་ལྷག་བའི་ལྷ་དང་ལས་འབྲེལ་གྱི་རིགས་བརྟག་པའི་ཕྱིར་རིག་པའི་མེ་ཏོག་དཀྱིལ་འཁོར་ལ་དངོས་སུ་དོར་བ་ཡིན་ཡང་། འཇུག་པ་མི་བདེ་བས་མཎྚལ་གྱི་རབ་ཚོམ་བུ་ལྔ་པ་ལ་དོར་བའི་ཕྱག་ལེན་དར་བ་སྟེ། དེའི་ཕྱིར་རིགས་ལྔ་ལ་བཟང་ངན་གྱི་དབྱེབས་ལམ་མཆིས་ནའང་། རང་དང་ལས་ཀྱི་འབྲེལ་བ་གང་ལ་ཡོད་པའི་ལྷག་པའི་ལྷ་མཆོད་དེས་བདག་གི་རིག་པའི་མེ་ཏོག་འདི་བཞེས་སུ་གསོལ་སྙམ་པ་འདིའི་རྗེས་ཟློས་དང་ལྷན་ཅིག་མེ་ཏོག་དོར་བར་ཞུ། ཅིས་མི་བདེན་དྲི་མེད་འོད་ལས། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མེ་ཏོག་དང་གདོར་ན་རྡུལ་ཚོན་ཉམས་པའི་ཕྱིར་བསོད་ནམས་མ་ཡིན་པར་འགྱུར་རོ། །ཞེས་གསུངས་ལ། ཡང་སེམས་དག་བ་ལ་ཉེས་པ་མེད། ཅེས་པའི་རྗེས་སུ་འབྲངས་ནས་དེར་མ་ལྟོས་པའང་ཡོད་མོད་ཀྱེ་དོན་ལ་སློབ་མའི་མོས་དང་བློའི་ནུས་པ་ཆེ་ཆུང་ཡིན་པར་ཤེས་དགོས་སོ། རིག་པའི་མེ་ཏོག་ནམ་མཁར་འབུལ༔ པྲ་ཏཱིཙྪ་བཛྲ་ཧོ ཞེས་དོར་ནས་གང་ལ་བབས་པའི་རིགས་ངོས་བཟུང་ཞིང་རིགས་མཐུན་གྱི་དངོས་གྲུབ་ཐོབ་ཚུལ་དང་། ཕྱི་རོལ་ཏུ་ལྷུང་ན་བསྐྱར་བ་སོགས་སྟ་གོན་ལྟར་ཤེས་པར་བྱ། འོ་སླར་ཡང་གང་ལ་མེ་ཏོག་ཐོག་པའི་ལྷ་དེར་གཏོད་པའི་ཕྱིར་དུ། སེམས་དཔའ་སྟོབས་པོ་ཆེ་འདི་བརྟན་པར་རབ་ཏུ་ཟུང་ཞིག་ཅེས་པའི་སྔགས་ཀྱིས་མེ་ཏོག་རང་གི་སྤྱི་བོར་བཅིང་པའི་མོས་མཛོད། ཅེས་བརྡ་སྦྱར་ནས། ཀུན་

(༤༠༨)བཟང་ཐུགས་ནས་སྤྱི་བོར་ཐིམ༔ པྲ་ཏི་བྷྲ་ཧྞ་ཨི་མཾ་ས་ཏྭ་མ་ཧཱ་བྷ་ལ། ཞེས་སྤྱི་བོར་བཅིང་། དེ་ལྟར་མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་བའི་དབང་གི་ལྷག་པའི་ལྷ་ས་བྱང་ཆུབ་བར་དུ་རྗེས་སུ་འཛིན་འབྲེལ་འགྲིག་པ་ཡིན་ལ་ཕྲེང་བའི་དབང་གི་ངོ་བོ་བདེ་སྟོང་གི་ཡེ་སྐེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་བརྟན་པོ་མཛོད་ཅེས་བརྡ་འཕྲོད་པར་བྱ། དེ་ནས་སློབ་དཔོན་གྱི་ས་རྡོར་དྲིལ་སློབ་མའི་སྤྱི་བོར་བཟུང་སྟེ། འོ་དཀྱིལ་འཁོར་གྱི་ལྷ་དང་རྡོ་རྗེ་སློབ་དཔོན་གཉིས་སུ་མེད་པའི་མཉམ་གཞག་གི་རོལ་པ་ཆེན་པོའི་དང་ལས་རིགས་དང་མཐུན་པའི་གསང་མཚན་བཏགས་ཏེ་རྡོ་རྗེ་མིང་གི་དབང་མཆོག་བསྐུར་བ་དང་དུས་མཚུངས་བར། ཇི་ལྟར་བཏགས་པའི་གསང་མཚན་དེ་ཉིད་ནམ་མཁའ་གང་བའི་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱིས་ཀྱང་མགྲིན་གཅིག་དབྱངས་གཅིག་ཏུ་བཏགས་པས། མ་འོངས་པ་ན་དེ་དང་དེའི་མཚན་ཅན་གྱི་རྫོགས་པའི་སངས་རྒྱས་སུ་མངའ་དབང་བསྒྱུར་བའི་མོས་པ་མཛོད། ཅེས་བརྗོད་ལ་རྡོར་དྲིལ་ལག་པ་གཡས་པས་སློབ་མའི་མགོ་ཐོག་ཏུ་དཀྲོལ་ཞིང་། ལྷ་དང་གཉིས་མེད་མཉམ་པར་གཞག༔ མཉམ་ཉིད་ཆོས་སྐུའི་དང་ཉིད་ལས། ཀུན་བཟང་ཐུགས་མཆོག་རྡོ་རྗེ་རྩལ༔ ཞེས་དབུས་དང་། དེ་བཞིན་དུ། ཐུགས་མཆོག་ཤར་མི་བསྐྱོད། རིན་ཆེན་ལྷ། བཞད་པ་ནུབ། ཡོངས་འདུས་བྱང་ལ་སོགས་ཏེ་རིགས་མཐུན་པར་བཏགས་རྗེས། ནམ་མཁའི་ལྷ་ཚོགས་ཐམས་ཅད་ཀྱང་༔ མགྲིན་གཅིག་དབྱངས་གཅིག་དག་ཏུ་ཡང་༔ བརྗོད་པར་བསམས་ཤིང་དེ་ལྟ་བུར༔ བདག་ཉིད་གྱུར་པར་སྒོམ་པར་བྱོས༔ རྡོ་རྗེ་མིང་གི་དབང་མཆོག་ཐོབ༔ སངས་རྒྱས་དང་ཡང་མཉམ་བར་སྦྱོར༔ ཞེས་བརྗོད། །དེ་ནས་མིག་དབྱེ་བ་ནི། སློབ་དཔོན་གྱིས་གསེར་གྱི་ཐུར་མ་མིག་སྨན་གྱི་བསྐུས་པ་རྡོ་རྗེ་དང་བཅས་ཐོགས་ལ། རིགས་ཀྱི་བི་མཚོན་པ་བརྡའི་སྒོ་ནས་མིག་དབྱེ་བསམ་རིག་པའི་ལིང་ཏོག་བསལ་ཏེ་དག་པ་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པའི་མོས་པ་མཛོད། ཧོ༔ ལེགས་འོངས་བུ་ཁྱོད་སྐལ་བ་བཟང་༔ མ་རིག་

(༤༠༩)ལིང་ཏོག་ང་ཡིས་བསལ༔ བླ་མ་རྩ་གསུམ་དཀྱིལ་འཁོར་བསྟན༔ དགའ་དང་འདུན་དང་སྤྲོ་སེམས་ཀྱིས༔ དཀྱིལ་འཁོར་འདིར་ལྟོས་དམ་ཚིག་སྲུངས༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མི་གདར་བསལ་ནས། དཀྱིལ་འཁོར་བསྟན་པ་ནི། ཨེ་མ་ཧོ། །ལེགས་བར་ལྟོས་ཤིག་ །མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་རྡུལ་ཚོན་དང་རྫས་ལ་བརྟེན་པ་རྣམ་དག་སྤྲུལ་སྐུའི་དཀྱིལ་འཁོར་རང་ལུས་ལས་གཞན་དུ་མེད་པར་ཤེས་བར་བྱོས་ཤིག་ །མཚོན་བྱ་ཡེ་ཤེས་ཀྱི་དཀྱིལ་འཁོར་བརྡ་རྟགས་བྷཉྗ་ལ་བརྟེན་ནས་རྣམ་གྲོལ་ལོངས་སྐུའི་དཀྱིལ་འཁོར་སྒྲ་ཚིག་གྲག་སྟོང་ལ་བཏེན་ནས་ཤེས་པར་བྱོས་ཤིག་ །ཡིན་ཚུལ་གཤིས་ཀྱི་དཀྱིལ་འཁོར་དངས་གསལ་མེ་ལོང་ལ་བརྟེན་ནས་རྣམ་མཁྱེན་ཆོས་སྐུའི་དཀྱིལ་འཁོར་མི་རྟོག་རང་བྱུང་གི་ཡེ་ཤེ་སུ་ངོ་ཤེས་པར་བྱོས་ཤིག་ །བཞུགས་ཚུལ་དོན་གྱི་དཀྱིལ་འཁོར་ཤེལ་འོད་ནང་དུ་ནུབ་པ་ལྟར་ནང་གསལ་ཐིམ་ལམ་རྨུགས་པ་རྣམ་བྱང་རིག་པའི་ཡེ་ཤེས་སུ་ངོ་ཤེས་པར་བྱོས་ཤིག་ ༑ཧོ སྒྱུ་མ་ལུས་འདི་རང་བྱུང་ཡང་༔ འཁྲུལ་རྟོག་རྩ་ཡིས་ཀུན་ནས་བཅིངས༔ རྣམ་དག་སྤྲུལ་སྐུའི་དཀྱིལ་འཁོར་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་ཏེ༔ རྡུལ་ཚོན་རྫས་དང་བུམ་པའི་ལྷ༔ རྣམ་དག་ཡེ་ཤེས་དང་དུ་ལྟོས༔ ཧོ གྲག་སྟོང་ངག་འདི་རང་བྱུང་ཡང་༔ འཁྲུལ་རྟོག་རླུང་གིས་ཀུན་ནས་བཅིངས༔ རྣམ་དག་ལོངས་སྐུའི་དཀྱིལ་འཁོར་ནི༔ གསལ་བ་ཆེན་པོའི་ཡེ་ཤེས་ཏེ༔ རང་བྱུང་ཐོང་པ་རྫས་ཀྱི་ལྷ༔ རྣམ་གྲོལ་ཡེ་ཤེས་དང་དུ་ལྟོས༔ ཧོ བདེ་སྟོང་ཁམས་འདི་རང་བྱུང་ཡང་༔ འཁྲུལ་རྟོག་ཡིད་ཀྱིས་ཀུན་ནས་བཅིངས༔ རྣམ་དག་ཆོས་སྐུའི་དཀྱིལ་འཁོར་ནི༔ མི་རྟོག་ཆེན་པོའི་ཡེ་ཤེས་ཏེ༔ དངས་གསལ་མེ་ལོངས་སིནྡྷུ་ལྟར༔ རྣམ་མཁྱེན་ཡེ་ཤེས་དང་དུ་ལྟོས༔ ཧོ༔ རིག་སྟོང་སྐྱོན་བྲལ་རང་བྱུང་ཡང་༔ གློ་བུར་ལས་དང་བག་ཆགས་བཅིངས༔ རྣམ་མཁྱེན་རིག་པའི་དཀྱིལ་འཁོར་ནི༔ གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་ཏེ༔ ཤེལ་དང་ལྷ་སྐུ་གཏོར་མ་

(༤༡༠)དང་༔ རང་རིག་བླ་མ་རྩ་གསུམ་ལྷ༔ སངས་རྒྱས་སྐུ་ལྔའི་བདག་ཉིད་ལྟོས༔ བལྟས་པའི་ཕྱི་རོལ་བརྡ་མཚོན་ལ། དོན་གྱི་ཡེ་ཤེས་རང་ལས་མཐོང་༔ རྟག་ཏུ་ཉིད་ལ་བལྟ་བར་བྱོས༔ ཞེས་བརྗོད་ཅིང་སྤྲོན་ཕྱི་ནང་གསང་གསུམ་དང་སྦྱར་བའི་དལ་གྱི་རྣམ་གཞག་འགག་ཆེས་པར་བརྗོད། དེ་ཡན་ཆད་ནི་འཇུག་པའི་ཆོ་གའོ། །སྤྱི་དོན་གཉིས་པ་ཞུགས་པ་ལ་ཇི་ལྟར་དབང་བསྐུར་བའི་རིམ་པ་ལ་གསུམ། དག་པ་སྦྱོར་བ། དབང་དངོས་ལ་འཇུག་པ། དམ་ཚིག་བསྒྲག་པའོ། །དང་པོ་ནི། རིགས་ཀྱི་བུ་སྦྱོར་བ་དེ་ལྟ་གུས་ཕྱི་ནང་གི་དཀྱིལ་འཁོར་དུ་འཇུག་པའི་ཆོས་སྔོན་དུ་སོང་ནས་དབང་བསྐུར་བ་དངོས་ཀྱི་བྱ་བའི་རིམ་པ་དེ་སྐབས་སུ་བབས་པ་ཡིན། དེ་ལ་དབང་གི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ལ་གདོད་མའི་གནས་ལུགས་ཡེ་རྫོགས་སུ་ཡོད་པས་རླུང་སེམས་རྩ་དང་ཐིག་ལེའི་རང་བཞིན་རྣམས་ལའང་དབང་རྣམས་རང་ཆས་སུ་གནས་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པ་ག་ལ་འགྱུར། །བྲ་ཐན་འབྲས་སུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་མཚུངས་ལྡན་གྱི་རྒྱུ་ལས་འབྲས་བུ་འགྲུབ་པའི་ཆོས་ཉིད་དུ་བསྟན་པ་དང་། དེའང་བྱེད་ལས་ཀྱི་རྟེན་འབྲེལ་དབང་རྫས་རྣམས་ལྷག་པར་གནས་པའི་ཆོ་གས་མཚུངས་ལྡན་གྱི་རྒྱུ་ཀུན་རྟོག་ཏུ་སྣང་བའི་ཆོས་ཅན་ལ། ཆོས་ཉིད་ཡེ་གྲོལ་གྱི་བདེན་པས་དབང་བསྒྱུར་ཏེ། དེ་དང་དེའི་ནུས་གཟུགས་ཅན་དུ་བྱིན་གྱིས་བརླབ་པ་ནི་ལྷན་ཅིག་བྱེད་པའི་རྒྱུས་དབང་རྫས་རབ་ཏུ་གནས་པར་བྱའོ། །དེའི་ཚེ་དབང་བསྐུར་བྱའི་སྣོད་དུ་རུང་བ་སློབ་བུ་རྒྱུའི་རྐྱེན། སྐུར་བྱེད་ཀྱི་སློབ་དཔོན་དགོངས་སྤྱོད་ཏིང་ངེ་འཛིན་གྱི་རྩལ་རྫོགས་པ་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་གྱི་ནུས་པའི་ཆོ་ག་མཁྱེན་པ་དམིགས་པའི་རྐྱེན། བུམ་དབང་ལ་སོགས་ཏེ་དབང་སྔ་མས་གོ་ཕྱེ་ནས་ཕྱི་མ་རིམ་པར་འབྱུང་བ་དེ་མ་ཐག་པའི་རྐྱེན་ཏེ། དེ་ལྟར་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས། ལམ་དང་འབྲས་

(༤༡༡)བུའི་གོ་འཕང་གི་ཆོས་མཐའ་པས་པ་རྒྱུད་ལ་འཇོག་ཅིང་། བདེ་སྟོང་ལྷན་ཅིག་སྐྱེས་བའི་ཡེ་ཤེས་མཆོག་གི་གོ་འཕང་ལ་སྦྱོར་བ་སྟེ། ཐམས་ཅད་མཁྱེན་བ་པྲ་ཛྙཱར་སྨྲིས། ཕྱི་སྒྲོ་འདོགས་གཅོད་པར་བྱེད་པའི་བླ་མ་ལ་བརྟེན་ནས་བརྗོད་བྱ་བསླབ་བ་གསུམ་དང་༑ རྗོད་བྱེད་མདོ་རྒྱུད་ཀྱི་ཚིག་ལ་འདྲིས་པར་བྱས་ནས། བུམ་དབང་ཐོབ། ལམ་བསྐྱེད་རིམ། ལྟ་བ་ངོ་བོ་ཉིད་གསུམ། གྲུབ་མཐའ་འཁོར་འདས་དབྱེར་མེད། འདའ་ཀ་མ་འོད་ཀྱི་གོང་བུ་སྒྲ་ཡིས་འཕྲོ་བ། འབྲས་བུ་མཁའ་ཁྱབ་ཀྱི་སྐུ་རྡོ་རྗེ་སྟེ། དྲི་མེད་བཤགས་རྒྱུད་ལས། རྩ་རྣམས་འགྲོས་ཐིམ་དབྱིངས་ཀྱི་ལམ་དག་པ། ལུས་ཀྱི་སྒྲིབ་སྦྱངས་བསྐྱེད་རིམ་སྤྲུལ་པའི་སྐུ། ཞེས་སོ། །ནང་རང་བྱུང་གི་ཡེ་ཤེས་སྟོན་པའི་བླ་མས། གསང་དབང་ལ་བརྟེན་ནས་དག་གི་དྲི་མ་སྦྱངས། བདག་བྱིན་གྱིས་བརླབས་པ་གཏུན་མོ་རྣམ་གསུམ་སྒོམ་པ་ལ་དབང་། ལྟ་བ་རང་བྱུང་གི་ཡེ་ཤེས། དེ་ཉིད་མངོན་དུ་གྱུར་བ་གྲུབ་མཐའ་མ་འདྲེས་ཡོངས་རྫོགས། འདའ་ཀ་མ་དཔེའི་འོད་གསལ། བོགས་འདོན་ལམ་གྱི་ཆ་ལག་རྣམ་གསུམ། འབྲས་བུ་མཁའ་ཁྱབ་ཀྱི་གསུང་རྡོ་རྗེ། སྤྲ་མ་ལས། ཡི་གེའི་འགྲོས་ཐིམ་སྔགས་ཀྱི་ཕམ་དག་པར། །ངག་གི་སྒྲིབ་སྦྱངས་རྫོགས་རིམ་ལོངས་སྤྱོད་རྫོགས། །ཞེས་སོ། །གང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟེན་པའི་བླ་མས། ཤེར་དབང་བསྐུར་ཏེ། ཡིད་ཀྱི་དྲི་མ་སྦྱངས། གཞན་ལུས་ཐབས་ལྡན་གྱི་སྒོར་ཉམས་སུ་ལེན་པར་དབང་། ལྟ་བ་ལྷན་སྐྱེས་ཡེ་ཤེས། གྲུབ་མཐའ་བདེ་སྟོང་དབྱེར་མེད། འདའ་ཀ་མ་དོན་གྱི་རྡོ་རྗེ་སེམས་དཔའ། འབྲས་བུ་མཁའ་ཁྱབ་ཐུགས་རྡོ་རྗེ་སྟེ། སྔ་མ་ལས། བདུད་རྩི་ཁམས་ཀྱི་དངས་མ་བཅུད་ཀྱི་ལམ། །སེམས་ཀྱི་སྒྲིབ་སྦྱངས་དངས་མ་ཆོས་ཀྱི་སྐུ། །ཞེས་སོ། །མཐར་ཐུག་དེ་ཁོ་ན་ཉིད་སྟོན་པའི་བླ་མས། དབང་བཞི་པ་བསྐུར་ནས། སྒོ་གསུམ་གྱི་དྲི་མ་སྦྱངས། གནས་ལུགས་ཕྱག་རྒྱ་ཆེན་པོ་དང་།

(༤༡༢)ཐོད་རྒལ་སྟོང་པ་རིག་པའི་སྙིང་པོ་ཅན་ཉམས་སུ་ལེན་པར་དབང་། ལྟ་བ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས། གྲུབ་ཐམའ་བསམ་གྱིས་མི་ཁྱབ་པའི་ཟུང་འཇུག །འདའ་ཀ་མ་གསང་ཆེན་ཕྱག་རྒྱ་ཆེན་པོ། འབྲས་བུ་མཁའ་ཁྱབ་ཀྱི་ངོ་བོ་ཉིད་སྐུ་མཆོག་ཏུ་མི་འགྱུར་བའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ། ཡེ་ཤེས་ཀྱི་རླུང་རིག་ལས་གྲུབ་པའི་མཚན་དཔེས་སྤྲས་པ་རང་སྣང་གི་བཞིན་ལག་ཅན། ཁ་སྐྱོར་ཡན་ལག་བདུན་ལྡན་གདོད་ནས་ལྷུན་གྱིས་གྲུབ་པའི་བདེ་ཆེན་ལྷ་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་སྟེ། སྔ་མ་ལས། རླུང་གི་འགྲོས་ཐིམ་མི་ཤིགས་རྡོ་རྗེའི་སྐུ། །ལུས་དག་ཡིད་དག་ངོ་བོ་ཉིད་ཀྱི་སྐུ། །ཞེས་སྦྱང་བྱ། སྦྱོང་བྱེད༑ སྦྱངས་འབྲས་ཀྱི་གནད་ཐམས་ཅད་ཟབ་མོའི་ལུང་གིས་རྒྱབ་སྐྱོར་ནས་བསྟན་ཅིང་། དེའང་ཚད་མ་བཞི་བཞི་དང་། རྟེན་འབྲེལ་བཞི་ལ་བརྟེན་གསང་སྔགས་ཀྱི་གནས་མ་འཁྲུལ་བར་གཅེས་པ་ནི། དེ་ཉིད་ཀྱིས། བདེ་བར་གཤེགས་བའི་བཀའ་ཚད་མ། རྡོ་རྗེ་སློབ་དཔོན་གྱི་མན་ངག་ཚད་མ། རྣལ་འབྱོར་དབང་ཕྱུག་གི་ཉམས་མྱོང་རྗེས་སུ་དྲན་བའི་ཚད་མ། རྟེན་ཅིང་འབྲེལ་བར་འབྱུང་བའི་ལོ་རྒྱུས་ཚད་མའོ། །དེ་དག་མྱུར་རུ་རྟོགས་བྱའི་ཕྱིར། དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། མན་ངག་གི་སྣ་ཁ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམས་པ་སོགས་ཕྱི་ནང་གསང་བ་མཐར་ཐུག་གི་རྟེན་འབྲེལ་འགྲིག་ནས། ལྟ་བའི་དུག་དབྱུང་། སྒོམ་པའི་བདུད་རྩི་བསྟེན། སྤྱོད་པ་ལ་དོར་ནས་གསང་སྔགས་གསང་བའི་ལམ་ལ་ཞུགས་པ་རྣམས་ཀྱིས། བདེ་ཆེན་ལྷན་ཅིག་སྐྱེས་བའི་ཡེ་ཤེས་ཁ་སྦྱར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱེད་བ་སྟེ། དེ་ཡང་གཞི་ལ་ཞུགས་པ་ལམ་གོམས་པས་འབྲས་བུ་མངོན་དུ་གྱུར་བ་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་དང་འདིར་མཚན་ཉིད་དེ་ལྡན་གཞིར་བཞག་ནས་ཨ་བྷིཥིཉྩའི་སྒྲ་ལས་དྲངས་ཏེ་མངོན་པར་གཏོར་བའི་ངེས་ཚིག་གིས་སྒོ་གསུམ་གྱི་དྲི་མ་གཏོར་བ་དང་། དེ་སྐད་དུ་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་

(༤༡༣)པར་བྱ། ཞེས་པ་ལྟར་ལུགས་པ་ཞེས་བྱ་བའི་སྒྲས་ལམ་སྒོམ་རུང་དང་། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་སྤྱི་བླུགས་སུ་འཇོག་པའི་སྨིན་བྱེད་ཀྱི་བསྐུར་དངོས་གཞི་ཞུ་བའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཆེན་སྩལ་བ་ལྟར༔ བདག་ཀྱང་ཡོངས་སུ་སྐྱོབ་པའི་ཕྱིར༔ ནམ་མཁའི་རྡོ་རྗེས་དེང་བདག་སྩོལ༔ ཞེས་གསོལ་བ་བཏབ་བོ། །གཉིས་པ་ལ་དྲུག་ལས། དང་པོ་བུམ་པའི་དབང་མཐའ་རྟེན་དང་བཅས་པ་ནི། རྡོ་རྗེ་སློབ་དཔོན་དང་ཐ་མི་དད་བའི་མདུན་བསྐྱེད་ཚིག་དོན། བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཆང་གིས་སངས་རྒྱས་མི་བསྐྱོད་པ་སོགས་ལ་མཆོད་པ་ཆེན་པོ་སྟེ་དབང་བསྐུར་བ་ཇི་ལྟར་སྩལ་བ་དེ་བཞིན་དུ། བདག་ཀྱང་འཁོར་བ་ལས་ཡོངས་སུ་སྐྱོབས་པའི་ཕྱིར་དུ་ནམ་མཁའི་ཞེས་བླ་མ་རྡོ་རྗེ་འཆང་དང་མཉམ་པར་བོས་ནས་དང་སྟེ་ད་ལྟ་ཉིད་དུ་དབང་བསྐུར་བ་རྣམས་སྩལ་དུ་གསོལ་ཞེས་པའོ། ཀྱི་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དབང་རྫས་རྣམས་བྱུང་༑ ཁྱེད་རང་ལྷར་གསལ་བ་ལ་མངོན་པར་དབང་བསྐུར་བའི་མོས་མཛོད། ཅེས་བརྡ་སྦྱར་ནས་རྣམ་རྒྱལ་བུམ་པའི་ཆུ་རྡོ་རྗེ་དང་བཅས་པའི་ཁུར་ཚུར་གྱིས་བུམ་པའི་ཁ་རྒྱན་གྱིས་བླངས་པ་སློབ་མའི་སྤྱི་བོར་འཐོར་བ་ནི་རྡོ་རྗེ་མི་བསྐྱོད་བའི་ཆུ་དབང་ཡིན་ལ། སྒོམ་དོན་ནི་རིག་པའི་དབང་ལྔ་སོ་སོར་སློབ་མ་དང་དབང་རྫས་གཉིས་ཀ་རིགས་ལྔ་སོ་སོའི་རྣམ་འགྱུར་དུ་གྲལ་ཕྲལ་གོ་འཕོ་བའི་སྒོམ་ཚུལ་ཉིད་རྒྱ་གཞུང་མང་པོར་སྣང་བ་དཔྱད་བཟོད་པ་ཡིན་ནོ། །དེ་ཡང་དབང་རྫས་ལྔ་པོ་གནས་སུ་གཏུགས་བ་ནི་དབང་གི་རྒྱུ་ཡིན་ལ། སློབ་དཔོན་གྱི་སྒོམ་དོན་དང་སློབ་མའི་མོས་བྱེད་ལས་དངོས་གྲུབ་བསྒྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ནི་ངོ་བོ་ཡིན་ནོ། །ཤླཽ་ཀ་དང་པོ་འདི་རྒྱུད་ཀྱི་ཚིག་དངོས་བསྟན་ཡིན་པས་གཞན་དུ་རིགས་དབང་ལྔ་ཀའི་མ་གར་ཚིག་འདི་འཁྱེར་བའང་ཡོད་པ་འཐད་པ་དང་བཅས་པ་ཡིན་ཏེ། ཅིའི་ཕྱིར་ན་ཚིག་དོན། དབང་བསྐུར་བ་ནི་འདོར་དུ་མི་རུང་བས་རྡོ་རྗེ་ཆེན་པོ་ཡིན་ཏེ། དེ་འཇིག་རྟེན་མ་ལུས་པ་ལས་

(༤༡༤)མཆོག་ཏུ་གྱུར་པའི་གནས་ཡིན་པས་ན་ཁམས་གསུམ་ཀུན་གྱིས་ཕྱག་རྒྱ་བྱས་པའི་སྒྲ་བསྟན་ལ། དེའི་འོས་སུ་གྱུར་པ་གང་ཡིན་པ་ནི་སངས་རྒྱས་ཀུན་གྱི་གསང་གསུམ་དབྱེར་མི་ཕྱེད་པའི་ངོ་བོ་རྡོ་རྗེ་འཆང་གི་གནས་ལས་བྱུང་བ་འདི་ངས་དེང་ཁྱོད་ལ་སྦྱིན་པར་བྱ་ཡི། ཁྱོད་ཀྱིས་ཀྱང་འདི་ལ་ནན་ཏན་དུ་གྱིས་ཤིག་ །ཅེས་སློབ་མ་ལ་དབུགས་འབྱིན་བ་ཡིན་ནོ། །ཧཱུྃ དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཨ༔ བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། བུམ་པ་སྤྱི་བོར་བསྐུར་ཏེ། རྟེན་སྣོད་ཀྱི་འཇིག་རྟེན་ཕྱི་བུམ་པའི་རྣམ་པ་འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ་རྫོགས་པ་ལ། ནང་རང་བྱུང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་བཀོད་པ་ཚད་མེད་པའི་དབུས་སུ། རྟེན་པ་བཅུད་ཀྱི་སེམས་ཅན་རིག་འཛིན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པའི་སྐུ་ལས་ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱུན་ཆི་ལི་ལི་འབབ་པ་སྤྱི་བོ་བསྐུར་ཞིང་ལྕེ་ཐོག་ཏུ་བླང་པས་ལུས་ཐམས་ཅད་བདེ་སྟོང་གི་བདུད་རྩིས་གང་། ཞེ་སྡང་གི་འཆིང་བ་དག །རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པའི་མོས་བ་མཛོད། ཧཱུྃ་སྣོད་བཅུད་རབ་འབྱམས་བུམ་པའི་དབང་༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ༔ རིགས་ལྔ་མགོ་བོར་བསྐོན་ཞིང་། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་གྱིས་དབང་བསྐུར་བས་ང་རྒྱལ་གྱི་འཆིང་བ་དག །ཚོར་བའི་ཕུང་པོ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ་རིན་ཆེན་དབུ་རྒྱན་རིགས་ལྔའི་དབང་༔ དུག་ལྔ་རྣམ་དག་ཡོངས་རྫོགས་ཤོག༔ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ༔ རཏྣ་མུ་ཏུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་རྩེ་ལྔ་པ་སློབ་མའི་ལག་གཡས་སུ་གཏད་ཅིང་། རིགས་ཀྱི་བུ་ཁྱོད་ལ་སྣང་མཐའི་ངོ་བོ་རྡོ་རྗེས་དབང་བསྐུར་བས་འདོད་ཆགས་ཀྱི་འཆིང་བ་དག་ །འདུ་ཤེས་ཀྱི་ཕུང་པོ་གནས་

(༤༡༥)འགྱུར༑ སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ ཐབས་ཀྱི་རྡོ་རྗེ་ཕྱག་རྒྱའི་དབང་༔ ཡེ་ཤེས་ལྔ་ལྡན་ཡོངས་རྫོགས་ཤོག༔ མ་ཧཱ་བཛྲ་ཨ་བྷི་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་ལག་གཡོན་དུ་བསྐུར་ཞིང་། རིགས་ཀྱི་བུ་ཁྱོད་ལ་དོན་ཡོད་གྲུབ་པའི་ངོ་བོ་ཤེས་རབ་དྲིལ་བུས་དབང་བསྐུར་བས་ཕྲག་དོག་གི་འཆིང་བ་དག་ །འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར། བྱ་བ་གྲུབ་བའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ ཤེས་རབ་དབྱངས་ཀྱི་རྗེས་འགྲོའི་དབང་། ཡན་ལག་དྲུག་ཅུའི་དོན་རྟོགས་ཤོག༔ ཨོཾ་བཛྲ་གཎྜ་ཨ་བྷི་ཥིཉྩ་ཧཱུྃ༔ ལག་པ་གཡས་པས་རྡོར་དྲིལ་སློབ་མའི་མགོ་ཐོག་ཏུ་འཁྲོལ་ཞིང་རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་བརྡ་རྟགས་མིང་གིས་དབང་བསྐུར་བས་གཏི་མུག་གི་འཆིང་བ་དག་ །གཟུགས་ཀྱི་ཕུང་པོ་གནས་འགྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་བའི་མོས་པ་མཛོད། ཅེས་བརྗོད་ལ། སྔར་གྱི་གསང་མིང་དྲན་པར་བྱ་ཞིང་སློབ་དཔོན་གྱིས་དངོས་སུ་བོས་ནས། རྣམ་སྣང་མིང་དབང་བའི་རིགས་ལ་བརྗེད་རས་སྤང་བའི་ཕྱིར་མེ་ཏོག་འཆིངས་བའི་དེ་མ་ཟག་པར་གསུང་གི་དགོངས་པས་བསྟན་འདོན་ལ་མི་གནས་བ་ཡིན་ཡང་། རྣམ་པར་རིགས་གཞན་བཞིའི་དཀྱུས་སུ་སྦྱང་གཞི་སྦྱོང་བྱེད་ར་སྤྲོད་བདེ་བ་དང་། དཀྱིལ་འཁོར་དུ་ཞུག་བཞིན་པ་ལ་དབང་བསྐུར་བའི་ངེས་པ་སྟོན་ཕྱིར། སྐབས་འདིར་རིགས་དབང་ལྔའི་ས་བཅད་ལྟར་བྱས་ཤིང་། དེ་ཡང་དཱ་རི་ཀ་བས། དཔལ་དང་རྡོ་རྗེའི་སྒྲ་ལྡན་པར། སློབ་དཔོན་གྱིས་ནི་ལན་གསུམ་འབད། ཅེས་བཤད་པ་ལྟར། མིང་གི་མགོར་དབབ་དང་། ཐ་མར་རྡོ་རྗེ་ཞེས་འབད་པ་ཡིན་ནོ། བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཡང་ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག་ །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་ལ་གསལ་བར་བྱས། །ཞེས་བ་ལ་སོགས་བས་བསྟན་པ་ལྟར། བསྐུར་མ་ཐག་པའི་ཐུན་མོང་རིག་པའི་དབང་ལྔ་པོ་རྣལ་འབྱོར་བླ་ན་མེད་བ་འདིའི་སྐབས་སུ་སྤྲོས་བཅས་བུམ་པའི་དབང་གིས་མཐའ་བརྟན་གྱི་ཚུལ་དུ་རྫོགས་པ་སྟེ། དེའང་

(༤༡༦)སྤང་བྱ་གློ་བུར་པའི་ཆོས་མ་རིག་པའི་དྲི་མ་ལྔ་དག་ཅིང་། ཐོབ་བྱ་རིག་བའི་ཡེ་ཤེས་ལྔ་རང་ངོ་འཕྲོད་ཅིང་མངོན་དུ་གྱུར་བའི་ཆ་ནས་རིག་པའི་དབང་ལྔར་གྲགས་པ་ནི། རྡོ་རྗེ་ཕྲེང་བ་ལས། སངས་རྒྱས་ལྔར་ནི་རྣམ་དག་བའི། །དབང་བསྐུར་ལྔ་ཐོབ་རྒྱུ་ལས་ནི། །མ་རིག་པ་དང་བྲལ་བས་ན། །ཡེ་ཤེས་ལྔ་ནི་ཐོབ་བར་འགྱུར། །ཅེས་པ་སྟེ། དེས་ན་སྐབས་འདིར་ཕན་པའི་དབང་ལྔར་གྲགས་པའི་ཁོ་ན་ཙམ་གྱིས་ཀྱང་ཕྱི་དཀྱིལ་དུ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བ་ཡིན་ནོ། །ཞེས་རྟག་པ་བསྐྱེད། མཐའ་བརྟེན་འདོད་ཡིན་མ་སྤངས་རྒྱན་དུ་རོལ་པའི་ཆོས་དབང་ནི། དར་དབྱངས་དང་དུར་ཁྲོད་ཆད་རྣམས་གཏད་ལ༑ ཧཱུྃ༔ རིན་ཆེན་དར་དབྱངས་དུར་ཁྲོད་དབང་༔ ཕྱི་ནང་བརྡ་རྟགས་དོན་རྟོགས་ཤོག༔ བུདྡྷ་རཏྣ་ཤྲཱི་ཨ་བྷ་ཥིཉྩ་ཧཱུྃ༔ སྨན་ར་ཀ་གཏོར་སྣོད་གཅིག་ཏུ་ཐོགས་ནས། སྨན་ར་ཀ་གཏོར་མ་བསྙེན་སྒྲུབ་བརྟེན༔ ལྷ་དང་མཁའ་འགྲོའི་རྟེན་དབང་བསྐུར༔ པཉྩ་རཀྟ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལག་ཏུ་གཏད་ཅིང་རས་མ་བྱིན། ཡེདྷ་རྨ་སོགས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་ཤིང་། སྣོད་བཅུད་དག་པ་རྩ་བ་གསུམ། རང་དང་གཉིས་མེད་རྟག་ཏུ་སྒོམས༔ ཞེས་བརྗོད་ལ་རོལ་མོས་བྱིན་དབབ་པོ། །དེ་ནས་ནང་ནུས་པ་འཇུག་པའི་དབང་ནི། སློབ་དཔོན་གྱིས། འི་དེ་ལྟར་སྤྲོས་བཅས་བུམ་པའི་དབང་དང་མངོན་དུ་འབྲལ་བར་ཕྱི་ཕན་བའི་དབང་ལྔ། སྐལ་བ་སྟེར་བྱེད་དམ་རྫས་དངོས་གྲུབ་ཀྱི་རྫས་དབང་དང་བཅས་པ་སྔོན་དུ་སོང་ནས་ནང་ནུས་པ་འཇུག་པ་ཁྱེད་རང་སློབ་མ་རྣམས་ཀྱི་སྒོ་གསུམ་ལ་བསྐུར་པ་སྐབས་སུ་བབས་པ་ཡིན་ལ། དེའི་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ རང་བྱུང་རྩ་གསུམ་དཔལ་ཆེན་པོ༔ མཐུ་ལ་ཡོངས་རྫོགས་ཡེ་ཤེས་ལྷ༔ སྐུ་གསུང་ཐུགས་སུ་ཁྱིན་དབང་བསྐུར༔ ཡེ་ཤེས་ལྔ་རྫོགས་རང་གནས་སྟོན༔ ཞེས་པའི་རྗེས་རིགས་ཀྱི་བུ་དེ་ལྟར་ན་སྐུ་ཕྱག་རྒྱའི་དབང་ཁྱེད་རང་རྣམས་གཞི་ལུས་ཀྱི་ལྷ་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གསལ་བའི་སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས། དཔྲལ་བ་

(༤༡༧)བརླ་གཡས་གཡོན་རྣམས་སུ་ལུས་དཀྱིལ་གྱི་རྣམ་བ་རྗེས་སུ་དྲན་པའི་ལྷ་གནས་ཀྱི་པད་ཉིའི་གདན་རེ་རེ་གསལ་བ་ལ། ལྷ་དབང་རྣམས་རིམ་པར་བསྐུར་བའི་ཚེ་དེ་དང་དེ་འདྲ་བ་དཔག་ཡས་སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་ཐུགས་ཀ་ནས་བྱུང་སྟེ་གནས་སོ་སོར་ཐིམ་པའི་མོས་བ་མཛོད། ཅེས་གསང་བ་མན་ངག་གི་ལུགས་སུ་བརྡ་སྦྱར་ལ། རིགས་ལྔ་ཡབ་ཡུམ་གྱི་ཙ་ཀླི་སྤྱི་བོར་བསྐུར་ལ། ཧཱུྃ༔ དུག་ལྔ་དག་པ་ཞི་བའི་སྐུ༔ བཞི་བཅུ་རྩ་གཉིས་དབང་ཐོབ་ཤོག༔ ཧཱུྃ་ཨཱྃ་སྭཱ་ཨཱཾ་ཧཱ་མཱུཾ་ལཱཾ་མཱཾ་བཱཾ་ཏཱཾ༔ དེ་ནས་རྒྱལ་བ་རིགས་བཞིའི་ཙ་ཀླི་གནས་སུ་བསྐུར་ཞིང་། ཧཱུྃ༔ འཁོར་ལོའི་གནས་བཞིར་བདེ་གཤེགས་བཞི༔ བདུད་བཞི་འཇོམས་པའི་དབང་ཐོབ་ཤོག༔ མཱུཾ་ཧྲཱིཧཱུྃ་ཨཱ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དཔལ་ཆེན་ཁྲག་འཐུང་དགུའི་དབང་བསྐུར་ནི། སློབ་བུའི་སྤྱི་བོར་ཆེ་མཆོག་བ་སྟིམ་ཞིང་། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ཡོངས་རྫོགས་ལྷ༔ ཕྱི་མཐའི་སློབ་དཔོན་རྣམས་ལ་རྒྱལ་བ་རིགས་བཞིའི་ངེས་འཛིན་མི་འཇུག་པས་རྡོར་བྲིལ་ཉུག་ཉུག་ཙམ་ལས་མ་བྱུང་། གསང་རྫོགས་ཀྱི་རྒྱུད་ལས། སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས། མགྲིན་པར་སྤྱན་རས་གཟིགས་དབང་ཕྱུག་ །ཐུགས་ཀར་གསང་བ་དག་རྡོ་རྗེ་སེམས། སྟེ་བར་དྲུག་པ་རྡོ་རྗེ་འཆང་། ཞེས་བཤད་པའི་ཙ་ཀླི་གསར་དུ་སྤྲོས་པ་ལྟར་བྱའོ། ཆེ་མཆོག་ཡོངས་རྫོགས་དབང་བསྐུར་རོ། ཧཱུྃ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དཔྲལ་བར་གཤིན་རྗེ་བསྐུར་ལ། ཧཱུྃ། མཉམ་ཉིད་ཡེ་ཤེས་ཡོངས་རྫོགས་ལྷ༔ འཇམ་དཔལ་ཡོངས་རྫོགས་བསྐུར་རོ༔ ཨོཾ་ཧྲཱིཥྀྚ་ལྦི་ཀྲི་ཏཱ་ནན་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་བར་རྟ་མགྲིན་བསྐུར་ལ། ཧཱུྃ༔ སོར་རྟོག་ཡེ་ཤེས་ཡོངས་རྫོགས་ལྷ། རྟ་མགྲིན་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་ཧྱ་བིྷྲ་ལྦ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་ཡང་དག་བསྐུར་ཞིང་། ཧཱུྃ༔མེ་ལོང་ཡེ་ཤེས་ཡོངས་རྫོགས་ལྷ། ཡང་དག་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་རྡོ་རྗེ་གཞོན་ནུ་བསྐུར་ལ། ཧཱུྃ༔བྱ་གྲུབ་ཡེ་ཤེས་ཡོངས་རྫོགས་ལྷ། ཕུར་བ་ཡོངས་རྫོགས་དབང་བསྐུར་

(༤༡༨) རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡས་རྦ་བི་ག་ནན་བཾ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་གནས་སུ་མ་མོ་བསྐུར་ཞིང་ཧཱུཾ༔ དབྱིངས་གྲོལ་ཡེ་ཤེས་ཡོངས་རྫོགས་ལྷ༔ མ་མོ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་རིག་འཛིན་བསྐུར་ཞིང་། ཧཱུྃ༔ འདའ་ཀ་ཡེ་ཤེས་ཡོངས་རྫོགས་ལྷ༔ རིག་འཛིན་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བརླ་གཡས་སུ་འཇིག་རྟེན་མཆོད་བསྟོད་བསྐུར་ཞིང་། ཧཱུྃ་ཀློང་གྱུར་ཡེ་ཤེས་ཡོངས་རྫོགས་ལྷ༔ འཇིག་རྟེན་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥཾྚ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བརླ་གཡོན་དུ་སྟོབས་ལྡན་ནག་པོ་བསྐུར་ཞིང་༔ ཧཱུྃ༔ ལྷུན་གྲུབ་ཡེ་ཤེས་ཡོངས་རྫོགས་ལྷ༔ དྲག་སྔགས་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་སརྦ་དུཥཾྚ་ཨེ་ཛ་བོྷྱསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བྱ་ཁྱུང་དཔུང་པ་གཡས་གཡོན་དུ་བསྐུར་ཞིང་༔ ཧཱུྃ་མཁའ་ཀློང་དབྱིངས་གྲོལ་ཡོངས་རྫོགས་ལྷ༔ མཁའ་ལྡིང་མཁའ་འགྲོའི་དབང་བསྐུར་རོ༔ ཁོཾ་ག་རུ་ཌ་སརྦ་དཱཀྐི་ནི་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་ཁམས་རྩ་གསུམ་ཡོངས་རྫོགས་སྐུ༔ ཡེ་ཤེས་ཆེན་པོར་རྟག་ཏུ་བསྒོམ༔ ཞེས་བརྗོད་ལ་རོལ་མོས་བྱིན་དབབ། དེས་སྣང་སྟོང་ཕྱག་རྒྱའི་དཀྱིལ་འཁོར་དུ་སྐུའི་བྱིན་རླབས་འཇུག་པ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་དབང་ཡོངས་སུ་རྫོགས་པ་ཐོབ་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པ་ཡིན་ལ། ད་གྲག་སྟོང་གསུང་གི་བྱིན་རླབས་ངག་གི་རང་བཞིན་དུ་འཇུག་པའི་སླད་དུ་ཁྱེད་རང་སློབ་མ་རྣམས་གཞི་ལུད་ཀྱི་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡམ་དུ་གསལ། གནས་སོ་སོར་རིགས་ལྔ་ཞི་ཁྲོ་བཀའ་བརྒྱད་རྣམས་ཀྱང་རང་རང་གི་ཡུམ་དང་སྙོམས་པར་ཞུགས་བའི་འཁོར་ལོ་བཞིར་པད་ཉི་ཟླ་བའི་གདན་ལ་ལྷ་སོ་སོའི་ས་བོན་གྱི་མཐར་རང་སྔགས་ཀྱིས་བསྐོར་བར་མོས་པ་ལས། སློབ་དཔོན་དང་དཀྱིལ

(༤༡༩)འཁོར་གྱི་བདག་པོ་དབྱེར་མི་ཕྱེད་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་བ་ཁྱེད་རང་རྣམས་ཀྱི་མགྲིན་པའི་ལམ་ནས་ཞུགས། འཁོར་ལོ་བཞིའི་སྔགས་འཁོར་ལ་ཐིམ་བས་སྔགས་ཕྲེང་རྣམས་མགལ་མེའི་འཁོར་ལོ་ལྟར་དྲག་ཏུ་འཁོར་བའི་རྐྱེན་གྱིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་ཆོས་སྒྲ་ཆེན་པོ། གདུང་དབྱངས་ཡན་ལག་དྲུག་ཅུའི་གདངས་སུ་ཤར་བས་དེ་བཞིན་གཤེགས་པའི་གསུང་གི་གསང་བ་ཆེན་པོ་ལྟར་གདུལ་བྱའི་བློ་དང་འཚམས་པར་དུ་མ་ཉིད་དུ་ཐོས་བའི་བདག་ཉིད་ཅན་དུ་གྱུར་བའི་མོས་མཛོད། ཅེས་བརྡ་སྦྱར་ལ་ཕྲེང་བ་མགྲིན་པར་འཇོག་ཅིང་༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་རྩ་བའི་སྔགས༔ རྐྱེན་དང་སྦྱར་ཞིང་འཁོར་ལོ་བཞིར༔ བསྐོར་ཞིང་དྲག་ཏུ་བཟླས་པས་འགྲུབ༔ ཅེས་བརྗོད་ལ་བསྙེན་སྒྲུབ་ཡོངས་རྫོགས་ཀྱི་བཟླས་ལུང་བྱིན། རྟོག་པ་བསྐྱེད་པ་ནི། ལུས་ཀྱི་སྒྲིབ་དག་ཀུན་ཏུ་འོད༔ ས་ནོན་ཞི་བའི་ལས་རྣམས་འགྲུབ༔ སྤྲུལ་སྐུ་མངོན་དུ་བྱས་བའོ༔ བུམ་དབང་དང་འབྲེལ་བའི་ལྷ་དབང་མངོན་དུ་ཐོབ་པས། བདུད་རྩི་འོད་ཟེར་དང་བཅས་པ་སྤྱི་བོ་ནས་ཞུགས་ལུས་གང་བས། གཙོ་བོར་ལུས་རགས་བ་རིལ་བོར་འཛིན་པ་དང་། ཕྲབ་ལུས་གནས་ཀྱི་རྩ་རྣམས་སྦྱངས། ལམ་བསྐྱེད་བའི་རིམ་པ་དང་དགའ་བའི་ཡེ་ཤེས་ལ་བརྟེན་པའི། འབྲས་བུ་སྤྲུལ་པའི་སྐུ་སྐལ་བ་ཅན་དུ་བྱས་སོ། །དེ་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་པའི་དབང་རྗེས་འབྲང་དང་བཅས་པ་བསྐུར་བའི་རིམ་པའོ། །གཉིས་པ་གསང་དབང་ནི། དེ་ཡང་སྤྲོས་མེད་ཀྱི་མཆོག་དབང་གོང་མ་གསུམ་ནི་འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་ཤིང་ཟབ་མོའི་མན་ངག་དོན་དུ་གཉེར་བའི་སློབ་མ་བདུན་ལས་མི་མང་བ་ལ་བསྐུར་བྱའི་ཡུལ་ཡིན་ལ། ཇི་ལྟར་བསྐུར་ཚུལ་ལ་ཀུན་རྫོ་བྱང་ཆུབ་ཀྱི་སེམས་ཕྱག་རྒྱའི་ལྷ་གདོན་དམ་བྱང་སེམས་རྣམས་ཀྱི་དཀྱིལ་འཁོར་དང་མ་མཇལ་བའི་བརྡར་འབྲུ་གསུམ་གྱི་མིག་དར་འཆིང་བ་དང་། ཁྱབ་པར་ཅན་གྱི་བྱིན་འབེབས་སོགས་ཀྱི་རྣམ་གཞག་

(༤༢༠)ཡོད་ཀྱང་། འདིར་གཞུང་གི་ངེས་པས་ཇི་ལྟར་འཆད་བ་རྩ་བར་བཟུང་ནས་བསྐུར་བ་སྟེ། བུམ་དབང་གི་རག་དང་གསང་དབང་ཟབ་མོ་ཞུ་བའི་ཡོན་དུ་ཞེས་མཚམས་སྦྱར་ནས་མཎྚལ་འབུལ་དུ་གཞུག་ །སླར་ཡང་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བདེ་གཤེགས་བླ་མ་ལོངས་སྤྱོད་རྫོགས༔ གསང་དབང་དང་བྱུང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ། གསུང་རྡོ་རྗེའི་ངོ་བོ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པའི་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་ལ་ཞི་ཁྲོའི་ལྷ་ཚོགས་ཡབ་ཡུམ་ཏིལ་གྱི་གོང་བུ་གང་བ་ལྟར་རྫོགས་པའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུའི་རྩེ་མོར་ཟླ་བ་ལ་གནས་པའི་ཨོཾ༔ ཡུམ་གྱི་མཁའ་གསང་ཨཱལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མ། སྦྱོར་བདུན་པ་ལས། དེའི་དང་གི་ངོ་བོ་ནི་གསུང་གི་རྡོ་རྗེའི་རང་བཞིན་ནོ། །ཞེས་སློབ་མའི་དག་བྱང་གི་རྩ་བ་རླུང་ལ་གསང་རྫས་ཁྱད་པར་ཅན་འདྲེས་པའི་སྒོ་ནས། དག་པའི་ངོ་བོ་གསུང་རྡོ་རྗེའི་རང་བཞིན་ཡིན་པའི་རྒྱུ་མཚན་གྱིས་སོ། ལ་གནས་པའི་མཱུཾ་ཡིག་གིས་མཚན་བ་ལས། ས་མ་ཡ་ཧོསོགས་པའི་བརྡ་དང་བརྡ་ལན་གྱིས་བསྐུལ་ཏེ་ཕྱག་རྒྱ་བཞིའི་སྒོ་ནས་སྙོམས་བར་ཞུགས་པས། མཁའ་ཁྱབ་ཀྱི་བདེ་བར་གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་པའི་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་ལྷ་ཚོགས་ཐམས་ཅད་ཀྱང་བདེ་སྟོང་གཉིས་སུ་མེད་པའི་འདོད་ཆགས་རྡོ་རྗེའི་རོས་ཚིམ་ཞིང་། རྗེས་སུ་ཆགས་བའི་མེས་ཡབ་ཡུམ་སོ་སོའི་བྱང་ཆུབ་ཀྱི་སེམས་ཅན་རིན་པོ་ཆེ་ཞུ་བ་ལས་ཡས་བབས་དགའ་བ་བཞིའི་འགྲོས་ཀྱིས་ལུགས་འབྱུང་དུ་བགས་པ་དེ། སློབ་མའི་རྗེས་སུ་འཛིན་པའི་སླད་དུ། མས་བརྟན་ལུགས་ལྡོག་གི་རྟེན་འབྲེལ་སྤངས་ཏེ་ཟང་ཐང་དུ་ཕྱིར་ཕྱུང་པའི་བདུད་རྩི་ཆེན་པོ་ནི་སྐལ་མེད་ཀྱིས་མཐོང་བ་ནི་ལྟ་ཅི། ཐོས་པ་ཡང་མི་རུང་བས་གསང་ཞེས་བྱ་ལ། དེ་ཉིད་སྐལ་ལྡན་གྱི་སློབ་བུའི་ལྕེ་ཐོག་ཏུ་སྦྱིན་པས་དབང་ཞེས་བྱའོ། །དེའང་དབང་མཛོད་ལས། བ་དང་བེའུ་ཚུལ་དག་གམ། །དེ་བཞིན་བུང་བ་སྦྲང་རྩིའི་ཚུལ། །ཡང་ན་བྱ་དངབྱིའུའི་ཚུལ། །ཞེས་སློབ་དཔོན་གྱི་རྡོ་རྗེ་ནོར་བུའི་རྩེ་མོ་ནས་སློབ་བུས་ཁས་བླང་བ་ཐབས་བདེ་བ་ཆེན་པོའི་གསང་

(༤༢༡)དབང་༑ ཡུམ་གྱི་པདྨའི་སྣ་རྩེ་ནས་བླང་བ་ཤེས་རབ་སྟོང་པ་ཉིད་ཀྱི་གསང་དབང་། གཉིས་ཀའི་བྱང་སེམས་ཡུམ་གྱི་མཁར་བསྐྱིལ་བ་ལས་ཡབ་ཀྱིས་ལྕེས་བླངས་ཏེ་སློབ་བུའི་ཁར་སྦྱིན་པ་གཉིས་མེད་བདེ་བ་ཆེན་པོའི་གསང་དབང་སྟེ། དེ་ལྟར་མི་ནུས་ན་མེ་ལོང་ཡུ་བ་ཅན་གྱིས་བླངས་པ་བདུད་རྩི་ལྔ་དང་སྦྱར་ཏེ་སྟེར་རོ། །དེ་ཙམ་གྱི་སྐལ་བ་དང་མི་ལྡན་པ་དག་ལ་གསང་དབང་ཙམ་པོ་ནི། བླ་མ་ཡབ་ཡུམ་དང་གཉིས་སུ་མེད་པའི་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་བདེ་བ་ཆེན་པོའི་དང་སུ་སྙོམས་བར་ཞུགས་པའི་བྱང་ཆུབ་ཀྱི་སེམས་རྗེས་སུ་ཆགས་བའི་མེ་བཞུ་བ་སོ་སོའི་མཁའ་གསང་ནས་ཐོན། ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་འདི་ཉིད་ཁྱེད་རང་སློབ་མ་རྣམས་ལ་སྦྱིན་པའི་མོས་བ་མཛོད། ཧཱུྃ༔ ནམ་མཁར་བཞུགས་པའི་བདེ་གཤེགས་རྣམས༔ མཁའ་གསང་སྦྱར་བའི་སྒྲས་བསྐུལ་ཏེ༔ ཇི་ལྟར་སྔོན་གྱི་སངས་རྒྱས་ཀྱིས༔ དབང་བསྐུར་སྲས་ལ་སྦྱིན་པ་ལྟར༔ གཉིས་མེད་སྦྱར་བའི་བདུད་རྩིའི་ཆུ༔ གདན་གསུམ་ངོ་བོ་ཁྱོད་དབང་བསྐུར༔ ཨོཾ་ཧེ་རུ་ཀ་ས་མ་ཡ་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགྲིན་པར་བསྐུར་ཞིང་ལྕེ་ཐོག་ཏུ་སྦྱིན། མགྲིན་པ་ནས་བརྒྱུད་རྩ་ཁམས་གང་༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ རྒྱས་པའི་ལས་འབྲུབ་བད་ཅན་ནོན༔ རང་བྱུང་རྣམ་བཞི་མངོན་དུ་གྱུར༔ ཅེས་དག་པ་བརྗོད་ཅིང་། སློབ་མ་རྣམས་ལུས་དྲང་པོར་བསྲངས་བའི་དབུས་སུ་རྩ་གསུམ་སྙན་བརྒྱུད་ལྟར་གསལ་གདབ། སྦྱོར་བ་བཞི་དང་ལྡན་པའི་སྒོ་ནས་སྲོག་རྩོལ་གྱི་གནད་ལ་དྲན་པ་མངོན་དུ་བཞག་ནས་རླུང་དབུ་མ་ར་འཆིང་དུ་གཞུག་པ་སྟེ་གཞུང་ལས། སྐྱོན་ཅན་རླུང་ནི་ཕྱི་ལ་འབུད༔ ཡོན་ཏན་རླུང་ནི་ནང་ལ་རྡུབ༔ རོ་རྐྱང་དབུ་མར་ཡང་དག་གདབ༔ དེ་ལྟར་གྱི་རྩལ་མ་སྦྱངས་ན་ལྟེ་འོག་ཏུ་བུའི་མར་སྣར་གནམ་ཞལ་མའི་ངོ་བོ་ཨ་ཤད་དམར་པོ་གསལ་ལ་དང་བ་ཞིག་བསྒོམས་པས་མེའི་རང་བཞིན་དུ་འབར། འཁོར་ལོ་བཞི་སོ་སོར་གཡས་སྐོར་གཡོན་སྐོར་དང་བཅས་

(༤༢༢)འབར། དྷཱུ་ཏིའི་ཡར་སྣར་ཧེ་རུ་ཀའི་ངོ་བོ་ཧཾ་ཡིག་དང་གཉིས་སུ་མེད་བར་སྦྱར་བས་སྒྲོན་མེ་ལས་ཞུན་མར་འཐིགས་པ་བཞིན་དུ་བྱང་སེམས་དཀར་དམར་གྱི་ངོ་བོ་མེ་དང་བདུད་རྩི་གཉིས་མེད་དུ་འཛག་པས་བདེ་དྲོད་གློ་བུར་དུ་སྐྱེད་པར་བསམ་ཞིང་། ལྟེ་བར་གནམ་ཞལ་འབར་བ་ཡིས༔ འཁོར་ལོ་བཞི་བཏེག་ཡུས་གཡོས་ཏེ༔ སྤྱི་བོར་ཧེ་རུ་ཀ་དང་སྦྱོར༔ འབར་འཛག་དྲོད་ཀྱི་ཡེ་ཤེས་སྒོམ༔ ཞེས་བརྗོད་ཅིང་དམིགས་བ་རྣམས་རྫོགས་པ་དང་གཞུང་ལས། གཡས་སུ་བསྐོར་ཞིང་གཡོན་གུ་གཅུ༔ འོག་ནས་དྲང་ཞིང་སྟེང་ནས་བརྡེག༔ དེ་བཞིན་གོ་ལྡོག་སྦྱོར་བ་དང་༔ སྤྲུག་པ་དགུ་དང་བརྡག་པ་དགུ༔ བསྐོར་བ་དགུ་དང་འབུད་པ་དགུ༔ རྔུབ་པ་དགུ་དང་དགང་གཞིལ་དགུ༔ བསྒོམས་པའི་འགྲུབ་པ་ལོངས་སྤྱོད་རྫོགས༔ ཞེས་བཤད་པའི་ལུས་སྦྱོང་དང་གེགས་སེལ་ཧ་སྤྲུགས་ལ་སོགས་པའང་ལག་ལེན་མན་ངག་ལྟར་བྱའོ། །ད་ནས་རྟོག་པ་བསྐྱེད་བ་ནི། དེ་ལྟར་ཐོད་པའི་རྫས་གསང་དབང་བསྐུར་བ་ལ་བརྟེན་ན་ཞུ་བདེ་མགྲིན་པ་ནས་བརྒྱུད། ཕྲ་བ་རླུང་དང་རགས་པ་དག་གི་སྒྲིབ་པ་སྦྱངས། ཤ་ལྔ་བདུད་རྩི་ལྔ་བསྟེན་ཞིང་ལམ་རླུང་སྔགས་སྒོམ་པ་ལ་དབང་། མཆོག་དགའི་ཡེ་ཤེས་ལ་བརྟེན་པའི་འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་དང་ལྡན་བར་བྱས་སོ། །ཞེས་བརྗོད། གསུན་པ་ཤེར་དབང་ནི། གསང་དབང་གི་གཏང་རག་དང་ཤེར་དབང་ཟབ་མོ་ཞུ་བའི་ཡོན་ཏུ་ཞེས་མཚམས་སྦྱར་ནས་མཎྚལ་འབུལ་དུ་གཞུག་ །གསོལ་གདབ་ནི། ཧཱུྃ༔ བདེ་གཤེགས་བླ་མ་ཆོས་ཀྱི་སྐུ༔ ཤེས་རབ་ཡེ་ཤེས་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ་ལ། རྒྱུད་ལས། མཚན་ལྡན་བཀྲ་ཤིས་ཡིད་འོང་མ། པད་དུང་གླང་སྣ་གང་རུང་ལྡན༔ བཅུ་དྲུག་ལྡན་པའི་མུ་ཏྲ་ཏེ༔ གདན་ཁར་རིགས་ཀྱི་ཡུམ་དུ་བསྐྱེད༔ །རང་ཉིད་རིགས་ཀྱི་ཡབ་ཏུ་གསལ༔ །ཞེས་པ་ལྟར་མཚན་ཉིད་ཚང་བའི་མུ་ཏེ་དངོས་སམ། སིནྡྷ་རའི་དཀྱིལ་འཁོར་ཤེར་ཅ་ཀ་དྲིལ་བུ་དང་བཅས་པ་རིགས་ཀྱི་ཡུམ་ལྷ་ལྕམ་མནྡཱ་ར་བར་གསལ་བའི་ལག་པ་གཡས་ནས་བཟུང་

(༤༢༣)སྟེ༑ སློབ་མ་གུ་རུ་བདེ་བ་ཆེན་པོར་གསལ་བའི་ལག་གཡོན་དུ་སྦྱིན་པར་མོས་ལ། ཧཱུྃ༔ ཐོད་ཕྲེང་ཐུགས་ཀ་ནས་བྱུང་བའི༔ ལྷ་མོ་དགའ་སྟེར་གནས་སྟེར་མ༔ གཟུགས་དང་ལྔ་ཚོ་ཀུན་ལྡན་ཞིང་༔ འདི་ཁྱེར་རྟག་ཏུ་མཆོད་པར་གྱིས༔ ཞེས་གཏད་པ་ན། ལྷ་མོ་དེས་ཀྱང་སློབ་བུའི་རྒྱུད་ལ་ཡེ་ཤེས་བསྒྱེད་པའི་ཕྱིར་ལུས་གཅེར་བུར་བྱས་ཏེ། གུར་གུམ་ལ་སོགས་པའི་དྲི་བཟང་པོས་བྱུགས། རྒྱན་གྱིས་བརྒྱན། ལང་ཚོ་ཤིན་ཏུ་བདེ་བའི་རྣམ་འགྱུར་སྟོན་ཅིང་བདེ་བ་ཆེན་པོའི་དཀྱིལ་འཁོར་དོ་མས་བཅས། ལྷ་མོ་ད་ནི་བདེ་ཆེན་མ༔ ཚོགས་ཚུལ་བཞིན་བརྟེན་ནུས་སམ༔ ཞེས་དྲིས་པ་ལ། སློབ་མས་ཕྱག་འཚལ་ཞིང་མེ་ཏོག་འཐོར་བ་དང་བཅས། ཇི་ལྟར་གསུངས་བའི་ཆོ་གས་བསྒྲུབ༔ སྤྲོ་བས་བརྟེན་ནོ་མཛེས་ལྡན་མ༔ ཞེས་གསང་བའི་སྤྱོད་པ་རྨད་དུ་བྱུང་བའི་དམ་ཚིག་རྣམས། ཆོག་བཞིན་བསྒྲུབས་ནས་བརྟེན་ནུས་ཞེས་ལན་བཏབ་པ་ན། ཡང་ལྷ་མོས་སློབ་བུ་ལ་ཐ་མལ་གྱི་རྣམ་རྟོག་ དཔར་མཐོང་ནས་དགྱེས་ཏེ་དངོས་གྲུབ་ཆེན་པོའི་འབྱུང་གནས་ཡིན་པར་ངོ་སྤྲད་ནས་རྟོག་པ་བསྐྱེད་པ་ནི། ང་ཡི་བྷག་ཆོས་ཀྱི་དབྱིངས༔ འདི་བསྟེན་བདེ་བ་མ་ལུས་ཐོབ༔ མ་སྤངས་སྤངས་ན་མཆོག་མེད་དོ༔ འདིར་ཞུགས་འདིར་ལྟོས་འདོ་དོན་སྤྱོད༔ པདྨ་བྷཉྗ་མོ་ཀྵ་ཧོ ཛ༔ཧཱུྃ་བཾ་ཧོདཔལ་དང་ལྡན༔ སྣང་སྟོང་རྡོ་རྗེ་པདྨ་ལས༔ བྱུང་བའི་ཡིད་ཀྱི་བདུད་རྩིའི་ཆུ༔ འཁོར་ལོ་བཞིར་འབབ་བཟློག་ཁྱབ་ཀྱི༔ སྲིད་པ་ངོ་བོ་ཉིད་ཀྱི་དང་༔ འཐུངས་ཤིག་དཔའ་བོ་ཆེ༔ བདེ་མཆོག་བདེ་བའི་དོན་སྡོམས་ཤིག༔ ཧཱུྃ་ཧཱུྃ་ཧྲཱིཧྲཱིཧ་ཧ་ཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ལྦཱ་ཨཱདྨ་ཀོ་྅་ཧཾ། ཞེས་པདྨ་བྷཉྗ་ལ་སོགས་པའི་སྒྲས་ཐར་པ་བརྟེན་པར་གྱིས་ཤིག་པར་བསྐུལ་ཞིང་། ཛཧཱུྃ་བཾ་ཧོལ་སོགས་བའི་དོན་གྱིས་པང་དུ་བྱོན་ནས་རྟོག་བ་མེད་པར་འཁྱུད། ཧཱུྃ་ཧཱུྃ་ལ་སོགས་པས་དབུ་མའི་མ་སྣར་བདེ་བ་རྒྱུ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཙལ་

(༤༢༤)བ་དང་ཡང་དག་བར་བསྐུལ་ནས། ཨ་ནུ་རཱ་གའི་སྔགས་དོན་དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་རྗེས་སུ་ཆགས་བའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ་སྙམ་པའི་རྗེས་ཆགས་ཀྱི་ང་རྒྱལ་ལ་གནས་པས། ཡབ་ཡུམ་གཉིས་ཀའི་དབུས་དྲང་པོར་རྩ་གསུམ་དང་འཁོར་ལོ་དྲུག་གསལ་བཏབ་ཅིང་སྦྱོར་བ་ཐ་མལ་དུ་མི་གོས་པའི་ཕྱིར་ལྷར་འདུ་ཤེས་པ་དང་། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུའི་རྩེ་མོར་ཨོཾ། ཡུམ་གྱི་མཁའ་གནས་ཨཱ༔ལས་པདྨ་འདབ་མ་བརྒྱད་པའི་ཐེའུ་འབྲུར་ཧྲཱིཡིག་གིས་མཚན་པ་ཡི་གེར་འདུ་ཤེས་པ་དང་། ཐབས་མཆོག་འདི་ལ་བརྟེན་ནས་བདེ་ཆེན་ལྷན་ཅིག་སྐྱེས་བའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུས་ཤེས་སུམ་ལྡན་མི་སྒོ་ནས་ཡུམ་གྱི་དབུ་མའི་མར་སྣར་ཐུག་པའི་རྩ་བྱ་རོག་གདོང་སྤྲད་དེ་སྙོམས་པར་ཞུགས་པ་ལས། རྗེས་སུ་ཆགས་བའི་རླུང་གཡོས། དེས་གཏུམ་མོའི་མེ་སྦར་བས་སྤྱི་བོར་ཧཾ་ཡིག་ཞུ། བདེ་ཆེན་བྱང་ཆུབ་སེམས་ཀྱི་རྡུལ་མགྲིན་པར་བབས་པ་དགའ་བ། སྙིང་གར་བབས་བ་མཆོག་དགའ། ལྟེ་བར་བབས་པ་ཁྱད་པར་གྱི་དགའ། ལྟེ་བར་བབས་པ་ཁྱད་པར་གྱི་དགའ་བ། གསང་གནས་སུ་བབས་པ་ལྷན་ཅིག་སྐྱེས་པའི་དགའ་བཞེས་བྱ་ལ། དབང་བཞི་དང་སྦྱར་ན། སྔ་མ་གསུམ་རྟོག་བཅས་ཀྱི་དགའ་བས་བུམ་གསང་ཤེས་རབ་ཡི་ཤེས་དང་། ཕྱི་མ་རྟོག་མེད་ལྷན་ཅིག་སྐྱེས་པའི་དགའ་བས་དབང་བཞི་པ་ཆོས་ཀྱི་དབྱིངས་རང་བཞིན་བརྡལ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་ལ། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ནུབ། འདི་ནི་དགའ་བ་བཞི་གནས་ཀྱི་སྒོ་ནས་ངོས་བཟུང་བཞེས་བྱ་ཞིང་། རྫོགས་རིམ་ལ་གོམས་བ་རྟས་བདག་ལ་རང་བཞིན་བརྒྱད་ཅུའི་རྟོག་བ་འགགས་པའི་རིམ་པ་དང་བསྟུན་ནས་ངོས་འཛིན་པའང་ཡོད་དོ། དེའི་ཚེ་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་འཛག་མེད་དུ་བཅིངས་པ་སླར་ཡང་ཧཱུྃ་ནས་མྱོས་བྱེད་ཀླུ་ལ་ཐུར་སལ་གྱིར་སྦྱོར་བས་གྱེན་དུ་བཟློག་པའི་ཤུགས་ཀྱི་དྲངས་པ་ལས། གསང་གནས་ནས་སྤྱི་བོའི་བར་གྱི་འཁོར་ལོ་སོ་སོར་ཁྱབ་པས་དབང་བཞི་རིག་པའི་རྩལ་དབང་དང་བཅས་པ་ལུགས་ལྡོག་གི་ཚུལ་དུ་རྫོགས་བའི་ཚེ། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་དག་ཅིང་

(༤༢༥)སྣང་མཆེད་ཐོབ་གསུམ་གྱིས་བསྡུས་པའི་སྣང་བ་གསུམ་དང་། དགའ་བ་དང་པོ་གསུམ་རིམ་གྱིས་མྱོང་ནས། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོའི་འོད་གསལ་ཆགས་འཛིན་གྱི་དྲི་མས་མགོས་པའི་སྤྲོས་བྲལ་ཆེན་པོར་བརྟན་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་སྟེ་དེའི་དང་ལ་མཉམ་པར་འཇོག་ཚུལ་ངོ་སྤྲད། མཆེད་བ་པ་བདེ་བ་ཤས་ཆེ་བས་ཆགས་པ། ཉེར་ཐོབ་ལ་བདེ་སྟོང་ཆ་མཉམ་བས་ཆགས་པ་བར་མ། སྣང་བ་ལ་སྟོང་པ་ཤས་ཆེ་བས་ཆགས་བྲལ་ཞེས་གོ་རིམ་མ་ངེས་པ་འཆད་ལ། ཐུན་མོང་གི་གསང་བ་དང་སྦྱར་ན། སྣང་བའི་ཚེ་རང་བཞིན་བརྒྱད་ཅུའི་ཀུན་རྟོག་ཡོ་བྱེད་ཀྱི་རླུང་དང་བཅས་དག་པས་སྟོང་པ། མཆེད་བའི་ཚེ་སྣང་བ་གཡོ་བྱེད་ཀྱི་རླུང་དང་བཅས་པས་སྟོང་པས་ན་ཤིན་ཏུ་སྟོང་པ་ཉེར་སྦོབ་ཀྱི་ཚེ་མཆེད་པ་རླུང་དང་བཅས་པས་སྟོང་པས་ན་སྟོང་པ་ཆེན་པོ། རགས་པའི་རླུང་སེམས་ཀྱིས་བསླད་བ་ཐམས་ཅད་ཀྱིས་སྟོང་བ་འོད་གསལ་ཞེས་བྱ་སྟེ་བདེ་སྟོང་གི་ཡེ་ཤེས་དེ་སྙིང་གའི་རྩ་མདུད་གྲོལ་བ་ལས་བྱུང་བ་ན་དབང་གསུམ་པའི་ངོ་བོ་ཡིན་ལ། ཐབས་དེ་ལྟ་བུས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མཚོན་བ་བྱ་དགོས་པས། གསུམ་པའི་ཉམས་མྱོང་དྲན་བྱས་ཏེ། ཞེས་དབང་བཞི་པའི་མཚོན་དོན་ལའང་བྱུང་བ་ཡིན་པ་ཤེས་དགོས་སོ། དེ་ལྟ་བུའི་མྱུར་ལམ་ལ་རྒྱུ་འབྲས་ཀྱི་ལམ་ཇི་ལྟར་རྫོགས་ཚུལ་ནི། འོ་འགྲོ་བའི་ཁམས་ལ་མ་དག་པ་རིགས་དྲུག་གི་ས་བོན་སྦྱང་གཞིར་གནས་པས། སྤྱོད་བྱེད་རྒྱལ་བ་དྲུག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་འཁོར་ལོ་དྲུག་གི་རྟེན་འབྲེལ་དུ་ཤར་ཞིང་། དེང་ཐ་དད་པའི་ཡེ་ཤེས་ལྔ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་དྲུག་གི་སྦྱངས་འབྲས་མངོན་དུ་འགྱུར་ཕྱིར། དེ་ཉིད་རྣམ་པར་བཅུ་དྲུག་གི་རང་བཞིན་ཐིག་ལེ་བཅུ་དྲུག་དང་དགའ་བ་བཅུ་དྲུག་ཏུ་ཤར་བ་དེ་རྡོ་རྗེའི་ལུས་ལ་གནས་པའི་ཡུལ་ཉི་ཤུ་རྩ་བཞི་ལ་འཇུག་བའི་ཆ་དེ་སྲོག་རྩོལ་གྱི་ནུས་བས་མངོན་དུ་བཅིངས་པ་ལས། ཏིང་ངེ་འཛིན་གྱི་སྟོབས་ཀྱི་འཁོར་ལོ་གསུམ་ལས་གྱེས་པའི་རྩ་ཕྲན་འདུན་ཁྲི་ཉིས་སྟོང་རྣམས་སུ་རླུང་ཟིན་པས་དྲྭངས་མ་ཟིན། དྭངས་མ་ཟིན་པས་བདེ་བ་ཏེ་རིམ་གྱིས་འཁོར་ལོ་རྣམས་སུ་འཕེལ་ཞིང་གང་བས་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་གྱུར་བ་ནི་རྒྱུད་ལས། བྱེད་བཅིངས་ཉིད་མཚན་རྣལ་འབྱོར་སོ་ནམ་བྱས༔ རྩ་ནི་ཡུང་བ་འདྲ་སྟེ་བྱང་བར་དགོས༔ བྱང་སེམས་ཆུ་འདྲ་ཁྲིད་

(༤༢༦)སར་འོང་བ་དགོས༔ རླུང་ནི་ཁྲོ་ན་སྐྱོགས་འདྲ་སྟེ་སྐྱན་མེད་དགོས༔ དེ་ལྟར་རྩ་རླུང་འབྱོངས་ནས་རྗེས་ཆགས་སུ༔ འདོད་ཆགས་ཆེན་པོ་བདེ་ཆེན་ནམ་མཁའ་གང་༔ ཁུ་བ་ཐུབ་བབས་རྡོ་རྗེ་ནོར་བུར་བརྟེན༔ རྡུལ་ནི་གྱེན་སོང་གཙུག་ཏོར་འཁོར་ལོར་བརྟེན༔ དེ་ལྟར་ལོ་གསུམ་དག་ཏུ་འབད་པ་ན༔ ཁུ་བ་རྡོ་རྗེ་ནོར་བུ་ཡར་འཕེལ་བས༔ གསང་གནས་རྩ་འདབ་རྣམས་ནི་ཕྱེད་གང་ཞིང་༔ ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཅིག་འགགས་པས༔ དབང་བཅུ་ལ་སོགས་ཐོབ་པའི་སེམས་དཔར་འགྱུར༔ ས་ནི་དང་པོ་རབ་ཏུ་དགའ་བ་རྫོགས༔ ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཅུ་གཉིས་ཐོབ༔ ཐུར་དུ་རྡུལ་འཕེལ་གཙུག་ཏོར་དཔལ་བ་ཡི༔ རྩ་འདབ་ཕྱེད་གང་ཟླ་བ་ཧཾ་ཡིག་ཞུ༔ བདུད་རྩི་ཐིག་ལེའི་རྒྱུན་ཆར་ཕྱིར་ལ་བབ༔ དེ་བཞིན་ཁུ་བ་གསང་གནས་རྩ་འདབ་ཀྱི༔ ཕྱེད་པོ་ལྷག་མ་མ་ལུས་གང་བ་ཡི༔ ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་བས༔ ས་ནི་གཉིས་པ་དྲི་མ་མེད་པ་རྫོགས༔ ཡོན་ཏན་དེ་ཉིད་ནམ་མཁའ་གང་བ་ཐོབ། རྡུལ་གྱི་ས་དཔྲལ་བའི་རྩ་འདབ་ཕྱེད་འགྲོ་གང་།དེ་ནས་ཁུ་བ་ལྟེ་བར་ཡར་སླེབ་ཅིང་༔ རྡུལ་གྱིས་མགྲིན་པར་ཕྱིར་སླེབ་རྩ་འདབ་དང་༔ ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས། ས་ནི་གསུམ་པ་འོད་རབ་འགྱེད་པ་དང་། བཞི་པ་འོད་འཕྲོ་གཉིས་པོ་རྫོགས་པ་ཡིན༔ ཁུ་རྡུལ་གཉིས་ཀ་སྙིང་གར་སླེབས་ནས་ནི༔ སྙིང་གའི་རྩ་འདབ་ཐམས་ཅད་གང་བ་ཡིན༔ ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས། ས་ནི་ལྔ་པ་སྦྱང་བར་དཀའ་བ་དང་༔ དྲུག་པ་མངོན་དུ་གྱུར་པ་གཉིས་པོ་རྫོགས༔ ཁུ་བ་ཡར་སོང་མགྲིན་པའི་འཁོར་ལོར་སླེབ༔ རྡུལ་ནི་ལྟེ་བའི་འཁོར་ལོར་ཕྱིར་སླེབས་ནས། ལས་རླུང་དུས་སྦྱོར་གཉིས་པོ་རབ་འགགས་པས། ས་ནི་བདུན་པ་རུང་དུ་སོང་བ་དང་༔ བརྒྱད་པ་མི་གཡོ་བ་གཉིས་རྫོགས་པ་ཡིན༔ ཁུ་བ་ཡར་སོང་དཔྲལ་བའི་འཁོར་ལོར་སླེབ། རྡུལ་ནི་གསང་བའི་འཁོར་ལོར་ཕྱིར་སླེབས་ནས༔ ལས་རླུང་དུས་སྦྱོར་གཉིས་པོ་རབ་རྫོགས་པས༔ ས་ནི་དགུ་པ་ལེགས་

(༤༢༧)པའི་གློ་གྲོས་དང་༔ བཅུ་པ་ཆོས་ཀྱི་སྤྲིན་གཉིས་རྫོགས་པ་ཡིན། དེ་ནས་ཁུ་བ་གཙུག་ཏོར་ཡར་སླེབ་ཅིང་༔ རྡུལ་གྱི་རྡོ་རྗེ་ནོར་བུ་ཕྱིར་སླེབས་ནས༔ ལས་རླུང་དུས་སྦྱོར་གཉིས་པོ་རབ་འགགས་བས། ས་ནི་བཅུ་གཅིག་ཀུན་ཏུ་འོད་དང་ནི༔ བཅུ་གསུམ་རྡོ་རྗེ་འཛིན་བ་རྫོགས་པ་ཡིན༔ ཞེས་མ་རིག་པའི་རྩ་བ་འཛག་བདེའི་ངོ་བོ་རྣམ་ཤེས་བཞོན་པ་ལས་རླུང་འབྲས་བུ་འཁོར་བ་བཞིས་བསྐྱེད་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་ནས། ནོར་བུ་རིན་པོ་ཆེའི་གཙུག་ཏོར་ཅན་ས་བཅུ་གསུམ་པ་རྫོགས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོར་འགྱུར་བ་ཡིན་ནོ། །ཞེས་སྤྲོ་བ་བསྐྱེད་ལ་མཐར། ལྷ་མོ་རྡོ་རྗེའི་ལམ་དུ་ཞུགས༔ སྙིང་ག་བརྒྱུད་དེ་སྤྱི་བོར་ཐིམ། མས་བརྟེན་དགའ་བཞིའི་མཐར་བསྐྱལ་ལོ༔ ཤེར་དབང་ཐོབ་ནས་ཡིད་སྒྲིབ་དག༔ དབང་གི་ལས་འགྲུབ་ཚོགས་ཆེན་ནོན༔ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔ དངོས་སམ་ཡིད་ཀྱིས་བརྟེན་བྱང་༔ སྣ་ཚོགས་གཟུགས་ཅན་ཡིད་ལ་སྒོམ༔ དེ་ལྟར་མེ་ལོང་སིནྡྷར་ལ་བརྟེན་པའམ། རིག་མ་ལས་རྙེད་པའི་ཤེར་དབང་གིས༔ ཁྱད་པར་གྱི་དགའ་བ་དང་༔ ལྷན་སྐྱེས་ཡེ་ཤེས་ཀྱིས༔ རགས་པ་ཚོགས་བདུན་གྱི་བག་ཆགས་དང་༔ ཕྲ་བ་ཡིད་ཀྱི་དྲི་མ་སྦྱངས༔ དེ་ཉིད་རྣམ་པ་བཅུ་དྲུག་ལ་བརྟེན་ནས་དོན་གྱི་འོད་གསལ་ལ་གོམས་པས་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་གྱིས་སོ༔ ཞེས་རྟོག་པའི་བསྐྱེད། སྐབས་འདིར་དབང་རྣམས་གཉིས་པོ་འདི་ཚངས་སྤྱོད་རྟེན་ལྡན་ལ་སྒྲ་ཇི་བཞིན་པར་མི་རུང་བར་བཤད་ནས་འགོག་པ་དང་ཡེ་ཤེས་ཀྱི་ལམ་ནས་ངེས་པར་དྲངས་ཏེ་འགལ་བ་མེད་པར་སྒྲུབ་པ་སོགས་ཇི་སྙེད་ཅིག་འཆད་སྣང་སྟེ། གཉིས་པ་དགོངས་གཞི་དང་དགོས་པར་ཅན་ཁྱད་པར་ཅན་འབྲེལ་བས་འདིར་དབུ་མར་བཞག་ནས་གླང་བྱའི་ང་བོ་ནི། དོན་ལ་རྣམ་གྲོལ་དོན་གཉེར་གྱི་བསམ་བས་ལམ་འདི་ལ་ཞུགས་ཕྱིན་ཆད་རྟེན་ཁྱིམ་པ་ཡིན་ཡང་ཐབས་ཀྱིས་མ་ཟིན་པའི་ཉོན་མོངས་པ་རང་གར་སྤྱད་པས་གྲོལ་བ་མི་འགྲུབ་པའི་སྟེང་དུ། ལོག་མི་སྡོམ་པ་གོང་མར་འདུབ་མ་ཟད་དབང་གི་སྔོན་འགྲོར་དོན་གྱི་སྡོམ་པ་སུམ་ལྡན་གུ་བསྒྲུབས་པས་དེ་དག་གི་རང་བཞིན་ལོ་ཉམས་སུ་འགྱུར་ལ། གལ་ཏེ་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་མཐའ་གྲོལ་ན་ཉམ་པ་ཉིད་དུ་ཤེས་པའི་ལྟབས་ཐག་ཆོད་ལ།

(༤༢༨)འདུ་ཤེས་སུམ་ལྡན་གྱི་སྒོམ་པའི་ཡིན་ཚུལ་གནང་ཐོག་ཏུ་ཕེབས་ཤིང་། ཐབས་མཆོག་རྨད་དུ་བྱུང་བའི་སྤྱོད་པ་ལམ་དུ་སངས་བདག་ལ་ནི་ཕྱི་རོལ་རྟགས་ཀྱི་རྟེན་ཙམ་ལ་ལྟོས་ནས་ཐབས་ལམ་གྱི་སྣོད་དུ་མི་རུང་བའི་ཤེས་བྱེད་ག་རྡག་ཏུ་མེད་དེ། ཅིའི་ཕྱི་ན་ཉན་ཐོས་ཐེག་པ་ནས་གསང་བ་བླ་ན་མེད་པའི་བར་གྱི་ཆོས་ཐམས་ཅད་ཉོན་མོངས་བའི་རྩ་བ་དྲུངས་ནས་འབྱིན་པའི་ཐབས་ལས་དོན་གཞན་འགའ་ཡང་མེད་པའི་ཕྱིར་རོ། །དེས་ན་འོག་མ་ནས་འགགས་བ་ལྟར་སྣང་བ་གོང་མ་ནས་ལམ་དུ་སྟོང་པས་ཐབས་ཀྱི་མཐར་ཕྱིན་བའི་ཚངས་སྤྱོད་ཀྱི་རྒྱལ་པོ་ཡིན་ཏེ། སྒྱུ་ཕྲུལ་རྩ་རྒྱུད་ལས། མ་ཆགས་བ་ལ་ཆགས་པ་དང་། །ཆགས་བ་ཉིད་ལ་ཆགས་པ་མེད། །དེ་ན་ཚངས་སྤྱོད་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཚུལ་དེས་སྡོམ་པ་གསུམ་གྱི་ངོ་བོ་ཆུང་མ་མེད་བ་ཙམ་ལ་རྫོགས་པར་ཡང་མི་འཛིན་ལ་ལྟ་བ་ལ་ཟླས་པའི་གྲུབ་ཐོབ་ཀྱི་ངེས་སུ་དལ་མོ་བྱེད་བའི་རྩད་མོ་རང་མི་བྱ་བ་དངོས་ཀྱིས་མཚམས་ཤེས་པ་ཞིག་གཅེས་སོ། དབང་བཞི་པ་ནི། ཤེར་དབང་གི་གཏང་རག་དང་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་ཞེས་མཚམས་སྦྱར་ནས་མཎྚལ་འབུལ་དུ་འཇུག་ །གསོལ་གདབ་ནི། ཧཱུྃ༔ བདེ་གཤེགས་བླ་མ་ངོ་བོ་ཉིད༔ བཞི་པའི་དབང་མཆོག་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ་པ་ལ་འདི་སྐད་དུ་གསང་རྫོགས་ཀྱི་རྒྱུད་ལས། དེ་ནས་རིག་པའི་དབང་བསྐུར་ནི༔ ལག་ཏུ་རྡོ་རྗེ་དྲིལ་བུ་གཏད༔ མེ་ལོང་ཤེལ་བཅས་བརྡ་རུ་ཕྱར༔ ཆོག་གིས་མཚོན་པའི་དོན་ངོ་སྤྲད་ནི། ཅེས་པས་དེ་བཞིན་དུ་བགྱིས་ཏེ་ངོ་སྤྲས་པ་ནི༔ འོ་རིགས་ཀྱི་བུ་དབང་བཞི་པའི་ངོ་བོ་ནི་རང་གི་སེམས་ཉིད་ངོས་བཟུང་དང་བྲལ་བ་ཉིད་ཐབས་ལ་བརྟེན་པའི་ཤེས་རབ་ཀྱིས་ངོ་སྤྲད་ནས་བསྐུར་བ་སྟེ། དེའང་འདིར་བསྐུར་མ་ཐག་པའི་དབང་གསུམ་པའི་ཡེ་ཤེས་དགའ་བྲལ་ལྷན་ཅིག་སྐྱེས་པའི་དཔེས་ཆོས་ཀྱི་དབྱིངས་སྤང་བླང་ལས་འདས་པའི་བརྡལ་བ་ཆེན་པོའི་ཡེ་ཤེས་ཀྱི་ཉམས་མྱོང་དྲན་པར་ཏེ། བརྡའི་ངོ་སྤྲོད་སྟོང་ལ་གོ་འབྱེ་དང་ནམ་མཁའི་དབྱིངས་མཐའ་དབུས་མེད་པ་དང་། དེའི་རང་བཞིན་གང་དུའང་མི་འགྱུར་བས་རྡོ་རྗེ་ནང་གསལ་ཐིམ་ལམ་རྨུགས་པས་སེམས་དཔའ། ཡེ་ཤེས་གསལ་འགྲིབ་མེད་པའི་མེ་ལོང་སྟེ། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་ངམ་མན་

(༤༢༩)ཤེལ་ཟུར་བརྒྱད་པ། འཁོར་འདས་ཐམས་ཅད་ཀྱི་གཟུགས་བརྙན་འཆར་གཞིར་གྱུར་པ་ལ་རྟོག་པས་མགོས་བ་མེ་ལོང་། སྣང་བ་དང་སྟོང་པ་གཉིས་མེད་ཟུང་དུ་འཇུག་པའི་རྡོར་དྲིལ་རྣམས་ཀྱིས་མཚོན་པ་བརྡའི་ང་སྤྲོད་དུ་ཤེས་པའི་དང་ལ་དུས་གསུམ་གྱི་རྟོག་པ་གང་ལའང་མ་ཆགས་མ་ཞེན་པར་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་བའི་ངང་ནས་མིག་པར་སྣང་ལ་རྟེན་མེད་དུ་ཞོག་ལ་རང་བྱུང་ལྷན་ཅིག་སྐྱེས་བའི་ཡེ་ཤེས་ལ་ལྟོས་ཤིག་ །གསུམ་པའི་ཉམས་མྱོང་དྲན་བྱས་ཏེ༔ མཁའ་དབྱིངས་རྡོ་རྗོ་མེ་ལོང་དང་༔ རྡོ་རྗེ་དྲིལ་བུ་དྲན་པར་གྱིས༔ ཧཱུྃ༔ བདེ་ལ་སེམས་བཟུང་སྟོང་ཉིད་དང་༔ སྲིད་པ་ངོ་བོ་ཉིད་དག་པ༔ སྣང་སྟོང་ཟུང་འཇུག་མཐའ་ལས་འདས༔ རང་བཞིན་དག་པའི་དོན་བསྒོམ་བྱ༔ ཞེས་ངོ་སྤྲད་ལ་བྱིན་རླབས་འཕོ་བའི་སླད་དུ་ཤེལ་རྡོ་དང་བླ་མའི་སྐུ་འབག་སྤྱོ་བོར་བཞག་ རྡོ་རྗེ་ཞེས་པ་རྡོ་རྗེ་སེམས་དཔའི་མེ་ལོང་སྟེ་རང་བྱུང་གི་ཤེལ་རྡོ་ཟུར་བརྒྱད་པའོ། ཨ་ཏི་ཧོ་བྷེརྻ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷིཕ་ལ་ཧཱུྃ་ཨཱཀཱ་ཡ་ལྦཱཀྐ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཧཱུྃ་ཧྲཱི ཞེས་བརྗོད། སྨིན་སློབ་ཀྱི་ཚོད་ལྟར་བདེ་བས་ཐོབ་བྱས་པའི་གསུམ་པའི་ཉམས་མྱོང་དེའི་གནས་ལུགས་ཀྱི་ངོ་བོ་ཇི་ལྟར་བཟང་ཡང་རིག་སེམས་ཤན་མ་ཕྱེད་པའི་འདྲ་ཆས་མྱོང་ཞེན་དང་ཤེས་བྱའི་སྒྲིབ་བས་རང་བཞིན་རྣམ་དག་པའི་དོན་ལ་བསྒྲིགས་པ་ཞིག་འཆར་ཉེན། དེའི་གཉན་པོར་སློབ་མ་རྣམས་རྟོག་མེད་དུ་གནས་པའི་དང་དེ་ཁར་ཕཊ་དྲག་པོ་ཞིག་བརྗོད་པས། སྔོན་གྱི་གནས་ལུགས་ཐོམ་མེ། འདིར་དབང་གསུམ་པའི་ལྷན་སྐྱེས་དེས་ནི་རྒྱལ་བའི་ཡེ་ཤེས་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པའི་མཐིལ་ལངས་པར་མི་བཞེན་པར་གསུམ་པའི་འདྲ་ཆོས་དཔེ་དོན་དང་བཅས་པས་བརྡ་སྤྲད་དེ་བཞི་བའི་ཡེ་ཤེས་དག་བྱ་མཐའ་དག་ལས་གྲོལ་བའི་མི་སློབ་བའི་ཟུང་འཇུག་གི་ངོ་བོར་འབྱུང་ཚུལ་འདི་ནི་རྒྱུད་སྡེ་ཆེན་པོའི་གཞུང་ལུགས་རྟོགས་པར་དཀའ་བའི་གནས་ཡིན་ནོ། བུན་ནེ་ཡོར་ར་བའི་ཉམས་བརྗོད་མི་ཤེས་པ་དེ་རང་སར་ཞིག་ །དྲན་འཛིན་གྱི་གཉེན་པ་ཁུངས་སྟོར། བྱུང་ཚོར་གྱི་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་རྒྱ་ཡན་སྤྲོས་བྲལ་གྱི་རིག་པ་བསམ་དུ་མེད་པའི་གུ་

(༤༣༠)ཡངས་ཆེན་པོ་ཞིག་མི་འཆར་བའི་དབང་མེད་པ་དེ་ཉིད་སེམས་ལས་འདས་པའི་རིག་པ་ཡིན་པར་རང་ངོ་སྤྲོད་པར་བྱ་བ་ནི་ལྟ་བ་སྤྱི་འབྱམས་ཀྱི་དབང་ཡང་ཡིན་ལ། དེ་ཅིའི་ཕྱིར་སྙམ་ན་སེམས་རྟོག་མེད་དང་རིག་པ་རྟོག་མེད་གཉིས་མི་རྟོག་བ་ཙམ་དུ་འདྲ་བར་སྣང་ཡང་། རིག་པ་ཟང་ཐལ་སྤྲོས་པ་དང་བྲལ་བར་འཆར་ལ། སེམས་ལྷན་ནེར་གནས་ཤིང་འཁྱིལ་བའི་ཁྱད་ཡོད་དོ། །དེ་བཞིན་དུ་རིག་པ་གཏིང་གསལ་ཡུལ་ལམ་ཤར་བ་དང་། སེམས་རང་གནས་ལྷན་ནེར་གནས་པ་གཉིས་འདྲ་བར་སྣང་ཡང། རིག་པ་ལ་བྱིང་རྒོད་ཀྱིས་མི་བརྫི་བར་ཤིན་རུ་དྭངས་ལ་ཡུལ་མེད། སེམས་ཡུལ་ཅན་འཛིན་བས་བཅིངས་པའི་ཁྱད་ཡོད་པས་ཕྱི་མཐའི་རྫོགས་ཆེན་པ་རྣམས་ཀྱིས་གནང་འདི་ཤེས་དགོས་པ་ཡོད་དོ། །དེ་ནས་རྟོག་པ་བསྐྱེད་པ་ནི། བཞི་པའི་དབང་ཐོབ་པའ་རླབས་དང་༔ དྲག་པོར་ལས་འགྲུབ་བླ་མའི་ས༔ ནོན་ཞིང་སྒོ་གསུམ་དམ་ཚིག་འཛིན༔ ངོ་བོ་ཉིད་སྐུ་ཧེ་རུ་ཀ༔ མ་བཅོས་རྫོགས་པ་ཆེན་པོར་འགྲུབ༔ དེ་ལྟར་བརྡའི་དབང་བཞི་བསྐུར་བས། ལམ་ཟུང་འཇུག་ལ་བརྟེན་ནས་ཤིན་ཏུ་ཕྲ་བའི་ལུས་ངག་ཡིད་གསུམ་སྐྱེད་བྱེད་ཀྱི་རྩ་ཐིག་རླུང་ཕྲ་བ་དྲི་བཅས་སྦྱངས། ཀུན་གཞི་ཤེས་བྱའི་དྲི་མ་དང་བཅས་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་། བདག་ལུས་རྡུལ་དང་བྲལ་བའི་དངས་མ་སུམ་ལྡན་གཅིག་ཏུ་འདྲེས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱས་པའོའ། ཞེས་བརྗོད། ལྔ་པ་དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པའི་མཐའ་བརྟེན་དྲག་པོ་སྒྲོལ་དབང་ནི་གཞུང་ལས། མཐའ་བརྟེན་ལྕགས་ཀྱི་ཕུར་པ་ལ༔ བརྟེན་ནས་དྲག་སྔགས་སོ་ལྔ་བཟླས༔ ཞེས་པ་ཙམ་ལས་གང་སྟེ་གསལ་བར་མ་བྱུང་། གསང་རྫོགས་རྩ་རྒྱུད་ལས། དེ་རྗེས་སྣང་སྲིད་དྲེགས་པ་ཡིས༔ སྲོག་དབང་མཐུ་རྩལ་དབང་བསྐུར༔ སློབ་བུ་མཐུ་སྟོབས་བདག་པོར་བསྐྱེད༔ སྒྲུབ་ཕུར་བསྡུས་ལ་ལག་ཏུ་གཏད། ཅེས་བ་ལྟར་ན་དྲེགས་པའི་སྲོག་དབང་ངམ་། སྒྲོལ་དབང་གནག་ཡིན་ཐེ་ཚོམ་

(༤༣༡)གྱི་གཞིར་སྣང་ཡང་། ཆོས་རྗེ་ཀུན་བཟང་བའི་ཟིན་ཐོར་བསྒྲལ་དབང་ལྟར་བཤད་པ་རྗེ་བླ་མ་གཏེར་ཆེན་འགྲོ་འདུལ་གླིང་བའི་དངོས་སློབ་ཏུ་འདུག་པས་རང་སོར་བཞག་སྟེ་ཕྱི་མ་ལྟར་བྱ་བ་ལ། ཉ་བོར་རཀྟ་བྲན། དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བསྔགས་པའི་ཐུན་མོང་མ་ཡིན་པའི་ཚད་མེད་བཞིའི་བརྟུལ་ཞུགས་བསྐྱེད་དེ། ཨེ་ལས་གནམ་ལྕགས་འབར་བའི་ཁང་སྒྲོམ་ནང་༔ ཞེས་སོགས་ཀྱིས་བཙོན་དམིགས་བསྐྱེད། ན་མོར་རྩ་བརྒྱུད་བླ་མ་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ སོགས་ཀྱི་འགུགས་འདྲེན་དྲག་པོ་ལན་གསུམ་གྱི་མཐར། ལས་ཕུར་ཐོགས་ཏེ། ཧཱུྃ༔ བདེ་གཤེགས་ཡོངས་རྫོགས་འདུས་པའི་སྐུ༔ ཕུར་བ་སྒྲིལ་ཞིང་འདེབས་པར་བྱེད༔ ཡུལ་གསུམ་གསལ་བ་དང་བཅས་པས༔ དགྲ་གསུམ་སྐུ་གསུམ་ཀློང་དུ་སོང༔ བདུད་བཞི་སྐྱེ་མེད་དང་དུ་བསྒྲལ༔ ཕྲང་གསུམ་དཔལ་ཆེན་རང་དོར་བསྐུར༔ དེ་ལྟར་རང་གི་དབང་བསྐུར་བའི༔ བླ་མ་དཔལ་ཆེན་ཡོངས་རྫོགས་ལྷ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་སརྦ་བི་ག་ནན་བཾ་ཧཱུྃ་ཕཊ༔ ཅེས་དང་དྲག་སྔགས་སོ་ལྔ་པ་བཟླ་བཞིན་པར་ཕུར་བུ་སྐེད་ལ་བསྐོར་ཞིང་སྒྲིལ་སྟབས་དང་བཅས་སློབ་མ་ལ་གཏད་ཅིང་སྤྲོན་ཚེ་ལུང་ཁྲུས་གསུམ་གྱི་དྲག་སྦྱོར་བཤད། རིགས་ཀྱི་བུ་མཉམ་གཞག་ཆོས་སྐུའི་དང་དུ་རྟོགས་བས་བདག་སྔོན་དུ་བསྒྲལ་ནས། རྗེས་ཐོབ་སྙིང་རྗེའི་རྩལ་གྱི་ཐུགས་རྗེས་གཞན་སྒྲོལ་བ་རྡོ་རྗེ་ཐེག་པའི་སྒྲོལ་བའི་དགོངས་པ་ཡིན་ལ། དེའང་མི་འབྱམ་པའི་ཕྱིར་དུ་ཕྱི་ཡུལ་སྣང་བ་རཱུ་ཏྲ་ར་གསལ་བ། མི་རྡུགས་པའི་ཕྱིར་དུ་ནང་ཡུལ་ཐུར་པ་བདེ་གཤེགས་འདུས་པའི་ངོ་བོར་གསལ་བ། མི་ལྡོག་པའི་ཕྱིར་དུ་གསང་ཡུལ་རྣམ་རྟོག་ལྷའི་ཕྱག་རྒྱར་གསལ་བ་སྟེ་ཐུན་མོང་མ་ཡིན་པའི་ཡུལ་གསུམ་གསལ་བའི་དང་ལས། ཕྱི་དགྲ་ཟུང་འཛིན་གྱི་དགྲ་བོ་ཚད་མེད་སྙིང་རྗེའི་ཕུར་པས་སྤྲུལ་སྐུའི་དབྱིངས་སུ་གསང་། ནང་དགྲ་དུ་གསུམ་གྱི་ངོ་བོ་བྱང་ཆུབ་སེམས་ཀྱི་ཕུར་པས་ལོངས་སྐུའི་དབྱིངས་སུ་གསང་། གསང་དགྲ་བདག་འཛིན་གྱི་མ་རྟོག་རིག་པ་ཡེ་ཤེས་ཀྱི་ཕུར་པས་ཆོས་

(༤༣༢)སྐུའི་དབྱིངས་སུ་གསང་། དེའི་ཚེ་ཕུང་པོ་དུར་ཁོད་དུ་བསྒྲལ་བའི་ལྔ་ཕུང་དབྱིངས་སུ་ཞིག་སྟེ་རེག་བྱ་ཕུང་པོའི་བདུད་ཆོམས། ཡུམ་གྱི་མཁའ་ལ་བསྒྲལ་བས་ཆགས་རྟོག་ཡེ་ཤེས་སུ་དག་སྟེ་ཉོན་མོངས་པའི་བདུད་ཆོམས། རྡོར་སེམས་མཚན་རྫོགས་གྱིས་ལ་བསྒྲལ་བས་སྣང་ཆ་ཁ་སྐུར་གྲོལ་ཏེ་ལྷའི་བུའི་བདུད་ཆོམས༑ རྣམ་ཤེས་འོད་མིན་དུ་བསྒྲལ་བས་སྐྱེ་ཤིའི་ཁུངས་སྟོར་ཏེ་འཆི་བདག་གི་བདུད་ཆོམས། ལྟ་བ་ལ་ཕྱོགས་རིས་མེད་པས་ཐེ་ཚོམ་གྱི་བསྲང་པས་གྲལ་བ། སྒོམ་པ་ལ་བསལ་གཞག་མེད་པས་བྱིངས་རྒོད་ཀྱི་གྲང་ལས་གྲོལ་བ། སྤྱོད་པ་ལ་གཟའ་གཏད་མེད་པས་ཚུལ་བཅོས་ཀྱི་ཕྲང་ལས་གྲོལ་བ་སྟེ། ཡུམ་གསུམ་གསལ་བ། དགྲ་གསུམ་གསང་བ། བདུད་བཞི་སྒྲིལ་བ། འཕྲང་གསུམ་བསལ་བ་དེ་ལྟ་བུའི་གཤིས་ལུགས་མངོན་དུ་གྱུར་བ་དེ་བསྒྲལ་དབང་གི་ངོ་བོ་ཡིན་བས་ཤེས་པར་བྱོས་ཤིག་ །ཅེས་རྟོག་པ་བསྐྱེད་ལ་ཉ་བོ་ལ་ཕུར་བ་བརྡེག་ཏུ་བཅུག་པའི་མཐར། སློབ་དཔོན་གྱི་ཕུར་བའི་ལས་སྐྱོར་དང་བཅས་ཚེ་ཁྲུས་གནས་གསུམ་གྱི་དགོངས་པས་ཚར་བཅད་ནས་སློབ་བུས་ལིང་རོ་དཀྱིལ་འཁོར་ལ་བསྟབ་ཅིང་། ཧཱུྃ༔ དགྲ་བགེགས་གདུག་པ་བསྒྲལ་བའི་ཤ་ཁྲག་རུས༔ སོགས་བརྗོད། དེ་ལྟ་བུའི་བསྒྲལ་དབང་ལ་ཁྱད་པར་གྱི་ལག་ལེན་དང་མན་ངག་གི་དག་སྦྱོར་ཚུལ་བཞིན་དུ་སྦྱོར་ཤེས་བ་སྔ་ཆད་མ་བྱུང་བས་དྲི་མེད་དགོངས་པའི་རྩལ་གྱིས་ཤིན་ཏུ་གསབ་བར་བགྱིས་པ་ཡིན་ལ། དེ་དག་གི་བརྗེད་དོན་ཇི་བཞིན་མ་ལྷོངས་ན་མཁྱེན་བརྩེའི་མེ་ལོང་གི་ཚོགས་ཐ་མའི་གདབ་ལས་ཀོར་ལ་དཔྱད་བར་བྱ་བ་ཁོ་ནའོ། །དྲུག་པ་རྡོ་རྗེ་རྒྱལ་བོ་བཀའ་རབ་འབྱམས་ཀྱི་དབང་ནི། གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། དེ་རྗེས་སློབ་བུ་ཁྲིལ་གཞག་ །རབ་འབྱམས་བཀའ་ཡི་དབང་བསྐུར་ཏེ། རྡོ་རྗེ་སློབ་དཔོན་ནུས་བའི་དབང་། །སློབ་དཔོན་བཀའ་རྟགས་རྫས་གཏད་ཅིང། །ངག་གི་རྗེས་ནང་ལེགས་བར་སྦྱིན། །ཞེས་པ་ལྟར་ལས། བསྐུར་བའི་ཡུལ་རྒྱལ་ཚབ་ཏུ་འོས་པའི་སློབ་མ་ལ་རྒྱལ་སར་དབང་བསྐུར་

(༤༣༣)པ་ལྟ་བུའི་མངའ་དབང་བསྐུར་བ་ཡིན་ལ། དེའི་ཕྱིར་གཙོ་བོའི་མདུན་གྱི་དཀྱིལ་འཁོར་གྱི་ཐད་དྲང་བོར་སེང་གེའི་ཁྲིལ་སློབ་མ་གནས་བའི་སྟེང་ནས་གདུགས་ཕུབ། རྐང་འོག་ཏུ་འཁོར་ལོ་དགོད། དུང་དཀར་དང། ཕྱག་ཤིང། པོ་ཏི་ལ་སོགས་ཏེ་བརྡའི་རྟེན་འབྲེལ་གྱི་རྫས་ཀྱང་འདུ་བྱ་ཞིང་། ཚོགས་ཀྱི་འཁོར་ལོ་ལ་སོགས་ཞལ་བ་སྲོའི་ཚུལ་གྱི་མཆོད་བས་མཐའ་བསྐོར། དེ་ནས་སློབ་བུས་གསོལ་བ་གདབ་པ་ནི། ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་དགོངས་མཛོད་དང་། བླ་མེད་གསང་སྔགས་བཀའ་གསང་ཟབ་མོའི་ཆོས༔ དབང་དང་ཆོས་བཀའ་གང་ཐོབ་བགྱིས་པ་རྣམས༔ སྤྲོས་མེད་དོན་གྱི་སྙིང་ཐོབ་བྱའི་ཕྱིར༔ སྲོག་གི་ཕྱིར་ཡང་མི་གཏང་བསྒྲུབ་བར་བྱ༔ བདག་ཅག་མཆེད་ལྕམ་མ་ལུས་ཐམས་ཅད་ལ༔ རྡོ་རྗེ་སློབ་དཔོན་བྱིན་གྱིས་བརླབ་ཏུ་གསོལ༔ སྙིགས་མ་ལྔ་བདོའི་དུས་ཀྱི་བསྟན་པའི་མཐར༔ རྒྱལ་བ་རྣམས་ཀྱི་མཛད་པ་བདག་གིས་བསྒྲུབ༔ དམ་ཚིག་གཅིག་ཏུ་འབྲལ་བའི་ཕྲེང་བ་ལ༔ མཆེད་ལྕམ་ཐུང་དུ་འདུས་བའི་ལུ་གུ་རྒྱུད༔ བླ་མེད་སངས་རྒྱས་མ་ཐོབ་དེ་ཡི་བར༔ ལུས་དང་སྲོག་གི་ཕྱིར་ཡང་མི་གཏང་ངོ༔ ཞེས་གསོལ་བ་བཏབ་སྟེ་གནས་བ་ལ་དམ་ཚིག་གསུམ་སྦྱིན་བར་བྱ་སྟེ། གང་ཞེ་ན། གཙོ་བོ་ཡབ་ཡུམ་གྱི་ངོ་བོ་ཅན་གྱི་རྡོར་དྲིལ་སློབ་མའི་ལག་ཏུ་སྦྱིན་ཏེ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་གསོར་བ་དང་། དྲིལ་བུ་གསུང་གི་དམ་ཚིག་འཁྲོལ་བ་དང་། གཉིས་ཀ་ཐབས་ཤེས་ཀྱི་ཚུལ་དུ་བསྣོལ་ནས་འཁྱུད་རྒྱ་བྱེད་དུ་འཇུག་པ་ཕྱག་རྒྱ་སྐུའི་དམ་ཚིག་གི་ཚུལ་དུ་ངོ་སྤྲད། དེ་ནས་སློབ་དཔོན་གྱིས། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བྱིན་བའི་ཕྱིར་དུ་དམ་ཚིག་གསུམ་བྱིན་ཏེ་རྡོར་དྲིལ་ཐུགས་ཀར་བསྣོལ་ནས་འཁྱུད་ནས་རྒྱ་བྱས་པའི་ཚེ་རང་ཉིད་ཀུན་ཏུ་བཟང་པོ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ངོ་བོར་མོས་པ་ལ། པང་དུ་ཡེ་ཤེས་ཀྱི་རིག་མ་མཚོ་རྒྱལ་བཅུ་དྲུག་ལོན་པའི་ན་ཚོད་ཅན་གྱིས་འཁྱུད་དེ་བདེ་བ་ཆེན་པོའི་དང་དུ་

(༤༣༤)སྙོམས་བར་ཞུགས་པ་ལས་བྱུང་བའི་འཛག་མེད་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ཞིང་། ཐབས་ལ་བརྟེན་ནས་རྒྱུ་དུས་ཀྱི་ཡན་ལག་བདུན་ལ་གོམས་པས། འབྲས་བུའི་དུས་སུ་སྐུ་གསུམ་ཡན་ལག་བདུན་ལྡན་ཁ་སྦྱོར་ལོངས་སྤྱོད་རྫོགས་བའི་གོ་འཕང་མངོན་དུ་སྣང་བའི་རྟེན་འབྲེལ་ཟབ་མོ་སྒྲིག་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ། དགྱེས་རྡོར་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་བཤད་བ་ཡིན་ལ་དེ་ལྟ་བུའི་དབང་བསྐུར་བའི་བྱེད་ལས་སུ་གནས་སྐབས་སུ་གཞན་དོན་བསྒྲུབ་བར་རྗེས་སུ་གནང་བའི་རྟེན་འབྲེལ་ཟབ་མོའི་སྒོ་འབྱེད་ཕྱིར། རྐང་འོག་ཏུ་གསེར་གྱི་འཁོར་ལོ་དགོད་པས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་ཞིག་སྔོན་གྱི་བསྡོན་ནམས་མཐུས་ནམ་མཁའི་དབྱིངས་ལས་བྱུང་བའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་བ་དེའི་རྟེན་འབྲེལ་དང་ནུས་པའི་བདེན་བས་གླིང་བཞིའི་སྐྱེ་འགྲོ་ཐམས་ཅད་ལ་དབང་བསྒྱུར་ཞིང་ཆབ་འབངས་སུ་བསྡུ་བ་ལྟར། སྐལ་ལྡན་གྱི་གདུལ་བྱ་རྣམས་སློབ་མར་བསྡུས་ལ་ཟབ་མོའི་མན་ངག་འདིའི་སྒོ་ནས་འགྲོ་དོན་རྒྱ་ཆེན་པོ་གྱིས་ཤིག་ །དེ་ལྟར་ཆོས་བསྟད་བ་དེ་ཡང་ནམ་མཁའི་དབྱིངས་ལས་དུད་བུས་བ་ལྟར་གྲགས་སྟོང་སྐྱེ་བ་མེད་པའི་སྒྲར་གྲགས་ཏེ་གཞན་གྱི་རྣམ་རིག་ལས་བྱུང་བ་དེ་བཞིན་གཤེགས་པའི་གསུང་ལྟར་གཅིག་ལས་དུ་མར་འཆར་བའི་རྟེན་འབྲེལ་དུ་ཤེས་པར་གྱིས་ཤིག །ཆོས་ཀྱི་རྔ་བོ་ཆེ་གནིྜ་བརྡུངས་པ་བཞིན་དུ་མི་གནས་མྱ་ངན་ལས་འདས་པའི་གོ་འཕང་ལ་སྦྱོར་བ་གྱིས་ཤིག་ །ཅེས་པོ་ཏི་དང་། དུང་དཀར། ཕྱག་ཤིང་སྟེ་གཞི་རྣམས་ལག་ཏུ་གཏད། དེ་ནས་དབང་རྫས་རྣམས་ཕྱོགས་གཅིག་ཏུ་བྱས་བའི་དབུས་སུ་ལམ་རྒྱས་པའི་གཏོར་མ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ངོ་བོར་བཀོད་པ་ལ་གུ་རུ་བདེ་བ་ཆེན་པོ་ཡབ་ཡུམ་གྱི་ཙཀླི་བཙུགས་པ་རྣམས་སློབ་མའི་སྦྱི་བོར་བཞག་ལ་སྣང་བ་འགྱུར་བའི་དབྱངས་དང་བཅས། ཧཱུྃ༔ མཉམ་

(༤༣༥)མེད་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ལྷ་ལྕམ་ཡུམ་དང་གཉིས་མེད་བདེ་ཆེན་རོལ༔ རིག་འཛིན་བརྒྱད་དང་སྒྲུབ་སྡེ་མཚན་བརྒྱད་དང་༔ སྤྲུལ་དང་ཡང་སྤྲུལ་རིག་འཛིན་དུ་མར་བཅས༔ དཔའ་བོ་མཁའ་འགྲོ་སྒོ་སྐྱོང་ལྷ་མོའི་ཚོགས༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ཆེན་པོ་ཡི༔ མོས་པའི་བུ་ལ་རབ་འབྱམས་བཀའ་ཡི་དབང་། དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པའི་ཕྱིར༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་༔ རྫས་ཀྱི་དབང་མཆོག་དམ་པ་འདི་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག་ ཨོཾ་ཨཱཧཱུྃ་ཧྲཱིཀཱ་ཡ་ལྦཱཀྐ་ཙིཏྟ་ཛྙཱ་བ་ལིངྟ་ཨ་བྷི་ཥྀཉྩ་ཧཱུྃ༔ ཞེས་བུམ་ཆུ་ལ་སྒོས་སྒྲུབ་རྫས་རྣམས་མྱོང་ཞིང་བུམ་ཆུའི་ལྷག་མ་སྤྱོ་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་བར་བསམ་ལ། ཛཧཱུྃ་བཾ་ཧོས་དབང་ལྷ་རྣམས༔ ཡི་གེ་གསུམ་གྱི་རྣམ་པར་བསྟིམ༔ ཞེས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཐིམ་པར་བསམ་ཞིང་། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་བས་བརྟན་པར་བྱས། སློབ་མ་རྡོ་རྗེ་སློབདཔོན་གྱི་གོ་འཕང་མཆོག་ཏུ་མངའ་གསོལ་བ་ལ་ཞལ་བསྲོའི་ཚུ་དུ་མེ་ཏོག་ལ་སོགས་པས་རྒྱ་ཆེར་མཆོད་དོ། །གསུམ་པ་དམ་ཚིག་བསྒྲག་པ་ནི། འོ་དེས་རྩ་གསུམ་མཐོང་བ་རང་གྲོལ་གྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་མཐའ་བརྟེན་དང་བཅས་པའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ལ། དེ་ལྟར་ནོད་པའི་ཡོན་ཏན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་ཅིང་། གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་དབང་ལས་བྱུང་བ་ནི་རྒྱུད་ལས། དེ་ལྟར་དབང་རྣམས་ཡོངས་རྫོགས་པར། །བསྐུར་བའི་ཡོན་ཏན་་བསམ་མི་ཁྱབ། །གསང་སྔགས་དངོས་གྲུབ་དབང་ལས་བྱུང་། །ཞེས་དང་། དབང་མ་ཐོབ་པའི་ཉེས་པ་ནི། ཤེས་རབ་གསུམ་རློམ་ལ་སོགས་ཡང་། །འབྲས་བུ་མེད་ཅིང་བརླག་བར་འགྱུར། །ཅེས་དབང་མ་ཐོབ་ན་ཐོས་བསམ་སྒོམ་པའི་བྱ་བ་ལ་འབད་ཀྱང་འབྲས་བུ་མེད་པར་གསུངས་

(༤༣༦)ཤིང་། ཐོབ་པའི་གནས་སྐབས་སུའང་ལྟས་ཕུན་སུམ་ཚོགས་པར་སྣ་དྲངས་ཏེ་མངོན་པར་མཐོ་བའི་དཔལ་བཅུའི་གོ་འཕང་ལ་སྦྱོར་ཞིང་། མཐར་ཐུག་ངེས་པར་ལེགས་བའི་ས་ལ་དབུགས་དབྱུང་བ་ནི་རྒྱུད་ལས། ཐོབ་རྟགས་མཁའ་འགྲོས་ལུང་སྟོན་ཞིང་། །བལྟས་ན་ཡིད་བཞིན་གཙུག་ན་འཆང་། མགོ་ལ་ཉི་ཤར་དམག་དབོན་བྱེད། །མགོ་དང་རོ་སྟོད་ཡང་ལ་བདེ། །བུམ་བཅུང་འཐུང་དང་ཟས་བཅུད་ཟོས། །རང་རིག་རྩལ་ལ་དབང་བསྒྱུར་ནུས། ཞེས་སོ། །དེའི་ཕྱིར་ནུས་པ་དེ་ལྟ་བུ་བསྐྱེད་པའི་ས་བོན་ཅན་དབང་དེ་དག་གི་སྲོག་ནི་དམ་ཚིག་དང་སྡོམ་པ་ཁོ་ན་ལ་བརྟེན་ནས་འཛིན་དགོས་ཏེ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེས། །མཆོག་ཐུན་དངོས་གྲུབ་རྩ་བ་དབང་ལ་ཐུག་ །དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་སྟེ། །ཉམས་ན་ས་བོན་མེ་ཡིས་ཚིག་པ་བཞིན། །དཀའ་སྤྱད་བསྒྲུབས་ཀྱང་འབྲས་བུ་མེད་ཅིང་བརླག་ །ཅེས་གསུངས་པར་ལྟར་ལས་བསྲུང་བྱའི་རྣམ་གྲངས་ལ་དབྱེ་ན། ཉན་རང་ལ་ཉིས་བརྒྱ་ལྔ་བཅུའི་ཁྲིམས། བྱང་སེམས་ལ་བརྒྱད་ཅུ་རྩ་ལྔ། བྱ་རྒྱུད་ལ་ཉི་ཤུ། སྤྱོད་རྒྱུད་ལ་ཉི་ཤུ། རྣམ་འབྱོར་ལ་ཉི་ཤུ་རྩ་གཅིག་ །མ་ཧཱ་ལ་བརྒྱ་རྩ། ཨ་ནུ་ལ་སྐུ་གསུང་ཐུགས། ཨ་ཏི་ལ་ཡེ་བསྲུངས་ལ་སོགས་ཏེ་ས་མ་ཡ་འབུམ་སྡེའི་བར་དབྱེ་ཡང་ཀུན་གྱི་རྩ་བ་སྐུ་གསུང་ཐུགས་དང་། ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་ལ་གནས་པས་དེའི་རང་བཞིན་ལས་མི་འདའ་བ་སྟེ། གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། རྒྱུད་དོན་དམ་ཚིག་བསྲུང་བྱ་བ། །རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་ཉི་ཤུ་རྩ་ལྔ་ལས། །སྤྲོས་ན་བསམ་གྱིས་མི་ཁྱབ་སྟེ། །རྩ་བ་ཡན་ལག་ཉམས་མི་བྱ། །ཡང་ན་མཉམ་རྫོགས་རྒྱལ་པོར་གནས། །ཞེས་དང་དེའི་རང་བཞིན་བཀྲལ་བ་ནི། དེ་ཉིད་ལས། སྐུ་ཡི་དམ་ཚིག་རྡོ་རྗེ་སྟེ། །སློབ་དཔོན་མཆེད་དང་ལྕམ་དྲལ་ལ། །བརྡེག་བཙོགས་སྐུར་བ་ནམ་ཡང་མིན། །ངན་སེམས་དཔྱ་སེམས་གཅིག་མི་བྱ། གསུང་གི་དན་ཚིག་དབང་ཐོབ་ནས། །ཡི་

(༤༣༧)དམ་དཀྱིལ་འཁོར་ལྷ་མཆོག་གི། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །བླ་མེད་ཐེག་མཆོག་མི་སྤང་ངོ། ཐུགས་ཀྱི་དམ་ཚིག་གསང་བ་བཅུ། །སྒྲུབ་རྫས་ལག་ཆ་ཐམས་ཅད་གསང་། །མ་གསང་མུ་སྟེགས་འཆལ་པར་འགྱུར། །སྨན་དང་གཏོར་མ་མཆོད་རྫས་གསང་། །དེ་མ་གསང་ན་དངོས་གྲུབ་ཉམས། །སྤྱིར་རྫ་བ་རྩ་བའི་སྙིང་པོ་གསང་། །མ་གསང་མཐུ་དང་བྱིན་བརླབས་ཉམས། །སྔགས་པས་སྔགས་དང་ཕྱག་རྒྱ་གསང་། །དེ་མ་གསང་ན་སྨྱོན་པར་འགྱུར། །སྦྱོར་དང་སྒྲོལ་བའི་ལག་ལེན་གསང་། །མ་གསང་སྐྱེ་བོའི་ལ་གར་འགྱུར། །ཕྲིན་ལས་མཛད་སྤྱོད་ཀུན་ཀྱང་གསང་། །དེ་མ་གསང་ན་རས་ཆོད་འགྱུར། །རྒྱུད་དང་སྒྲུབ་ཐབས་མན་ངག་གསང་། །མ་གསང་མཁའ་འགྲོའི་བཀའ་ཆད་འོད། །མདོར་ན་གསང་བར་འོས་རིགས་གསང་། །དེ་མ་གསང་ན་ལྐུགས་པར་འགྱུར། །ཆེད་དུ་གཉེར་གཏད་མན་ངག་གསང་། །མ་གསང་ཉམས་པ་ཆེན་པོར་འགྱུར། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འདི། །ཉམས་ན་བསྐལ་བ་གཅིག་གཉིས་གསུམ། །རྡོ་རྗེའི་དམྱལ་བར་གདོན་མི་ཟ། །ཞེས་ཡན་ལག་གི་དམ་ཚིག་ལྔ་ཚན་ལྔར་བཤད་བའང་ཀུན་བྱིད་རྒྱལ་པོ་དང་། དམ་ཚིག་གསུམ་བཀོད་པ་ལ་སོགས་པས་ཇི་ལྟར་གསུངས་བ་ཤིན་ཏུ་གསལ་བར་བྱས་པ་ནི་དམ་ཚིག་གི་གནད་ཀྱི་མདོ་འགག་ལས། དང་པོ་ཤེས་བྱའི་དམ་ཚིག་ལྔ༔ གསང་སྔགས་དབང་གི་སྒོར་ཞུགས་ནས། སྣང་སྲིད་རིགས་ལྔའི་དལ་དུ་སྒོམ༔ གཟུགས་ཀྱི་ཕུང་པོ་རྣམ་སྣང་མཛད༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་༔ འདུ་ཤེས་ཕུང་པོ་སྣང་མཐའ་ཡས༔ འདུ་བྱེད་ཕུང་པོ་དོན་ཡོད་སུམ༔ རྣམ་ཤེས་ཕུང་པོ་རྡོ་རྗེ་སེམས༔ ས་ནི་ཡུམ་ཆེན་སངས་རྒྱས་སྤྱན༔ ཆུ་ནི་ཡུམ་ཆེན་མཱ་མ་ཀཱི༔ མེ་ནི་ཡུམ་ཆེན་གོས་དཀར་མོ༔ རླུང་ནི་ཡུམ་ཆེན་དམ་ཚིག་སྒྲོལ༔ ནམ་མཁའ་ཡུམ་ཆེན་དབྱིངས་ཕྱུག་མ༔ དེ་བཞིན་དཀར་སྔོ་

(༤༣༨)སེར་དམར་ལྗང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ལྔ༔ རིགས་ཀྱི་ཡབ་ཡུམ་ལྔར་ཤེས་བྱ༔ མིག་དང་རྣ་བ་སྣ་དང་ལྕེ༔ གཟུགས་དང་རྣམ་ཤེས་རིགས་ལྔར་ཤེས༔ འབྲས་བུ་ཡེ་ཤེས་ལྔ་རུ་ཤེས། དེ་ནམས་ཤེས་བྱའི་དམ་ཚིག་གོ༔ མི་སྤང་པ་ཡི་དམ་ཚིག་ནི༔ འདོད་ཆགས་ཞེ་སྡང་གཏིང་མུག་དང་༔ ང་རྒྱལ་ཕྲག་དོག་རྣམ་པ་ལྔ༔ རིགས་ལྔའི་དམ་ཚིག་ཡིན་པའི་ཕྱིར། སྤངས་པས་མི་སྤང་གནས་པ་ཡིན༔ རྗེས་སུ་འབྲེང་ན་ཉོན་མོངས་རྒྱུ༔ ཤར་ཚེ་རང་སར་གློད་པ་ཡིན༔ ཡེ་ཤེས་ལྔ་ཡི་ཀློང་དུ་གྲོལ༔ དེ་ཕྱིར་མི་སྤང་དམ་ཚིག་ལྔ༔ དང་དུ་བླང་བའི་དམ་ཚིག་ནི༔ དྲི་ཆེན་དྲི་ཆུ་མཱཾ་ས་དང༔ རཀྟ་རྡོ་རྗེ་ཐིལ་པ་ལྔ༔ རིགས་ལྔ་བསྒྲུབ་པའི་རྫས་ཡིན་བས། གཙང་མདེའི་རྟོག་པ་མེད་པར་བླང༔ བག་མེད་སྨྱོ་ཐབས་མི་བྱ་སྟེ༔ དམ་ཚིག་རྫས་སུ་བརྟེན་པར་བྱ༔ སྤྱད་པར་བྱ་བའི་དམ་ཚིག་ནི༔ སྦྱོར་བ་གཟུངས་མ་མཚན་ལྡན་ལ༔ རྩ་འབྱོངས་རླུང་འཆུན་ཐིག་ལེ་འདྲོངས༔ བདེ་བ་འཕེལ་བའི་དུས་སུ་སྦྱོར སྒྲོལ་བ་ཞིང་བཅུའི་དགྲ་བགེགས་ནི༔ ཆོས་བྱེད་སྤྱི་དང་སློབ་དཔོན་གྱི༔ སྐུ་དགྲ་བྱེད་པའི་དགྲ་བོ་བསྒྲལ༔ དམ་ཉམས་དམ་ལོག་དམ་ལས་འཁུ༔ སེམས་ཅན་སྤྱི་ལ་གནོད་བ་བསྒྲལ༔ ངན་སོང་གསུང་ཡང་ཐུགས་རྗེས་བསྒྲལ༔ མ་བྱིན་བླང་བའི་དམ་ཚིག་ནི༔ མཚན་ལྡན་གཟུངས་མ་སྐྱེ་བོས་སྤྱོད༔ གསང་སྔགས་ཟབ་མོ་སྣོད་མེད་འཆང་༔ བྷནྡྷ་བཟང་པོ་མཆོད་པའི་ཆོས༔ དམ་ཟབ་བྱིན་རླབས་ཡོད་པའི་རྫས། སྣོད་མིན་སྤྱོད་ན་བླང་བར་བྱ༔ ཕྱུག་ཅིང་སེར་སྣ་ཆེ་བའི་ནོར༔ ཐབས་ཀྱིས་བླངས་ཏེ་སྦྱིན་པར་གཏང་༔ སེམས་ཅན་དོན་དུ་འཕགས་པ་མཆོད༔ རྫུན་དུ་སྨྲ་བའི་དམ་ཚིག་ནི༔ གསང་བཅུའི་དམ་ཚིག་བསྲུང་བའི་ཕྱིར༔ བརྡ་དང་རྫུན་སྨྲས་རྣམ་སྨིན་མེད༔ འགྲོ་བ་སྐྱོབ་པའི་དོན་དུ་སྨྲ༔ ཚིག་བརླང་སྨྲ་བའི་དམ་ཚིག་ནི༔ ཞིང་བཅུ་སྒྲོལ་ལན་དྲག་པོས་སྨྲ༔ སློབ་བུ་སྣོད་བརྟག་སྣ་ཚོགས་སྨྲ༔

(༤༣༩)གཟུངས་མ་མཚན་ལྡན་འདྲེན་བ་ན༔ ཐབས་ཀྱི་ཚིག་གིས་སྨྲ་བར་བྱ༔ དེ་རྣམས་སྤྱད་བྱའི་དམ་ཚིག་གོ༔ བསྒྲུབ་པར་བྱ་བའི་དམ་ཚིག་ནི༔ རྡོ་རྗེའི་རིགས་དང་དེ་བཞིན་རིགས༔ རིན་ཆེན་རིགས་དང་པདྨའི་རིགས༔ ཕྲིན་ལས་རིགས་སོགས་རྣམ་པ་ལྔ༔ ཡེ་ཤེས་ཡིན་པས་བསྒྲུབ་བྱར་བྱ༔ ལོག་པར་རིས་ཆད་བསྒྲུབ་མི་བྱ༔ རིགས་ལྔའི་རྣམས་མི་འདྲལ་བསྒྲུབ༔ ལེ་ལོ་གཡེང་བར་བ་སྤངས་ལ༔ མི་འབྲལ་རྩེ་གཅིག་དུང་བས་བསྒྲུབ༔ དེ་རྣམས་བསྒྲུབ་བྱའི་དམ་ཚིག་སྟེ༔ ཡན་ལག་ཉི་ཤུ་རྩ་ལྔའོ། །ཉམས་པ་བསྐད་ན་སྨན་ངག་གཏོར༔ དག་པར་བཤམས་ལ་ཚོགས་ཀྱིས་མཆོད༔ བརྒྱ་རྩ་གཅིག་གིས་བསྐངས་པར་འགྱུར། ཅེས་དང་། གཞན་ཡང་གསང་རྫོགས་དམ་ཚིག་ལེའུར། །གཞན་ཡང་ཁྱད་བར་དམ་ཚིག་དང་༔ བླ་མ་བཀུར་ཞིང་གསུང་མི་གཅིག༔ ཐུན་བཞིའི་རྣལ་འབྱོར་ཡེངས་མི་བྱ༔ ལྷ་དང་སྔགས་ལ་ཐེ་ཚོམ་སྤང༔ མཆེད་ལྕམ་རྣམས་ལ་གདུང་སེམས་བསྐྱེད༔ སེམས་ཅན་རྣམས་ལ་སྙིང་རྗེས་བསྐྱང་༔ ང་རྒྱལ་རློམ་སེམས་ཞེ་སྡང་དང་། འདོད་ཆགས་ཕྲག་དོག་ཁར་མི་གཏང་༔ གསང་སྔགས་ལྟ་སྐྱོད་ཐུང་དུ་སྦྲེལ༔ བསྐྱེད་རྫོགས་བསྙེན་སྒྲུབ་མཐའ་རུ་བྱུང་༔ ལེ་ལོ་གཉིད་དང་ཆད་དབང་སྤང་༔ ཞེས་སོ། །དེ་ལྟར་མཚན་མའི་དན་ཚིག་བསྲུང་མཚམས་ཀྱི་དབྱེ་བསྡུའི་སྒོ་ནས་རྣམ་བར་གཞག་པ་ཐམས་ཅད་ཀྱང་དོན་ལ་མཉམ་རྫོགས་ཆེན་པོ་ལ་བཟློ་བ་ནི་དེ་ཉིད་ལས། ཡང་དག་དོན་གྱི་དམ་ཚིག་ཏུ༔ འཁོར་འདས་ཆོས་རྣམས་རང་གི་སེམས༔ གདོད་ནས་རང་བྱུང་ཆོས་སྐུའི་དང་། དེ་ཉིད་དེས་ན་སྲུང་ཉམས་ནི༔ མི་བསྲུང་བློ་ཡིས་དོར་དུ་མེད༔ ཉམས་སྐྱོན་ཐོབ་བྱའི་འབྲས་བུ་མེད༔ མ་སྤངས་མི་གནས་གཟུང་འཛིན་འདས༔ སྐྱེ་མེད་སྡིང་བོས་མི་བཤིགས་དམ། མུ་སྟེགས་བདག་ཏུ་འཛིན་བའི་ཚིག༔ སྔ་རབས་འདས་པའི་སངས་རྒྱས་ཀྱང་༔ དམ་ཚིག་དག་ལ་བརྟེན་དེ་རྒྱས༔ ད་ལྟར་བཞུགས་པའི་སངས་

(༤༤༠) རྒྱས་རྐྱང་༔ དམ་ཚིག་འདི་ལ་རབ་ཏུ་གནས༔ མ་འོངས་འབྱོན་པའི་སངས་རྒྱས་ཀྱང་༔ དམ་ཚིག་འདི་ལ་བརྟེན་དེ་རྒྱ༔ ཞེས་འགགས་བསྡམས་པ་ལྟར། གཞི་མ་སྨིན་པ་སྨིན་པར་བྱེད་པ་ལ་བསྐུར་དགོས༔ དབང་བརྟེན་པར་བྱེད་བ་ལ་དམ་ཚིག་བསྲུང་དགོས། དེའི་ཕྱིར་སྤྱིར་གསང་སྔགས་ནས་བཤད་པའི་དམ་ཚིག་མཐའ་དག་བསྲུང་ཞིང་ཁྱད་པར་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། བྱེ་བྲག་ཉི་ཤུ་ལ་སོགས་པ་མཐའ་དག་ཉམས་པ་མེད་བར་མ་བསྲུངས་ན་གནས་སྐབས་ཀྱི་བདེ་འབྲས་བརླག་ཅིང་མཐར་ཐུག་བྱང་ཆུབ་ཀྱི་མྱུ་གུ་སྡོ་སྐམ་དུ་གྱུར་ཏེ་རྡོ་རྗེའི་དམྱལ་བ་ནས་ཐོན་བའི་གོ་སྐབས་མེད་པ་ཡིན་བས་བླང་དོར་ཚུལ་བཞིན་དུ་བྱའོ་སྙམ་པའི་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱིད༔ ཅེས་ལན་གསུམ། སྐུ་དྲིན་གཏང་རག་གི་ཡོན་དུ་མཎྚལ་འབུལ་བ་ཞུ། ཞེས་བསྐུལ། དེ་ཡང་གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། དབང་ཡོན་མ་ཕུལ་ཤིན་ཏུ་ཉམས༔ ཞེས་དབང་ཐོབ་ནས་རང་གི་འབྱོར་ཚོས་ལ་དཔག་པའི་ཡོན་གྱིས་མཉེས་པར་བྱ་དགོས་ཤིང་། ཁྱད་པར་སྐབས་འདིར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་དབང་གི་བྱ་བ་བྱེད་བར་འདུས་ཤིང་། གནས་ཡུལ་ཁྱད་པར་ཅན་གྱི་དཔའ་བོ་དང་མཁའ་འགྲོ་རྣམས་ཀྱང་དབང་བྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་པར་ཡིན་ཕྱིར་དུས་གཞན་ལ་འབུམ་འགྱུར་གྱི་འཕེལ་ཆེ་བར་བཤད་པས་གསང་སྔགས་ཀྱི་ཚོགས་བསག་པའི་གནས་སྐབས་འདི་ཁོ་ན་ཡིན་པ་ལ་དགོངས་ནས་སྔོན་གྱི་གྲུབ་པའི་འཁོར་ལོས་སྒྱུར་བ་རྣམས་ཀྱང་གདུལ་བྱ་ལ་ཐུགས་ཤིན་ཏུ་བརྩིབས་དབང་ཡོན་དང་ཆོས་ཁྲལ་སྡུད་བའི་དགོངས་བའང་འདི་ཙམ་དུ་ཤེས་པར་བྱའོ། །འོ་སླར་ཡང་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་གཉིས་སུ་མེད་པ་ལ་ལུས་ལོངས་སྤྱོད་བུ་ནོར་ཆུང་མ་དང་བཅས་བ་ཕངས་པ་མེད་པར་འབུལ་བའི་བརྟུལ་ཞུགས་ལ་ཡིད་གཟུངས་བ་ནི་དཀར་པོ་རྣམ་བར་འཕེལ་བའི་

(༤༤༡)ས་བོན་ཡིན་ཏེ་རྒྱད་ལས། བྱིན་རླབས་དབང་གི་བླ་མ་ལ། རྒྱལ་སྲིད་ཡུལ་འཁོར་རང་གི་ལུས། །བུ་དང་ཆུང་མ་ནོར་དབྱིག་འབུལ། །ཞེས་བསྐའ་བསྩལ་པ་ལྟར་ལྟོས་པ་མེད་པར་འབུལ་ཞིང་བསྲུང་བྱའི་དམ་ཚིག་རྣམས་ལུས་དང་སྲོག་གི་ཕྱིར་ཡང་མི་གཏང་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་གི་ལུས་དང་ལོངས་སྤྱོད་ཀུན༔ ཁྱེད་ལ་འབུལ་གྱིས་ཡོངས་སུ་བཞེས༔ ཁྱེད་ཀྱི་ཐུགས་རྗེས་བདག་ལ་ཟུང་། ཀུན་ཀྱང་ཡེ་ཡེས་མཆོག་ཐོབ་ཤོག༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ལུས་དང་སྲོག་གི་ཕྱིར་མི་གཏང་། རིན་ཆེན་གླང་བོ་ནོར་བུ་རྟ༔ བུ་དང་བུ་མོ་ཡོ་བྱད་རྣམས༔ ཡུལ་འཁོར་ལོངས་སྤྱོད་བཅས་ཀུན་འབུལ༔ ཚེ་གཅིག་གྲོལ་གྱུར་གདམས་མཆོག་སྩོལ༔ ཞེས་ལུས་དང་ལོངས་སྤྱོད་བྲན་དུ་དབུལ་བ། དམ་ཚིག་ཁས་བླང་བ། གྲོལ་བྱེད་ཁྲིད་ཀྱི་སྙན་གསན་དབབ་པ་རྣམས་ཀྱིས་མཐའ་བསྡུས་རྗེས། དེ་ལྟ་བུའི་དགེ་བ་མ་གྱུར་འགྲོ་བ་སེམས་ཅན་ཀྱི་དོན་དུ་བསྔོ་བ་ནི་ནང་སངས་རྒྱས་བའི་ཁྱད་ཆོས་ཡིན་ལ། དེའི་ཕྱིར་སྔོན་གཞོན་ནུ་དོན་གྲུབ་ཀྱིས་སྤྱོད་པ་ལ་སློབ་པའི་ཚེ། རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་ནས་གནོད་སྦྱིན་སྤུན་ལྔ་ལ་སྐུ་ལུས་གསོན་པོར་བྱིན་ཆེ་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་ལ་བསྔོ་སྨོན་ཟུང་འབྲེལ་གྱིས་རྒྱས་བཏབ་པ་འདི་ཉིད་ལྷན་དུ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ཅིང་གྲོལ་ལོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་དྲུག་ཚོགས་འཁོར་བ། རྡོ་རྗེའི་གླུ་གར། གཏང་རག་དབུལ་བ། སྦྱིན་སྲེག་བྱ་བ། གཏོར་མ་གཏང་། དཀྱིལ་འཁོར་གྱི་རྗེས་ཆོག་གོ། །དང་པོ་ནི། རུས་སྦལ་ཁོག་པའི་སྣོད་ཡངས་ཞེས་པ་ནས་ལྷག་མའི་བར་རོ། །གཉིས་པ་རྡོ་རྗེའི་གླུ་གར་ནི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ཕྱིར་རྡོ་རྗེའི་གླུ་ཉིད་བླངས། །ཚོགས་དང་དབང་བསྐུར་དཀྱིལ་འཁོར་འཇུག །དེ་དུས་གླུ་ལ་བཙོན་བར་བྱ། །ཞེས་གསུང་པ་ལྟར། ཞི་ཁྲོ་ཁང་རུང་གི་ཆས་དང་ལྡན་

(༤༤༢)པས༑ ལུས་ལྷའི་ཕྱག་རྒྱ་དང་མཐུན་པའི་བྲོ་གར་རྩེ་ཞིང་། ངག་དཀྱིལ་འཁོར་དང་རྗེས་སུ་འབྲེལ་བའི་རྩ་སྔགས་བཟླ་བ་དང་། སེམས་རིག་བ་ཆོས་ཉིད་ཁྱབ་གདལ་ཆེན་པོའི་བརྟུལ་ཞུགས་ལ་གནས་པའི་དང་ནས་མཆེད་ལྕམ་རྣམས་ཀྱིས་ཌཱ་མ་ཏུ་དང་། ཅད་ཏེའུ། དྲིལ་བུ། གླིང་བུ་ལ་སོགས་པའི་རོལ་མོའི་བྱེ་བྲག་འཁྲོལ་ཞིང་། འབུད་པ་དང་བཅས། དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རིང་པོ་དང་། ཐུང་དུ་དང་། འཁྱོག་པོ་ལ་སོགས་པའི་གདངས་ཀྱིས་སྙན་པར་བརྗོད་ཅིང་། ཨོཾ་དང་། ཨེ་དང་། ཧཱུྃ་དང་། ཁྱཱཻ་ཤག་དང་། ཧེ་ལ་སོགས་པས་སྣ་དྲངས་ཏེ། ཨེ་མ་ཀཱི་རི་ཀཱི་རི། མ་སྟ་བཱ་ལི་བཱ་ལི། ས་མི་ཏ་སུ་རུ་སུ་རུ། ཀུ་ཏ་ལི། མ་སུ་མ་སུ། ཨི་ཀ་རཱ་སུ་ལི་བྷ་ཏ་ཡཱ། ཙ་ཀི་ར་ལྷུ་ལི་པ་ལ་ཡི། ས་མུན་ཏ་ཙ་རྱ་སུ་གྷ་ཡཱཻ། བྷི་ཏ་ས་ན་བྷྱ་ཀུ་ལི་ཡཱེ། ས་ཀ་རི་དྷཱུ་ཀ་ན། མ་ཏ་རི་བཱཻ་ཏ་ན། བར་ལི་དཱི་སཱ་ན། མ་ཁ་ཏ་ཀཱ་ལེ་ནཱ། སཾ་བྷུར་ཏ་མེ་ཀ་ཙིདྷཾ་བ། སུ་རྱ་གྷ་ཏ་ར་ཨེ་པ་ཤན་བ། རན་བྷི་ཏིས་གྷུ་ར་ལཱ་པ། མ་སྨིན་ས་གུ་ལི་ཡ་པ། འགུ་ར་ལ་གཱུ་རཱས་ག་ཁར་ན་ལ། ནར་ན་རཱ། ཨི་ཐར་བ་ཊཱ་ལཾ། སི་ར་ཎ་པའི་ཎ། བྷེ་ས་རས་པ་ལཾ། བྷུན་དྷ་བྷུན་དྷ་ཚི་ཥས་ཀེ་ལཾ།ས་སཱ། རི་རཱི། ལེ་ལཱེ། ཨི་ཨཱི། མི་མཱི། ར་ར་རཱ། མ་སྐྱེས་བས་ན་མི་འགག་ཅིང་། །འགྲོ་དང་འོངས་མེད་ཀུན་ཏུ་ཁྱབ། །བདེ་ཆེན་ཆོས་མཆོག་མི་གཡོ་བ། །མཁའ་མཉམ་རྣམ་གྲོལ་གོས་པ་མེད༑ །རྩ་བ་མེད་ཅིང་རྟེན་མེད་ལ། །གནས་མེད་ལེན་མེད་ཆོས་ཆེན་པོ། །ཡེ་གྲོལ་ལྷུན་མཉམ་ཡངས་པ་ཆེན་པོ། །ཡེ་གྲོལ་ལྷུན་མཉམ་ཡངས་པ་ཆེ། །བཅིང་མེད་རྣམ་པར་བཀྲོལ་མེད་པ། །ཁྱབ་གདལ་ཁང་བཟངས་ཡེ་ཡོད་ཉིད། །ཁྱབ་མཉམ་པ་ལས་རྣམ་འདས་པ། །ཡངས་པེ་ཚེ་འོ་ནམ་མཁའི་དབྱིངས། །ཆོས་ཆེན་འབར་བ་ཉི་ཟླའི་དཀྱིལ། །ལྷུན་གྱི་ས་གྲུབ་དང་མངོན་སུམ་པ། །རྡོ་རྗེ་རི་བོ་པདྨ་ཆེ། །ཉི་མ་སེང་གེ་ཡེ་ཤེས་གླུ། །སྒྲ་ཆེན་རོལ་མོ་མཚུངས་བ་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པར། །སངས་རྒྱས་སངས་རྒྱས་ཀུན་མཉམ་ཞིང་། །ཀུན་བཟང་ཡངས་བ་ཆོས་ཉིད་རྩེ། །མཁའ་དབྱིངས་བཟང་མོའི་དབྱིངས་རུམ་དུ།

(༤༤༣)ཀློང་གསལ་ལྷུན་གྲུབ་ཡེ་རྫོགས་ཆེ། ཞེས་པའི་དོན་ཏེ། ཕན་ཡོན་ནི་དཔག་ཏུ་མེད་དེ་མདོར་ན། རྒྱུད་དེ་ཉིད་ལས། རྡོ་རྗེ་གསང་བའི་གླུ་ཡིས་ནི། །དགོས་པས་ངན་སོང་སྒོ་དགག་ཕྱིར། །སངས་རྒྱས་ཉིད་ཀྱི་མཛད་སྤྱོད་ཡིན། །ཞེས་སོ། །གསུམ་པ་གཏང་རག་དབུལ་བ་ནི༑ མཆོད་པ་རྣམ་ཁ་གསོས། །སྨན་རག་བྲན། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། སོགས་དང་། ཡི་གེ་བརྒྱ་བས་ནོངས་བཤགས་ཀྱང་བྱའོ། །བཞི་པ་སྦྱིན་སྲེག་ནི། དངོས་གྲུབ་ཀྱི་རྫས་རྣམས་ཆ་གསུམ་དུ་བགྱིས་བའི་ཆ་གཅིག་ཁྱད་པར་གྱི་རྫས་སུ་འདུ་བྱ་ཞིང་། རྫས་གཞན་རྣམས་ལས་གཟུང་ལྟར་བགྱིས་ནས་ཞི་བའི་བསྲེག་བླུགས་རིག་འཛིན་གྱི་ལས་གཞུང་ནས་བཤད་པ་ལྟར་གྱི་འཇུག་བདེ་འམ། དངོས་གྲུབ་ཆེན་པོའི་དོན་དུ་མཆོག་གི་སྦྱིན་སྲེག་བྱའོ། །ལྔ་པ་གཏོར་མ་གཏང་བ་ནི། སྐབས་འདིར་ཆོས་སྐྱོང་སྲུང་མའི་གཏོར་བསྔོ་རྒྱས་བའི་མཐར། གཏོར་མ་རྣམས་ཆད་ཐོ་བརྟན་མའི་འགྲོས་ཀྱིས་ཐོག་སྟེང་དུ་ཞལ་ནང་བསྟན་གྱིས་དབུལ་རྗེས་རྟ་བྲོ་བྱ་ཞིང་། སྒྲུབ་ཆེན་ལ་སོགས་བའི་ལས་བྱེ་བྲག་བ་དང་འབྲེལ་པའི་ཚེ་རང་རང་ལ་དམིགས་ཀྱིས་བསལ་བ་ལྟར་བྱ་བ་སྟེ། བྱ་བའི། །དྲུག་པ་དཀྱིལ་འཁོར་རྗེས་ཆོ་ག་ལ་ལྔ་སྟེ། དངོས་གྲུབ་བླང་བ། དཀྱིལ་འཁོར་བསྡུ་བ། ཕུར་བུ་དབྱུང་བ། རྡུལ་ཚོན་གཤེགས་པ། བསྔོ་སྨོན་གྱིས་མཐའ་བསྡུས་བའོ༑ །དང་པོ་ནི་སྒྲུབ་ཆེན་དང་འབྲེལ་བའི་ཆ། དངོས་གྲུབ་ཀྱི་རྫས་མན་ངག་ལྟར་བཤམས་ཤིང་མཁྱེན་བརྩེའི་མེ་ལོང་དུ་བཤད་པ་ལྟར་དངོས་གྲུབ་ལེན་ཆོག་སྤྲོས་པ་ཅན་བྱ་བ་སྟེ། བྱ་བའི་དུས་ཚོད་ཀྱང་ཚོགས་ཐ་མའི་རྗེས་སུ་ཡིན་ཡང་འདིར་ནི་སྤྱི་འགྲོ་ཙམ་ལ། ཧཱུྃ༔ བདག་གཞན་གཉིས་བདག་དཀྱིལ་འཁོར་ཀུན་སྣང་དུ༔ སོགས་ཀྱིས་བླང་ཞི་ས་རྫས་རྣམས་གནས་སུ་གཏུགས་པ་དང་མྱོང་བ་ཙམ་མོ། །གཉིས་པ་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ༔ རང་རིག་ཐིག་ལེ་གཅིག་ཏུ་གསལ་བ་ལ༔ སོགས་ཀྱི་རྗེས་ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་བའི་མཐར། ཨ་ཀཱ་རོ་བཟླ་སྔགས་འདི་བརྗད་ཅིང་ཆོས་ཉིད་བསམ་གྱིས་མི་ཁྱབ་བའི་དོན་དྲན་བར་བྱས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་གཤིག་

(༤༤༤)པའི་ཉེས་པ་ཁེག་པའི་ཕྱིར་ར། ཞིང་རྡོ་རྗེར་བཅས་པའི་ལག་གིས་དབང་ལྡན་བརྩམས་ཏེ་མཚན་མའི་དཀྱིལ་འཁོར་ལྟེ་བའི་བར་བསུབས་ཏེ་ལྷ་མཚན་རྣམས་ནས་ཅུང་ཟད་རེ་མགོ་བོར་བསྐུ་ཞིང་ཡོ་བྱད་གཞན་རྣམས་དབེན་པར་བསྡུ་རྡུལ་ཚོན་ཕྱགས་པ་རཏྣའི་བུམ་པར་བླུག་ །རས་བྲིས་ཡིན་ན་བརྟན་བཞུགས་བྱ། ཇི་ལྟར་ཡང་བདག་ཉིད་རྩ་བའི་དཀྱིལ་འཁོར་ལ་རྟག་ཆད་ཀྱི་མཐའ་བསལ་བའི་རྫོགས་རིམ་བསྡུ་ལྡང་གཉིས་ཁ་ཚང་དགོས་ཕྱིར། ཧཱུྃ རྟག་ཏུ་མི་འགྱུར་ཐིག་ལེ་ཆེན་པོའི་དང་༔ ཞེས་པས་རྒྱུན་སྤྱོད་གཉུག་མའི་ལྷར་ལྡང་བའང་གཅེས་སོ། །གསུམ་པ་ཕུར་བུ་དབྱུང་བ་ནི། ཕྱོགས་མཚམས་གྱི་ཕུར་བུ་རྣམས་རས་བྲིས་ཀྱི་དཀྱིལ་འཁོར་དམ་ཡེར་ཡོད་བའི་ཐད་ལ་གཤགས་བཞུགས་ཀྱི་རག་པ་ཐ་དད་དུང་དོད་པ་སོགས་རྣོན་པོའི་རིག་པ་ཕྱོགས་གང་ལའང་འཇུག་པས་དེ་དག་མར་བཞག་ནས། གདོན་བློས་བླང་གི་རྣམ་ཆ་བརྟེན་པར་བཅས་པ་འོད་སུ་ཞུ་ནས་རས་བྲིས་ཀྱི་རྣམ་པར་ཤེས་བ་ཉིད་དཔྱད་བཟོད་པའི་ཕྱགས་སུ་སྣང་ངོ། འོག་ནས་རིམ་པར་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་སུམྦྷ་ནིའི་སྔགས་ཀྱིས་དབྱུང་ཞིང་། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སི་དྡྷྱ་ལོ་ཙ་ནི་སརྦ་ཨཏྠ་སཱ་དྷ་ནི་སྭཱ་ཧཱ༔ ཞེས་བཟླ་བཞིན་པར་ཕུར་རྩེ་འོ་མས་བཀྲུ་ཞིང་ཕུར་ཁུང་ལའང་འཐོར་ཞིངས་ས་དགང་། དེ་དག་རྣམས་རང་བཞིན་དམིགས་མེད་ཀྱི་ལྟ་བས་རྒྱས་བཏབ་སྟེ་བ་སྤུང་ལས་གཤེགས་གསོལ་མི་བྱའོ། །བཞི་པ་རྡུལ་ཚོན་གཤེགས་པ་ནི། སྒྲུབ་དབང་ཆེན་མོ་དང་འབྲེལ་ཚེ་རྡུལ་ཚོན་ཆ་གསུམ། སྦྱན་མའི་སྔགས་འདིར་གེགས་རྣམས་ཉམས་པ་དང་འཆིང་བ་གསོར་བར་བསྟན་པས་དེ་ལྟར་བཀྲུས་བའི་མཐུས་གེགས་རྣམས་གསོས་ཏི་སངས་རྒྱས་པར་བསམ་མོ། །དུ་བ་གོས་ལ། ཆ་གཅིག་སྒྲུབ་རྫས་མ་ཚང་བ་མེད་པ་དང་བཅས་རིན་ཆེན་འབྲུ་སྨན་དར་ཟབ་ཀྱིས་བཀང་བའི་བུམ་པའི་བཅུད་དུ་བལྟམས་ལ་ཁ་བཅད་དོ། དཀྱིལ་འཁོར་གྱི་སྟེགས་བུ་འབྱུག་བ་མེད་པ་ལྟ་བུའི་ཞབས་དང་། ཡང་ན་མཛོད་ཕུགས། ཡུལ་གྱི་དབུས། རྒྱ་བ་རི་སོགས་ལ་ལས་གཞུང་ལྟར་གྱི་ཚོགས་བུམ་པའི་གཏེར་དུ་སྦ། ཆ་གཅིག་རི་མཐོན་པོའི་རྩེ་ནས་རླུང་ལ་བསྐུར་ཞིང་བསྟགས་གྲོལ་གྱི་རྒྱུད་ཅི་མང་བཀླག །ཆ་གཅིག་གམ། ཡང་ན་ཡོངས་རྫོགས་སྤོས་རོལ་སྦྱན་གཟིགས་ལ་སོགས་པས་སྣ་དྲངས་ཏེ་ཆུ་ཀླུང་དང་། རྒྱུན་འབབ་མཚོ་དང་ཆུ་མིག་སོགས་ལ་གཤེགས་གསོལ་བྱ་ཞིང་སྤྲོན་ཆོ་གའི་སྦྱོར་བའང་ཡོད་པ་

(༤༤༥)གཞན་དུ་བལྟའོ། ལྔ་པ་བསྔོ་སྨོན་གྱི་མཐའ་བསྡུ་བ་ནི། གཞུང་གིས་ཁོངས་བཟུང་ལ་རྒྱས་པའི་ཡན་ལག་སྦྱར་བས་མཐའ་རྒྱས་སུ་བྱ་ཞིང་བཀྲ་ཤིས་ཀྱི་ཆར་དབབ་པ་སོགས་དཀྱུས་ལྟར་ཤེས་པར་བྱའོ། འདིར་སྨྲས་པ། གསང་ཆེན་རྡོ་རྗེ་ཐེག་པའི་འཇུག་སྒོ་མཆོག་ །དབང་གི་ཆུ་བོ་ཆེན་པོ་འབབ་སྟེགས་ལས། །རྣམ་གྲོལ་རྒྱ་མཚོར་འཇུག་པའི་ཆོ་ག་མཁན། ཚུ་འགྲམ་དུ་ཀླུའི་དཀྱིལ་འཁོར་བྱ་བ་དང་། མཆོད་གཏོར་བསྔོས་ཏེ་རྡུལ་ཚོན་ཀླུ་ལ་གཏད་པ་དང་། རྡུལ་ཚོན་ཁྱེར་བའི་བུམ་པ་ཆུས་བཀང་ནས་གནས་སུ་དངོས་གྲུབ་ཀྱི་ཚུལ་ཁྱེར་ནས་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་གཏར་ཞིང་ཤིས་པ་དང་ཞི་བའི་ལས་བྱ་བ་ལ་ལྕོགས་སོ། །ཀུན་གྱིས་རྟོགས་དཀའི་གནས་དེ་གསལ་བར་བྱ། ༡།སྔོན་ཆད་རྡོ་རྗེའི་ཚིག་གིས་ཉེར་བཅིངས་བའི། བདག་འཇུག་རྐྱང་པའི་ཕྲིན་ལས་ལྷན་ཐབས་ཀྱིས། །ཕྱེ་ཡང་དངོས་དོན་ནི་བཞིན་མ་ལྷོངས་པས། །བསྐུར་ཐོབ་འདུན་པས་བསྒྱུར་བ་ཙམ་ལས་མེད། ༢།འདི་ན་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དབང་བསྐུར་དོན་བརྒྱུད་སྤྲིན་ཕུང་ལྡན། །ངེས་པ་དོན་གྱི་སྙན་བརྒྱུད་སྙིང་པོ་བདག་ལ་བབས་པའི་བདེན་པ་ཡིས། །རང་ཉམས་ལོངས་ཤིང་གཞན་ལ་རྒྱ་ཆེར་འདོམས་པའི་ལུང་བསྟན་མངོན་གྱུར་པས། །ཤེས་རབ་གསུམ་གྱི་གློང་ཕྲེང་དབུས་ནས་བཤད་པའི་འབྲུག་སྒྲ་ལྡིར་བར་བྱས། ༣།གང་ཚེ་རྡ་ཡབ་གླིང་གོ་དོགས། །ཞི་བའི་གྲོང་ཁྱེར་ཆེན་པོ་ནས། །རིག་འཛིན་ཐོད་པའི་དུབ་བུ་རྩལ། །དེ་ཡང་དགྱེས་བའི་སྤྱན་ཟུར་གཡོ། ༤།ལྷ་དང་ལྷ་མིན་གུབ་པ་ཅན། མཁའ་འགྲོ་དམ་ཅན་གཏེར་བདག་ཀྱང་། །པྲཛྙཱ་ར་སྨིའི་ལུང་རྟོགས་བསྟན། །དེང་སང་ཁྱོད་ཀྱིས་འཛིན་ཞེས་བསྔགས། ༥།ཀྱེ་ཧོ་གསང་ཆེན་ལམ་གྱི་གནད་ཀུན་དབང་བཞིའི་ངེས་འབྱེད་དེ་ལ་གནས། །གང་གི་རང་བཞིན་རྒྱུད་ལུང་དབང་བཞག་དགོངས་པའི་རྩལ་གྱིས་བཀྲལ་བ་འདིས། སྐལ་ལྡན་མང་པར་ཐམས་ཅད་གཟིགས་བའི་གོ་འཕང་སྟེར་ལ་ནེ་མ་ནུར་སྤངས། །དེ་ཕྱིར་འདི་ནི་པདྨའི་ཞལ་ལུང་མཁྱེན་བརྩེའི་དགོངས་རྒྱན་གསར་པ་ཡིན། ༦།ལུང་དང་རིག་པའི་དབུགས་བྲལ་སེང་གེའི་གསོབ། །མདའ་ལྔ་སྙིང་ལ་བཀང་བའི་གྲོང་ཁྱེར་དུ། །ཞུགས་ཏེ་སྲིད་འབྱོར་གཡུར་ལ་རྡོམ་པ་དེར། །ཆོས་དང་གང་ཟག་བཟང་པོའི་ལས་འཕྲོ་བསྐལ། ༧།རྨོངས་པའི་ཁ་འཛིན་མན་ངག་བྱུང་ཁུངས་སྦ། ལྕེ་གཉིས་རྐྱོང་བའི་དུག་སྦྲུལ་ནག་པོ་ཡང་། །ཁོ་བོའི་སྔོན་སྨོན་

(༤༤༦)བརྗི་བར་མ་ནུས་ནས། །གཏི་མུག་མུན་བའི་ཁུང་བུར་བྲོས་ཞེས་གླེང་། ༨།འདི་ལ་འདྲ་མིན་བཅོས་མས་བསླད་པ་དང་། །གཟུ་ལུམས་རས་ཆོད་བྱེད་པའི་རིགས་བྱུང་ན། །དེ་ཡི་སྙིང་ཁྲག་རྡོ་རྗེ་གཤོག་ལྒོད་མས། །ཐང་ལ་ཕོས་ཤིག་བཛས་མ་ཡ། ༨།དགེ་ཚོགས་དེ་ཡིས་ཕན་བདེ་མ་ལུས་བའི། །འབྱུང་ཁུངས་རྒྱལ་བའི་བསྟན་པ་དར་བ་དང་། །ཁྱད་པར་ཀུན་མཁྱེན་ཤཱནྟ་པུ་རི་བའི། །རིང་ལུགས་ཡར་ཟླའི་མཆེད་པོར་འགྲན་གྱུར་ཅིག་ ༡༠།བདག་ཀྱང་རྣམ་ཀུན་རྒྱལ་བའི་བསྟན་ལ་རབ་ཞུགས་ནས། །ནགས་ཚལ་སྨན་ལྗོངས་པདྨའི་རབས་མཛེས་པ་དེར། །རང་དོན་ཞི་བའི་ཏིང་འཛིན་སྒོམ་དང་ཆབས་ཅིག་པར། །དཔག་ཡས་འགྲོ་ལ་ཆོས་ཀྱི་རྔ་ཆེན་བརྡུང་གྱུར་ཅིག་ ༡༡།དེར་ཡང་སྨོན་དང་ལས་ཀྱིས་ཉེར་འབྲེལ་པའི། སེམས་ཅན་མང་པོ་ངན་འགྲོའི་སྒོ་འགེགས་ཤིང་། །ནང་དབྱིངས་གདོད་མའི་ཟད་ས་ཆེན་པོ་རུ། །འཇུག་པའི་སྡེད་དཔོན་དམ་པར་འགྱུར་བར་ཤོག་ ༡༢།གནས་སྐབས་ཟབ་གམ་འདི་ཡི་ཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་རྔ་པོ་ཆེ། །སྲིད་རྩའི་བར་དུ་འགོག་བ་མེད་པའི་རྟེན་འགྲེལ་དབྱུག་གུས་ལེགས་བརྡུངས་ཞིང་། །ཕྱོགས་དུས་ཀུན་ཏུ་གྲོལ་བའི་ཐིལ་ལོའི་སྙན་གྲགས་གོས་ཀྱིས་རབ་གཡོགས་ཤིང་། །དག་སྟོན་གསར་པ་མིག་གི་བདུད་རྩིར་ཅིར་ཡང་བརྩེ་བའི་བཀྲ་ཤིས་ཤོག་ ༡༣།ཅེས་པདྨའི་ཞལ་གདམས་གྲོལ་ཐིག་དགོངས་བ་རང་གྲོལ་གྱི་ལམ་རྒྱས་པའི་རིག་འཛིན་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་དབང་ཆེན་མོའི་ཆོག་ཁྲིགས་བཀླགས་ཆོག་ཏུ་བཀོད་བ་མཁྱེན་བརྩེའི་དགོངས་རྒྱན་ཅེས་བྱ་བ་འདི་ནི་རྒྱལ་སྲས་ཤླནྟ་པུ་རི་པས་ལམ་བསྡུས་པའི་ཚིག་འགྲེལ་ཐར་པའི་འཇུག་དོགས་སུ། ཟབ་མོའི་ཆོས་ཚུལ་འདི་འདྲ་རང་སྟོབས་བློ་ཡིས་འཇུག་པ་ཞན་ཡང་པདྨ་འབྱུང་གནས་དྲི་མེད་མཁྱེན་བརྩེའི་སྨོན་ལམ་དབང་གི་སྣ་ཚོགས་རང་གྲོལ་བདག་གིས་ཉེ་བར་སྦྱར་བས་དགེ་ཞེས་སྨོན་ལམ་གཏད་རྒྱ་ལུང་བསྟན་དང་བཅས་ཏེ་ཟབ་དོན་འདིའི་བདག་པོར་དབང་བསྐུར་བ་ལྟར། བཀླགས་ལུང་ཚིག་བརྒྱུད་ཙམ་ལས་རྩལ་འདོན་གྱི་འཆད་ཉན་ནུབ་ཅིང་དོན་བརྒྱུད་ནམ་མཁའི་པདྨོ་ལ་ཅོ་འདྲི་བའི་ཚེ་བདག་ཉིད་འོད་གསལ་དག་བའི་སྣང་ཆལ་བྱིན་རླབས་ཉེ་བརྒྱུད་ཀྱི་ཚུལ་དུ་ཨོ་རྒྱན་ཆེན་པོས་སྩལ་ཞིང་། རྗེ་བཙུན་པྲཛྙཱར་སྨྲིའི་ཐུགས་རྗེ་དང་སྨོན་པའི་རང་གཟུགས་འགོག་ཏུ་མེད་པའི་མཐུ་ཆེན་

(༤༤༧)པོས་ཉེ་བར་བསྐུལ་ཏེ། གང་གི་བསྟན་པའང་རི་མོའི་མར་མེ་ལྟ་བུར་ཉམས་དམས་བའི་ཚུལ་བློ་ལ་གདུང་བའི་ཁུར་དུ་ལྕི་བས། རང་སྟོབས་ཀྱི་ཤེད་བསྐྱེད་པ་དང་ཆབས་ཅིག་རིག་འཛིན་གྱི་སྤྲུལ་པའི་ཟློས་གར་པདྨ་ཆོས་འབྱོར་རྒྱ་མཚོ་ཕྲིན་ལས་གྲུབ་པའི་རྡོ་རྗེའི་བཀའ་ཏེ་འོད་གསལ་གཉུག་མའི་ཕོ་བྲང་པདྨ་འོད་གླིང་དུ་ལམ་རྒྱས་པ་རིག་འཛིན་གྱི་དཀྱིལ་འཁོར་ཆེན་པོར། དམ་རྫས་བདུད་རྩིའི་སྒྲུབ་ཆེན་རྒྱ་གར་རིག་འཛིན་གྱི་ལུགས་སུ་བསྒྲུབས་པའི་རྗེས་འབྲེལ་དུ། དབང་ཆོག་འདིའི་སྒོ་ནས་རྟེན་འབྲེལ་གྱི་སྒོ་དང་པོར་ཆོག་པ་ཞིག་དགོས་ནན་ཏན་ཆེན་པོས་ཕེབས་བ་ལས། རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་སྣང་བརྒྱ་ཡང་དུ་གྲོལ་བའི་རྣལ་འབྱོར་པ་མཁྱེན་བརྩེའི་འོད་ཟེར་གྱིས་གཏེར་ཆེན་བླ་མ་ཤཱནྟ་པུ་རི་ར་གཤེགས་ནས་བགྲང་བྱའི་འཁོར་ལོ་མིག་ཀླུ་རི་བོར་གི་གྲངས་སུ་སྒྲིབ་པ་ཆུ་མོ་ལུག་གི་ལོའི་ལྟད་མོའི་ཟླ་བ་ལ་གནས་དེ་ཉིད་དུ་སྦྱར་བ་དཔལ་སྔགས་ཀྱི་སྲུང་མ་རྡོ་རྗེ་གཤོག་རྒོད་མས་གཉེར་ཁ་གྱིས་ཤིག་ །ས་མ་ཡ། སིདྡྷི་རསྟུ། མདོ་སྔགས་ཀྱི་ལམ་སྤྱི་དང་བྱེ་བྲག་པ་རྣམས་དང་གི་ལུས་ཡོངས་རྫོགས་པའི་ཁོག་ནས་འཚོལ་ཞིང་སྒྲ་ཇི་བཞིན་པར་རྟོགས་པའི་ཕྱིར་འདི་ནི་རྒྱུད་སྡེའི་ངེས་གསང་བླ་ན་མེད་པ་ཡིན་ལ། དེའི་ཕྱིར་དེང་སང་རྡོ་རྗེ་ཐེག་བའི་བསྟན་པ་ཤིན་ཏུ་ཉམས་དམས་པར་མཐོང་ནས་སླར་ཡང་ཚིག་གི་མདུད་བ་རྣམས་མཆན་དུས་གསལ་བར་བྱས་བ་ཡིན་བས་རྟོག་དཔྱོད་དང་ལྡན་པ་

(༤༤༨)

(༤༤༩)གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ལེ་ལ་གདམ་གྲི་བ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་བཞུགས་སོ།

(༤༥༠)ན་མ༔ ཨུ་ཙུཥྨ་བཛྲ་ཀྲོ་དྷ་ཡ། འདིང་དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོ་ནས་ཁྲུས་ཆོག་བྱ་བར་འདོད་བས། གནས་དབེན་པར་སྟེགས་ཀྱི་ཁར་བུམ་གདན་པདྨ་འདབ་བརྒྱད་དམ། ཚོམ་བུའི་སྟེང་དུ་རིན་པོ་ཆེའི་བུམ་པ་རྒྱུན་འབབས་ཀྱི་ཆུ་དང་རྫས་སོ་ལྔས་གཏམས་པ། མགུལ་ཆིངས། ཁ་རྒྱན། དུང་ཆོས། གཟུངས་རྡོར་དང་བཅས་པའི་མདུན་དུ་གཏོར་ཟླུམ་དཀར་པོ་ཉེར་སྤྱོད་དང་བཅས་བཤམ། བསྒྲུབ་བྱའི་གྲིབ་གླུད། འབྲུ་སྨན། ཟས་སྣ། རིན་པོ་ཆེ། དར་སྣ་སོགས་ཀྱིས་བསྐོར་བ་དང་། སྣོད་གཅིག་ཏུ་ཆངས་བུ་དང་། ངཉཙཞབུ་ཉེར་གཅིག་ཉེ་བར་བསྡོགས། རང་གི་ཉེ་ལོགས་སུ་རྡོར་དྲིལ། ནས་ཟོ། རྨ་བྱའི་སྒྲོ་མདོངས་སོགས་འདུ་བྱས་ལ། ཐོག་མར་རང་ཉིད་བསྙེན་པ་བྱ་བ་ནི། སྐྱབས་སེམས་དང་ཚད་མེད་བཞི་སྒིམ་པ་སྔོན་དུ་བཏང་ནས། སྟོང་པའི་དང་ལས་སྐད་ཅིག་གིས༔ སྣ་ཚོགས་པད་ཉིའི་གདན་སྟེངས་སུ༔ རང་ཉིད་ཁྲོ་ཆེན་དམེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པའི་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་བསྟིམ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། སོགས་མཐར། བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཨ་རྒྷ་སོགས་ཀྱིས་མཆོད། ཛ༔ཧཱུྃ་བཾ་ཧོ༔ གཉིས་སུ་མེད་

(༤༥༡)པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ༔ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་བའི་བདུད་རྩིས་དབང་བསྐུར། །སྐུ་གང་། ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོང་པས་དབུ་བརྒྱན་པར་གྱུར། བཟླས་དམིགས་ནི། ཐུགས་ཀར་པད་ཉིའི་ས་བོན་མཐཱ༔ བཟླས་སྔགས་མ་གལ་མེའི་འཁོར་ལོ་བཞིན༔མེ་ཡི་ཚྭ་ཚྭ་འབྲུ་གཅིང་འཕྲོ༔ གནོད་བྱེད་ཉམས་ཆག་ཀུན་བསྲེག་གྱུར༔ཨོཾ་ཨི་ས་ཅ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་༔མོན་ཊ་ཀྲོ་ཏ་ཡོ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱུ༔ཨ་བྷུ་ཀྲོ་ཡ་ཏོར་ཡ་ཏོར་སྭཱ་ཧཱ༔ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱུ༔ ཨེ་ལི་བ་མེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ལ་མོན་ཌ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ས་ནི་བི་ས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་བྷཱུར་ཀུང་མ་ཧཱ་པྲན་ཡེབྷུ་རྩི་བྷི་ཀི་བི་མ་ལེ༔ཨ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔བསྙེན་པ་ཁྲི་ཉིད་སྔོན་སོང་ནས༔ལས་སྦྱོར་བརྒྱ་ཕྲག་གིས་འགྲུབ་པོ༔ ཞེས་གསུངས་བས་དང་ཉིད་ནུས་ལྡན་དུ་བྱའོ། །དེ་ནས་གཞན་དོན་དུ་བུ་མ་བསྒྲུབ་བྱ་བ་ནི། མཆོད་པ་ཁ་གསོས། ཨོཾ་ཨཱཧཱུྃ་གིས་བྱིན་གྱིས་བརླབས་ལ། བུམ་པ་བསྔགས་སྦྱངས། སྟོང་པའི་དང་ལས་བྷཱུྃ་ཡིག་ནི༔ཡོངས་གྱུར་རིན་ཆེན་བུམ་བ་ཆེ༔ཚད་དང་

(༤༥༢)མཚན་ཉིད་རྫོགས་པའི་ནང་༔སྣ་ཚོགས་པད་ཉའི་གདན་སྟེངས་སུ༔ཁྲོ་བོ་ཆེན་པོ་དམེ་བརྩེགས་ནི༔མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲང་བསྟིམ༔མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། སོགས་ཀྱི་མཐར། བཛྲ་ས་མཱ་ཛ༔ས་སྤྱན་དྲངས།ཨརྒཾྷ་སོགས་ཀྱིས་མཆོད། ཛཧཱུྃ་བཾ་ཧོ༔ས་གཉིས་སུ་མེད་བར་འགྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒཾྷ་སོགས་ཀྱིས་མཆོད༑ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ༔ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར།སྐུ་གང།ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དྲིལ་བུ་འཁྲོལ་ཞིང་། བདག་མེད་ལྟ་བའི་ཧེ་རུ་ཀས། །བདག་འཛིན་རཱུ་ཏྲ་བསྒྲལ་བའི་ཆེ། །སྣམ་ནས་ཁྲོ་བོའི་རྒྱལ་པོ་ཕྱུང་། །གདུལ་དཀའ་འདུལ་མཛད་ཉིད་ལ་འདུད། །བསྟོད་པར་འོས་པ་ཐམས་ཅད་ལ། སོགས་ཀྱིས་བསྟོད། བཟླས་དམིགས་ནི། འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ སངས་རྒྱས་བྱང་སེམས་བླ་མ་དང་༔ཡིད་མ་ཌཱ་ཀྐི་ཆོས་སྐྱོང་གི༔ ཐུགས་རྗེ་ནུས་མཐུ་ཐམས་ཅད་བསྡུས༔ གཟུགས་ཐག་ལ་འཁྲིལ་བུམ་ནང་སོང་༔ བདུད་རྩིས་མེར་གྱིས་གང་བར་གྱུར༔ ཞེས་བརྗོད་ཅིང་བསམས་ནས་བཟླས་པ་ཅི་ནུས་བྱ། མཐར་ཨོཾ་ཨཱཧཱུྃ་ཞེས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བསས་བུམ་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏི་འདྲེས་པར་བསམ་མོ། །དེ་ནས་གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ་གིས་བསང་སྦྱངས། སྟོང་པའི་དང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་མེད་པའི་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཧཱུྃ་གིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། །ཁྲོ་བོའི་རྒྱལ་པོ་མདེ་བ་བརྩེགས་པ་འཁོར་

(༤༥༣)དང་བཅས་པ་གཏོར་མའི་མགྲོན་དུ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ལྗགས་རྡོ་རྗེའི་སྤུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བྷུ་རྐུང་མ་ཧཱ་པྲ་ན་ཡེབྷཱུ་རྩི་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་རཱ་སོགས་ཀྱི་མཐར། ཨི་དཾ་བ་ལིིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། དྲིལ་བུ་འཁྲོལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ནས།ཡིད་ལ་འདོད་པ་ཀུན་འགྲུབ་མཛོད།ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལ། །བཛྲ་མུཾ༔ །ཞེས་གཏོར་མགྲོན་གཤེགས། དེ་ནས་ཁྲུས་ཀྱི་ཆོ་ག་ལ། བཀྲུ་བྱ་བ་གཏོར་གླུད་བསྲུང་བ་སྟེ་རྣམ་པ་བཞི་ལས། དང་པོ་ནི་བསྒྲུབ་བྱ་མདུན་དུ་འཁོད་པའི་དྲུད་དུ་གླུད་ཀྱང་འདུ་བྱས་ལ། །སྔོན་གྱི་བསོད་ནམས་ཟབ་མོའི་འཕེན་པས་མཐོ་རིས་གྱིས་རྟེན་ཁྱད་པར་ཅན་ལ་སྤྱོད་པའང་། མ་རིག་བ་མཚུངས་པར་ལྡན་པ་དང་། ཉོན་མོངས་པའི་ཉེ་བར་ལེན་པས་གྲིབ་ཀྱི་རྣམ་པ་ཤིན་ཏུ་ཐ་དད་པར་ཤར་ནས་ལེགས་པའི་ཡོན་ཏན་ཐམས་ཅད་ལ་སྒྲིབ་བར་བྱེད་པ་དེ་དག་བསལ་བའི་ཐབས་ཚུལ་རྒྱ་ཆེ་ལ་གྲངས་མང་བ་རྣམས་ཀྱི་མཐར་ཐུག་པའང་ཧེ་བཛྲ་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆིང་བར་བྱེད། །དུག་གི་དེ་ཉིད་ཤེས་པ་ཉིད། དུག་གིས་དུབ་ནི་འབིགས་པར་བྱེད། ཅེས་པ་ལྟར་དྲི་མས་དྲི་མ་འཁྲུད་པའི་གཉེན་པོ་སྟོབས་ཀྱི་ཁ་ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པ་སྟེ། སྔོན་དཔལ་ཆེན་པོས་རཱུ་ཏྲ་བཏུལ་བའི་ཚེ་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་ཕྱུག་ཆེན་པོ་ལ་སོགས་བ་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་འོག་སྒོའི་སྣམ་ཁུང་ལས་འཐོན་ཏེ་དྲི་ཆེན་ལ་སོགས་པ་མི་གཙང་བའི་འདམ་དུ་ཆུད་པ་དག་པར་བྱ་བའི་ཕྱིར། ཁྲོ་བོ་སོ་སོའི་སྣམ་ཁུང་ནས་ཁྲོ་བོ་ཨུ་ཙུཥྨ་ཀྲོ་དྷ་ཕྱུང་ནས་མི་གཙང་བའི་འདམ་ཀུན་འཐུངས་ཏེ་དྲེགས་པ་ཅན་དེ་དག་སླར་དྲན་པ་རྙེད་པར་བྱས་སོ། །དེའི་ཕྱིར་འདམ་ཁུང་ནས་འཐོན་པའི་སྟེང་དུ་འདམ་ཀུན་འཐུངས་པས་དམེ་བ་བརྩེགས་པ་ཞེས་བྱ་སྟེ་གཙང་བ་བརྒྱས་མ་དག་པ་དམེ་བ་གཅིག་གིས་འཇོམས་བ་ཡི་ནོ

(༤༥༤)དེ་ལྟ་བུའི་རྒྱུད་དང་མན་ངག་ཇི་སྙེད་ཅིག་ཡོད་པ་ལས་དེང་ཆེད་དུ་བྱ་བ་ནི་རང་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ངས༔ སླར་ཡང་ཟ་ཧོར་རྒྱལ་མཁས་ཀྱི༔ འགྲོ་བ་འདུལ་དུ་ཕྲིན་པའི་ཚེ༔ སྔགས་འཁོར་ལོག་ལྟས་དམ་ཉམས་པས༔ རླུང་ཕྱོགས་ཙམ་དུ་ཕྲིན་པས་ཀྱང་༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དགོངས་པ་གཅིག་བསྡུས་བདག་ཉིད་ཀྱི༔ སྣ་ཚོགས་རྩལ་ཁའི་རྫུ་འཕྲུལ་འགྲིབ༔ ཟབ་གནད་འདི་དང་མི་ལྡན་ན༔ མེར་བསྲེགས་ཆུ་རུ་བསྒྱུར་མི་བཏུབ༔ དེ་ཕྱིར་སྙིང་ཁྲག་མཐར་ཐུག་འདི༔ སངས་རྒྱས་ལས་ཀྱང་མི་དཀོན་རེ༔ ཞེས་དང་། བཀླགས་མཆོག་མགྲིབ་ཀུན་སེལ་འདི༔ རིགས་སྔགས་རྡོ་རྗེའི་གོ་ཆ་ཞེས༔ འཆི་བདག་འཇོམས་པའི་དཔའ་བོ་ཡིན༔ བསྐལ་ངན་དུས་ཀྱི་ཐ་མལ༔རིག་པ་འཛིན་པའི་ཚེ་འཐུད་ཡིན༔ བོད་ཡུལ་གཏེར་ཆེན་བརྒྱ་རྩ་བརྒྱད༔ གཏེར་ཕྲན་བྱ་བ་སྦས་པའི་ནང༔ གྲིབ་སེལ་བསྲུང་ཐབས་མང་བསྟན་ཀྱང་༔ འདི་དང་འདྲ་མིན་གཉི་ལས་མེད༔ ཅེས་ཤིན་ཏུ་ཟབ་པའི་མཐར་ཐུག་ཏུ་གསུངས་བའི་ཆོ་ག་ཟབ་མོ་བརྟེན་ནས་བཀྲུ་བྱ་བ་བྱ་བ་ཡིན་པས། སློབ་དཔོན་ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པར་བསྒོམས་ནས་དེའི་ཕྱག་གི་བུམ་ཆུས་བཀྲུས་པས་ཁྱེད་རང་གི་ལུས་ངག་ཡིད་གསུམ་མི་གཙང་བའི་དྲི་མས་གློ་བུར་དུ་གོས་པ་དང་། བག་ལ་ཉལ་དུ་ཡོད་པ་རྣམས་བྱང་ཞིང་དག་པའི་མོས་པ་མཛོད། བཞི་བརྒྱུ་རྩ་བཞིའི་ནད་རྣམས་དང་༔ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ མི་མཐུན་བྱང་ཞིང་དག་གྱུར་ཅིག༔ ཨོཾ་ཨི་ས་ཙ་ཊ་ཡ་སོགས་འདོད་གསོལ་དང་སྔགས་སྤེལ་ལན་བདུན་བརྗོད་ཅིང་བཀྲུ་། གཉིས་པ་བྱ་བ་པ་ནི། རྡོ་རྗེ་དང་བཅས་པའི་ཐལ་མོས་རྨ་བྱའི་མདོངས་བཟུང་ལ༑ འོ་གསལ་བསྔགས་ཀྱི་ཐེག་པ་ནི་ཉོན་མོངས་པས་འཆིང་བར་མི་ནུས་རྨ་བྱད་དུག་ཟོས་པའི་རོ་ནུས་རྒྱན་དུ་སྨིན་པ་ལྟ་བུ་སྟེ། མཚོན་བྱ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོངས་ཀྱི་ཐིག་ལེའི་དབུས་ན་ཟླ་བའི་གདན་ལ་ཧཱུཾ་ཡིག་མཐིང་ནག་ཨུ་ཙུཥྨའི་སྔགས་ཕྲེང་གིས་བསྐོར་བའི་འོད་ཟེར་གྱིས་ཁྱེད་ཅག་གི་ལུས་ངག་ཡིད་གསུམ་གནས་བའི་

(༤༥༥)ཉེས་སྐྱོན་ཐམས་ཅད་ཕྱག་དར་མཁས་པའི་བྱེད་ལས་བཞིན་དུ་བྱ་བས་ནས་གྲིབ་གླུད་ལ་ཐིམ་པའི་མོས་པ་མཛོད། ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་བའི་བྱིན་རླབས་ཀྱི་བསྒྲུབ་བྱའི་ནད་གདོན་སྡིག་སྒྲིག་ཉེས་ལྟུང་གྲིབ་འཁོན་རྐྱེན་ངན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནིྟི༚་ཀུ་རུ་སྭཱ་ཧཱ། ནད་ཀྱི་རིགས་སུ་གྱུར་པ། རླུང་དང་མཁྲིས་པ་དང་། བད་ཀན་དང་། ལྡན་འདུས་ལ་སོགས་བའི་ནད་རིགས་བཞི་བརྒྱ་རྩ་བཞི། ལྷན་དམྱོས་བ། བདུད་ནད་འཐིབས་པ། རྒྱལ་ནད་མྱོ་འབོག་ །གཟའ་ནད་ལྐུགས་རེངས། བཙན་ནད་གཟེར་ཐབས། མ་མོའི་དལ་ཡམས། ཀླུ་ནད་གདུག་པ། དམུ་ནད་རྨུགས་པ། རྒྱ་ནད་མི་གསར། བལ་ནད་འབྲུམ་བུ་ལ་སོགས་བ་རྐྱེན་དང་འགྲོགས་པའི་ནག་ཐམས་ཅད་གྲ་ཧ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། གདོན་གྱི་རིགས་སུ་གྱུར་བ། ལྷའི་གདོན་དང་། ཀླུ་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། དྲི་ཟའི་གདོན་དང་། སྲིན་མོའི་གདོན་དང་། ཤ་ཟའི་གདོན་དང་། གྲིབ་གནོན་དང་། སྨྱོ་བརྗེད་ལ་སོགས་པ། གདོན་ཆེན་པོ་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། གདོན་ཕལ་བ་བཞི་ལ་སོགས་པ་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དུ་ཋཾྚ་ཤནྟི༚་ཀུ་རུ་སྭཱ་ཧཱ། བགེགས་ཀྱི་རིགས་སུ་གྱུར་བ་བྱིན་ཡ་ཀས་གཙོ་བྱས་བའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བདུད་རིགས་སུམ་བརྒྱ་དྲུག་ཅུ། ལྷམ་སྲིན་སྡེ་བརྒྱད་གནོད་པ་ལ་སོགས་བ་སརྦ་བིགྣན་ཤཱནྟི༚་ཀུ་རུ་སྭཱ་ཧཱ། སྡིག་པའི་རིགས་སུ་གྱུར་པ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ཅི་བ་བཞི། ལོག་པ་བརྒྱད། ཁ་ན་མཐོ་བའི་རིགས་སུ་གྱུར་པ་ཐམས་ཅད་སརྦ་པཱ་པཾ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། སྒྲིབ་པའི་རིགས་སུ་གྱུར་བ། ལས་དང་། ཉོན་མོངས་པ་དང་། བག་ལ་ཉལ་དང་། ཤེས་བྱའི་སྒྲིབ་པ། ལྟ་བ་དམན་པའི་སྒྲིབ་པ། ཆོས་སྤང་བའི་སྒྲིབ་པ་ལ་སོགས་པ་མཐོ་རིས་དང་ཐར་བའི་གེགས་སུ་གྱུར་པ་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཉམས་ཆག་གི་རིགས་སུ་གྱུར་པ། མི་ནག་པོའི་མན་འཐོ། ཁྲེལ་དང་ངོ་ཚ་ཉམས་བ། ཉན་ཐོས་

(༤༥༦)པ་ལས་སོ་ཐར་པ་རིགས་བདུན་གྱི་སྡོམ་པ་ཉམས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ། སྨོན་འཇུག་སྡོམ་པའི་ངོ་བོ། ཚུལ་ཁྲིམས་རྣམ་པ་གསུམ་ཉམས་པ་དང་། གསང་སྔགས་ཀྱི་དམ་ཚིག་འབུམ་སྡེ། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་བ་དང་། བླ་མ་དཀོན་མཆོག་གི་དཀོར་དང་༑ སྐུ་གླུད་དང་འབགས་བ་དང་། སྐུར་པ་བཏབ་པ་དང་། ལོག་བར་བལྟས་པ་དང་། ཆོས་མཛད་སྤྱི་དང་མཆེད་ལྕམ་ལ་དགྲ་རུ་བལྟས་པ། རྩ་བའི་ཉོན་མོངས་པ་ལྔ། ཉེ་བའི་ཉོན་མོངས་པ་ཉི་ཤུ། སེམས་དང་སེམས་བྱུང་གི་ས་ལས་བསགས་པ། དུག་ལྔ་རང་གར་ཤོར་བས་སེམས་ཅན་གྱི་སྤྱོད་པ་རང་འཐད་དུ་གྱུར་ཅིང་མི་དགེའི་ལམ་དུ་ཚུད་བ་དང་། སྡིག་ཅན་དང་། དམ་ཚིག་ཉམས་བའི་མི་དང་འགྲོགས་ཤིང་སྤྱོད་ལམ་འདྲེས་པ་ལ་སོགས་པ་ཐམས་ཅད་ཞི་བར་གྱུར་ཅིག་ །ཏུ་རྨི་ཏེ་ཙིཏྟ་བྷྱཀུ་ལ་ཨ་པ་ན་ཡེ་སྭཱ་ཧཱ། གྲིབ་ཀྱི་རིགས་སུ་གྱུར་པ། ཕྱི་སྣང་བ་ལ་བདེན་འཛིན་གྱི་གྲིབ། ནང་དུག་ལྔ་རང་རྒྱུད་དུ་ཤོར་བའི་གྲིབ། གསང་བ་མ་རིག་པ་ཁ་འཁྱལ་གྱི་གྲིབ། ཐོ་ཅོ་རྩིང་སྦྱོབ་ཀྱི་གྲིབ། བདག་སྡོམ་ཉམས་པའི་གྲིབ། ཞེ་འདོད་གཞན་བསླུའི་གྲིབ། མི་ཤེས་ཤེས་བརྫུའི་གྲིབ། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཀྱི་གྲིབ། ཁ་ལྟ་སྟོང་སྐད་ཀྱི་གྲིབ། ཁ་འཛིན་ཆོས་སྤོང་གི་གྲིབ། ཚེ་ཚོམ་ཡིད་གཉིས་ཀྱི་གྲིབ། དམ་བཅའ་འདོད་ཞེན་གྱི་གྲིབ། སྡིག་ཅན་དང་། དམ་སྡོམ་ཉམས་པའི་གྲིབ། བྱད་གཏད་དང་། རྨུགས་པ་དང་། ཐབ་གཞོབ་དང་། ཕྱཱ་མདངས་ཉམས་བ་ལ་སོགས་སྣོད་བཅུད་ཀྱི་རྒྱུ་རྐྱེན་ལོག་བའི་གྲིབ་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག་རོཥ་ཨ་པ་ན་ལེ་སྭཱ་ཧཱ། འཁོན་གྱི་རིགས་སུ་གྱུར་བ་བླ་མ་དང་། སློབ་དཔོན་དང་། མཁན་པོ། ཆོས་མཛད་གོང་མ་དང་གཟུངས་མ་མཆེད་ལྕམ་ལ་འཁོན་པ། དཔོན་པོ། གྲོགས་པོ་དང་། ཕ་སྤུན་ཉེ་འབྲེལ་ལ་འཁོན་པ། ཡུལ་མི་ཁྱིམ་ཚེས་དང་འཁོན་པ། ལྷ་ཀླུ་གཞི་བདག་དང་འཁོར་པ། ལྷ་མ་སྲིན་སྡེ་བརྒྱད་དང་འཁོན་པ། མི་འཁོན་ལྷ་ལ་ཕོག་པ། ལྷ་འཁོན་མི་ལ་

(༤༥༧)ཕོག་པ། འཁོན་གསེབ་ཏུ་ཕྱིན་པ་དང་སྤྱོད་ལམ་འདྲེས་པ་ལ་སོགས་པ་འཁོན་གྱི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ །ཤཱནཾྟ་ཀུ་རུ་སྭཱ་ཧཱ། །མི་གཙང་བའི་རིགས་སུ་པ། མཛེ་ཕོ་དང་། ཆཇཙཔཕམ་དང་། མེ་ཕོ་དང་་ ཤན་པ་དང་་ མདོལ་བཙོག་དང་། རོ་བག་དང་། བཙོན་དོང་དང་། གནས་ཁང་གོས་སྟན་སྣོད་སྤྱད་ལ་སོགས་པ་མི་གཙང་བའི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་ད ཧྲངཔ ྲ གྱུར་ཅིག་ །ཤཱནྟཾ་ཀུ་རུ་སྭཱ་ཧཱ། མདོར་ན་རྐྱེན་ངན་ཉི་ཁྲི་ཆིང་སྟོང་། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། གློ་བུར་བརྒྱད་ཅུ་རྩ་གཅིག་། དུས་མིན་འཆི་བ་བཅོ་བརྒྱད། སྲི་ཀེག་བྱད་ཕུར་རྦོད་གཏོང་། རྨི་ལྟས་རྟགས་མཚན་ངན་པ། ཕས་ཀྱི་བསམ་ངན་སྦྱོར་རྩུབ། ཚེ་དང་སྲོག་ལ་བསྔོ་བ། འགྱུར་བའི་སྡུག་བསྔལ་ཆེན་པོ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། སྡུག་བསྔལ་ཉིང་འཁྲུལ་དུ་ཤར་ནས་གནས་སྐབས་ཀྱི་བདེ་ལེགས་འཛོམས་ཤིང་མཐར་ཐུགས་ཐར་པ་དང་ཐམས་ཅད་མཁེན་པའི་གོ་འཕང་ལ་བ་དུ་གཅོད་པའི་རིགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་ལུས་ཤེལ་སྒོང་ལྟར་གྱུར་པར་བསམ་མོ། །གསུམ་པ་གཏོར་གླུད་གཏང་བ་ནི། ཆངས་བུ་དང། རི་ལཱུ་ར་རེ་བཞིན་སྣོད་དུ་བླུག །འབྲུ་གསུམ་གྱིས་སྦྱངས་ནས་སམྦྷ་ར་ས་བསྔོ་བའམ། མ་ནུས་ན་ས་མྦྷ་ར་གསུམ་མམ་བདུན་བརྗོད། རམ་ཡཾ་ཁཾ། གཏོར་སྣོད་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོའམ་ཨ་ལས་འདོད་དགུའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཧཱུྃ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ན་མསརྦ་ཏ་ཐཱ་ག་ཏ་ཨ་ལྦ་ལོ་ཀི་ཏེ་ཨོཾ་སམྦྷ་ར་ཧཱུྃ། ཞེས་བསྒྲུབ་བྱ་ལ་བསྐོར་ཞིང་གླུད་ནང་དུ་དོར། རྫོགས་པ་དང་། གླུད་བསངས་སྦྱངས། སྟོང་པའི་དང་ལས་ཏིང་ངེ་འཛིན་གྱི་བྱེད་ལས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེད་མཆེད་ཐམས་ཅད་ཚང་ཞིང་མཛེད་པ་འདོད་དགུའི་འབྱོར་པ་ཅན་དུ་གྱུར། ནམ་མཁའི་མཛོད་ཀྱི་སྔགས་རྒྱ་བྱས་ལ། ཧཱུྃ

(༤༥༨)ཉོན་ཅིག་བགེགས་དང་ལན་ཆགས་འབྱུང་པོའི་ཚོགས༔ ཚེ་རབས་ལས་ཀྱིས་མནར་བའི་ལན་ཆགས་རྣམས༔ འདོད་ཡོན་གླུད་དང་གཏོར་མས་ཚིམ་པར་བྱོས། གནས་སྐབས་རྐྱེན་གྱིས་བསྒྱུར་བའི་གདོན་བགེགས་རྣམས༔ གཏོར་ཀྱུ་ཆངས་བུ་མར་མེ་ཞལ་ཟས་དང་༔ འབྲལ་ཆེན་འབྲས་བུ་ཤ་ཆང་ལ་སོགས་པས༔ ཚིམ་པར་གྱིས་ལ་རང་རྣག་གནས་སུ་དེངས༔ གལ་ཏེ་མི་འགྲོ་འདི་རུ་འཚེ་བྱེད་ན༔ ཡེ་ཤེས་རོལ་བའི་ཁྲོ་རྒྱལ་རབ་ཁྲོས་ནས༔ རྡུལ་ཆ་ཕྲ་མོ་ཙམ་དུ་བརླག་པར་བྱེད༔ སརྦ་བིགྣན་གཙྪ༔ སུམ་བྷ་ནི་སོགས་ཧཱུྃ་བཞི་བརྗོད། ཐུན་གྱིས་བྲབ། གུ་གུལ་བདུག་ །གཏོར་གླུད་ཕྱི་རོལ་དུ་དོར་རོ། བཞི་པ་བསྲུང་བ་ནི། བསྒྲུབ་བྱ་ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པ་སྐུ་མདོག་མཐིང་ནག་ །ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོའི་ལྟེ་བར་ཨཱདམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པར་བསྒོམ། རང་ཡི་དམ་དུ་གསལ་བའི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་སྤྲོས་ལ་བསྟིམ་པས་དེ་ཉིད་ཀྱང་ལྷའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཧཱུྃ་ཞེས་གནས་གསུམ་དུ་རྡོ་རྗེ་གཞག་ །དེ་ནས་གོ་ཆ་བསྐོན་པ་ནི། རང་གི་ཐུགས་ཀ་ནས་རྡོ་རྗེ་རྒྱ་གྲམ་དཔག་ཏུ་མེད་པ་སྤྲོས། བསྒྲུབ་བྱའི་གནས་རྣམས་སུ་རྡོ་རྗེས་རེག་པས་ལུས་རྡོ་རྗེའི་གོ་ཁྲབ་བཞུགས་བླུགས་སུ་གྱུར་ནས་གདོན་བགེགས་ཀྱིས་གླགས་མི་རྙེད་པར་བསམ་ཞིང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། རྡོ་རྗེ་སློབ་མའི་བགེགས་ཐམས་ཅད་རཀྵ་རཀྵ་ཧཱུྃ། སྡིག་པ་ཐམས་ཅད་རཀྵ་རཀྵ་ཧཱུྃ། གྲིབ་ཐམས་ཅད་རཀྵ་རཀྵ་ཧཱུྃ། །གདོན་ཐམས་ཅད་རཀྵ་རཀྵ་ཧཱུྃ། །རི་མས་ཐམས་ཅད་རཀྵ་རཀྵ་ཧཱུྃ། །ཉམས་ཆག་ཐམས་ཅད་

(༤༥༩)རཀྵ་རཀྵ་ཧཱུྃ། གྲིབ་འཁོན་ཐམས་ཅད་རཀྵ་རཀྵ་ཧཱུྃ། མི་གཙང་བ་ཐམས་ཅད་རཀྵ་རཀྵ་བྷཱུཾ། རྐྱེན་ངན་པ་ཐམས་ཅད་རཀྵ་རཀྵ་ཧཱུཾ། རྨི་ལམ་ངན་པ་ཐམས་ཅད་རཀྵ་རཀྵ་ཧཱུྃ། དུས་མིན་འཆི་བ་ཐམས་ཅད་རཀྵ་རཀྵ་ཧཱུཾ། སེམས་ཀྱི་རྣམ་གཡེང་ངན་བ་ཐམས་ཅད་རཀྵ་རཀྵ་ཧཱུཾ། བར་དུ་གཅོད་པ་དང་མི་མཐུན་བའི་ཕྱོགས་ཐམས་ཅད་རཀྵ་རཀྵ་ཧཱུཾ། ཞེས་དང་། བདེན་སྟོབས་བརྗོད་པ་ནི། ནམ་མཁའི་མེད་པར་གྱུར་ན་ཡང་། སོགས་མཐར་ཤིས་བ་བརྗོད། བདག་གི་རྣལ་འབྱོར་བསྡུ་ཞིང་དགེ་བ་སྔོ་བ་རྣམས་སྤྱི་དང་མཐུན་པར་བྱའོ། །ཆོས་ཀྱི་རྒྱལ་པོ་པྲཛྙཱར་སྨིས་མ་ལ་གྲོ་ཞམ་པའི་གཙུག་ལག་ཁང་ནས་གདན་དྲངས་པ་དམ་གྲིབ་ཉེ་བ་ཀུན་སེལ་གྱི་ཁྲུས་ཆོག་བཀླགས་ཆོག་མར་བཀོད་པ་འདི་ཡང་ཡིག་འཛིན་བ་མཁྱེན་བརྩེའི་འོད་ཟེར་གྱིས་བྱར་བའོ།

(༤༦༠)

(༤༦༡)གཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་མནན་པའི་ཡིག་ཆུང་གཅིག་ཞེས་ཀུན་གྲོལ་བཞུགས། ཁྱབ་བདག་བླ་མའི་ཞབས་དང་ལྷག་པའི་ལྷ། །དཔལ་ཆེན་གཤིན་རྗེ་གཤེད་པོར་གུས་བཏུད་ནས། །མནན་པའི་ལས་ར་རིབ་ནག་པོ་ཡི། །བཅས་ཤོམ་ལག་ལེན་འཆད་འདོད་གནང་བ་སྩོལ། །དེ་ཡང་མན་ངག་སྙིང་གཟེར་ནག་པོ་ལས། དམིགས་རྟེན་འབེམ་དུ་བཅའ་བ་ནི༔ དགྲ་བགེགས་ལིངྒ་འདྲི་བ་ཡིན སྙིང་གར་རྣམ་ཤེས་ཡིག་འབྲུ་རེ༔ དཔྲལ་བར་མིང་བྲི་ཁ་ལ་རུས། སྟེང་འོག་གཉིས་ལ་གཅོད་གཟིར་གཉིས༔ མཐའ་ལ་འཕྲོག་བྱེད་ཡི་གེ་བཞི༔ ཡན་ལག་བཞི་ལ་གཅོད་བྱེད་བཞི༔ དཔུང་པ་གཉིས་ལ་མྱོས་བྱེད་བྲི༔ འདི་ལ་གཟུགས་ཅན་གཟུགས་མེད་དོ༔ ཞེས་གསུངས་པའི་དགོངས་དོན་གྱི་ཟབ་གནང་རྣམས་གཙོ་བོར་བྱས་ཏེ་རང་གཞུང་གི་མན་ངག་གིས་བརྒྱན་པའི་དཔེའུ་རིས་ཟུར་གསལ་གྱིས་དགྲ་འདྲིའི་ལིངྒ་སོ་སོར་བྲི་བ་ཡིན་ཏེ། དེ་ཡང་དུས་ཚོད་ནི། གྱི་མ་ཤང་ཞགས་པ་ནག་པོ་ལས། །ཤོག་བུ་གྲོ་རེ་རེས་ལ། །ཁྲག་ཆེན་བཙན་དུག་སྦྱར་ནས་ནི། །ཕུང་གསུམ་བྲ་ཉེའི་ཉིན་ཞག་ལ། །གཏུམ་པ་སྟག་གི་དུས་ཚོང་དུས། །ཁམས་དང་སྤྱང་བའི་ཕུང་དུས་དེར། །ལས་བྱེད་འབྲུག་གི་ཉི་མ་ལ། །དགྲ་བདུད་དུར་ཞུགས་ཀུན་ལ་འགྲོ། །ཞེས་དང་། དྲང་སྲོང་ཤ་ལྡེ་རུ་རྩལའི་མན་ངག་ལས། ནམ་ལངས་ཡོས་ལ་ཉི་ཤར་འབྲུག་ །དུས་ཚོད་བཅུ་གཉིས་དེས་འགྲོའོ། །སྔ་དྲོ་མེ་ལ་ཉིན་གུངས། ཉི་མ་རྩེ་ཤར་ནས་སྲོད་ཚུན་ཆོད། ཕྱི་དྲོ། རུས་ཆེན་ཡིན་ལྕགས་ལ་དགོངས་ཀ་ཆུ། །ཉི་ཤར་ཤིང་ལས་སྲོས་ཤིང་། །སྲོད་འཁོར་མ་ལན་མ་གུངས། །ཐོ་རངས་ལྕགས་ལ་སྐྱ་རེངས་ཆུ། འདི་རྣམས་ཞིབ་ཏུ་བརྩེ་བ་གནད། །ཅེས་དང་། སྟག་ལོའི་བདུད་སྐར་མཆུ་གྲེ་གཉིས། །ཡོས་བུའི་སྤོལ་འབྲུགས་རི། །སྦྲུལ་གྱི་དབྱུག་གུལ་གསོར་ཏེ། །རྟ་སྣུབས་ལྷ་མཚམས་གཉིས་པོ་སྟེ། །ལུག་གི་ཆུ་སྨད་གྲོ་བཞིན་དང་། །སྤྲེལ་གྱི་མོན་གྲེ་མོན་གྲུ་གཉིས། །བྱི་ཡི་ཁྲུམས་སྟོད་ཁྱམས་སྨད་དང་།

(༤༦༢)ཁྱི་ཡིན་མ་གྲུང་བྱུག་གུ་སྟེ། །ཕག་གི་སྨིན་དྲུག་སྣར་མ་དག བྱི་བའི་མགོ་ལག་གླང་ནབས་རྒྱལ། །དེ་ནི་སྐད་པའི་གྱི་མ་ཤང་ངོ། །ཞེས་དང་། གཞན་ཡང་ལོ་ཟླ་ཞག་དུས་ཟ་བདུན། ནར་དུང་སོགས་ཞིང་ཏུ་བརྩི་དགོས་ཀྱང་དེ་ཙམ་གྱིས་མཐའ་བསྡུས་ཞས། མི་འདུས་རྐྱེན་བཞི་ཤོར་རྐྱེན་བཞི། རྟེན་ལ་མི་ཁུག་གནད་བཞི་པོ། །སྤངས་ནས་ཆད་ལྡན་བྲི་བར་བྱ། །ཞེས་པའི་སྐྱོན་བྲལ་ཞིག་ངེས་པར་གཙོ་ཆེ། །ཐོག་མར་རང་གི་ཁ་ལག་གདོང་གསུམ་དག་པར་བཀྲུས་ན་སོགས་བགྱིས་ནུས་བརྒྱས། དེ་རྗེས་ལག་པར་བསང་ཁྲག་དང་བསང་ཐལ་བྱུག་ །ཤ་ཆེན་ནམ། ཚ་བ་གསུམ་མུར་བཞི་ན་བར། ཁེབས་ཁ་རས་དང་བཅས་གཤིན་རྗེའི་ང་རྒྱལ་ལ་གནས་པས་ཁ་བལྟ་ཕྱོགས། དམིགས་བྱའི་བདུད་གཅད་དམ། ལྷོ་ནུབ། ལྷོ། སྒྲ་གཅན་སྡེ་བརྒྱད་སོགས་ཀྱི་ཐེབས་ཕྱོགས་དང་། ཉི་མའི་འཆར་ཞུད་སོགས་དང་དྲི་བ་མི་འགོ་བའི་ཐབས་སོགས་ཕྱོགས་མཐུན་རིག་པའི་མདའམ་ཡང་འཕེན། སྣག་ཚའི་རྒྱུ་ཕུགས་སའི་ཁོག་དྲེག་གམ། རྒྱ་སྣག་གཙང་མ། རོ་སོལ་སོགས་ལ། མཆོད་རྟེན་རྙིང་པའི་རྨང་ཞབས། ཕུང་ཤུལ། རི་མཐོ་ཉིས་ཆང་སྔ་བའི་རྨངས་སོགས་དང་། ཕག་ནག་ །གྲི་མཛེ། ར་ཁྲག་ །བྱ་ཤ་ཟན། གཅན་གཟན་གདུག་པ་ཅན་བྱི་ཁྲག་ །བཙན་དུག །ཏི་ལན་ག་ །ལྡོང་རོས། ལན་ཚྭ་སྐྱེ་ཚེ། བྲར་ཁུ། མི་རུས་སོགས་ཙ་འཛོམ་བསྲས་ནས་ཐོད་ངན་ནམ། གྲི་ལྕགས་ཀྱི་གོང་བུར་སྦྱངས་པས་ལས་རང་བཞིན་གྱིས་འགྲུབ་པའི་དགོས་པ་ཡོད། སྤྲོན་བདག་ཉིད་ཕྱག་རྒྱ་ཟིལ་གནོན་གྱི་ཏིང་འཛིན་སྔགས་རྒྱས་གཟས་པོ་དངོས་སུ་བཀུག་ལ་སྣག་ཚ་དང་དབྱེར་མེད་རོ་གཅིག་ཏུ་བསྟིམ་ལ་རུས་པའམ་ལྕགས་ཀྱི་ལྡེ་མིག་གིས་སྣ་ཚ་མཉེ་བ་དང་ཕྱེ་མར་འཐག་པའི་དམིགས་པ་བྱེད། བྲི་སྨུག་ནི་མི་བསད་མདའ་སྨྱུག་གམ། བྱ་ཤར་ཟན་གྱི་སྒྲོ་རྩ། སྲིད་གཏེར་ལས། ཁྱད་པར་ཕོ་རོག་ཤེས་པ་ཡིན༔ ཞེས་གསུངས། ཆེ་ཆུང་ཚད་ནི་རབ་ལམ་དང་འགང་ངམ། །འབྲིང་མཐར་གཟས་པོའི་ཁྲུ་གང་མ་ཐ་གང་བྱ། །མི་འབྱམ་གནད་ལ་གྲོང་ཡུལ་ཕམ་དང་།

(༤༦༣)བུ་ཚའི་མིང་སོགས་ཤར་ཡིག་བྲི་བར་གསུངས། མ་བུ་པ་མ་ཞམ་ལོང་མ་འགྱེལ་གནང་། སྲི་ཅན་ལིངྟ་སྦྱི་ཁོག་འདྲ་བ་ལ། ཁྱད་པར་དགྲ་མིང་རྣམས་སུ་སྲི་མིང་དང་སྙིང་གར་ཏྲི། མགོ་བོ་བསྒྱུར་དགོས་པས། ཕོ་སྲི་གཡག་དཀར། མོ་སྲི་ལ་ཁྱི། རྒན་སྲི་ལྦ། ཆུ་སྲི་སྲེ་མོང་། དར་སྲི་སྤྱང་ཀ། དུར་སྲི་ལྦ། དམ་སྲི་ཕག་ །སྤྱིའི་ཕུང་སྲི་ལ་རྔ་མོང་། རྒྱལ་སྲི་སེང་གེ། བླེན་སྲི་རི་བོར། དམངས་སྲི་དྲེའི། དགྲ་སྲི་སྤྱང་ཀི། མཚོན་སྲི་ཤ་བ། གོད་སྲིར། གཡའ་སྲི་འཕར་བ། ཉེ་སྲི་སྡིག་པ། བྱིས་སྲི་རྟའམ། སྤྱང་ཀིའང་གསུངས། རྐྱེན་གང་ཡིན། གདོན་སྲིའི་རིགས་ལ། བཙན་སྲི་དམར་པོ་འུག་མགོ། གཞན་ཡང་ཚོན་ཁྲལ་བསྡུས་ནས་དེ་ཚོན་སྐུང་སྣ་ལྔས་རྒྱ་གྲམ་དུ་བཅིང་། དེའི་སྟེང་དུ་མཆོད་རྟེན་བཞངས་པ་ལ་སྔགས་འཆང་རྣལ་འབྱོར་བ་བྱིན་རླབས་ལྡན་པས་རབ་གནས་བྱས་ན། མཚོན་དང་འཁྲུག་པ་མཐའ་དམག་སོགས་ཞི་བར་གསུངས་པར། མཆོད་རྟེན་མ་འགྲུབ་ཀྱང་མཚོན་སྲིའི་རིགས་ལ་དེ་བཞིན་བསྟན་འགྲོད་དམིགས་ནས་བྱ་ཐུབ་ན་ལེགས། རྒྱལ་སྲིད་ཀར། མནན་དུས་སུ་རྩེ་མོ་ཐུར་ལ་བསྟན་ནས་མནན་ཆས་སྟེང་དུ་བཙུག་ པོ་བྱ་ཕོ། གླུ་སྲི་སྔོན་པོ་སྤྲུལ། བདུད་སྲི་ནག་པོ་ཁྱུང་། ལོ་སྲི་ལོ་བདུད། ཟླ་སྲི་ཟླ་བདུད་ཀྱི་མགོ་ཅན། དུས་སྲི་དུས་དེར་དམོད་པ་སོགས་སོ། །དཔྲལ་བར་ཨ་ཏྲིག་ནན་སོགས་ཁོ་བོས་དཔེ་རིས་ཟུར་དུ་གསལ་བར་བཀོད་པ་ལྟར་རོ། དགྲ་བོའི་སྙིང་གའི་ས་བོན་ལ་ཡིག་རིགས་མི་འདྲ་བ་མང་དུ་བྱུང་། ལྔ་པ་ཆེན་པོའི་ཕྱག་བཞེས་ལ་རྣིྲ་འདི་བཞིན་དང་། དབུར་སྨྱོན་ཆོས་ཀྱི་གྲགས་པས་གཤིན་རྗེ་ལྕགས་སྡིག་གིས་ལུང་ཁུངས་སུ་ནྲྀ་འདི་བཞིན་འདྲེན། གཞན་དག་ནྲི་ཎྲྀ་འདི་བཞིན་བཞེད་ཅིང་དོན་དུ་འགྲོ་བ་མིའི་ས་བོན་ཉོན་མོངས་དུ་གསུམ་གྱི་ངོ་བོ། སྙིང་དབུས་ཁྲག་སྦལ་གྱི་ནང་དུ་ཡི་གེའི་རྣམ་པར་གནས་པ། རྟེན་འབྲལ་ལུགས་འབྱུང་དུ་དུག་གསུམ་རང་རྒྱུད་ཤར་བའི་འདོད་ཆགས་བྱ། ཞེ་སྡང་སྦྲུལ། གཏི་མུག་ཕག་སྟེ་

(༤༦༤)གསུམ་པོའི་གཟུགས་ཀྱིས་མཚོན་བྱེད་དཔེའི་དབྱིབས་སུ་གྲུབ། སྤྲོན་དགྲ་ལིང་གི་བརླ་གཡས་པར་ཤ་པའི་གཟུགས་བརྙེན་ནམ། ཤ་བ་ཞེས་མིང་བྲིས་པའི་མཐར། དགྲ་བོའི་བླ་འཁྱམས་ཤ་བར་བརྫུ་བཛཛ༔ ཞེས་བསྐོར་ཏེ་འདྲི། དེ་བཞིན་དུ་རྐྱར་ལ་ཀྵ། རྟ་ལ་དྷ། གཡག་ལ་བྷུ། བུང་བ་ལ་ཏྲི། གླང་ལ་གྷཱུ་ཏེ་བླ་རྟགས་ཆེ་བ་དྲུག་གི་སྲོག་དང་། བྱི་བ་ལ་ཧཱུཾ། ཕག་པ་ལས། གནའ་བར་ལ། ལུག་ལ་སེ། ར་ལ་ཛ། གླ་བ་ལ་བྷ་སྟེ་ཆུང་བ་དྲུག་གི་སྲོག་མཐར། དགྲ་བོའི་བླ་འཁྱམས་འདི་དང་འདི་རུ་འགྲུབ་ཛཛ ཞེས་སྔ་མ་ཇི་བཞིན་དུ་འདྲི། བརླ་གཡོན་པར་བླ་ལེན་འཕར་བ། སྤྱང་ཀི། དོམ། དྲེད། ཁྲ། གླག་སོགས་བླ་གཤེད་དྲུག་གི་ཁོག་པར་དགྲ་བོ་གླང་ལུག་ཁྱི་འབྲུག་བཞིའི་བླ་མེ་ཡིན་པས། ཤར་བྷ་སྟེ་མཱ་ར་ཡ་རྦད། ཅེས་རྟའི་གཤེད་སྔགས་དང་། ས་ལ་སྲ་བྷེ་མ་ཏི་རྦད། ཅེས་སྦྲུལ་གྱི་གཤེད་སྔགས། དེས་འགྲེལ་བར་སྟག་ཡོས་ལོ་པའི་བླ་དེའི་སྲོག་གི་མ་ཡིན་པས་བྱི་ཕག་གཉིས་ཀྱི་གཤེད་སྔགས་སདྷི་ཙ་ཡ་དུ་བྷི་ཏྲི་རྦད། ཅེས་བྱི་བ་དང་། ཟོ་ས་ཡུ་ཤ་སུ་ཏ་རྦད། ཅེས་ཕག །རྟ་སྦྲུལ་ལོ་པའི་བླ་དའི་སྲོག་གི་མ་ཡིན་པས་སྟག་ཡོས་གཉིས་ཀྱི་གཤེད་སྔགས། ཨ་བྷི་ཏ་ར་མེ་བྷ་རྦད། ཅེས་དང་ཡོས་ལ། ཤ་ས་ཀ་ར་ཧ་ར་རྦད། བྱ་སྤྲེལ་ལོ་པའི་བླ་གོང་ལྟར་ལ། གླང་ལུག་ཁྱི་འབྲུག་བཞིའི་གཤེད་སྔགས། ཨ་བནྟ་གྷྲི་ཏ་རྦད་ཅེས་གླང་དང་། སང་ཤ་བུ་ཏི་ས་ཕག་རྦད། ཅེས་ལུག་ །ཤུ་ནས་སུ་ར་ཏྲ་རྦད། ཅེས་ཕྱི། ས་ཏ་གཏེ་ལི་དུ་རྦད། ཅེས་འབྲུག་ །དེ་ཡང་དཔེར་ན་གླང་ལོ་པ་ཡིན་ན་རྟ་སྦྲུལ་གང་རུང་རེས་ཆོག་སྟེ་གཉིས་ཀ་འདྲི་མི་དགོས་པ་སོགས་གཞན་ལའང་ཤེས་པར་བྱའོ། བླ་བདུད་གཟུགས་ལ་དབབ་པ་ནི། །བྱེད་མའི་བླ་དྭགས་བྲི་བ་ཡིན། ཞེས་གསུངས་པའི་ཟབ་གནད་ཐུན་མོང་མ་ཡིན་པ་ཡིན། ཡང་ན་ཡི་གེ་ཚ་ལ། ཏྲོཾ༈ཏྲ༈ཤཾ༈ཏྲི༈ཛ༈ཁཾ༈ཤ༈གྷ༈ཛ༈ཏྲི༈ཐུཾ༈ཛསོགས་ཡི་གེ་མགོ་ལྟ་ཕྱོགས་ཕེར་མོར་ལྡོག་ནས་འཁོར་མ་བྲི། ཡང་ན་

(༤༦༥)ཏྲི་ཏྲོཾ་ཤམ་དྷ་ཤ་ཛཧཱུྃ། ཡང་ན་བླ་ཆེན་དྲུག་གི་མིང་མཐར་བླ་ཁུག་ཛ ཡང་ན་གནོད་བྱེད་དགྲ་པོའི་བླ་གང་དུ་བརྫུས་ཀྱང་ཁུག་ཛ ཅེས་པདྨའི་རྩ་བ་ནས་ཕྲེད་ལ་འདྲི། དེ་ལྟར་དཔེའུ་རིས་ནས་བཤད་པའི་མཚན་ཉིད་ཚང་བའི་ལིངྟ་དེ་ཉིད་ལྷག་ཆད་བྲིས་བསུབས་སྤངས་ཏེ་དག་པར་བྲི། གལ་ཏེ་བྲིས་བསུབས་བྱེད་དགོས་ན་སྟག་ཏི་སྡེར་མོས་བྲད། དམིགས་བྱ་ལེགས་པར་ཚར་བ་དང་། ཕྱི་ནང་བྱེ་མ་གཤེར་ལྡན་གྱིས་ཕུར། ཟན་གཙང་མའི་དྲིལ་གྱིས་བྱ། ཚོན་གཏོང་ན། ཁ་དོག་འབྱུང་བ་གཤེད་དུ་བསྡེ་བ། ཅེས་པས་དམིགས་བྱའི་སྲོག་ཁམས་དང་བསྟུན། ཐུམས་འཁོར་རྩིབས་དེའི་གཤེད་དུ་སྡེ་བ་དགོས་པ་སོགས་ཕྲ་ཞིབ་ཀྱི་ལག་ལེན་མཐོང་རྒྱུན་བཞིན་བྱའོ། །སྐབས་འདིར་ལིང་ཁྲུས་ཟུར་གསལ་བཞིན་གྲུབ་ནས། བྱུག་རྫས་ནི། ཁྲག་སྣ་གང་འཛོམ། ཁྱད་པར་གྲི་མཛེའི་ཁྲག་ །དུག་སྣ་ཅི་ཆོགས། ཐང་ཕྲོ་མ་དཀར་ནག་ །བཙན་དུག་ །ཕུངས་སོགས་གདུག་པའི་ས་སྣ་གང་འཛོམ། ལྷ་ཁང་རྙིང་པ། རི་ཉིལ། མཆོད་རྟེན་ཞིག་རལ་སོགས་ཀྱིས་དང་། དམིགས་བྱར་དེའི་དྲི་མ་དྲུག་སོགས་ཟག་རྫས། ཀེག་སྲི་སོགས་བགེགས་རིགས་ལ་འདྲེ་ཚུགས་ཀྱིས་དང་། གང་གདོད་དེའི་ས་རྡོ་ཆུ་ཤིང་བསད་ཁྲད་དུག་སྣ་སོགས་བྱུང་། །བཟློག་གསད་ཀྱི་དཀྱིལ་འཁོར་ནི། གཞུང་ལས། ཕུང་གསུམ་ལ་འབྱུང་བང་ལའི༔ དཀྱིལ་འཁོར་སྟེགས་བུ་མདའ་གང་བ བདུད་རྩི་ཁྲག་དང་ལྡན་པས་བྱུག༔ ཅེས་དང་། རྡོ་རྗེ་བྱུག་རྫས་རྣམས་ཁུ་བ་འབྱིན་པའི་ཕྱི་མེད་བཟླས་ནས་རླངས་ཐོན་ཙམ་བྱེད་འཁོར་ལོའི་བར་དག་ཏུ༔ མིང་རུས་ལྡན་པའི་ལིངྟ་བཅུ༔ དཔལ་གཏོར་འོག་ཏུ་གཅིག་ཀྱང་བཀོད༔ ཅེས་པའི་དཀྱིལ་འཁོར་དཔེ་རིས་བཞིན་གྱི་དབུས་སུ་ལྕགས་སྣོད་སོགས་ཀྱི་འབྲུ་བ་ཁུང་མཚན་ཉིད་ཚང་བའི་ནང་དུ་འཇུག་ །རྩིབས་དང་ལྕགས་མཁར་གྱི་བར་དུ་མིང་རུས་ལྡན་བའི་ཟན་གྱི་ཉ་རོ་བཅུ་དང་མཐར་རྩ་བར་བོར་རྫས་སོགས་འགོད། འཇུག་པ་བདེ་ཕྱིར་ཕུངས་སོགས་དྲག་པོའི་ས་སྣ་དང་བྱེ་མ་ལ་བྱས་པའི་མཎྚལ་མདའ་གང་བྲུ་བཞི་རི་སོལ་དང་ཐལ་ཆེན་གྱིས་ནག་པོར་བྱས་པའི་དབུས་སུ་བྲུ་བ་ཁྲུ་བ་ཁུང་ཕྱེད་ཆ་

(༤༦༦)ཙམ་ནུབ་པར་འཇུག་པའམ། ཡང་ན་ལྕགས་སླང་བུག་རྡོལ་མེད་པ་བྱེ་མས་བཀང་བའི་དབུས་སུ་འབྲུབ་ཁུང་ཇི་ལྟར་འཚམ་བྲུས་ལ། གྲི་ཁྲག་དུག་ཆུ་དུར་ཐལ་སོགས་ཀྱིས་སྤགས་པའི་མཐར་སྐྱེར་རྩང་སྟོད་སྨད་ཁྲག་དང་དབུས་རོ་སོལ་གྱིས་ནག་པོར་བྱུག་ །རྩེ་མོར་ཤ་ཡིས་བརྒྱན་པ་ཉེར་གཅིག་སྭིན་མོ་འབྲོས་སམ་ཚུབ་མ་རིས་སུ་བཙུགས་ལ་འགུགས་བྱེད་ཀྱིས་ཕོ་ཉར་མངའ་གསོལ། དེ་ནས་ལིངྒ་རྣམས་མང་པོ་ཡོད་ན་བརྩེགས། འཁོར་ལིང་ཡེད་ཚེད་འོག་ཏུ་བཅུག་གཞུག་ཚུལ་ནི། ཇི་སྐད་དུ། ལིངྒ་གཤེད་བལྟ་བྀ་ནྲ་ཡིག་མཐོང་། ཞེས་པས་མཐའ་ནས་རིམ་པར་བསྡུས་པའི་མཚོན་ལྟེབ་བམ་རོ་སྒོད་དུ་གྲགས་པས་སྙིང་གའི་ས་བོན་མཐོར་བའམ། ཡང་ན་སྐེ་རྒྱལ་ཏུ་བཅག་པའི་གཡས་གཡོན་གཤམ་སོགས་ཟུར་ལྟོ་བ་བུར་གསུམ་བཟོས་ནས་ས་བོན་མཐོང་བ་ཤི་སྐྲ་དང་། བྱང་ཐག་གིས་ཅུང་ཟད་དཀྲིས་ནས་གཞུག་ དེའི་སྟེང་དུ་ དམ་སྲིད་པ་ལུགས་འབྱུང་དྲག་པོའི་ཤིང་གིས་ཨེ་ཁྲམ་སྟེང་མཐོ་བར་གོང་གནོན་གྱི་གཏེར་མ་དཔེའུ་རིས་བཞིན་བཞུགས་སུ་གསོལ། ཨེ་ཁྲམ་རོ་ནག་གམ༈ དར་ནག་གིས་དཀྲིས་ལ་ཉི་ཟླའི་ཟེར། ར་མེའི་འོད། བདུད་རྩིའི་ཟེགས་མ་སོགས་མི་འཇུག་པ་བྱེད། འབྲི་གུང་ཆོས་ཀྱིས་གྲགས་པས་ལིངྒ་ལ་བདུད་རྩི་འཐོར་ནད་མེར་གོ་གསུངས། གཤིན་རྗེ་ཡང་བཟློག་གི་ཁྲིགས་རིམ་དུ་དགུག་གཞུག་གི་གནག་དུ་སྨན་མི་བྲན་པ་གནད་ཟ་བཅེས་བཤད། གང་ཟག་གཞན་དག་བདུད་རྩི་ནི་དམ་ལྡན་སྨན་དང་དམ་ཉམས་ལ་དུག་ཏུ་འགྱུར་བའི་ཕྱིར་སྐྱོན་མེད་པར་འཆད་ཀྱང་། སློབ་དཔོན་ཆེན་པོས་ལིངྒ་ལ་སྨན་རག་བདུད་རིམ་མཐོར་བ་གལ་ཆེ༔ གསུངས། ཉེ་ཕོགས་ཅི་བདེ་བར་གཡག་རྒོད་ཀྱི་རྭར་ཐུན་རྫས་ནི། སྐེ་ཤངས་ཡུངས་ཏེ་འབྲུ་གསུམ། ལྕགས་བྲངས་རྡོ་གསུམ་སྟེ་བྱེ་གསུམ༈ སྤང་བྲར་མས་གསུམ་སྟེང་ན་གསུམ། ཕུངས་དགུ་སོགས་ས་སྣ་དང་བྱེ་མ། མཛེད་མེ་རབས་ཆད་ཁ་སྤྱང་གྲི་བྲག་སོགས་ཁྲག་སྣ། བཙན་དུ་གསོགས་དུག་སྣའི་རིགས་ཏེ་སྣ་གསུམ་རྣམས་ཀྱིས་བཀང་པའི་ཁ་དུག་ཤོག་ཁྲོལ་ཚོགས་ཅན་གྱིས་བཀབ། མཐའ་བསྐོར་དུ་རང་གཞུང་ནས་

(༤༦༧)གསུངས་པའི་གནན་སྣོད་ནི། རབ་མོན་ཐོད་གྲི་ཐོད་རབས་ཆད་ཐོད་པ། །ཐ་མ་སྤྱང་དང་ལྦ་ཁྱི་ཕག་པའི་ཐོད་པ་གཉིས། ཞེས་སྤྱིར་བཏང་དང་། སྲི་ཅན་ལ། མནན་སྣོད་དང་ས་དམིགས་ངག་འདོན་གྱིས་ཤིན་ཏུ་གོ་སླབས་འདིར་ཆིག་ཚོགས་ཆེ་བས་མ་བྲིས། དེ་དག་གད་བརྡར་ལེགས་པར་བྱས་པའི་འགྲམས་གཡས་ལ། སྐྱེས་བ་ཕོའི་ཕོ་སྲི་ལངས་པ་ནན་ཆིངས་བྲུབ། འགྲམ་པ་གཡོན་ལ། བུད་མེད་ཀྱི་མོ་སྲི་ལངས་པ། ཡ་རྐན་ལ། མི་ཁ་དང་བྲ་མཆུ་ནན་ཅིངས་བྲུབ། ཁ་ལ། བྱིས་པའི་ཆུང་སྲི་ལངས་པ། དཔྲལ་བར། རྒན་པའི་རྒན་སྲི་ལངས་པ། གདོང་ལ། གཞོན་པའི་གཞོན་སྲི་ལངས་པ། མཆེ་བ་ལ། དར་མའི་དར་སྲི་ལངས་པ། སྤྱི་བོར། སྤྱི་དགྲ་ལངས་པ་ཐམས་ཅད། རྣ་ལྟག་གཡས་གཡོན་དུ། ཕུང་སྲི་གོད་སྲི་ལངས་པ་ནན་ཆིངས་བྲུབ། ཅེས་བྲིས་ལ་རིང་ཆས་ཅུང་ཟད་དཀྲི། བྱེ་བྲག་གཞུང་གཞན་ལས། གནན་སྣོད་དངོས་དམིགས་ནི། དགྲ་འདྲེ་སྦྱི་ཙམ་དུ། མོན་པ་རབས་ཆད་ཀྱི་ཐོད་པར་མཆོད་རྟེན་གྱི་ཞབས་སུ་གནན། དགྲ་བོ་སྦྱིར་སྤྱང་ཀིའམ་ཤ་ཁྱིའི་ཐོད་བ་ཡང་ན་ཁོ་རང་གི་ཕ་མེས་ཀྱི་ཐོད་བ། གླང་དང་གཡག་རྭ་མི་ཆུས་མ་ཕོག་བ་སྐྱེས་པར་གཡས་དང་། བུད་མེད་ལ་གཡོན་ལམ་རྒྱ་གྲམ་དངལ་བ་ཙས། འབྱུང་པོ་སྤྱི་ལ་པོས་ཐོད་མཆོད་རྟེན་ཞབས། དེ་ཡང་ཞིབ་ཏུ་དབྱེ་ན་འདྲེ་གཉིས་ལས། དང་པོ་བླ་མ་ལ་བྱ་རྒོད་ཀྱི་ཐོད་པའམ། སྟག་གམ་བྱ་ལ་ཁྲག་རིས་ཅན་གྱི་ཐོད་པ་མཆོད་རྟེན་ཞབས། དགེ་སློང་ལ་དད་སེར་མཆོད་རྟེན། སྔགས་བ་ལ་བྱ་རོག་ལྷ་ཁང་། ལྷ་སྔགས་དམ་ཚིག་གཅིག་པའི་མཆེད་དང་སློབ་མ་ལ། རུས་སྦལ་གྱི་ཁོག་པའམ། །སྦལ་ནག་གི་ཐོད་པར་བྲག་གཅན་གཟན་འདྲ་བའི་ལོག་ །བོན་པོ་དང་མུ་སྟེགས་ལ་གྲུམ་པ་དང་ཕག་ནག་གཅན་གཟན་གང་རུང་ལ་བཙས། རྒྱལ་པོ་ལ་སེངྒའམ་ཁྱི་དཀར་རྒྱ་སྒོའི་ཐེམ་འོག །མི་དཔོན་གླང་ཐོད་སྤྲུལ་ནག་གམ་རུས་སྦལ་འདྲ་བའི་འོག་ །མི་སྐྱེ་

(༤༦༨)ཕག་ཐོད་དམ་གླང་རྭ་མེ་ཆུས་མ་འཕོག་པ་ཐ་མ་དུར། བུད་མེད་ལྦ་ཐོད་རྒྱལ་མ་མམ་དུར་ཁྲོད། བྱིས་པ་སྲེ་མོང་སྒོ་ཐེ་མ་འོག་ །མི་སྐྱ་ཁེར་འདོད་ལྦ་ཐོད་ཤིང་གཅིག་གི་དྲུང་རྣམས་སུ་བཤད། གཉིས་པ་ནི། དམ་སྲི་འཕར་སྦྱང་ཁྱི་ཐོད་ཕྲོང་གི་དབུས། རྣལ་འབྱོར་པའི་དམ་སྲི་མི་ཁྱིར་ཕག་རབས་ཆད་གྱི་ཐོད་པ་མཆོད་རྟེན་འོག་ །འགོང་སྲི་སྤྲེལ་ཐོད་ཁ་ལྷང་ཐེམ། རྒྱལ་པོའི་བུའ་སྲི་མོན་བོད་ཧོར་གསུམ་གྱི་ཐོད་པ་ཆོས་འཁོར་གྱི་དབུས་སམ་ལྷ་ཁང་། བློན་པོའི་ཕུང་སྲི་སྤྲེའུ་རི་བོང་ནེ་ཙོའི་ཐོད་པ་ཕོ་བྲང་གི་མདུན། ཡུལ་མིའི་ཕུང་སྲི་མཛོ་རྟོལ་དྲེའུའི་ཐོད་པ་སྦྲུལ་གྱི་སྦྲུལ་གྱི་སྲང་ངམ་ཡུལ་གྱི་དབུས། དགྲ་སྲི་རྟག་གཡག་གི་ཐོད་པ་དགྲ་བྱུང་དོགས་ཀྱི་གོང་གསུམ་མམ། ལམ་རྒྱ་གྲམ། ལུང་གསུམ་མདོ། ཕོ་སྲི་གཡག་རོག་གི་ཐོད་པར་གངས་སྟོངས་སམ་རི་རྩེའི་ལ་བཙས། མི་སྲི་ཁྱི་མོ་ནག་མོའི་ཐོད་པ་རྒྱ་མཚོའི་གཏིང་དམ་ཕྲག་གི་རྩིབ། དར་སྲི་ལྦ་དམར་གྱི་ཐོད་པ་དུར་གྱི་འོག་ །ཆུང་སྲི་རིའུ་ལུ་གུ་ཁྱི་བུ་མིག་མ་བྱེ་བ་ཤོར་སྐྱེས་དང་། ཕོ་གུ་སྲེ་མོང་ཐོད་པ་མའི་མ་ལ་འོག་གམ། ལམ་རྒྱ་གྲམ་རྒན་སྲི་ལྦ་ཐོད་ཚད་པའི་ཞབས། དུར་སྲི་ལྦ་ཐོད་དུར་ཁྲོད་དབུས། དབུལ་སྲི་སྤྱང་ཀིའམ་རི་བོང་གི་ཐོད་པ་རྒྱ་ཐང་ཁྱི་བྲོག་ །ཕུང་སྲི་རྔ་མོའི་ཐོད་བ་གྲོག་པོ་ཕུགས་རྡུགས་བུ། ལྕེབ་སྲི་རྦབ་སྲི་ཕག་ཐོད་རྒྱ་གྲམ་འམ། དམེ་སྲི་སྐྱ་གའི་ཐོད་པ་ཁང་པའི་ཞབས། གྲི་སྲི་ཤ་བའི་ཐོད་པ་ལ་བཅས་འོག་ །རྟ་སྲི་རྟ་ཐོད་རི་ཆེན་ཞབས། གོད་སྲི་འཕར་སྦྱང་ར་ལུང་སྤྲེའུ། འབྲི་རོག་གམ། བེའུ། ཡན་ན་གོད་མགོ་ཕྱི་མར་བའི་དབུས། གཡའ་མོའི་གོད་སྲི་འཕང་བརྡ་མོའི་གསའ་ཡི་ཐོད་བ་བཟློག་ལྟས། སེར་སྲི་ཤ་བའི་ཐོད་པ་སེར་བ་འོང་བའི་སྒང་ཟུར་གྱི་རྨད། ཞིང་སྲི་གྲང་རྭ་འམ་རྫའི་བར་བུ་འོད་ཁའི་དབུས་རྣམས་སུ་གནན་པར་བྱའོ། །གཞན་ཡང་མངོན་སྒྱོད་ཀྱི་ཡི་གེ་ལས། དགྲ་ཡུལ་མི་མཐུ་ནས་ཡིན་ན༔ དགྲ་བོའི་ཡུལ་གྲུ་གང་ཞིག་གི་ཐོད་པར་གནན༔ དགྲ་བོའི་དམག་དཔོན་དྲེད་པ་དང་༔ དམག་མི་དོམ་གྱི་ཐོད་པར་གནན༔ ཡུལ་མཁར་དང་ནོར་རྫས་སྤྲེའུའི་ཐོད་བོར་

(༤༦༩)གནན༔ ཁྱད་པར་གང་རུང་གི་དགྲ་དང་སྲི་གནན་ཡིན་ན༔ དགྲ་བོ་ཆེ་རྒྱུད་དང་རྒན་སྲི་རྣམས་དོམ་མགོའི་ནང་དུ་གནན༔ དགྲ་བོ་ཆུང་རྒྱུད་དང་མོ་སྲི་རྣམས་ཕག་མགོའི་ནང་དུ་གནན༔ གཞོན་སྲི་དང་དབུལ་སྲི་རྣམས་སྤྱང་ཀིའི་མགོར་གནན༔ ཆུང་སྲི་དང་ཐེའུ་རང་རྣམ་ལ་སྲེ་མོང་མགོར་གོད་སྲི་དང་ནད་སྲི་ལངས་པ་བྱ་རོག་གི། མི་ཁ་དང་ཁ་མཆུ་ལངས་པ་རྣམས་ལྦ་ཡི། ནད་ཡམས་དང་ཞིང་ཁའི་སྲི་རྣམས་བོང་བུའི། ཁྱིམ་དུ་འདྲེ་ཆགས་དང་འགོང་བོའི་སྲུ་ཞུགས་ན་རི་བོང་གི། རྒྱལ་བསེན་དང་འབྱུང་པོས་རྒྱུན་དུ་ཟ་ཁ་ཟུག་ན་ཁྭ་ཏའི། སུ་ན་ཁ་དང་གཤེད་ཁ་སྡང་ན་འུག་བའི། སྒྲུབ་ལ་ཕྱི་ནང་གི་བར་དུ་གཅོད་པ་བྱུང་ན་རའི། ཕ་རོལ་གྱིས་བྱད་ཟོར་དང་དམོད་པ་རྒྱུན་དུ་ཟུབ་ན༔ སྐྱུང་ཀ་དང་བྱ་རོག་འུག་བ་དུར་བྱ་རྣམས་ཀྱི་མགོ་བོར་ལིངྒ་བཞག་ཅིང་མི་མགོའི་ནང་དུ་བཅུག་སྟེ་གནན༔ ཞེས་དང་། དགྲ་བོ་དཔུང་ཚན་ཆེ་བ་ཡི༔ དམག་དཔོན་སོགས་ལ་སྦབ་ན། གངས་རི་སྤང་རི་རྫ་རི་ལ༔ རྩེ་མོ་ནག་པོར་འདུག་བ་ན། མགོ་ཆད་འདུན་ཕོག་རི་ཡིན་པས༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ དགྲ་བོ་དཔུང་ཚན་ཆུང་བ་དང་༔ ཡུལ་མི་ལ་སོགས་དགྲ་ཡི་རིགས༔ མི་ནག་མཚོན་ཆ་དྲུང་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ དེ་ཡི་འོག་ཏུ་གནན༔ ཕུང་སྲི་ལངས་དང་ནང་འཁྲུག་ལ༔ གནམ་ལྕགས་མཆོད་རྟེན་བརྩེགས་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ གྲི་སྲི་གཞོན་སྲི་ལངས་པ་ན༔ ཆོས་འབྱུང་དགུ་བརྩེགས་བསྣོལ་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ ཆུང་སྲི་བུད་མེད་སྲི་ཡིན་ན༔ བཙུན་མོ་བྲང་རྒྱན་བཏགས་འདྲའི་རི༔ མདུན་གཤམ་འོག་ཏུ་དགྲ་བོ་གནན༔ སྒོ་ནོར་ཕྱུགས་ཀྱི་སྲི་ཡིན་ན༔ སྤྲེའུ་དཀར་བྱར་བལྟ་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ ཡུལ་དང་ཞིང་གི་སྲི་ཡིན་ན༔ སེང་གེ་གནམ་དུ་མཆོངས་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ ཁམ་ཆུ་མི་ཁའི་སྲི་ཡིན་ན༔ བྱ་ནག་ཤ་ལ་རྔ་མས་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ དམ་པ་ཆོས་ཀྱི་སྲི་ཡིན་ན༔ གླེགས་བམ་པོ་ཏིག་སིགས་འདྲའི་རི དེ་ཡི་འོག་ཏུ་

(༤༧༠) དགྲ་པོ་གནན༔ ཆོས་སྒྲུབ་བར་གཅོད་སྲི་ཡིན་ན༔ བླ་མ་ཁྲི་ཁར་བཞུགས་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་གནན༔ ཕྱོགས་ཟས་མཐོ་གནོན་སྲི་ཡིན་ན༔ རྒྱལ་པོ་ལ་ཐོད་བསྡམས་འདྲའི་རི༔ དེ་ལོ་འོག་ཏུ་དགྲ་བོ་གནན༔ ཞེས་གསུངས༔ གཞན་ཡང་རྣལ་འབྱོར་པ་ལྟ་དགོངས་དང་ལྡན་ཕྱིར་རྭ་ཅོའི་རིགས་དང་། ཀུ་བ་བྱ་སྒོང་སོགས་རང་བྱུང་གི་སྣོད། རྫའི་གུའུ་ལ་ཅའི་སྒྲོམ་བུ། ལྕགས་ཟངས་ཞ་ཉེའི་པར་བུ། ཚ་ཚའི་ཞབས་སོགས་སུ་རུང་། མན་ངག་སྙིང་གཟེར་ནག་པོ་སྲིད་པའི་གཏེར་ཁྱིམ། མན་ངན་རྫོང་འཕྲད། རྡོ་རྗེ་གཙུག་ལག་སོགས་ཁོག་འབུབས། གྱི་མ་ཤང་མཁའ་འགྲོའི་ཡིག་ཆུང་ལས། གཏོར་མ་ནི་དང་པོ་མངར་ལ་སྤྲད། དེ་ནས་ཤ་ཁྲག་གིས་མཆོད། གསུངས་པ་བཞིན་འགུགས་རིང་དཀར་མངར་གྱིས་སྦྲགས་པའི་གཏོར་ཟླུམ་མཐེབ་སྐྱུ་ཅན་དང་། ལས་གྲུབ་ནས་ཤ་ཁྲག་གིས་བརྒྱན་པར་དམར་གཏོར་བཤམས་ནས་གཏང་རག་ཏུ་ཁས་བླགས་ཏེ་འཇོག་པ་སོགས་མཐོང་རྒྱུན་ལྟར་བྱ། མི་བསད་གྲི། འབྲོང་རྔ་། ས་ཚ་ནག་པོ། དུར་གཡམ་སྟོང་རྒྱའི་རི་མོ་ཅན། བྲུབ་ཁུང་གི་གཡས་གཡོན་དུ་ལྷ་དབྱེའི་སྒོ་གཉིས་འཛུགས། གཞན་ཡང་གནན་གསད་སོགས་ཀྱི་དུས་ཚོད་ངེས་བ་ནི། ཁྱབ་པར་དཔྱིད་གསུམ་བདུན་གསུམ་དབྱར་གསུམ་བརྒྱད་གསུམ། སྟོན་གསུམ་དགུ་གསུམ་ན་གསུམ་གྱི། ཡར་ངོའི་བཅུ་དང་མར་ངོའི་ལྔ། དགུ་སྟོང་རྣམས་ལ་མགོན་སྐྱབས་བྲལ། གནད་འགགས་ཡིན་མིན་གཞན་དུ་ལྟོས། ལས་འབྲེལ་རྩལ་གྱི་གཤིན་རྗེའི་ལས་མཐའ་དགྲ་ཁ་ལ་རྒྱས་འདེབས་ལས། གླང་གི་ཟླ་བའི་ཐོ་རྣགས་མན་ནན༔ གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་འགྲོ༔ སྟོང་གི་ཉི་མ་སྲོད་ལ་མན་ནན༔ ས་རིམ་པ་དགུའི་འོག་ཏུ་འགྲོ༔ མེ་ཐོག་ཏུ་ས་འགྲོ་བ་དེ་ལ་གནན་ནོ༔ ཞེས་གསུངས་བས། གཞན་ཡང་། ཇི་སྐད་དུ། བླ་ཕུར་སྙིང་ཕུར་སྲོག་ཕུར་གསུམ། འདི་གསུམ་མེད་པར་ལས་སྦྱོར་བ༔ བྱ་རྒོད་གཟན་མེད་

(༤༧༡)གཤོག་མི་ཕེབས༔ ཞེས་དང་། འཇའ་ཚོན་མ་ནིང་གི་དམར་ཁྲིད་ཡིག་ཆུང་ལས། བླ་ཕུར་སྲོག་ཕུར་སྙིང་ཕུར་གསུམ་གྱི་གནད་མ་ཤེས་ན། སྒྲུབ་བ་དོན་མེད་དུ་འགྲོ་ཉིན་ཡོད། ཅེས་གསུངས་པས། བྱ་རྒོད་ཀྱི་དང་རུ་ར་བླ་ཕུར་བཅའ། དེ་ལ་གཞུང་གི་བླ་འགུགས་ཀྱི་སྔགས་དང་། ཨུ་པ་ཏི་ཙིཏྟ་ནག་པོ་ཨུ་པ་ཏིས་སོང་། མི་རུ་འཆུན་པོ་ཉ་སྲིན་པོའི་རྦད་སྔགས། ༡།པཾ་བླ་ཏྲི་ཏ་བུ་དནིྷྲ་སོང་། གཡག་ཤར་བརྫུན་སྟག་གཟིག་རྦད་པའི་སྔགས། དགྲ་བོ་དུམ་བུ་གཙུག་ག་སྲི་སོང་། གུག་ལིང་ཙིཏྟ་ནག་པོ་སོད། ཨ་ཏི་སུ་རི་ས་ཡ་སོད། ཁ་རག་ཡ་གསོང་། འ་ཨོཾ་མ་གོས་རྦད་སུ་སོད། གཉན་དང་བོད་བུའི་ཕོ་ཉ་དོམ་དྲེད་གཉིས། ༢།ཙ་རག་ཁ་ཙ་རག་ །གར་དང་ལུག་ལ་ལྕགས་ཀྱི་སྤྱང་ཀིའི། ཁ་རག་རྦད་དགྲ་བོ་སོད། མ་གི་དགྲ་སྙིང་དུམ་བུ་བསོད། པ་ཤ་ཁྲག་རྦད་སུ་ཆོད། ༤ ཅེས་པའི་མཐར། བླ་ཤ་རེ་མ་ཏི་བྷྲཾ་ཤ་རེ་མ་ཏི་མཐུ་མ་གུག་ཐུམ་རིལ། ཞེས་སྦྲེལ་ནས་བཟླས་པ་དང་། སེང་ཕུར་སོར་བརྒྱད་བར་སྙིང་ཕུར་དུ་བཅས་པར། རྦད་སྔགས་གོང་མའི་ཤམ་བུར། མྱོག་མྱོག་ཡེ་མུག་ །ཙར་ལེང་རྦད། ཅེས་བཟླ། གྲི་ལྕགས་ཀྱི་ཕུར་པ་སྲོག་ཕུར་བུ་བཅས་པར་གནན་གཞུང་གི་གསད་སྔགས་ཤམ་བུར། ཐིབས་དར་ཡ་ཐིབས་སྲོག་ལ་རྦད། སྙིང་མགོ་ཆོད། ཁ་ལ་ཟ་མུ་ལོང་རྦད། ཅེས་པ་རྣམས་རབ་བརྒྱ། འབྲིང་གང་ལྕོགས། ཐམ་ཉག་གཅིག་བཟླས་ནས་ཕུར་པ་སོ་སོར་བཏབ་སྟ་གདབ་པའི་དུས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཤེ་ཏྲི་ཀུ་ཀུ་ལ་ཡཾ་མཱ་ར་ཡ་ཤྲི་ཧཱུཾ་ཕཊ༔ ཅེས་བླ་གནས་དང་བསྟུན་ནས་བླ་སྲོག་འཛོང་སྐབས་གདབ་པས་གཟུགས་ལ་ཡིད་ཆགས། ཡིད་ལ་བླ་འཁོར། བླ་སྲོ་གཟུང་འབྲེལ་གྱི་རཱུ་པ་ལ་ཕུར་བ་བཏབ་པས་སྲོག་འགགས་ཏེ་དབུགས་ཆད། བླ་བསང་པས་རྣམ་ཤེས་ཀྱི་རྟེན་མེད་པར་གསུངས་སོ། །ལིངྒ་ལྟེབ་བའི་གནད་ནི། དགྲ་འདྲེ་གཉིས་ལས། དང་པོ་ནི། ཇི་སྐད་དུ། ལིངྒ་སྟབས་བཅག་ཏེ་སྙིང་གའི་དྲིལ་ཁ་སྦྱར༔ འཕོངས་ནས་ཡར་ལྟེབ་སྟེ་མཚན་མ་ལྟག་པ་ལ་ཁ་སྦྱར༔ དེ་ནས་གཡས་ལྟེ་བ་དང་གཡོན་ལྟེ་བ་ལེན་

(༤༧༢)གསུམ་བྱས་ལ་འཁོར་ལོའི་དཀྱིལ་དུ་ལིངྒ་ཁ་སྦུབ་ལ་གཏུམས༔ འཁོར་ལོ་ལྟེབ་ཚུལ་ནི་ཟུར་གྱི་རྡོ་རྗེ་རྒྱ་གྲམ་ལྟེ་བར་ལོང་བའི་ཟུར་ལྟེ་བ་ལན་གསུམ་བྱས་པའི་ཕྱིལ་རྡོ་རྗེ་རྒྱ་གྲམ་བྲི༔ ཞེས་དང་། བླ་མབོར་གྱུར་བ་་དགོངས་འདུས་ཀྱི་སྲུང་བཟློག་གསད་པའི་གབ་ཡིག་བྱད་མ་སྟོབས་འཇོམས་ལས། ལྟེ་བ་ཚུལ་གོང་དང་འདྲ་བར་གསུངས་བའི་རྗེས་རིམ་གྱིས་ལྟེ་བ་ལ་གྲུ་གསུམ་དུ་བྱུང་བ་དང་༔ རྩེ་མཐུང་གུ་ཕྱོགས་པར༔ ཡུགས་སའི་དོར་རྟས་དྲིལ། དེ་རོ་རས་ཀྱིས་གྲིལ་བ་སོགས་གསུངས། ཙཀྲིའི་ཡིག་འབྲུ་རྣམས་ཡེ་ཤེས་ལྷའི་ངོ་བོར་གྱུར་བ་རང་བཞིན་གྱི་གནས་སུ་གཤེགས༔ དམོད་བཅོལ་སྔགས་སྒྲ་དང་བཅས་སྔགས་བྱེད་ཀྱི་ལས་བྱེད་པས་བསམ༔ ཞེས་དང་། ལྔ་པ་ཆེན་པོས་ལིངྒའི་ཡི་གེར་བྱུག་རྫས་ལ་དབྱེ་འབྱེད་མཛད་པའི་དགོངས་པ་མཐུན། དན་འཁོར་ལིང་དང་འབྲེལ་བའི་དབང་དུ་བགྱིས་བ་སྟེ་འཁོར་ལོ་མེད་ཀྱང་ལྟེ་བ་ལུགས་བཤད་མ་ཐག་པ་ཁོ་ནར་བྱས་པ་ལ་ཤི་ལྟེབ་ཏུ་འབོད། ཏོ་ལྟབ་ཏུ་བྱེད་ན། །ཁ་རྐུབ་སྤྲད། འདྲེ་ལྟེབ་ལ་སྙིང་གའི་ས་བོན་བཅག་ །བགེགས་རིགས་ལ་འདི་ཉིད་རང་ཤས་ཆེ་བར་གསུངས། དེ་རྗེས་ཕོལ་དཔུང་པ་གཡས་དང་། མོ་ལ་གཡོན་སྔོན་ལ་བཅོག་ །མགོ་ནས་མར་དྲིལ་བ་དང་། མཇུག་ནས་ཡར་ལྟེབ་ཙམ་བྱེད་པའི་ལུགས་གཉིས་སྣང་བ་སྔ་མ་ལྟར་ན་ཕྱི་མ་འཐད་པར་སེམས་དབྱད་པར་བྱའོ། རུས་ལྟེབ་ནི་དཀྱིལ་གཞུང་བཅག་སྟེ་ཟུར་གཉིས་ལྟེབ་པས་ཁ་སྦྱར་ཟུར་གསུམ་དུ་ཡོང་། ལགས་ལྟེ་བ་ནང་མ་དྲིལ། མཚོན་ལྟེ་བ་བ་མོར་སྒོད་དུ་གྲགས་པ་གོང་དུ་བཤད། རང་གཞུང་དུ། གཡས་ཀྱིས་གཡོན་བ། བ༔ མགོ་ནས་མར་དྲིལ༔ གསུངས་པ་གང་ལྟར་བྱེད་ཀྱང་ཡུགས་མ་སྐྱེས་པ་གཞན་དང་འཁྲིག་པ་མ་སྤྱད་ཅིང་ཡུན་ཏིང་མ་སོང་བའི་སྒྲ་ཤད་དང་། བན་བོན་གྱི་ལག་ནས་བྱུང་བའི་ཚོན་ཀུན་སྡོད་མར་རམ། སྣ་ལྔར་སྤྲོན་སེར་བོ་ལ། བཛྲ་ཏི་རི་བི་རི་རྦུད། དམར་པོ་ལ། །ཁ་ལ་རཀྵ་རྦད། །སྔོན་པོར། དན་ཏི་རྦད་སུ་རྦད༔ དཀར་པོ་ལ། ལོ་ཤིག་ཁ་དུ་འབྱུང་བ་ཏྲིག་ན་ནན། ནག་པོ་ལ། ཟླ་སྲི། སྲི་ཤ་སོད་ཧཱུཾ། ཞེས་བརྒྱ་བརྒྱ་

(༤༧༣)ཅེ་བཏབ་པ་སྡེ་བརྒྱད་ཀྱི་བྱད་ཐག་ཏུ་བསམས་ལ་དཀྲིས། །གནན་ཆས་གཞུང་བཞིན་བྱའོ། །དེ་ནས་གནན་པའི་དོང་ཚན་ནི། གཏེར་ཁྱིམ་ལས། ཁྲུ་གང་ཡན་ཆད་སོ་རོ་ཡིན༔ ཕྱན་གནོད་མེད་དོ༔ དེ་ནས་སོར་དགུ་མ་མོའི་གནས་ཡིན་འགོང་ཆོག་གནན༔ དེ་ནས་སོར་བཅུ་བརྟན་མའི་གནས་ཡིན་པས་དགྲ་བགེགས་གནན༔ དེ་ནས་སོར་ཉི་ཤུ་རྩ་བཞི་ཀླུའི་གནས་ཡིན་པས་མན་ནན་དགྲ་ཕུང་ངོ༔ ཞེས་དང་། ཟུར་གསུམ་ཐོད་པ་ཤོང་བ་འདྲུ༔ དེ་བས་རིང་ན་རྩུབ་སྟེ་རང་ལ་ལྡོག༔ དེ་བས་ཐུང་ན་འཇམ་པས་དགྲ་མི་འཆིའོ། །ཞེས་དང་། རྡོ་རྗེ་གཙུག་ལག་ལས་གོང་དུ་བཤད་པ་དང་མཐུན་པའི་བརྟན་མའི་གནས་དེར་གནན་པ་ཐམས་ཅད་ཤིས་པར་གསུངས་པས་དེ་ཙམ་མདོ་རྒྱས་མཚམས། ལས་གྲུབ་ནས་ངག་ཏུ། ཨོཾ་ཡ་མཱནྟཱ་ཀ་ཡ་མ་ཀི་ཀི་དགྲ་བགེགས་སརྦ་ཏྲི་གནན་རྦད་ནན། བྷིན་ཙིཏྟ་རྦད་ནན་ལམ་ནན་ནན། ཞེས་བརྒྱ་སྟོང་བཟླས་པས་ཕྱིས་མི་ལྡང་། ཁྲོམ་དང་མི་མང་གི་གསེབ་ཏུ་འཁྱམས་པ་དང་ལ་ཅོལ་འབྲེལ་མེད་ལབ་པ་མིང་བསྒྱུར་བ་སོགས་ཀྱང་བྱས་པས་རང་ལ་མི་ལྡོག་ །གཞན་ཡང་ལྷ་ལྔ་གཤེད་འབེབས་ཀྱི་སྐོར་གནམ་སྐས་གཏེར་མ་སོགས་ལ་འདྲིས་པར་ཡང་བྱའོ། ཞེས་མཁྱེན་བརྩེའི་འོད་ཟེར་གྱིས་གཞན་ངོ་བསྲུང་ཕྱིར་རང་ལོ་ཉི་ཤུ་པ་ལེའོ། །གཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་སྒོ་ནས་ལོ་དགྲ་སེར་བའི་གནོད་པ་བསྲུང་ཐབས་སྤྲུལ་སྐུའི་འཁོར་ལོ་ཞེས་གྲགས་པ་བཞུགས། །འཁོར་བ་ཐུགས་རྗེས་ཟིལ་གྱིས་གནོན། མྱང་འདས་རྟོགས་པས་རིལ་གྱིས་གནོན། ཕྱག་རྒྱས་གཉིས་མེད་ཟིལ་གྱིས་གནོན། ཆེན་པོས་ཁམས་གསུམ་ཟིལ་གྱིས་གནོན། དེ་ལ་འདིར་འཇིགས་བྱེད་དུག་རི་ནག་པོ་སུམ་སྒྲིལ་གི་བསྙེན་སྒྲུབ་ཐེམ་པའི་སྔགས་པས། གཞན་དོན་སེམས་བསྐྱེད་ཀྱི་རྩིས་ཟིན་པའི་སྒོ་ནས་ལོ་ཏོག་ལ་སེར་བ་བསྲུང་བའི་རིམ་པ་ལ་གཉིས། གཏའ་བསྡམ་པ་དང་། གདོང་ཟློག་བྱེད་པའི་གནད་བཤད་པའོ། །དང་པོ་ནི། འདི་ཉིད་ཀྱི་བཟློག་པ་སྤྱི་འབྱམས་སུ་བསྟན་པའི་འཁོར་ལོ་བྲི་ཚུལ། བླ་མ་དམ་པ་ཐུགས་མཆོག་རྡོ་རྗེས་ཟིན་ཐོ་ཙམ་མཛད་འདུག་བདེ་ཁ་

(༤༧༤) ལ་གཞི་བཟུང་བའི་ཁྱད་པར་གྱི་ཁ་བསྒྱུར་ནི། ལྟེ་བ་ཡི་གེ་ཨྱཻ་རིང་གི་ཤམ་བུའི་གནོད་བྱེད་ཨ་མུ་གཅེས་བ་ལ། སེར་བ་བསེང་བདག་དང་བཅས་པ། མྱག་ཐུམ་རིལ། སོགས་སྤྱི་ལྟར་བྲི། དེའི་ཕྱིའི་ཁུ་ཁྱུད་ལ། ཨོཾ་ཨཱཨུཥིྞ་ཥ༔ བཛྲ་ཙ་བརྟི་སོགས་ནས་བི་ཙུརྞ་ཨོཾ་ཨཱཨུཥིྟཥ༔ས་ཙ་བྷཾ་སྟོ་བི་ཤོདྷ་ཡ༔ མོ་ཧ་ཡ༔སྟཾ་བྷ་ཡ་ཧཱུཾ་ཕཊ༔ ཅེས་བྲི། དེའི་ཕྱིར་རྩིབས་བཅུ་ལ་ཁྲོ་བཅུའི་སྔགས་དེ་ཁ་ཇི་བཞིན་བྲི། རྩིབས་མཆན་གྱི་ནྲི་ཏྲི། ཞེས་པའི་དོད་དུ་སེར་བདག་ཅེས་བསྒྱུར། དེའི་ཕྱིར་མུ་ཁྱུང་ལ། ཨོཾ་ཧྲྀ་ཥིྚ་སོགས་ཀྱི་མཐའི། དགྲ་བགེགས་གནོད་བྱེད་ཅེས་པ་ལ་སེར་བ་བསྲེ་བདག་དང་བཅས་བ་ཙིཏྟ་མཱ་ར་ཡ་ཕཊ། ཅེས་དང་། གང་དག་བདག་ཅེས་བའི་འདོད་གསོལ་བཞག་ལ། སྐྱིན་ཐང་མཱ་ར་ལ་བྱར་བྱེར་གཏོར་གཏོར་བཟློག་བཟློག་ཆུཾ་ཆུཾ་དྲིལ་དྲིལ་ཅཀྲ་ལྦ་རྟི་སྐྱིན། སེར་བདག་ཨེ་ཏུར་ཐུམ་རྦད། ཐང་མ་རྦད་རྦད་སེར་སེར་བ་ཆོད། སྤྲིན་ཧྲོལ་ཧྲོལ། སཱུ་རྱ་ཙ་ཀྲ་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ་ཕཊ། ཅེས་བ་བྲིས། དེ་ཐམས་ཅད་ལ་ཨྱཻ་རིང་ལས་རེ་བའི་བཟློག་ཤམ་བཏགས་བའི་སྔགས་འོག་ཏུ་འབྱུང་མ་ཐག་པས་དར་གཏགས་པའི་དུག་ཁྲག་གིས་བྱུག་ །སྲ་རྩིས་གནན། །འཁོར་ལོ་དེ་འདྲ་གཏའ་ཇི་ཙམ་ཡོད་པའི་གྲངས་ལྡན་དུ་བསག། །སེང་ལྡེང་ངམ། དྲག་པོའི་ཤིང་གི་ཕུར་པ་སོར་བཅུ་གཉིས་སམ། བརྒྱད་ཅི་རིགས་བཅུ་ཐམ་པའི་དཔལ་ལ། ཨོཾ་བཛྲ་དུན་ཏེ་མི་ལི་མི་ལོ་ཕྱེད་ཤག་སྭཱ་ཧཱ། ཞེས་བྲིས་པར་དུག་ཁྲག་གིས་བྱུག་ དྲག་སྔགས་བཟླས་པའི་ཐལ་ཆེན་དང་ཡུངས་ཀར་གྱི་ཐུམ་གུལ་དུ་གཏགས། དར་ནག་གི་གཅོད་པན་གསོལ། །དེ་ཐམས་ཅད་ལ་གུ་གུལ་ལེགས་པར་བདུག་ །སུམ་སྐྲིལ་གྱི་དཀྱིལ་འཁོར་ཇི་བཞིན་པའམ་འབྲུ་ཚོམ་གྱི་སྟེང་དུ་འཁོར་ལོ་རྣམས་རང་ལས་པོན་ཁ་ཕྱོགས་པར་བྱས་ལ་ཐམས་ཅད་གཅི་བཏུ་བརྩེགས་ཀྱང་འཐུས། ཕྱི་མཐའ་རྣམས་སུ་ཕུར་པ་བཅུ་ཕྱོགས་མཚམས་སུ་གཞག་ དེ་ནས་གཏའ་སྒྲུབ་དངོས་ནི། ལས་བྱང་རིམ་གཉིས་གསལ་སྒྲོན་གྱི་ཁོག་ཕུབ་ནས་བཅས་པ་རྣམས་མདུན་བསྐྱེད་ཀྱི་ཚུལ་དུ་བསྒོམ། ཨྱཻ་རིང་ལ་ཤམ་བུ་བི་ཅུར་ཎ༔ ཨོཾ་ཨཱཨཥིྞ་ཥ་བཛྲ་ཙཀྲ་བླ་རྟི་བྷཱུྃ༔ སརྦ་ལོ་ཀི་སྭཱ་ཧཱ། ཞེས་སྲུང་བཟློག་སྒྲགས་པ་ཐུན་གྱི་གསུམ་གཅིག་ཏུ་བཟླ། སྲུང་འཁོར་

(༤༧༥)གྱི་དམིགས་གནད། སྣང་སྲིད་ཐམས་ཅད་འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་དུ་འདུས་པའི་སྲུང་འཁོར་གྱི་ཕྱི་རྩིབས་བསྣོལ་སྟབས་སུ་འཁོར་བ་གྲངས་མེད་དེ་ཉིད་ཀྱིས་ལོ་ཏོག་གནོད་པའི་འབྱུང་པོ་རྗེས་མེད་དུ་བཏང་ནས་ནམ་མཁའ་བཻ་ངཱུ་རྱ་ཞུན་མ་ལྟ་བུར་བསྒོམས་པ་ན་འདིས་ནམ་མཁའ་རྒྱས་འདེབས་ཀྱི་གོ་ཡང་ཆོད། ཐན་པ་ཆེན་ད་ལྟར་མི་བྱེད་བ། །དེ་ནས་ཐུན་གྱི་སུམ་གཉིས་ལ་ཨྱཻ་ནས། བི་ཙུརྞ༔ ཨོཾ་ཨཱ༔ ཨུཥིྞཥས་ཙ་བྷི་སྟོ་བཾ་ཤོདྷ་ཡ༔ མོ་ཏ་ཡ༔ སྟཾ་བག་ཡ་ཧཱུཾ་ཕཊ༔ ཅེས་བཟླ་ཞིང་འོད་ཟེར་སྦྲོ་བསྡུས་མདུན་སྐྱེདལ་གཟི་བྱིན་བསྐྱེད། ཐལ་ཆེན་དང་། ཡུངས་ཀར། དུག་སྣ་ཚོགས་བསྲེས་པའི་ཐུན་རྫས་ལ་ཧུ་ས་གདའ༑ ཐུན་མཐར་དེ་ལ་རྟེན་སྙིང་སྦྲེལ་བ་རབ་གནས་བྱ། འདི་ནས་ བཟློག་སྔགས་པོང་དི། བཟུང་སྟེ་ཇི་སྲིད་ཉེན་ལས་མ་གྲོལ་གྱི་བར་དུ་ཐུན་མཚམས་སུ་རྡོར་ལགས་དང་། བསྟན་མ་གཙོ་བོར་གྱུར་བའི་སྲུང་མ་དང་གཞི་བདག་ལ་གསོལ་མཆོད་རེམ། ཕྲིན་ལས་གསལ་བ་ཡང་གལ་ཆེ་སྟེ། དེ་སྐད་དུ། སེར་བ་གང་སྲུང་ཡུལ་དེ་ཡི། ལྷ་སྲིན་ཡུལ་ལྷ་ཐམས་ཅད་ལ། །མཆོད་གཏོར་ཕུད་རྒྱས་གསོ་ལག་བྱ། །ཞེས་གསུངས་པས་སོ། །དེ་ནས་གཏའ་བསྡམ་པ་དངོས་ལ་བབ་ཆོ་དོ་གལ་ཆེན། དུག་ཤོག་ལ་སེར་གཏོང་གི་དྲེགས་པའི་ལིངྒ་མཚན་ཉིད་ཚང་བ་བྲིས། སྙིང་ཁར་ཏྲི། ལྐོག་མའི་འོག་ནས་མགོ་བརྩམས་པའི་ཡིག་མགོ་ཕྱིར་བསྟན་གྱིས། ཨོཾ་རུ་ལུ་པྲ་མ་ནི་སེར་བ་གཏོང་བའི་འབྱུང་པོ་ཐམས་ཅད་ཐཾ་མཱར་ཡ་རྦད་ནན། ཞེས་པས་བསྐོར། དུག་ཁྲག་གིས་བྱུག་ །ལྷའི་ང་རྒྱལ་ལ་གནས་པས་གསེར་སྐྱེམས་དང་བདེན་བརྗོད་དྲག་པོས་དགུག་བསྟིམ་བྱས་མཐར། ཡ་མ་རཱ་ཛའི་ཤམ་བུར་སེར་གཏོང་དང་བཅས་པའི་སྲོག་ལ་མྱོག་རྦད༔ ༔སེར་བ་གཟིར་ནན༔ ཨེ་ཧུ་ར་ཐུམ་ཏྲིག་ནན་རྦད་རྫ ཅེས་ཐུན་རྫས་ཀྱིས་བྲ་བ། རང་གི་སྲུང་ཁོངས་ཀྱིས་མཚམས་སམ། སེར་ལམ། ཅི་རིགས་སུ་གནན་པར་བྱ། དུར་གཡམ་ལ་སྟོང་རྒྱའི་རི་མོ་བྲིས་པས་ཁ་བཀབ། སས་གཡོགས། མེ་རྒྱ་འདེབས། ཚྭ་ཚྭ་ནག་པོས་

(༤༧༦)སྟེང་ནས་གནན། བསྐྱེད་རྫོགས་དང་མི་ལྡན་ན་ཕོག་ཐུག་ཆེ། གཏའ་རྣམས་བུད་མེད་དང་། གྲིབ་ཅན་སོགས་ཀྱིས་མ་རེག་ཅིང་མ་ཉམས་པ་བྱེད། ཐོའི་ནང་དུ་བཅུག་ལ་མངའ་གསོལ་རབ་གནས་བྱ། བསང་མཆོད་དང་གསེར་སྐྱེམས་ཕྱོགས་བཅུར་གཏོར་ཞིང་གཞི་བགེགས་ལ་བཀའ་བསྒོ། གཉིས་པ་གདོང་བཟློག་ཏུ་བསྲུང་བ་ནི། སེར་སྤྲིན་སོགས་ལ་བརྟག་པ་སྔོན་དུ་འགྲོ་བས། སྤྲིན་མ་རུངས་པ་འདུས་མ་ཐག་ཏུ་འཇིགས་བྱེད་ནག་པོ་སུམ་སྒྲིལ་གྱི་བསྐྱེད་རིམ་གསལ༔ སྤྲིན་གཏོར་ནམ་མཁའ་རྒྱས་འདེབས་ཀྱི་དམིགས་གནད་སྔར་བཤད་པ་དེ་ཁོ་ན་ལ་གཞུར། ཐོག་མར་བདེན་ཚིག་འདི་བརྗོད། སངས་རྒྱས་ཀྱིས་ནི་བདུད་རྣམས་ཕམ༔ ཆོས་མ་ཡིན་པ་ཆོས་ཀྱིས་སོ༔ དགེ་འདུན་གྱིས་ནི་མུ་སྟེགས་ཕམ༔ དབང་པོས་ལྷ་མིན་ཕམ་པར་འགྱུར ལྷ་མིན་རྣམས་ཀྱི་ཟླ་བ་ཕམ༔ ནམ་མཁའ་ལྡིང་གིས་རྒྱ་མཚོ་ཡི ཀླུ་རྣམས་རབ་ཏུ་ཕམ་པར་འགྱུར༔ མ་ཡིས་བུད་ཤིང་བསྲེག་པ་དང་༔ ཀླུང་གིས་སྤྲིན་རྣམས་གཏོར་བ་དང་། རྡོ་རྗེས་རིན་ཆེན་ཕུག་པ་དང་༔ ལྷ་རྣམས་བདེན་པར་རབ་ཏུ་གནས༔ བདེན་པར་རབ་ཏུ་གནས༔ དེང་འདིར་བདེན་པ་འགྲུབ་གྱུར་ཅིག༔ སེར་བའི་གནོད་པ་ཞི་གྱུར་ཅིག༔ ཅེས་བརྗོད་ལ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དུང་དུང་བསྐྱེད། ལོ་ཏོག་སྐྱབས་འོག་ཏུ་འཛུད། དེ་ནས་བཤད་མ་ཐག་པའི་དམིགས་ལ་རྩེ་གཅིགས་ལ་ལམ་ཡེངས་བས། ཨྱཻ་རིང་ལ་ལས་སྔགས་བཏགས་པ་ཁོ་ན་བཟླ། དེ་ནས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ནམ་མཁས་གར་ཁྱབ་སྐུས་ཅིང་། ཡན་ལག་རགས་པ། ཕྱག་མཚན་རྣོ་བ། གོ་མཚམས་མེད་བའི་མེད་དཔུང་གི་དབུས་ན་བཞུགས་པའི་བ་སྤུ་ག་ནས་ཀྱང་ཁྲོ་ཆུང་དང་མཚོན་ཆའི་ཆར་འབེབས་ཤིང་སེར་བདག་ཐམས་ཅད་རྩྭ་སྦུ་རལ་མེ་སྦར་བ་ལྟ་བུར་གཞོབ་ཐུལ་གྱིས་ཚིག་པར་བསམས་ལ་དྲག་སྔགས་དེ་ཉིད་བྲག་ཁ་ནས་ཆུ་འབབ་བ་བཞིན་དུ་ཐོ་རེ་རེ་བཟླ་ཞིང་། སྡིགག་མཛུག་དང་རལ་གྲི་སོགས་ཀྱིས་སེར་བ་འོང་ཕྱོགས་སུ་བསྡིགས་ལ་ཚམ་རྔམས་ཆེ་བར་བྱ་ཞིང་ཐུན་ཡང་གསོར། ནན་ཆེར་བཅར་ཐུན་ལ་ཧས་དར་བཏགས་ལ

(༤༧༧)མཚོན་ཆ། མེ་དཔུང་། དུག་རླངས། བྲོ་ཆུ་སོགས་བཟོད་པར་དཀའ་བའི་རང་བཞིན་དུ་བསྒོམས་ལ་སེར་ཕྱོགས་སུ་ཆམ་རྔམས་ཀྱིས་བརྡེག་ཅིང་སེར་སེར་བདག་དང་བཅས་ལྕགས་བསྲེགས་དང་རྩྭ་སྦུར་ཐུག་པ་བཞིན་དུ་བརླག་ཅིང་ཚིག་པར་བསམ། གཞན་ཡང་ཐུན་ལ། སེར་རྡོག་ཐུལ་ལ་ཁད་པ་དང་། རང་གིས་འདོམས་འོག་གོས། ཡུམས་ས་མའི་འཕོངས་ཚུལ་གྱིས་ས་སོགས་བསྲེས་ནས་གཏོར་བ་ཡང་གནད། གཙོ་བོར་ནི་རྒྱུད་དུ་བསྐྱེད་རིམ་དང་། བཟླས་བ་ཁོ་ན་ལ་འབད་པ་གལ་ཆེ། སྔགས་ཀྱི་ནུས་པ་འཕྲོག་པའི་རིགས་འཛོམ། །གཞན་ཡང་གནས་སྐྱི་བརྟག་དཔྱད། རྒྱུ་དུས་དང་། ཐེབས་བཟློག་རྟེན་འབྲེལ་གྱི་གནད་འགགས་སོགས་ཅི་ལྟར་རིགས་པ་གཞན་ནས་་བྱུང་བ་ཡང་། གནན་ལྕགས་ཀྱི་འཇིགས་བ་ལ། མན་ངག་ཁྱབ་པར་ཅན། སྐད་ཅིག་གིས་རང་གི་ཡུལ་ལུངས་དེ་གསེར་འཁོར་རྩིབས་སྟོང་དང་ལྡན་པའི་མདུན་ནས་སའི་ལྷ་མོ་བརྟན་མ། རྩིབས་རྣམས་ལས་བདག་ཀླུ་གཉན་དང་བཅས་པ་རང་ལ་གུས། རླུང་ཕྱོགས་སྭིྲན་ཕྱོགས། འདུད་ཀྱིས་འཁོད་པར་བསམ། ལྟེ་བར་གསེར་རྡོར་རྩེ་ལྔ་གྱེན་དུ་སྒྲེང་བའི་ལྟོ་བའི་ནང་དུ་རང་དང་བསྲུང་བྱའི་ཚོགས་གསལ་བའི་སྤྱི་གཙུག་ཏུ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་གསལ་ལ། སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་ལན་མང་དུ་བརྗོད་ཅིང་མཉམ་པར་འཇོག་ །སྤྱིར་བསྐྱེད་རྫོགས་ཀྱི་དམ་ཚིག་གཙང་མར་མི་བསྲུང་བས་སྔགས་ལམ་ང་བ་མངོན་པའི་ང་རྒྱལ་གྱིས་བགྲངས་ཀྱང་ནུས་པ་བུལ་བར་འགྱུར་ན་མན་ངག་དང་ཡི་དམ་ལ་ཐེ་ཚོམ་ནི་མི་རིགས་སོ། ལས་གྲུབ་ནས་ཀྱང་ཐོ་འགྲོལ་གཏང་རག་ མནན་པ་འདོན་བ་སོགས་ཀྱང་ངེས་པར་བྱ་དགོས་འཁོར་ལོ་དང་ཕུར་བ་རྣམས་ཀྱང་འགོ་མ་ཡུག་མི་འགྲོ་སར་བཀུར་སྟི་དང་བཅས་འཇོག་དགོས་ཏེ་རབ་གན་གྲུབ་པའི་ལྷ་དང་ཁྱད་མེད་པའི་ཕྱིར་རོ། །ལོ་ལེགས་པདྨ་གཞོན་ནུའི་ཚལ། །གནོད་བྱེད་སེར་བ་འཇོམས་པའི་ཐབས། །ཞུགས་སྒྲོལ་གཞད་པའི་ཧཱུྃ་གླུ་འདི། །མཁྱེན་བརྩེའི་གཞན་ཕན་མན་ངག་གོ། ཅེས་

(༤༧༨)པའང་འཇམ་དཔལ་ཁྲོ་བོའི་སྔགས་འཆང་ལྦ་གིནྡྲས་འབད་པ་ཆེན་པོས་གཉེར་བ་ལས། སྙིང་པོར་དྲིལ་ཏེ་སྨྲས་པ་སྟེ་འདིས་ཀྱང་སེམས་ཅན་ལ་ཕན་རྒྱ་ཆེར་ཐོགས་པར་གྱུར་ཅིག་ །ཚྭ་ཚྭ་ལ་ཨོཾ་ཤཱཀྱ་མུ་ནེར་ཛ་ལ་ ལ། ཀྵི་ཀྵི་ཨཾ་སི་མུས་ལ་ཡ། ཙནྡྷ་ཀ་རུ་སུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་པ་བྲིས་ནས་མགོ་མཇུག་མ་ལོག་པར་དྲིལ་ལ་གཟུངས་སུ་འཇུག་ །རང་སྲགས་སྟོང་རྩའི་མཐའ་བརྟེན་གྱིས་རབ་གནས་བྱ། ཐུན་ཡང་བླུག །ཞབས་བསྡམས་ཐོད་ཀྱི་ལ་དུ་གཞུག་པ་ཡང་ཐབ་པའི་མན་ངག་གོ། །འཇིགས་བྱེད་ནག་པོ་སུམ་སྒྲིལ་གྱི་སྒོ་ནས་མནན་པའི་ལས་རིམ་རི་རབ་ནག་པོ་ཞེས་བྱ་བ་བཞུགས། དུས་མཐའ་མེ་ལྟར་རབ་འབར་གཤིན་རྗེ་གཤེད། །འཇིགས་བྱེད་ནག་པོ་སུམ་སྒྲིལ་དམོད་པའི་ཐོག་ །ལོག་འདྲེས་དགྲ་བགེས་སྙིང་ལ་འབེབས་པའི་སླད། གནན་པའི་ལས་རིམ་རི་རབ་ནག་པོ་སྤྲོ། དེ་ལ་འདིར་ནག་པོ་སིམ་སྒྲི་གྱི་སྒོ་ནས་ལས་ཀྱི་མཐའ་སྡུད་གནན་པའི་ཕྲིན་ལས་བྱ་བ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་གཏན་ལ་འབེབས་ཏེ། དེ་ཡང་སྔོན་འགྲོ་བཅའ་བཤམ་གྱི་རིམ་པ་ལོགས་སུ་འཆད་པ་ལས་ཤེས་པར་བྱས་ནས། དངོས་གཞི་ཆོ་གའི་གཞུང་ལ་འཇུག་པ་ནི། རང་གཞུང་དུ། དང་པོ་སྔགས་པ་བསྙེན་པར་རྫོགས་པ་ཡིས༔ ཞེས་དང་། རྩ་བ་རྡོ་རྗེའི་མཁར་རྫོང་ལས། རྒྱུད་བཞིན་དབང་ཐོབ་དམ་ཚིག་དང་ལྡན་པས༔ ཞེས་གསུངས་པས། དེ་ཡང་ཡི་དམ་འདིའི་བསྙེན་སྒྲུབ་ལས་གསུམ་ཚད་དུ་འཁྱོལ་པའམ། མིན་ན་ཡང་ཡི་དམ་གང་རུང་ལ་བསྙེན་པ་ཐེམ་ཞིང་འདིའི་དབང་ལུང་མན་ངག་གནོད་པའི་སྔགས་པས་དྲག་པོའི་ལས་ལ་ཤིས་པའི་གནས་སུ་དམར་ཕྱོགས་ཀྱི་གཟའ་ཚེས་དུས་སྦྱོར་ཚིན་ཏུ་རྩུབ་ཅིང་བདུད་ཉི་དང་ཉི་ནག་ལ་ཕུང་གསུམ་ལྕགས་ཁམས་ཀྱི་ལོ་ཟླ་ཉི་ཁིམ་སོགས་སྤྱི་བ་ཙམ་དང་། བྱེ་བྲག་དམིགས་བྱའི་ལོ་ཟླ་ཞག་གུས་ཀྱི་ལོ སྦྱོར་རྩུབ་མོས་དགྲ་བོར་གྱི་མ་ཤང་གནད་དུ་ཕྲད་པའི་དུས་ཚོད་དེ། གང་གི་ཚེ་ནའང་སྙིང་རྗེ་ཁྲོས་པའི་ཞེ་སྡང་ལྡོག་ཏུ་མེད་པའི་གནས་སྐབས་སུ་བརྩམ་དགོས་པ་ནི། ཇི་སྐད་དུ་

(༤༧༩)ཞེ་སྡང་ཡལ་མཐུ་ཡི་མཆོག་ །ཅེས་པ་བཞིན་བཤད་མ་ཐག་པའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་དང་ལས་ལྡང་བའི་གནད་མ་ཤེས་ན་མོང་པའི་ང་རྒྱལ་ཆེ་བ་ཙམ་ལ་དགོས་པ་མེད་དོ། གཏེར་ཁྱིམ་དུ། ལྷ་བ་རྟོགས་ཤིང་སྙིང་རྗེས་བཀྲལ་བག་ཅེས༔ ཞེ་སྡང་རང་མཐུ་སྲིན་པོའི་མཐུ༔ ཕྱི་མ་ངན་སོང་སུ་ལྟུང་ངོ༔ ཞེས་གསུངས་པའི་དགོངས་དོན་ཡང་བློ་ལམ་ཆུད་ན། སྔགས་འཆང་མཐུ་སྐད་ཅན་ལའང་ལས་འབྲས་གྱི་རྣམ་སྨིན་དང་། ཕྱི་མའི་ཕེབས་ལམ་སྤྱི་མཐུན་ཉག་གཅིག་ཏུ་གྱུར་པའང་བསམས་ནས། བདག་གི་རྣལ་འབྱོར་བཟླས་བའི་བར་སྔོན་དུ་གྲུབ་རྗེས། །ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་འཁོར་དང་བཅས༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཆོས་སྐུ་ཞི་བའི་དང་ལས་དགྲ་བགེགས་མྱུར་དུ་སྒྲོལ༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཞི་ཁྲོ་དང་༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་འདིར་གཤེགས་ཐུགས་དམ་བསྐུལ༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབས༔ ཐུགས་དམ་ཐུགས་རྗེས་དགྲ་གེགས་མྱུར་དུ་སྒྲོལ༔ ཞེས་བསྐུལ་ལོ་དེ་ནས་གསེར་སྐྱེམས་བཤམས་ལ་དཀར་ནག་བདེན་རྫུག་གྱི་ཤན་འབྱེད་མཁྱེན་གསོལ་ནི། ཧཱུྃ་བྷྱོ། ཐོག་མའི་མགོན་པོ་ཀུན་བཟང་ནས་བཀུར་སྟེ༔ དཔལ་མགོན་རྩ་བའི་བླ་མ་ཡན་ཆོད་དུ༔ སངས་རྒྱས་དངོས་དང་སྙན་བརྒྱུད་མཆད་པའི༔ །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་༔ གང་ཟག་སྙན་བརྒྱུད་བླ་མ་སྙན་གསོན་ཅིག༔ གསང་སྔགས་བླ་མེད་དགོངས་པ་སྙིང་པོའི་དོན། །འཁོར་འདས་བྱང་ཆུབ་སེམས་སུ་རོག་གཅིག་པས། །འོད་གསལ་ཐིག་ལེ་ཆེན་པོའི་དང་ཉིད་ལས། །རིགས་ཅན་རྣམས་ཀྱིས་སྨིན་གྲོལ་བྱེད་པ་ལ། །དམ་ཉམས་ཤིང་བཅུ་རྣམས་ཀྱིས་མ་སྟེར་རོ། །རིག་འཛིན་བླ་མས་གཟུ་དང་དབང་མཛོད་ཅིག་

(༤༨༠)དབྱིངས་དང་ཡེ་ཤེས་དཀྱིལ་འཁོར་ཀུན་གྱི་བདག་ །རིགས་ལྔ་རིགས་གསུམ་དུས་གསུམ་རྒྱལ་དང་སྲས། །ཡོན་ཏན་ཕྲིན་ལས་མ་ལུས་འདུས་བའི་སྐུ། །ཞི་ཁྲོ་རབ་འབྱམས་སྒྲུབ་པ་བཀའ་བརྒྱད་དང་། །འཇམ་དཔལ་གཞིན་རྗེ་བསྙེན་ཅིར་བསྒྲུབས་པའི་ལྷ། །ལས་དང་ཡེ་ཤེས་མཁའ་འགྲོ་སྙན་གསོན་ཅིག་ །བླ་མ་མཆོག་མཇལ་དབང་བསྐུར་མན་ངག་གཞུས། །རྒྱུད་སྡེའི་དགོངས་པ་བསྐྱེད་རྫོགས་ཟབ་མོ་བསྟེན། བདེ་གཤེགས་བཀའ་བཞིན་བསྒྲུབ་སེམས་རྣལ་འབྱོར་བདག་ །བསྟན་པའི་དགྲ་བོ་འདི་ཡིས་སེམས་དཀྲུགས་སོ། །ཡི་དམ་ལྷ་ཚོགས་གཟུ་དང་དབང་མཛོད་ཅིག་ །ཀུན་ཏུ་བཟང་མོ་ཅན་དང་མཱ་མ་ཀཱི། །གོས་དཀར་སྒྲོལ་མ་རིགས་ལྔའི་མཁའ་འགྲོ་མ། །གནས་དང་ཡུལ་གྱི་དཔའ་བོ་མཁའ་འགྲོ་དང་། །སྦྲུལ་དང་ཡང་སྦྲུལ་མ་སྲིང་རྒྱ་མཚོ་དང་། དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་སྙན་གསེན་ཅིག་ །བས་མཐའ་ནགས་འདབས་གནས་དང་དུར་ཁྲོད་དུ། །ལྷག་པའི་སེམས་ལ་སྦྱོར་བའི་བརྟུལ་ཞུགས་ཀྱིས། །ཞི་གནས་ལྷག་མཐོང་ཉམས་རྟོགས་སྒོམ་པ་ལ། །ཕུང་བྱེད་དམ་ཉམས་འདི་ཡིས་མ་སྟར་རོ། །སྔགས་སྲུང་དམ་ཅན་རྒྱ་མཚོ་དྲེགས་པའི་ཚོགས། །དཔལ་བོ་མཁའ་འགྲོས་གཟུ་དང་དབང་མཛོད་ཅིག་ །ཆོས་ལོངས་སྤྲུལ་སྐུས་སྟོང་དང་རྟེན་ཅིང་འབྲེལ། ཟུང་འཇུག་རྒྱུ་འབྲས་འདས་པའི་ཆོས་བསྟན་པ། །གདུལ་བྱའི་བསྔགས་པས་ཐེག་པ་གྲུབ་མཐའི་སྒོ། །མཐའ་ཡས་དུ་མར་གོ་ཡང་ངོ་བོ་གཅིག་ །ཀུན་ལ་རིས་མེད་ངག་སྣང་རྩལ་སྦྱངས་ཤིང་། །བདག་བསྟོད་གཞན་སྨོད་ཆགས་སྡང་ཆོར་མ་སྤང་། །རང་གིས་ཚུལ་བཞིན་དམ་ཆོས་སྤྱོད་སེམས་ལ། བན་སྔགས་བོན་དགྲ་ནག་པོའི་འཆེ་བ་དང་། །རང་ཟས་སྨན་ལ་གཞན་ཟས་དུག་ལྟར་བལྟས། །དམན་པའི་ས་བཟུང་ཁ་ཉན་དཔུང་པ་སྨད། །མཐོ་ལ་མ་སྨད་དམའ་ལམ་བརྙས་ཤིང་། །བར་རུ་ཕྲག་དོག་རུ་ངཱི་སྦྱོར་སྤངས་ཀྱང་། །སྤྱིར་ནི་སངས་རྒྱས་བསྟན་པ་ཡོངས་ལ་འཚེ། །སྒོས་སུ་དཔལ་ལྡན་བླ་མའི་ཐུགས་རྒྱུད་དཀྲུགས་

(༤༨༡)ཡང་སྒོས་བདག་ཅག་ཆོས་སྲིད་བཅས་པ་ལ། །བདེན་པ་ཁྱད་གསོད་རང་གནོད་ཁོང་བསྲན་བཅས། །དོར་རྩུབ་མ་བདེ་ཐབས་ཀྱིས་མཐའ་ནས་བསྐུལ། །རང་ནུས་མཐོན་ལོག་འདྲེན་གཞན་དག་རྦོད། །ཁ་དཀར་ཞེག་ནག་མོག་སྨོད་སྒབ་ནས་རྩུབ། །མ་བྱས་བྱས་དང་མ་བྱུང་བྱུང་ཞེས་པའི། །ལེགས་བསུབས་ཉེས་སྒྲོགས་ཡ་གང་ན་སྨྲས་སྦྱོར། །རྒྱབ་ནས་འདོད་ཅིང་མདུན་བསྒུག་པ་དང་། །ཟུར་ནས་གསོད་གཅོད་བརྐུ་འཕྲོ་བརྡེག་ཅིང་། །རང་གི་ཆོས་སྲིད་འབྱོར་བས་མི་ངོམས་པར། །གཞན་ལ་ཕྲག་དོག་བསྟན་ལ་བ་སྙེངས་པ་ཡི། །ཕྱི་དགྲ་ཞེ་སྡང་མེ་ལྟར་འབར་བ་དང་། ནད་དགྲ་བསམ་དན་རླུང་ལྟར་འཚུབས་པ་ཡི། །སྔ་དགྲ་ཉེས་བྱེད་ཆུ་ལྟར་རྒྱུག་པ་དང་། །ཕྱིས་དགྲ་བྱེད་སེམས་དུག་ལྟར་ཁོང་ནས་གཡོ། །ད་དགྲ་དྲག་པོ་ཚེར་ལྟར་རྩུབ་པ་ཡི། །བྱད་མ་དགྲ་བོ་ཕྱོགས་མཚམས་གང་གནས་ཀྱང་། །འཇིག་རྟེན་འདས་དང་མ་འདས་ཚུལ་འཛིན་པའི། །བསྟན་སྲུང་དམ་ཅན་རྒྱ་མཚོ་དྲེགས་པའི་འཁོར། །བསྟན་དང་བསྟན་འཛིན་རྣལ་འབྱོར་ལ་གདུངས་པའི། །རྡམས་དྲག་འབར་བ་དབལ་གྱི་ཕོ་ཉ་རྣམས། །རྒྱལ་བའི་བཀའ་དང་རྣལ་འབྱོར་དམ་བཞིན་འདུས། །ཉེས་བྱེད་དགྲ་བོའི་གཟུངས་ཕུང་རྣམ་ཤེས་བཅས། །ཕ་ཚན་ཡུལ་འཁོར་མི་ནོར་སྡེ་དཔུང་རྣམས། །རང་དབང་མེད་པར་དྲག་པོའི་རྟེན་ལ་ཕོབ། །ཅེས་གསེར་སྐྱེམས་གཤེགས་ཤིང་སྤྲོས་པ་ཆུང་སྐབས་བྱིན་རླབས་ཐུགས་རྗེ་མས་ཀྱང་རུང་ངོ། །བྲུབ་ཁུང་བསྐྱེད་པ་ནི། །ཨེ་བདག་ཉིད་འཇམ་དཔལ་གཤིན་རྗེར་གསལ་བ་ཡི༔ ཐུགས་ནས་མཐིང་ནག་ཨེ་ཡིག་ཆ་པ་ལས༔ ཡོངས་གྱུར་གནོད་བྱེད་དགྲ་བགེགས་བྲུབ་པའི་ཁུངགནམ་ལྕགས་ལས་གྲུབ་བཙོན་ཁང་ཟུར་གསུམ་བ༔ ཟིན་ནས་ཐར་བ་མེད་པ་མུས་པའི་གླིང༔ སྟེང་ནས་འདབ་ཆགས་ཤ་ཟན་ཀླད་ལ་ལྡིང༔ འོག་ཕྱོགས་འདོད་ཆགས་ཁྲག་མཚོད་དཔའི་རླབས་འཁྲུགས༔ ནང་དམར་ཞེ་སྡང་རང་བཞིན་མེ་དཔུང་འབར༔ ཕྱི་ནག་གཏི་མུག་མུན་པ་སྤྲིན་ལྟར་གཏིབས༔ ཁོར་ཕུག་ལྕགས་བསྲེགས་གཞིར་བཤན་པའི་གྲོང་༔ རྩང་དམར་ལས་བྱེད་གཞིན་རྗེའི་ཕོ་

(༤༨༢)ཉའི་ཚོགས༔ ཉི་ཤུ་རྩ་གཅིག་འཁོར་བཅས་གསལ་བར་གྱུར༔ ཅེས་བྲུབ་ཁུང་ཕོ་ཉ་དང་བཅས་གསལ་བཏབ་ཞས། །དམིགས་བྱ་གསལ་འདེབས་པ་ནི། ནྲྀ་ཏྲི། དེ་ནང་བཀོང་པའི་ལིངྒ་བསྒྲལ་བའི་ཞིང་༔ བསྟན་པ་སྤྱི་དང་རྣལ་འབྱོར་སྒོས་ཀྱི་དགྲ༔ དམ་ཉམས་གནོད་བྱེད་དགྲ་བགེགས་ཨ་ནུ་ཀ༔ གཟུགས་བརྙན་རི་མོར་བྲིས་ལ་མིང་བྱང་བཏབ༔ རྣམ་ཤེས་རྟེན་དང་བཅས་ལ་ཟག་རྫས་བྱུགས༔ ཉམ་ཐག་མྱ་ངན་འདུག་སྟངས་རྐང་ལག་བཅིངས༔ མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར༔ ཅེས་དངོས་སུ་བསམ༔ དེ་ནས་འགུགས་འདྲེན་བྱ་བ་བ་ནི། བ་མོ༔ རྩ་བརྒྱུད་བླ་མ་རྒྱལ་བཞི་ཁྲོའི་ལྷ༔ མཁའ་འགྲོ་དཔལ་བོ་དམ་ཅན་སྲུང་མར་བཅས༔ སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པ་དད༔ ཁྱད་པར་འཇམ་དཔལ་ཆེན་ཨུཥ་གསུམ་ཁྲོས༔ ལས་ཀྱི་མཐའ་སྡུད་འཆི་བདག་མ་ཧེའུ་གདོང་༔ བླ་འགུགས་མོན་བ་ཕོ་མོ་སྤྲུལ་འཁོར་བཅས༔ བྱེ་བ་དགུ་ཁྲིད་གུ་སྟོང་བདེན་པའི་མཐུས༔ སྔ་མའི་སྐུ་དགྲ་བབསྟན་འཛིན་དམོད༔ ཁྱད་པར་སྔགས་འཆང་བདག་དང་སྦྱོར་པའི་བདག༔ རྒྱུ་སྦྱོར་དགའ་ལྡན་ཕོ་བྲང་བོད་ཁམས་སྤྱིར༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས༔ ད་ལྟ་གནོད་ཅིང་འཚེ་བའི་དགྲ་དང་བགེགསསྲི་ཅན་ལ། དུར་སྲི་ཕུར་སྲི་གོད་སྲི་ཆུང་སྲི་དང་ཕོ་སྲི་མི་སྲི་མཚོན་དགྲ་སྲི་སོགས༔ ཁ་འཇམ་གཏིང་རྩུབ་ཞེ་ནས་དམོག་པ་དང༔ དོ་བསྔོ་ཐོད་འཛུགས་བསམ་ངན་སྦྱོར་རྩུབ་བྱེད༔ ཆེ་གེ་མི་ནོར་འཁོར་བཅས་ལ་ཞེས་བ་ལྟའི་ཚིག་བསྒྱུར་དགོས། མི་ལ་ལྷ་མེད་ལྷ་ལ་ཡིད་ལ་སེམས༔ མཐུ་དང་ནུས་བ་བུ་ལོན་བཞིན་དུ་གཤེར༔ འགྲོ་ལམ་རྩད་འཛུགས་ཟ་ལམ་དུག་སྦྱོར་བཤམས༔ དམིགས་ཡུལ་གཟུགས་ལིང་བཀོད་པ་འདི་རྣམས་ཀྱི༔ རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས༔ གནམ་ས་གླིང་བཞིན་གླིང་ཕྲན་རི་རབ་སེང༔ ཉི་ཟླའི་གོ་དབང་ཆོས་བོན་སྲུང་མའི་བསྐྱབས༔ གང་ན་གནས་ཀྱང་ལིི་ངྒ་འདི་ཉིད་ལ༔ ཁུ་གཅིག་བཛྲ་ཨངྐུ་ཤ་ཡ་ཛ སྐེ་ནས་ཆིངས་

(༤༨༣)ཤིག་བཛྲ་བ་ཤ་ཧོ༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ མྱོས་བར་གྱིས་ཤིག་བཛྲ་གྷཎྜེ་ཧོ ལྷ་དང་ཕྱེས་ཤིག་བྲ་ལྦེ་ཤ་ཡ་ཕཊ༔ དབྱེར་མེད་སྟིམས་ཤིག་ཨཱ་བེ་ཤ་ཡ་ཨ ཞེས་འགུགས་འཆིང་སྡོམ་མྱོས་དབྱེ་སྡོམ་གྱི་ཕྱག་རྒྱ་དང་དམིགས་གནད་ལ་ནན་ཏན་བསྐྱེད་དེ་དགུག་གཞག་རོལ་མོའི་ཚམ་རྔམས་བཤུགས་སྒྲ་དང་བཅས་བརྒྱའམ་ཉེར་གཅིག་གམ་བདུན་ལ་སོགས་དངོས་ཉམས་དང་སྦྱོར་ཞིང་གུ་གུལ་ནག་པོས་བདུག་ ཕོ་ཉ་བཀྱེ་བར་གསོལ་བ་ནི། ཧཱུྃ བསྐལ་པ་ཆེན་པོ་བརྒྱད་ཁྲི་ཡི༔ བཞི་སྟོང་འཁོར་བའི་གཞལ་ཡས་ནས༔ ལྕགས་མཁར་སྒོ་མེད་བཅུ་དྲུག་གི༔ འབར་བའི་དབུས་ཕྱོགས་རྔམས་པ་ནས༔ འོངས་ཆེན་བཅུ་གཉིས་གཏིང་མཐའ་མེད༔ ཐོད་མཁར་འབར་བའི་ནང་ཞིག་ན༔ ཕོ་བྲང་ལྕགས་མཁར་སྤུ་གྲིས་གཏམས༔ ཀླུ་འབུམ་གཉན་ཁྲིས་བདག་སྟོང་༔ ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེའི་ཁྲི༔ ཐབས་ཤེས་ཉི་ཟླའི་གདན་སྟེང་ནས༔ སྲོག་བདུད་ཚེ་བདག་ནག་པོ་བཞེངས༔ རྔམས་བའི་ཚུལ་གྱིས་བླ་འགུགས་རྣམས༔ ད་ལྟ་ཁྱེད་ཀྱི་ལས་ལ་ཁྱ༔ ཞེས་དང་། བསྐུལ་བ་ནི། ཛ༔ ཤར་གྱི་ཕྱོགས་ནས་བླ་འགུགས་པ༔ དུང་གི་མོན་པ་སེང་གེའི་མགོ༔ ལྷོ་ཡི་ཕྱོགས་ནས་བླ་འགུགས་པ༔ ལྕགས་ཀྱི་མོན་པ་སྟག་གི་མགོ༔ ནུབ་ཀྱི་ཕྱོགས་ནས་བླ་འགུགས་པ༔ བསེ་ཡི་མོན་པ་དྲེད་ཀྱི་མགོ༔ བྱང་གི་ཕྱོགས་ནས་བླ་འགུགས་པ༔ གསེར་གྱི་མོན་པ་ཁྱུང་གི་མགོ༔ བླ་རྐུན་མོན་པ་ཁྱེད་བཞི་ཡང་༔ དབུ་དགུ་སྤྱན་དབུ་ཞལ་དབུ་གདངས༔ ཕྱག་གདུ་ཞབས་དགུ་ཙིཏྟ་དགུ༔ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག༔ སྤྱན་དགུས་དགྲ་བགེགས་བལྟས་ནས་འཛིན༔ སྙིང་དགུས་དགྲ་བགེགས་ཡིད་ལ་བྱེད༔ ཕྱག་དགུས་དགྲ་བགེགས་ཙིཏྟ་འབྱིན༔ ཞལ་དགུས་ཁ་མངར་མེད་པར་གསོལ༔ ལྗགས་དགུས་མྱོས་པའི་ཁྲག་མཚོ་འཐུང་༔ དགྲ་བགེགས་མྱུར་དུ་ཁྲིད་ལ་ཤོག༔ ཛ ཤར་ཕྱོགས་དྲི་དྲ་མེ་ལྷའི་གཙོ་

(༤༨༤)ཧེ་ལེ་ཁྱབ་པ་གཏུམ་ཆེན་འཐོམ༔ དགྲ་བགེགས་སྲོག་དབུགས་རྡུལ་དུ་རློགས༔ ཛ༔ ལྷོ་ཕྱོགས་གཤིན་རྗེ་སྲིན་པོའི་གཙོ༔ ནག་པོ་འཛུམ་མེད་གཏུམ་ཆེན་འཐོམ༔ དགྲ་བགེགས་སྲོག་དབུགས་རྡུལ་དུ་རློགས༔ ཛ༔ ནུབ་ཕྱོགས་ཆུ་དབང་རླུང་ལྷའི་གཙོ༔ ནག་པོ་བཀྲག་མེད་ཆགས་མེད་འཐོམ༔ དགྲ་བགེགས་སྲོག་དབུགས་རྡུལ་དུ་རློགས༔ ཛ༔ བྱང་ཕྱོགས་གནོད་སྦྱིན་འབྱུང་པོའི་གཙོ༔ སོ་འདར་འཁྲིག་པ་ཁྲག་ཆེན་པོས༔ དགྲ་བགེགས་སྲོག་དབུགས་རྡུལ་དུ་རློགས༔ བྷྱོ་དཔལ་གྱི་བྱག་བརྙན་རཀྟའི་དྲི་བསྣམས་མ ཁྲག་མདོག་དམར་པོ་བསེ་ཡི་རལ་བ་ཅན༔ སྡེར་མོ་ལྕགས་ཀྱུའི་རྩེ་ལ་རཀྟའི་མེ་འབར་མ༔ ཉམས་པའི་སྙིང་ཕྱུང་མཚན་ཁུང་ཆུ་གལ་ཤོག༔ ཁྲོས་པའི་ཞལ་མདོག་ཁྲག་གིས་ཆིན་པ་ཁ༔ རྒྱུག་པའི་སྟོབས་ནི་སྦྱང་མོ་དར་མ་འདྲ༔ དྲག་པོའི་སྐད་ནི་ནམ་མཁའི་འབྲུག་ལས་ཆེ༔ རྒྱུག་པའི་སྟོབས་ནི་བར་སྣང་གློག་ལས་མགྱོགས༔ ཟངས་ཀྱི་སྡེ་མོ་དམར་མོའི་ཆངས་པ་རུ། མགོན་མེད་བྱི་ཕྲུག་ཤ་རྗེན་བཅུག་པ་ལྟར༔ དམ་ཉམས་དགྲ་བོའི་དོན་སྙིང་ཕྱུང་ལ་ཤོག༔ རྣམ་སྨིན་ཕུང་པོ་དུམ་བུར་གཏུབས་ལ་ཤོག༔ གཟུགས་ཀྱི་ཕུང་པོ་དེ་རུ་ཞོག་ལ་ཤོག༔ རྣམ་པར་ཤེས་པ་འདི་རུ་ཁྱེར་ལ་ཤོག༔ དགྲ་བགེགས་གནོད་བྱེད་ཨཾ་ཀུ་ཤ་ཡ་ཛ་ཛ༔ ཞེས་རོལ་མོའི་ཚམ་རྔམས་ཀྱིས་དྲག་ཏུ་བསྐུལ་ལ་གཡབ་དར་གཡོབ་ཅིང་འོད་ཟེར་འཕྲོ་འདུ་དང་ཕོ་ཉས་བཀུག་ །བླ་འགུགས་ཀྱི་སྔགས་ནི། ནྲི་ཤ་ཀུ་རུ༔ ནྲི་ཤ་ཀུ་རུ༔ ཁ་སོ་པ་ཏི༔ ཁ་སོ་པ་ཏི༔ཡཾ་བུ་ཏི༔ ཡཾ་སེ་ན་ཡཾ་སྭ་ན༔ མན་ཡཾ༔ སྙིང་ཚལ་པར་རྦད༔ བཾ་རི་ལི་རྦད༔ དམ་ཉམས་དགྲ་བགེགས་ཁྱོད་ཀྱི་བླ་རྟེན་ཚེ་རྟེན་སྲོག་རྟེན་ཅི་ཡོད་པ་ཐམས་ཅད་འདིར་ཁུག་མྱུར་དུ་ཤོག་ཅིག༔ ཅེས་བླ་ཁུག་པའི་རྟགས་མ་བྱུང་བར་དུ་བཟླའོ། གལ་ཏེ་ཁུག་པའི་མཚན་མ་ཤིན་ཏུ་བུལ་ན། དམིགས་པ་དྲག་ཏུ་གཞུང་ཞིང་བླ་འགུགས་ཀྱི་པོ་ཉ་མོ་མོན་པའི་ཚིགས་དང་ཁྱི་འགྱེད་སོགས་རྦད་པས་མོད་ལ་ཁུག་པ་ནི། གཞུང་ལས། ལས་ཀྱི་ཕོ་ཉ་འདི་དག་ནི༔ བསྐུལ་དང་རྦད་པས་སྲིག་གསུམ་

(༤༨༥)འཇོམས༔ ལས་བསྒྲུབ་ཐེ་ཚོམ་མེད་པར་དེས༔ ཞེས་གསུངས་ཀྱང་འདིར་རེ་ཞིག་དེ་ཙམ་མོ༔ དེ་ཡང་འགུགས་པའི་དུས་གནད་ནི། དམིགས་བྱ་རང་རང་ལ་བླ་རྒྱུ་དུས་མི་འདྲ་བ་རེ་རེ་སོགས་ཟབ་གནད་མང་དུ་གསུངས་ཀྱང་འདིར་རྒྱས་བཤད་དོར་བའི་རང་གཞུང་གི་དགོངས་ནས། སྔ་དྲོ་སྟག་མོ་ལངས་པའི་དུས་དང་ནི༔ ཉིན་གུང་ཁྱིམ་བྱ་གདང་ལ་ཉལ་བ་དང་༔ སྲོད་ལ་སྲིན་མོ་ལྟོ་ལ་་རྡུབ་པའི་དུས༔ ཁྱད་པར་ཉི་མ་གྲི་བ་སོ་འཇུག་དུས་དང་༔ ཞེས་གསུངས་པའི་དགོངས་དོན་གཙོ་བོར་བཟུང་ནས། ཐོ་རེངས་གུང་ཉིས། ཤར་ནུབ་གཉིས་ཀྱི་གྲིབ་སོ་བྱུང་སྐབས། སྲོད་གོང་ནག་དུས་ཏེ་དྲུག་གོ་རྒྱས་བསྡུས་ཀྱི་གོ་སྐབས་རིག་པའི་མདའ་མོ་འཕངས་པར་བྱའོ། སྐབས་སུ་རིགས་མཐུན་གྱི་གཞུང་གཞན་ལས་བྱུང་བའི་ཟབ་གནད་འདིར་ཡང་བྱ་སྟེ། ཧཱུྃ་བྷྱོ ད་ནི་བསྒྲལ་བའི་ཐུགས་དམ་དུས་ལ་བབ༔ ད་ནི་ནམ་གྱི་སྲོད་ལ་བབ་དུས་འདིར༔ ཆོམ་རྐུན་ལས་ལ་འགྱེད་པའི་དུས་ཡིན་པས༔ དམ་ཉམས་དགྲ་བོའི་བླ་ཚེ་འཁྱམས་པའི་དུས༔ དམ་ཉམས་དགྲ་བོའི་བླ་འཁྱམས་ཁུག་ལ་ཞོག༔ བྷྱོ ད་ལྟ་ནམ་གྱི་གུང་ལ་བབ་དུས་འདིར། སེམས་མེད་འབྱུང་བ་ཆུ་ཡང་གཉིད་ལོག་གི༔ དགྲ་བོ་ལས་ངན་སྡིག་ཅན་གཉིད་ལོག་གི། བླ་ཚེ་འཁྱམས་པོ་ད་ལྟ་ཁྲིད་ལ་ཤོག༔ བྷྱོ ད་ལྟ་ནམ་གྱི་ཐོ་རངས་བབ་དུས་འདིར༔ དགྲ་བོའི་བླ་ཚེ་འཕྱོ་ཞིང་འཕྲོ་བའི་དུས༔ དམ་ཉམས་དགྲ་བོའི་བླ་ཚེ་འཕྱོ་བའི་དུས༔ ལས་ངན་བླ་འཁྱམས་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ ད་ནི་ནམ་ལངས་ཉི་མ་ཤར་དུས་འདིར༔ མི་ཕྱུགས་ཐམས་ཅད་ལས་ལ་གྲམ་པའི་དུས༔ དགྲ་བོའི་བླ་ཆེན་སྒོ་རུ་ཐོན་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོད་ལྟ་མི་མའི་གུང་ལ་བབ་དུས་འདིར༔ དགྲོ་བོའི་རྣམ་ཤེས་བྱིང་ཞིང་མྱོས་པའི་དུས༔ དགྲ་བོ་བླ་ཚེ་འཐོམ་ཞིང་འཁྱམས་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག་ བྷྱོང་ནི་ཉི་ནུས་གྲིབ་སོ་ཕོག་པའི་དུས༔ སྙིང་མི་དགའ་ཞིང་ཤེས་པ་འཕྱོ་བའི་

(༤༨༦)དུས༔ དགྲ་བོའི་བླ་ཆེ་རྣམ་ཤེས་འཕྱོ་བའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་་ཁྲིད་ལ་ཤོག༔ ཅེས་དང་རང་རང་གི་དུས་དང་བསྟུན་པའི་བསྐུལ་བའམ་ཡང་ན་མཐར་ཆགས་སུ་བྱའོ། །དེ་ནས་རྒྱབ་བརྟེན་གྱི་ལྷ་དང་དབྲལ་བ་ནི། གུ་གུལ་གྱིས་བདུག་ བྱ་རོག་དན་འུག་བའི་དང་སྤྲོ་གཉིས་ཀྱིས་གཡབ་ཅིང་། སྤྲོ་ན་དགྲ་བོའི་ལྷ་མིང་རུས་དང་བཅས་པའི་བར་དུ་མ་མོའི་སྔགས་བྱང་གཏེམ་ལ་སྒྲོ་ཡིས་གནོན་ཞིང་དབྱེ་རྫས་དམིགས་བསལ་གྱིས་བདུག་པ་དང་བསྐུལ་བྱང་སོགས་གུད་ལས་བྱུང་བ་ལྟར་འདིར་ཡང་སེམས་སོ། །ཧཱུྃ་ སྡིག་ཅན་དགྲ་བོ་ལས་ངན་འདི༔ དགྲ་ལྷ་སྤྱི་བོའི་གཏུག་ནས་ཕྲུལ༔ སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ༔ ཞང་ལྷ་ལྟེ་བའི་ཁུད་ནས་ཕྲོལ༔ མ་ལྷ་གསང་བའི་གནས་ནས་ཕྲོལ༔ ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ༔ མོ་ལྷ་ཕྱག་པ་གཡོན་ནས་ཕྲོལ༔ བང་ལྷ་མཛོད་ཁང་ནང་ནས་ཕྲོལ༔ བན་བོན་ལ་སོགས་འགོ་བའི་ལྷ༔ རིག་འཛིན་ལ་སོགས་སྲུང་བའི་ལྷ༔ མ་ལུས་རྒྱབ་ནས་ཕྲོལ་ལ་ཤོག༔ ཧཱུྃ་ལས་ཀྱི་གཤིན་རྗེ་ཐམས་ཅད་དང་༔ བདག་གི་སྲུང་མ་དམ་ཅན་རྣམས༔ དགྲ་བོའི་ལྷ་ལྔ་དབང་དུ་སྡུས། དགྲ་བོའི་ཡུལ་ལྷ་མ་ནོལ་དུ་ཆག༔ དགྲ་བོའི་ཕོ་ལྷ་དབང་དུ་་སྡུས། དགྲ་ལྷ་ཕམ་ཞིང་འཐོར་དུ་ཆུག༔ མ་ལྷ་མ་སྨན་ཡར་དུ་ཆུག༔ དགྲ་བོ་ལྷ་དང་ཕྲོལ་ལ་ཤོག༔ བདག་གི་གྲོགས་བྱེད་དམ་ཅན་རྣམས༔ ཉེས་བྱས་དམ་ཉམས་དགྲ་བོ་འདི༔ མགོན་བྱེད་ཡུལ་ལྷ་དབང་དུ་སྡུས༔ མཚོན་བྱེད་ཕོ་ལྷ་དབང་དུ་སྡུས༔ སྐྱོབ་བྱེད་དགྲ་ལྷ་དབང་དུ་སྡུས༔ གྲོགས་བྱེད་མ་ལྷ་དབང་དུ་སྡུས༔ སྲུང་བྱེད་གྲོག་ལྷ་དབང་དུ་སྡུས། ལེ་དགུའི་ལྷ་སྲུང་བྱད་དུ་ཕོབ༔ ཕར་བྱེད་ཞང་ལྷ་དང་དུ་སྡུས༔ ཧཱུྃ་ཁ་ཁ་མུ་ཁ་མཐུ་མོ་ཆེ༔ མཐིང་ནག་ཆེན་མོ་བྱ་རོག་དབུ༔ རྟོག་མེད་ཟས་སུ་ཤ་ལ་ཟ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཧཱུྃ་ལུ་ཁུ་ཁ་མཐུ་མོ་ཆེ༔ སེར་ནག་ཆེན་མོ་འུག་པའི་དབུ༔ ཁྱོད་ནི་ཉིན་མཚན་མེད་པར་རྒྱུག༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག༔ ལུས་

(༤༨༧)དང་སྲུང་མ་ཕྲོལ་ལ་ཤོག༔ ཁྱོ་དང་ཆུང་མ་ཕྲོལ་ལ་ཤོག༔ གཉེན་དང་ཉེ་དུ་གྲོལ་ལ་ཤོག༔ ཕུ་བོ་བུ་བོ་ཕྲོལ་ལ་ཤོག༔ མངོན་སྤྱོད་དྲག་པོས་རྡུལ་དུ་རློགས༔ ཨྀ་ནྲ་ཏྲི་ཏྲ་ག་རཀྴ་མཱ་ར་ཡ་ཕྱེ་ཕྱེ༔ མ་མ་ཏྲ་ག་རཱུ་ཏྲ་མཱ་ར་ཡ་ཕྱེ༔ ཞེས་བག་ཙ་མེར་བཟླས་པས་ལྷ་དང་དབྱེའོ། །ཕ་རོལ་པོ་ལྷ་སྲུང་བཟང་ན་ལྷ་ལྔ་དཀྲག་པའི་དྲག་སྔགས་ཟུར་དུ་གསལ་བ་ལྟར་བྱའོ། །དེ་ནས་དངོས་ཉམས་རྨི་ལམ་གྱི་སྒོ་ནས་བླ་རྟོགས་མཐོང་བ་དང་། དེ་ཉིད་གང་དུ་བ་རྫུབ་དེར་མངགས་པའི་ཕོ་ཉ་ཐད་དགོས་པའང་། རེ་ཞིག་འདིར་མ་སྤྲོས་པས་བསྟན་དོན་གལ་ཆེའི་རིགས་ལ་ལོགས་སུ་ཤེས་པར་བྱའོ། །དེ་ལྟར་ཞག་གྲངས་ཇི་ལྟར་ཡང་ཁུག་པའི་རྟགས་མཐོང་ངགས་དཔའི་ལས་ལ་འཇུག་དགོས་ཏེ། སློབ་དཔོན་ཆེན་པོས། བླ་མ་ཁུག་བར་ལས་ལ་སྦྱོར་བ་ནི་དགྲ་བོ་མེད་པར་མཚོན་ཆ་བརྡག་པ་དང་འདྲ༔ བླ་ཁུག་ནས་ལས་ལ་མ་སྦྱང་ན་བསྐུར་སར་ནས་དགྲ་བོ་ཤོར་བ་དང་འདྲ༔ ཞེས་སོགས་སྐྱོན་ཡོན་གྱི་རྣམ་གྲངས་ཤིན་ཏུ་མང་བར་གསུངས་པས་གསད་པའི་ལས་ལ་སྦྱར་བ་ནི། ཐུན་སྣོད་གཡག་རྒོད་ཀྱི་རྭ་གཡས་མེ་ཆུས་ཕོག་པའི་ནང་དུ་ཐུན་རྫས་རྣམས་ཚང་བ་ཤོག་དུ་མ་གཡག་རྡས་བཀབ་མདུན་དུ་བཤམས་ལ། ཨེ་ཛ་བྷྱོ་ ཐུན་སྣོད་ནད་མཚོན་དུག་རླགས་ཁོལ་བའི་ཀློང་༔ ཐུན་རྫས་ལས་བྱེད་ཕོ་ཉ་ཟ་གསོད་རྔམས༔ གཏུམ་དྲག་རྒྱོབ་སོད་འཇིགས་པའི་འབྲུག་སྟོང་ལྡིར༔ སྟོང་ཁམས་གང་བའི་མཚོན་ཆ་ཐོག་ལྟར་འབེབས༔ ལོག་འདྲེན་གནད་ལ་དབབ་པའི་མཐུ་ལྡན་གྱུར༔ ཅེས་གཟི་བྱིན་བསྐྱེད་ལ་དམིགས་གནད་ནི། གཞུང་ལས། དྲག་སྔགས་མཚོན་ཆའི་འོད་ཟེར་ལས༔ ཤུགས་ལྡན་རི་ཆེན་ཉིལ་ལྟར་འཕྲོས༔ ཤ་ཟ་གསོད་བྱེད་ཕོ་ཉ་བསྐུལ༔ ཁོ་ཡི་བ་སྤུའི་བུ་གར་གདབ༔ སོགས། གནམ་ལྕགས་ཀྱི་འཁོར་ལོ་བསྣོལ་མ་ཤུགས་དྲག་ཏུ་བསྐོར་དམིགས་ཀྱིས་རང་གཤེད་རང་ལ་དབབ་པའི་དམིགས་གནད་ཟབ་མོ་ཞལ་ལས་ཤེས་པར་བྱས་ནས་བཟླ་བྱའི་སྔགས་ནི། ཨེྱ་ཨེྱ་ཨེྱ། སོགས་ནས། བི་ཙུ་ར་ཎ་བི་ཙུ་ར་ཎ༔ ཨོཾ་ཨཱཨུཥྞི་ཥ་ཡ་རྦད༔ ཡནྷྲ་ཙ་ཀ་རྦད༔ མན་ཏྲ་

(༤༨༨)ཡ་ཙ་མ་རྦད༔ ཁཾ་ཤག་རོ་མྱག་མུག་ཏི་རྦད་ཡ༔ ཞེས་བཟླ་ཞིང་མཆིལ་རླངས་མི་ཤོར་བའི་གནད་དང་ལྡན་པས་ཐུན་ལ་དར་བླུད་ནས་ལིངྒ་ལ་ཐུན་གྱིས་བྲབ་ཅིང་བསྐྱལ་བ་ནི། ཧཱུྃ་ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ དགྲ་དང་བགེགས་ཀྱི་གཉེན་པོ་སྟེ༔ ཡུངས་ཀར་རྒྱལ་པོ་ཤ་རི་རཾ༔ དགྲ་བགེགས་སྟེང་དུ་བབ་པར་བྱ༔ ཁྲག་ཐུན་དུ་རླངས་ཆི་ལི་ལི༔ ཚེ་དཔལ་མདའ་འཕེན་ཟླངས་སེ་ཟང་༔ གནམ་ལྕགས་ཐོག་ཆེན་ཧྲི་ལི་ལི༔ ཡུངས་ཀར་རྦབ་འདྲིལ་ཤ་ར་ར༔ ཡུང་པོའི་སྟེང་དུ་བྲབ་པར་བྱ༔ ཛ༔མཱ་ར་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་སྲོག་རྩལ་ཏྲིག་ནན་ཨེ་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད་སོད་ཅེས་དང་། སྤྲོ་ན་འོག་ནས་འབྱུང་བའི་ལོ་དང་ཟླ་བ་ལ་སོགས་ཀྱང་བརྗོད་༔ དེ་ནས་བསད་རྟགས་ཀྱི་དྲོད་ཚད་ཤེས་པར་བྱ་དགོས་ཏེ། སྔ་མའི་འཕྲོ་ལས། གསོད་པའི་ནང་རྟགས་མེད་པར་གནན་སྲག་འཕངས་གསུམ་བྱས་ན་དགྲ་མི་འཆིའོ༔ །ཞེས་དང་། བསད་ལས་ཚད་ལས་ཐལ་ན་རང་ཉིད་གྲིར་འཆི༔ དྲོད་ཚད་མཁས་ན་མདའ་དང་འདྲའོ༔ ཞེས་གསུངས་པས་སོ། །དེ་ཕྱིར་སོང་རྟགས་མངོན་དུ་གྱུར་ནས། གནན་པའི་ལས་བསྒྲུབ་པ་ནི། འདིར་དམིགས་སུ་མ་བསལ་ཡང་གཞུང་གཞན་ལས། གནས་ལྔར་གནམ་ལྕགས་ཙཀྲ་ནི༔ རྩིབས་བཞི་སྲ་ཞིང་ལྕི་བ་རེས༔ བསྒུལ་བསྐྱོད་མི་ནུས་མནན་པར་བསྒོམ༔ ཞེས་གསུངས་བས། དམིགས་པ་གསལ་འདེབས་ནི། དགྲ་བགེགས་འབྱུང་པོའི་སྤྱི་མགྲིན་སྙིང་ག་ལྟེ༔ གསང་གནས་གནམ་ལྕགས་ཙཀྲ་རྩིབས་བཞི་པ༔ གནམ་ལྕགས་རྡོ་རྗེས་མཚན་དང་ཚིགས་ཆེན་བཞིར༔ རྒྱ་གྲམ་ལྕི་ཞིང་འཐས་དང་རིགས་སྔགས་ཀྱི༔ དམེད་པས་མནན་པས་སྒོ་གསུམ་རྨོངས་ཤིང་འཐིབས༔ བསྒུལ་བསྐྱོད་སྨྲ་བསམ་མེད་པ་ཉིད་དུ་གྱུར༔ ཅེས་དམིགས་པ་གསལ་པོས། ཨཻྱ་རིང་གི་ཤམ་བུར། པི་ཙུར་ཎ་པི་ཙུར་ཎ༔ ཨོཾ་ཨཱཨུཥྞིཥ༔ དུ་ནས་དུ་བ༔ ཨེ་ཀ་དུ་ན༔ ཤི་དུ་ནན༔ བི་ནིར་ཧཱུྃ་ལཾ་སྟམ་བྷ་ཡ་ནན༔ ཞེས་དམིགས་རྟགས་དང་མ་ལྡན་པར་

(༤༨༩)བསྒྲུབ། དེ་ལྟར་འགུགས་མནན་གསད་གསུམ་གྱི་ཐུན་མཚམས་ཀུན་ཏུ་དམར་གཏོར་བའི་ལ་དང་རཀྟས་བྲན་པར་དམིགས་ནས། ན་མོ་རྩ་བརྒྱུད་བླ་མ་སོགས་དགུག་གཞུག་གི་མཐར། སྨན་རཀ་བྲན་ལ། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨང་དུ་བྱུང་བ་ལས་རྣམ་པ་དགྲ་བོའི་ཤ་ཁྲག་གི་རང་བཞིན་ལི་དམ་ཞི་ཁྲོའི་ཚོགས་དང་སྲུང་མ་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨོཾ་ཨཱཧཱུྃ། ཨེ་ཨ་ར་ལི་ཧྲི༚་ཧྲི༚་ཧྲི༚་ཛ་ཛ༔ གསུམ་གྱིས་བརླབ། ཧཱུྃ་དགྲ་བགེགས་གདུག་པ་བདུད་ཀྱི་ཚོགས༔ སྡེ་དཔུང་འཁོར་དང་བཅས་པ་ཡི༔ ཤ་ཁྲག་བདུད་རྩིའི་རྒྱ་མཚོ་འདི༔ ཁྲོ་རྒྱལ་འབར་བའི་ཚོགས་ལ་འབུལ༔ ལས་དང་བག་ཆགས་དག་པ་དང་། རང་གཤེད་བསམ་སྦྱོར་ངན་པ་རྣམས༔ ཁོ་རང་ལ་ནི་བཟློག་པ་དང་༔ རང་མཚོན་རང་ལ་ཟུག་བ་དང་༔ རང་ཤ་རང་གིས་ཟ་བར་མཛོད༔ རང་སྡེ་རང་གིས་ཕྱེ་མར་ཐོང་༔ རྡུལ་ཆ་ཙམ་ཡང་མེད་པར་མཛོད༔ ཧཱུྃ་གཏུམ་ཆེན་འབར་བ་ཁྲོ་བོའི་རྗེས༔ ཚེ་བདག་འཆི་བདག་འཁོར་ལོས་སྒྱུར༔ ཁྲོ་བོ་བཅུ་དང་སྤྲུལ་པ་རྣམས༔ འཇིགས་ཚུལ་རྔམས་བའི་ང་རོ་ཡི༔ དགྲ་བགེགས་གནང་ནས་འགུགས་པ་དང་། བདག་སྲུང་རྐྱེན་ངན་བར་ཆད་བཟློག༔ ཨོཾ་བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ༔ ཅེས་གཏོར་མ་འབུལ། དེ་ལྟར་ཐུན་གྱི་དངོས་གཞི་དགུག་གསད་གནན་གསུམ་གྱི་རྟགས་རྣམས་རྫོགས་པ་དང་ལས་མཐའ་བསྡུ་བ་ནི། གཞུང་གི་ཚོགས་མཆོད་བཤགས་པའི་བར་གྲུབ་རྗེས། རང་ཉིད་འཆི་འཆི་ཨུ་ཥ་གསུམ་དང་འཁོར་ཚོགས་དམ་ཅན་རྒྱ་མཚོ་རྡོམ་སྟོབས་རིངས་ཤིང་ཁྲོས་པས་རྨོངས་འཆིང་གི་ལས་མཛད་པར་མོས་པའི་ང་རྒྱལ་དང་དགུགས་གསད་གནན་གསུམ་གྱི་སྔགས་སྦྲེལ་ནས་བཟླ་བཞིན་དུ་ལིངྒ་བྲུབ་ཁུང་ནས་ཕུང་སྟེ་མདུན་དུ་བཀོད་ནས། དང་གྲིབ་ཐར་མི་འཆོར་བ་དང་ལིང་གྲིབ་ཚུར་མི་འགོ་བའི་ཐབས་ཀྱང་གཞུང་གཞན་ལས་འབྱུང་བ་ལྟར་བྱས་ནས། སྒྲོན་གཟུར་བར་དང་༔ དགུག་གཞུག་

(༤༩༠)དྲག་པོ་ལན་གསུམ་གྱི་མཐར། གུ་གུལ་གྱིས་བདུག་ ཧཱུྃ་ཁ་ཁ་མུ་ཁ། སོགས་དང་། བསྡུ་ན། ཛྙཱ་ན་ཨ་ཡུ་ཤེ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད། སློབ་དཔོན་གྱིས་ཐུན་རྫས་ཐོགས་པ་བརྡེག་ཅིང་དམོད་མོ་བྱ་བ་ནི། ཧོ༔ ཞིང་བཅུ་ཙང་བའི་དགྲ་བོ་འདིས༔ སྔགས་འཆང་བདག་ལ་རྒོལ་བ་དང་༔ ཡིད་ལ་ལྷ་ལ་ཕོད་བཙུགས་བས༔ གཟུགས་ཕུང་ཤིག་ལ་ཚེ་སྲོག་ཕྲོག༔ ཡས་ནས་སྟེང་གི་འཇུ་ཐག་ཆོད༔ འོག་ནས་ས་ཡི་རྟེན་ཕུར་ཕྱུང་༔ བར་དུ་རླུང་རྟའི་མཁར་པོ་ཤིག༔ གཤིན་རྗེའི་ཚོགས་ཀྱིས་བཀའ་ཆད་ཕོབ༔ སྐྱེ་མཆེད་མ་ལུས་འགག་ཏུ་ཆུག༔ལ་རྟེན་འབྲེལ་བཅུ་གཉིས་བདུད་དུ་ཕོབ༔ དུག་ལྔའི་རང་མཚང་ཁོང་ནས་ཤིག༔ མོ་ནོར་མ་ལུས་ཕྱགས་མས་ཐོབ༔ དུས་ལ་བབ་ཕོས་མ་ཡ༔ ཞེས་དང་། ཧཱུྃ་ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ དགྲ་དང་བགེགས་ཀྱི་གཉེན་པོ་སྟེ༔ ཡུངས་ཀར་རྒྱལ་པོ་ཤ་རི་རཾ༔ དགྲ་བགེགས་སྟེང་དུ་བྲབ་པར་བྱ༔ ཁྲག་ཐུན་དུག་རླངས་ཆི་ལི་ལི༔ ཚེ་དཔལ་མདའ་འཕེན་ཟངས་སེ་ཟང་༔ གནམ་ལྕགས་ཐོག་ཆེན་ཧྲི་ལི་ལི༔ ཡུངས་ཀར་རྦབ་འདྲིལ་ཤ་ར་ར༔ ཕུང་པོའི་སྟེང་དུ་བྲབ་པར་བྱ༔ ཨཻྱ་ཨཻྱ་ཨཻྱ་ སོགས་ཀྱི་མཐར། ཨོཾ་ཨཱཨུཥྞིཥ་ཡ་རྦད༔ ཡན་ཏྲ་ཙཀྲ་རྦད༔ མནྟྲ་ཡ་ཙམ་རྦད༔ ཅེས་ཕུར་པ་ཐོགས་ལ། ཧཱུྃ་ཧཱུྃ་ལས་བྱུང་བའི་ཡ་མ་ནི༔ ཐུང་ལ་སྦོམ་ཞིང་གསུངས་པ་ཆེ༔ འོད་ཟེར་བསྐལ་བའི་མེ་དཔུང་བཞིན༔ དུག་གསུམ་སྲེག་བྱེད་ཀཱི་ལ་ཡ༔ ཧེ་རུ་ཀ་ཡི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་པ༔ དཀོན་མཆོག་བླ་མ་བརྙས་བྱེད་བ༔ དུས་ལ་བབ་བོ་ཀཱི་ལ་ཡ༔ སྐུ་སྟོང་ཞལ་གཅིག་ཕྱག་གཉིས་པ༔ གཡས་པར་ལ་གྲི་ནམ་མཁར་འཕྱར༔ གཡོན་པོ་ཐོད་བ་ཁྲག་བརྐང་གསོལ༔ དམ་ཉམས་སྙིང་ལ་ཀཱི་ལ་ཡ༔ སྐུ་སྨད་ཕུར་བུ་ཟུར་གསུམ་དཔལ༔ བློ་ལྡན་རྡོ་རྗེའི་ཐོ་བ་ཡིས༔ གནས་བཅུ་རྣམས་སུ་གདབ་པར་བྱ༔ ཨོཾ་བྷ་བྷ། མཱུ་ཧ་ཡ་གྷཱ་ཏ་ཡ༔ སརྦ་དུཥཾྚ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ༔ སརྦ་པཱ་བ༔

(༤༩༡)ཧཱུཾ་ཕཊ ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀི་ལ་ཡ༔ བཛྲ་བྷ་རོ་ད་ཨཛྙཱ་པ་ཡ་ཏི་སརྦ་བི་གྷ་ནན༔ ཀཱ་ཡ་ལྦཱ་ཀ་ཙིཏྟ བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ༔ ཞེས་ཚེ་ཁྲུས་ཀྱི་དགོངས་པས་ཟན་ལིང་བསྒྲལ་ཞིང་མཚོན་ཆས་གཏུབས་པ་ནི། བསད་གྲི་ཐོགས་ལ། ཧཱུྃ་སྒྲོལ་བྱེད་གིང་ཆེན་བཅོ་བརྒྱན་པོ༔ བཤན་པ་ཆེན་པོ་སྲོག་གི་གཤེད༔ རྔམས་ཆེན་འཐོམ་པའི་སྙིང་རྗེ་མེད༔ ཤ་ཁྲག་དྲོད་ལ་རྒྱུད་ཅིང་རྔམས༔ ལས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ ཁ་རླངས་ནད་ཀྱི་དབལ་དུ་འཆང་༔ ལག་ན་མཚོན་ཆ་སྣ་ཚོགས་བསྣམས༔ གང་ལ་དམིགས་པ་སྔོན་དུ་སྒྲོལ༔ ཙིཏྟ་དང་ནི་ནང་ཁྲོལ་གཏུབས༔ རྣམ་ཤེས་བཀྲག་མདངས་ལུས་སྲོག་དཔྲལ༔ ཤ་ཁྲག་རོལ་སྲེད་ཅིང་ཟ༔ ཁ་གདངས་ལྕེ་བསྒྲིལ་མཆེ་བ་གཙིགས༔ རྐང་པས་བརྒྱུགས་ཤིང་ལགས་པས་རྩེ༔ སྐྱེ་འགྲོ་ཀུན་གྱི་སྲོག་དབུགས་ལེན༔ ཁ་ནས་ཁྲག་འཛག་མྱོས་ཤིང་བརྒྱལ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མ་ལུས་སྲོག་གཅོད་གཟིར་ཞིང་གནོན༔ སྡང་དགྲ་གནོད་བྱེད་རྡུལ་དུ་རློགས༔ བཅོལ་པའི་ལས་རྣམས་འགྲུབ་པར་མཛོད༔ རིངས་པར་ཁུག་ལ་མྱུར་དུ་སྒྲོལ༔ ཞེས་མཐར་གསང་སྔགས་བཟླ་བཞིན་དུ་ལིངྒ་གཏུབས་ལ་བསྟབ་བ་ནི ཧཱུྃ་གྲུ་གསུམ་མཐིང་ནག་འབར་བའི་ང་ལ་ནས༔ ཚོ་འཆི་ཨུ་ཥ་གསུམ་ཞལ་གདངས་ཤིག༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ བཅོམ་ལྡན་སྐུ་ཡི་གཡོན་རོལ་ནས༔ རྡོ་རྗེ་ཁྲོས་མ་ཞལ་གདངས་ཤིག༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་བརྒྱད་ཀུན༔ དགྲ་བགེགས་ཤ་ནི་བཟའ་བའི་མཆོག༔ ཞེས་སྡང་རུས་པའི་མཆོད་པ་བཞེས༔ དགྲ་བོའི་གློང་སྙིང་སྨན་གྱི་རྒྱུ༔ ང་རྒྱལ་བློ་སྙིང་མཆོད་པ་འབུལ༔ དགྲ་བོའི་མཁྲིས་པ་ཛ་གད་རྒྱུ༔ ཕྲག་དོག་མཁྲིས་པའི་མཆོད་པར་བཞེས༔ འདི་ནི་དུག་ལྔའི་མཆོད་པ་སྟེ༔ ཟིལ་གནོན་ལྷ

(༤༩༢) ཚོགས་བཞེས་སུ་གསོལ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི མ་ཧཱ་རཀྵ་ལ་ཁཱ་ཧི མ་ཧཱ་ཙིཏྟ་ལ་ཁཱ་ཧི མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི མ་ཧཱ་བ་སུ་ཏ་ལ་ཁཱ་ཧི ཀི༚་ནི་རི་ཏི་ཁཱ་ཧི༔ ཞེས་ལིང་རོ་གཏོར་མར་བྲན་ཞིན་སྨན་རཀ་སྒྲོན༔ དེ་རྗེས་ལྷག་མ་གྱེར། དེ་ནས་གནན་སྔགས་བཟླ་བཞིན་པར་ལིངྒ་ལ་གསང་སྔགས་ཀྱིས་དར་བཏགས་པའི་དུག་ཁྲག་གི་ཁྲམ་བཏབ་པ་ལ། དགྲ་འདྲེའི་ལྟེ་བ་ཚུལ་མང་ཡང་། རང་གཞུང་དུ། གཡས་ཀྱིས་གཡོན་བཀབ༔ སོགས་གསུངས་པ་བཞིན་ལྟེ་བ་ནས་ཤི་སྐྲ་དང་ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང་། གཞུང་ལས་གསུངས་པའི་དམིགས་བསལ་གྱི་གནན་ཐོད་འབྱེར་ནར་བ། དེ་མིན་རང་རང་ལ་རུང་མཐུན་དང་། རང་གཤེད་ཀྱི་གནད་དང་ལྡན་པའི་སྣོད་དུ་གཞུག་ ཐུན་རྫས་དང་སྲི་ཅན་ལ། ཚྭ་དང་བ་ཚ་བུལ་ཏོག་ཀྱང་བསྣན་པས་བར་སེང་མེད་པར་བཀང་སྟེ་ཐལ་ཆེན་གྱི་འདམ་པའམ་ལ་ཆས་བཀག །བཛྲ་ཀ་རྨ་ཧ་ན་ཧ་ན་བཛྲ་བཛྲ༔ ཞེས་རྡོ་རྗེའི་རྒྱ་རྒྱག །མན་ངག་ལས་གསུངས་བ་ལྟར་རྟེན་འབྲེལ་ནག་པོས་རབ་ཏུ་གནས། ཕུང་རེ་དང་བྱད་ཐག་གི་བཅིངས་ལ་རྩད་རྒྱ་གྲམ་དུ་གཟེར་ཏེ་ལག་ཆགས་དམ་པར་བྱའོ། །དེ་ནས་སྐབས་འདིའམ་ལོང་ཁྱབ་དང་བསྟུན་པའི་གང་བྱ་བའི་ས་ཕྱོགས་རུང་མཐུན་དམིགས་བསལ་སོགས་ཀྱིས་དེར་བསྐྱོད་ལ། གསེར་སྐྱེམས་དང་དགོས་པའི་ཡོ་བྱད་འདུ་བྱས་ནས། ས་བདག་ལྟོ་འཕྱེའི་ཐིག་རྩ་རང་ལུགས་ཕྲ་ཞིབ་ཀྱི་ལག་ལན་ལྟར་བ་མ། ཡང་ན་ལྟ་བརྒྱས་ཐེབས་ངེས་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་ཐག་ཆོད་ཕའི་མོས་པ་བརྟན་པོས་སྟ་རེ་འཇོར་སོགས་རྐོ་བྱེད་ཀྱི་ལག་ཆར་ཁྲོ་བཅུའི་སྔགས་ཀྱིས་བར་བཏབ་པས་ས་དམིག་དོང་ཚད་སོགས་གསང་སྔགས་ཀྱི་བཞུང་ཆེན་པོ་ནས་གསུངས་པའི་ངེས་པ་བཞིན་མཛད་པ་དཔེ་བྲིས་ལྟས་ཆོ་ག་ལས་སྒོས་སོ། བརྐྱང་ཁྲུ་འདྲ་སྐད་བཙུགས་པ་ལྟ་བུའི་ས་དམིགས་འཚོལ་བ་ལུང་རིགས་ཉིས་ཀ་ས་དབེན་ཏེ་གསང་ཆེན་གྱི་མིག་ལྟོས་ལ་གནོད་པས་དོར་ན་ལེགས་སོ། དེ་ལྟར་ལེགས་པར་གྲུབ་ནས། ལས་གཞུང་གི་བསྐུལ་དང་ཆང་ཐོ་

(༤༩༣)སྒོ་དབྱེ་སོགས་སྤྱི་འགྲོ་ལྟར་བྱས་ནས། གོང་གནོན་གྱི་གཏོར་མ། གནན་ཆས། མི་ཁའི་རྫས་ཐལ་འདམ་སོགས་ཁྱེར་ནས་གནན་སར་སླེབས་པ་དང་། ཡི་དམ་གྱི་ང་རྒྱལ་བརྟན་པོས་ཐེབས་ཕྱོགས་དང་མཐུན་པར་འདུག་སྟེ་གནས་ཡུལ་གཞིས་བདག་ལོ་ཟླ་གཞག་དུས་ལ་དབང་བའི་རིགས་ལ་གསེར་སྐྱེམས་བཤམས་ལ། ཧཱུྃ་བྷྱོ་བྱིན་རླབས་ཐུགས་རྗེའི། སོགས་ཀྱིས་གསེར་སྐྱེམས་ཕུལ། བཀའ་བསོ། ད་ནས་སྒྲུབ་རྟེན་གྱི་རལ་གྲི་འམ་ཕུར་བུ་དོང་ཁར་བསྣུན་ལ། ཁྲོ་ཆེན་དགྲ་སྟ་བསྣུན་པས་ས་གཞི་གས༔ མཐའ་ཡི་རྒྱ་མཚོ་སྡོ་མེར་གསལ་བར་གྱུར༔ དེ་དབུས་གནམ་ལྕགས་ཁང་པ་སྒོ་མེད་ནང༔ ནང་ཀྱི་གཞིན་རྗ་ནག་པོ་མ་ཧེའི་གདོང་༔ ཏིང་ནས་ཁྲོས་པ་ཞལ་གདངས་མ་ཆེ་བ་གཙིགས༔ ལག་གཡས་དབྱུག་ཐོ་གཡོན་པས་སྤྲུལ་ཞགས་ཐོགས༔ གཅེར་བུ་རྒྱན་མེད་མ་ཧེའི་སྟེང་ན་འགྱིད༔ གཤིན་རྗེའི་ཚོགས་རྔམས་པའི་ཚུལ་གྱིས་བསྐོར༔ མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར༔ ཅེས་གསལ་བཏབ། དེ་ནས་བསྐུལ་བ་ནི། ཧཱུྃ་འཆི་བདག་ནག་པོའི་ལྷོ་ཕྱོགས་ཀྱི། རིམ་པ་བདུན་གྱིས་འོག་ན༔ སྲོག་ལ་རྔམས་པའི་གཤིན་རྗེ་ནི༔ ནག་པོ་མ་ཧེའི་གདན་སྟེགས་སུ༔ ཡ་ལས་བྱུང་བའི་དབྱུག་པ་ནི༔ མི་མགོས་མཚན་པ་ལས་བྱུང་བ༔ གཏིང་ནས་ཁྲོས་པ་མ་ཧེའི་གདོང་༔ ཟ་བྱེད་ཞལ་གདངས་མཆེ་བ་གཚིགས༔ ཁྲོས་པའི་སྤྱན་གསུམ་དམར་པོ་འཁྲུག༔ སྐྲ་སེར་སྨར་གྱེན་དུ་བརྫེས༔ ལག་གཡོན་ཞག་པས་དགྲ་བགེགས་འཆིང་༔ ལག་གཡས་དབྱུག་ཏོས་དུ་རློགས༔ ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས་མ་མོ་ཆེན་མོ་ཙ་མུནིྟྲ༔ བྲན་དང་བཅས་པའི་དུས་ལ་བབས༔ ཤ་ཆེན་ཁྲག་ཞག་རྒྱ་མཚོ་ཡི༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྒྱལ་བས་བསྒོས་པའི་བཀའ་བཞིན་དུ༔ སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟླུང་ཞིག་ཆིངས་ཤིག་རྣམ་

(༤༩༤)པར་སྡོམས༔ ཁུག་ཅིག་དྲོངས་ཤིག་དཔང་དུ་སྡུས༔ སོད་ཅིག་སྒྲོལ་ཅིག་རེངས་པར་གྱིས༔ ཕྱེས་ཤིག་ནོན་ཅིག་ཐུགས་པར་གྱིས༔ ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིག༔ རྡུལ་ཆ་ཙམ་ཡང་མེད་པར་གྱིས༔ བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས༔ དམར་གཏོར་ཤ་ཁྲག་གིས་བརྒྱན་པར། ན་མོ་སོགས་དགུ་གཞུག་གང་རུང་མཐར། ཨོཾ་ཨེ་ཨ་ར་ལི་ཧྲི༚་ཧྲི༚་ཛ༔ བརྗོད་ཅིང་། དམ་རྫས་མཐུན་པའི་གཏོར་མ་འདི་བཞེས་ལ༔ བསྟན་པ་འཇིག་བའི་དམ་ཉམས་དགྲ་བོ་དང་༔ བར་དུ་གཅོད་པའི་འབྱུང་པོ་ཕོ་མོ་རྣམས༔ ལུས་ངག་ཡིད་གསུམ་ལྡང་དུ་མེད་པར་ནོན༔ རིག་སྔགས་དྲག་པོས་གྲོལ་བ་མེད་པར་ཆིངས༔ བྱས་པའི་ལས་དང་ནུས་མཐུ་གཏན་ནས་སོད༔ རྟག་ཏུ་ཐར་པ་མེད་པའི་གནས་སུ་ཆུག༔ ཅེས་དམར་གཏོར་དོང་ནང་དུ་འབུལ། དེ་ནས་གནན་ཆས་ལ་དམིགས་ཏེ། ན་མོ་རྩ་བརྒྱུད་བླ་མ། སོགས་དགུག་གཞུག་དྲག་པོའི་མཐར་ཧཱུྃ་སེམས་ཅད་གསོད་ན་སྡིག་ཅན་ཁྱོད༔ གཏད་དོན་གཤིན་རྗེའི་ལག་ཏུ་གཏད༔ བཅིང་ངོ་རྒྱ་མཚོའི་གཏིང་དུ་བཅིངས༔ མནན་ནོ་ར་རིབ་འོག་ཏུ་མནན༔ སྐྱོང་ངོ་འབྱུང་བ་བཞི་ལ་སྦྱངས༔ སྤ་བོ་ཀླུ་རྒྱལ་སྙིང་ལ་སྦ། འདི་ལས་འདའ་བར་མ་བྱེད་ཅིག༔ བསྡུ་ནད་ཙམ་གྱིས་ཀྱང་ཆོག་པར་སེམས༔ ཧཱུྃ་དམ་ཉམས་དགྲ་བོ་ལ་ངན་ཁྱོད༔ ཁྱོད་མདང་སུམ་མདང་གི་རྨི་ལམ་ན༔ རྨི་ལམ་མ་བཟང་རྨི་ལམ་ངན༔ སྟེང་ནས་འབྲུག་སྒྲ་ལྡིར་བ་རྨིས༔ དུང་ཁང་ནང་དུ་ཉལ་བ་རྨིས༔ ལུས་ལ་འཇའ་ཚོན་གྱོན་བ་རྨིས༔ འོག་ཏུ་རྟ་སྔོན་ཞོན་པ་རྨིས། བར་ན་གློག་ལྟར་འཁྱུག་པ་རྨིས༔ སྟེང་ནས་དུང་ཆར་བབས་པ་རྨིས༔ གོས་ནག་ལུས་ལ་གྱོན་པ་རྨིས༔ ཧཱུཾ་ད་ཉོན་ཅིག་སྡིག་ཅན་ལས་ངན་ཁྱོད༔ སྟེང་དུ་འབྲུག་སྒྲ་ལྡིར་བ་ནི། སྔགས་འཆང་ག་གི་སྔགས་སྒྲ་ཡིན༔ བར་སྣང་གློག་ལྟར་འཁྱུག་པ་ནི༔ སྔགས་ལྕེ་གློག་ལྟར་འཁྱུག་པ་ཡིན། དུང་གི་ཆར་པ་འབབ་པ་ནི༔ ཡུངས་ཀར་ཐུན་

(༤༩༥)གྱིས་བྲབ་པ་ཡིན༔ དུང་ཁང་ནང་ཉལ་བ་ཡི༈ ཐོད་སྒང་སྐྱ་མོའི་ནང་དུ་ཚུད་པ་ཡིན༔ འཇའ་ཚོན་ལུས་ལ་གྱོན་པ་དེ༔ དལ་ཚོན་སྣ་ལྔགས་བསྡམས་པ་ཡིན༔ འོག་རྟ་སྔོན་པོ་ཞོན་པ་དེ༔ འགལ་བའི་རྟ་ལ་ཞོན་པ་ཡིན། ལུས་ལ་གོས་ནག་གྱོན་པ་དེ། རོ་རས་ནག་པོས་གཏམས་པ་ཡིན༔ སྙིང་ལ་འོད་ཟེར་ཕོག་པ་དེ༔ ལྷ་སྲུང་རྫུ་འཕྲུལ་ཕོག་པ་ཡིན༔ ལམ་རོགས་དམག་མིས་བྱེད་པ་དེ༔ ང་ཡི་བཤན་པ་བརྒྱུགས་བ་ཡིན༔ དམ་ཉམས་དགྲ་འདྲེ་བྱུར་གསུམ་ཁྱོད༔ ཁྱོད་མནན་རྟགས་འཆི་རྟགས་ཐམས་ཅད་ཤར༔ སྡུག་ཅན་བྱ་བའི་མནར་མེད་ཁྱོད༔ ལུས་ངག་ཡིད་གསུམ་སྟམ་བྷ་ཡ་ནན༔ ཞེས་དང་། སྲི་ཅན་ལ་དཀྱུས་་ལས། ཧཱུྃ་སྐྱེས་བ་ཕོ་སྲི་གང་ནས་ལངས༔ ཕྲོ་སྲི་གངས་དཀར་སྟོངས་ནས་ལངས༔ བརྫུ་བ་གཡག་ཕོ་དཀར་པོ་བརྫུ༔ གངས་དཀར་སྟོངས་སུ་ཕོ་སྲི་མནན༔ མནན་ནོ་གཟིར་རོ་མ་ལྡང་ཞིག༔ ཧཱུྃ་མོ་སྲི་ལངས་པ་གང་ནས་ལངས༔ མོ་སྲི་རྒྱ་མཚོའི་གཏིང་ནས་ལངས༔ རྫུ་བ་ཁྱི་མ་ནག་མོར་བརྫུ༔ ཁྱི་མོ་ནག་མོའི་ཐོད་བ་རུ༔ རྒྱ་མཚོའི་གཏིང་དུ་མོ་སྲི་མནན༔ མནན་ནོ་གཟིར་རོ་མ་ལྡང་ཞིག༔ ཧཱུྃ་ཆུང་སྲི་ལངས་པ་གང་ནས་ལངས༔ ཆུང་སྲི་ཉལ་སའི་འོག་ནས་ལྡང་༔ རྫུ་བ་ཁྱ་རུ་དྲུག་གུར་བརྫུ། ཁྱུ་གུ་ཕྲུག་གུའི་ཐོད་པ་རུ༔ ཆུང་སྲི་ཉལ་སའི་འོད་ཏུ་མནན༔ མནན་ནོ་གཟིར་རོ་མ་ལྡང་ཞིག༔ ཧཱུྃ་སྒྲ་སྲི་ལངས་པ་གང་ནས་ལངས༔ དགྲ་སྲི་ལ་རྫས་འོག་ནས་ལངས༔ རྫུ་བ་སྤྱང་ཀོ་སྔོན་པོར་བརྫུ༔ སྤྱང་ཀི་སྔོན་པོའི་ཐོད་བ་རུ༔ དགྲ་སྲི་ལ་རྫས་འོག་ཏུ་མནན༔ མནན་ནོ་གཟིར་རོ་མ་ལྡང་ཞིག༔ ཧཱུྃ་ཕྱུགས་སྲི་གོད་སྲི་གང་ནས་ལངས༔ ཕྱུགས་སྲི་ར་བའི་དཀྱིལ་ནས་ལངས། རྫུབ་འབྲི་མོ་རོག་མོར་བརྫུ༔ སེམས་ཅན་གོང་བཞིའི་ཐོད་པ་རུ༔ །ཕྱུགས་སྲི་ར་བའི་དཀྱིལ་དུ་མནན༔ མནན་ནོ་གཟིར་རོམ་ལྡང་ཞིག༔ དགྲ་བོ་འཕྱོ་ཞིང་སྨྱོ་རུ་ཆུག༔ དམ་ཉམས་དགྲ་བགེགས་བྱུར་གསུམ་མནན༔

(༤༩༦)སྟམ་བྷ་ཡནན༔ ཞེས་བརྗོད་ཅིང་ལིངྒ་མནན་དོང་དུ་ཁ་ཕྱོགས་མ་འཆོལ་བར་བསྒྱུར། ཇི་བཞིན་བསྡད་ན་ལས་འགྲུབ་བོ། །དམིགས་བྱ་ཁོང་ཆུད་གཤིན་རྗེའི་ཞལ་བསྡམས་ཏེ༔ མནན་པའི་ལས་སྦྱར་དམ་ཉམས་རཱུ་ཏྲ་འདི༔ བསྐལ་བ་མ་སྟོངས་བར་དུ་མི་ཐར་བས༔ མུན་ནག་རུམ་གྱི་ནང་ནས་རྒྱ་མཚོའི་གཏིང་༔ རིམ་བདུན་ནས་འོག་གཤིན་རྗེའི་གྲོང་ཁྱེར་སོང་། ཞེས་མཁའི་རྫས་རྣམས་བླུགས། དུར་གཡམ་ལ་སྟོང་ཁམས་དང་རྒྱ་གྲམ་བྲིས་པས་བཀང་། ཐལ་འདམ་གྱིས་ལྕིགས་ལ་ཁྲོ་ཆུས་བསྡམས་པར་བསམས། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་ནན་ཆིངས་བྲུབ། ཞག་དང་ཟམ་ལ་དགྲ་དར་བ་ཐམས་ཅད་ནན་ཆིངས་བྲུབ། སྲོག་ལུས་དབང་ཐང་ལ་དགྲ་དར་བ་ཐམས་ཅད་མན་ཆིངས་བྲུབ། རླུང་རྟ་དང་སྨེ་བ་ལ་དགྲ་དར་བ་ཐམས་ཅད་ན་ཆིངས་བྲུབ། ཁྲམ་ལ་འདེབས་པ་ཐམས་ཅད་ནན་ཆིངས་བྲུབ། མགོ་ཐོག་ནས་རི་ལས་ལྗོ་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ་རྐང་འོག་ནས་ཚེར་ལས་རྩུབ་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཕྱིག་དགྲ་མེ་ལྟར་འབར་བར་བྱེད་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ནང་དགྲ་རླུང་ལྟར་འཚུབ་པར་བྱེད་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། རྒྱབ་ནས་འདེད་པའི་དགྲ་བོ་ཐམས་ཅད་ནན་ཆིངས་གྲུབ། མདུན་ནས་བསྒུག་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། བཟང་དགྲ་གོང་ནས་བསྡིགས་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ངན་དགྲ་འོག་ནས་འཇབ་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ལུས་ལ་སྦྲུལ་ལྟར་འཁྲིལ་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཀླད་ནས་རྦ་བ་ལྟར་འགྲིལ་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཞབས་སུ་དོང་ལྟར་འདྲུ་བའི་དགྲ་བོ་ཐམས་ཅད་ནན་ཆིངས་གྲུབ། ཡོད་པ་བརྒྱའི་མི་ཁ་ཟུག་པ་ཐམས་ཅད་ནན་ཆིངས་བྲུབ། ངན་པ་སྟོང་གི་བྲ་མཆི་ཐམས་ཅད་ནན་ཆིངས་བྲུབ། སྔ་དགྲ་ལ་ག་གིས་བརྡར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཕྱི་དགྲ་ཡིད་ལ་བརྣག་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ད་དགྲ་མདུན་ནས་བཤམས་པའི་དགྲ་བོ་ཐམས་ཅད་ནན་

(༤༩༧)ཆིངས་བྲུབ། མདུན་ནས་ཁྱི་ལྟར་ཟུག་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུག་ ལེགས་ནས་སྦྱང་ལྟར་འཇབ་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ །གཟུགས་ཅན་དགྲ་བོའི་དམག་དཔུང་ཐམས་ཅད་ནན་ཆིངས་བྲུབ། གཟུགས་མེད་ལྷ་འདྲེའི་ཟ་ཁ་བཏོད་པ་ཐམས་ཅད་ནན་ཆིངས་བྲུབ། འབྱུང་བཞིའི་དགྲ་དར་བ་ཐམས་ཅད་ནན་ཆིངས་བྲུབ། སྐྱེས་པ་ཕོ་རྒྱའི་མདའ་གྲལ་དུ་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། ཟ་མ་མོ་བརྒྱའི་འཕང་པ་ན་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། བྱས་པ་ཆུང་ག་རྩར་ན་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། མགར་བའི་སོལ་ཁང་དུ་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། མཉེན་པའི་གྲུ་ཚུགས་སུ་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། མགྲོན་པོ་ཁ་དལ་གྱིས་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། དགྲ་ཆགས་པ་ཐམས་ཅད་ནན་ཆིངས་བྲུབ། བདུད་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། སྔགས་པའི་སྒྲུབ་ཁང་དུ་གླེང་བའི་མི་ཁ་ཐམས་ཅད་ནན་ཅིངས་བྲུབ། བོན་པོའི་གཡང་གྲལ་དུ་གླང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། བླ་མའི་ཆོས་རན་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། བཙུན་པའི་ཚོགས་གྲལ་དུ་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། བུ་མོའི་བྲོར་ན་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། གཙོ་བའི་གྲོས་ན་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། རྒྱབ་ཁ་མང་གིས་གླང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། སྟོང་མིག་མང་གིས་བལྟ་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། མ་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། འཕྲོག་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། བཅོམ་དོགས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། བརྡུང་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། གསོད་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། བརྐུ་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཉེ་བས་དགྲ་ཤོམ་བྱེད་པའི་དགྲ་བོ་ཐམས་ཅད་ནན་

(༤༩༨)ཆིངས་བྲུབ། ཁྱིམ་མཆོས་ཀྱི་རྐུ་ཤོམ་བྱེན་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། སྐྱེས་པ་ཕོའི་ཕོ་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། བུད་མེད་ཀྱི་མོ་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། བྱིས་པའི་ཆུང་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། རྒན་པོའི་རྒན་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། གཞོན་པའི་གཞོན་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། དར་མའི་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། ཕུང་སྲི་གོད་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། བསྟན་དགྲའི་ལུས་ངག་ཡིད་གསུམ་སྟམ་བྷ་ཡ་ནན༔ ཞེས་ཐལ་བརྡེབ་བྱ་ཞིང་རྔམས་བྲབ། མེ་ཆུ་གོ་ལྡོག་གི་རྒྱ་དང་སས་ཅུང་ཟད་གཡོགས། དེའི་སྟེང་དུ་ཚྭ་ཚེ་ནག་པོ་གཅིག་བཞག་ལ་སངས་རྒྱས་དོན་ཡོད་གྲུབ་པའི་ཕོ་བྲང་བཏབ་པར་བསམས་ལ། དག་ཏུ། ནམ་ཁའ་རླུང་མེ་ཆུས་རི་རབ་འོག༔ མནན་པ་ཡིན་གྱི་ལྡང་བར་མ་བྱེད་ཅིག༔ སངས་རྒྱས་དོན་ཡོད་གྲུབ་པའི་རྒྱས་བཏབ་བོ། དམིགས་མེད་ཆོས་ཀྱི་དབྱིངས་སུ་སམ་དྷི༔ ཞེས་བརྫོང་ས་རིམ་པ་བདུན་གྱིས་གཡོགས། ཁོད་སྙོམས་པར་བྱས་ལ་རྟ་བྲོ་བརྡུང་བ་ནི། སྔགས་སྡེ་བ་ལས། མི་མཐུན་བླུར་སྣ་བླང་བ་ནི༔ ལས་མཇུག་བྲོ་ཡིས་བསྡུ་བ་ཡིན༔ ཞེས་གསུངས་པ་བཞིན་མཆེད་ལྕམ་རྣམས་མཐེའུ་ཆུང་སྦྲེལ། བྲོར་གྲུ་གསུམ་དུ་བཅས་ལ་ཁྲི་བོའི་སྟངས་སྟབས་དང་བཅས་ཏེ། གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ༔ གཉིས་ནི་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་ནི་ཕྱག་བཞི་ཡི་རྒྱ༔ ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ། དྲུག་ནི་ཕ་རོལ་ཕྱིན་དྲུག་རྒྱ། བདུན་ནི་མ་མོ་བདུན་གྱི་རྒྱ། བརྒྱད་ནི་དུར་ཁྲོད་བརྒྱད་ཀྱི་རྒྱ། དགུ་ནི་ཧེ་རུ་ཀ་གློང་དགུའི་རྒྱ༔ བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱད་ལ་རྒྱབ་ཅུ་བརྩེགས་ཏེག་དང་༔ རི་རབ་ལྡིད་བས་སྟེང་ནས་མནན༔ དཔའ་བོའི་བྲོ་གར་བཅས་ཏེ་བརྡུང་༔ བསྐལ་བ་ཇི་སྙེད་མཐའ་རུ་མནན༔ ཨོཾ་ལཾ་ཧཱུྃ་ལཾ་སྟཾ་བྷ་ཡ་ནན༔ ཞེས་

(༤༩༩)བྲོ་བརྡུང་། །དེ་རྫེས་གོང་གནོན་གཏོར་མ་གཞུང་བཞིན་འཕངས། སྤྲོ་ན་གཏོར་གཞོང་མནན་སྟེང་དུ་ཁ་སྦུབ་ལ། ཧཱུཾ། སུམྦྷ་ནིའི་མཐར། སྟོང་གསུམ་བརྡལ་བདལ་ལ་གྱི་གཞལ་ལས། སོགས་བརྗོད་མཐར་བྱ་གནོན་བྱེད་ཐམས་ཅད་གསལ་སྟོང་འཛིན་མེད་དང་ལ་དར་ཅིག་མཉམ་པར་འཇོག་པ་ནི་དོན་དམ་པའི་མནན་པ་སྟེ་ཚོགས་ཆུང་ལ་དོན་ཆེ་བ་ཞིག་གོ། རྒྱུད་གཞན་དང་མཁས་པའི་མན་ངག་ཏུ་རང་ལ་ཕྱིར་མི་ལྡོག་པའི་གནད་འགག་གསུངས་པའང་སྐབས་འདི་ཉིད་དུ་དྲན་པར་བྱ། སྦྱི་ཆིངས་ལས། དགྲ་བགེགས་ཞི་བའི་རྟགས་ལྔ་ནན༔ བཤགས་ཤིང་གསོ་བའི་ཆོ་ག་དང་། ཚེ་ཆོག་དག་ལ་འབད་པར་བྱ༔ ཞེས་གསུངས་པ་བཞིན་ནང་དུ་ལོག་ནས་ནོངས་བཤགས། གཏང་རག་ཚེ་འགུགས་སོགས་བྱ་བ་ཡང་གནད་འགག་གོ། །འདིར་སྨྲས་པ། རབ་འབར་འཇིགས་བྱེད་འཇམ་དཔལ་ཧ་ལའི་མདོག་ རབ་ཏུ་ཁྲེས་པའི་འཆི་ཨུ་ཥ་གསུམ་གྱི། །རབ་འཇམས་ལས་བཞིའི་ཕྲིན་ལས་ན་ཀྲའི་གྲོང་། །རབ་ཡངས་མཐའ་དབུས་གཏིང་མཐའ་མེད་པ་ནས། མངོན་སྤྱོད་དམོད་པའི་མཐའ་སྡུས་རླུང་ལ་བསྐུར། བུད་ཤིང་བྱ་དང་རྒྱ་མཚོར་སྦ་བ་ལས། །འདི་ནི་ཕྱི་མའི་བཞེད་གཞུང་མནན་པའི་ཁྲིམས། །གབ་དཀྲུགས་དགོངས་དོན་སྙིང་པོར་དྲི་ཏེ་བཀོད་དེངས་དུས་བསྐྱེད་རྫོགས་མན་ངག་གཞུང་དོན་ལས། །ཁམ་རེའི་ཟས་ལ་འདམ་པའི་གནས་སྐབས་སུ། །འདི་འདྲ་གདེངས་ཅན་མདུན་སར་གླ་རྩི་བཞིན། །ཕྱོགས་ལྷུང་ཚིག་གི་ཟུག་རྡུས་གནད་ལས་ཅི། །འོན་ཏེ་སྐལ་མཉམ་འགའ་ཡིས་བསྐུལ་འདེབས་དང་། གཏེར་ཆོས་འདི་ལ་བདག་གིར་བྱེད་པའི་སླད། །རྨ་མེད་ལྷག་བསམ་དག་པས་ཉེར་བསྒྲུབས་ལ། །ནོངས་བ་མཆིས་ན་སྙིང་ན་ལྷ་ལ་བཤགས། །གལ་ཏེ་ཚིག་ཤར་གློག་པ་ཙམ་ལ་ཡང་། །རོ་འཇིན་མདུད་པའི་རྒྱར་ཆུད་སྐྱེ་བོ་ཡིས། །སྒྲོས་ངན་ཁཱ་ཏྲའི་ལོག་སྨྲས་མགྲིན་པ་འདེགས། །དེ་ནི་སྙིང་རྗེའི་གཞི་ལས་དོ་ཟླ་མིན། །ཞེས་འཇམ

(༥༠༠)དཔལ་གཤིན་རྗེ་དུག་རི་ནང་པོ་སུམ་སྒྲིལ་གྱི་གནན་པའི་ལས་ཁྲིགས་རི་རབ་ནག་པོ་ཞེས་བྱ་བ་ལྦ་གི་རྦྡྲརྷརྨ་ཀཱི་རྟི་སོགས་དོན་གཉེར་འགའ་དང་རང་ལ་མཁོ་ཕྱིར་གཞུང་གི་དགོངས་སོན་གཙོ་བོར་བཟུང་། ཁོག་འབུབས་ཀྱི་མན་ངག་འགའ་ཞིག་གིས་ཟུར་བརྒྱན། འགུགས་འདྲེན་སོགས་ཀྱི་འདོན་ཆ་བྱང་བདག་རིག་འཛིན་དབང་པོའི་སྡེའི་ལྗགས་བསྒྲིགས་ལ་སྐབས་བབ་ཀྱི་བསྒྱུར་ཁ་ང་གཙམ་རེ་བྱས་ཏེ། ཟབ་ཆོས་འདི་ཉིད་ཀྱི་བཀའ་བབས་གཏེར་ཆེན་བླ་མ་དེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ལོ་ཆེན་བཻ་རོ་གཉིས་བརྔ་ཡབ་གླིང་གུ་གཤེགས་ནས་བགྲང་ཉ་རིག་བྱེད་ཀླུ་གཟུགས་སླེབས་པ་འཛིན་བྱེད་ཅེས་མེ་ཕོ་བྱི་བའི་ལོ། དབོ་ཟླའི་དཀར་ཕྱོགས་ཀྱི་སྟོང་པ་གཉིས་པའི་ཆོས་ལ་དམག་དཔོན་ཆུ་ལྷར་འཕྱོག་འགྲོས་རྩོམ་པའི་དུས་ཆོས་རྩུབ་མོར་རིག་པ་འཛིན་པ་དབང་ཆེན་མཁྱེན་བརྩེའི་འོད་ཟེར་གྱིས་སྤེལ་བ་བསྟན་དགྲ་གཞོམ་པའི་རྒྱུར་གྱུར་ཅིག། །འཇིགས་བྱེད་ནག་པོམ་སྒྲིལ་གྱི་ལིང་ཁྲུས། ༈དེ་ནས་ལིང་ཁྲུས་བྱ་བ་ནི། རང་གི་མདུན་དུ་ལོ་བྱད་རྣམས་འདུ་བྱས་ལ། དང་པོ་སྒྲིབ་སྦྱོང་བ་ནི། རང་གི་སྤྱི་མགྲིན་སྙིང་གར་པད་ཟླའི་སྟེང༔ རྡོར་སེམས་དཀར་དམར་མཐིང་གསུམ་འོད་དུ་འབར༔ རྡོ་རྗེ་དྲིལ་འཛིན་རིན་ཆེན་རུས་པས་བརྒྱན། དར་ཟལ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་འཛིན༔ ཐུགས་དཀར་ཟླ་སྟེང་ཧཱུཾ་དཀར་ཡིག་བརྒྱས་བསྐོར༔ དེ་ལས་འོད་ཟེར་བདུད་རྩིའི་རྒྱུན་བབས་པས༔ སྒོ་གསུམ་ཉེས་ཚོགས་ཐམས་ཅད་སངས་ཀྱིས་དག༔ སླར་ཡང་འོད་འཕྲོས་འཕགས་པ་ཐམས་ཅད་མཆོད༔ ཚུར་འདུས་བདག་གི་དམ་ཚིག་ཉམས་ཆག་དང་༔ བྱད་ཕུར་ངག་མནན་གཏད་ཁྲམ་ཕྲ་མེན་གྱི༔ ནུས་མཐུ་ཉེས་ཚོགས་མ་ལུས་རབ་བྱང་ནས༔ རྣག་ལུས་དྭངས་ཤེལ་དྲི་མེད་ལྟ་བུར་གྱུར༔ ཡི་གེ་བརྒྱ་པ་བཟླས་རྗེས༔ མགོན་པོ་བདག་གི་སྡིག་སྒྲིབ་མ་ལུས་པ༔ དག་ཕར་ཐུགས་རྗེ་བསྐུལ་བའི་དགུང་ཤུགས་ཀྱིས༔ གནས་གསུམ་ལྷ་རྣམས་འོད་དུ་ཞུ་བ་ཡིས༔ དབྱེར་མེད་ངོ་བོ་གཅིག་ཏུ་ས་མདྷི༔ ཞེས་བརྗོད་

(༥༠༡)ལིངྒ་ལ་སྲིད་པའི་བྱེ་མའམ་ཞིངས་གཙང་མ་འཐོར་ཞིང་། ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཞེས་དང་། ཆུ་མིག་ལྐུགས་པའམ་ཕུ་རྡུགས་ཀྱི་ཆུ་རོ་སྐྲའི་ཆུན་པོས་འཐོར་ཞིང་། བཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། དེ་བཞིན་དུ་ལྷ་དབྱེའི་སྒྲོ་གཉིས་ཀྱིས་གཡབ་ཅིང་། ཡཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། བྲ་ཤིང་གི་མེས་བསྐོར་ཞིང་། རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཞེས་ས་ལ་དྲི་མ་ཐིམ། ཆུས་བཀྲུ། །རླུང་གིས་གཏོར། མེས་བསྲེག་པའི་དམིགས་པ་བྱ་ཞིང་བར་སྣང་ལ་གཡབ་ཅིང་། རྣལ་འབྱོར་བ་བདག་ཅག་ཡོན་མཆོད་ཀྱི་ལུས་ཀྱི་དྲི་མས་མགོས་སོ། །ངག་གི་དྲི་མས་མགོས་སོ། །ཡིད་ཀྱི་དྲི་མས་མགོས་སོ། །ལུགས་ངག་ཡིག་གསུམ་གྱི་དྲི་མས་མགོས་སོ། ཨི་ཏི་ཏཾ། ཨི་ན་རཾ། བི་ན་རཾ། ཤུདྡྷེ་ཤུདྡྷེ་ཨ་ཨ། ཞེས་ཨ་རྐྱང་ཉེར་གཅིག་དབུགས་ཐེངས་གཅིག་ལ་འདྲེན་ཞིང་གདོང་མའི་སྟོང་ཆེན་གྱི་དང་དུ་ཀུན་རྫོབ་ཀྱི་དྲི་མ་ཐམས་ཅད་ཡེ་དག་ཡོངས་གྲུལ་དུ་སྦྱངས་ལ་དང་ཅིག་མཉམ་པར་བཞག་ལ། བདག་ཉིད་འཇམ་དང་ལ་གཤིན་རྗེར་གསལ་བ་ཡི། མདུན་དུ་བདུད་རྩིའི་རང་བཞིན་ཉལ་འགྲོའི་དབུས། བྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་། བྃ་ལས་ཆུ་ཡི་ལྷ་མོ་སྐུ་མདོག་དཀར། ཕྱག་གཡས་མཆོད་སྦྱིན་གཡོན་པ་པདྨ་དམར། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་རིན་ཆེན་བརྒྱན། ཐུགས་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་དྲངས། ཛ༔ཧཱུྃ་བཾ་ཧོ༔ གཉིས་བུ་མེད་པར་གྱུར། དེ་ནས་ལིངྒ་བཀྲུ་ས་ལ། དེ་ཡི་ཕྱག་གཡས་མཆོད་སྦྱིན་བྃ་ཡིག་ལས། བདུད་རྩིའི་རྒྱུན་བབས་ལིངྒ་བཤང་བ་ཡིས། །རྣལ་འབྱོར་བདག་ཅག་ཁ་རླངས་དྲ་དྲི་རྡུལ། །གཟས་པོའི་ཁ་རྫོ་བསོད་ནམས་ཚེ་དཔལ་འབྱོར། མ་ལུས་ཆུ་ཡི་ནང་དུ་སིབ་ཀྱིས་ཐིམ། །སླར་ཡང་ཆུ་ཡི་ལྷ་མི་འོད་ཞུ། །ཆུ་དང་དབྱེར་མེད་བདུད་རྩིའི་རང་བཞིན་གྱུར། ཞེས་བརྗོད་ཅིང་བསམས་ལ། རང་གིས་ཧུབ་ཅིག་འཐུངས་པས་ཚེ་བསོད་བཀྲག་མདངས་རྒྱལ་

(༥༠༢)པར་བསམ་མོ། །ཆུ་ལྷག་གནས་ཁང་གི་ཕྱི་ནང་ཁྱབ་པར་གཏོར་བ བཀྲ་ཤིས་བྱིན་ཆགས། འབག་བཙོག་ཐམས་ཅད་རང་བཞིན་གྱིས་དག་པར་འགྱུར། ཅེས་གསུངས་པ་ཡང་དམར་ཁྲིད་ཡིད་ཆུང་གི་དགོངས་སོན་མ་འཕྲུལ་བ་འདིའི་ཆ་ལག་ཏུ་ངག་བསྒྲིགས་བྱས་པ་ཡིན་ནོ

(༥༠༣)རྡོ་རྗེ་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་ལས་བྱུང་བའི་དམེ་བརྩེགས་ཀྱི་བྱ་བ་ཁྲུས་རྒྱུད་དོན་རྣམ་དག་ཅེས་བྱ་བ་བཞུགས།

(༥༠༤)ཐུགས་ལ་ཤེས་བྱའི་སྒྲིབ་པ་མི་མངའ་བས། །མཆོག་གི་ཡེ་ཤེས་དགོངས་པར་འཕོ་འགྱུར་མེད། །རྡོ་རྗེའི་བརྟུལ་ཞུགས་གྲུབ་པའི་རིག་པ་འཛིན། །རྗེ་བཙུན་ཧཱུཾ་འགྲོ་འདུལ་སྤྱི་བོས་མཆོད། །ལྕགས་ཀྱིས་ལྕགས་མཁས་རྡུལ་ཕྲན་བྱེད་པ་དང་། །དུག་གིས་དུག་ནུས་བརླག་པར་བྱེད་པ་བཞིན། །དམེ་བརྩེགས་པས་དམེ་བའི་དྲི་མ་འཁྲུད། །དེ་ཕྱིར་ཁྲུས་ཆོག་ཟབ་མོའི་ཁྲིགས་སུ་སྡེབ། །དེ་ལ་འདིར་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་རིག་འཛིན་ཆེན་པོ་ཧཱུཾ་ཀླ་རས་སྟག་ཚང་གཉིས་པ་ནས་ཀློང་དགུའི་བརྡ་ཤོག་སྤྱན་འདྲེན་པར་མཛད་པའི་གཏེར་ཆོས་དྲེགས་འདུལ་གནམ་ལྕམ་འཁོར་ལོའི་ལས་མཐའ་ལས་བྱུང་བའི་དམེ་བརྩེགས་ཀྱི་ཁྲུས་ཆོག་ཆུ་བབས་སུ་བརྐལ་བ་ལས། སྦྱོར་བ་དང་དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ཤོམ་འགོང་འདུ་བྱ་བ་དང་། བདག་མདུན་གྱི་རྣལ་འབྱོར་རོ། །དང་པོ། ཇི་ལྟར་རིགས་པའི་སྟེགས་བུ་ཁེབས་ལྡན་འབྲུ་ཚོམ་དང་ལྡན་པའི་དབུས་སོ། བུམ་པ་མགུལ་ཆིངས་མཐིང་ག་སྲོག་ཆགས་མེད་པའི་རྒྱུན་འབབས་ཀྱི་ཆུས་གཟུགས་སྐུ་གཉིས་ཀྱི་ཆ་ཁེངས་པར་དམ་རྫེས་ཨ་མྲྀ་ཏ་སེལ་མེད་བཅུད་དུ་སྦམས་ལ། དེའི་མདུན་དུ་ཉེར་སྤྱོད་ལྔ་ཡང་བཤམ། ཅི་བདེ་བར་བསྒྲུབ་བྱའི་གླུད་སྐྱེ་མཆེད་ཤིན་ཏུ་དོད་པར་བཟོས་པའི་མཐའ་སྐོར་དུ་གླུད་རྫས་ཇི་ལྟར་འབྱོར་བ་དང་། ཁྱད་པར་དུ་གཏོར་ཡས་ཀྱི་རིགས་ཐམས་ཅད་ལ་གསོག་

(༥༠༥)ཐོག་ནས་གྱེར་དང་། གྱེར་ཐོག་ནས་གསོག་ཐོན་པ་ཞེས་པ་འོག་ནས་འབྱུང་བའི་གྱེར་གཞུང་གིས་རྩིས་མོག་བསྡུས་ཏེ། ཐམས་ཅད་ཐོགས་པར་བྱ། ཀུ་ཤ་དང་རྨ་བྱའི་མདོངས་ཀྱི་བྱ་བ་རྫས་ཀྱང་བསག་གོ། གཉིས་པ་ལ་གཉིས་ལས་དང་པོ་བདག་བསྐྱེད་ནི། རང་རིག་ཀུན་བཟང་རང་ངོ་མ་འཕྲོད་པར། རྩ་གསུམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། འགྲོ་བའི་དོན་དུ་མི་གཙང་དྲི་མའི་ཚོགས། །དག་བྱེད་ཁྲོ་རྒྱལ་དམེ་བརྩེགས་བསྒོམ་པར་བྱ། ལན་གསུམ་གྱིས་སྐྱབས་སེམས་སྔོན་དུ་གྲུབ་རྗེས་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཀ་དག་གི་གསལ་ཆ་ལྷར་ལྡང་བ་ནི། སྐད་ཅིག་རིག་པ་ཧཱུཾ་གི་འཕྲོ་འདུ་ལས༔ དམེ་བརྩེགས་མཐིང་ནག་ཞལ་གསུང་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་རྒོད་གཤེ་རྔམས༔ གཡས་གསུམ་རྡོ་རྗེ་རྩེ་དགུ་རལ་གྲི་ཞགས༔ གཡོན་གསུམ་དགྲ་སྟྭ་ཏྲི་ཤུལ་གུནེྡྷ་བསྣམས༔ ཞབས་གཉིས་གཡས་བརྐྱངས་ཉི་མའི་ལྟེ་བར་གནས གཡོན་བསྐུམས་ཟླ་བའི་སྟེང་ན་འགྱིང་ཞིང་བརྗིད དུར་ཁྲོད་དཔལ་ཆས་ཡོངས་རྫོགས་མེ་དཔུང་འཚུབས ཐུགས་ཀར་ཧཱུཾ་མཐིང་རཾ་གྱིས་ཚྭ་ཚྭ་ཅནདེ་མཐར་སྔགས་ཕྲེང་ལས་འཕྲོས་མེ་ཟེར་གྱིས བྱད་གྲིབ་མདེ་གྲིབ་རྩ་རླུང་ཉམས་པའི་གྲིབ བསྲེགས་བ་སྤུའི་བུ་གར་ཁྲོ་ཆུང་དང་ རྡོ་རྗེའི་ཚྭ་ཚྭ་མེ་དཔུང་སྟོང་གསུམ་འཁྱིལ། ཨོཾ་བཛྲ་བྷུར་ཁུང་མ་ཧཱ་པྲ་མན་ཡེབྷུར་ཅི་བྷུར

(༥༠༦)ཁི་བྷི་མ་ལེ་ཨུ་ཙུསྨ་ཀྲོ་ཏ་རཱཛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ ཞེས་གཏེར་ཆེན་ཉིད་ཀྱིས་མཛད་པའི་དམིགས་གནད་ཟུར་གསལ་གྱི་དགོངས་པས་བཟླས་པ་ཅི་ནུས་སུ་བྱ་བ་ནི་བདག་ཉིད་ནུས་ལྡན་དུ་བྱ་བ་ཡིན་ནོ། །གཉིས་པ་མདུན་བསྐྱེད་བསྒྲུབ་པ་ནི། གདོད་མའི་སྟོང་ཆེན་གྱི་དོན་དྲན་པས། ཨོཾ་སྭ་བྷཱ་ལྦ་སོགས་དང་། སྟོང་པའི་དང་ལས་རིན་ཆེན་བུམ་བའི་ནང རྒྱུ་ཡི་རིག་པ་ཧཱུཾ་གི་འཕྲོ་འདུ་ལས དམེ་བརྩེགས་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ གཡས་དཀར་གཡོན་དམར་དབུས་མཐིང་རྒོད་གཤེ་བརྔམས ཞེས་པ་ནས། རྡོ་རྗེའི་ཚྭ་ཚྭ་མེ་དཔུང་སྟོང་གསུམ་འཁྱིལ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱང་དྲངས་བསྟིམ བཛྲ་ས་མ་ཡ་ཛཛཧཱུཾ་བཾ་ཧོགཉིས་སུ་མེད་པར་གྱུར། ཐུགས་ཀ་ནས་འདོད་ཡོན་གྱི་མ་ལྷ་མོ་བསམ་གྱིས་མི་ཁྱབ་པ་སྤྲོ་ཞིང་། ཨོཾ་ཨཱཧཱུཾ༔ བླ་མེད་མཆོད་གི་མཆོད་པ་མད་པ་འདི ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། ཨོཾ་བཛྲ་ཨུ་ཙུསྨ་ཀྲོ་ཏ་རཱ་རྫ་ས་པ་རི་ལྦཱ་ར་ཨ་རྒྷཾ་སོགས་དང་། སརྦ་པཉྩ་རཀྟ་བ་ལི༚་ཏ་མ་ཧཱ་སུ་ཁ་པཱུ་ཙ་ཧོ ཞེས་མཆོད་བསྟོད་པ་ནི། ཧཱུཾསྔོན་ཚེ་སྤྱི་དཔལ་ཆེན་པོ་ཡིས། །དུག་གསུམ་ར་ཏྲ་བསྒྲལ་བའི་ཚེ། །སྣམ་ནས་བྱུང་བའི་ཧེ་རུ་ཀ། མཐུ་སྟོབས་དཔལ་ལྡན་ཁྱོད་ལ་བསྟོད། ཛབ་དམིགས་ནི། བདག་ཉིད་ཁྲོ་རྒྱལ་དུ་གསལ་བའི་ཐུགས་སྲོག་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་བརྒྱུད་བསྐུལ། སྲོད་ཡིག་སྔགས་ཕྲེང་དང་བཅས་གསལ་བརྟན་གྱི་གཟི་བྱིན་འབར། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཁྱབ་ཅིང་ཐུགས་བརྒྱུད་བསྐུལ་བས་དུས་གསུམ་བདེ་གཤེགས་ཞི་ཁྲོ་ཐམས་ཅད་ནམ་མཁའ་བར་སྣང་ཁོངས་བར་བྱོན། བུམ་ལྷ་སྔགས་ཕྲེང་དང་བཅས་པར་ཐིམ་པས་མཐུ་ནུས་གཟི་བྱིན་ཐམས་ཅད་མཆོག་ཏུ་

(༥༠༧)འབར། སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་མེ་སྟག་འཕྲོ་བ་ལྟ་བུས་སྣོད་བཅུད་ཀྱི་གྲིབ་གདོན་བྱད་ཕུར། སྡིག་སྒྲིབ་ཐམས་ཅད་དམིགས་མེད་དུ་བསྲེགས་ཏེ་སྲིད་རྩེ་ནས་མནར་མེད་ཡན་ཆད་མེ་དཔུང་གཅིག་ཏུ་འཁྱིལ་བར་དམིགས་ལ། ཨོཾ་བཛྲ་བྷུར་ཁུང་ཅི་ནུས་བཟླ། ཐུན་མཐར་འོད་ཟེར་མེ་དཔུང་དང་བཅས་པ་རྐུར་བསྡུས་ནས་བུམ་ནང་དུ་བདུང་རྩིའི་རང་བཞིན་དུ་འཁྱིལ་བར་དམིགས་ནས། ཧཱུཾ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། སོགས་ཀྱིས་མཆོད་བསྟོད་ནོངས་བཤགས་བྲུབ་རྗེས་འདོད་པའི་དོན་ལ་གསོལ་གདབ་པ་ནི། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང་ ཡེ་འདྲོག་གསུམ་བརྒྱ་དྲུག་ཅུ་དང་ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། མི་མཐུན་བྱང་ཞིང་དག་པར་མཛོད བུམ་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་བརྗོད་ཅིང་བསམ་མོ། །གཉིས་པ་དངོས་གཞི་བྱ་བ་ཁྲུས་བྱ་བ་ནི། བསྒྲུབ་བྱ་མདུན་དུ་འཁོད་ལ། འོ་དེ་ཡང་རང་ཅག་རྣམས་སྔོན་གྱི་ཚོགས་གཉིས་ཟབ་མོའི་འཕེན་པ་ལ་བརྟེན་ནས། དགེ་བཅུ་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་ཀྱང་། ཐོག་མ་མེད་པ་ནས་གོམས་ཤུགས་བརྟས་པའི་གཉིས་འཛིན་གྱི་རྟོག་པ་མ་དག་པས། སྣང་བ་དགྲར་ལངས་ཀྱི་ཆོ་འཕྲུལ་ལ་བརྟེན་ནས། བྱད་གདོན་སྲི་ཀེག་དམེ་ཡུགས། གྲིབ་རིགས་མི་གཙང་བའི་ནུས་པས། ཉེར་ལེན་གྱི་ཕུང་པོ་དང་བསྡོངས་ནས། དགེ་ལེགས་ཀྱི་མྱུ་གུ་སད་ཀྱིས་འཁྱེར་བར་བྱེད་པའི་ཚེ། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་རྨད་དུ་བྱུང་བ་རྣམས་ཀྱིས་དེ་དག་སེལ་བའི་ཐབས་དང་རྟེན་འབྲེལ་ཟབ་པ་དང་རྒྱ་ཆེ་བ་ཇི་སྙེད་ཅིག་གསུངས་མོས་ཀྱི། དེ་དག་ལ་ཁྱད་པར་དུ་གྱུར་པ་ནི། ཇི་སྐད་དུ། ཧེ་བཛྲ་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། སྐྱེ་བོ་ཐམས་ཅད་འཆིང་བར་བྱེད། །དུག་གི་དེ་ཉིད་ཤེས་པ་ཡིས། དུག་གིས་དུག་ནི་འབིགས་པར་བྱེད། །ཅེས་གསུངས་པ་ལྟར་མི་གཙང་བར་དྲི་མ་འཁྲུད་པ་ལ་ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པ་

(༥༠༨)ལས་ཁྱད་པར་དུ་གྱུར་པ་གཞན་མེད་ལ། དེའི་རྒྱུ་མཚན་ནི། བསྐྱེད་པ་མ་ཧཱ་ཡོ་གའི་སྤྱི་རྒྱུད་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ནས་རཱུ་ཏྲ་བཏུལ་ཞིང་ཁྲོ་བོའི་དཀྱིལ་འཁོར་སྟོན་པའི་སྐབས་ནས། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་སྣམ་ནས་བཏོན་ཏེ། མི་གཙང་བའི་འདམ་གྱི་རྒྱ་མཚོར་ཚུད་པ་ལས་སྣམ་ནས་ཨུ་ཙུསྨ་ཀྲོ་ཏ་ཕྱུང་ནས་འདམ་ཀུན་འཐུངས་ཏེ། ཞེས་འོག་སྒོ་ནས་ཁྲོ་བོ་དམེ་བརྩེགས་ཕྱུང་ནས། མི་གཙང་བའི་འདམ་ཀུན་ཁྲོ་བོ་དེས་འཐུང་པར་བཤད་ལ། བྱེ་བྲག་ཏུ་གཏེར་ཁ་འདི་ཉིད་ཀྱི་ལོ་རྒྱུས་ཐུན་མོང་མ་ཡིན་པར། སྔོན་ཚེ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས ལྷ་ལོག་རཱུ་ཏྲ་བསྒྲལ་ཕྱིར་གནས་སུ་བྱོན རཱུ་ཏྲར་བརྫུས་ཏེ་ཀོ་ཏི་ཤྭ་རཱི་ར་སྦྱོར སྲས་མཆོག་ཁྲོ་རྒྱལ་དམེ་བ་བརྩེགས་པ་འཁྲུངས དེ་ཡང་རྡོ་རྗེ་གཞོན་ནུ་ཇི་ལྟ་བ ཞལ་གསུམ་ཕྱག་དྲུག་ཁྲོ་ཚུལ་འཇིགས་རུང་གིས རཱུ་ཏྲ་འཁོར་བཅས་སྐྲ་གཅིང་བརྒྱལ་བར་གྱུར ཐར་བ་ནག་པོ་བསྒྲལ་ཞིང་འཁོར་བཅས་བཏུལ བུ་ཡིས་ཕ་བསད་དམེ་བ་བརྩེགས་པ་ཞེས ཐུགས་རྗེ་ཆེན་པོའི་སྐུ་མཆོག་ཡེ་ཤེས་ཆེ རྟེན་འབྲེལ་རོལ་པ་རྒྱན་གྱི་འཁོར་ལོ་ལས དྲི་མས་དྲི་མ་འཁྲུད་པ་ཇི་བཞིན་དུ མ་འོངས་མི་གཙང་གྲིབ་འཇོམས་ལྷ་རུ་གྱུར སྤྱིར་ནི་སྡིག་གྲིབ་ཉམས་གྲིབ་ཡུགས་གྲིབ་དང་ བག་གྲིབ་མཛེ་གྲིབ་ཤན་བ་སྡིག་ཅན་གྲིབ་ ཕ་སྤུན་ནང་འཁྲུགས་ཕལ་པའི་དམེ་གྲིབ་དང་ ཆོས་པ་སྤྱི་འཁྲུགས་ཁྱད་པར་གསང་སྔགས་ཀྱི དཀྱིལ་འཁོར་གཅིག་འདུས་མཆེད་ལྕམ་འཁྲུགས་པ་ནི རྡོ་རྗེའི་དམེ་གྲིབ་ཉམས་པ་ཆེན་པོ་སྟེ གང་དང་འབྲེལ་ཀྱང་འདི་ཕྱི་གཉིས་ཀ་ཕུང་ དེ་ཕྱིར་དམེ་བ་བརྩེགས་པའི་སྒྲུབ་ཐབས་བཤད ཅེས་པ་དང་། ཨེ་མ་ཟབ་པའི་མཐར་ཐུག་པ དམེ་བརྩེགས་སྒྲུབ་ཐབས་བྱ་བ་ཐོ་ག་བཅས བདག་འདྲ་རིག་འཛིན་པདྨ་ཡིས ཐེག་ཆེན་དགོངས་འདུས་རྒྱུད་ནས་བསྡུས མ་འོངས་སྙིག་མ་ལྔ་བདོའི་དུས༔ ཕ་བུ་འཁོན་ཞིང་ཡུལ་མི་འཁྲུག གསང་སྔགས་ནང་དམེ་སྤྱོད་

(༥༠༩)བའི་ཚེ སེམས་བསྐྱེད་ལྡན་པའི་སྐྱེས་བུ་ཡིས འདི་ལྟར་ཡུལ་གྱི་ཆུ་འགོ་དང ཆུ་ཆེན་ཆུ་བྲན་ལུ་མ་སོགས སྐྱེ་འགྲོ་སྤྱོད་པའི་ཡུལ་ལ་བསྒྲུབ ལྷ་རྟེན་གཙུག་ལག་ཀུན་ལ་གཏོར མི་འཁོན་ལྷ་ལ་འཕོག་པ་དང་ ལྷ་འཁོན་མི་ལ་འཕོག་པའི་གྲིབ ནད་རིམས་བཙའ་ཐན་སད་སེར་ཞི གཙུག་ལག་འདུས་སྡེ་རྒྱས་པ་དང་ སྒོམ་ཆེན་ཏིང་འཛིན་འཕེལ་བར་འགྱུར ཅེས་དང་། འཇའ་ཚོན་མ་ནིང་གི་དམེ་བརྩེགས་ལས་མཐའ་ལས། ད་ལྟར་ཡང་གནས་ཁང་གྲིབ་ཆེན་དང་། གོས་བཙོག་དང་། མི་གྲིབ་ཆེན་དང་འགྲོགས་དགོས་པ་བྱུང་ན་ཡང་ སྔགས་ལན་བདུན་བཏབ་པས་ཆོག་གོ གཞན་ཡང་ཟས་གྲིབ། ཁ་རླངས་རོ་གྲིབ་ལ་སོགས་མི་གཙང་པའི་རིགས་ཐམས་ཅད་ལ་སྔགས་ཆུ་སྤེབས་པས་ཆོག་གོ ཡིག་བརྒྱ་དང་རྣམ་འཇོམས་སོགས་ཀྱིས་མ་དག་པ་བྱུང་ན འདི་ཁོ་ན་མཆོག་ཏུ་འགྱུར་རོ དེ་ཅི་ཡིན་ན དྲི་མས་དྲི་མ་བཀྲུ་བ་དང་ དུག་གིས་དུག་ནང་སེལ་བ་ལྟ་བུའོ ཞེས་རྒྱུད་དང་མན་ངག་མང་པོ་ནས་བསྔགས་པ་ཆེན་པོར་མཛད་པའི་ཁྲུས་ཆོག་ཟབ་མོ་ལས། ད་ལམ་སྐབས་སུ་བབས་པ་ནི། ཇི་སྐད་དུ། ཨོ་རྒྱན་ཆེན་པོས། ནམ་མཁའི་སྙིང་པོ་ཤཱཀྱ་པྲ་བྷ་ཡི ཟུང་གིས་སྤྲུལ་པའི་འོག་ཟེར་སྒྱུ་མའི་འཕྲུལ རྡོ་རྗེའི་མིང་འཛིན་འཇིགས་མེད་གོ་ཆ་ཅན ཞེས་དང་། པདྨས་བྱིན་བརླབས་མཚོ་རྒྱལ་སྙིང་གི་བུ ཐུགས་མཆོག་རྡོ་རྗེ་རྩལ་དང་ཕྲད་ནས་ཀྱང་ སྙིགས་མའི་འགྲོ་བསྐྱོབས་པའི་དཔལ་དུ་ཤོག ཅེས་རྡོ་རྗེའི་གསུང་གིས་བསྔགས་པ་བཞིན་རྩོད་མེད་ཀྱི་གཏེར་སྟོན་ཆེན་པོ་ཐུགས་མཆོག་རྡོ་རྗེས་ལངྒ་བརྟེགས་པའི་དུར་ཁྲོད་དུ་གྲགས་པ་སྟག་ཚང་གསང་བའི་ཕུང་ནས་སྤྱན་འདྲེན་པར་མཛད་པའི་རྡོ་རྗེ་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ཆོས་སྡེ་ལས་བྱུང་བའི་དམེ་བརྩེགས་ཀྱི་སྒོ་ནས་ཁྲུས་ཆོག་བུ་བ་ཡིན་པས། བདག་རྡོ་རྗེ་སློབ་དཔོན་ཡང་ཐ་

(༥༡༠)མལ་དུ་འདུ་མི་ཤེས་པར། ཁྲོ་རྒྱམ་དམེ་བ་བརྩེགས་པའི་གཟི་བྱིན་བཟོད་པར་དཀའ་བའི་རང་བཞིན་དུ་བསྒོམ་ནས། གྲིབ་གདོན་ཞི་བའི་གསོལ་བ་རྩེ་གཅུག་ཏུ་འདེབས་པར་ཞུ། ཞེས་བརྡ་སྦྱར་ལ། ཧཱུཾ་བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང་ ཡེ་འདྲོག་་སུམ་བརྒྱ་དྲུག་ཅུ་དང་ བགེགས་རིགས་སྟོང་ཕྲག་བརྒྱ་བཅུ་སོགས མི་མཐུན་བྱང་ཞིང་དག་གྱུར་ཅིག ཅེས་དམིགས་གནད་དང་ལྡན་པས་རྩ་སྔགས་གང་མང་བཟླ་བ་དང་མཉམ་དུ་ཁྲུས་བྱ་ཞིང་། ཁུ་བ་གླུང་ནང་དུ་བླུག །དེ་ནས་ཀུ་ཤ་དང་རྨ་བྱའི་མདོངས་ཐོགས་ལ་བྱ་བ་ཚུལ་གྱིས་དྲི་མ་གླུད་ལ་བསྟིམ་པའི་སྟངས་ཀ་དང་བཅས༑ འོ་དེ་ལྟར་ནང་ཡེ་ཤེས་ལྷའི་བདུད་རྩིས་བཀྲུས་ཤིང་དག་པར་བྱས་ནས། ཕྱི་རྟན་འབྲེལ་བརྫས་ཀྱི་ཕྱག་རྒྱས་བྱབ་པ་ཙམ་གྱིས་ཚེ་རབས་ཐོག་མེད་ཀྱི་ནད་གདོན་སྡིག་སྒྲིབ་ཉམས་ཆག་རྟོགས་སྒྲིབ་རྐྱེན་ངན་བར་གཅོད་མི་མཐུན་པའི་ཚོགས་ཉི་ཟླ་སྒྲ་གཅན་གྱིས་བཏང་བ་བཞིན་དུ་སྐྱ་སངས་སངས་དག་ནས་གྲིབ་གདོན་མི་ཤིས་པ་ཐམས་ཅད་གླུད་ལ་ཐིམ་སྟེ་རང་ལུས་ཤེལ་གོང་ལྟ་བུར་གྱུར་པའི་མོས་པ་གནང་ཞུ། ཧཱུཾ་ཁྲོ་རྒྱལ་དམེ་བ་བརྩེགས་པ་ཡི ཐུགས་རྗེའི་འོད་ཟེར་རྩལ་ཆུགས་ཀྱིས ཁྱོད་ཀྱི་ནད་དང་གདོན་གྱི་རིགས ཐམས་ཅད་བྱང་ཞིང་དག་གྱུར་ཅིག་ །ཐོག་མེད་དུས་ཀྱི་ཉམས་ཆག་དང་ རྟོག་གྲིབ་འཁོན་དང་མི་གཙང་གྲིབ རྐྱེན་ངན་པར་གཅོད་མི་མཐུན་ཚོགས ཐམས་ཅད་བྱང་ཞིང་དག་གྱུར་ཅིག མི་དགེ་བ་ཅུ་དང་མཚམས་མེད་ལྔ ལྕི་བ་བཞི་དང་ལོག་པ་བརྒྱད ཁོ་ན་མ་ཐོ་སྡིག་པའི་ལས ངན་སོང་འཁོར་བའི་རྒྱུ་ཐམས་ཅད ཡོངས་སུ་བྱང་ཞིང་དག་གྱུར་ཅིག ལས་ཀྱི་གྲིབ་དང་ཉོན་མོངས་གྲིབ བག་ལ་ཉལ་དང་ཤེས་བྱའི་གྲིབ ལྟ་བ་དམན་དང་ཆོས་སྤོང་གྲིབ མཐོ་རིས་ཐར་པའི་གེགས་གྱུར་རྣམས ཐམས་ཅད་བྱང་ཞིང་དག་གྱུར་ཅིག མནའ་ཐོ་ཁྲེལ་དང་ངོ་ཚ་ཉམས སོ་ཐར་རིགས་བདུན་སྡོམ་ཉམས་དང་། བྱང་སེམས་བསླབ་བྱ་སེམས་བསྐྱེད་ཉམས གསང་སྔགས་སྐུ

(༥༡༡)གསུང་ཐུགས་དང་ཉམས ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ བླ་མ་དཀོན་མཆོག་གསུམ་གྱི་དཀོར༔ སྐུ་གླུད་འབགས་དང་ལོག་པར་བལྟས དམ་རྫས་བསྟན་དང་ཉམས་ཆག་རིགས ཐམས་ཅད་བྱང་ཞིང་དག་གྱུར་ཅིག སྣང་བ་ཨ་འཐས་ཕྱི་ཡི་གྲིབ དུག་ལྔ་འདོད་ཞེན་ནང་གི་གྲིབ ཚོགས་དྲུག་བསླུ་བྲིད་པར་གྱིར་གྲིབ མ་རིག་གཟུང་འཛིན་གསང་བའི་གྲིབ ཐམས་ཅད་བྱང་ཞིང་དག་གྱུར་ཅིག ཁ་འཁྱལ་བབ་ཆོལ་ཁྲོམ་གྱི་གྲིབ ཐོ་ཅོ་རྩིད་སྤྱོད་བག་མེད་གྲིབ འདོད་བློ་རྔམས་བསམས་ཀྱི་སྒྲིབ ཐམས་ཅད་བྱང་ཞང་དག་གྱུར་ཅིག བདག་བསྟོད་གཞན་སྨོད་ང་རྒྱལ་གྲིབ ཞེ་འདོད་གཞན་བསླུ་གཡོ་སྒྱུའི་སྒྲིབ མ་རྟོགས་ཤེས་བརྫུ་རྫུན་གྱི་གྲིབ ཐམས་ཅད་བྱང་ཞིང་དག་གྱུར་ཅིག དམ་བཅའ་རེ་ལྟོས་པ་བཅིངས་བའི་གྲིབ ཁ་ལྟ་སྟོང་སྐམ་ལྟ་བའི་གྲིབ ལེ་ལོ་ཕྱི་བཤོལ་ལམ་གྱི་གྲིབ མ་རྟོགས་ལོག་རྟོགས་འབྲས་བུའི་གྲིབ ཐམས་ཅད་བྱང་ཞིང་དག་གྱུར་ཅིག ཁ་འཛིན་ཆོས་སྤོང་གྲུབ་མཐའི་གྲིབ ཐེ་ཚོམ་སོམ་ཉི་རྐྱེན་གྱི་གྲིབ བྱིང་རྨུགས་འཐིབས་གསུམ་རྩ་རླུང་གྲིབ རེ་དོགས་ཐམས་ཅད་བྱང་གྱུར་ཅིག བླ་མ་དཀོན་མཆོག་གསུམ་ལ་འཁོན གཟུངས་མ་མཆེད་དང་ལྕམ་དྲལ་འཁོན ཆོས་མཛད་སྤྱི་དང་འཁོན་པའི་གྲིབ ཐམས་ཅད་བྱང་ཞིང་དག་གྱུར་ཅིག དཔོན་པོ་གྲོགས་དང་ཕམ་གཉེན ལྷ་འཁོན་མི་འཁོན་ལ་སོགས་པ རྩིང་སྤྱོད་བག་མེད་འཁོན་གྲིབ་རྣམས ཐམས་ཅད་བྱང་ཞིང་དག་གྱུར་ཅིག མཛེ་ཡུགས་དམེ་ཤན་ནལ་བཙོག་དང་ མནོལ་བཙོག་ཟས་གོས་གནས་སྟན་གྲིབ རོ་གྲིབ་བག་གྲིབ་ལ་སོགས་པ ཐམས་ཅད་བྱང་ཞིང་དག་གྱུར་ཅིག ལྷ་ནད་སྨྱོ་དང་བདུད་འཐིབས རྒྱལ་ནད་སྨྱོ་འབོག་གཟའ་ནད་ལྐུགས བཙན་ནད་གཟེར་འཐབས་མ་མོའི་ཡམས ཐམས་ཅད་བྱང་ཞིང་དག་གྱུར་

(༥༡༢)ཅིག ཀླུ་ནད་མཛེ་དང་དམུ་ནད་རྨུགས གཤིན་རྗེའི་ཁྲམ་ཁ་སྡེ་བརྒྱད་བྱད རྦོད་གཏོང་རྦད་འདྲེའི་གདོན་གྲིབ་རྣམས ཐམས་ཅད་བྱང་ཞིང་དག་གྱུར་ཅིག རྒྱལ་ནད་མི་གསེར་བལ་ནད་འབྲུམ་པ་དང་། རླུང་མ་ཁྲིས་བ་ད་ཀན་འདུས་པའི་ནད བཞི་བརྒྱ་རྩ་བཞའི་ནད་རིགས་རྣམས ཐམས་ཅད་བྱང་ཞིང་དག་གྱུར་ཅིག ལྷ་ཀླུ་བདུད་བཙན་གཟའ་རྒྱལ་པོ དམུ་གཉན་ཐེའུ་རང་མ་མོ་དང་ གཤིན་རྗེ་གནོད་སྦྱིན་ཕྱོགས་སྐྱོང་བཅུ གདོན་རིགས་ཐམས་ཅད་བྱང་གྱུར་ཅིག བགེགས་རྒྱལ་བི་ན་ཡ་ཀ་སོགས སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་དང་ གདོན་རིགས་སུམ་བརྒྱ་དྲུག་ཅུ་རྣམས ཐམས་ཅད་བྱང་ཞིང་དག་གྱུར་ཅིག བྱིས་པའི་གདོན་ཆེན་བཅོ་ལྔ་དང་ གཙོ་བོའི་གདོན་ཆེན་བཅོ་བརྒྱད་དང་ ཕལ་པ་བཅུ་བཞི་ལ་སོགས་པ ཐམས་ཅད་བྱང་ཞིང་དག་གྱུར་ཅིག རྐྱེན་ངན་ཉི་ཁྲི་ཆིང་སྟོང་དང་ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་ གློ་བུར་བརྒྱད་ཅུ་རྩ་གཅིག་སོགས ཐམས་ཅད་བྱང་ཞིང་དག་གྱུར་ཅིག དུས་མིན་འཆི་བ་བཅོ་བརྒྱད་དང་ ཆག་ཆེ་ཉམ་ང་མི་མཐུན་རྐྱེན གཉིས་འཛིན་རྣམ་རྟོག་དབང་གྱུར་པ ཐམས་ཅད་བྱང་ཞིང་དག་གྱུར་ཅིག་ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ ཨོཾ་ཤུདྡྷེ་ཤུདྡྷེ་ཀཱ་ཡ་ལྦ་ཀྐ་ཙིཏྟ་བི་ཤྭདྷ་ན་ཡེ་སྭཱ་ཧཱ ཞེས་བྱ་བ་པར་བྱའོ། གསུམ་པ་རྗེས་ལ་ཡས་གླུད་བསྔོ་ཞིང་ལས་མཐའ་བསྡུ་བ་ནི། ཡས་གླུད་རྣམས་ལ་ཆུ་ཆང་བྲན། ཏིང་ལོ་སྦར། སྔགས་དྲུག་ཕྱག་རྒྱ་དྲུག་གམ། བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། དེ་ནས་མགྲོན་འགུགས་པ་ནི་རྣལ་འབྱོར་པ་ཁྲོ་བོའི་ང་རྒྱལ་ལ་གནས་པས་ལྕགས་ཀྱུའི་ཕྱག་བཅའ་ལ། ན་མོ། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་

(༥༡༣)པ་དང་། གསང་སྔགས་དང་། རིག་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ། གནོད་ཅིང་འཚེ་བ་བྱེད་པ། ལོ་རྒྱལ་པོའི་ཀེག་། ཟླ་བ་བླེན་པོའི་ཀེག་ །ཞག་དམག་མིའི་ཀེག །དུས་ཚོད་མཚོན་མའི་ཀེག། གཞན་ཡང་ཀེག་སུམ་བརྒྱ་དྲུག་སྟོང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ཡེ་འདྲོག་སུམ་རྒྱ་དྲུག་ཅུ། གློ་བུར་བརྒྱད་ཅུ་རྩ་གཅིག །དུས་མིན་འཆི་བ་རྣམས་བརྒྱད། བདུད་བཞིའི་ཚེ་ཡི་བར་གཅོད། རྒྱལ་བསེ་ན་དམ་སྲི་ཐེའུ་རང་། མོ་འདྲེ་བསེ་རག་ཆུང་སྲི། གོད་སྲིད་གྲི་སྲིད། ནད་སྲི་ཡམས་ཀྱི་བདག་པོ། སྒབ་འདྲེ་ཡུལ་འདྲེ་འཁྱམས་པ་ལ་སོགས་པ། གནོད་བྱེད་འབྱུང་པོ་ཐམས་ཅད་གླུད་གཏོར་ལེན་པ་ལ་མཆིས་བར་གྱུར་ཅིག། ཨོཾ་བཛྲ་ཊིཀྐ་རཱ་ཛཛཧཱུཾ་བཾ་ཧོསརྦ་བི་ག་ནན་ཨངྐུ་ཤ་ཡ་ཛ ཞེས་ལན་གསུམ་གྱིས་བཀུག་ཁ་འབར་མའི་མདོ་ལས་བྱུང་བའི་སྔགས་འགྱུར་ཁྱད་ཅན་རྒྱ་ཆེན་ཤུགས་ལྡན་དུ་གྲགས་པ། ན་མ སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ལྦ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་ཧཱུཾ༔ ཞེས་པའི་སྔགས་གང་མ་བགིས་བསྔོས། དེ་ནས་གླུད་འཕྱོང་གྱེར་བ་ནི། ཧཱུཾ་སྲིད་པའི་ལྷ་སྲིན་སྡེ་བརྒྱད་དང་ གླུད་དང་ཡས་དབང་བ་ཡི བགེགས་རིགས་འབྱུང་པོའི་ཚོགས་བཅས་ལ༔ སྐུ་གླུད་རྒྱན་ལྡན་བསྔོ་བ་ནི༔ ཡ་མཚན་ལྟད་མོ་འདི་ལྟར་ལགས མཐིང་གི་སྒྲ་ལོ་ཉི་ལི་ལི མགོ་སིག་རལ་པ་ཡེངས་སེ་ཡེང་ ཤེལ་གྱི་གླད་པ་ལུང་ཐང་མིག༔ ལྟ་སྟངས་མིག་འགྱུར་ཧྲིག་ཧྲིག༔ སྣ་མཛེས་མགྲོན་བུ་ཡ་ལ་ལ༔ བྱེ་རུའི་ལྕེ་ལ་རྣ་བ་དུང་༔ སྨྲ་བརྗོད་སྒྲ་སྙན་ལམས་སེ་ལམ༔ དར་སྐུད་རྩལ་མུ་ཏིག་ཉམས༔ མཉེན་ལྕུག་དྲི་མེད་ཉིགས་སེ་ཉིག༔ ཞོ་ཤའི་སྙིང་ལ་ཨ་རུའི་ཤ༔ བསམ་དང་བཀྲག་མདངས་ཡལ་ལ༔

(༥༡༤)མཚལ་གྱི་ཁྲག་ལ་ཆུ་ཤེལ་རུས༔ བཅུད་དང་ཞག་གཡོ་མེ་རེ་རེ མེ་ཤེལ་དྲོད་ལ་རླུང་གི་དབུགས༔ བག་དྲོ་སྣ་བཤུགས་ཀྱུ་རུ་རུ༔ རིན་ཆེན་སྨན་སྣའི་ནང་ཁྲོད་ལྡན༔ ཀུན་ཚང་དབང་པོ་ཉི་ལི་ལི༔ ལག་པ་གཡས་གཡོན་གསེར་དང་དངུལ༔ ཕྱག་རྒྱ་པད་སྐོར་ལིངས་སེ་ལིང་༔ རྐང་པ་གཡས་གཡོན་ལྕགས་དང་ཟངས༔ རྡོག་བྲོ་གར་སྟབས་ཁྱུགས་སེ་ཁྱུག ༔སྐུ་གསུང་ཐུགས་ལ་དཀར་མེ་ལྔ༔ སྐུ་ལ་རང་བྱུང་ཏ་ལ་ལ༔ དབང་པོ་རྣམས་ཏིང་ལོ་དྲུག ༔ཚོགས་དྲུག་མ་འགགས་ན་ར་ར༔ རྣམ་ཤེས་བརྒྱད་ལ་ཤ་དུམ་བརྒྱད༔ སྐྱེ་གནས་རྣམ་བཞི་བྱད་དང་ལྡན༔ ཕུང་ཁམས་ལྔ་ལ་འབྲང་རྒྱས་ལྔ༔ འབྱུང་བའི་བཅུད་ལྡན་ཁྲིགས་སེ་ཁྲིག༔ སྐྱེ་མཆེད་གཏོར་ཆུང་བཅུ་གཉིས་ཏེ༔ སྲིད་པའི་སྤྱོད་འགྲོས་ཀུན་ཀྱང་ཚང་༔ འཇའ་ཚོན་སྣ་ལྔའི་ན་བཟའ་གསོལ༔ སྣང་སྲིད་ཀུན་གྱི་ཡིད་སེམས་འཕྲོག ༔དཀོར་ནོར་ཤེལ་ཚིག་དཔག་ཡས་སྟོང་༔ མདའ་ཐང་རྒྱལ་བོ་ཆས་པ་འདྲ༔ བང་བ་ཁྱིམ་གང་ཡས་ཐགས་གླུད༔ ཚོང་དཔོན་ལམ་དུ་ཆས་པ་འདྲ༔ གྲི་གྲབ་གོ་མཚོན་རྒྱན་དང་ལྡན༔ དཔའ་བོ་དགྲ་ལ་ཆས་པ་འདྲ༔ གསེར་གཡུ་དར་ཟབ་ཁྲོ་ལོ་ལོ༔ མོ་བཙུན་བག་མར་ཆས་པ་འདྲ༔ བཞད་གད་རྩེ་གར་ཁྲིག་སེ་ཁྲིག༔ ༔ལྷ་ཕྲུག་རྩ་རར་ཚོགས་པ་འདྲ༔ དེ་བས་ཡ་མཚན་ལྡན་པའི་གླུད༔ མི་བས་གླུད་དགའ་ངོ་མཚར་ཆེ༔ མི་ལ་ཡ་མཚན་གང་ཡང་མེད༔ ཁོག་སྟོང་དུག་ལྔ་མེ་ལྟར་འབར༔ ཁོག་སྨད་མི་གཙང་མཚོ་ལྟར་འཁྱིལ༔ ཚེ་རབས་བག་ཆགས་མུན་ལྟར་གཏིབས༔ ལས་སྒྲིབ་ཅན་གྱི་མེའུ་བསྐྱུར༔ ཡོན་ཏན་ལྡན་པའི་གླུད་འདི་ལོངས༔ སྣང་སྲིད་ལྷ་འདྲིའི་ཕྱག་ཏུ་འབུལ༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ ཞ་འཁོན་སྡིག་སྒྲིབ་དག་གྱུར་ཅིག༔ བླ་མེད་བྱང་ཆུབ་རེག་གྱུར་ཅིག༔ ཅེས་བརྗོད་དེ་ནས་ལམ་བསྟན་ཅིང་བརྫངས་པ་ནི། གླུད་ཁ་ཕྱི་བསྒྱུར་ལ། ཧཱུཾད་ནི་བགེགས་ལ་ལམ་བསྟན་འཚལ༔ ཕྱོགས་ཕྱོགས་དག་ཀྱང་ཕ་

(༥༡༥)ཀི་ན༔ ལྕགས་རི་མུན་པའི་ཕ་རོལ་ན༔ རིན་ཆེན་གསེར་གྱི་ཕོ་བྲང་ན༔ ལོངས་སྤྱོད་མི་ཟད་དཀོར་ནོར་ཡོད༔ ཡིད་མཚར་ཕོ་མོ་གྲངས་མེད་ཡོད༔ དེ་རུ་ཁྱོད་ཀྱི་ལམ་བསྟན་ནོ༔ བགེགས་ཀྱིས་ཡུལ་དེ་རུ་ཆེ༔ བགེགས་ཀྱི་འདུ་ཚོགས་དེ་རུ་བཟང་༔ ཡག་དམོག་པའི་མི་རྣམས་ཀྱིས༔ བགེགས་རྒྱལ་དེ་རུ་བྱོན་ཞེས་ཟེར༔ མགྲོན་དང་སྟོན་མོ་གྲབས་ཡོད་སྐད༔ དེ་རུ་བགེགས་ལ་ལམ་བསྟན་ནོ༔ འདི་རུ་སྡོད་པའི་གནས་མ་མཆིས༔ ཡུལ་ཡང་དྲག་པོ་ཨེ་ཡི་ཀློང་༔ ཕྱི་ནང་ཁྱབ་པའི་མ་དཔུང་འཁྲིགས༔ མི་རྣམས་ཁྲོ་བོ་ཁྲོ་མེ་སྟེ༔ དྲག་སྔགས་ཧཱུཾ་སྒྲ་འབྲུག་ལྟར་ལྡིར༔ ཆས་རྣམས་དུར་ཁྲོད་དྲག་པོའི་ཆས༔ བགེགས་དཔུང་གཞོམ་པའི་མཚོན་ཆར་འབེབས༔ དེ་བས་ཆགས་པའི་གནས་མ་མཆིས༔ གདུག་པའི་བསམ་པ་ཞི་བར་མཛོད༔ ཅེས་གླུད་དང་ཁྲུས་ཁུ་འདྲེ་ལྔ་བདུད་གཅོད་གནས་པའི་སར་བསྐྱལ་ལོ། །ཐུན་དང་དྲག་སྔགས་ཀྱི་གཟིར་རྗེས། གཏེར་གཞུང་རྩ་བར། དམིགས་བྱ་དམེ་བ་བརྩེགས་པར་བསྐྱེད༔ གནས་གསུམ་བྱིན་བརླབས་རྡོ་རྗེའི་གོ༔ ཀྲོ་ཏ་རཀྵས་བསྲུང་སྔགས་བརྗོད༔ ཅེས་བས་བསྒྲུབ་བྱ་ལ་དབང་བསྐུར་ཞིང་གོ་བ་གོ་བ་ནི། བུམ་པ་ཐོགས་ལ། འོ་ཁྱོད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པ་ཞལ་གསུམ་ཕྱག་དྲུག་པའི་སྐུར་ལམ་གྱིས་གསལ་ཐོབ། དེ་ལ་བདག་གིས་དབང་བསྐུར་བའི་ཚེ་བདག་ཉིད་དམེ་བ་བརྩེགས་པའི་ཐུགས་ག་ནས་རང་འདྲའི་ཁྲོ་བོ་དཔག་ཏུ་མེད་པ་ཐོན་ནས། ཁྱེད་རང་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་སིབ་སིབ་ཐིམ་པའི་མོས་པ་གནང་བ་ཞུ། ཧཱུཾ་ལྷུན་གྲུབ་བུམ་པ་ཆོས་ཀྱི་དབྱིངས༔ རྫུ་འཕྲུལ་སྟོབས་ལྡན་ཡེ་ཤེས་བཅུད༔ བྱིན་རླབས་ནུ་རྩལ་དབང་བསྐུར་བས༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག ༔ཨོཾ་བཛྲ་བྷུར་ཁུང་མ་ཧཱ་བྲ་མ་ན་ཡེ་བྷུར་ཙི་བྷུར་ཁི་བྷི་མ་ལེ་

(༥༡༦)ཨུ་ཙུསྨ་ཀྲོ་ཏ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུཾ ཞེས་མགོ་ཐོག་ཏུ་འཇོག་ཅིང་ཁོང་དུ་བླུད། དེ་ནས་གོ་བགོ་བ་ནི། དེ་ལྟར་ཁྱེད་རང་རྣམས་ཁྲོ་རྒྱལ་དམེ་བ་བརྩེགས་བའི་སྐུ་ལྷུན་གྱིས་གྲུབ་པ་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེའི་གོ་ཁྲབ་དང་ཁྲོ་ཆུང་གིས་བཞུ་ལུགས་སུ་གཏམས་པས་ཅིས་ཀྱང་མི་ཤིགས་པ༑ རྡོ་རྗེའི་ཆོས་བདུན་གྱི་རྣམ་རོལ་དུ་རྒྱས་ཐེབས་པའི་མོས་བ་མཛད་པར་ཞུ། ཧཱུཾ་སྒོ་གསུམ་ལྷ་སྔགས་ཏིང་འཛིན་ལྡན༔ འཇིགས་མེད་རྡོ་རྗེའི་གོ་ཁྲབ་བརྗིད༔ བར་མཚམས་ཁྲོ་ཆུང་འབུམ་གྱིས་གཏམས༔ བཞུ་ལུགས་ལྟ་བུར་དབྱེར་མེད་དང་༔ ཅིས་ཀྱང་མི་འགྱུར་མི་ཤིགས་པ༔ ཆོས་ཉིད་དོན་ལ་གནས་གྱུར་ཅིག༔ བཛྲ་ཀཱ་ལྦཱ་ཙི་རཀྵ་དྷཱ་རྟུ་ཨཱ ཞེས་བསྒྲུབ་བྱའི་གནས་ལྔ་དང་ཚིགས་བཞིར་རྡོ་རྗེ་རྒྱ་གྲམ་བཀོད། དོ་གལ་ཤིན་ཏུ་ཆེན་གྲིབ་སྲུང་བསམ་གཏན་ཉལ་ཆོག་འཁོར་ལོ་ཡང་བཏགས༔ མེ་ཏོག་འཐོར་ཞིང་། ཕུན་སུམ་ཚོགས་པ་མདའ་བ་གསེར་གྱི་རི་བོ་འདྲ༔ སོགས་ཀྱིས་ཤིས་པ་བརྗོད། དེ་ནས་བདག་བསྐྱེད་ཀྱི་ཉེར་བསྡུ་ནི། ཨེ་མ་ཧོ། །གདོད་ནས་རིག་པ་ཀ་དག་ལ། མཚན་མའི་ཞལ་ཕྱག་གྲུབ་བ་མེད། གློ་བུར་དྲི་མ་སྦྱང་བའི་སླད། གསལ་མདངས་ལྷུན་གྲུབ་ལྷ་སྐུར་ཤར། དེ་ཡང་རྟགས་མཐའ་ལས་གྲོལ་ཕྱིར༑ གཉུག་མ་ཟང་ཐལ་སྤྲོས་བྲལ་ངང་། བཅོས་བསླད་མེད་པར་ལྷུག་པར་བཞག །གདོད་མའི་ས་ལ་གྲོལ་བར་འགྱུར། ཅེས་བརྗོད་ལ་གཏིང་གསལ་ཀ་དག་གི་དགོངས་པ་མི་གཡོ་བཞིན་དུ། ལམ་སྣང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་གནད་ལ་གཟིར་ནས་སྣང་བཞི་ཟད་སར་བསྐྱེལ་བ་ནི་རང་བཞིན་རྫོགས་པ་ཆེན་པོའི་བསྐྱེད་རྫོགས་ཀྱི་གནད་ཐུན་མོང་མ་ཡིན་པའོ། །འདིར་སྨྲས་བ། དམ་པའི་རིགས་ཅན་དྲ་མ་ལྔ་པོ་ཡིས། །རྒྱལ་བའི་དགོངས་པ་བསྐྱེད་དང་རྒྱལ་པོ་ཛའི། །ཁང་སྟེང་གླེགས་བམ་བབས་པའི་ཏན་ཏྲ་ལས། །སྤྱི་མདོ་དགོངས་འདུས་སྒྱུ་འཕྲུལ་དྲྭ་བའི་བཅུད།

(༥༡༧)པདྨས་ཕྱི་རབས་དོན་དུ་སྒྲུབ་ཐབས་སུ། །བསྡེབས་ནས་སྟག་ཚང་གསང་ཕུག་བསྐུངས་པ་ཡི། །བཀའ་འདི་ཤྲཱི་སིང་ཤཱཀྱ་བྲ་བྷ་ལ། །བབས་ནས་ཀློང་དགུའི་བརྡ་རྟོགས་བཅུད་དུ་སྨིན། བཀའ་བབས་རིག་འཛིན་ཞི་བར་གཟིམས་པའི་རྗེས། འདས་པའི་པྲཱ་ནི་བྷ ཡིས་མཚམས་སྦྱར་ནས། །བྱ་ལས་འདི་ཀོ་བདག་སྐལ་བབས་པའི་ཚེ། །ཕ་ནོར་བུ་ཡི་ཡིན་སྙམ་ལྷུར་ལེན་བྱས། །ཞེས་པ་འདི་ནི་གཏེར་ཆེན་ལྦ་མ་མཆོག་གི་རིགས་ཀྱི་གདུང་བརྒྱུད་མཆོག་སྤྲུལ་བསྟན་འཕེལ་དགེ་ལེགས་རྒྱ་མཚོ་དང་། རྗེ་དེ་ཉིད་ཀྱི་ཞམ་རིང་གི་ཐུ་བོ། དྷ་རྨའི་མཚན་ཅན་གྱི་བཀས་བསྐུལ་བ་ལས། ཐེག་མཆོག་རྣལ་འབྱོར་ལ་མོས་པ་ལམ་དུ་བྱེད་པའི་སྒྲུབ་པ་པོ་མཁྱེན་བརྩེའི་འོད་ཟེར་གྱིས། རྒྱལ་ཞུ་ཆུ་སྲིན་གྱི་ཁྱིམ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་ལ་དཔལ་རི་གསང་སྔགས་ཕོ་བྲང་དུ་སྦྱར་བ་དགེའོ

(༥༡༨)

(༥༡༩)བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊཱི་ཀ་རྒྱལ་བའི་གཞུང་ལམ་ཞེས་བྱ་བ་བཞུགས།

(༥༢༠)བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊཱི་ཀ་རྒྱལ་བའི་གཟུང་ལམ་ཞེས་བྱ་བ། ཇི་སྙེད་ཤེས་བྱ་གཟིགས་དེའི་མཁྱེན་རབ་ནི། །འཇིག་ཚོགས་ལ་སྡང་ཇི་ལྟའི་འོད་ཟེར་ཅན། །ཤར་བའི་མོད་ལ་སེམས་བྱུང་སྣ་ཚོགས་ཀུན། །རང་བཞིན་མེད་བར་གྲོལ་འདི་བླ་མའོ། །འདི་ལ་སྤྱི་དོན་རྣམ་པ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། འཇུག་བསྡུ་བའོ། །དང་པོ་ནི། སྨོན་ལམ་ལ་འཇུག་པའི་སྒོ་ཡན་ལག་བདུན་བ་འབུལ་བ་ནི། བཟང་སྐྱོང་གིས་ཞུས་བ་ལས་དགེ་བའི་ཆོད་སྡུད་བའི་ཡན་ལག་བདུན་བཀའ་སྩལ་བ་ལྟར། དང་པོ་དཀོན་མཆོག་གསུམ་ལ་ཕྱག་བྱ་བའི་ཡན་ལག་ནི། རང་དོན་དུ་སྤངས་རྟོགས་མཐར་ཕྱིན་མྱང་ཞི་བདེའི་དང་དུ་མི་བཞུགས་པར་གཞན་དོན་ལ་ཐུགས་རྗེས་རྒྱུན་ཆད་མེད་བས་དོན་གཉིས་ལྷུན་གྲུབ་ཏུ་བསྟོན་བ་རྫོགས་པའི་སངས་རྒྱས་དང་། དེའི་ཞལ་སྒོ་ལས་གསུངས་པ་འདུས་བྱས་ལ་བརྟེན་པའི་ལུས་ངག་ཡིག་གསུམ་གྱི་དགེ་བ་ཐམས་ཅད་ཀུན་རྫོབ་བདེན་པ་དང་། དམིགས་བསམ་སྤྲོས་བ་ལས་འདས་བ་དོན་དམ་བདེན་བ་སྟེ། བདེན་བ་གཉིས་ཀྱི་ངོ་བོ་ནི་བསྟན་བ་དམ་པའི་ཆོས་ཡིན་ལ། དེ་འཛིན་བྱེད་རྟོགས་བྱ་ཇི་ལྟ་བ་རིག་པ། ཇི་སྙེད་པར་རིག་པ། ཡེ་ཤེས་གཟིགས་པ་སྟེ་རིགས་པའི་ཡོན་ཏན་གསུམ། སྤང་བྱ་ཆགས་སྒྲིབ་ལས་གྲོལ་བ་

(༥༢༡)ཐོགས་སྒྲིབ་ལས་གྲོལ་བ། དམན་སྒྲིབ་ལས་གྲོལ་བ་སྟེ། གྲོལ་བའི་ཡོན་ཏན་གསུམ་སྟེ་རིག་གྲོལ་གཉིས་ལྡན་ནི་འཕག་བའི་དགེ་འདུན་ཡིན་བས་ཡུལ་དེ་གསུམ་ལ། བསོད་ནམས་ཡང་ཡེ་ཤེས་ཏེ་ཚོགས་གཉིས་དམ་བའི་དཔལ་གྱི་གུས་པས་ཕྱག་འཚལ་ལོ་ཞེས་བའོ། །གཉིས་པ་མཆོད་པ་ཡན་ལག་ནི། རབ་འབྱམས་ཞེས་བློས་དཔག་ཏུ་མེད་པའི་ཞིང་གི་ཁམས་ན་ཡོད་པའི་ལྷ་དང་མིའི་ལོངས་སྤྱོད་ཇི་སྙེད་ཡོད་པ་དང་། རབ་ཏུ་དང་བའི་ཡིད་ཀྱིས་རྣམ་བར་སྤྲུལ་བ་བྱང་ཆུབ་སེམས་དཔལ་ཀུན་ཏུ་བཟང་པོའི་ཏིང་འཛིན་གྱི་མཆོད་སྤྲིན་ལྟ་བུ་ནི། ཞིང་གིར་བུ་དང་མཆོག་དང་ཕུལ་དུ་གྱུར་བ་རྒྱལ་བ་སྟེ་སངས་རྒྱས་དང་། སྲས་ཏེ་བྱང་ཆུབ་སེམས་དཔའ་དང་བཅས་པའི་ཚོགས་ལ་འབུལ་ན། བདག་ཅག་ལ་རབ་ཏུ་བརྩེ་བའི་ཐུགས་ཀྱིས་དགོངས་ནས་བཞེས་སུ་གསོལ་ཞེས་པའོ། གསུམ་པ་བཤགས་བའི་ཡན་ལག་ནི། བདག་གིས་ཅེས་རང་གི་ངོ་བོ་སྨོས་ཏེ་འདི་ཙམ་ནས་ཞེས་ཐོག་མ་མེད་པའི་དུས་རིང་མོ་ཞིག་ནས་སྲིག་པའི་བཙོན་རར་ཡང་ནས་ཡང་དུ་འཁོར་བ་ན། ད་ལ་ཐུག་གི་བར་ང་དང་ང་ཡི་བྲའི་སེམས་ཀྱིས་གང་ཟག་གི་བདག་ལ། བདག་ཏུ་འཛིན་བའི་འཆིང་བ་དམ་པོས་བཅིངས་པས། །བདག་མེད་པའི་ཆོས་ལ་དངོས་པོ་དང་མཚན་ཅན་དུ་བཟུང་བ་ཆོས་ཀྱི་བདག་མེད་མ་རྟོགས་པ་ལས་བྱུང་བའི་སྡིག་པ་མཐའ་དག་ །ད་ནི་བདག་ཉིད་གོང་ཞིང་འགྱོད་པས་སོ་སོར་བཤགས་སོ་ཞེས་བའོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། སྲས་བཅས་རྒྱལ་བའི་ཞེས་པས་བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་ན་མཛེས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བསོད་ནམས་ཀྱི་

(༥༢༢)ཚོགས་སྦྱིན་པ་ལ་སོགས་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་དང་། ཡེ་ཤེས་ཀྱི་ཚོགས་ཤེས་ཏབ་སྟེ་ཚོགས་གཉིས་བྲབ་མོ་དང་། །དེ་དག་གི་གཤེགས་ཤུལ་ཚོགས་སྦྱོར་མཐོང་སྒོམ་བཞིའི་ལམ་བདེན་བསླབ་པ་དང་། བསླབ་བྱ་མཐར་ཐུག་ནས་མི་སློབ་སྟེ་སངས་རྒྱས་ཀྱིས་དང་དམན་ལམ་ལ་ཞུགས་བའི་ཉན་ཐོས་དང་། རང་རྒྱལ་དང་། འཆིང་བ་མཐའ་དག་གིས་བཅིངས་བ་སོ་སོ་སྐྱེ་བོ་རྣམས་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟ་སྟེ་དུས་གསུམ་དུ་བསགས་བའི་དགེ་བ་ཐམས་ཅད་ལ། དགའ་ཞིང་སྤྲོ་བའི་སེམས་ཀྱི་བཏང་སྙོམས་དང་། །ཇི་མི་སྙམ་པའི་སེམས་གཟེངས་བསྟོད་དེ་རྗེས་སུ་ཡི་རང་བའོ། །ལྔ་བ་ཆོས་འཁོར་བསྐུལ་བའི་ཡན་ལག་ནི། ཕྱོགསབཞི་མཚམས་བཞི་སྟེང་འོག་དང་བཅས་པ་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་བ་ན་བཞུགས་བའི་རྒྱལ་བ་ཡིས། འགྲོ་བའི་ཁམས་རྣམ་པ་སྣ་ཚོགས་དང་། དབང་པོ་རྣོ་རྟུལ་ཇི་བཞིན་དུ། ཟམ་པ་སྟེ་ལྟ་བའི་ཕྱོགས་དང་། རྒྱ་ཆེ་བ་སྟེ་སྤྱོད་པའི་ཕྱོགས་དང་། གཉིས་ཀའི་དོན་ཚང་ཞིང་ཐབས་ལ་མཁས་བ་ཐེག་མཆོག་སྟེ་གསང་སྔགས་དམ་པའི་ཆོས་ཀྱི་འཁོར་ལོ་རྟགས་པ་རྒྱུན་དུ་བསྐོར་བར་ཡང་ནས་ཡང་དུ་གསོལ་བ་འདེབས་བའོ་དོན་ཏེ། །དྲུག་བ་མྱ་ངན་ལས་མི་འདའ་བར་གསོལ་བའི་ཡན་ལག་ནི། མཚན་བརྗོད་བང་དགའ་བ་ནས་གང་དང་ཞེས་སངས་རྒྱས་ལ་བོས་ནས། ཁྱོད་དང་མཉམ་བ་འགལ་ཡང་མེད་ཅིང་འཇིག་རྟེན་གྱི་འདྲེན་བ་བླ་ན་མེད་པའི་ཆོས་ཀྱི་རྗེ། མཛད་པ་བཅུ་གཅིག་མཐར་བྱིན་ནས་ཐ་མའི་མཛད་པ་མྱ་ངན་ལས་འདའ་བར་བཞེད་བ་རྣམས། འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་གཞན་དོན་ལ་དགོངས་ཏེ་མྱ་ངན་ལས་མི་འདའ་བར་ཡུན་དུ་བཞུགས་པར་གསོལ་བ་འདེབས་བའོ། །བདུན་པ་བསྡོ་བའི་ཡན་ལག་ནི། འདིར་འབུད་དེ་དུས་ད་ལྟ་བའི་དགེ་བས་མཚོན་ནས་དུས་གསུམ་གྱི་དགེ་ཚོགས་མཐའ་དག་གཅིག་ཏུ་བསྡོམས་ནས་སེམས་ཅད་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་བ་སྔོས་པའི་མཐུས། བདག་ཉིད་གཅུག་བུ་མ་ཡིན་པར་ནམ་མཁའ་དང་མཉམ་པའི་འགྲོ་བའི་ཚོགས་དང་ལྷན་ཅིག་ཅུ་ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་བར་ཤོག་ཅེས་བསྔོ་སྨོན་སྟབས་གཅིག་ཏུ་བྱེད་བའོ། །གཉིས་བ་གཞུང་གི་དོན་ལ་སུམ་ཅུ་རྩ་གཉིས་ལད་དང་པོ་དལ་འབྱོར་རྙེད་དཀའ་དྲན་

(༥༢༣)པར་སྨོན་པ་ནི། དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། དལ་འབྱོར་ལུས་ལྡན་ཞེས་པས་དེ་གཉིས་ཚང་བའི་མི་ལུས་རིན་ཆེན་ཉིན་མོའི་སྐར་མ་ལས་ཀྱང་དཀོན། ཐོབ་བྱ་ད་ལྡན་ལ་སྨོན་པ་སྟེ། ཇི་ལྟར་བཀོད་ན། དལ་བ་ཞེས་བྱ་བ་ནི་མི་ཁོམ་པའི་གནས་སྐབས་བརྒྱད་ལས་མཐར་བ་སྟེ། འདི་ལྷར་དམྱལ་བ། ཡི་དྭགས། དུད་འགྲོ་སྟེང་ན་སོང་གསུམ། བདེ་འགྲོར་སྐྱེས་ཀྱང་། ལྷ་ནི་འདོད་ཡོན་དང་བག་མེད་ལ་གཡེངས། ཀླ་ཀློ་ནི་དགེ་སྡིག་མི་ཤེས་པས་མཐོང་ཚད་གསོད་ཅིང་བྱེད་ཆ་དང་ན་སོང་དུ་བསྒྲུབ། ལོག་ལྟ་ཅན་ནི་བླ་མ་དང་སངས་རྒྱས་ལའང་ངན་སེམས་བསྐྱེད། སངས་རྒྱས་མཁྱོན་བའི་མུན་བསྐལ་ལ་སྐྱེས་ན་ལམ་དང་ལམ་མིན་ངོ་མི་ཤེས་པས་ཀླ་ཀློ་དང་འདྲ། ལྐུགས་བ་ནི་རྣམ་ཤེས་ལས་སུ་མི་རུང་བས་ཆོས་བསྟན་ཀྱང་བརྡ་མི་འཕྲོད། དེ་ལྟར་བརྒྱད་དུ་མ་སྐྱེས་ན་ཆོས་བསྒྲུབ་པར་ཁོམ་པས་རྡལ་བ་ཞེས་བྱའོ། །འབྱོར་བ་ལ་རང་འབྱོར་ལྡན་ནི། མི་ལུས་ཐོབ་པ། དེ་ཡང་ཡུལ་དབུས་ཞེས་བྱ་སྟེ་ཆོས་དར་སར་སྐྱེས་པ། དང་པོ་ཚད་བ། མི་དགེའི་ལས་ལ་མི་སྤྲོ་བས་ལས་མཐའ་མ་ལོག་པའོ། །གཞན་འབྱོར་ལྔ་ནི། སྐྱེ་བའི་དུས་ཚོད་མ་ལོག་བ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི། ཆོས་གསུངས་པ། བསྟན་པ་མ་ནུབ་པ། བསྟན་པ་ལ་བཞུགས་པ། བླ་མ་དང་དགེ་བའི་གྲོགས་ཀྱི་སྙིང་བརྩེ་བ་སྟེ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཡིན་པས་དེ་མི་སྲིད་པ་ལྟ་བུའོ། །དེ་ཙམ་གྱིས་ཀྱང་མི་ཆོག་པར་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་མཆོག་སྟེ་མཚན་ཉིད་དང་ལྡན་པའི་མིག་བཞིན་ཏུ་བསྟེན་ནས་ཐུགས་དང་མི་འགལ་བ་བྱེད་ཅིང་། མཉེས་པ་དུ་མའི་སྒོ་ནས་ཆོས་འབའ་ཞིག་ཉན་པ་ནི་ཐོས་བ་དང་། ཚིག་དོན་ལ་གོ་བས་དཔྱོད་ཅིང་གཞིག་འགྲེལ་བྱེད་པ་ནི་བསམ་པ། དེ་དག་གི་དོན་ཡིད་ལ་སྒོམ་པ་གསུམ་ལ་རྟག་པར་བརྩོན་པས་རང་དོན་ཆགས་སུ་ཆུད་པ་དང་། ཕྱི་ནས་རྒྱལ་བའི་བསྟན་པ་ལའང་བྱ་བ་བྱེད་ནུས་པར་ཤོག་ཅེས་པའོ། །གཉིས་པ་མི་རྟག་པ་རྒྱུད་ལ་སྐྱེ་བར་སྨོན་བ་ནི། དེ་ལྟ་བུའི་དལ་འབྱོར་རྙེད་ཀྱང་། དེའི་སྲོག་ཏུ་གྱུར་པའི་ཆེ་ནི་རྩ་ཁའི་ཟིལ་ཐིགས་ལྟར་རིང་དུ་མི་གནས་པ། དོ་ནུབ་བམ་སང་གི་ཉིན་མོ་ཙམ་

(༥༢༤)ཡང་གློ་གཏད་མི་ཐུབ་པ་གཤིན་རྗེའི་སྐྱེས་བུས་སྐད་ཅིག་ལ་བཅོམ་ནས་འགྱུར་བའི་ཚུལ་རིག་པ་ལ་འཇིགས་བར་བྱས་ནས། ཚེ་འདི་བསྒྲུབ་པའི་བསམ་དགྲ་འདུལ་གཉེན་སྐྱོང་སྔར་འདི་བྱས་དང་འཕྱིས་འདི་བྱེད། སྦྱོར་བ་ཚོང་སོ་ནམ། འདུ་འཛི་སྙན་གྲགས་ལོངས་སྤེལ་བ་མཐའ་དག་རྒྱང་བསྲིངས་ནས། འདུས་བ་འབྲལ་བའི་ཆོས་ཅན་ལ་བསམས་ཏེ་གཉེན་བཤེས་ཡུལ་འཁོར་ནོར་རྫས་རྣམས་ལྟ་ཅི་སྨོས། རང་གི་མལ་སྟན་དང་བཟའ་བཏུང་དང་གོས་གྱོན་འཕྲོ་ཡན་ཆད་ཀྱིས་བདག་འདོར། བདག་གིས་ཀྱང་དེ་དག་འདོར་བས་གང་ལའང་སྙིང་པོ་མེད་པ་མི་རྟག་པ། ཉེ་འབྲེལ་གྱིས་མཐའ་བསྐོར་ནས་སྨྲེ་སྔགས་འདོན་ཞིང་ཁ་སེ་ཐང་ངེ་འཆི་བ་དེད་ནུབ་ཙམ་ཡང་མི་ཡོང་པའི་གདེང་མེད་པ་རྗེས་སུ་ཤོག་གཅིག་ཅེས་པའོ། །གསུམ་པ་རྒྱུ་འབྲས་ལ་ཡིད་ཆེས་བར་སྨོན་པ་ནི། ཚེ་འཕོས་ནས་ཀྱང་ཐོག་མེད་འཁོར་བ་ནས། བསགས་པའི་ལས་ཀྱི་སྡུག་བསྔལ་མྱོང་གྱུར་ཞིང་། ཞེས་རང་གིས་བསྔགས་པའི་ལས་གཞན་ལ་མི་འཕོ། བར་མདོར་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབས་པའི་ཚེ་རང་ཐོག་འབའ་ཞིག་ཏུ་མྱོང་འགྱུར་ཡིན་ལ། དེ་ལྟར་ལུས་ཀྱི་སྒོ་ནས་སྲོག་གཅོད་པ། མ་བྱིན་ལེན་བ། འདོད་ལོག་སྤྱོད་པ་གསུམ། ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། ཡིད་ཀྱོ་སྣས་བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ། དེ་ལྟར་མི་དགེ་བ་བཅུ་པོ་དང་ནི་དུག་དང་རྣམ་པ་ཐམས་ཅད་དུ་འབྲེལ་ཆ་ལ། དེ་ལའང་གཞི་བསམ་པ། སྦྱོར་བ། མཐར་ཐུག་བཞི་ཚང་དགོས་མི་དགོས་མཛོད་འགྲེལ་ལས་ཤེས་ཤིང་། ལས་དེའི་འབྲས་བུ་ཡང་རྣམ་སྨིན། རྒྱུ་མཐུན། དབང་། སྐྱེས་བུ་བྱེད་པ་སྟེ་བཞི་བཞིར་མྱོང་ཞིང་། དེ་ཡང་རྣམ་སྨིན་ནི་བསམ་པ་ཉོན་མོངས་པའི་ཁྱད་པར་ཞེ་སྡང་གིས་བྱས་ནས་དམྱལ་བ། འདོད་ཆགས་ཀྱིས་ཡི་དྭངས། གཏི་མུག་གིས་དུད་འགྲོར་སྐྱེ། རྒྱུ་མཐུན་ནི་སྲོག་གཅོད་ཀྱིས་ཚེ་ཐུང་། མ་བྱིན་ལེན་གྱིས་དབུལ་པོར་འགྱུར། འདོད་ལོག་གིས་ཆུང་མ་མི་ཉན། རྫུན་གྱིས་སྐུར་བ་མང་། ཕྲ་མས་ཉེ་འཁོར་དང་མི་མཐུན། ཚིག་རྩུབ་ཀྱིས་མི་སྙན་བ་མང་དུ་ཐོས།

(༥༢༥)ངག་འཁྱལ་གྱིས་ཚིག་མི་བཙུན། བརྣབ་སྨེས་ཀྱིས་རེ་བ་མི་འགྲུབ། གནོད་སེམས་ཀྱིས་རྣག་ལ་གནོད་བྱེད་མང་། ལོག་ལྟས་ལྟ་བ་ངན་བ་ལ་གནས། དེ་བཞིན་དུ་དབང་འབྲས་ནི་ཡུལ་ལ་སྨིན་པས། སྲོག་གཅོད་ཀྱིས་ཡུལ་གནོད་བ་ཅན་དུ་སྐྱེ། མ་བྱིན་རླངས་པས་ལོ་ཏོག་ལ་སད་སེར་སྡང་། འདོད་ལོག་གིས་གནས་མི་གཙང་། རྫུན་གྱིས་གཞན་བསླུ་མང་། ཕྲ་མས་ཕྱོགས་དམ་དང་ཐག་ཐུག་ཅན་དུ་སྐྱེ། ཚིག་རྩུབ་ཀྱི་ཡུལ་ཉམས་མི་དགའ། ངག་འགྱལ་གྱི་ལོ་ཏོག་ཉམས། བརྣབ་སེམས་ཀྱིས་ལོ་འབྲས་ངན། གནོད་སེམས་ཀྱིས་ཆོམ་རྐུན་དང་སྦྲུལ་ལ་སོགས་ཀྱིས་འཚེ༑ ལོག་ལྟས་མགོན་སྐྱབས་མེད་པར་སྐྱེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་བྱེད་ལས་དང་མཐུན་བར་མྱོང་བའོ། །དེ་ལྟ་བུའི་མི་བཅུ་ནི་སྲོག་དང་བསྔོས་ནས་སྤང་། དེའི་ལྡོག་ཕྱོགས་དགེ་བའི་ལམ་ལས་བཅུ་འཛིན་བ་ཡིན་ཏེ། འདི་ལྟར་བདག་གིས་ཀྱང་སྲོག་མི་གཅོད་པར་དམ་བཅའ་ལ། གཞན་ཡང་སྲོག་གཅོད་དུ་མི་འཇུག་པ་སོགས་མི་དགེ་བཅུ་ཅར་ལ་སྤོང་སེམས་ཀྱིས་དམ་བཅའ་འཛིན་ཅིང་གཞན་ཡང་བྱེད་མི་འཇུག་ལ། འཇིག་རྟེན་བདེ་སྡུག་ལས་འབྲས་ཀྱི་མཐུར་སྙིང་ནས་ཡིད་ཆེས་བ་ནི་འཇིག་རྟེན་པའི་ཡང་དག་ལྟ་བ་ཞེས་བ་སྟེ། ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་ནས། དགེ་སྡིག་ལས་ལ་འཇུག་ལྡོག་བྱེད་པར་ཤོག །ཅེས་པའི་དོན་ནོ༑ །བཞི་པ་འཁོར་བའི་ཉེས་དམིགས་དྲན་པར་སྨོན་པ་ནི། ༈ །གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མེད་ཅིང་། །གང་ལ་བསམས་ཀྱང་འཇིག་པའི་ངང་ཚུལ་ཅན། །ཞེས་པས། དེ་ལ་འགྲོ་བ་རིགས་དྲུག་པོ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་མེའི་འོབས་ལྟ་བུ། ཆུ་སྲིན་གྱི་གྲེ་བར་ཚུད་པ་ལྟ་བུ་བདེ་བའི་གོ་སྐབས་མེད་པ་ལ་སྐྱེ་བར་བྱ་སྟེ། དེ་ཡང་དམྱལ་བར་སྐྱེས་ན་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉི་ཚེ་ཉེ་འཁོར་བ་དང་བཅོ་བརྒྱད་ཡོད་པའི་ལྕགས་བསྲེགས་ཀྱིས་གཞི་ནི་ཚ་དམྱལ་མོང་གི་གནས་ཡིན་བས། དེའི་ནང་དུ་ཚུད་པ་ཙམ་གྱིས་སྡུག་བསྔལ་ཡང་བཟོད་པར་དཀའ་བ། ཁྱད་པར་ཡང་སོས་ནི་

(༥༢༦)ཕན་ཚུན་ཁོང་ཁྲོས་གདུངས་ནས། མཚོན་རྡེག་རེས་བྱེད་ཅིང་ཤི་བ་ན། ནམ་མཁའ་ནས་ཡང་སོས་བར་ཤོག་ཅིག་ཅེས་པའི་སྒྲ་བྱུང་ནས་ཡང་སོས་བས་སྡུག་བསྔལ་ལོ། །ཐིག་ནག་ནི། གཤེད་མ་འཇིགས་སུ་རུང་བས་ལུས་ལ་ཐིག་མང་པོ་འདེབས་ཤིང་སོག་ལེས་གཤོག་བ་དེ་ཡང་འགྲིག་ཅིང་གཤོག་གོ། །བསྡུས་འཇོམས་ནི༑ ལྕགས་བསྲེགས་ཀྱི་རི་སྣ་དུད་འགྲོའི་མགོ་བརྙན་ཅན་གྱི་དབར་དུ་བརྡུང་ཞིང་བཅར་བའོ། །ངུ་འབོད་ནི། ལྕགས་ཞུན་བཀོལ་བར་འཚོད་བའོ། །འུ་འབོད་ཆེན་པོ་ནི། ལྕགས་ཁྱིམ་མེ་འབར་བར་ཚུད་ནས་སྒོ་འགྲི་གཅིང་འཐུམས་ལ་དུ་སྐད་ལྷང་ལྷང་འབོད་པའོ། །ཚ་བ་ནི། གསལ་ཤིང་མེ་འབར་བས་ལུས་ཀྱི་གཞུང་འབིགས་པའོ། །རབ་ཏུ་ཚ་བ་ནི། གསལ་ཤིད་རྩེ་གསུམ་བས་འབིགས་ཤིང་ཕྱི་ནས་ལྕགས་བསྲེགས་ལེབ་མོས་དཀྲི་བ་དང་ཁྲོ་ཆུ་ཁོལ་མར་འཚོད་དོ། །མནར་མེད་པ་ནི། དེའི་མེ་ཚ་བའི་མཐར་ཐུག་པས་རང་ལུས་དང་མེ་དབྱེར་མི་ཕྱེད་བར་བསྲེག་ཅིང་། ཕྱི་ནས་མངའ་མདུད་ལ་སོགས་བ་མཚོན་ཆའི་ཆར་འབབས་པ་ལ་བར་སེང་ཅུང་ཟད་མེད་པར་ཤིན་ཏུ་སྡུག་བསྔལ་ཞིང་ཚེ་ཡང་བར་བསྐལ་ཐུབ་པའོ། །གྲང་དམྱལ་བརྒྱད་ནི། སའི་རྣམ་བཅུང་ཅད་ཀྱང་མོ་མོང་པའི་གངས་ཁྲོད་བུ་ཡུག་སླེབས་པའི་གནས་སུ་ལུས་འཁུམས་ཤིང་གྲང་ཟུག་ཆེ་དྲག་པས་ལུས་ལ་ཆུ་བུར་གྲངས་མེད་འབྱུང་བས་ཆུ་བུར་ཅན་དང་། ཆུ་བུར་བརྡོལ་བ་དང་། ཨ་ཆུའི་སྒྲ་རྒྱུན་མི་འཆད་པ་དང་། ཀྱི་ཧུད་དང་། སོ་ཐམ་ཐམ་དང་། པགས་བ་ཨུཏྤལ་ལྟར་དྲུག་ཚལ་དུ་གས་བ། པདྨ་ལྟར་ཆེ་རགས་པ་སྟེ་བརྒྱད་ཀྱིས་སྡུག་བསྔལ་ལ། ཉི་ཚེ་བ་ནི། རང་གི་ལུས་ལ་ཀ་བ་དང་། ཐག་བ་དང་། སྒོ་དང་། ཕྱགས་མ་སོགས་ཀྱི་སྣང་བས་ཤར་ནས་བཀོལ་བ་དང་། བྲག་གི་དབར། རྡོའི་མཁྲེགས། ཤིང་གི་སྦུབ་སོགས་སུ་འཐུམས་ཤིང་འབྱུང་བཞིའི་གནོད་བསམ་ནར་བ་ལ་སོགས་རྣམ་གྲངས་ཤིན་ཏུ་མང་ལ། ཉེ་འཁོར་བ་ནི། སྤུ་གྲིའི་ཐང་། རལ་གྲིའི་ནགས་ཚལ། ཐལ་ཚན་གྱི་རབས། རོ་མྱགས་ཀྱི་འདམ། ལྕགས་ཀྱི་ཤལ་མ་ལི་སོགས་ལམ་ནར་སྤྱོད་ཤིན་ཏུ་མི

(༥༢༧)བཟོད་པ་མྱོང་ངོ། །དེ་བཞིན་ཡི་དྭགས་ལའང་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒོས་ཁུད་ཀྱི་སྒྲིབ་པ་ཅན་ཏེ་ཐམས་ཅད་ཀྱང་ཟས་སྐོམ་ལོ་ཟླར་མི་རྙེད་བས་བཤད་ཅྒི་ཟ་ཞིང་། ལུས་དཔག་ཚད་ཙམ་མི་ཁེངས་པས་སྡུག་བསྔལ་བཟོད་བླག་མེད་པའོ། །དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་མཐོང་ཆོས་ཅན་དང་། དེའི་ནང་ནས་ཀྱི་བྱིངས་ན་གནས་བ་རྣམས་ནི་མུན་བ་མུན་ནག་གིས་གནས་སུ་གཅིག་ལ་གཅིག་ཟ་ཞིང་གཙོར་བའོ། །དེ་བཞིན་དུ་ལྷ་རྣམས་ལའང་འཆི་བའི་ལྟས་ལྔ་ཤར་བས་འཕོ་ཞིང་གནས་རིགས་འོག་མར་ལྟུང་པའི་སྡུག་བསྔལ་དང་། མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་སྟེང་། འགྱུར་བའི་སྡུག་བསྔལ་དང་། སྔ་མ་མ་སངས་བར་གསར་དུ་བརྩེགས་པ་སྡུག་བསྔལ་གྱི་སྡུག་བསྔལ་བལྟར་མི་མངོན་པ། དགྲ་དང་ཕྲད་པ། གཉེན་དང་བྲལ་བ། འདོད་པ་ཐོག་ཏུ་མཁེལ་བ། ཉེར་ལེན་གྱི་ཕུང་པོ་ལྔ་འཚོ་བ་སྣ་ཚོགས་ཀྱི་སྣོད་ལྟར་ཡོད་པས་སྡུག་བསྔལ་གྱི་འཕྲད་ལས་མི་ཐར་བ། ལུས་ངག་རྡུལ་ཕྲན་དུ་ཞིག་ཞིག་འབད་ཀྱང་བདེ་བ་ལ་ཐོབ་དུས་མེད་པ། བྱ་བ་མང་བ། འབྲས་བུ་ཉུང་བ། རེ་དོགས་ཐམས་ཅད་བསླུ་བའི་ཆོས་ཅན། ཕུན་སུམ་ཚོགས་ན་ཇི་ཙམ་ཚོགས་པ་དེ་དག་ཀྱང་ཚེ་ཕྱི་མ་སྡུག་བསྔལ་བསྒྲུབ་བའི་རྒྱུར་འགྲོ་བས་ན། ༈།གང་ཞིག་བསྒྲུབས་ཀྱང་སྙིང་པོ་མེད་པའི་ཆོས། །གང་ཡིན་ཤེས་ནས་ཡིད་ནི་འབྱུང་བར་ཤོག་ །ཅེས་སྨོན་ནོ། །ལྔ་བ་ཐར་ལམ་ལ་བར་ཆད་མེད་བར་སྨོན་པ་ནི། ༈ །བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་པའི་རྐྱེན། །མི་མཐུན་བདུད་ཀྱི་དབང་དུ་མི་འགྱུར་ཞིང་། །གནས་དང་ཡོ་བྱད་གྲོགས་སོགས་མཐུན་བའི་རྐྱེན། །བསམས་པ་བཞིན་དུ་ལྷུན་གྱིས་འགྲུབ་པར་ཤོག་ །དེ་ལ་ཐར་ལམ་བྱང་ཆུབ་སྒྲུབ་པ་ལ་མི་མཐུན་ཕྱོགས་ཀྱི་བདུད་རྣམས་བཞི་ཡོད་དེ། རང་རྒྱུད་དང་ལྷན་ཅིག་པ་ཉོན་མོས་པའི་བདུད་ཀྱིས་དང་པོར་ངེས་འབྱུང་མི་སྐྱེ་བར་ཆོས་དང་བླ་མ་ལ་དང་དུ་མི་འཇུག་ ། བར་དུ་དགེ་བའི་བཤེས་གཉེན་གྱིས་སུན་ནས་བག་མེད་ཀྱི་དབང་དུ་འཚོར། ཐ་མར་ཆོས་ལྟར་བཅོས་བའི་ཞི་

(༥༢༨)བདེས་འཆི་ཁར་ལག་སྟོང་དུ་འགྲོ། །ཕུང་པོའི་བདུད་ཀྱིས་ལམ་བདེན་ལ་དངོས་པོར་ཞེན་ནས་གཟུགས་དང་། འདུ་ཤེས་དང་། འདུ་བྱེད་རྣམ་ཤེས་ཀྱི་ཕྱོགས་མ་དག་པ་འཛིན་ཅིང་ཆོས་ཉིད་ཀྱི་གནས་ལུགས་ལ་སྒྲིབ། ལྷའི་བུའི་བདུད་ཀྱིས་གཉེན་བཤེས་ལ་ཆགས་ཤིང་ལོག་འཚོ་དང་འདོད་པའི་ཡོན་ཏན་ལ་གཡེངས་སུ་འཇུག །ཆི་བདག་གི་བདུད་ཀྱིས་དལ་འབྱོར་གྱི་ཚོགས་པ་འདྲལ་ཞིང་ལམ་ལ་བར་དུ་གཅོད་པས་ན། དེའི་གཞན་དབང་དུ་མི་འགྲོ་ཞིང་། གནས་དག་པ་བས་མཐའ་འདུ་འཛིས་དབེན་པ་དང་། འཚོ་བ་དང་ཡོ་བྱད་དག་བ་བསོད་སྙོམས་དང་ཆོག་ཤེས། གྲོགས་དག་པ་ཤེས་རྒྱུད་ངེས་འབྱུང་ཆེ་ཞིང་ཐོས་པ་དང་ལྡན་པའི་ཚངས་་པར་མཚུངས་སྤྱོད། སྡོམ་པ་དག་པ། སོ་བྱང་སྔགས་གསུམ་ལ་ཉེས་བས་མ་གོས་བ། ཆོས་དག་པ་སྨོན་བ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་ཕྱི་དྲུག་དང་བསྐྱེད་རྫོགས་ཏེ་ཀུན་ཏུ་བཟང་པོའི་སྤྱོད་པ་ཁྲེལ་བ་གཡོད་པའི་གེགས་སུ་མི་འགྱུར་བར་སྨོན་པའོ། །དྲུག་པ་སྐྱབས་སུ་འགྲོ་བར་སྨོན་པ་ནི། ༈ །རང་གཞན་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས། །བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་པོ་ལ། །དད་དང་གུས་པའི་བསམ་རྩེ་གཅིག་གིས། །སྐྱབས་སུ་འགྲོ་བའི་སྡོམ་པ་ནོད་པར་ཤོག །དེ་ཡང་སྐྱབས་འགྲོ་ཙམ་པོ་བ་ལྷ་མིའི་བདེ་འབྲས་ཙམ་ལ་དམིགས་པ་མ་ཡིན་ཞིང་། རང་དོན་ཡིད་བྱེད་ཀྱི་ཞི་བདེའི་བསམ་པ་རྩེ་གཅིག་པས་བྱང་ཆུབ་མཐོ་བ་ཀྱི་བར་སྐྱབས་སུ་འགྲོ་བ་ནི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ནོ། །བདུན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་སྨོན་བ་ལ། སྨོན་སེམས་ནི། ༈ ཐོག་མེད་དུས་ན་དྲིན་ཅན་ཕམ་རྣམས། །རིགས་དྲུག་གནས་སུ་སྡུག་བསྔལ་མྱོང་རྣམས་ལ། །བཟོ་བླག་མེད་པའི་སྙིང་རྗེ་དང་བཅས་བའི། །རླབས་ཆེན་བྱང་ཆུབ་སེམས་

(༥༢༩)མཆོག་བསྐྱེད་པར་ཤོག །དེ་ལ་འཁོར་བ་ལ་ཐོག་མ་མེད་པའི་རྒྱུས་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་གཅིག་ཀྱང་མེད་པ་འདི་ལ་ངེས་ཤེས་མ་སྐྱེ་ཚེ་སེམས་བསྐྱེད་ཚད་ལྡན་ཡང་མི་ཤེས་ལ། ངེས་ཤེས་བསྐྱེད་ནད་ལྟ་རང་གི་ཕ་མའམ་ཡིད་གཅུགས་བ་བཞིག་བཙོན་དོང་དུ་ཚུད་ན་དེ་ལ་སྡུག་བསྔལ་དྲག་པོ་སྐྱེ་ཞིང་གདོན་བའི་ཐབས་ལ་བརྩོན་པ་ལྟར། ཚེ་རབས་སྡ་མའམ་ད་ལྟར་གྱི་ཕ་མའང་རུང་སྟེ། དེ་དག་འགྲོ་བ་རིགས་དྲུག་གི་གནས་བཙོན་བ་ཁྲི་མུན་དུ་བཅུག་པ་ལྟ་བུའི་ནང་དུ་སྡུག་བསྔལ་མྱོང་བཞིན་བ་ལ་བཟོད་བླག་མེད་པའི་སྙིང་རྗེ་སྐྱེ་བས་དེ་དག་དེ་ལས་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་ཐབ་རབ་ཤོག་ཅིག་པ་དུང་དུང་དང་། བདག་གིས་འབད་པ་ཐམས་ཅད་ཀྱང་དེ་དག་ཐར་བའི་ཐབས་སུ་ཤོག་ཅིག་སྙམ་པའི་སྙིང་རྗེའི་བསམ་བ་རླབས་པོ་ཆེ་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་དམ་པའི་ངོ་བོ་ཉིད་ཡིན་པས་དེར་སྨོན་པའོ། །བརྒྱད་པ་འཇུག་སེམས་ནི། ༈ །གཞན་གྱི་དོན་དུ་སངས་རྒྱས་བསྒྲུབ་པའི་བློས། །འགྲོ་ལ་ཕན་ཕྱིར་ལྷག་བསམ་གོ་གྱོན་ཏེ། །ཕར་ཕྱིན་དྲུག་ལ་ཚུལ་བཞིན་བསླབ་པ་ཡི། །རྒྱལ་བའི་སྲས་ཀྱི་སྤྱོད་ལ་འཇུག་པར་ཤོག་ །འདི་ལྟར་ཉན་རང་ལྟར་རང་དོན་ཞི་བདེ་ལ་དམིགས་པའི་བསམ་བ་ཅན་མ་ཡིན་བར། ལམ་བདེན་གྱི་སྨོན་པ་ཐམས་ཅད་གཞན་དོན་དུ་སངས་རྒྱས་ཐོབ་པ་ལ་དམིགས་ཤིང་། དེའང་བཟང་བརྫུའི་གཡོ་དང་གྲགས་འདོད་ཙམ་གྱི་རྒྱུས་མ་ཡིན་པར་ལྷག་བསམ་དྲི་མ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་བགོས་ནས་ཕ་རོལ་ཏུ་ཕྱིན་བ་དྲུག་ལ་ཚུལ་བཞིན་དུ་བསླབ་པ་ནི་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་འཇུག་པ་ཡིན་པས་དེ་ལྟར་ཐོབ་པར་སྨོན་པའོ། །དགུ་པ་སྨོན་འཇུག་སོ་སོའི་སྤྱི་དོན་ལ་སྨོན་པའོ། །དགུ་པ་སྨོན་འཇུག་སོ་སོའི་སྤྱི་དོན་ལ་སྨིན་པ་ནི། ༈ །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་དད། །བསམ་པ་བཟང་པོ་ཚད་མེད་བཞི་ལྡན་ཞིང་། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་པ། །སྦྱོར་བ་བསྡུ་དངོས་བཞི་ལ་བརྩོན་པར་ཤོག །དེ་ལ་སྨོན་པ་འགྲུབ་པའི་རྒྱུ་ཚད་མེད་བཞི་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་བྱམས་པས་ཕན་འདོགས་བའི་ཐབས་བསམ་པ་དང་ དེ་དག་རང་རང་གིས་སྔར་བསགས་པའི་སྡུག་བསྔལ་གྱི་འབྲས་བུར་སྤྱོད་པ་ལ་ངན་སོང་གསུམ་མམ། བདེ་འགྲོ་ཡིན་ཡང་ལྟོ་གོས་ཀྱིས་ཉམ་ཐག་

(༥༣༠)པ་དང་། སྨྱོ་བ་རྗེད་སོགས་བའི་གདོན་དང་། མཛེ་ཕོལ་དང་། འབྲུམ་ནད་ལ་སོགས་བས་སྡུག་བསྔལ་བ་དང་། རྒྱལ་བོའི་དཔྱ་ཁྲལ་དང་ཆད་ལས་ཀྱིས་མནར་བ་སོགས་ལ་སྙིང་རྗེ་དྲག་བོ་བསྐྱེད་ཅིང་། འདི་ལས་ད་ལྟ་ཉིད་དུ་ཐར་ན་བསམ་པ་དང་། གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་མི་བྱེད་བར་དགའ་བ་བསྒོམ་ཞིང་། འགྲོ་བ་གཞན་དག་ཀྱང་འདི་ལྟ་བུར་གྱུར་ན་ང་རེ་དགའ་སྙམ་པ་དང་། རང་ཕྱོགས་ལ་ཆགས་བ་གཞན་ཕྱོགས་ལ་སྡང་བའི་ཆགས་སྡང་མགོ་སྙོམས་ནས་ཉེ་རིང་མེད་བའི་བཏང་སྙོམས་ལ་སློབ་བ་ནི་སྨོན་སེམས་ཀྱི་སྲོག་ཤིང་ལྟ་བུ་ཡིན་ལ། དེ་བཞིན་དུ་འཇུག་པ་ལ། བསྡུ་པའི་དངོས་བོ་བཞིས་སེམས་ཅན་བསྡུ་བའི་བརྩོན་འགྲུས་རྒྱུན་མི་ཆད་པར་བྱ་ཞིང་། དེ་ལ་སྦྱིན་པ་ནི་སེམས་ཅན་བསྡུ་བའི་སྒོ་དང་པོ་ཡིན་ཏེ། སྦྱིན་རྔ་ལ་མི་དགའ་བ་སུ་ཡང་མེད་པས། ཐོག་མར་ཟང་ཟིང་གི་སྦྱིན་པས་སེམས་ཅན་བསྡུ་བར་བྱའོ། དེ་བཞིན་དུ་ཚིག་རྩུབ་མོ་ལ་སུ་ཡང་མི་དགའ་བ་སྙན་པར་སྨྲ་བས་གཞན་དགའ་བས་བྱ་བ་དང་། དེ་ནས་སོན་སྤྱོད་པ་སྟེ་གཞན་དོན་ལ་སྐྱོ་དུབ་ཀྱི་སེམས་སྤངས་ནས་སློབ་པའི་ལམ་གང་ཡིན་པ་ལ་འཇུག་པ་དང་། དོན་མཐུན་པ་ནི་གཞན་ལ་ཇི་ལྟར་འདོམས་བ་ལྟར་རང་ཡང་ཆོས་བཞིན་དུ་བྱ་དགོས་ཏེ། བཅོམ་ལྡན་འདས་ཞི་བ། བཅོམ་ལྡན་འདས་དུལ་བ། འཁོར་ཡང་དུལ་བ་ལྟ་བུ་སྟེ། རང་རྒྱུད་མ་རུངས་ཤིང་མགྲེལ་བས་སེམས་ཅན་ཕན་པར་དཀའ་བའི་ཕྱིར་ཚད་མེད་བཞི་ནི་བྱང་ཆུབ་ཀྱི་སེམས་འགྲུབ་པའི་བསམ་བ་མ་ནོར་བ་དང་། བསྡུ་བའི་དངོས་པོ་བཞི་ནི། གཞན་དོན་ལ་འཇུག་པའི་སྦྱོར་བ་མ་ནོར་བ་ཡིན་པས་ཐེག་པ་ཆེན་པོའི་ལམ་གྱི་སྲོག་ཤིང་དུ་གཟུང་བར་བྱའོ། །བཅུ་པ་ནས་བཟུང་འཇུག་པའི་བསླབ་བྱ་རྐང་པ་དྲུག་ལས། སྦྱིན་པའི་ཕར་ཕྱིན་གསུམ་ལ་སྨོན་བ། ༈ །གང་ལ་ཅི་འདོད་ཟང་ཟིང་སྦྱིན་པ་དང་། ཆོས་དོན་གཉེར་ལ་ལེགས་པར་བཤད་པ་དང་། །སྣ་ཚོགས་འཇིག་བའི་གནས་ལ་སྐྱོབ་བ་ཡི། །སྦྱིན་བ་རྣམ་གསུམ་རྟག་ཏུ་གཏང་བར་ཤོག་ །ཅེས་བས། ནང་གསེས་ཟང་ཟིང་གི་སྦྱིན་པ་ལའང་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་གསུམ་ལས། དང་པོ་ནི་བརྐམ་ཆགས་འཇིག་པའི་ཐབས་ལ་ཆ་

(༥༣༡)།ཕྲ་མོ་ནས་བསླབ་ཅིང་རྗེ་ཆེར་སྤེལ་བའོ། །དེ་ཡང་འདི་ལྟར་ཕྱེ་ཕུལ་ཐག་གང་ལའང་འཇུངས་པ་སྐྱེས་བའི་ཚེ་རང་གིས་རང་ལ་ཞེ་ཁྲེལ་བདས་ནས། ཁྱོད་སྔར་ཡང་སེར་སྣལ་གོམས་བས་འབྱོར་པ་ཅན་དུ་མ་སྐྱེས་ལ་ད་དུང་ཡི་དྭགས་ཀྱི་རྒྱུ་མཐུན་སྡུན་བསུར་སླེབས་འདུག་པ་འདི་ཡི་རེ་མུག། །གང་ཡོད་ཤུལ་ན་བཞག་ནས་འཆི་ཁར་ལག་སྟོང་དུ་འགྲོ་བ་བདི་གླེན་པ་ཅང་ཤེས་སུ་རྫུ་བར་འཇུག་སྙམ་དུ་བསམས་ནས་བྲེ་གང་གཏོང་བ་ལ་འཇུངས་བའི་ཚེ་ཁལ་གཅིག་ཏུ་གཏོང་བ་སྙིང་སྟོབས་བསྐྱེད་པས་རྣམ་རྟོག་ནི་འདུས་བྱས་ཡིན་བའི་ཕྱིར་སེར་སྣ་རྗེ་ཆུང་དུ་སོང་ནས། གཏོང་བ་ཆེན་པོ་བུ་བུ་མོ་དང་གཏང་ནུས་པར་གདོན་མི་ཟལ། མཐར་གྱི་ཤིན་ཏུ་གཏོང་བ་མགོ་དང་ཡན་ལག་གཏང་ནུས་པ་ལ་བསླབ་པའོ། །དེའང་སེར་སྣ་འཇིག་པ་ལ་བསླབས་པས་གཏོང་སེམས་གོམས་པར་འགྱུར་ལ། གཏོང་སེམས་གོམས་ན་སྦྱིན་བའི་ཕ་རོལ་ཏུ་ཕྱིན་བ་རྫོགས་བ་ཡིན་ནོ། །དེ་བཞིན་དུ་གཞན་རྒྱུད་ལམ་བདེན་ལ་སྦྱོར་བའི་ཆོས་ཀྱི་སྦྱིན་བ་ནི་དོན་དང་ལྡན་པ་ཡིན་ན་ལོག་སྒྲུབ་དང་སྐྱོང་ལ་མཐའ་དག་ལ་བཟད་བར་བྱ། གནས་སྐབས་རྒྱལ་པོའི་ཆད་པ་དང་། མེ་ཆུ་གཅན་གཟན་དང་ཆོམ་རྐུན་སོགས་ཀྱི་འཇིགས་པ་འིད་ཡང་དཔལ་ཚ་བ་ཡིན་པས་མི་འཇིགས་བ་སྐྱབས་ཀྱི་སྦྱིན་པ་ལ་ཡང་ཆེ་ཐང་དུ་བྱའོ། །བཅུ་གཅིག་བ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་བ་གསུམ་ལ་སྨོན་པ་ནི། ༈ །མི་དགེའི་ལས་ལམ་མཐའ་དག་སྤང་བ་དང་། །རྒྱ་ཆེན་དགེ་པའི་ལས་ལ་འཇུག་པ་དང་། །དེ་དག་གཞན་ལ་ཕན་ཕྱིར་བསྒྲུབ་པ་ཡིས། །ཚུལ་ཁྲིམས་རྣམ་པར་དག་པར་བསྲུང་བར་ཤོག །དེ་ལ་མི་དགེ་བའི་ལས་ལམ་བཅུ་སྤོང་བ་ནི་ཚུལ་ཁིམས་ཀྱི་ཕྱི་མོ་ཡིན་པས་ཕན་ཡོན་ཚད་མེད་བའི་ཕྱིར། ཁྱིམ་པ་རྣམས་ཀྱིས་ཀྱང་དར་དུ་བླང་བ་ནི་དལ་བ་ཕུན་ཚོགས་བའི་དགོས་པ་ཡིན་ལ། ཁྱད་པར་མངོན་པར་མཐོ་བའི་རྟེན་དུ་ཁྲིམས་ཡན་ལག་བརྒྱད་པ་ཉ་སྟོང་བརྒྱད་གསུམ་གྱིས་མཚོན་དུས་ཆེན་བཞི་ལ་སོགས་པར་བསྲུང་ཞིང་། དེའི་བླང་འདས་ཀྱང་སྲོག་གཅོད། མ་བྱིན་བླང་། མི་ཚངས་སྤྱོད། བརྫུན་ཏེ་རྩ་བ་བཞི་པོ་སྤངས་བའི་སྟེང་།

(༥༣༢)འཆང་མི་འཐུང་བ། གར་དང་ཕྲེང་རྒྱན། མལ་སྟན་མཐོ་བ། ཕྱི་དྲོའི་ཁ་ཟས་སྤོང་བ་སྟེ་བརྒྱད་དོ། །ཁྱད་པར་ཡོན་ཏན་གྱི་རྟེན་དུ་གྱུར་བ་གཏན་ཁྲིམས་ནི། དགེ་སློང་ཕམ་གཉིས། དགེ་ཚུལ་ཕམ་གཉིས། དགེ་སློབ་མ། དགེ་བསྙེན་ཕ་མ་གཉིས་ཏེ་སོ་ཐར་རིགས་བདུན་གྱི་སྡོམ་པས་ཇི་སྲིད་འཚོ་བའི་བར་དུ་རྒྱུད་སྡམ་བ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དངོས་བསྟན་ཡིན་ལ། དེའང་བསམ་པའི་ཆ་ནས་རྒྱལ་པོའི་ཆད་པ་དང་དཔྱ་ཁྲལ་སོགས་ལས་སྐྱོབ་པའི་ཕྱིར་བསླབ་པ་བླངས་ན་འཇིགས་སྐྱོབ་དང་། ད་ལྟའི་ཕལ་མོ་ཆེ་ལྟར་འཚོ་བ་དང་ཞི་བདེའི་སླད་དུ་བསླབ་པ་བླངས་བ་ནི་ལེགས་སྨོན་ཞེས་བྱ་སྟེ་ཐར་བའི་རྒྱུར་མི་འགྲོལ། འོན་ཀྱང་སེམས་རྒྱུད་ལ་ངེས་འབྱུང་ནམ་སྐྱེས་པ་ན་སྡོམ་པ་གནས་འགྱུར་ཞེས་བྱ་སྟེ་ཐར་བའི་རྒྱུར་འགྲོ་བས་རྣམས་པ་ཐམས་ཅད་དུ་འཁོར་བའི་སྡུག་བསྔལ་ལ་སྐྱོབ་སེམས་བསྐྱེད་པར་བྱའོ། །དེའི་སྟེང་དུ་བྱང་ཆུས་སེམས་དཔའི་ཚུལ་ཁིམས་གཉིས་ལས། དགེ་བའི་ཆོས་སྡུད་ནི་བསྡུ་བའི་དངོས་པོ་བཞི་དང་ཕྱིན་དྲུག་གི་ཕྱོགས་སྒོ་ཐམས་ཅད་ནས་སྤུད་པར་བྱ་ཞིང་། དེའི་མཐུན་ཕྱོགས་སྲོག་བསླུ། ཕྱག་བསྐོར་དང་། མཆོད་སྦྱིན། ཆབ་གཏོར། འཕྲོག་མ་སོགས་འབྱུང་པོ་ལ་བརྡན་སྦྱིན་བསང་གསུར། ཡིག་བརྒྱ་སོགས་གཟུངས་སྔགས་ཁྱད་པར་ཅན་དང་། ལྟུང་བཤགས། ཡན་ལག་བདུན་པ་བཟང་སྤྱོད་ལ་སོགས་ཁ་ཏོན་དང་། གསུང་རབ་ཀློག་པ་སོགས་ཆོས་སྤྱད་བཅུ་དང་། རྒྱལ་པོ་ལ་སོགས་འབྱོར་ལྡན་ཡིན་ན་སེམས་ཅན་ལ་ཐོམ་འཕོག་པའི་བསམ་བ་བཟང་པོས་སྐུ་གསུང་ཐུགས་རྟེན་བཞེང་བ་དང་། ཞིག་གསོ། གྲུ་ཟམ་དང་ལམ་འཕྲང་འཆོས་ཤིང་རི་རྒྱ་དང་། ཆུ་རྒྱ་སྡོམ་བ་སོགས་ལ་འབད་པར་བྱ་ཞིང་། དེ་ཐམ་ཅད་ཀྱང་དངོས་དང་བརྒྱུད་ནས་གཞན་དོན་འབའ་ཞིག་ལ་འགྲོ་བར་བྱ་ཞིང་། བསྔོ་བས་རྒྱས་འདེབས་པ་ནི་སྨེས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ནོ། །བཅུ་གཉིས་བ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་ལ་སྨོན་པ་ནི། ༈ །གནོད་བྱེད་རྣམས་ལ་སྙིང་རྗེ་བསྐྱེད་པ་དང་། །ཆོས་ཕྱིར་དཀའ་སྤྱད་དང་དུ་ལེན་པ་དང་། །ཆོས་ཉིད་ཟང་མོའི་དོན་

(༥༣༣)ལ་མི་སྐྲག་བའི། །རླབས་ཆེན་བཟོད་པ་སྒོམ་པའི་མཐུ་ལྡན་ཤོག །དེ་ལ་ཞེ་སྡང་དང་ཁོང་ཁྲོ་ལྟ་བུའི་སྡིག་པ་མེད་པས་བཟོད་པ་ལ་བསླབ་པར་བྱ་སྟེ། སེམས་ཅན་གྱི་ཁམས་ནི་ཤིན་ཏུ་མི་བསྲུན་བའི་ཕྱིར། འབྱོར་ན་ནི་ཕྲག་དོག་ །རྒུད་ན་ནི་བརྙས་སེམས༑ མཉམ་ན་ནི་མཐོ་གནོན་གྱི་སེམས་ཡིད་ལ་བཞག་ནས། བརྡེག་པ་དང་། འཚོག་པ་དང་། མཚང་འདྲུ་བ་དང་། བརྐུ་ཞིང་འཕྲོག་པ་ལ་སོགས་གནོད་པ་འབའ་ཞིག་གི་བསམ་སྦྱོར་ཅན་ཡོད་དེ། དེ་ལ་གནོད་ལན་བཅལ་ན་རང་ཡང་ཁྲོ་ཞིང་འཚིག་བར་འགྱུར་བས་བསྐལ་བར་བསགས་བའི་དགེ་བ་ཡུད་ཙམ་ལ་འཇོམས་པར་བྱེད་པས་རང་ལའང་གནོད་པ་ཆེན་པོ་ཡིན་ལ། གཅིག་ཏུ་ཁོ་རང་ཡང་ཉོན་མོངས་པའི་གདོན་གྱིས་བཏབ་པ་ཡིན་ཏེ་གཞན་ལ་གནོད་པ་བྱས་ན། ཕྱི་མའི་ལས་འབྲས་ཕར་བཞག་ནས་རང་ལའང་མཐོང་ཆོས་སུ་གནོད་ལན་འདུ་བྱེད་པ་དེ། ཁོང་གིས་མ་རིག་བའི་ཕྱིར་ཡང་དེ་ལ་དམིགས་པའི་སྙིང་རྗེ་བསྐྱེད་ནས་བཟོད་པ་བསྒོམ་དགོས་ཏེ་འདི་ལྟར་བཟོད་པ་ནི་དཀའ་ཐུབ་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་པས་སྦྱིན་པ་དང་ཚུལ་ཁྲིམས་གཉིས་ཀྱིའང་གོང་དུ་ཁྱད་ཐུགས་བར་གསུངས་ལ། དེ་བས་ན་འདོད་པ་མ་སྤངས་བཞིན་དུ་ཆུ་དང་རྡེའུ་ཟ་བ་དང་། དབང་པོ་ཚར་བཅད་པའི་དཀའ་ཐུབ་ཀྱི་དལ་རྟེན་ཆུད་འདའ་བ་ལས་མེད་བས་དཀའ་ཐུས་ཀྱི་མཆོག་བཟོད་པ་ཡིན་བ་ལ་ཆེ་ཐང་དུ་སེམས་བསྐྱེད་པར་བྱའོ། །དེ་བཞིན་དུ་ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ་ནི། རྙེད་པར་དཀའ་བའི་འདི་འབྱོར་འདི་ལྟ་བུ་རྙེད་ནས། ཆོས་བསྒྲུབ་པའི་རྒྱུ་རྐྱེན་ཐམས་ཅད་ཚོགས་དུས་འདིར། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཇི་ལྟ་བུ་བསྒྲུབས་ཀྱང་འབྲུག་པའི་སྐབས་ཡིན་པ་ལ། རང་གིས་རང་བརྙས་ནས་ཆོས་ལ་ཚོད་ཡོད་བྱེད་ཅིང་། གོང་མའི་དཀའ་སྤྱད་དང་རྣམ་ཐར་ལ་ཞུམ་པ་སྐྱེ། གཉིད་དང་སྙོམ་ལས་དང་འདུ་འཇི་ལ་སྲིད་ཅིད། སྦྱིན་པ་བསྲུང་། ཚུལ་ཁྲིམས་གཏང་། སྙིང་སྟོབས་བཅོམ་པའི་སེམས་ཀྱིས་བསླད་ནས་དགེ་སྦྱོར་ཅུང་ཟད་བྱས་ཀྱང་འདུག་འཕྲལ་ལངས་དྲན་བ། ལངས་

(༥༣༤)འཕྲལ་ལ་གཉིད་བྲོ་བ། བཟས་འཕྲལ་ལ་འཐུང་རན་པ། དགེ་སྦྱོར་ཀྱིས་སུན་ཏེ་ཐུན་ཚུགས་འཕྲལ་ལ་གྲོལ་རན་པའི་བསམ་པས་གནད་དུ་འགྲོ་བ་ལས་མགྱོགས་པར་འདམ་པ་དེ་ཆོས་ཕྱིར་དཀའ་སྤྱད་མི་བཟོད་པ་ཡིན་པས་སྙིང་རུས་དང་བརྟུན་བ་བསྐྱེད་དེ་དཀའ་བ་དང་དུ་ལེན་བ་ལ་འབད་པ་དང་། དེ་བཞིན་དུ་ཟབ་མོའི་དོན་ལ་སྐྲག་པའི་དྲང་དེས་ལྡེམ་ར་གོངས་ཤན་མི་ཕྱེད་པས་ཚིག་སྐམ་ལ་གོ་བ་ལེན་པ་དང་། སྟོང་པ་ཉིད་ཀྱི་དོན་ལ་སྐྲག་ནས་ཆོས་ཅན་སྣང་ཚོད་ཀྱི་ཕྱོགས་འཛིན་པ་དང་། རང་ཉིད་རྨོངས་པས་བསྒྲིབས་བཞིན་དུ་ཆོས་དང་གང་ཟག་གི་ཚང་བཟུང་བ་སོགས་སྤངས་ནས་བཟང་ངན་གང་ཡང་ཁུར་དུ་བཟོད་པ་ཐེག་པ་ཆེན་པོའི་བློས་བཟོད་པ་རླབས་ཕོ་ཆེ་བསྒོམ་ནུས་པར་སྨོན་པའོ། །བཅུ་གསུམ་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ལ་སྨོན་བ་ནི། ༈ །རྒྱ་ཆེན་དགེ་ལ་སྤྲོ་བའི་གོ་ཆ་དང་། དེ་བཞིན་སྦྱོར་བ་བསམ་པས་འཇུག་པ་དང་། །མ་ཞུམ་མི་འཁྲུགས་ཆོག་ཤེས་མེད་པ་ཡིས། །ཉིན་མཚན་དགེ་བའི་བརྩོན་འགྲུས་བརྩམ་པར་ཤོག་ །དེ་ལ་དགེ་བའི་ལས་ལམ་ཕྲ་མོ་ཙམ་གྱིས་ཆོག་ཤེས་པར་མི་བྱ་སྟེ་ཤིན་ཏུ་བྱ་དཀའ་བའི་གནས་བློའི་ཡུལ་ལ་མི་ཤོང་བ་དག་ལའང་། འདི་ལྟ་བུ་ལ་སྐྱིད་ལུག་པ་ནི་བདག་གིས་ཚེ་རབས་ཐམས་ཅད་དུ་སྙིང་སྟོབས་བཅོམ་ཞིང་ལེ་ལོ་ལ་བརྟེན་གོམས་བྱས་པའི་མཐུ་བརྟས་པར་གདོན་མི་ཟ་སྟེ། འདི་ལྟར་དེད་དཔོན་སློང་ལྡན་གྱིས་རིན་པོ་ཆེའི་གླིང་ནས་ནོར་བུ་དཀའ་བ་ཆེན་པོས་བླངས་པས་གྲུ་གཟིངས་ཞིག་པས་རྒྱ་མཚོར་ལྷུང་བའི་ཆོ་ཁྱེར་བ་གཡས་གཡོན་གྱིས་ཆུ་དོར་ནས་རྒྱ་མཚོ་སྐེམ་འདོད་པ་ལ་ཞུམ་པ་མ་སྐྱེས་ན། བདག་གིས་ཆོས་ཀྱི་བྱ་བ་ཅུང་ཟད་ལའང་བསྲན་མི་བཟོད་པ། ལོག་ལམ་ལ་བརྩོན་ཞིང་འགྲུས་བ་འདི་ལན་ངན་གྱི་མཐུས་བྱས་པར་འཇུག་པས་མི་ནུས་སྙམ་པའི་ཕྱོགས་ཐམས་ཅད་ལ་སྙིང་སྟོབས་ཀྱི་གོ་བ་བགོ་བ་དང་། དེ་ལྟར་བགོས་པ་དེ་ཡང་སྦྱོར་བ་དང་བསམ་པས་ཉིན་མིད་ལམ་ཚན་མི་ཉལ་ད་ལྟ་ཉིད་ནས་དང་དུ་མ་བླངས་ན། ལེ་ལོ་ནི་སེར་བ་དང་འདྲ་སྟེ་དགེ་བའི་ལོ་ཏོག་འཇོམས་པ། ཆང་དང་འདྲ་སྟེ་སྙོམ་ལས་ཀྱི་དང་དུ་མྱོས་བར་བྱེད་པས་ན་མགོ་ལ་མེ་ལྕེ་རེག་པ་བཟློག་པ་ལ

(༥༣༥)བརྩོན་པ་ལྟར་དགེ་བ་ལ་འབད་པར་བྱ་ཞིང་། དེ་ལྟར་རེ་ཞིག་འབད་ཀྱང་བདུད་སྡིག་ཅན་ནི་རང་གི་མངའ་རིས་ལས་བྲི་ཡི་དོགས་ནས་སྒོ་དུ་མ་ནས་བར་དུ་གཅོད་བའི་ཕྱིར་རྐྱེན་ཅུང་ཟད་ལ་བརྟེན་ནས་སེམས་ཞུམ་ཞིང་འཁྲུགས་པ་དང་། བྱིས་པ་དང་སྡིག་པའི་གྲོགས་པོ་ལ་དཔགས་ནས་དགེ་སྦྱོར་ལ་ཆོག་ཤེས་སྐྱེ་བ་ཡོད་དེ། དེའི་ཚེ་འདོད་བ་ལ་ཆོག་ཤེས་མེད་པའི་རྣམ་རྟོག་དེ་དགེ་སྦྱོར་གྱི་ཕྱོགས་སུ་སྤོས་ནས་བརྩོན་འགྲུས་ལ་འབད་པར་བྱ་ཞིང་། དེ་ལྟར་མ་འབད་ན་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་པོ་འང་གནས་མིན་དུ་འཁྱམ་པ་ཡིན་བས་འདི་ལ་ནི་ཆེ་ཐང་བྱ་དགོས་པས་སྨོན་པའོ། །བཅུ་བཞི་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་སྨོན་བ་ལ་གསུམ་ལས། ༈ །མཐོང་ཆོས་ཚེ་འདིར་བདེ་བར་གནས་པ་དང་། །ཡོན་ཏན་ཁྱད་འཕགས་རིམ་གྱིས་བགྲོད་བ་དང་། །མངོན་ཤེས་ལ་བརྟེན་གཞན་དོན་བསྒྲུབ་པ་ཡིས། །བསམ་གཏན་དོན་ལ་མཉམ་པར་འཇོག་པར་ཤོག །དེ་ལ་རྐང་པ་དང་པོས་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་བསྟན་བ་སྟེ། འདི་ལྟར་བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་ལམ་ལམ་ཞུགས་བའི་རྒྱུད་ལའང་ཡོད་བའི་བསམ་གཏན་རྣམས་དང་། དེ་དག་གི་སེམས་ཐོབ་པའི་སྒོམ་ཆེན་པ་འགའ་ཞིག་ཡོད་དུ་ཟིན་ཀྱང་རྣམ་རྟོག་གྱ་གྱུའི་གཟེང་ལས་གྲོལ་བས་མཐོང་ཆོས་སུ་བདེ་བར་གནས་ཤིང་དེ་ཚོགས་གཉིས་ཀྱི་ས་འཕེན་པས་ཟིན་ན་འཕགས་པའི་ལམ་གྱི་རྟེན་གཞིར་ཡང་འགྱུར་བས་དོན་མེད་པ་མ་ཡིན་ལ། ཆོས་ཅན་གྱི་སྤྲོས་པ་དབྱིངས་སུ་ནུབ་བྱང་སྣང་ཡུལ་མ་འགགས་ཤིང་དེར་འཛིན་མེད་པ་ནི་མཉམ་གཞག་དང་། དེ་དང་ངོ་བོ་ཐ་མི་དད་པའི་སོ་སོར་རྟོག་པ་ནི་ལྷག་མཐོང་སྟེ། དེ་ལྟའི་ཞི་ལྷག་ཟུང་འབྲེལ་ཕོ་ཚོད་ཀྱི་བློས་བཅོས་པ་ཙམ་མ་ཡིན་བར་རྒྱུད་ལ་སྐྱེས་བའི་ཚོགས་དང་སྦྱོར་བའི་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་རིམ་ཀྱིས་ཐོབ་ཅིང་མངོན་ཤེས་ཕྲ་མོས་གཞན་དོན་ཀྱང་འགྲུབ་པས་དོན་རབ་འབྱེད་པའི་བསམ་གཏན་ཞེས་བྱ་ལ། མཐོང་ལམ་ས་དང་པོ་ནས་སེམས་ཟག་པ་ལས་གྲོལ་བས་དེ་བཞིན་གཤེགས་དགེའི་བསམ་གཏན་ཡིན་པས་དེའི་དང་དུ་མཉམ་

(༥༣༦)པར་འཇོག་པ་ལ་སྨོན་པའོ། །བཅོ་ལྔ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ནི། ༈ །ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་པ་དང་། །དོན་དམ་སྤྲོས་བྲལ་མཁའ་ལྟར་རྟོགས་པ་དང་། །ཁྱད་པར་གཞན་དོན་བསྒྲུབ་ཚུལ་མཁས་པ་ཡིས། །ཐོས་བསམ་སྒོམ་པའི་ཤེས་རབ་ལྡན་པར་ཤོག །དེ་ལ་ལམ་བདེན་ཀུན་རྫོ་པ་ཐམས་ཅད་བརྟགས་ཡོད་ཀྱི་ཆ་ནས་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པ་དང་། འགོག་བདེན་དོན་དམ་པའི་ངོ་བོ་རྫས་ཡོད་སྤྲོས་པ་དང་བྲལ་བར་ཤེས་པ་ནི་ཤེས་རབ་ཀྱི་ངོ་བོ་ཡིན་ལ། དེ་ཡང་ཐོས་བའི་ཤེས་རབ་ཀྱི་ཆོས་དང་ཆོས་མ་ཡིན་བ་འབྱེད་ཅིང་། ལམ་བདེན་གྱི་མངོན་རྟོགས་ཐམས་ཅད་ཤེས་པར་མ་བྱས་ན། བསམ་པ་དང་སྒོམ་པའི་ཡོན་ཏན་གནས་མ་ཡིན་པར་འཁྱམ་པས་ན་ཐོག་མར་ཐོས་བའི་ཤེས་རབ་གལ་ཆེ་ལ། དེ་ལ་གང་ཟག་དབང་རྟུལ་དང་ཀུ་སུ་ལུ་བ་གང་དག་སྐྲག་མི་དགོས་ཏེ། རང་གི་བློ་ཉམས་དང་སྦྱོར་བའི་ཆོས་གང་ཉམས་སུ་ལེན་བདེའི་དོན་ལ་བླ་མ་བཟང་པོ་བསྟེན་ཏེ་ཐོས་པས་བྱས་པས་འགྲུབ་སྟེ། ཅིའི་ཕྱིར་ན་དེ་ལམ་དུ་སོང་ན་གདོད་སྒོམ་བྱུང་གི་ཤེས་རབ་ནང་ནས་སྐྱེ་བ་ཆོས་ཉིད་ཡིན་པས་སོ། དེ་ནས་བསམ་བའི་ཤེས་རབ་ཀྱིས་དྲང་དེས་ལྡེམ་དགོངས་སོ་སོའི་དོན་གཞལ་ན་དའི་ངོ་བོའི་འཁྲུལ་མ་འཁྲུལ་དགེ་བའི་བཤེས་གཉེན་ཚན་ལྡན་གྱིས་མཁན་ལ་བརྟེན་ནས་ཉམས་འོག་ཏུ་ཆུད་པར་བྱ་ཞིང་། དེ་ནས་ནགས་ཁྲོད་དང་འབྲོག་དགོན་དཔེན་པ་བསམ་གཏན་གྱི་ཚེར་མ་དང་། སྡིག་བའི་གྲོགས་པོ་མེད་པའི་གནས་སུ་སྒོམ་བའི་ཤེས་རབ་ལ་རྩེ་གཅིག་ཏུ་གཞོལ་བས་འཆད་མ་ཐག་བའི་མཐོང་ལམ་ནས་བཟུང་ལམ་ལྔའི་ཡོན་ཏན་ཐམས་ཅད་སྒོམ་པའི་ཤེས་རབ་ལ་བརྟེན་ནས་སྐྱེ་བ་ཡིན་ནོ། །བཅུ་དྲུག་པ་སྨོན་འཇུག་གི་རང་འབྲས་ས་བཅུ་ལམ་ལྔའི་ཡོན་ཏན་སྦྱིར་སྨོན་པ་ནི། ༈ །བསམ་པ་བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས། །སྦྱོར་བ་ཕ་རོལ་ཕྱིན་བ་དྲུག་ལྡན་པ། །དུས་དང་གནས་སྐབས་ཀུན་ཏུ་བརྩོན་བ་ཡིས། །ལམ་ལྔས་བཅུ་རིམ་གྱིས་བགྲོད་པར་ཤོག །དེའང་སེམས་ཅན་གྱི་ཁམས་རྒྱ་མཚོ་ལྟ་བུ་ལ་དམིགས་བའི་བསམ་པ་བྱང་ཆུབ་ཀྱི་སྨེས་དམ་པས་ཀུན་ནས་མ་བསླངས་ན། སྦྱོར་བ་ཕ་རོལ་

(༥༣༧)ཏུ་ཕྱིན་བ་དྲུག་པོའང་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་དུ་མི་རུང་སྟེ། དེའི་ཕྱིར་བསམ་སྦྱོར་དེ་ལྡན་གྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་བའི་གཞུང་ལམ་ལ་དུས་དང་གནས་སྐབས་ཀུན་ཏུ་བརྩོན་པ་ལ་རྟེན་ལམ་ལྔ་དང་། བརྟེན་པས་བཅུའི་ངོ་བོ་རིམ་པ་བཞིན་དུ་བགྲོད་པར་ཤོག་ཅིག་ །ཅེས་སྨོན་པའོ། །བཅུ་བདུན་པ་ཚོགས་ལམ་ལ་སྨོན་པ་ནི། ༈ །དེ་ཡང་དྲན་བ་ཉེར་གཞག་ཤེས་རབ་དང་། །ཡང་དག་སྤོང་བཞིའི་བརྩོན་འགྲུས་རྩོམ་པ་དང་། །རྫུ་འཕྲུལ་རྐང་པའི་ཏིང་འཛིན་ལ་གནས་པས། །དང་པོ་ཚོགས་ཀྱི་ལམ་ལ་འཇུག་པར་ཤོག་ །དེ་ལ་ཚོགས་ལམ་ཆུང་དུར་ལུས་དྲན་པ་ཉེ་བར་གཞག་པ་བཞི་ནི། མཉམ་གཞག་ཏུ་ནམ་མཁའ་ལྟར་བསྒོམ་ཞིང་། རྗེས་ཐོབ་ཏུ་མི་གཙང་བ་དང་སྒྱུ་མ་ལྟ་བུ་བསྒོམ་པའོ། །ཚོར་བ་དྲན་བ་ཉེར་གཞག་ནི། མཉམ་གཞག་ཏུ་རང་བཞིན་གྱིས་སྟོང་པ་དང་། རྗེས་ཐོབ་ཏུ་ཚོར་བ་མཐའ་དག་སྡུག་བསྔལ་དང་སྙིང་པོ་མེད་པར་མཐོང་བའོ། སེམས་དྲན་བ་ཉེར་གཞག་ནི། མཉམ་གཞག་ཏུ་རང་བཞིན་གྱིས་སྟོང་པ་དང་། རྗེས་ཐོབ་ཏུ་མི་དགག་ཅིང་མི་གནས་པ་སྒོམ་མོ། །ཆོས་དྲན་པ་ཉེར་གཞག་བཞི་པོ་བསྒོམས་པས་མཐོང་ལམ་གྱི་བདེན་བཞི་ལ་འཇུག་ཚུལ་དང་། དང་པོར་ལུས་སྡུག་བསྔལ་དུ་ཤེས། གཉིས་བར་ཚོར་བ་སྡུག་བསྔལ་དུ་ཤེས་ནས་ཀུན་འབྱུང་སྤོང་། གསུམ་པས་སེམས་ཀྱི་རྟག་འཛིན་འགོག་ །བཞི་པས་ཆོས་ལ་བདག་ཏུ་ཞེན་པ་འགོག་པའོ། །ཚོགས་ལམ་འབྲིང་པོར་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་དུ་མི་འཇུག །སྐྱེས་བ་རྒྱུན་གཅོད། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་བའོ། །ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། བསམ་གཏན་གྱིས་སེམས་ལས་སུ་རུང་སྟོབས་ལས་འདུན་བའི་རྫུ་འཕྲུལ་གྱི་རྐང་པ་དང་། དེ་བཞིན་དུ་བརྩོན་འགྲུས་དང་། སེམས་དང་། སྤྱོད་བའི་ཛུ་འཕྲུལ་གྱི་རྐང་པ་སྟེ་བཞིའོ། །བཅོ་བརྒྱད་པ་སྦྱོར་ལམ་ལ་སྨོན་པ་ནི། ༈ །དྲོད་དང་རྩེ་མོ་བཟོད་དང་ཆོས་མཆོག་ཏུ། །དང་བརྩོན་དྲན་བ་ཏིང་འཛིན་ཤེས་རབ་དང་། །དབང་པོ་ལྔ་དང་སྟོབས་ལྔའི་རང་བཞིན་ཅན། །ཐེག་ཆེན་སྤྱོར་བའི་

(༥༣༨)ལམ་ལ་གནས་པར་ཤོག །དེ་ལ་དྲོད་དང་རྩེ་མོ་དང་བཟོད་པ་དང་། ཆོས་མཆོག་བཞི་ལས། དྲོད་རྩེ་གཉིས་སུ་དབང་པོ་ལྔ་བསྒོམ་པ་ནི། དད་པའི་དབང་པོ་དང་། དེ་བཞིན་དུ་བརྩོན་འགྲུས། དྲན་པའི། ཏིང་འཛིན་གྱི། ཤེས་རབ་ཀྱི་དབང་པོ་ལྔས་རྣམ་བྱང་བསྐྱེད་པས་གཟུགས་ཅན་མ་ཡིན་པའི་དབང་པོ་ལྔའོ། །སྟོབས་ལྔ་ནི། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་ལ་སོགས་སྔ་མ་བཞིན་ཏེ་མི་མཐུན་ཕྱོགས་འཇོམས་པས་སྟོབས་ལྔ་ཞེས་བྱའོ། །དེ་ལྟར་སྦྱོར་ལམ་ཆ་བཞི་པོའི་ཡེ་ཤེས་ལ་ཆུང་འབྲིང་ཆེན་པོའི་རྣམ་དབྱེ་སོ་སོར་ཡོད་ཡོ། །བཅུ་དགུ་བ་མཐོང་ལམ་ལ་སྨོན་བ་ནི། ༈ །དྲན་དང་ཆོས་རབ་རྣམས་འབྱེད་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་ངེ་འཛིན། །བཏང་སྙོམས་བྱང་ཆུབ་ཡན་ལག་བདུན་བསྒོམས་ནས། །མཐོང་ལམ་ལ་གནས་རབ་དགའི་ས་ཐོབ་ཤོག་ །དེའང་དྲན་བ་ནི་དམིགས་བ་མ་བརྗེད་པའོ། །ཆོས་རབ་འབྱེད་པ་ནི་ཐེག་ཆེན་གྱི་ཆོས་བཟོད། །ཆོས་ཤེས། རྗེས་བཟོད། རྗེས་ཤེས་འཁོར་དང་བཅས་པའོ། །བརྩོན་འགྲུས་ནི་དེའི་རང་བཞིན་ལ་སྤྲོ་བའོ། །དགའ་བ་ནི་དམིགས་པ་དེ་ཉིད་ལ་སྤྲོ་བའོ། །ཤིན་ཏུ་སྦྱངས་བ་ནི་ལུས་སེམས་ལས་སུ་རུང་བའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །བཏང་སྙོམས་ནི་སེམས་དང་སེམས་བྱུང་རྣམས་རྣལ་དུ་འཇུག་བ་སྟེ་བདུན་པོ་འདི་དག་ནི་ཟག་བ་མེད་པས་མཐོང་བའི་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དེའང་ཉོ་སྒྲིབ་ཀུན་བརྟགས་རྣམས་ནི་མཐོང་སྤངས་དང་། ལྷན་སྐྱེས་ནི་སྒོམ་སྤངས་ཡིན་ལ། དེ་བཞིན་དུ་ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པར་ཀས་བ་མཐོང་སྤོངས། ཕ་བ་སྒོམ་སྤང་ཡིན་ཏེ། སྤང་བྱ་དེ་དག་སྤངས་ནས་མཐོང་ལམ་ས་དང་པོ་རབ་དགའི་གནས་ཐོབ་པའོ། །ཉི་ཤུ་བསྒོམ་ལམ་ལ་སྨོན་པ་ནི། ༈ །ལྟ་དང་རྟོག་དང་ངག་དང་ལས་མཐའ་དང་། །འཚོ་དང་རྩོལ་དང་དྲན་དང་ཏིང་ངེ་འཛིན། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམས་ནས། །སྒོམ་པའི་ལམ་དུས་བཅུ་བགྲོད་པར་ཤོག་ །དེ་ལ་ཡང་དག་པའི་ལྟ་བ་ནི་ཟག་བ་མེད་པའི་ཤེས་

(༥༣༩)རབ་པོ། །ཡང་དག་པའི་རྟོག་པ་ནི་གནོད་སེམས་མེད་པ་དང་། ངེས་འབྱུང་དང་། དགེ་བའི་རྟོག་བ་རྣམ་པ་དུ་མའོ། །ཡང་དག་པའི་ངག་ནི་དག་ལ་བརྟེན་པའི་ངག་ལ་བརྟེན་པའི་དག་གི་དགེ་བའི་ལས་ལམ་བཞིའོ། །ཡང་དག་པའི་ལས་མཐའ་ནི་ལུས་ཀྱི་མི་དགེ་བའི་ལས་ལམ་གསུམ་སྤང་བའོ། །ཡང་དག་པའི་འཚོ་བ་ནི་ཁགས་གས་དང་ལོག་འཚོས་མ་བསླད་པའོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས། ཡང་དག་པའི་དྲན་བ་ནི་དམིགས་བ་མ་བརྗེད་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞིའོ། །དེ་ལྟར་འཕགས་བའི་ལམ་ཡན་ལག་བརྒྱད་པོ་ནི། ཞི་བའི་གནས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིརྭ་སྒོམ་བ་ལ་སྨོན་བ་ནི། དེ་ལྟར་སྒོམ་བའི་ལམ་དུས་བཅུ་བགྲོད་ཚུལ་ཡང་། ཕ་རོལ་ཏུ་ཕྱིན་པ་བཅུའི་མི་མཐུན་ཕྱོགས་སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། ཁོང་ཁྲོ་དང་། ལེ་ལོ་དང་། རྣམ་གཡེང་དང་། རྨོངས་པ་དང་། ཐབས་ལ་མི་མཁས་པ་དང་། སྟོབས་ལ་སྒྲིབ་པ་དང་། སྨོན་པའི་དོན་མི་འགྲུབ་པ་དང་། ཤེས་བྱའི་སྒིབ་པ་སྟེ་བཅུ་སྤངས་བ་གང་ཞིག་ས་བཅུའི་ངོ་བོ་ཉིད་ཡིན་ནོ། །ཉེར་གཅིག་པ་དེ་དག་ཐོབ་པར་སྨོན་པ་ནི། ༈ །དེ་ཡང་དྲི་མེད་འོད་བྱེད་འོད་འཕྲོ་དང་། །སྦྱང་དཀའ་མངོན་གྱུར་རིང་སོང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན་ཐོང་ནས༑ །མཐར་ཕྱིན་ཀུན་ཏུ་འོད་ལ་གནས་པར་ཤོག །དེ་ལས་དང་པོས་མངོན་རྟོགས་མཐོང་ལམ་དུ་བྱར་ནས། འདིར་སྒོམ་ལ་མཆེ་འབྲིང་ཆུང་གསུམ་གྱོ་དོ་སྐལ་ལས་གཉིས་བ་དྲི་མ་མེད་པ་དང་། གསུམ་པ་འོད་བྱེད། བཞི་པ་འོད་འཕྲོ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་གྱུར་དང་། བདུན་པ་རིང་དུས་སོང་བ་དང༑ བརྒྱད་པ་མི་གཡོ་བ་དང་། དགུ་བ་ལེགས་པའི་བློ་གྲོས་དང་། བཅུ་པ་ཆོས་ཀྱི་སྤྲིན་དང་། མཐར་ཕྱིན་ཀུན་ཏུ་འོད་དེ་ངེས་ཚིག་ནི་བདེན་གཉིས་ཤིང་རྟར་བཤད་ཟིན་ཏེ། །ཉེར་གཉིས་པ་འབྲས་བུ་ལ་སྨོན་པ་ནི། ༈ །དེ་ལྟར་ལམ་ལྔས་བཅུ་ཡོངས་རྫོགས་ནས། །སྐུ་གསུམ་ཡེ་ཤེ་ལྔ་དང་ཡོན་ཏན་

(༥༤༠)ཚོགས། །ཕྲིན་ལས་མཐའ་དག་འབད་མེད་ལྷུན་གྲུབ་སྟེ། །རབ་འབྱམས་ཤིང་གི་འགྲོ་བ་འདྲེན་པར་ཤོག །རང་དོན་དུ་ལམ་ལྔས་བཅུའི་སྤངས་རྟོགས་ཡོངས་སུ་རྫོགས་ནས། དོན་དམ་བའི་སངས་རྒྱས་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། ལོངས་སྤྱོད་རྫོགས་པའི་སྐུ་སྣང་ལ་རང་བཞིན་མེད་པ། །སྤྲུལ་བའི་སྐུ་རྣམ་པ་སྣ་ཚོགས་སུ་སྟོན་པ་སྟེ་རྟེན་སྐུ་གསུམ། བརྟེན་པ་ཡེ་ཤེས་ལྔ། མཁྱེན་ཆ་ཡོན་ཏན་དང་། ཐུགས་རྗེའི་ཕྲིན་ལས་མཐའ་དག་འབད་མེད་པར་གྲུབ་ནས། རབ་ཏུའང་འབྱམ་ཀླས་བའི་ཞིང་གི་འགྲོ་བ་མཐའ་དག་དྲེན་པར་ཤོག་གཅིག་ཅེས་བའོ། །དེ་བཞིན་དུ། ༈ །དུས་གསུམ་རྒྱལ་བའི་ཞིང་གི་བཀོད་པ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཕན་བདེ་བསྟན་པའི་སྒྱུ་འཕྲུལ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་པ་རིགས་ལྔ་གང་ཆེན་མཚོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་རྡུལ་གཅིག་ཏུ་སྟེང་ན་རྡུལ་སྙེད་དུ་ཤར་བའི་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་རྣམས་ཀྱི་རང་རང་གི་ཞིང་གི་བཀོད་པ་དང་། འཁོར་དང་། སྐུ་ཚེ་དང་། མཛད་པ། སྒྱུ་ལུས་ཟེར་བ་ཡིག་སྐྱོན་ནོང་བའོ། དང་། ཞིང་ཁམས་སོགས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་གནས་སྐབས་ཀྱི་ཕན་པ་དང་། མཐར་ཐུག་གི་བདེ་བ་བསྒྲུབ་པའི་ཕྱིར་དུ་བསྟན་པའི་སྒྱུ་འཕྲུལ་ཅི་འདྲ་བདེ་འདྲར་སྨོན་བའོ། ཉེར་གསུམ་པ་དམིགས་བསལ་ལ་ཆོས་སྐུ་ཐོབ་པར་སྨོན་པ་ནི། ༈ །རང་བཞིན་རྣམ་དག་དོན་དམ་ཆོས་ཀྱི་དབྱིངས། །སྒྲིབ་གཉིས་དྲི་མའི་ཚོགས་ལས་རྣམ་གྲོལ་བ། །དག་པ་གཉིས་ལྡན་མངོན་དུ་འགྱུར་བ་དང་། །རང་དོན་མཐར་ཕྱིན་ཆོས་སྐུ་ཐོབ་པར་ཤོག་ །དེ་ལ་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་བ་དོན་དམ་པའི་ཆོས་ཀྱི་སྐུ་དང་། གློ་བུར་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ལས་གྲོལ་བ་ནི་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུ་སྟེ་དག་པ་གཉིས་ལྡན་མངོན་དུ་གྱུར་པས་རང་དོན་མཐར་ཕྱིན་བའི་ཆོས་སྐུ་ཐོབ་བའོ། །ཉེར་བཞི་པ་ལོངས་སྤྱོད་རྫོགས་སྐུ་ལ་སྨོན་པ་ནི། ༈ །འོག་མིན་ཆེན་པོར་མཚན་དཔེ་འབར་བའི་སྐུ། །དག་པའི་གདུལ་བྱས་བཅུའི་

(༥༤༡)སེམས་དཔའ་ལ། །རྒྱུན་མི་འཆད་པ་ཐེག་མཆོག་ཟབ་མོའི་ཆོས། །སྟོན་མཛད་ལོངས་སྤྱོད་རྫོགས་སྐུ་མངོན་གྱུར་ཤོག །དེ་ལ་གནས་ངེས་བ་ཁམས་གསུམ་ལས་འདས་པའི་འོག་མིན་སྟུག་པོ་བཀོད་བར། སྟོན་པ་ངེས་བ་རིགས་ལྔའི་སངས་རྒྱས། འཁོར་ངེས་བས་བཅུའི་སེམས་དཔའ། ཆོས་དེས་བ་ཐེག་པ་ཆེན་པོ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་ཉེ་བར་ལོངས་སྤྱོད་རྫོགས་བའོ། །ཉེར་ལྔ་བ་སྤྲུལ་པའི་སྐུ་འགྱེད་པ་ལ་སྨོན་བ་ནི། ༈ །གང་གི་སྲིད་པ་ཇི་སྲིད་གནས་ཀྱི་བར། །གང་ལ་གང་འོས་འགྲོ་ལ་ཐོག་བའི་ཚུལ། །གང་འོས་སྟོན་པ་སྣ་ཚོགས་སྤྲུལ་པའི་སྐུ༑ །གང་དེ་ཐབ་ནས་གཞན་དོན་ལྷུན་གྲུབ་ཤོག་ །ཆོས་སྐུའི་གདངས་ཡོང་སྐུའི་རྣམ་བར་རོལ་བ་ལས་སྤྲུལ་བའི་སྐུ་འགྱེད་པ་ན་གང་གི་སྲིག་བ་ཇི་སྲིད་ཞེས་མཚམས་སྦྱར་ལ། དེ་ཡང་གང་ལ་གང་འོས་ཀྱི་འགྲོ་བ་དེ་དག་འདུལ་བྱེད་ཀྱི་ཚུལ་ཡང་རྣམ་པ་སྣ་ཚོགས་སུ་སྟོན་བྱེད་ཀྱི་སྤྲུལ་བའི་སྐུ་གནག་དེ་བདག་གིས་ཐོབ་པར་ཤོག་ཅིག་པའོ༑ །ཉེར་དྲུག་པ་ཡེ་ཤེས་ལྔ་ཐོབ་པར་སྨོན་པ། དེ་ལྟར་བཤད་མ་ཐག་པའི་རྟེན་སྐུ་གསུམ་པོ་དེའི་བརྟེན་བ་ཡེ་ཤེས་ལྔ་ཡིན་བས་ན། ༈ །ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་དང་། །མཉམ་པ་ཉིད་དང་སོ་སོར་ཀུན་ཏུ་རྟོག །འབས་རྩོལ་མེད་པར་བྱ་བ་ཀུན་འགྲུབ་ནས། །ཡེ་ཤེས་ལྔ་ལ་དབང་འབྱོར་ཐོབ་པར་ཤོག །དེ་ལ་ཀུན་གཞི་དབྱིངས་སུ་ནུབ་པས་ཆོས་དབྱིངས་ཡེ་ཤེས། ཀུན་གཞིའི་རྣམ་ཤེས་དབྱིངས་སུ་ནུབ་པས་མེ་ལོང་ལྟ་བུའི་ཡེ་ཤེས། ཡིད་ཤེས་དབྱིངས་སུ་ནུབ་པས་མཉམ་ཉིད་ཡེ་ཤེས། ཉོན་ཡིད་དབྱིངས་སུ་ནུབ་བས་སོ་སོར་རྟོག་བའི་ཡི་ཤེས། སྒོ་ལྔའི་རྣམ་ཤེས་དབྱིངས་སུ་ནུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ལྔ་ལ་དབང་འབྱོར་ཐོབ་པར་སྨོན་པའི། །ཉེར་བདུན་སྟོབས་བཅུ་ཐོབ་པར་སྨོན་པ། ༈ །གནས་དང་གནས་མིན་རྣམ་སྨིན་དབང་པོ་དང་། །ཁམས་དང་མོས་པ་སྣ་ཚོགས་ཀུན་འགྲོའི་ལམ། །བསམ་གཏན་སྔོན་གནས་རྗེས་དྲན་ལྷ་ཡི་མིག་ །ཟག་ཟད་མཁྱེན་བའི་སྟོབས་བཅུ་དང་ལྡན་ཤོག་ །དེ་ལ་གནས་དང་གནས་

(༥༤༢)མ་ཡིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་བའི་སྟོབས། འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི་སྟོབས། མོས་བ་སྣ་ཚོགས་མཁྱེན་པའི་སྟོབས། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོངས། ཀུན་ནས་ཉོན་མོངས་བ་རྣམ་བྱང་མཁྱེན་པའི་སྟོབས། སྔོན་གནས་རྗེས་དྲན་མཁྱེན་བའི་སྟོབས། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་བཅུའོ། །ཉེར་བརྒྱད་པ་མི་འཇིགས་པ་བཞི་ཐོབ་པར་སྨོན་བ། ༈ །རང་དོན་ཆོས་སྐུ་རྫོགས་པར་བྱང་ཆུབ་ནས། །ཟག་པ་བག་ཆགས་བཅས་པ་ཀུན་སྤངས་ཏེ། །གཞན་གྱི་དོན་དུ་ལམ་དང་འགོག་བདེན་ལ། །མི་འཇིགས་ཡོན་ཏན་བཞི་དང་ལྡན་པར་ཤོག་ །རང་དོན་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བའི་དབྱིངས་ལ་བྱང་ཆུབ་ནས། འཁོར་གསུམ་ལ་བེན་ཞེན་གྱི་ཟག་པ་དང་། ལས་སྡམས་བཞག་པའི་བག་ཞགས་ཤིན་ཏུ་ཕྲ་བའང་སྤངས་ནས། གཞན་དོན་ལ་འཇུག་པའི་ཚེ་འདི་ནི་ལམ་མོ། །འདི་ནི་ལམ་གྱི་གེགས་སེ་ཞེས་བྱ་བ་དང་། འགོག་བདེན་གྱི་ཆ་ནས་ད་ནི་སངས་རྒྱས་སོ། །ང་ནི་ཟག་པ་ཟད་པའོ། །ཞེས་ཞལ་གྱིས་བཞེས་པ་ལ་ཆོས་མཐུན་གྱི་རྒོལ་བ་མི་འཇུག་པ་བཞིའོ། །ཉེར་དགུ་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པ་ལ་སྨོན་པ། ༈ །འཕྲུལ་དང་ཅ་ཅོ་མི་མདའ་སྤྱོད་པ་དང་། །འདུན་སོགས་ཉམས་པ་མེད་པར་རྟོགས་པ་དང་། །ཡེ་ཤེས་ཕྲིན་ལས་འགྲན་ཟླ་མེད་པ་ཡི། །མ་འདྲེས་སངས་རྒྱས་ཆོས་རྣམས་ཐོབ་པར་ཤོག་ །དེ་ལ་སེམས་ཅན་གྱི་ཁམས་དང་མ་འདྲེས་པའི་ཆོས་བརྒྱད་ནི། སྤྱོད་ལམ་མ་འདྲེས་པ་དྲུག་ །རྟོག་པ་མ་འདྲེས་པ་དྲུག་ ཕྲིན་ལས་མ་འདྲེས་བ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་ལས་དང་པོ་ནི། སྤྲེའུ་ལྟར་ག་ཞ་མི་མཛད་པས་སྐུ་མ་འཁྲུལ་བ། ཅ་ཅོ་མི་མཛད་པས་གསུང་། དྲན་པ་མཉམས་པས་ཐུགས་མ་འཁྲུལ་པ། དེ་བཞིན་དུ་མཉམ་པར་མ་གཞག་པ་མ་ཡིན་པ། འཁོར་འདས་སུ་འཛིན་པ་མེད་པ། གདུལ་བྱ་ཡ་ལ་བར་འདོར་བའི་བཏང་སྙོམས་མེས་བ་དང་དྲུག་གོ་།

(༥༤༣)རྟོག་པ་དྲུག་ནི། ཆོས་སྟོན་པའི་འདུན་པ། གཞན་དོན་བསྒྲུབ་པའི་བརྩོན་འགྲུས། བསམ་མི་དགོས་པའི་དྲན་པ། ཆོས་ཉིད་ཀྱི་ཏིང་ངེ་འཛིན། ཡེ་ཤེས་དཔག་ཏུ་མེད་པ། སྤང་བྱ་ལས་རྣམ་པར་གྲོལ་བས་ཉམས་བ་མི་མངའ་བ་དང་དྲུག་གོ། །ཡེ་ཤེས་མ་འདྲེས་པ་གསུམ་ནི། དུས་གསུམ་གྱི་ཆོས་ཆགས་ཐོགས་མེད་པར་གཟིགས་པའོ། །ཕྲིན་ལས་མ་འདྲེས་པ་གསུམ་ནི། སྐུའི་ཆ་བྱད་དང་སྤྱོད་ལམ་གྱིས་སེམས་ཅན་འདུལ་བ་དང་། གསུང་རྣམ་པ་ཐམས་ཅད་བས་ཆོས་སྟོན་པ། ཐུགས་རྗེའི་ཡེ་ཤེས་སེམས་ཅན་གྱི་རྗེས་སུ་འགྲོ་བ་སྟེ་བཅོ་བརྒྱད་དོ། །སུམ་ཅུ་པ་མཚན་དཔེ་ཐོབ་པར་སྨོན་པ༑ ༈།ལྟ་བས་མི་ངོམས་མཚུངས་བ་མེད་པའི་སྐུ། །སུམ་ཅུ་རྩ་གཉིས་མཚན་གྱིས་རབ་བརྒྱན་ཏེ། །དཔེ་བྱད་བཟང་པོ་བརྒྱད་ཅུས་རབ་མཛེས་པས། །སྣ་ཚོགས་གདུལ་བྱའི་རེ་འདོད་བསྐང་བར་ཤོག་ །དེ་ལ་འཁོར་ལོས་སྒྱུར་རྒྱལ་དང་ཐུན་མོང་བའི་མཚན་སོ་གཉིས། སངས་རྒྱས་ཉིད་དང་ཁྱད་ཆོས་དཔེ་བྱས་བརྒྱད་ཅུ་ནི་ཤེས་སླའོ། །སོ་གཅིག་པ་ཟག་མེད་ཀྱི་ཕུང་པོ་ལྔ་ཐོབ་པར་སྨོན་པ། ༈ །ཚུལ་ཁྲིམས་ཕུང་པོ་དེ་བཞིན་ཏིང་ངེ་འཛིན། །ཤེས་རབ་དང་ནི་རྣམ་པར་གྲོལ་བ་དང་། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་བ་ཡིས། །ཟག་མེད་ཕུང་པོ་ལྔ་ནི་ཡོངས་རྫོགས་ཤོག་ །དེ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ། །དེ་བཞིན་དུ་ཏིང་ངེ་འཛིན་གྱི། ཤེས་རབ་ཀྱི། རྣམ་པར་གྲོལ་བའི། རྣམ་གྲོལ་གྱི་ཡེ་ཤེས་གཟིགས་བ་སྟེ་རྣམ་བྱད་བསྐྱེད་པའི་ཕུང་པོ་ལྔའོ། །སོ་གཉིས་པ་སྤྱན་ལྔ་སོགས་ལ་སྨོན་པ། ༈ །སྤྱན་དང་མངོན་ཤེས་སོ་སོ་རིག་པ་དང་། །གཟུངས་དང་ཟད་བར་ཟིལ་གནོན་ཐུགས་རྗེ་ཅན། །ཉོན་མོངས་མེད་དང་སྨོན་མཁྱེན་དབང་བཅུ་སོགས། །ཡོན་ཏན་མཐའ་དག་མངོན་དུ་འགྱུར་བར་ཞོག་ །དེ་ལ་སྦྱན་ལྔ་ནི། སངས་རྒྱས་ཀྱི་སའི་རྣམ་པ་ཐམས་ཅད་གཟིགས་པའི་སྤྱན་དང་། ཆོས་ཀྱི་སྤྱན་གྱིས་འཕགས་པའི་གང་ཟག་དབང་པོ་རྣོ་རྟུལ་ཐམས་ཅད་མངོན་སུམ་དུ་རྟོགས་པ་དང་། ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་ཀྱི་རང་གོ་ངོ་བོ་ཉིད་གཟིགས་བ་དང་། ལྷའི་སྤྱན་གྱིས་འགྲོ་

(༥༤༤)བའི་འཆི་འཕོ་དང་སྐྱེ་བ་ཇི་ལྟ་བ་བཞིན་དུ་ཤེས་པ། ཤའི་སྤྱན་གྱིས་འཇིག་རྟེན་དུ་གཅིག་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་ས་གཡོ་བ་དང་གཅིག་ཏུ་བསྒྱུར་ཞིང་དུ་མར་སྤྲུལ་བ་ལ་སོགས་སོ། །ལྷའི་རྣ་བའི་མངོན་ཤེས་ཀྱིས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྒྲ་ཆེ་ཆུང་མཐའ་དག་ཇི་ལྟ་བ་བཞིན་དུ་རྟོགས་པའོ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་རྒྱུད་ཉོན་མོངས་པ་དང་བྲལ་མ་བྲལ་སོགས་མངོན་སུམ་དུ་གཏན་ལ་ཕེབས་པ་དང་། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱིས་གཞན་གྱི་ཚེ་རབས་སྔ་མ་བརྒྱ་སྟོང་ལ་སོགས་པའི་བར་ཤེས་པ་དང་། ལྷའི་མིག་གི་ངོན་ཤེས་ཀྱིས་བསྐལ་བ་དང་མ་བསྐལ་བའི་གཟུགས་ཕྲར་གས་ཐམས་ཅད་མངོན་སུམ་དུ་རྟོགས་བའོ། །ཟག་པ་ཟད་པའི་མངོན་ཤེས་ཀྱིས་སྒྲིབ་གཉིས་སྤོང་བའི་ཐོབས་དང་། སྤངས་བའི་བྲལ་བའི་མངོན་དུ་ཤེས་བའོ། །སོ་སོའི་རིག་པ་ནི་ཟག་པ་མེད་པའི་ཤེས་རབ་ཐམས་ཅད་དོ། །གཟུངས་ནི་དྲན་པ་མཉམས་པ་ལ་སོགས་སོ། །ཟད་པ་ནི་འབྱུང་བ་ལྔའི་སྐྱེ་མཆེད་བསྒྲུབ་ནུས་བའོ། །དེ་བཞིན་དུ་འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ཐུགས་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་། ཉོན་མོངས་པའི་ཆ་ཙམ་མི་མངའ་བ་དང་། སྨོན་གནས་མཁྱེན་པ་ལ་ཆགས་པ་མེད་པ། ཐོགས་པ་མེད་བ། ལྷུན་གྱིས་གྲུབ་པ། དྲི་མ་ཀུན་ལས་འདས་པ་སྟེ་བཞིའོ། །དབང་བཅུ་ནི། ཚེ་ལ་དབང་བ། ཡོད་བྱད་ལ་དབང་བ། སེམས་ལ་དབང་བ། ལས་ལ་དབང་བ། སྐྱེ་བ་ལ་དབང་བ། མོས་པ་ལ་དབང་བ། སྨོན་ལམ་ལ་དབང་བ། རྫུ་འཕྲུལ་ལ་དབང་བ། ཆོས་ལ་དབང་བ། ཡེ་ཤེས་ལ་དབང་བ་སྟེ། དེ་དག་སོ་སོའི་རྣམ་དབྱེ་ཞིབ་པ་བདེན་གཉིས་ཤིང་རྟར་བཤད་ཟིན་ཏོ། །གསུམ་པ་རྗེས་ཀྱི་རིམ་པ་གཞན་དོན་དུ་སྨོན་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། ༈ །དེ་ལྟར་རྒྱལ་བའི་སྐུ་གསུམ་ཡེ་ཤེས་ལྔ། །ཡོན་ཏན་ཕྲིན་ལས་སོགས་ལ་དབང་འབྱོར་ནས། །རབ་འབྱམས་ཟིང་དུ་དཔག་ཡས་མཛད་པ་ཡིས། །མཐའ་ཡས་འགྲོ་ལ་ཕན་བདེ་འགྲུབ་བར་ཤོག་ །ཅེས་སངས་རྒྱས་པའི་དགོས་པ་

(༥༤༥)སེམས་ཅན་ལ་ཕན་པ་བསྒྲུབ་པ་ཐེག་པ་ཆེན་པོའི་ཁྱད་ཆོས་ཡིན་ཞིང་། དེ་ཡང་ཞིང་དང་། མཛད་བ་དང་། གཞན་དོན་བསྒྲུབ་པའི་ཡུལ་ལ་ཕྱོགས་དང་རིས་སུ་ཆད་པ་མེད་པས་རབ་འབྱམས་དང་། དཔག་ཡས་དང་མཐའ་ཡས་སོགས་ཀྱི་མཐའ་དང་ཐིག་མཇུག་མི་མངོན་བར་བྱས་པའོ། །གཉིས་པ་གཞན་དོན་བྱེད་ཚུལ་བྱི་ཁྱད་པར་ལ་སྨོན་པའི་ཤློ་ཀ་བདུན་གྱིས་ཤིས་བརྗོད་དང་བཅས་པས་མདོ་སྡུད་པ་སྟེ། ༈ །མཁྱེན་རབ་འཇམ་དཔལ་དབྱངས་ལྟར་ཚད་མེད་ཅིང་། །ཐུགས་རྗེ་སྤྱན་རས་གཟིགས་དང་མཚུངས་པ་དང་། །མཐུ་སྟོབས་གསར་བའི་བདག་པོ་ཇི་བཞིན་དུ། །གྲངས་མེད་བསྐལ་བར་འགྲོ་དོན་བྱེད་པར་ཤོག །གང་གིས་བདག་ནི་མཐོང་དང་ཐོས་པ་དང་། །རྗེས་སུ་དྲན་ནམ་རེག་གམ་གཏམ་དུ་བརྗོད། །བདག་ལེགས་བཤད་ཐོས་པ་དེ་དག་ཀྱང་། །རིང་པོར་མི་ཐོགས་རྒྱལ་བའི་དབང་པོར་ཤོག་ །བདག་ནི་གྲང་པས་ཉེན་ལ་མེ་ཆེན་དང་། །ཚེ་བས་གདུངས་ལ་བསིལ་བའི་འབབ་ཆུ་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ཟམ་བ་དང་། །མུན་པར་ཚུད་ལ་སྣང་བ་དམ་པར་ཤོག་ །ཕོངས་བ་རྣམས་ལ་འདོད་དགུའི་འབྱུང་གནས་དང་། །ནད་ཀྱིས་ཟིན་ལ་ཕན་བྱེད་སྨན་གྱི་མཆོག་ །འཆི་བས་ཉེན་ལ་འཚོ་བའི་བདུད་རྩི་དང་། །ལམ་གྱིས་དུབ་པའི་བསྟི་གནས་བཟང་པོར་ཤོག་ །བདག་ནི་གནས་མེད་རྣམས་ཀྱི་ཁང་བཟང་དང་། བཀྲེས་པས་གདུངས་ལ་རོ་ལྡན་བཟའ་བ་དང་། །སྐོམ་པ་རྣམས་ལ་བཏུང་བའི་མཆོག་དང་ནི། །གང་ལ་གང་འོད་འདོད་དགུར་འབྱུང་བར་ཤོག་ །མདོར་ན་བདག་གི་སྒོ་གསུམ་སྤྱོད་པ་ཀུན། །བུམ་པ་བཟང་དང་ཡིད་བཞིན་ནོར་བུ་དང་། །འདོད་འཇོའི་བ་དང་དཔག་བསམ་ཤིང་ལྟ་བུར། །འགྲོ་བའི་དོན་དུ་འབད་མེད་ལྷུན་གྲུབ་ཤོག་ །སྐྱབས་གསུམ་བཀའ་སྡོད་བདེན་བའི་བྱིན་རླབས་དང་། །ཆོས་དབྱིངས་རྣམ་དག་བསམ་མི་ཁྱབ་པའི་མཐུས། །བདག་གི་ལྷག་བསམ་དག་བས་གཞན་དོན་དུ། །སྨོན་པ་འདི་དག་ཡིད་བཞིན་འགྲུབ་གྱུར་ཅིག་ །སྟོན་པ་མཉམ་མེད་རྫོགས་པའི་སངས་རྒྱས་དང་། །སྐྱོབ་པ་མཚུངས་

(༥༤༦)མེད་བསྟན་པ་དམ་པའི་ཆོས། །འདྲེན་པ་མཚུངས་མེད་འཕགས་བའི་དགེ་འདུན་ཏེ། །དཀོན་མཆོག་བླ་མེད་གསུམ་གྱི་བཀྲ་ཤིས་ཤོག་ །ཅེས་སོ། །དེ་ལྟ་བུའི་སྨོན་ལམ་ནི་བྱང་ཆུབ་སེམས་དཔའི་རྣམས་ཀྱི་རྗེས་ཐོབ་ཀྱི་ཚོགས་བླ་ན་མེད་པ་ཡིན་བས་ན་དུས་དང་རྣམ་པ་ཐམས་ཅད་དུ་གདབ་པར་བྱ་སྟེ། ཕལ་པོ་ཆེ་ལས། སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །ཅེས་ཕལ་སོགས་རྒྱ་ཆེར་ཡོད་དོ། །དེས་ནི་སེམས་ཅན་གྱི་ཁམས་ཚད་མེད་པ་ལ་སྨོན་པས་བསོད་རྣམས་ཀྱང་དེ་སྙེང་ཐོབ་པ་ཡིན་ནོ། །གསང་བསྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་འགྲེལ་པ་རིགས་འཛིན་ལམ་བཟང་ཞེས་བྱ་བ་བཞུགས། གསང་བསྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་འགྲེལ་བ་རིག་འཛིན་ལམ་བཟང་ཞེས་བྱ་བ། ཤནྟ་པུ་རི་ཞི་བའི་གྲོང་ཁྱེར་ན། རིག་འཛིན་མི་ཡི་ཐོད་པ་འགྲོ་འདུལ་གླིང་། །རིག་པ་བདེ་གཤེགས་སྙིང་པོའི་ཆོས་ཉིད་དང་། །རོ་གཅིག་ལྟ་བ་མཇལ་བའི་ཕྱག་གིས་བཏུད། །དེལ་ཀླད་ཀྱི་དོན་རང་ངོའི་མཆོད་བརྗོད་ནི། །དུས་གསུམ་རྒྱལ་བ་སྲས་བཅས་མ་ལུས་དང་། །འགྲོ་བའི་སྐྱབས་གྱུར་པདྨས་མ་བྷ་ལྦ། །སྲིད་ཞིའི་རྒུད་པ་ཀུན་སེལ་རཏྣའི་ཞབས། །མི་འབྲལ་སྙིང་ནས་གུས་པས་ཕྱག་བགྱིའོ། །གཉིས་པ་གཞུང་གི་དོན་ལ་རྣམ་གྲངས་བཅུ་བདུན་ལས། དང་པོ་ཅིས་ཀྱང་དགོས་མེད་ཀྱིས་བློ་ལྡོག་པ་ནི། ༈ །ཚེ་འདིའི་ལོངས་སྤྱོད་རྨི་ལམ་དགའ་སྟོན་བཞིན། །ལང་ཚོའི་དཔལ་ཡང་འཇའ་ཚོན་ལྟ་བུ་སྟེ། །ཚེ་སྲོག་མི་རྟག་གློག་གི་ཟློས་གར་བཞིན། །འཇིག་རྟེན་ཕུན་ཚོགས་ཀུན་ལ་དབང་སྒྱུར་ཀྱང་། །སྟོན་དུས་མཛེས་པའི་སྤྲིན་དཀར་ཕུང་པོ་བཞིན། །སྐད་ཅིག་མི་རྟག་འཇིག་པའི་ཆོས་དན་དུ། །མཐོང་ནས་སྲིད་པར་ཡིད་ནི་འབྱུང་བར་ཤོག་ །དེ་ལ་ཚེ་འདི་སྣང་ལ་ལོངས་སྤྱོད་དང་། གནས་གྲོགས་དང་། ཁང་ཁྱིམ་ལ་སོགས་པ་ནི་མདང་གི་རྨི་ལམ་ལ་སྐྱེད་མོས་ཚལ་ཞིག་ཏུ་མགྲོན་པོར་ཕྱིན་པའི་དགའ་སྟོན་ལྟ་བུ། སང་པའི་ཆད་དག་གང་ཡང་མེད་པས་སྐྱེངས་ཤུ་རེ་བ། དེ་བཞིན་དུ་གཞོན་ནུ་དར་ལ་བབས་པའི་ལང་ཚོའི་དཔལ་ལ་ཆགས་ནས་བྱི་དར་བྱས། རྒྱན་གོས་

(༥༤༧)ཀྱིས་བགླུབས། རེ་ཞིག་སྡོད་སྡོད་འདྲ་བ་བྱས་ཀྱང་། འགྱུར་བའི་སྡུག་བསྔལ་ནི། ཆུ་སྐྱར་ཉལ་འཇབས་བ་ལྟ་བུར་ཡོད་པས། རང་དབང་མེད་པར་ནད་དང་། གདོན་དང་། མེ་ཆུ་ལ་སོགས་པའི་རྐྱེན་གློ་བུར་བ་མང་པོས་འཇའ་ཚོན་ད་ལྟ་ཡོད་འཕྲོལ་ཡལ་བ་བཞིན་རྟག་མི་ཐུབ། ཆེ་ནི་རླུང་གསེར་ཀྱི་མར་མེ་ལྟ་བུ། སྲོག་ནི་ནམ་མཁའ་ལ་གློག་འཁྱུག་པ་བཞིན་ཡིན་ངེས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའམ། ཁམས་ཀྱི་རྒྱལ་ཕྲན་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཚོགས་བ་ཆེན་པོ་ལ་དབང་སྒྱུར་བ་ཞིག་ཡིན་ཡང་། སྟོན་ཀའི་དུས་ན་ཤིང་བ་ལ་ལྟར་མཛེས་པའི་སྤྲིན་དཀར་གྱི་ཕུང་པོ་གླང་པོ་ཆེའམ། ཤིང་རྟའམ་རྨ་བྱ་ལྟར་མཛེས་བ་ཞིག་ཟུང་བ་དེ་དེ་ལྟར་ཡོང་འཕྲོལ་མེད་པ་ལྟར་མི་འཆི་བསམ་པའི་ལྷོད་ལྷོད་ཀྱི་དང་ལ་ཤིན་རྗེའི་ཕོ་ཉས་བཅོམ། ལུས་སེམས་གཉིས་པོ་སོ་སོར་འབྲལ། མི་འདོད་བཞིན་དུ་ཐ་གུས་བསྡམ། ཡོལ་བས་བསྒྲིབ། དུར་ཁྲོད་ཀེང་རུས་སྐྱ་ཟིང་འགྲོ་བ་དེ་དོན་ནུབ་ཙམ་ཡང་མི་བོང་བའི་ཁག་མི་ཐེག་པ་འདི་དྲན་བར་བྱས་ནས་སྲིད་པའི་རང་བཞིན་ལ་ཡིད་འབྱུང་ཆེན་པོ་སྐྱེ་བར་སྨོན་པའོ། །གཉིས་པ་བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་པར་སྨིན་པ། ༈ །བདེ་ལེགས་དངོས་གྲུབ་ཀྱི་འབྱུང་གནས་ནི། །མཚན་ཉིད་ཀུན་ལྡན་ཐེག་མཆོག་བཤེས་གཉེན་ཏེ། །དྲན་པ་ཡིས་ཀྱང་སྲིད་ཞིའི་འཇིག་འཕྲོག་ཅིང་། །མི་ཕྱེད་དད་བས་ཚུལ་བཞིན་བསྟེན་བར་ཤོག །དེ་ལ་གྲུ་ཟམ་མེད་ན་ཆུ་ཆེན་མི་བགྲོད་པ་ལྟར་གནས་སྐབས་སུ་མངོན་མཐོའི་བདེ་བ་དང་། མཐར་ཐུག་ངེས་ལེགས་ཀྱི་འབྲས་བུའམ། དངོས་གྲུབ་དམ་པའི་འབྱུང་གནས་ནི་མདོ་རྒྱུད་ནས་གསུངས་པའི་མཚན་ཉིད་ཀུན་ལྡན་གྱི་བླ་མ་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་རྙེད་ན་དེ་ནི་དྲན་པ་ཙམ་གྱིས་ཀྱང་སྲིད་བཞིའི་འཇིགས་པ་འཕྲོག་ལ། མིན་ནའང་སྙིང་རྗེ་ཆེ་བ། རང་དོན་དུ་སྟོང་ཉིད་གཟིགས་པ་འབྲིང་། ཐ་ནའང་གང་འཆད་བྱའི་ཆོས་ཀྱི་མངོན་རྟོགས་ལ་འདྲིས་པ། གཞན་དོན་ལ་སྐྱོང་ལ་མེད་ཅིང་རྙེད་པ་ལ་མི་གཟིགས་བ་ཞིག་གུས་བས་

(༥༤༨)བསྟེན་ནས་ཐུགས་ཡིད་འདྲེས་པར་བྱེད་དགོས་ཏེ། མདོ་རྒྱུད་ཐམས་ཅད་ནས་འདི་ཕྱིའི་ལམ་སྟོན་བླ་མ་ལ་རེ་དགོས་པར་གསུངས་བའི་ཕྱིར་རོ། །གསུམ་པ་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བ། ༈ །དེ་ལྟར་དགེ་བའི་བཤེས་ལས་རྙེད་བའི་དོན། །གཏན་གྱི་སྐྱབས་གྱུར་བླ་མ་དཀོན་མཆོག་གསུམ། །ཡིད་ལ་འབྲས་མེད་གདུང་བས་གསོལ་འདེབས་ཤིང་། །འགྲོ་ཀུན་ཕ་མར་ཤེས་བའི་སྙིང་རྗེ་ཡིས། །ཀུན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་། །བདག་གི་བདེ་དགེ་མ་ལུས་གཞན་ལ་གཏང་། །བླ་མེད་བདེ་ལ་བདག་གིས་དགོས་བྱ་ཞེས། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བྱས་ནས། །ཕྱིན་དྲུག་སྤྱོད་པས་ཉིན་མཚན་འདའ་བར་ཤོག་ །དེ་ལྟར་བཤེས་གཉེན་བསྟེན་ནས་ཐོག་མར་དེ་ལས་རྙེད་པའི་དོན་ཞི་བདེ་དོན་གཉེར་ཙམ་མ་ཡིན་པ་སྐྱེས་བུ་ཆེན་པོའི་སྐྱབས་འགྲོའི་གནད་མ་འཁྲུལ་བར་ཤེས་པར་བྱས་ཏེ། གནས་སྐབས་ཙམ་མ་ཡིན་བའི་གཏན་གྱི་སྐྱབས་གནས་སུ་འོས་པ། བླ་མ་དང་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ན་སྐྱབས་སུ་འགྲོ་ཞིང་། དེ་ལས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པར་བྱ་སྟེ། དེ་ལྟར་ཤེས་ན་ཕ་མ་ལ་དམྱལ་བ། །ལ་ལ་ཡི་དྭགས་ལ་ལ་དུད་འགྲོ། །ལ་ལ་མི་དབང་ཐང་ཆུང་དུ་སོགས་སྡུག་བསྔལ་གྱིས་མནར་པ་ལ་སྙེང་རྗེ་མི་སྐྱེ་བའི་དབང་མེད་ཅིང་། དེའི་ཚེ་དབུགས་ནང་དུ་སྡུད་དུས་ཁོང་གི་སྡུག་བསྔལ་རང་གིས་ལེན་པ་དང་། ཕར་གཏོང་དུས་བདག་གི་བདེ་བ་དང་དགེ་ཚོགས་ཁོང་ལ་གཏོང་བའི་སྨོན་སེམས་ལ་སྦྱངས་ནས་དེ་དག་བདེ་བ་ལ་འགོད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། འཇུག་པའི་སྐྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཉིན་མཚན་དུས་འདའ་བར་སྨོན་བའོ། །བཞི་པ་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་སྦྱང་བར་སྨོན་པ་ནི། ༈ །མངོན་མཐོ་སྒྲུབ་བྱེད་རྒྱལ་བའི་གསུང་རབ་ཀུན། །དོན་རྣམས་སྐྱེས་བུ་ཆུང་ངུའི་ལམ་དང་ནི། །ཐར་པ་བསྒྲུབ་པའི་ཐབས་ལ་བརྩོན་པ་ཡི། །ཆོས་ཀྱི་རྣམ་གྲངས་ཀུན་གྱི་བརྗོད་བྱའོ་དོན། །སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་སྟེ། །ངེས་པར་

(༥༤༩)འབྱུང་བས་སྲིད་ལས་གྲོལ་བར་ཤོག་ །དེ་ལ་ཕྱི་མར་དོན་པར་མཐོ་བའི་རྒྱུ་མི་དགེ་སྤང་ཞིང་དགེ་བ་བཅུའི་ལས་ལམ་བསྒྲུབ་པ་དང་། བསྙེན་གནས་ཡན་ལག་བརྒྱད་པ་སོགས་གཙོ་བོར་སྟོན་པའི་གསུང་རབ་རྣམས་ནི་སྐྱེས་བུ་ཆུང་དུའི་ལམ་དང་། རང་དོན་ཞི་བདེ་ཙམ་ལ་དམིགས་ནས་ཐར་བའི་གོ་འཕང་གཉེར་བ་དམ་པའི་ཆོས་འདུལ་བའི་སྡེ་སྣོད་ལ་སོགས་བ་ནི་སྐྱེས་བུ་འབྲིང་གི་ལམ་སྟེ། གཉིས་ཀའང་ཐེག་པ་ཆེན་པོའི་ལམ་སྟེགས་ཡིན་བས་དེ་དག་ལ་བརྟེན་ནས་ངེས་འབྱུང་གི་བློ་ཁྱད་པར་ཅན་བསྐྱེད་ཅིང་སྲིད་པའི་སྡུག་བསྔལ་བཙོན་དོང་ལྟ་བུ་ལས་གྲོལ་བར་སྨོན་པ་འད་ལས་དང་པོ་པའི་ལམ་གྱི་འཇུག་དོགས་ཁྱད་པར་ཅན་ཡིན་ནོ། །ལྔ་པ་སྐྱེས་བུ་ཆེན་པོའི་ལམ་ལ་སྨོན་པ་ནི། ༈ །རྣམ་མཁྱེན་གོ་འཕང་མྱུར་དུ་བསྒྲུབ་བའི་ཐབས། །རྒྱུད་དང་འབྲས་བུའི་ཐེག་ཆེན་རྣམ་གཉིས་ལས། །ཇི་བཞིན་གསུངས་བའི་གསང་བ་མ་ལུས་པ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། །བདག་གིས་མ་ལུས་ཉེ་བར་བླངས་པ་ལས། །ཆོས་རྣམས་ཐམས་ཅད་རྨི་ལམ་སྣང་བ་བཞིན། །སྣང་ཙམ་དེ་ལས་ཡུལ་གྱི་སྟོང་ཉིད་དུ། །གྲུབ་བའི་ངོ་བོར་རྡུལ་ཙམ་མ་མཆིས་ཀྱང་། །ལས་འབྲས་བསླུ་བ་མེད་པར་ངེས་རྙེད་ནས། །བདེན་གཉིས་ཟབ་མོའི་གནད་ལ་གོམས་པར་ཤོག་ །དེ་ལ་གཞན་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པར་སྟོན་པ་རྣམས་ནི། རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཆེན་པོ་གཉིས་ཡིན་ལ། དེ་གཉིས་ལས་གསུངས་པའི་སྤྱོད་བ་རྒྱ་ཆེ་བ་དང་། །དོན་ཟབ་པའི་གསང་བ་མ་ལུས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། དེ་ཉམས་སུ་བླངས་བས་མཉམ་གཞག་གི་དོན་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་སྣང་ཙམ་ཉིད་ནས་ཡུལ་རང་ངོ་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་ཀྱང་། །རྗེས་ཐོབ་ཀྱི་ཆ་ནས་ལས་འབྲས་བསླུ་བ་མེད་པར་དེས་པ་རྙེད་ནས་བདེན་པ་གཉིས་ཐ་དད་དུ་མི་འཛིན་པའི་ལམ་ཟབ་མོ་ལ་གོམས་པར་སྨོན་པའོ། །དྲུག་པ་སྡེ་སྣོད་གསུམ་ལ་བསླབ་པར་སྨོན་བ་ལ། ནང་གསེས་འདུལ་བའི་སྡེ་

(༥༥༠)སྣོད་ནི། ༈ །ཉིས་བརྒྱ་ལྔ་བཅུ་སྤོང་པའི་ཚུལ་ཁྲིམས་དང་། །བཅུ་བདུན་བླང་བྱ་འཇུག་བའི་ཚུལ་ཁྲིམས་ཏེ། །ཀུན་གྱི་རྩ་བ་འགྲམ་གཞི་བརྟན་པོ་ནི། །ལྷག་པའི་ཚུལ་ཁྲིམས་འདུལ་སྡེ་ལ་གནས་ཤིང་། །དེ་ལ་འཁོར་ལོ་དང་པོ་འདུལ་བའི་སྡེ་སྣོད་ལ། དགེ་ཚུལ་མན་ཆད་ནི་བསྟན་པ་ལ་ཞུགས་ཀྱང་མ་རྫོགས་པ་ཡིན་པས་བླང་འདས་ཀྱང་མང་ཉུང་ཐ་དད་པ་ཡོད་དོ། །ཞུགས་པ་རྫོགས་པ་ནི་དགེ་སློང་ཡིན་པས་དེ་ལ་སྤོང་བའི་ཁྲིམས་ནི་རྩ་བ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ་ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ། སོར་བཤགས་སྡེ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་༑ གཞི་གསུམ་ཆོ་གས་མཚོན་ཏེ་བླང་བྱ་འཇུག་པའི་ཁྲིམས་བཅུ་བདུན་གྱིས་རང་རྒྱུད་བསྡམས་པ་ནི་ཡོན་ཏན་ཀུན་གྱི་རྟེན་རྩིག་པའི་འགྲམ་གཞི་འདིངས་བ་ལྟར་བསྟན་བའི་གཞི་མ་དམ་པའི་ཆོས་འདུལ་བ་ཡིན་ལ། ཚུལ་དེ་ལྟ་བུ་ལ་གནས་ནས་བདེན་པ་བཞི་ལ་ཐོས་བསམ་གྱིས་སྡུག་བསྔལ་ཤེས་པར་བྱ་ཞིང་། དེའི་རྒྱུ་ཀུན་འབྱུང་སྤོང་། སྒོམས་བས་ལན་རྒྱུད་བརྟེན་ནས་འགོག་བ་མགོན་དུ་བྱས་པ་ནི་འབྲས་བུ་སྟེ། མངོན་རྟོགས་དེ་ལྟ་བུ་ལ་གནས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། །མདོ་སྡེའི་སྣོད་ནི། ༈ །དབྱིང་རྒོད་དྲི་ཡི་བཞོན་པས་མི་གཡོ་བའི། །མངོན་རྟོགས་རིན་ཆེན་རྣམ་བཞིའི་རང་བཞིན་ཅན། །ཏིང་འཛིན་འཆི་མེད་རོ་བོར་གནས་པའི་གཞི། །ཟབ་ཡངས་མདོ་སྡེའི་གནས་ལ་འཇོག་པ་དང་། །ཞེས་པས། དེ་ལ་འཁོར་ལོ་བར་བའི་ངེས་བརྗོད་རྣམ་པར་ཐར་བའི་སྒོ་གསུམ་ནི་ལམ་གྱི་ངོ་བོ་ཡིན་ལ། དེའི་རང་བཞིན་བྱིང་རྒོད་ཀྱི་རླུང་གིས་མི་གཡོ་བའི་བསམ་གཏན་གྱི་མངོན་རྟོགས་ནི་རིན་ཆེན་བཞི་ལས་གྲུབ་བའི་རི་དབང་གི་སྟེང་ན་འཆི་མེད་ཀྱི་གྲོང་ཁྱེར་ལྟར་བརྟན་བའི་ཏིང་ངེ་འཛིན་གྱི་ཆོས་ཉིད་ནོ་གཏིང་དཔག་དཀའ་བས་ཟབ་པ། རྒྱ་ཆེ་བས་ཡངས་པའི་དོན་ལ་མཉམ་པར་འཇོག་ཅིང་། རྗེས་ཐོབ་ལ་ཕ་ཏོལ་ཏུ་ཕྱིན་པ་དྲུག་དང་མི་འགལ་བར་སྤྱོད་པ་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ནོ། །མངོན་བའི་སྡེ་སྣོད་ནི། ༈ །ཆོས་མངོན་གསལ་བའི་རྣམ་དབྱེ་མིག་སྟོང་ལྡན་

(༥༥༡)གནས་ལུགས་རྟོགས་པའི་ཡེ་ཤེས་ལག་ཉལ་གྱིས། །མཐར་ལྟའི་རྨིག་པ་འདུལ་བྱེད་ལྷ་ཡི་དབང་། །ཆོས་མངོན་བསྟ་ན་སྡུག་པའི་གྲོང་ཁྱེར་དུ། །རྗེ་སྣོད་གསུམ་གྱི་རྗོད་བྱེད་ཚིག་རྣམས་དང་། །བརྗོད་བྱ་བསླབ་པ་རྣམ་གསུམ་མངོན་གྱུར་ཤོག་ །དེ་ལ་འཁོར་ལོ་ཐམ་ཆོས་མངོན་པའི་སྡེ་སྣོད་ལ་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་གྱི་རྣམ་དབྱེ་ཤིན་ཏུ་མང་ཞིང་གསལ་བས་མིག་སྟོང་པའི་ཐ་སྙད་སྦྱར་ཞིང་། དེས་ལྷག་བ་ཤེས་རབ་ཀྱི་བསླབ་པའི་དེ་ཁོ་ན་ཉིད་ཀྱོ་དངོས་བོའི་གནས་ལུགས་མངོན་པར་རྟོགས་པས་ན། །དེའི་ཡེ་ཤེས་ལ་དབང་པོའི་ལག་ན་ཉལ་བ་དྲང་སྲོང་ཞོ་འཐུང་གི་རུས་པ་ཕ་ལམ་གྱི་རང་བཞིན་ལས་གྲུབ་པའི་རྡོ་རྗེ་ཁྱད་ཆོས་གསུམ་ལྡན་གྱི་མངོན་བརྗོད་སྦྱར་ནས་དེས་རིན་པོ་ཆ་གཞན་ཐམས་ཅད་འབིགས་ཤིང་གཅོད་བ་ལྟར། རྡོ་རྗེའི་ཆོས་བདུན་དང་ལྡན་བའི་ཡེ་ཤེས་དེས་ཀྱང་ཡོད་མེད་རྟག་ཆད་ཀྱི་མཐར་ལྟའི་རྨིག་པ་སྟེ་འཇིག་ཚོགས་ལ་བལྟ་བའི་རི་བོ་ཉི་ཤུའི་རྐང་འཇོམས་ཤིང་འདུལ་བར་བྱེད་བས་ན་ལྷའི་དབང་པོའི་རྟེན་དང་བརྟེན་པ་རིགས་བྱེད་ཀྱི་གཏམ་རྒྱུད་དང་གཟུགས་ཅན་གྱི་རྒྱན་དུ་སྦྱར། རྗོད་བྱེད་སྡེ་སྣོད་གསུམ་དང་། བརྗོད་བྱ་བསླབ་པ་གསུམ་གྱི་དོན་སྒྲ་ཇི་བཞིན་པར་རྟོགས་པ་ལ་སྨོན་པའོ། །འདི་དག་གི་རང་བཞིན་རྒྱས་བ་ནི་བདེན་གཉིས་ཤིང་རྟ་ལས་ཤེས་པར་བྱའོ། །བདུན་པ་སྔགས་ལམ་ལ་འཇུག་པའི་ཐོག་མར་དེ་སྟོན་བྱེད་ཀྱི་རྡོ་རྗེ་སློབ་དཔོན་ངོས་བཟུང་བ་ནི། ༈ །དེ་ལྟར་རྒྱུ་ཡི་ཐེག་པས་རྒྱུད་སྦྱངས་ནས། །འབྲས་བུ་སྨིན་གྲོལ་རྡོ་རྗེ་ཐེག་པའི་ལམ། །ཉམས་ལེན་དྲོད་རྟགས་སྣང་བཞི་མངོན་གྱུར་ནས། །་དམ་ཚིག་དང་གི་ཤེས་རབ་བརྒྱུད་འཆད་ཅིང་། །མན་ངག་ལུང་སྦྱིན་ཉམས་ཆག་སྐོང་མཛོད་བའི། །མཐོང་ཐོས་དྲན་རེག་སློབ་དཔོན་རྣམ་བཞི་ལས། །དེ་ལ་ཐར་པ་དང་རྣམ་མཁྱེན་གྱི་ལམ་མཁན་ནི་བླ་མ་འབའ་ཞིག་ལ་རག་ལུས་པས་རང་ཉིད་ཀྱིས་རང་དགར་ཕྱིན་པ་གཅིག་ཀྱང་མེད་ཕྱིར་མདོ་རྒྱུད་ཐམས་ཅད་ནས་ལམ་གྱི་རྩ་བ་བླ་མ་བསྟེན་པར་གསུངས་ཤིང་། བླ་མེད་ཡང་རྡོ་རྗེའི་ཐེག་བའི་སྨིན་གྲོལ་གྱི་ལམ་ལ་ཉམས་ལེན་མཐར་ཕྱིན་

(༥༥༢)་ནས་རང་དོན་དུ་དྲོད་རྟགས་ཐོབ་པ། ཁྱད་པར་དུ་ཐེག་པ་མཆོག་གི་སྣང་བཞིའི་ལམ་རྟགས་མངོན་དུ་གྱུར་བ་ཞིག་བསྟེན་ལ། དེ་ལ་དམ་ཚིག་གི་གནང་བཀག་དང་འབྲལ་བ་དབང་། ཐོས་བསམ་གྱི་ཤེས་རབ་དང་འབྲེལ་བརྒྱུད། མན་ངག་གི་གོམས་པ་དང་འབྲེལ་བའི་ལུང་། འགལ་རྐྱེན་དང་ཉམས་ཆག་བསྐང་བ་བཞིར་སྟོན་པའང་དང་པོས་ལྷ་དང་གཞལ་ཡས་ཁང་ལ་སོགས་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་སྟོན་པས་ན་མཐོང་བ་དང་། གཉིས་བས་གཞི་ལམ་འབྲས་གསུམ་གྱི་རྒྱུད་དོན་དབང་ཤེས་ལ་སྦྱོར་བས་ཐོས་པ་དང་། གསུམ་བས་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རང་ལ་གནས་བ་དོ་སྤྲོད་ཅིང་ལམ་གྱི་ངོ་བོར་དྲན་པ་ལ་སྦྱོར། བཞི་པས་ཉམས་ན་བཤགས་ཐབས་སྟོན་ཅིང་དག་ཙངས་ལ་རེག་ཏུ་འཇུག་པས་རྣམ་གྲངས་བཞིར་བསྟན་ཀྱངས་རྫས་སུ་གཅིག་གིས་ཆོག་བའོ། །དེ་ལྟ་བུའི་རྩ་བའི་ལྦ་མ་ལས་ཇི་ལྟར་ཉམས་སུ་བླང་བྱའི་རྣམ་གཞག་སྤྱིར་སྟོན་པའི་ཕྱིར། ༈ །རྒྱུད་སྡེ་བཞི་དང་རྫོགས་པ་ཆེན་པོའི་ལམ། །ལེགས་པར་བཤད་པའི་སྨིན་གྲོལ་ལམ་གྱི་གནད། །ཅེས་པས་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞི་དང་། ཐེག་པའི་རྩེ་མོ་རྫོགས་པ་ཆེན་པོའི་སྨིན་གྲོལ་གཉིས་ཀྱི་ལམ་གནད་རིམ་པར་ནོད་ནས་བསྟན་གོམས་བྱ་བ་ལས། བརྒྱད་པ་ནང་གསེས་བྱ་སྤྱོད་གཉིས་ལ་སྨོན་པ་ནི། ༈ །ཆུ་དཔང་སོགས་ཀྱིས་རྣག་རྒྱུད་སྨིན་བྱས་ནས། །མདུན་བསྐྱེད་ཐུགས་ཀར་ཡིག་འབྲུའི་ས་བོན་བཀོད། །ཕྱི་ཡི་སྤྱོད་ལམ་དྲང་སྲོག་རྗེས་མཐུན་ཞིང་། །ནང་གི་ཉི་མ་རྣལ་འབྱོར་སྙིང་ལ་ཤར། །ལྷ་མོ་རྣམས་དང་ཕན་ཚུན་བལྟས་བ་ལས། །བྱུང་བའི་བདེ་བ་ལམ་བྱེད་ཀྲཱི་ཡའི་རྒྱུད། །རྗེ་དཔོན་ལྟ་བུ་དངོས་གྲུབ་ལེན་པ་དང་། །རྡོ་རྗེ་དྲིལ་བུའི་དབང་གིས་སྨིན་བྱས་ནས། །བདག་མདུན་གཉིས་ཀའི་ཐུགས་ཀར་ཡིག་འབྲུ་བཀོད། །ཕྱི་རོལ་བྱ་བའི་ཐབས་དང་ནང་གི་ནི། །ཟབ་མོའི་རྣལ་འབྱོར་ཆ་ལམ་ཉམ་པར་སྤྱོད། །འཛུམ་ཞིང་དགོད་པའི་བདེ་བས་རྣམ་རོལ་བ། །ལན་ལག་བཞི་ལ་གཞོལ་བ་ཨུ་བའི་རྒྱུད། །གྲོགས་པོ་ལྟ་བུར་དངོས་གྲུབ་ལེན་པར་བྱེད། །བྱ་སྤྱོད་གནས་ལ་ཚུལ་བཞིན་སྤྱོད་པར་

(༥༥༣)ཤོག་ །དེ་ལ་སྔགས་ཀྱི་ལམ་སྟེགས་སུ་བྱང་སྡོམ་ནི་ངེས་པར་དགོས་ལ། དེའི་སྟེང་དུ་སྔགས་ཕྱི་ནང་སོ་སོའི་དམ་ཚིག་དང་སྡོམ་བའི་གནང་བཀག་དང་མི་འགལ་བས་ཆུ་དང་ཅོད་པན་གྱི་དབང་གིས་སྨིན་པར་བྱས་ནས། མདུན་བསྐྱེད་ཀྱི་ཐུགས་ཀར་ཡིག་འབྲུ་དང་བཅས་བའི་ལྷའི་རྣལ་འབྱོར་བསྒོམ་པ་དང། ཕྱིའི་སྤྱོད་ལམ་ནི་ཁྲུས་དང་། གཙང་སྦྲ་ལྔ་དང་། དཀར་གསམ་བཟའ་བ་དང་། སྨྱུང་བར་གནས་བའི་སྒོ་ནས་རྫོགས་ལྡན་གྱི་འདོད་པའི་ཀུན་སྤྱོད་ལྷ་མོ་དང་ཕན་ཚུན་བལྟས་པ་ཙམ་གྱིས་བདེ་བ་ལམ་དུ་བྱེད་ཅིང་། མདུན་བསྐྱེད་ལས་རྗེ་དཔོན་གྱི་ཚུལ་དངོས་གྲུབ་ལན་པའོ། །སྤྱོད་རྒྱུད་ནི་དེའི་སྟེང་དུ་རྡོ་རྗེ་དང་། དྲིལ་བུ་དང་། མིང་དབང་གིས་སྨིན་པར་བྱས་ནས། བདག་མདུན་གཉིས་ཀ་ལྷའི་རྣམ་རོལ་དུ་གསལ་བའི་བཟླས་སྒོམ་དང། ཕྱིའི་སྤྱོད་ལམ་བྱ་བརྒྱུད་དང་མཐུན་ཞིང་ནང་གི་རྣལ་འབྱོར་ཡོ་ག་ལྟར་སྒོམ་ལ་འདོད་པའི་ཀུན་སྤྱོད་གསུམ་ལྡན་དང་མཚུངས་བར་ལྷ་མོ་དང་ཕན་ཚུན་འཛུམ་ཞིང་དགད་པ་ཙམ་གྱིས་བདེ་བ་ལམ་བྱེད་པ་ལ། དེ་ལའང་མཚན་མ་ཡོད་མེད་ཀྱི་རྣལ་འབྱོར་གཉིས་ཤེས་རབ་བྱས་ནས་ཕྱིའི་ཡན་ལག་བཞི་དང་། ནང་གི་ཡན་ལག་བཞིའི་བཟླས་བརྗོད་དང་འབྲེལ་བར་མདུན་བསྐྱེད་ལས་གྲོགས་པོ་ལྟ་བུ་དངོས་གྲུབ་ལེན་པའོ། དགུ་པ་རྣལ་འབྱོར་ལ་སྨོན་བ་ནི། ༈ །སློབ་དཔོན་དབང་བསྐུར་རང་རྒྱུད་སྨིན་བྱས་ནས། །བདག་མདུན་གཉིས་ཀ་དག་བའི་སྐུ་རུ་བསྐྱེད། །ཡེ་ཤེས་སྤྱན་དྲངས་དེ་སྲིད་ད་རྒྱལ་བཟུང་། །ཕྱག་རྒྱ་བཞི་ཡི་རྒྱ་ལས་མི་འདའ་ཞིང་། །ཏིང་འཛིན་གསུམ་གྱི་ལང་ཚོས་སྙིང་ལ་འགྲོགས། །ལག་པའི་པདོྨ་འབྲེལ་བའི་བདེ་བས་ཚིམས། །ནང་གི་རྣལ་འབྱོར་གཙོ་བོར་གྱུར་པ་ཡི། །ཡོ་གའི་ལམ་གྱི་གཞི་ལ་རྣམ་གྲོལ་ཤོག་ །དེ་ལ་སྡ་མའི་སྟེང་རྡོ་རྗེ་སློབ་དཔོན་གྱི་དབང་གིས་སྨིན་པས་བྱས་ནས། ཐབས་ཤེས་རིམ་ཅན་དུ་སྒོམ་པའི་བསྐྱེད་རྫོགས་སོ་སོ་བ་ལས་བདག་མདུན་གཉིས་ཀ་ལྷར་བསྐྱེད་ནས་ཡེ་ཤེས་པ་དགུ་གཅིང་གཞུག་ །ལྷར་སྣང་ལ་ད་རྒྱལ་བཟུང་ནས་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་རྒྱ། ལས་རྒྱ། ཕྱག་རྒྱ་ཆེན་པོ་བཞིས་བཅིང་ཞིང་གདུལ་བྱའ་ཉོན་མོངས་པ་གཏི་མུག་དང་། ཞེ་སྡང་།

(༥༥༤)འདོད་ཆགས། སེར་སྣ་བཞི་འདུལ་ཕྱིར་དུམ་བུ་བཞི་པའི་ཐ་སྙད་ཀྱིས་སྨོན་པའི་ལྷར་སྣང་གི་དུམ་བུ་རེ་རེ་ལའང་རྒྱས་འབྲིང་བསྡུས་གསུམ་གྱི་ཉེར་འཛིན་གསུམ་གྱི་ལང་ཚོས་སྙིང་ལ་འགྲོགས་ནས་འདོད་པའི་ཀུན་སྤྱོད་ཀྱང་གཉིས་ལྡན་དང་མཚུངས་བ་ལག་བཅངས་ཀྱི་རྣམ་པ་ལམ་དུ་བྱེད་ལ། ཕྱིའི་སྤྱོད་པ་གྲོགས་ཙམ་དུ་བསྟེན་པ་ལས། གཙོ་བོར་ནང་གི་རྣལ་འབྱོར་ལ་བརྩོན་པ་སྟེ། དེ་ལྟར་གསུམ་གྱི་གསང་སྔགས་ཕྱི་པ་གསུམ་མོ། །བཅུ་པ་ནང་པ་ཐབས་ཀྱི་རྒྱུད་གསང་སྔགས་བླ་མེད་ཀྱི་དོན་ལ་སྨོན་བ་ནི། ༈ །རྒྱུ་དབང་བསྐུར་ནས་རགས་བའི་ཕུང་སོགས་རྣམས། །དག་པའི་སྐུ་དང་མཆོག་དབང་གསུམ་བསྐུར་ནས། །བསྐྱེད་རིམ་ཚོགས་ཞིང་སྲུང་འཁོར་སྔོན་འགྲོ་བས། །རིམ་པ་ལྔ་དང་རྗེས་མཐུན་ལམ་གྱི་འགྲོས། །དེ་ལས་ཆོག་དང་། སྟ་གོན་དང་། རྡུལ་ཚོན་གྱི་བྱ་བ་དང་། ཆོ་གའི་ལས་རིམ་ལ་སོགས་སྐྱེད་བྱེད་འགྲུབ་པའི་རྒྱུ་ཚོགས་མང་པོ་ལ་བརྟེན་དོགས་པས་ན་བུམ་དབང་རྗེ་འབྲང་རིག་པའི་དབང་ལྔ་དང་བཅས་པ་ལ་རྒྱུད་པར་དུ་བཞག་ལ། དག་བྱེད་དེ་རྣམས་ཀྱིས་དག་བྱ་སློབ་མའི་རྒྱུད་ཀྱི་རགས་པའི་ཕུང་པོ་ལྔ་ནི་གཤེགས་པ་ལྔ། འབྱུང་བ་ལྔ་ནི་ཡུམ་ལྔ། དབང་ཡུལ་སེམས་དཔའ་སེམས་མ། མུ་བཞི་ལ་སོགས་བསྒོ་བ་ཡབ་ཡུམ་དུ་གནས་དག་པར་བྱེད་ཅིང་། དེ་བཞིན་དུ་ཕྱི་སྣོད་གཞལ་ཡས་ཁང་དང་། ནང་བཅུད་ལྷ་དང་ལྷ་མོའི་རང་བཞིན་དུ་རྣམ་པར་དག་པར་བྱེད་ལ༑ དེའི་སྟེང་དུ་མཆོག་དབང་གོང་མ་གསུམ་ལས་གསང་དབང་གིས་དང་དག་དང་རླུང་། ཤེར་དབང་གིས་ཡིད་དང་ཐིག་ལེ། བཞི་པས་ཤེས་བྱའི་སྒྲིབ་བདག་སྟེ་རྒྱུད་སྨིན་ཞིང་སྐུ་བཞིའི་ས་བོན་ཐེ་བས། དེ་ནས་རིམ་པ་དང་པོ་བསྐྱེད་རིམ་ལ་ཚོགས་ཞིང་ལ་བརྟེན་ནས་ཚོགས་བསག་པ་དང་། སྲུང་འཁོར་བ་སྒོམ་པ་སྔོན་དུ་འགྲོ། བས༑ དངོས་གཞི་ལ་ལུས་ལྷ། ངག་སྔགས། སེམས་དེ་ཁོ་ན་ཉིད་ལ་གཞོལ་བས་སྒོ་གསུམ་རྡོ་རྗེ་གསུམ་དང་ཀུན་རྫོབ་བདེན་པ་སྒྱུ་ལུས། དོན་དམ་བདེན་པའི་འོད་གསལ་ཏེ། ཕ་རྒྱུད་གསང་བ་འདུས་པའི་རིམ་པ་ལྔ་དང་རྗེས་སུ་མཐུན་པ་ཞེས་པས་ལམ་གྱི་འགྲོས་འདྲ་མཚུངས་སུ་ཡོད་ཀྱང་དངོས་བསྟན་མ་ཡིན་ལ། དེ་ལ་

(༥༥༥)འཆི་སྲིད་ཆོས་སྐུར་སྦྱོང་བ། བར་དྲིད་ལོངས་སྐུར་སྦྱོང་བ། སྐྱེ་སྲིད་སྤྲུལ་སྐུར་སྦྱོང་བ་གསུམ་གྱི་དང་པོ་ནི། ༈ །ཁམས་དྲུག་ལྡན་པའི་མི་རྣམས་ཕུང་ཁམས་སོགས། །རིམ་གྱིས་ཐིམ་ནས་འཆི་བའི་རིམ་པའམ། །ཇི་ལྟར་མཚན་མ་གཉིད་དུ་སོང་བའི་ཚོ། །ཡུལ་ལྔའི་ཤེས་པ་རིམ་གྱིས་ཡིད་དུ་ཐིམ། །དེ་ཡང་ཀུན་གཞིར་ཐིམ་པས་མི་རྟོག་པ། །རྩེ་གཅིག་སྣང་ཡུལ་མེད་པའི་དང་དེ་ཉིད། །ཆོས་དབྱིངས་ཐིམ་པས་རང་བཞིན་སྤྲོས་དང་བྲལ། །ཐུན་པར་ལྷག་མོས་འོད་གསལ་དུ་འཇུག་པའི། །བར་འདིར་ཆོས་སྐུའི་རྣལ་འབྱོར་ལ་གནས་ཤིང་། །ཞེས་པས་འབྱུང་བ་ལྔ་དང་དྲི་བཅས་ཡེ་ཤེས་ཁམས་དྲུག་ལྡན་གྱི་མི་རྣམས་ཕུང་ཁམས་ཀྱི་ཚོགས་བགྱེས་ཤིང་ཐིམ་རིམ་ཉམས་སུ་མྱོང་བའམ། དེའི་འདྲ་འབག་མཚན་མོ་གཉིད་དུ་ཕྱོགས་པའི་ཚེ་མཐོང་ཡུལ་གཟུགས་ལ་སོགས་བའི་དབང་པོའི་ཤེས་པ་ལྔ་རིམ་གྱིས་ནུབ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐིམ། དེ་ཡང་ཀུན་གཞི་ལུང་མ་བསྟན་སེམས་མེད་བའི་གནས་སྐབས་ལྔའི་ཅིག་ཤོས་ལ་ཐིམ་པས་གཉིད་འཐུག་གང་དུའང་མི་རྟོག་པའི་དང་དུ་ཐིམ། ཐིམ་པ་དེ་ཉིད་སླར་གཟུང་འཛིན་གྱི་ཆར་ཤར་བ་མ་ཡིན་ཡང་གོ་འབྱེད་པའི་ཆ་ནས་རླུང་སེམས་ས་མ་བསླད་པའི་རིམ་པ་ནང་གསལ་ལྷུན་གྲུབ་ཆེན་པོར་ཤར་བ་ལ་ཆོས་དབྱིངས་སུ་ཐིམ་པའི་བརྡར་བཏགས་བ་སྟེ། རང་བཞིན་གྱི་སྤྲོས་པ་དང་བྲལ་བ་ནི། ཐུན་བར་ལྷག་མོས་འོད་གསལ་དུ་འཇུག་པའི་དུས་ཏེ་འཆི་བ་ཆོས་སྐུའི་རྣལ་འབྱོར་ཞེས་བྱའོ། །གཉིས་པ་ནི་དེ་རངས་མ་ཟིན་བ་ལ་གནས་སྐབས་པ་གཉིད་དམ། མཐར་ཐུག་པ་འཆི་བ་གད་ཡིན་ཡང་མཚུངས་ཏེ་རང་བཞིན་གྱི་འོད་གསལ་དེ་སྔར་གྱི་ཀུན་གཞིའི་དང་དུ་རྨུགས་པ་དེ་ཕྱིར་གསལ་དུ་མཆེད་པས་སྲོག་གི་རླུང་ཤིན་ཏུ་ཕྲ་བ་དང་ལྷན་ཅིག་པའི་ཀུན་གཞིའི་རྣམ་ཤེས་ལས་ཡིད་ཉིད་གཅིག་པུར་ལངས་པས་རྨི་ལམ་གྱི་ལུས་གྲུབ་པ་ཡིན་ཏེ། མིང་བཞི་འདུས་པའི་ཕུང་པོ་ཅན་བར་དོ་དང་ཆོས་མཚུངས་བས་ན། ༈ །གཉིད་དམ་འཆི་བའི་འོད་གས་ལུགས་ལྡོག་ཏུ། །སླར་ཡང་མཆེད་བས་ཀུན་གཞིའི་རྣམ་ཤེས་ལས། །ཡིད་ཉིད་

(༥༥༦)གཅིག་པུ་ལངས་པས་རྨི་ལམ་སེམས། །དང་པོ་ཀུན་ཚང་ཡིད་ཀྱི་ལུས་གྲུབ་པ། །ཞེས་སོ། །དེ་སྤྱད་ཕྱིར་བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བའི་མན་ངག་ལ་སྨོན་པ་ནི། ༈ །དེ་མཚུངས་སྐད་ཅིག་མངོན་བྱང་ལྔ་ལས་ནི། །དང་པོའི་མགོན་པོ་ལེགས་པར་བསྐྱེད་པའི་ཚུལ། །བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བར་ཤོག་ །ཅེས་པས། དེ་དང་མཚུངས་ལྡན་རྣམ་བྱང་བསྐྱེད་པའི་རིམ་པ་གདན་པདྨ་ལས་མངོན་པར་བྱང་ཆུབ་པ། གསུམ་ཡིག་འབྲུ་ལས། ཐུགས་ཕྱག་མཚན་ལས། སྐུ་ཡོངས་སུ་རྫོགས་པ་ལས། ངོ་བོ་ཉིད་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པའི་དང་པོའི་མགོན་པོ་རིགས་ཐམས་ཅད་པའི་བདག་ཉིད་ཅན་དུ་ལྡང་བ་ནི་བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བའི་ཚུལ་ལོ། །གསུམ་པ་ནི། ༈ །སླར་ཡང་སདཔའི་གནས་སྐབས་ནིན་སྣང་དུ། །གདན་གསུམ་ལྷ་ཡི་སྐུ་རུ་ངེས་བྱས་ནས། །བར་དོའི་ལུས་དེ་མ་ཡི་མངལ་དུ་ནི། །ཞུགས་ཚུལ་དང་པོ་མགོན་པོ་མི་བསྐྱོད་པའི། །སྐུ་ལས་ཞུགས་པས་རྡོ་རྗེའི་སེམས་བསྐྱེད་ཅིང་། དེ་ལས་ལུས་དཀྱིལ་བཀོད་ཅིང་སྒོ་གསུམ་དག་ །བྱིན་གྱིས་བརླབ་ཅིང་སེམས་དཔའ་སུམ་བརྩེགས་སུ། །བྱས་ནས་རིག་མའི་འདོད་ཡོན་རྣམ་རོལ་བས། །གཉིན་སྣང་ཤེ་ཤི་བར་དོ་གོམས་འདྲིས་ཀྱིས། །སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད་ཤོག་ །ཅེས་པས་དཔའི་གནས་སྐབས་དང་ཉིན་མོའི་སྣང་བ་ཐམས་ཅད་དུ་ནེ་བར་སྲིད་ཀྱི་ལུས་མའི་མངལ་དུ་ཉིད་མཚམས་སྦྱོར་བའི་བག་ཆགས་སྤྱོད་ཕྱིར་འཁོར་བའི་འདྲ་འབག་དང་མཐུན་པའི་བསྐྱེད་རིམ་བསྒོམ་ཚུལ་འོག་མིན་བགྲོད་པའི་ཐེམ་སྐས་སུ་གོ་བདེ་བར་བཤད་པ་ལ་བལྟ་ཞིང་། དེ་ཡང་འཆད་བྱའི་དངོས་བསྟན་ནི་ཕུང་ཁམས་གཉིས་གཤེགས་བ་གཤེགས་མ། སྐྱེ་མཆེད་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོའི་གདན་གསུམ་ཚང་བའི་སྐུར་རེས་པར་བྱས་ནས་མངལ་དུ་འཇུག་ཀའི་སྲིད་བཅས་ཀྱི་ཤེས་པ་དེ་ཉིད་མགོན་པོ་མི་བསྐྱོད་པ་ལ་སོགས་པའི་བསྐྱེད་རིམ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བའི་སྔོན་དུ་གཞུང་ལྟར་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་ཅིང་། དེ་ལ་ལུས་དཀྱིལ་བཀོད་ཚུལ་སོ་སོའི་རང་ལུགས་ལྟར་རམ།

(༥༥༧)ཡང་དོན་གྱི་དག་དྲན་གདོད་ནས་གྲུབ་པའི་ལུས་དཀྱིལ་གྲོལ་ཐིག་གི་ །ཕུང་པོ་དག་བ་རིགས་ཀྱི་སངས་རྒྱས་ལྔ། །ཞེས་པ་ལ་སོགས་བ་ལྟར་དང་། སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ་དུ་གནས། །རང་དབང་རང་ཐོབ་རིགས་ལྔས་དབུལ་བརྒྱན། །ཞེས་པ་ལྟར་སྒོ་གསུམ་བྱིན་གྱིས་བརླབ། དམ་ཡེ་ཏིང་ངེ་འཛིན་ཏེ་སེམས་དཔའ་གསུམ་བརྩེགས་ཀྱི་བསྐྱེད་རིམ་ལ་གནས་བ་ཤེར་དབང་ལྟར་རིག་མའི་འདོད་ཡོན་ལ་རྣམ་པར་རོལ་ནས་ཕ་མའི་འདུ་འཕྲོད་ལ་ཆགས་སྡང་སྤང་ཞིང་། དེ་ཡང་བར་དོར་ཚུལ་དོ་ལྟ་བུ་གྲུབ་པ་ལ་ད་ལྟའི་ཉིན་སྣང་ཐམས་ཅད་དཀྱེ་ཤི་བར་དོ་གསུམ་གང་རུང་དུ་གྲོལ་བྱེད་ཀྱི་གོམས་འདྲིས་ལ་སློབ་པ་ནི། སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་དུ་བྱེད་པ་ལ་སྨོན་པའོ། །བཅུ་གཅིག་པ་བདེ་སྟོང་གི་ལྷ་སྐུ་ལ་སྨོན་པ་ནི། ༈ །དེ་ལྟར་རིམ་པ་དང་པོ་མཐར་ཕྱིན་ནས། །གསང་བའི་སྣ་རྩེར་ཨ་ལྦ་དྷཱུ་ཏིའི་ནང་། །དངས་མའི་ཐིག་ལེ་རྣག་སེམས་དབྱེར་མེད་དུ། །བཟུང་བས་མཉམ་གཞག་དགའ་བཞིའི་ཏིང་འཛིན་དང་། །རྗེས་ཐོབ་རིགས་བརྒྱ་རིགས་གསུམ་སོགས། བདེ་སྟོང་དབྱེར་མེད་ལྷ་ཡི་རྣམ་རོལ་བསྒོམ། །དེ་ལ་རིམ་བ་དང་པོ་བསྐྱེད་རིམ་གྱི་ལམ་ནས་ཕྱི་དོན་སྣང་བའི་བདེན་ཞིན་འགོག་པ་མཐར་ཕྱིན་ནས། ནང་དོན་བསེ་སྟོང་གི་ལྷ་སྐུ་བསྒྲུབ་ཕྱིར་རང་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་དབུས་དྲང་པོར་དབུ་མའི་ཡར་སྣ་སྨིན་མཚམས་དང་། མར་སྣ་གསང་གནས་རྩེར་ཟུག་པའི་སྣར་འབར་འཛག་ཞུ་བདེའི་རྐྱེན་གྱིས་དྲངས་བའི་དངས་མའི་ཐིག་ལེ་འཕོ་ལ་ཁད་ཁད་དང་རང་སེམས་དབྱེར་མེད་དུ་བཟུང་བའི་མཉམ་གཞག་ཏུ་དགའ་བ་དང་། མཆོག་དགའ་དང་། ཁྱད་དགའ་དང་། ལྷན་སྐྱེས་ཏེ་དགའ་བཞིའི་ཏིང་ངེ་འཛིན་བསྒོམ་ཞིང་། དེའི་རྗེས་ཐོབ་ཏུ་མས་བརྟན་ ལུགས་ལས་ལྡོག་པའི་ཐིག་ལེ་སྙིང་གར་དྲངས་པ་རྣམ་བྱང་གི་སྐུ་སྨིན་པ་ཞི་བ་བཞི་བཅུ་རྩ་གཉིས་དང་། །དེའི་གདངས་དུང་ཁང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་ཤར་པའི་རིགས་བརྒྱའམ། ཡང་ན་འཁོར་ལོ་ལྔར་རིགས་ལྔའམ། སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ། རིགས་གསུམ་སོགས་

(༥༥༨)སུ་གསལ་བའི་བདེ་སྟོང་དབྱེར་མེད་ཀྱི་ལྷར་སྣང་བ་སྒོམ་པ་ནི་གཞུང་གི་ངོ་བོས་བཤད་པའི་དོན་ཡིན་ལ། ཞར་བསྟན་འདུས་པ་འཕགས་ལུགས་ཀྱི་རིམ་པ་ལྔ་ནི། ༈ །སླར་ཡང་དབེན་པ་གསུམ་གྱི་རིམ་པ་དང་། །ཀུན་རྫོབ་སྒྱུ་མ་དོན་དམ་གསལ་ཉིད། །བདེན་གཉིས་དབྱེར་མེད་ཟུང་འཇུག་ཉམས་ལེན་རྣམས། །གསང་བ་སྙིང་པོ་དཔལ་ལྡན་འདུས་བ་དང་། །བསྐྱེད་པ་མ་ཧཱ་ཡོ་ག་ཇི་བཞིན་དུ། །བསྐྱེད་རྫོགས་ཟབ་མོའི་དོན་རྣམས་མངོན་གྱུར་ཤོག་ །དེ་ལ་ལུས་དབེན་སྐུ་རྡོ་རྗེ། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཕྲ་ཏིག་གི་བར་བསྒོམས་པའི་རྗེས་ལ་རྩ་གསུམ་འཁོར་ལོ་དྲུག་གི་བྱེད་པ་བཅིངས་བའི་ཧཱུ་ཏིའི་མར་སྣར་ཉི་གདན་ལ་རང་སེམས་ཐེག་ལེ་སྔོན་པོའི་རྣམ་པར་ཕབ་པ་ལ་རླུང་སྨེས་དབྱེར་མེད་དུ་དྲིབ་བས་དམིགས་པའི་རིམ་པ་ལ་བསླབ་པས་དབུ་མར་རླུང་ཞུགས་གནས་ཐི་མ་གསུམ་གྱི་རྟགས་དང་། དེ་བཞིན་དུ་སྣང་མཆེད་ཐོབ་གསུམ། སྟོང་པའི་བཞིའི་འོད་གསལ་དང་བཅས་བ་ངོས་བཟུང་ནས་ཆོས་ལོངས་སྤྲུལ་གསུམ་གྱི་བསྲེ་བ་གསུམ་ལ་བསླབ་པ་ནི་རང་ངོའི་མཉམ་གཞག་དང་དབང་པོ་ཡུལ་ལ་འཇུག་དུས་གང་སྣང་སྟོང་པ་བདེ་བའི་ལྷ་སྐུར་འཆར་བ་ནི་རྗེས་ཐོབ་ཡིན་ནོ། །རྗེས་ལ་བསྒྲུབ་བྱ་བདེན་པ་གཉིས་ཀྱི་རྫོགས་རིམ་ལས་དང་པོ་ཀུན་རྫོབ་སྒྱུ་མ་ནི་འོ་གསལ་གྱི་བཞོན་པར་གྱུར་པའི་རླུང་གི་ཉེར་ལེན་དང་། རྣག་སེམས་ལྷན་ཅིག་སྐྱེས་པའི་རྐྱེན་ལས་རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེ་འཆག་གི་སྐུ་རྣམས་སྨིན་གྱི་ལུས་རྟེན་འདི་ལས་གོས་གཞན་བ་ཞིག་ལྔར་བ་སྟེ། དེ་ནི་ལོངས་སྐུ་ལྟ་བུའི་བཞིན་ལག་གི་རྣམ་པ་ཅན་ཡིན་ཡང་རྣམ་འཕྲུལ་དུ་མར་སྟོན་ནུས་ཤིང་། དེའི་བསྒྲུབ་གཞིའང་གཉིད་ཀྱི་འོག་གསལ་ལས་བྱུང་ཞིང་། རྨི་ལམ་གྱི་ལུས་ལྟར་ད་ལྟ་རྣམ་སྨིན་གྱི་ལུས་འདི་དང་འབྲེལ་བ་ཅན་ཡིན་ལ། སླད་ཀྱི་བར་དོ་ལོངས་སྐུར་འགྲུབ་པའི་ཉེར་ལེན་དུ་འགྱུར་བས་ན་སྒྱུ་མའི་སྐུ་ཞེས་བརྗོད་ཀྱིས། ལམ་གྱི་གནས་སྐབས་ན་སེམས་བསྐྱེད་ཀྱི་འཕེན་པས་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་དང་། སྒྱུ་ལུས་པའི་སྐུ་རྡོ་རྗེའི་རྣམ་པར་སྣང་མཛད། གསུང་རྡོ་རྗེ་འོད་དཔག་མེད།

(༥༥༩)ཐུགས་རྗེ་མི་བསྐྱོད་པར་གསལ་བའི་དམ་ཚིག་སེམས་དཔའ་ལ། སོ་སོའི་ཐུགས་ཀར་རིམ་བཞིན་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གསལ་་བ་ལ་ཡེ་ཤེས་སེམས་དཔའ། སོ་སོའི་མགོར་ཐིག་ལེ་ནཱ་དང་བཅས་བའི་ཏིང་འཛིན་སེམས་དཔའ་སྟེ་སེམས་དཔའ་གསུམ་བརྩེགས་གསལ་ཞིང་སོ་སོའི་ཏིང་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས་པས་སྣོང་བཅུད་ཐམས་ཅད་འོད་དུ་ཞུ་བ་དམ་ཚིག་སེམས་དཔའ་དང་། དེ་འོད་དུ་ཞུ་བ་ཡེ་ཤེས་སེམས་དཔའ་ལ།་ །དེ་འོད་དུ་ཞི་བ་ཏིང་འཛིན་སེམས་དཔའ་ལ་ཐིམ་པའི་དང་དུ་མཉམ་པར་གཞག་བས་ཞུགས་གནས་ཐིམ་གསུམ་གྱི་རྟགས་སྣང་སྨིག་རྒྱུ་དུ་བ་ལ་སོགས་པ་དང་སྣང་མཆེད་ཐོབ་གསུམ་དང་སྟོང་པ་བཞི་འཆར་བའི་ཐམས་ཅད་སྟོང་པ་འོད་གསལ་ལ་མཉམ་པར་འཇོག །དེ་ལས་ལྡོང་བ་རྣམ་དག་པའི་སྒྱུ་ལུས་དག་བའི་སྒྱུ་ལུས་སུ་བསྒོམ་བའོ། །གཉིས་པ་དོན་དམ་འོད་གསལ་ནི། སྒྱུ་ལུས་ཀྱི་སྨེས་དཔའ་གསུམ་བརྩེགས། དེ་སྡུད་རིམ་གཉིད་ཀྱི་འོད་གསལ་དུ་བཅུག་པའི་སྟོང་ཉིད་ལ་མཉམ་པར་གཞག་བས་ཞུགས་གནས་ཐིམ་གསུམ་དང་། སྣང་མཆེད་ཐོབ་གསུམ་གྱི་རྗེས་སྟོང་བཞིའི་འོད་གསལ་ལྷན་སྐྱེས་ཀྱི་བདེ་བས་ཐབས་བྱས་ཏེ་དངོས་པོའི་གནས་ལུགས་མ་ནོར་བར་རྟོགས་པས་རང་རྒྱུད་ལྡན་གྱི་གང་ཟག་འཁགས་བར་སོང་། བར་ཆད་མད་ལམ་རྒྱུད་ལ་སྐྱེས་ན་བདེན་གཉིས་ཟུང་དུ་འཇུག་པའི་རྣལ་འབྱོར་མངོན་དུ་བྱེད་པ་འདུས་པའི་དགོངས་པ་ཡིན་ལ། དེ་ཡང་འདུས་བའི་རྒྱུད་སྡ་མ་སྔ་འགྱུར་ཡིན་པས་དཔལ་གསང་བའི་སྙིང་པོའི་སྟེང་སྒོ་རྣམ་གྲོལ་དང་། འོག་སྒོ་ནམ་མཁའི་རྡོ་རྗེའི་རྫོགས་རིམ་དང་སྡེ་ཚན་གཅིག་པར་བསྡུས་ནས་བསྐྱེད་བ་མ་ཧཱ་ཡོ་གའི་བསྐྱེད་རྫོགས་ཟབ་མོའི་དོན་ལ་སྨོན་པ་ཡིན་ནོ། །བཅུ་གཉིས་པ་རྗེས་སུ་རྣལ་འབྱོར་ལ་སྨོན་པ་ནི། ༈ །མཚན་ཉིད་ཀུན་ལྡན་བླ་མ་ཡབ་ཡུམ་ལས། །ལམ་དབང་ཟབ་མོས་ལེགས་བར་སྨིན་བྱས་ནས། །རྣམ་དག་དབང་ལྔའི་ཆུ་བོས་སྒྲིབ་གཉིས་སྐྱཾ། །དྲི་མ་ཀུན་བཀྲུས་སྐུ་བཞིའི་ས་བོན་བཞག་ །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས་པ་ལས། །ཟབ་མོའི་ལམ་བཟང་སྐྱེ་བའི་སྣོད་གྱུར་

(༥༦༠)པས༑ མ་དག་སྐྱེ་ཤི་བར་དོའི་སྣང་ཞེན་རྣམས། །ཡིད་དོར་སྦྱངས་ནས་སྐུ་གསུམ་ལམ་འཁྱེར་བ། །སྦྱང་གཞི་སྐྱོད་བྱེད་ཚང་བའི་བསྐྱེད་རིམ་གྱིས། །རིམ་པ་དང་པོའི་ལམ་ལ་མངོན་འགྱུར་ཤོག་ །དེ་ལ་གཞི་ལམ་འབྲས་གསུམ་གྱི་རྒྱུད་དོན་ལ་དབང་འབྱོར་བའི་མཚན་ཉིད་ཀུན་ལྡན་གྱི་བླ་མ་ལ་ཡབ་ཡུམ་བཟུང་དུ་འཇུག་པའི་གདན་གསུམ་ལུས་ཀྱི་དཀྱིལ་འཁོར་ལས། སྐྱེ་བོ་ཐ་མལ་དང་ཐེག་པ་དམ་ན་བས་ཐོས་སུའང་མི་རུང་བའི་ལམ་དུས་ཀྱི་གསང་བའི་དབང་ཟབ་མོས་སྨིན་པར་བྱས་ཤིང་། རྒྱུ་དབང་སྔོན་སོང་ལམ་དབང་དགའ་བཞིའི་ཡེ་ཤེས་དང་འཇུག་པ་གཅིག་པར་གནས་འགྱུར་བའི་རྣམ་དག་དབང་ལྔའི་ཆུ་བོས་ཉོན་ཤེས་སྒྲིབ་གཉིས་པའི་གདན་གནས་གསུམ་ལུས་ཀྱི་དཀྱི་འཁོར་ལས། སྐུ་གསུམ་ངོ་བོ་ཉིད་སྐུ་དང་བཅས་པའི་ས་བོན་རྒྱུད་ལ་བཞག་ །དེ་དག་གིས་དུས་སུ་ཁས་བླངས་བའི་དམ་ཚིག་དང་སྡོམ་པའི་གནས་ཚུལ་བཞིན་དུ་བསྲུངས་བ་གང་ཞིག་ལམ་བདེན་རྒྱུད་ལ་སྐྱེ་ཤཧྲཔཉསྣོད་དམ་རྟེན་དུ་འགྱུར་པས། མ་དག་བ་འཁོར་བའི་གནས་སྐབས་ཀྱི་སྐྱེ་ཤི་བར་དོའི་སྣང་ཞེན་རང་རྒྱུད་པ་རྣམས༑ དག་པའི་ཡིད་ངོར་སྦྱང་ཚུལ་ཉིན་སྣང་སད་དུས་ཀྱི་བསྐྱེད་རིམ་སྐྱེ་བ་སྤྲུལ་སྐུ། གཉིད་དུས་ཀྱི་སྡུད་རིམ་འཆི་བ་འོད་གསལ་ཆོས་སྐུ། བར་སྲིད་ཀྱི་ཡིད་ལུས་སྒྱུ་ལུས་སྟེ་སྐུ་གསུམ་ལམ་འཁྱེར་ནི། སྐྱེ་གནས་རྣམ་པ་བཞི་དང་མཐུན་བའི་འཁོར་བའི་འདྲ་འབབ་ལུ་རྡུལ་རླུང་གསུམ་དང་བཅས་བ་སྦྱང་གཞིར་བྱས་ནས། སྦྱོར་བྱེད་རྡོ་རྗེའི་ཆ་ོག་གསུམ་དང་ཐུན་མོང་མ་ཡིན་པའི་མངོན་བྱང་ལྔ་ཚང་བས་རྣམ་བྱད་བསྐྱེད་པའི་རིམ་པ་དང་མཐུན་ཞིང་། བུམ་དབང་གི་ལམ་རྫོགས་རིམ་བྱེད་ཡིན་བས། རིམ་པ་དང་པོའི་ལམ་མངོན་དུ་གྱུར་པས་སྨོན་པའོ། །བཅུ་གསུམ་པ་ཨ་ནུའི་རྫོགས་རིམ་ལ་སྨོན་བ་ནི། ༈ །ཕྱི་ནང་རང་ལུས་དཀྱིལ་འཁོར་ལྷ་ཡི་ཚོགས། །རྩ་ཡིག་བདུད་རྩི་རྣལ་འབྱོར་མ། །ཐིམ་ལུགས་བཞི་བསྒོམ་སྐྱེད་བྱེད་ཅིང་། །རྫོགས་རིམ་རྟོག་པ་འདྲེན་པའི་རྒྱུད་སྨིན་བྱས། །ཉི་ཟླའི་ལམ་ནས་དཀྱིལ་འཁོར་བཅུ་ཡི་རླུང་། །སྒྲ་གཅན་ལམ་དུ་འགོག་བའི་ཐབས་མ་མཁས་ཀྱི། །མུན་པའི་ལམ་ནས་

(༥༦༡)འབར་བའི་ཙནྜ་ལཱིས། །ཧཾ་ཡིག་རི་བོང་འཛིན་པ་ཞུ་བ་ལས། །ལྷན་སྐྱེས་བདེ་བས་མཉམ་གཞག་དྲངས་པ་ཡིས། །འཁོར་འདས་ཆོས་རྣམས་ཀུན་གྱི་གནས་ལུགས་དང་། །དབྱེར་མེད་གྱུར་པ་དབེ་ཡི་ཡེ་ཤེས་ཉིད། །སྒྱུ་འབྲུལ་དྲྭ་བའི་སྐུ་རུ་ལངས་པ་ལས། །མ་དག་སྐྱེ་ཤིའི་འཕྲང་ལས་གྲོལ་བ་ཡི། །རྫོགས་རིམ་ཨ་ནུའི་ལམ་དུ་འཇུག་པར་ཤོག །དེ་ལ་ཕྱི་དོན་སྣང་སྲིད་སྣོད་བཅུད་འཛིན་བ་དང་། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་དུ་ཞེན་པའི་འཁྲུལ་རྟོག་ཐམས་ཅད་དབྱིངས་ནས་རང་བཞིན་གྱིས་སངས་རྒྱས་པའི་གཙོ་བོ་ནི་དཀྱིལ། ཅིག་ཤོས་ནི་འཁོར་དུ་དག་པའི་ལྷ་ཚོགས་དང་། གཞན་རྡོ་རྗེའི་ལུས་ཀྱི་དངོས་པོ་རྩ་དང་ཡི་གེ་དཔའ་བོ། །ཁམས་བདུད་རྩི་རྣལ་འབྱོར་མ་སྟེ། དེ་གཉིས་ཀྱི་འཁྲིལ་སྦྱོར་གྱི་ཚུལ་ལས་བདེ་སྟོང་གི་མཆོད་པ་ལེན་པ་ལ་གཞན་ལུས་དང་སྙོམས་འཇུག་གི་ཞུ་བ་དེས་མཆོད་པའི་རྐྱེན་ལས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་ཞིང་། དེ་ཡང་ཞུགས་པའི་རྟགས་སུ་སྣ་སྒོར་མཉམ་རྒྱུ་གནས་པའི་རྟགས་སུ་སྣ་སྒོར་མཉམ་རྒྱུ་གནས་པའི་རྟགས་སུ་རྒྱུ་བ་རང་འགགས། ཐིམ་པའི་རྟགས་སུ་མཁཱ་སྣང་། ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་པོ་གཅིག་ལ་ཅིག་ཤོས་ཐིམ་པའི་རྟགས་རིམ་པ་བཞིན། སྨིན་རྒྱུ། དུ་བ། མཁའ་སྣང་དང་། རླུང་སྣང་བ་ལ་་ཐིམ་དུ་ཉེ་བ་ན་མར་མེ་ཐིམ་པ་དངོས་ལྟར་དཀར་ལམ། སྣང་བ་མཆེད་པ་ལ་ཐིམ་པས་དམར་ལམ༑ མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནག་ལམ། ཉེར་ཐོབ་འོད་གསལ་ལ་ཐིམ་པས་སྟོན་གནམ་གཡའ་དག་པ་ལྟ་བུ་སྟེ། ཕྱི་མ་བཞི་ནི་ཐིམ་ལུགས་བཞི་དང་། དཔེ་དོན་གྱི་འོད་གསལ་ལ་ངེས་པ་འདྲེན་པས་ཡེ་ཤེས་བསྐྱེད་ཅིང་བསྒོམ་པ་ནི་རྫོགས་རིམ་གྱི་རྟོག་པ་འདྲེན་རྒྱུད་སྨིན་བྱེད་ཡིན་ལ། དེའི་ཐབས་སུ་གྱུར་པ་ནི་ཉི་ཟླའི་ལམ་སྟེ། རོ་རྐྱང་གཉིས་ནས་རྒྱུ་བ་བསྐྱེད་སྡུད་ཀྱི་རྣམ་པས་ཕྱེ་བའི་ས་ལ་སོགས་པ་ཡན་ལག་གི་རླུང་བཅུ་པ་སྡོམས་བས་དཀྱིལ་འཁོར་བཅུའི་རླུང་དབུ་མ་སྒྲ་གཅན་གྱི་ལམ་དུ་འགོག་པའི་ཐབས་མཁས་པ་དང་། དེ་ཡང་མུན་པའི་ལམ་སྟེ་དབུ་མའི་མར་སྣ་ནས་འབར་བའི་ཙཎྜ་ལཱིའམ། གཏུམ་མོའི་མེས་ཡར་

(༥༦༢)སྣའི་ཧྃ་ཡི་ག་རི་བོང་འཛིན་པ་སྟེ་ཟླ་བའི་རང་བཞིན་གྱི་ཁམས་ཞུ་བ་ལས། རིམ་བཞིན་མ་བབས་ཡས་བརྟན་གྱི་དགའ་བ་བཞི་དང་ཁྱད་པར་ལྷན་ཅིག་སྐྱེས་བའི་བདེ་བ་ཆེན་པོས་མཉམ་གཞག་དྲངས་པ་དེའི་དང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅས་ཀྱི་རྫུན་ཕུགས་རྡིབ་ཅིང་། ཀུན་གྱི་གནས་ལུགས་གཅིག་དང་ཐ་དད་དབྱེར་མེད་དུ་གྱུར་པ་འདི་ནི་ངོ་བོ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་ཉིད་ལས་གདུལ་བྱ་གང་ཡོད་ཀྱི་སར་སྤྲུལ་པའི་སྐུ་ཅིག་ཅར་དུ་སྟོན་པའི་ཕྱིར་སྒྱུ་མ་ཡབ། འཕྲུལ་བ་ཡུམ། དྲྭ་བ་འབྲེལ་པ་སྟེ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུར་ལངས་ནས། མ་དག་པའི་གནས་སྐབས་ཀྱི་སྐྱེ་ཤིའི་འཕྲང་ལས་གྲོལ་བའི་མན་ངག་རྫོགས་རིམ་ཐམས་ཅད་ཀྱི་དོན་པོར་ཨ་བུ་ཡོ་གའི་ལམ་ལ་འཇུག་པར་སྨོན་པའོ། །བཅུ་བཞི་པ་ཨ་ཏི་ཡོ་གལ་ནང་གསེས་སེམས་སྡེ་ཀློང་སྡེ་མན་ངག་གི་སྣེ་གསུམ་ལམ། དང་པོ་སེམས་སྡེ་ལ་སྨོན་བ། ༈ །དོན་གྱི་ལྷན་ཅིག་སྐྱེས་བའི་ཡེ་ཤེས་ནི། །ཨ་ཏི་དག་རོ་མཉམ་ཆེན་པོ་ཉིད། །ཡོད་མིན་མེད་མིན་སྟོང་མིན་མི་སྟོང་མིན། །རང་བཞིན་གཤིས་ལ་གཞལ་ན་ཐམས་ཅད་མིན། །མེད་པ་མ་ཡིན་གཉིས་མེད་ཟུང་འཇུག་སྟེ། །རྟག་མིན་ཆད་མིན་སྨྲ་བསམ་བརྗོད་ལས་འདས། །རང་གནས་ཡེ་གནས་རྫོགས་པ་ཆེན་པོ་ནི། །ཀུན་མིན་ཕྱོགས་ཙམ་གཞལ་ན་ཐམས་ཅད་མིན། །བློ་ཡིས་བཀོད་ན་དྲན་བསམ་བརྗོད་ལས་འདས། །རྣལ་མའི་དོན་ལ་ཀུན་མིང་བརྟགས་པ་ཙམ། །ཇི་ལྟར་སྣང་བདེ་ཡང་ལྦེལ་ལེ་བ། །ཚིག་གིས་མ་བསྐྱེད་ལྷ་སྔགས་ལྷུན་གྱིས་གྲུབ། །གང་ལྟར་བསམ་བརྗོད་འདས་པའི་རང་བཞིན་ཏེ། །ཨ་ཏིའི་དགོངས་དོན་ཚུལ་བཞིན་རྟོགས་པར་ཤོག་ །དེ་ཡང་དབང་གསུམ་པའི་དཔེས་ངོ་སྤྱོད་པའི་བཞི་པའི་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། ཨ་ཏིའི་སྒྲ་ལས་ཕུང་བྱུང་སྟེ་རྒྱུ་ལམ་དུ་བྱས་ནས་འབྲས་བུར་གདོད་ཀྱིས་གྲོལ་མི་དགོས་པར་ཡེ་ནས་བྱ་རྩོལ་དང་བྲང་བཞིན་རང་ངོ་རྣམ་པར་དག་པས་འཁོར་འདས་རོ་མཉམ་ཆེན་པོ་རསཧ་བཅས་སུམ་གྲུབ་པས་ཡོད་མ་ཡིན། རང་བཞིན་གྱིས་འོད་གསལ་བས་མེད་བ་མ་ཡིན། །བློས་མེད་པར་བརྟགས་པའི་སྟོང་པ་མ་ཡིན། །གོ་མྱོང་གིས་ཡོད་པར་བསྒྲུབ་པའི་མི་སྟོང་པ་མ་ཡིན་

(༥༦༣)རང་བཞིན་གྱི་གཤིས་ལ་བློའི་དོས་ནས་གཞལ་ན་ཐམས་ཅད་མིན་པར་འགྲོ་བ་མེད་དོ་སྙམ་བའི་མེད་དགག་ཀྱང་མ་ཡིན་པ་རིག་སྟོང་གཉིས་སུ་མེད་པའི་ཟུང་འཇུག་ཆེན་པོ། དངོས་པོ་མེད་པས་རྟག་པ་མ་ཡིན། རིག་ཆར་ཡོང་པས་ཆད་པ་མ་ཡིན། ཚིག་ཏུ་སྨྲ་བའི་སྒོས་མི་ཐུག་ཅིང་དང་སྙམ་བྱེད་ཀྱི་བསམ་དོ་ལས་འདས། རྒྱུ་ཡིས་མ་བསྐྱེད་པས་ང་ལ་གནས། རྐྱེན་ལས་མ་བྱུང་བས་ཡེ་གནས་ཡོང་གྲུབ་རང་བཞིན་རྫོགས་པ་ཆེན་པོའི་ལྟ་བ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་ལྟར། དགག་ཕྱོགས་གནས་གཞལ་ཀྱང་། ཁས་ལེན་ཐམས་ཅད་དང་བྲལ་བས་ངོ་བོ་ཉིད་མེད་ཕྱིར་ཀུན་མིན་པ་དང་བྲམ་ཟེ་ཆེན་པོའི་དོ་ཧ་ལྟར་བསྒྲུབ་ཕྱོགས་ནས་གཞལ་ཡང་ཐ་སྙད་ཀྱིས་མི་ཐུག་པས་ཐམས་ཅད་མིན་པའི་ཕྱིར། རྟོག་གེའི་དཔྱད་བཟོད་དང་། རྟོག་དཔྱོད་ཀྱི་བློ་རྣམ་པ་སྣ་ཚོགས་སུ་བཀོད་ཅིང་བརྟགས་ནའང་། མཐར་ཐུག་དྲན་པ་དང་བསམ་བརྗོད་མེད་པའི་དང་དུ་དེངས་འགྲོ་བས། རྣལ་མ་སྟེ་མ་བཅོས་པའི་དོན་ལ་ཆོས་ཉིད་ཀུན་ཏུ་འགྲོ་བའི་མིང་སྣ་ཚོགས་བཏགས་པ་ཙམ་བཞི་སྟེ། ཇི་ལྟར་སྣང་བ་ཐམས་ཅད་འཛིན་མེད་དུ་ལྦལ་ལེ། བརྗོད་མེད་དུ་ཕྱལ་ལེར་ཡོད་པས་བདག་སྲས་གཞན་སྲས་ལ་སོགས་པའི་དམིགས་བསམ་གྱི་སྤྲོས་བསམ་བསྐྱེད་ཀྱང་སྙིང་པོ་དྲན་པ་ཙམ་ལ་ཡོངས་གྲུབ་ཀྱི་ལྷ་སྒངས་ལྷུན་གྱིས་གྲུབ་ཅིང་། དེའི་ངོ་བོ་བསམ་བརྗོད་སྤྲོས་པ་བྲལ་བའི་རང་བཞིན་ལ་སྨོན་པའོ། །གཉིས་པ་ནང་ཀློང་སྡེའི་དོན་ལ་སྨོན་པ་ནི། ༈ །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པའི་དོན། །རང་བཞིན་བླ་བས་ཡིན་སྟོང་པས་ཕན་ཅི་ཡོད། །སོ་མ་རང་བཞག་མ་བཅོས་རྣག་ག་མ། །ཐ་མལ་ཤེས་བ་རང་གྲོལ་རྒྱལ་བའི་ལམ། །རང་གིས་རང་གྲོལ་གཉེན་པོས་བཅོས་མ་དགོས། །ཡེ་གྲོལ་བསྐྱར་གཞི་མེད་དེ་དགོད་མའི་དང་། །ཅེར་གྲོལ་ལྔོ་བོ་མེད་དེ་བདེན་པས་སྟོང་། །རང་གྲོལ་སྙིང་པོ་མེད་དེ་རང་བཞག་ཉིད། །འགྱུ་གྲོལ་རང་སར་དག་སྟེ་སྐད་ཅིག་མ། །ཤར་གྲོལ་དུས་མཉམ་ཡིན་ཏེ་སྔ་ཕྱི་མེད། །མ་བཅོས་རང་བཞག་རང་བབས་ཀ་དག་ཀློང་། །ངོ་བོ་རང་བཞིན་ཐུགས་རྗེའི་དོན་རྟོགས་སོ།

(༥༦༤)ཁྱད་པར་འོད་གསལ་སོགས་ཀྱིས་རང་གི་ངོ་བོ་སྨོས་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་ཐར་གསུམ་ལྡན་གྱི་དབྱིངས་ནས་སངས་རྒྱས་པའི་དོན་ཁོང་དུ་ཆུད་ནས། དེ་གའི་དང་ལ་རང་བཞིན་གྱིས་གནས་བའི་རང་བབས་ཡིན་ན། བློས་གསར་བྱུང་དུ་བསྒྲུབས་པའི་སྟོང་པས་ཕན་པ་ཅི་ཞིག་ཡོད། སོ་མ་དང་བཞག་ །མ་བཅོས། རང་གམ་སྟེ། སེམས་ལ་བཅོས་བསླད་མེད་པའི་དོན་བཞི་ལ་ཐ་མན་གྱི་ཤེས་པའི་སྒྲར་བཏགས་ཏེ། རང་གིས་རང་གྲོལ་བ་སྤྲུལ་གྱི་མདུད་པ་ལྟ་བུ་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་ཤུལ་ལམ་ཡིན་པས་རྟོག་དཔྱོད་སྣ་ཚོགས་དང་། སྒྲིམ་གློད་ལ་སོགས་བའི་གཉེན་པོས་བཅོས་མི་དགོས། ཡེ་ནས་གྲོལ་ཚར་བས་བསྐྱར་གཞི་མེད། ལྟ་སྟངས་གཅིག་གི་དང་ན་ཅེར་གྱིས་གྲོལ་བས་ངོ་ནོ་ཉིད་མེད་དེ་བདེན་བ་ཀུན་རྫོབ་པས་སྟོང་། རང་གྲོལ་ལ་གཉེན་པོ་གཞན་མེད་པས་རང་གར་གཞག་ །འགྱུར་བ་ངོ་ཤེས་ཙམ་ལ་གྲོལ་བས་རང་དག་སྐད་ཅིག་མ། ཤར་ཙམ་ཉིད་ནས་ངོ་ཤེས་པས་ཆུལ་རི་མོ་བྲིས་པ་ལྟར་གྲོས་དུས་མཉམ་ལ་སྔ་ཕྱི་མེད། བློས་སྤུ་ཙམ་མ་བཅོས་པའི་རང་བཞག་ །རང་བབས་ཀ་ནས་དག་པ་ཞེས་བྱ་སྟེ། ཐོག་མ་ནས་རྣམ་པར་དག་པའི་བྱ་བྲལ་ཀློང་གི་སྡེ་ཆེན་པོ་དེ་ནི། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་སྟེ་ཚོགས་པ་གཅིག་པ་རྣམ་དབྱེ་གསུམ་དུ་དབྱེ་བའི་དོན་རྟོགས་པར་སྨོན་པའོ། །གསུམ་པ་གསང་བ་མན་ངག་གི་སྡེ་ལ་སྨོན་པ་ནི། ༈ །ཤེས་རབ་རང་བྱུང་སྒྲོན་མའི་དབྱིངས་རུམ་ནང་། །རྒྱང་ཞགས་སྒྲོན་མས་རིག་གདངས་སྒོ་བྱེ་ནས། །དག་དབྱིངས་སྒྲོན་མར་སྣ་ཚོགས་རྒྱན་བཀྲམ་སྟེ། །ཐིག་ལེ་སྟོང་སྒྲོན་ཞི་ཁྲོའི་དཀྱིལ་འཁོར་རྫོགས། །དང་པོ་རྒྱུ་ཡིས་མ་བསྐྱེད་དབྱིངས་ལས་ཤར། །བར་དུ་རྐྱེན་གྱིས་མ་བསྐྱེད་ཚོམ་བུར་གྲུབ། །ཐ་མར་ལྟའི་གནས་དག་དབྱིངས་རིག་འདྲེས། །ཡིད་དཔྱོད་དང་བྲལ་མངོན་སུམ་མཐར་ཕྱིན་ཤོག་ །དེལ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་ལ། རྒྱང་ཞག་ཆུའི་སྒྲོན་མ་ནི་འཆར་བའི་སྒོ་མིག་གི་དབང་པོ། དག་པ་དབྱིངས་ཀྱི་སྒྲོན་མ་ནི་འཆར་

(༥༦༥)པའི་ཡུལ་ནམ་མཁའ་རྐྱེན་བྲལ། ཐིག་ལེ་སྟོང་པའི་སྒྲོན་མ་ནི་འཇའ་འོད་ཟླུར་བུར་འཁྱིལ་བ་སྟེ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས་རིམ་བཞིན་རིག་བདེ་བཅུད་དུ་སྨིན་ནས་སྐུ་སྐྱེད་པ་དང་། རྐྱང་པ་དང་མཐར་གྱི་ཞི་ཁྲོའི་སྐུ་ཡོངས་སུ་རྫོགས་པ་སྟེ། དེ་དག་པའི་དགོངས་པ་ལ་སྦྱོར་བ་ཡིད་དཔྱོད་དང་བྲལ་བའི་དོན་ལ་སྨོན་པའོ། །བཅོ་ལྔ་པ་དེ་གསུམ་པོའི་དོན་བསྡུ་བ་ལ་སྨོན་པ་ནི། ༈ །ཁྲེགས་ཆོད་ལྟ་བས་སྲིད་ཁུངས་གདར་ཤ་བཅད། །ཐོད་རྒལ་བསྒོམས་པས་སྐུ་གསུམ་རྩལ་རྫོགས་ཏེ། །གདོད་ནས་རྣམ་དག་དང་པོའི་སངས་རྒྱས་ཉིད། །དབྱེར་མེད་ཐིག་ལེའི་གཟུགས་སུ་གང་སྣང་བ། །དེ་ལས་སྤྲོས་ཚེ་སྐུ་གསུམ་སྣོད་བཅུད་དང་། །བསྡུས་ཚེ་སྟོང་ཉིད་སྙིང་རྗེ་ཆོས་ཀྱི་སྐུ། །ཐིག་ལེ་ཉག་གཅིག་ཡིད་ལ་གཡོ་མེད་ཤོག་ །དེ་ཡང་གཞི་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བས་འཁྲུལ་སྣང་སྲིད་པའི་བྱུང་ཁུངས་གདར་ཤེ་བཅད། ལམ་ཐོད་རྒལ་བསྒོམས་པས་གདོད་ཀྱི་དཔྱོད་ལམ་ལྟོས་པར་སྐུ་གསུང་ལམ་སྣང་དུ་རྩལ་རྫོགས། གདོད་ནས་རྣམ་པར་དག་པའི་དང་པོའི་སངས་རྒྱས་ཀྱི་ངོ་བོ་ཉིད། ཆོས་ཟད་བོ་འདས་ཆེན་པོའི་རྟོགས་པ་དང་རྣམ་དབྱེར་མེད་པའི་ཐིག་ལེ་ཆེན་པོའི་སྟོང་གཟུགས་སུ་རང་སྣང་ཞིང་། དེའི་ཚེ་སྐྱེ་བ་དང་འཇུག་པའི་ཆོས་གཉིས་ལ་དབང་ཐོབ་པས་ན། །སྤྲོས་ཏེ་འཕྲོ་བ་ཆེན་པོའི་སྐུར་བཞེང་ན་སྐུ་གསུམ་རང་རིག་ལ་རྫོགས་པའི་འོད་ལུས་ཀྱི་དང་དེ་ཉིད་ལས་སྣང་བ་ཕྱིར་གསལ་དུ་མཆེད་དེ་སྣོད་བཅུད་ཀྱི་རྟེན་དང་བརྟེན་པ་ཆུ་ཟླ་དང་རྨི་ལམ་ལྟ་བུར་གཟིགས་ནས་གཞན་དོན་མཛད་ལ། འཇུག་པའི་དང་དུ་བསྡུ་ན་འོད་ལུས་དེ་ཉིད་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་ནས་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་གི་

(༥༦༦)དང་དུ་མི་གཡོ་བའི་དོན་ལ་སྨོན་པའོ། །དེ་ལྟར་ཆོས་ཟད་ཀྱི་རོགས་པ་ཀློང་དུ་གྱུར་ནས་ཆོད་ཅན་ཐམས་ཅད་གཞི་ལ་ཐིམ་སྟེ་ལམ་བདེན་མཐའ་དག་སྤངས་ཀྱང་ཉན་རང་གི་བྱང་ཆུབ་ལྟར་ཞི་བ་ཕྱོགས་གཅིག་པ་མ་ཡིན་པས། འབྲས་བུའི་གོ་འཕང་ལ་སྦྱོར་ཚུལ་སྔགས་སྤྱིའི་འགྲོས་ལྟར་བཤད་པའི་ཕྱིར། ༈ །སླར་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན་བཅོམ་ནས། །རིམ་པ་བཞི་པའི་དོན་གྱི་འོད་གསལ་དང་། །དབྱེར་མེད་ལྷན་ཅིག་སྐྱེས་པ་བདེ་བའི་དངོས། །བདེན་གཉིས་ཟུང་དུ་འཇུག་བའི་ཧེ་རུ་ཀ། །མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་བཞིན་དུ། །གསལ་མདངས་འོད་ཟེར་ལྔ་ཡི་དྲ་བ་ཅན། །སྟོབས་བཅུ་མི་འཇིགས་བཞི་དང་སོ་སོར་རིག་ །མ་འདྲེས་བཅོ་བརྒྱད་རྫོགས་བའི་སངས་རྒྱས་དང་། །བླ་མེད་ཡོན་ཏན་རང་བཞིན་གཞལ་མེད་ལས། །རྣམ་ཀུན་མཆོག་ལྡན་ངོ་བོ་ཆོས་ཀྱི་སྐུ། །རྣམ་བ་ལོངས་སྤྱོད་རྫོགས་སྐུ་གྲངས་མེད་ཀྱི། །སྤྲུལ་པའི་སྤྲིན་འཕྲོ་སྐུ་གསུམ་དབྱེར་མེད་ཤོག །དེ་ཡང་འཇུག་བ་ལ་དབང་ཐོབ་ནས་གདོད་མའི་དབྱིངས་སུ་འཇུག་ཁ་མ་དེར། སླར་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གཞུ་བདུངས་བ་ལྟ་བུས་གཉིས་སུ་སྣང་བ་དང་དེ་ལས་བྱུང་བའི་འཁྲུལ་པའི་བག་ཆགས་ཀྱི་ལྷག་མར་གྱུར་པ་གནས་ངན་ལེན་གྱི་ཤེས་སྒྲིབ་ཕྲ་མོ་ཡན་ཆད་བཅོམ་སྟེ། རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ཉིད་སློབ་པའི་ཟུང་འཇུག་གི་བསྒྲུག་གཞི་ཡིན་བས་ངོ་བོ་གཅིག་པའི་ཆ་ནས་དབྱེར་མེད་ལྷན་ཅིག་སྐྱེས་པའི་བདེ་བའི་དངོས་གཞིར་བཤད་ལ། དེ་ཉིད་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་བཞེངས་ལ་མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་སྟེ་ནམ་མཁའ་ལ་འཇའ་ཚོན་ཤར་བའི་དཔེས་མཚོན་ནས་ཆོས་སྐུའི་གདངས་ལོངས་སྤྲུལ་གྱི་རྣམ་པའི་གཟུགས་སྐུ་གཉིས་སུ་གྲུབ་པ་ལ་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་ཡོན་ཏན་མཐའ་དག་རྫོགས་པའི་སངས་རྒྱས་དང་། དེའི་བླ་ན་མེད་པའི་ཡོན་ཏན་གྱི་རང་བཞིན་གཞལ་དུ་མེད་པ་ཉིད་ལས། གཞོན་ནུ་མ་ལ་པྲ་ཕམ་པའི་སྣང་བ་ལྟར་རྣམ་པར་ཐམས་ཅད་པའི་མཆོག་དང་ལྡན་པའི་ཆོས་ཀྱི་སྐུ་དང་། དེའི་གདངས་

(༥༦༧)རིགས་ལྔ་གང་ཆེན་མཚོ་བཞིན་ལག་གི་རྣམ་པ་ཅན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་གྲངས་མེད་པར་ཤར་བ་དང་། དེ་ལས་སྤྲུལ་སྐུ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བ་ཅན་གྱི་སྐུ་གསུམ་ངོ་བོ་དབྱེར་མེད་ཐོབ་པར་སྨོན་པའོ། བཅུ་དྲུག་པ་ཕྲིན་ལས་ཀྱི་འཇུག་པ་ལ་སྨོན་བ་ནི། ༈ །མཁའ་ཁྱབ་གཟུགས་བཟུང་བ་གྲང་ལས་སེམས་ཅན་ལ། །ཇི་སྙེད་ཁམས་དང་བསམ་པའི་དབྱེ་བ་བཞིན། །རང་རང་སྐད་དུ་རྒྱུ་དང་འབྲས་བུ་ཡི། །ཐེག་པ་གཉིས་ལས་བརྩམས་པའི་ཆོས་ཀྱི་ཚུལ། །ལེགས་པར་སྟོན་ལ་སྐྱོང་ལ་མེད་པར་ཤོག་ །དེ་ལྟར་རང་དོན་དུ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་དུ་གྲུབ་ནས། ནམ་མཁས་གར་ཁྱབ་ཏུ་རྣམ་སྨིན་གྱི་གཟུགས་སམ་ལུས་བཟུང་བས་བགྲང་བ་ལས་འདས་པའི་སེམས་ཅད་གྱི་ཁམས་རྒྱ་མཚོ་ལྟ་བུ་ལ་ཇི་སྙེད་དེ་མང་པོའི་སྒྲས་དེ་སྙེད་སོ་སོའི་ཁམས་དང་བསམ་པའི་དབྱེ་བ་ཐ་དད་པ་བཞིན་རང་རང་སོ་སོའི་སྐད་དུ་རྒྱུད་དང་འབྲས་བུའི་ཐེག་པ་གཉིས་ལས་བརྩམས་པའི་ཆོས་ཀྱི་ཚུལ་རྒྱ་མཚོ་ལྟ་བུ་ལེགས་པར་འཆད་ཅིང་ལེགས་པར་སྟོན་ལ་སྐྱོ་དུ་བ་དང་ངལ་བའི་གནས་མཐའ་བཟོད་པར་ཤོག་གཅིག་པའོ། །བཅུ་བདུན་པ་འདའ་ཁ་མི་དོན་ལ་སྨོན་པ། ༈ །འདི་དང་བར་དོར་མཆོག་གི་གོ་འཕང་ནི། །ངེས་བར་འགྲུབ་པའི་ལམ་བཟང་མ་རྙེད་ནི། །ཟང་ལམ་འཕོ་བའི་རྣལ་འབྱོར་ལ་གོམས་པས། །རྣམ་ཤེས་མཁའ་སྤྱོད་གནས་སུ་འཕོ་བྱས་ཏེ། །བསྐྱེད་རྫོགས་ལམ་གྱི་རིམ་པ་འཕྲོ་འཐུད་ཤོག་ །དེ་ལ་བསྐྱེད་རིམ་གྱི་སྒོ་ནས་རིག་འཛིན་བཞིའི་ལམ་རྫོགས་རིམ་གྱི་སྒོ་ནས། རྨི་ལམ། སྒྱུ་ལུས། བར་དོ། འདོ་གསལ་སོགས་གྱི་གདམས་པ་ཉམས་འོག་ཏུ་ཆུད་ནས་ཚེ་འདིའམ་བར་དོར་མཆོག་གི་གོ་འཕྲང་བགྲོད་པའི་ལམ་བཟང་གི་དངོས་གྲུབ་མ་བརྙེས་ན། །མ་བསྒོམས་པར་འཚང་རྒྱ་པའི་ཟབ་ལམ་འཕོ་བའི་རྣལ་འབྱོར་ལས་འཁོར་བ་དང་འབྲེལ་བའི་སྒོ་བརྒྱད་ཡིག་འབྲུ་བཀག་ལ། གཙུག་ཏོར་རླུང་གི་འཁོར་ལོའི་སྒོ་བྱེ་ནས་རྣམ་པར་ཤེས་པ་ཨ་ཡིག་ལ་སོགས་པའི་རྣམ་པས་དག་པ་མཁའ་སྤྱོད་དང་། བདེ་བ་ཅན་དང་

(༥༦༨)མངོན་བར་དགའ་བ་ལ་སོགས་རང་བཞིན་སྤྲུལ་པའི་ཞིང་དུ་འཕོས་ནས་བསྐྱེད་རྫོགས་ལམ་གྱི་རིམ་པ་འཕྲོ་པ་འཐུད་པར་སྨོན་པའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས་ལས། དང་པོ་སྨོན་ལམ་གྱི་གཞུང་དོན་འབྱེད་པའི་བློ་གྲོས་ཐོབ་པར་སྨོན་བ་ནི། ༈ །དེ་ལྟར་རྒྱུ་ལ་མ་འབྲས་བུའི་ཁྱད་པར་ལས། །སྐུ་དང་ཞིང་ཁམས་འཁོར་དང་མཛད་པ་ནི། །ཡོངས་སུ་དག་པའི་ཡེ་ཤེས་ལམ་ཉིད་དུ། ཁྱེད་དང་མི་བྱེད་སྔགས་དང་ཕ་རོལ་ཕྱིན། །སོ་སོར་འབྱེད་པའི་བློ་གྲོས་དང་ལྡན་ཤོག་ །དེ་ལ་གཞུང་འདིའི་ས་བཅད་དྲུག་པ་ཡན་གྱིས་རྒྱུ་ལ་ལམ་དུ་བྱས་ནས་འབྲས་བུ་ཕྱི་དུས་ན་སྨིན་པ་སྡེ་སྣོད་གསུམ་གྱི་ལམ་དང་། དེ་མན་ཆད་ཀྱིས་འབྲས་བུ་ལམ་དུ་བྱེད་པ་དཔེར་ན་རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ལམ་བྱེད་དང་། དེ་བཞིན་དུ། ཁམས་ནི་སྣོད་གཞལ་ཡས་ཁང་གི་ལམ་འཁྱེར་དང་། བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན་དུ་སྦྱོར་བ་དག་བའི་སྣོད་བཅུ་དང་། འོད་ཟེར་སྤྲོ་བ་སྡུས་སངས་རྒྱས་ཀྱི་ཕྲིན་ལས་རྣམ་པ་བཞིའི་མཛད་པ་ལམ་དུ་བྱེད་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཁམས་ལ་ད་ལྟ་ནས་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་ལམ་དུ་བྱེད་ནུས་པས་ནི་འབྲས་བུ་སྔགས་ཀྱི་ཐེག་པ་དང་། དེ་ལྟར་བྱེད་མི་ནུས་པ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་གཉིས་སོ་སོར་འབྱེད་ནུས་པའི་བློ་གྲོས་ཀྱི་སྤོབས་པ་ཁྱབ་པར་ཅན་ཐོབ་པར་སྨོན་པའོ། གཉིས་པ་ནི། དམ་པའི་ཆོས་ཀྱི་མཚན་ཉིད་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཞིག་ཡིན་ལ། དེ་ལྟར་དགེ་བར་བྱེད་པ་ལ་བླ་མ་དམ་པ་དགེ་བའི་བཤེས་གཉེན་གཅིག་བུ་ལ་རག་ལས་ན་དུས་འདི་ནི་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་བླ་མ་དང་མཇལ་བའི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་དང་། མཇལ་ན་སྐང་ཅིག་ཀྱང་མི་འབྲས་བར་ལུས་ངག་གི་ཞབས་ཏོག་དད། ཟང་ཟིང་གི་འབུལ་བ་དང་། སྒྲུབ་པའི་རྒྱལ་མཚན་འཛུག་བ་སྟེ་མཉེས་པ་གསུམ་གྱིས་བརྟེན་ནས་ཅི་གསུང་གི་བའི་བསྒྲུབ་ཅིང་། ཁྱད་པར་གསུང་གི་བདུད་རྩི་དམ་པའི་ཆོས་ཀྱི་རོ་མྱངས་ནས་དེའི་སྒྲུབ་པ་ལ་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད་བས་འདི་ཕྱི་གང་རུང་དུ་

(༥༦༩""དངོས་གྲུབ་རྣམ་གཉིས་ཐོབ་ཅིང་། གལ་ཏེ་ཅུང་ཟད་ཁ་འགྱངས་ནའང་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ལས་སྐྱེ་བ་ཕྱི་མར་ཡང་བླ་མ་མཚན་ལྡན་དང་མཇལ་ནས་རྗེས་སུ་འཛིན་པར་ཡིན་པས་ན། ༈ །བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་བླ་མ་མཆོག་དང་མི་འབྲལ་ཞིང་། །དེས་གསུངས་གསུང་གི་བདུད་རྩི་མྱོང་བ་དང་། །དེ་དོན་བསྒྲུབ་ལ་ཞུམ་པ་མེད་པ་ཡི། །ཚེ་རབས་ཀུན་ཏུ་ཡོངས་འཛིན་དམ་པ་དང་། །ནམ་ཡང་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཅེས་སོ། །མདོ་སྔགས་ཐེག་པ་བསམ་ཡས་མཆོག་གི་སྒོ། །ལུང་དང་རྟོགས་པའི་དམ་ཆོས་ལ་འདུ་པས། །འདི་ནི་བསྟན་པ་ཡོངས་རྫོགས་མཛོད་ཀྱང་ཕྱིར། །འགྲེལ་བ་ཉུང་དུས་དོན་མཐའ་དཔོགས་བ་མིན། །དེ་ལྟ་ན་ཡང་འདི་ཉིད་ཁ་ཏོན་དུ། །བགྱིད་རྣམས་དོན་ལ་དོགས་པ་འཕྲོ་བའི་ཕྱིར། །ཡི་གེའི་ཕྱི་མོར་དབྱངས་གསལ་བསླབས་པ་བཞིན། །འདི་ཉིད་རིག་པས་དོན་གྱི་ཕྱོགས་མཐོང་འགྱུར། །དེ་ལས་དབྱིས་ཕྱིན་ཤེས་པར་འདོད་པ་རྣམས། །བདེན་རྣམ་གཉིས་ཀྱི་ཤིང་རྟར་བརྟེན་བྱས་ན། །དེ་གཉིས་འདི་ཡི་འགྲེལ་བར་ཡང་འགྱུར་ལ། འདི་ཉིད་དེ་ཡི་རྩ་བར་ཡང་འགྱུར་རོ། །འདི་ནི་ངེས་པ་དོན་གྱི་སྤྲུལ་པའི་སྐུ། །ཤཱདྡྷ་པུ་རིར་གཤེགས་ནས་ཁྱིམ་ལ་གཡོར། །རང་བྱུང་རྡོ་རྗེའི་འཇིགས་མེད་གླིང་པས་བཀོད། །དགེ་བས་འགྲོ་ཀུན་རྣམ་མཁྱེན་ཐོབ་པར་བདེན་གཉིས་ཤིང་རྟ་དང་། རྣམ་མཁྱེན་ཤིང་རྟ། ཤོག་ །གཞུང་རྩ་བ་དག་རྒྱུ་ནམ་དག་པ་ཡི་གེར་འཕེལ་མདོ་སྔགས་སྨོན་ལམ། བ་རེ་མང་ལས་དཔྱང་ཞུས་ཡང་དག་བགྱིས་བ་ཡིན་པས་འབྲུ་ལེན་གྱིས་བཤུ་བ་གལ་ཆེའོ།

(༥༧༠)

(༥༧༡)ཡང་རྫོད་ཐུགས་སྒྲུབ་ཀྱི་ཧཱིུ་བསྙེན་དམིགས་སྐོར་དཔལ་རིའི་མྱུར་ལམ་བཞུགས།

(༥༧༢)རྩོལ་མེད་ཀ་ནས་ངག་པའི་རིག་པའི་གདངས། །ལྷུན་གྲུབ་ཁྲག་འཐུང་ཀླི་ལར་ཡོངས་ཤར་ནས། །བདུད་སྡེ་ཐིལ་གནོན་ཧཱུཾ་གླུའི་གད་རྒྱངས་ཅན། །ཁྱོད་དང་དྲིན་ཅན་བླ་མ་དབྱེར་མི་བཟོད། །དེ་ཡང་གཏེར་གསར་ཐུགས་སྒྲུབ་ཀྱི་ཧཱུྃ་སྒྲུབ་པདྨ་ཐིག་གི་དམིགས་སྐོར་ནི། རིག་པའི་ངོ་བོ་ཅིར་ཡང་མ་དམིགས་པའི་དྲན་ཤེས་སོ་མ་དེ་ཁའི་དང་ལས་དག་ཏུ། ཧཱུྃ་ཧཱུྃ་ཞེས་བརྗོད་བས་བདུད་འདུ་ལས་ཧཱ་གུ་གུ་ཀཱི་ལ་ཡ་དྲག་པོ་རྩལ་ཞེས་བྱ་བ་ཞལ་གཅིག་ཕྱག་གཉིས་སྐུ་འཇིགས་པའི་ཆ་ལུགས་ཅན། གསུང་རྡམས་བའི་དར་སྒྲག་པ། ཐུགས་དྲག་པོའི་དར་དང་ལྡན་པ། སྐུ་སྨད་དཔལ་ཕུར་ཟུར་གསུམ་འཇིག་རྟེན་སྲིད་པ་ཨེ་དབྱིངས་སུ་ཟུག་ཅིང་། སྐུ་མདོག་དམར་སྨུག་ཟ་འོག་གི་བེར་སྨུག་གསོལ་བ། དཔལ་གྱི་ཆས་བཅུས་སྤྲས་པ། སྨིན་མ་དང་སྨར་མེ་སྟག་འཕྲོ་བ། དབུ་སྐྲ་དམར་སེར་གྱེན་དུ་གཡེང་ཞིང་། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའི་ལ་འཕྱར་ཞིང་། སྡིགས་མཛུབ་ཀྱི་རྩེ་ལ་དཀར་ནག་གི་ཁྱུང་ཚོགས་སྤྲོ་ཞིང་། སྟེང་གདོན་ཕྱོགས་སྐྱོང་མ་ལུས་གཟིང་བར་བྱེད་པ། ཕྱག་གཡོན་ཕུར་བུའི་རྣོ་དཔལ་བགེགས་ལ་གཟིར་ཞིང་སྡིགས་མཛུག་ཀྱི་རྩེ་ལས་ལྕགས་སྡིག་ནག་པོ་མགོ་དགུར་བཅོ་བརྒྱད་པའི་ཚོས་སྤྲོས་ཏེ། ས་བདག་ཀླུ་གཉན་མ་ལུས་འཇོམས་པར་བྱ་བ། བསྐལ་བའི་མེ་འབར་བའི་ཀློང་དུ་ཁམས་གསུམ་དབང་དུ་སྡུས་ཅིང་སྲིད་གསུམ་ཟིལ་

(༥༧༣)གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུར། ཅེས་པའི་བར་བརྗོད་ལ་དྲན་རྫོགས་སུ་བསྐྱེད། དེ་གའི་དང་ལས་དམིགས་བའི་གསལ་ཆ་མ་ཡེངས་ཙམ་གྱི་དང་ནས། ཧཱུྃ་ཧཱུྃ་ཧཱུྃ་ཞེ་ཤུབ་བུར་འཇམ་ན་རར་བཟླ་ཞིང་། དམིགས་གནད་ནི་རངལྷར་གསལ་བ་དེའི་མགྲིན་པ་ན་ཧཱུྃ་སྒྲ་དེ་ལས་བསྐྱེད་པའི་ཧཱུྃ་ཡིག་མཐིང་ག་འོད་ཀྱི་རང་བཞིན་ཅན་གྱི་བསམ་གྱིས་མི་ཁྱབ་པ་བྱུང་ནས་ཁོང་པའི་ནང་ཐམས་ཅད་པང་པ་འབྲུས་ཁེངས་པ་བཞིན་ཐེ་ཙོར་ནེ་ཙེར་དུ་ཁེངས་པས། རང་ལུས་རྡོས་བཅས་སུ་ཞེན་པའི་ཤ་ཁྲག་ནད་ཁྲོལ་ཐམས་ཅད་སྤུ་རྡུལ་དང་ལྕགས་བསྲེགས་ཐུག་པ་བཞིན་དུ་སྟོང་ཆམ་གྱིས་སྦྱངས། དེ་བཞིན་དུ་ནད་གདོན་སྡིག་སྒྲིབ་ཉོན་མོངས་བག་ཆགས་ཤེས་བྱའི་སྒྲིབ་པ་དང་བཅས་པ་ཐམས་ཅད་ཀྱང་ཧཱུྃ་ཡིག་དེ་དག་གིས་བསྲེགས་ཤིང་སྦྱངས་ནས་རིག་པའི་ངོ་བོ་ཅི་ཡང་མ་གྲུབ་པ་ཧར་རེ། གསལ་མདངས་མ་འགགས་པ་འཇའ་ཚོན་ལྟ་བུའི་ལྷ་སྐུ་ཟང་ཐལ་སྒྲིབ་གཡོགས་དང་བྲལ་ལམ་མེ། ཐུགས་རྗེའི་རིག་རྩལ་ཉི་ཟེར་ལ་རྡུལ་ཕྲན་འཁྲིགས་པ་ལྟ་བུའ་ཧཱུྃ་ཡིག་རང་སྒྲ་དི་རི་རི་སྒྲོག་པས་ཁོང་པའི་ནང་ཐམས་ཅད་ཁེངས་བར་བསྒོམ་ཞིང་། དམིགས་པ་དེ་ཁ་བརྗེད་ཙམ་པ་ལས་ཀུན་བརྟགས་བློས་བྱས་ཀྱི་བསྐྱེད་རིམ་ནན་གྱིས་མི་བསྒྲུབ། དེ་ལྟ་བུའི་དམིགས་པ་ཞག་བདུན་ཕྲག་ཏུ་བྱེད་པར་གསུངས་ཤིང་། འདི་ལ་དགོས་པ་ཁྱད་པར་ཅན་གཉིས་ཡོན་དེ། གནས་

(༥༧༤)སྐབས་སུ་ནད་གདོན་སྡིག་སྒྲིབ་ཉམས་ཆག་སོགས་དག་པ་དང་། མཐར་ཐུག་ཕུང་པོ་འོད་སྐུར་གྲོལ་པར་འགྱུར་རོ། །དེས་ནི་གཞུང་ནས་གསུངས་བ་ལྟར་གྱི་རྟགས་མཚན་ངེས་པར་རྦེད་པར་འགྱུར་ཞིང་། དེ་ནས་རིག་རྩལ་སྦྱང་བའི་ཕྱིར་དམིགས་བསྲོ་བ་ནི། དག་ཏུ་ཧཱུྃ་ཧཱུྃ་ཞེས་ཚིག་དྲག་ཅན་གྱི་ང་རོས་སྒྲ་དྲག་པོ་བརྗོད་པ་ལས། ལུས་ཀྱི་དབང་པོའི་སྒོ་རྣམས་དང་བ་སྤུའི་བུ་ག་ཕྲ་མོ་ཚུན་ཆོད་ནས་ཐབས་ཤེས་ཀྱི་ཧཱུཾ་ཡིག་ ཧཱུྃ་ཧཱུྃ་ཁ་སྦྱོར་འདི་འདྲ་བ་དཔག་ཏུ་མེད་པ་རྒྱངས་རྒྱངས་འཕྲོས་བས་ལས་དང་པོ་པས་རེ་ཞིག་རང་ཉིད་འཇུག་གནས་ཀྱི་ཁང་པའི་ནད་ཙམ་ལས་མི་སྤྲོ་བར་བྱས་ན་དངོས་ཞེན་འཇིག་ཅིང་དམིགས་བ་གསལ་བ་དེ་བ་ཡོད་པས། ཁང་པའི་ནང་གི་དངོས་ཆ་ཀ་བ་སོགས་མདོར་ན་རྡོས་བཅས་སུ་གྱུར་ཚད་ཐམས་ཅད་ཧཱུྃ་དེ་དག་གིས་ཐེ་ཚལ་དུ་བཏང་ནས་སྟོང་ཆམ་ཆམ་སང་བར་བསམས་ལ་རིག་པ་ཧུར་ཕྱུང་། དེ་ནས་རིམ་བཞིན་ཁང་པའི་རྩིག་པ། ཡུལ་ལྗོངས་རི་བྲག་སོགས་ལའང་དེ་བཞིན་དུ་བྱས་རྗེས་མཐར་དབང་ཆེན་གསེར་གྱིས་གཞིས་བཏེག་པའི་བརྟེན་སྣོད་ཀྱི་འཇིག་རྟེན། གཡོ་བ་བཅུད་ཀྱི་སེམས་ཅན། མི་དང་མི་མ་ཡིན། རྒྱལ་འགོང་དམ་སྲི་ལ་སོགས་པ་མདོར་ན་དངོས་པོར་གྲུབ་ཚད།་ ཤེས་བྱར་བཏགས་ཚད་ཐམས་ཅད་དམིགས་མེད་རྣམ་མཁའ་ལྟ་བུའི་དང་ལ་སྦྱངས་ནས་མཐར་གང་སྣང་གང་ཤར་ཐམས་ཅད་ཧཱུཾ་གིས་ཡོ་ལས་སུ་ཤེས་དོར་ལམ་ལམ་གསལ་བ་ཙམ་དུ་བཟླ། འདི་ཡང་བདུན་ཕྲག་ཏུ་བྱེད་པར་གསུངས་ཤིང་འདིར་སྣང་སྲིད་ཆོས་ཉིད་དུ་ཤར་ཞིང་ཡུལ་སྣང་འོད་གསལ་དུ་གྲོལ་བ་དང་། ཨ་འཐས་ཀྱི་དངོས་ཞན་རྩད་ནས་ཆོད་པའི་དགོས་པ་ཁྱད་པར་ཅན་ཡོད། དེ་ནས་དམིགས་ཁ་སྤོ་བ་ནི་སྟོང་གསུམ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་བལྟས་པ་དེའི་དང་ལས་ངག་ཏུ། ཧྲཱི༔ ཧྲཱིཧྲཱིཧྲཱིཧྲཱི ཞེས་བརྗོད་བས་ཧཱུྃ་དེ་དག་ཐམས་ཅད་པདྨ་ཉི་མ་རོའི་སྟེང་ན་འགྱིང་བའི། དཀར་སེར་དམར་ལྗང་མཐིང་གའི་ཁ་དོག་ཅན་གྱི་མཁའ་འགྲོ་མ་ཕྱག་གཡས་འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། རྡོ་རྗེ་སྟེ་སོ་

(༥༧༥)སོའི་རིགས་ཀྱི་ཡུ་བ་བྱས་པའི་གྲི་གུག་དང་། གཡོན་ཐོད་ཁྲག་གྲུ་མོ་ཊཱཾྭ་ག་བསྣམས་པ་འབའ་ཞིག་ཏུ་སྐད་ཅིག་ཉིད་དུ་གྱུར་ནས་ཞལ་ནས་ཧཱུྃ་གླུ་ཀྱུ་རུ་རུ་སྒྲོག་ཅིང་། རྡོ་རྗེའི་བྲོ་བརྡུང་གར་སྟབས་བྱེད་པ་འབའ་ཞིག་གིས་སྟོང་གསུམ་ཁེངས་ནས་ཡོམ་ཡོམ་འགུལ་འགུལ་ཤིག་ཤིག་བྱེད་པར་བལྟ་པའི་དར་ཆ་དྲག་པོས་རྒྱས་བཏབ་ལ། དག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བཟླ་ཞིང་སྐབས་སུ་དབྱངས་ཀྱི་རྟ་ལ་བསྐྱོན་ནས་བཟླས་པས་ཉམས་འུར་དི་དིར་བྱེད་བ་འོང་། དེ་གའི་དམིགས་བ་མ་བརྗེད་ཙམ་གྱི་དང་ལས་རང་ཉིད་དང་མཁའ་འགྲོ་མ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དང་། ཁྱད་པར་དུ་རྔ་ཡབ་པདྨ་འོད་ཀྱི་ཕོ་བརྣག་དུ་སྤྲས་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་སློབ་དཔོན་ཆེན་པོའི་ཐུགས་རྒྱུད་གནད་ནས་བསྐུལ། དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བུན་ལོན་དེར་བྱོན་ནས། བདག་ལ་ཐིམ་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ། བཀྲག་དང་གཟི་བརྗོད་རྒྱས་པར་བསམ། ཡང་འོད་ཟེར་ལྕགས་ཀྱུའི་རྣམ་བ་ཅན་ཕྱོགས་མཚན་ཀུན་ཏུ་སྤྲོས། འཇིག་རྟེན་གྱི་ཁམས་ན་མཐུ་དབང་ཆེ་བར་གྲགས་པའི་དབང་ཕྱུག་ །ཚངས་པ། བརྒྱ་བྱིན། གཤིན་རྗེ་སོགས་ཕྱི་ནང་གསང་གསུམ་གྱི་དྲེགས་པ་སྡེ་བརྒྱད་མི་བསྲུན་པ་ཐམས་ཅད་ཀྱི་སྙིང་ནས་དྲངས་ཏེ་དབང་དུ་བསྡུས། ཕྱག་འཚལ་ཞིང་ཅི་བགྱིའི་འབངས་ཅུམ་ཆིའོ་ཞེས་བྲོ་བོར་བར་བསམས་ལ་ཧཱུྃ་ལྔའི་སྒྲ་འུར་དི་དིར་སྒྲོག་ །འདི་བདུན་ཕྲག་གཉིས་ཙམ་འདྲེན། དེ་ནི་བསྟེན་པ་འདི་ག་ཟླ་གཅིག་བྱེད་པའི་དབང་དུ་བྱས་ཤིང་། གཞན་ནི་བསྙེན་དུས་རིང་ཐུང་ཇི་ཙམ་བྱེད་པའི་ཆ་བགོ་ལུགས་གོང་ལྟར་བྱེད། འདི་ནི་རྒྱུན་དུ་ཡི་དམ་ལ་གཟུང་པའི་མན་ངག་སྦར་བཅངས་མ་ཤིན་ཏུ་ཟབ་པ་ཡིན་པས་གཏན་དུ་དམིགས་པ་རྣམས་མཐར་ཆགས་སུ་ཆ་ཚང་བ་ནས་མཐར་སོང་གསུམ་མཁའ་འགྲོས་གང་བ་དེ་ལ་ནན་ཏན་བྱ་བའི་སྙིང་པོ། གཟུགས་སྣང་ཅི་ལྟར་སྣང་ཚད་མཁའ་འགྲོ་སྡེ་ལྔའི་ངོ་བོར་མོས། སྒྲར་གྲགས་ཐམས་ཅད་ཧཱུྃ་གི་རང་སྒྲའི་རི་རི་སྒྲོག་པར་བསམ།

(༥༧༦)དྲན་རྟོག་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་དང་ལ་རེ་དོགས་མེད་པར་འཇོག་པ་བསྐྱེད་པ་མ་ཧཱ་ཡོ་གའི་བསྐྱེད་རྫོགས་ཟུང་འཇུག་གི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན། ནུབ་མོ་ཉལ་བའི་ཚེ་མཁའ་འགྲོ་མ་རྣམས་གཅིག་ལ་གཅིག་ཐིམ་ནས་མཐར་ཧཱུྃ་ཡིག་གཅིག་ཏུ་གྱུར་ནས་དེ་ཡང་རང་གི་ཐུགས་སྲོག་དང་བསྲས་རྗེས་སྙིང་གའི་ཧཱུྃ་ཡིག་ལ་དབང་ཤེས་བསྡུས་ཏེ་བསམ་བློ་སྐོར་མི་གཏང་བར་གཉིད་ལོག་པར་བྱ། ནད་པ་སོགས་གདོན་ཅན་ལ་ཕན་འདོགས་ན་བསྒྲུབ་བྱ་དང་གནོད་བྱེད་གཉིས་ཀ་ལ། སྙིང་རྗེ་དུང་དུང་བསྐྱེད་རྗེས་ཧཱུྃ་ཡིག་དཀར་པོ་བསམ་གྱིས་མི་ཁྱབ་པ་དེ་ལ་སྤྲོས་པས་གདོན་དེ་དག་གི་རྒྱུད་ལ་བྱང་སེམས་སྐྱེས་ནས་གནོད་པའི་བསམ་པ་དང་བྲལ། ནད་པ་ཡང་ཉེར་ལེན་ཕུང་པོས་བསྐྱེད་པའི་ནག་གདོན་ཐམས་ཅད་སངས་སངས་དག་ནས་ལུས་ཤེལ་གོང་ལྟ་བུར་གྱུར་པར་བསམས་ལ་གནོད་བྱེད་དང་གནོད་བྱ་ཕན་བྱེད་སོགས་གང་དུ་ཡང་མ་གྲུབ་བའི་དང་དུ་ཅི་ནུས་སུ་མཉམ་པར་གཞག་ །དེ་ལས་ལྡངས་པའི་རྗེས་ཐོབ་ཏུ། དགེ་བ་སེམས་ཅན་ཐམས་ཅད་ལ་བསྔོ། རྣམ་པ་ཀུན་ཏུ་ཉམས་ལེན་འདི་ཁོ་ན་སྙིང་གི་ཟུངས་ཁྲག་ལྟ་བུར་གཟུང་། ཉམས་ལེན་འིད་དང་མ་བྲལ་ན་རྔ་ཡབ་པདྨ་འོད་དུ་བྱེད་འདི་བཏང་མ་ཐག་ཏུ་ཕྱིན་ཆོག་པ་ནི། འདི་ཉིད་ལས། ཧཱུཾ་ལྔའི་སྒྲ་ཡིས་དུག་ལྔའི་ཉོན་མོངས་འཇོམས། སྐུ་ལྔའི་ཞིང་རིགས་ལྔའི་སངས་རྒྱས་མཇལ༔ ཡེ་ཤེས་ལྔ་རྟོགས་མཁའ་འགྲོ་སྡེ་ལྔས་སྐྱོབ། མཐར་ཐུག་ལྔ་ལྡན་པདྨ་འོད་དུ་བགྲོད༔ རིག་འཛིན་གྲལ་དུ་ཐེ་ཚོམ་ཡོད་རེ་ཀན༔ རྟག་ཏུ་འདི་ལ་རྒྱུན་གྱི་རྣལ་འབྱོར་བྱ༔ ཞེས་སློབ་དཔོན་ཉིད་ཀྱིས་ནམ་ཡང་རྫུན་མི་གསུང་བའི་ངེས་ཤེས་བློ་ལ་བཞག་ནས་ཨ་འཐས་ཁ་ཕྱིར་བལྟས་ཀྱི་དགེ་སྦྱོར་ངལ་དུབ་ཆ་ལ་དོན་མེད་པ་གཞག་ནས་མཁའ་འགྲོའི་ཞལ་རླངས་ཆིལ་ཆིལ་བ་འདི་ལ་རྟག་ཏུ་ཡེངས་མེད་དུ་ཉམས་ལེན་ནུས་ན་འཆི་ཁ་དང་བར་དོར་ཡང་འདི་གཅིག་པོས་ཆོག་བས་སྙིང་གྲོགས་དམ་པའི་ཐུགས་ལ་གཞུགས། འཁོར་བ་ཆུ་ཤིང་སྡོང་པོར་སྙིང་པོ་ཡོད་མ་ཡིན། །ཚེ་

(༥༧༧)སྲོག་རྩྭ་ཁའི་ཟིལ་པ་ད་ལྟ་ཉིད་དུ་འཇིག་ །བསགས་པའི་དཀར་ནག་ལས་འབྲས་ལུས་དང་གྲིབ་བཞིན་འགྲོགས། །རན་ནོ་འཆི་ཆོས་རན་ནོ་དྲན་བའི་མདོ་ལ་སྒྲིལ། །ཐ་སྙད་ཤེས་བྱའི་མཐའ་ལ་ཆོད་དུས་ཡོད་མ་ཡིན། །ཉེ་འབྲེལ་འདོད་ཡོན་ཀུན་གྱིས་ལོག་པའི་ལམ་ལ་ཁྲིད། །ཆགས་སྡང་གྲུབ་མཐའ་ཞེན་པས་དམྱལ་བའི་ས་བོན་སྒྲུབ། །སྣ་ཐག་མགོ་ལ་དཀྲིས་ནས་དབེན་པའི་གནས་སུ་སོང་། །རང་ཉིད་ལོག་འཚོ་སྒྲུབ་ཅིང་གཞན་ལ་ཆོས་བཤད་བྱེད། །བཤེས་གཉེན་ཕྱིན་ཅི་ལོག་ལ་གདམས་པ་འདི་མ་སྟོན། །ཐ་སྙད་ཅ་ཅོའི་ཚིག་གིས་གནས་ལུགས་དོན་མི་མཐོང་། །ལྟ་བར་དགག་བཞག་མང་ཡང་རྫོགས་ཆེན་འདྲ་བ་མེད། །གྲུབ་མཐའི་ཁ་འཛིན་བཟུང་ནས་དེ་སྐད་བརྗོད་པ་མིན། །ཡིན་ལུགས་ཐོག་ཏུ་ཁེལ་ནས་གསོང་པོར་སྨྲས་པ་ཡིན། །ཡིད་དཔྱོད་ཏིང་ངེ་འཛིན་གྱིས་སྤྲོས་བྲལ་ག་ལ་མཐོང་། །ས་བཅུ་ལམ་ལྔའི་ཡོན་ཏན་མ་བཅོས་རིག་བར་དག་ །སྔོན་བསགས་ལས་འཕྲོ་ཡོད་པས་མཚན་སྣན་བླ་མ་མཇལ། །གསོལ་འདེབས་མོས་གུས་ཕུང་བས་བྱིན་རླབས་རྒྱུད་ལ་ཞུགས། །མི་ཚེ་བློས་བཏང་བསྒོམས་བས་དོན་དམ་བདེན་པ་མཐོང་། །ཐུགས་དེ་ད་ལྟར་ཤི་ཡང་ཅི་དྲག་གང་ལ་མྱང་། །བརྒྱུད་པའི་བྱིན་རླབས་ཞུགས་ནས་རིག་པའི་རྩལ་ཆེན་རྡོལ། །གདམས་བའི་གནད་འགག་གོ་ནས་སྙིང་གཏམ་ཡི་གེར་བྲིས། །འདི་ལ་ཁ་ན་མཐོའི་ཉེས་སྐྱོན་ཡོད་མ་ཡིན། །དག་སྣང་རབ་འབྱམས་དང་ནས་སྒོམ་ཕྲུག་མཁྱེན་བརྩེས་བྲིས།

(༥༧༨)

(༥༧༩)འོག་མིན་ཚོགས་ཆེན་འདུས་པའི་དབང་ཆེན་གྱི་བསྙེལ་ཐོ་བཞུགས་སོ།

(༥༨༠)འདུས་པ་མདོ་དབང་གི་བརྗེད་ཐོ། དང་པོར་རྒྱལ་ཐོ། དེ་ནས་སྒོ་དྲུང་དུ་དམ་སྲི་གནན། གཤིན་རྗེ་དང་རྟ་མགྲིན་གྱི་སྒོ་བྱང་གདགས། ས་ཆོག་རྣམས་དཀྱིལ་ཆོག་ནང་ལྟར། མ་ཏྲཾ་ཡན་ལག་ལྔ་དང་། ཁོག་པ་ཕྱེ་ཚོག་པའི་ནང་ནས༑ དོན་སྙིང་། ནང་ཁྲོལ་སོགས་ཀྱང་བཏོན་ཆོག་པ་གོས་ཆེན་ནམ། རས་སེ་ལ་བཟོ་ནས་ལྷུ་ཕྲལ་ཆོག་པ་བྱེད། བསྒྲལ་ལུགས་སྒྲུབ་ཁོག་ནས་འབྱུང་། མགོ་སོགས་ཡན་ལག་ལྔ་དང་སྙིང་། ནང་ཁྲོལ་རྣམས་ཕྱོགས་མཚམས་བརྒྱད་དུ་བཀོད་པ་དུར་ཁྲོད་བརྒྱད་མཚོན་པ་ཡིན། དེ་ནས་ཕུར་གདན་སྟེང་ཁྲོ་བཅུའི་ཕུར་པ་གདབ་ལུགས་དང་། ས་ཐིག་ཚར་ནས་ལྷ་གནས་སུ་ལྷ་སྟ་གོན་དང་། བུམ་པ་སྟ་གོན། སློབ་མ་སྟ་གོན་སོགས་དང་། དཀྱིལ་འཁོར་ཐིག་ཚོན་གྱི་བྱ་བ་རྣམས་དཀྱིལ་ཆོག་དང་སྒྲུབ་ཁོག་གཉིས་བསྟུན། རས་བྲིས་དང་རྡུལ་ཚོན་གང་བྱེད་ཀྱང་སྒོ་དགུ་མ་བྱས་པའི་སྟེང་། སྟེགས་བུ་རྐང་རིང་སྟེང་དུ། སྟེང་ཁང་ཞི་བའི་དཀྱིལ་འཁོར་བསྒྲིབ། །བུམ་པ་དང་དཀྱིལ་འཁོར་ལ་རབ་གནས་བྱ་ཚུལ་སོགས་ཟུར་འདེབས་བཤད་ཀྱང་ཧ་ཅང་རྫོགས་ཆེན་བས་གང་འཚམས་མཛོད། དེ་བཞིན་དུ་སྨན་སྒྲུབ་དང་སྤྲེལ་བའང་བྱ་བ་མང་བས་འགྲིག་ཚོད་བྱེད། དཀྱིལ་འཁོར་རྒྱན་བཀོད་རྣམས་ཀྱང་བསྒྲིག་ །དཀྱིལ་འཁོར་གྱི་ཉེ་ལོགས་སུ་ཡན་ལག་གི་དཀྱིལ་འཁོར་སྒྲིག་པའི་སྟེགས་བུ་དང་། དེ་མཚུངས་ཆ་གསུམ་དམིགས་བསལ་གྱི་སྟེགས་བུའང་བསྒྲིག་

(༥༨༡)ལ༑ དབང་ལ་སྒྲུབ་མཆོད་དང་འབྲེལ་དགོས་པས་སྔ་ཞོགས་ཚོགས་ཆེན་འདུས་པའི་གཞུང་བསྲང་། བཟླས་པ་གྲུབ་ནས། བཟླས་པ་གྲུབ་ནས། ཉིན་དང་པོར་ཡན་ལག་གི་དབང་གི་དང་པོར་སྒོ་འབྱེད་ཕྱག་རྡོར་གྱི་རས་གྲིས་དགྲ་མ། གཏོར་མ། ཉེར་སྤྱོད། བུམ་པ་སོགས་རྫས་དབང་ཙ་ཀླི་རྣམས་ཀྱང་འདུ་བྱས་ནས་ཕྱག་རྡོར་གྱི་གཞུང་བསྲང་། བཟླས་པ་བྱ། ལས་བུམ་བསྒྲུབ། དེ་ནས་སྒོ་འབྱེད་ཀྱི་དབང་བྱ། ཕྱི་དྲོ་བསྐང་གསོ། ཚོགས་སོགས་ཆོ་གའི་རྗེ་ཆོག་བྱེད། ཆ་གསུམ་ནི། གནས་ཁང་ལོགས་ཤིག་ཏུ་ཆོག་རོགས་པ་གཞན་གྱིས་བྲང་ཀྱང་ཡོང་གང་ལྟཏ་ཉིན་ལྟར་གཏོར་མ་བརྗེས་ན་ལགས། སྒོ་འབྱེད་ཕྱག་རྡོར་གྱི་དབང་ཟིན་ནས་དེའི་རས་གྲིས་བསྡུས། དེའི་ཤུལ་དུ། ལྷ་མིའི་དཀྱིལ་འཁོར་དང་མཆོད་གཏོར་དབང་རྫས་སོགས་བསྒྲིག་ །ཕྱིར་ཉིན་ཡང་སྔ་ཞོག་རྩ་བའི་དཀྱིལ་འཁོར་ཚོགས་ཆེན་འདུས་པའི་གཞུང་བསྲང་བཟླས་པ་གྲུབ་ནས། ལྷ་མིའི་སྒྲུབ་ཐབས་ནང་བཞིན་དཀྱིལ་འཁོར་བསྒྲུབ། དེ་ནས་ལྷ་མའི་དབང་བསྐུལ་བ་དང་། སྐང་གསོ་རྗེས་ཆོག་སོགས་ཉིན་སྔ་མ་དང་འདྲ། དེ་བཞིན་དུ་ཉིན་ལྟར་ཡན་ལག་གི་དཀྱིལ་འཁོར། ཉན་ཐོས། རང་རྒྱལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད༑ རྩ་བའི་དཀྱིལ་འཁོར་ལ་འཇུག་ལུགས་དབང་ཆོག་དང་། སྒྲུབ་ཐབས་སོ་སོ་དཀྱུས་གཅིག་ལ་ཡོད་པ་ལྟར་དང་། དབང་ཞུ་མི་མང་པོ་ཡོད་པ་སོགས་ཀྱིས་མཚར་བ་དང་། དབང་དལ་འགྲོས་ཀྱི་བྱེད་ན་ཉིན་གཅིག་ཡན་ལགས་སོ་སོའི་དབང་སྒྲུབ་བྱ། སང་

(༥༨༢)ཉིན་ཡན་ལག་གི་དབང་ཉིན་སྔ་མ་བསྒྲུབས་པ་དེ་བསྐྱར་བསྒྲུབ་བསྡུས་ཙམ་བྱས་ནས་བསྐུར། རྩ་དཀྱིལ་ཉིན་ལྟར་དགོས། གྲྭ་ཚོགས་མང་པོ་དང་བཅས་སྒྲུབ་མཆོད་དལ་འགྲོས་ཀྱིས་བྱེད་ན། སྔ་ཞོགས་སློབ་དཔོན་གྱིས་གནས་ཁང་གཞན་ཞིག་ཏུ་ཡན་ལག་གི་དཀྱིལ་འཁོར་བསྒྲུབས་ནས་དབང་བསྐུར་ཀྱང་ལེགས། སློབ་དཔོན་གྱི་ངག་མ་དག་ན་སློབ་མས་དང་མི་ཐོབ་ཅེས་གསུངས་པས་དེངས་སངས་རྗེས་གནང་གི་སྟེགས་བུ་མང་པོ་ཕྲལ་བསྒྲིགས་ནས་དབང་སྒྲུབ་རྟེན་འབྲེལ་གྱི་བཅོས་ཀ་ལྟ་བུ་ཞིག་བྱེད་པ་དེ་མི་ལེགས་སོ། གཞན་ མ་མདོ་དབང་འདི་ཐེག་པ་རིམ་དགུ་ཡོངས་རྫོགས་སྔགས་ལམ་དུ་བཀྲལ་བའི་གཞུང་སྒྲོམ་ཤིན་ཏུ་ཤེ་བས་གཞན་ལས་ཁྱད་དུ་འཕགས་ཤིང་། དབང་འདི་ཐོབ་ན་བསྟན་པ་ཡོངས་སུ་རྫོགས་པའི་སྤངས་རྟོགས་ཀྱི་ས་བོན་ཐེབས་ཤིངས་ཆོད་ཆེ་བ་ཡིན་པས་དབང་རྒྱུན་ཡང་དཀོན། ཞུ་བསྐུར་ཡང་ཉུང་། ལག་ལེན་ཡང་དཀའ་སྤྱི་དོན། ཟུར་འདེབས་སོ་སོའི་དབང་ཆོག་དང་སྒྲུབ་ཐབས་སོགས་ལ་ཐུགས་རྟོག་ཞིག་འཇུག་གནང་། བསྟན་པ་ཡོངས་རྫོགས་ཀྱི་ཆུ་འགོ་རྫོགས་པའི་སངས་རྒྱས་ལ་ཐུག་ཀྱང་། རྒྱལ་བའི་འཕྲིན་ལས་ཀྱི་རྟེན་འབྲེལ་ལས་ལུགས་སྲོག་ལ་སྣ་ཚོགས་སུ་ད་རབས་སེམས་ཅས་གྱི་དོན་རྒྱ་ཆེན་པོ་འགྲུབ་ལ། ཁྱད་པར་བར་སྐབས་སུ་ཀར་འབྲུག་སོགས་བཀའ་བརྒྱུད་པའི་ཕྱོགས་ལ་གེགས་ཆག་ཆེན་པོས་བསྟན་པ་ཤིན་ཏུ་ཉག་ཕྲ་སྐབས་ཀྱང་། འབྲི་གུང་བཀའ་བརྒྱུད་ཞོ་འཇགས་སུ་གནས་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས་ཟབ་གཏེར་བཞེས་ནས་བཀའ་རྙིང་གཅིག་འདྲེས་སུ་མཛད་པའི་ཐུགས་རྗེ་ཁོ་ན་ཡིན་པས་དེའི་དོན་ལ་དགོངས་ནས་བསྟན་པ་གཅེས་སྤྲས་རྒྱ་ཆེན་པོ་མཛད་བཞུ་ཞེས་གསོལ་བ་འདེབས་པ་ལགས།

(༥༨༣)བདེ་གཤེགས་སྒྲུབ་བཀའ་བརྒྱད་ཉང་ལུགས་ཀྱི་གཏོར་བཟློག་སྐོར་གྱི་དྲི་ལན་གཤིན་རྗེའི་གད་རྒྱངས་བཞུགས།

(༥༨༤)བཀའ་བརྒྱད་ཀྱི་གཏོར་བཟློག་སྐོར་ལ་དྲི་བཅུང་ཟད་མཛད་པའི་ལན། མ་ཊཾ་ལ་ལྷ་བསྐྱེད་པའི་འདུན་པ་ཇི་ལྟར་བྱ། གསུངས་པ་སྤྱིར་བཀའ་བརྒྱད་ཙམ་ལ་གཏེར་ཁ་བསམ་གྱིས་མི་ཁྱབ་མོད་ཀྱི། གཙོ་བོར་གྱུར་པ་ནི་གོང་འོག་གཉིས་ཁོ་ན་ཡིན། དེ་ཡང་རང་ལུགས་ལ་ནི་གོང་མའི་བདེ་གཤེགས་འདུས་པ་ཞེས་དུར་ཁྲོད་བསིལ་ཚལ་དུ་སློབ་དཔོན་རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་བུ་ཕྱག་ཏུ་འབྱོར་པའི་ནང་ནས་དཀྱིལ་འཁོར་དགུ་ཚོམ་བུ་གཅིག་ཏུ་བསྒྲུབ་ཐབས་བྱུང་པ་བོད་དུ་མངའ་བདག་རྒྱལ་པོ་ལ་གཙོ་བོར་གསུངས་པ་དེ་ཡིན། །དེ་ལ་དང་པོ་ནས་ཤོམ་གྱི་སྐབས་དཀྱིལ་འཁོར་རྒྱས་འབྲིང་གཉིས་སུ་ཡོད་པའི་བསྡུས་པ་ནི་སྒྲོ་མེད་མ་ཊཾ་ལ་གསུངས་ཏེ་བདེ་འདུས་ཀྱི་གཟེར་ཁའི་མན་ངག་གཏེར་བྱོན་རྩ་བར། །བསྡུས་པར་བྱེད་ན། མ་ཊཾ་ཆེན་པོ་ཞིག་གི་ཁོག་པར། འཁོར་ལོ་རྩིབས་བརྒྱད་མཐིངག་ལ༔ཟླ་གམ་དམར་པོ་གསུམ་དང་ལྡན་པ༔ མུ་ཁྱུད་དཀར་པོ་ཐོད་པའི་ཕྲེང་བས་བསྐོར་བའི༔ དབུས་དང་རྩིབས་རྣམས་ལ་ཧཱུཾ་རེ་རེ་བཀོད༔ ཅེས་པས་ཞིང་འགྲེལ་ཟོར་ལས་གནམ་ལྕགས་ཐོག་མདའ་དང་། དཔེ་རིས་བལྟས་ཆོག་མ་སོགས། ཆོས་ཀྱི་གྲགས་པས་མཛད༑ འོན་ཀྱང་དམིགས་པའི་བྱ་ཐབས་གུད་དུ་མ་བྱུང་བ་སྒྲུབ་ཆེན་གྱིས་ཁོག་འབུབས་པའི་དབང་དུ་མཛད་ཀྱང་། སྤྱིར་མ་ཊཾ་ཡོང་བ་འདི་སྔོན་དཔལ་ཆེན་པོས་རཱུ་ཏྲ་དུ་མ་བུ་བརྒྱད་དུ་མཛད་དེ་ཕྱོགས་མཚམས་བརྒྱད་དུ་གཏོར་བས་དུར་ཁྲོད་ཆེན་པོ་བརྒྱད་ཆགས་བའི་ཚུལ་ནི། ཆེས་དབང་

(༥༨༥)གི་གསང་རྫོགས་བྱིན་འབེབས་ལས། རཱུ་ཏྲའི་སྙིང་དང་སྟོབས་བཟང་རོ། །ཤར་ཕྱོགས་དུར་ཁྲོད་བསིལ་བ་ཆེ་ལ། ཞེས་སོགས་གསུངས་པ་ལྟར་དང་། ཁོག་པ་རང་བྱུང་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་བྱིན་གྱིས་བརླབས་པ་བཞིན། འདིར་ཡང་རཱུ་ཏྲའི་ཁོག་པ་དཀྱིལ་འཁོར་གྱི་རང་བཞིན་དུ་མོས་དགོས། དེ་ཡང་ཨ་འཐས་དུད་འགྲོའི་ཁོག་པ་ལྟར་གསལ་རྒྱུ་མིན་ཏེ་ལས་བྱང་ནས་ཇི་ལྟར་བཤད་པའི་དཀྱིལ་འཁོར་སྒོ་རྫོགས་ཁོ་ན་གསལ་དགོས་ཏེ། འོ་ན་རྡུལ་ཚོན་ལ་སྒོ་རྫོགས་མེད་པར་ཇི་ལྟར་བ་འཐད་སྙམ་ན། དེ་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་གཞིའི་རྟེན་ཡིན་ཏེ། དོན་དུ་དམིགས་པའི་བྱེད་ལས་ཀྱིས་དཀྱིལ་འཁོར་ཚུལ་ལྡན་འདོན་ཆ་དང་མཐུན་པར་སྒོམ་དགོས་ལ། དེ་ལྟར་མ་ཡིན་ན་འབྲུ་ཚོམ་ལ་བརྟེན་པ་རྣམས་ཀྱང་དཀྱིལ་འཁོར་དུ་སྒོམ་མི་རུང་བའི་སྐྱོན་ཡོད་དོ། །གཉིས་པ་དེ་ལ་གཏོར་མ་བཀོད་ནས་དམིགས་པ་ཇི་ལྟར་བྱེད་དགོས་གསུང་པ་སྤྱིར་གཏོར་བཟློག་འདི་རིགས་ལ་གཏོར་མ་ཡང་ཐོག་མ་ཉིད་ནས་འགོད་དགོས་པ་མ་གཏོགས་བློས་བྱས་ཀྱི་ལག་ལེན་གློ་བུར་བ་ལ་གཟུང་གི་ཁུངས་འདྲེན་རྒྱུས་དབེན་པ་དང་ །གལ་ཏེ་ནམ་དུས་ཀྱིས་ཞིག་དོགས་སོགས་ཡིན་ན་རྟེན་གཞལ་ཡས་ལ་རྟེན་པའི་ས་བོན་བཀོད་པ་བཞིན་ལྷ་མངོན་རྟོགས་དང་མཐུན་པ་བསྒོམས་པ་ཁོ་ནས་ཆོ་ག་ལ། རྗེས་སུར་བུམ་པ་འཛུགས་པ་སོགས་སྣ་ཚོགས་ཤིག་བྱ་གི་འཇུག་པ་གཏོར་བཟློག་གི་གཞུང་མན་ངག་བརྒྱུད་པའི་ཕྱག་ལེན་སོགས་

(༥༨༦)གང་ནས་ཀྱང་མ་བཤད་ལ། དབང་སྒྲུབ་ལྟ་བུའི་ཞྭ་དཔེ་ལྷྲམ་འགེབས་ཡིན་ཤས་ཆེ་ཡང་མཚུངས་པའི་སྐབས་མེད་དེ། ཅིའི་ཕྱིར་ན་དེ་དག་གི་ཚེ་ནི་ཐུན་མཐར་བུམ་པའི་ལྷ་འོད་ཞུ་བྱས་ཏེ་བདག་དོན་དུ་དངོས་གྲུབ་ཞུ་བ་དང་། གཞན་དོན་དུ་སློབ་མ་སྨིན་པར་བྱ་བའི་སྟབས་ཡིན་པ་མ་གཏོགས། །དྲག་ལས་ལ་ཞི་བའི་དཔེ་སྦྱར་འོད་ཞུ་སོགས་མེད་པའི་བུམ་ཆུས་གཏོར་མའི་ཁུ་བ་བྱེད་པའི་ཁས་ཁྱད་བླུན་པོའི་བྱ་ལས་སོ། །བདེ་འདུས་ཀྱི་ཉམས་ལེན་གྱི་མཐིང་གཟེར་ཁའི་མན་ངག་ལས། སྤྱི་དོན་གཉིས་པ་ལག་ཏུ་བླང་བའི་རིམ་པ་ལ་གཉིས༔ ཐུན་མོང་ཕྲིན་ལས་ཀྱི་གཞུང་བསྲང་བ་དང་༔ ཁྱད་པར་དུ་བཟློག་པའི་ཕྲིན་ལས་སོ༔ ཞེས་པའི་ས་བཅད་ཀྱི་རྩིས་མགོ་བསྡུས་ནས། གཏོར་མ་ལ་ནི་སྤྱིར་བཏང་དུ་ཤེས་པ་སུམ་ལྡན་ཞེས་སུ་བཞེད་ཀྱང་། བདེ་འདུས་རང་ལུགས་ལ་ཤེས་པ་བཞི་ལྡན་གྱིས་ལྡོག་པ་ཤེས་དགོས་ཏེ། མན་ངག་གཅེས་པའི་ལྡེ་མིག་ཏུ། ལག་ལེན་ཤེས་པ་བཞིར་བསྟན་ཏེ། བ་ལི༚་གཏོར་མ་ཆེན་པོ་ཉིད༔ མཆོད་པར་ཤེས་དང་ལྷར་ཤེས་དང་། དམག་དཔུང་ཤེས་དང་ཟོར་ཤེས་བྱ༔ ཞེས་གསུངས་པ་ལྟར་དང་པོ་ལས་བྱང་སྐབས་མཆོད་པར་ཤེས་དགོས་ཏེ། དེ་ཉིད་ལས། དང་པོ་ཕྲིན་ལས་གཞུང་སྲོང་དུས༔ བ་ལི༚་མཆོད་བར་ཤེས་པར་བྱ༔ ཞེས་གསུངས། དེ་ནས་བཟློག་གཞུང་གྱེར་བའི་ཚེ། ལྷར་མོས་དགོས་ཏེ། གཉིས་པ་བཟློག་གཞུང་གྱེན་བའི་ཚེ༔ གཏོར་མ་ལྷ་དགུར་ཤེས་པ་གཅེས༔ ཞེས་གསུངས། དེ་ཡང་ཞིབ་ཏུ་ནི། གཏོར་སྣོད་བྷཱུྃ་ལས་གཞལ་ཡས་ཁང་༔ དཔལ་དགུ་ཧཱུྃ་ལས་གཙོ་བོ་དགུ༔ ཐེབ་ཀྱུས་འཁོར་ཚོགས་གསལ་བར་བསྐྱེད༔ ཅེས་གསུངས་པ་ལྟར་དང་དེ་ནས་ཆད་མདོའི་སྐབས་ལ་སོགས་གཏོར་མ་རྒྱག་ཁར་དམག་དཔུང་ཤེས་དགོས་ཏེ། གསུམ་པ་དམག་དཔུང་ཤེས་པ་ནི༔ གཏོར་མ་བཀའ་བརྒྱད་སྲུང་མ་དང་༔ དཔལ་མགོན་བདུན་ཅུ་རྩ་གཉིས་སོགས༔ ལྷ་དམག་བྱེ་བ་དུང་ཕྱུར་རྣམས༔ བདག་གི་བཀའ་ཉན་ལས་བྱེད་ཅིང་༔ དགྲ་ཡུལ་དམག་གིས་

(༥༨༧)གང་བར་བསྒོམ༔ ཞེས་གསུངས། དེ་ནས་འཕངས་པ་རང་གི་ཚེ་ན་གཏོར་མའི་ཡེ་ཤེས་པ་རྣམས་རང་ལ་བསྡུ། གཏོར་མ་དམ་ཚིག་པ་མཚོན་ཆ། མེ་དཔུང་དུག་རླགས། ཁྲོ་ཆུ་ལ་སོགས་ཏེ་འཇིགས་སུ་རུང་བའི་རྣམ་པ་ཅན་འབའ་ཞིག་ཏུ་བསྒོམ། མེ་དཔུང་གི་དབུས་སུ་ཞིང་བཅུ་ཚང་བའི་བསྟན་དགྲ་སྡེ་རིས་ཡུལ་མཁར་དང་བཅས་པ་ཁྲ་ལམ་གྱིས་གསལ་བཏབ་ནས་འཕངས་དགོས་ཏེ། སྔ་མའི་འཕྲོར། བཞི་པ་ཟོར་དུ་ཤེས་པ་ནི། གཏོར་མའི་ལྷ་རྣམས་བདག་ལ་བསྡུ༔ གཏོར་ཟོར་འཕངས་པ་ལས་བསྐུལ་ལ༔ ཕྱོགས་བརྒྱད་བ་ལི༚་དགྲ་ལ་བརྡེག༔ ཟོར་རྫས་མཚོན་ཆར་བསྒྱུར་བྱས་ལ༔ ཕྱིར་འཕངས་དགྲ་འདྲེ་བརླག་པར་བསམ༔ ཞེས་གསུངས་པ་རྣམས་མན་ངག་གི་གནད་དམ་པ་ཡིན། གཏོར་དྲིལ་བྱེད་པའི་སྐབས་གཏོར་མ་དཔགས་དགོས། དེའི་ཚུལ་ཤིན་ཏུ་ཞིབ་པ་ཆོས་ཀྱི་གྲགས་པས་གསུངས་མོད། ས་བོན་ཧཱུྃ་ཡིག་གཏོད་ཕྱོགས་ལ། །བསྲུང་བཟློག་གསད་པའི་ཁྱད་པར་ཡོད། བསྲུང་དང་དཀྱིལ་འཁོར་མཐའ་དག་ལ། །།ཡིག་མགོ་ཕྱིར་སྟོན་གཙོ་བོ་ལ། །འཁོར་རྣམས་རང་ཞལ་བསྟན་ནས་ཡོད། ཡིག་མགོ་ནང་ལ་བསྟན་པར་ན། འཁོར་ཞལ་ཕྱི་ལ་ཕྱོགས་པ་སྟེ། །བཟློག་གསད་ལ་སོགས་འཁོར་ལོ་དང་། །དམིགས་གསལ་མན་ངག་ཡོད་པ་ལ། །ཡིག་མགོ་ནང་བསྟན་ངེས་པར་དགོས༑ སྟོང་ཚིགས་ཀྱི་མཆོད་པ་ཞེས་པའི་སྒྲུབ་བཤད་བཟླས་པ་གང་ཡིན་སྟོང་ཕྲག་རེ་སོང་བའི་མཚམས་སུ་མཆོད་པ་འདི་ཚར་རེ་བྱ་དགོས་པ་ཡིན་ཡང་ཁྲོ་རོལ་ལྟ་བུའི་བཟློག་གཞུང་འབྲེལ་སྐབས་བཟླས་པ་ལྷ་རེ་རེ་ནས་སྟོང་ཕྲག་གྲངས་ལོངས་འདྲེན་ལོང་མེད་བས་སྟོང་ཚིགས་ཀྱི་ཐ་སྙན་དེར་ཟད་ལ། རང་ལུགས་སྔ་མོའི་ཕྱག་རྒྱུན་བཟླས་པ་རིང་ཐུང་ཇི་ལྟར་ཡང་ལྷ་འཕོ་མཚམས་སྟོང་ཚིགས་ཀྱི་མཆོད་པར་གྲགས་པ་དེ་ཁ་ངེས་པར་དགོས། བཟློག་གཞུང་གཏོང་མཚམས་ད་ལྟའི་འདི་མིན། བཟློག་གཞུང་མ་གཏང་གོང་ལ་ཚོགས་མཆོད་བྱས་པའི་ཚོགས་ཐ་མའི་བསྒྲལ་བསྟབ་ཀྱི་རྗེས་དེ་ནས་བཟློག་གཞུང་གི་མགོ་

(༥༨༨)འཛུགས་དགོས་པ་བཟློག་པ་སྤྱིའི་མན་ངག་ཀྱང་ཡིན། ཆོས་ཀྱི་གྲགས་པའི་ཟོར་ལས་གནམ་ལྕགས་ཐོག་མདའ་ལ་ལྟོས། ཡང་ཚོགས་ཀྱི་རྗེས་འབྲེལ་དུ་བཟློག་གཞུང་གྱེར་བའི་ཕྱག་ལེན་རྣམ་དག་གི་རྗེས་སུ་འབྲང་་ཚེ། ཚོགས་རང་གི་བསྒྲལ་བསྟབས་ཀྱི་གོང་དེར་གསེར་སྐྱེམས་གཟུ་དཔུང་གཏོད་དགོས་སམ་མི་དགོས་ལན། སྤྱིར་ལུགས་གཞན་དུ་ཟོར་ལས་ཁོ་ན་ལ་བསྒྲལ་བསྟབ་རྒྱས་པར་ཡོད་པའི་དབང་གིས་ཚོགས་ཐ་མའི་བསྒྲལ་བསྟབ་མི་བྱེད་པར་དེ་ཁས་གོ་གཅོད་བའི་ལུགས་ཡོད་པར་སྣང་ཡང་། རང་ལུགས་ལ་དེ་ལྟར་མི་བྱེད། ཆོས་ཀྱི་གྲགས་བས་ལ་དག་བསྒྲལ་ལས་བྱེད་དུས་ཚོགས་ཐའི་བསྒྲལ་མཆོད་མི་བྱེད་སྐད་ཟེར་ཡང་གོ་མེད་པའི་མཁས་འདོད་དུ་ཟད་པས་ཚོགས་མཆོད་གསུམ་ག་རྒྱས་པར་བྱའོ། །ཞེས་གསུངས་པས་ཚོག་ཐོག་མཐའ་བར་གསུམ་ལས་བྱང་ཁོ་ན་བཞིན་བྱས་བ་ལས་འདོན་འཇུག་ཡེ་མི་དགོས། སྐབས་འདིར་སྡེ་བདུན་གྱི་གསོལ་ཁ་དང་། བཀའ་བརྒྱད་ཀྱི་མདངས་སྐོང། བམ་སྐོང་། ཕུང་སྐོང་། སོགས་བྱ་དགོས་པ་ཡིན། དེའི་དོན་ཧྲིལ་གྱིས་དྲིལ་ན། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི༔ ཞེས་པ་ནས། རྡམས་པས་སྟོབས་ཀྱིས་དགྱེས་པ་བཞེས་སུ་གསོལ། །ཞེས་པའི་བར་ལས་བྱང་བཞིན་བྱས་ལ། །ཉིན་དང་པོ་ཡིན་ན། བཟློག་གཞུང་གི་མགོ་ནས་གཏོང་། དེ་མིན་རྗེས་མཚོར་ལྷ་སོ་སོའི་མགོ་འཛུགས་ཀྱིས་སྔོན་དུ་འགྲོ་དགོས་པས་གསེར་གཟུ་ནས་རིམ་པར་སྔ་ལུགས་བཞིན་གཏོང་། ཕྱི་དྲོ་བསྐང་གསོའི་མཇུག་ཏུ་ཚོགས་མཆོད་སྒྲ་ཇི་བཞིན་པ་མ་གྲུབ་ཀྱང་སྐྱོན་ཡོད་པ་མེད་དེ། །སྤྱིར་བཏང་དུ་ལྷག་མ་ནས་བཟུང་རྗེས་ཆོག་རྣམས་བྱས་ཁོ་ནས་ཡོང་། །བཟློག་གཞུང་ཚུགས་པ་ནས་བཟུང་ནས་སྦྱོར་ལ་ཞུགས་པ་ཡིན་གཤིས་བཟླས་པའི་མཇུག་ཏུ་དམིགས་གནད་དང་ལྡན་པའི་སྒོ་ནས་དྲག་སྔགས་སོ་ལྔ་པ་གྲངས་མང་བ་བཟླ་དགོས་པ་ཡིན། ཡང་མངོན་སྤྱོད་ཀྱི་མཇུག་བསྡུའི་སྐོར་ལ། སྤྱིར་དྲག་ལས་ཐམས་ཅད་ལ་མཐའ་སྡུས་རྣམ་པ་གསུམ་ཡིན་ཏེ། སྙིང་གཟེར་ནག་པོ་ལས། ཆ་གསུམ་དག་ཏུ་བསྒོ་བ་ནི གནན་བསྲེག་འཕངས་

(༥༨༩)པའི་ལས་གསུམ་ཡིན༔ ཞེས་པས་ཤེས་ལ། དེ་ལ་ད་ལམ་འཕྲོས་དོན་འདིའི་དབང་དུ་བགྱིས་ན། དེ་ཉིད་ལས། རླུང་ལ་བསྐུར་བ་ཟོར་ཡིན་ཏེ༔ ཞེས་གསུངས་པའི་ཟོར་དེ་ཉིད་དུས་ནམ་ཞིག་འཕེན་པའི་ཚེ། སྔོན་དུ་གཏོར་ཐེབས་དཔྱིས་ཕྱིན་བར་བརྩི་བར་གལ་ཆེ་ཡང་། སྒྲ་གཅན་རྐྱང་པ་ཙམ་ལ་བརྟེན་པ་ད་དུས་གྲགས་ཆེ་མོད། ཞིབ་པའི་དུས་སུ་སྐར་རྩིས་ལ་བརྟེན་ནས་གཟའ་ལྔའི་མཆོག་དོང་དུ་སོལ་འཁྱུད་གསུམ་ལ་སོགས་པའི་བརྟག་དཔྱད་དང་གནམ་གྱི་སྒྲ་གཅན་གྱི་གདོང་ཐེབས། ནག་རྩིས་ལ་བརྟེན་ནས་རྡོ་རྗེ་སློབ་དཔོན་གྱི་ལོ་འགྲོས་འབྱུང་ཁམས་རྣམས་ཀྱི་དར་གུད། དམིགས་བྱ་ལ་གྱི་མ་ཤང་གནད་དུ་འཕྲོས་པ་སྡེ་བརྒྱད་དང་ས་བདག་གི་བཟློག་ཐེབས། སའི་སྒྲ་གཅན། དབྱངས་འཆར་ལ་བརྟེན་ནས་འབྲེལ་གྱི་དཔྱད་པ་དང་། དབྱངས་དུས་གཉིས་སོ་སོའི་བི་ཥིྚ། རྣལ་འབྱོར་མ། དུས་མཚན་མ། ཐུན་ཕྱེད་གཉིས། ཡུད་ཙམ་ལ་འཆར་བའི་དུས་སྦྱོར་གྱི་ཏཱ་ཏྐལ། དུས་ཚོད་ཀྱི་སྒྲ་གཅན་ལ་སོགས་པས་མཚོན་ཏེ་ཕྱོགས་མཐུན་ཞི་བརྩིས་སུ་བྱ་བ་མདོར་ན་དཔུང་ཆེན་འདེགས་པའི་གཡུལ་རྒྱལ་ཇི་བཞིན་པ་བརྩི་དགོས། དེས་ན་བསྟན་དོན་གྱི་རིགས་ལ་འདིའི་གནད་ཤེས་པར་བྱ། གཞན་དུ་ནི་དགོས་པ་ཡང་ཆུང་ལ་རཀྴའི་ཕྲེང་བ་ཐོགས་ཚད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་དེ་ཙམ་གྱིས་མཐའ་བསྡུས། ཟོར་འཕངས་པ་དངོས་གཞིའི་ཚེ་དང་། དེའི་རྗེས་འབྲེལ་དུ་གཏོར་གསལ་རྣམ་བ་གསུམ་ཡོད་དེ། སྙིང་གཟེར་ལས། གནམ་ཟློག་སྐར་མདའ་དག་ལ་བརྟག༔ བར་ཟློག་རྫིབས་ཤེས་པར་བྱ༔ ས་ཟློག་གཏོར་ཁྲག་སྣོད་ལ་བརྟག༔ ཅེས་པས་གནམ་ས་བར་གསུམ་གྱི་བརྟག་གཞི་བསྟན་ལ། དེ་ལྟར་བརྟགས་པའི་རྗེས་འབྲེལ་དུ་ལ་ཉེ་དངོས་ལ་དཔྱད་བ་ནི། དེ་ཉིད་ལས་ཁ་སོང་ཚུར་བསྟན་ལོགས་བསྟན་གསུམ༔ ཐབས་དང་ལོག་འབྱམས་པ་ཡིན༔ ཞེས་བས་གོ་བར་ནུས། སྣང་སྲིད་གཡོ་འཁྲུག་ནུས་པ་བད་འབྱུང་དང་། མཐུམ་ཁན་སངས་རྒྱས་ཡེ་ཤེས་ཅིས་མ་ཡིན། །ལག་ལེན་ཤེས་པ་སོ་ཟུར་གནུབས་གསུམ་གྱི། སྔགས་འཆང་བརྒྱུད་པར་བཅས་ལས་གཞན་དུ་མིན། །ཞེས་པའང་མཁྱེན་བརྩེའི་འོད་ཟེར་གྱིས་སོ།

(༥༩༠)

(༥༩༡)ཀུན་བཟང་སྨོན་ལམ་གྱི་འདྲེན་བྱེད་ཊཱི་ཀའི་ཐུར་མས་གསལ་བ་བཞུགས།

(༥༩༢)ཀུན་ནས་ཀུན་ཏུ་བདེ་གཤེགས་སྙིང་པོའི་ཁམས། །ཀུན་ནས་ཀུན་ཏུ་རྣམ་ཐར་སྒོ་གསུམ་ཀློང་། །ཀུན་ནས་ཀུན་ཏུ་བྲལ་ཐོབ་སྤངས་གྱུར་ན། །ཀུན་ནས་ཀུན་ཏུ་བཟང་པོའི་རང་བཞིན་ནོ། །དེ་ལ་སྣང་སྲིད་འཁོར་འདས་ཐམས་ཅད་ཀུ༔ གཞི་གཅིག་ཞེས་པ་ནས་སངས་རྒྱས་ཤོག་ །ཅེས་པའི་རྐང་པ་དང་པོ་ནི་གོ་སླ་ཡང་། གཞི་གཅིག་ལམ་གཉིས་ལ་སོགས་པའི་དོན། གཞི་གཅིག་ནི་ཤིན་ཏུ་རགས་པའི་རྣམ་གཞག་སྟེ། རྫོགས་པ་ཆེན་པོའི་རྒྱུད་ལས་གཞི་བདུན་དུ་བསྟན་ནས་ཀ་དག་གི་ཡེ་གཞི་ཀྱོན་མེད་དུ་འདོད་པ་ཉིད་ཀྱང་། འདིར་ཀུན་གཞི་ལུང་མ་བསྟན་ལ་གཞིར་འདོད་པའི་ཕྱོགས་སུ་བྱས་ཏེ། ལུང་མ་བསྟན་གྱི་ཤེས་པ་དེ་ཉིད་ལ་ལྷག་མཐོང་གི་རྩལ་ཤར་ཏེ། །རྣག་ངོ་རིག་ན་སངས་རྒྱས་ཀྱི་ལམ་དང་༑ མ་རིག་ན་འཁོར་བའི་ལམ་སྟེ། དེ་གཉིས་ལ་འབྲས་བུའང་སངས་རྒྱས་དང་། སེམས་ཅན་གཉིས་འབྱུང་བའོ། །དེའི་འགྲོས་ཀྱིས་གཞན་རྣམས་གོ་སླའོ། །ཡང་ཀུན་གྱི་གཞི་ནི་འདུས་མ་བྱས༔ ཞེས་པ་ལ་སོགས་པའི་དོན་ནི། རང་བྱུང་ཀློང་ཡངས་ཀྱི་སྒྲས༑ ཀ་དག་གི་ཡེ་གཞི་སྐྱོན་མེད་དུ་ཁས་བླངས་པའི་དབང་དུ་བྱས་ཏེ། བསམ་བརྗོད་བློ་བྲལ་གྱི་ཤེས་པ་དེ་ཉིད་ཀྱི་རང་ངོ་རང་གིས་རིག་ན་སངས་རྒྱས་དང་། མ་རིག་ན་སེམས་ཅན་ཏེ་འཁོར་བའི་རང་བཞིན་ཡིན་པས་ན། སེམས་ཅན་གྱིས་དོན་རིག་པར་

(༥༩༣)སྨོན་པའོ། །ཀུན་ཏུ་བཟང་པོ་ང་ཡིས་ཀྱང་༔ རྒྱུ་རྐྱེན་མེད་པ་ཞེས་པ་ལ་སོགས་པའི་དོན། ངོ་བོའི་གནས་ལུགས་རྒྱུ་འདི་ལས་བྱུང་དང་། རྐྱེན་འདི་ལས་སྐྱེས་མེད་པའི་གཞི་དོན་རང་བྱུང་དུ་རིག་པའི་ཚེ། ཕྱི་དོན་དུ་ཡོད་ཅེས་སྒོ་མ་བཏགས། ནང་དོན་དུ་མེད་ཅེས་སྐུར་པ་མ་བཏབ། དྲན་མེད་མུན་སྲོས་པ་ལྟ་བུའི་སྐྱོན་དང་དྲི་ས་མགོས་པ། རིག་པ། སོ་མ། བརྗོད་བྲལ་ཆེད་འཛིན་མེད་པའི་ངང་དུ་གནས་ན། སྲིད་པ་གསུམ་པོ་འདི་གཟུང་འཛིན་གྱི་བློས་བཏགས་པའི་ཕྱིར་དེ་ཉིད་མེ་ཆུ་རླུང་གསུམ་གྱི་བསྐལ་པས་ཞིག་ཀྱང་སྡངས་པ་དང་སྐྲག་པ་མེད་ཅིང་མིག་ལ་སོགས་པའི་དབང་ཤེས་དག་པས་དོན་ཡོན་ལ་ཆགས་པའང་མེད་དོ། །ཙིའི་ཕྱིར་ན་འཇིགས་སྐྲག་དང་ཆགས་སྡང་ལ་སོགས་པ་ནི་གཟུང་ཡུལ་ལ་འཛིན་སེམས་འདྲེས་པ་ལས་སྐྱེ་བའི་ཕྱིར་ན། རྟོག་མེད་ཤེས་པ་རང་བྱུང་ལ༔ །དོས་པའི་གཟུགས་དང་ཁ་དོག་མེད༔ །ཅེས་པས་རྟོག་མེད་ཀྱི་ཤེས་པ་ནི་རང་གསལ་བློ་འདས་ཆེན་པོ་ཡིན་པས། དེ་ལ་ཕུང་པོ་ལྔ་དང་། ཚོགས་བརྒྱད་ཀྱི་ཉེར་ལེན་མེད་པའི་ཕྱིར་རོ། །དེ་ལྟར་ནའང་རིག་པ་ངེ་སྟོང་པ་ཕྱང་ཆད་མ་ཡིན་པས་སྟོང་བཞིན་དུ་གསལ་ཆམ་འགགས་པ་དེ་རྣམ་བྱང་སྐྱེ་བའི་རྒྱུ་ཡིན་པས་ན། རིག་པའི་གསལ་ཆམ་འགགས་བ༔ སོགས་པས་བརྟེན་པ་ཡེ་ཤེ་ལྔ་དང་། རྟེན་གདན་

(༥༩༤)གསུམ་ཆད་བའི་ངོ་བོ་དམ་པ་རིགས་བརྒྱར་སྨིན་པའི་ཕྱིར། དེ་ཕྱིར་གཞི་རིག་འཕྲུལ་མ་མྱོང་༔ ཞེས་སོ། དེ་ལྟར་འཁྲུལ་མ་མྱོང་བས་ཐོག་མའི་སངས་རྒྱས་སམ། མི་འགྱུར་རྡོ་རྗེའི་སྐུ་ཞེས་བྱ་སྟེ། དེས་བཏབ་པའི་སྨོན་ལམ་རྐང་པ་བཅུ་གཅིག་གོ་སླའོ། །དང་པོ་སེམས་ཅན་འཕྲུལ་བའི་རྒྱུ༔ གཞི་ལ་སོགས་པའི་དོན་ནི་སྤྱིར་གཞི་ཞེས་བྱ་བ་དོན་ལྔ་ལ་འཇུག་ཀྱང་། འདིར་སྲིད་པ་ཀུན་ཏུ་སྦྱོར་བ་ཉིད་འཐུག་པོའམ། སེམས་དྲན་མེད་ལུང་མ་བསྟན་དེ་ལ་རིག་པའི་མདངས་སམ། གསལ་ཆ་མ་ཤར་བས་ཅི་ཡང་མི་སེམས་བ་སྒོ་ངའི་རྣམ་ཤེས་ལྟ་བུ། །དྲན་པ་མེད་ཅིང་ཐོམ་ཡོ་རེ་བ་རྒྱལ་བ་ལྟ་བུ་དེ་མ་རིག་པའི་རྩ་བ་ཡིན་པས་དེའི་དང་ནས་ཡིད་ཤེས་ལངས་ཏེ། རྟེན་འབྲེལ་བཅུ་གཉིས་ཀྱི་རྒྱུན་ལ་འཁོར་བའི་ཚུལ་དེ་གོ་བདེ་བར་བརྗོད་ན། ང་དང་ང་ཡིར་འཛིན་པའི་ཤེས་པས་བདག་དང་གཞན་དུ་གཟུང་ཡུལ་འཇིག་པ་ལ་སྔངས་སྐྲག་དང་། བཏང་སྙོམས་ལ་ཟ་ཟི་ཅི་ཡང་ཤར་བས། དགྲ་གཉེན་དང་། ཆགས་སྡང་དང་། ཕྱོགས་རིས་ཀྱི་བག་ཆགས་པ་ལྟས་པས་འཁོར་བ་ལུགས་སུ་འཇུག་པ་འབྱུང་སྟེ། འདོད་ཡོན་དང་གཉེན་ལ་ཆགས་པའི་འདོད་ཆགས། དགྲ་ལ་སྡང་བའི་ཞེ་སྡང་། གཉིད་དང་རྨོངས་པའི་གཏི་མུག །ངའོ་སྙམ་པའི་ང་རྒྱལ། གཞན་འབྱོར་ལ་སྡང་པ་ཕྲག་དོག་སྟེ། ཉོན་མོངས་དུག་ལྔ་རྒྱས་ཤིང་རྒྱུན་ཆད་མེད་པའི་རྒྱུ་འདྲ། དྲན་པ་ཉམས་པ་དང་། རང་རང་གིས་མ་རིག་པའི་རྒྱུ་རྐྱེན་ལས་བྱུང་བས་ན། རང་ངོ་ཤེས་བ་དེ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པས། སྨོན་ལམ་གྱི་སྒྲས་སྟོན་པའོ། ལྷན་ཅིག་སྐྱེས་པའི་མ་རིག་པ༔ ཤེས་པ་དྲན་མེད་ཡེངས་པ་ཡིན༔ ཞེས་པ་ལ་སོགས་པའི་དོན། ད་ལྟ་དྲན་ཡོད་འཕྲོལ་བརྗེད་འབྱམས་ཀྱིས་ཤེས་བཞིན་མ་ཡིན་པར་འགྲོ་བ་ནི་ལྷན་སྐྱེས་ཀྱི་མ་རིག་པ་དང་། རྣམ་རྟོག་གི་རྗེས་སུ་བརྟག་དཔྱད་བསམ་གཞིག་བྱེད་པ་ནི་ཀུན་བརྟགས་ཀྱི་མ་རིག་

(༥༩༥)པ་ཞེས་བྱ་སྟེ་འཁྲུལ་གཞི་འདི་གཉིས་ངོ་ཤེས་ན་དྲན་མེད་ཀྱི་མུན་པ་སངས། གཉིས་འཛིན་གྱི་སྣང་བ་ལོག་ །རིག་པ་རང་ངོ་ཤེས་པས་ཆུ་བརྒྱ་ཟམ་འོག་ཏུ་འདུ་བ་ལྟར་འཁྲུལ་གྲོལ་གྱི་གནད་རྩ་བ་ཆོད་པ་ཡིན་པས་དེའི་དང་དུ་རིག་པ་རྣག་ཚོ་གཟུང་དགོས་གལ་ཏེ་མ་གཟུང་ན། ང་ལས་ཕ་གའིའམ། ཕ་གི་ལས་ངའི་སྙམ་པའི་གཉིས་འཛིན་གྱི་བློས་ཞེན་པའི་ཡུལ་ལ་མཚམས་སྦྱོར་བའི་ཚུལ། གཉིས་འཛིན་བློ་ནི་ཐེ་ཚོག་སྟེ༔ ཞེས་པ་ལ་སོགས་པས་བསྟན་པ་ལྟར་རིགས་དྲུག་ཏུ་འཁོར་བའི་རྒྱུ་གཟུང་འཛིན་གྱི་རྣམ་རྟོག་ ཁེངས་སེམས་དང། འགྲན་སེམས་དང་། ང་རྒྱལ་དང་། འདོད་ཆགས་དང་། གཏི་མུག་དང་། དེས་བསྐྱེད་པའི་སེམས་དང་། སེམས་བྱུང་ལྔ་བཅུ་གང་ཤར་ཡང་། འཁོར་བའི་རྒྱུ་ཡིན་བས་ན། དེའི་རྗེས་སུ་མི་འབྲང་། བརྟག་དཔྱད་མི་བྱ། གཉེན་པོས་མི་འགེག། དགག་སྒྲུབ་མི་བྱ་བར། ཤར་ས་དེ་གར་ཅོག་གེ་བཞག་ནས་སེམས་ལ་བཟོ་བཅོས་མི་བྱ་བ་དེ་ལ་ཐ་མལ་གྱི་ཤེས་པ་ཞེས་བྱ་སྟེ། སོ་མ། བཞིན་བཞག་ རང་བབས། བརྗོད་བྲལ་གྱི་དང་དུ་དྲན་པའི་སོ་པས་བསྐྱངས་ན། འགྲོ་བ་རིགས་དྲུག་ཏུ་འཁོར་བའི་རྒྱུ་ཟད། འབྲས་བུ་སྟོངས་། ཀུན་གཞི་སངས་རྒྱས་ང་དང་མཉམ་པའི་ཐ་སྙད་བཞག་ལ༑ སེམས་ཅན་རྣམས་ནི་དྲན་པ་ཉམས་པས་འཁྲུལ། གཟུང་བའི་ཡུལ་ལ་འཛིན་པའི་སེམས་ཆགས་པས། རྨི་ལམ་བཞིན་དུ་རིགས་དྲུག་བརྒྱུད་མར་འཁོར་བས་ན་འཁོར་འདས་ཀྱི་སོ་མཚམས་རང་ངོ་ཤེས་མ་ཤེས་ལས་མེད་པར་རིག་པར་བྱའོ། །ཞེས་ཉེ་བར་བསྡུས་སོ༑ ༑གཞི་ལམ་འབྲས་བུའི་ཐ་སྙད་ཆོས་ཀུན་ལ། གྲགས་ཀྱང་རྫོགས་ཆེན་གཞི་ཡི་གནས་ལུགས་ནི། །འཁོར་འདས་གྱེས་མདོ་གཏན་ལ་དབབ་པའི་ཕྱིར། །ཟློས་དང་མ་ཚང་གཞུང་གིས་མི་འཚལ་བས། །བཅུ་བདུན་རྒྱུད་དང་དེ་ཡི་དགོངས་པ་ནི།

(༥༩༦)ཇི་བཞིན་རྟོགས་ནས་གཞན་ལ་འདོམས་མཁས་པ། དྲི་མེད་འོད་ཟེར་སྟོང་གིས་བྱེ་བའི་གཞུང་། །ཐེག་མཆོག་རིན་ཆེན་མཛོད་ལས་གཞན་གྱིས་མིན། །འདི་ནི་རྡོར་བྲག་སྦྲལ་སྐུའི་དགོངས་བཞེན་བཞིན། །བློ་དམན་རྣམས་ལ་ཕན་ཕྱིར་གཟུང་དེ་གའི། །ཚིག་དོན་རང་སར་འབྱེད་པའི་དབང་བྱས་ཏེ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་དེ་ཡིས་སོ།

(༥༩༧)འཁོར་ལོ་འབར་བའི་དམིགས་རིམ་གྱི་དོ་གསར་ཀུན་གསམ་མེ་ལོང་ཞེས་བྱ་བ་བཞུགས།

(༥༩༨)ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འཁོར་ལོ་འབར་བའི་དམིགས་གནད་སྐོར་ལ་དྲི་བ་ཕེབས་བ། ངེད་རི་སུལ་གྱི་རྫོགས་ཆེན་པ་རྒན་པོ་བྱིས་པའི་སྣང་ཤེས་ཅན་སྲུང་བཟློག་བསད་པའི་ཕྲིན་ལས་ལ་བསྙེན་པ་བཏང་བས་རྗེས་ལ་ཐོབ་པའི་ཡེ་ཤེས་ལ་རྟོག་པའི་དྲྭ་བ་འཐག་པར་རྡོམ་ཐོགས་ཀྱང་། དྲག་པ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་སྙིང་དབུས་དངས་མའི་ཐིག་ལེར་སྤྱན་དྲངས་ནས་རྟོག་དཔྱོད་ཀྱི་འདུ་ཤེས་ལ་ཞུགས་པ་ན་འདི་སྐད་ཐོས་སོ། །སྤྱིར་འོད་ཟེར་གསལ་སྤྲོས་བྲལ་ཆེན་པོའི་དང་ནས་སྣོད་བཅུད་ཀྱི་འཛིན་ཞེན་སྤྱོད་བའི་གསལ་སྣང་འཕྲོ་འདུའི་བྱེད་པོས་རྟེན་དང་བརྟེན་པ་ཆོ་འཕྲུལ་བཀོད་པའི་གནས་ཚུལ་ལ་རང་བྱན་ཆུད་བག་ཞིར་བཞག་ནས། སྒོམ་དོན་དངོས་ཀྱི་སོགས་སེལ་ལ། འོག་གཞི་སྣ་ཚོགས་རྡོ་རྗེ་དབང་ཆེན་གྱི་གཞི་དང་རྒྱ་ཁྱོན་མཉམ་པའི་བར་མཚམས་སུ་གྱུར་བ་ཐམས་ཅད་དུ་རྡུལ་ཕྲ་རབ་གྱི་རྡོ་རྗེ་ཆུང་དུས་གཏམས་པའི་མཐའ་སྐོར་ནས་གྱེན་དུ་རིམ་གྱིས་ཟླུམ་པའི་རྡོ་རྗེའི་གུར་ཁང་གི་དབྱིབས་ལྕགས་རྨོག་ཁ་སྤུབ་བ་ལྟ་བུའི་སྤྱི་བོར་ཡང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ཡོད་པ་ལ། དོན་རྡོ་རྗེ་གྱི་གྲམ་གྱི་དྭ་བར་སྤྲེལ་བའི་བར་སེང་

(༥༩༩)ཐམས་ཅད་རྡོ་རྗེ་ཆུང་དུས་ཞ་ལའི་མིག་ཞགས་བཀབ་པ་ལྷར་ཤིན་ཏུ་འཐས་པར་གྱུར་པའི་མཐུས། བསིར་བུའི་རླུང་ཡང་རྒྱུ་བའི་གོ་སྐབས་གཅོད་པའི་སྲུང་འཁོར་གྱི་ནང་རྡོ་རྗེ་རྒྱང་པའི་དྲྭ་ཕྱེད་བླ་བྲེ་ལ་སོགས་དང་། ཕྱི་ལི་རྩེ་མོར། རྡོ་རྗེ་རྭ་གདེངས་ཕྱེད་བའི་ཏོག་གིས་མཚན་པ། ཀུན་ནས་ཀུན་ཏུ་ཡེ་ཤེས་ལྔའི་མེ་དཔུང་ཤིན་ཏུ་འབར་ཞིང་འཁྲུགས་པ། དེ་ནས་རྩིབས་ལོགས་རྩ་རྩེ་ལ་སོགས་པའི་རྣམ་གཞག་ནི། སྤྱིར་རྩིབས་ལ་གདན་ཐབས། སྤུ་གྲི་མཚོན་འཁོར། སྲུང་འཁོར་སྦུབས་སྟོང་སོགས་འདོད་ལུགས་ཐ་དད་པ་ཡོད་ཀྱང་སྒྲ་ཇི་བཞིན་པའི་གོ་བ་ལྷོངས་པ་ཆེར་མ་མཐོང་ལ། སྤྱིར་བཏང་གསར་རྙིང་མཐུན་པར་བརྟེན་པ་གཞལ་ཡས་ཁང་གི་བསྲུང་བྱ་འཁོར་ལོའི་རྩིབས་ནི་སྦུབས་སྟོང་ཁོ་ནི་ཡིན་ཏེ། ཚར་པ་ཆོས་རྗེས། ཀྱེ་རྡོ་རྗེའི་ལམ་འབྲས་སུའང་གསལ་བར་བཀོད་སྣང་ངོ། །འགག་དོན་ལམ་སྐབས་འདིའི་ཁྱད་པར་གྱི་ཆོས་ལ། དཔེས་མཚན་བར་བྱད་ན། སིལ་སྙན་ཁ་སྦྱར་བའི་འོ་མ་ལ་སརྟིབས་ཀྱི་དཔལ་ཁ་བཏོན་པ་ལྟ་བུའི་ནང་ཁོངས་སེང་ཅན་ཕྱོགས་འཁོར་བཅུ་གསུམ་དང་། དེ་ལས་སྟེང་འོག་གམ་རྩ་རྩེའི་རྩིབས་གཉིས་པོ་སིལ་སྙན་གྱི་ཐོད་པ་ཡས་མས་གཉིས་མདུང་སོ་ལྟ་བུའི་ཁོངས་སེང་ཅན་གྱི་ས་དཔེས་མཚོན་པར་བྱས་པའི་རིག་པས་འོག་རྩིབས་སམ་རྩི་བ་འོག་གཞིའི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མ་ཎི་ཁྲི་སྐོར་གྱི་རྟིང་ལྕགས་ལྟར་ཐུག་པ། རྩེ་མོའི་སྟེང་རྩིབས་རྭ་གུར་ཡང་ཐོག་གུ་རྒྱ་གྲམ་དབུས་མའི་ལྟེ་བར་ཟུག་པ། ཆུ་འཁོར་

(༦༠༠)ལྟ་བུའི་འཕྲུལ་དང་ལྡན་པ་ལ། སྐེད་ལ་ཕྱོགས་སུ་འཁོར་བའི་རྩིབས་བཅུ་གསུམ་པོ་ཁུག་མ་གྲུ་བཞིའི་ཟུར་ནང་དུ་སློག་པ་ལྟར་རྩིབས་ཀྱི་དཔལ་ཁ་ནང་དུ་ལོག་ཅིང་། རང་རང་གི་སྦུབས་རྣམས་ཕྱི་ལ་ཧུ་རེ་མངོན་པ་ནི། རྩིབས་ལོགས་རྩ་རྩེ་རྒྱ་གྲམ་ལྟེ་བར་ཟུག །ཅེས་པའི་དོན་ཡིན་ནོ། །དེང་སང་འཁོར་ལོ་འབར་བ་རླུང་འུར་བ་ལྟར་འདོན་པ་རྣམས་ལ་དམིགས་པའི་དོགས་པ་ཙམ་ཡང་མི་འདུག་ཅིང་། རྟོག་དཔྱོད་དང་ལྡན་པ་འགའ་ཙམ་གྱིས་རྩིབས་སོགས་འདིའི་བར་ཉག་རྒྱ་གྲམ་ལ་བརྟེན་པར་འདོད་པའི་ཡིག་ཆ་བཀོད་པ་ནི་ཕྱོགས་མ་རྙེད་པར་སྣང་ངོ། །དེ་ནས་ནང་རྩིབས་ནི། དེ་ནས་ནང་རྩིབས་ནི། དེ་ནང་བཅུ་གསུམ་རྩིབས་རྩེ་ཕྱིར་བསྟན་པ། ཞས་པ་ལས་སྟེང་འོག་གི་རྣམ་གཞག་མ་བྱུང་བས་སྤུ་གྲི་མཚོན་འཁོར་ཏེ། ཨོ་རྒྱན་ཆེན་པོས། སྟེང་སྟོང་པ་ཆོས་ཀྱི་དབྱིངས། །རྩེ་མོ་རྣོ་དཔལ་དུག་གསུམ་གཅོད། །ཅེས་གསུངས་པ་ལྟར། རྩིབས་ལོགས་སྦུགས་སྟངས་ཅན་དེའི་ནང་ལོགས་སུ་གསེར་གྱི་ཙཀྲ་རྩིབས་བཅུ་གསུམ་པ་རྩེ་མོ་ཕྱིར་བསྟན་ཕྱི་ནང་གི་རྩིབས་གཉིས་རེག་ལམ་འབྱར་འབབར་སྣང་ལ་རྟེན་མེད་དུ་གནས་པའི་དཔལ་རྩེར་མཚོན་ཆའི་རང་བཞིན་རྩུ་བཅིང་དར་པའི་ཁོངས་སེང་དུ་ཙཀྲ་བཅུ་གསུམ་གྱི་ཡི་གེ་འགྲེང་སྟངས་སུ་ཧྲ་མ་མེ་འཁོད་ཅིང་རང་སྒྲ་འབྲུག་སྟོང་ལྟར་བུར་བ། ནང་དབྱིངས་བདེ་སྟོང་གི་རང་བཞིན་འོད་དུ་གསལ་བཀློང་ཡངས་ཤིང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་བྷཱུྃ་ཡིག་ཡོངས་སུ་གྱུར་ལས་ངོ་བོ་གཞལ་ཡས་ཁང་ལ་རྣམ་བ་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་མཚོན་པའི་བྱང་ཆེན་མཆོད་རྟེན་གསེར་སྦྱངས་ལས་གྲུབ་པའི་ནང་ཁོངས་སུ་མངལ་སྐྱེས་སྦྱོང་བའི་བསྐྱེད་རིམ་དང་རྗེས་མཐུན་པར་རང་ཉིད་ཤཱཀྱའི་རྒྱལ་པོར་གསལ་བའི་ལྷུང་བཟེད་ནང་དུ་བསྲུང་བྱ། སྐུའི་གཡས་གཡོན་དུ་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་ལས་སོགས་དགྲ་བཅོམ་པ་ལྔ་སྟོད། སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་དགེ་བསྙེན་མས་གསོགས་དགེ་བསྙེན་མའི་ཚོགས་དང་། ལྷ་དང་ཀླུ་དང་ལྷ་མ་ཡིན་དང་དྲི་ཟ་སོགས་བ་རབ་ཏུ་མང་པོ་སྟེ་ཐུན་མོང་གི་འཁོར་བ་རྣམ་པ་བཞི། ཐུན་མོང་མ་ཡིན་པས་འཁོར་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་

(༦༠༡)བཟང་སྐྱོད་དང་། རིན་ཆེན་འབྱུང་ལྡན་དང་། དྲྭ་བ་སྦྱིན་ལ་སོགས་པས་བསྐོར་ཞིང་། མཆོད་རྟེན་གྱི་རྩེ་མོར་རྒྱ་གར་གྱི་རིག་འཛིན་བརྒྱད་སོགས་གཙོ་མཆོག་རྡོ་རྗེ་ཆོས་ལ་བསྐོར་ཏེ་དམོད་པ་ལས་ཀྱི་ཆས་དང་ལྡན་པར་བཞུགས་པ་ལས། གཙོ་བོའི་ཐུགས་གནས་ལག་ན་རྡོ་རྗེ་ལ་སོགས་པའི་ཕོ་ཉ་སྤྲོས་པས། རྩིབས་དབར་ལ་སྲི་རྐང་བཅུ་གསུམ་གཙོ་བོར་གྱུར་བའི་གནོད་བྱེད་འབྱུང་པོའི་གཟུགས་བརྙན་བསྒོམས་པ་ལ་རྣམ་ཤེས་དགུག་བསྟིམ་མཐར། ཕྱི་རྩིབས་གཡོན་དང་། ནང་རྩིབས་གཡས་སུ་་འཁོར་བའི་སྤུ་གྲི་སོ་འཐབས་ཀྱི་བར་དུ་རྗེས་མེད་ཐར་ཐར་རྡུལ་དུ་བརླག་ཅིང་། སྔགས་ཕྲེང་ལས་བྱུང་བའི་མེ་ལྕེས་གཞོབ་ཏུ་བསྲེགས་པས་བག་ཞགས་ཀྱིས་བསྐྱེད་པའི་རྣམ་རྟོག་གི་རང་གཟུགས་བཏགས་པ་མི་དགེ་དགྲ་འདྲེ་འོད་གསལ་སྟོང་ཆེན་ཀ་དག་གི་ཀློང་དུ་དག་པར་བསྒོམས་ལ་སྔགས་བཟླ་ཞིང་། མཐར་བདེན་བརྗོད་ཐལ་བརྡེབ་ཀྱི་དམིགས་པ་ནི་གོ་སླའོ། །མང་པོར་དྲིས་བས་བཤད་རྒྱུ་གདོད་ན་དག་ །དཔེ་ལ་བལྟས་པས་ཐེ་ཚོམ་མང་དུ་སོང་། །སྣང་བ་དཔེ་ཆར་ཤར་བའི་རྟེན་འབྲེལ་ལས། །ཟབ་མོའི་མན་ངག་མ་སྤས་ལྷུག་པར་བཀྲོལ། །ཀུན་དང་འདྲ་ན་ཁྱད་ཆོས་གང་ལ་ཟེར། །ཀུན་དང་འགལ་ན་མི་བརྫུན་པའི་ཆོས། །དེ་ཕྱིར་རྡོ་རྗེའི་ཚིག་གི་རྒྱ་མདུད་དེ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་དེས་བཀྲོལ་ལོ། །ཙཀྲ་བཅུ་གསུམ་མ་གྲངས་སོགས་ལྟ་བུའི་ཚེ། སྐབས་ཅི་རིགས་པར་བདེན་བརྗོད་དང་ཐལ་བརྡེབ་བྱ། དུས་མ་ཡིན་པར་རྡ་སོགས་ཀྱིས་འཕྲོག་ཞག་ན། །སྔགས་འདི་བཟླས་བ་ཙམ་གྱིས་སོགས་ནས་མངོན་པར་བསྟོད་དོ། །ཞེས་ཚེ་བ་བསྐྱེད་ནས་མཚམས་བཅད་ན་མངོན་སྤྱོད་ཀྱི་གོ་དོན་ལྷོངས་པར་འགྲོ་བ་ཡིན།

(༦༠༢)

(༦༠༣)བསང་བརྔན་གྱི་ཆོག་མཆོད་པའི་སྤྲིན་གྱི་ཁང་བཟངས་བཞུགས།

(༦༠༤)ན་མོ་ཤྲཱི་བཛྲ་ཡ། འདིར་རྒྱུན་བསང་བྱ་བར་འདོད་པས། གྲུབ་ན་བང་རིམ་ཟླུམ་པོ་སུམ་བརྩེགས་སྟེང་། པདྨ་འདབ་ཞིའི་སྟེང་གླ་གཏོར་དང་། མཐའ་སྐོར་དུ་མགྲོན་བཞིའི་མཆོད་གཏོར་ཆ་ཆུང་གོ་རིམ་ལྟར་ཞེང་ཞིང་། གཡག་ལུག་ར་གསུམ་དང་དཀར་གསུམ་མངར་གསུམ་གྱིས་བརྒྱན་ལ་ཕེ་མར་མདའ་དར་སོགས་བཤམ། མ་གྲུབ་ན་ཕྱེ་མར་དང་བསང་རྫས་ནས་འཛོམ་ལ་བརྟེན་དུ་རུང་ངོ། །སྐྱབས་སེམས་ཡན་ལག་བདུན་པ་སྔོན་དུ་བཏང་ནས། ཧཱུྃ །ཨྱོན་ཡུལ་གྱི་ནུབ་བྱང་མཚམས། སོགས་དང་རོལ་མོས་བྱིན་དབབ། ཧྲཱིརང་ཉིད་ཧྲཱིལས་སྐད་ཅིག་གིས། །འཕགས་པ་འཇིག་རྟེན་དབང་ཕྱུག་ནི། །སྐུ་མདོག་དཀར་གསལ་འཛུམ་མདངས་ཅན། །ཕྱག་གཡས་མཆོག་སྦྱིན་གཡོན་པད་དཀར། སྟ་ཟུར་ན་བཟུང་ཐལ་གོང་རྒྱས། །མཉམ་པའི་སྟབས་ཀྱིས་བཞེངས་པར་གསལ། །ཨོཾ་ཨཱ་རྱ་ལོ་ཀི་ཤྭར་ཧཱུྃ། ཅི་ནུས་བཟླའོ། ཧྲཱིསྣང་སྲིད་རྣམ་དག་དབྱིང་ཕྱུག་མའི། །ཀློང་ནས་སངས་རྒྱས་སྤྱན་མའི་མཁའ། །ཐབ་ཁུང་བྱ་རྒྱས་ཟླ་འདྲའི་དབུས་དམ་ཚིག་སྒྲོལ་མའི་བརྟུལ་ཞུགས་དང་། །འགྲོགས་པའི་གོས་དཀར་བྱིན་ཟའི་མེས། །བསང་རྫས་འདོད་ཡོན་ལྔ་ལྡན་དུ། །སྦྱངས་རྟོགས་སྤར་བ་མཱ་མ་ཀཱིས། །བྲན་པས་ནམ་མཁའ་མཛོད་དུ་གྱུར། །ནམསརྦ་ཏ་ཐཱ་ག་ཏ། སོགས་ནམ་མཁའ་མཛོད་ཀྱི་སྔགས་

(༦༠༥)རྒྱས་བརླབ། དེ་ནས་ཚོགས་ཞིང་བསྐྱེད་པ་ནི། ཧྲཱི།སྣང་སྲིད་དག་པ་ཡུམ་ལྔའི་ཀློང་། །རྣམ་པར་སྣང་མཛད་གང་ཆེན་མཚོ། །ཞིང་ཁམས་ཐམས་ཅད་སྐུའི་རང་བཞིན། །སྐུ་ལ་ཞིང་ཁམ་མཐའ་དག་རྫོགས། དེ་ཡིག་གཙུག་ཏོར་མགྲིན་པ་ཡན། །དཀོན་མཆོག་སྲེ་ཞུ་དམ་པའི་མགྲོན། །ཐུགས་དཀར་མགོན་པོ་ཡོན་ཏན་དང་། སྐུ་སྨད་འགྲོ་བ་རྒྱུད་ལྔ་སྟེ། པད་གདན་ལན་ཆགས་བགེགས་རིགས་མགྲོན། །རང་བཞིན་ཡོངས་གྲུབ་ཆེན་པོར་གསལ། ༈ །ཀྱཻ་བྱང་ཆུབ་སྙིང་པོ་སངས་རྒྱས་དང་། །འཕགས་པའི་བདེན་པ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་དགེ་འདུན་ཏེ། །བླ་ན་མེད་བའི་དཀོན་མཆོག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །རྒྱུད་སྡེ་བཞི་དྲུག་ཐེག་པ་དགུ། བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་ཆེ། །ཆོས་མངོན་མདོ་སྡེ་འདུན་བ་ཡི། །ལམ་ལྔ་ས་བཅུའི་སྤངས་རྟོགས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །བུམ་གསང་ཤེས་རབ་ཡེ་ཤེས་དང་། །བཞི་བའི་བདག་ཉིད་རིག་འཛིན་བཞི། །ལམ་བདེན་འདུས་བྱས་ཐམས་ཅད་དང་། །འདུས་མ་བྱས་པའི་བདག་ཉིད་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོར་བརྔན། །རྒྱུན་བཞུགས་ལན་ཅིག་ཕྱིར་འོང་དང་། །ཕྱིར་མི་འོང་དང་དགྲ་བཅོམ་བཞི། །ཞུགས་གནས་འཕགས་པ་སློབ་པ་ཡི། །གང་ཟག་ཟུང་བཞི་ཡ་བརྒྱད་བསངས། །འདོད་ཡོན་མཆོད་པ་

(༦༠༦)རྒྱ་མཚོས་བརྔན། །དྲན་པ་ཉེ་བར་གཞགས་པ་ནས། བཟུང་སྟེ་སློབ་པའི་ལམ་བཞི་དང་། །སློབ་བ་མིན་པའི་འབྲས་བུ་ལ། །ཞུར་སོ་ཅོག་རྣམས་ཐམས་ཅད་བསང་། །འདོད་ཡོན་མཆོད་པ་རྒྱ་མཚོར་བརྔན། །ཁྱད་པར་སྒྲོན་མའི་བསྐལ་པ་འདིའི། །སངས་རྒྱས་སྟོང་དང་གཏད་རབས་བདུན། །ལྔ་སྡེ་བཟང་པོ་མཆོག་ཟུང་སོགས། །འདུལ་བ་འཛིན་པ་ཐམས་ཅད་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །འཛམ་གླིང་མཛེས་པའི་རྒྱན་དྲུག་དང་། །མཆོག་བརྒྱད་ཆེན་པོ་རྣམ་པ་བཞི། །སྨྲྀ་ཏི་མར་མེ་མཛད་ལ་སོགས། །ཆོས་མངོན་མདོ་སྡེ་འཛིན་པ་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན༑ ༑ཀུན་ཏུ་བཟང་སོགས་ཉེ་སྲས་བརྒྱད། །བཟང་སྐྱོང་དྲྭ་བ་སྦྱིན་དང་ནི། །དྲི་མ་མེད་པ་གྲགས་ལ་སོགས། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །རྒྱལ་རིག་གང་ཟག་གྲགས་ཆེན་གྱི། །སྟོན་པ་ལས་འོང་ཡངས་གྲུབ་དང་། །རྗེས་སུ་རྣལ་འབྱོར་ཆེ། །ཕྱི་རྒྱུད་སྡེ་གསུམ་དཀྱིལ་འཁོར་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །རྩ་བརྒྱུད་བླ་མ་རྒྱ་མཚོ་དང་། །ཡི་དམ་ཞི་ཁྲོར་བ་འབྱམས་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །སྒྲུབ་སྡེ་བརྒྱད་དང་མདོ་སྒྱུ་སེམས། །ཟླ་གསང་རྟ་མཆོག་རོལ་པ་ཆེ། །གལ་པོ་སངས་རྒྱས་མཉམ་སྦྱོར་དང་། །རྡོ་རྗེ་ཕུར་པའི་ལྷ་ཚོགས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །དུས་འཁོར་སངས་རྒྱས་ཐོད་པ་དང་། །གདན་བཞི་བདེ་གསང་དགྲ་ནག་འཇིགས། །ཀྱེ་རྡོར་ལ་སོགས་མངོན་བྱང་ལྔས། །བྱང་ཆུབ་གྲུབ་ཐོབ་བརྒྱད་ཅུ་བསངས། །འདོད་ཡོན་མཆོད་པ་་རྒྱ་མཚོས་བརྡན། །ཁྱད་པར་རྒྱལ་བསྟན་གངས་རིའི་ཁྲོད། །གསལ་མཛད་མཁན་སློབ་ལོ་པཎ་དང་། །མེས་དཔོན་རྣམ་གསུམ་ལ་སོགས་པ། །བསྟན་པའི་ཆུ་མགོ་ཐམས་ཅད་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །གླིང་བཞི་གླིང་ཕྲན་རི་རབ་ཟོཾ། གསེ་རི་

(༦༠༧)རོལ་མཚོ་གོ་ལའི་ཁྱིམ། །རྒྱལ་ཆེན་རིགས་བཞི་ལྷ་གནས། །སྲིད་རྩེའི་སྙོམས་འཇུག་བར་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །དུས་སྦྱོར་བཅུ་གཉིས་ལོ་ཟླ་ཞག །སྤར་སྨེ་གཟའ་སྐར་ཚེས་གྲངས་དང་། །དུས་ཚོད་ལ་དབང་བྱུང་བཞིའི་ལྷ། །སྣ་ཚོགས་གཟུགས་སྤྲུལ་ཅན་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །ས་ཡི་ལྷ་མོས་འཛིན་ལག །ལྟོ་འཕྱེ་ཆེན་པོ་ཕྱོགས་སྐྱོང་བཅུ། །དྲི་ཟ་གྲུལ་བུམ་མིའམ་ཅི། །གནོད་སྦྱིན་འཕྲོག་མའི་ཚོགས་བསས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །ས་བདག་རྗེ་བློན་འབངས་དང་འཁོར། །ཁྱིམ་ལྷ་གེལ་ཐུང་ཞིང་ལྷ་དང་། །ཐབ་ལྷ་ཡུ་མོ་བང་མཛོད་ལྷ། །མཁར་གྱི་རྩེ་ལྷ་གཉེན་པོ་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །སྒོ་ལྷ་རྟ་གཡག་བྲེས་ཀྱི་ལྷ། །རྟ་ལྷ་རྨ་དཔོན་ཚོང་ལྷ་དང་། །ཕྱུགས་ལྷ་རྨ་གཡང་ཞིང་ལྷ་ཚངས། །མུ་སྣང་མཁར་གོང་ལ་གནས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །ས་འོག་གཏེར་དང་ས་སྟེང་སྨན། །ལྗོན་ཤིང་ནགས་ཚལ་རི་བོ་དང་། །ལོ་ཐོག་ཡུལ་ལྗོངས་ཅན་རྫོང་འབྲང་། །སྲུང་དང་རྟག་ཆགས་ལྷ་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །མདོར་ན་འཛམ་གླིང་ཞིང་རྟའི་དབྱིངས། །གང་ལ་དབང་བྱེད་གཞི་བདག་སྡེ། །མིང་དང་མཚན་ནས་མ་ཐོན་པའི། །ཆེ་དགུ་གཉན་དགུ་ཐམས་ཅད་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །རྡོ་རྗེ་གདན་དང་ཤམ་བྷ་ལ། །དཔལ་ལྡན་འབྲས་སྤུངས་སྤོས་དང་ལྡན། །རི་བོ་འབིགས་བྱེད་ཨོཏཎྟ། །མཱ་ལ་ཡ་སོགས་གནས་རྟེན་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །བསིལ་བའི་ཚལ་སོགས་དུར་ཁྲོད་བརྒྱད། །ཡུལ་ཆེན་ཉེར་བཞི་གནས་སོ་གཉིས། །ཨོ་རྒྱན་ཁ་ཆེ་འགྲོ་ལྡང་གླིང་། །ལི་ཡུལ་བྲུ་ཤའི་གཞི་བདག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །གསེར་གླིང་ཟངས་གླིང་སིངྒའི་གླིང་། བྷཾ་ག་ལ་དང་ཀ་ལིངྐ། །གླང་རི་ལུང་

(༦༠༨)བསྟན་ཤིང་ཀུན་དང་། །བྱ་རུང་ཤ་ཤོར་གཞི་བདག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྡན། །མདོར་ན་རྒྱ་གར་རྒྱ་ནག་དང་། །ཁྲུང་ཁྲུང་དང་ནི་ཀུ་ཤའི་གླིང་། །རྔ་ཡབ་གླིང་ལ་སོགས་པ་ཡི། །གླིང་ཕྲན་སྣ་ཚོགས་གཞི་བདག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །ཁྱད་པར་བྱང་ཕྱོགས་གངས་རིའི་ལྗོངས། །སྲུང་ཞིང་དཀར་ཕྱོགས་སྐྱོང་བའི་ལྷ། །བརྟན་མ་ཆེན་མོ་བཅུ་གཉིས་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །འབངས་ཀྱི་སྲོག་ལྷ་གཉེན་པོ་དང་། །འགོ་བའི་ལྷ་ལྔ་ཟོ་དོར་སོགས། །སྲིད་པ་ཆགས་པའི་ལྷ་རབས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །རས་འཕྲུལ་སྣང་ཆེན་པོ་དང་། །ཁྲ་འབྲུག་བྱམས་པ་མི་འགྱུར་གླིང་། །མང་ཡུལ་བྱམས་སྤྲིན་ལ་སོགས་པ། །མཐའ་འདུལ་ཡང་འདུལ་སྐྱོང་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །ཆོས་འཁོར་དཔལ་གྱི་བསམ་ཡས་དང་། །བྲག་དམར་འགྲིམ་བཟང་ལྷ་རིང་སྒྲགས། །མཆིམས་ཕུ་ཡེར་བ་ཤེལ་བྲག་སོགས། །གཙུག་ལག་དབེན་གནས་སྐྱོང་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །དཀར་པོ་ཟངས་དང་དཀར་མོ་ལྗོངས། །བྷཾ་ག་བྱང་དང་མོན་ཁ་བཞི། །ཙཱ་རི་ཙ་གོང་པདྨ་བཀོད། །རྒྱལ་སེང་གཏམ་ལ་གནས་བསམ་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །མདོར་ན་མངཱ་རིས་སྐོར་གསུམ་དང་། དབུས་གཙང་དུ་བཞི་མདོ་ཁས་ཡུལ། །སྒང་དྲུག་རྒྱུད་དང་འབྲལ་བ་ཡི། །རོང་ཆེན་རོང་ཕྲན་གཞི་བདག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །དུ་བ་ནམ་མཁར་སོང་བ་ཡིས། །ས་བླར་་གནས་པ་ཐམས་ཅད་བསངས། །དྲི་དད་ཕྱོགས་བཅུར་ཁྱབ་པ་ཡིས། །ས་སྟེང་གནས་པ་ཐམས་ཅད་བསངས། །དངོས་བཤམས་ཡིད་སྤྲུལ་མཆོད་པ་ཡིས། །སྲིད་པ་གསུམ་པོ་ཐམས་ཅད་བསངས། །ཆོགས་ཡོད་ན་སྐབས་འདིར་འབུལ། །ཐུབ་པ་རྒྱུད་ཀྱི་རྗེས་འབྲངས་ནས། །དཀར་གསུམ་མངར་གསུམ་གཙང་མས་མཆོད། །ནང་པ་ཐབས་ཀྱིས་རྗེས་འབྲངས་ནས། །འདོད་ཡོན་

(༦༠༩)ལོངས་སྤྱོད་ཚོགས་མཆོད་འབུལ། །གཡུང་དྲུག་བོན་གྱི་རྗེས་འབྲངས་ནས། །ཡག་ལུག་ར་གསུམ་མདངས་ཀྱིས་བསྐང་། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ལ། །ཡིད་དང་མཐུན་པའི་ལོངས་སྤྱོད་འབུལ། །སྲི་ཞུའི་མགྲོན་རྣམས་མཉེས་གྱུར་ཅིག་ །མགོན་པོ་ཡོན་ཏན་ཐུགས་དམ་བསྐང་། །རིགས་དྲུག་སྡུག་བསྔལ་ཞི་གྱུར་ཅིག་ །བགེགས་རིགས་ལན་ཆགས་བྱང་བར་ཤོག་ །ལྷ་འདྲེའི་མི་གསུམ་འཁྲུགས་བ་དང་། །བདེན་རྫུན་ལེགས་ཉེས་འདྲེས་པ་དང་། །དམེ་མནོལ་ཐབ་གཞོབ་འཁོན་གྲིབ་དང་། །ཉམས་ཆག་སྡིག་སྒྲིབ་དག་གྱུར་ཅིག་ །མགྲོན་བཞིའི་ཐུགས་དང་འགལ་གྱུར་པ། །ཚངས་པར་སྩལ་ནས་གཞི་བྱེས་ཀུན། །རྟག་ཏུ་བསྲུང་ཞིང་སྐྱོབ་པ་དང་། །ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ། །འཇིག་རྟེན་ལས་འབྲས་ཉིད་ལ་བརྟེན། །རྟག་ཆད་སྨྲ་ལ་གུས་རྣམས་ཀྱང་། །ཕྱྭ་དང་དབང་ཕྱུག་བསྙེན་བ་སྲིད་ལས། །བདེ་སྡུག་འབྱུང་བར་སྨྲ་བྱེད་ན། །ཀུན་ཀྱང་བདེན་པའི་ཚག་མཉན་ནས། །འཇིག་རྟེན་བདེ་ཞིང་ལོ་ཕྱུག་ལེགས། །འབྲུ་དང་བཅུད་འཕེལ་མུ་གེ་ཞི། །སང་སེར་བཙའ་ཐན་ལ་སོགས་པའི། །དམག་འཁྲུག་ནད་མཚོན་མེད་པར་མཛོད། །བཀྲ་ཤིས་ཕུན་སུམ་ཚོགས་པ་དང་། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །བསམ་དོན་ཡིན་བཞིན་འགྲུབ་པའི་གཡང་། །འབད་པ་མེད་པར་དང་ཁུག་ཅིག །བསངས་རྐྱང་ལ་འདི་ཡན་གྱིས་ཆོག་ཅིང་། མགྲོན་རྣམས། བཛྲ་མུས་རང་གནས་གཏང་ངོ། །བརྔན་སྤྲེལ་ན་སྐབས་འདིར་མགྲོན་མ་གཤེགས་པར་ཕུད་སྐོང་བརྔན་སྦྱིན་རྒྱ་མཚོ་བཏང་། །སྤྲོས་པ་ལ་དགའ་བ་དང་དོན་དམིགས་ལ་ལ་དགྲ་ལྷ་དཔང་བསྟོད་བྱེད་ན་དགྲ་ལྷའི་སྤྱན་གཟུགས་དང་མཆོད་གཏོར་ཚོགས་པར་བྱས་ལ། །ཀྱཻ༑ དང་པོ་དགྲ་ལྷ་གང་ནས་བྱུང་། །ལྷན་ཅིག་སྐྱེས་པའི་ལྷ་ཡིན་ཏེ། །ཕོ་ལྷ་མོ་ལྷ་ཞང་ལྷ་དང་། །སྲོག་ལྷ་དགྲ་ལྷ་ཞེས་སུ་གྲགས། །བར་དུ་དགྲ་ལྷ་གང་ནས་བྱུང་། །ལྷ་དང་ལྷ་མིན་འགྱེད་པའི་ཚེ། །ལྷ་རྒྱལ་

(༦༡༠)དབང་པོ་རྒྱ་བྱིན་གྱིས། ལྷ་ལྔ་བསྙེན་ཆིང་དགྲ་ལྷ་མཆོད། །ཐ་མ་དགྲ་ལྷ་གང་ནས་བྱུང་། །གཡུལ་དང་འཁྲུག་རྩོད་དང་བའི་ཚེ། །རྟེན་འབྲེལ་བདེན་པ་ཤེས་བ་ཡི། །དགྲ་ལྷ་གཟེངས་བསྟོད་རུ་མཚོད་འཕྱར། །ད་ལྟ་དགྲ་ལྷ་གང་ན་བཞུགས། །སྐྱེས་བུ་བློ་རྩལ་ལྡན་པ་ཡི། །རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། །དཔའ་དང་རྟུལ་ཕོད་དེ་ལ་ཆགས། །ད་འདྲའི་དགྲ་ལྷ་སྤྱན་འདྲེན་ན། །བཞུགས་པའི་དེ་ནི་གནས་བཙས་པ། །ཕྲག་པ་གཡས་ཀྱི་སྟེང་ན་བཞུགས། །མི་ང་ལྷ་རུ་མ་འབྲལ་ཅིག་ །རྨོག་དང་མེ་ལོང་མདང་སོ་ལ་བཞུགས། །བཀྲག་དང་གཟི་བརྗིད་མ་འབྲལ་ཅིག་ །ཆོག་དཀར་གཞུ་ཡི་རྒྱུད་ལ་བཞུགས། །མདའ་དང་འཕངས་སྐྱེན་མ་འབྲལ་ཅིག་ །རུ་མཚོན་ངར་མའི་རྩེ་ལ་བཞུགས། །འཕྱར་དང་དུང་འབུད་མ་འབྲལ་ཅིག་ །རལ་གྲི་ངར་མའི་ཀླད་ལ་བཞུགས། །བསྣུན་དང་གཙོང་ཚབས་མ་འབྲལ་ཅིག །སྒྱོགས་དང་གནམ་ལྕགས་དབྱིངས་ལ་བཞུགས། །འཕོ་གདང་དམེའུ་མ་འབྲལ་ཅིག་ །གོ་ཆའི་བླ་དང་དབྱིག་ཏུ་བཞུགས། །སྲ་དང་བཞུ་བླུགས་མ་འབྲལ་ཅིག །རྟ་ཕོའི་ཟེ་རྔོག་ཀློང་དུ་བཞུགས། བདང་དང་རྩལ་གསུམ་མ་འབྲལ་ཅིག་ །མདོར་ན་འགྱེད་དང་རྩོད་པ་དང་། །ཕ་རོལ་གནོན་པའི་བླར་བཞུགས་ནས། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །གསོལ་ལོ་མཆོད་དོ་ལྷ་རྒྱལ་ལོ། །དེ་ནས་བརྟན་མ་སྐྱོང་བ་ནི། །ཀྱཻ་ཡུལ་ནི་བལ་བོད་མཚམས་ཤེད་ན། །མ་རིག་ལས་བྱུང་ལུག་ཁྱིམ་དང་། །དུས་སྦྱོར་དག་པའི་ཚེ་རིང་མ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་ལ་སྟོད་ཞང་ཞུང་ན། །རྣམ་ཤེས་ལས་བྱུང་གླང་ཁྱིམ་དང་། །དུས་སྦྱོར་དག་པའི་གཡལ་མ་སྐྱོང་། །གསེར་སྐྱེམས་ཕུང་དང་གཏོར་མས་བརྔན། །ཡུལ་ནི་གནོད་སྦྱིན་གངས་ཕུག་ན། །འདུ་ཤེས་ལས་བྱུང་འཁྲིག་པའི་ཁྱིམ། །དུས་སྦྱོར་དག་པའི་ཀུན་བཟང་མོ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་འབྲོག་ཆེན་གདོན་གནས་ན། །འདུ་བྱེད་ལས་བྱུང་ཀརྚའི་ཁྱིམ། །དུས་སྦྱོར་དག་པའི་བགེགས་ཀྱི་གཙོ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་

(༦༡༡)ཇོ་མོ་གངས་ར་ན། །ལེན་པ་ལས་སངཻྒའི་ཁྱིམ། །དུས་སྦྱོར་དག་པའི་སྤྱན་གཅིག་མ། །གསེ་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་བྱང་ཆེན་གནམ་མཚོ་ན། །སྲེད་པ་ལས་བྱུང་བུ་མོའི་ཁྱིམ། །དུས་སྦྱོར་དག་པའི་ཀླུ་མོ་རྒྱལ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་ཁ་རག་སྒོ་གཉིས་ན། །ཚེ་རབ་ལས་བྱུང་སྲང་ཁྱིམ་དང་། །དུས་སྦྱོར་དག་པའི་ཁྱུང་བཙུན་མ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་རྨ་ཆེན་སྤོམ་ར་ན། །སྐྱེ་བ་ལས་བྱུང་སྡིག་པའི་ཁྱིམ། །དུས་སྦྱོར་དག་པའི་དྲག་མོ་རྒྱལ། གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་ཀོང་ཡུལ་ཀོང་ཕུག་ན། །རྒ་ཤི་ལས་བྱུང་གཞུ་ཡི་ཁྱིམ། །དུས་སྦྱོར་དག་པའི་ཀོང་བཙུན་མ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་འབྲོག་ཆེན་བཙན་ཡུལ་ན། །སྲིད་པ་ལས་བྱུང་ཆུ་སྲིན་ཁྱིམ། །དུས་སྦྱོར་དག་པའི་རྡོ་རྗེ་སྨན། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་ཇོ་མ་ནགས་རྒྱལ་ན། །མིང་གཟུགས་བྱུང་བུམ་པའི་ཁྱིམ། །དུས་སྦྱོར་དག་པའི་གཡར་མོ་སིལ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་དབུ་རུ་གཡུ་རུ་ན། །སྐྱེ་མཆེད་ལས་བྱང་གར་མཁན་ཁྱིམ། །དུས་སྦྱོར་དག་པའི་ཟུ་ལ་སྨན། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། རྟེན་འབྲེལ་དུས་སྦྱོར་གནས་དག་པའི། །བདེན་དོན་བཏན་མ་བཅུ་གཉིས་ཀྱིས། །ཆར་ཆུ་དུས་ཕེབས་སད་སེར་ཞི། །མུ་གེ་འཁྲུག་རྩོད་མོད་པར་མཛོད། །གཡང་འགུགས་བྱེད་ན། ཧཾ། རི་རྒྱལ་ལྷུན་པོའི་སྟེང་ཕྱོགས་ན། །དབང་པོ་ལ་སོགས་ལྷ་ཆེན་བརྒྱད། །རོལ་མཚོ་ལ་གནས་ཀླུང་ཆེན་སྡེ་གོ་ལའི་ཁྱིམ་གྱི་དྲང་སྲོང་ཚོགས། །ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་སོགས། །དཔལ་མགོན་བདུན་བཅུའི་ཚོགས་རྣམས་ཀྱིས། །རིན་ཆེན་འབྲུ་ཡི་བང་མཛོད་དང་། །རྟ་དང་བ་ལང་གཡུག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན་

(༦༡༢) ཆར་ལྟར་འབབ་པའི་གཡང་ཅིག་ །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། །རི་རབ་བཟོམ་དང་གསེར་རི་བདུན། །རོལ་མཚོ་ལྷ་གནས་རྒྱ་མཚོའི་རུམ། །ས་ཆུ་མེ་རླུང་ནམ་མཁའི་ལྷ། །རི་དང་ནགས་ཚལ་སྐྱེད་མོས་ཚལ། །གཙུག་ལག་ཁང་དང་རྒྱལ་པོའི་ཁྱབ། །གྲོང་དང་གྲོང་ཁྱེར་ལ་གནས་པའི། །ལྷ་ཡི་ཕྱ་དང་སྣོད་ཀྱི་གཡང་། །རིན་ཆེན་འབྲུ་ཡི་བང་མཛོད་དང་། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡུང་ཁུག་ཅིག་ །མཁར་གྱི་རྩེ་དང་སྒྱེད་པོའི་ལྷ། །ཐབ་ལྷ་ཡུ་མོ་འབར་བ་དང་། །མུ་དང་སྣང་དང་མཁར་གོང་ལ། །གནས་པའི་ཞིང་ལྷ་ཚངས་པ་དང་། །ཁྱིམ་ལྷ་གེའུ་ཐུང་ནང་ལྷ་དང་། །སྒོ་ལྷ་རྟ་གཡུག་ཕྱུགས་ཀྱི་ལྷ། །རྨ་གཡང་ཚོང་ལྷ་དོན་གྲུབ་དང་། །རྟ་ལ་རྨ་དཔོན་ནོར་ལྷ་མཆོག་ །ཁ་རྗེ་དབང་ཐང་སྙན་བྲགས་ལྷ། །སྡུ་གུ་མི་ལ་འགོ་བ་ཡི༑ སྲོག་ལྷ་མོ་ལྷ་དགྲ་ལྷ་དང་། །ཕོ་ལྷ་ཡུལ་ལྷ་ལོ་ཟླ་ཞག་ །སྤར་སྨེ་ཚེས་གྲངས་དུས་ཚོང་ལྷའི། །སྣོད་ཀྱི་ཕྱྭ་དང་བཅུད་ཀྱི་གཡང་། །རིན་ཆེན་འབྲུ་ཡི་བང་མཛོད་དང་། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡུང་ཁུག་ཅིག་ །ཁྱད་པར་གཡང་ཅན་ནོར་གྱི་ལྷ། །ཇོ་མོ་བཀྲ་ཤིས་ཚེ་རིང་མ། །མཁའི་འགྲོའི་རྒྱལ་མོ་སྤུན་ལྔ་ཡིས། །འཆི་མེད་ཚེ་དང་རིགས་བརྒྱུད་བུ། །རྨ་གཡང་ནོར་དང་རྐང་གཞི་ཕྱུགས། །མངོན་ཤེས་གཏེར་དང་ཟས་གོས་ནོར། །ལོ་ཏོག་བཅུད་དང་བཟའ་ཤིང་དཔལ། །ཆར་ཆུ་རྒྱས་ཤིང་ལོ་འབྲས་འཕེལ། །ཕན་ཚུན་མཛའ་དང་ནད་ཡམས་མེད། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཡང་། །འབད་པ་མེད་པ་དེང་འདིར་ཁུག་ །མདོར་ན་ལྷ་དང་མིའི་དྲང་སྲོང་། །ཚོགས་ཀྱི་བདག་པོ་གནོད་སྦྱིན་སྡེ། །ནམ་མཁའ་ལྡིང་དང་མིའམ་ཅི། །ལྷོ་འཕྱེ་ཆེ་དང་འཕྲོགས་མའི་བུ། །སྣ་ཚོགས་

(༦༡༣)གཟུགས་སྦྲུལ་རྫུ་འཕྲུལ་ཅན། སྲིད་པ་ཆགས་པའི་སྣོད་དང་བཅུད། །མ་ལུས་ལུས་བ་མེད་པ་ཡི། །ཕྱྭ་གཡང་མ་འཁྱམས་ཆི་ལི་ལི། །ཕྱྭ་གཡང་མ་ཡར་ནུ་རུ་རུ། །ཕྱྭ་གཡང་མ་གོད་ཏ་ལ་ལ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །བླ་དང་ཚེ་དང་བསོད་ནམས་དང་། །དབང་ཐང་རྟེན་དུ་གནས་འདིར་བཞུགས། །དགའ་འཁྱིལ་བཞིན་དུ་ཀྱི་ལི་ལི། །གཡུང་དྲུང་བཞིན་དུ་འདུ་རུ་རུ། །རྒྱ་མཚོ་བཞིན་དུ་མེ་རེ་རེ། །གནས་འདིར་བརྟན་པའི་བཀྲ་ཤིས་སྩོལ། །ཞེས་གཡང་ཆོག་ལྟར་འཛུད་ཅིང་སངས་རྒྱས་བསྟན་སྲུང་མས་གཏོར་གཤེགས་དང་ཤིས་བརྗོད་བསྔོ་སྨོན་སོགས་སྤྱི་ལྟར་འགྲེའི། །ཞེས་པའང་ཕོ་བྲང་དམར་པོ་རི་ནས་སྐུ་བཅར་སངེྒའི་མཚན་ཅན་གྱིས་ནན་ཏན་ཆེན་པོས་ཕེབས་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་བསམ་ཡས་ཆོས་འཁོར་ཆེན་པོར་ཤར་མར་སྤེལ་བའོ། །ཕུད་སྐོང་བརྔན་སྦྱིན་རྒྱ་མཚོ་བཞུགས། །ན་མསརྦ་ཏ་ཐཱ་ག་ཏ་ཡ། དེ་ལ་ཚོགས་པས་གཙང་འགལ་རྐྱེན་ཞི་བར་འདོད་པས་ཕུད་རབས་བརྔན་སྦྱིན་རྒྱ་མཚོའི་འདི་ལ་འབད་པར་བྱ་སྟེ། །རིའི་རྩེ་མོའམ་བླ་གབ་མེད་པའི་གནས་སུ་གྲུབ་ན་ཕེ་ཁལ་གཅིག་ལས་མི་ཉུང་བར་མངར་གསུམ་དང་། རིན་པོ་ཆེ་བ་དར་བའི་བཤོས་གཏོར་གཙང་མ་ལྷ་བསངས་ཇི་ལྟ་བ་བཤམ། །དེ་ཡང་སྔོན་གྱི་དམ་པ་རྣམས་ཀྱིས་ཕྱེ་ཁ་ལ་སྟོང་ཕྲག་ལ་སོགས་བར་གཏོར་ཚོགས་མཛད་པས་སོ། །མ་གྲུབ་ན་འདིར་ཕུད་རབས་ལ་བརྟེན་པའི་ཕྱིར་རང་འབྱོར་དང་བསྟུན་པའི་ཆང་བན་ལས་མི་ཉུང་པ་དང་། སྔོ་ཚིག་རེ་བཞིན་ད ཤཧྲངཇཞ ྲ རྒྱུའི་བཤོས་བུ། །ཉེར་སྤྱོད། ཆབ་གཏོར། རིལ་བུ་གང་མང་། ཁྲག་སྐྱེམས། ཇ་ཆང་འོ་ཞོས་བཀང་བའི་ཡོལ་གོ་ཟེ་བྲོག་ཅན། ཤིང་ཏོག་ཇ་མར། དཀར་མོ་ལག་གཡས༑ ༑ཕྱེ་མར། ཆུ་ཕུད། མདའ་དར། ཆང་ཟན་གྱི་ཆངས་བུ། བསང་གསུར་སོགས་ཀྱང་འདུ་བྱས་ལ་ཆབ་ཀྱིས་བྲན། །དེ་ནས་སྐྱབས་སེ་མས་སྔོན་དུ་འགྲོ་བས་གཏོར་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བརླབ། རང་ཉིད་ཡི་དམ་གྱི་ང་རྒྱལ་ལ་གནས་པས། སྭ་བྷཱ་ལྦས་སྦྱངས། སྟོང་པའི་དང་ལས་

(༦༡༤)མདུན་དུ་བཾ་ལས་པདྨ་དང་། ཨ་ལས་ཟླ་བའི་གདན་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་ཧྲཱིལས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་གང་ཆེན་མཚོ་འཁོར་འདས་ཐམས་ཅད་ལ་སྐུས་ཁྱབ་ཅིང་སྐུ་ལ་ཞིང་ཁམས་ཐམས་ཅད་རྫོགས་པའི་དཔྲལ་བ་ནས་བཀྲིན་བ་ཡན་ཆད་དུ་བདེ་གཤེགས་རིན་ཆེན་མང་ལ་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ཀྱིས་བསྐོར་བ། ཐུགས་གནས་ལྟེ་བའི་བར་དུ་འཕགས་པ་འཇམ་དཔལ་ལ་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱིས་བསྐོར་བ། །སྐུ་སྨད་ཀྱི་ཆ་ལ་སྤྱན་རས་གཟིགས་གཟུགས་དམ་པ་ལ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱིས་བསྐོར་བ། །པད་གདན་གྱི་ཆ་ལ་གསང་བའི་བདག་པོ་ལ་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ཀྱིས་བསྐོར་བར་བསྐྱེད་ཅིང་། །བྱང་ཆུབ་སེམས་ཀྱི་འོའ་ཟེར་དང་། །འདུན་པ་དྲག་པོས་སྤྱན་དྲངས་པས་སྟེང་ཕྱོགས་ནས་བྱོན་པ་རྣམས་ནམ་མཁའ་ལ་གཟའ་སྐར་བཀྲམ་པ་ལྟ་བུ། །བར་སྣང་ནས་བྱོན་བ་རྣམས་ཁ་ཆར་བུ་ཡུག་འཚུབས་པ་ལྟ་བུ། །འོག་ཕྱོགས་ནས་བྱོན་པ་རྣམས་ས་གཞི་ལ་རྡུལ་ཕྲན་ལངས་པ་ལྟ་བུ་ཕན་པ་དང་ཞི་བའི་ཐུགས་ཀྱིས་བྱོན་ན་སོ་སོའི་རྟེན་ལ་གཉིས་སུ་མེད་བར་བཞུགས་པར་གྱུར། བཛྲ་ས་མ་ཡ་ཛཛཧཱུཾ་བཾ་ཧོཨ་རྒྷཾ་སོགས་ཀྱིས་མཆོད། དུང་དཀར་དང་རོལ་མོའི་སྒྲ་བསྒྲག་ཅིང་། ཧཱུཾ་འོག་མིན་སྟུག་པོ་བཀོད་པ་ནས། །གདན་གསུམ་ཚང་བའི་སྟོན་འཁོར་ཏེ། རྒྱལ་བ་དགོངས་བརྒྱུད་བླ་མ་དང་། །རིག་འཛིན་བརྡ་དང་གང་ཟག་སྙན། །མཁའ་འགྲོ་གཏད་རྒྱ་སྨོན་ལམ་དབང་། །བཀའ་བབས་ལུང་བསྟན་བརྒྱུད་པ་སོགས། །བསྟན་པའི་ཆུ་མགོ་ཐམས་ཅད་དང་། པདྨ་ས་ར་ཧ་བ་སོགས། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དང་། །ཀླུ་སྒྲུབ་ཐོགས་མེད་སྐུ་མཆེད་སོགས། །འཛམ་གླིང་རྒྱན་དྲུག་མཆོག་བརྒྱད་དང་། །ཟླ་བཟང་དྲག་པོ་འཁོར་ལོ་སོགས། །ཆོས་རྒྱལ་རིགས་ལྡན་ཐམས་ཅད་དང་། །ཧཱུཾ་ཀཱར་བཤེས་གཉེན་ལ་སོགས་པ། །རིག་པ་འཛིན་པ་བརྒྱད་རྣམས་དང་། །དེ་ལྦ་བུཥྤ་ལ་སོགས་པ། །རྗེ་བཙུན་ཉི་ཞུ་རྩ་ལྔ་སོགས

(༦༡༥)དམ་ཚིག་དབང་ཤེས་ཤེས་རབ་རྒྱུད། །མན་ངག་ལུང་བྱིན་ཉམས་ཆག་བསྐང་། །མཐོང་ཐོས་དྲན་རེག་སློབ་དཔོན་སོགས། །རྩ་བརྒྱུད་བླ་མའི་དཀྱིལ་འཁོར་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེན་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ༑ ༑འགལ་འཁྲུལ་དམ་ཚིག་ཉམས་ཆགས་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །མར་མེ་མཛད་དང་རྣམ་གཟིགས་སོགས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་དགའ་བའི་དཔལ་ལ་སོགས། །ཕྱོགས་བཅུར་བཞུགས་པ་ཐམས་ཅད་དང་། །བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །རང་རང་ལུང་དང་རྟོགས་པའི་ཆོས། །གསུང་རབ་ཡན་ལག་བཅུ་གཉིས་དང་། །དྲན་པ་ཉེ་བར་གཞག་པ་སོགས། །རྣམ་པར་བྱད་གྲོལ་ཆོས་སོ་བདུན། །འཕགས་པའི་སྤངས་རྟོགས་ཁྱད་པར་ཅན། །ས་བཅུ་དང་ནི་ལམ་ལྔ་སོགས། །དགེ་འདུན་ཟུང་བཞི་ཡབ་རྒྱད་དང་། །མཆོག་ཟུང་གནས་བཅུ་གཏད་རབས་བདུན། ཚོགས་སྤྱོད་བསེ་རུ་ལྟ་བུ་ཡི། །རང་རྒྱལ་རྣམ་པ་གཉིས་དག་དང་། །སྟོན་པའི་འཁོར་ནི་རྣམ་བཞི་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་སྒྲུབ་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །འཇམ་དཔལ་དབྱངས་དང་རྡོ་རྗེ་རྣོན། །མིག་མི་འཛུམས་དངས་སྙིང་སོགས། །དབང་ཤེས་དག་པའི་སེམས་དཔའ་བརྒྱད། །དགེ་བསྙེན་ཆེན་པོ་ལི་ཙ་བྱི། །བཟང་སྐྱོང་དྲྭ་བ་སྦྱིན་དང་ནི། །བསྐལ་བཟང་སེམས་དཔའ་བཅུ་དྲུག་དང་། །ཤེར་ཕྱིར་སྒྲོལ་མ་འོད་ཟེར་ཅན། །རྨ་བྱ་ཆེ་དང་རིག་བྱེད་མ། །གཙུག་གཏོར་དཀར་ནག་ལ་ལཱི་ཏ། །ལྷ་མོ་དཔལ་དང་ཁྲོ་གཉེར་ཅན། །སོ་སོར་འབྲང་མ་ནོར་

(༦༡༦)རྒྱུན་སོགས། །གཟུགས་ཀྱི་ལྷ་ཐམས་ཅད་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དེ། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། །མདོ་སྒྱུ་སེམས་གསུམ་མཉམ་སྦྱོར་དང་། ཁྲག་འཐུང་གལ་པོ་ཟླག་སང་ཐིག་ །དོང་སྤྲུགས་རྟ་མཆོག་རོལ་བ་དང་། །རྡོ་རྗེ་ཕུར་པ་ལ་སོགས་པ། །ཀུན་འདུས་སྒྲུབ་སྡེ་ཆེན་པོ་བརྒྱད། །བདེ་གསང་དགྱེས་རྡོར་གཤིན་རྗེ་གཤེད། །ཕྱི་ནང་གཞན་གསུམ་དུས་འཁོར་ལོ། །གདན་བཞི་སངས་རྒྱས་ཐོད་པ་དང་། །སངས་རྒྱས་མཉམ་སྦྱོར་མ་ཧཱ་མ་ཡ། །ཕག་མོ་དང་ནི་རྣལ་འབྱོར་མ། །སེང་གེའི་གདོང་ཅན་ཁྲོས་མ་ནག་ །དམེ་བརྩེགས་མ་དང་དབུཨ་གཅད་མ། །ཕ་རྒྱུད་མ་རྒྱུད་ཐམས་ཅད་ལ༑ །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོ་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །ཞི་བ་ཞེན་པོའི་དང་ཉིད་ལས། །བསྟན་པ་བསྲུང་ཕྱིར་མངོན་སྤྱོད་གཟུགས། །ནག་པོ་ཆེན་པོ་ལྕམ་དྲལ་དང་། །ཕྱག་བཞི་ཕྱག་དྲུག་ལེགས་ལྡན་ནག །མ་ནིང་སྲོག་བདུད་བྱ་རོག་གདོང་། །སྟག་ཞོན་བིང་དང་གྲི་གུག་ཅན། །སེང་ཞོན་ཏྲ་ཤད་གུར་མགོན་དང་། །གདོང་བཞི་དཔལ་མགོན་བདུན་ཅུ་དང་། །རྡོ་རྗེ་ལེགས་པ་རཱ་ཧུ་ལ། །གནོད་སྦྱིན་དམར་ནག་སེངྒེའི་གདོང་། །རང་རང་ཡུམ་དང་སྤྲུལ་འཁོར་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་བ་

(༦༡༧)སྒྲུབས་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །ནག་མོ་ཁྲོས་མ་ར་ལ་གཅིག་མ། །ཨེ་ཀ་ཙ་ཊཱི་སྦུན་དྲུག་དང་། །བྲན་མོ་བཅུ་བཞི་ཡང་གཡོག་འབུམ། །འདོད་ཁམས་བདག་མོ་དམག་ཟོར་མ། །གདོང་ཅན་དུས་བཞིའི་ལྷ་མོ་དང་། །བཤན་བ་སྲོག་སྒྲུབ་རེ་མ་ཏི། །དུར་ཁྲོད་བདག་མོ་དུང་སེལ་དང་། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་མ། །དཔལ་གནས་མ་དང་ཡང་དག་ཤེས། །ཁྱུང་བཙུན་ཀོང་བཙུན་གཡུ་བུན་མ། །མེ་སྟག་ཟླ་འོད་བྱང་རྒྱལ་མ། །གསེར་ཐང་ཀུན་བཟང་ཤན་ཏིང་མ། །ཀླུ་མོ་གཟི་འོད་འབར་མ་སྟེ། །བརྟན་མ་བཅུ་གཉིས་དྲག་མོ་རྒྱལ། །ཤྭན་མོ་དང་ས་བདག་མ། །བདག་ཉིད་མ་དང་མིང་པོའི་ཚོགས། །གནོད་སྦྱིན་ནོར་ལྷ་རྟ་བདག་བརྒྱད། །རྒྱལ་པོ་སྐུ་ལྔ་དཔོན་སློབ་ཡུམ། །དགེ་བསྙེན་འབར་བ་སྤུན་བདུན་དང་། །ཡ་བ་སྐྱ་བདུན་བཙན་གྱི་སྡེ། །ལེགས་ཉེས་སྟངས་འཛིན་ཅན་རྣམས་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས་། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །ཁྱད་པར་རིགས་ལྔ་གང་ཆེན་མཚོའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནི། །མི་ཟད་རྒྱན་གྱི་འཁོར་ལོ་ལས། །རྡུལ་གཅིག་སྟོང་སྟེང་ན་རྡུལ་སྙེད་ཞིང་། །བསམ་ཡས་བློ་ཡི་མི་ཐུག་པའི། །གནས་དུས་སྟོན་པ་ཆོས་དང་འཁོར། །ཕུན་སུམ་ཚོགས་པ་ལྔ་ལྡན་གྱི། །བདག་ཉིད་ཆེན་པོ་ཐམས་ཅད་དང་། །ཁྱད་པར་ས་བཅུ་ལམ་ལྔའི་བདག་ །དཔའ་བོ་མཁའ་འགྲོ་འདུ་བའི་གནས། །ཨོ་རྒྱན་རྫ་ལནྡྷ་ར་སོགས། ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལ། །གནས་མཆོག་སུམ་ཅུ་རྩ་གཉིས་དང་། །དུར་ཁྲོད་ཆེན་པོ་བརྒྱད་རྣམས་ལ། །གནས་པའི་ཞིང་སྐྱོང་གཞི་བདག་དང་། །སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ཞིང་། །བདེ་གཤེགས་སྙིང་པོའི་ཆོས་ཉིད་ལས། །གདུལ་

(༦༡༨)བྱ་འདུལ་བྱེད་ལྟར་བསྡུས་པའི། །སྤྲུལ་དང་སྤྲུལ་རང་རྒྱུད་པའི། །མཆོག་མདན་མགྲོན་རིགས་རྒྱ་མཚོ་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲུན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ལས་གཞི་འགྲུབ་པའི་དངོས་གྲུབ་སྩོལ། །དེ་ལས་ཐུབ་པའི་གདུལ་ཞིང་མཆོག་ །འཛམ་བུའི་གླིང་གི་བྱང་ཕྱོགས་ནས། །དབུས་ཀྱི་རི་བོ་མཆོག་རབ་ཆ། །འོག་གཞི་རླུང་གི་དཀྱིལ་འཁོར་ནས། །འབྱུང་བའི་འཁོར་ལོ་རིམ་བརྩེགས་དང་། །དེ་ལས་འཕྲོས་པས་འབྱུང་བཞིའི་ལྷ། །རི་རྒྱལ་ལྷུན་པོའི་ཕྱོགས་བཞི་མཚམས། །ལྷ་གནས་སུམ་ཅུ་རྩ་གསུམ་ནས། །གཞན་འཕྲུལ་དབང་བྱེད་མན་ཆད་ཀྱི། །འདིད་པ་ཁམས་ན་གནས་སོ་ཅོག་ །གཟུགས་ཁམས་གནས་རིགས་བཅུ་བདུན་དང་། །གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ། །ཁམས་གསུམ་སྣོད་བཅུད་མགྲོན་རིགས་དང་། །དྲང་སྲོང་གྲུབ་པ་ཅན་རྣམས་ལ། །གཙང་མ་ཕུད་ཀྱི་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། མུ་གེ་འཁྲུག་རྩོད་ནད་ཡམས་ཞི་ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །གྲུ་ཆགས་རླུང་གི་དཀྱིལ་འཁོར་ལ། །བརྟེན་པ་གོ་ལའི་ཁྱིམ་བཅུ་གཉིས། །གང་ལ་དབང་བྱེད་ཉི་ཟླ་སོགས། །བཟའ་དང་རྒྱུ་སྐར་དྲང་སྲོང་སྟེ། །གཉའ་ཞིང་འཛིན་སོགས་གསེར་རི་བདུན། །རོལ་མཚོ་རྒྱལ་མཚོ་ལྕགས་རིལ། །གནས་པའི་དཀར་ཕྱོགས་ཀླུ་ཆེན་བརྒྱད། །ཧུ་ལུ་ཧུ་ལུ་ཡི་རང་སོགས། །འཇིག་རྟེན་བདེ་སྡུག་བདག་པོ་དང་། གླེང་ཆེན་བཞི་དང་གླིང་ཕྲན་བརྒྱད། །ཁྲུང་ཁྲུང་ཀུ་ཤ་གསེར་གླིང་དང་། །ཟངས་གླིང་སིངྒ་གླིང་ལ་སོགས། །གླིང་ཆུང་གནས་པའི་གཞི་བདག་

(༦༡༩)ལ༑ ༑གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྦྱིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །ཁྱད་པར་ལྷ་རྒྱལ་འཛམ་གླིང་དབུས། །རྡོ་རྗེ་གདན་དང་མ་གདྷཱ། །རྒྱལ་པོའི་ཁབ་དང་བྱ་རྒོད་སྤུངས། །མཉན་དུ་ཡོད་དང་ཇེ་ཏཱི་ཚལ། །ལྦཱ་རཱ་ཎ་སཱི་ལུ་མིྦ་ནི།་ །ཤམ་བྷ་ལ་དང་ཤ་མྦྷ་ཤ། དཔལ་ལྡན་འབྲས་སྤུངས་དགའ་བའི་ཚལ། །བྷངྒ་ལ་དང་ཟ་ཧོར་ཁག་ །མཱ་ལ་ཡ་དང་གནམ་ལྕགས་འབར། །འགྲོ་ལྡིང་ཡངས་པ་ཅན་དང་ནི། །རི་བོ་འབིགས་བྱེད་ཨོ་ཏ་ནི་ཏ། །ཁ་ཆེ་ཁྲི་བརྟན་ནཻ་བཱ་ལ། །གླང་རུ་ལུང་བསྟན་ཤིང་ཀུན་དང་། །བྱ་རུ་ཁ་ཤོར་ཡང་ལེ་ཤོད། །ཨ་སུ་རུ་ཡི་བྲག་ཕུག་དང་། །སྟག་མོ་ལུས་སྦྱིན་ཕུལ་ཧོར། །ཤིང་གི་རི་དྭང་ཏི་སི་གངས། །མ་དྲོས་མཚོ་དང་ཆུ་ཀླུང་བཞི། །ལྷ་དབང་གླང་ཆེན་བྲེས་རྣམས་ལ། །གནས་པའི་ཞིང་སྐྱོང་གཞི་བདག་དང་། །ཕན་གནོད་ལས་ལ་དབང་རྣམས་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནག་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ༑ ༑དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །ཁྱད་པར་གངས་ཅན་བོད་ཀྱི་ཡུལ། །སྟོང་ན་མངའ་རིས་སྐོར་གསུམ་དང་། །བར་ན་དབུས་གཙང་རུ་བཞི་སྟེ། །སྨད་ན་མདོ་ཁས་སྒང་དྲུག་དང་། །དྭགས་ཀོང་ཙཱ་རི་ཙ་གོང་དང་། །སྦས་གནས་པདྨ་བཀོད་ཆེ་ཆུང་། །གང་བསྐྱ་བོ་རླུང་སྒྲོམ་འབར། །རྒྱལ་སེང་གཏམ་སྦས་ཆགས་ཤིང་། །མོན་ཁ་སྣ་བཞི་འབྲས་མོ་ལྗོངས་དང་རོང་མོ་སྟེངས། །བུམ་ཐང་སྐུ་རྗེས་བྲག་དང་ནི། །སྤ་གྲོ་སྟག་ཚང་སྒོམ་པ་ཕུག་ །བྷཾ་ག་བྱང་དང་དཀར་པོ་ཟངས། །སྟག་གཟིག་དོམ་སྤྱད་རོད་གནས་བཞི། །མོན་དང་ཀླ་ཀློའི་རོང་ཡུལ་ལ། །གནས་པའི་ཞིང་སྐྱོང་གཞི་

(༦༢༠)བདག་དང་། །ཕན་གནོད་ལས་ལ་དབང་རྣམས། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །གཞན་ཡང་སྲིད་པ་ཆགས་པའི་ལྷ། །ང་ཆེ་ང་བཙན་ཐམས་ཅད་དང་། །གནོད་སྦྱིན་ཆེན་པོ་གང་བཟང་། །ཡར་ལྷ་ཤམ་པོ་ཐང་ལྷ་དང་། །མཁའ་རི་སྨྱོན་ཁ་གཡས་སྤང་སྐྱེས། །རྨ་ཆེན་སྤོམ་ར་ལ་སོགས་པའི། །དགེ་བསྙེན་ཉི་ཤུ་རྩ་གཅིག་སྟེ། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །འབངས་ཀྱི་སྲོག་ལྷ་གཉན་དགུ་དང་། །ཁྱད་པར་བདག་ལ་འགོ་བའི་ལྷ། །མིང་དང་མཚན་ནས་མཐོན་བའི། །སྟོང་གྲོགས་བྱེད་པ་ཐམས་ཅད་དང་། །སྨན་ཕྲན་འབུམ་སྡེ་ལ་ཆུ་འཕྲང་། །སྲུང་ཞིང་རང་དབང་བྱེད་པའི་སྡེ། །ཡར་འབྲོག་གཡུ་མཚོ་ལ་སོགས་པ། །ཕྱག་རྒྱས་བཏབ་པའི་མཚེ་ཆེན་བཞི། །གནམ་མཚོ་ཁྲི་ཤོར་རྒྱལ་མོ་སོགས། །མཚོ་ཆེན་ཀླུ་གཉེན་པོ་དང་། །ལྦེར་མ་ཟོ་དོར་ལ་སོགས་བ། །གཡུལ་དྲུང་བོན་གྱིས་བསྟེན་པའི་ལྷ། །འཇིག་རྟེན་སྐྱོང་བ་ཐམས་ཅད་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲུན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། མུ་གེ་འཁྲུག་རྩོ་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །ཁྱད་པར་རིགས་གསུམ་མགོན་པོ་ཡི། རྣམ་སྤྲུལ་མེས་དཔོན་རྣམས་གསུམ་གྱིས། །ཐུགས་བསྐྱེད་བསྟན་པ་དར་བའི་གནས། །ཆོས་ཚིགས་སྤྲུལ་བའི་གཙུག་ལག་ཁང་། །ལྷས་འཕྲུལ་སྣང་ར་མོ་ཆེ། །དེ་འཁོར་མཐའ་འདུལ་ཡང་འདུལ་དང་། །རུ་གནོན་སྤྲུལ་བའི་གཙུག་ལག་ཁང་། །གཡོ་རུ་ཁྲ་འབྲུག་དབུ་རུ་ན། །ཀ་ཚལ་གཙང་ན་རྒྱ་རོང་རྩིས། །སྐྱོ་དུན་རྩེ་དང་ཀོང་བུ་ཆུ། །བུམ་ཐང་དགེ་ནས་ཁམས་ཀློང་སྒྲོན། །ག་ཆུ་གསེར་དང་བྱང་ནར། །དབང་ཆེན་ཞྭ་

(༦༢༡)སྟེ་བཅུ་གཉིས་ཀྱི། །རྟེན་དང་བརྟེན་པ་དཀོར་སྲུང་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མེ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །ཁྱད་པར་ལྷ་སྲས་ཁྲི་སྲས་ཁྲི་སྲོང་གིས། །འོག་མིན་ས་ལ་སྤྱན་དྲངས་པ། །ཆོས་འཁོར་དཔལ་གྱི་བསམ་ཡས་ཆེ། །དབུ་རྩེ་རིགས་གསུམ་ཉི་ཟླ་གཉིས། །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། །དཀོར་མཛོད་བཙུན་མོའི་གླིང་གསུམ་དང་། །མེས་ཀྱི་བྲག་དམར་མཆིས་ན་ར། །ཀ་ཆུ་དཔལ་འབྱུང་གབ་གོང་། །དཔོན་གྱི་སྐར་ཆུང་རྡོ་རྗེ་དབྱིངས། །འུ་ཤང་རྡོ་དང་རྒྱ་མཁར་རྩེའི། །རྟེན་དང་བརྟེན་པ་ཐམས་ཅད་དང་། །ཆོས་འཁོར་སྐྱོང་དང་དཀོར་བདག་ལ། །གཙང་མ་ཕུད་ཀྱི་ཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡངས་རྫོང་། །ཁུམ་ཕུ་རྫོང་དང་འོན་སྟག་ཚང་། །ཕུང་པོ་ཆེ་དང་རྩེ་ཆེན་བྲག་ །ཡུམ་བུ་གླ་མཁར་བཙན་ཐང་གཡུ། །དམ་ཤོད་གནམ་ལྕགས་རྡོའི་མཆོད་རྟེན། །ཅོག་རེའི་ཙེ་འབུམ་ལ་སོགས་པ། །ཡེ་ཤེས་བཞུགས་སོ་འཚལ་རྣམས་དང་། །གཞན་ཡང་རང་བཞིན་སྤྲུལ་པའི་སྐུ། །འབུར་དུ་དོད་དང་རིས་སུ་གསལ། །དབྱིབས་དང་ཁ་དོག་གིས་གྲུབ་པའི་སྐུ་གསུང་ཐུགས་ཀྱི་སྣང་བརྙན་དང་། །གྲུབ་གཟིངས་ཟམ་པ་སྐྱེད་མོས་ཚལ། །ཁྲུས་རྫིད་དཔག་བདམ་ཤིང་ལ་སོགས། །ཡོན་ཏན་ཕྲིན་ལས་སྤྲུལ་པའི་སྐུ། །དེ་དག་སྲུང་ཞིང་གཉེར་གཏད་པའི། །ལྷ་སྲུང་གཉན་པོ་

(༦༢༢)ཐམས་ཅད་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །མདོ་སྨད་ཧོར་དང་རྒྱལ་མོ་རོད། །ལ་སོགས་རོང་ཆེན་རོང་ཕྲན་དང་། །ལྗོངས་དང་མི་ཚེ་མི་ནུབ་ཡུལ། །རི་བོ་རྩེ་ལྔ་དབུས་གནས་པའི། །མ་ཧཱ་སོག་པོའི་ཡུལ། །རྒྱ་སེར་ཙུ་ཏ་ཤྭ་ནའི་གདོང་། །ཁལ་ཁ་སྤོ་རོད་ལ་སོགས་པ། །མཐའ་ཁོབ་སུམ་ཅུ་རྩ་དྲུག་ལ། །གནས་པའི་ཞིང་སྐྱོང་གཞི་བདག་དང་༑ ༑ཕན་གནོད་ལས་ལ་དབང་རྣམས་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །གཙུག་ལག་འབྱུང་བའི་ལྷ་ཡི་གཙོ། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །ཁམས་དང་སྐྱེ་མཆེད་ལས་བྱུང་བའི། །སྲིད་པའི་ལོ་འགྲོས་བཅུས་གཉིས་དང་། །སྤར་ཁ་བརྒྱད་དང་སྨེ་བ་དགུ། །བྱི་བ་ལ་སོགས་གནས་བའི་ལྷ། །བདུན་བཅུ་རྩ་གཉིས་བཅས་པ་དང་། །ས་འཛིན་ལག་པ་ཆེན་པོ་སོགས། །མི་འཕོའི་ས་བདག་ཉི་ཤུ་ཅིག་ །ས་ཡི་ལྷ་མོ་བརྟན་མ་སོགས། །ས་འོག་རིམ་དགུའི་ས་བདག་དང་། །ཐེ་སེ་རྒྱལ་པོ་ལ་སོགས་ཏེ། ལོ་འཁོར་གནས་པའི་ས་བདག་དང་། །འབྲུག་ལྷ་འབྲུག་རྫ་ལ་སོགས་བ། །ཟླ་བའི་འཁོར་བའི་ས་བདག་དང་། །བིཥྚ་ཟིན་ཕུང་ལ་སོགས་པ། །ཚེས་དང་དུས་ཚོད་ལ་དབང་ཞིང་། ༑རྒྱུ་བའི་ལྷ་དང་ས་བདག་དང་། །བིཥིྚ་ཐུན་བརྒྱད་མུ་རུ་ལུགས། །རྣལ་འབྱོར་དུས་མཚན་ལྷ་མོ་སོགས། །མདོར་ན་འབྱུང་བ་ས་བསྡུས་ཤིང་། །ལོ་ཟླ་ཞག་དང་དུས་ཚོད་ལ། །དབང་བྱེད་ལྷ་དང་སའི་བདག་པོ། །ཀོ་ལོང་གདུག་སེམས་འཆང་བ་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །དམེ་མནོལ་ཐབ་

(༦༢༣) གཞོབ་རོ་བག་གྲིབ། ས་བ་རྐོ་རྡོ་སློག་འཕོ་སྐྱས་སོགས། །འགལ་འཁྲུལ་ཉམས་ཆག་བཟོད་པར་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །གཞན་ཡང་རྒྱལ་པོའི་ཕོ་བྲང་དང་། །ཁྱིམ་ལྷ་བྲང་ཁང་སྐྱེད་ཚལ་ཞིང་། །སྒོ་ཕྱི་ཁང་སློར་ལ་གནས་པའི། མཁར་གྱི་རྩེ་དང་ཐབ་ཀྱི་ལྷ༑ ༑ཡུ་མོ་སྐྱེད་ལྷ་སྤུན་གསུམ་དང་། །བར་ལྷ་གྲུ་ཅན་མཛོད་ལྷ་གཡང་། །རྟ་བདག་ཀུ་བེ་ར་དང་ནི། ཕྱུགས་ལྷ་རྨ་གཡང་འགྲོ་བཟང་མ། །སྐྱེད་ཚལ་ལྗོན་པའི་ལྷ་མོ་དང་། །ཚོང་ལྷ་དོན་གྲུབ་ལམ་ལྷ་རྨུན། །ཞིང་ལྷ་ཚས་པ་སྣང་ལྷ་རྒྱས། །མུ་སྲུང་ནེའུ་དཀར་ཁོངས་ལ། །ཆགས་པའི་ཕན་གནོད་བྱེད་པ་རྣམས། །བརྔན་སྦྱིན་འདི་ཡིས་ཚིམ་གྱུར་ནས། །རྩེ་ལ་ཞིག་རལ་སོང་བ་དང་། །ཐབ་ལ་དཀར་དམར་གཞོབ་ཤོར་དང་། །རྫོགས་པ་ཕྱག་དར་བྱས་པ་དང་། བྲེས་སུ་བྱ་འཇུན་བྱས་པ་དང་། །ལྷས་ལ་བཤས་ར་བྱས་པ་དང་། །སྐྱེད་ཚལ་རྩད་ནས་དབྱུང་བ་དང་། །མུ་བྲེགས་སྣང་དཔྲལ་ལོ་ཏོག་ལ། ཟོར་ཁ་གཏད་ལ་འཁུན་པའི་སེམས། །བྱང་ནས་ཞི་དང་བདེ་ལེགས་མཛོད། །ཞོ་ཆང་འདྲེ་ལམ་བསྐུར་ཅིག་ །ཐབ་ལ་དུ་བརྒྱུན་མ་གཅད། ཕྱག་ཚལ་གཡོས་དང་མ་བྲལ་ཅིག་ །བང་མཛོད་འབྲུ་དང་ནོར་གྱིས་ཁོངས། །རྟ་བོང་ཕྱུགས་ལུག་འཕེལ་བ་དང་། །གོང་ཁ་གཡང་ཤོར་མེད་པ་དང་། །ལོ་ཏོག་ལེགས་བའི་འཕྲིན་ལས་མཛོད། །དེ་བཞིན་རིགས་དྲུག་སྙིང་རྗེའི་མགྲོན། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང་། །ལྷུན་པོའི་ཆུ་ཡོན་གྱིས་དུ་བ་པའི། །གནོད་སྦྱིན་ལག་ན་གཞོལ་ཐོགས་དང་། །འཕྲེང་ཐོགས་རྟག་མྱོས་རི་རྩེ་སྐན། །སུམ་ཅུ་རྩ་གསུམ་ཡན་ཆད་ནས། །སྐྱེ་མཆེད་མུ་བཞི་མན་ཆད་ཀྱི། །ཏིང་འཛིན་ལོངས་སྤྱོད་ཆེན་པོ་ཡིས། །འཚོ་བ་ལྷ་ཡི་རིགས་རྣམས་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །གླིང་བཞི་མི་ཡི་འགྲོ་བ་ནི། །བསྐལ་བ་རྫོགས་ལྡན་སུམ་ལྡན་དང་། །ཉིས་ལྡན་རྩོད་པར་ལྡན་པ་ལས། །ཚེ་ཚད་ལོངས་སྤྱོད་ཚང་བའི་དུས། །གསེར་དངུལ་ཟངས་ལྕགས་འཁོར་

(༦༢༤)ལོས་སྒྱུར། །གཞན་ཡང་དཔུང་ཚོགས་བཞི་ལྡན་པའི། །སྟོབས་ཀྱི་འཁོར་ལོས་སྒྱུར་བ་སོགས། །རྒྱལ་རིགས་དྲ་མ་ཆེན་པོ་དང་། དེ་བཞིན་རྗེའུ་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་ལ་སོགས་པ། །མདུན་ན་འདོན་དང་དམག་དཔོན་དང་། །དེད་དཔོན་བཟོག་ནས་ཤེས་པ་དང་། །ཁྱིམ་བདག་ཞོ་ཤས་འཚོ་བ་དང་། །སློང་མོས་འཚོ་བ་ཡན་ཆད་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །ཕྲག་དོག་ལས་གྱུར་ལྷ་མིན་སྡེ། །དབང་ཆེན་ན་གཞིར་གནས་གསེར་ཕྲེང་དང་། །ཀུན་གྱི་སྡེ་དཔོན་ཐམས་བཟང་རིས། །ཆུ་མཚམས་གནས་པའི་སྒྲ་གཅན་དང་། །མཐུ་དཔལ་ལྷ་དང་གདུག་པ་ཀླུ། །ནག་པོ་བདུད་དང་གདུག་རྩུབ་བགེགས། །འབྱོར་པ་གནོང་སྦྱིན་རིགས་ལྔ་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །གཞན་ཡང་དུད་འགྲོའི་ལྡེ་ཚན་ནི། །དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད། །ཀླུ་ཕྲན་བྱེ་བ་འབུམ་སྡེ་དང་། །གནས་རིགས་གཅིག་པའི་ས་བདག་གཉན། །རི་དྭགས་རྒྱལ་པོ་སཻངྒ་ནས། །སྡེར་ཆགས་མིག་ཆགས་འདབ་ཆགས་སོགས། །སྐྱེས་གནས་བཞིས་བསྡུས་དུད་འགྲོ་རྣམས། བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །སེར་སྣ་ལས་གྱུར་ཡི་དྭགས་སྡེ། །བཀྲེས་སྐོམ་གདུངས་པས་ཉེན་གྱུར་ཅིང་། །ཕྱིན་ཅོ་ལོག་བཞིས་འཇིགས་པ་ཡི། །བྱིངས་ན་གནས་པའི་ཡི་དྭགས་ཀྱི། །སྡེ་དཔོན་ཁ་ལས་མེ་འབར་དང་། །ཕྱི་ནང་ཟས་སྐོམ་སྒྲིབ་པ་ཅན། དེ་བཞེན་མཁའ་ལ་རྒྱུ་བའི་རིགས། །བཙན་དང་རྒྱལ་པོ་འགོང་པོ་དང་། །དམུ་དང་དམ་སྲེ་ཐེ་བྲང་སོགས། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །ཞེ་སྡང་ལས་གྱུར་དམྱལ་བ་པའི། །སྡེ་དཔོན་ཆོས་ཀྱི་རྒྱལ་པོ་དང་། ཨ་བ་རཀྴ་གླང་མགོ་ཡི། །དགེ་སྡིག་སྟངས་འཛིན་མྱལ་བརྒྱད། །དེ་བཞིན་གྲང་དམྱལ་བརྒྱད་དང་ནི། འབྱུང་བ་བཞི་དང་ནམ་མཁའ་ལ། །རྟེན་ཅིང་གནས་རིགས་ཐ་དད་པའི། །ཉེ་ཚེ་བ་དང་མནར་མེད་ཀྱི། ཉེ་འཁོར་ལྷག་པ་བཅུག་དྲུག་སོགས། །སྡུག་བསྔལ་གསུམ་དང་བརྒྱད་དག་གིས། །ཀུན་ཏུ་གཟིར་ཞིང་རྨོངས་པ་ཡི། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད།

(༦༢༥)སོ་སོར་སྡུག་བསྔལ་དང་བྲལ་ནས། ཐར་པའི་གོ་འཕང་ཐོབ་པས་ཤོག་ །གཞན་ཡང་དྲི་ཟ་ཉེ་བར་འཁོར། །དབང་པོ་ཀུན་ཚང་ཡིད་ཀྱི་ལུས། །མིང་བཞི་འདུས་པའི་ཕུང་པོ་ནི། །འགྲོ་དྲུག་ལས་གཞན་བདུན་པ་སྟེ། །གཤིན་གྱི་གྲལ་ན་གནས་པའི་རིགས། །རྒྱལ་བློན་བཙུན་མོ་པཎྚི་ཏ། །ལོ་ཙཱ་རབ་བྱུང་སྔགས་དང་། །སྨན་པ་ཡུལ་དཔོན་བཟོ་གནས་མཁན། །དེད་དཔོན་དམག་དཔོན་ཁྱིམ་བདག་དང་། །ཕོ་བཙུན་མོ་བཙུན་བྱིས་པ་དང་། །གཉན་པ་གདོལ་པ་རྫ་མཁན་དང་། ཀོ་སྤགས་མཁན་དང་ཐག་གསྔ་མའི་བག་ཆགས་རྗེས་འབྲང་ཞིང་། །གནད་གཙོ་ཚོར་བས་ཉམ་ཐག་པས། །ཉེ་འབྲེལ་ཡིད་ལ་འདུ་བྱེད་ཅིང་། །དྲི་ཟ་ཤ་མར་ཆང་གསུམ་ལ། །གདུང་ཞིང་སྲེད་པ་འཕེལ་བའི་ཚེ། །རྫ་ནི་སྨུག་པོ་ཤར་འཁྲུལ་ནས། །རྐན་སྒྲ་ཏོག་ཅིང་རྒྱུག་པ་དང་། །དེ་བཞིན་གང་སར་མཐོང་ན་མར། །ཆུ་ཀླུང་ཆང་དུ་འཁྲུལ་གྱུར་ནས། །སྦར་མོ་དང་སྐྱོགས་གདངས་པའི། །བར་དོ་ཡིད་ཀྱི་གཟུགས་ཅན་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །དྲི་གསུར་འདོད་པའི་ཡོན་ཏན་འིད། །གང་འདོད་དངོས་པོར་དམིགས་ཏེ་བསྔོ། །འདོད་བ་འཇོམས་ཤིང་ཚིམ་གྱུར་ནས། །ཤིན་མིག་གསོན་ལ་མ་བལྟ་ཞིག་ །གཤིན་གྱིས་བརྩེ་གདུང་གསོན་ལ་གནོད། །གདུང་སེམས་ཕྲོལ་ལ་བདེ་བ་ཅན། །ཡིད་ལྦ་སྒོམས་ནས་དེར་བྲན་ཅིག །གཞན་ཡང་འཁོར་བའི་ཐོག་མེད་ནས། །ཁམས་གསུམ་རྒྱུད་དྲུག་ལ་འཁོར་བས། །གད་འདོད་དངོས་པོར་དམིགས་ཏེ་བསྔོ། །བར་བས་མཛའ་བའི་ལན་ཆགས་དང་། །ཕ་མ་བུ་ཚ་གཉེན་གྲོགས་དང་། །གནས་མལ་བཟའ་བཏུང་རྒྱན་གོས་དང་། །ས་ཞིང་བུ་ནོར་ནོར་གྱིས་འབྲེལ། །ཞོ་བཞོས་ཁལ་བསྐུར་རྨོ་རྨོས་དང་། །བསད་པས་སྲོག་དང་བརྡུངས་པས་ནད། །བདེ་དུ་སྤྱད་དང་ཤ་ཁྲག་ཟོས། །ཚོང་ལ་གྱོང་བསྐུར་མ་སྦྱིན་བླགས། །བྲེ་སང་གཡོ་སྒྱུ་བྱས་བ་དང་། །ཞོགས་སློང་ལ་སོགས་ལོག་འཚོལ་ལྔའི། །ལན་ཆགས་བུ་ལོན་རེ་རྣམས་ལ། །རྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །སོ་སོའི་རེ་བ་བསྐངས་གྱུར་ནས།

(༦༢༦)ལན་ཆགས་ཤ་འཁོན་བྱང་གྱུར་ཅིག་ །ཁྱད་པར་ཕྱོགས་བཅུའི་འཇིག་རྟེན་ན། །གནོད་པ་སྦྱིན་པའི་གདོན་གྱི་སྡེ། །རྡོ་རྗེ་ཅན་དང་མེ་ཡི་ལྷ། །གཤིན་རྗེ་བདན་བྲལ་ཆུ་བདག་དང་། །རླུང་ལྷ་ནོར་སྲུང་དབང་ལྡན་དང་། །སྟེང་གེ་ཚངས་པ་འོག་གི་ཀླུ། །ལྟོ་འཕྱེ་ཆེན་པོ་ལ་སོགས་པ། །དེ་དག་འཁོར་ན་གནས་པ་ཡི། །དྲི་ཟ་ཟུར་ཕུད་ལྔ་པ་དང་། །རྟ་མགོ་ཅན་སོགས་མིའམ་ཅི། །གྲུལ་བུམ་ནམ་མཁའ་ལྡིང་དབང་ཀླུ། །ལུས་སྲུལ་པོ་དང་སྐེམ་བྱེད་དང་། །སྨྱོ་བྱེད་རྗེད་བྱེད་གྲིབ་གནོན་དང་། །རེ་ལྡེ་འདོན་དང་ཚེར་མ་འདོན། །རྣག་ཁྲག་ཕྱིས་བཤང་གཅི་སོགས། །སྣ་ཚོགས་ཟས་སུ་གྱུར་ཟ་བྱེད་ཅིང་༑ མགོ་ལུས་མི་མཚུངས་ལུས་ཕྱེད་ལྡན། །ཁྱི་དང་བྱ་དང་ལྦ་ལ་སོགས། །རྣམ་པ་སྣ་ཚོགས་གཟུགས་བརྙན་ཅན། །སོ་སོའི་བུ་སྨད་མཛའ་བཤེས་དང་། །ནང་མི་དམག་དང་དཔུང་བཅས་དང་། །འཕྲོགས་མ་མ་བུ་ལྔ་བརྒྱ་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །སོ་སོའི་རེ་བ་བསྐངས་གྱུར་ནས། །གནོད་སེམས་གདུག་རྩུབ་མེད་པར་མཛོད། །གཞན་ཡང་ཆུ་ཀླུ་ཆུ་བྲན་དང་། །མཚོ་རྫིང་ལྟེང་ཀ་ཆུ་མིག་དང་། །གྲོང་དང་གྲོང་ཁྱེར་སྟོངས་པ་དང་། །ཁང་སྟོངས་ལྷ་ལྷང་མཆོད་རྟེན་དྲུང་། །རྒྱལ་པོའི་དཀོར་ཁང་ཕྱུགས་ལྷས་དང་། ལམ་པོ་ཆེ་དང་ལམ་སྲང་མདོ། །ཤིང་ཅིག་དྲུང་དང་དུར་ས་དང་། །རི་དང་ནགས་ཚལ་གཅན་གཟན་གནས། །རི་རབ་ཟོམ་དང་ལྷ་ཡི་གནས། །རྒྱ་མཚོར་གནས་པའི་གདོན་རྣམས་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །གནོད་སེམས་གདུག་སེམས་འཁོ་ན་འཛིན་སེམས། །ཞིན་ས་གཞན་དུ་བསྐྱོད་པར་གྱིས། རང་གྱི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པའི་བསམ་སྦྱོར་སྤོངས། །མདོར་ན་བདེ་གཤེགས་སྙིང་པོ་ལས། །རང་རང་རྟོགས་པས་སྤྲུལ་པ་ཡིས། །ཁམས་གསུམ་རྒྱུད་དྲུག་འཁོར་བ་དང་། །མྱང་འདས་མཉམ་པ་ཉིད་ཀྱི་ཕྱིར། །འདི་ན་སྡོང་མིན་མ་མཆིས་པས། །མིང་དང་མཚན་ནས་མཐོན་པའི། །མཆོག་དམན་མགྲོན་རིགས་ཐམས་ཅད་ལ། །གཙང་མ་ཕུད་ཀྱི་མཆོད་

(༦༢༧)པ་འབུལ། འཇམ་དེས་འོ་མའི་མཆོད་པ་འབུལ། །ཟླ་ཕྲོམ་ཞོ་ཡི་མཆོད་པ་འབུལ། །ཤང་དཀར་ཇ་ཡི་མཆོད་པ་འབུལ། །ཟླ་རྒྱས་མར་གྱི་མཆོད་པ་འབུལ། །བཤོས་བུ་རི་བས་ཆེ་བ་འབུལ། །ཕྱེ་མར་ཞིང་རྡུལ་ལས་མང་འབུལ། །མངར་གསུམ་ཤིང་གི་རྩི་ཐོག་འབུལ། །མཱཾ་ས་ཤ་དང་རཀྟ་ཁྲག་ །གཡག་ལུག་ར་སོགས་སྲོག་ཆགས་མདངས། །དག་བྱེད་གཏེར་དང་དྲི་ཞིམ་སྤོས། །སྣ་ཚོགས་བསང་གསུར་དུད་པ་ཡིས། །མཆོད་སྦྱིན་མགྲོན་རྣམས་ཚིམས་གྱུར་ནས། །དམེ་མནོལ་ཐབ་གཞོབ་འཁོན་གསུམ་དང་། །བྱ་བ་སྤྱོད་ལམ་ཉེས་པ་ཡིས༑ ༑འགལ་འཁྲུལ་ཐམས་ཅད་སོར་ཆུད་ནས། །ལགས་པ་ཆོས་ལ་ཉེས་པར་བཟློག་ །མི་ལན་ཚ་མ་གཏང་ཅིག་ །རྟ་ཕྱུགས་གོད་དུ་མ་འཇུག་ཅིག་ ཁ་སྨས་གླང་བརྗོད་མ་གཏང་ཅིག་ །དམག་འཁྲུལ་མུ་གེ་མ་གཏང་ཅིག་ །ཐོག་ལ་སད་སེར་མ་གཏང་ཅིག་ །དགྲ་རྐུན་གནོད་འཚེ་མ་གཏང་ཅིག་ །ལམ་འཕྲང་འཇིགས་པའི་ཉེ་ཞོ་སྒྲོལ། །དོན་གཉེར་ཀུན་ལས་རྒྱལ་ཁ་ལོངས། །བསམ་དོན་ཡིད་བཞིན་ཕུན་ཚོགས་ཤོག་ །གཞན་ཡང་གློ་བུར་ལྷགས་པའི་མགྲོན། །ཕོངས་པས་ལུས་སེམས་འཁྲུགས་པ་དང་། །གནས་དང་ལོངས་སྤྱོད་མ་མཆིས་ཤིང་། །ཕུད་ལ་མི་དབང་ལྷག་མའི་མགྲོན། །འོན་ལོང་ཞ་རེངས་ལྐུགས་པ་སོགས། །སྙིང་རྗེའི་ཡུལ་གྱུར་མགྲོན་རྣམས་ལ། །སོ་སོ་གང་ལ་གང་འདོད་ཀྱི། །འདོད་ཡོན་ནམ་མཁའ་མཛོད་དུ་བསྔོ། །ལས་ངན་བསགས་པའི་ལུས་བོར་ནས། །ལྷ་དང་མི་ཡུ་ལུས་རྟེན་ལ། །ཐར་པའི་གོ་འཕང་བསྙེས་པར་ཤོག་ །ན་མོ་བདག་གི་བསམ་པའི་སྟོབས་དང་ནི་སོགས་དང་། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་ཀྱིས་ཆོས་སྦྱིན་བྱ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤམས། །ཨོཾ་ཁྱེད་ཀྱིས་སེམས་ཅད་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། །བཛྲ་མུཾ་འཇིག་རྟེན་པ་རང་གནས་སུ་གཏོང་། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ལ་བདག་ཉིད་ལ་བསྲུང་བ་བྱའོ། །སེམས་

(༦༢༨) གང་དག་འགྲོ་དང་མི་འགྲོ་བ་སོགས་ཀྱིས་ཤིས་བརྗོད་རྣམས་གཙང་སར་གཤེགས་ལ་དགེ་བ་སྔོ་བར་བྱའོ། །འདི་ནི་མཚོན་སྣ་སྤྲུལ་པའི་སྐུས། །ཀུན་མཁྱེན་ཆེན་པོའི་ཕུད་རབས་ཉིད། །ཚིག་བསྡུ་བྱས་པ་དགོས་གསུང་ཡང་། །ཟློས་དང་མ་ཚད་ཀྱི་ནའི་གཞུང་བཅོས་སུ་རུང་མོད་འཕགས་ཆེན་གྱི། །གཞུང་བཤིག་བྱིན་རླབས་ཉིས་པའི་རྒྱུར། །མཐོང་ནས་དགོངས་པའི་མཛོ་ཀློང་བརྟོལ། །བདག་གི་མཉམ་གཞག་དགོངས་བརྒྱུད་ལ། །རྗེས་ཐོབ་རིག་འཛིན་བརྡ་བརྒྱུད་དེས། །འདུ་བྱེད་ཤོག་སེར་ཚིག་བརྒྱུད་ཕྱིར། །མོས་པ་ཅན་ལ་བྱིན་རླབས་འབྱུང་། །རང་བྱུང་རྡོ་རྗེའི་རྟོགས་ཆོས་སོ། ༈ །ལམ་ལྷ་བཞུགས། ཀྱི་སངས་རྒྱས་པདྨ་ཐོད་ཕྲེང་གི། བཀའ་ཉན་གངས་རིའི་ལྗོངས་འདི་ཡི། །ཡུལ་ལྷ་བརྟན་མ་བཅུ་གཉིས་རྣམས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ལམ་འཕྲང་འཇིགས་པའི་ཉེ་ཞོ་དང་༑ ༑ཁ་ཆར་བུ་ཡུག་གནོད་པ་སྲུངས། །གཞི་བྱེས་ཀུན་ཏུ་སྟོང་གྲོགས་མཛོད། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་རྫོགས་གྲྭ་ལམ་ཞུགས་རྣམས་ལ་རིག་འཛིན་འཇིགས་མེད་གླིང་པས་སོ།

(༦༢༩)དཔལ་མགོན་ཞལ་བཞི་པའི་སྐོང་བ་དམ་ཅན་བླ་ཆགས་མ་ཞེས་བྱ་བ་ཞུགས་སོ།

(༦༣༠)རྡོ་རྗེ་ནག་པོ་ཆེན་པོ་མཆོད་བར་འདོད་པས། དམ་ཚིག་གི་མཐུན་རྫས་རྣམས་རྒྱས་བར་བཤམས་ལ། །དང་པོ་བྱིན་གྱིས་བརླབ་པ་ནི། ཨྀ་མྲ་ཏས་བསང་། སྭ་བྷཱ་ལྦས་སྦྱངས། སྟོང་བའི་དང་ལས་སྟོང་གསུམ་བྷཉྗར་གྱུར་པའི་ནང་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་ཆེན་གཏི་མུག་ཤའི་རི་བོ།་ ཞེ་སྡང་རུས་པའི་གྲམ་བུ། འདོད་ཆགས་ཁྲག་གི་རྒྱ་མཚོ། ང་རྒྱལ་མྱོས་བྱེད་ཀྱི་ཨ་རྒྷཾ། ཕྲག་དོག་འདོད་པའི་ཡོན་ཏན་དུ་ཤར་བ་རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་སྤྱམ་ལམ་དུ་འབྱུང་ཞིང་རྒྱས་བར་གྱུར་ཅིག་ །ཨོཾ་ཧེ་རུ་ཀ་ཨ་རྒྷཾ་སོགས་དང་། སརྦ་པཉྩ་རཀྟ་བ་ལཾ་ཏ་པཱུ་ཛ་ཨཱ་ཧཱུྃ། ལན་བདུན། གཉིས་པ་མངོན་རྟོགས་གསལ་བ་ནི། རང་ཉིད་ཧེ་རུ་ཀར་གསལ་བའི་མདུན་དུ་དུར་ཁྲོད་རོལ་བའི་གཞལ་མེད་ཁང་འཇིགས་སུ་རུང་བའི་ནང་ཆོས་འབྱུང་མཐིང་ནག་རཀྟའི་དཔའ་རླབས་འཁྲུགས་བའི་དབུས་སུ་སྣ་ཚོགས་པདྨ་ཉི་མའི་སྟེང་དུ་གྲི་གུག་མཐིང་ནག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་བ་ལས་བམ་རོ་དམར་སེར་གྱི་སྟེང་ན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་མཐིང་ནག་སྲིན་པོ་ཁྲོལ་བའི་ཆ་ལུགས་ཅན། རྩ་ཞལ་མཐིང་ནག་རབ་ཏུ་མཆེ་བ་བཞིས་སྔ་དགྲ་དར་བ་འཚེར་བཅད་མཛད་ལ། གཡས་ཞལ་དཀར་ལ་བཞད་པས་རྣལ་འབྱོར་པ་བུ་བཞིན་དུ་སྐྱོང་བ། གཡོན་ཞལ་དམར་ལ་གདངས་པས་ཁམས་གསུམ་དབང་དུ་བྱེད་པ། སྟེང་ཞལ་རྔམ་ལག་ནག་བས་ཕྱི་དགྲ་རྡུལ་དུ་རློག་པ། ཞལ་རེ་རེ་ལ་དམར་ཟླུམ་གྱི་སྤྱན་གསུམ་འབར་ཞིང་

(༦༣༡)ཐོད་སྐམ་ལྔ་ལྔའི་དབུ་རྒྱན་ཅན། དབུ་སྐྲ་དང་སྨར་སྨིན་མཁམ་ནག་གྱེན་དུ་གཡེངས་བ་ཕྱག་བཞིའི་གཡས་ཀྱི་དང་པོ་གྲི་གུག་བསྣམས་པས་གཟུང་འཛིན་རྩ་བ་གཅོད་ཅིང་། གཡོན་གྱི་དང་པོ་ཐོད་ཁྲག་བསྣམས་པས་རྒྱུད་དྲུག་རྩད་ནས་འབྱིན་པ་གཉིས་ཐུགས་ཀར་སྟེང་འོག་ཅན། གཡས་ཀྱི་འོག་མན་རུ་མཚོན་བསྣམས་པས་ད་དགྲ་ཆམ་ལ་འབེབས་ཤིང་གཡོན་གྱི་འོག་མན་རུས་པའི་ཕྲང་བ་དང་། མཆན་ཁུང་ན་མྱོས་བྱེད་ཀྱི་བུམ་པ་བརྟེན་པས་སྒྲུབ་པོ་ལ་དངོས་གྲུབ་སྟེར་བ། བསྐལ་པའི་མེད་དཔུང་གི་དབུས་ན་ཞབས་གཡས་བསྐུམ་ཞང་གཡོན་བརྐྱང་པའ་སྟབས་ཀྱིས་བཞེངས་པ་ལ་ཆངས་སྐུད་ཀྱི་སེར་ལ་ཁ། ཐོད་རློན་ལྔ་བཅུའི་དོ་ཤལ། རུས་པའི་རྒྱན་དྲུག་ །སྟག་ལྕགས་ཀྱི་ཤམ་ཐབས་རྣམས་ཀྱིས་བརྗིད་བ། དེའི་གཡས་སུ་ཌོ་མྦི་ནཱི་ནག་མོ། གཡོན་དུ་ཙནྚ་ལཱི་ལྗང་གུ། མདུན་དུ་རཀྟསཱི་དམར་ནག་ །རྒྱབ་ཏུ་སིངྒ་ལཱི་སེར་ནག་བཞི་ཀའང་སྲིན་མོ་ཁྲོས་པའི་གཟུགས་ཅན་གཅེར་མོ་སྒྲ་གྲོལ་བ། །གཡོན་པས་ཐོད་ཁྲག་ཙོ་བོ་ལ་སྟོབ་པ། །གཡས་བ་རྐྱང་བའི་དོར་སྟེབས་ཅན། མེ་དུང་གི་དབུས་ན་དབུས་པའི་མཐའ་སྐོར་དུ་དྲེགས་པ་ཕོ་མོ་བདུན་ཚན་གཉིས། སྲོག་གི་སྒོ་བདུད་ནག་པོ། །དགྲ་བོའི་བླ་སྲོག་འཕྲོག་པའི་ཤན་པ་ཉེར་ཅིག་ །ཡང་འཁོར་དྲེགས་པ་སྡེ་བརྒྱད་དང་བཅས་པའི་བཀའ་སྡོད་དང་བྲན་གཡོག་བསམ་གྱིས་མི་ཁྱབ་པའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ།

(༦༣༢)མགྲིན་པར་ཨཱ ཐུགས་ཀར་ཧཱུྃ་གིས་སྐུ་གསུང་ཐུགས་ལྡན་དུ་བྱིན་གྱིས་བརླབ། །རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དུར་ཁྲོད་བསིལ་བའི་ཚལ། །ཧ་ཧ་ར་རྒོད་པ། ལྷོ་ཕྱོགས་དཔལ་གྱི་རི། ཨུ་ཙ་ལའི་གཙུག་ལག་ཁང་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས། ཨོཾ་མ་ཧཱ་ཀཱ་ལ་བི༚་ཀཊྚ་ཀཱར་ལ་ཧཱུྃ་ཛཛ གསུམ་བ་སྤྱན་དྲང་བ་ནི། ཧཱུྃ་སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །འགག་མེད་ལོངས་སྤྱོད་རྫོགས་པའི་ཕྲིན་ལས་ནི། །ལོག་འདྲེན་གཤེད་དུ་སྦྲུལ་་པ་སྲིན་པོའི་གཟུགས། །དཔལ་ལྡན་མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། །རྒྱུད་རྣམས་ཀུན་གྱི་གླེང་བཞི་སྨོས་པའི་ཚེ། །གཟུང་འཛིན་དྲག་པོ་བཏུལ་བའི་ཡེ་ཤེས་ནི། །རྣམ་ཤེས་ལས་འདས་གདོད་ནས་དག་པ་ལ། །ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞེས་སུ་གྲགས། །དཔལ་ལྡན་ནཱ་གཱ་རྫུ་ནའི་སྤྱན་སྔ་རུ། །མཐའ་་བརྒྱད་སྔོས་པ་ཀུན་བྲལ་དབུ་མ་ཡི། །མཐོང་ལམ་བདེན་བ་གཟིགས་དང་འབྲལ་མེད་དུ། །འགྲོགས་པར་ཞལ་འཆེས་ཆོས་སྐྱོང་ད་ཚུར་སྤྱོན། །གཤེགས་དང་གཤེགས་པར་བྱ་བ་མི་དམིགས་ཀྱང་། །རྣམ་འཇུལ་སྒྱུ་མ་ལྟ་བུར་རོལ་པའི་གར། །ཉི་ཤུ་རྩ་བཞིའི་ཡུལ་དང་ལྷུན་པོའི་སྤོ། །རི་བོ་ཏཱ་ལའི་གནས་ནས་གཤེགས་སུ་གསོལ། །བཛྲ་མ་ཧཱ་ཀཱ་ལ་ཙ་ཏུ་རྨུ་ཁས་མ་ཡ་ཛཛ བཞི་པ་བཞུགས་གོས་ལ་ནི། མ་ཧཱ་ཀཱ་ལ་ཤྲཱི་ཀ་བིལ་ཏིཥྛནྟུ། །ལྔ་པ་མཆོད་ཅིང་ཐུགས་དམ་བསྐང་བ་ནི། །ཧཱུྃ་རྟེན་ཅིང་འབྲེལ་འབྱུང་ཚོགས་པའི་འདོད་ཡོན་དང་། །འདུ་བྱེད་རྒྱུ་ལས་བསྐྲུན་པའི་ཉེར་སྤྱོད་ནི། །དབང་པོའི་ཡུལ་དུ་འདོད་དགུར་འཆར་བའི་ཚུལ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་བསྐང་། །བདུད་རྩི་ཆང་དང་དམར་ཆེན་ཨ་རྒྷཾ་ཞགས། །དབང་ལྔའི་མེ་ཏོག་ཤ་གསུར་ཚིལ་ཆེན་སྒྲོན། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་དང་། །གསང་བའི་རྡེའུ་ཆུང་རྐང་གླིང་ཐོད་པ་བསྐང་། །སྟོང་གསུམ་བྷནྦྷར་རྫོགས་པའི་སྣོད་ཡངས་སུ། །བཞེད་དགུར་འཆར་བའི་ལི༚་བཅུད་མཆོག་ནི། །ཚངས་ཆེན་ཞིང་ཁམས་གནས་ནས་བཏེག་པ་བཞིན། །སྣང་སྲིད་འདོད་ཡོན་

(༦༣༣)རྒྱ་མཚོར་རོལ་པས་བསྐང་། །གྲི་གུག་ཏྲི་ཤུ་ལ་དང་རྡོ་རྗེའི་མཚོན། །རལ་གྲི་དགྲ་སྟམ་དུང་ཐུང་གསལ་ཤིང་དང་། །ཐོ་ལུམ་བཏུན་ཤིད་དབྱུག་ཏེ་མདའ་གཞུ་དབྱུག་ །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲི་བུས་བསྐང་། །རང་རང་རྣམ་འགྱུར་རྡམ་པའི་རླུང་ཞུགས་ཅན། །མུན་པའི་ཞག་གིས་ལན་བརྒྱར་བྱུགས་པ་ལྟའི། །རྟ་མཆོག་འབྲོང་གཡག་མི་ནག་བྱ་ཁྱི་ལུག་ །ར་རོ་ག་ལ་སོགས་ཕྱི་རྟེན་རྫས་ཀྱིས་བསྐང་། །སྲད་མུན་ཆར་སྤྲིན་སྟུན་པོས་བཀབ་པ་ལ། །གློག་ཕྲེང་བ་བསྐྱོད་པ་ལྟར་བཀྲ་སྨྲ་བྱའི་མདོངས། །གཡོ་བའི་སྲིད་པ་སྤྱི་ཀླུགས་ཞྭ་དང་ཕོད། །ལྷབ་ལྷུབ་གཡོག་བའི་ནང་རྟེན་རྣམས་ཀྱིས་བསྐང་། །ཤན་བ་སྲོག་ལས་བྱེད་པའི་འདུ་ཧས་ས་ལྟར། །དོན་སྙིང་སྣ་ལྔ་སྣོད་དྲུག་གཅལ་དུ་བཀྲམ། །རིགས་ལྔའི་དམ་རྫས་ཤ་ལྔ་བདུད་རྩི་ལྔ། །ལ་སོགས་གསང་བའི་རྟེན་རྫས་རྣམས་ཀྱིས་བསྐང་། །གོམ་སྟབས་དྲག་པོར་བསྐྱོང་པའི་མེ་སྟག་ལ། །ཟོ་འོག་དོ་ཟླར་ཆས་པའི་སྤུར་སི་རྣམས། །ཕྲག་དོག་བགྱིད་པའི་ཡུས་ཀྱིས་ང་རྒྱལ་བའི། །སྟག་གཟིགས་གྲུ་ས་མ་རྣམས་ཀྱིས་ཐུགས་དམ་བསྐམ། །དབང་པོ་གཡུལ་དུ་ཞུགས་པའི་གོ་ཁྲབ་ལ། །བཙན་པོའི་དབུ་རྨོག་བརྗོད་པའི་ཡ་ལད་དང་། །འཁོར་གསུམ་སྟག་ཆད་དར་ཚོན་གཡོ་བ་ཡིས། །གཙོ་འཁོར་ཡོངས་རྫོགས་དགྱེས་པ་བསྐྱེད་གྱུར་ཅིག་ །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བི་ཀནྚཀཱར་ལཽ་ཛ་ཛནྟི་མཱིས་བྷ་ཏ་པུལླ་དྷུ་པ་ཨི་ཀ་ཧ་བ་ལེདྲ་བྷ་ཏ་ད་ཤདྷཀ་ཨུཏྟར་སྦུ་རི། ཌོ་མིྦ་ནཱི། ཙནྜ་ལཱི། རཀྟ་སཱ། སིངྒ་ལཱི། ནམསརྦ་ཏ་ཐཱ་ག་ཏ་བྷྱོ། སོགས་ལན་བདུན་ནམ་གསུམ་གྱིས་སྤེལ་ཞིང་བསྔོ། །འཁོར་རྣམས་ལ་ཨ་ཀཱ་རོས་བསྔོ། །དྲུག་བ་བཤགས་པ་ནི། ཧོ དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ་མཆོད་གཏོར་དུས་ལས་འདས་ཤིང་བསྙེན་སྒྲུབ་གཡེལ། །ལྟ་བ་མ་རྟོགས་སྤྱོད་བ་བརླང་པོར་སྤྱད། །བསྙེན་པ་མ་རྫོགས་འབོད་རྦད་གསད་པར་རིངས། །གསང་བ་མ་བསྲུངས་ཉམས་པའི་རྒྱུ་དང་འདེས། །ལས་མཐའ་མ་རྫོགས་ཐུན་ཟོར་རྒྱུན་ཆད་སོགས། །ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །ཚངས་པ་དོན་

(༦༣༤)གྱི་དངོས་གྲུབ་རྩལ་དུ་གསོལ། །བདུན་པ་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ་རྡོ་རྗེ་ནག་པོ་ཆེན་པོ་ནི། །རྣམ་པར་ཐར་བའི་སྒོ་གསུམ་གྱི། །ཆོས་ཉིད་འགྱུར་བ་མེད་པའི་དང་། །འཕོ་ཆགས་སྤོས་པ་བྲལ་ལ་བསྟོད། །སྲིད་པའི་རང་བཞིན་གཟུང་འཛིན་གྱི། །རྣམ་འཕྲུལ་ཕ་མཐའ་མི་དཔོགས་པ། །མཐར་བྱེད་རྒྱལ་བའི་ལུང་རྟོགས་བསྟན། །བསྲུང་ཀྱི་སྤྲུལ་པ་ཅིར་ཡང་སྟོན། །ཀུན་འབྱུང་ལས་དང་ཉོན་མོངས་ཀྱིས། །རྣམ་པར་དཀྲུགས་པའི་འགྲོ་བ་མིའི། །སྡུག་བསྔལ་རང་རྒྱུད་ཞི་བའི་ལམ། །བདེན་བཞིའི་ཞལ་གྱིས་འབོག་ལ་བསྟོད། །ཁྱད་པར་ཚར་གཅོད་རྗེས་འཛིན་གྱི། །ཤེས་བྱའི་ཡན་ལག་གཡོད་དོ་ཅོག་ །རྣམ་པ་ཀུན་མཁྱེན་ལམ་སྟེགས་ཕྱིར། །ཕྲིན་ལས་མཛད་པའང་དེ་སྙེད་སྟོན། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་དང་། །རྟོག་ག་འདོད་རྒྱལ་སྨྲ་བའི་དོན། །དབང་ཕྱུག་ཆེན་པོའི་ལྟག་ནས་དང་། །ཏི་སེའི་བདག་པོ་མཛད་ལ་བསྟོད། །ཁྱོད་ལ་ཕྲིན་ལས་གསོལ་བ་ནི། །ཤིང་རྟའི་སྲོལ་བྱེད་ཀླུ་སྒྲུབ་རྗེས། །ལྷོ་ཕྱོགས་དཔལ་གྱི་རི་བོ་རུ། །བསྒྲགས་པའི་གཡར་དམ་ཉེས་དགོངས་ལ། །ཐུབ་པའི་ལུང་རྟོགས་བསྟན་བསྐྱོངས། །བསྟན་བ་ཛིན་སྤེལ་ལ་སྐུ་ཚེ་སྲིངས། །གཙུག་ལག་ཆོས་འཁོར་གཉན་པོ་དང་། །དབེན་གནས་བསྲུང་ལ་དར་རྒྱས་མཛོད། །འཇིག་རྟེན་ཁམས་སུ་དུས་ངན་གྱི། །རྒུད་པ་ཐམས་ཅད་ཚར་ཆོད་ལ། །ཆར་ཆུ་འབེབས་ཤིང་ལོ་ཏོག་རྒྱས། །རྫོགས་ལྡན་གསོར་པའི་དགའ་སྟོན་སྩོལ། །ཞེས་པའང་མགོན་པོ་འདི་ཉིད་འཁོར་བའི་རྣམ་འགྱུར་དུ་མ་གཞན་དུ་གསལ་བ་ལྟར་མཐང་བ་ལ་བརྟེན་ནས་གཡོ་རུ་རྫོགས་ཆེན་པར་འབྱུང་རྡོ་རྗེས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ།

(༦༣༥)།ཞིང་སྐྱོང་དུར་ཁྲོད་ལྷ་མའི་གསོལ་མཆོད་ཀྱི་རིམ་པ་བཞུགས།

(༦༣༦)བཅོམ་ལྡན་འདས་དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གཙུག་ལག་ཁང་དང་དབེན་གནས་ཀྱི། རྟེན་དང་དཀོར་ལ་རང་དགར་ཟ། །དགྲ་ཇག་ཆོམ་པོས་འཇིགས་པའི་ཚེ། །ཨེ་ཀ་ཙ་ཊཱིའི་ལས་མཁན་མ། །ཞིང་སྐྱོང་དུར་ཁྲོད་ལྷ་མོ་འདི། །བརྟེན་པས་ཆོག་པའི་དཀོར་སྲུང་ཡིན། །ཆགས་པའི་ཐབས་ལ་བརྟེན་རྫས་གཅེས། །མི་འབྲལ་པ་ལ་བླ་རྡོ་གཅེས། །མཆོད་པ་ལ་ནི་རྫས་གཅེས། །ཐན་དང་སྲོག་ལ་ཐོད་པ་གཅེས། །དེ་དག་གཞུང་དུ་ཤེས་བྱས་ནས། །ཐོད་པའམ་ནི་བསེ་འཕོར་ནང་། །དམར་གཏོར་ཟུར་གསུམ་བཤོས་བུ་དང་། །མཐེ་བ་ཀྱུ་བཅུའམ་རེ་རེས་སྐོར། །ར་ལུག་རྟ་བོང་ཤ་ཁྲག་བརྒྱན། །སྐྱེམས་དང་འོ་ཆོལ་ཉེར་སྤྱོད་བཤམ། །རང་ཉིད་རྡོ་རྗེ་ཕག་མོའམ། །ཁྲོས་མ་ནག་མོའི་ཏིང་འཛིན་གྱིས། །བྷྱོཕྱོགས་ཕྱོགས་དེ་ནི་ཕ་ཀི་ན། །ཉི་མ་བྱང་ཤར་ཕ་ཀི་ན། དུར་ཁྲོད་ཆེན་པོ་གསལ་ལུང་ན། །དུག་མཚོ་ཁོལ་མའི་ནང་ཤེང་ན། །བྱང་བྲག་ལྡམ་པའི་ཕོ་བྲང་ན། །མ་མོ་གནོད་སྦྱིན་མཛེས་ལྡན་མ། །གསང་བསྔགས་་བཀའ་ཡི་སྲུང་མཁྱེན། །མཁས་བཙུན་དཀོར་གྱི་བདག་མོ་ཡིན། །ཁྱེད་ཀྱི་ཡབ་ལ་མཚན་གསོལ་བ། །ཡབ་ནི་འོད་དེ་འོང་པོ་ཆེ། །ཁྱེད་ཀྱི་ཡུམ་ལ་མཚན་གསོལ་བ་། །ཡུམ་ནི་ལྷ་བཟང་ཨ་མོ་ལྕམ། དེ་གཉིས་གངས་དཀར་སྟོངས་སུ་བཤོས། །སྲིད་པའི་ལྕམ་སྲིད་བརྒྱད་དུ་སྲིད། །ཆེ་ཞེས་ལྷ་མོ་ངན་ནེ་མ། །དམར་མོ་དུར་ཁྲོད་ཆས་ཀྱིས་

(༦༣༧)བརྒྱན༑ ༑གཡས་གཡོན་ལྕགས་ཀྱུ་མེ་ལོང་འཛིན། །དར་ནག་གོ་ཟུ་གཙུག་ཕུད་ཅན། དེ་འོག་ཀླུ་མོ་ནོར་ལ་ངན། །ལྕགས་ཀྱུས་འཛིན་ཞིང་ཕུར་བུས་སྒྲོལ། །དེ་འོག་གནོད་སྦྱིན་རྫས་ལ་ངན། །ལྕགས་ཀྱུས་འགུགས་ཤིང་བུམ་པར་བསྐྱིལ༑ ༑དེ་འོག་འདྲེ་མོ་ཟས་ལ་ངན། །མི་ལྤགས་གྱོན་ནས་རོ་ལངས་ཞོན། །ལག་ན་མཆོག་ཕུར་ལྕགས་ཕུར་ཐོགས། །དྲལ་པོ་དེ་ནི་མི་རིངས་སྐྱེས། །དེ་འོག་བསེ་མདུད་དམར་པོ་ཅན། །དེ་འོག་ཤན་བར་མགོ་ནག་ །ཐ་ཆུང་ཟུ་ར་ར་སྐྱེས་ནི། །མི་ནག་རྟ་ནག་མདུང་ཐུང་ཅན། །ལྕམ་དྲལ་བརྒྱད་པོ་འཁོར་དང་བཅས། །བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས། །ལྷང་ལྷང་འབོད་དོ་ཙར་ཙེར་བྱོན། །ཧཱུྃ་ར་ལི་པྲ་མ་ཡ་ཛཛ་སི་ལི་མ་ནི་ཛཞེས་བཟླས་པས་མྱུར་དུ་འོང་། བྷྱོའཇིག་རྟེན་འཕྲུལ་གྱི་ལྷ་མོ་ཁྱོད། ཟས་དང་དཀོར་གྱི་དག་མོ་མཛད། །རིན་ཆེན་གཏོར་ལ་མངའ་སྒྱུར་བ། །ནོར་གྱི་བདག་མོ་རྫུ་འཕྲུལ་ཅན། །ནོར་གདུང་ཆེ་ཞིང་ནོར་ལ་བརྩེ། །ནོར་སྲུང་རྒྱལ་མོ་དབང་གི་ལྷ། །བང་མཛོད་ལྷ་མོ་གཟི་བརྗིད་ཅན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །བོས་སོ་དཀོར་སྲུང་སྙན་མ་སྲ། གཡབ་བོ་དཀོར་སྲུང་སྤྱན་མ་རྡུལ། །དོ་ནུབ་སྔ་མའི་གཏང་རག་གཏོང་། །དུ་ནུབ་ཕྱི་མའི་ཞུ་སྐྱེམས་འབུལ། །གྲོགས་མོར་འབོད་དོ་ད་ཚུར་སྤྱོན། །མཛའ་མོར་འདོད་དོ་དམ་ལ་འདུ། །བསད་པའི་དགྲ་ཤ་གཏོར་མར་འབུལ། །བཅོས་པའི་གསེར་སྐྱེམས་

(༦༣༨)མཆོད་པར་བཞེས། །བསྒྲལ་བའི་རཀྟས་ཐུགས་དམ་བསྐང་། །དམ་ཚིག་ཉམས་དང་གནས་རྟེན་འཕྲོག་ །དཀོར་ལ་བརྐུ་བའི་དོན་སྙིང་གིས། །དུར་ཁྲོད་ལྷ་མོའི་ཐུགས་དམ་བསྐང་། །ཀླུ་མོ་ནོར་སྙེག་ཐུགས་དམ་བསྐང་། །གནོད་སྦྱིན་ནོར་སྲུང་ཐུགས་དམ་སྐང་། །འདྲ་འབོད་ནག་མོའི་ཐུགས་དམ་བསྐང་། །དཀོར་སྲུང་རྒྱལ་མོའི་ཐུགས་དམ་བསྐང་། །མིང་པོ་སྡེ་བཞིའི་ཐུགས་དམ་བསྐང་། །མིང་སྲུང་བརྒྱད་པོ་གཏོར་མ་བཞེས། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །མི་ཕོར་འོ་ཕུད་མཆོད་པ་བཞེས། །གསེར་སྐྱེམས་ཆང་གི་མཆོད་པ་བཞེས། །འོ་ཆོལ་དཀར་གསུམ་མངར་གསུམ་དང་འདྲེས་པ་ཕུག་རོན་གྱི་དང་རུས་གཏོར་ཞིང་༑ ཧཱུྃ་ར་ལོ་བྲམ་ཡ་པཱུ་ཙ་བ་ལིངྟ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་བསྔོ། །དེ་ནས་རེ་མ་ཏི་མཆེད་བཞིའི་སྤྲུལ་པ་དུར་ཁྲོད་བརྒྱད་ཀྱི་ངན་ནེ་མ་མཆོད་པ་ནི། བྷྱོདུར་ཁྲོད་ཆེན་པོ་གཏུམ་དྲག་ནས། །རྡོ་རྗེ་ཕོ་ཉ་གཏོར་མ་ལོངས། །ཚང་ཚིང་འཁྲུགས་པའི་དུར་ཁྲོད་ནས། །རྡོ་རྗེ་རོ་ལངས་གཏོར་མ་ལོངས། །དུར་ཁྲོད་འུར་འུར་འབར་བ་ནས། །རྡོ་རྗེ་དྲག་རྩལ་གཏོར་མ་ལོངས། །དུར་ཁྲོད་ཆེན་པོ་འཇིགས་རུང་ནས། །ཀ་ལི་ནག་མོ་གཏོར་མ་ལོངས། །དུར་ཁྲོད་ནགས་ཚལ་འཇིགས་རུང་ནས། །ནག་མོ་ལག་རིང་གཏོར་མ་ལོངས། །མུན་པ་མི་བཟང་དུར་ཁྲོད་ནས། །ཤ་ཟན་ནག་མོ་གཏོར་མ་ལོངས། །དུར་ཁྲོད་ཀི་ལོའི་སྒྲ་སྒྲོག་ནས། །བྱི་ཏོ་ཏ་་མ་གཏོར་མ་ལོངས། །དུར་ཁྲོད་ཧ་ཧ་སྒྲོགས་པ་ནས། །ལས་བྱེད་ནག་མོ་གཏོར་མ་ལོངས། །སིངྒ་ལ་ཡི་དུར་ཁྲོད་ནས། །ནག་མོར་བ་འཇིགས་མ་ལ་སོགས། །ཀུན་ཀྱང་ཁྱེད་ཀྱི་སྤྲུལ་པ་ཡིན། །ནོར་སྲང་གང་གི་ཕྱིར་འབྲེལ་ཞིང་། །རྩ་ཕྱག་གང་གི་རྗེས་གཅོད་མ། །ཁྱོད་ལ་གཙུག་ལག་ཁང་འདི་གཉེར། །སེམས་མེད་འབྱུང་བ་ཆེན་པོ་བཞིའི། །གནོད་པ་སྣ་ཚོགས་བསྲུང་ནུས་ན། །གཟུགས་ཅན་མི་དང་གཟུགས་མེད་ཀྱིས། །ལོག་པར་འདྲེན་ལ་སྨོས་ཅི་དགོས། །གནས་རྟེན་བསྲུང་ལ་ཡོན་བདག་གྱིས། །བསྟན་པ་དར་ཞིང་རྒྱས་པ་དང་། །ཡུན་དུ་གནས་པའི་ཕྲིན་ལས་མཛོད།

(༦༣༩)རྡོ་རྗེ་ཐེག་པའི་རིང་ལུགས་དང་། དཀོན་མཆོག་དབུ་འཕང་སྨད་པའི་དགྲ། །དེ་དག་ཁྱོད་ཀྱི་ནས་སྐལ་དུ། །གཏད་པའི་དམ་ཚིག་དྲན་གྱིས་ལ། །ལོ་ཟླར་མ་གཞག་མྱུར་དུ་སྒྲོལ། །ཁྱེད་ནི་མངོན་ཤེས་རྫུ་འཕྲུལ་བདག་ །གང་ལ་སེམས་པ་ཁྱོད་ཤེས་ཀྱིས། །རྡོ་རྗེ་ཕག་མོའི་དམ་ཚིག་དང་། །པདྨ་འབྱུང་གནས་བཀའ་མ་གཅོག་ །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས། །ཐུགས་དང་འགལ་བའི་ལས་བགྱིས་ནི། །ནད་རིམས་དལ་ཁའི་རྡུར་མ་གཏང་། །འཁོན་དང་གོད་ཁ་དགྲ་ལ་བསྒྱུར། །བར་གཅོད་ཞི་ཞིང་ཚེ་དཔལ་རྒྱས། །ལྷ་མའི་འདུ་བ་རྒྱུན་མ་གཅོད། །བཀྲ་ཤིས་ཕུད་སུམ་ཚོགས་པར་མཛོད། །ལས་སྒྲུབ་དམིགས་བསལ་ལ་བསྐུལ་བྱེ་དགོས་ན་དམར་གཏོར་བཟང་པོ་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། ཁྲག་ཆང་དང་འོ་ཕུད་འཐོར་ཞིང་། །མ་བྷྱབྷྱོ་བྷྱ་སྡོང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་ནོར་རྐུན་ཕྱི་ལ་བྷྱོ། །དུར་ཁྲོད་ཆེན་པོ་གསང་ལུང་ན། །ནགས་ཚལ་གནམ་ལ་ཟངས་སེ་ཟང་དུག་མཚོ་ཁོལ་མཆི་ལི་ལི། །ཤ་ཁྲག་ནང་ཁྲོལ་རོངས་སེ་རོང་། །མི་རོ་མང་པོ་ལིངས་སེ་ལིང་། །རོ་ལངས་མ་ཆོངས་རྒྱུག་ཏ་ལ་ལ། །ཀེང་རུས་ལྷུ་དུ་མ་ཁྲོལ་ལོ་ལོ། །དེ་ན་སུ་བཞུགས་སུ་མི་བཞུགས། །དེ་ན་རོ་བྲན་ནག་མོ་བཞུགས། །དུར་ཁྲོད་བདག་མོ་དེ་ན་བཞུགས། །ཤན་པ་ནག་མོ་དེ་ན་བཞུགས། །གཅེར་བུའི་ལུས་ལ་ནག་མོའི་གཟུགས། །སྣུམ་དང་ཁྲག་གི་ཐིག་ལེས་བརྒྱན། །རལ་ནག་མར་ལ་སེ་གཅིང་རྒྱུག །རལ་པ་རེལ་མི་ལག་རེ། །མི་ལག་ལན་ཚར་ཁྲོ་ལོ་ལོ། །ར་ཡི་ཤུན་པ་གོས་སུ་གྱོན། །ཐོད་པ་ང་རིལ་མགོ་ལ་བརྒྱན། །ཐོད་ཆུང་མགོ་ཕྲེང་སེ་ར་ལ་ཁ། །མཚན་མ་བསྒྲད་ཅིང་མཆེ་བ་གཙིགས། །ཁ་ནས་དགྲ་ལ་འོ་དོད་འབོད། །ནོར་རྐུན་ཁང་མཐའ་བསྐོར་ཞིང་རྒྱུག །ནོར་རྐུན་མིང་ནས་ལྷང་ལྷང་འབོད། །འོ་དོད་ཆེན་པོ་གནས་དུ་གཏོང། །མི་ལྤགས་གཡབ་མོས་ལ་རྡེ་བ། །ཞིང་གི་པགས་པ་གོས་སུ་གྱོན། །རོ་ལ་ཞོན་ནས་ཧར་རྒྱུག་བྱེད། །རླུང་ལ་ཞོན་ནས་གྲིབ་སོ་འགྲིམ། །སྡང་མིག་བགྲད་ནས་དཀོར་ནོར་

(༦༤༠)གཟིགས༑ ༑ཟས་ནོར་གང་ཁྱེར་བྱར་མཛད། །ནམ་གུང་འགྲིམས་ནས་དཀོར་རྗེས་གཅོད། །འཁྲུལ་ཕྱིར་འབྲངས་ནས་ཆོ་འཕྲུལ་གཏོང་། །སྐད་ཕྱིར་འབྲངས་ནས་མལ་དུ་རྒྱུག །འདྲེ་གནོན་གཏོང་ཞིན་གྲང་རྡུལ་འབེབས། །སྐྲ་ནས་འཐེན་ཞིང་སྟེང་ནས་གནོན། །ཙིཏྟ་འབྱིན་ཅིང་སྙིང་ཁྲག་འཐུང་། །སྲོག་རྩ་གཅོད་ཅིང་ཤ་རུས་གཏུབས། །སྣ་ནས་ནད་ཀྱི་རླངས་པ་འཐུལ། །རིམས་ནང་ཡམས་ནད་ཆར་དུ་འབེབས། །ཁ་དབུགས་འགོག་ཅིང་མིག་རྩ་གཅོད། །ཁོང་སྲོགས་གཅོད་ཅིང་བྲེད་སྡངས་གཏོང་། །རོ་ལ་ཟ་ཞིང་མི་རོ་སྲེད། །ཁྲག་ལ་འཐུངས་ཤིང་རྐན་སྒྲ་རྡེབ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནོར་རྐུན་མ་རུངས་སྨྱོ་རུ་ཆུག་ །གསོད་བྱེད་ནག་མོའི་དུས་ལ་བབ། །མ་བྷྱོདུར་ཁྲོད་ལྷ་མོ་རྫུ་འཕྲུལ་ཅན། །གཅེར་བུ་ལུས་ལམ་རལ་གྱོན། །ལ་ལ་གཅེར་བུ་མི་ལྤགས་གྱོན། །ལ་ལ་མི་ལྤགས་གཡབ་མོ་རྡེབ། །ལ་ལ་ཁྲག་གི་ཟོར་མངའ་འཕེན། །ལ་ལ་སྐྲ་འཐེན་སྟེང་ནས་གནོན། །ལ་ལ་སྙིང་འབྱིན་ལྟོ་ཚིལ་འདྲུ། །ནག་མོ་ཆེན་མོ་རྫུ་འཕྲུལ་ཅན༑ ༑རོ་ལངས་ཞོན་ནས་ཧར་རྒྱུག་འབྱོན། །དུར་ཁྲོད་ལྷ་མོ་སྤུ་གྲི་མ། །རླུང་ལ་ཞོན་ནས་གྲིབ་སོ་འགྲིམ། །ཁ་ནས་དགྲ་ལ་འོ་དངོ་འབོད། །དགྲ་བོའི་མིང་འབོད་ལྷངས་སེ་ལྷང་། །ནོར་སྙེག་མང་པོ་ཤ་ར་ར། །ཐོད་པའི་རྡ་བརྡུང་ལྡི་རི་རི། །ནག་མོ་ཟོར་འཕེན་ཆེམས་སེ་ཆེམ། །མ་མོའི་ཚམ་རྡམས་ཟིལ་སེ་ཟིལ། །འདྲ་མོའི་འདྲེ་གནོན་ནེམ་སེ་ནེམ། ། །དགྲ་ལག་ཡབ་འདེབས་རབ་སེ་སེ་རུབ། །ནོར་རྐུན་དམ་ཉམས་ལས་ངན་འདི། །མལ་ནས་གཅེར་བུར་ཁྲིད་ལ་ཤོག་ །སྙིང་རླུང་ཆོ་དེ་འདེབས་སུ་ཆུག་ ནག་མོ་ཆེན་མོ་དྲག་ཤུལ་ཅན། །གསང་སྔགས་བཀའ་ཡི་སྲུང་མ་ཁྱོད། །བཀའ་དང་བསྟན་པ་གཉན་པོ་སྲུངས། །མཁས་བཙུན་དཀོར་གྱི་སྲུང་མ་ཁྱོད༑ ༑དཀོར་ནོར་གང་ཁྱེར་བ་ར་མཛོད། །ཁྱོད་ནི་ནོར་གྱི་བདག་མོ་སྟེ། །ནོར་གདུང་ཆེ་ཞིང་ནོར་ལ་བརྩེ། །དཀོར་བདག་ཆེན་མོ་དྲག་ཤུལ་ཅན། །གསེར་སྲང་གང་དང་ནོར་སྲང་དོད། །མཛོ་རྟ་གར་ཁྱེར་ཕྱིར་འབྲེང་མ། །ནས་ཕུལ་གང་དང་རྩྭ་ཕྱག་གང་། །ཅི་དང་ཅི་ཁྱེར་རྗེས་གཅོད་མ།

(༦༤༡)དགྲ་ལ་འོ་དོད་དུ་འབོད་རྒྱོབ། །ལྷང་ལྷང་ཙེར་ཙེར་མིང་ནས་བོས། །དཀོར་རྐུན་གང་ཡིན་ཁུག་ལ་ཤོག །སྲོག་རྩ་དམར་འབྱིན་རྦད་ཆོད་ཐོང་། །སྙིང་རྩ་དམར་འབྱིན་ཧུར་འདེན་གྱིས། །ཤ་ཁྲག་མ་ལུས་སྲིང་མོས་རོལ། །ནག་མོ་སྤུ་གྲིའི་དུས་ལ་བབ། །ཀླུ་མོ་ནོར་སྙེག་དུས་ལ་བབ། །གནོད་སྦྱིན་ནག་མོ་སྐད་གཏོང་མ། །ཁང་མཐའ་བསྐོར་ཞིང་འོ་དོད་བོས། །འདྲེ་མོ་ནག་མོ་སྒོ་བརྡུང་མ། །དགྲ་བོའི་ཁང་ཁྱིམ་བཤིག་ལ་ཤོག་ །ནག་མོ་ཆེན་མོ་ཟན་མ། །དགྲ་བོའི་སྙིང་ཁྲག་ཆོད་ལ་ཤོག་ །དུར་ཁྲོད་ལྷ་མོའི་དུས་ལ་བབ། །དོ་ནུབ་སྡང་བའི་དགྲ་ལ་བྷྱོ། །དེ་རིང་ང་ཡི་ནོར་ཕྱིར་འབྲེང་། །ནོར་རྐུན་གང་ཡིན་ཁྲིད་ལ་ཤོག་ །ཤ་ཁྲག་གཏོར་མ་འིད་བཞེས་ལ། །མ་མོ་ནག་མོའི་དུས་ལ་བབ། །བྷྱོ་དུར་ཁྲོད་བདག་མོ་དགྲ་ལ་བྷྱོ། །དཀོར་ནོར་སྲུང་མ་དགྲ་ལ་བྷྱོ། །མ་བདུད་ནག་མོ་དགྲ་ལ་བྷྱོ། །མིང་སྲིང་བདུན་པོ་དགྲ་ལ་བྷྱོ། །མི་དམར་སྐྱེས་ཅིག་དགྲ་ལ་བྷྱོ། །མི་རིངས་དམར་པོ་དགྲ་ལ་བྷྱོ། ཤན་པར་མགོ་དགྲ་ལ་བྷྱོ། །ཟུ་ར་ར་སྐྱེས་དགྲ་ལ་བྷྱོ། །བྷྱོ་བྷྱོ་དགྲ་བོའི་ཤ་ལ་བྷྱོ། །བྷྱོ་བྷྱོ་དགྲ་བོའི་ཁྲག་ལ་བྷྱོ། །དགྲ་བོའི་ཤ་ལ་ཧབ་ཟས་གྱིས། །དགྲ་བོ་ཁྲག་ལ་ཧུབ་འཐུང་གྱིས། །དགྲ་བོ་སྲོག་ལ་བསྐུལ་མ་གྱིས། །དགྲ་ཤ་དུ་མ་བུར་གཏུབས་པ་འདིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་ཁྲག་ནང་རོལ་གཡོས་པ་འདིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་དོན་སྙིང་གློ་མཆིན་གྱིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་རྩ་ཁྲག་ཁོང་དབུགས་ཀྱིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་མི་ནོར་ལོངས་སྤྱོད་ཀྱིས། །མིང་སྲུང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་མཛོ་གཡག་རྟ་ཕྱུགས་ཀྱིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་བ་གླང་ར་ལུག་གིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་བང་མཛོ་དཀོར་ནོར་གྱིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་ལོ་

(༦༤༢)ཏོག་རྨུག་ཡབ་ཀྱིས། མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །བཞེས་ཤིག་དུར་ཁྲོད་ལྷ་མོའི་ཚོགས། །རོལ་ཅིག་དུར་ཁྲོད་ལྷ་མོའི་ཚོགས། །ཁྱེར་ཅིག་ལས་མཁན་ཤན་པའི་ཚོགས། །ཆོམས་ཤིག་མིང་པོ་སྡེ་བཞི་པོ། །དྲག་པོའི་མི་ནོར་ལོངས་སྤྱོད་ཀྱི། །ཐུགས་དམ་སྐོང་ངོ་ཕྲིན་ལས་མཛོད༑ ༑ཧཱུྃ་ར་ལི་པྲ་མ་ཡ་ཛ་ཛ། མ་ཧཱ་ཀཱ་ལི་པདྨ་ཀྲོ་ཏ་ནི་ཧུར་ཧུར་རྦད་བྷྱོ། །དགྲ་བོའི་ཙིཏྟ་ཕྱུང་ཕྱུང་། །སྲོག་ལ་རྦད་རྦད། ཙིཏྟ་གཏུབས་གཏུབས། ཙིཏྟ་ལྕིབས་ལྕིབས། ཙིཏྟ་རྨུགས་རྨུགས། ཙིཏྟ་མྱོགས་མྱོགས། ཁྲག་ལ་རྦུད་ལིང་། སྙིང་ཁྲག་རྦུད་རྦུད། སི་ལི་མ་ནི་ཛ་ཛ དགྲ་བོའི་ལུས་དང་མཁར་ཁྱིམ་ཀུན། །ཕར་ཐལ་ཚུར་ཐལ་སོང་བར་བསམ། །ལྕགས་ཀྱི་སྲོག་རྩ་ཡོད་ཀྱང་ཆེང་། །བབ་ཅོལ་བྱས་ན་རང་སྡིགས། །བོར་སྟོར་བྱུང་ན་ཆོ་ཕྲུལ་གྱི་སྔགས། །ཨོཾ་མ་ཧཱ་ཀཱ་ལི་སི་ལི་སི་ལི་མཱ་ར་ཡ་ཧཱུྃ་ཛ མ་ཧཱ་ཀཱ་ལི་པདྨ་ཧར་ཧར་ཀྲོ་ཏ་ནི་ལ་ཧུར་ཧུར། །ཆོམ་རྐུན་རྦད་རྦད། དུན་དུན་བྷྱོ་བྷྱོ། སིང་སིང་། ཡེར་པ་ཡེར་པ། འདུས་པ་འདུས་པ། པྲ་པ་པྲ་པ། ལྷང་ལྷང་། ཙེར་ཙེར། བོས་བོས། རྒྱུག་རྒྱུག་ །ངའི་ནོར་ཁྱེར་ལ་ཤོག་ ཨོཾ་སརྦ་ཛ་ཡ་རྦད་སྭཱ་ཧཱ། །ཞེས་བཟླས་པས་དགྲ་ལ་འདྲེ་དངོས་སུ་ཡོང་། ཤིན་ཏུ་ཟབ་པ་ལ་ལེན་གནད་ཡིག་ལ་བརྟེན་པར་གཅས་སོ། །དུས་ཀྱི་ཐ་མར་དབན་གནས་གཉེན་པོའི་གནས་རྟེན་བསྲུང་བའི་ཆེད་དུ་པདྨ་འོད་གླིང་གུ་བླ་རྡོ་སྲོག་འཁོར་འདུ་བྱས་ཤིང་གཉེར་དུ་གཏད་པའི་ཚེ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་གུ་རུ་པདྨའི་མན་ངག་ལས་བྱུང་པ། འཁུ་ལྡོག་དང་ནུས་པ་

(༦༤༣)རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད། སྨན་བཙུན་མགུལ་རྒྱན་བཞུགས།

(༦༤༤)རཏྟ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་གཡུ་སྒྲོན་མའི་མཆོད་གཏོར་དཀར་ཟླུམ་པད་འདབ་བཞི་པ་རང་འདྲའི་བཞི་ལྡན། །དཀར་གསུམ་མངར་གསུམ། ཤིང་ཏོག་འོ་ཕུད་དང་བཅས་པ་བཤམས་ལ༑ མཆོད་པ་བྱིན་གྱི་བརླབ་པ་ནི། སྭ་བྷཱ་ལྦ་ས་སྦྱངས། །སྟོང་པའི་དང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་ལྷ་རྫས་ལས་གྲུབ་པའི་མཆོད་འདོད་བའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་རང་བཞིན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་གྱུར། །ཨོཾ་སརྦ་བིད་པུར་པུར་སོགས་དང་། ཨ་རྒཾྷ་སོགས་ཀྱིས་བརླབ། །རྟེན་བསྐྱེད་པི་ན། རང་ཡི་དམ་དུ་གསལ་བའི་མདུན་དུ་འོད་སྣང་ལས་གྲུབ་པའི་སྐྱེད་མོས་ཚལ་ཆོས་བཟང་ལྷའི་འདུན་ས་ལྟ་བུར་ཡིད་དུ་འོང་ཞིང་བལྟ་ན་སྡུག་པ། ནེའུ་སིང་སྨན་ལྗོངས་མེ་ཏོག་དུ་མས་བཀྲ་བའི་གནས་རི་དྭགས་སྣ་ཚོགས་བདག་ཕེབས་པར་རྒྱུ་ཞིང་། །འབབ་ཆུ་ལྷུང་དང་བྱ་སྐད་སྙན་པར་སྒྲོག་པ། །མཐའ་སྐོར་གངས་རིའི་རབ་དང་། །ལྗོན་ཤིང་དུ་མས་བཀྲ་བའི་དབུས་སུ། །བཻ་ཌཱུརྻའི་ཁང་བཟངས་ཤེལ་གྱི་ཐེམ་སྐད་རིམ་པ་གཉིས་པ་དང་། བྱི་རུའི་ཁ་བད་ཅན་གྱི་ནང་དུ་རིན་པོ་ཆེའི་ཁྲི་དང་དར་ཟབ་འབོལ་བརྩེགས་ཀྱི་སྟེང་དུ་ཡུམ་ལས་སྨན་བཙུན་ཆེན་མོ་རྡོ་རྗེ་གཡུའི་སྒྲོན་མ་ཆུ་ཤེལ་གྱི་ཕུང་པོ་ལ་ཉི་མ་ཤར་བ་ལྟ་བུ། དར་ཟབ་དཀར་པོའི་རྩེ་གོས་གསེར་གྱི་པདྨ་རིས་དབང་པོའི་ཚོན་ཆ་བཀྲམ་པ་ལྟ་བུའི་གཡང་ལུག་རྨ་བྱའི་མདོངས་ཀྱི་ཆ་གཅན། ཕྱག་གཡས་ནོར་བུ་དབང་གི་

(༦༤༥)་རྒྱལ་པོ་དང་། གཡོན་པ་དངུལ་དཀར་གྱི་མེ་ལོང་དང་མདའ་དར་སྣ་ལྔ་འཛིན་པ། ཤིན་ཏུ་མཛེས་ཤིང་འཇོ་སྒེག་འཛུམ་པའི་ཉམས་ཅན། །དབུ་ལ་དར་ཐོད་ལྗང་གུ་དང་གསེར་གཡུ་མེ་ཏོག་གི་ཕྲེང་བས་བརྒྱན་པ། མདུན་རྒྱབ་གཡས་གཡོན་བཞིར་རང་འདྲའི་མཆེད་བཞི་དང་མཐའ་སྐོར་དུ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྤྱི་མགྲིན་སྙིང་ག་གསུམ་དུ། ཨོཾ་ཨཱཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས་པར་གྱུར། སྤྱན་འདྲེན་ནི། ཀྱེ་། མདུན་དུ་གངས་རི་སྐྱེད་མོས་ཚལ། །དབུས་ན་རིན་ཆེན་ཁང་བཟངས་ཆེ། །དེ་ནང་རིན་ཆེན་ཁྲི་སྟེགས་སུ། །རྡོ་རྗེ་གཡུ་སྒྲོན་དཀར་གསལ་ནི། །དར་དཀར་ན་བཟའ་གསེར་གཡུས་རྒྱན། །ཕྱག་གཡས་ཡིད་བཞིན་ནོར་བུ་དང་། །གཡོན་པ་དངུལ་དཀར་མེ་ལོང་འཛིན༑ ༑དར་ཐོད་རིན་ཆེན་རྒྱན་ཕྲེང་ཅན། འཛུམ་བཅས་ཕྱེད་ཀྲུང་འོད་ཟེར་འཕྲོ། །ཕྱོགས་བཞིར་མཆེད་བཞི་གཙོ་མོ་འདྲ། །ཀུན་ཀྱང་བཅུ་དྲུག་ན་ཚོད་ལ། །སྒེག་མཛེས་དགྱེས་པའི་ཚུལ་དུ་བཞུགས། །སྙིང་གའི་འོད་ཟེར་རབ་འཕྲོས་པས། །གནམ་སྨན་གངས་རི་ལྷ་ཡི་གནས། །སྤྲིན་དཀར་དག་པའི་ཕོ་བྲང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། ཧཱུྃ། རིག་འཛིན་པདྨ་ཐོང་ཕྲེང་གིས། །བཀའ་ཉན་ཆད་ཐོ་ལ་གནས་པའི། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །སྤྱན་འདྲེན་གནས་གནས་འདིར་ཚུར་བྱོན། །བཛྲ་ས་མཱ་ཛམཆོད་པ་འབུལ་བ་ནི། ཧཱུྃ། ཏིང་འཛིན་

(༦༤༦)སྔགས་དང་ཕྱག་རྒྱ་ཡིས། །སྣང་སྲིད་སྣོད་བཅུད་མ་ལུས་པའི། །མཁོ་དགུའི་འབྱོར་ཚོགས་ཇི་སྙེད་པ། །ཡེ་ཤེ་བདུད་རྩིར་འཆར་བས་བསྐང་། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱིས། །འགལ་འཁྲུལ་ནོངས་པ་དབྱིངས་སུ་བསྐང་། །མཐུན་རྐྱེན་ཚེ་དཔལ་ནུས་སྟོབས་བསྐྱེད། །བདེ་སྟོང་རང་བྱུང་མངོན་མྱུར་སྩོལ། །ཨོཾ་བཛྲ་པྲ་མོ་ཧ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་ལྔའམ་བདུན་གྱིས་དབུ་ལ། རྒྱས་པར་སྤྲོ་ན་སྐོང་བཤགས་བྱ་བ་ནི། ཧཱུྃ། འགྱུར་མེད་བདེ་བ་ཆེན་པོའི་དང་ཉིད་ལས། །ཏིང་ངེ་འཛིན་གྱིས་རྣམ་འཕྲུལ་བཀོད་པ་ནི། །དབང་པོ་དྲུག་ལ་འདོད་དགུར་འཆར་བའི་རྫས། །འབྲུ་བཅུད་སྟོང་ལས་སྦྱར་བའི་ཞལ་སྐྱེམས་དང་། །དཀར་མངར་འོ་ཕུད་སྒྲིས་མར་ཆགས་པའི་ཞོ། །ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག་རིགས། །རང་བཞིན་ལྷན་ཅིག་སྐྱེས་དང་སྦྱར་བའི་སྤོས། །ཉི་ཟླ་སོགས་སྣང་བྱེད་སྒྲོན་མེའི་འོད། །བཟང་དྲུག་དལ་འགྲོས་བརླབ་པའི་དྲི་དད་ཆབ། །ཤིང་ཏོག་རྩི་ཐོག་གཡོས་སུ་སྦྱར་བའི་ཟས། །འབུད་དཀྲེལ་བརྡུད་དང་གླུ་ཡི་འགུར་ཁུགས་སྒྲ། ཉེར་སྦྱོང་འདོད་པའི་ཡོན་ཏན་ཚོགས་ཀྱིས་བསྐང་། །ཕྱེ་མར་བསང་སྤོས་དར་ཚོན་སྣ་ལྔའི་སྤྲིན། །སྐྱེད་ཚལ་མ་རྨོས་ལོ་ཏོག་འབྲོང་གཡག་ཞོལ། །ཐལ་དཀར་གཡག་མོ་ལུག་དང་ཚེ་ཚེ་ར། །མགྱོགས་པའི་བང་དང་རྫུ་འཕྲུལ་རུང་གི་ཤུགས། །རྩལ་གསུམ་ལྡན་པའི་ཅང་ཤེས་དྲིའུ་སྔོན། །ཤ་རྐྱང་མ་ཧེ་འདོད་འཇོའི་བ་དང་མཛོ། །ནམ་མཁའ་ལྡིང་དང་རྨ་བྱཟློས་གར་ཅན། །ངང་པ་ཁྲུང་ཁུང་བཞད་དང་མཁའ་འགྲོའི་བྱ། གནག་སྣུམ་ཡན་ལག་དམར་དང་སེར་བ་སོགས། །སྲོག་ཆགས་མདངས་ཀྱིས་ཐུགས་དམ་བསྐངས་གྱུར་ནས། །བྱ་བ་སྤྱོད་ལམ་ཉེས་དང་འབགས་བཙོག་ཤོར། །རྟག་གཏོར་རྒྱུན་གཏོར་ཆག་དང་གསོལ་མཆོད་གཡེལ། །ཐབ་གཞོབ་མི་འཁོན་ལྷ་འཁོན་བྱུང་པ་སོགས། ཐུགས་དང་འགལ་བ་ཐམས་ཅད་སོར་ཆུད་ནས། །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་བསྟོད་པ་བྱ་བ་ནི། །རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གནས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །མཆེད་ལྔ་འཁོར་དང་བཅས་པ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་

(༦༤༧)ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །སྤྲོན་མངའ་གསོལ་བྱ་བ་ནི། ཀྱེ་བདེ་ཆེན་ཀུན་ཏུ་བཟང་མོའི་ཀྱི་ལ་ཤར། །རྗེས་ཆགས་ཉི་གཞོན་འཆར་ཀའི་བརྟུལ་ཞུགས་ཀྱིས། དམ་པོར་འཁྱུད་པའི་འཇོ་སྒེག་ལང་ཚོའི་ཉམས། །སྨན་བཙུན་རྡོ་རྗེ་གཡུ་ཡི་སྒྲོན་མར་ཤར། །མཐོ་རིས་བུ་མོའི་གྲོང་ཁྱེར་ཉམས་དགའ་བར། །ལྷ་མོ་ཡིད་འོང་མེ་ཏོག་མནྡཱར། །ཤིན་ཏུ་མཛེས་པའི་ལང་ཚོས་འཇིག་རྟེན་གྱི། །བརྟན་པ་འཕྲོག་པའི་བྱེད་པོ་ཁྱོད་ལས་སུ། །དུས་སྦྱོར་བཅུ་གཉིས་དག་བའི་རྟེན་འབྲེལ་རྩལ། །འཇིག་རྟེན་བརྟན་མའི་སྣང་ཆར་བསྟན་མོད་ཀྱང་། །མཁའ་སྤྱོད་དག་པའི་ཞིང་ན་ལྦཱ་རཱ་ཧྲཱི། །དངོས་གྲུབ་ཀུན་གྱི་བྱེད་པོར་མངའ་གསོལ་ལོ། །ཤིན་ཏུ་ཆགས་པ་ཆེན་པོའི་ཡེ་ཤེས་མེས། །ཐབས་མཆོག་བདེ་བ་ཆེན་པོའི་དཔའ་བོ་ལ། །སྦྱར་བས་སྣང་སྲིད་དབུ་མར་དག་པའི་གྲོང་། །ས་ལམ་ཡོངས་བགྲོད་ཕོ་ཉར་མངའ་གསོལ་ལོ། །ཁྱད་པར་ལྔ་བརྒྱའི་ཐ་མར་སྐྱེས་པའི་མཐུས། །ཆོས་བཞིན་སྤྱད་ཀྱང་འགལ་རྐྱེན་དར་བའི་ཚེ། །དབང་དང་དྲག་ཤུལ་སྤྱོད་པའི་ཕྲིན་ལས་ཀྱིས། །རྣལ་འབྱོར་སྐྱོང་བའི་མ་མར་མངའ་གསོལ་ལོ། །འདོར་ན་དུས་གསུམ་ཀུན་ཏུ་ཁྱོ་བསྟེན་ཞིང་། །དུས་མེད་རིག་པའི་དང་དུ་གཅིག་ན། །འདུ་འབྲལ་མེད་པའི་དམ་ཚིག་ཉེར་དགོངས་ཏེ། །དངོས་གྲུབ་ཆེན་པོའི་དགའ་སྟོན་གསང་བས་སྐྱོངས། །མཚུངས་པ་མེད་པའི་མཛེས་སྡུག་ལང་ཚོའི་དབྱིད། །སྙིང་གི་ཐིག་ལེར་རོ་གཅིག་འདྲེས་པའི་མོད། །རང་བྱུང་ཡེ་ཤེས་ཆེན་པོའི་དོན་སྟོན་ཞིང་། །རྣམ་བཞིའི་ཕྲིན་ལས་ཡོངས་འདུའི་འབྲས་སྨིན་མཛོད། །ཕྲིན་བཅོལ་ནི། ཧཱུྃ། སྟོབས་བཅུའི་བདག་ཉིད་སྟོན་པ་སངས་རྒྱས་དང་དེ་ཡི་བསྟན་པ་ལུང་དང་རྟོགས་པའི་ཆོས། །དེ་འཛིན་རིག་གྲོལ་གཉིས་ལྡན་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་གསུམ་གྱི་དབུ་འཕང་བསྟོད། །ཆོས་ཀྱི་རྒྱལ་པོ་མེས་དཔོན་རྣམ་གསུམ་གྱིས། །ལམ་སྲོལ་བཏོད་པའི་མདོ་སྔགས་བཤད་སྒྲུབ་སྡེ། །ཆོས་འཁོར་གཙུག་ལག་སྒྲུབ་གནད་དབེན་གནས་ཀྱི། །ཡོན་

(༦༤༨)བདག་གྱིས་ལ་རྟག་ཏུ་མེ་ལ་ཆོས་སྐྱོངས། །དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་དང་། །འཇིག་རྟེན་ཡང་དག་བལྟ་ལ་གུས་པ་རྣམས། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང་། །ཆོས་ལྡན་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །འཇིག་རྟེན་ཁམས་སུ་ནད་མཚོན་མུ་གེ་དང་། །སད་སེར་བཙའ་ཐན་དུས་ཀྱི་རྒྱུད་པ་ཞི། །ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས་པ་སོགས། །བདེ་སྐྱིད་རྫོགས་ལྡན་གསར་པའི་སྟོན་སྤེལ། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །དབང་པོ་དྲུག་ལ་བཞེད་དགུར་འཆར་བའི་རྫས། །འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་ཀུན། །བུམ་པ་བཟང་དང་དཔག་བསམ་ཤིང་ལྟར་སྤེལ། །ཆོས་ཉིད་རང་བཞི་ཞི་ལས་མ་གཡོས་ཀྱང་། །ལོག་པར་འདྲེན་པའི་དགྲ་འདྲེ་བྱུར་གསུམ་དང་། །རྦད་འདྲེ་རྦད་གཏོང་བསམ་སྦྱོར་ངན་པ་ཀུན། །རྡོ་རྗེ་དྲག་རྒྱལ་འབར་མའི་མཚོན་ཆས་ཐུལ། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས། །ཡིད་ལ་འཁྲུགས་པ་སྟེར་བའི་མི་མཐུན་ཕྱོགས། །བསྲུང་ལ་ཚེ་དང་ལོངས་སྤྱོད་དབང་ཐང་ཀུན། །ཟླ་བ་ཡར་གྱིས་གང་བཞིན་དུ་མཛོད། །གཞིས་ལ་བག་ཕེབས་བཀར་ཤིས་དགེ་ལེགས་སྤེལ། །བྱེས་སུ་ལ་ཆུ་འཕྲང་དང་ཆོམ་རྐུན་སྲུངས། །ཇི་ལྟར་སྨོན་པའི་རེ་འབྲས་ཡིད་བཞིན་དུ། །འགྲུབ་པའི་ནོར་བུ་རིན་ཆེན་ཁྱོད་ཀྱིས་མཛོད། །ཅེས་པའང་བུ་ཚལ་སྐོར་ལམ་པ་དགེ་འདུན་དོན་གྲུབ་ཀྱི་ངོར་རིག་འཛིན་འཇིགས་མེད་གླིང་པས་ལམ་བར་རྡེ་གཞིས་སུ་སྦྱར་བའོ།

(༦༤༩)རྡོ་རྗེ་གཡུ་སྒྲོན་མའི་སྐོང་གསོ་ཉེར་བསྡུ་ནི། རང་ཉིད་པདྨ་འབྱུང་གནས་སུ་གསལ་ལ། ཀྱེ་མདུན་དུ་གངས་རི་སྐྱིད་མོས་ཚལ། །དབུས་ན་རིན་ཆེན་ཁང་བཟངས་ཆེ། །དེ་ནང་རིན་ཆེན་ཁྲི་སྟེངས་སུ། །རྡོ་རྗེ་གཡུ་སྒྲོན་དཀར་གསལ་ནི། །དར་དཀར་ན་བཟའ་གསེར་གཡུས་བརྒྱན། །ཕྱག་གཡས་ཡིད་བཞིན་ནོར་བུ་དབང་། །གཡོན་པ་དངུལ་དཀར་མེ་ལོང་འཛིན། །དར་ཐོད་རིན་ཆེན་རྒྱན་ཕྲེང་ཅན། །འཛུམ་བཅས་ཕྱེད་ཀྲུང་འོད་ཟེར་འཕྲོ། །ཕྱོགས་བཞིར་མཆེད་བཞི་གཙོ་མོ་འདྲ། །ཀུན་ཀྱང་བཅུ་དྲུག་ན་ཚོད་ལ། །སྒེག་མཛེས་དགྱེས་པའི་ཚུལ་དུ་བསྒོམ། །སྙིང་གའི་འོད་ཟེར་རབ་འཕྲོས་པས། །གནམ་སྨན་གངས་རི་ལྷ་ཡི་གནས། །སྤྲིན་དཀར་དག་པའི་ཕོ་བྲང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དེ་ནས་སྤྱན་འདྲན་པ་ནི། ཧཱུྃ་རིག་འཛིན་པདྨ་ཐོད་ཕྲེང་གི། བཀའ་ཉན་ཆད་ཐོ་ལ་གནས་པའི། །སྨན་བཙུན་རྡོ་རྗེ་སྒྲོན་མ། །སྤྱན་འདྲེས་གནས་འདིར་ད་ཚུར་བྱོན། །བཛྲ་ས་མ་ཡ་ཛམཆོད་པ་འབུལ་བ་ནི། ཧཱུྃ་ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །སྣང་སྲིད་སྣོད་བཅུད་མ་ལུས་པའི། །མཁོ་དགུའི་འབྱོར་ཚོགས་ཇི་སྙེད་ཀུན། །ཡེ་ཤེས་བདུད་རྩིས་འཆར་བས་བསྐང་། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །འགལ་འཁྲུལ་ནོངས་པ་དབྱེངས་སུ་བསྐང་། །མཐུན་རྐྱེན་ཚེ་དཔལ་ནུས་སྟོབས་བསྐྱེད། །བདེ་སྟོང་རང་བྱུང་མངོན་གྱུར་སྩོལ། ཨོཾ་བཛྲ་པྲ་མོ་ཧ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་ལྔའམ་བདུམ་གྱིས་གཏོར་མ་བསྔོ། །བསྟོད་པ་དང་འཕྲིན་ལས་བཅོལ་བ་ནི། །ཧཱུྃ་རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ།བའི། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །མཁྱེན་བརྩེའི་ལྷས་སོ།

(༦༥༠)

(༦༥༡)གནོད་སྦྱིན་ཙ་དམར་བའི་གསོལ་ཁ་རྒྱས་པ་མངའ་རིས་པཎ་ཆེན་རིན་པོ་ཆེའི་གཏེར་བྱོན་རྩ་བའི་དོན་རྒྱ་ཆེར་བཀྲལ་བ་དབང་དྲག་དུས་ཀྱི་ཕོ་ཉ་བཞུགས། མངྒ་ལཾ།

(༦༥༢)སྤྲོས་བྲལ་གཞི་དབྱིངས་ཀློང་ལས་སྙིང་རྗེའི་ཉམས། །གསུང་གི་དབང་ཕྱུག་རྟ་མཆོག་ཧེ་རུ་ཀར། །བཞེངས་དང་རྣམ་དབྱེར་མེད་པའི་རྡོ་རྗེ་འཛིན། །མཆོག་སྤྲུལ་མངའ་རིས་པཎ་ཆེན་གཙུག་ན་འབར། །དམ་པ་འདི་ཉིད་ཀྱིས་གཏེར་གནས་རྣམ་པ་གཉིས་ནས་སྤྱན་དྲངས་པའི་དམ་ཅན་ཆེན་པོ་གནོད་སྦྱིན་ཡང་ལེ་བོར་གྱི་གསོལ་མཆོད་དུས་ཀྱི་ཕོ་ཉ་བྱ་བར་འདོད་པས། རུང་མཐུན་གྱི་གནས་སུ། གཏོར་མཆོད། མཐུན་རྫས་སྤྱན་གཟིགས། ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་རྟེན་དགྲམ་པ་སོགས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་པར་མ་ཆད་པ་དཔེའུ་རིས་ལྟར་བཤམས་ཏེ་སྔགས་དྲུག་གིས་བརླབ། རང་ཉིད་གཉེན་པོ་སྟོབས་ཀྱི་ལྷ་རྟ་མཆོག་ཧེ་རུ་ཀ་ར་གསལ་བའི་དང་ནས། སྭ་བྷཱ་ལྦས་སྦྱངས། སྟོང་པའི་དང་ལས། རང་གི་མདུན་ཐད་ངོས་ཅུང་ཟད་དམའ་བར་བཙན་ཡུལ་ཟངས་ཐང་དམར་པོ་ཟངས་བྲག་གནམ་ལ་སྙེག་པ། རྩེ་ལ་རྒོད་སྨུག་ལྡིང་བ། ལོགས་ལ་བཙན་རྒྱ་རྒྱུ་བ། སྐེད་ནག་ཅན་གཟན་དུར་བ། རྩ་བར་དུག་ཆུ་ཁོལ་བ། བྲག་རི་དམར་པོའི་ནང་དུ་ཁྲག་མཚོ་ཁོལ་ཞིང་བསེ་མཁར་སྨུག་པོ་ཟངས་ཀྱི་སྒོ་ལྕགས་ཅན་བཙན་མཁར་འཇིགས་སུ་རུང་བའི་དབུས་ན་ཏྲི་བདུན་ཡོངས་སུ་གྱུར་པ་ལས་ལྷ་བཙན་དགྲ་ལྷའི་རྒྱལ་པོ་ཙི་དམར་པ་ལ་མཆོག་སྤྲུལ་མ་བའ་རིས་པ་ཆེན་པོས་དྲེགས་པ་རང་

(༦༥༣)རྒྱུད་པ་ཡིན་པས་བསྐྱེད་མི་དགོས་གསུངས་པ་དོན་ལ་གནས་ཀྱང་། མངོན་རྟོགས་ཡིད་ངོར་གསལ་བའི་སླད་དུ་རྒྱལ་དབང་ལྔ་པས་བཙན་མདོས་སུ་གསུངས་པ་ལ་ཚིག་ཕྲད་ཅུང་ཟད་བསྒྱུར་ཏེ་བཀོད་པ། སྐུ་མདོག་དམར་ལྗང་རལ་པ་དམར་པོ་མེ་འོད་འཁྲིགས་པ། སྤྱན་ནས་མེའི་སྐར་མདའ་འཁྲུགས་པ། ཞལ་ནས་ཁྲག་གི་སེར་ཆེན་འབེབས་པ། མཆེ་བ་རྣོན་པོ་གངས་རི་ལྟར་གཙིགས་པ། །ལྗགས་ཀློག་ལྟར་འཁྱུག་པ། ཁྲོ་ཞིང་འཇིགས་ལ་རྔམས་ཤིང་གཏུམ་པ། སྐུ་ལ་དར་དམར་གྱི་བེར་ཆེན་ཟ་འོག་སྔོ་ཁྲའི་གོང་ལག་ཅན་གསོལ་བར་རིན་ཆེན་གསེར་གྱི་སྐ་རགས་བཅིངས་པ། དབུ་ལ་དར་དམར་གྱི་འགྱིད་ཐོད་ཅན། སྟ་གདོང་གཡས་དང་གཟིགས་ཤུབས་གཡོན་དུ་འཕྱང་བ། །བསེ་ཕུབ་དམར་པོ་རྒྱབ་ཏུ་འཁྱིལ་པ། ཕྱག་གཡས་བཙན་གྱི་ཞགས་པ་དམར་པོས་དགྲ་བོ་འཆིང་ཞིང་། གཡོན་བསེ་མདུང་དམར་པོ་དར་མདར་གྱི་རུ་མཚོན་ཅན་སྙིང་ལ་བསྣུན་པ། །རྟ་བྲ་བོ་སྒབ་ནག །དར་གདན་དམར་པོ། སྒ་ཁྲ་བོ་དངུལ་གྱི་ཡོབ་ཐག །ཟངས་ཀྱི་ཡོབ་ཆེན། གསེར་གྱི་སྲབ། གཡུའི་མཐུར་མདའ། དར་མདར་གྱི་སྲང་སྐྱོགས། །སྦྲུལ་ནག་གིས་གོང་སྨེད་བྱས་པ་ལ་ཆིབས་ནས་སྟོང་གསུམ་བསྐོར་བ། སྐུ་ལྷ་ཞལ་གྱི་བཙན་སྐུ་མདོག་དཀར་སེར་ཁྲོ་གཏུམ་ཅན་སྐུལ་ཟ་འོག་དཀར་ཁྲའི་གོས་དང་། དར་

(༦༥༤)དམར་གྱི་ཐོད་གསོལ་བ། གཡས་སུ་སྟ་གདོང་དང་གཡོན་གཟིག་ཤུབས་འཕང་བ། ཕྱག་གཉིས་བསེ་མདའ་བསེ་གཞུ་བཀང་སྟེ་དགྲ་བོའི་སྙིང་ལ་བརྡེག་པ། སྨུག་པོ་ཤ་གདོང་སྒ་སྲབ་ཅན་ལ་ཆིབས་པ། གྲོ་ཤོད་བོད་ཀྱི་སྒང་དམག་རྗེ་སྐུ་མདོག་དམར་པོ་མེ་འོད་འབར་བ་རྔམས་ཤིང་འཇིགས་པ་སྐུ་ལ་ལེ་བ་རྒན་གྱི་འཇོལ་བེར་དང་། དར་དམར་གྱིས་ཐོད་བཅིངས་པ། སྟ་གདོང་གཡས་དང་གཟིག་ཤུབས་ཡོན་དུ་འཕྱང་བ། །ཕྱག་གཡོན་ཟངས་ཞགས་དམར་པོས་དགྲ་བོ་བཅིངས་ཏེ། །གཡས་ཀྱིས་ཤང་ལང་བརྡེག་པ། །མཚལ་ལུ་རྟིང་དཀར་སྒྲ་སྲབ་ཅན་ལ་ཆིབས་པ། ར་ཙ་གོས་སྔོན་གྱི་ཀླུ་བཙན་སྐུ་མདོག་དམར་ནག་འཇིགས་སུ་རུང་བ། །སྐུ་ལ་ཆུ་དར་སྔོན་པོའི་རལ་གལ་དུ་སྦྲུལ་གྱི་སྐ་རགས་བཅིངས་པ། དར་སྔོན་གྱི་ཐོད་ཅན། སྟ་གདོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་ལྕགས་མདུང་ནག་པོ་དང་གཡོན་སྦྲུལ་གྱི་ཞགས་པ་འཕེན་པ། རྟ་སེར་པོ་སྒ་སྲབ་ཅན་ལ་ཆིབས་པ། རྡོ་རིང་དམར་པོའི་གྲིབ་བཙན་སྐུ་མདོག་དམར་པོ་འཇིགས་པའི་གཟུགས་ཅན། ཕེར་དམར་གྱི་སློག་པ་དང་། དར་དམར་གྱི་ཐོད་གསོལ་པ། སྟ་གདོང་གཡས་དང་གཡོན་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་དང་། གཡོན་བཙན་གྱི་རྒྱུ་ཞགས་བསྣམས་པ། རྐྱང་དམར་སྦོ་དཀར་སྒ་སྲབ་ཅན་ལ་བཅིབས་པ། ཀང་ཀ་ཐོད་ནག་བདུད་བཙན་སྐུ་མདོག་ལྗང་ནག་ཤིན་ཏུ་འཇིགས་པ། སྐུ་ལ་དར་ནག་བེར་ཆེན་དང་། བདུད་དར་ནག་པོ་ཐོད་དུ་བཅིངས་པ། སྟ་གདོང་གཡས་དང་གཟིག་ཤུགས་གཡོན་དུ་འཕྱང་བ། ཕྱག་གཡས་དར་ནག་གི་རུ་མཚོན་འཕྱང་ཞིང་། གཡོན་པ་འབྲིང་ཞགས་བླ་ལ་འདེབས་པ། རག་པ་གཞུང་ནག་སྒ་སྲབ་ཅན་ལ་བཅིབས་པ། རྩལ་ཐོག་རྒྱུག་གི་གྲིབ་བཙན་སྐུ་མདོག་ཁྲག་ལྟར་དམར་བ། སྐུ་ལ་ཟངས་ཁྲབ་དམར་པོ་དང་། དབུ་ལ་དར་

(༦༥༥)དམར་གྱི་ཐོད་བཅིངས་པ། སྟ་གདོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱར། ཕྱག་གཡས་བསེ་མདུང་དམར་པོ་མེ་འོད་འཕྲོ་བ་གསོར་ཞིང་། གཡོན་ཟངས་ཀྱི་རལ་གྲི་གློག་ལྟར་འཁྱུག་པ། རྟ་མཆོག་རླུང་གི་ཤོག་པ་སྒ་སྲབ་ཅན་ལ་བཅིབས་པ། བདུན་ཀའང་རི་ཁྱི་སྤྱང་ཀི་རོལ་ཏུ་ཁྲིད་པ། རི་བྱ་ཕོ་རོག་སྟེང་དུ་ལྡིང་པ། བཙན་དམག་འབུམ་སྡེའི་འཁོར་གྱིས་བསྐོར་བ། རུ་འདྲེན་སྡེ་བཞིའི་ཕོ་ཉ་འགྱེད་པ། སྡེ་བརྒྱད་དྲེགས་པའི་དམར་དཔུང་འཁྲིགས་པར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱ ཐུགས་ཀྲ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། བྱང་ཤམ་ལྷ་ལ། ལི་ཡུལ་ལྕང་ར་སྨུག་པོ། བཙན་ཡུལ་ངས་ཐང་དམར་པོ། པེ་ཧར་དཀོར་མཛོད་གླིང་ལ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་བྱ་རྒོད་ཤ་ལ་བབས་པ་ལྟར་སྤྱན་དྲངས་བར་གྱུར། ཧཱུྃ་རྒྱལ་བ་ཀུན་གྱི་གསུང་མཆོག་པད་མའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིལས་བརྡམས་པའི་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །ཀྱི༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ཉི་མ་ནུབ་ཕྱོག་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ བཙན་རྒྱུད་སྤུ་གྲི་དམར་པའི་ཚིག་ཡིན། པདྨ་དབང་གི་བཀའ་ཉན་པ། ཆེ་བཙན་རོལ་པ་ཀྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ། ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན༔ ཤུལ་ཏྲི༔བཛྲ་ས་མ་ཡ་ཛ༔ ཞེས་པའི་བར་བརྗོད་རྗེས། སྐྱེས་བུའི་གཡས་ཀྱི་རུ་འདྲེན་བ། རུ་འདྲེན་སྡེ་བཞི་པེར་ཧར་གྱི་སྒས་ཆོས་ཡིན་ཡང་རྗེ་བློན་འདི་གནིས་དཔོན་འབངས་རེས་མོས་ཀྱི་རྣམ་པ་ལྟ་བུ་འབྲེལ་ཆགས་པ་ཡིན་པས་ཡིག་རྙིང་དུའང་བྲིས་པ་འདུག་པས་འཐད་པར་སེམས་ཤིང་། མན་

(༦༥༦)ངག་སྙིང་གཟེར་ནག་པོ་ནས་དཔུང་བསྐྱེད་གསུངས་པ་ལྟར་བཀོད་པ། དཔའ་པོ་དི་ནི་སྟག་ཆས་བརྒྱ། །མདའ་སྒྲ་དེ་ནི་ཤ་ར་ར། །གཞུ་སྒྲ་དེ་ནི་སྒྲེངས་སེ་སྒྲེང་། །ཁ་ནས་བ་སྭོ་སྒྲ་དི་རི་རི། བ་སྭོ་སྒྲ་གནོད་པའི་བགེགས་ལ་གཟིར། །མདའ་སྒྲ་སྡང་བའི་དགྲ་ལ་རྒྱོབ། །གཡས་ཀྱི་རུ་འདྲེན་གཤེགས་སུ་གསོལ། །སྐྱེས་བུའི་གཡོན་གྱི་རུ་འདྲེན་པ། །ཉན་ཐོས་དེ་ནི་དགྲ་བཅོམ་བརྒྱ། །ཕྱག་ན་གསེག་ཤང་སི་ལི་ལི། །ཞལ་ནས་འདོན་པ་ཤ་ར་ར། །ཀ་ལི་རྒྱབ་ན་ཁྲིགས་སེ་ཁྲིག་ །མདོ་འདོན་ངན་སྔགས་ཤ་ར་ར། །གསེག་ཤང་སྡང་བའི་དགྲ་ལ་རྒྱོབ། །དམོད་སྔགས་གནོད་པའི་བགེགས་ལ་གཟིར། །གཡོན་གྱི་རུ་འདྲེན་གཤེགས་སུ་གསོལ། །སྐྱེས་བུའི་སྔོན་གྱི་ཤུལ་མཚོན་པ། །བུད་མེད་དེ་ནི་ནག་མོ་བརྒྱ། །དར་ནག་གཡབ་མོ་ལིངས་སེ་ལིང་། །ཁ་ནས་དམོད་ངན་ཤ་ར་ར། དམོད་ངན་སྡང་བའི་དགྲ་ལ་བཤོར། །གཡབ་མོ་གནོད་པའི་བགེགས་ལ་རྒྱོབ། །སྔོན་གྱི་ཤུལ་མཚོན་བཞུགས་སུ་གསོལ། །སྐྱེས་བུའི་སླད་ཀྱི་རྗེས་འབྲེང་པ། །བནེྡ་དེ་ནི་སྔགས་ནག་བརྒྱ། །སྔགས་ནག་ཕུར་པ་ཧྲི་ལི་ལི། །རཀྟའི་ཕྲེང་བ་ན་ར་ར། །ཁ་ནད་དྲག་སྔགས་ཤ་ར་ར། །དྲག་སྔགས་གནོད་པའི་བགེགས་ལ་གཟིར། །ཕུར་ནག་གནོད་པའི་བགེགས་ལ་རྒྱོབ། །སླད་ཀྱི་རྗེས་འབྲེང་གཤེགས་སུ་གསོལ། །སྐྱེས་བུའི་སྐུ་ཡི་སྐྱོ་བསངས་བ། །ན་ཆུང་དེ་ནི་མཛེས་མ་བརྒྱ། །ཁ་ནད་ཀླུ་ལན་ཀྱུ་རུ་རུ། །དངུལ་དཀར་མེ་ལོང་ཏ་ལ་ལ། །གསེར་ཁྲི་རྒྱུ་མ་ཕྱོད་དེ་ཕྱོད། །གར་འབག་སུམ་བརྒྱའི་ཚོགས་དང་བཅས། ཅང་ཏེ་དེ་མི་ཁྲ་ལ་ལ། །གསེར་གྱི་གདུ་བུ་སི་ལི་ལི། །སྐུ་ཡི་སྐྱོ་གྲོགས་གཤེགས་སུ་གསོལ། །ཕྱི་བློན་ནང་བློན་གཤེགས་སུ་གསོལ། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ས་མ་ཡ་ཛ བྷྱོ བཙན་མཁར་དམར་པོའི་ནང་ཤེད་ན ཤ་ཁྲག་ལོངས་སྤྱོད་བསམ་

(༦༥༧)མི་ཁྱབ༔ ཡིད་འོད་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཀྱེ་སྐྱེས་བུ་རོལ་པ་མཆེད་བདུན་ནི༔ ཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་ཉན་པ། དམ་ཚིག་གཉེར་གཏད་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ། ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨརྒཾྷ་བི་ཤུདྡྷེ་སྭཱ་ཧཱ༔ གཙད་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་ཆབ་དང་༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ བྷཱུཥྤི། པུཥེྤ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ལྦིདྱ། ཤཔྟ་པུཙྪ་ཧོ༔ ཀྱཻ་སྐྱེས་བུ་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས༔ ཁྱེད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས། ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས། དམ་ཅན་མཆེད་བདུན་ཐུགས་དམ་བསྐང་༔ བཙན་འཁོར་འབར་བའི་ཐུགས་དམ་བསྐང་། སྡེ་བརྒྱད་སྡོང་ཟླའི་ཐུགས་དམ་བསྐང་། དཀོར་སྲུང་དམ་ཅན་ཐུགས་དམ་བསྐང་༔ ལས་བྱེད་ཕོ་ཉའི་ཐུགས་དམ་བསྐང་༔ ཧཱུྃ་བསེ་མཁར་མདར་པོ་ལྡེམས་ལྡེམ༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང་༔ དྲེགས་པས་མདའ་འཕེན་བྲེངས་སེ་བྲེང་༔ ལས་བྱེད་བཤན་རོལ་ལོ་ལོ༔ བཤུགས་པའི་འབོད་སྒྲ་དི་རི་རི། ཆེ་བཙན་རྒྱལ་པོའི་ཐུགས་དམ་བསྐང་། སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེ་དགོངས་ལ༔ ཁྲི་སྲོང་ལྡེའུ་བཙན་རི་རིགས་དང་༔ རྣལ་འབྱོར་

(༦༥༨)དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་ལ༔ སྐུ་ལ་བསྡོ་བའི་རིགས་བརྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆམ་ལ་ཕབ༔ སྔགས་འཆང་རྡོ་རྗེའི་དམ་མེ་བྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་བསྐྱེད། ཡལ་ཡོལ་བྲི་ཀོ་ལམ་མཛད་ཅིག༔ དེ་སུང་ཟས་ཕྱིར་མ་འབྲེང་མཛོད། ཐུགས་དང་འགལ་བ་བསྐངས་གྱུར་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ ཞེས་བརྗོད། དེ་ནས་ཁྱད་པར་གྱི་སྐོང་བ་ནི། ༈ཧྲཱི དབང་དྲག་པདྨའི་བཀའ་སྡོད་དྲེགས་པའི་རྗེ། །མྱུར་མགྱོགས་ཤུགས་ལྡན་རོལ་པ་རྐྱ་བདུན་ཚོགས། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་མཚོ་ལྟར་བསྐྱིལ། །དཔའ་བོ་གཡུལ་དུ་བསད་པའི་སྙིང་ཁྲག་རྒྱུན། །མྱོས་ལྡན་ཆང་གིས་བྲན་པའི། རྒྱུ་དང་བསྟུན་པའི་ཁྱད་པར་གྱི་སྟོང་གསར་སྤྲོས། །བཏུང་བ་དང་། །དབང་ལྔའི་མེ་ཏོག་ཤ་གསུར་དུད་སྤྲིན་འཐུལ། །དགྲ་ཚིལ་དྲོན་མོད་བཞུས་བྱེད་པའི་སྣང་བྱེད་བཀྲ། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་བརྗིད། །སྣ་ཚོགས་རོལ་མོའི་བྱེ་བྲག་འབྱམ་ཀླས་ཤིང་། །མྱོས་བྱེད་ཁྲག་མཚོས་སྤྲུས་པའི་བཤོས་བུ་ཆེ། །བཙན་མཁར་འབར་བའི་དབྱིབས་ཅན་མཁའ་ལ་སྙོགས། །གྲོ་དམར་བྷེ་ཏའི་ཤ་ཁྲག་སྙིང་གིས་བརྒྱན། །ཕོ་བྲང་དོག་པོར་བྱེད་པའི་མཆོད་རྫས་དང་། །ནམ་མཁའི་གཟཱ་སྐར་ལ་ཡང་ཅོ་འདྲི་ལྟའི། །ཤ་རུ་ཟངས་ཡག་མཚལ་གྱིས་བྱུགས་པའི་དབྱིབས། །སྲིན་ཕྱོགས་མཁར་གྱི་རྩེ་ལྟར་བསྒྲེངས་པ་སོགས། །དམ་ཅན་སྤྲིན་ལྟར་འདུ་བ་བྱ་ཡི་རྟེན། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ཕུལ་བ་ཡིས། །གནོད་སྦྱིན་ཙིའུ་དམར་པོའི་ཐུགས་དམ་བསྐང་། །བཙན་རྒོད་རོལ་པ་རྐྱ་བདུན་ཐུགས་དམ་བསྐང་། །ཐུགས་ཀྱི་དགྱེས་སྡེ་བཙུན་མོའི་ཐུགས་དམ་བསྐང་། །བཀའ་བློན་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །སྤྲུལ་འཁོར་རུ་འདྲེན་སྡ་བཞིའི་ཐུགས་དམ་བསྐང་། །ལས་མཁན་ཁྱི་སྦྱང་འབག་སེང་ཐུགས་དམ

(༦༥༩)བསྐང་། ཐུགས་དམ་བསྐངས་ལ་ལས་བཞིའི་དངོས་གྲུབ་སྩོལ། །མཚམས་སྤྲིན་ཞུན་མའི་མདངས་ཀྱི་དར་ཟབ་ལ། །ཧ་རི་ཙན་དན་དྲི་ཡིས་ཆུས་བསྐུས་ཏེ། །སྐྱེས་དར་གྲི་རུ་བཀུམས་པའི་སྙིང་ཁྲག་གིས། །བླ་རྟེན་སྲོག་གི་འཁོར་ལོའི་ཕྱག་རྒྱ་བཅོས། །ཕ་ལྦང་ལོང་བུ་ཏྲི་ཡིག་སྙིང་པོ་ཅན། །སྤ་ལྕག་ཚིགས་པ་བདུན་ནམ་གསུམ་པའི་ནང་། །གཏམས་བ་དར་སྣའི་ཅོད་པན་འཕུར་ལྡིང་ཅན། །ཏིང་འཛིན་རྡོ་རྗེའི་གར་གྱིས་བྱིན་བརླབས་ཏེ། །ལུས་དང་གྲིབ་བཞིན་མི་འབྲས་བཅངས་པ་སོགས། །དམ་ཅན་ཁྱི་ལྟར་འབྲེང་བ་ནང་གི་རྟེན། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །གནོད་སྦྱིན་ཙིའུ་དམར་པོ་ཐུགས་དམ་བསྐང་། །བཙན་རྒོད་རོལ་པ་རྐྱ་བདུན་ཐུགས་དམ་བསྐང་། །ཐུགས་ཀྱི་དགྱེས་སྡེ་བཙུན་མོའི་ཐུགས་དམ་བསྐང་། །བཀའ་བློན་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །སྤྲུལ་འཁོར་རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་། །ལས་མཁན་ཁྱི་སྤྱང་འབག་སེང་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་ལས་བཞིའི་དངོས་གྲུབ་སྩོལ། །རྣལ་འབྱོར་གར་བཞུགས་རྡོ་རྗེའི་ཕོ་བྲང་ཆེ། །དེ་ཡི་ནུབ་ཕྱོགས་ཐ་གྲུ་ཡངས་པའི་གཞིར། །ཁྱོད་ཀྱི་ཡིད་གཟུགས་ཆགས་པའི་རྟེན་མཁར་ས། །གཤིན་རྗེར་ཕྱོགས་པའི་གླུ་ཡི་མིག་ཆུས་སྤྲུས། །རིན་ཆེན་ལྔ་དང་སྨན་སྤོས་ཕབས་ཀྱིས་བྲན། །བརྫིས་ཤིང་འཐམས་པའི་སྐུ་མཁར་དམར་པོའི་སྲོག་ །དྲག་པོའི་ཤིང་ལ་བརྟེན་པའི་རྩེ་མོ་རུ། །རུ་མཚོན་དམར་པོ་འཇིགས་རུང་གཡོ་བའི་ཉམས། །མཚན་ཉིད་ལྡན་པའི་སྲོག་གི་ཙཀྲའི་བཅུད། །ནམ་མཁའ་ཆག་དང་ས་གཞིར་ལ་པའི་དུམ། །ལྷ་འདྲེའི་བླ་རྡོ་གྲུ་བཞི་ཏྲི་ཡིག་ཅན། །དར་སྣས་གྲིལ་བ་མཁར་གྱི་སྙིང་པོར་བྱས། ཏིང་འཛིན་རྡོ་རྗེའི་གར་གྱིས་བྱིན་བརླབས་པས། །དམ་ཅན་ཕྲུ་ལྟར་ཆགས་པ་གསན་པའི་རྟེན། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས།

(༦༦༠)གནོད་སྦྱིན་ཙིའུ་དམར་པོའི་ཐུགས་དམ་བསྐང་། །བཙན་རྒོད་རོལ་པ་རྐུ་བདུན་ཐུགས་དམ་བསྐང་། །ཐུགས་ཀྱི་དགྱེས་སྡེ་བཙུན་མོའི་ཐུགས་དམ་བསྐང་། །བཀའ་བློན་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །སྤྲུལ་འཁོར་རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་། །ལས་མཁན་ཁྱི་སྤྱང་འབག་སེང་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་ལས་བཞིའི་དངོས་གྲུབ་སྩོལ། །ཤིན་ཏུ་གསང་བ་དགྲ་བོའི་སྲོག་གི་གཤེད། །མདུང་ཞགས་དམར་པོ་གཡལ་ལས་རྣམ་རྒྱལ་རྟེན། །སེ་བའི་གནམ་རུ་སྐྱེར་པའི་ཉག་ཕྲན་མདའ། །དུག་ཁྲག་དར་མས་སྤགས་པའི་ཐུན་རྫས་དང་། །མདའ་མོ་ལྟོང་དམར་བྱ་རྒོད་སྒྲོ་ལྡན་ལ། །གྲོ་དམར་གཡང་མོ་ལུག་གི་སུག་བྲང་གདགས། །ལེ་བ་རྒན་དར་གྱི་ཅོད་པན་པུ་རུ་རུ། །ཟ་འོདག་དམར་ཁྲིའ་ཁུག་མར་གསེར་གཡུ་དང་། །རིན་ཆེན་འབྲུ་སྨན་རྒྱས་སྤོས་ཡུངས་ཀར་བླུགས། །སྟགས་གཟིག་རས་མའི་འཕྱང་འཕྲུལ་གཡོ་བ་དང་། །མི་རྟ་གྲི་རུ་ཤི་བའི་སྙིང་ཁྲག་གིས། །འབོད་རྦད་བསད་པའི་ལིང་ག་གཏའ་རུ་གཟུགས། །ཉི་མ་དམར་ཐག་ཆོད་པའི་དུས་གཉན་ལ། །ཇག་པ་རྟ་རྒྱུག་རྦད་བའི་མཐུན་རྫས་རྣམས། །དྲག་པོའི་ཕྲིན་ལས་དུས་ལ་བབས་པའི་ཚེ། །ངན་སྔགས་ཅོག་བརྡུངས་ནག་པོའི་རྟེན་དུ་འཛུགས། །གནོད་སྦྱིན་ཚིའུ་དམར་པོའི་ཐུགས་དམ་བསྐང་། །བཙན་རྒོད་རོལ་པ་རྐྱ་བདུན་ཐུགས་དམ་བསྐང་། །ཐུགས་ཀྱི་དགྱེས་སྡེ་བཙུན་མོའི་ཐུགས་དམ་བསྐང་། །བཀའ་བློན་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །སྤྲུལ་འཁོར་རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་། །ལས་མཁན་ཁྱི་སྤྱང་འབག་སེང་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་ལས་བཞིའི་དངོས་གྲུབ་སྩོལ། །དེ་ནས་མངའ་གསོལ་ནི། ཧྲཱི གཞི་གྲོལ་ཀ་དག་གནས་དུས་དང་བསྟུན་པའི་མངའ་གསོལ། དྲི་མེད་སིནྡྷུའི་མཚོར། །ལྷུན་གྲུབ་འདབ་སྟོང་

(༦༦༡)བཀྲ་པའི་ཆུ་སྐྱེས་སྤུབས། །སྐུ་ལྔ་ཡེ་ཤེས་དགྱེས་པའི་རྣམ་རོལ་ཅན། །འོད་ཕྲེང་རིགས་ལྔའི་བརྗོད་དོན་ལྕོ་བར་མཛོད། །མ་བཅོས་འོད་གསལ་རིག་སྟོང་གཉུག་མའི་གཤིས། །ལྟ་སྒོམ་བྱ་རྩོལ་ཞིག་པ་གདོད་མའི་དང་། །ཕན་གནོད་ལྷ་འདྲེའི་ཀུན་རྟོག་རྣམ་དག་ཀྱང་། །རོལ་རྩལ་ཐུགས་རྗེའི་རྣམ་རོལ་ཅིར་ཡང་སྟོན། །སྣང་ཆར་འཛིན་པའི་རྟེན་འབྲེལ་ཤར་བ་ལས། །འཁོར་འདས་བར་ལ་ག་བྲལ་བ་སྲིད་པའི་མཚོ། །བྱང་ཕྱོགས་ལི་ཡུལ་ལྕང་ར་སྨུག་པོ་རུ། །ལི་རྗེ་ཨུཏྤལ་སྲས་མཆོག་འཆོད་བར་གྲགས། །དེ་ཚེ་བག་ཆགས་དཀར་པོའི་དྲོད་གཤེར་གྱིས། །དད་པའི་མྱུ་གུ་ཆོས་སུ་སྨིན་པ་ལས། །ནགས་ཚལ་དབེན་པར་སྐྱོ་པའི་འདུ་ཤེས་ཀྱིས། །བདག་ཡོད་དཀའ་ཐུབ་བསྟེན་ཏེ་གནས་བ་ན། །རྒྱལ་པོའི་བུ་མོ་ལྷ་ལྕམ་པ་དེ་འབྱིན་མ། །རྫིང་བུར་ཁྲུས་ལ་རྩེ་བ་སྦྲུལ་གྱིས་བ་དས། །དེ་ཉིད་སྲོག་ལ་བསྐྱབས་ཤིང་ཕན་བཏགས་བས། །བློན་པོའི་ཁ་ན་མཐོ་རྗེ་ལ་བསྒྲགས། །མ་བརྟགས་ཕྲ་མར་ཉན་པའི་བཙན་པོ་དེས། །ལི་སྲས་དགེ་སློང་བཀུམ་དུ་ཕྱོགས་པ་ལས། །ལྷམ་ལྕམ་ལོ་རྒྱུས་བསྙད་ཀྱང་མ་ལྡོག་པས། །ངན་པའི་སྨོན་ལམ་བཏབ་སྟེ་གཡང་ལ་ལྕེབས། །དགེ་སློང་སྲོག་གི་འཇིགས་པས་ཉེར་སྐྲག་སྟེ། །ཁ་བ་ཅན་གྱི་རི་ལ་བསྐུངས་ནས་གྲོས། །དྲིན་ལན་ལོག་པ་བཀླན་ལ་བློ་ལོག་པས། །ཡུལ་དེའི་ཕོ་རིགས་བསད་ཅིང་མོ་རིགས་སྤྱད། །ནམ་ཞིག་རྒྱལ་པོ་དྷརྨ་ཤྲཱི་ཡི། །གྱད་དམག་བསྐུལ་ཏེ་ལི་སྲས་ལྔ་པར་བཏང་། །དེ་ཚེ་ལོག་སྨོན་དྲག་བོས་མཚམས་སྦྱར་ཏེ། །དམུ་བཙན་གཉིས་མེད་བཤོས་པའི་རུམ་དུ་ཆགས། །ནམ་ཞག་སྨོན་ལམ་དུ་སུ་སྨིན་པའི་ཚེ། །ལྷུམས་ནས་ཁྲག་གི་སྒོ་ང་དམར་པོ་སྐྱེས། །སྒོང་ང་ཆག་པའི་ནང་ནས་གདུག་པའི་བཙན། །གནོད་སྦྱིན་རྒྱལ་པོ་ཙིའུ་དམར་པོ་བྱུང་། །ཆགས་སྡང་གདུག་སེམས་ཆེ་བའི་རྟེན

(༦༦༢)འབྲེལ་གྱིས། རང་གི་ལུས་ལས་གདུག་པའི་བཙན་དྲུག་བྱུང་། །ཀུན་ཀྱང་གྲི་ཐང་དམར་པོར་གནས་བཅས་ནས། །སྲིད་གསུམ་ཕུང་བར་བྱེད་པའི་གཤེད་དུ་ཆེ། །དེ་ཚེ་དབང་དྲག་གདོད་མའི་ཧེ་རུ་ཀས། །རང་སྣང་རིག་པ་དོན་གྱི་འོག་མིན་དུ། །ཆགས་སྡང་རང་གར་ཤོར་བའི་བཙན་རྒོད་བདུན། །དན་ལ་བཏགས་ཏེ་བསྟན་པའི་སྲུང་མར་བསྐོས། །དང་པོ་འདུལ་འཁྲིམས་བསྲུངས་པའི་དགེ་སློང་ཆེ། །བར་དུ་ཚངས་སྤྱོད་ཉམས་པའི་གདུག་པ་ཅན། །ཐ་མ་སྲིད་གསུམ་ཕུང་བ་སྲོག་གི་གཤེད། །ད་ལྟ་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །ཁྱོད་ནི་སྔོན་གྱི་ལས་དང་བག་ཆགས་མཐུས། །རྒྱལ་རིགས་བསྟན་པ་ཤིག་ཡོངས་ཀྱི་བདུད་དུ་ཆེ། །རྣམ་འབྱོར་ཡོངས་ཀྱི་མགོན་སྐྱམས་དགྲ་ལྷར་ཆེ། །དེ་ཕྱིར་དབུ་འཕང་གཉན་པོ་བསྟོད་པར་བགྱི། །རྟོགས་ན་གདོད་མའི་མགོ་དང་རོ་གཅིག་ཀྱང་། །མ་རྟོགས་སྣང་དོར་རང་རྒྱུད་དྲེགས་པའི་ཚུལ། །ང་བདག་གཟུང་འཛིན་བྲལ་བའི་དབྱིངས་ཆེན་པོར། །ལས་རླུང་རྣམ་རྟོག་འཇོམས་པར་མངའ་གསོལ་ལོ། །རྨད་བྱུང་ལུང་རྟོགས་མཁྱེན་བརྩེ་ནུས་བའི་མཐུས། །ཐར་མེད་སྲིད་མཚོར་དུབ་པའི་འགྲོ་བ་རྣམས། །རྣམ་མཁྱེན་རིན་ཆེན་གླིང་དུ་ཁྲིད་ནུས་པའི། །དེད་དཔོན་ཐམས་ཅད་མཁྱེན་པར་མངའ་གསོལ་ལོ། །ཀུན་བརྟགས་སྣང་བའི་གྲོང་ཁྱེར་ཆེན་པོ་བཞིར། །དག་པ་ཡེ་ཤེས་རྩལ་གྱིས་དབང་བསྒྱུར་ནས། །གདོད་མའི་རྒྱལ་ཐབས་སྦྱིན་པའི་ཆོག་མཁན། །རྩིབས་སྟོང་ལྡན་པའི་འཁོར་ལོར་མངའ་གསོལ་ལོ། །འབད་རྩོལ་རྒྱུ་འབྲས་ཆོས་ལ་ལྟོས་མིན་པར། །མ་བཅོས་ལྷུག་པར་བཞག་པའི་ཐུགས་རྗེས་རྒྱུན། །དགོས་འདོད་ཆར་དུ་འབེབས་པའི་དཔལ་ཡོན་ཅན། །ཡིད་བཞིན་ནོར་བུ་མཆོག་ཏུ་མངའ་གསོལ་ལོ། །སྟོང་ཉིད་ལང་ཚོ་བདོ་བའི་བཞིན་བཟང་མ། །མཐོང་བས་སྲིད་པའི་རྣམ་རྟོག་འཇོམས་ནུས་ཤིང་། །བདེ་སྟོང་ཡེ་ཤེས་སྟེར་བའི་

(༦༦༣)མཛའ་ན་མོ། །ཉམས་རྟོགས་སྤར་བའི་བཙུན་མོར་མངའ་གསོལ་ལོ། །ཤེས་བྱར་སྲིད་ཚད་མཁྱེན་པའི་བློ་གྲོས་ཀྱིས། །གཞུང་ལུག་ཉེ་འཁོན་མེད་པར་སྐྱོང་མཁས་ཤིང་། །ཕྱི་ནང་གྲུབ་མཐའ་འབྱེད་པའི་ནོར་ཉམས་ཅན། །ཤེས་རབ་གསུམ་གྱི་བློན་པོར་མངའ་གསོལ་ལོ། །ཉལ་ཚེ་སྡེ་སྣོད་བསླབས་པས་ཤིན་ཏུ་དུལ། །ལྡངས་ཚེ་རྒྱུད་སྡེ་རྒྱ་མཚོ་ཐེག་པ་ཆེ། །འཁོར་བའི་གཡུལ་དོར་ཕྱོགས་ལས་རྣམ་རྒྱལ་གྱི། །བརྟུལ་ཞུགས་སྤྱོད་པའི་གླང་པོར་མངའ་གསོལ་ལོ། །རྫུ་འཕྲུལ་རྐང་བཞིས་བཏེག་པའི་ལྔ་ཚོས་མཛེས། །དབང་པོ་ལྔ་དང་སྟོབས་ལྔའི་བག་འགྲོས་མགྱོགས། །ས་བཅུ་ཅིག་ཆར་བགྲོད་པའི་རླུང་གཤོག་ཅན། །རྟ་མཆོག་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ། །རྟག་ཆད་ཕྱོགས་སུ་མ་ལྷུང་མངོན་སུམ་གནད། །འོད་གསལ་རྫོགས་ཆེན་སྒོམ་བའི་རྣལ་འབྱོར་ལ། །སྣ་ཚོགས་གཡོ་སྒྱུས་རྒོལ་བའི་ལོག་རྟོགས་བདུད། །འཇོམས་པའི་དམག་དཔོན་ཆེན་པོར་མངའ་གསོལ་ལོ། །རྒྱལ་སྲིད་རིན་ཆེན་བདུན་གྱི་མཐུ་ཆེན་པོས། །ཁ་ན་མ་ཐོར་གཡེང་བའི་རྒྱལ་ཕྲན་རྣམས། །རང་དབང་བརྟན་པ་འཕྲོགས་སྟེ་སྤ་བཀོང་བའི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་མངའ་གསོལ་ལོ། །སྙིགས་མའི་རང་སྟོབས་བདེ་བའི་མུན་གླིང་དུ། །སྡུག་བསྔལ་གསུམ་གྱི་ཁུར་་པོས་ཉམ་ཆག་ཆོ། །བདེ་སྐྱིད་རྫོགས་ལྡན་གསར་པའི་ཕྲིག་དུགས་ཅན། །མགྲོན་དུ་འབོད་པའི་ཕོ་ཉར་མངའ་གསོལ་ལོ། །རིགས་གསུམ་སྒྱུ་འཕྲུལ་མེས་དཔོན་རྣམས་གསུམ་གྱི། །ཆོས་སྲིད་ཁྲིམས་གྱི་ཉི་མ་ཆུ་ལྟར་ཕྱོགས། །སྣོད་བཅུད་ཀུན་གྱི་བཀྲག་མདངས་ཉམས་པའི་ཚེ། །མང་པོས་བཀུར་བའི་རྗེ་བོར་མདའ་གསོལ་ལོ། །སྲིད་པའི་ཕུན་ཚོགས་དྲི་ཟའི་གྲོང་ཁྱེར་ལ། །བདེན་ཞེན་ཨ་འཐས་ཆགས་སྡང་རྨོངས་པའི་མདས། །དགེ་བཅུའི་

(༦༦༤)སྙིང་ག་འབིགས་པའི་སེམས་ཅན་གྱི། །སྣང་བ་དག་པར་བསྒྱུར་བར་མངའ་གསོལ་ལོ། །སྟོབས་འབྱོར་དྲེགས་པའི་མ་དཱ་ནས་མྱོས་ཏེ། །བདག་ཡོད་དྲན་པ་ཉམས་པའི་སྡེ་དགོན་རྣམས། །ངན་སོང་སྡུག་བསྔལ་དྲན་ཏེ་སྤ་བཀོད་བའི། །དགེ་བཅུའི་ཁྲིམས་ཀྱི་བདག་པོར་མངའ་གསོལ་ལོ། །ཐ་སྙན་རྟོག་པའི་དྲྭ་བར་གནས་བཅས་ཏེ། །རྟག་ཆད་གྲུབ་མཐའི་རྒྱངས་གླུ་ལེན་བཞིན་དུ། །རྣམ་དག་རྒྱུད་ལུང་མན་ངན་ཁྱད་གསོལ་པའི། །འགོང་པོའི་གླད་འགེམས་པར་མངའ་གསོལ་ལོ། །འདོད་ལྷ་བཤད་སྒྲུབ་བསྟན་པའི་གྲར་མཆིས་ནས། །ཕྱོགས་ཆའི་སྡེ་རིས་འབྱེད་དང་ཆབ་གཅིག་པར། །བསྟན་ས་ལ་སྡེ་འཁྲུག་སློང་བའི་རྔ་བོང་མགོ། །སྐྲོད་པའི་གེང་ཆེན་སྡེ་བཞིར་མངའ་གསོལ་ལོ། །ཆེ་དགུ་དུ་མའི་སྙིང་ལ་གནས་བཅས་ནས། །མཛད་སྤྱོད་ལོག་པར་བསྒྱུར་དང་ཆབ་གཅིག་པར། །ནད་མཚོན་མུ་གེའི་སྣ་འདྲེན་བྱེད་པ་ཡི། །རྒྱལ་འགོང་འཇོམས་པའི་གཤེད་པོར་མངའ་གསོལ་ལོ། །རྣམ་དག་སྨོན་པའི་རི་མོ་གྲིས་མིན་པར། །ལོགས་སྤྱོད་བསོད་ནམས་དཔུང་པའི་ཤེ་མོང་གིས། །བོད་ཀྱི་མངའ་རིས་འཕྲོག་པའི་དམ་སྲིའི་དཔུང་། །གསོན་སྙིང་དམར་པོར་འདོན་པར་མངའ་གསོལ་ལོ། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེན་པོ་རུ། །བཀའ་བསྐོས་དམ་ལ་བཞག་པའི་སྲུང་མ་རྣམས། །ཁྱད་གསོད་གློ་བུར་ལྷག་པའི་འདྲེ་རྒོད་དཔུང་། །བརླག་པའི་དྲང་སྲོང་ཁྲོ་བོར་མངའ་གསོལ་ལོ། །དཔྲེན་པར་ཆོས་བཞིན་སྤྱད་ཀྱང་མི་བཟོད་པར། །དུག་ལྔའི་འཐོར་རླུང་དྲག་པོས་རྒྱུད་དཀྲུག་ཅིང་། །བོན་སྦྱོར་སློབ་པར་བཅས་ལ་ཤ་བ་ཡི། །དམ་ལོག་སྲོག་གི་གཤེད་མར་མངའ་གསོལ་ལོ། །ཕྲག་དོག་རླུང་དམར་འཚུབས་པའི་བན་སྔགས་ཀྱིས། །མཐུ་བྱེད་མེ་དཔུང་སྤར་བའི་རྣོ་དཔལ་མཚོན། །དྲང་སྲོང་དམོད་བའི་གནམ་ལྕགས་ཐོག་མདའ་ཡིས། །རང་གཤེད་རང་ལ་དབབ་པར་མངའ་གསོལ་ལོ། །འཐོག་

(༦༦༥)དགོན་བས་མཐར་སྐྱོ་བའི་ཡིད་ཕྱོགས་ཏེ། །ཞི་བའི་ཏིང་འཛིན་སྒོམ་པའི་རྣལ་འབྱོར་ལ། །རྐུ་འཕྲོག་ཇག་ཆོམས་བྱེད་པའི་ལོག་འདྲེན་གྱི། །མིག་འབྲས་ཐང་ལ་འབྱིན་པར་མངའ་གསོལ་ལོ། །མདོར་ན་བརྟན་གཡོ་སྲིད་ཞིའི་དཔལ་འབྱོར་དང་། །མཐུ་སྟོབས་ནུས་རྩལ་བཀྲག་མདངས་གཟི་བྱིན་ཀུན། །ཏིང་འཛིན་དགོངས་རྒྱུད་དག་པས་ཡོངས་བསྡུས་ཏེ། །དགྲ་ལྷའི་སྲོག་གི་ཐིག་ལེར་མངའ་གསོལ་ལོ། །མངའ་གསོལ་བྱས་སོ་བསྟེན་ན་རྒྱང་མ་རིང་། །མངའ་གསོལ་བྱས་སོ་བོས་ན་སྙན་མ་སྲ། །མངའ་གསོལ་བྱས་སོ་བསྐུལ་ན་སྒབ་མི་ལྗི། །མངའ་གསོལ་བྱས་སོ་རྦད་ན་མཐུ་མ་ཆུང་། །བླ་མ་ལྟ་དུ་མངའ་གསོལ་འབྱིན་གྱིས་རློབས། །ཡི་དམ་ལྟར་དུ་མངའ་གསོལ་དངོ་གྲུབ་སྩོལ། །མཁའ་འགྲོ་ལྟར་དུ་མངའ་གསོལ་ཕྲིན་ལས་སྒྲུབས། །ཆོས་སྐྱོང་ལྟར་དུ་མངའ་གསོལ་མེལ་ཚེ་གྱིས། །ཡབ་གཅིག་ཕ་ལྟར་མངའ་གསོལ་རྒྱུད་མ་ཞན། །དྲིན་ཅན་མ་ལྟར་མངའ་གསོལ་རིགས་མང་ན། །འཕྲོད་པའི་སྤུན་ལྟར་མངའ་གསོལ་སྙིང་མ་རིང་། །མཛའ་བའི་གྲོགས་ལྟར་མངའ་གསོལ་གཞུང་མང་ན། །གཅུགས་པའི་སྲིང་ལྟར་མངའ་གསོལ་དུང་མ་ཆུང་། །ཉན་པའི་གཡོག་ལྟར་མངའ་དྲེགས་པ་ཆེ་དགུ་ཐམས་ཅད་ཀྱི་མཐུ་སྟོབས་དང་གཟི་བྱིན་བསྡུས་ནས་གནོད་སྦྱིན་འཁོར་བཅས་ལ་བསྟིམས་བས་མཐུ་རྩལ་གཟི་བྱིན་བསམ་གྱིས་མི་ཁྱབ་པར་བསམ་ལ། སྙིང་གཟེར་ནག་པོ་ལས་བྱུང་བའི་མང་ངག་ །ཧཱུྃ་ཧཱུྃ་ཧཱུྃ༔ ཨ་ཨ་ཨ༔ ཕཊ་ཕཊ་ཕཊ༔ ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔

(༦༦༦)ཤུ་ལ་གྷྲི་ལྦ་ཏྲི་ཤུལ་ཧྲི༚་ཧྲི༚་ཛ་ཛ༔ ཡ་མར་ཙ་དུ་ཏྲི་ཕུ་ཏི་སྟྭ་བྷ་ཡ་རཀྴ། ཀ་པ་ཡ་ཏྲི་པ་ལ༔ ཞེས་བཟླའོ། །དེ་ནས་ཟས་སྒྲུབ་དང་། ལས་དམིགས་བསལ་གྱི་ཚེ་ཇག་པ་རྟ་རྒྱུག་གི་བསྐུལ་བྱ་བ་ན། དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བསོད་ནམས་ཟ་ཐང་འགུགས་དང་བླ་ཚེ་སྲོག་དབུགས་འགུགས་བ་སོགས་དབང་དྲག་གི་དམིགས་པའི་རྣམ་དབྱེ་ཕྱེད་པར་བྱས་ལ། དེ་དང་དེའི་རང་བཞིན་དུ་བསྒྱུར་ལ་བསྔོ། ཁྲག་ཆང་གི་སྐྱེམས་དང་ཤ་གསུར་གྱི་དུད་པ་འཐུལ་ཞིང་རོལ་མོའི་ཚམ་རྔ་མས་དང་བཅས། བྷྱོཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ ཟངས་བྲག་ནམ་་དུ་ཟིངས་སེ་ཟིང་༔ རྩེ་ལ་རྒོད་སྨུག་ལིངས་སེ་ལིང༔ ལོ་གསལ་བཙན་རྐྱ་ཤ་ར་ར༔ སྐེད་ན་གཅན་གཟན་དུ་ཞིང་ཟུག༔ རྩ་བར་དུག་ཆུ་ཐུ་ལུ་ལུ༔ ཟངས་བྲག་མདར་པོའི་ནང་ཤེད་ན༔ ཁྲག་མཚོ་ཁོལ་མ་མེ་རེ་རེ༔ བསེ་མཁར་སྨུག་པོ་སྡེམས་སེ་ལྡེམ༔ ཟངས་ཀྱི་སྒོ་ལྕགས་ཁྲིགས་སེ་ཁྲིག༔ འཇིགས་པའི་བཙན་མཁར་ནང་ཤོད་ན༔ ཀླུ་བཙན་ཚོགས་པའི་རོལ་པོ་ནི། སྐུ་མདོག་དམར་ལྡང་བརྗིད་པ་ལ། རལ་པ་དམར་པོ་མེ་འོད་འཁྲིགས། སྤྱན་ནས་མེ་ཡི་སྐར་མདའ་འཁྲུགས། ༔ཞལ་ནས་ཁྲག་གི་སེར་ཆེན་འབེབས། སྐུ་ལ་དར་དམར་བེ་ཆེན་གསོལ༔ ཟ་འོག་སྔོ་ཁྲའི་གོང་ལག་ཅན༔ དབུ་ལ་དར་དམར་འགྱིང་ཐོད་བཅིངས། རིན་ཆེན་གསེར་གྱི་སྐ་རགས་ཅན༔ ཆིབས་སུ་སྔོན་པོ་སྒབ་ནག་བཅིབས། དར་སྟན་དམར་པོ་ལྷུབས་སེ་ལྷུབ། རྟ་སྒ་ཁྲ་བོ་ལྦངས་སེ་ལྦང་། དངུལ་་གྱི་གོང་ཐག་ཁྱུགས་སེ་ཁྱུག༔ ཟངས་ཀྱི་ཡབ་ཆན་ཁྲོ་ལོ་ལོ། །གསེར་སྲབ་གཡུ་མཐུར་ཤ་ར་ར༔ དར་དམར་སྲབ་སྐྱོབས་པུ་རུ་རུ༔ སྦྲུལ་ནག་གོང་རྨེད་ཁྱུགས་སེ་ཁྱུག༔ སྟག་དོང་གཡས་ན་ལྦ་ལ་ལེ་ལྦ་ལ༔ གཟིག་ཤུབས་གཡོན་ན

(༦༦༧)ཁྲུགས་སེ་ཁྲུག༔ བཙན་གྱི་གཟེར་ནད་དགྲ་ལ་འཕེན༔ བསེ་ཕུབ་དམར་པོ་ཆིལ་ལི་ལི༔ གཡས་པ་བཙན་ཞགས་དགྲ་ལ་འཕེན༔ དམིགས་པའི་དམ་ཉམས་ལུག་ལྟར་འཛིན༔ གཡོན་པ་བསེ་མདུང་དམར་པོ་ལ༔ དར་དམར་རུ་མཚོན་བུ་རུ་རུ༔ བཙན་གྱི་ཇག་པ་དགྲ་ལ་འགྱེད༔ ཟངས་གྱི་འཚུབས་མ་རྗེས་སུ་ཁྲིད༔ བཤུགས་པའི་གླུ་ལེན་ཆེན་པོ་རུ༔ རྒྱ་གར་སྐད་དུ་མཚན་གསོལ་པ༔ གནོད་སྦྱིན་ཆེན་པོ་ཙི་དམར་ཡིན༔ ཆོས་རྒྱལ་པད་རྗེས་བཙན་འཇིགས་པ༔ ལྷ་བཙན་དགྲ་ལྷའི་རྒྱལ་པོ་བྱ༔ ཆོས་འཁོར་གཉན་པོ་སྐྱོང་བའི་ཚེ༔ ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ༔ མི་བསྲུང་གཏུམ་པོ་གྲི་འཐབ་གཏོང་། །མི་གཅིག་པོ་ལ་མིང་མང་པོ༔ དམར་སེར་གྲོ་དམར་གཏའ་རུ་གཟུག༔ ལུག་སྨུག་བྱ་དམར་འབེམ་དུ་འཆའ༔ ཤ་ཁྲག་གཏོར་མ་མཆོད་པར་འབུལ། །སྡང་བའི་དམ་ཉམས་དགྲ་བོ་ལ༔ ཁྲག་སྐྱུགས་གྲི་འཐབ་མྱུར་དུ་ཐོང་༔ ཕྱག་ན་བསེ་མདའ་བསེ་གཞུ་བསྣམས༔ འགེངས་ཤིང་དགྲ་བོའི་སྙིང་ལ་བསྡིབས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང་༔ བྷྱོ ཡང་ཅིག་བཙན་གྱི་ཇག་པ་ནི༔ གྲོ་ཤོད་བོད་ཀྱི་སྒང་དམག་རྗེ༔ ཟངས་བྲག་དམར་པོའི་མངའ་བདག་པོ༔ སྐུ་མདོག་དམར་པོ་མེ་འོད་འབར༔ སྐུ་ལ་ལེ་བརྒན་འཇོལ་བེར་གསོལ༔ ཆིབས་སུ་མཚའ་ལུ་རྟིང་དཀར་ཆིབས༔ གཡས་ན་གསོད་པའི་ཤང་ལང་ཐོགས༔ གཡོན་པས་ཟངས་ཞགས་དགྲ་ལ་འདེབས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང་༔ བྷྱོ ཡང་ཅིག་བཙན་གྱི་ཇག་པ་ནི། ར་བ་གོང་གི་

(༦༦༨)ཀླུ་བཙན་ནི༔ སྐུ་མདོག་དམར་ནག་འཇིགས་པ་ལ༔ སྐུ་ལ་ཆུ་དར་རལ་གསོལ༔ གདུག་པ་སྦྲུལ་གྱི་སྐ་རགས་བཅིངས༔ སྟ་གདོང་གཡས་ལ་གཟིག་ཤུབས་གཡོན༔ ཆིབས་སུ་སེར་པོ་སྟག་ལག་ཆིབས། གཡས་པ་ལྕགས་མདུང་ནག་པོ་བསྣམས༔ གཡོན་པ་དུག་སྦྲུལ་ཞགས་པ་ཐོགས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོད༔ བྷྱོ༔ཡང་ཅིག་བཙན་ཇག་པའི་ནི། རྡོ་རིང་དམར་པོའི་གྲིབ་བཙན་ནི༔ སྐུ་ནི་དམར་པོ་འཇིགས་པ་ལ། །སྐུ་ལ་བེའུ་དམར་སློག་པ་གསོལ༔ །སྟ་གདོང་གཡས་ལ་གཟིག་ཞུབས་གཡོན༔ གཡས་ན་བསེ་མདུང་དམར་པོ་བསྣམས༔ །གཡོན་ན་བཙན་གྱི་རྒྱུ་ཞགས་བསྣམས༔ ཆིབས་སུ་རྐྱང་དམར་སྦོ་དཀར་བཅིབས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང་༔ བྷྱོ༔ཡང་ཅིག་བཙན་ཇག་པ་ནི༔ ཀཾ་ཀ་ཐོད་ནག་བདུད་བཙན་ནི༔ སྐུ་མདོག་ལྗང་སྔོན་ཤིན་ཏུ་འཇིགས༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དབུ་ལ་བདུད་དར་ནག་པོ་བཅིངས༔ ཆིབས་སུ་རག་པ་གཞུང་ནག་ཆིབས༔ གཡས་ན་དར་ནག་རུ་མཚོན་བསྣམས༔ གཡོན་ན་འབྲིང་ཞགས་བླ་ལ་འདེབས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང་༔ བྷྱོ༔ཡང་ཅིག་བཙན་གྱི་ཇག་པ་ནི༔ རྩལ་ཐོག་རྒྱུག་གི་གྲིབ་བཙན་ནི༔ སྐུ་ནི་ཁྲག་མདོག་དམར་པོ་ལ༔ ཟངས་ཀྲབ་དམར་པོ་སྐུ་ལ་གསོལ༔ དབུ་ལ་དམ་དམར་འགྱིང་ཐོད་བཅིངས༔ སྟ་གདོང་གཡས་ལ་གཟིག་ཤུབས་གཡོན༔ བསེ་ཕུབ་དམར་པོ་མེ་འོད་ལྡན༔ ཟངས་ཀྱི་རལ་གྲི་ཀློག་ལྟ་འཁྱུག༔ དམ་དམར་རུ་མཚོན་རླུང་ལྟར་འཚུབས༔ བཙན་རྟ་དཀར་ཞུར་བློག་ལྟར་འཁྱུག༔ རི་ཁྱི་སྤྱང་ཀི་རོལ་དུ་ཁྲོད༔ རི་བྱ་ཕོ་རོག་སྟེང་ན་ལྡིང་༔ གྲི་རྔམས་བླ་ཚེ་སྟེང་ནས་འདེད༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང་༔ བཙན་གྱི་ཇག་པ་རྐྱ་བདུན་པོ༔ ང་རྒྱལ་ཁྲོ་གཏུམ་བཙན་གྱི་སྡེ༔ སྡང་བའི་

(༦༦༩)དགྲ་ལ་བསྟན་དམག་དྲངས༔ མཚོན་གྲི་འགག་གྲི་དགྲ་ལ་ཐོང་༔ རྟིབ་གྲི་ཆུ་གྲི་དགྲ་ལ་ཐོང་༔ སྦོས་གྲི་གཡང་གྲི་དགྲ་ལ་ཐོང་༔ རྦབ་གྲི་ཐོག་གི་དགྲ་ལ་ཐོང་༔ ལྕེབས་གྲི་དྲག་པོ་དགྲ་ལ་ཐོང་༔ བཅོལ་བའི་ཕྲིན་ལས་འགུབ་པར་མཛོད༔ ཟས་སྒྲུབ་དང་བསད་པའི་དུས་སུ་བསྐུལ་ལོ། །ཞེས་དབང་དྲག་གི་ལས་ཐུན་མོང་དུ་འཇུག་པའི་བསྐུལ་དང་། ཁྱད་པར་དབང་གི་ཕྲིན་ལས་དམིགས་བསལ་དོན་དུ་གཉེར་ན་རྒྱལ་ཁ་བློན་གྱིས་བསྒྱུར་བརྟེན་འབྲེལ་གྱི་ཆོས་ཉིད་ཡིན་པ་ཙམ་དུའང་མ་ཟད། སྲིད་པའི་གཏེར་ཁྱིམ་དང་། མན་ངག་སྙིང་གཟེར་ནག་པོ་སོགས་ལ་ཐུགས་ཀྱིས་བསྟན་པ་ལྟར་རྒྱབ་དཔུང་དང་ཚན་བསྐྱེད་པའི་ཕྱིར་དུ་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཀྱི་སྒོས་བསྐུལ་ཤིན་ཏུ་ཟབ་པ་ནི། སྡེ་བརྒྱད་རེ་རེ་ནས་དམར་གཏོར་དང་ཁྲག་ཆང་སྐྱེམས་སུ་ཕུལ་ཞིང་། དབང་ཆེན་འཁོར་བཅས་རྔམས་བྲོ་བརྡུང་བའི་དམིགས་གནད་ཁྱད་པར་ཅན་གྱི་ཞལ་ཤེས་དང་ལྡན་པས། ཧྲཱིའཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ཡ་ལས་སྐྱེས་པའི་མཐུ་བོ་ཆེ༔ ཡ་མར་ཙ་མཐིང་ནག་འབར༔ ཕྱག་ན་བེ་ཅོན་ཞགས་པ་བསྣམས༔ མ་ཧེ་ཞོན་ནས་ལས་གཤིན་བསྐོར༔ རྔམ་སྒྲ་འབྲུག་སྟོང་དེ་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བདག་ལ་གནོད་བྱེད་དགྲ་བོ་ཀུན༔ འཇིགས་ཤིང་སྐྲག་ནས་སྤ་བཀོང་ལ༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ བཞད་པའི་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ བདུད་ཀྱི་སྡེ་ཚོགས་ཆམ་ལ་ཕོབ༔ རྣམ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཡ་མ་རཱ་ཙ་ས་མ་ཡ་ཧཱུྃ༔ ཧྲཱིའཇིག་རྟེན་སྲིད་པ་ལས་ཀྱི་བདག༔ མ་ལས་སྐྱེས་པའི་མཐུ་མོ་ཆེ༔ མ་མོ་སྲིད་པའི་རྒྱལ་མོ་ནག༔ འབྲུག་ཞོན་རལ་གྲི་ནེའུ་ལེ་

(༦༧༠)འཛིན༔ མ་ཡམས་སྨན་ཕྲན་ཚོགས་ཀྱིས་བསྐོར༔ རྔམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོག་གཏོར་འདི་བཞེས་ལ༔ སྲིད་པ་མོ་རྒྱུད་ཐམས་ཅད་ཀུན༔ ཆགས་པའི་སྙིང་རྩ་ཁོང་ནས་སློང་༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ གཡེང་བྱད་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ མོ་རྒྱུད་འདོད་སེམས་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་རཀྨོ་ས་མ་ཡ་ཧཱུྃ ཧྲཱི༔ འཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ར་ལས་སྐྱེས་པའི་མཐུ་བོ་ཆེ༔ སྲོག་བདག་ཚངས་པ་འོད་ཀྱི་རྒྱལ༔ དཀར་སྨུག་རྒྱལ་མཚན་ནོར་བུ་འཛིན༔ སེང་ཞོན་གིང་ཕྲན་ཚོགས་ཀྱིས་བསྐོར༔ རྔམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ ཆེ་བཙན་རྒྱལ་བློན་ཐམས་ཅད་ཀུན༔ དགའ་དང་གུས་པ་ཀྱ་ནོམ་པས༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ བསླུ་བྲིང་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ རྒྱལ་བློན་ཁེངས་དྲེགས་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་པའི་ཕྲིན་ལས་འབྲུག་པར་མཛོད༔ ར་ཙར་ཏྲི་ས་མ་ཡ་ཧཱུྃ༔ ཧྲཱི འཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ཙ་ལས་སྐྱེས་པའི་མཐུ་བོ་ཆེ༔ བཅོན་རྒོད་ཤན་པ་མིག་དམར་ཆེ༔ རུ་མཚོན་ཕྱར་ཞིང་བཙན་ཞགས་འགྱེད༔ རྟ་དམར་ཞོན་ནས་བཙན་དམག་བསྐོར༔ རྡམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བན་བཙུན་ཕོ་མོ་ཐམས་ཅད་ཀུན༔ མོས་གུས་སྣང་བློ་ཡེང་ཡེང་དུ༔ རང་དབང་མེད་པར་་བླ་ཡད་ཕྲོགས༔ ཟིལ་གནན་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་

(༦༧༡)ཆིངས༔ བན་ཙུན་སྣང་བ་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཙ་ཤུ་ཏྲི་ཙ་ས་མ་ཡ་ཧཱུྃ ཧྲཱིའཇིག་རྟེན་སྲིད་པ་ལས་ཀྱི་བདག༔ དུ་ལས་སྐྱེས་བའི་མཐུ་བོ་ཤེ༔ ཡ་བདུད་ནག་པོ་གཅིག་རྒྱུག་པ༔ དར་ནག་ཕྱར་ཞིང་བདུད་ཞགས་འགྱེད༔ རྟ་ནག་ཞོན་ནས་བདུད་དམག་བསྐོར༔ རྡམ་སྒ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བན་སྔགས་བོན་པོ་ཐམས་ཅད་ཀུན༔ མོས་དང་གུས་བ་མི་བྱེད་པ༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ དྲག་རྩལ་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིག་གསུམ་དམ་དུ་ཆིངས༔ སྔགས་བོན་རློམ་སེམས་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འབྲུག་པར་མཛོད༔ དུ་ཏྲི་དྷརྴ་ས་མ་ཡ་ཧཱུྃ ཧྲཱིའཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ཏྲི་ལས་སྐྱེས་པའི་མཐུ་བོ་ཆེ༔ དམུ་་བདུད་རྡོ་རྗེ་ལེགས་པ་སྐྱོང་༔ སྨུག་ནག་རྡོ་རྗེ་རླུང་ཞགས་འཛིན༔ སྟག་ཞོན་ཐེའུ་རང་ཡུལ་འདྲེས་བསྐོར༔ རྡམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ སྐྱེ་བོ་ཕོ་མོ་ཐམས་ཅད་ཀུན༔ མོས་དུང་ལྷང་ལྷང་ཁྱེད་ཤེས་ཀྱིས༔ རང་དབང་མེད་པར་བླ་ཡིད་འཕྲོགས། དགྱེས་པའི་རྩལ་གྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ སྐྱེ་བོའི་སྣང་སེམས་ཆམ་ལ་ཕོབ། རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཏྲི་ཙ་སདྷུ་ས་མ་ཡ་ཧཱུྃ ཧྲཱིའཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ཕུ་ལས་སྐྱེས་པའི་མཐུ་བོ་ཆེ༔ ནཱ་ག་ཕེ་ལམ་ཀླུ་བདུད་སྔོ༔ གཏེར་བུམ་ཡིད་བཞིན་ནོར་བུ་འཛིན༔ སྦྲུལ་ཞོན་ཀླུ་གན་ས་བདག་བསྐོར༔ རྡམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་

(༦༧༢)དུ༔ དམ་རྫས་མཆོག་གཏོར་འདི་བཞེས་ལ༔ སྡེ་དཔོན་དྲེགས་པ་ཐམས་ཅན་ཀུན༔ མྱོས་ཤིང་དཔའ་རྩལ་དོམ་ཞུམ་པའི༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ རྨོངས་བའི་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིག་གསུམ་དམ་དུ་ཆིངས༔ སྡེ་དཔོན་ང་རྒྱལ་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་པའི་ཕྲིན་ལས་འབྲུག་པར་མཛོད༔ ནཱ་ག་ཕེ་ལཾ་ས་མ་ཡ་ཧཱུྃ༔ ཧྲཱིའཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ཏྲི་ལས་སྐྱེས་པའི་མཐུ་བོ་ཆེ༔ གཟའ་བདུད་ནག་པོ་མགོ་དགུ་པ༔ ཁྱབ་འཇུག་སྲིད་པའི་མདའ་གཞུ་འགེངས༔ གློག་ཞོན་གཟའ་དང་རྒྱུ་སྐར་བསྐོར༔ རྡམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བླ་མ་མཁས་བཙུན་ཐམས་ཅད་ཀུན༔ གཉིས་མེད་དགྱེས་པ་དཔག་མེད་པས༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ སྨོན་ལམ་སྟོབས་ཀྱིས་དབང་དུ་སྡུས། ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ མཁས་བཙུན་ལས་རླུང་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་པའི་ཕྲིན་ལས་འབྲུག་པར་མཛོད༔ ཏི་པ་ཤ་མི་ཀི་ས་མ་ཡ་ཧཱུྃ༔ ཧཱུྃ་བཀའ་ཉན་དྲེགས་པ་སྡེ་བརྒྱད་ཚོགས༔ རང་རང་མངོན་རྟོགས་རྟགས་བཞིན་དུ༔ དབང་གི་ཕྲིན་ལས་མངོན་བྱུང་ལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་གཏོར་མ་འབུལ་ལ་གཉེར་དུ་གཏད། བསད་ལས་རྐྱང་པའི་ཚེ། གོང་གི་དབང་གི་བསྐུལ་བྱང་ཚབ་ཏུ། ཧཱུྃ་བྷྱོསྡེ་བརྒྱད་ཤན་པ་ཕོ་མོའི་ཚོགས༔ སྐུ་ཤུགས་ཕྱུང་ལ་མཐུ་རྩལ་སྐྱེད༔ སྟོང་གསུམ་སྤྲུལ་པའི་དམག་གིས་ཁེངས༔ གོ་ཁྲབ་མཚོན་ན་སི་ལི་ལི༔ རེག་ཕུང་དུག་མདའ་གཟར་རེ་རེ༔ སྲོག་གཅོད་སྤུ་གྲི་ཆམས་ས་ཆེམ༔ བདག་ལ་བརྣག་པའི་དགྲ་བོ་འདི༔ སྲོག་རྩ་ཆོད་ལ་དོན་སྙིང་ཕྱུང་༔ བདུན་རྒྱུད་མི་

(༦༧༣)རབས་རྩད་ནས་ཆོད༔ སྒོ་ནོར་ཡུལ་ཞིང་རླུང་ལ་སྐུར༔ དགྲ་དཔུང་ཐལ་བའི་རྡུལ་དུ་རློགས༔ ལོ་ཟླ་ཞག་ཏུ་མ་འགྱངས་པར༔ ད་ལྟ་ཉིད་དུ་དུས་མ་བབས༔ འུར་བ་འུར་བ་དགྲ་ལ་རྒྱུགས༔ ཡ་མ་ར་ཙ་དུ་ཏྲི་དགྲ་བོ་ཆྒཻ་མོ་ཧུར་ཐུམ་ཛ༔ མཱ་ར་ཡ་རྦད༔ ཅེས་བསྐུལ་ལོ། །དེ་ལྟར་དབང་དྲག་གི་བསྐུལ་བྱང་རྣམས་རྫོང་ཕྲང་སྲོག་གསུམ་གྱི། གནད་ལ་རང་བྱན་ཆུབ་ཅིང་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་ལ་མངའ་བརྙེས་ནས་དྲེགས་པའི་སྟོང་སྲོག་ལ་དབང་བསྒྱུར་ནུས་པའི་གང་ཟག་གིས་དགོས་པ་ཁྱད་པར་ཅན་དང་འབྲེལ་བའི་ཚེ་ན་བྱ་བ་ལས། གསོལ་ཀ་དཀྱུས་མ་ལ་སྦྱར་རྒྱུ་མིན་པས་འཁུ་ལྡོག་ཤིན་ཏུ་ཆེ་བ་ཤེས་པར་བྱའོ། །ད་ནས་ཕྲིན་བཅོལ་བྱ་བ་ནི། ཧཱུྃ་ཧྲཱིསྔོན་ཚེ་ཀུན་བཟང་རྟ་མཆོག་ཧེ་རུ་ཀས། །འོག་མིན་ཆོ་འཕྲུལ་བསྟན་པའི་ཞིང་ཁམས་སུ། །དམ་ལ་བཏགས་ཤིང་བཀའ་ཡི་རྩི་རྒྱར་བཞག །རྡོ་རྗེ་ཐེག་པའི་བསྟན་པའི་གཉེར་དུ་བསྐོས། ༡།བར་དུ་དུར་ཁྲོད་མེ་རི་འབར་བའི་གནས། །བཙན་བྲག་དམར་པོ་སྲིན་མོ་ལངས་འདྲ་རུ། རིག་འཛིན་སློབ་དཔོན་པདྨ་ཐོད་ཕྲེང་རྩལ། །ཡེ་ཤེས་འཁོར་ལོའི་ཕྱག་རྒྱར་བཞུགས་པ་ལས། ༢།ནམ་གུང་མུན་པའི་སྨག་ལ་བབས་པའི་ཚེ། །སྤྱང་ཀི་ཁྲག་གི་རལ་ཅན་བདུན་བརྫུས་ནས། །དུ་ཞིང་པར་གཅོད་དྲག་པོའི་གླགས་བལྟས་ཚེ། །བཀའ་རྟགས་ཕྱག་རྒྱས་ཟིལ་འོག་བཅུག་མིན་ནམ། ༣།ཐ་མར་མཆོག་སྤྲུལ་མངའ་རིས་པཎ་ཆེན་ལ། །བུ་ཆ་ལ་ཤར་སྒོར་དངོས་སུ་གཟུགས་བསྟན་ནས། །རང་རྟགས་སྲོག་སྙིང་ཕུལ་ཁྲོ་བོར་ཏེ། །བསྟན་དང་དེ་འཛིན་བསྐྱང་བར་མ་ཆད་དམ། ༤།སྔོན་དུས་ཁྲི་སྲོང་ལྡེའུ་བཙན་དགྲ་ལྷ་ཆེ། །དེ་ལྟ་ཆོས་འཁོར་སྐྱོང་བའི་མངའ་བདག་པོ། །སྣང་སྲིད་དྲེགས་པ་ཡོངས་ཀྱི་གཙུག་ན་བརྗིད། །ཆེ་བཙན་འགྲན་ཟླ་བྲལ་བ་ཁྱེད་ལས་སུ། ༥།བདག་གི་ནི་རིག་འཛིན་པདྨའི་བརྒྱུད་པ་འཛིན། བདུད་འདུལ་དབང་

(༦༧༤)ཆེན་གྲུབ་པའི་རིག་སྔགས་འཆང་། །དོ་ནུབ་མགུ་བའི་ཟས་ཤིག་ཁྱོད་ལ་འདྲེན། །བཅོལ་པའི་ཐ་ཚིག་གཉན་པོ་གཉེར་དུ་ལོངས། ༧སངས་རྒྱས་བསྟན་པའི་སྙིང་པོ་ལུང་རྟོགས་ཆོས། །བཤད་སྒྲུབ་ཐོས་བསམ་སྒོམ་པའི་ལང་ཚོ་ཅན། །དཀོན་མཆོག་རིན་ཆེན་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་སྤེལ། ༨།སྡེ་སྣོད་རྒྱ་མཚོའི་གྲོང་ལ་གནས་བཅས་ཤིང་། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ཁྱབ་ནོར་ཅན། །རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་དུལ་བའི། །དགེ་འདུན་སྡེ་ཚོགས་གང་ན་འདུག་པ་སྐྱོངས། ༨།གནས་ལྔ་ཤེས་བྱར་སྲིད་པའི་ཆོས་སོ་ཅོག །ཐུགས་ཀྱི་དཔལ་བེར་འཁྱིལ་དང་ཆབ་གཅིག་པར། །སྣང་བསྒྱུར་མར་རྟོགས་པའི་མཁས་གྲུབ་རྣམས། །མཛད་པ་ཕྲིན་ལས་ནམ་མཁའི་ཕ་མཐར་རྡོལ། ༩།ཐ་སྙད་ཤེས་བྱའི་གོས་ཀྱིས་བཀླུབས་མིན་ཡང་། །ཟབ་དོན་བསྐྱེད་རྫོགས་ལང་ཚོ་གསར་པའི་གཟི། །རི་སུ་ལ་དབེན་དོམ་པའི་གྲུབ་ཐོབ་རྣམས། །འཇའ་ལུས་མཁའ་སྤྱོད་འགྲུབ་པའི་ཐེམ་སྐས་ཚུགས། ༡༠།གཞན་དོན་རླབས་ཆེན་སྤྱོད་པའི་མཐུ་ཆུང་ཡང་། །རང་དོན་ཆོས་བཞིན་སྤྱོད་པའི་ཀུ་རུ་ལུ། །ཉམ་ཆུང་གྱི་ནས་འཚོ་བའི་ཆོས་ལྡན་རྣམས། །འཚོ་སྐྱོང་ཡོན་གྱི་བདག་པོ་ཁྱོད་ཀྱིས་གྱིས། ༡༡།བསྐལ་པར་ལས་ཉོན་ས་བོན་བཏབ་པའི་མཐུ། །སྡུག་བསྔལ་གསུམ་གྱི་འབྲས་བུར་སྨིན་པའི་རོ། །མྱོང་བའི་སེམས་ཅན་གངྒཱའི་རྡུལ་སྙེད་གྲངས། །བདེ་སྐྱིད་དཔལ་ལ་སྤྱོད་པའི་སྒོ་འཕར་ཕྱེས། ༡༢ཁྱད་པར་རིག་འཛིན་རྣལ་འབྱོར་བདག་ཅག་གི །སེམས་བསྐྱེད་སྨོན་པའི་རང་གཟུགས་སྨིན་པ་ལས། །གཞན་ཕན་ཕར་ཕྱིན་དྲུག་གི་ལམ་པོ་ཆེར། །འཇུག་པའི་ཕྲིན་ལས་གསར་བའི་རྒྱལ་རྔ་རྡུངས། ༡༢།དོན་བརྒྱུད་འཕོ་བ་ཐོབ་པའི་རྟེན་འབྲེལ་གཤིས། །བརྒྱུད་འཛིན་བུ་སློབ་ཡར་ངོའི་ཟླ་ལྟ་རྒྱས།

(༦༧༥)གྲུབ་ཐོབ་བརྒྱུད་པས་རི་སུལ་གང་ནས་ཀྱང་། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ལམ་སྲོལ་ཐོད། ༡༤།སྣང་བ་དབང་དུ་འདུས་པའི་རྟེན་འབྲེལ་གྱིས། །ཕོ་རྒྱུད་རང་དབང་མེད་པར་བརྟན་པ་ཕྲོགས། །སྡེ་དཔོན་དྲེགས་པའི་རྡམ་སེམས་ཟིལ་གྱིས་ནོན། །བན་བཙུན་ཕོ་མོའི་སྣང་བློ་གཡེད་དུ་ཆུག་ ༡༥།རྩ་རླུང་ལས་སུ་རུང་བའི་རྟེན་འབྲེལ་གྱིས། །མོ་རྒྱུད་བདེ་སྐྱོང་འཁོར་ལོའི་རྩ་འཁོར་དཀྲུགས། །མཛདས་དང་གཡོ་སྒྱུའི་རྫུན་ཕུགས་རང་སར་རྡིབ། །འབྲེལ་ཚད་དགེ་ལ་སྦྱོར་བའི་རྟེན་འབྲེལ་སྒྲིགས། ༡༧།བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་བདེན་མཐུ་ཡིས། །ཤུགས་སྒྲོལ་དམོག་པའི་ལས་མ་ལྟོས་པར། །དོ་བ་སྡོ་ཕོད་དུ་འཇུགས་པའི་དགྲ་བོ་རྣམས། །གྲི་འཐབ་དམར་བཤལ་དྲག་པོས་དུས་མཐའ་སྟུངས། ༡༧སྐུ་གསུང་ཐུགས་རྟེན་མཆོད་ཆ་མན་ཆོད་ནས། །བརྒྱུད་འཛིན་བུ་སློབ་ཡོན་བདག་གཡན་ཆོད་དུ། །དགོངས་པའི་རྒྱུད་ལ་འབྱོར་པའི་བརྟན་གཡོན་ཀུན། །ཁྱོད་ལ་གཉེར་དུ་གཏད་དོ་མེ་ལ་ཚེ་གྱིས། ༡༨།སྲིད་དང་ཞི་བའི་ཕུན་ཚོགས་མགྲོན་དུ་ཁུག །རྩོད་དང་དོན་གཉེར་ཀུན་ལས་རྒྱལ་ཁ་ལོངས། །སྙན་པའི་བ་དན་སྲིད་པའི་རྩེ་མོར་སྒྲེངས། །གྲགས་པའི་མུ་ཁྱུད་གླིང་བཞིའི་མཐའ་ལ་སྐོར༔ ༡༩མདོར་ན་བསམ་པའི་དོན་དང་གཉེར་བའི་ལས། །ཚེ་ཐོམ་ནེ་མ་ནུར་མེད་པས་ཁྱོད་ཀྱིས་སྒྲུབས། །གཞི་བྱེས་ལམ་གསུམ་ཀུན་ཏུ་སྟོང་གྲོགས་མཛོད། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །༢༠དུང་དུང་སྙིང་ནས་མི་བརྗེད་གསོལ་འདེབས་ཤིང་། །ཡང་ཡང་མཆོད་ཅིང་བསྟོད་བདག་སོགས་ཀུན། །འཇིགས་འཇིགས་བར་ཆད་དགྲ་ལས་རྣམ་རྒྱལ་ཞིང་། །འཛུམ་འཛུམ་དགྱེས་པའི་སྒོ་ནས་དངོས་གྲུབ་སྩོལ། ༢༡།ཞེས་བརྗོད་ཅིང་མཆོད་གཏོར་གཙང་སར་གཤེགས་པར་བྱའོ། །འདིར་སྨྲས་པ། །བེམ་པོའི་རང་བཞིན་

(༦༧༦)རྡོས་བཅས་སྒྱུ་མའི་ལུས། །རིན་ཆེན་སྲོག་གི་ཟུངས་དང་བྲལ་བའི་གཤིས། །བསམ་ཚེ་དཀོན་མཆོག་རིན་ཆེན་རྣམ་གསུམ་ལས། །དྲེགས་པའི་སྐྱབས་གནས་ནམ་མཁའི་པད་མོར་མཚུངས། །དེ་ལྟ་ན་ཡང་འཁོར་བ་མཐའ་མེད་ཀྱི། །བག་ཆགས་ཚང་ཚིང་སྟུག་པོའི་ནགས་ཀླུངས་ནས། །ཕུན་ཚོགས་སྦུ་གྲར་ཆགས་པའི་སྡེར་ཆགས་གཙོ། །ང་རོའི་སྒྲ་དང་སྟོབས་དཔུང་སྲིད་པར་འཚོལ། །ཀྱེ་ཧོ་འདི་ནི་དེ་ལྟ་མ་ལགས་ཏེ། །རྒྱལ་བའི་བསྟན་དང་དེ་འཛིན་སྐྱོང་བ་དང་། །རིས་ཆད་གསུལ་བ་རྗེས་སུ་འཛིན་པའི་སླད། །ཡིན་ཕྱིར་ལྷག་བསམ་དཀར་པོའི་ཆོ་རིགས་བཙུན། །དཔེ་མཐོང་གདམས་པ་བརྐུ་བའི་གྱ་ཚོམ་ལས། །མ་ཡིན་བརྒྱུད་ལྡན་བླ་མས་དྲག་སྔགས་སྲོག་ །སྦྱིན་ཚེ་ཡིད་གཟུགས་བསྟན་ཅིང་དུས་གསུམ་གྱི། །ལྐོག་གྱུར་རི་མེར་བྲིས་ལ་རང་གནས་བྱས། །ཞེས་པའང་ཕུར་རྒྱལ་བོད་ཀྱི་མངའ་རིས་སུ་སྲིད་པའི་མྱུ་གུ་བསྐྱེད་བསྲིངས་པའི་རྣལ་འབྱོར་བ་པདྨ་དབང་ཆེན་གྱིས་ཆུ་ཁམས་ཁཱ་ལ་ཧའི་བགྲད་བྱ་གསར་དུ་ཆོས་པའི་མཉན་ཡོད་མཆོད་པའི་དུས་སྟོན་གྱི་ཐུན་མཚམས་སུ་རྟ་མཆོག་རོལ་པའི་ཕོ་བྲང་དུ་སྦྱར་བའོ། །དགེའོ།

(༦༧༧)རྒྱལ་ཆེན་རྣམ་སྲས་ཀྱི་སྐོང་གསོལ་ཉུང་བསྡུས་བཞུགས། །རང་བཞིན་ཆོས་སྐུའི་དང་ལས་མ་གཡོས་ཀྱང་། །དབང་དང་དྲག་ཤུལ་སྤྱོད་པའི་རྣམ་འགྱུར་གྱིས། །སེམས་ཅན་དོན་ལ་དགོངས་བའི་རྣམ་ཐོས་སྲས། །ཅང་ཤེས་སྟེང་ན་འགྱིང་པ་རྣམས་ལ་བསྟོད། །བདག་པོས་བཟུང་དང་མ་གཟུང་ཇི་སྙེད་པའི། །ཉེར་བར་སྤྱོད་པའི་འདོད་ཡོན་མཁོ་དགུའི་མཛོད། །ཏིང་འཛིན་སྔགས་རྒྱའི་རྫུ་འཕྲུལ་གྱིས་སྤལ་བའི། །ནམ་མཁའ་མཛོད་ཀྱི་འཁོར་ལོས་ཐུགས་དམ་བསྐང་། །རྟོག་པ་མེད་བཞིན་ཁམས་གསུམ་སྣོད་བཅུད་ཀྱི། །ཕུན་ཚོགས་ལོངས་སྤྱོད་ཆར་དུ་སྙེལ་བས་ཀྱང་། །ཕ་མཐར་ཐུག་མིན་ཚེ་དང་བསོད་ནམས་དཔལ། །ཆབ་སྲིད་སྙན་གྲགས་སྤེལ་བའི་གཡང་ཁུག་ཅིག་ །ཟ་ཐང་སྲིད་ལ་བརྐུ་བའི་ཐེའུ་རང་དང་། །འབྱུང་བའི་བཅུད་འཕྲོག་རྐང་བཞིའི་བླ་ལ་འཚེ། །འབྲུ་བཅུད་དཔལ་ལ་གཞོམ་པའི་བསེ་ར་ག་དང་། །ཡི་དྭགས་སྨྱོ་བརྗེད་གྲིབ་གནོན་གདོན་ལས་སྲུངས། །བ་དན་གཡོ་བའི་རུ་མཚོན་གདོངས་པའི་མེ། །གཟུགས་ཅན་དགྲ་ལ་གཟུགས་མེད་བགེགས་ཀྱི་དཔུང་། །མེ་ལྕེའི་ཟེར་གྱིས་ཕྱེ་མ་ལེ་བ་ལ་བཞིན། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་རྡུངས། །དམོར་ན་དུས་གསུམ་ཀུན་ཏུ་ཁྱོད་བསྟེན་ན། །གཞི་ལ་རྫོགས་ལྡན་གསར་བའི་ལྗོན་ཤིང་ཚུགས། །བྱེས་སུ་ལ་འཕྲང་ཡུལ་ངན་ཆོམ་རྐུན་སྐྱོབས། །འགྱེད་དང་དོན་གཉེར་ཀུན་ལས་ཁ་ལོངས། །བསམ་དོན་འབྲས་བུར་སྨིན་པའི་ཕྲིན་ལས་མཛོད། །ཅེས་པའང་སྡེ་བཀའ་རློན་གྱི་དགོང་བཞེད་ལྟར་རྒྱལ་མཁར་རྣམ་སྲས་ཀྱི་རྟེན་ལ་དམིགས་ནས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །མ་སངས་ཀྱི་གསོལ་ཀ་ཉུང་བསྡུས་བཞུགས། །ཀློང་ལྔ་མི་ཤིགས་འོད་གསལ་རྡོ་རྗེའི་ཁམས། །སྣང་ཆའི་རང་གཟུགས་དྲེགས་པར་ཤར་བའི་དབྱིད། །ཀུན་རྟོག་སྲིད་པའི་ལྷར་བསམ་སངས་མཆོད། །ཡུམ་སྲས་བློན་འཁོར་བཅས་པད་ཚུར་སྤྱོན། །ཀུན་བརྟགས་སྒྱུ་འཕྲུལ་རོལ་པའི་ཁར་མཛེས་འདིར། །དངོས་བཤམས་ཡིད་སྤྲུལ་འདོད་ཡོན་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་འཁོར་ལོར་འཆར་བའི་རྫས། །དགྱེས་དགུར་རོལ་ལ་འགལ་འཁྲུལ་དབྱིངས་སུ་བསྐང་། །ལྷང་ལྷང་གདུང་ཤུགས་དྲག་པོའི་

(༦༧༨)བརྡས་བསྐུ་ཏེ། ཡང་ཡང་ཐུགས་དམ་གཉེན་པོ་སྐོང་ཡད་ན། །འཛུམ་འཛུམ་ཞལ་གྱིས་མི་ནོར་ཕྱུགས་གསུམ་སྐྱོངས་། །བཟང་བཟང་རྣམ་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབས། །ཞེས་པའང་རང་བྱུང་རྡོ་རྗེས་སོ། །བསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ་བཞུགས། །སྐྱེ་མེད་རྡོ་རྗེ་དབྱིངས་ཀྱི་ཡུམ་ཆེན་མོ། །འགག་མེད་དཔལ་ལྡན་རང་བྱུང་རྒྱལ་མོ་དང་། །དཔལ་མགོན་སྡེ་ལྔ་ལྕམ་དྲལ་བཀའ་སྡོད་བཅས། །ཡེ་ཤེས་དབྱིངས་སུ་དབུ་འཕང་བསྟོད་པར་བགྱི། །རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པའི་གཟུགས། །ཀུན་ཁྱབ་བདེ་ཆེན་དང་དུ་རོ་གཅིག་ཀྱང་། །མ་རིག་འཛིན་པའི་ལས་རླུང་གིས་སྤྲུལ་བའི། །གཡར་དམ་གཉེན་པོ་ཆོས་ཀྱི་དབྱིང་སུ་བསྲེ། །འདས་པའི་རྣམ་པར་རྟོག་པ་ཡོད་དོ་ཅོག །སྔར་བཅོལ་ལེགས་པའི་གཏང་རག་གཉེན་པོ་སྤེལ། །མ་འོངས་རྣམ་བར་རྟོག་པ་གནས་བསྒྱུར་ནས། །ད་བཅོལ་ལེགས་པའི་ཞུ་བ་གཅིག་ཏུ་འབུལ། །ཆད་པའི་གཞུང་ཅིག་བདག་གིས་མི་སྲོང་རྒྱུ། །ཆང་ལས་དོན་འབྱུང་དོན་ལམ་གཡེལ་ཅིག་ །བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མི་མཛད་རྒྱུད། །ཕྲིན་ལས་དོན་དུ་གཟུགས་སྐུར་བཞེངས་ལ་དགོངས། །དབུ་འཕང་གཉན་པོ་དེ་རིང་མི་བསྟོད་རྒྱུ། །ཕྱོགས་ལས་རྣམ་རྒྱལ་བརྟུལ་ཞུགས་འཛིན་པའི་ཕྱིར། །ལྷུན་པོའ་སྤོ་དང་ཉི་ཟླའི་བཀྲག་མདངས་ཀྱང་། །རྡམ་བརྗིད་ཡོན་ཏན་འབར་བའི་དཔྱིད་དུ་སྦུངས། །སྙིགས་མ་ལྔ་ཡི་ཡང་མཐར་ལྷུང་བ་རྣམས། །ནད་མཚོད་དམག་འཁྲུག་མུ་གེ་མནར་བའི་ཚེ། །སྐྱབས་འོས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །དམ་ཅན་ཆོས་སྲུང་རྒྱ་མཚོ་ར་བཞེངས་ལ་འབོད། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་བ། །སློབ་པ་ལམ་གྱི་དམ་བའི་མཐར་ཐུག་ཕྱིར། །སྟོང་ཉིད་དབྱིངས་ལས་སྙིང་རྗེའི་སྒྱུ་ཐབས་གར། །རྣམ་བཞིའི་ཕྲིན་ལས་རོལ་མོར་མངའ་གསོལ་ལོ། །རྟ་གདོང་མེ་ལྕེར་འབར་བའི་མུ་ཁྱུད་ནང་། །ལས་དབང་བསོད་ནམས་ཀླུང་རྟ་དར་དྲགས་པའི། །དཔུང་ཚོགས་ཡན་ལག་བཞི་བའི་རྩིབས་རྣོན་གྱིས། །གཞན་སྡེའི་བརྟན་པ་འཕྲོག་པར་མངའ་གསོལ་ལོ། །ཀུན་འབྱུང་འཁོར་བའི་རྒྱུ་འབྲས་རྣམ་

(༦༧༩)རྟོག་གི། གཞན་དབང་ཉིད་དུ་ཡོང་ཡེར་མ་གཟུང་ཡང་། །གང་ལ་གསོལ་བ་བཏབ་ན་ཡིད་བཞིན་དོན། །འབད་མེད་འགྲུབ་པའི་ནོར་བུར་མངའ་གསོལ་ལོ། །རང་སྡེ་སྲུང་ལ་ཤིན་ཏུ་མཛངས་བཞིན་དུ། །གཞན་སྡེ་དབང་བྱེད་སྒྱུ་རྩལ་ལ་གོམས་པས། །ཐབས་ལ་མཁས་པའི་ཤེས་རབ་མིག་ཡངས་མས། །ཁམས་གསུམ་དབང་བྱེད་བཙུན་མོར་མངའ་གསོལ་ལོ། །འདུ་འཛིའི་གནས་ཀྱང་བསྡུ་བའི་དངོས་པོ་དང་། །ཚངས་གནས་བཞི་ཡི་དོན་ལ་སྦྱོར་བྱེད་ཅིང་། །འབྱོར་ཞིང་རྒྱས་ལ་སྲིད་སྡེ་སྲུང་མཁས་པའི། །ཁྱིམ་བདག་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ། །རྟག་ཆད་དོན་ལ་སེམས་པའི་མུ་སྟེགས་དང་། །འཆི་བ་ཆོས་སུ་སྨྲ་བའི་ཀློ་ཀློའི་དཔུང་། །ཐེག་ཆེན་ལུས་སྟོབས་རྒྱགས་བའི་སྣ་ཞགས་ཀྱི། །རལ་གྲིས་གཅོང་པའི་གླང་པོར་མངའ་གསོལ་ལོ། །བསྐུལ་སར་ཡུད་ཀྱིས་ཕྱིན་པའི་མགྱོགས་བའི་བང་། །རྦད་སར་ཐོགས་རྡུགས་མེད་པའི་རླུང་གི་ཤུགས། །ཕ་རོལ་རི་རབ་ཡིན་ཡང་རྫུ་འཕྲུལ་གྱིས། །རླག་བྱེད་རྟ་མཆོག་ཆེན་པོར་མངའ་གསོལ་ལོ། །ལེགས་ཉེས་སྟངས་འཛིན་བདག་པོ་ཁྱེད་རྣམས་ནི། །རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཅིང་། །སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ་རྫོགས་པས། །དགྲ་སྡེ་འཇོམས་པའི་དམག་དཔོན་ཆེན་པོར་མཛོད། །ཁྱད་པར་རང་སྲིད་འབྱོར་པས་མོ་དོམས་པར། །གཞན་སྡེ་བཟའ་བའི་ལྷ་མིན་འཇུག་པ་ཅན། །བྱེད་པ་རྒྱུ་མཐུན་མཚོན་ཆའི་རྣོ་དཔལ་རྩེར། །རང་སྲོག་རང་གིས་འཕྲོག་པར་མངའ་གསོལ་ལོ། །གང་ལ་སྲུང་སྐྱོབ་བྱེད་པའི་ལྷ་སྲུང་དང་། །མཛའ་གཅུགས་དམ་བཅའི་རི་མོ་ཉེར་བ་སུབས་ལ། །བསྟན་འགྲོའི་ཕན་བདེ་བཤིག་པའི་མདུན་གྲོས་དཔུང་། །ནང་དབྱེན་དམེ་འཁྲུག་སྦྱོར་བས་སྤ་བཀོངས་ཤིག་ །རིགས་གསུམ་མགོན་པོ་མེས་དཔོན་རྣམ་གསུམ་གྱིས། །རྒྱལ་བསྟན་གངས་རིར་དྲངས་པ་ཆུང་གསན་ནས། །དགེ་བཅུའི་ཁྲིམས་ཀྱི་མུ་ཁྱུད་བཤིག་པ་རྣམས། །དོན་སྙིང་ལྐོག་མར་འབྱིན་པར་མངའ་གསོལ་ལོ། །འཇིག་རྟེན་ལས་ཀྱིས་སྤྲུལ་པའི་གཞན་དབང་

(༦༨༠)ལ། །ཕྱ་དང་དབང་ཕྱུག་རང་དབང་ཡིན་ཟེར་ན། །བདེན་པ་གཉིས་དང་དེ་ཡི་བསྟན་སྲུང་ལ། །བསྟེན་གོམས་བྱས་པའི་འབྲས་བུ་གཡེལ་ལམ་ཅི། །ཆོས་ཀྱི་སྐུ་ནི་དུས་གསུམ་སྐྱེ་འགག་མེད། །ལོངས་སྤྱོད་རྫོགས་ལས་རྣམ་སྤྲུལ་ཆོས་སྐྱོང་རྣམས། །དམ་ཅན་ཉིད་ཕྱིར་དམ་ཚིག་དང་གཞས་ལ། །ལྔ་བདེའི་འགྲོ་འདི་སྲུང་སྐྱོབ་དུས་ལ་བབ། །མིག་འཕྲུལ་ལས་ཀྱང་མྱུར་བའི་འཇིག་རྟེན་གྱི། །རྒྱུད་པ་སྣ་ཚོགས་དམ་ཅན་ཆོས་སྲུང་མཐུས། །སྲུང་ཞི་ཁྱད་པར་བདག་ཅག་ག་ཡོན་མཆོད་ལ། །ལུས་དང་དགྲིབ་བཞིན་འགྲོགས་དོན་མཛོད། །གཞིས་སུ་འདུག་ན་རྫོགས་ལྡན་དགའ་སྟོན་སྤེལ། །བྱེས་སུ་གཅན་ཕྲང་ཆོམ་རྐུན་ཁ་ཆར་སྲུངས། །དགྲ་དང་འགྱེད་ན་དཔའ་རྟགས་རུ་མཚོན་འཕྱོར། །ཕྱོགས་ལས་རྣམས་རྒྱལ་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་པའང་མངའ་དཔོན་ཕ་ལྷའི་དོར་རྫོགས་ཆེན་པ་འཇིགས་མེད་གླིང་པས་སོ།

(༦༨༡)དམ་ཅན་རྒྱ་མཚོའི་སྐོང་བཤགས་བཞུགས། ཨོཾ་ཡེ་ཤེས་ལས་གྲུབ་མངོན་ཤེས་མཐུ་རྩལ་ཅན། །ལེགས་ཉེས་ལྟང་འཛིན་དམ་ཚིག་རྗེས་མཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །བདག་ནི་རྣལ་འབྱོར་སྔགས་འཆང་སྒྲུབ་པ་བོས། །གསང་སྔགས་རྡོ་རྗེའི་མཆོག་ཏུ་དམ་བླངས་ཏེ། །སྐུ་གསུང་ཐུགས་སུ་བསྒྲུབ་པར་དམ་བཅས་ཀྱང་། །མ་རིགས་དབང་གིས་དེ་ལྟར་རྔོ་མ་ཐོགས། །འགལ་འཁྲུལ་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས། །ལུས་དང་དག་ཡིད་ཉོན་མོངས་དབང་གྱུར་པས། །མི་དགེ་སྡིག་རྣམས་བགྱིས་དང་བགྱིད་སྩལ་བ། །གཞན་གྱིས་བགྱིས་ལ་རྗེས་སུ་ཡི་རང་བ། །ཐམས་ཅད་མ་ལུས་དུས་འདིར་མཐོལ་ལོ་བཤགས། །ཆོས་སྐུ་མཁའ་མཉམ་སྤྲོས་དང་བྲལ་བ་ལ། །རྣམ་རྟོག་མཚན་མས་ང་དང་བདག་ཏུ་བཟུང་། །ལྟ་སྒོམ་མ་གསལ་ཏིང་འཛིན་དོན་ལ་གཡེལ། །ཆོས་ཉིད་དོན་དང་འགལ་བ་མཐོལ་ལོ་བཤགས། །ཉིན་མཚམ་ཀུན་ཏུ་བསྒྲུབ་པར་དམ་བཅས་ཀྱང་། །སྒོམ་བ་ཡུན་ཐུང་བ་ཟླས་གྲངས་ཉུང་བ་དང་། །བསྙེན་སྒྲུབ་གཡེལ་ཞིང་ཆོ་ག་ལྷག་ཆད་གྱུར། །མཆོད་གཏོར་བཤམས་ཉེས་སྦྱོར་སྒྲོལ་ལས་མཐའ་ལོག་གསང་སྒོ་འཚོལ་ཞིང་བཀའ་ལས་འདས་སྐྱོན། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། །ཉམས་དང་འགྲོགས་ཤིང་ཉམས་པ་བསྐངས་པ་དང་། །ཉམས་ལ་ཆོས་བཤད་ཉམས་དང་ཚོགས་འདྲེན་དང་། །ཉམས་ལ་མི་འཛེམ་ཉམས་ཆིག་ཞིག་རལ་གྱུར། །ཉ་སྒྲིབ་སྐྱོན་རྣམས་ཐམས་ཅད་མཐོལ་ལོ་བཤགས། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །དམ་ཅན་སྲུང་མའི་ཐུགས་དང་འགལ་གྱུར་པ། །དུས་སུམ་མཆོད་བསྙེན་སྒྲུབ་མ་ཚང་དང་།

(༦༨༢)ལས་མཐའ་མ་ལོངས་མངོན་སྤྱོད་ལས་ལ་བསྐུལ། །གཙང་སྒྲ་ཉམས་ཤིང་ལྟ་གོམ་མ་དག་དང་། །བརྩེ་གདུང་རྒྱུན་ཆད་མཆོད་པས་བམ་སྐངས་དང་། །སྐོང་བ་མ་རྫོགས་ཆོག་ལྷག་ཆད་གྱུར། །ཉམས་ཆག་ཉེས་ལྟུང་བག་མེད་འགལ་ཁྲུལ་ཀུན། །མཉམ་ཉིད་རྫོགས་པའི་དོན་རྣམས་སོ་སོར་ཕྱེད། །ཡོན་ཏན་ལྷུན་གྲུབ་དབྱིངས་སུ་བདག་བཀོད་ལ། །མཁའ་བཞིན་མི་རྟོག་ཆོས་སྐུར་གྲུབ་པ་དང་། །ཉི་བཞིན་འོད་གསལ་ལོངས་སྤྱོད་རྫོགས་པའི་གཙོ། །ཟེར་བཞིན་སྤྲུལ་པས་འགྲོ་དོན་ལྷུན་གྲུབ་ཅིང་། །ནམ་མཁའ་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན། །ཕྲིན་ལས་རྣམ་བཞི་དབྱིངས་སུ་གྲོལ་བར་ཤོག། ཅེས་ཡི་གེ་བརྒྱ་བརྗོད་དོ།

(༦༨༣)དམ་ཅན་ཆོས་སྲུང་རྣམས་ལ་ཕྲིན་བཅོལ་བྱ་ཚུལ་བཞུགས། །ཀྱེ་ཐུབ་པའི་བསྟན་པ་རིན་ཆེན་འབར་བའི་སྣོད། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །བསླབ་གསུམ་ཡོངས་འདུས་བརྟོལ་ལྗོན་པའི་ཤིང་། །ནུབ་པ་མེད་པར་འཕེལ་བའི་རྒྱལ་མཚན་ཚུགས། །ད་དུས་སྙིགས་མ་ལྔ་ཡིས་གཟིར་བ་འདི། །ཀུན་རྟོག་དྲང་དོན་ལམ་གྱིས་གདུལ་དཀའ་ཚེ། །ངེས་དོན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཆེའི། །ཡོན་ཏན་བྱང་ཆུབ་སེམས་བ། །ཉིས་རྒྱས་པར་མཛོད། །ཁྱད་པར་མིག་འཕྲུལ་ལྟ་པུར་འགྲོ་བའི་ལམ། །རྡོ་རྗེའི་ཐེག་པ་རྒྱ་མཚོའི་སྨིན་གྲོལ་དང་། །འཕགས་ལམ་ངེས་གསང་ཐེག་པ་མཆོག་གི་རྩེ། །ཀུན་ནས་ཀུན་ཏུ་དར་བའི་འཕྲིན་ལས་མཛོད། །རྒྱལ་བའི་གདུལ་བྱའི་ཁམས་དབང་བསམ་པ་དང་། །རྗེས་སུ་མཐུན་པར་གསུངས་པའི་བསྟན་པ་ལ་ཕྱོགས་ལྷུང་ཕྲག་དོག་གདོན་གྱིས་ཀུན་དཀྲིས་ཅན། །སྨོན་ལམ་ལོག་པའི་དམ་སྲིའི་སྙིང་ཁྲག་འཐུང་། །གང་གི་དབང་ཕྱུག་ལུས་ཅན་ཐམས་ཅད་ཀྱིས། །ཁུར་དུ་ལྕི་བ་སྦྲུལ་དགུག་ལྟ་བུའི་སེམས། །བསྟན་འགྲོའི་ཕན་བདེ་བཤིག་ལ་ཆས་པ་དེར། །སྲུང་སྐྱོབ་མཛད་ན་ཁྱེད་ཀྱི་གཡར་དམ་འདྲེལ། །ལོག་པར་ལྟ་བ་འཛིན་དང་ཀླ་ཀློའི་སྡེ། །དཀོན་མཆོག་དབུ་འཕང་སྨད་པའི་རྒྱལ་ཕྲན་གྱི། །ཆབ་སྲིད་སྐར་མདའ་ས་ལ་ལྟུང་བ་ལྟར། །བྱས་པའི་མདོ་ལ་དོན་སྙིང་ལྐོགས་མར་ཕྱུང་། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་མ་མཐོང་ཞིང་། །སངས་རྒྱས་གཉིས་པའི་དམ་ཚིག་ལ་འགོངས་པའི། །ནག་ཕྱོགས་གློ་བུར་ལྷགས་པའི་འདྲེ་རྒོད་དང་། །རྒྱ་འདྲེ་བརླང་པོར་སྤྱོད་པའི་དུས་མཐའ་བསྟུངས། །མང་དུ་ཐོས་པ་ལུང་གི་ཡོན་ཏན་དང་། །རྟོགས་པས་བདག་རྒྱུད་གྲོལ་བའི་སྐྱེས་བུ་རྣམས། །བསྟན་པའི་རྩ་

(༦༨༤)ལག་གཅིག་ཏུ་གནས་པའི་ཕྱིར། །སྐུ་ཚེ་མཛད་ཕྲིན་ཡར་ཟླའི་མཆེད་མཛོད། །ཁྱིམ་ན་གནས་ཀྱང་ཡང་དག་བལྟ་ལ་དང་། །དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་རྣམས། །ཐེག་པ་ཆེན་པོའི་གདུལ་བྱ་ཉིད་ཀྱི་ཕྱིར། །གཡེལ་བ་མེད་པའི་མེ་ལ་ཚེ་སྲུང་སྐྱོབས་མཛོད། །ཆོས་དང་སྲིད་ཀྱི་གཞི་ལ་ཕུན་ཚོགས་སྤེལ། །བྱེས་སུ་ལམ་འཕྲང་ཆོམ་རྐུན་ཚེ་བ་སྲུངས། །བས་མདོ་ན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་ཀྱང་། །ཚོགས་གཉིས་འབྲས་བུར་སྨིན་པའི་བཀྲ་ཤིས་སྩོལ།

(༦༨༥)སྔོན་འགྲོ་དངོས་གཞིའི་ལམ་བསྡུས་བཞུགས། །སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་བྱའི་ཕྱིར། །དཀོན་མཆོག་གསུམ་ལ་སྙིང་ནས་སྐྱམས་སུ་མཆིའོ། །ན་མ་པཱུ་ཛ་ཧོབ་ཛྲ་ས་ཏྭ་ཨདགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་བཞུགས་ཀུན་ཏུ་བཟང་པོའི་ཡོངས་བསྔོ་འགྲུབ་པར་ཤོག། ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་ནི། །འགག་མེད་སྙིང་རྗེར་ལོངས་སྤྱོད་སྤྱན་རས་གཟིགས། །ཨོ་རྒྱན་པཎ་ཆེན་རྫུས་སྐྱེས་སྤྲུལ་པའི་སྐུར། །གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ། །འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག། བདེ་བ་ཅན་དང་རི་པོ་པོ་ཏ་ལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག། ཨོཾ་མ་ཎི་པདེྨ་ཧཱུྃ། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ཞེས་བར་མད་དུ་བཟླའོ། །རྒན་རྒོན་རྣམས་ཀྱི་དོན་དོ་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ། །ཆག་གཏོར་རྒྱས་པའི་སྐབས། །ལན་ཆགས་བུ་ལོན་འཁོར་བའི་དོན་ལ། སྤྱིར་དྲི་མ་དང་། སྒྲིབ་གཉིས་ལ་སོགས་པ་ནི། རང་ས་ནས་དག་བྱ་ཡིན་པས་བྱང་དག་གི་སྒྲ་འཇུག་ལ། ཕ་མའི་དྲིན་ལྡན་དང་ལན་ཆགས་བུ་ལོན་ལ་སོགས་པ་ནི་གཞན་ལ་ལན་སློན་པ་ཡིན་པས་འཁོར་བའི་སྒྲ་སྟེ། །དཔེར་ན་མུམ་འབྲེལ་པའམ་རྒྱུན་ཆད་པ་མེད་པར་ལན་ཆགས་ཁ་མ་འཁོར་བ་མེད་པའི་དོན་འཇིག་རྟེན་པའི་ཁ་སྐད་ཙམ་ལའང་ཕ་མའི་དྲིན་ལན་འཁོར་ཞེས་སྨྲ་བའི་ཕྱིར་རོ། །སྤྱིར་ཆབ་གཏོར་གྱི་ཁུངས་ནི་བཀའ་འགྱུར་ནང་ནས་གཟུགས་ལེགས་ཞེས་བྱ་བའི་གཟུགས་དང་། །ཡེ་ཤེས་སྐར་མངའི་སྙིང་པོ། །ཡི་དྭགས་མོ་ཁ་འབར་མ་དབུགས་ཕྱུང་བའི་གཏོར་ཆོག་དང་། ཁ་ལས་མེ་བཱར་མ་ལ་སྐྱན་སྦྱིན་པའི་གཟུགས་དང་། འཇུར་གེགས་ཞེས་བྱ་བའི་གཟུངས་རྣམས་ལས། ཁ་ལས་མེ་འབར་མའི་གཟུངས་ལས་མཚན་བཞི་བཤད་

(༦༨༦)ཅིང་། །འགའ་ཞིག་སྤྱི་བོ་ལ་སོགས་པར་དེ་བཞིན་གཤེགས་པ་བཞི་པོ་སྒོམ་ཟེར་བའང་བཀའ་དངོས་བསྟན་ལ་ནི་མཚན་བརྗོད་པའི་བྱིན་རླབས་དང་ཕན་ཡོན་ཙམ་ལས་མངོན་རྟོགས་དང་སྒོམ་ཡུལ་མ་བཤད། དེ་བཞིན་དུ་མགྲོན་བཞིའི་ཐ་སྙད་ཀྱང་མ་བཤད་མོད། གཏོར་མའི་རིང་ལུགས་མི་མཐུན་པ་མང་པོ་ནི་བོད་འདིར་རང་སྟོབས་ཀྱི་བློའི་འཇུག་པ་དང་མཐུན་པར་བཤད་བ་འབའ་ཞིག་ཡིན་ནོ། །ཞེས་པའང་ལན་ཆགས་བུ་ལོན་ལ་འཁོར་སྒྲ་མི་འཐད་ཟེར་བའི་བླུན་གཏམ་ཟློག་ཕྱིར་རོ།

(༦༨༧)སྐྱབས་སྡོམ་འབོགས་ཆོག་མཐོ་རིས་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ།

(༦༨༨)ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདིར་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་སྐྱབས་འགྲོའི་སྡོམ་པ་འབོགས་ན། གནས་གཙང་མར་དཀོན་མཆོག་གསུམ་གྱི་རྟེན་དང་། །མཆོད་པ་བཟང་པོ་བཤམ། ཞུ་བ་པོས་ཐོགས་མར་རྟེན་དང་། དེ་ནས་བླ་མ་ལ་ཕྱག་གསུམ་རེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། ཐལ་མོ་སྦྱར་ནས་འདུག་པ་ལ། བློ་བཅོས་ནི། ཁྱོད་ཀྱིས་རྙེད་པར་དཀའ་བ་དལ་བའི་རྟེན་བཟང་པོ་འདི་འདྲ་ཐོབ་པས་འཚེངས། དེ་ལ་འབྱོར་པའི་ཁྱད་པར་ཕལ་མོ་ཆེ་ཚང་བའི་སྐབས་འདིར། གཞན་འབྱོར་རྟེན་འབྲེལ་གྱི་སྒོ་བཞི་པའང་བཀོད་མཆོག་གསུམ་ལ་སྐྱབས་སུ་སོང་བ་ལས་འགྲིག་པ་ཡིན། ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའང་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་རྟེན་ཅན་ལས་གཞན་གྱིས་དབང་དུ་མི་འགྱུར་བས་འདི་ནི་ལམ་གྱི་རྨེང་རྡོ་ལྟ་བུར་གཅེས་ལ། དེ་ལྟ་བུའི་སྐྱབས་འགྲོའི་སྡོམ་པའང་དང་པོར་དགེ་བའི་བཤེས་གཉེན་ལས་བླངས་ན། །རང་ངོ་ལ་ལྟོས་པའི་ངོ་ཚ་དང་། གཞན་ངོ་ལ་བརྟེན་པའི་ཁྲེལ་ཡོད་ཀྱི་རྟེན་ཅན་དུ་འགྱུར་བ་སོགས་དགོས་པ་ཁྱད་པར་ཅན་ཡོན་པས་རང་དགར་འཇུག་པ་སྤངས་ནས་སྐྱབས་སྡོམ་ལན་པ་ཤིན་ཏུ་གལ་ཆེའི། །ཕན་ཡོན་གྱི་སྒོ་ནས་བསམས་ན་སྐྱེས་བུའི་བློ་སྟོབས་རིམ་པ་གསུམ་ལ་ཡོན་ཏན་འཐོབ་ཚུལ་ཡང་དེ་དང་མཚུངས་ཏེ། ཐ་ན་གྲུབ་མཐའ་ལ་

(༦༨༩)མ་ཞུགས་པའི་གང་ཟག་གིས་དཀོན་མཆོག་ལ་སྐྱབས་སུ་སོང་བས་ཀྱང་ན་སོང་གསུམ་དང་། བར་མདོ། མཆུ། གཅན་གཟན། རྒྱལ་པོའི་ཆང་པ། ནད་གདོན་ལ་སོགས་པ་སྡུག་བསྔལ་ཉི་ཚེ་བའི་འཇིགས་པ་ལ་སྐྱོབ་བའང་མངོན་སུམ་པས་ན། སྐྱབས་སོང་འདི་ལ་གཟུགས་མཆི་ན། ནམ་མཁའ་དག་ཀྱང་སྣོད་དུ་ཆུང་། རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། ཕུལ་ལ་གཞལ་བས་ཟད་མི་འགྱུར། ཅེས་མང་ཚིག་ཏུ་འདོམས་པ་ཡིན་ནོ། །དེ་ལྟར་སྐྱོབ་པའང་ཡོན་ཏན་ཚད་མེད་པས་ཡིན་ཏེ། དཀོན་མཆོག་གསུམ་རྗེས་སུ་དྲན་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་སོགས། དཀོན་མཆོག་རྗེས་དྲན་བཏོན་ནད་དེའི་དོན་འཕགས་པའི་བསྟན་བཅོས་དགོངས་འགྲེལ་དང་བཅས་པས་ཅུང་ཟད་བསྙད་ན། བཤེས་སྤྲིང་ལས། ཐར་པ་བདག་ལ་རག་ལས་འདི་ལ་ནི། གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་ཀྱི། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་ཅིག་ཀྱང་། །གསུམ་པོ་དེ་ནང་ཡང་དག་འདུ་བར་འགྱུར། །ཅེས་གསུངས་པ་བཞིན། ཐར་པ་ནི་གྲོགས་ཀྱིས་བསྟང་པའི་ཁ་ན་རག་ལུས་པ་མ་ཡིན་པར་བདག་འབའ་ཞིག་གིས་ལུང་དང་

(༦༩༠)རིག་པ་དང་། གཏན་ཚིགས་དང་། དཔྱད་བཟོད་པ་དང་། ལྷག་པ་དང་མཐུན་པའི་མང་དུ་ཐོས་པ། ཉམས་པ། བཅོམ། ལྟུང་བ། ཕམ་པར་གྱུར་པ་མེད་པའི་ཚུལ་ཁྲིམས། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བསམ་གཏན་རྣམས་དང་ལྡན་པས་འཕགས་པའི་བདེན་པ་བཞི་ལ་དམིགས་པར་བྱའོ། །བཞི་གང་ཞེ་ན། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་བཞིའོ། དང་བོ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱིས་སྐྱེ་བ་གང་ཡིན་པ་དེ་ན་སྡུག་བསྔལ་གྱི་བདེན་པའོ། །གཉིས་པ་ནི། ཡང་འབྱུང་བའི་སྲེད་པ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པ། །དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་སྟེ། འདི་ལས་སྡུག་བསྔལ་ཀུན་འབྱུང་པས་ན་ཀུན་འབྱུང་སྟེ་སྡུག་བསྔལ་གྱི་རྒྱུར་བསྟན་ནོ། །གསུམ་པ་ནི། སྲེད་པ་དེ་ཉིད་གཏན་འགོག་པ་དང་། རྣམ་པར་ཞི་བ་གང་ཡིན་པ་དེ་ནི་ཐར་པའོ། །བཞི་པ་ནི། མྱ་ངན་ལས་འདས་པ་དེ་འཐོབ་བར་བྱེད་པའི་ལམ་གྱི་བདེན་པ་འཕགས་པའི་ལམ་ཡན་ལག་བརྒྱད་དེ་ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་པོ། །ཡང་དག་པའི་འཚོ་བ་ནི་ཁ་གསག་ས་ལ་སོགས་ལོག་པའི་འཚོ་བ་ལྔ་སྤངས་པའོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་བརྩམ་པའོ། །ཡང་དག་པའི་དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པའོ། །ཡང་དག་པའི་དང་ནི་དགེ་བའི་ལས་ཀྱི་ལམ་བཞིའོ། །ཡང་དག་པའི་ལས་མཐའ་ནི་ལུས་ཀྱི་མི་དགེ་བའི་ལས་ལམ་སྤོང་བའི་རང་བཞིན་གསུམ་མོ། །ཡང་དག་པའི་རྟོག་པ་ནི་གནོད་སེམས་མེད་པ་དང་། ངེས་པར་འབྱུང་བའི་རྟོག་པ་ལ་སོགས་དགེ་བའི་རྟོག་པ་རྣམ་པ་དུ་མ་ལོ། །དེ་བཞིན་དུ་ལྷག་པའི་ཚུལ་ཁྲིམས་ནི་མྱ་ངན་ལས་འདའ་བར་ཡོངས་སུ་བསྔོ་བ་གང་ཡིན་པའོ། །ལྷག་པའི་སེམས་ནི་འཕགས་པའི་

(༦༩༡)ལམ་གྱི་རྟེན་བསམ་གཏན་བཞི་པའོ། །ལྷག་པའི་ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །བསླབ་པ་གསུམ་པོ་འདིའི་ནང་དུ་བསླབ་པ་བརྒྱ་ལྔ་བཅུ་ལྷ་གཅིག་འདུ་བར་འགྱུར་བ་དེ་ལ་འབད་པས་བསླབ་པར་བྱེད་པ་གནག་ཞིག་ལ་འཕགས་པའི་དགེ་འདུན་ཞེས་བྱའོ། །དེ་ལྟ་བུའི་སྤངས་རྟོགས་ཕུན་སུམ་ཚོགས་པའི་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཆེན་པོ་དཀོན་ཅོག་གསུམ་སྤྲིན་ཕུང་གཏིབས་པ་ཙམ་བྱོན་པ་རང་གི་མདུན་དུ་བཞུགས་པ་ལ་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བའི་བསམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག། སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག། ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག། དགེ་འདུན་ལ་སྐྱབས་སུ་མཆིའོ། བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་བཙུན་བས་གཟུང་དུ་གསོལ། ཞེས་ལན་གསུམ་ཟློས་ནས། སློབ་དཔོན་གྱིས། ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། དེ་ལྟར་བརྗོད་པ་གསུམ་གྱིས་སྐྱབས་སྡོམ་ལེགས་པར་ཐོབ་ནས་བསླབ་བྱ་ལ་གསུམ་ལས། དང་པོ་དགག་པའི་བསླབ་བྱ་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། འཚོ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། མུ་སྟེགས་གཞན་ལ་ཕྱོགས་མི་བྱེད། །ཅེས་གསུངས་པས། སངས་རྒྱས་ལ་སྐྱབས་སུ་སོང་ནས། འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འགྲོ་ཞིང་ཕྱག་མི་འཚལ། །ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་མི་འགྲོགས། གཉིས་པ་

(༦༩༢)བསྒྲུབ་པའི་བསླབ་བྱ་ནི། རྒྱལ་སྲས་དྲི་མེད་ཀྱིས། དེ་དག་གཟུགས་ལའང་དད་པས་རབ་མཆོག་ཅིང་། ཉིན་མཚན་རྗེས་དྲན་རྟག་པར་སྐྱབས་སུ་འགྲོ། ཞེས་གསུངས་པས་སངས་རྒྱས་སྐྱབས་སུ་སོང་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་རྣམ་པ་ཙམ་ལའང་མི་སྨད་ཅིང་། གྲིབ་མ་ལ་མི་འགོང་། མཆོད་པ་དང་བསྟི་སྟང་བྱ། ཆོས་ལ་སྐྱབས་སུ་སོང་བས་དེ་ཉིད་ཀྱི་ཡི་གེའི་གཟུགས་སུ་གནས་པ་གསུང་རབ་ཚིགས་བཞི་པ་གཅིག་ལའང་གུས་པ་བླ་ལྷག་བསྐྱེད་ཅིང་ཡི་གེ་འབྲུ་གཅིག་ལའང་མི་འགོང་། དགེ་འདུན་ལ་སྐྱབས་སུ་སོང་ནས། ད་ཉིད་ཀྱི་རྟེན་རབ་ཏུ་བྱུང་བ་ནས་སེར་མོའི་གོས་ཅན་ཡང་ཆད་ལ་བཀུར་སྟི་བྱ། གསུམ་པ་ཆ་མཐུན་གྱི་བསླབ་བྱ་ནི། གཞི་བསྡུ་བར། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། དགེ་འདུན་དང་རྗེས་སུ་མཐུན་པར་བསྒྲུབ་པ་ནི་སྐྱབས་སུ་འགྲོ་བའི། །ཞེས་བཤད་པས་སྐྱེས་བུ་དམ་པ་ལ་བརྟེན། ཆོས་ཀྱི་རྗེས་སུ་འཇུག། ཆོས་དང་རྗེས་སུ་མཐུན་པའི་སྤྱོད་པ་ལ་བསླབ་ཅིང་། བཟའ་བཏུང་གི་ཕུང་དང་པོས་དཀོན་མཆོག་མཆོད་པ་དང་། ཉིན་མཚན་འཁོར་མོའམ། དུས་དྲུག་མ། གསུམ་མམ། ཐ་ནའང་ལན་གཅིག་ཏུ་དཀོན་མཆོག་གི་ཡོན་ཏན་དྲན་བས་སྐྱབས་སུ་འགྲོ་བ་རྣམས་ལ་བརྩོན་པར་གྱིར་ཤིག། ཅེས་བརྗོད་ལ་ཕྱག་གསུམ་འཚལ་དུ་བཅུག་ནས་དགེ་བ་བསྔོ། །ཚུལ་འདི་ལྟ་བུའི་ཆོ་གར་བརྟེན་པའི་ཁྱིམ་པ་དག་ལའང་བསོད་ནམས་དཔག་ཏུ་མེད་པ་ཐོབ་ན། སྙིགས་མའི་དུས་ན་གཙུག་སྐྲར་སྤུ་བཞིན་དུ་བྲེགས་ནས་སེར་མོའི་ཕྱོགས་ལ་བརྟེན་ཅིང་བསྟེན་དུ་འཇུག་པ་རྣམ་ལ་སྡོམ་པས་མ་བསྡམས་པ་ལམ་དང་བྲལ་བའི་ཕྱོགས་མཐུན་ཙམ་སྟོན་བའི་ལྷག་བསམ་གྱི་བློས་རང་བྱུང་རྡོ་རྗེས་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ།

(༦༩༣)གནས་བརྟན་ཕག་མཆོད་བཞུགས།

(༦༩༤)འོད་སྣང་ལས་གྲུབ་གསེར་གྱིས་གཞིའི་དབུས། །རྟ་བ་བས་སྤངས་བའི་རིན་ཆེན་གཞལ་མེད་ཁང་། །མཐའ་བསྐོར་ཏཱ་ལའི་ལྗོན་པ་སྤོས་ཆུའི་ཀླུང་། །དབུས་སུ་པདྨ་སྟོང་ལྡན་གེ་སར་སྟོང་། །ཐུབ་པ་མཆོག་དང་གནས་བརྟན་བཅུ་དྲུག་རྣམས། །ཉན་ཐོས་དགྲ་བཅོམ་མང་པོའི་འཁོར་དང་བཅས། །ཐུགས་རྗེ་ཆེན་པོས་དགོངས་ཏེ་གཤེགས་སུ་གསོལ། །ཉེར་སྤྱོད་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཡན་ལག་བདུན་པའི་ཤིང་རྟས་དྲངས་ཏེ་འབུལ། །རྒྱལ་བ་སྟོན་མཆོག་ཁྱོད་ཀྱི་དམ་ཆོས་ནི། །མདོ་སྡེ་དང་ནི་མངོན་པའི་སྡེ་སྣོད་དེ། །བསྟན་པའི་ལམ་སྲོལ་ཇི་བཞིན་སྟོན་པ་ནི། །དམ་ཆོས་འདུལ་བའི་སྡེ་སྣོད་ཉིད་ཡིན་པས། །དེ་འཛིན་འཕགས་པའི་གནས་བརྟེན་བཅུ་དྲུག་ནི། །སློབ་པ་མིན་པའི་གོ་འཕང་བརྙེས་ཟིན་ཡང་། །བསྟན་འགྲོའི་དོན་དུ་ཉན་ཐོས་ཚུལ་བཟུང་ནས། བསྟན་པ་མ་ནུབ་བར་དུ་བཞུགས་ཕྱག་འཚལ། །དྲན་པ་ཉེ་བར་གཞག་པ་སོགས། །རྣམ་བྱར་རྒྱ་མཚོའི་མཆོག་སྡོང་ཆེ། །གསེར་གྱི་ལྷུན་པོ་ལྟ་བུའི་སྐུ། །སྟོན་པ་དྲང་སྲོང་ལ་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །གངས་རི་ཆེན་པོ་ཏི་སེན། །འཕགས་པ་གནས་བརྟེན་

(༦༩༥)ཡན་ལག་འབྱུང་། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། དྲང་སྲོང་རི་ཡི་ཤེལ་ནགས་ལ། །འཕགས་པ་གནས་བརྟེན་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ལོ་མ་བདུན་པའི་རི་ཕུན་ན། །འཕགས་པ་གནས་བརྟེན་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །འཛམ་བུ་གླིང་གི་ཟངས་གླིང་ན། །འཕགས་པ་གནས་བརྟེན་དུས་ལྡན་ཏེ། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །གསེར་གྱི་རྣ་སྐོར་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །སིང་ག་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་སྟོང་ཕྱག་གཅིག་གིས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ཆུ་བོ་ཡ་མུ་ནའི་གླིང་ན། །འཕགས་པ་གནས་བརྟེན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །ཆོས་འཆད་མཉམ་གཞག་མཛད་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །གནས་མཆོག་དམ་པ་ཁ་ཆེན། །འཕགས་པ་གནས་བརྟེན་གསེར་བེའ།ུ

(༦༩༦)དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ནུབ་ཀྱི་བ་ལང་སྤྱོད་ན་ནི། །བྷ་ར་ནྷཱ་ཛ་གསེར་ཆེན་མཆོག་ །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །བསྟན་དང་དེ་འཛིན་བྱིན་རློབས། །བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པ་གནས་བརྟེན་པ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཕྱག་གཡོན་ནེའུ་ལེ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ཀྲ་ཡང་ཀུ་ཡི་གླིང་ན་ནི། །འཕགས་པ་གནས་བརྟེན་སྒྲ་གཅན་ཟིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པ་གནས་བརྟེན་ལམ་ཕྲན་བརྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ཤར་གྱི་ལུས་འཕགས་གླིང་ན་ནི། །བྷ་ར་དྷཱ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུན་བཟེད་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་པ་གནས་བརྟན་ལམ་བསྟན་ནི། དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །གླེགས་བམ་ཆོས་འཆད་མཛད་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །རིའི་རྒྱལ་པོ་དོས་ཡངས་ལ། །འཕགས་པ་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བུམ་པ་འཁར་གསིལ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །རི་ཡི་རྒྱལ་པོ་བྷ་ཧུ་ལ། །འཕགས་པ་གནས་བརྟེན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་རྒྱས་སྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །རི་ཡི་རྒྱལ་པོ་གངས་ཅན་ལ། །འཕགས་པ་གནས་བརྟེན་མི་ཕྱེད་པ།

(༦༩༧)

(༦༩༨)།དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆེན་མཆོག་རྟེན་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །འཕགས་པ་དགེ་བསྙེན་དྷརྨ་ཏ། །རལ་པའི་ཐོད་བཅིངས་གླེངས་བམ་ཁུར། །སྣང་བ་མཐའ་ཡས་མདུན་ན་བཞུགས། །རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྦྱན་མི་བཟང་དང་རྣམ་ཐོས་སྲས། །རང་རང་འཁོར་འདུལ་སྒོ་བཞི་སྐྱོང་། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ལྷག་པའི་ཚུལ་ཁྲིམས་བསླག་པ་མཆོག་ལྡན་གཟུགས། །བསྟན་པའི་གཞི་མ་དམ་ཆོས་འདུལ་བ་ནི། །འཇིགས་སྐྱོབ་ལེགས་སྨོན་བློ་དང་མ་འདྲེས་པར། །འཁོར་བའི་རང་བཞིན་བསྡུག་བསྔལ་བདེན་པ་རུ། །ཤེས་ནས་ངེའི་རྒྱུ་ཀུན་འབྱུང་སྤོང་བྱེད་ཅིང་། །ལམ་གྱི་བདེན་པ་ལས་འབྲས་བསླུ་མེད་དང་། །གཞན་གནོད་གཞི་བཅས་དགེ་སྦྱོང་ཆོས་གཞི་བརྟག་ །ཉིས་བརྒྱ་ལྔ་བཅུ་སྤོང་བའི་ཚུལ་ཁྲིམས་དང་། །བཅུ་བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ལ། །ཕམ་ལྟུང་ཉེས་བྱས་ལྷག་མའི་སྐྱོན་བྲལ་ཞིང་། །གཞི་གསུམ་ཆོ་གས་རྣམ་པར་བྱང་བའི་ཁམས། །རྒྱུན་ཏུ་ཞུགས་སོགས་དགེ་སློང་འབྲས་བུ་བཞིར། །མངོན་པར་བྱང་ཆུབ་ལྷག་པའི་བསམ་གཏན་དང་། །ལྷག་པའི་ཤེས་རབ་རྣམ་པར་བྱང་བའི་གཟུགས། །དཀར་པོ་རྣམ་པར་འཕེལ་བའི་ས་བརྒྱད་ཀྱིས། །འགོག་བདེན་མངོན་གྱུར་དགྲ་བཅོམ་ཐོབ་པར་ཤོག་ །ཅེས་པའང་མོས་ལྡན་གྱི་སློབ་མའི་མཆོག་ཏུ་གྱུར་པ། ༢ཉི་གྲགས་གསུམ་པ་རིན་པོ་ཆེའི་དོར། ༢ཁ་ཆེ་པཎྜི་ཏའི་གསུང་རང་སོར་བཞག་ལ་སྔོན་རྗེས་ཀྱི་ཚིགས། །བཅད་བསྣན་ཏེ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་དབུར་སྟོད་འབྲི་གུང་དུ་སྦྱར་པའ།ོ

(༦༩༩)སྨྱུང་གནས་ཀྱི་ཆོ་ག་མདོར་སྡུས་འདུན་པ་བཟང་པོ་བཞུགས། ཨཱརྱལོ་ཀི་ཤྭ་ར་ཡ། བློ་གྲོས་དམན་པ་རྣམས་ཀྱིས་སྨྱུང་གནས་མོས་བས་སྤྱོད་པའི་ཚེ། །གནས་ཁང་ལག་དར་དང་མཆོད་པ་བཤམ། །ཉ་སྟོང་བརྒྱད་གསུམ་གང་ཡིན་ཡང་ཉ་ལ་མཚོན་ན་ཚེས་བཅུ་བཞིའི་ཧམ་སེང་ཙམ་ལ་ཁྲུས་བྱ། །རྟེན་གྱི་དྲུང་དུ་མཎྚལ་ནི། །ས་གཞི་སྤོས་ཆུ་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་ལ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག་ །ཡན་ལག་བདུན་པ་ནི། །ཕྱག་འཚལ་པ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་བོར་བསྔོ། །བྱང་སྡོམ་ལེན་པ་ནི། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ཚར་གསུམ། །དེ་ནས་སྡོམ་པ་ལེན་པའི་སྔོན་འགྲོ་ནི། །ཇི་ལྟར་སྔོན་གྱི་དགྲ་བཅོམ་གྱིས། །སེམས་ཅན་རྣམས་ལ་ཕན་ཕྱིར་དང་། །བྱང་ཆུབ་ཆོས་རྣམས་རྫོགས་བྱའི་ཕྱིར། །གསོ་སྦྱོང་མཛད་པ་དེ་བཞིན་དུ། །བདག་མིང་འདི་ཞེས་བགྱི་བས་ཀྱང་། །དུས་འདི་ནས་གཟུང་སང་གི་ཉིན། །མ་ཤར་བར་དུ་གསོ་སྤྱོང་བླང་། ལན་གསུམ། སྡོམ་པའི་དངོས་པོ་བརྗོད་པ་ནི། །དེང་ནས་སྲོག་གཅོད་མི་བྱ་ཞིང་། །བརྫུན་དང་འཁྲིག་དང་མ་བྱིན་ལེན། །ཉེས་པའི་འབྱུང་གནས་ཆང་སྤང་ཞིང་། །ཁྲི་སྟན་མཐོ་དང་དུས་མིན་བྲས། །དྲི་དང་ཕྲེང་རྒྱན་གླུ་གར་སྤང་། །ཡན་ལག་བརྒྱད་བའི་སྡོམ་པ་ལ། །བརྟེན་ནས་ཐར་པ་ཐོབ་བར་ཤོག་ །ཅེས་ལན་གསུམ་བརྗོད། །དེ་ནས་རང་གི་སྤྱི་བོར་བཅུ་གཅིག་ཞལ་སྒོམས་ནས། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་རྒྱ་ན། །ཐུགས་རྗེའི་

(༧༠༠)སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་གང་མང་བརྗོད་ལ་ཕྱག་འཚལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་རྒྱུན་མི་འཆད་པར་བཟླས་པས་འཕགས་པའི་ཐུགས་ཀ་ནས་འོད་ཟེར་བྱུང་སྟེ་བདག་ཉིད་ལ་ཐིམ་བས་སྡིག་སྒྲིབ་དག་པར་བསམ་ཞིང་། ཡན་ལག་བདུན་པ་དང་། པོ་བསྟོད་ལ་སོགས་ཤེས་ན་རབ། །མ་ཤེས་ཀྱང་སྐྱོན་གྱིས་མ་གོས་ལ་སོགས་པའི་ཤཽླ་ཀ་གཉིས་པོ་ལྡང་ལ་ཕྱག་ཅི་ལྕོགས་འཚལ། དེ་ལྟར་ཉིན་སྔ་མ་ཇི་ལྟ་བ་ལས་ཕྱི་ཉིན་ཟས་སྐོམ་ཆུང་ཟད་ཙམ་ཡང་མི་བསྟེན་པ་ལ་སྨྱུང་བར་གནས་པའི་ཐ་སྙད་བཏགས་པའང་ཤེས་པར་བྱ་ཞིང་། རྗེས་ལ་དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བའི་འདུན་པ་བྱའོ། །ཞེས་པའང་དགེ་སློང་མ་དཔལ་མོའི་སྨྱུང་གནས་ཀྱི་ཆོ་ག་སྒྲ་ཇི་བཞིན་པར་ཉམས་སུ་བླང་མི་ནུས་ཤིང་། ངག་འདོན་གྱི་རིགས་ཀྱང་ཁོང་དུ་མི་ཆུད་པའི་མོན་པའི་མ་རྒན་རྣམས་ཀྱི་དོན་དུ་དད་པའི་རྗེས་སུ་འབྲང་བ་ཁོ་ན་པདྨ་འོད་གླིང་ནས་བགྲིངས་པ་སེམས་ཅན་ལ་ཕན་པར་གྱུར་ཅིག་

(༧༠༡)རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མདོན་དགའི་བཞིང་སྦྱོང་བཞུགས།

(༧༠༢)མངོན་པར་དགའ་བ་རང་བཞིན་སྤྲུལ་པའི་ཞིང་། །བལྟ་ན་སྡུག་པའི་གཞལ་མེད་ཁང་ཆེན་དབུས། །རང་གི་སྤྱི་བོར་གླང་པོས་མཚན་པའི་ཁྲི་ར། །རྩ་བའི་བླ་མ་རྡོ་རྗེ་མི་བསྐྱོད་པ། །སྐུ་མདོག་དཀར་གསལ་རྡོར་དྲིལ་ཡུམ་དང་འཁྲིལ། །ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །རིགས་ཀུན་འདུས་པའི་བདག་ཉིད་ཆེན་པོ་ལ། །ཕྱག་འཚལ་སྐྱབས་མཆི་ལུས་དང་ལོངས་སྤྱོད་འབུལ། །སྡོམ་གསུམ་དམ་ཚིག་ཉམས་པ་མཐོ་ལོ་བཤགས། །བྱང་ཆུབ་བསོད་ནམས་མཆོག་ལ་རྗེས་ཡི་རང་། །ཐེག་པ་རྒྱ་མཚོའི་ཆོས་འཁོར་བསྐོར་དུ་གསོལ། །རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་གསོལ་འདེབས། །དགེ་ཚོགས་འཁོར་གསུམ་ཡོངས་དག་ཆེན་པོར་བསྡོ། །ཁྱེད་ཤེས་མོས་གུས་གདུང་བས་གསོལ་བའི་འདེབས། །སྐུ་མཆོག་རྡོ་རྗེ་མཛོད་སྤུའི་དཀྱིལ་འཁོར་ནས། །གདན་གསུམ་ཚང་པའི་དཀྱིལ་འཁོར་མངོན་སྤྲུལ་ཏེ། །བུམ་དབང་བསྐུར་ནས་ཕུང་ཁམས་སྐྱེ་མཆེད་ཚོགས། །ཡོངས་གྲུབ་གདན་གསུམ་འཁོར་ལོར་སྨིན་བྱིན་རློབས། །ཨེ་ལྦཾ་ཟུང་འཇུག་རོལ་པའི་དཀྱིལ་

(༧༠༣)འཁོར་ནས། ཞུ་བ་སྐུ་དང་བདེ་བ་གསུང་རྡོ་རྗེ། །མི་རྟོག་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནི། །བྱང་ཆུབ་སེམས་དང་རྣམ་ཐར་གསུམ་ལྡན་གྱི། །ཆོ་གས་མཆོག་དབང་རྣམ་གསུམ་མངོན་བྱས་ཏེ། །རླུང་ཡིང་ཤེས་བྱའི་སྒྲིབ་པ་དྷཱ་ཏིའི་དབྱིངས། །ཅིག་ཅར་བཅོམ་ནས་དགའ་མཆོག་ཁྱད་པར་གྱི། །དཔེ་དོན་ལྷན་སྐྱེས་ཡེ་ཤེས་མཐོང་སྒོམ་ལམ། །སློབ་པ་མིན་པ་ཡེ་ཤེས་བླ་མའི་དབྱིངས། །བདེ་གཤེགས་ཁམས་ཀྱི་ཡོན་ཏན་མཐར་ཕྱིན་སྩོལ། །ཨོཾ་ཨཱགུ་རུ་བཛྲ་ས་ཏྭ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་མོས་གུས་གདུང་བའི་དང་ནས་བཟླས་པ་བྱ་བ་དང་ལྷན་ཅིག་དབང་བཞིའི་དོན་སྒྲ་ཇི་བཞིན་པའི་དམིགས་པ་ལ་བསྟེན་གོམས་བྱ་བ་ནི་བླ་མའི་ཞལ་ལས་ཤེས་ཤིང་། ཤིན་ཏུའང་ཐུན་མོང་མ་ཡིན་པའི་མན་ངག་ཏུ་རིག་པར་བྱའོ། །དཔོན་པོ་འོད་ཟེར་ཕྲིན་ལས་ཀྱི་དོར་རྒྱལ་བའི་དགོངས་བརྒྱུད་མངོན་དུ་ཕྱུང་བ་རིག་འཛིན་འཇིགས་བྲལ་གླིང་པས་སོ། །སངས་རྒྱས་སྣང་བ་མཐའ་ཡས་ལ་བརྟེན་པའི་སྐུ་གསུམ་བླ་མའི་རྣལ་འབྱོར་བཞུགས། །སྣང་སྲིད་ཐམས་ཅ་བདེ་བ་ཅན་གྱི་ཞིང་། །ཕྲ་རབ་རྡུལ་སྙེད་གསེར་གྱིས་གཞི་ལ། །རིན་ཆེན་སྣ་ཚོགས་ལྗོན་པའི་ཡ་ལད་ཅན། །འབབ་སྟེགས་བསེ་བའི་ཀླུང་དང་བྱ་སྐད་སྙན། །ཀུན་ཀྱང་འཕགས་པའི་བདེན་པ་འབའ་ཞིག་སྒྲོག་ །སྡུག་བསྔག་བདེན་པས་ཞིང་ཁམས་ན། །ཐ་གྲུ་མི་མངོན་གཞལ་མེད་ཕོ་བྲང་དབུས། །རང་གི་སྤྱི་བོར་རྨ་བྱས་བཏེག་པའི་ཁྲིར། །པད་ཟླའི་གདན་ལ་རྩ་བའི་བླ་མ་ནི། །འོད་་སྣང་མཐའ་ཡས་བྱི་རུའི་ལྷུན་པོ་ལ། །ཆོས་གོས་གསུམ་གྱི་དབང་ཞུས་དཀྱིས་པའི་མདངས། །མཚན་དཔེ་ཡོངས་རྫོགས་མཉམ་གཞག་ལྷུང་བཟེད་ཅན། །གཡས་

(༧༠༤)གཡོན་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །མདུན་ན་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །རྒྱབ་དང་བྱང་སེམས་དགྲ་བཅོམ་ཚོགས་བསྐོར། །རྒྱལ་ཀུན་འདུས་པའི་བདག་ཉིད་ཅན་རྣམས་ལ། །སྙིང་ནས་སྐྱབས་མཆི་བྱང་ཆུབ་སེམས་མཆོག་བསྐྱེད། །ཕྱག་འཚལ་ལུས་དང་ལོངས་སྤྱོད་ལྟོས་མེད་འབུལ། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །མྱ་ངན་འདའ་བ་མེད་པར་བརྟེན་བཞུགས་ནས། །བདག་དང་མ་གྱུར་སེམས་ཅན་ཐམས་ཅད་ལ། །འདི་ཕྱི་བར་དི་ཀུན་ཏུ་ཐུགས་རྗེས་གཟིགས། །དུས་གསུམ་བསགས་པའི་དགེ་རྩ་བྱང་ཆུབ་བསྔོ། །ཚེ་འདིའི་འདུ་བྱེད་སྟོངས་པར་གྱུར་མ་ཐག་ །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག་ །ཨོཾ་ལ་མ་ར་ཎི་ཇི་ལྦནེྟ་ཡེ་སྭཱ་ཧཱ༔ ཞེས་བཟླ་བཞིན་དུ་དབང་བཞི་བླང་པར་བྱའོ། །འདི་ནི་བྱིན་རླབས་ཤིན་ཏུ་མྱུར་ཞིང་། །དགོངས་གཏེར་དུ་བབས་ནས་རིང་ཞིག་ལོན་ཡང་ཡི་གེར་མ་འཁོད་པ་འཇིགས་མེད་ཤེས་རབ་ཀྱི་ངོར་བཀོད་པའོ། །སྔ་འགྱུར་བསྟན་བའི་སྲོལ་འབྱེད་ཆེན་པོ་རྣམས་ལ་གསོལ་བའི་འདེབས་པ་ནི། ཨེ་མ་ཧོ། །རང་སྣང་རིག་པ་དོན་གྱི་བླ་མའི་སྐུ། །མཚོན་བྱེད་དཔེ་ཡིས་བདེན་པ་སྟོན་པའི་སླད། །གནས་ལུགས་གྲུབ་པ་མེད་བཞིན་མཚན་དཔེའི་གར། །སྔ་འགྱུར་ལོ་པཎ་རྣམས་ལ་གསོལ་བ་འདེབས། །རྩོད་དུས་ཤླཀྱའི་བསྟན་པ་གཟུགས་བརྙན་གྱིས། །འཛིན་པའི་ལུང་བསྟན་བདེན་པ་མངོན་གྱུར་ཚེ། །བསམས་བཞིན་རྒྱན་དྲུག་མཆོག་གཉིས་གངས་རིའི་ཐོད། །དྲི་མེད་འོད་ཟེར་འགྱེད་ལ་གསོལ་བ་འདེབས། །ཆོས་ཀུན་དེ་ཉིད་འདུས་པ་མདོ་སྒྱུ་སེམས། །དར་བའི་མོད་ལ་གངས་ཅན་རི་ཡི་ལྗོངས། །ཨོ་རྒྱན་ཡུལ་བཞིན་བསྐལ་བ་དགེ་མཛད་པ། །ཟུར་པ་མེས་དཔོན་གསུམ་ལ་གསོལ་བ་འདེབས། །སྒྲ་

(༧༠༥)ཚད་རྟོག་གེའི་རིག་པས་མ་བསྙེམས་ཤིང་། །ཐེག་དམན་ལམ་གྱི་འཆིང་བ་ཀུན་གྲོལ་བས། །ངེས་དོན་རྒྱུད་སྡེའི་རྒྱངས་གླུ་ལེན་མཁས་པ། །རོང་ཟོམ་པཎིྜ་ཏ་ལ་གསོལ་བ་འདེབས། །བསླད་གསུམ་རྣམ་དག་ཁྲིམས་ཀྱི་ཞིང་ས་ལ། །བསྟེན་མཁས་ཡོན་ཏན་རྫོགས་པའི་དཔལ་གྱི་མགུར། །སྒྲ་དབྱངས་ལྷ་མས་འཁྱུད་པའི་མངའ་རིས་པ། །པདྨ་དབང་རྒྱལ་ཞབས་ལ་གསོལ་བ་འདེབས། །རིམ་དགུའི་བསྟན་པ་རྒྱ་མཚོའི་གཙུག་ཏོར་རྩེར། །རྣམ་པར་རིག་བྱེད་མིན་གཟུགས་ཤེས་རབ་ཀྱིས། །འོད་ཟེར་སྣང་བས་ཤཱནྟ་བུ་རའི་གྲོང་། །བསྙེན་མཁས་འགྲོ་འདུལ་གླིང་པར་གསོལ་བ་འདེབས། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཔལ་མགོན་བླ་མ་རྣམས་ཀྱིས་ཐུགས་རྗེ་ཡིས། །རྡོ་རྗེ་ཐེག་པའི་རིང་ལུགས་མ་ནོར་བའི། །ཆོས་དང་བླ་མ་དམ་པ་མཇལ་བར་ཤོག་ །ཅེས་པའང་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི་བསྟན་པའི་སྲོལ་འབྱེད་ཆེན་པོ་འདི་དག་ཡིན་ནོ་ཞེས་བསྟོན་པའི་སླད་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སྨྲས་པའོ། །ཇི་ནོ་རིན་པོ་ཆེར་གསོལ་འདེབས་སྨོན་ལམ་དང་འབྲེལ་བར་དབང་བཞི་ལེན་ཚུལ་བཞུགས། །རྒྱལ་བ་ཐུབ་དབང་ཉིན་བྱེད་ནི། །མི་མཛད་ཞིང་གི་སྒྲོན་མ་སྟེ། །སྤྲུལ་པས་འཛམ་བུའི་གླིང་འདུལ་བ། །གང་ལ་སྙིང་ནས་སྐྱབས་སུ་མཆི། །ཁྱོད་སྐུ་རིག་གྲོལ་ཉིས་ལྡན་ཏེ། །གསུང་ནི་འགོ་ལམ་བདེ་ན་གཉིས་ཆོས། །ཐུགས་ནི་བླ་ཆོས་སྐུའི། །དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ལ། །རྣམ་དག་བདུན་དང་ཆབ་གཅིག་ཏུ། །ལུས་དང་ལོངས་སྤྱོད་ལྟོས་མེད་འབུལ། །ལས་ཀྱིས་གཞན་དབང་ཅི་མཐོང་ཡང་། །ཁྱེད་ཤེས་དམ་བའ་བརྟེན་པོ་འཛིན། །ཁྱོད་ཞལ་མཐོང་པའི་མོད་ཉིད་ལ། །མོས་གུས་བཟོད་བླག་མེད་པ་དེ། །བུམ་པའི་དབང་གི་ངོ་བོ་ཉིད། །ལུས་

(༧༠༦)སྒྲིབ་དག་ནས་སྐུ་རྡོ་རྗེ། །ད་ལྟ་ཉིད་དུ་ཐོབ་བྱིན་རློབས། །ཁྱོད་གསུང་སྒྲ་ཚིག་རང་ཚན་ལས། །འདས་པ་གསང་བ་དམ་པའི་དབང་། །བདག་གི་ངག་ལ་ཞུགས་པའི་མོད། །གསུང་གི་རྡོ་རྗེའི་གྲུབ་སྩོལ། །ཐུགས་ནི་ཟབ་ཞི་སྤྲོས་དང་བྲལ། །བདེ་ཆེན་བྱང་ཆུབ་ཤེས་རབ་དབང་། །བདག་གི་རྣམ་ཤེས་ཚོགས་བརྒྱད་ལ། །འདྲེས་ནས་ཐུགས་ཀྱི་རྡོ་རྗེར་སྩོལ། །རྒྱལ་བའི་མཛོད་སྤུ་ལས་སྐྱེས་པའི། །འོད་ཟེར་ཆེན་པོའི་དབང་མཆོག་གིས། །ཤེས་བྱའི་སྒྲིབ་པ་རབ་སྤངས་ནས། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག་ །བདག་ལ་སྨོད་དམ་གཤེ་ཡང་རུང་སེམས་ཅན་ཕ་མའི་རང་བཞིན་ལ། །བྱས་པ་གཟོ་བའི་སྙིང་རྗེ་ཡིས། །འཁོར་བ་དོང་ནས་སྤྲུལ་པ་ཤོག་ །ཅེས་པའང་དད་ལྡན་གྱི་སློབ་མ་ཆོས་ཀྱི་གྲགས་པ་ཇོ་ནོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་སྨོན་ལམ་གསོག་པའི་ཚེ་བསྐུལ་བ་བཞིན། །རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ། །མཛད་བཅུ་དབང་བཞི་དང་སྦྱར་བཞུགས། །དབང་ཕྱུག་ལུས་དཀྱིལ་དགའ་བ་བརྒྱ་ལྡན་ནས། །གདན་གསུམ་གཉིས་འཐུང་འཕོས་ཏེ་རིག་པའི་དབང་། །ལྷུམས་ཞུགས་མངོན་བྱང་ལྔ་ཡིས་སྤྲུལ་པའི་སྐུར། །བཟོ་སྦྱངས་རྣམ་སྨིན་རིགས་འཛིན་ཐོབ་ཡིན་རློབས། །གསང་བའི་དབང་གིས་བདག་ཉིད་གྲག་འཛིན་མ། །ཡིད་ཀྱི་ཆོ་གར་བཀོད་པས་རླུང་ཁམས་དག་ །ཤེས་རབ་ཡེ་ཤེས་བཙུན་མོའི་སྒྱུ་མ་ལས། །ཚེ་དབང་ཕྱག་རྒྱའི་རིག་འཛིན་ཐོབ་བྱིན་རློབས། །སྲིད་པ་བཤིག་པའི་ངེས་འབྱུང་དཀའ་སྤྱད་ཀྱིས། །སྙོམས་འཇུག་བས་མ་གཏན་ལ་གོ་མས་ལས་རླུང་བདུད། །དྷཱུ་ཏི་ར་བཅོམ་ནས་བྱང་ཆུབ་ཞི་བ་ཆེ། །ལྷུན་གྲུབ་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །རིམ་དང་ཅིག་ཅར་སྒྲ་ཚིག་རང་ཚན་ལས། །འདས་པའི་ཆོས་འཁོར་རིག་པའི་རྩལ་དབང་མཐར། །ཆོ་འཕྲུལ་ཆེ་བསྟན་ཉེ་བར་ཞི་བ་ལྟར། །རྫོགས་སྨིན་

(༧༠༧)སྦྱངས་པའི་ཡོན་ཏན་ཐོབ་པར་ཤོག་ །ཅེས་པའང་ལྷོ་རྒྱུད་ནགས་མའི་ལྗོགས་ཀྱི་བུ་སློབ་རྣམ་པའི་སྣང་ངོ་དང་བསྟུན་ནས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །རྫོགས་སྨིན་སྤྱོད་བའི་སྨོན་ལམ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །འཕགས་པ་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །དལ་འབྱོར་མི་ལུས་ཐོབ་སྙམ་ཡང་། །ལོག་ལྟས་མི་ཁོམ་གནས་སུ་བསྐྱལ། །ཁ་ལྟས་རྒྱུ་འབྲས་ཁྱད་དུ་གསད། །ལས་མཐའ་ལོག་པས་རང་འབྱོར་ཉམས། །དམ་པས་མ་ཟིན་གཞན་འབྱོར་སྤངས། །འཇིགས་སྐྱོབ་ལེགས་སྨོན་ཆོས་སུ་འཁྲུལ། །དཀོར་དང་ལོག་འཚོ་ར་བག་མེད་སྤྱད། །ཆོས་པའི་གཟུགས་ལ་ཆོས་མིན་སེམས། །ཤི་མ་ཐག་ཏུ་ངན་སོང་ལས། །འགྲོ་ས་མེད་པ་བདག་གི་བློ། །སྙིང་ནས་ཆོས་ལ་འགྱུར་བར་ཤོག་ །དེ་ཡང་བླ་མ་དམ་པས་ཟིན། །ངེས་འབྱུང་སྐྱོ་ཤས་མོས་གུས་དང་། །སྙིང་རྗེ་བྱང་ཆུབ་དམ་པའི་སེམས། །རྒྱུད་ལ་དམ་དམ་ཤུགས་ཀྱིས་སྐྱེ། །སེམས་ཅན་ཀུན་ལ་ཕན་སེམས་དང་། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ལ། །བདུད་ཀྱི་བར་གཅོད་མི་འབྱུང་ཞིང་། །ཚེ་དང་སྒྲུབ་པ་མཉམ་པ་ཡིས། །གྲངས་མེད་དང་པོའི་ཚོགས་སྦྱོར་ལམ། །ཐབས་ལ་མཁས་པས་འདུམ་པར་ཤོག་ །རྡོ་རྗེའི་ལམ་ལ་རྣལ་འབྱོར་པའི། །མཐོང་ལམ་བདེན་པས་མ་དག་པ། །བདུན་གྱིས་གྲངས་མེད་གཉིས་རྫོགས་ཤིང་། །དག་ས་གསུམ་གྱིས་གྲངས་མེད་མཐའ། །མཆོག་དབང་ལྷན་སྐྱེས་ཡེ་ཤེས་དབྱིངས། །མངོན་སུམ་རྫོགས་ཀྱང་ཡང་དག་མཐའ། །མངོན་དུ་མི་བྱེད་སྨོན་ལམ་རྫོགས། །སེམས་ཅན་ཡོངས་སུ་སྨིན་བྱེ་ཅིང་། །སྣོད་དང་བཅུད་ཀྱིས་བསྡུས་པ་ཡིས། །སངས་རྒྱས་ཞིང་ཁམས་སྦྱོང་བ་སྟེ། །རྫོགས་སྨིན་

(༧༠༨)སྦྱངས་གསུམ་མཐར་ཕྱིར་ཤོག་ །ཅེས་པའང་དགེ་འདུན་དོན་གྲུབ་ཀྱི་ངོར། །རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །གསོལ་བ་འདེབས་མཚང་འདོན་མ་བཞུགས། །རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ནི། །མཚན་ཉིད་ཀུན་ལྡན་བླ་མ་སྟེ། །རང་སེམས་ཆོས་སྐུར་ངོ་སྤྲོད་པ། །བདག་ལ་སངས་རྒྱས་ཀུན་ལག་ལྷག་ །རེས་ཁྱོད་ལས་མེད་པ་ལ། །ཐུགས་རྗེའི་ཀློང་ནས་འདོར་ཕོད་དམ། །བྱིས་དང་སྡིག་གྲོགས་འདུ་འཛིའི་ཁྲོད། །ཆོས་མིན་ཆོས་ལྟར་བཅོས་པ་ཡི། །བསྐལ་པ་ངན་པ་བདག་ཅག་གི། །རྒྱུད་ལ་ངེས་འབྱུང་སྐྱོ་ཤད་དང་། །བྱང་ཆུབ་སེམས་གཉིས་བསྐྱེད་བྱིན་རློབས། །སྔོན་ཆད་ཚུལ་ཁྲིམས་གོས་ལ་རེ། །དཀོན་མཆོག་དཀོར་ལ་བག་མེད་སྤྱད། །ལྟར་སྣང་ཆོས་བརྒྱད་ཆོས་དང་འཁྲུལ། །ད་ནི་འཆི་བ་སྙིང་དྲན་གྱི། །རི་ཁྲོད་ནགས་ཁྲོད་དབེན་པ་རུ། །གཏན་གྱི་མདུན་མ་སྒྲུབ་བྱིན་རློབས། །ཆོས་ཀྱི་གེགས་ནི་ཅིར་ཡང་བརྫུ། །གཉེན་བཤེས་འདུ་ལོང་ཟང་ཟིང་དང་། །རང་དོན་ཤོར་བའི་གཞན་དོན་དང་། །འགྲན་སེམས་ཕྲག་དོག་སྙན་གྲག་བསྒྲུབ། །དབེན་པ་བརྟེན་ཀྱང་ཞི་བ་དེར་གཞོལ། །སྒྲོ་གསུམ་ཐ་མལ་ཤོར་བའི་འཚེ། །རང་སྐྱོན་རང་གིས་རིག་གྱུར་ནས། །བླ་མའི་ཞལ་གདམས་དྲན་པར་ཤོག་ །དྲན་ཤེས་མེད་པའི་དགེ་སྦྱོར་དང་། །ལྟ་བས་མ་ཟིན་བསྐྱེད་རིམ་དང་། །གོ་ཡུལ་ཤོར་བའི་སྟོང་ལྟ་སོགས། །སངས་རྒྱས་ལམ་ལ་ཐག་རིང་བས། །བླ་མ་མཆོག་ལ་མོས་གུས་དང་། །ཟོལ་འགོགས་མེད་པའི་དད་པ་དང་། །སེམས་ཅན་ཕ་མར་ཤེས་པ་ཡི། །སྙིང་རྗ་རྒྱུན་ཆད་མེད་པར་ཤོག་ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི། །རྩ་བ་བྱང་ཆུབ་སེམས་ལ་འདུ། །དེ་ཕྱིར་གཞན་ལ་ཕན་སྲིད་ན། །སྲོག་ཀྱང་གཏང་བའི་སྙིང་སྟོབས་དང་། །དེ་ལའང་བྱས་ཡུས་མི་སྐྱེ་བར། །དྲན་པའི་རྩི་དང་མི་འབྲལ་

(༧༠༩)ཤོག་ །སེམས་ཅན་ཀུན་ལ་བུ་གཅིག་ལྟར། །བརྩེ་ཞིང་མཛད་པ་ཕྲིན་ལས་ཀུན། །འགྲོ་ལ་ཕན་པ་ལྷུར་མཛད་པའི། །སྐྱེས་བུ་དམ་པ་ཐམས་ཅད་དང་། །བདག་ཉིད་སྨིན་གྲོལ་ལམ་བཀོད་པའི། །བཀ་དྲིན་ཅན་གྱི་བླ་མ་མཆོག །ཞབས་པར་བསྐལ་བརྒྱར་བརྟན་པ་དང་། །བདག་གི་མོས་གུས་ལྕགས་ཀྱུ་ཡིས། །བླ་མ་དམ་པའི་ལུང་རྟོགས་ཀྱི། །དགོངས་སྤྱོད་སྙིང་དབུས་འདྲོངས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་གྱུར་ཏེ། །ཁམས་གསུམ་འཁོར་བའི་རྒྱ་མཚོ་འདི། །ཅིག་ཅར་དོང་ནས་སྤྲུག་ནུས་ཤོག་ །དགེ་འདུན་དོན་གྲུབ་ཀྱི་ངོར་གོང་པོའི་རིའི་ཉེ་འདབས་སུ། །རིག་འཛིན་འཇིགས་མེད་གླིང་པས་སོ། །རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབས་གསོལ་འདེབས་ཞུགས། །མགོན་པོ་སྲིད་ཞིའི་ཁྱབ་བདག་ཀུན་ཏུ་བཟང་། །གཞི་རྒྱུད་བདེ་གཤེགས་སྙིང་པོའི་ངོ་བོ་ཉིད། །སྟོང་ཉིད་སྙིང་རྗེར་ཤར་བ་སྤྱན་རས་གཟིགས། །དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བཅོམ་ལྡན་འོད་སྲུངས་དྲུང་ན་ཀྲི་ཀིའི་སྲས། །ཉ་མའི་གཉེན་གྱི་མཆེད་གྱུར་གཅིང་མཛེས་དགའ། །སྲོང་བཙན་སྒམ་པོའི་རྣམ་སྤྲུལ་ཨ་ཀར་མ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །བིར་ལྦ་པ་དང་ལྕམ་པདྨ་གསལ། །གཙུག་ལག་འཛིན་དངོས་རྒྱལ་སྲས་ལྷ་རྗེའི་ཞབས། །དྲི་མེད་ཀུན་ལྡན་ཡར་རྗེ་ཨོ་རྒྱན་གླིང་། །ཟླ་འོད་གཞོན་ནུ་གྲགས་རྒྱལ་ལ་གསོལ་བ་འདེབས། །པཎ་ཆེན་བི་མའི་དངོས་སྤྲུལ་བསམ་ཡས་པ། །མངའ་རིས་པཎ་ཆེན་ཆོས་རྒྱལ་ཕུན་ཚོགས་ཞབས། །བཀྲ་ཤིས་སྟོབས་རྒྱལ་འཛམ་གླིང་རྡོ་རྗེའི་གར། །འཇིགས་མེད་གླིང་བ་ར་བརྒྱུད་ལ་གསོལ་བ་འདེབས། །འདི་འོག་ཡེ་ཤེས་རྡོ་རྗེའི་རོལ་པ་ཡིས། །རྡོ་རྗེ་སྙིང་པོའི་རིང་ལུགས་བསླངས་ནས་སླར། །གཤེ་

(༧༡༠)ཞིང་སྐུར་པ་འདེབས་པ་རྣམས་ཀྱི་དོན། །སྤྲུལ་པ་སྣ་ཚོགས་སྟོན་ལ་གསོལ་བ་འདེབས། །མདོར་ན་འོས་སྲུང་དྲུང་དུ་སེམས་བསྐྱེད་ནས། །བྱང་ཆུབ་སྤྱོད་པ་རླབས་ཆེན་རྫོགས་པའི་མཐར། །རྣམ་པར་རྒྱལ་བ་ཅན་དུ་འཚང་རྒྱ་བའི། །འདུས་པ་དང་པོའི་འཁོར་དུ་སྐྱེ་བར་ཤོག་ །ཅི་མཛད་ལེགས་པར་མཐོང་བའི་དད་གུས་ཀྱིས། །ཁྱོད་ཞལ་ཡིད་ལ་བྱེད་པ་ལ་གོམས་པས། །བླ་མ་མཆོག་དང་ནམ་ཡང་མི་འབྲལ་ཞིང་། །ཚོམ་བུ་གཅིག་ཏུ་མངོན་པར་སངས་རྒྱས་ཤོག་ །ཅེས་པའང་རྗེ་བཙུན་ཛྙཱ་ནའི་མང་ཅན་སོགས་དང་ལྡན་འགས་བསྐུལ་བ་ལས་འཁྲུལ་སྣང་ལ་ཤར་ཚོད་ཙམ་སོར་བཞག་ནས་མཁྱེན་བརྩེའི་ལྷས་སོ། །རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་རྣམ་ཐར་གསོལ་འདེབས་བཞུགས། སྲིད་ཞི་ཀུན་གྱི་མགོན་པོ་སྤྱན་རས་གཟིགས། །བཅོམ་ལྡན་འོད་སྲུངས་དྲུང་ན་ཀྲི་ཀིའི་སྲས། །ཤཱཀྱ་ཐུབ་པའི་མཆེད་ཟླ་གཅུང་དགའ་བོ། །དགྲ་བཅོམ་མཚན་བཟང་ལྡན་ལ་གསོལ་བ་འདེབས། །ཐེག་མཆོག་སྟོན་པ་དགའ་རབ་ཤྲཱི་སེང་། །དྲི་མེད་བཤེས་གཉེན་སྲོང་བཙན་ཨ་ཀར་མ། །རྗེ་འབངས་གྲོགས་གསུམ་རྒྱལ་སྲས་ལྷ་རྗེའི་རྒྱུད། །རྣམ་འཕྲུལ་དུ་མར་ཤར་ལ་གསོལ་བ་འདེབས། །གཞོན་ནུ་རོལ་རྩེད་དུས་ནས་སྙིང་རྗེ་དང་། །ངེས་འབྱུང་སྐྱོ་ཤས་དྲག་པོས་རྒྱུད་བརླན་ཏེ། །དབེན་པ་ཁོ་ནར་མོས་བའི་ཞེན་ལོག་གིས། །འདུ་འཛིའི་གཡུལ་ལས་རྒྱལ་ལ་གསོལ་བ་འདེབས། །ཉི་ཤུ་རྩ་ལྔའི་ལོ་ནས་ཚོགས་སྦྱོར་ལམ། །མོས་གུས་སྙིང་རྗེ་བསྐྱེད་རྫོགས་ཐབས་ལམ་ལ། །སྒྲུབ་པའི་དཀའི་ཐུབ་བསྟེན་པས་ཆོས་ཉིད་དོན། །མ་ནོར་མངོན་སུམ་མཐོང་ལ་གསོལ་བ་འདེབས། །དཔལ་གྱི་བསམ་ཡས་མཆིབས་ཕུའི་དགེའུ་རུ། །ཀུན་མཁྱེན་ཞལ་གཟིགས་ལུང་བསྟན་ཐོབ་

(༧༡༡)པའི་མོད། །ཇི་ལྟ་ཇི་སྙེད་སྤོབས་པའི་གཏེར་གྲོལ་ཏེ། །མངོན་པའི་ང་རྒྱལ་ཟད་ལ་གསོལ་བ་འདེབས། །རྙིང་བསྟན་རི་མོའི་མར་མེ་ལྟར་གྱུར་དུས། །རྒྱུད་འབུམ་གླེགས་བམ་རྫོགས་དང་ཆོས་འབྱུང་བསྐྲུན། །མདོ་སྒྱུ་སེམས་གསུམ་སྙིང་ཏིག་བཀའ་གཏེར་གྱི། །བསྟན་པ་མ་ནོར་འཛིན་ལ་གསོལ་བ་འདེབས། །སྔ་འགྱུར་གྲུབ་མཐའ་ཆོས་ལུགས་སྣ་ཚོགས་ཀྱིས། །རྙོག་མར་གྱུར་ལ་གཞན་སྡེས་གཤུང་བའི་ཚེ། །ཡོན་ཏན་རིན་ཆེན་མཛོད་ཀྱི་ཤིང་རྟ་ཆེས། །རང་སྡེའི་གྲུབ་མཐའ་སློང་ལ་གསོལ་བ་འདེབས། །ཐོས་པ་ཉུང་དང་བློ་གྲོས་བླུན་པོ་རྣམས། །ཁྲོན་པའི་ལག་འགྲོ་རྨོངས་པའི་ཕྱོགས་འཛིན་ཡང་། །མཁས་དང་དམ་པའི་རྒྱུ་སྐར་ཆེན་པོའི་དབུས། །བསྟན་པའི་ཉིན་བྱེད་འབར་ལ་གསོལ་བ་འདེབས། །གང་ཞིག་འཕགས་པའི་སྤངས་རྟོགས་བརྙེས་པ་རྣམས། །རྣམ་རྟོག་རང་རྒྱུད་ལས་འདས་ཆོས་ཉིད་ཕྱིར། །སྒོམ་བྱུང་ཤེས་རབ་ཟླ་བ་ཉ་གང་ནས། །ཆོས་ཀྱི་གཏེར་མཛོད་རྙེད་ལ་གསོལ་བ་འདེབས། །དབེན་པ་ཁོ་ནར་སྦས་ཀྱང་ལས་ཅན་རྣམས། །མཚོ་ལ་དང་པ་ཇི་བཞིན་རིང་ནས་འདུ། །སྐལ་མེད་རྟག་ཏུ་བསྙེན་ཀྱང་མི་ཐུལ་ན། །མང་པོའི་ཚོགས་དཔོན་སྤངས་ལ་གསོལ་བ་འདེབས། །མ་ནོག་ཆུང་ཚེ་འདིའི་ཕུན་ཚོགས་ལ་དམིགས་ནས། །འཇིག་རྟེན་ཆོས་དང་མཐུན་པར་མི་འཇུག་ཀྱང་། །རྣམ་མཐར་ངོ་ལྐོག་སྤངས་པའི་བརྟུལ་ཞུགས་ལ། །ས་ར་ཧ་པ་དགྱེས་ལ་གསོལ་བ་འདེབས། །བློ་སྣ་ཐུང་ཡང་བསྟན་འགྲོའི་དོན་ལ་བརྩོན། །ཡང་དག་ལམ་འཇུག་ཆོས་ཚུལ་ཙམ་མི་དམོད། །བསྟོད་བསྔགས་བཀུར་སྟིས་མི་ཁེངས་སྒྲོ་སྐུར་གྱིས། །འཇིགས་བྲལ་དཔལ་པོ་ཁྱེད་ལ་གསོལ་བ་འདེབས། །དད་གཤིན་རྫས་ལ་གཟི་བྱིན་མི་བསྒྲུབ་ཅིང་། །བཀའ་འགྱུར་ལ་སོགས་སྐུ་གསུང་ཐུགས་རྟེན་བསྐྲུན། །མེས་དཔོན་གནས་ལ་ཁྲི་མཆོད་སྲོག་བསླུ་སོགས། །འབྲེལ་ཚད་དོན་ལྡན་སྦྱོར་ལ་གསོལ་བ་འདེབས། །མཉམ་རྗེས་ཀུན་ཏུ་ཆགས་སྡང་རེ་དོགས་

(༧༡༢)ཀྱི། །ཁྱོད་སེམས་འཁྲུགས་པ་མ་ཡིན་དབང་པོ་ལ། །སྤྱན་རས་གཟིགས་མགོན་བཞུགས་པའི་བྱིན་རླབས་ཀྱིས། །འགྲོ་དོན་འཁོར་བ་དོང་སྤྲུགས་ལ་གསོལ་བ་འདེབས། །ད་དུང་སེམས་ཅན་ཁམས་ནི་རྫོགས་པར། །གཞན་དོན་འབྱུང་བ་བྱང་ཆུབ་སེམས་གཉིས་ཀྱི། །ཁྱད་ཆོས་བསླུ་བ་མེད་པ་ཡིན་པའི་ཕྱིར། །གདུལ་བྱར་མ་གྱུར་སེམས་ཅན་ཡོད་མིན་ཡང་། །སློབ་མར་གྱུར་ནས་དམ་ཚིག་དག་པ་དང་། །བཀའ་བཞིན་བསྒྲུབས་ནས་ཐུགས་ཡིད་འདྲེས་པ་རྣམས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྟེན་འབྲེལ་འགྲིག །རྣམ་པར་རྒྱལ་བ་ཅན་དང་དབྱེར་མེད་ཤོག་ །ཅེས་པའང་ལས་ཅན་གྱི་སློབ་མ་མདོ་སྨད་པ་འཇིགས་མེད་ཕྲིན་ལ་འོད་ཟེར་གྱི་ནན་ཏན་ཆེན་པོའི་ངོ་མ་ཟློག་པར་ལེགས་བྱས་ཀྱི་ཕྱོགས་ནས་བསྙད་པའོ། །གཅིག་ཆོད་ནོར་བུ་ལུགས་ཀྱི་གསོལ་འདེབས་བཞུགས། །མཚན་ཉིད་ཀུན་ལྡན་བླ་མ་ནི། །དུས་གསུམ་སངས་རྒྱས་འདུས་པའི་དཔལ། །རང་སེམས་ཆོས་སྐུར་ངོ་སྤྲོད་པ། །གང་ལ་གསོལ་བ་སྙིང་ནས་འདེབས། །ས་ལམ་འབྲས་བུའི་ཡོན་ཏན་ཀུན། །བླ་མའི་བྱིན་རླབས་ཁོ་ན་ལས། །འབྱུང་བའི་མཚན་ཉིད་མ་རྟོགས་པར། །བསྐྱེད་རྫོགས་བཟླས་བརྗོད་མྱུར་ལམ་དུ། །རེ་བའི་རྨོངས་པ་ལམ་ནོར་རྣམས། །བླ་མ་མི་རུ་མཐོང་བས་དྲེང་། །འདི་དང་ཕྱི་མ་བ་དོ་རུ། །བསླུ་བ་མེད་པ་མོས་གུས་གནད། །དེ་ཕྱིར་བླ་མ་སངས་རྒྱས་སུ། །མཐོང་ནས་བྱིན་རླབས་འཇུག་པར་ཤོག་ །འཆི་བའི་དུས་ལ་བབ་ཀྱང་སླ། །སྲིད་པ་རུ་ལོག་གྱུར་ཀྱང་སླ། །སྤྱིད་པ་ཐང་ལྷོད་གྱུར་ཀྱང་སླ། །ཅི་མཛད་ལེགས་པར་མཐོང་བ་ཡི། །མོས་གུས་དཀར་པོ་གཅིག་ཐུབ་འདི། །ཐབས་ཀྱི་ནང་ནས་ཐབས་མཆོག་ཡིན། །རྟོགས་པ་མཆོག་ལྡན་གྱི་བླ་མ་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་པ་ལས། །ས་ལམ་ཡོན་ཏན་མཐར་ཕྱིན་ནས། །འཁོར་བ་དོང་ནས་

(༧༡༣)སྤྲུལ་པར་ཤོག་ །ཅེས་པའང་དཔལ་སྡིངས་རྗེ་བཙུན་དྲུང་གི་གསུང་དོར་གསང་སྔགས་ཀྱི་ཉེ་ལམ་དང་བསྟུན་ནས་རང་བྱུང་རྡོ་རྗེས་སོ། །རང་སེམས་བདེ་གཤེགས་སྙིང་པོ་ཡི། །ངོ་བོ་སྒྲིབ་བྲལ་དུ་སྟོན་མཛད་པའི། །གནས་ལུགས་རྫོགས་པ་ཆེན་པོའི་ཞལ། །རང་བྱུང་རྡོ་རྗེར་གསོལ་བ་འདེབས། །གཟུགས་སྐུའི་ཉིན་བྱེད་འཇིག་རྟེན་འདིའི། །སྒྲོན་མེ་གཅིག་པོ་ལོ་བརྒྱའ་བིར། །འཚོ་ཞིང་གཞེས་ནས་བདག་སོགས་ཀུན། །འདི་ཕྱི་བར་དོ་ཐམས་ཅད་དུ། །འབྲལ་མེད་རྗེས་སུ་འཛིན་པར་ཤོག་ །ཅེས་པའང་དགེ་སོང་དཔལ་འབྱོར་གྱི་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེའམ་འཇིགས་མེད་གླིང་བས་སྨྲས་པའོ། །རྒྱལ་བ་འོད་མཚན་སྟོང་འབར་ནི། །སི་ན་དྟུའི་དངས་མཚོར་སྤྲུལ་པའི་སྐུ། །ཨོ་རྒྱན་སངས་རྒྱས་གཉིས་པ་དང་། །དབྱེར་མེད་དྲིན་ཅན་བླ་མ་མཁྱེན། །དལ་བ་བརྒྱད་ཀྱི་རྟེན་ཐོབ་ཀྱང་། །འབྱོར་པ་བཅུ་ཡིས་འདུ་འབྲལ་བྱས། །འཆི་བ་ནམ་ཡོང་མེད་བཞིན་དུ། །འདི་སྣང་ཞན་པས་བཅིངས་ལ་གཟིགས། །ཆོས་བཞིན་བསྒྲུབ་པའི་རྒྱུ་ཚོགས་ཀྱང་། །རྣམ་གཡེང་འདུ་འཛིའི་ཞགས་པས་བཅིངས་། །ཆོས་བརྒྱད་ཆོས་སུ་སྒོམ་པ་བདག་ །དབེན་པའི་གནས་སུ་ཆོས་སྤྱོད་འཕེལ། །རྟག་ཏུ་ངེས་འབྱུང་གིས་བསྐུལ་ནས། །དལ་རྟེན་དོན་ཡོད་བྱེད་པར་ཤོག་ །བདག་ཉིད་འཆི་བར་གྱུར་བའི་ཚེ། །དགོན་གནས་ཉེ་འབྲེལ་ལྟ་ཅི་སྨོས། །གཅེས་པར་བཟུང་བའི་ལུས་འདི་ཡང་། །དུར་ཁྲོད་འཇིགས་པར་འདོར་དགོས་ན། །ད་ལྟ་ཉིད་ནས་ཞེན་ཆགས་ཀྱི། །འཁྲི་བཙན་ཐབས་ཆོད་གྱུར་ཏེ། །རི་ཁྲོད་ནགས་ཁྲོད་བས་མཐའ་རུ། །རང་སེམས་བཙན་ས་ཟིན་པར་ཤོག་ །སེམས་ཀྱི་གནས་ལུགས་རྟོགས་པ་ལ། །བླ་མའི་བྱིན་རླབས་

(༧༡༤)ཞུགས་པ་དགོས། །རྟག་ཏུ་འགྲོ་ལ་སྙིང་རྗེ་དང་། །མོས་གུས་རྒྱུན་ཆད་མེད་པར་ཤོག་ །ལམ་བདེན་རྒྱ་མཚོའི་སྙིང་པོ་ནི། །རྣམ་ཀུན་རྒྱུད་ལ་གོམས་བྱས་པས། །འགྲོ་འོང་རྟག་ཆད་ཡོད་མེད་ལས། །འདས་པའི་བདེན་པ་མཐོང་བར་ཤོག་ །མདོར་ན་འདི་ཕྱི་བར་དོ་ཀུན། །སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །རེ་ས་བླ་མ་ལས་མེད་པས། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག་ །རང་བྱུང་དབུ་མཛད་བསམ་གཏན་བའི་དོར། །རིག་འཛིན་འཇིགས་མེད་གླིང་པས་སོ། །བདེ་གཤེགས་སྙིང་པོའི་ཆོས་ཉིད་ནི། །རང་བཞིན་རྫོགས་པ་ཆེན་པོའི་ཞལ། །ཚོགས་བརྒྱད་གླུ་བུར་དྲི་མའི་དངོས། །བསལ་མཛད་རིག་འཛིན་འཇིགས་མེད་གླིང་། །དེ་ཕྱིར་སྙིང་གི་ཟེའུ་འབྲུ་རུ། །དྲན་པའི་ངོ་བོར་བླ་མ་བཞུགས། །ཉིན་མཚན་སྐད་ཅིག་ཐང་ཅིག་ཀྱང་། །བརྗོད་པ་མེད་པར་གསོལ་བ་འདེབས། །བསྐལ་པ་རྒྱ་མཚོར་ཞབས་བརྟན་ཅིང་། །མོས་གུས་གོམས་པའི་རྒྱུ་འབྲས་ཀྱིས། །འདི་ཕྱིར་བར་དོ་ཐམས་ཅད་དུ། །བླ་མའི་སྣང་བ་མི་འབྲལ་བ། །བར་གཅོད་རྐྱེན་གྱིས་མི་བརྫི་ཞིང་། །བློ་འདས་དྲན་པའི་ངོ་བོ་རུ། །ས་ལམ་ཡོན་ཏན་ཡོངས་རྫོགས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག་ །ཅེས་པའང་བསམ་གླིང་སློབ་དབོན་དཔོན་སློབ་གསུམ་གྱི་དོར་སྨྲས་བའོ། །རང་སེམས་ཆོས་སྐུར་ངོ་སྤྲོད་པའི། །དྲིན་ཆེན་གྱི་བླ་མ་འཇིགས་མེད་གླིང་། །བསྟན་པ་རྒྱ་མཚོའི་རྩ་ལག་ཏུ། །ཞབས་པད་བསྟན་པར་གསོལ་བ་འདེབས། །འདི་ཕྱིར་བར་དོ་ཐམས་ཅད་དུ། །བླ་མའི་ཐུགས་རྗེས་སྐྱོང་བ་དང་། །སྡིག་སྒྲིབ་ནད་གདོན་ཉེར་འཚེ་ཀུན། །ཞི་ནས་དབེན་པའི་རོ་དོགས་སུ། །ཆོས་

(༧༡༥)བཞིན་སྤྱོད་པའི་རང་དབང་ནི། །མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་རང་བྱུང་རྡོ་རྗེས་སོ། །རིག་འཛིན་འཇིགས་མེད་གླིང་པའི་ཞབས་བརྟན་བཞུགས། །གཞི་དབྱིངས་ནམ་མཁའི་རྡོ་རྗེ་ཀུན་ཏུ་བཟང་། །གཞི་སྣང་ཡེ་ཤེས་སྙིང་པོ་དགའ་རབ་རྗེ། །རྣམ་འཕྲུལ་དུ་མར་ཤར་བའི་ངོ་བོ་ཉིད། །རིག་འཛིན་འཇིགས་མེད་གླིང་པ་ཞབས་བརྟན་ཤོག་ །སྙིགས་ལས་ཆེར་སྙིགས་ལྟ་བའི་སྙིགས་མ་ཡིས། །བྱང་ཆུབ་སེམས་གཉིས་གཞན་ཕན་ཉམས་པའི་ཚེ། །བསྡུ་བ་བཞི་དང་རིགས་ལྔའི་དམ་ཚིག་ལས། །རང་དོན་སེམས་པ་མེད་ཁྱོད་ཞབས་བརྟན་ཤོག་ །བདེན་པ་གཉིས་ཀྱི་བང་རིམ་ཐེག་དགུའི་རྩེ། །ཤིན་ཏུ་རྣལ་འབྱོར་འཆི་མེད་ཞི་བའི་གྲོང་། །རང་ཉིད་ཞུགས་ནས་གཞན་དག་སྨིན་གྲོལ་ལ། །འགོད་མཛད་རང་བྱུང་རྡོ་རྗེ་ཞབས་བརྟན་ཤོག་།ལུང་གི་དཀྱིལ་འཁོར་རྟོགས་པའི་འོད་ཟེར་གྱི། །ཉིན་མོར་བྱེད་པ་རྒྱལ་བའི་བསྟན་ཡིན་ན། །ཀུན་འབྱུང་སྡུག་བསྔལ་མུན་འཐོར་འཁྱམས་པ་རྣམས། །ངེས་དོན་ལམ་ལ་བཀྲི་ཁྱོད་ཞབས་བརྟན་ཤོག་ །བཅོམ་ལྡན་འོད་སྲུངས་དྲུང་དུ་ཐུགས་བསྐྱེད་ནས། །ཤཱཀྱ་ཐུབ་པའི་སྤྱན་སྔར་འདུལ་བ་འཛིན། །གངས་རིའི་ཁྲོད་དུ་རྡོ་རྗེ་ཐེག་པའི་ལམ། །རྣམ་འཕྲུལ་དུ་མས་གསལ་བྱེད་ཞབས་བརྟན་ཤོག་ །དབང་བཅུའི་ཐོག་མ་དཔེ་བྱད་རིགས་ལྔའི་རྩེར། །མ་ཆགས་པདྨ་ཅན་གྱིས་དབུ་གས་དབྱུངས་པའི། །རྟེན་འབྲེལ་དུས་ལས་ཡོལ་མེད་འཚོ་གཞེས་ནས། །རྣམ་པ་རྒྱལ་བ་ཅན་དུ་འཚང་རྒྱ་བའི། །འདུས་པ་དང་པོའི་ལུང་བསྟན་ཐོབ་པར་ཤོག་ །ཅེས་པའང་གསང་སྔགས་ཐེག་མཆོག་ཀླིང་མཁན་རིན་པོ་ཆེས་དབུས་འདུས་ཚོགས་སྤྱི་ནས་དད་གུས་ཆེན་པོས་གསོལ་བ་བཏབ་པའི་དོར་གནས་དེ་ཉིད་དུ་སྦྱར་པའོ། །རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་དང་། །བདེ་སྐྱོང་

(༧༡༦)མཁའ་འགྲོའི་གསང་མཛོད་མཁར་ཆེན་བཟའ། །སྤྲུལ་པའི་རྗེ་འབངས་ཉེར་ལྔས་མཐུ་བྱིན་བསྐྱེད། །ཚེ་དབང་རིག་འཛིན་འཇའ་ལུས་དངོས་གྲུབ་སྩོལ། །ཐ་མལ་ལུས་ལ་ཡེ་ཤེས་སྙིང་པོ་ཅན། །ཀློང་ལྔ་མི་ཤིགས་དགོངས་པའི་གསང་མཛོད་བདག་ །པདྨ་རྗེས་བཟུང་སྦས་པའི་རྣལ་འབྱོར་པ། །མཁྱེན་བརྩེའི་འོད་ཟེར་བསྐལ་བརྒྱར་ཞབས་བརྟན་ཤོག་ །མཁའ་འགྲོའི་སུན་མ་ཡེ་ཤེས་དབྱིངས་སུ་བྱོལ། །བར་གཅོད་ཚེ་འཕྲང་ཀ་དག་དད་དུ་བཟློག་ །རིག་པའི་རང་བཞིན་སྐྱེ་འཆི་བ་གྲེས་རྒྱུད་བྲལ། །གཞི་སྣང་ཡེ་ཤེས་ཆེན་པོར་རྟག་བརྟན་གསོལ། །རྨད་བྱུང་དད་པའི་དྲི་བཞོན་གྱིས་དྲངས་པའི། །གསོལ་འདེབས་ཉི་ཟླའི་སྣང་བྱེད་བསྐུལ་བ་ལས། །གང་སྐུ་ལྷུན་པོའི་སྤོ་མཆོག་ཆས་གསལ་ཞིང་། །མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པར་ཤོག་ །སོ་སྐྱེའི་སྤྱོད་ཡུལ་ལས་འདས་རྫོགས་པ་ཆེའི། །མངོན་སུམ་རིག་པའི་ཆོས་འཁོར་བསྐོར་ནས་ཀྱང་། །ཡིད་དཔྱོད་བརྟག་དཔྱད་སྒོ་ལ་མི་རེ་བར། །སྣང་བཞིའི་སྦུབས་ནས་འགྲོ་ཀུན་འདྲེན་པར་ཤོག་ །ཅེས་རིང་འཚོའི་ཐབས་ཚུལ་དོན་དུ་གཉེར་བའི་གྲོང་ཚིག་དུ་མ་བཅད་འདི་ནི་དང་ལྡན་འགས་ནན་ཏན་ཆེན་པོས་བསྐུལ་བའི་དོར་དཔལ་གྱི་བསམ་ཡས་མཆིམས་ཕུར་རིག་པ་འཛིན་པ་མཁྱེན་བརྩེའི་ལྷ་རང་ཉིད་ཀྱིས་སོ། །གཞོམ་བྲལ་རྡོ་རྗེའི་ངོ་བོ་རང་གི་སེམས། །སྐྱེ་འཆིའི་མིང་འདོགས་ཟད་པ་ཆོས་ཀྱི་དབྱིངས། །འཇའ་ལུས་འཕོ་འཇིག་བྲལ་བ་རྡོ་རྗེའི་སྐུ། །ཚེ་དབང་རིག་འཛིན་པདྨས་བྱིན་ཕོབ་ཅིག་ །བདེ་གཤེགས་སྙིང་པོའི་རང་བཞིན་བྱང་ཆུབ་སེམས། །གློ་བུར་སྒྲིབ་པས་ཀུན་ནས་དཀྲིས་བྱས་ཏེ། །སྲིད་མཚོར་བྱིད་པའི་འགྲོ་ཀུན་ཞི་བའི་གླིང་། །འཁྲིད་མཛད་རིག་འཛིན་བླ་མ་ཞབས་བརྟན་ཤོག་ །མཁྱེན་གཉིས་ནོར་བུའི་གླིང་དུ་གནས་བཅས་ནས། །བརྩེ་ཆེན་ཞགས་

(༧༡༧)པས་འགྲོ་ལ་དམ་འཁྱུད་པའི། །འོད་ཟེར་ཕ་མཐའ་མི་མངོན་འཔྲོ་བའི་ཞལ། །ཉིན་མོའི་སྤུན་ཟླ་ཇི་བཞིན་རྟག་བརྟན་ཤོག་ །འགྲོ་ལ་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན། །ལྔ་བརྒྱ་ཕྲག་བཅུའི་མུ་ཁྱུད་ལ་ཐུག་ཚེ། །ཐེག་པ་ཆེན་པོའི་སྡེ་སྣོད་གངས་རིའི་ཁྲོད། །འདྲེན་པའི་ཤིང་རྟ་ཆེན་པོ་ཞབས་བརྟན་ཤོག་ །ཁྱོད་ཐུགས་བྱམས་དང་སྙིང་རྗེའི་ནོར་བུའི་ཏོག་ །ཀུན་ལ་ཉེ་འཁོན་མེད་དུ་གསལ་ན་ཡང་། །གང་འདུལ་ཕྲིན་ལས་འཇུག་པ་ཉི་འོག་གི། །རྒྱལ་ཁམས་བསྟན་འགྲོའི་དཔྱིད་དུ་གསལ་བར་ཤོག་ །འཚོ་གཞེས་རྡོ་རྗེ་ལུས་ཀྱི་གཞལ་མེད་ཁང་། །གདན་གསུམ་ཡོངས་རྫོགས་དམ་པ་རིགས་བརྒྱའི་ལྷ། །དེ་སྙེད་བགྲང་བྱ་ལས་ཀྱང་ཆེས་ལྷག་པའི། །དགའ་སྟོན་མངོན་སུམ་མཐོང་བའི་བཀྲ་ཤིས་ཤོག་ །འཇིག་ཚོགས་ལྟ་བའི་རི་དང་ཆོས་ཉིད་དོན། །རྟོག་དཔྱོད་ཡུལ་ལ་རྣམ་པར་རིག་པ་ཅན། །ཀུན་འབྱུང་དབུ་མར་འཕྲུལ་པའི་རྟག་ཆད་དད། །དོན་དམ་རྫོགས་པ་ཆེན་པོར་ཞབས་བརྟན་གསོལ། །ཡོངས་གྲུབས་རང་བཞིན་ཤེས་པའི་མོས་གུས་ནི། །སྙིང་དབུས་དྲན་པ་ཉེར་གཞག་ལ་གོམས་པས། །ཕུང་པོ་ལྔ་དང་ཚོགས་བརྒྱད་ཉེར་ལེན་སེམས། །རྣམ་བྱང་མངོན་སུམ་རིག་པའི་དོན་རྟོགས་ཤོག་ །རྣམ་གྲངས་པའི་དོན་དམ་དང་། །དེ་ལས་འགལ་བའི་ཤློ་ཀ་གཉིས་བསྣན་ཏེ། རིག་འཛིན་འཇིགས་མེད་གླིང་པས་སྡེ་སྣོད་མཁྱེན་པའི་དབང་པོ་མཚོ་སྣ་སྤྲུལ་པའི་སྐུ་རིན་པོ་ཆེའི་ཐུགས་རྒྱུད་དོན་གྱི་དབུ་མ་ཆེན་པོ་ལ་སྤྱང་བའི་ཚེ་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ། །རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པ་བཞིན། །འཛམ་གླིང་མཛེས་པའི་རྒྱན་གྱི་དམ་པ་མཆོག་ །དཔལ་ལྡན་ནཱ་གཱ་རྫུ་ན་གངས་རིའི་ལྗོངས། །སླར་བྱོན་རཏྣ་ཤྲཱི་རྒྱལ་གྱུར་ཅིག་

(༧༡༨)གང་གི་ཆོས་སྲིད་གདུགས་དཀར་ས་བླའི་དབྱིངས། །འདེགས་པའི་ཐུགས་བསྐྱེད་དམ་བཅའ་མི་ལྷོད་པ། །སྦྲུལ་པའི་སྐུ་མཆོག་ཡབ་སྲས་རྣམ་བ་ཟུང་། །གཞོན་མེད་རྡོ་རྗེའི་ཁྲི་ལ་རྟག་བརྟན་གསོལ། །མཐུན་པའི་ཡུལ་དང་དམ་པའི་མཛའ་བཤེས་གཉེན། །ལེགས་པར་སྨོན་དང་བསོད་ནམས་དམ་པའི་བྱིན། །འཁོར་ལོ་ཆེན་པོ་བཞི་ཡི་ཤིང་རྟའི་སྟེགས། །རྣམ་འདྲེན་ཡབ་སྲས་བསྐལ་བརྒྱར་ཞབས་བརྟན་ཤོག་ །འཇིག་རྟེན་མགོན་པོའི་བསྟན་སྲིད་འཛིན་པ་ལ། །པདྨ་དཀར་པོའི་གེ་སར་བཞད་པ་ཡི། །རྒྱལ་མཚན་འཇིགས་མེད་ཕྲིན་ལས་རྣམ་རྒྱལ་སྡེ། །བསྐལ་པ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག་ །མཁྱེན་རབ་ནམ་མཁའི་རྡོ་རྗེ་འཇམ་པའི་དབྱངས། །ཆོས་ཀྱི་རྒྱལ་མཚན་ཕྲིན་ལས་རྣམ་པར་རྒྱལ། །རིག་འཛིན་བཞི་ཡི་མཐུ་སྟོབས་གྲུབ་པའི་སྡེས། །རྒྱལ་བསྟན་ཉིན་མོར་བྱེད་པའི་འོད་ཟེར་བརྒྱར། །འབར་བཞིན་བསྐལ་པ་རྒྱ་མཚོར་འཚོ་གཞེས་ཤོག་ །རང་བཞིན་བསམ་མི་ཁྱབ་པ་ཆོས་ཀྱི་དབྱིངས། །དཀོན་མཆོག་གསུམ་བདེན་པའི་བྱིན་རླབས་དང་། །སྨོན་པ་འགྲུབ་པའི་དྲང་སྲོང་བདེན་མཐུ་ཡི། །རྗེས་སུ་ཕྱོགས་པའི་བཀྲ་ཤིས་དགའ་སྟོན་སྩོལ། །ནས་པའང་ལ་དཔོན་གྱི་ཞབས་འདེགས་ལ་ལེགས་སྨོན་གྲུབ་པ་མགྲོན་གཉེར་དཀོན་མཆོག་ལྦོ་ལྡན་གྱིས་བསྐུལ་དོར། །རིག་འཛིན་འཇིགས་མེད་གླིང་བས་སོ། །རྒྱལ་སྲས་ཉིན་བྱེད་འོ་ཟེར་གྱི་ཞབས་བརྟན། །རྒྱལ་བའི་རྣམ་སྤྲུལ་སྐྱེ་མེང་ཀློང་ལས་ཤར། །དམ་པའི་དེ་ཉིད་ཆོས་ཀྱི་བརྒྱུད་འཛིན་པ། །རྒྱལ་སྲས་ཉིན་བྱེད་འོད་ཟེར་སྤྲུལ་པའི་སྐུ། །བསྐལ་བརྒྱར་འཚོ་གཞེས་བསྟན་པ་དར་གྱུར་ཅིག་ །ཅེས་པའང་སློབ་བུ་འཇིགས་མེད་བློ་གསལ་འོ་ཟེར་གྱི་དོར་མཚན་ཐོག་མར་གསོལ་བ་དང་ཆབ་གཅིག་རང་བྱུང་རྡོ་རྗེས་སོ། །མདོ་ཁམས་

(༧༡༩)རྫོགས་ཆེན་པའི་སྐྱེ་ཕྲེང་གསོལ་འདེབས་ཞུགས། །དུས་གསུམ་སྐྱེ་འགག་མེད་པའི་ཆོས་ཉིད་ཀྱང་། །སེམས་ཅན་ཁམས་ལ་གཟུགས་སྐུ་རྣམ་གཉིས་སུ། །སྣང་བའི་ངོ་མཚར་བདེ་གཤེགས་གཙུག་ཏོར་ཅན། །མཚན་གྱིས་ངན་སོང་སྒྲོལ་ལ་གསོལ་བ་འདེབས། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཀུ་ཀུ་རི། །འཕོ་ཆེན་རྡོ་རྗེའི་ས་བརྙེས་བི་མ་ལ། །སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ས་ར་ཧ། །བསྟན་པའི་ཆུ་འགོ་གསུམ་ལ་གསོལ་བ་འདེབས། །ལྷ་སྲིན་བྲན་འཁོལ་རླངས་པ་ཤྲཱིསེང་། །འཁྲུལ་སྣང་བྲག་རི་བསྙིལ་བ་དཀོན་མཆོག་འབྱུང་། །རྒྱལ་བསྟན་ཉོན་མོར་བྱེད་པ་ཁྲི་རལ་ཞབས། །བསྟན་པའི་རྩ་ལག་གསུམ་ལ་གསོལ་བ་འདེབས། །གཏི་མུག་ལམ་སློང་གྲུབ་མཆོག་ཕག་ཚོང་བ། །མི་ལ་བཞད་པའི་སྲས་གྱུར་བྱང་ཆུབ་རྒྱལ། །དྲུག་པ་སེང་གེའི་སྒྱུ་འཕྲུལ་དུས་གསུམ་མཁྱེན། །གྲུབ་པ་མཆོག་བརྙེས་གསུམ་ལ་གསོལ་བ་འདེབས། །རྟོགས་པས་བདག་རྒྱུད་གྲོལ་བ་གླིང་རས་རྗེ། །བླ་མར་མོས་གུས་མཐར་ཕྱིན་སྟག་ལུང་བ། །བརྟུལ་ཞུགས་གྲུབ་པ་ཨོ་རྒྱན་རང་བྱུང་བ། །སྒྲུབ་བརྒྱུད་བསྟན་འཛིན་གསུམ་ལ་གསོལ་བ་འདེབས། །གཞི་གསུམ་རྩ་བ་བརྟན་བློ་གྲོས་བཟང་། །རྙིང་བསྟན་མདོ་སྨད་སྤེལ་ལ་སྨོན་ལམ་གྱི། །མཐུ་གྲུབ་པདྨའི་རིག་པ་འཛིན་པ་དང་། འགྱུར་མེད་ཐེག་མཆོག་ཅེས་ལ་གསོལ་བ་འདེབས། །སྔ་འགྱུར་བསྟན་འི་རྩ་བ་མདོ་སྒྱུ་སེམས། །ཡང་ཕུར་སངས་རྒྱས་མཉམ་བར་སྦྱོར་ལ་སོགས། །བཀའ་མའི་སྒྲུབ་ཆེན་ཕྲིན་ལས་སྲོལ་བཏོད་པའི། །ངེས་དོན་བསྟན་འཛིན་བཟང་པོར་གསོལ་བ་འདེབས། །ངེས་འབྱུང་རྒྱུད་བརླན་བྱང་ཆུབ་སེམས་གཉིས་ཀྱི། །ཤིང་རྟས་དྲངས་པའི་སྨིན་གྲོལ་ལམ་ལ་མཆོག་ལ། །རྟག་ཏུ་བསྟེན་གོམས་བགྱིས་པའི་དངོས་གྲུབ་ཀུན། །ཚེ་འདི་ཉིད་ལ་མཐོང་བར་བྱིན་

(༧༢༠)གྱིས་རློབས། །ཞེས་པའང་དགེ་རྩེ་བླ་མ་འཇིགས་མེད་མགོ་མཚར་གྱི་དོར་རིག་པ་འཛིན་པ་མཁྱེན་བརྩེའི་ལྷས་སོ། །ད་མཆོག་ནི། །སངས་རྒྱས་མཉམ་སྦྱོར་ཚོགས་ཆེན་དཱུས་བའི་སྡེ། །སྒྱུ་འཕྲུལ་ཞི་ཁྲོ་ཧེ་རུ་ཀ་གལ་པོ། །ཟླ་གསང་ཐིག་ལེ་རྟ་མཆོག་རོལ་པ་དང་། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྒྱ་མཚོ་ལ། །མཆོད་པ་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །མཆོག་གསུམ་ངོ་བོ་དཔལ་མགོན་བླ་མ་དང་། །རྒྱུད་སྡེ་རྒྱ་མཚོ་གནས་སྲུང་མཁའ་འགྲོ་ལྷ། །མ་མགོན་གཟའ་རྡོར་ཚེ་རིང་མཆེད་ལྔ་ལ། །མཆོད་གསོལ་བསྟོད་དོ་བསམ་དོན་ལྷུན་གྲུབ་མཛོད།

(༧༢༡)རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབ་རྣམ་ཐར་ཉུང་བསྡུས་བཞུགས།

(༧༢༢)དེ་ལ་བདག་ཅག་གི་བླ་མ་དམ་པ་འདི་ཐུགས་རྗེ་ལས་སྦྲུལ་གྱི་རྣམ་པས་བསྟན་བ་དང་སེམས་ཅན་གྱི་དོན་དུ་བྱོན་པ་སྟེ། །མན་ངག་རྫོགས་པ་ཆེན་པོས་གདུལ་བའི་དུས་ལ་བབ། མགོན་པོ་འཇིག་རྟེན་དབང་ཕྱུག་གི་ཐུགས་བསྐྱེད་ལས་རྒྱལ་པོ་དྷརྨ་ཨ་ཤའི་སྲས་མོ་མི་ལས་འདས་པའི་དགེ་སློང་མ་ཞིག་ལ་ཤེལ་གྱི་སྐྱེས་བུ་བཀྲག་དང་ལྡན་པ་ཞིག་གིས་དབང་བསྐུར་བས་སྐྱེས་བུ་མཚན་དང་ལྡན་པ་ཅིག་འཁྲུངས། ཕ་མེད་ཀྱི་བུར་གྱུར་པས་ཐལ་ཁུང་དུ་བོར། ཞགས་གསུམ་ནའང་མ་ཉམས་པར་འདུག་པས་སྤྲུལ་པའི་སྐུར་ཡིན་ཆེས། ལོ་བདུན་ན་པཎིྜ་ཏ་དང་ཆོས་གཏམ་བྱས་པས་སུས་ཀྱང་མ་ཐུབ་སྟེ་ཞབས་སྤྱི་བོར་བླངས། ཡབ་དགྱེས་བས་དགའ་རབ་རྡོ་རྗེར་བཏགས། ཉི་མ་སྣང་བྱེད་ཀྱི་རི་ལ་ལོ་སུམ་ཅུ་རྩ་གཉིས་སུ་བསམ་གཏན་ལ་གཞོལ། སྐུ་ཉེ་ཞུར་ལྟ་བུར་གྱུར་ཅིང་། ནམ་མཁའ་ལ་གཤེགས་བཞུད་མཛད། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་གདོད་ནས་ཐུགས་སུ་ཡོད་པ་འདོན་དུ་མཛད་ཅིང་། མཁའ་འགྲོ་མས་བཀའི་བསྡུ་བ་བྱས་ནས་ཡི་གེར་བཀོད། ཁྱབ་འཇུག་གི་བུ་མོ་གཅེར་བུ་ལ་ཆིབ་ས་ཏེ་དུར་ཁྲོད་བསིལ་ཚལ་དུ་བྱོན་ནས་མཁའ་འགྲོ་རྣམས་ལ་ཆོས་སྟོན། མཐར་ཆུ་བོ་དན་ཏིག་གི་འགོར་འོད་ཕུང་དུ་ཡལ། སངས་རྒྱས་འོད་སྲུངས་ཀྱི་དྲུང་དུ་རྒྱལ་པོ་ཀྲི་

(༧༢༣)ཀིའི་སྲས་སུ་གྱུར་ནས་བྱང་ཆུབ་ཏུ་སེམས་བསྐྱེད། འོད་སྲུངས་ཀྱི་མཆོད་སྡོང་ལ་གདུགས་ཕུབ་པས། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་ཡུང་བསྟན་ཐོབ། ཤཱཀྱ་ཐུབ་པའི་དུས་སུ་སྐུའི་མ་ཆད་དུ་གྱུར་པས་ཅུང་དགའ་བོར་གྲགས། སྟོན་བས་ཐབས་ལ་མཁས་པའི་འདུལ་བས་དགྲ་བཅོམ་པའི་གོ་འཕང་མངོན་དུ་མཛད། སྔོ་སངས་རྒྱས་འོད་སྲུངས་ལ་བྱུག་པ་ཕུལ་བས་བགས་པ་གསེར་གྱི་མདོག་ཏུ་སྣང་བ་དང་། གཙུག་ཏོར་གྱི་རྣམ་བ་སོགས་མཚན་གྱི་མེ་ཏོག་ཅན་དུ་གྱུར། སྲོང་བཙན་སྒོམ་པོའི་དུས་ན་རྒྱལ་བོ་ཉིད་ཀྱི་མཛོད་སྤུ་ལས་སྤྲུལ་བའི་དགེ་སློང་ཨ་ར་མ་མ་ཏིར་གྲགས། ཙན་དན་གརིྴ་ཤ་ལེན་ཕྱིར་འཕགས་པའི་ཡུལ་དུ་བྱོན་ནས་རང་བྱོན་འཕགས་བའི་སྐུ་སྤྱན་དྲངས། དྲི་མེད་ཀུན་ལྡན་གྱི་བུས་ནོར་བུ་ཕ་རོལ་དཔུང་འཇོམས་ཀྱིས་གཙོས་ལོངས་སྤྱོད་གཅེས་ནོར། བུ་དང་བུ་མོ། རང་གི་མིག་ལ་སོགས་པ་བཏང་སྟེ་གཏོང་བ། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་མཛད། བསྟན་པ་སྔ་དར་གྱི་དུས་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དུ་གྱུར་ནས་དཔལ་གྱི་བསམ་ཡས་བཞེངས། མཁན་སློབ་ཆོས་གསུམ་ལ་སོགས་པའི་སྤྲུལ་པའི་ལོ་པཎ་མང་པོ་སྤྱན་དྲངས། བོད་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད། སྤྲུལ་པའི་

(༧༢༤)དམག་གིས་རྒྱ་གར་ཆུ་བོ་གདྷཱ་ཚུན་ཆད་དབང་དུ་བསྡུས་ནས་དགེ་བཅུའི་ཁྲིམས་ལ་བཀོད། ཉིད་དང་ཐུགས་རྒྱུད་གཅིག་པ་ལྷ་ལྕམ་པདྨ་གསལ་གྱི་ཐུགས་བསྐྱེད་ལས་མན་ངག་མཁའ་འགྲོའི་སྙིང་ཏིག་ཆོས་སྐལ་དུ་ཐོབ་ནས་དངོས་སྤྲུལ་ཡང་སྦྲུལ་དུ་མས་ལས་ཅན་གྱི་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། འཕགས་པའི་ཡུལ་དུ་རྣལ་འབྱོར་གྱི་དབང་ཕྱུག་རྭི་པར་གྱུར་ནས་ཀྱེའི་རྡོ་རྗེའི་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་བསྟན། མངའ་བདག་རལ་བ་ཅན་གྱི་དུས་གཙུག་ལག་འཛིན་གྱི་སྐྱེ་བ་རྒྱལ་སྲས་ལྷ་རྗེར་གྱུར་ནས་སློབ་དཔོན་ཆེན་པོ་ལས་གཡུ་རུའི་ཁྲ་འབྲུག་ཏུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ནོས་ཤིང་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བླངས་ནས་ཕྲིན་ལས་རླབས་ཆེན་འགྲུབ་པའི་ལུང་བསྟན་ཐོབ། སྐྱེ་བ་བདུན་པ་ཡིན་བས་སྐུ་ཤའི་ཆ་ཤས་ཙམ་གྱིས་ཀྱང་སེམས་ཅན་གྱི་དོན་རླབས་པོ་ཆེ་བསྒྲུབས། དེའི་སྐྱེ་བ་ཕྱི་མ་ལ་ཡར་རྗེ་ཨོ་རྒྱན་གླིང་པར་གྱུར་ནས་ཤེལ་བྲག་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཀླེགས་བམ་བརྒྱ་ཕྲག་ཏུ་ལོངས་པའི་གཏེར་སྨྱོན་དང་། ཐང་ཡིག་སོགས་སྤྱན་དྲངས། དེ་བཞིན་དུ་བསམ་གཏན་གླིང་པའི་དུས་ཨ་ཏིའི་ཆོས་སྐོར་རྨད་དུ་བྱུང་བ་གདན་དྲངས་ནས་འགྲོ་བ་མང་པོའི་དོན་མཛད། །དྭགས་པོ་ཟླ་འོད་གཞོན་ནུའི་ཚེ་དགེ་བའི་བཤེས་གཉེན་སྙུག་རུམ་པ་སོགས་ལས་བཀའ་གདམས་དང་། །རྣལ་འབྱོར་དབང་ཕྱུག་མི་ལ་ལས་ནཱ་རོའི་ཆོས་དྲུག་ཕྱག་ཆེན་ལ་སོགས་པ་ནོས་ཤིང་ཀློང་དུ་གྱུར་ནས་དཔལ་སྒོམ་པོ་བ་ཞེས་པའི་སྙན་གྲགས་ཀྱིས་འཇིག་རྟེན་ཕལ་ཆེར་བཀབ་ཅིང་གྲུབ་ཐོབ་ཀྱི་ས་བོན་བཏབ། །དཔལ་ས་སྐྱའི་དཀར་པོ་རྣམ་གསུམ་ལས་རྗེ་བཙུན་གྲགས་པ་རྒྱལ་མཚན་ཞེས་མཁས་པ་དང་རུབ་པའི་རྣམ་དཔྱོད་ཀྱིས་གསར་རྙིང་གཉིས་ཀའི་བསྟན་པའི་བདག་པོ་མཛད། ཁ་ཆེ་པཎ་ཆེན་དང་མཇལ་འཛོམ་བཤེས་པར་མཛད་ཅིང་དབོན་པོ་ས་པན་གྱི་རྡོ་རྗེ་སློབ་དཔོན་མཛད། ཁྱད་བར་དུ་པཎ་ཆེན་བི་མ་ལ་བོད་ཡུལ་དུ་བྱོན་པ་དཔལ་བསམ་

(༧༢༥)ཡས་པ་ཀུན་མཁྱེན་ངག་གི་དབང་པོར་གྱུར་ནས་འཛམ་བུའི་གླིང་གི་རྒྱན་དྲུག་མཆོག་གཉིས་ཐམས་ཅད་ཀྱི་སྤངས་རྟོགས་གཅིག་ཏུ་སྤུངས་པ་ལྟ་བུ་སྔོན་མེད་པའི་བསྟན་པའི་ཆོས་འཁོར་མཛོད་ཆེན་བདུན་དང་ཤིང་རྟ་རྣམ་གསུམ་རྩ་འགྲེལ་སོགས་གསུང་རབ་ཀྱི་སྣང་བས་འཇིག་རྟེན་ཀྱི་མུན་པ་ལ་བསལ་པར་མཛད་ཅིང་ཕྱོགས་རེས་མིག་ཅན་རྣམས་ཐེག་པའི་ཡང་རྩེ་གཤུང་བར་མི་ནུས་པའི་དམ་བཅའ་ལ་བཀོད་ཅིང་། ལྷ་དང་མི་མཁའ་འགྲོའི་འདུ་བ་ལ་ཆོས་ཀྱི་སྒོ་རྒྱ་ཆེན་པོ་བསྟན། མངའ་རིས་གློ་བོ་བ་པདྨ་དབང་རྒྱལ་གྱི་ཚེ་སྟེང་ཁང་སྙིང་མཛེད་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་སྤྱན་དྲངས་ཤིང་། མངའ་བདག་ཉང་གི་བག་ཆགས་སད་པས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་དང་། མགོར་ན་གསར་རྙིང་བཀའ་གཏེར་གྱི་ཆོས་ལ་མི་མཁྱེན་བྱ་བ་དང་། །ཐུགས་ཉམས་སུམ་བཞེས་པ་མེད་པ་ལྟ་བུས་བསྟན་པ་དང་སེམས་ཅན་གྱི་དོན་མཛད། རིན་ཆེན་ཕུན་ཚོགས་ཀྱི་རྡོ་རྗེའི་སློབ་དཔོན་དུ་གྱུར་པའི་རྟེན་འབྲེལ་དེ་ཉིད་ཀྱི་སྲས་ཆོས་རྒྱལ་ཕུན་ཚོགས་སུ་འཁྲུངས་ནས་རང་གི་ཡབ་རྗེ་དང་། །རྗེ་བཙུན་པྲཛྙཱའི་ཞབས་ལ་དམ་པའི་བདུད་རྩི་ནོད་ནས། འབྲི་གུང་བའི་ཆོས་སྲིད་་ཀྱི་སྡེ་ལ་ཕན་ཏོག་རྒྱ་ཆེན་པོ་བསྒྲུབས། དེ་ནས་ཀོང་ཡུལ་བདུད་རི་ནག་པོ་བྱ་རོག་སྒྲ་ཅན་གྱི་འདབས་སུ་རིག་འཛིན་འདམ་གླིང་རྡོ་རྗེར་འཁྲུངས་ཏེ་བདུད་མཚོའི་ཀློང་ནས་ཁྲིམ་གཏེར་སྤྱན་དྲངས་ཤིང་མཐའ་ཁོབ་སློ་བོ་ལ་སོགས་པའི་གདུལ་བྱ་རྣམས་ཆོ་ཀྱི་སྣོད་དུ་མཛད། དེ་ནས་ད་རེས་སེམས་ཅན་གྱི་དོནདུ་སྤྲུལ་

(༧༢༦)པའི་སྐུར་བཟུང་ཚུལ་ནི། ཡུལ་དབུས་གཡོ་རུའི་སའི་ཆ་བཀྲ་ཤིས་སྲོང་བཙན་བང་སོ་དང་ཉེ་བའི་གནས་སུ་རིགས་རུས་ཆོ་འབྲང་གིས་བཙུན་པར་སྐུ་འཁྲུངས། དགོང་ལོ་དྲུག་པ་ནས་བསྟན་པའི་སྒོར་ཞུགས་ཤིང་། ཆུང་དུ་ནས་ཤེས་རབ་ཀྱི་སྤོབས་པ་དང་སྙིང་རྗེ་ཆེན་པོ་བློ་བཅོས་མིན་དུ་ཤར། སྐྱོ་ཤས་དང་ངེས་འབྱུང་ལྷག་པར་ཆེ་བས་ཉི་ཞུ་རྩ་ལྔ་པ་ནས་སུམ་ཅུ་རྩ་ལྔའི་བར་ཐེག་མི་འདའ་བའི་དམ་བཅའ་དང་། དབེན་པར་བཅད་རྒྱ་འབའ་ཞིག་མཛད། སྔོན་གྱི་བག་ཆགས་དཔས་དགེ་བའི་བཤེས་གཉེན་མཁས་པ་བསྟེན་པ་དང་། བསླབ་གཉེར་སོགས་ལ་ཅུང་ཟད་ཀྱང་མ་ལྟོས་པར་མགྲིན་པའི་རྩ་མདུད་གྲོལ་བས་གསུང་རབ་ཀྱི་དོན་བདེ་བླག་ཏུ་མཁྱེན་པའི་རྟོགས་པའི་ཀློང་བརྡོ་ལ། མཆིམས་ཕུར་རྒྱལ་བ་ཀླང་ཆེན་པའི་ཡེ་ཤེས་ཀྱི་སྐུ་དང་མི་དང་མི་འཕྲད་བ་ལྟ་བུས་ལན། །གསུམ་མཇལ་ནས་བྱིན་རླབས་རྗེས་གནང་ཐོབ་པས་མདག་རྒྱུད་ཐམས་ཅ་ལ་སྤོབས་པའི་གཏེར་མཛོད་གྲོལ། མཁའ་འགྲོའི་ཀློད་བྱང་གི་བརྡ་རིས་གཏད་པས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་དང་། ཡོན་ཏན་མཛོད་རྩ་འགྲེལ་སོགས་པ་དགོངས་ཏེ་ར་བསྟན་བཅོས་པོད་ཆེན་བཅུ་སྐོར་མཛད། དབུས་གཙང་ཁམས་གསུམ། མོན་ཁ་སྣ་བཞི་ལ་སོགས་པ་ནས་སློབ་མ་སྐད་རིགས་མི་གཅིག་པ་ཅན་རྟག་ཏུ་འདུལ་བས་ཆོས་ཀྱི་འཁོར་ལོ་ལ་རྒྱུན་ཆད་མེད། དབང་བཅུ་རྗེས་མཐུན་པ་ཐོབ་བས་སྐུ་ཚེ་རིང་པོར་བཞུགས་ཤིང་སྐྱོང་སྡེ་དགེས་གཙོས་པའི་ཟང་ཟིང་གི་འབུལ་ནད་གྱ་ནོམ་པ་འབྱོར་ཡང་གནས་མིན་དུ་གང་ཟགས་མ་མཛད་པར་བཀའ་འགྱུར་ཀློག་པ་དང་། རྙིང་མ་རྒྱུད་འབུམ་ཆ་ཆང་། རྣམ་ཐར་ཤེལ་བྲག་མ་སོགས་ཀྱི་བྲིས་ཐང་སྤུས་དག་དྲུག་ཅུ་སློར་བཞེས་པེ། མེས་དབོན་རྣམ་གསུམ་གྱི་བཙུག་ལག་ཁང་ལ་ཁྲི་མཆོད་མང་པོ་དང་མཆོད་རྫས་ཡོ་བྱད་སྣ་ཚོགས་སྦྱར་བ། བསམ་ཡས་སུ་སྟང་དངུལ་གཉིས་ཙམ་གྱི་རྒྱུ་འགྲོའི་ཆོས་ལོངས་སྤྲུལ་གསུམ་དང་འཁོར་ལོ་རིན་པོ་ཆེ་གསེར་སྲང་བརྒྱ་ལས་གྲུབ་པ་སོགས་

(༧༢༧)

(༧༢༨)ཀྱིས་མཚོན་རྟེན་བཞེངས་མང་པོ་མཛད། །སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྒྱུན་མི་འཆད་པས་ཕོངས་པ་དང་སྡུག་བསྔལ་བ་ལ་བརྩེ་ཞིང་ཟང་ཟིང་གི་སྦྱིན་པ་དང་། ཕྱུགས་ལུག་སྟོང་ཕྲག་ལྡང་བ་ཉེའུ་འདོན་པ། ལོ་ལྟར་སྦྲང་ཚང་བསླུ་བ་སོགས་སྲོག་ཆགས་དུང་གྱུར་མང་པོ་ལ་མི་འཇིགས་པའི་སྐྱབས་སྦྱིན་མཛད། ཆེན་པོར་རློམ་པ་དང་། སྟོབས་འབྱོར་གྱིས་དྲེགས་པ་ཅན་སུ་ལའང་ཅི་མི་སྙམ་པར་བཞུགས་ཀྱང་། གཞན་ལ་ངན་སྨྲས་དང་། ཕྲག་དོག་དང་མཚང་འདྲུ་བའི་ཐུགས་བསམ་དན་པ་གཏན་ནས་མི་འཆར། །གནོད་བ་ཅན་དག་ལའང་འཁོན་འཛིན་མི་མཛད། །བོད་གངས་ཅམ་ཙམ་མན་ཐམས་ཅས་ཀྱིས་འདྲེན་པར་བཀུར་བ་ས་སྐྱ་བ་ཆེན་པོས་དབུ་བླར་མཛད་ཅིང་། སྐུ་ཞབས་རྒྱལ་བ་ཡབ་སྲས་ཀྱིས་གཙོ་ཀརྨ་པ་དང་། འབྲིང་གུང་བ་སོགས་ཀྱིས་དངོས་དང་ཆབ་ཤོག་གི་ལམ་ནས་གཟེངས་བསྟོད་པས་མཚོན་འཇིག་རྟེན་གྱི་ཕྱོགས་ནས་བླ་སྤྲུལ་ཆེ་བར་གྲགས་བ་དང་། གྲས་ཆེན་པོ་སེར་འབྲས་དགེ་གསུམ་གྱི་དགེ་བཤེས་གཟུ་བོའི་བློ་ལྡན་རྣམས་ཀྱིས་ཆོས་ཉན་པ་དང་བསྟི་སྟང་མཛད་ཀྱང་དྲེགས་བསྙེམས་དང་། ཆོས་བརྒྱད་ཀྱིས་གཟི་བྱིན་མི་རྔམ་པར་འཁྲུལ་ཞིང་ཆེན་པོར་བཞུགས་ཤིང་། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་རང་བྱན་ཆུད་པས་དབུ་སྐྲ་དང་། སེན་མོ་དང་། ཆོམས་ཕྲེང་སོགས་ལ་དད་ཅན་གྱི་གདུང་རིང་བ་སྲེལ་མངོན་སུམ་དུ་སྐྱེས་ཤིང་འཕེལ་བ་སོགས་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་དམ་བ་ཡིན་ལ། དེ་ལྟ་བུ་ལས་བརྒྱུད་པའི་གདམས་པ་འདེབས་པར་བྱེད་པ་ལ་སོགས་མཚམས་སྦྱོར་རོ། སངས་རྒྱས་ཉིད་ཀྱང་རང་བསྟོད་གསུང་བ་ལ། །བསྙེམས་པ་བཏང་ན་ལོག་ཤེས་ཅན་དག་གིས། །མཐོང་ཐོས་བྱུང་དོགས་སྐྲག་པ་སྐྱེས་ན་ཡང་། །ཁམས་བླའི་ཨུ་ཚུགས་མ་ལྡོག་དབང་མེད་དུ། །བྲིས་འདི་བདེན་པ་མ་ཡིན་རྫུན་པའང་མིན། །མོས་པ་ཐོབ་ཚད་བདག་གི་བདུལ་བྱར་ཤོག་། །མངྒལ།

(༧༢༩)སྔ་འགྱུར་རྙིང་མ་ལ་རྒོལ་ངན་ལོག་རྟོག་བཟློག་པའི་བསྟན་བཅོས་ཀུན་མཁྱེན་ངག་གི་དབང་པོས་མཛད་པ་བཞུགས།

(༧༣༠)ཨོཾ་སྭ་སྟི་པྲཛྙཱ་བྷྱེ། ལོག་རྟོག་དན་པ་བཟློག་པའི་བསྟན་བཅོས་འཁྲུལ་བ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ། གསུང་གི་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་གཞོམ་དུ་མེད་པའི་སྒྲ་དབྱངས་ཅན་མཐའ་ཡས་པ་མཐའ་ཡས་པའི་གསུང་གིས་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་སྣ་ཚོགས་པ་རྣམས་ལ། མཐའ་ཡས་པ་མཐའ་ཡས་པའི་ཆོས་སྟོན་པར་མཛད་པའི་སྟོན་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཉི་ཚེ་བའི་ཚིག་འབྲུལ་བརྟེན་ནས་ཅིག་ཤོས་སུན་འབྱིན་པས་ཆོས་སྤོང་བའི་རྒྱུས་ངན་འགྲོར་ལྟུང་བ་རྣམས་ཐུགས་རྗེས་གཟུང་དུ་གསོལ། ༧ སྣ་ཚོགས་སྐུར་སྟོན་འདི་ནི་ཚངས་སྐུ་མ་ཡིན་སྐུ་ཡི་རྡོ་རྗེ་སྒྱུ་འཕྲུལ་དྲྭ་བ་སྤྲུལ་པའི་སྐུ། །རང་རང་སྐད་དུ་ལེགས་པར་འདོམས་འདི་དབང་ཕྱུག་མ་ཡིན་གསུང་གི་རྡོ་རྗེ་གཞོམ་མེད་ལོངས་སྤྱོད་རྫོགས། །ཇི་ལྟར་ཇི་སྙེད་མཁྱེན་འདི་ཁྱབ་འཇུག་མ་ཡིན་ཐུགས་ཀྱི་རྡོ་རྗེ་མཁའ་དབྱིངས་ཀུན་ཁྱབ་ཆོས་ཀྱི་སྐུ། སྐུ་གསུམ་སོ་སོར་སྟོན་ཀྱང་དེ་བཞིན་ཉིད་ལས་མ་གཡོས་ལྷན་ཅིག་སྐྱེས་བ་ངོ་བོ་ཉིད་ཀྱི་སྐུ། །གང་ཡིན་དེ་ལ་དང་པོར་བཏུད་ནས་མ་རྟོགས་ལོག་རྟོག་ཚིག་ལ་རབ་འཁྲུལ་འཁྲུལ་འཇོམས་བརྗོད་པར་བྱ། །དེ་ལ་འདིར་དོན་ལ་རྟོན་པའི་ཤེས་རབ་དང་། གཟུ་བོར་གནས་པའི་བློ་དང་ནི་མི་ལྡན། ཕྱོགས་འཛིན་ཡིད་ཀྱི་མུན་སྟུག་གིས་ནི་བསྒྲིབས། །ཉི་ཚེ་བའི

(༧༣༡)སྒྲ་ཚིག་ཡི་གེ་ལ་ནི་རྟོན་ཞིང་མཁས་པ་དང་། ཤེས་པར་རློམ་པའི་མངོན་པའི་ང་རྒྱལ་ཅན་གྱི་གང་ཟག་ཁ་ཅིག་གིས། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་དང་སྙིང་པོ་དམ་པར་གྱུར་པའི་དམ་ཆོས་རྫོགས་པ་ཆེན་པོ་དང་། སྔགས་རྙིང་མའི་མདོ་རྒྱུད་དགོངས་འབྲེལ་གདམས་པ་དང་བཅས་པ་རྣམས་དང་། དེ་རྣམས་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ལ་སྐུར་པ་བཏབ་ནས་ཆོས་སྤོང་བའི་ལས་བསགས་པའི་ལོག་རྟོག་གི་ཕྲེང་བ་འདི་ལ་བརྗོད་པར་བྱ་སྟེ། ཕྱོགས་ཆེན་གྱི་དྲི་མས་མ་བསླད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་གཟིགས་པར་ཞུའོ། །དེ་ལ་ལོག་རྟོག་གི་ཕྲེང་བར་འདི་སྐད་ལོ། །དབུ་རུ་སྟོད་ཀྱི་དཔལ་འཛིན་ན་ཏེ། ༢འདི་ལྟར་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དེས་མ་འོངས་པའི་དུས་རང་གི་བསྟན་པ་ལ་བདུད་ཀྱི་ཆོས་ཕྱིན་ཆི་ལོག་འབྱུང་བར་མཁྱེན་ན་ཆོས་ལ་བརྟག་པའི་ཚུལ་འདུལ་བ་དང་། མདོ་སྡེ་དག་ལས་རྒྱ་ཆེར་བཤད། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པ་ལམ་བརྟགས་པར་བླུན་དད་ཀྱིས་ཞུགས་ནས་ཆོས་ཕྱིན་ཅི་ལོག་པའི་རྒྱུས་དམྱལ་བར་འགྲོ་བས། ཆོས་དང་། བླ་མ་དང་། སློབ་མ་གསུམ་ལ་བརྟགས་ཤིང་དཔྱད་ནས་གསུམ་ཀ་ལ་ཡིད་ཆེས་ནས་གདོད་འཆད་ཉན་བྱ་བར་གསུངས། ཟེར་རོ། །འདི་ལྟའི་རྟགས་པར་དུ་བཞུགས་པ་རྣམས་ཀུན་མཁྱེན་རང་བྱུང་རྡོ་རྗེས་གསར་བསྐྲུན་ཡིན་ནོ། ༢འདི་ནི་རང་ཉིད་ལུང་སྟོན་པའི་མེ་ལོང་སྟེ། རང་རྒྱུད་རྙིང་མ་ཡིན་ཡང་དགེ་

(༧༣༢)སློང་ལྷ་ཆེན་པོ་དང་། ཀླ་ཀློའི་སྟོན་པ་གཞོན་ནུའི་སྡེའི་རྣམ་ཐར་ལ་ཞུགས་ནས་རང་གི་སློབ་དཔོན་དང་འཁོན་པས་རྩ་ལྟུང་དང་པོ་ལ་བདག་གི་ར་བྱས་ཤིང་། དེའི་འབྲས་བུའང་མཐོང་ཆོས་སུ་མྱོང་གྱུར་དགེ་སློང་ལྷས་བྱིན་ལྟར། ཆོས་ལ་སྡང་བའི་ཉེས་པས། དབུ་སྟོད་བྱང་གིས་ནས་སུ། །རྡོ་རྗེ་དམྱལ་བར་ཨ་ལ་ལ། །ཞེས་ཁྲག་གི་བྲིས་པའི་རྡོ་ཆར་དང་བཅས་ལུས་རྟེན་དེ་ཉིད་ས་འོག་ཏུ་དམི་པའི་ཕྱིར་རོ། །དེ་ལ་རྗེ་བཙུན་རིན་པོ་ཆེ་རྒྱ་སྟོན་པ་སངས་རྒྱས་ཡེ་ཤེས་ཞལ་སྔ་ནས་ལན་དུ། །ཐོག་མར་རང་ཚིག་དང་ཡང་འགལ་ཏེ། རང་གི་བསྟན་པ་ལ་བདུད་ཀྱི་ཆོས་ཕྲིན་ཅི་ལོག་འབྱུང་བར་མཁྱེན་ནས་ཆོས་ལ་བརྟག་པ་བཤད་ན། བོད་ལྟ་བུའི་ཡུལ་ཆུང་རེ་རེར་ཆོས་ལོག་གང་བྱུང་ལུང་སྟོན་གྱིས་མི་ལངས་པ་འགལ་ལོ། །དེ་ལུང་སྟོན་གྱིས་མི་ལངས་ན་ཐམས་ཅད་མཁྱེན་པས་སེམས་ཅན་མོས་པའི་དབང་གིས་ཡུལ་སོ་སོའི་སྐད་ཀྱིས་སེམས་ཅན་སྣ་ཚོགས་པ་རྣམས་ལ་ཆོས་སྣ་ཚོགས་པ་སྟོན་འགལ། ཆོས་སྣ་ཚོགས་པ་མ་བསྟན་ན་ནི་ཐམས་ཅད་མཁྱེན་པ་ཡིན་པར་འགལ་ལོ། །སྤྱིར་ཡང་ཆོས་ལ་བརྟག་པའི་ཆོག་ཡང་སྤྱིར་བཏང་ཙམ་ལ་ཡིན་གྱི། དམིགས་ཀྱིས་བསལ་བ་ལ་དེ་ཙམ་གྱིས་ཆོས་མིན་དུ་མི་འགྲུབ་སྟེ་འོག་ནས་འཆད་དོ། །བརྟག་པ་གསུམ་ནི་ཤིན་ཏུ་ནས་ཀྱང་བཤད་དེ། སློབ་དཔོན་ཆེན་པོ་པདྨ་སམ་བྷ་ལྦས། བླ་མས་སློབ་མ་མ་བརྟགས་སྣོད་མེད་ཆོས་ཀྱིས་འབྲེལ། སློབ་མས་བླ་མ་མ་བརྟག་བཅུད་མེད་ཆོས་ཀྱིས་འབྲེལ། །གཉིས་ཀས་དམ་ཚིག་མང་བསྲུངས་བེ་སྦྲེ་ལ་གཡང་སར་ལྷུང་། །དེ་འདྲའི་དཔོན་སོབ་དུས་ཀྱི་མཐའ་ལ་འབྱུང་། །ཞེས་གསུངས་སོ། །ཞེས་ཆོས་རྗེ་བུ་སྟོན་རིན་པོ་ཆོས་དུས་འཁོར་གྱི་བླ་མའི་མཚན་ཉིད་བརྟག་པའི་སྐབས་སུ་དྲངས་ནས་གསུངས་ཤིང་། གཞན་ཡང་དཔོན་སློབ་ཀྱི་འབྲེལ་དང་། །སྣོད་བརྟག་པ་ལ་སོགས་ལ་བླ་མ་བཅུ་པ་ནས། ལོ་བཅུར་འགྲོགས་པས་བརྟག་ཐུབ་བུ་ལ་སྟོན། །ཞེས་སོགས་རིན་ཆེན་གླིང་པ་ཅན་བཤད་པ་ལ་

(༧༣༣)སོགས་ལས་ཀྱང་རྒྱས་པ་ཡོད་པས། བླ་མ་དང་སློབ་མའི་བརྟག་པ་མེད་པའི་ཤེས་བྱེད་ཅི་ཡང་ཁྱོད་ལ་མེད་དོ། །ཆོས་ལ་བརྟག་པ་ལ། རྩོམ་པའི་ཉམས་དང་། སྒྲ་ཚིག་དང་འགལ་བ་ལྟ་བུ་དང་། མ་འབྲེལ་བ་དང་། ཟློས་པ་དང་། མ་ཚང་བ་ལྟ་བུས་ནི་ཆོས་མིན་དང་བཀའ་མིན་དུ་མི་འགྲུབ་པར་དུས་འཁོར་རྩ་འགྲེལ་དང་། བདེ་མཆོག་སྟོད་འགྲེལ་སོགས་སེམས་འགྲེལ་རྣམས་དང་། རོ་འགྲེལ་ཆེན་སོགས་ལས་གསལ་བར་གསུངས་པ་འདི་ཡིན། །ཚིག་ལ་མི་རྟོན་དོན་ལ་རྟོན་པའི་དབང་དུ་བྱས་ཏེ་བརྟག་པས་འགྲུབ་ན་ནི། རྒྱ་གར་གྱི་པཎ་ཆེན་དང་། གྲུབ་ཐོབ་པདྨ་འབྱུང་གནས་དང་། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན་། ཤྲཱི་སིང་ཧ། ཛྙཱ་སིང་ཧ་དང་། བི་མ་ལ་མི་ཏེ། ཨིནིྡྲ་བྷོ་ཏི། ཀུ་ཀུ་རཱ་ཙ། རྒྱལ་བོ་ཛ། སྲས་མོ་གོ་མ་བྷེ་བི། ཨུ་པ་རཱ་ཙ། སེང་ཧ་རཱ་ཙ། པྲ་བྷ་ག་ཏི། སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ་། དམ་པ་རྒྱ་གར། པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་པ་རྣམས་དང་། བོད་ཀྱི་བཻ་རོ་ཙ་ན། སྐ་ཅོག་གཉིས། རྗེ་འབངས་ཉི་ཤུ་རྩ་ལྔ། ཀུན་གྱིས་མཚན་བྲིས། རྨ་རིན་ཆེན་མཆོག་ །ཨ་རོ་ཡེ་ཤེས་འབྱུང་གནས། སོ། ཟུར། གནུབས། རྩག་ལ་སོགས་པའི་མཁས་གྲུབ་རྣམས་དང་། འཁོན་ཀླུ་དབང་བསྲུང་བ་ནས་ཆོས་རྗེ་བསོད་ནམས་རྒྱལ་མཚན་ཡན་ཆད་ཀྱི་ས་སྐྱ་པ་རྣམས་དང་། རྡོག་ལེགས་ཤེས་ལ་སོགས་པའི་བཀའ་གདམས་པ་རྣམས་དང་། འབྲི་ཕག་མཚུར་སྟག་མཚལ་འབྲུག་ལ་སོགས་དྭགས་པོ་བཀའ་བརྒྱུད་པ་རྣམས་དང་། ཤངས་པ་བཀའ་བརྒྱུད་པའི་བླ་མ་བོད་ཀྱི་གསེར་སྟང་པ་ཆོས་འོད། འཕགས་འོད། ཀུན་སྤངས་རྒྱལ་ཡེ། ཡོན་ཏན་རྒྱ་མཚོ། ཅི་སྙེད་ཅིག་གིས་ཐོས་བསམ་སྒོམ་གསུམ་མཛད་པ་འདི་ཁོ་ནས་ཀྱང་ཡིད་ཆེས་པར་འགྲུབ་སྟེ། བློ་ཆུང་སྐལ་མེད་ལོག་རྟོག་ཅན་གྱིས་སྤྱོད་ཡུལ་དུ་མ་གྱུར་པ་འདིའི་ཞེ་རེ་འགྱོད་

(༧༣༤)ཁྱོད་ལ་རང་ལ་ཡང་མཚུངས་སོ། །དེ་ལྟར་བསྟག་པ་གསུམ་དང་ཡིད་ཆེས་གསུམ་གྱིས་འཇུག་པ་ནི་ཤིན་ཏུ་ནས་ཀྱང་ཡོད་ལ། ད་ལྟ་ཁ་ཅིག་གིས་ཁོང་དུ་མ་གྱུར་པ་ནི་མེད་བར་མི་འགྲུབ་སྟེ། ༧དེ་ལ་བོད་ཀྱི་ཡུལ་འདིར་དེང་སོང་རྫོགས་པ་ཆེན་པོ་ཞེས་བྱ་བའི་རྒྱུད་གཞུང་མཐའ་ཡས་པ་ཞིག་འདུག་འདི་ནི་ཀུན་ཏུ་བཟང་བོས་གསུངས་། དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན་དང་། ཀླུ་སྒྲུབ་སྙིང་པོ་དང་། ཀུ་ཀུ་རཱ་ཙ་སོགས་ཨུ་རྒྱན་དང་། རྒྱ་གར་གྱི་མཁས་གྲུབ་ཐམས་ཅད་ཀྱིས་ཉམས་ལེན་གྱི་གཙོ་བོ་འདི་ཡིན། སློབ་དཔོན་པདྨ་དང་། བི་མ་ལ་མི་ཏྲ་དང་། བཻ་རོ་ཙ་ནས་བོད་དུ་ཁྱེར་ཏེ་བྱོན་ནས་སྔོན་གྱི་རྒྱལ་བློན་བྱང་ཆུབ་དཔའ་རྣམས་ཀྱི་དུས་སུ་བསྒྱུར་བ་ཡིན་ཟེར་བ་འདུག་ །ཅེས་པ་འདི་ལ་རྒྱ་བོད་ཀྱི་པཎ་གྲུབ་དེ་རྣམས་ཀྱི་ཉམས་ལེན་མིན་བ་དང་། རྒྱལ་བློན་དེ་རྣམས་ཀྱི་སྐུ་རིང་ལམ་བསྒྱུར་བའི་ཤེས་བྱེད་དང་ལུང་རིགས་ཚད་མ་ཅི་ཡང་མེད། བོད་ཀྱི་སྐྱེས་ཆེན་དམ་པ་སྔ་ཕྱིར་བྱོན་པ་ཐམས་ཅད་དང་། ས་པཎ་དང་། བུ་ངོལ་ལ་སོགས་པ་རྣམས་ཀུ་ཀུ་རཱ་ཙའི་སངས་རྒྱས་མཉམ་སྦྱོར་སྐོར། རིན་ཆེན་རྡོ་རྗེ་མཉམ་སྦྱོར། སྒྱུ་འཕྲུལ་སྐོར་སྔ་འགྱུར་གསང་སྔགས་རྙིང་མ་ཞེས་དང་། སྔགས་རྙིང་མ་རྣམས་འདི་ལྟར་བཞེད་ཅེས་གསུང་གཅིག་ཏུ་བསྙད་པ་ལ་བསྙོན་དུ་མེད་དོ། །གལ་ཏེ་རྣམ་ཀྱི་ས་ཉམས་སུ་མ་བླངས་པ་དང་། མ་བསྒྱུར་ཡང་། བོད་བླུན་པོ་རྣམས་ལ་ཁ་འཕངས་ནས་རང་བཟོར་བྱས་པའི་འདོད་ན་ནི་ཧ་ཅང་ཐལ་ཏེ། གོང་དུ་སྨོས་པའི་ས་སྐྱ་བ་ལ་སོགས་རྣམས་ཀྱང་རང་བཟོའི་རྫུན་གྱི་རྗེས་སུ་འབྲངས་ནས་ཆོས་ལོག་སྤྱོད་ཅེས་སྐུར་པ་བཏབ་ཤུགས་ལ་འགྲུབ་པར་ཕྱིར་རོ། ཡང་རྩོམ་བའི་ཉམས་ནང་པས་འགལ་བ་དང་། མ་འབྲེལ་བ་དང་། །མ་ཚང་བ་དང་། ཟློས་པ་དང་། ནང་རིག་པའི་ཆོས་སྐད་ལ་བླུན་ཚིག་མང་ཚུལ་དང་། མི་མ་ཡིན་གྱི་མིང་རྒྱ་སྐད་ལ་མེད་པ་མང་པོ་འདུག་སོགས། ངན་སྨྲས་མང་དུ་ཟེར་རོ། །དེ་ལྟར་གསང་སྔགས་གསར་མ་རྣམས་ཀྱང་འགྱུར་བཅོས་མ་བྱས་གོང་ནས་

(༧༣༥)བརྗོད་བྱ་གཙང་པོ་ཡོད་པའི་དེས་པ་ཅི་ཞིག་ སྔོན་ནས་དེ་ལྟར་ཡོད་ན་མདོ་རྒྱུད་རེ་རེའི་གཤམ་དུའང་གང་ཞག་ཆཻྒ་མོ་དང་ག་གེ་མོས་སླད་ཀྱི་བསྒྱུར་ཞིང་ཞུས་ཏེ་བཅོས་ནས་གཏན་ལ་ཕབ་པའི་ཟེར་བ་མང་ཤོས་བཅོ་ལྔ་སྐོར་འདུག་པ་བཅོས་དགོས་པ་དང་། ཞུས་དགོས་པའི་རྒྱུ་དེ་གང་ཡིན་ལེགས་པར་བསམ་འཚལ། རྙིང་རྒྱུད་རྣམས་ནི་སྔ་འགྱུར་བསྒྱུར་དུས་སྔོན་ཆད་བསྟན་པའི་ལམ་སྲོལ་མེད་པས་ཆོས་སྐད་སྒྲོགས་པ་ཙམ་ལ་ཡང་དཀའ་བའི་གནས་སུ་ཡོད་ན་དམ་པའི་ཆོས་ལ་སྨོས་ཅི་དགོས། ཐ་ན་འཇིག་རྟེན་གྱི་བྱ་བ་དང་། བཟོ་གནས་ཙམ་ལའང་ཕྱི་ནས་རིམ་གྱིས་རྣམ་རིག་ཇེ་གསལ་ལ་སོང་ནས་སྔ་མ་སྔ་མ་ལས། ཕྱི་མ་ཕྱི་མ་ལེགས་པ་མངོན་སུམ་ན། དུས་དེར་ཆོས་སྐད་ལ་མ་འདྲིས་ཤིང་ལོ་པཎ་གཉིས་སྐད་བརྡ་མ་འཕྲོད་པ་དང་། ཡུལ་སྐད་ཀྱི་ཤན་ཤོར་བ་སོགས་ཡོད་དུ་ཆུག་ཀྱང་སྒྱུར་བྱེད་དེ་དག་སྤྲུལ་པའི་སྐུ་ཡིན་ཞིང་བཅོས་བསླད་གང་ཡང་མ་སོང་བས་བྱིན་རླབས་གཞན་ལས་ཆེ་བ་ནི་རྙིང་རྒྱུད་བཀའ་གཉན་གླེགས་བམ་བྲིས་ན་འཚུབས་ཆེ་ཟེར་བ་དང་། འཇིག་རྟེན་མི་བདེ་བའི་དམག་འཁྲུག་དང་ནད་མཚོན་བཀྲ་ཤིས་པ་སོགས་བྱུང་ཚེ་འདི་ཉིན་ཀློག་ན་ཕན་བ་ཆེ་ཟེར། ལ་ལས་ལུང་སྟོན། ལས་ལས་དྲིལ་སྒྲོག་པ་འདི་ཆོས་དེ་དག་ངན་ངོན་དུ་གྱུར་པ་ལས་བྱུང་བ་ཡིན་ནམ་ལེགས་པར་སོགས་ཤིག་ །དེ་རྩོམ་པའི་ཉམས་ངན་པ་དང་། འགལ་བ་དང་། མ་འབྲེལ་བ་དང་། མ་ཚང་བ་དང་། ཟློས་པ་སོགས་རྣམས་མེད་པས་སངས་རྒྱས་ཀྱི་བཀའ་ཚད་མ་ཡིན་བར་འདོད་ན་ནི་ཤིན་ཏུ་ནས་ཀྱང་མི་འཐད་དེ། ད་ལྟ་ན་ཕྱི་རིལ་མུ་སྟེགས་བྱེད་ཀྱི་གཞུང་ལུགས་རྣམས་རྩོད་པ་དང་བྲལ་བའི་གཞུང་ལུགས་རྣམ་དག་ཏུ་འགྱུར་ཏེ། ཕྱི་རོལ་པའི་སྟོན་པ་དབང་ཕྱུག་དང་། ཁྱབ་འཇུག་དང་། སྒྲ་ཚིག་ཡི་གེ་ལ་རྟོན་ཞིང་ལེགས་སྦྱར་གྱི་སྐད་གཅིག་པུས་མཐོ་རིས་སུ་འགྲོ་བར་འདོད་པའི་བྲམ་ཟེ་དང་། །སྒྲ་སྨྲ་བའི་དྲང་སྲོང་

(༧༣༦)རྣམས་ཀྱིས་བྱས་པའི་གཞུང་ལུགས་རྣམ་རྩོམ་པའི་ཉམས་བཟང་བས་འགལ་དུ་མེད་པ་དང་། ཚིག་གི་སྡེ་བ་སྦྱོར་ལེགས་པས་འབྲེལ་ཆགས་པ་དང་། ཟློས་པ་རྣམས་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་དཱས་རྣམས་ནི་དོན་ལ་རྟོན་པ་ཉིད་ལ་བརྟེན་ནས་ཡུལ་སོ་སོའི་སེམས་ཅན་སྣ་ཚོགས་པ་རྣམས་ལ་རང་རང་གི་ཡུལ་གྱི་སྐད་ཀྱིས་ཆོས་སྣ་ཚོགས་པ་རྣམས་སྟོན་པའི་ཕྱིར་ན་ལྕེ་རྐན་གྱིས་རྩོལ་བས་བསྐྱེད་པའི་ལྷའི་སྐད་གཅིག་པུ་དང་། སྒྲ་ཚིག་ཡི་གེ་རྣམས་ལ་རྟོན་པ་མ་ཡིན་པས་སོ། །དེས་ན་དུས་ཀྱི་འཁོར་ལོའི་རྒྱས་འབྲེལ་དྲི་མེད་འོད། །ལས། སྒྲ་བཟང་པོར་སྨྲ་བ་རྣམས་ཀྱིས་སྒྲ་བཟང་སོ་ལ་ཞེན་པ་སྤང་པའི་སླད་དུ། དོན་ལ་རྟོན་པ་ཉིད་ལ་བརྟེན་ཏེ། ཚིགས་སུ་བཅད་པ་ཁ་ཅིག་ཏུ་སྒྲ་ཉམས་དང་། །ཁ་ཅིག་ཏུ་གཅོད་མཚམས་ཉམས་པ་དང་། །ཁ་ཅིག་རྣམ་དབྱེ་མེད་པའི་ཚིག་དང་། །ཁ་ཅིག་ཏུ་དབྱངས་དང་གསལ་བྱེད་ཕྱིས་པ་དང་། ཁ་ཅིག་ཏུ་རིང་པོ་ལ་ཐུང་དུ་དང་། ཐུང་དུ་ལ་རིང་པོ་དང་། ཁ་ཅིག་ཏུ་ལྔ་བའི་དོན་བདུན་བ་དང་། བཞི་པའི་དོན་ལ་དྲུག་པ་དང་། གཞན་གྱི་ཚིག་ལ་བདག་ཉིད་ཀྱི་ཚིག་དང་། བདག་ཉིད་ཀྱི་ཚིག་ལ་གཞན་གྱི་ཚིག་དང་། ཁ་ཅིག་ཏུ་གཅིག་གི་ཚིག་ལ་མང་པོའི་ཚིག་དང་། མང་པོ་ལ་གཅིག་གི་ཚིག་དང་། ཁ་ཅིག་ལ་ཕོ་ཡི་རྟགས་ཅན་ལ་མ་ནིང་གི་རྟགས་ཅན་དང་། མ་ནིང་གི་རྟགས་ཅན་ལ་མོའི་རྟགས་ཅན་དང་། ཁ་ཅིག་ཏུ་ནི་རྐན་ལས་བྱུང་བ་སོ་དང་སྤྱི་བོ་ལས་འབྱུང་བ་དང་། ཁ་ཅིག་ཏུ་སྦྱི་བོ་ལས་འབྱུང་བ་ལ་སོ་དང་རྐན་ལས་བྱུང་བ་དང་། ཁ་ཅིག་ལྕེ་ལས་བྱུང་བ་རྐན་དང་སྤྱི་བོ་ལས་བྱུང་བ་སྟེ། དེ་ལྟ་བུ་གཞན་ཡང་རྒྱུད་སྟོན་པ་པོའི་མན་ངག་གི་རྗེས་སུ་འབྲང་བར་བྱའོ། ཞེས་པ་དང་། དེ་བཞིན་དུ་འགྲེལ་བཤད་ལའང་སྒྲ་བཟང་པོ་མངོན་པའི་ང་རྒྱལ་ཉམས་པར་བྱ་བའི་སླད་དུ་བདག་གིས་དོན་ལ་རྟོན་པ་ཉིད་ལ་བརྟེན་ཏེ་དྲི་བར་བྱའོ། ཞེས་གསུངས་ཤིང་

(༧༣༧)བདེ་མཆོག་སྟོད་འགྲེལ་དུ་ཡང་། འདིར་མ་འོངས་པའི་དུས་ན་བྱིས་པའི་སྐྱེ་བོ་ཚིག་འབྲུ་ལ་རབ་ཏུ་རྟོན་པ་ལ་བརྟེན་པ་རྣམས་ཀྱིས་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་དང་། བྲལ་བའི་རྒྱུད་ཀྱི་རྒྱལ་པོ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནོ། ཞེས་གང་ཞིག་སྨྲ་བར་འགྱུར་བ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་གཞན་དུ་རྟོན་པ་བཞི་གསུངས་བའི་ཕྱིར་རོ། །འདི་ལྟར་ཏེ། དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་དང་། །ཡེ་ཤེས་ལ་རྟོན་པ་བྱའི་རྣམ་ཤེས་ལ་རྟོན་པར་བྱ་བ་མ་ཡིན་པ་དང་། ངེས་པའི་དོན་ལ་རྟོན་པར་བྱའི་དྲང་བའི་དོན་ལ་རྟོན་པ་མ་ཡིན་བ་དང་། ཆོས་ལ་རྟོན་པར་བྱའི་གང་ཟག་ལ་རྟོན་པར་བྱ་བ་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་ཚིག་འབྲུ་ལ་རབ་ཏུ་རྟོན་བ་ནི་ཐེག་པ་གང་དུ་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །ཞེས་དང་། དུས་འཁོར་རྩ་རྒྱུད་དུ། རང་རང་སྐད་ཀྱི་ཁྱད་པར་རྣམས་གྱིས་ནི། །སྲིད་གསུམ་མ་ལུས་ལམ་ལ་ལེགས་བཀོད་ནས། །ཀུན་མཁྱེན་གསུང་འདི་ཞི་བདེའི་འབྲས་བུ་སྟེར། །ལྷ་ཡི་སྐད་ལས་དེ་དག་གང་དུ་འགྱུར། ཅེས་དང། བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུ་ལས་ཀྱང་། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་མི་འཕགས་པ་བོད་ལ་སོགས་རྣམས་ལ། བྱུང་དང་འབྱུང་འགྱུར་ད་ལྟ་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་བའི་ཆོས་གསུངས་ཤིང་། །རང་རང་སྐད་གཞན་རྣམས་ཀྱིས་སྲིད་གསུམ་མཚད་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་བདེ་ཉམས་འབྲས་བུ་སྟེར་པ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱིས་མིན། །ཞེས་དང་། དྲི་མེད་འོད་ཀྱི་འཇིག་རྟེན་ཁམས་ལེའི་མདོར་བསྡུས་དང་པོར། ཀུན་མཁྱེན་ལ་མདོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་པོ་མེད། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག་

(༧༣༨)སེམས་ཅན་རྣམས་ཀྱིས་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་མཆོག་ལ། །བརྡ་སྤྲོད་པ་ལ་ཀླུས་བཀོད་སྒྲ་བརྩེགས་རྩོད་པ་དོན་གཉེར་རྣམས་ཀྱིས་དེ་ལས་གཞན། །སྒྲ་ཉམས་པ་དང་ཡུལ་གྱི་སྐད་ལས་ཀྱང་། །རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་དེས་པར་ཞུགས་པ་དེ། །ངང་པས་རབ་ཏུ་ཕྱུང་སྟེ་འཐུང་བར་བྱེད། །དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་དག་རྣམས་ཚིག་ལ་རྟོན་པ་མིན། །ཡུལ་གྱི་སྐད་རྣམས་ཀྱིས་ནི་དོན་ཤེས་ན། །བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། །གང་ཞིག་ཟུར་ཆག་སྐྲ་དང་སྒྲར་གྱུར་པ། །བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་། །གང་ཞིག་འགྲོ་བ་དག་ལས་ཉེ་ཚེ་པ། །དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། །ཞེས་དང་། མདོར་བསྡུས་བཞི་བར། འདིར་མ་འོངས་པའི་དུས་ན་བྱིས་པའི་སྐྱེ་བོ་མིང་ཚིག་ཡི་གེ་ལ་རྟོན་པ་ལ་བརྟེན་པ་དག་གིས་རྒྱུད་ཐམས་ཅད་དུ་འདི་སྐད་བདག་གིས། ཞེས་སོགས་ཀྱིས་སངས་རྒྱས་ཀྱི་བཞུགས་གནས་ངེས་པར་བསྟན་པ་དེ་བཞིན་གཤེགས་པས་གསུངས་པར་གང་བརྗོད་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཆོས་སྟོན་པ་པོའི་སངས་རྒྱས་དོན་ལ་རྟོན་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་དང་། སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་ཡུལ་སྣ་ཚོགས་ཀྱི་སྐད་གཞན་གྱིས་ཡང་དག་པར་བྱེད་པའི་ཕྱིར་རོ། །འདིར་གལ་ཏེ་འདི་སྐད་བདག་གིས་ཐོས་པ་ལ་སོགས་ལེགས་པར་སྦྱར་བའི་ཚིག་མགྲིན་པ་དང་། རྐན་ལ་སོགས་པའི་འབད་རྩོལ་གྱིས་བསྐྱེད་པ་ཉེ་ཚེ་བས་དེ་བཞིན་གཤེགས་པ་ཆོས་སྟོན་པར་བྱེད་པ་དེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུས་དུ་མར་ཡང་དེ་བཞིན་གཤེགས་ངས་བསྟན་པ་དང་། སྡུད་པ་པོས་ཀྱང་བྲི་བར་མི་ནུས་ཏེ། ཉེ་ཚེ་བ་ལེགས་པར་སྦྱར་བའི་ཚིག་གཅིག་པུ་མ་ཡིན་པའི་ཕྱིར་རོ། །འདིར་སྤྲུལ་བའི་སྐུ་མཐའ་ཡས་པ་མེད་པའི་ཕྱིར་མཐའ་ཡས་བ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་མཐའ་ཡས་པ་མཐའ་ཡས་སེམས་ཅན་

(༧༣༩)རྣམས་ཀྱི་སྒྲ་དག་གིས་ཅིག་ཆར་དུ་ཆོས་སྟོན་པྱང་མེད་པར་འགྱུར་རོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁིར་བཞི་སྟོང་སྟོན་པར་བྱེད་བ་མེད་པའི་ཕྱིར། ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཏེ། དེ་ལྟ་མ་ཡིན་ནོ། །འདིར་སངས་རྒྱས་ཚད་མེད་པ་དང་། ཆོས་ཚད་མེད་པ་དང་། དགེ་འདུན་ཚད་མེད་པར་དེ་བཞིན་གཤེགས་པས་གསུངས་པ་འདི་ཡིས་ཕྱིར། ཆོས་སྟོན་པ་པོ་ཐམས་ཅད་མཁྱེན་པ་ནི་གཅིག་མ་ཡིན་ནོ། །ཐམས་ཅད་ཁྱེན་པའི་སྐད་གང་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམས་རོན་རྟོགས་པར་བྱེད་པ་གཅིག་མ་ཡིན་ནོ། །བཞུགས་པའི་གནས་ངེས་པར་བསྟན་པ་གཅིག་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དང་། གསོལ་བ་འདེབས་བ་པོ་གཅིག་མ་ཡིན་ནོ། །འདིར་སེམས་ཅན་རྣམས་ཀྱིས་མོས་པ་སྣ་ཚོགས་ཀྱི་དབང་གིས་ཐམས་ཅད་མཁྱེན་པ་དུ་མ་དང་། ཐམས་ཅད་མཁྱེན་པའི་སྐད་དུ་མ་དང་། བཞུགས་པའི་གནས་དུ་མ་དང་། ཆོས་བསྟན་པ་དུ་མའོ། །དེ་ཕྱིར་དེ་བཞིན་གཤེགས་པས། །མགྲིན་པ་དང་རྐན་ལ་སོགས་པའི་འབད་རྩོལ་གྱིས་བསྐྱེད་པའི་ལྷའི་སྐད་གཅིག་པུས་རྒྱུད་ཐམས་ཅད་བསྟན་པ་མ་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་དུ། བཅོམ་ལྡན་འདས་མཐའ་ཡས་པའི་ཆོས་སྟོན་པ་པོ་ཡིན་པ་འདིའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་བཞུགས་པའི་གནས་ངེས་པར་བསྟན་ཅེས་སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་མི་བྱའོ། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་རང་བཞིན་ཐམས་ཅད་མཁྱེན་པའི་སྐད་མེད་པར་ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་གཅིག་པུ་འདི་ཡིས་ཡིན་ན་སངས་རྒྱས་ཀྱང་ཉི་ཚེ་བར་འགྱུར་རོ། །འཕགས་ཡུལ་འདིར་སྒྲ་སྨྲ་བ་པོ་མུ་སྟེགས་པ་མཁས་པ་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་མཐོང་ནས། ཇི་ལྟར་བྲམ་ཟེ་དང་། ཁྱབ་འཇུག་པ་དང་། ཞི་བ་ལ་སོགས་པ་རྣམས་ཀྱིས་འདོད་པའི་ལྷ་ཚངས་པ་དང་། ཁྱབ་

(༧༤༠)འཇུག་དང་། དྲག་པོ་ལ་སོགས་པ་རྣམས་ལེགས་པར་སྦྱར་བའི་སྨྲ་བ་པོ་ཡིན་པ་དེ་བཞིན་དུ་བདག་ཅག་གིས་འདོད་པའི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལེགས་བྱར་སྦྱར་བའི་སྨྲ་བ་པོ་ཡིན་ནོ། །ཞེས་པ་ནི། སངས་རྒྱས་པ་བྱིས་པའི་བློ་ཅན་རྣམས་ཀྱི་བསམ་པ་སྟེ། འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཐམས་ཅད་མཁྱེན་པའི་སྐད་མེད་པར་ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་འདི་ཡིས་མ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པར་བྱེད་པ་པོ་དང་ཡང་དག་པར་བྱེད་པ་པོ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷའི་སྐྱེ་བ་དང་འབྲེལ་པ་ཉེ་ཚེ་བ་མ་ཡིན་ཏེ། སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱི་ཆོས་སྟོན་པ་པོ་ཡིན་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས། སྒྲ་གཅིག་པུ་ལེགས་པར་སྦྱར་བའི་སྐད་ཀྱིས་མཐོ་རིས་སུ་འདོད་པ་འཇོ་འོ་ཞེས་པ་ནི་ལོག་པའི་ང་རྒྱལ་གྱི་ཟིལ་གྱི་གནོན་པ་རྣམས་ཀྱི་བསམ་པ་སྟེ་ཐམས་ཅད་མཁྱེན་པའི་སྐད་མེད་པའི་ཕྱིར་རོ། །ཞེས་དང་། འདིར་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱིས་བསྟན་པའི་ཆོས་ཉི་ཚེ་བ་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་བྲལ་བ། འཁོར་བའི་སྡུག་བསྔལ་སྟེར་བར་བྱེད་པ། ལོག་པའི་ང་རྒྱལ་སྐྱེད་བྱར་བྱེད་པ། རིགས་སུ་སྨྲ་བ་མངོན་པར་ཁེངས་པར་བྱེད་པ་དག་སངས་རྒྱས་པ་རྣམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ། །ཞེས་གསུངས་སོ། །སྒྲ་ཚིག་ཡི་གེ་བརྟོན་པ་རྣམས་ལྟར་ན། དེ་རྣམས་ལ་སྙིང་པོ་རབ་མཆོག་དམ་པ་བྱེད་ནས་རྗེས་སུ་ཡི་རང་བར་བྱ་དགོས་པར་འདུག་སྟེ། དེ་རྣམས་དང་རྗེས་སུ་མཐུན་པའི་ཕྱིར་རོ། །གཞན་ཡང་དེ་ཉིད་དུ། རེ་ཞིག་ཡུལ་གྱི་ཁྱད་པར་གཞན་ལྟ་ཞོག་གི །དེ་བཞིན་གཤེག་སྤ་མངོན་པར་རྫོགས་པར་སངས་རྒྱས་འཕགས་ཡུལ་འདིར། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་

(༧༤༡)གྱུར་པ་ནི། སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པས་ངེས་པའི་སྡེ་སྣོད་གསུམ་མ་ག་དྷཱའི་སྐད་ཀྱིས་སོ། །མདོ་སྡེ་ནི་སིནྡྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚལ་དང་། སྔགས་ཀྱི་ཚུལ་དེ་ལེགས་སྦྱར་གྱི་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་ནི་ལེགས་སྦྱར་དང་། ཐ་མལ་པའི་སྐད་དང་། །ཟུར་ཆགས་དང་ལེགས་སྦྱར་མ་ཡིན་པ་རི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་དག་གིས་བྲིས་སོ། དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །དེ་བཞིན་དུ་རྒྱ་ང་ཆེན་པོ། པར་སི་ཀ། ཙམ་བ་ཀ། སྤྲེའུ་ཡུ་ཡུལ། གསེར་ཞེས་བྱ་བ། རུག་མ། སུ་ར་མ་མའི་ཡུལ་གྱི་སྐད་གྱིས་སོ། །དེ་ལྟར་གྲོང་ཁྱེར་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་སོ། །དེ་བཞིན་དུ་མ་བུ་བཅུ་གཉིས་དང་། མཐི་རིས་དང་། མིའི་ཡུལ་དང་། ས་འོག་རྣམས་སུ་སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱིས་སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་བྲིས་ཏེ། ཉན་ཐོས་རྣམས་ཀྱིས་ཉན་ཐོས་གྱི་ཐེག་པ་དང་། རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་སེམས་རྣམས་ཀྱིས་ཐེག་པ་ཆེན་པོ་ཕར་ཕྱིན་དང་། ཐེག་པ་ཆེན་པོ་གསང་སྔགས་རྒྱུ་དང་འབྲེལ་བུར་བཅས་པའི་བདག་ཉིད་དེ། སྡུད་པར་བྱེད་པ་པོ་སྣ་ཚོགས་སེམས་ཅན་རྣམས་གདུལ་བར་བྱ་བའི་དོན་དུའོ། །སྡུད་པར་བྱེད་པ་སྣ་ཚོགས་ཀྱིས་ཡུལ་སྣ་ཚོགས་ཀྱི་སྐད་ཀྱིས་བྲིས་པའི་རི་ལུང་དང་རིག་པ་འདིས། རྣམ་པར་དབྱད་པས་ན་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐམས་ཅད་མཁྱེན་པའི་སྐད་ཀྱིས་ཆོས་སྟོན་པ་པོ་ཡིན་གྱི། ཁྱབ་འཇུག་དང་དྲག་པོ་ལ་སོགས་

(༧༤༢)པ་གཞན་ནི་མ་ཡིན་ནོ། །ཅི་སྟེ་ཁྱབ་འཇུག་དང་དྲག་པོ་ལ་སོགས་བ་རྣམས་ཀྱི་ནང་ན་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པ་འགའ་ཞིག་ཡོད་ན། དེ་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་དང་། མཆོད་པ་དང་། བཀུར་བར་བྱ་བ་ཡིན་ནོ། །ཞེས་ལེགས་པར་གསུངས་པས་སོ། །དེར་མ་ཟད་གསང་བ་བསམ་གྱི་སྨི་ཁྱབ་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་སངས་རྒྱས་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་ལྕེ་རྐན་གྱིས་རྩོལ་བ་ལས་བྱུང་བའི་ཐེ་ན་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །དེའི་རྒྱུ་མཚན་དབུགས་འབྱུང་རྡུབ་མི་མངའ་ཞིང་རྣམ་པར་མི་རྟོག་པས་སོ། །དེ་ལྟར་ཡིན་ཡང་སེམས་ཅན་གྱི་བསམ་པ་དང་མཐུན་པར་སྐད་མཐའ་ཡས་པས་ཐེག་པ་མ་ལུས་པ་ཐམས་ཅད་སེམས་ཅན་གྱི་སེམས་པ་བཞིན། སྟོན་པའི་སྒྲ་འབྱུང་སྟེ། ནམ་མཁས་ཇི་སྲིད་ཁྱབ་པར་གསུང་གི་སྒྲས་ཁྱབ་ཅིང་ཆོས་སྟོན་པ་ཡིན་ཏེ། བྱ་རྒོད་ཕུང་པོའི་རི་ལས་བྱམས་པ་ལ་བརྟེན་ནས་དབྱངས་ཀྱི་དཀྱིལ་དཀྱིལ་ཡོངས་སུ་དག་པ་ཞེས་བྱ་བའི་ཆོས་སྟོན་པའི་ཚེ། མོའུ་འགལ་གྱི་བུས་གསུང་གི་མཐའ་དཔོག་པར་འདོད་ནས་འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཐན་དུ་ཕྱིན་པ་ན། དེ་བཞིན་གཤེགས་པ་འོད་ཟེར་རྒྱལ་མཚན་གྱིས་བཀའ་སྩལ་པ།འཇིག་རྟེན་གྱི་མཁས་གང་གཱའི་ཀླུ་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ནས་ཁྱོད་འདིར་འོངས་སོ། །ནམ་མཁས་ཅི་ཙམ་ཁྱབ་པ་དེ་ཙམ་དུ། དེ་བཞིན་གཤེགས་པའི་གསུང་གིས་ཁྱབ་བོ། །ཞེས་གསུངས་པས་གསུལ་བྱའི་བསམ་པ་དང་མཐུན་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མ་ལུས་པར་འཆད་པ་ནི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཕལ་པོ་ཆེའི་བྱང་སེམས་ཆེན་པོ་ཀུན་ཏུ་བཟང་པོར་སྤྱོད་བའི་སྨོན་ལམ་ལས་ཀྱང་། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཅི་ཙམ་པར།

(༧༤༣)ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་གསུངས་ཤིང་། །རྫོགས་པ་ཆེན་པོ་ལ་སོགས་བའི་རྒྱུད་ཀྱི་ཡི་གེ་དང་། སྔགས་དང་། སྒྲ་ཚིག་ཁ་ཅིག་ལེགས་པར་སྦྱར་བ་ལ་སོགས་པའི་རྒྱ་གར་གྱི་སྒྲ་སྐད་ཡི་གེ་དང་མ་མཐུན་ཡང་སྐྱོན་མེད་དེ། སྤྱོད་འཇུག་ལས། ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་ཆད་པར་ཐོས་པར་ཤོག་ །ཅེས་པ་ལྟར། རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ། ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་བཞིན་དུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་གཞོམ་དུ་མེད་པའི་རང་སྒྲ་ཡིན་པས་སམ་སྐྲི་ཏའི་ཡི་གེ་ལ་སོགས་དང་འགལ་བའི་སྐྱོན་ནི་ཐམས་ཅད་མཁྱེན་བས་ཀྱང་མི་ཁེལ་ལོ། ཁ་ཅིག་ནི་འཇིག་རྟེན་དང་བསྟན་བཅོས་གང་ལ་ཡང་མ་གྲགས་པར་དེ་བཞིན་གཤེགས་པའི་བརྡས་བཏགས་ནས་གསུངས་པ་ཡིན་ཏེ། སྒྲོན་གསལ་དུ། ཀོ་ཌ་ཀཱ་ལ་སོགས་པའི་སྒྲ། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །འཇིག་རྟེན་བསྟན་བཅོས་ལས་མ་གྲགས། །ཞེས་པས་རླུང་བཅུ་པོ་མིང་བཅུའི་བརྡའི་སྒོ་ནས་བཏགས་པ་ལྟ་བུ་ཡིན་པས་ཚིག་ལ་རྟོན་པ་ནི་སྙིང་པོ་མེད་པ་ཁོ་ནའོ། །ཟློས་པ་ལྟ་བུའི་ཚིག་ཁ་ཅིག་ཀྱང་། དུས་འཁོར་དུ། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་། ཞེས་པ་རྣམས་ཟློས་པ་གསུངས་པ་ལྟ་བུར་ཏེ། ཁྱབ་འཇུག་ལ་སོགས་ཁ་ཅིག་གིས་ཐམས་ཅད་མཁྱེན་པ་ཉིད་དུ་བཏགས་པ་དང་། ཉན་རང་དང་རྣམ་ཤེས་སྨྲ་བའི་སངས་རྒྱས་དང་། ཡེ་ཤེས་ཀྱི་སྐུ་གཟུགས་ཅན་དུ་དོགས་པ་གསལ་བའི་ཕྱིར་དུ། ཐམས་ཅད་མཁྱེན་པ་དང་། ཡེ་ཤེས་སྐུ་དང་། ཉིན་མོར་བྱེད་པ་དང་། པདྨ་འདབ་མ་བརྒྱད་པའི་སྤྱན་ཞེས་པའི་སངས་རྒྱས་ཀྱི་མིང་ཟློས་པ་གསུངས་པ་ལྟ་བུ་སྟེ། སྐྱོན་མེད་ཀྱི་འདོད་བ་ཡོད་བས་ཐམས་དུ་སྐྱོན་ཡོད་བསམ་ཁྱབ་བོ། །མིང་གི་མངོན་བརྗོད་སོགས་ཀྱང་། དྲི་མེད་འོད་ལས།

(༧༤༤)སྔགས་ཀྱི་ཚུལ་འདི་ལ་ཨེ་ལྦཾ་ཉིད་མིང་མ་ཡིན་ཏེ། ངོ་བོ་གཅིག་ལ་མིང་དུ་མའོ། །མིང་མང་པོ་ཉིད་ཀྱི་ཕྱིར་མིང་གཅིག་ཁོ་ན་གཙོ་བོ་ཡིན་ཏེ། མིང་ཐམས་ཅད་ཀྱི་དངོས་པོ་གཅིག་གོ་བར་བྱེད་པའི་ཕྱིར་རོ། །དཔེར་ན་བུད་མེད་དང་། མི་མོ་དང་། ན་ཆུང་མ་རྣམས་ལས་བུད་མེད་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་ཀྱང་ནུ་མ་སྒྲར་ལྡན་པའི་དངོས་པོ་གོ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་བས། གཟའ་སྒྲ་གཅན་ལ་ཁྱབ་འཇུག་དང་། །ལྷ་ཁྱབ་འཇུག་ལ་སྐོས་རྗེ་དྲང་དཀར་དུ་བཏགས་པ་ལ་འགལ་བ་ཅི་ཡང་མེད་ལ། ལྷ་ཀླུ་འབྱུང་པོ་ཐམས་ཅད་ལ། རེ་རེ་ལ་ཡང་མིང་གི་རྣམ་གྲངས་མང་པོ་སྣང་ཞིང་། ཁ་ཅིག་ཡུལ་སོ་སོའི་འདོད་རྒྱལ་གྱི་སྒྲས་བཏགས་པ་ཡིན་ཏེ། རྒྱུ་སྐར་ཉེར་བརྒྱད་པོ་ལ་བསྟན་བཅོས་ཀྱི་སྐད་དང་། ཡུལ་སོ་སོ་བས་བཏགས་པའི་མིང་གི་རྣམ་གྲངས་མང་། དབང་ཕྱུག་ཆེན་པོ་གཅིག་པུ་ལ་ཡང་། དབང་ཕྱུག་དང་། ཕྱུག་བདག་དང་། མགྲིན་སྔོན་དང་། ཨུ་མའི་བདག་པོ་དང་། གུ་ལང་དང་། བདེ་བྱེད་དང་། དྲག་པོ་ཆེན་པོ་ལ་སོགས་མང་བས་མིང་གཅིག་ལ་ཞེན་པ་ནི་འཁྲུལ་ཚབ་ཆེ་ཞིང་། ལར་ཡང་འདི་འདྲ་བའི་མིང་ཚིག་ལ་རྟོན་པ་ནི་སྙིང་པོ་མེད་པ་ཁོ་ནའོ། །དེ་ལྟར་ན་དོན་ལ་རྟོན་ཞིང་ཚིག་ལ་མི་རྟོན་པ་ནི་ཤེས་ལྡན་རྣམས་ཀྱིས་བསྒྲུབ་བྱའོ། །དེ་ལ་ལེགས་སྦྱར་གྱིས་སྐད་ཀྱིས་སྐབས་འགའ་ཞིག་ཏུ་གསུངས་པ་ནི་དགོངས་པ་ཅན་ཏེ། འདི་ལྟར་ལྷ་རྣམས་ཀྱི་ཡུལ་དུ་ནི་ལྷ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། འཕགས་པའི་ཡུལ་མ་ག་དྷཱར་ནི་སྒྲ་སྨྲ་བའི་དྲང་སྲོང་ཕྱི་རོལ་པ་རྣམས་ཡོད་པས་དེ་རྣམས་ཀྱིས་ལེགས་སྦྱར་གྱིས་སྨྲ་ཞིང་མཁས་པའི་ང་རྒྱལ་དང་ལྡན་པ་རྣམས་འདུལ་བའི་ཕྱིར་དང་། གཞན་ཡང་ནང་པའི་བྱིས་པ་ཁ་ཅིག་ཀྱང་དེ་རྣམས་ཀྱིས་སྨྲ་བའི་རྗེས་སུ་འབྲངས་ནས། བདག་ཅག་གི་སྟོན་པ་སངས་རྒྱས་སྲས་བཅས་ཀྱིས་ཀྱང་ལེགས་སྦྱར་གྱིས་སྨྲ་

(༧༤༥)བར་རིགས་སོ་སྙམ་དུ་རྟོགས་པ་རྣམས་ལ་གསུངས་པའོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡུལ་སོ་སོའི་སེམས་ཅད་རྣམ་པ་སྣ་ཚོགས་པ་སོ་སོའི་སྐད་ཀྱིས་བསྟན་ནས། སྡུད་པ་རྣམས་ཀྱིས་ཀྱང་ཡུལ་སོ་སོའི་སྐད་དང་། བརྡ་དང་སྦྱར་ནས་བསྡུས། པདྨ་འབྱུང་གནས་དང་བི་མ་ལ་མི་ཏྲ་ལ་སོགས་བས་ཀྱང་བོད་ལ་སོགས་པའི་ཡུལ་སོ་སོར་བརྡ་དང་། སྐད་དང་། སྒྲ་དང་། མིང་ཚིག་གི་ཡི་གེ་དང་བསྟུན་ནས་བསྒྱུར་ཞིང་བཤད་བས། ཉེ་ཚེ་བའི་མིང་ཚིག་ཡི་གེ་ལ་བརྟེན་པའི་ཕྱོགས་ལྷུང་ཐམས་ཅད་ཕྱོགས་མེད་རིས་མེད་ཀྱི་མཁས་པ་རྣམས་ཀྱིས་དོར་ནས་དོན་ལ་རྟོན་པར་བྱང་ཆུབ་སེམས་དཔའི་འགྲེལ་བསྐོར་གསུམ་ལ་སོགས་པའི་གསུང་རབ་ཐམས་ཅད་དུ་དགོངས་པ་གཅིག་དང་དབྱངས་གཅིག་གིས་གསུངས་པ་རྣམས་ལ་ལྟོས། ཡང་དཀྱིལ་འཁོར་གྱི་ལྷ་ལ་བོད་ཀྱི་ལྷ་འདྲེ་བཅུག་བ་མི་འཐད་ཟེར་བ་ལ། དཀྱིལ་འཁོར་གྱི་འཁོར་ལ་ལྷ་འདྲེ་རྣམས་བསྒྲིགས་པས་ལོག་པ་ཡིན་ན། དུས་འཁོར་ལ་སོགས་པའི་བླ་མེད་ཀྱི་རྒྱུད་མང་པོ་དང་། རྣལ་འབྱོར་གྱི་རྒྱུད་དཔལ་མཆོག་ །ཆོས་དབྱིངས་གསུང་དབང་། གནོད་སྦྱིན་ཤིང་རྟ། སྐུའི་རྒྱུད་རྡོ་རྗེ་གཙུག་ཏོར་གཙུག་དགུ་སོགས་མང་པོར་སྲིད་པ་གསུམ་གྱི་ལྷ་འདྲེ་མང་པོ་བཀོད་པར་བཤད་ཅིང་། སྤྱོད་རྒྱུད་ལས། ཕྱི་ཡི་དཀྱིལ་འཁོར་ཕྱི་རོལ་ཏུ། །གླིང་བཞི་པོ་ཡང་བྲི་བར་བྱ། །འཛམ་བུ་གླིང་དུ་ཚངས་པ་བྲི། །བྱང་ཕྱོགས་སུ་ནི་དབང་ཕྱུག་ཆེ། །ཤར་དང་ནུབ་ཀྱི་གླིང་དུ་ནི། །བརྒྱ་བྱིན་གཏོགས་འདོད་ཐམས་ཅད་ཀྱང་། །འཁོར་དང་བཅས་པ་བྲི་བར་བྱ། །གཞན་དག་ཀྱང་ནི་དེ་བཞིན་ཏེ། །ལྷ་མིན་དྲི་ཟ་ན་ནམ་མཁའ་ལྡིང་། །གནོང་སྦྱིན་སྲིན་པོ་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དྭགས་འདྲེ་རྣམས་དང་། །ཀླུ་དང་སྦལ་སྦྲུལ་རི་རྣམས་དང་། །རྒྱལ་

(༧༤༦)པོ་བཞི་རྣམས་བྲི་བར་བྱ། །གཟའ་དང་སྐར་མ་རྒྱུ་སྐར་དང་། །ཁྲོ་བོ་མ་རུངས་འཚེ་བ་ཡི། །བགེགས་དང་བྱིན་ཡ་ག་རྣམས། །སེམས་ཅན་ཀུན་ལ་ཕན་བྱེད་པའི། །དྲང་སྲོང་བསྐལ་པ་ཆེན་པོ་རྣམས། །མཁའ་འགྲོ་མ་དང་བུད་མེད་བྲི། །དེ་བཞིན་སྲིང་མོ་རྣལ་འབྱོར་མ། །འབྱུང་བ་བཞི་ཡི་ལྷ་ཆེན་པོ། །ཁྱིམ་དང་རི་ལ་གནས་པ་དང་། །ཤིང་དང་ཀུན་དགའི་ནགས་ལ་སོགས། །དུར་ཁྲོད་གྲོང་ཁྱེར་གནས་པ་རྣམས། །མིང་ངམ་བརྡའམ་ཡང་ན་ནི། །ཐེག་ལེ་རྣམས་ཀྱང་བྲི་བར་བྱ། །ཞེས་གསུངས་པས། ཐགས་བཟང་རིས་ནི་ལྷ་མིན་དང་། །དྲི་ཟ་ཟེར་ཕུད་ལྔ་པ་དང་། །ནམ་མཁའ་ལྡིང་གསེར་མིག་ཅན་དང་། །གནོད་སྦྱིན་ཀུ་བེ་ར། སྲིན་པོ་ལང་ཀ་མ་མགྲིན་བཅུ་དང་། །ལྟོ་འཕྱེའི་རྒྱལ་པོས་བདག་སྔོན་པོ་དང་། འབྱུང་པོ་དབང་ལྡན་དང་། ཡི་དྭགས་དང་། གཤིན་རྗེ་དང་། འདྲེ་ནི་དྲུག་སྟེ། ལོག་འདྲེན་ནག་པོ་དང་ཆུ་ལྟར་གཡོ་དང་། གཉིས་ཐུང་གནས་གནོན། །སྤྱིའུ་ཚུགས་ཐུར་ལྟ་སོགས་དྲུག་དང་། ཁ་ཅིག་གིས་ཡི་དྭགས་ཕྱི་ནང་སྒོ་ཁུད་ཅན་རྣམས་ལ་བཞེད་པ་དང་། འབྱུང་པོའི་འཁོར་ལ་གདོན་ཆེན་བཅོ་ལྔ་དང་། ཁྲོ་བོ་མ་རུངས་འཚེ་བ་ནི་དམྱལ་སྲུང་རྣམས་དང་། བུད་མེད་ནི། འབྲུ་འབྲེལ་རྒན་པོ་སོགས་ནས་ཁ་རག་ཁྱུང་བཙུན་རྡོ་རྗེ་ཡུམ་གཅིག་མ། ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མ་སོགས་བདུན་བོད་ཀྱི་ཡུལ་ན་གནས་པ་བཀོད་པ་དང་། དེ་ལ་སོགས་པའི་འབྱུང་པོ་ལྷ་འདྲེ་མཐའ་ལས་འདས་པ་ཞིག་བསྒྲིགས་པར་འདུག་པ་དང་། སྦྱོང་རྒྱུད་ཀྱི་འཁོར་ལོས་སྐྱུར་བའི་སྐབས་སུ་ཡང་། ཆུ་དེ་ཡི་ཕྱི་རོལ་དམྱལ་ཀུན་དང་། འདོད་ཆགས་ལ་སོགས་བྱོལ་སོང་བྲི། ཞེས་གསུངས་པས། ངན་སོང་གསུམ་དང་། དུས་གསུམ་གྱི་མཚན་མ་རྣམས་དང་། ཕྱི་རོལ་གྱི་ཕྱོགས་མཚམས་རྣམས་སུ་རིགས་དྲུག་གི་འགྲེ་བ་པ་རྣམས་ཀྱང་བཀོད་པར་གསུངས་ཤིང་།

(༧༤༧)མཁའ་འགྲོ་རྒྱ་མཚོར་ཡང་། འཇིག་རྟེན་གྱི་འབྱུང་པོ་མང་པོ་དང་། དུར་ཁྲོད་བརྒྱད་དུ་དམྱལ་སྲུང་གི་གཤིན་རྗེ་རྣམས་ཀྱང་དགོད་པར་བཤད་པས་རྒྱུད་དེ་རྣམས་དང་། དེ་དག་གི་ཆོས་རྣམས་ཀྱང་ལོག་པའི་འགྱུར་རོ། །དེས་ན་སྲིད་པ་གསུམ་གྱི་འབྱུང་པོ། མ་མོ། མཁའ་འགྲོ། ཤ་ཟ། སྲིན་པོ། གནོད་སྦྱིན་ལ་སོགས་པའི་སྡེ་བརྒྱད་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་དྲེགས་པ་ཅན་གྱི་ལྷ་འདྲེ་རྣམས་དཀྱིལ་འཁོར་དུ་བཞག་ནས་གཏོར་མ་བྱིན་ཏེ་ལས་ལ་བསྐུལ། བསྟན་པ་བསྲུང་བར་བཀའ་བསྒོ་བ་རྣམས་བྱེད་པ་ལ་སྐྱོན་དུ་བལྟ་ན་ནི། སྔགས་གསར་རྙིང་གཉིས་ཀྱི་རྒྱུད་སྡེ་མཐའ་ཡས་པ་ཅིག་དོར་བ་མིན་པ་དེ་དག་མ་བཤད་པའི་དཀྱིལ་འཁོར་སྲིད་ཙམ་མོ། གལ་ཏེ་བོད་འདྲེ་ཡིན་པས་དཀྱིལ་འཁོར་ལ་བཀོད་དུ་མི་རུང་ན་ནི། རྒྱ་འདྲེ་ཡང་བཀོད་དུ་མི་རུང་དགོས་ཏེ། སྲིད་གསུམ་ཁྱབ་པའི་ལྷ་འདྲེ་ལ་རྒྱ་བོད་ཁྱད་མེད་པའི་ཕྱིར་རོ། །བདེ་མཆོག་རྩ་རྒྱུད་དུ། ཐམས་ཅད་བླ་མའི་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཅེས་པས། རླུང་གི་དཀྱིལ་འཁོར་ནས་ཚངས་བའི་འཇིག་རྟེན་མན་ཆད་དང་། ཁྱད་པར་འཛམ་བུ་གླིང་གི། །རྒྱ་གར།རྒ་ནག་ ལི་ཡུལ། བལ་ཡུལ། ཨོ་རྒྱན། ཏ་ཟིག་བོད་ལ་སོགས་པ་ཐམས་ཅད་དུ་མ་མཁའ་འགྲོ་མ་དང་། ལྷ་འདྲེས་ཁྱབ་པར་བཤད་པས། ཁྱོད་རང་ལྟར་ན་ནི། བདེ་མཆོག་གི་དཀྱིལ་འཁོར་སྒོམ་པའི་ཚེ་ན། ཧི་མ་ལ་ཡང་ཁ་བའི་རི་ཏི་སེར་གནས་པའི་དཔའ་བོ་མིག་མི་བཟང་དང་། མཁའ་འགྲོ་མ་བྱ་གདོང་མ་ལ་སོགས་ཀྱང་བསྒོམ་པ་དང་བཀོད་དུ་མི་རུང་དགོས་ཏེ། བོད་དུ་གནས་པའི་ཕྱིར་རོ། །བོད་འདྲ་བཀོད་དུ་མི་རུང་ན། སྦྱོང་རྒྱུད་ཀྱི་འདྲེ་དྲུག་དང་། ཁྱིམ་དང་། རི་དང་། གྲོང་དང་། དུར་ཁྲོད་དང་།

(༧༤༨)ནགས་ཚལ་དང་། འབྱུང་བ་བཞིའི་ལྷ་རྣམས་ཀྱང་། རྒྱ་གར་གྱི་རི་ཁྱིམ་གྲོང་ལ་གནས་པའི་ལྷ་འདྲེ་རྣམས་མིན་པ་བོད་དུ་གནས་པའི་རི་ཁྱིམ་ལ་གནས་པ་རྣམས་ནི་མི་རུང་བའི་སྒྲུབ་བྱེད་བསྟན་དགོས་སོ། །གཞན་ཡང་བོད་ཀྱི་ཚེ་རིང་མ་དཔོན་གཡོག་དང་། བརྟན་མ་བཅུ་གཉིས་ལ་སོགས་པ་ཐམས་ཅད་ཀྱང་བོད་དུ་གནས་ཀྱང་། རྒྱ་གར་དང་ཨུ་རྒྱན་ལ་སོགས་ཐམས་ཅད་དུ་ཁྱབ་པར་རྒྱུ་ཞིང་ཕན་ཚུན་དུ་ཚོགས་འཁོར་ལ་བགྲོད་པ་ལ་སོགས་མང་དུ་བཤད་པ་རྒྱ་གར་གྱི་ལྷ་འདྲེ་དཀྱིལ་འཁོར་ལ་བསྒྲིག་ཏུ་རུང་ཞིང་། བོད་འདྲེ་མི་རུང་བའི་ཤེས་བྱེད་ཅི་ཡང་མེད་དོ། །དེ་ཡང་འཇིག་རྟེན་གྱི་ལྷ་འདྲེ་རྣམས་སྔོན་སངས་རྒྱས་ཀྱིས་དམ་ལ་བཞག་ནས་སྲུང་མར་ཁས་བླངས་པ་དང་། ཁ་ཅིག་ནི་པདྨ་འབྱུང་གནས་ལ་སོགས་པས་དམ་ལ་བཏགས་ནས་སྲོག་སྙིང་ཕུལ་བས་དམ་ཚིག་བྱིན། དབང་བསྐུར་ནས་སྤངས་རྟོགས་ཀྱི་ཡོན་ཏན་མང་པོ་རྫོགས་ཀྱང་ཆ་ལུགས་དེ་ཉིད་ཀྱིས་བསྟན་པ་སྲུང་བར་མཛད་ཅིང་དཀྱིལ་འཁོར་ལ་བཞག་ནས་སྲུང་མར་བཀའ་བསློས་གཉེར་ཏེ། ལས་སྒྲུབ་ཅིང་འཁོར་དུ་གནས་པ་ལ་སྐྱོན་མེད་དོ། །སྤྱིར་ཡང་གདུལ་བྱའི་སྣང་བ་ལ་དཀྱིལ་འཁོར་གྱི་གཙོ་བོ་འཇིག་རྟེན་ལས་འདས་པ་དང་། འཁོར་འཇིག་རྟེན་པའི་ལྷ་འདྲེའི་ཆ་ལུགས་སུ་སྣང་པའི་ཚུལ་སྟོན་པ་ལ་སྐྱོན་དུ་བལྟ་ན། རྒྱུད་དང་སྒྲུབ་དཀྱིལ་མཐའ་ཡས་པ་ཅིག་དོར་དགོས་པར་འགྱུར་རོ། །གཞན་ཡང་བོད་འདྲེ་དཀྱིལ་དཀྱིལ་འཁོར་དུ་གཞག་པ་ལ་སྐྱོན་དུ་བྱེད་ན། རྒྱུད་སྡེ་རྣམས་ནས་རྒྱ་བོད་ལ་སོགས་ཡུལ་སོ་སོའི་མི་མ་ཡིན་དང་། འཇིག་རྟེན་པའི་ལྷ་འདྲེ་རྣམས་ཀྱི་མིང་། རྡོ་རྗེ་གསུང་དང་སྭཱ་ཧཱ་ལ་སོགས་པའི་བར་དུ་གཏི་མ་ནས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་གྱི་དངོས་གྲུབ་སྟེར་བ་སོགས་བཤད་པ་རྣམས་ལའང་། བོད་ཀྱི་ཡུལ་དུ་གནས་པའི་ལྷ་འདྲེ་རྣམས་ཀྱི་མིང་སྤེལ་ནས་ལས་སྒྲུབ་པ་སོགས་ཀྱང་མི་འཐད་དམ། དེ་མི་འཐད་ན་དུས་

(༧༤༩)འཁོར་རྒྱུད་འགྲེལ་སོགས་རྣམས་ཀྱང་ལོག་པར་འགྱུར་རོ། །དེས་ན་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་ལྷ་ཚོགས་ཀྱང་། གདུལ་བྱ་ལྷ་འདྲེ་དེ་དང་མིང་དང་། གཟུགས། ཆ་ལུགས་མཐུན་པར་བསྟན་པ་རྣམས་ལ་འགལ་བར་བཟུང་པ་ནི་གཏོལ་མེད་ཀྱི་ཚིག་ཡང་དག་པའོ། །སངས་རྒྱས་ཀྱི་གཟུགས་སྐུ་སྒྱུ་འཕྲུལ་རོལ་པའི་རྣམ་འཕྲུལ་མིག་འཕྲུལ་ལྟ་བུ་གང་ལ་གང་འདུལ་དུ་བརྟན་པ་ལ་སྐུར་པ་བཏབ་པ་ཁོ་ནའོ། གསང་སྔགས་བསྟན་པའི་སྣོད་མ་ཡིན་པའི་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་མོག་བྲེགས་ཤིང་། གསད་པ་བསྟན་པ་གཞན་ལ་སྒྲོགས་པས་ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡང་མགོ་བྲེགས་ནས་དཔལ་ཆེན་པོའི་སྐུ་ལ་བརྒྱན་ཟེར་བ་སོགས་དོན་ལ་རྟོན་པའི་མཚན་ཉིད་མི་ཤེས་པ། ཚིག་གི་སྒྲ་ཙམ་སྒྲ་ཇི་བཞིན་པར་འཛིན་པའི་ངན་སྨྲས་བྱེད་ཅིང་བསྐྱེད་རིམ་གྱི་ཆོ་ག་ལོག་པ་མཐའ་པས་འདུག་ །ཅེས་པ་ལ། འདི་རྣམ་ཕལ་ཆེར་རྒྱུད་འདིར་བཤད་ཀྱི་ངེས་པ་ཁུངས་དང་བཅས་པ་ཡང་མི་སྣང་བས། རྙིང་མའི་རྒྱུད་གཞུང་ཁུངས་མ་རྣམས་ནས་བཤད་པའི་ངེས་པ་མེད་ལ། གལ་ཏེ་འདི་འདྲའི་ཚིག་བྱུང་ཡང་བསྐྱེད་རིམ་ནོར་བར་ཇི་ལྟར་འགྱུར་ཏེ། རྒྱུད་ཐམས་ཅད་རྡོ་རྗེའི་ཚིག་གིས་སྦས་ཏེ་དགོངས་པ་ཅན་དུ་གསུངས་པ་དང་། མདོ་བསྟན་བཅོས་ཕལ་ཆེར་ལྡེམ་པོར་དགོངས་ཏེ་གསུངས་པ་རྣམ་ལ་སྒྲ་ཇི་བཞིན་བཟུང་ནས་ལོག་པར་སྒྲུབ་ན་ཀྱེ་རྡོ་རྗེ་ལས། དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་། །སྤྱན་ལ་སོགས་པ་ཡང་བསྲེག་སྟེ། ཞེས་དང་། དུས་འཁོར་རྩ་རྒྱུད་དུ་ཡང་། སངས་རྒྱས་ལྷ་མོ་བཅུ་གསང་ནས། ཞེས་དང་། ཀྱེ་རྡོ་རྗེ་ལས། ཁྱོད་ཀྱིས་སྲོག་ཆགས་གསང་པར་གྱིས། མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །རྫུན་གྱི་ཚིག་ཀྱང་སྨྲ་བར་གྱིས། །ཕ་རོལ་དུ་བུད་མེད་བསྟེན་པར་གྱིས། ཞེས་དང་། རྡོ་རྗེའི་གུར་ལས། རྡོ་རྗེ་སྨེས་དཔའ་ཞེ་སྡང་ཆེ། །ཐུབ་པ་རྣམ་པར་སྣང་

(༧༥༠)མཛད་རྨོངས། །འདོད་ལ་ཞེན་པ་འཇིག་རྟེན་བདག་ །སེར་སྣ་རྡོ་རྗེ་སྣང་བྱེད་དོ། །ཡོད་ཡོད་སྐྱོན་ནི་ཐམས་ཅད་བྱེད། འདྲེན་པ་ལྔ་ནི་སྐྱོན་ལྡན་ནོ། །ཞེས་སངས་རྒྱས་རིགས་ལྔ་ནི་ཉོན་མོངས་པ་དུག་ལྔའི་སྐྱོན་དང་ལྡན་པར་བཤད་པ་དང་། སངས་རྒྱས་དངོས་གྲུབ་འདོད་པ་ཡིས། །སྟོབས་ཀྱི་སངས་རྒྱས་ཕུར་བུས་ག་ད་བ། །ཅེས་དང་། གལ་ཏེ་དངོས་གྲུབ་མི་སྟེར་ན། །རྡོ་རྗེ་སེམས་དཔའ་གསད་པར་བྱ། །ཞེས་དང་། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། སྲོག་གཅོད་པ་ཡི་མཆོད་སྦྱིན་ནི། །འབད་པས་དེ་རུ་དབུལ་བར་བྱ། །ཞེས་དང་། །སྲོག་གཅོད་པ་ཡི་མཆོད་སྦྱིན་ནི། །མཆོག་གི་མཆོག་ནི་ཡང་དག་རྙེད། །ཅེས་དང་། མཐར་ཕྱག་རྒྱ་ཆེན་པོའི་རང་བཞིན་བཤད་པ་ཐོས་ནས་འཁོར་འགྲོ་མ་རྣམས་ཀྱིས་བསྐོར་བ་དང་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་ཁྲག་དྲོན་མོས་མཆོད། ཅེས་སོགས་དང་། རྒྱུད་གསང་བ་འདུས་པ་ལས། སྲོག་གཅོད་པ་ཡི་སེམས་ཅན་གང་། །རྫུན་དུ་སྨྲ་ལ་དགའ་བ་དང་། །གཞན་གྱི་ནོར་ལ་ཆགས་པ་དང་། །རྟག་ཏུ་འདོད་པ་སྤྱོད་པ་གང་། །བཤད་ལྕི་ཟས་སུ་ཟ་ལེ་སྟེ། །དེ་དག་སྒྲུབ་པའི་སྣོད་དུ་འགྱུར། །ཅེས་དང་། མ་དང་སྲིང་མོ་བུ་མོ་ལ། འདོད་པ་བས་ནི་མཉེས་བྱས་ན། །ཐེག་ཆེན་མཆོག་གོ་ཆོས་ཉིད་ཀྱི། །དངོས་གྲུབ་རྒྱ་ཆེན་དེས་ཐོབ་པོ། ཞེས་དང་། །དེ་བཞིན་གཤེགས་པའི་ཚོགས་གསད་ན། །དངོས་གྲུབ་རབ་མཆོག་ཐོག་པར་འགྱུར། །དེ་བཞིན་གཤེགས་དང་བདག་གི་ལུས། བླ་མ་བཤང་དང་ལྕོ་བས་མཆོད། །ཅེས་དང་། འདི་ནི་གསུངས་མ་ཐག་ཏུ་ཡང་། སངས་རྒྱས་གྲགས་པ་ཆེན་པོ་ཀུན། །བརྒྱལ་ཞིང་རབ་ཏུ་འཇིགས་གྱུར་ནས། །རྡོ་རྗེའི་སྐུ་ནི་རྗེས་སུ་དྲན། །སྔགས་རྣམས་ཀྱིས་ནི་སྦྱོར་བ་དང་། །རྡོ་རྗེ་བསྐྲད་པའི་ལས་རྣམས་ལ།

(༧༥༡) སངས་རྒྱས་ཉིད་ཀྱི་གསུང་དག་ཀྱང་། །ཚུལ་གཞན་བྱས་ན་སྐྲོད་པར་འགྱུར། །ཅེས་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྐྱེ་བོ་གདུག་པ་གཞན་དག་ཀྱང་། །སྔགས་འདིས་སྐྲག་བར་བྱས་ནས་ནི། །འཆི་བར་འགྱུར་བའང་གདོན་མི་ཟ། །ཞེས་དང་། དུས་འཁོར་ལས། ངེས་བར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱས་ཏེ་རལ་གྲི་ལ་ཡང་བདེན་པ་མིན་བའི་ཚིག །རིན་ཆེན་རིགས་ལ་གཞན་ནོར་འཕྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་ཕྲོགས། །ཞེས་སོགས་ཤིན་ཏུ་མང་བདག་རྒྱུད་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་ཏེ་བསྟན་པ་རྣམས་དང་། མདོ་རྣམས་སུ་ཡང་། ཕ་དང་མ་གཉིས་གསད་བྱ་ཞིང་། རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་དག་པར་འགྱུར་པ་ཡིན། །ཞེས་པ་ལ་སོགས་ཤིན་ཏུ་མ་མང་བས། །ཚིག་དེ་དག་འབྱུང་བའི་རྒྱུད་གཟུང་རྣམས་དང་། དེ་དག་ནས་བཤད་པའི་བསྐྱེད་རྫོགས་ཀྱི་ཆོ་ག་རྣམས་ལོག་པར་མི་འགྱུར་རོ། ༧སོ་སྐྱེ་ལ་འདི་ལྟར་སྣང་བའི་རི་རབ་ཁྱིམ་ལ་སོགས་པ་ལས་ཀྱི་འཁྲུལ་སྣང་འདི་ཐམས་ཅད་ཆོས་ཉིད་ཆོས་དབྱིངས་དོན་དམ་པའི་བདེན་པ། སངས་རྒྱས་ཀྱི་ཡེ་ཤེས་མཐར་ཐུགས་དེ་ཉིད་འདི་ལྟར་སྣང་བ་ཡིན་ཟེར་བ་ལ་སོགས་པ་ལྟ་བའི་ནོར་བ་དང་། ཞེས་པ་ལ། སྤྱིར་རྫོགས་པ་ཆེན་པོ་ལ་ཡང་སྡེ་གསུམ་སྐོར་བཞི་ལ་སོགས་བའི་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད་པ་ལས་གསང་བ་མན་ངག་གི་སྡེ། །ཡང་གསང་བླ་མེད་ཀྱི་སྐོར། བི་མ་སྙིང་ཐིག་ །མཁའ་འགྲོ་སྙིང་ཐིག་ །སངས་རྒྱས་མཉམ་སོགས་རྣམས་ནས་ནི། །ཆོས་སྐད་འདི་ལྟ་བུ་རི་བོང་གི་རྭ་འདྲ་ཞིང་། གཞི་ལྟ་བ་ཀ་དག་དང་ལྷུན་གྲུབ་ཀྱིས་གཤིས་ཀྱི་གནས་ལུགས་གཏན་ལ་དབབ། ལམ་སྒོམ་བ་ཁྲེག་ཆོད་དང་ཐོད་རྒལ་གྱིས་ཉམས་སུ་བླང་བས། མ་དག་པ་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དག་ནས་དངས་མ་ཡེ་ཤེས་ཀྱི་སྐུའི་རང་བཞིན་འབྲས་བུ་ཆོས་སྐུ་དང་གཟུགས་

(༧༥༢)སྐུ་གཉིས་ཟུང་འཇུག་མངོན་དུ་མཛད་ནས། དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ལ་གཞོལ་བ་སོགས་ཤིན་ཏུ་མང་ཡང་། གསང་བབས་ཀྱང་གསང་ཆེན་གྱི་མན་ངག་ཡིན་པས་གསང་སྒྲོགས་སུ་འགྲོ་བས་ཞིབ་ཏུ་མ་སྤྲོས་སོ། །ཕྱི་སེམས་སྡེ་སྣང་བ་སེམས་སུ་སྟོན་པའི་སྐོར་རྣམས་སུ་གལ་ཏེ་ད་ལྟར་ཡོད་ན་ཡང་ནོར་བའི་ཁྱབ་མེད་དེ། དེ་ལྟ་བུ་བྱུང་བས་ལྟ་བ་ནོར་ན་རྒྱ་བོད་ཀྱི་ཕྱག་ཆེན་པོ་མང་པོ་དང་། ཤངས་པ་བཀའ་བརྒྱུད། དྭགས་པོ་བཀའ་བརྒྱུད་པ། ཞི་བྱེད་པ་སོགས་ཐམས་ཅད་ཀྱིས་འདི་ལྟར་བཞེན་ཅིང་ཆོས་རྗེ་ཡང་དགོན་པས། འདི་ཀ་སྣང་བ་འདི་ཉིད་སོ་མ་ཉས། མདོག་མ་བསྒྱུར་བ་འདི་ཀ་ཆོས་ཉིད་ཆོས་ཀྱི་སྐུའི་རོལ་བ་ཡེ་ཤེས་ཀྱི་སྣང་བ་། ཞེས་དང་། འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ་ཞེས་གསུངས་ཤིང་། འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ་འདི་ཉིད་རྟོགས་པས་འཁོར་བ་ལ་ཁྱུར་མི་ད་རྒྱབ། སངས་རྒྱས་ལ་ཉིང་འགུགས་བྱས། ཞེས་སོགས་མང་དུ་གསུངས་པ་དང་། ས་སྐྱ་པའི་འཁོར་འདས་དབྱེར་མེད་ཀྱི་ཁྲིད་དང་། སྦྱོར་དྲུག་བ་ཡང་འགྲོ་བའི་བླ་མ་གོང་མ་རྣམས་ཀྱིས་ཀྱང་ཕྱི་སྣང་བ་སྣ་ཚོགས་དམིགས་པ་དང་བཅས་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་སོགས་མང་དུ་གསུངས་པ་དང་། གཞན་ཡང་སེམས་ཅན་གྱི་ལས་སྣང་སྣ་ཚོགས་སྟོང་ཕྱག་རྒྱ་ཆེན་པོ་ཞེས་སོགས་དང་། དེ་མ་ཟད་རྒྱུད་དུ་ཡང་། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ནང་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་བ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚེར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམ་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན། །ཞེས་པ་དང་། དབུས་མཐར། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་

(༧༥༣)ཆོས་ཡོད་མ་ཡིན་ཏེ། །ཞེས་དང་། ཤ་ལྦ་རིས་ཀྱང་། གང་གླ་ལ་སོགས་ཆུ་གླུ་སྣ་ཚོགས་པ། བ་ཚ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བཏགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་བྱོས། ཞེས་དང་། གཞན་ཡང་སེམས་སྣང་གཅིག་པུ་འདི་ཉིད་རིགས་དྲུག་གི་སེམས་ཅན་རྣམས་ལ་འཁྲུལ་པའི་སྣང་བ་སོ་སོའི་ལས་སྣང་སྣ་ཚོགས་སུ་མཐོང་། རྣལ་འབྱོར་པ་རྣམས་ཀྱིས་ཉམས་ཀྱི་སྣང་བ་སྒྱུ་མའི་རྣམ་པ་ལྟ་བུར་གཟིགས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དག་པ་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་ཏུ་གཟིགས་པར་བཤད་ཅིང་ཐམས་ཅད་ཆོས་ཀྱི་དབྱིངས་ལས་མ་འདས་པར་བཤད་པས། བཤད་སྒྲུབ་ཀྱི་བརྒྱུད་པ་དེ་རྣམས་དང་། གཞུང་དང་གདམས་པ་དེ་རྣམས་ཀྱི་ལུགས་ཀྱི་ལྟ་བ་ཡང་ནོར་པར་མཛད་པ་ནི་ངོ་མཚར་ཆེའི། །སེམས་གློ་བའི་ནང་ན་གནས་ཤིང་རིག་པ་སྙིང་དང་ཀླད་པའི་ནད་ན་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་གྱི་ལྷའི་གཟུགས་སུ་གནས་པར་འདོད་པ་ལ་སོགས་པ་གཞིའི་ནོར་པ་ཡིན། ཞེས་པ་ལ། སྤྱིར་ལུས་ཅན་ཐམས་ཅད། སྒོས་རྡོ་རྗེ་ཐེག་པའི་རྟེན་ངལ་འབྱོར་གྱི་ལུས་སྐྱོན་མེད་མཚན་ཉིད་དང་ལྡན་པ་ཐོབ་པ་ཐམས་ཅད་ལ་དངོས་པོ་གཤིས་ཀྱི་གནས་ལུགས། གཉུག་མ་སེམས་ཀྱི་རང་གདངས། བདེ་བཤེགས་སྙིང་པོའམ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དེ་ཉིད་གདོད་མ་ནས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི་རང་བཞིན་ལུས་ལ་གནས་པར་འདོད་པ་བཞིའི་ནོར་པ་ཡིན་ན། དུས་གསང་བདེ་དགྱེས་ལ་སོགས་པའི་ནས་བཤད་པའི་གཉུག་མའི་ལྷ་སྔགས་ཐམས་ཅད་དང་། ཁྱད་པར་དུ་འཁོར་ལོ་སྡོམ་པར་གོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་ལུས་ཀྱི་དཀྱིལ་འཁོར་ཕུང་ཁམས་སྐྱེ་མཆེད་རྩ་ཐིག་རླུང་གསུམ་ལྷའི་རང་བཞིན་ཅན་དུ་གདོད་མ་ནས་གྲུབ་པར་བཤད་པ་ཐམས་ཅད། །རྟག་གཉིས་

(༧༥༤)ལས། རྟོག་པ་ཐམས་ཅད་རྣམ་པར་སྤངས། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །དངོས་པོ་ཀུན་ལ་ཁྱབ་པའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་དང་། དུས་འཁོར་ལས་ཀྱང་། ལུས་ལས་མ་རརྟོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་འགའ་ཡང་ཡོངས་ཡིན། །སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། ཞེས་དང་། དྲི་མེད་འོད་ལས། འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་དུ་གནས་པ་ནི་ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པའི་སྒྲ་སྟེ་ནགས་དའི་མཚན་ཉིད་དོ། །ཞེས་དང་། ས་བྷཱུ་ཊི་ལས། སྙིང་གའི་དབུས་གྱུར་པདྨ་ནི། །འདབ་མ་བརྒྱད་ནི་ལྟེ་བ་བཅས། །དེ་ཡི་དབུས་སུ་གྱུར་བ་རྩ། །མར་མེ་ལྟ་བུའི་གཟུགས་ཅན་དེ། །ཆུ་ཤིང་མེ་ཏོག་ལྟ་བུའི་དབྱིབས། །ཁ་ནི་ཐུར་དུ་བལྟས་ནས་ཀྱང་། །དེ་ཡི་དབུས་ན་དཔའ་བོ་ནི། །ཡུངས་དཀར་སྦོམ་པོའི་ཚད་ཙམ་སྟེ། །ཧཱུྃ་གིས་ས་བོན་མི་ཤིག་པ། །ཁ་བ་ལྟ་བུར་འཛག་པ་ཡིན། །བྷ་བན་ཏ་ཞེས་བཤད་པ་སྟེ། །ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །ཅེས་དང་། ཤིན་ཏུ་མཛེས་པའི་རྩ་ལ་ནི། །བྱུང་བརྡུ་ལ་བྲལ་ཞེས་བྱར་གྲགས། །དྲི་མེད་ཤེལ་དང་མཚུངས་པའི་འོད། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཡུངས་དཀར་སྦོམ་པོའི་ཚད་ཙམ་དག་ །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་རང་བཞིན་ཅན། །ཆ་མེད་མཆོག་ཏུ་ཕྲ་མ་སྟེ། །ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས། །ཞེས་དང་། །རྒྱུད་རྣམས་ཀུན་གྱི་རྩ་བ་སྟེ། །གྲུབ་གསུམ་ཤིན་ཏུ་ཡངས་པའི་གཟུགས། །སེམས་ཅན་ཀུན་གྱི་ཐུན་མོང་བ་། །ལྷ་མིན་ལྷར་བཅས་ཚངས་སོགས་ཀྱི། །གནས་སུ་དེ་ནི་གྱུར་བ་སྟེ། །ཀུན་

(༧༥༥)རྫོབ་ཚུལ་དུ་རང་བཞིན་གྱི། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །དེ་ཉིད་ཡུལ་ལས་འདས་པ་སྟེ། །སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །ཞེས་དང་། གཉིས་མེད་རྣམ་རྒྱལ་ལས། སེམས་ཅན་ཀུན་གྱི་སྙིང་ལ་ནི། །ཐུགས་ཀྱི་གསང་བ་སྙིང་པོ་བཞུགས། །དེ་ཉིད་སྙིང་པོ་གསུམ་ལྡན་པ། །བདེ་གཤེགས་སྙིང་པོ་འཇུག་པ་ཉིད། །ཅེས་སོགས་རྒྱུད། རྣམས་ལ་ཤིན་ཏུ་མང་ཞིང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོར་ཡང་། དེ་བཞིན་གཤེགས་པའི་སྤྱན་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་དེ་བཞིན་མི་གཡོ་བར་བཞུགས་སོ། །ཞེས་སོགས། མདོ་རྣམས་སུ་ཡང་མང་ཞིང་། རྒྱུད་བླ་མ་ལས་ཀྱང་། སངས་རྒྱས་པ་དང་ནི་སྦྲང་རྩི་སྒྲང་མ་ལས། སྦུན་པ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལས་གསེར་དང་མྱུག་སོགས་འབྲས་ཆུབ་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ནང་མའི་ལྟ་ན་མི་བདག་དང་། །ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོགས་དང་། དྭགས་པོ་བཀའ་བརྒྱུད་པའི་མན་ངག་ཀུན་ཏུ་ཡང་ལྟ་སྟངས་ཀྱིས་རིག་པ་གཅུན་པའི་དགོས་པ་ནི། རྟོག་པའི་གནད་རླུང་ལ་ཡོད། རླུང་གི་གནད་རྩལ་ཡོད། །རྩ་འི་གདན་མིག་ལ་ཡོད་དེ། མིག་བཙུམ་ན་གློ་སྲོལ་གཉིས་ཀྱི་བར་དུ་བསུབ་ནས་འགྲོ། མིག་ཕྱེ་ཙ་ན་གློ་སྲོལ་གཉིས་ཀྱི་བར་དུ་སྙིང་ཕོད་པ་ཡང་རྗེན་འགྲོ་ལ། རྩ་བྷེ་བ་ཏ་ཡང་གྱེན་ལ་ལྟ་ཞིང་ཁ་བྱེ་ནས་ཤེས་པ་གསལ་ལ་རྟོག་པ་མེད་པའི་གཉུག་མ་ཅིག་འོང་བ་ཡིན་ཏེ། དེས་ན་ལྟ་སྟངས་གལ་ཆེ་གསུངས་པའི་དོན་ཡང་གནད་འདི་ལྟ་བུ་ཡོད་པའི་དོན་གྱིས་གསུངས་པས་ན། གཞི་ལ་ད་ལྟར་མི་གནས་པའི་འདོད་པ

(༧༥༦)རྣམས་ཀྱིས་ནི་གཞི་དངོས་པོའི་གནས་ལུགས་བླ་མེད་རོ་རྗེ་ཐེག་པའི་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་རྟགས་ཡིན་ནོ། །བསྐལ་པ་གསུམ་དང་མི་ཚེ་འདུན། །ཟླ་དྲུག་ལོ་གཅིག་ཟླ་དྲུག་བཅུ། །རྩོལ་བར་བྱེད་བའི་ཐེག་བ་ཅན། །བྱར་མེད་ངོ་བོ་འདི་བསྟན་པས། མི་རྩོལ་ལྷུན་གྲུབ་པ་དེ་ལ་གནས། །ཞེས་མདོ་སྔགས་གཉིས་ཀའི་ལམ་ཐམས་ཆད། ཁྱད་དུ་བསད་ནས་རྫོགས་བ་ཆེན་པོ་ཐོབ་པ་ཙམ་འཚང་རྒྱ་ཟེར་བ་དང་། ཞེས་པ་ལ་སྤྱིར་ཆོས་ཐམས་ཅད་ཀྱི་རང་གཞུང་ལ་ཆེ་བའི་ཡོན་ཏན་བརྗོད་པ་ལུགས་ཡིན་ཞིང་། ཞི་བ་ལྷས། རྣལ་འབྱོར་པ་ཡང་བློ་ཁྱོད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་ཤིང་དམ་པ་སངས་རྒྱས་ཀྱི་ཞི་བྱེད་དང་། ཕྱི་མར་ཡང་། མཚན་ཉིད་ཐེག་པ་དང་། སྔགས་ཀྱི་ལམ་ཐམས་ཅད་ཀྱི་གོང་ན་ཕྱག་ཆེན་ནམ། རྫོགས་པ་ཆེན་པོ་ཡིན་པར་བཤད་པ་དང་། རྗེ་བཙུན་ཆེན་པོ་ཏེ་ལོ་པས། བློ་ཡི་ཆོས་ཀྱི་ས་བློ་འདས་སོན་མི་མཐོང་། བྱས་པའི་ཆོས་ཀྱི་བྱས་མེད་དོན་མི་རྟོགས། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག་། །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག་ །སྣང་བ་དགག་སྒྲུབ་མ་བྱེད་རང་སར་ཞོག་ །སྤང་བླང་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། །ཅེས་དང་། འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང་། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐིང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལ་ཉམས། །ཞེས་དང་། ཞང་རིན་པོ་ཆེས། ཕྱག་རྒྱ་ཆེན་པོ་ཚིག་ཆོད་ལ། །ས་ལམ་བརྩི་བ་རྨོངས་པ་འཁྲུལ། །ཞེས་གསུངས་པ་རྣམས་ཀྱིས་ཀྱང་མདོ་སྔགས་ཀྱི་ལམ་ཐམས་ཅད་ཁྱད་དུ་གསད་པས་འགྱུར་ཞིང་། ཐོས་པ་ཙམ་གྱིས་གྲོལ་བ་དང་འཚང་རྒྱབ་འགོག་ན། སྔོན་སངས་རྒྱས་ཀྱི་དུས། །འཁོར་མཐའ་ཡས་པ་མང་པོས་ཆོས་ཚིག་རེ་

(༧༥༧)ཐོས་པ་ཙམ་གྱིས་བདག་མེད་རྟོགས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། བདེན་པ་མཐོང་བ་དང་། ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་བ་རྒྱུད་ལ་སྐྱེས་པ་ལ་སོགས་ཤིན་ཏུ་མང་ཞིང་། རྒྱ་གར་དུ་ཡང་བྲམ་ཟེ་ཆེན་པོ་ཡབ་སྲས། ཤ་བ་རི། རྒྱལ་བུས་ཀ་ར་སོགས་མང་བོ་དང་། བོད་དུ་ཡང་དཔལ་ཕག་མོ་གྲུབ། གླིང་རས། ཞང་རིན་པོ་ཆེ། སོ་ཆུང་པ་སོགས་ཅིག་ཆར་པའི་གང་ཟག་མང་པོ་གདམས་པ་ཚིག་རེ་ཐོས་པ་ཙམ་གྱིས་རྟོགས་གྲོལ་དུས་གཅིག་ཏུ་གྱུར་པ་ཀུན་གྱིས་མདོ་སྔགས་ཀྱི་ལམ་ཁྱད་དུ་གསད་ནས་ལམ་ལོག་པའི་གྲུབ་ཐོབ་ཏུ་འགྱུར་རོ། །ཡི་གེ་དང་འཁོར་ལོ་བཏགས་བས་སྐྱེ་བ་འདིའམ་བར་དེ་ཚུན་ཆད་དུ་གྲལ་ཟེར་བ་དང་། ཞེས་ལ་ལ། ཡི་གེ་དང་འཁོར་ལོ་གཟུགས་སྔགས་བཏགས་པས་གྲོལ་བ་ཐོབ་བ་རྣམས་འགོག་ན་གསུང་བ་མདོ་སྔགས་ཕལ་ཆེར་ལས་དེ་ལྟར་བཤད་པས། དེ་དག་ཐམས་ཅད་དགག་དགོས་ཏེ། ཀྱེ་རྡོར་དང་སམྦུ་ཊི་ལས། གླེགས་བམ་སོར་ནི་བཅུ་གཉིས་པ། །གྲོ་གར་དམ་ཚིག་ཅན་གྱིས་བྲིས། །བྲིས་སྐུ་དང་ནི་གླེག་བམ་དག་ །གལ་ཏེ་བསྐལ་མེད་མཐོང་བ་ན། །སྐྱེ་བ་འདིར་ནི་དངོས་གྲུབ་མེད། གླེགས་གམ་ལམ་གྱི་སྤྱོད་ཡུལ་དུ། །སྐྲ་དང་མཚན་ཁུང་ཉིད་དུ་སྦ། །ཞེས་དང་། སྤྱོད་རྒྱུད་ལས། ལྷའི་དབང་པོ་དེ་བཞིན་གཤེགས་པ་ངན་སོང་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་འདི་སང་བའི་སྙིང་པོ་འདི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཡང་རུང་བས་མིང་ཙམ་ཡང་ཉན་ཏེ་བཅད་དམ། བཀླག་གམ། བྲིས་ནས་ཀྱང་མགོ་བོའི་གཙུག་གམ། དཔུང་པའམ། མགུལ་དུ་བཏགས་ན་ཚེ་འདི་ཉིད་ལ་དུས་མ་ཡིན་བར་འཆི་བ་བརྒྱད་དམ། དུས་མ་ཡིན་པར་འཆི་བ་དང་འབྲེལ་བའི་རྨི་ལམ་གྱི་རྣམ་པ་དམ། ངན་སོ་དང་འབྲེལ་བའི་མཚན་མ་དེ་དག་ །འདི་མཆོག་རྩ་རྒྱུད་ཀྱི་ཕན་ཡོན། གསང་འདུས་རྒྱུད་ཕྱི་མ།

(༧༥༨)རྨི་ལམ་དུ་ཡང་མི་འབྱུང་ངོ། །ཞེས་སོགས་མང་པོ་དང་། ངན་འགྲོ་ཐམས་ཅད་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་ལས། ལྷའི་དབང་པོ་དགེ་སློང་ཕོ་མོའམ། དགེ་བསྙེན་ཕོ་མོའམ། དེ་ལས་གཞན་པ་གང་ལ་ལས། གསུངས་འདི་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོང་བཞག་པ་མཐོང་ངམ། དེ་དང་ཉེ་བར་གནས་གྱུར་པ། ཐ་ན་དེའི་གྲི་བ་མས་ཕོག་གམ། དེའི་རྡུལ་རླིང་གིས་ཁྱེར་བས་འཕོ་གན་ཡང་། ལྷའི་དབང་པོ་སེམས་ཅན་དེ་དག་ལ་སྡིག་པ་ཐམས་ཅད་དང་ངན་བགྲོར་འགྲོ་བའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ། །སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དྭགས་དང་། ལྷ་མ་ཡིན་གྱི་རིགས་ཐམས་ཅད་དུ་མི་སྐྱེ་བར་རིག་བར་བྱའོ། །ལྷའི་དབང་པོ་སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་བ་ཐམས་ཅད་ཀྱིས་ལུང་བསྟན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་དང་། སོ་སོ་འབྲང་མའི་མདོ་ལས། བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་མ་འདི། ཆོ་ག་བཞིན་དུ་བྲིས་ཏེ་ལག་པའམ། མགུལ་དུ་བཏགས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་རིག་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བར་རིག་པར་བྱའོ། །རྡོ་རྗེའི་ལུས་ཡིན་པར་རིག་པར་བྱའོ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་ཡིན་པར་རིག་པར་བྱའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་བར་བྱའོ། །རྡོ་རྗེའི་ལུས་སུ་རིག་པར་བྱའོ། །དེ་འབར་བའི་འོད་འཕྲོ་བའི་ལུས་དང་ལྡན་པ་དང་། དེ་མི་ཤིགས་པའི་གོ་ཆ་ཅན་དང་། དེ་དགྲ་ཐམས་ཅད་རབ་ཏུ་འཛོམས་པ་དང་། དེ་སྡིག་པ་དང་སྒྲིབ་པ་ཐམས་ཅད་འཛོམས་པར་རིག་པར་བྱའོ། །དེ་སེམས་ཅན་དམྱལ་བའི་འགྲོ་བ་རྣམ་པར་སྦྱོང་བར་རིག་པར་བྱའོ།

(༧༥༩)ཞེས་སོགས་དང་། གཞན་ཡང་ཕན་ཡོན་གཏམ་རྒྱུད་དང་བཅས་པ་ཆེས་མང་བ་སྣང་བས། མདོ་རྒྱུད་དེ་རྣམས་ཀྱང་དོར་དགོས་བར་སྣང་ཞིང་། ཇོ་བོ་རྗེ་ནས། རྡོག་ལེགས་ཤེ། བློ་ལྡན་ཤེས་རབ་ནས། བྱ་བ་ཆོས་ཀྱི་སེང་གེ་སོགས་དགེ་བའི་བཤེས་གཉེན་རྣམས་ལས་བརྒྱུད་དེ། གྲོང་ཁྱེར་སྒྲོལ་འཁོར་བྱ་བའི་གདམས་པ་གྲོང་ཁྱེར་གཅིག་ལ་འཁོར་ལོ་གཅིག་ཡོད་ན་དེ་དག་ཐམས་ཅད་འཁོར་བ་ལས་བསྒྲལ་ནས་ཐར་པ་ཐོབ་པར་བཤད་པ་དེ་དག་ཀྱང་དོར་དགོས་སམ། དེ་ལ་སོགས་པ་ཆོས། གྲོང་ཁྱེར་སྒྲོལ་འཁོར་གྱི་ལུང་། མང་སྟེ་མཐའ་མེད། སྤྱིར་སངས་རྒྱས་ཐམས་ཅད་མཁྱེན་པ་གང་ཡང་མི་མཁྱེན་པ་མེད་པ་ཡིན་ན་ནི། ཡི་གེ་དང་འཁོར་ལོ་བཏགས་པས་གྲོལ་བ་ཡང་མཁྱེན་དགོས་ཤིང་། གསང་སྔགས་ཐབས་མང་བ་དང་། ཐབས་ཚུལ་གྱི་སྒོ་བསམ་གྱིས་མི་ཁྱབ་བ་ཞིག་ཡིན་ནའང་དེ་ལྟར་དགོས་སོ། །ཉི་མ་དང་ཟླ་བ་དང་ནམ་མཁའ་མིག་ཟིམ་བུར་བལྟས་པས་མཐོང་སྣང་འབྱུང་བ་དང་། མིག་མཐོང་བ་མཛུབ་ཀྱིས་བཅིར་བའི་འོད་དཀར་པོ་ལ་བལྟས་ལོ་གསུམ་གྱི་འཁྲུལ་སྣང་འགག་པར་འདོད་པ་དང་། ཞེས་པས་ལ། དེ་ལྟ་བུ་ཡོད་པ་རྣམས་སྒོམ་པའི་ནོར་བ་ཡིན་ན་སྤྱིར་དེ་ལྟ་བུ་ལ་མཐའ་ཡས་ཤིང་། འདི་རྣམས་སྒོམ་ཏིང་ངེ་འཛིན་གྱི་ངོ་བོ་ནི་མ་ཡིན་མོད། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་དང་། བོགས་འདོན་གྱི་ཐབས་བྱེད་བཅིང་གི་སྦྱོར་བ་ལྟ་བུ་ཡིན་མོད། ཐབས་དེ་ལྟ་བུ་རྣམས་ཡོད་པས་ནོར་ན། སྦྱོར་དྲུག་སྒོམ་པའི་ཚེ་བསམ་གཏན་གྱི་ཁང་པ་སྒོ་ཁྱོགས་གསུམ་དང་ལྡན་པ། གསེང་སྐར་མེད་པ་དང་། ལུས་གནད་ལྟ་སྟངས་དང་བྱེད་བཅིང་། རྡོར་བཟླས། དགང་གཏོར། བུམ་པ་ཅན་སོགས་དང་། ཀྱེ་རྡོ་རྗེ་ལས། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལས། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཅིར། །དེ་ལ་

(༧༦༠) ་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལ་ཅི་ཞིག་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ལྟའམ། །ལྐུགས་པའི་རྨི་ལམ་ཇི་ལྟའོ། །མཆོག་དགའི་དགའ་བ་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་སོགས། དྲག་རླུང་གི་སྦྱོར་བ་ལ་བརྟེན་ནས་ཉམས་མྱོང་སྐྱེ་བའི་ཐབས་དང་། སྟོན་པའི་སྦྱར་དྲུག་བཙན་ཐབས་ཀྱི་ཉམས་ཁྲིད་སྐོར་རྣམས་ཀྱང་འདི་ལྟ་བུའི་ཐབས་ཁོ་ན་ཡིན་པས་འདི་རྣམས་ཐམས་ཅད་ཀྱང་ནོར་བ་ཡིན་མི་ཟེར་རམ། གཞན་ཡང་སྣོད་ཆུས་བཀད་པ་ལ་ལྟ་སྟངས་ཡུན་རིང་དུ་བལྟས་ན་འོད་ཟེར་སྣ་ཚོགས་ཆུ་ནང་དུ་མཐོང་བ་དང་། དེ་ནས་ནམ་མཁའ་ལ་བལྟས་ན་སྟོང་གཟུགས་གསལ་བའི་ཐབས་དང་མུན་ཁང་གི་རང་གི་ཐད་དུ་བུག་པ་ལྷུང་བ་ཟེད་ལྟར་བྲུས་ནས་རྩི་ནག་པོས་བྱུག་པ་ལ་ཡུན་རིང་བལྟས་པས་སྟོང་གཟུགས་གསལ་བའི་དང་གཞན་ཡང་ཆོས་དྲུག་གཉིས། ལམ་འབྲས་ལམ་སྐོར་དགུ་དང་བཅས་པ། རིམ་ལྔ་གཉིས་ལ་སོགས་པའི་མན་ངག་ཐམས་ཅད་ནས་སྒོམ་མ་སྐྱེས་བ་བསྐྱེད། སྐྱེས་པ་བོགས་དབྱུང་བ་སོགས་ཀྱི་གདམས་པ། ལུས་གནད་འཁྲུལ་འཁོར་བྱེད་བཅིང་སོགས་ཐབས་དུ་མ་སྣ་ཚོགས་གསུངས་པ་རྣམས་དང་། ཐ་ན་འོག་སྒོ་འབྱེད་འཛུམ་གྱི་ཐབས་དང་། སྦྱོར་བ་ལ་བརྟེན་ནས་གཏུམ་མོའི་བདེ་དྲོང་སྐྱེ་བ་སོགས་ཀྱིས་ཐབས་དང་། བུད་མེད་བསྟེན་ནས་ལམ་ཉམས་སུ་བླང་པའི་ཐབས་དུ་མ་སྟོན་པའི་རྒྱུད་གཞུང་མན་ངག་ཐམས་ཅད་དང་། གཞན་ཡང་། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པའི་གཞུང་དེ་དག་ཐམས་ཅད་ཀྱང་འོད་འདོར་དགོས་སོ། །འགུན་བྱེད་པ་རྣམས་ལུས་གནད་ལྟ་སྟངས་དང་། སེམས་ནང་དུ་མཉམ་པར་འཇོག་པ་ཐམས་ཅད་བཀག་ནས་སྤྱོད་ལམ་ཐ་མལ་དུ་གནས་ལས་སྣང་གྲགས་ཆོས་ཉིད་དུ་ཤེས་པར་བྱས་ནས་གྲོལ་བ་ཡིན་ཟེར་བ་ལ་སོགས་བསྒོམ་པའི་ནོར་པ་མཐའ་ཡས་པ་དང་། ཞེས་པ་ལ། སྤྱིར་གནས་ལུགས་ཀྱི་རིགས་པ་མཐར་

(༧༦༡)ཐུག་པ་མངོན་དུ་གྱུར་ནས་ཡིད་བྱེད་ཐམས་ཅད་དང་བླལ་བའི་ལྟ་བ། ཡིད་ལ་མི་བྱེད་པར་རང་གྲོལ་ཀློང་ཡངས་སུ་ལ་བཟླ་བ་ལ་དགོངས་པ་ཡིན་མོད། དེ་ལྟ་མིན་ན། ས་ར་ཧས། ཁ་ཅིག་དབང་བསྐུར་བ་ཡིས་ཡོངས་སུ་གདུང་བྱེད། ཁ་ཅིག་ཧཱུྃ་ཕཊ་ཟེར་ཞིང་ཕྲེང་བ་ཡོངས་སུ་བགྲང་། ཁ་ཅིག་བཤང་གཅིག་ཁུབ་ཁྲག་དང་ཤ་རྣམས་ཟ། ཁ་ཅིག་རྩ་དང་རླུང་གི་རྣལ་འབྱོར་སྒོ་མེད་ཡོངས་སུ་འཁྲུལ། ཞེས་དང་། མི་སྤང་མི་བསྒྲུབ་མི་ཞེན་མི་བསྐྱོད་མི་འགོག་པར། །རང་ལུས་ཅི་བདེར་སྤྱོད་པ་རབ་མཆོག་དམའོ། །ཞེས་དང་། ཤ་བ་རིས་། རླུང་ནི་མི་བཟུང་ཡིད་ནི་མི་བཅིང་བར། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག་ །ཅེས་དང་། ཏི་ལླི་པས། ལུས་ཀྱི་བྱ་བ་ཡོངས་ཐོབ་རྣལ་མར་ཞོག་ །ངག་གི་སྨྲ་བརྗོད་མ་མང་བྲག་ཆ་འདྲ། །ཡིད་ལ་མི་བསམ་ལ་བཟླའི་ཆོས་ལ་ལྟོས། །ཞེས་དང་། གཞན་ཡང་བྲམ་ཟེ་ཆེན་པོའི་དོ་ཧ་སྐོར་གསུམ་སོགས་རྒྱ་གར་རྒྱུད་གཞུང་མང་པོ་དང་། བོད་ཀྱི་ཡང་དྭགས་པོ་བཀའ་བརྒྱུད་ལ་སོགས་ཕྱག་ཆེན་གྱི་རྣལ་འབྱོར་པ་རྣམས་དང་། མ་ཅིག་ལ་བསྒྲོན་སོགས་ཞི་གཅོད་པ་མང་པོས་སྤྱོད་ལམ་མ་བཅོས་ཐ་མ་ལ་རང་ཀ། །ཤེས་པ་མ་བཅོས་ཐ་མལ་ལ་ཤེས་པ། བློས་བྱས་ཡིད་ཀྱི་བཟོ་བྱ་བའི་ཆོས་དང་བྲལ་བའི་ཆོས་མེད་ཁྲེས་སེ་བཞས་གསུང་གཅིག་དབྱངས་གཅིག་ཏུ་བསྙད་འདི་རྣམས་ཐམས་ཅད་ཀྱིས་ཀྱང་སྒོ་མ་ནོར་བར་འགྱུར་རོ། །འབེས་སོ་རིག་བར་བཅུག་པས་འགུལ་བར་ནུས་པའི་དུས་སུ།་ མི་སུམ་སྟོང་ལ་རང་གི་རིག་པ་བཅུག་ནས་བསྒོམས་པས། མི་སུམ་སྟོང་པོ་དེས་ཆོས་བྱ་མི་དགོས་པར་སྐྱེ་བ་འདི་ལ་སངས་རྒྱས་སུ་འགྱུར་བོར་བ་དང་། ཞེས་པ་ལ། རྒྱ་བོད་ཀྱི་གྲུབ་ཐོབ་མང་པོས་སྐུ་ལྡེར་ལ་སོགས་བེམ་པོ་ལ་རིག་པ་གཏད་པ་ཙམ་གྱིས་ལངས་ནས་འགྲོ་བ་དང་། དམ་པ་ཆུང་བ་ལྷ་སར་བྱོན་ནས་བར་སྣང་གི་དྲིལ་བུ་རིག་པ་གཏད་པའི་ཚེ་སྒྲ་རང་ཁྲོལ་དུ་བྱུང་བར་སྣང་ཞིང་། སྔོན་རྒྱལ་བོ་ཨིནྡྲི་བྷོ་དྷི་མཁའ་སྤྱོད་དུ་གཤེགས་པའི་ཚེ། ཨོ་རྒྱན་གྱི་འཁོར་

(༧༦༢)འབངས་ཐམས་ཅད་ཀྱང་དུས་གཅིག་ལ་མཁའ་སྤྱོད་དུ་གཤེགས་པ་དང་། དམ་པ་སངས་རྒྱས་ཀྱི་བླ་མ་བདག་ཉིད་ཆེན་པོ་དཔལ་ལྡན་སུམ་ཅུ་སོ་དྲུག་པོ་རེ་རེ་མཁའ་སྤྱོད་དུ་གཤེགས་པའི་ཚེ། རྒྱལ་པོ་དྲུག་ བཙུན་མོ་དྲུག་ །བྲམ་ཟེ་དྲུག་ །དྲང་སྲོང་དྲུག་ །ཁྱིམ་བདག་དྲུག་ །དེད་དཔོན་དྲུག་སྟེ། དྲུག་ཚན་དྲུག་རེ་དུས་ལ་མཁའ་སྤྱིད་དུ་གཤེགས་པ་དང་། རྗེ་བཙུན་ས་སྐྱ་པའི་ལམ་འབྲས་སུ་ཡང་འཁོར་ཚེམ་བུ་ལྔ་ལྡན་གཅིག་དང་བཅས་ཏེ་སངས་རྒྱ་པར་བཤད་པ། བདག་ཉིད་འཚང་རྒྱ་བའི་ཚེ། རྟེན་འབྲེལ་གྱི་ཆེ་བས་རྒྱུད་གཉིས་ཅིག་ཆར་དུ་གྲོལ་བའི་དུས་ཡིན་པས་རིག་མ་དང་། བར་ཆད་སེལ་བའི་ཆོས་སྐྱོང་དང་། དངོས་གྲུབ་སྟེར་བའི་བླ་མ་དང་། གསོལ་བ་འདེབས་པའི་སློབ་མ་དང་བཞི་སྟེ། ལྔ་ཚན་གཅིག་སངས་རྒྱ་བར་བཤད་པ་དེ་དག་ཀྱང་སྐྱོན་ཅན་དུ་འགྱུར་རོ། །སྣང་བ་ཐམས་ཅད་ཆོས་ཉིད་དུ་རྟོགས་ན་མི་དགེ་བ་བྱས་ཚད་སངས་རྒྱས་ཀྱི་ལམ་དུ་འགྱུར་ཟེར་བ་ལ་སོགས་སྤྱོད་པའི་ནོར་པ་མཐའ་ཡས་པ་དང་། ཞེས་པ་ཟེར་མོད་ཀྱང་། དེ་ལ་སྤྱིར་གནས་ལུགས་ཀྱི་ལྟ་བ་དང་རྟོགས་པ་མཐར་ཐུག་མངོན་དུ་གྱུར་ནས་ཐེ་ཚོམ་མེད་པར་ངེས་ཤེས་སྐྱེས་ནས་བྱང་ཆུབ་ཀྱི་སེམས་ཀྱིས་བསླངས་པའི་བྱམས་སྙིང་རྗེ་དང་། ཐབས་ཟབ་མོས་ཟིན་པའི་དགེ་མི་དགེ་གང་ཡང་ལམ་གྱི་གྲོགས་སུ་འགྲོ་ལ་ཐབས་ཀྱིས་མ་ཟིན་ན་ནི་དགེ་བ་ལྟར་སྣང་བ་རྣམས་ཀྱང་ལམ་དུ་ཅི་འགྱུར་ཅི་ཆ་སྟེ། དེ་ཡང་། ཀྱེ་རྡོ་རྗེ་ལས། ཀྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པར་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཚང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ལྡོག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། ཞེས་དང་། སམྒུ་ཊིར། དཔེར་ན་ཆུ་ཡིས་གང་བའི་ཀླུང་། བརྒལ་འདོད་སྐྱེ་བོ་ཤིང་དང་ནི། །རྩྭ་སོགས་བསྡུས་ཏེ་འཇུས་ནས་སུ། །རྒྱལ་ཏེ་ཕ་

(༧༦༣)རོལ་བརྒལ་བ་ན། དོར་ནས་བདེ་བར་འགྲོ་བར་འགྱུར། །དེ་བཞིན་ཆོས་དང་ཆོས་མིན་ལ། །བརྟན་ནས་འཁོར་བའི་ཕ་རོལ་འགྲོ། །བདེ་བའི་བྱང་ཆུབ་ཐོབ་གྱུར་ནས། །ཆོས་དང་ཆོས་མིན་རབ་ཏུ་སྤོང་། །ཞེས་དང་། མཻ་ཏྲི་པས། དགེ་དང་སྡིག་པའི་ལས་རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །ཞེས་དང་། འོད་སྲུངས་ཀྱིས་ཞུས་པའི་མདོར་ཡང་། དཔེར་ན་གྲོང་ཁྱེར་སྐྱེ་པོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེས་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་དང་། འོད་སྲུངས་འདི་ལྟ་སྟེ་དཔེར་ན། སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་ཤི་བར་བྱེད་མི་ནུས་སོ། །འོད་སྲུངས་དེ་བཞིན་དུ་ཤེས་རབ་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་དེའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །ཞེས་དང་། དཔལ་མཆོག་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། གསུམ་པོ་འདི་དག་དུག་ཉིད་ལ། །མི་མཉམ་པ་ཡིས་བརྟེན་ན་ནི། །འདི་དག་དུག་ནི་ཉིད་དུ་འགྱུར། །བདུད་རྩི་ཉིད་ཕྱིར་བརྟེན་ན་ནི། །བདུད་རྩི་ཉིད་དུ་འགྱུར་བ་ཡིན། །ཞེས་གསུངས་ཤིང་། ཤེས་རབ་དང་ཐབས་ཟབ་མོས་ཡོངས་སུ་ཟིན་པའི་ཉོན་མོངས་པར་སྣང་བ་དེ་ཉིད་བྱང་ཆུབ་ཀྱི་རྒྱུར་གྱུར་པ་ཡིན་ལ། གསང་ཆེན་ཐབས་མཁས་ཀྱི་མདོར། །ཚོང་དཔོན་ཐབས་ལ་མཁས་པས་ཚོང་པ་གཡོན་ཅན་མདུང་ཐུང་གིས་བསད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བཤད་པ་དང་། བྲམ་ཟེའུ་ཁྱེའུ་སྐར་མས་ཚོང་དཔོན་གྱི་བུ་མོ་ལ་སྤྱད་པས་བསྐལ་པ་མང་པོའི་ཚོགས་འདུམས་པ་སོགས་ཤིན་ཏུ་མང་བས་དེ་རྣམས་ཀྱང་སྤྱིད་པའི་ནོར་བར་འགྱུར། །ཕྱོགས་

(༧༦༤)བཅུའི་སངས་རྒྱས་ཐམས་ཅད་བཀའ་བགྲོས་མཛད། རཱུ་ཏྲ་ནག་པོ་བཀྲག་མེད་འདུས་པས་ཤཱཀྱ་ཐུབ་པ་བཏང་ཚུལ་ནི་རྫུན་གཏམ་འབའ་ཞིག་ཡིན། ཞེས་པ་ལ། འདི་ལྟ་བུའི་ཆིག་རྙིང་མའི་རྒྱུད་གཞུང་ཁུངས་མ་རྣམས་སུ་མེད། གལ་ཏེ་ཡོད་དུ་ཆུག་ཀྱང་ནོར་བར་ཅི་ཤེས་ཤཱཀྱ་ཐུབ་པ་རབ་བྱུང་སྤྲུལ་སྐུའི་ཆ་ལུགས་ཞི་པའི་ཚུལ་ཅན་གྱིས་མི་ཐུལ་བར་བསྟན་པའི་ཚུལ་མཛད་པས་འགལ་བ་ཅི་ཡོད། སྔོན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་བྱང་ཆུབ་སྙིང་པོ་རྡོ་རྗེའི་གདན་ལ་བཞུགས་ཏེ་བྱང་ཆུབ་བརྙེས་པར་མཛད་པ་ལ་བདུད་སྡེ་དང་བཅས་པས་བྱང་ཆུབ་ལ་རབ་ཆད་རྩོམ་པའི་དུས་ན་ཡང་སྐུ་དེ་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། མི་གཡོ་བ་དང་། གཤིན་རྗེའི་གཤེད་དམར་གཤེད་དམར་ནག་རྣམས་སུ་བསྟན་ནས་བདུད་དཔུང་ཐམས་ཅད་བཅོམ་པར་མཛད་པ་སོགས་རྒྱུད་སྡེ་རྣམས་སུ་གསལ་མོད། གཞན་ཡང་འཇིགས་བྱེད་རྒྱུད་ཀྱི་བཤད་པ་ཁུ་སྐྱོ་གཉིས་གསུམ་གྱི་ལོ་རྒྱུས་རྣམས་སུ་དྲག་པོ་འཇིགས་བྱེད་བྱ་བ་འཁོར་བཅས་ཀྱིས་ལྷ་མ་ཡིན་གྱི་རྒྱལ་པོ་བ་སུ་དྷ་ར་བསད་ནས་ཟོས། དེ་ནས་ཁོའི་བསམ་པ་ལ་ཛམ་བུ་གླིང་ནང་བས་དབང་ཆེ་བ་མེད་སྙམ་ནས་དྲག་པོ་འཁོར་བཅས་ཀྱིས་ཡུལ་ལྷོ་ཕྱོགས་ཀྱིས་མ་ཏ་བ་ཀང་ཀའི་མི་ཐམས་ཅད་བསད་ནས་ཤ་ཁྲག་ལ་ལོངས་སྤྱོད་པ་ལས། དེའི་ཚེ་བཅོམ་ལྡན་འདས་ཡུལ་མ་ག་དྷཱའི་གྲོང་ཁྱེར་སེར་སྐྱར་བཞུགས་པས་གཟིགས་ནས་གམ་དུ་བྱོན་ཏེ་བདེན་བཞིའི་ཆོས་བཤད་པས། གཽ་ཏ་མཁྱེན་རང་རིའི་རྩེ་ལ་ཟོ། བྱ་རྒོད་ཕུང་པོའི་རི་ལ་སོང་ལ་གསོ་སྤྱོད་གྱིས་ཟིན་ནས་མཐུལ་ཏེ་སླར་ལོག་ དེ་ནས་སྤྱན་རས་གཟིགས་བྱོན་ནས་ཕ་རོལ་ཕྱིན་བཅུའི་ཆོས་བཤད་པས། མི་དཀར་པོ་ཁྱེད་རང་སོང་ལ་ཡིག་དྲུག་ཟློས་ཟེར་ནས་མཐུལ། དེ་ནས་རྟ་མགྲིན་གྱིས་ཕྱག་རྒྱ་བཞིའི་ཆོས་བསྟན་པས། །ཁྱོད་རང་ལོགས་སུ་སོང་ལ་རྟ་སྐད་འཚེར་ཟེར་ནས་མ་ཐུལ་ཟེར་བའི་ལོ་རྒྱུས་མང་དུ་སྣང་བས། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་མན་ངག་

(༧༦༥)དང་བཅས་པ་ཐམས་ཅད་ཀྱང་ལོག་པར་མི་བྱེད་དམ། ལེགས་པར་སོམས་ཤིག་ །གུར་མགོན་གྱི་རྒྱུད་ཀྱི་ལོ་རྒྱུས་བྲམ་ཟེ་མཆོག་སྲེད་ནས་ལོ་ཙཱ་བ་ཀྱི་ལྗང་ནས་བརྒྱུད་པའི་ལོ་རྒྱུས་སུ་ཡང་། དབང་ཕྱུག་གི་བུ་ནག་པོ་ཆེན་པོས་མི་རྣམས་ཐམས་ཅད་ནངས་བརྒྱ་ཟ། ནུབ་བརྒྱ་རེ་བཟའ་ཞིང་འཇིག་རྟེན་གྱི་ཁམས་བརླག་ལ་ཁད་པ་དང་། རྟ་མགྲིན་གྱིས་འདུལ་དུ་ཕྱིན་པས། ནག་པོས་ཞལ་དུ་ཁྱུར་མེད་བྱས་ཏེ་ཕྱིར་ཕྱུང་ནས། ཁྱོད་ལ་ད་འདུལ་བའི་གཉེར་མེད་ཀྱིས་ཁྱོད་རང་རང་གནས་སུ་རྩ་ཟོ་ཟེར་ནས་མ་ཐུལ་ཞེས་བཤད་པ་དང་། དེ་ཉིད་འདུས་པ་དང་། རྡོ་རྗེ་རྩེ་མོའི་རྒྱུད་དུ། ཧཱུྃ་མཛད་ཀྱི་རྡོ་རྗེ་ཞགས་པ། ལྕགས་སྒྲོག་སོགས་བཏབ་ནས་ལྷ་ཆེན་པོ་བཀུག་ཅིང་བསྡམས་པ་རྣམས་བྱས་པ་ལ་ཞགས་པ་སོགས་བཅད་ནས་བྲོས་པ་དང་། རྡོ་རྗེ་ལྕགས་ཀྱུས་བཀུག་པ་ལ་ཧཱུྃ་མཛད་ཀྱིས་བཀའ་ཉན་པར་བསྐུལ་བ་ལ་ལྷ་ཆེན་པོ་ཁྲོས་ཏེ་ཀྱེ་གནོད་སྦྱིན་དང་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་ན་ཁྱོད་ཀྱི་ང་ག་ལ་ད་ཅིའི་ཕྱིར་ན་ཉན། ཁྱོད་དང་ཁྱོད་ཀྱི་གནས་ནི་སྔར་མ་མཐོང་ངོ། །ཞེས་སྨྲས་པས། ཧཱུྃ་མཛད་ཀྱིས་ང་ནི་གནོད་སྦྱིན་ཐམས་ཅད་ཟ་བར་བྱེད་པ་སྟེ། ཞེས་དམ་ལ་གནས་བར་བསྐུལ་བས། ལྷ་ཆེན་ན་རེ། གནོད་སྦྱིན་ངས་ངོ་མི་ཤེས་ཏེ། བསྟན་པ་ལ་ཡང་ང་མི་གནས། ང་འཇིག་རྟེ་གསུམ་གྱི་བདག་པོ་ཡིན་པས་མཐུ་སྟོབས་འགྲན་ནོ་ཟེར་ནས་ལྷ་རྣམས་ཀྱིས་རང་རང་གི་མཚོན་ཆ་སྟོང་ཕྲག་རེ་སྤྲུལ་ནས་ཧཱུྃ་མཛད་ལ་འཐབས་སོ། དེ་ནས་ཧཱུྃ་མཛད་ཀྱིས་མཚོན་ཆ་རྣམས་དུམ་བུར་བྱས་ཏེ། ཁྱོད་བཀའ་ལ་ཉོན་ཅིག་དེ་ལྟ་མ་ཡིན་ན་ཐལ་བར་གཞོམ་པར་བཀའ་སྩལ་པས། ང་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་པས་ཁྱོད་ངའི་བཀའ་ལ་ཉོན་ཟེར་བ་དང་། དེ་ནས་ཧཱུྃ་མཛད་ཀྱིས་བཅོམ་ལྡན་འདས་ལ་ལྷ་ཆེན་པོ་འདི་རང་གི་སྟོབས་ཀྱིས་དྲེགས་ནས་བསྟན་བ་ལ་འདུད་དུ་མི་བཏུབ་ན་ཇི་ལྟར་བགྱི་ཞུས་པ་སོགས་མང་དུ་མཆིས་པ་སྣང་བས་རྒྱུད་དེ་དག་ཐམས་

(༧༦༦)ཅད་ཀྱང་དོར་དགོས་པར་འགྱུར་རོ། །མི་ཡུལ་ན་ཐུབ་པ་ཟས་གཙང་གི་སྲས་ཡིན་པ་བཞིན་དུ། །ལྷ་བརྒྱ་བྱིན། ལྷ་མ་ཡིན་ལ་ཐགས་བཟང་རིས་དང་། དུད་འགྲོ་ལ་སེང་གེ་རབ་བསྟན་དང་། ཡི་དྭགས་ལ་ཁ་ལ་མེ་འབར་དང་། ཡི་དྭགས་ལ་ཁ་ལ་མེ་འབར་དང་། དམྱལ་བ་ན་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་མཆོག་གི་སྤྲུལ་པའི་མཛད་པ་བཅུ་གཉིས་སྟོན་པ་ཡིན་ཟེར་བ་ལ་སོགས་པའི་འབྲས་བུའི་ནོར་པ་མཐའ་ཡས་པ་སྣང་། ཞེས་ཟེར་མོད། དེ་ལ་བརྒྱ་བྱིན་སོགས་ཐུབ་པ་ལྔ་པོ་གཞན་རྣམས་ཀྱང་མཆོག་གི་སྤྲུལ་སྐུ་མཛད་པ་བཅུ་གཉིས་སྟོན་པ་ཅན་ཡིན་ཞེས་པའི་བཤད་པ་མེད། སྤྱིར་གདུལ་དེ་ལྟ་བུ་རྣམས་ལ་འདུལ་བྱེད་སྤྲུལ་སྐུ་ཐུབ་པ་དྲུག་ཏུ་བསྟན་པ་ཡིན་པས་འགལ་བ་མེད་ལ། འགྲོ་བའི་གནས་རིགས་དྲུག་པོར་སངས་རྒྱས་ཀྱི་རྗེའི་སྤྲུལ་པ་གང་ལ་གང་འདུལ་དུ་སྟོན་པ་མཚོན་ཕྱིར་དཀྱིལ་འཁོར་གྱི་ལྷའི་བཀོད་པའི་ཚེ་མཚོན་དོན་དེ་ལྟར་དུ་བསྟན་པ་ཡིན་ནོ། །མཆོག་གི་སྤྲུལ་སྐུ་མཛད་པ་བཅུ་གཉིས་སྟེན་པ་ཅན་བཤད་པ་ཡོད་དུ་ཆུག་ཀྱང་འགལ་བར་མ་མཐོང་སྟེ། དུས་འཁོར་གྱི་ཡེ་ཤེས་ལེའུར། ཇི་ལྟར་ཆུ་འཛིན་ལས་ནི་བསིལ་ཞིམ་དངས་ཤིང་འཇམ་ལ་ཡང་བའི་ཆུ་བྱུང་བ། དེ་ནི་ས་བཞིར་རྒྱུ་དང་གནས་ཀྱིས་དབྱེ་བས་རྣམ་པ་མང་པོའི་ཉིད་འགྱུར། །དེ་བཞིན་ལེགས་ཡོང་ཐུགས་རྗེའི་སྤྲིན་གྱི་སྙིང་པོ་ལས་ཡང་ཡན་ལག་བརྒྱད་ལྡན་ལ། རྒྱུད་དང་གནས་ཀྱིས་དབྱེ་བས་སྐྱེ་དགུ་རྣམས་ལ་རྣམ་པ་མང་པོའི་རོ་ཉིད་འགྱུར། ཅེས་གསུངས་པས། དེའི་ཕྱིར་སེམས་ཅན་གྱི་དོན་གྱི་ངོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངའ་དུ་རབ་ཏུ་འཇུག་པ་རྣམས་དང་། དམྱལ་བར་གཤེགས་པ་ཡང་བྱིས་བའི་སྐྱེ་བོ་རྣམས་ཀྱིས་བརྟག་པར་ནུས་བ་མ་ཡིན་ཏེ། དཔལ་ཨ་ར་ལིའི་རྒྱུད་ཆེན་པོར། དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་རྐང་གཉིས་ཀྱི་མཆོག་ཉིད་ཐོབ་སྟེ། སངས་རྒྱས་ཀྱི་ཟློས་གར་སྟོན་པར་མཛད་དོ། །ཞེས་དང་། དེ་བཞིན་དུ། ལ་ལར་རྫོགས་པའི་བྱང་ཆུབ་མཛད། །ལ་ལར་དཀའ་བ་སྤྱོད་པ་དང་། ལྷ་ལས་

(༧༦༧)བབས་པར་སྤྲུལ་པ་དང་། །དེ་བཞིན་ཁབ་ནས་ངེས་འབྱུང་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། །ལ་ལར་རབ་ཏུ་འབྱུང་བར་མཛད། །འདུལ་བ་སྟོན་མཛད་དེ་བཞིན་དུ། །བསམ་གྱིས་མི་ཁྱབ་མངོན་པའི་ཆོས། །ལ་ལར་སྔགས་ཀྱི་ཚུལ་འཆང་མཛད། །ལ་ལར་ཕ་རོལ་ཕྱིན་བའི་ཚུལ། །ལ་ལར་བྱེ་བྲག་སྨྲ་བའི་ལམ། །ལ་ལར་མདོ་སྡེ་སྟོན་པ་སྟེ། །ལ་ལར་རྣམ་ཤེས་སྨྲ་བ་དང་། ལ་ལར་དེ་བཞིན་དབུ་མའོ། །ལ་ལར་དམྱལ་བར་གཤེགས་པ་དང་། །ལ་ལར་སེམས་ཅན་རྗེས་བཟུང་བ། སེམས་ཅན་འདུལ་བ་རྒྱུར་བཅས་ནས། །སྙིང་རྗེའི་བསམ་བས་གར་མཛད་དོ། །ཞེས་དང་། མཚན་བརྗོད་ལས། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག་ །སངས་རྒྱས་སྤྲུལ་པའི་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང་། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པས། སྤྲུལ་པའི་དཀུ་ནི་གདུལ་བྱ་མཐའ་ཡས་པའི་བསམ་པ་དང་མཐུན་པར། སྒྱུ་འཕྲུལ་རོལ་པའི་རྣམ་འཕྲུལ་སྣ་ཚོགས་པས་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་མཛད་པ་སྟེ། མངོན་རྟོགས་རྒྱན་ལས། གང་གི་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དང་། །མཉམ་དུ་མཛད་བའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་པ་ལྟར་ཡིན་པས། རིགས་དྲུག་སོ་སོ་དང་མཐུན་པའི་སྤྲུལ་སྐུ་ཐུབ་དྲུག་འགོག་པ་ནི་སངས་རྒྱས་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། སྐུ་རྣམ་པ་རྣ་ཚོགས་དང་། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས་དང་གཞན་ཡང་སེམས་ཅན་གྱི་ལས་ཚུལ་བསམ་གྱིས་མི་ཁྱབ་པ་དང་། །རྟེན་འབྲེལ་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་རྣམས་འགོག་པ་སྟེ། གཏོལ་མེད་ཀྱི་ཚིག་ཡང་དག་པའོ། མདོར་ན་བླ་མའི་བརྒྱུད་ཚུལ། ཐེག་པའི་རྣམ་དབྱེ་

(༧༦༨) རྒྱུད་སྡེའི་དབྱེ་བ། བསྐྱེད་རིམ། མཆོད་ཕྲེང་། སྦྱིན་སྲེག་ །གཏོར་ཆོག་རྣམས་དང་། ཁྱད་པར་དབང་བཞིའི་བསྐུར་ཚུལ། ཁྲིད་རིམ། རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ཀྱང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཞུང་ཁུངས་མ་གང་དང་ཡང་མི་མཐུན་པའི་ཆོས་སྐད། ཆོ་གའི་གོ་རིམ་ནོར་བ་དང་། ཆོ་ག་ཕྱིན་ཅི་ལོག་འབའ་ཞིག་སྣང་། ཟེར་བ་ནི་རང་ཉིད་མོས་པ་ཐོབ་པ་ཁུངས་མ་ཡིན་ལ་གཞན་ནི་སྡིག་ལྟའོ་སྙམ་པའི་ལོག་ལྟོག་སྨྱོན་པའི་གཏམ་ལྟ་བུ་སྟེ་གཞན་དུ་ན་རང་ལུགས། བླ་མ་བརྒྱུད་པའི་ལོ་རྒྱུས་བརྒྱུད་ཚུལ་ལ་སོགས་ནི་རྫོགས་ཆེན་སོགས་སུ་ཡང་ཤེས་བྱེད་ཀྱི་ལུང་དང་བཅས་པ་ཤིན་ཏུ་ནས་ཀྱང་ཡོད་དེ། ལོ་རྒྱུས་དོན་གྱིས་མ་བཤད་ན། གསང་ཆེན་ངེས་པའི་བཀའ་འདོ་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཅེས་གསུངས་ནས། རྒྱལ་བ་སྐུ་གསུམ་ནས་རང་གི་བླ་མའི་བར་དུ་བརྒྱུད་པའི་རིམ་པ་ལོ་རྒྱུས་དང་བཅས་པ་ནི་ཤིན་ཏུ་མང་བས་འདི་ལ་སྐྱོན་འགལ་འདུ་བ་ཐམས་ཅད་མཁྱེན་བས་ཀྱང་མི་རྙེད་མོད། གལ་ཏེ་ལོ་རྒྱུས་སོ་སོར་མ་འདྲ་བས་སྐྱོན་ཆེན། སྔགས་གསར་མའི་ལོ་རྒྱུས་བརྒྱུད་ཚུལ་རྣམས་ལ་ཡང་མི་འདྲ་བ་མཐའ་ཡས་པ་སྣང་བ་དང་། བསྟན་པ་ཕྱི་དར་གྱི་འདུལ་པ་སྨད་དར་མཁན་བརྒྱུད་གཅིག་པུ་རང་ལ་འདོད་ཚུལ་མི་མཐུན་པ་མཐའ་ཡས་པ་ཞིག་འདུག་པས། རང་གི་ཆོས་དང་བླ་མ་བརྒྱུད་པ་དང་བཅས་པ་ལ་སྐུར་པ་འདེབས་པ་འདི་ཡང་འཐད་དམ་སོམས་ཤིག་ །ཐེག་པ་དང་རྒྱུད་སྡེའི་དབྱེ་བ་རྣམས་ཀྱང་། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་པའི་མཚན་ཉིད་ཅན་མ་ཡིན་པས། །ཐེག་པ་དགུར་བྱས་པ་འགལ་བ་ཅི་ཡང་མེད།

(༧༦༩)ཐེག་པ་དགུ་དང་། གསུམ་དང་། ཐེག་པ་གཅིག་ལ་སོགས་པ་མཐའ་ཡས་ཞིག་གདུལ་བྱའི་ཁམས་དང་མཐུན་པར་སྣང་བས། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ། །ཞེས་མ་སྨྲ་ཞིག་ སྔགས་གསར་མར་ཡང་། རྒྱུད་སྡེ་བཞིའང་ལ་ཡང་གྲངས་ངེས་གོ་རིམ་དབྱེ་བསྡུ་མཐའ་ཡས་པ་ཡོད་པ་འདི། ཕ་མོ་གྲུབ་པའི་མདོ་ལུང་འདྲེན། ལང་གཤེགས་ལུང་། ཉིད་རང་ཡང་མ་མཐོང་ངམ་རྫུ་བ་ལགས། དེ་ལྟར་མིན་ན་སྤྱིར་ཐེག་པ་དགུ་ཞེས་མ་བརྗོད་པ་མ་གཏོགས་དོན་ལ་ཁྱད་མེད་དེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་གསུམ། རྒྱུད་སྡེ་བཞི་ལ་བྱ་སྤྱོད་རྣལ་འབྱོར་གསུམ་ལ་ཕྱིའི་རྒྱུད་སྡེ་གསུམ། བླ་མེད་ལ་ཐབས་ཤེས་རབ་གཉིས་མེད་དང་གསུམ་ལ། ནང་རྒྱུད་སྡེ་གསུམ་དུ་གྲགས་མོད། རྒྱུད་སྡེ་བཞི་རང་ལ་ཡང་དབྱེ་བསྡུ་དཔག་ཏུ་མེད་པ་ཞིག་རྒྱུད་དང་འགྲེལ་བརྒྱ་བོད་ཀྱི་སློབ་དཔོན་སོ་སོའི་བཞེད་ཚུལ་འདི་ཙམ་དུ་སྣང་བས་ཕྱོགས་གཅིག་ཏུ་ཀེར་ལང་བྱེད་པ་ནི་གཟུ་བོར་གནས་པའི་བློ་ལྡན་རྣམས་ཀྱིས་བཞད་བགད་ཀྱི་གནས་སོ། །དེ་ཡང་སམྦུ་ཊི་སོགས་ཁ་ཅིག་ཏུ། །ཕྱི་ནང་གསང་བ་ཐེག་པ་གསུམ། །ཞེས་པས། རྒྱུད་སྡེ་བཞི་པོ་ཕྱི་ནང་གསང་བ་གསུམ་དུ་ཕྱེ་བ་དང་། འཇིག་རྟེན་གསུམ་རྒྱལ་གྱི་རྟོགས་པའི་འགྲེལ་པ་དང་། རྡོ་རྗེ་བདུད་རྩིའི་རྒྱུད་འགྲེལ་གཉིས་སུ་རྒྱུད་སྡེ་གསུམ་དུ་དབྱེ་བ་དང་། སངས་རྒྱས་གསང་བས་ཀྱང་། རྣལ་འབྱོར་དང་བྱ་དབྱེ་བས། །ཞེས་གསུམ་དུ་དབྱེ་བ་དང་། སྔགས་དོན་རྣམ་གཟིགས་ལས་ཀྱང་། རྣལ་འབྱོར་སྤྱོད་དང་བྱ་བའི་རྒྱུད། དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ཞེས་གསུམ་དུ་དབྱེ་བ་དང་། བཞིར་དབྱེ་བ་ནི་ཡོངས་སུ་གྲགས་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། རྡོ་རྗེ་ཕྲེང་བའི་འགྲེལ་པ་ཨ་ལང་ཀ་དེ་བས་མཛད་པ། ཤཱནིྟ་པ། རྒྱ་གར་ཕྱག་ན། རབ་ཏུ་སྒྲོན་གསལ། ཨ་བྷ་ཡ་ཀཱ་ར། པཎིྜ་ཏ་གཞན་ཡང་མང་པོས་རྒྱུད་ཐམས་ཅད་ལྡར་

(༧༧༠)དབྱེ་བ་དང་། བདེ་མཆོག་ཉུང་དུའི་རྒྱུད་དུ། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའ་དབྱེ་བ་ལས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་པ་ལ། ལ་བ་པ་ལ་སོགས་པས་དྲུག་ཏུ་དབྱེ་བ་གསུངས་ཤིང་ཇོ་བོ་རྗེས་ལམ་སྒྲོན་འགྲེལ་པར་འདུན་དུ་དབྱེ་བ་ཡང་གསུངས་པས། ཐེག་པ་དང་རྒྱུད་ཀྱི་དབྱེ་བ་ལ་རྩོད་པ་ཡང་། བློ་ཆུང་ཁྲོན་པའི་སྦལ་པ་ཡིན། །རྒྱ་མཚོའི་གཏིང་ཚོམ་མི་མཚུངས་སམ། །བསྐྱེད་རིམ་སོགས་ལ་ཡང་། །གས་མ་ལ་ཡང་ལྷའི་བསྐྱེད་ཆོག་མཆོད་བསྟོད་གཏོར་མཆོག་སྦྱིན་སྲེག་རྣམས་ལ་མཐའ་ཡས་པ་ནི་འདྲ་བ་སོ་སོརའི་བརྒྱུད་པ་རེས་མཛད་སྲོལ་ལ་འདི་ལྟར་མཐའ་ཡས་པ་རྣམས་ཀྱང་ལོག་པ་ཡིན་ནམ། དབང་བཞི་བསྐུར་བའི་ཚུལ་ལ་ཡང་། དུས་འཁོར་ལ་སོགས་པའི་སེམས་འགྲེལ་སྐོར་གསུམ་པོ་དང་། རྩ་རྒྱུད་རྗེས་འབྲངས་དང་བཅས་པ་ཐམས་ཅད་ཀྱི་དབང་བསྐུར་ཚུལ་དང་། །གཞན་ཐམས་ཅད་ཀྱི་བསྐུར་ཚུལ་ཐམས་ཅད་མི་མཐུངས་པས། ཡང་ན་དུས་འཁོར་སོ་རྩ་རྒྱུད་རྗེས་འབྲངས་དང་བཅས་པ་ལོག་པ་ཡིན་ནམ། ཡང་ན་ཐམས་ཅད་ཆོས་ལོག་ཡིན། གཞན་བསྡུས་བརྒྱུད་པ་ཐམས་ཅད་ལ་ཡང་། རྒྱ་བོད་སོ་སོའི་བླ་མ་རྣམས་ཀྱིས་ཕྱག་བཞེས་མི་འདྲ་བ་འདི་ཙམ་ཞིག་ཡོད་པ་ལ། ཡང་ན་ཐམས་ཅན་ནོར་རམ། ཡང་ན་དེ་རྣམས་ཀྱི་ནང་ནས་གང་གང་ནོར་བ་ཡིན་བསྟན་དགོས། དམ་པ་སངས་རྒྱས་ཀྱི་ཞི་བྱེད་བརྒྱུད་པ་ཕྱི་མའི་ལམ་ལྔ་གསུམ་སོགས་ཀྱི་དབང་ཐམས་ཅད་ཀྱང་ལོག་པར་འགྱུར་ཏེ། གཞན་གང་དང་ཡང་མི་མཐུན་པའི་ཕྱིར་རོ། །ཁྲིད་རིམ་ལ་ཡང་རྒྱ་བོད་ཀྱི་བླ་མ་སོ་སོས་ཞེད་སྲོལ་རྒྱུད་འགྲེལ་མདོ་བསྟན་བཅོས་ཀྱི་འཁྲིད་ལུགས་མི་འདྲ་བ་ཐམས་ཅད་མཚུངས་དགོས་པར་གྲུབ་པ་ཡང་ངོ་མཚར་རེ་ཆེ། རྩ་བ་ཡན་ལག་གི་དམ་ཚིག་སྲུང་མཚམས་ཐམས་ཅད་ལ་ཡང་སོ་སོའི་བཞེད་དགོངས་མཐའ་ཡས་ཤིང་། དོན་ལ་རྟོན་ན་ནི།

(༧༧༡)བཟའ་བསྲུང་མི་འདྲ་བ་སྒྲུབ་པའི་དམ་ཚིག་ཐམས་ཅད་དོན་གནས་ལ་ནི་འདྲ། ཚིག་གི་ཆ་ཙམ་ལ་མི་འདྲ་བས་ལོག་པ་ཡིན་ན། གསར་མ་རང་ལ་ཡང་། དུས་འཁོར་གཤིན་རྗེའི་གཤེད་དམར་ནག་ །གུར་མགོན་སོགས་ནས་བཤད་པ་རྣམས་དང་། །རྩ་ལྟུང་གྱི་རྒ་བོད་ཀྱི་འགྲེལ་པ་རྣམས་ཀྱང་ཐམས་ཅད་མི་མཐུན་པ་མང་བར་སྣང་ཞིང་། དུས་འཁོར་ནས་བཤད་པའི་རྩ་ལྟུང་རྣམས་དང་། རྒྱུད་དང་བསྟན་བཅོས་གཞན་ནས་བཤད་པ་ཐམས་ཅད་ཀྱང་མི་འདྲ་ལ། གང་ཕྱོགས་དེ་ཆོས་ལོག་ཡིན་སྟོན་ཅིག་ །མདོས་ཀྱི་ཆོ་ག་དང་། སྐོང་གསོ་དང་། མདངས་སྐོང་དང་། སྐོང་མདོས་དང་། གཏོར་མདོས་བྱ་བ་ལ་སོགས་པ་མདོ་རྒྱུད་གང་ཡང་མི་མཐུན་པ་འདུག་ །ཟེར་བ་ནི་ར་སྤུའི་འུར་རྡོའི་དཔེ་ལྟ་བུ་སྟེ། ད་ནི་ཁྱོད་ཀྱི་མདོ་རྒྱུད་རྣམ་པར་དག་པ་དེ་རིམ་པས་རྗེ་ཉུང་ལ་འགྲོ་བའི་ཚུལ་མདོས་ཆོག་ཡོད་པས་རྣམ་དག་མིན་ན། །གཙུག་གཏོར་གདུགས་དཀར་གྱི་སྐོར་ལ། དྷི་རི་ལྦ་རྨ་ལ་སོགས་པས་མཛད་པའི་བཟློག་མདོས་ཟོར་མདོས་ལ་སོགས་ཆོས་མང་བ་དང་། མགོན་པོ་ཕྱག་བཞི་པའི་སྐོར་རྣམས་ལ་སྐོང་གསོ། སྐོང་མདོས། རྩད་མདོས་ལ་སོགས་མང་པོ་རྒྱ་བོད་ཀྱི་བླ་མ་མང་པོས་མཛད་པ་དང་། དེ་བཞིན་དུ་གུར་མགོ་ན། ཕྱག་དྲུག་པ། ཏྲ་གཤད་གཉོས་ལུས་ལ་སོགས་པ་དང་། རྣམ་སྲས་ཞི་དྲག་རྣམས་དང་། མདུང་དམར་ཅན་ལ་སོགས་མང་པོ་ལ་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་མཛད་ཟིན་པ་རྣམས་དང་། དེ་དག་འཁོར་བཅས་ཐམས་ཅད་ཀྱང་ཆོས་ལོག་ཆུ་འགྱུར་མོད། དཔེར་ན་གཤེན་དགུགས་ཀླུ་དགཱ་ནས་བརྩམས་ཏེ་དེང་སང་གི་བར་དུ་བོན་པོ་དེ་དག་གིས་ཆོས་ཀྱི་མིང་ལ་བོན་དུ་བཏགས་པའི་མདོ་རྒྱུད་དང་བསྟན་བཅོས་རང་བཟོར་བྱས་པ་འདི་རྣམས་དམ་པའི་ཆོས་དང་འདྲ་ལ་མི་མཐུན་པར་གནས་པ། དེ་བཞིན་དུ་རྫོགས་ཆེན་གྱི་རྒྱུད་རྣམས་ཀྱང་ཕྱག་རྒྱ་ཆེན་པོའི་མིང་ལ་རྫོགས་ཆེན་དུ་བཏགས་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་། བསྟན་བཅོས་ཁུངས་

(༧༧༢) མ་རྣམས་དང་འབྲལ་མི་མཐུན་པ་བོན་གྱི་གཞུང་རྣམས་དང་མཐུན་ཤས་ཆེ་བ་ཕྱིན་ཅི་ལོག་འགའ་ཞིག་ཏུ་འདུག་ཅེས་པ་ལ། གལ་ཏེ་ཕྱག་ཆེན་ལ་རྫོགས་ཆེན་དུ་བཏགས་བས་སྐྱོན་ཆེན། ཕྱག་ཆེན་ལ་རྣལ་འབྱོར་ཡན་ལག་དྲུག་རིམ་ལྔ་ལ་སོགས་པའི་ཟབ་ལམ་དུ་བཏགས་པ་དེ་དག་ཀྱང་བོན་དང་འདྲ་འམ། དེ་ལྟ་མིན་ན་ནི་ཟབ་ལམ་གྱི་ཆོས་ཐམས་ཅད་ལ་ཕྱག་ཆེན་པོར་གྲགས་བ་དོ་བས། ཕྱག་ཆེན་ལ་རྫོགས་ཆེན་དང་། རྫོགས་ཆེན་ལ་ཕྱག་ཆེན་དུ་བཏགས་པས་སྐྱོན་ཅི་ཡང་མི་མཐོང་ངོ། །གལ་ཏེ་འདི་རྣམས་རྒྱུད་གཞུང་རྣམ་དག་ཡིན་ན། གསང་འདུས་ལ་སོགས་པ་ཚིག་དོན་ལ་ནོར་བ་མེད་པ། རྩོམ་པའི་ཆ་ལུགས་བརླིང་བ། ཟབ་ཅིང་རྒྱ་ཆེ་བ་ཆོས་སྐད་རིགས་མཐུན་པའི་རྒྱུད་སྡེ་ཁུངས་མ་རྣམས་ཡང་དག་མིན་དགོས་པར་སྣང་ཟེར། སྔགས་རྙིང་མ་རྫོགས་ཆེན་དང་བཅས་པ་ཐམས་ཅད་དང་། གསང་འདུས་ལ་སོགས་པའི་རྒྱུད་སྡེ་གཞན་ཡང་དོན་ལ་ཤིན་ཏུ་ནས་ཀྱང་མཐུན། བརྗོད་བྱ་ཚིག་གི་ཟུར་ལ་མཐུན་པར་སྣང་བས་གང་ཡིན་ཅིག་ཡང་དག་དང་། ཅིག་ཤོས་ཡང་དག་མིན་པར་སྨྲ་བ་ནི། དོན་ལ་རྟོན་པའི་བློ་དང་བྲལ་བའི་ཚིག་ཡིན་ནོ། རྩོམ་པའི་ཆ་ལུགས་བརླིང་བ་ལ་སོགས་པས་རྒྱུད་རྣམ་དག་ཡིན་པར་མི་འགྲུབ་སྟེ། དུས་འཁོར་རྒྱུད་འགྲེལ་ལ་སོགས་སེམས་འགྲེལ་རྣམས་སུ་ཡང་སྒྲ་བཟང་པོ་དང་ལེགས་སྦྱར་གྱི་སྐད་གཅིག་པུ་དང་། ཚིག་གི་བརྗོད་པ་ལེགས་བས་རྒྱུད་རྣམ་དག་ཡིན་པར་མ་བཤད་ཅིང་། སངས་རྒྱས་ཐམས་ཅད་མཁྱེན་པས་ནི་སེམས་ཅན་གདུལ་བྱའི་དབང་གིས་ཐམས་ཅད་མཁྱེན་པའི་སྐད་ཀྱིས་ཆོས་སྟོན་པ་ཡིན་གྱིས་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ནོ། ཅི་སྟེ་ཁྱབ་འཇུགས་སོགས་ཀྱི་ནང་དུ་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པ་འགའ་ཞིག་ཡོད་ན། དེ་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་ཕྱག་མཆོད་བསྙེན་བསྐུར་བར་

(༧༧༣)བྱ་བ་ཡིན་ནོ། །གསུངས་པས་ཚིག་གི་ཆ་དང་སྡེབ་སྦྱོར་སོགས་མི་ལྡན་ཡང་དོན་ལ་རྟོན་པ་གཅུག་པུས་ཆོག་མོད། གལ་ཏེ་དེས་མི་ཆོག་ན་ཕྱི་རོལ་པའི་གཞུང་ལུགས་རྣམས་རྒྱུད་རྣམ་དག་རྩོད་མེད་དུ་འགྱུར་ཏེ། རྩོམ་ཚུལ་བཟང་ཞིང་ལེགས་པའི་ཕྱིར་རོ། །འདི་རྣམས་རྒྱུད་སྡེ་ཁུངས་མ་གང་དུ་ཡང་མིང་ཙམ་ཡང་མ་བྲགས་འདུག་ཅིང་། རྒྱ་གར་དང་ཨོ་རྒྱན་ལ་སོགས་པའི་མཁས་གྲུབ་ཀྱི་གཞུང་ཁུངས་གབ་དུ་ཡང་མ་གྲགས་འདུག་པས་མཁས་གྲུབ་དེ་རྣམས་ཀྱིས་དབང་དུ་མཛད་པའི་རྒྱུད་སྡེ་ཁུངས་མ་མིན་ངེས་པར་འདུག་གོ། །དེ་ལ་མིང་ཙམ་མ་གྲགས་ན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་གྲོལ་བའི་ཐིག་ལེར། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། ཞེས་དང་། །གཞུང་གཅིག་གི་ནང་དུ་ཅིག་ཤོས་མ་གྲགས་པའི་རྒྱུ་མཚན་གྱིས་རྫུན་མ་ཡིན་ན། མཚན་ཉིད་ཐེག་པ་གསུམ་གྱི་ཡང་ཐེག་པ་འོག་མར་ཐེ་ཆེན་གྱི་མིང་ཙམ་ཡང་མ་གྲགས་པའི་ཕྱིར་ཐམས་ཅད་རྫུན་ཡིན་ནམ། རྒྱུད་སྡེ་བཞིའི་འོག་མ་གསུམ་གྱི་ནང་དུ་བླ་མེད་གྱི་གསང་བ་ཟབ་མོ་རྣམས་ཀྱི་མིང་ཙམ་ཡང་མེད་བའི་ཕྱིར། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་རྫུན་དུ་བྱེད་དམ། རྒྱུད་གཞུང་ཁ་ཅིག་ཏུ་མ་གྲགས་པས་རྫུན་ཆོས་བྱེད་ན་དམ་པ་སངས་རྒྱས་ཀྱི་ཞི་བྱེད་སྐོར་གསུམ་གཅོད་ཡུལ་དུ་གྲགས་པ་རྣམས་ཀྱི་ཡང་མིང་ཙམ་ཡང་ཁུངས་མར་འདོད་པ་དེ་རྣམས་སུ་མ་གྲགས་པའི་ཕྱིར། ཁྱོད་ཀྱིས་དབང་དུ་བྱེད་པར་ལས་བླངས་པའི་ཞི་བྱེད་ཀྱི་མདོ་རྒྱུད་མན་ངག་དབང་ཁྲིད་རྣམས་ཀྱང་ལོག་པའི་ལམ་གྱི་ཆོས་སུ་འགྱུར་རོ། །ཀྲི་ཡས་མུཉྪ་དང་རྡོ་རྗེ་ཕྲེང་བ་ལ་སོགས་པ། དབང་ཆོག་ཕྱོགས་གཅིག་ཏུ་བསྡེབས་པ་དང་། ཁ་ཡར་ཐམས་ཅད་དང་། རྣལ་འབྱོར་རྫོགས་ཕྲེང་དང་། སྒྲུབ་ཐབས་རྒྱ་མཚོ་ལ་སོགས་པ་ཕྱོགས་གཅིག་ཏུ་བསྡེབས་པ་དང་། ཁ་ཡར་བ་དང་། རྣལ་འབྱོར་ཡན་ལག་དྲུག་པ་དང་། རིམ་ལྔ་དཔྱིད་ཐིག་རིམ་བཞི་གྲུབ་པ་སྡེ་བདུན། ལྕམ་དཔལ་མོ་མིང་སྲིང་གི་ལྷན་ཅིག་སྐྱེས་སྒྲུབ་རྩ་འགྲེལ་ལ་སོགས་པ་

(༧༧༤)རྫོགས་རིམ་གྱི་རྒྱ་གཞུང་གང་དུ་ཡང་། བཀའ་བརྒྱད་དང་། བདེ་བདུས་ལ་སོགས་པའི་རྫོགས་ཆེན་རྗེས་འབྲེང་བཅས་པའི་དབང་དང་སྒྲུབ་ཐབས་ཁྲིད་ཡིག་རྣམས་ཀྱི་མིང་ཙམ་ཡང་མ་གྲགས་འདུག་ཅིང་ཚིག་དོན་གྱི་ནོར་བ་ཆོ་ག་ལོག་པ་མཐའ་ཡས་པ་འདུག་པས་རྫོགས་ཆེན་འདི་ཨོ་རྒྱན་པདྨ་དང་། བི་མ་ལ་སོགས་པའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་གཞུང་མིན་དས་སུ་འདུག་སྐད། །དེ་ལྟར་ན་ཀྲི་ཡས་མུཉྩ་ལ་སོགས་པའི་དབང་ཆོག་དེ་དག་སློབ་དཔོན་པདྨ་དང་། བི་མ་ལ་སོགས་ཀྱིས་མཛད་དམ། ཡིན་མིན་གྱི་དབང་པོ་དེ་ལ་བཅོལ་བའི་ཕྱིར་རོ། །བསྐྱེད་རྫོགས་དབང་ཆོག་དང་བཅས་པ་དེ་རྣམས་སུ་རྫོགས་ཆེན་སོགས་ཀྱི་མིང་མ་གྲགས་ནས་ཆོས་མིན་དུ་སྒྲུབ་པ་ནི་ཆེར་མི་འོས་སོ། །དེར་གྲགས་བས་རྣམ་དག་ཏུ་སྒྲུབ་ན་བོན་དང་མུ་སྟེགས་བྱེད་ཀྱི་གཞུང་ལུགས་རྣམས་ཆོས་རྣམ་དག་ཏུ་འགྱུར་ཏེ། སངས་རྒྱས་པའི་གཞུང་རྣམ་དག་ཐམས་ཅད་དུ་དེ་རྣམས་ཀྱི་གཞུང་དང་རུབ་མཐའི་རྣམ་གཞག་མང་དུ་དྲང་ཞིང་གྲགས་པའི་ཕྱིར་རོ། །དབང་སྒྲུབ་མན་ངག་དེ་དག་རྣམས་ཀྱང་གཞན་དུ་མ་གྲགས་པས་ཁུངས་མ་མིན་བར་ཡང་འགྱུར་ཅིང་། སྤྱིར་འདི་རྣམས་སུ་མ་གྲགས་པས་ཆོས་མིན་ཡིན་ན་ནི། འདི་རྣམས་ཀྱི་ནད་དུ་རྫོགས་ཆེན་ལས་གཞན་པའི་མར་པ། མི་ལ་སོགས་ཀྱི་ཟབ་ཆོས་བདེ་མཆོག་སྙན་བརྒྱུད་སོགས་མང་པོ་དང་། ཤངས་པའི་གསེར་ཆོས་བཞི་སོགས་མང་པོ་དང་། དམ་པའི་ཞི་གཅོད་སྐོར་སོགས་མང་པོ་རྣམས་ཀྱི་ཡང་མིང་ཙམ་ཡང་གྲགས་པས་དེ་རྣམས་ཕན་ཚུན་དུ་གང་ལོག་པ་ཡིན། བཀའ་བརྒྱ་དང་བདེ་གཤེགས་འདུས་པ་ཞེས་སོགས་ཀྱི་རྒྱུ་མཚན་གྱི་མིང་གི་ཆ་ཙམ་ཡང་ཡིད་ལ་མ་ངེས་བཞིན་དུ་དགག་པ་ལྟར་སྣང་བ་ཁ་ནས་ཐོན་ཚད་བྱེད་པའི་རྫུན་དང་བསྙོན་བརྟོལ་བྱེད་པ་འདི་རིགས་སམ་ཤེས་བ་རྫུ་ཅན་དག་ །ཨོ་རྒྱན་པདྨ་དང་བི་མ་ལ་སོགས་ཀྱིས་མཛད་པའི་གཞུང་མིན་ན་དེ་རྣམས་ཀྱི་གོད་དུ་ས་སྐྱ་པའི་འཁོན་གླུ་དབང་

(༧༧༥)བསྲུངས་བ་སོགས་མང་པོ་དང་། རྗེ་བཙུན་པ་སོགས་ལ་བཤད་ཅིང་གདམས་པའི་ཆོས་དེ་གང་ཡིན་ད་གཟོད་ཀྱིས་བསྟན་དགོས་སོ། སྔོན་གྱི་དཀར་ཆག་ལྡན་དཀར་མ་དང་། འཕང་ཐང་མ་དང་། སྦ་བཞེད། བླ་བཞེད་གང་དུ་ཡང་མིང་ཙམ་ཡང་མ་གྲགས་འདུག་པས་སྔོན་གྱི་རྒྱལ་བློན་དེ་རྣམས་ཀྱི་རིང་ལ་འགྱུར་བའི་རྙིང་མའི་རྒྱུད་ཡང་དག་མིན་ངེས་སུ་འདུག་ །ཅེས་ཟེར་མོད། དཀར་ཆག་དེ་རྣམས་སུ་གལ་ཏེ་མ་ཐེབས་པས་རྒྱལ་བློན་དེ་རྣམས་ཀྱི་རིང་ལམ་འགྱུར་བ་དང་མ་གསུངས་པའི་ཤེས་བྱེད་ཅི་ཡང་མེད་དིང་དཀར་ཆག་དེ་དག་ཐམས་ཅད་ལ་ཡང་འདྲ་མིན་སྔ་ཕྱི་གོ་རིམ་ཆད་ལྷག་ །མདོ་སྔགས་སོ་སོའི་ཕྱོགས་འཛིན། སོགས་འདོད་པ་མི་མཐུན་པ་སྣ་ཚོགས་ཡོད་བས། དེ་རྣམས་སུ་མེད་པ་ཁ་ཡར་གྱིས་སྔ་འགྱུར་མིན་པར་མི་འགྲུབ་བོ། གལ་ཏེ་དེར་མེད་དུ་ཆུག་ཀྱང་དཀར་ཆག་དེ་དག་ནི་བཀའ་བསྟན་བཅོས་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་བ་རྣམས་ཡིན་པས། གསང་ཆེན་གྱི་རྒྱུད་དང་མན་ངག་ཐུན་མོང་མ་ཡིན་པ་རྣམས་དཀར་ཆགས་དེ་རྣམས་སུ་མ་གྲགས་མོད། དེས་ན་དཀར་ཆགས་གསུམ་དུ་མ་གྲགས་པས་ཆོས་མིན་དུ་སྒྲུབ་པ་ནི། རྒྱལ་བ་ནས་རྒྱལ་ཚབ་མཁས་གྲུབ་ཐམས་ཅད་ཀྱི་མན་ངག་ཐུན་མོང་མ་ཡིན་པ་སྙན་ནས་སྙན་དུ། བརྒྱུད་པའི་ཆོས་ཟབ་ཐམས་ཅད་ཆོས་མིན་དུ་བཏང་སྙིང་འདོད་པའི་སྔ་ལྟས་སོ། ནཱ་རོ་པ་དང་། ཤཱིནིྟ་པ་དང་། མེ་ཏྲི་པ་དང་། དམ་པ་རྒྱ་གར། ཨ་ཏི་ཤ །ག་ཡ་ཤ་ར། རིན་ཆེན་བཟང་པོ། འབྲོག་མི། འགོས། མར་པ་ལོ་ཙཱ། རྔོག་བློ་ལ་སོགས་དུས་ཕྱིས་ཀྱི་མཁས་གྲུབ་དེ་རྣམས་ཀྱི་རྫོགས་པ་ཆེན་པོའི་གཞུང་ཤླཽ་ཀ་གཅིག་ཏུ་ལང་པ་ཡང་བསྒྱུར་རྒྱུ་མ་རྙེད་སྣང་བས་ཨོ་རྒྱན་དང་། རྒྱ་གར་དུ་དར་བའི་ཆོས་མིན་ངེས་པར་འདུག་ །ཅེས་ཟེར་མོད། །བདེན་པ་ནི་མ་ཡིན་ཏེ། དེ་ལྟར་གྲུབ་ཐོབ་ཨོ་རྒྱན་པས། ཐང་བཻ་ཧ་རའི་གཙུག་ལག་ཁང་ན་རྙིང་མའི་རྒྱུད་ཀྱི་མཚན་ཐོ་རང་ཡང་བོད་ཆེན་དུ་ལངས་པ་འདུག་ཅེས་རྣམ་ཐར་དུ་ཐོབས་

(༧༧༦)པ་ཁྱོད་ཀྱིས་ཕྱིས་ཤིག་ །ཁྱད་པར་ཇོ་བོས་ཨ་རོའི་ཐེག་ཆེན་རྣལ་འབྱོར་ལ་བསྔགས་བརྗོད་ཤིན་ཏུ་ཆེ་པ་དང་། དམ་པས་རྫོགས་ཆེན་གྱི་གྲུབ་མཐའ་འཛིན་པ་དང་རྟོག་ལོས་བསམ་ཡས་ཀྱི་རྒྱ་དཔེ་ལ་བསྔགས་བ་སོགས་མ་མཐོང་བའི་རྫུན་གཏམ་མོ། །ཕྱིས་ཀྱི་ལོ་པཎ་དེ་དག་གིས་རྙིང་མ་དང་རྫོགས་ཆེན་གྱི་གཞུང་ཅུང་ཟད་ཀྱང་མ་བསྒྱུར་ཞིང་བསྒྱུར་རྒྱུ་འཕགས་ཡུལ་ནས་མ་རྙེད་པའི་ཤེས་བྱེད་ཅི་ཡང་མེད། ཨོ་རྒྱན་དང་རྒྱ་གར་གཉིས་མིན་པ་གཞན་དུ་དར་བའི་ཆོས་ཐམས་ཅད་ཆོས་མིན་ནམ། དེ་ལྟ་ན་རྩ་རྒྱུད་ཆེན་པོ་རྣམས་འཕགས་ཡུལ་དུ་མེད་ཅིང་དར་བྱེད་ཀྱི་གླིང་དང་། ཤམ་བྷ་ལ་སོགས་བ་རྣམས་སུ་དར་བར་བཤད་དིང་རྩ་རྒྱུད་དེ་རྣམ་ལོ་པཎ་དེ་དག་གིས་མ་རྙེད་པས་ཆོས་མིན་ཡིན་ནམ། འཕགས་ཡུལ་དུ་ཡོད་པ་ལ་དུས་འཁོར་རྒྱུད་འགྲེལ་ལ་སོགས་སེམས་འགྲེལ་སྐོར་གསུམ་རྣམས། ག་ཡ་དྷ་ར། འགྲོག་མི། མར་འགོད་རྣམས་ཀྱིས་ཅུང་ཟད་ཀྱང་མ་བསྒྱུར་བས་ཆོས་མིན་དུ་བྱེད་དམ་། ལོ་པཎ་དེ་དག་རེ་རེས་མ་རྙེད་པ་དང་། མ་བསྒྱུར་བས་ཆོས་མིན་ཡིན་ན། ལོ་ཆེན་རིན་བཟང་གིས་སློབ་དཔོན་ཀུན་སྙིང་གིས་མཛད་པའི་དེ་ཉིད་འདུས་པའི་རྒྱུད་དེ་ཉིད་སྣང་བ་དང་། སྤྱོད་རྒྱུད་ཀྱི་འགྲེལ་པ། ཆོ་ག་སོགས་རྣམས་ཀྱང་རྒྱ་གར་དུ་མ་རྙེད་པར་སྣང་བས་འགྲེལ་པ་དེ་དག་ཀྱང་ཆོས་མིན་ཡིན་ནམ། རྒྱ་གར་འཕགས་པའི་ཡུལ་དུ་བར་སྐབས་སུ་ནུབ་པའི་མདོ་རྒྱུད་དཔག་ཏུ་མེད་པ་ཅིག་བཤད་པས་ལོ་པཎ་དེ་དག་གིས་དེ་རྣམས་ཀྱང་མ་མཐོང་མོད། དེ་དག་ཀྱང་ཆོས་མིན་དུ་བྱེད་དམ་རྒྱ་གར་ནས་འགྱུར་ངེས་པའི་མོད་རྒྱུད་ཕལ་ཆེར་ཞིག་ལ་ཕཎ་དེ་དག་གི་དུས་རྒྱ་གར་དུ་མེད་པར་བཤད་ལས་དེ་དག་ཀྱང་ཆོས་མིན་དུ་བྱེད་དམ། གཞན་ཡང་ལོ་པཎ་དེ་དག་གིས་རྫོགས་ཆེན་རྒྱ་གར་ནས་མ་རྙེད་པ་མ་གཏོགས། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་རྒྱ་གར་དུ་གང་བཞུགས་ཐམས་ཅད་ལོ་པཎ་རེ་རེས་ཀྱང་རྫོགས་པར་བསྒྱུར་

(༧༧༧)པ་ཡིན་ནམ། ཡང་ན་ཕྱོགས་རེ་བ་དང་ཁ་ཡར་ཙམ་ལས་མ་བསྒྱུར་བ་ཡིན། ཕྱོགས་རེ་བ་ལས་ཐམས་ཅད་མ་བསྒྱུར་ན་ནི། དེ་རྣམས་ཀྱིས་རྫོགས་ཆེན་མ་བསྒྱུར་བར་ཟད་དེ། །དེ་ལས་གཞན་པའི་པདྨ་ས་མ་བྷ་ལྤ། སངས་རྒྱས་གསང་བ། བི་མ་ལ་སོགས་སྔ་ཕྱིར་བྱོན་པའི་ལོ་པཎ་ཆེས་མང་བ་རྣམས་ཀྱིས་བསྒྱུར་ཅིང་གཏན་ལ་ཕན་པས་ཆོག་མོད། ཇོ་བོ་རྗེ་བོད་དུ་བྱོན་ནས་བསམ་ཡས་སུ་ཕྱགས་ཕེབས་པའི་དུས་ཇོ་བོས་པེ་ཀར་དཀོར་མཛོད་ནས་རྒྱ་དཔེ་མང་པོ་གཟིགས་པས། ཇོ་བོས་གསན་གཟིགས་མ་མཛད་པའི་རྒྱུད་སྡེ་མང་པོ་བཞུགས་གདའ་བ་དང་། ཇོ་བོའི་ཞལ་ནས། ནི་ཡུལ་ན་ཐེག་ཆུང་གི་འདུལ་བ་ཉུང་བ། དེ་ལས་ཐེག་པ་ཆུང་དུའི་མདོ་སྡེ་མང་། དེ་ཚོ་བས་ཐེག་ཆེན་གྱི་མདོ་སྡེ་མང་། དེ་བས་ཐེག་ཆེན་གྱི་མངོན་པ་མང་། དེ་ཐམས་ཅད་པས་སྐྲཱི་ཡ་མང་། དེ་ཐམས་ཅད་པས་ཡོ་གག་མང་། དེ་ཐམས་ཅད་པས་ཕ་རྒྱུད་མང་། དེ་ཐམས་ཅད་པས་མ་རྒྱུད་མང་སྟེ། མ་ཡུལ་མ་གཏོགས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནས་ན་ཡང་བསམ་གྱིས་མི་ཁྱབ་པ་ཞིག་བཞིགས་ཤིང་འགྲོ་བ་མཐོ་དམན་མ་ལུས་པའི་དོན་ཡང་འདི་ཡི་སྒོ་ནས་མཛད་པ་མང་གསུངས་ཤིང་། མི་ཡུལ་བཞུགས་པའི་གསང་སྔགས་འདི་ལ་ང་ལས་མཁས་པ་མེད་སྙམ། མཁའ་འགྲོ་མ་རྣམས་ཀྱིས་ནམ་མཁའ་ནས་གཞལ་ཡས་ཁང་གི་སྒོ་ཕྱེ་ནས་རྒྱུད་མང་པོ་བསྟན་པ་ཡིན་ཡང་འདི་རྣམས་མི་གདའ། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ཡོད་ཡོད་མི་འདྲ་གསུངས་ནས་ཐུགས་རྒྱལ་ཆག་ །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་མཛད། བོད་ཀྱི་བསྟན་པ་དར་དུས་དེ་འདྲ་པ་རྒྱ་གར་དུ་ཡང་མ་བྱུང་འདུག་གསུངས། རྒྱ་གར་དུ་མེས་དགྲ་ལན་མང་དུ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་རྒྱུད་མང་པོ་འདིར་སྣང་གསུངས་ནས་ཕལ་ཆེར་བཞེངས་ནས་རྒྱ་གར་དུ་

(༧༧༨)བསྐུར་བར་བཤད་མོད། པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་ཁོ་བོ་ལ་སྔར་མ་གྲགས་པའི་གདམས་པ་བཞི་ཡོད་གསུངས་ནས་དེའི་ནང་ནས་ཡ་གྱལ་གཅིག་ །ཡང་དག་མེ་གཅིག་ཐོད་གཅིག་དང་། དེ་ལ་བརྟེན་པའི་གཏུམ་མོའི་གདམས་པ་སོགས་རྣམས་ཀྱང་སྔགས་རྙིང་མ་ཡིན་མོད། དམ་པ་རྒྱ་གར་གྱི་བླ་མ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་ནང་ནས་ནམ་མཁའ་ལྟ་བུའི་སྐུ་ཐོབ་པའི་བླ་མ་བཞི་ཡིས་སློབ་དཔོན་པདྨ་འབྱུང་གནས་ལས་རྡོ་རྗེ་ཕུར་བའི་དབང་བརྒྱུད་མན་ངག་ཐམས་ཅད་དང་། རྫོགས་པ་ཆེན་པོ་ལ་སོགས་པ་མང་དུ་གསན། དམ་པས་བོད་དུ་སྐུ་ཚེ་འདི་ལན་གསུམ་དུ་བྱོན་པའི་དང་པོ་ལ་སློབ་དཔོན་པདྨ་འབྱུང་གནས་དང་སྟབས་གཅིག་ཏུ་མངའ་རིས་སྟོད་ནས་བྱོན། གངས་ཏི་སེར་གད་པ་གསེར་གྱི་བྱ་སྐྱིབས་སུ་ཞག་གསུམ་བཞུགས། བྱང་ལམ་ནས་བརྒྱུད་དེ་བསམ་ཡས་སུ་བྱོན་ནས་སློབ་དཔོན་ཆེན་པོ་པདྨས་མི་དབང་ཁྲི་སྲོང་ལྡེའུ་བཙན་སྲས་དང་བཙུན་མོར་བཅས་པ་ལ་ཕུར་པའི་དབང་བསྐུར་དུས་ཁོ་བོས་ལས་སློབ་བྱས། དེ་དུས་ཁོ་བོ་ལ་ཀ་མ་ལ་ཤཱི་ལར་གྲགས་ནས། ཧྭ་ཤང་གི་ལྟ་བསུན་ཕྱུང་། མཚན་མོའི་དུས་སུ་སློབ་དཔོན་པདྨས་བསམ་ཡས་ཀྱི་དབྱེ་རྩེར་རྒྱལ་པོ་ཉིད་དང་། མཁན་པོ་ཧྭ་ཤང་ལ་སོགས་ལ་སྙིང་པོ་བླ་ན་མེད་པ་རྫོགས་པ་ཆེན་པོ་གསུངས། ཁོ་བོས་ཉིན་པར་དབུ་མ་སྣང་བ་སྒོམ་རིམ་གསུམ་ལ་སོགས་པ་མཚན་ཉིད་ཀྱི་ཆོས་མང་དུ་བཤད་ཅེས་གསུངས་ཤིང་། གཞན་ཡང་དམ་པ་ལ་ཀུན་དགས་ཞུས་པ། དམ་པ་རྫོགས་པ་ཆེན་པོ་འདི་ལྟ་བ་མཐོ་བ་ལགས་སམ་ཞུས་པས་རྫོགས་པ་ཆེན་པོ་ནམ་མཁའ་དང་འདྲ་གསུངས། སེམས་འཛིན་ཡང་མང་ལགས་སམ་ཞུས་པས། ནམ་མཁའ་མིག་ཏུ་འོང་བ་ཡང་ཤེས་གསུངས་སོ། །ཕ་རྒྱུད་གཡོ་བ་རླུང་གི་བླ་མ་རྣམས་ཀྱི་ནང་ནས་ཡོ་གའི་མཁས་པ་གསུམ་ལས་སངས་རྒྱས་གསང་བ་ཡང་དམ་པའི་བླ་མ་ཡིན་ཞིང་། དེ་ལས་གསང་སྙིང་ལ་སོགས་སྒྱུ་འཕྲུལ་གྱི་གདམས་པ་རྣམས་

(༧༧༩)གསན་པ་ཡིན་ཏེ། དེ་ཡང་སྦྱོར་སྔགས་ཀྱི་རྒྱུད་སྡེ་རྣམས་ལས། བྱ་སྤྱོད་ཡོ་ག་གསུམ་ནས་དབང་ནི་བུམ་དབང་། ལམ་ནི་གཞི་དམ་རྒྱ་བསྐྱེད་རིམ་གཙོ་ཆེ། རྣལ་འབྱོར་བླ་མེད་ཟླ་གསང་ཐིག་ལེ་ལ་སོགས་ཕ་རྒྱུད་རྣམས་ནས་དབང་ནི་གསང་དབང་། ལམ་ནི་དོན་ཆོས་རྒྱ། རྫོགས་རིམ་རླུང་གཙོ་བོར་བྱེད། མ་རྒྱུད་ནས་དབང་ནི་གསུམ་པ། ལམ་ནི་དེའི་ལས་ཀྱི་ཕྱག་རྒྱ། རྫོགས་རིམ་ཐིག་ལེ་གཙོ་ཆེ། སྙིང་པོ་དོན་གྱི་རྒྱུད་བགྲེལ་དཔལ་རྙོག་མེད་ལ་སོགས་ནས་དབང་ནི་བཞི་པ། ལམ་ནི་ཕྱག་རྒྱ་ཆེན་པོའམ། རྫོགས་པ་ཆེན་པོ་གཙོ་བོར་བྱེད་ཅེས་དང་། དེ་ལྟར་བཞི་པོ་དེ་ཐེག་པ་མཆོག་དམན་དང་། ཟབ་མི་ཟབ་ཀྱི་སྒོ་ནས་གོང་འོག་ཏུ་ཕྱེ་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་འདི་ལ་རྩ་རྒྱུད་གསང་བ་སྙིང་པོ་ལ་སོགས་པའི་རྒྱུད་འགྲེལ་གདམས་པ་ལག་ལེན་དང་བཅས་པ་དཔག་མེད་གཅིག་བཞུགས་ཀྱང་། ཉམས་སུ་ལེན་པ་ལ་ཚི་གསུམ་པོ་འདིས་ཆོ་ག་སྟེ། དག་སྣང་ཡིད་ལ་བྱས་པས་དངོས་འཛིན་ཡིད་ཀྱི་སྤུ་རིས་སུ་བས་ནས། སྣང་བ་སྤྲུལ་སྐུ་འཆར་བ་འདི་ནི། བུདྡྷ་གུ་ཧྱའི་གདམས་པ་ཡིན། ཞེས་གསུངས་ནས་འདིའི་ཉམས་སུ་ལེན་ལུགས་སངས་རྒྱས་གསང་བའི་རྣམ་ཐར་དང་བཅས་པ་གསུངས་ཤིང་། སངས་རྒྱས་གསང་བ་འདིས་བོད་དུ་ཡང་གངས་ཏི་སེར་བྱོན་ནས་དེར་བཞུགས་བ་ལ། རྒྱལ་པོ་ཁྲི་སྲོང་ལེའུ་བཙན་གྱིས་གདན་འདྲེན་དུ་བཏང་བ་ལ། ང་དེར་ཡོ་ན་སྲོག་གི་བར་ཆད་དུ་འགྲོ་བས་མི་ཡོང་གསུངས་ནས། བསམ་གཏན་ཕྱི་མའི་རིམ་པ་དང་། དཔུང་བཟང་། ལེགས་གྲུབ་རྣམས་ཀྱི་བསྡུས་འགྲེལ་རེ་མཛད་ནས་བསྐུར། དེ་ལ་རྒྱལ་པོ་དགྱེས་ནས་འབུལ་བ་མང་པོ་བསྐུར་བས། སློབ་དཔོན་ཡང་མཉེས་ནས། སྒྱུ་འཕྲུལ་གསང་སྙིང་གི་འགྲེལ་པ་དང་། སྒྱུ་འཕྲུལ་

(༧༨༠)ཞི་ཁྲོའི་སྒྲུབ་དཀྱིལ་རྡོ་རྗེ་ལས་རིམ། དཀྱིལ་འཁོར་ཆོས་དོན་བྱ་བ་གཞལ་ཡས་ཁང་གི་གསལ་བྱེད། རྣམ་སྣང་མངོན་བྱང་བསམ་གཏན་ཕྱི་མ་རྣམས་ལ་ཚིག་འགྲེལ་མཛད་པ་དང་། རྒྱལ་པོ། བཙུན་མོ། བློན་པོ། འབངས། བོད་ཀྱི་རབ་བྱུང་སོགས་རྣམས་ལ་ཞལ་ཏའི་སྤྲིང་ཡིག་དང་བཅས་པ་བསྐུར་བས་རྒྱལ་པོ་ཤིན་ཏུ་དགྱེས་སོ། །གཞན་ཡང་སྒེག་པའི་རྡོ་རྗེ། ཧཱུྃ་ཀཱ་ར། བྷ་སུ་དྷ་ར། པདྨ་བཛྲ་རྣམས་ལ་སྔགས་རྙིང་མར་གྲགས་པ་རྣམས་ཀྱི་རྒྱུད་གཞུང་དབང་གདམས་ངག་ཐམས་ཅད་དམ་པས་གསན་པར་བཤད་ཅིང་། ལོ་རྒྱུས་ལ་སོགས་ཤིན་ཏུ་མང་བས་དམ་རྒྱ་གར་གྱིས་ཀྱང་རྫོགས་ཆེན་དང་རྙིང་མའི་ཆོས་སྐོར་མ་བསྒྱུར་པ་དང་མ་བཤད་པའི་ཤེས་བྱེད་ཡང་དག་མ་རྙེད་ན་སྟོན་ཅིག་ །དེ་ལྟར་མིན་པ་དམ་པ་རྒྱ་གར་གྱིས་མཛད་པའི་ཞི་བྱེད་ཅེས་ཡོངས་སུ་གྲགས་པའི་བཀའ་བབས་སྙན་བརྒྱུད་བཞིའི་གདམས་པ་ལ་ཐུན་མོང་གི་གདམས་པ་གྲུབ་ཐོབ་ཕོ་མོ་ལྔ་བཅུའི་གདམས་པ། གཞུང་གི་གནད་བསྡུས་པ་ལམ་དུ་ལ་སྒོང་དག་པ། ངོ་སྤྲོད་ཀྱི་གནད་བསྡུས་པ་ལམ་དྲི་མེད་གསེར་སྒོང་དག་པ་དང་། གདམས་པའི་གདན་བསྡུས་པ་ལམ་དྲི་མེད་ཤེལ་སྒོང་དག་པ་རྣམས་ཀྱི་ཕལ་ཆེ་བ་ཞིག་རྫོགས་ཆེན་སོགས་རྙིང་མའི་བླ་མ་པདྨ་འབྱུང་གནས། སངས་རྒྱས་གསང་བ། སྒེག་པའི་རྡོ་རྗེ། པདྨ་བཛྲ། ངག་དབང་གྲགས་པ། གོ་ཤ་པ་བལ་པོ་བ་སུ་དྷར་རྣམས་ལས་གསན་པའི་རྫོགས་ཆེན་དང་རྙིང་མ་རྣམས་ཀྱི་གདམས་པ་ཡིན་པས་ཡང་ན་དམ་པ་དང་། ཆོས་ཞི་བྱེད་རྣམས་ཆོས་ལོག་ཡིན་ནམ། ཡང་ན་དེའི་ནང་གི་རྫོགས་ཆེན་སོགས་རྣམས་ལོག་པ་ཡིན་པ་སྟོན་ཅིག་ །དེས་ན་དམ་རྒྱ་གར་གྱིས་རྫོགས་མ་བསྒྱུར་བ་ལ་སོགས་པའི་ཚིག་འདིས་མ་བྱོན་པའི་སངས་རྒྱས་གཉིས་པར་ཞལ་གྱིས་བཞེས་པའི་དམ་པ་སངས་རྒྱས་ཀྱང་སྐྱོན་ཅན་དུ་མ་བཏང་ཞིག་ །སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའི་སྐུ་རིང་ལ་

(༧༨༡) བསྒྱུར་བའི་ཆོས་མིན་པས། རྫོགས་ཆེན་འདི་གསང་སྔགས་རྙིང་མའང་མ་ཡིནདུས་ཕྱིས་ལོ་པཎ་མཁས་གྲུབ་རྣམས་ཀྱིས་མ་བསྒྱུར་བསྔགས་གསར་མ་ཡང་མ་ཡིན། ཁོ་རང་ལ་སྒོས་ཀྱི་རྒྱུད་དང་རྒྱ་གཞུང་མཐའ་ཡས་པ་ཡོད་པར་འདོད་པས་ནཱ་རོ་དང་ནི་སུ་ཆོས་དྲུག་ལྟ་བུ་རྒྱུད་སྡེའི་དགོངས་བ་བླ་མའི་མན་ངག་ཏུ་བསྡེབས་པ་དེ་ཡང་མ་ཡིན། ཞེས་ཟེར་མོད། དེ་ལྟར་རྒྱལ་བློན་དེ་རྣམས་ཀྱི་དུས་སུ་རྫོགས་ཆེན་སོགས་རྣམས་ནི་མ་བསྒྱུར། ཀྱེ་རྡོ་རྗེ་ལ་སོགས་དེ་བས་ཀྱང་མེད་པས་དེ་དུས་ཀྱི་རྒྱལ་བློན་རྣམས་ཐམས་ཅས་རྡོ་རྗེ་ཐེག་པའི་སྐལ་བ་དང་མི་ལྡན་པའི་སྐལ་ཆད་ཡིན་ནས། དེ་ལྟར་མིན་ན་དེ་དུས་ཀྱི་པདྨ་འབྱུང་གནས། སངས་རྒྱས་གསང་བ། བི་མ་ལ་རྣམས་ཀྱིས་གསུངས་བའི་གསང་སྔགས་བླ་མེད་ཀྱི་ལམ་དེ་གང་ཡིན་སྟོན་ཅིག་ །གཞན་ཡང་སྔོན་གྱི་ལོ་པཎ་འདི་རྣམས་ཀྱིས་གསང་སྔགས་བླ་མེད་ཀྱི་གསར་མ་རྣམས་དེ་དུས་མ་བསྒྱུར་བ་དེ དེ་ཀུན་གྱིས་ཀྱང་རྒྱ་གར་ནས་མ་རྙེད་ནས་མ་བསྒྱུར་བ་ཡིན་ནམ། ཡོད་ཀྱང་མ་བསྒྱུར་བ་ཡིན། དེ་ལྟ་ན་གཞན་ལའང་མཚུངས་སོ། །ཡང་དེའི་དུས་སུ་སློབ་དཔོན་པདྨ་ལ་སོགས་པས་བསྒྱུར་བའི་གསང་ཆེན་བླ་མེད་ཀྱི་མན་ངག་རྣམས་ཀུན་དང་ཐུན་མོང་མ་ཡིན་པའི་དོན་གྱིས་ཀུན་གྱིས་སྤྱོད་ཡུལ་དུ་མ་གྱུར་པས་ཐམས་ཅད་ཀྱིས་མངོན་དུ་མི་སྣང་མོད། རྒྱུད་གཞུང་ཅིག་ནི་མངོན་དུ་ཡང་སྣང་སྟེ། བཅོམ་ལྡན་ལ་གྲིས། གསང་སྔགས་བླ་མེད་ཀྱང་དེ་དུས་སྒྱུ་འཕྲུལ་གསང་སྙིང་ལ་སོགས་སྒྱུ་སྡེ་འཕྲུལ་སྡེ་བརྒྱས་གསང་སྙིང་གི་འགྲེལ་པ་ཉི་འོད་སེང་གེས་མཛད་པ་རྣམས་པདྨ་རུ་རྩེས་བསྒྱུར་ཞིང་། ཡང་གསང་སྙིང་དང་དེའི་འགྲེལ་པ་སངས་རྒྱས་གསང་བས་མཛད་པ་གཉིས་བཻ་རོ་ཙ་ནས་བསྒྱུར་བར་འཕང་ཐང་སོགས་སུ་བཤད་ཅེས་གསུངས་ཤིང་། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། སྒྱུ་འཕྲུལ་དྲ་བ་རྣམས་ལྕེ་བཀྲ་ཤིས་ཀྱིས་བསྒྱུར་བར་དཀར་ཆགས་ཕང་ཐང་དང་། ལྡན་དཀར་

(༧༨༢)གཉིས་སུ་བཤད་ཅེས་རིག་རལ་གྱིས་གསུངས་མོད། འདི་རྣམས་ཐམས་ཅད་ནི་ཆོས་སྐད་རྫོགས་ཆེན་གྱི་རྗེས་འབྲངས་རྙིང་མ་ཡིན་ཞིང་། ཁྱད་པར་སངས་རྒྱས་མཉམ་སྦྱོར་གྱི་བླ་མ་བརྒྱུད་པ་སོགས་ཀྱང་གསང་སྙིང་ལ་སོགས་དང་ཁྱད་མེད་དོ། །གཞན་ཡང་དེ་དུས་སངས་རྒྱས་གསང་བས་བྲན་ཀ་མུར་ཏི་དང་། སྦས་མཉྫུ་ཤྲི། བཻ་རོ་ཙ་ན་གསུམ་ལ་བཤད་ཅིང་བསྒྱུར་བ་ལ་སྔ་དར་ཟེར། དེ་ནས་པདྨའབྱུང་གནས་ཀྱིས་གཉགས་ཛྙཱ་ན་གུ་མཱར། ངན་ལམ་རྒྱལ་བ་མཆོག་དབྱངས་རྣམས་ལ་བཤད་ཅིང་བསྒྱུར་བ་ལ་པར་དར་ཟེར། བཻ་མ་ལས་གཉགས་དང་རྨ་རིན་ཆེན་མཆོག་ལ་བཤད་ཅིང་བསྒྱུར་བ་ལ་ཕྱི་དར་ཟེར། དེ་དག་ནི་སྔགས་རྙིང་མ་རྫོགས་ཆེན་གྱི་རྗེས་འབྲང་ཡིན་ནོ། །ཕྱིས་ཀྱི་ལོ་པཎ་རྣམས་ཀྱིས་མ་བསྒྱུར་བའི་ཤེས་བྱེད་མེད་དོ། གོང་དུ་བསྟན་པ་ལྟར། དམ་པ་དང་། པཎ་ཆེན་ཤཱཀྱ་ཤྲཱི་དང་། སྨྲི་ཏི་དང་། ལོ་ཆེན་རིན་བཟང་རྣམས་ཀྱིས་རྫོགས་ཆེན་དང་། ཡང་དག་མེ་གཅིག་གི་འགྲེལ་བ་ཀུན་སྙིང་གིས་མཛད་པ་རྣམས་བསྒྱུར་བར་བཅོམ་ལྡན་རལ་གྲིས་གྲིས་བཤད་པ་རྣམས་ཅི་ཡིན། ཁོ་རང་ལ་སྒོས་རྒྱུད་ཡོད་བས་ཅི་ཉིས་ཏེ། དམ་པའི་ཞི་བྱེད་ལའང་ཁོ་རང་གི་སྒོས་རྒྱུད་ད་ལྟའི་རྒྱུད་གཞན་ཀུན་དང་ཆོས་སྐད་མི་མཐུན་པའི་ཨཱ་ལི་ཀ་ལི། ཆུ་ཀླུ་རོལ་པའི་གསང་རྒྱུད་ཆེ་ཆུང་། བདག་མེད་མའི་བརྔ་རྒྱུད་རྣམས་དང་། ཕྱག་ཆེན་བརྡ་རྩལ་ཁོ་རང་གི་སྒོས་རྒྱུད། བརྡ་རྒྱུད་ལེའུ་ལྔ་བཅུ་རྩ་ལྔ་ཡོད་པར་བཤད་པས་སྒོས་རྒྱུད་ཡོས་པས་ཅི་ཉེས། སྦྱོར་དྲུག་རིམ་ལྔ། ལམ་འབྲང་སོགས་རྣམས་ལ་ཡང་དུས་འཁོར་འདུས་པ་བརྟག་གཉིས་སོགས་རྣམས་སྒོས་རྒྱུད་ཡིན་པ་དང་འདྲ་མོད། ཆོས་དྲུག་ལྟ་བུ་རྒྱུད་སྡེར་མེད་ན་ནི་བླ་མས་སྡེ་བརྒྱུ་ཅང་ཡོད་དམ། ཐམས་ཅད་འདྲ་བ་ཞིག་དགོས་ན་ནི་རྡོ་རྗེ་ཐེག་པའི་དབྱེ་བ་མང་པོ་ཅི་བྱེད་གཏོལ་མེད་ཀྱི་ཚིག་གོ། །གླང་དར་མས་བསྟན་པ་བསྣུབས་པའི་རྗེས་

(༧༨༣)སུ་རྫུན་རྒྱུད་བརྩམས་བདེ་ནས། དག་རྗེ་དཔལ་གྲགས། གཞུངས་ཨ་རོ་ཏྲ་ཤག་རྣམས་ཀྱིས་ཀུན་འདུས་ཀུན་བྱེད་སོགས་བརྩམས། ལྕེ་བཙུན་གྱི་བི་མ་ལའི་སྙིང་ཐིག་ །ལས་འབྲེལ་རྩལ་གྱིས་མཁའ་འགྲོ་སྙིང་ཐིག་ །རྡོ་རྗེ་གླིང་བས་རྡོར་སེམས་སྙིང་ཐིག་ །གནུབས་དང་ཉང་རལ་སོགས་ཀྱིས་བཀའ་བརྒྱད་དང་དེར་འདུས་ལ་སོགས་མཐའ་ཡས་པ་བྱས་ཏེ། བོད་བླུན་པོས་རང་བཟོ་བྱས་པས་རྒྱུད་མིན་རྒྱུད་དུ་བརྫུས་ནས། བསྟན་པ་ཆུ་རྙོག་མ་ཅན་ལྟ་བུར་བྱས་པའི་ཆོས་ལོག་ཡིན། རྒྱུ་མཚན་འདི་རྣམས་ལ་དགོངས་ནས། ལོ་ཙ་བ་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཡེ་ཤེས་འོད། ཕོ་བྲང་ཞི་འོད་རྣམས་ཀྱིས། ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས། །རྫོགས་ཆེན་མིང་བཏགས་སྔགས་ལོག་བོད་དུ་དར། དེ་ཡིས་རྒྱལ་ཁམས་ཕུང་སྟ་འདི་འདྲར་གྱུར། །ཅེས་སོགས་ཀྱི་འབྱམ་ཡིག་བཏང་། ཞེས་ཟེར་མོད། །གང་ཟག་བླུན་པོས་ཆོས་ལོག་དེ་ཙམ་བརྩམས་ཐུབ་ན་བླུན་པོའི་ཐ་སྙད་གང་ལ་འཇོག་ །ཆོས་དེ་རྣམས་ལས་དངོས་གྲུབ་བརྙེས་པ་མང་དུ་བྱུང་བས་གལ་ཏེ་བརྩམས་པ་ཡིན་དུ་ཆུག་ཀྱང་སངས་རྒྱས་དངོས་དང་མཚུངས་པའི་རིག་འཛིན་ཡིན་པས་ཆོས་ཀྱི་གོ་ཆོད། དེའི་རྒྱུ་མཚན་སྡུད་པ་ལས། རྒྱལ་བའི་ཉན་ཐོས་གསང་ཞིག་ཆོས་འཆད་ཅིང་། །ཞེས་པ་ལ་གསང་བ་རྣམས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། ས་སྐྱ་པའི་འཁོན་ཀླུ་དབང་བསྲུང་བ་རྡོ་རྗེ་རིན་ཆེན་སོགས་རྣམས་ལ་གནང་བའི་རྫོགས་ཆེན་དང་། ཡང་ཕུར་རྣམས་ཀྱང་ལོག་པ་ཡིན་ནམ། དེ་ལྟ་ནི་ཀླུ་དབང་བསྲུང་སོགས་ས་སྐྱ་པ་རྗེས་འབྲངས་དང་བཅས་བ་རྣམས་ཀྱིས་ཀྱང་སྔགས་ལོག་པ་

(༧༨༤)བརྩམས་ནས་རང་གཞན་ཐམས་ཅད་ལོག་པའི་ལམ་དུ་འཁྲིད་པ་ནི་ས་སྐྱ་བ་ཐམས་ཅད་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་དུ་གྲགས་ཀྱང་ཆར་མ་འོས་སོ། །གཞན་ཡང་། དར་རྗེ་དཔལ་གྲགས། གནུབས་ཨའོ། ཏྲང་ལྕེ་བཙུན་རྣམས་ཀྱི་དུས་ལ། ལོ་ཆེན། ལྷ་བླ་མ་སོགས་ཀྱིས་དེ་རྣམས་གྱི་སྔགས་ལོག་བརྩམས་པ་དགོངས་ནས་སུན་འབྱིན་གྱི་འབྱམ་ཡིག་བཏད་དུ་ཆུག་སྟེ་ཕལ་ཆེར་དུས་མཚུངས་ཡིན་ནམ། ལས་འབྲལ་རྩལ། རྡོ་རྗེ་གླིང་པ། ཉད་རལ་སོགས་རྣམས་ཕྱིས་རང་བྱུང་རྡོ་རྗེ་སོགས་དང་དུས་མཚུངས་ཙམ་ཡིན་པས་དེ་ལ་དགོངས་ནས་ཞེས་པ་འདི་གཏོལ་མེད་དོ། །ཕྱིས་འདི་རྣམས་འོད་བར་དགོངས་ནས་གསུངས་པ་ཡིན་ན་ནི། ལོ་རིན་སོགས་ཤཱཀྱ་ཐུབ་ལས་ཀྱང་ཆེས་ལྷག་པར་འགྱུར་ཏེ། ཤཱཀྱ་ཐུབ་པས་ནི་བོད་ལྟ་བུའི་ཆོས་ལོག་རྣམས་ལུང་སྟོན་གྱིས་མི་ལང་ཞེས་ཟེར་བ་མ་ཡིན་ནམ། འདི་རྣམས་ཁ་ཅིག་ནི་མངེས་བཞིན་དུ་སྨྲ་པ་སྟེ། བཀའ་བརྒྱད་དང་བདེར་འདུས་ཞེས་པའི་མིང་ཙམ་གྱིས་ཡང་མ་ངེས་བར་སྨྲ་བའོ། །འབྱམ་ཡིག་ཏུ་ཡང་། རྫོགས་ཆེན་མིང་བཏགས་ཆོས་ལོག་ཅེས་པས། རྫོགས་ཆེན་གྱི་མིང་གིས་བཏགས་བའི་སྔགས་ལོག་མང་པོ་དར་བས། དེས་རྒྱལ་ཁམས་ཕུང་ཟེར་བ་ཡིན་གྱིས། རྫོགས་ཆེན་དར་བ་ཟེར་བ་མ་ཡིན་མོད། དེས་ན་དེའི་དུས་ཨ་ཙར་དམར་པོ་ལ་སོགས་བས་ཆགས་ལམ་གྱི་གདམས་པ་བྱ་བའི་ལམ་བསྟན་ནས་སྤྱོད་རྩིད་སྣ་ཚོགས་པ་དང་། སེར་ཁྱིམ་ནས་རབ་བྱུང་གིས་བུད་མེད་བསྟེན་པ་སོགས་རྣམས་བྱུང་བས་དེ་རྣམས་དགག་པའི་ཕྱིར་དུ་ཡིན་གྱི་རྫོགས་ཆེན་དགག་པ་མ་ཡིན་པར་ངེས་ཤིང་། དེ་ལྟ་མིན་ན་དེ་དུས་གསང་སྔགས་གསར་མའི་ཀྱེ་རྡོར་ཆ་མཐུན་གྱི་རྒྱུད་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད། ཡེ་ཤེས་སྙིང་པོ། ཡེ་ཤེས་ཐིག་ལེ་རྣམས་ཨ་ཙར་དམར་བོའི་ཞབས་ཀྱི་བྱས་པར་འདོད་པ་སོགས་རྒྱུད་མང་དུ་དགག་ཟིན་པ་རྣམས་ཀྱི་མཁས་གྲུབ་མང་པོས་དབང་དུ་བྱེད་བར་སྣང་མོད། །འགོས་ཀྱིས་རྒ་དང་པོར་རྫོགས་ཆེན་ལ་སློབ་གཉེར་མཛད། ལོ་ཙྭོ་སྦྱངས་ནས་རྒྱ་གར་དུ་རྫོགས་ཆེན་ཞུར་སོང་། སྔ་ཕྱིར་རྒྱ་གར་གར་དུ་ལན་

(༧༨༥)ལན་བཅུ་གཉིས་སུ་ཕྱིན་ཚུལ་ལས་བརྩམས་ཏེ་རྒྱ་གར་ན་རྫོགས་ཆེན་མེད་པའི་ངན་སྨྲས། །དེ་ནི་རྐུན་རྒྱབ་བརྫུན་བསྣོན་ཏེ་ཟུར་པའི་སར། སྒྱུ་འཕྲུལ་གསང་སྙིང་ཞུར་སོང་བ་ལམ་གནང་ནས་དེ་ལ་ཞེ་འཁོན་དུ་བཟུང་སྟེ། སྔར་ཁ་ཆེར་ནང་བའི་པཎིྜ་ཏ་ཞིག་བསླབ་པ་འཚལ་ནས་གནས་དབྱུང་བྱེད་པར་རྩོམ་པ་ལ་ད་ལྟར་ཀྱིས་མཁར་རྔ་མ་བརྡུངས་དང་ང་རང་འགྲོ་ཟེར་བ་ལ་མཉམ་པར་དེ་ལྟར་བྱས་པ་ལ་སྙིང་ནད་དུ་བཟུང་ནས་བསྟན་པ་ལ་འབྲན་བཅུགས་པའི་གྲུབ་མཐའ་ཞིག་བརྩམ་སྙམ་ནས་རདྨ་ན་བསྒྲུབས་ནས་སོག་པོའི་ལོག་ཆོས་བརྩམས་ཞེས་པ་ལྟར་དུ། སྒྱུ་འཕྲུལ་གསང་པ་སྙིང་པོ་སོགས་རྣམས་ལ་སྐྱོན་བཙལ་ནས་སྨད་པའི་ཕྱིར་དུ་ཡིན་གྱི་རྒྱ་གར་ནས་རྫོགས་ཆེན་མིན་པ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཁོང་གིས་རྙེད་ནས་བསྒྱུར་བ་ནི་མ་ཡིན་མོད། འགོས་ཀྱིས་ཀྱང་རྒྱ་གར་ནས་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་ལས་གཤིན་རྗེ་འཆར་ཀའི་རྒྱུད་སྒྲུབ་ཐབས་མདོས་སོགས་རྣམས་དང་། གསང་བ་འདུས་བ་སོགས་ལྷན་དུ་ཞུས་ནས་བསྒྱུར་ཏེ། འཆར་ཀ་འགོས་ལུགས་ཞེས་གྲགས་པ་ལ་སུས་བསྙོན་ཆོས་ལ་སྐྱོན་བཏགས་པའི་ཉེས་པས་ཁོང་རང་ལ་ཡང་སྐྱོན་མང་པོ་བྱུང་བའི་ལོ་རྒྱུས་ཀྱང་བརྗོད་པར་སྣང་མོད། རྗེ་མར་པ་ལོ་ཙཱ་ཡང་འགོས་ཀྱི་སློབ་མ་ཡིན་ཞིང་རྒྱུད་རྣམས་ཀྱང་འགོས་འགྱུར་ལ་ཐུགས་གཅིགས་མཛད་ཅིང་བཤད་པ་ཡང་མཛད་གསུངས་མོད། འགྱུར་ལ་གཅིགས་མཛད་པ་སྲིད་མོད། སློབ་མ་ཡིན་ཡང་འགོས་ནས་མར་པ་ལ་བརྒྱུད་ནས། དེའི་སློབ་མ་མེས་རྡོག་མཚར་གསུམ་མི་ལ་སོགས་སུ་བརྒྱུད་བའི་ཆོས་སྲོལ་ཨེ་ཡོད་ཐེ་ཚོམ་ཟ་མོད། དེང་སང་བོད་ན་འཇུག་པའི་བཤད་སྲོལ་གང་ཡོད་འགོས་ཀྱི་ཆོས་རྒྱུད་དུ་མ་གྱུར་པ་མེད་ཅེས་པའང་བརྫུན་ཟེར་བར་མ་གྱུར་ཅིག་ དེ་མིན་པ་གསང་འདུས་འཕགས་ལུགས་ལ་མཁས་པ་པཎིྜ་ཏིའི་ལུགས་ཀྱི་རྒྱུད་པ་དང་། གྲུབ་ཐོབ་ཉམས་ཀྱི་བརྒྱུད་པ་དང་། མན་ངག་རིམ་ལྔ་དང་བཅས་པ་རྣམས་མཁས་པ་ཡེ་ཤེས་སྙིང་པོ་དང་། ནཱ་རོ་པཎ་ཆེན་ནས་མར་པ་ལ་བརྒྱུད་པ་གསང་འདུས་མར་ལུགས་སུ་གྲགས་པ་ཐམས་ཅད་དང་། གསང་འདུས་འཕགས་ལུགས་དང་ཡེ་ཤེས་ཞབས་

(༧༨༦)ལུགས་ཀྱི་དབང་རྒྱུད་མན་ངག་དང་བཅས་པ་གསེར་གླིང་པ་དང་། ཀུ་སུ་ལུ་ལ་སོགས་ནས་ཇོ་བོ་རྗེ། དེ་ནས་རོང་བ་འགར་དགེ། ལྷ་བྱང་ཆུབ་འོད་སོགས་ལ་བརྒྱུད་པ་རྣམས་ཏེ། ཇོ་བོ་ལུགས་དང་། གསང་འདུས་འཕགས་ལུགས་ཡེ་ཤེས་ཞབས་ལུགས་གཉིས་ཀྱི་དབང་དཀའ་བཤད་མན་ངག་རྣམས། རེ་ལྦིནྡྲ་པྲ་སོགས་ནས་ཆགས་ལོ་ཙཱ་བ་ལ་བརྒྱུད་པ་ཆག་ལུགས་སྐར་དང་ཡེ་ཤེས་ཞབས་ལུགས་གཉོས་ལོ་ནས་བརྒྱུད་པ་གཉོས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉན་ཆུང་ལོ་ཙཱ་ནས་ས་སྐྱ་པ་ལ་བརྒྱུད་པ་རྣམས་དང་། འཕགས་ལུགས་ཀྱི་དབང་བཤད་མན་ངག་དང་བཅས་པ་པཎ་ཆེན་ཤཱཀྱ་ཤྲཱི་ནས་ས་སྐྱ་པ་ལ་བརྒྱུད་པ་ས་ལུགས་རྣམས་ཐམས་ཅད་ལ་འགོས་ནས་བརྒྱུད་པ་འདོད་པ་གཅིག་ཀྱང་མ་མཐོང་ངོ། །རྒྱ་གར་པའི་བླ་མ་རྣམས་ཀྱིས་ངེད་རྒྱ་གར་དུ་རྫོགས་ཆེན་བྱ་བ་ཅེས་ཟེར་བ་སོགས་རྣམས་ཀྱང་བརྫུན་པོ་ཆེ་ལ་རྫུན་རྟགས་མང་ཞེས་པ་ལྟར་གྱི་བླ་མེད་རྣམས་སྤང་བར་མ་གྱུར་ཅིག་ །ས་སྐྱ་པཎ་ཆེན་གྱིས་འགོས་ཀྱི་འབྱམ་ཡིག་ཡི་རང་ཕུལ་ཟེར་ཡང་། རྫོགས་ཆེན་སོགས་ལ་སྨད་པ་ལ་ཕུལ་བ་མ་ཡིན་ཏེ། སྡོམ་གསུམ་རབ་དབྱེར་གསང་སྔགས་སྔ་འགྱུར་བ་རྣམས་འདི་བཞེད། ཕྱི་འགྱུར་བ་རྣམས་འདི་བཞེད་ཅེས་གསུངས་ཤིང་རྫོགས་ཆེན་བཀག་པ་མེད། ལྷ་བཙས་ཞེས་བྱའི་ལོ་ཙཱ་བ། །དེས་ཀྱང་ཆོས་ལོ།སུན་འབྱིན་པ། ཞེས་བྱའི་བསྟན་བཅོས་མཛད་ནས་ནི། །ཆོས་དང་ཆོས་མིན་རྣམ་པར་ཕྱེ། །ཞེས་བའི་རྗེས་སུ་ཆོས་ལོག་ངོས་བཟུང་པ་ནི། དེ་ནས་ཆོས་རྗེ་ས་སྐྱ་པ། །ཆེན་པོ་བཞུགས་བ་ཡན་ཆད་དུ། །ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས། །ཕྱིས་ནས་ཕག་མོའི་བྱིན་བརླབས་དང་། །སེམས་བསྐྱེད་རྨི་ལམ་མ་ལ་སོགས། །ཡི་དམ་སྒོམ་བ་དཀྲོང་བསྐྱེད་དང་། །དཀར་པོ་ཚིག་ཐུབ་ལ་སོགས་པ། །སངས་རྒྱས་བསྟན་དང་འགལ་བ་ཡི། ཆོས་ལོག་དུ་མ་དེང་སང་འཕེལ། །ཞེས་གསུངས་ནས་བཀའ་གདམས་པ། །དྭགས་པོ་བཀའ་བརྒྱུད་ཀྱི་འབྲི་སྟག་མ་ཚལ་འབྲུག་བ་རྣམས་ཀྱི་ཆོས་སུ་ལུགས་རྣམས་བཀག་བ་མ་གཏོགས་པ་རྫོགས་ཆེན་

(༧༨༧)བཀག་པ་ཡོད་མེད་དེའི་གསུང་རབ་རྣམས་གཟིགས་པས་གསལ་ལོ། །གཞན་ཡང་སྡོམ་གསུམ་ར་བ་དབྱེར་ས་སྐྱ་པཎ་ཆེན་གྱི་ཞལ་ནས། གཞན་ཡང་གསང་སྔགས་གསར་རྙིང་ལ། །བོད་ཀྱིས་སྦྱར་བའི་རྒྱུད་སྡེ་མང་། །དེ་འདྲེའི་རང་བཟོའི་མདོ་རྒྱུད་ལ། །མཁས་པས་ཡིད་རྟོན་མི་བྱའོ། །ཞེས་གསར་རྙིང་གཉིས་ཀ་ལ་རང་བཟོའི་མདོ་རྒྱུད་ཡོད་གསུང་བ་མིན་པ་སྒོས་སུ་རྫོགས་ཆེན་བཀག་པ་སོགས་བསྟན་བཅོས་དེར་མ་མཐོང་ཞིང་། ཁྱད་པར་ཁོང་རང་གིས་བོད་དུ་བསྒྱུར་བའི་ཆོས་ཐམས་ཅད་ཕལ་ཆེར་གསན་བའི་རྣམ་གྲངས་མཛད་པའི་སྐབས་སུ། སྡེ་སྣོད་གསུམ་དང་རྒྱུ་སྡེ་བཞི། །ཉན་བཤད་ཡོད་པ་ཕལ་ཆེར་ཐོས་པ། ཐོས་པ་དེ་དག་ཐམས་ཅད་ཀྱང་། །མིང་རྐྱང་ཙམ་དུ་མ་བཤག་གོ། བྱེ་བྲག་སྨྲ་དང་མདོ་སྡེ་པ། །སེམས་ཙམ་བ་དང་དབུ་མ་ཡི། །གདམས་ངག་ཇི་སྙེད་ཕལ་ཆེར་ཐོས། །དེང་སང་བོད་ལ་གྲགས་པ་ཡི། །ཞི་བྱེད་རྫོགས་ཆེན་གཅོད་ལ་སོགས། །ཞེས་སོགས་ནས། གཞན་ཡང་བོད་དང་རྒྱ་གར་ལ། །དེང་སང་གྲགས་པ་ཕལ་མོ་ཆེ། །བདག་གིས་ལེགས་པར་འབད་དེ་ཉན། །བསླབ་པ་དེ་དག་མིང་རྐྱང་མིན། །དེས་ན་བདག་ལ་ཕྱོགས་ལྷུང་མེད། །ཅེས་གསུངས་མོད། རྙིང་མ་རྫོགས་ཆེན་དགག་པ་ཡོད་མེད་ཐམས་ཅད་ཀྱིས་དགོངས་པ་ལྟར་ཡིན་ནོ། །ཆོས་རྗེ་ས་སྐྱ་པ་ཁུ་དཔོན་རྣམས་སྔར་རྫོགས་ཆེན་པའི་བརྒྱུད་བ་ཡིན་ནའང་། གྱིས་ཆོས་ལོག་ཡིན་པར་ཡིག་ནས་རྒྱབ་ཏུ་བསྒྱུར། ཞེས་ཟེར། བདེན་པ་ནི་མ་ཡིན་ཏེ། །དེ་ལྟ་ན་ཁྱོད་ཀྱིས་སྔར་ཆོས་ལོག་དྲི་མ་ཅན་དུ་སྨོས་པའི་མངའ་བདག་ཉང་གི་གཏེར་ཆོས་ཀྱིས་མཚོན་བཀའ་གཏེར་གྱི་ཆོས་སྐོར་གོང་མ་ལྔའི་གསན་ཡིག་ན་ཡོད་པ་དེ་མ་མཐོང་ནས་ས་སྐྱ་པ་ཡང་ལོག་རྟོག་གི་རྟོག་གེར་མངར་མ་མདར་སྦྲན་ནས་ཡབ་མེས་ཀྱོ་ཆོས་ལ་དམོད་པའི་དམ་ཉམས་ཀྱི་བཞུགས་གྲལ་དུ་མང་བསྒྲིག་ཅིག་ པདྨ་སམ་བྷ་ལྦའི་དངོས་སློབ་འཁོན་ཀླུ་དབང་བསྲུང་པ་དང་། ཆོ་འཇིན་གྱི་སྲས་པོ་རྡོ་རྗེ་རིན་ཆེན་ནས་བཟུང་སྟེ། དེའི་སྲས་ཤེས་རབ་ཡོན་ཏན། དེའི་སྲས་

(༧༨༨)ཚུལ་ཁྲིམས་རྒྱལ་པོ་དེ་བཞིན་དུ་རྡོ་རྗེ་གཙུག་གཏོར། དགེ་སྐྱབས། དགེ་མཐོང་། བལ་པོ། དེའི་སྲས་ཤཱཀྱ་བློ་གྲོས་ཞེས་བྱ་བ་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེ་ཐེག་པའི་གཞུང་ལུགས་བསླབས་ཤིང་ཁྱད་པར་དུ་སྔགས་རྙིང་མའི་རྡོ་རྗེ་ཐེག་པའི་གསང་བ་སྡེ་དྲུག་ལེ་ལག་བདུན། ཕྲ་མོ་ཉེར་གཅིག་གཙོ་བོར་བཟུང་ནས། སྤྱོད་པ་ལ་སོགས་ཀྱི་ཆོས་དྲུག་ཅེས་བྱ་བའི་མན་ངག་དང་ལྡན་ཞིང་། ཡང་དག་གྲུབ་པ་ཧེ་རུ་ཀ་ལྷ་དགུ་དང་། རྡོ་རྗེ་ཕུར་པའི་ཡི་དམ་གྱི་སྒོ་ནས་དངོས་གྲུབ་ཐོབ་པར་ཤ་སྟག་ཡིན། ཤཱཀྱ་བློ་གྲོས་ཀྱི་སྲས་གཉིས་ལ་གཅེན་པོ་ཤེས་རབ་ཚུལ་ཁྲིམས་ཀྱིས་ཡབ་མེས་ཀྱི་ཆོས་ཐམས་ཅད་ལ་སྦྱངས་ཤིང་། རྡོ་རྗེ་ཕུར་པའི་སྒོ་ནས་དངོས་གྲུབ་བརྙེས་ཏེ། མཐུ་དང་རྫུ་འཕྲུལ་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང་། ཚང་པར་སྤྱོད་པས་མཛེས་པར་བྱས་པ་ཡིན་ནོ། །དེའི་གཅུང་པོ་འཁོན་དཀོན་མཆོག་རྒྱལ་པོས་ཡབ་མེས་ཀྱི་ཆོས་ཐམས་ཅད་ཕལ་ཆེར་བ་ཞིག་གིས་ཚིམས་པར་མཛད་ནས། སྔགས་ཕྱི་འགྱུར་དར་བྱུང་བ་དང་། དེ་ལ་སྤྲོ་གཞིར་གཅེན་གྱིས་ཀྱང་བསྐུར་ཏེ། ཚུལ་ཁྲིམས། འབྲོག་མི་སོགས་ལ་ཀྱེ་རྡོ་རྗེ་ལ་སོགས་ཀྱི་རྒྱུད་འགྲེལ་མན་ངག་ཐམས་ཅད་ལ་སྦྱངས་སོ། །དེའི་སྲས་ས་ཆེན། དེའི་སྲས་བསོད་རྩེ། རྗེ་བཙུན་གྲགས་པ། དཔལ་ཆེན་འོད་པོ་རྣམས་དང་། དེའི་སྲས་ས་པཎ། བསོད་ནམས་རྒྱལ་མཚན་གཉིས། བསོད་ནམས་རྒྱལ་མཚན་གྱི་སྲས་འགྲོ་མགོན་འཕགས་པ། དེ་ཐམས་ཅད་ཀྱིས་ཀྱང་སྔགས་གསར་རྙིང་གཉིས་ལ་དུས་སྐབས་ཀྱི་དབང་གིས་དར་རྒྱས་ཆེ་ཆུང་ཙམ་མ་གཏོགས་པ། ཐོག་མར་ཡབ་མེས་ཀྱི་ཆོས་སྔགས་རྙིང་མ་ལ་སྦྱངས་ནས་གྲུབ་པ་བརྙེས་པར་མཛད་པར་ཅིང་། དེ་ནས་སྔགས་གསར་མ་ལ་ཐུགས་སྦྱོང་མཛད་པ་འབའ་ཞིག་ཡིན་ནོ། །ས་ཆེན། བསོད་རྩེ། རྗེ་བཙུན་གྲགས་པ་ཡབ་སྲས་རྣམས་ཀྱིས་ཀྱང་ཡང་ཕུར་སོགས་རྣམས་ལ་ཡིག་སྣ་མང་དུ་མཛད། ཆོས་རྗེས་པཎ་གྱིས་རྡོ་རྗེ་ཕུར་པའི་རྩ་རྒྱུད་ཀྱི་དུམ་བུ་ལ་པདྨ་འབྱུང་གནས་ཀྱི་རྒྱ་དཔེ་དང་མཐུན་པའི་གཞི་འགྱུར་མཛད། མདོར་ན་པདྨ་འབྱུང་གནས་ནས། །ཆོས་རྗེ་

(༧༨༩)འཇམ་པའི་དབྱངས་ཆེན་པོ་བསོད་ནམས་རྒྱལ་མཚན་ཡན་ཆད་ཀྱི་ས་སྐྱ་འཁོན་གྱི་གདུང་རབས་ཐམས་ཅད་ཀྱང་སྔགས་རྙིང་མ་ཡང་ཕུར་གྱི་གྲུབ་པ་བརྙེས་པ་ཤ་སྟག་ཡིན་པ་ལ་སུས་བསྙོན་དུ་ཡོད། དེ་ནས་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་ཡབ་མེས་ཀྱི་ཆོས་རྣམས་ནུབ་ཀྱིས་དོག་ནས། མཁས་པ་དཔལ་ལྡན་སེང་གེ་དང་། གནུབ་རིན་ཆེན་རྒྱལ་མཚན་རྣམས་ལས་ཡབ་མེས་ཀྱི་ཡང་དག་ཕུར་པ་རྣམས་ཀྱི་དབང་བཀའ་བཤད་བཀའ་རྣམས་གསན་ཞིང་། རྒྱུན་གྱི་ཐུགས་དམ་གྱི་རྩ་བར་མཛད་པ་དང་། རྒྱུད་ཀྱི་བསྡིས་དོན། སྒྲུབ་ཐབས་རྒྱས་བསྡུས་འབྲིང་གསུམ། དཀྱིལ་ཆོག་ལ་སོགས་ཡིག་སྣ་མང་དུ་མཛད་ཅིང་། དབུས་གཙང་གི་གདན་ས་རྣམས་དང་། ཆོས་རྫོང་། ལྷས། བསམ་ཡས་སོགས་རྣམས་སུ་ཕུར་པའི་སྒྲུབ་མཆོད་ཀྱི་སྲོལ་ཆེན་པོ་བཙུགས་ནས་ད་ལྟ་ཡང་མ་ཆག་པར་ལོ་དུས་བཞིན་སྒྲུབ་པར་ལ་སུས་བསྙོན། དེ་ནས་ཕྱིར་རྒྱབ་ཏུ་བསྒྱུར་ཞེས་ས་སྐྱ་པ་ལ་ཡང་སྐུར་འདེབས་ངན་པ་དེ་ལྟ་བུ་བྱས་ནས་ས་སྐྱ་པ་རྣམས་དྲི་མ་ཅན་དུ་མ་བསྒྱུར་ཅིག་ །རྗེ་བཙུན་མི་ལ། ཕག་མོ་གྲུབ། རྒྱལ་བ་འབྲི་གུང་པ་ལ་སོགས་པ་རྣམས་དང་པོར་མ་བརྟགས་ཆེན་རེ་གསན་ཡང་། ཕྱིས་མཁས་གྲུབ་ཏུ་གྱུར་ནས་ཆོས་ལོག་ཡིན་པར་མཁྱེན་ཅིང་ངན་སྐྱུགས་ལྟར་དོར་ཏེ་མ་ལ་ཡང་མ་གསུངས་པས་ད་ལྟ་ཡང་དེ་རྣམས་ནས་བརྒྱུད་པའི་བཤད་སྲོལ་མེད་ལོ། །བཤད་སྲོལ་དངོས་མེད་ཀྱང་དེ་དག་ཐམས་ཅད་ཀྱི་ལྟ་བའི་ཞེ་ཕུགས་རྫོགས་པ་ཆེན་པོ་ཁོ་ན་ལ་སྐང་དྲིལ་བར་མཛད་པའི་དགོངས་པ། ཁ་ཕྱིར་བལྟས་པ་ཁྱོད་ཀྱིས་གལ་གོ། །དེ་ལ་རྗེ་བཙུན་མི་ལས་དང་པོར་ཞུས་ནས། ཕྱིར་དོར་བའི་ལོ་རྒྱུས་མཚོར་ཞིང་། མགུར་མཛད་པ་རྣམས་སུ། རྫོགས་པ་ཆེན་པོས་མདུན་ནས་གཟེར། །ཕྱག་རྒྱ་ཆེན་པོས་རྒྱས་ནས་གཟེར། །ཁ་ནས་གདངས་ངག་ཁྲག་ལྟར་སྐྱུགས། །ཞེས་སོགས་དང་། རྗེ་བཙུན་གྱི་མཛད་པའི་བདེ་མཆོག་སྙན་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་དུ་སེམས་གསལ་སྟོང་རྟོག་བྲལ་ཕྱག་རྒྱ་ཆེན་པོ་དེ་ལ། ཕྱག་ཆེན་

(༧༩༠)པས་རྟོག་བྲང་ཟེར། རྫོགས་ཆེན་པས་ཆོས་ཉིད་ཟེར། ཕར་ཕྱིན་པས་སྟོང་ཉིད་ཟེར་ཞེས་སོགས་གསུང་པ་མིན་པ་བསྒྱུར་བར་གསུངས་པ་མི་སྣང་། ཕག་མོ་གྲུབ་པས་ཀྱང་དང་པོ་གསན་ནས་ཕྱིས་དོར་བའི་གཏམ་ཁོང་རང་གིས་གསུངས་པ་རྣམས་སུ་ནི་མི་སྣང་། ཁྱད་པར་ཉིད་ཀྱི་གསུངས་རྣམས་སུ། གསར་མའི་རྒྱུད་བཞི། རྙིང་མའི་ཐེག་པ་དགུ། ཞེས་སོགས་དེ་གཉིས་མཚུངས་པའི་རྒྱུ་མཚན་དང་བཅས་བ་མང་དུ་སྣང་བ་ལ་ཡང་བསྙོན་དུ་མེད་དོ། །རྒྱལ་བ་འབྲི་གུང་པས། ཁམས་ན་བཞུགས་པའི་དུས་ཆུང་དུ་ནས་རྫོགས་ཆེན་དང་། ཕུར་པ། འཇིགས་བྱེད་རྣམས་ལ་ཐུགས་དམ་མཛད། དུས་ཕྱིས་ཉིད་ཀྱི་བསྟན་བཅོས་སྡོམ་གསུམ་གནད་གཅིག་དང་། དགོངས་གཅིག་ལ་སོགས་པ་རྣམས་སུ་ཤེས་བྱེད་ལུང་དང་བཅས་པ་དཔག་ཏུ་མེད་པ་གསུངས་ཏེ། སྤྱི་བོ་ལ་སོགས་པའི་རྩ་འཁོར་ལོ་བཞིར་ཉོན་མོངས་བཞི་དག་པའི་བྲལ་འབྲས་ལ། སྔགས་རྙིང་མ་ལ་མཚོན་ན་སྤྱི་བོར་འཇམ་དཔལ་སྐུའི་ལྷ་ཚོགས་ལྟ་བུར་སངས་རྒྱས། མགྲིན་པར་པདྨ་གསུང་གི། སྙིང་གར་ཡང་དག་ཐུགས། ལྟེ་བར་མ་མོ་རྦོད་གཏོང་གི་ལྷ་ཚོགས་ལྟ་བུར་སངས་རྒྱས། ཞེས་སོགས་དང་། གཞན་ཡང་རྫོགས་ཆེན་གྱི་རྒྱུད་ལུང་དང་འདྲེན་སོགས་མཐའ་ཤིང་། ད་ལྟ་དེ་རྣམས་ནས་བརྒྱུད་པ་དེད་པ་མེད་པའི་དོན་ནི་ཆོས་ལོག་ཏུ་རིག་ནས་ཕྱིས་དོར་བའི་དོན་གྱིས་སོ་ཞེས་པ་ནི་གཏོལ་མེད་དོ། དྭགས་པོ་ལྷ་རྗེས་ཀྱང་སྔར་བཀའ་གདམས་པའི་གདམ་པ་ཞུས་པ་རྣམས་ཆོས་ལོག་ཏུ་རིག་ནས་ཕྱིས་དོར་བ་ཡིན་ནམ་སྟེ། བཀའ་གདམས་པའི་ཆོས་དྭགས་པོ་ལྷ་རྗེ་ནས་འདེད་པ་ཉུང་ཞིང་། མི་ལ་རས་བའི་ཆོས་བརྒྱུད་དེད་པ་ཤིན་ཏུ་ནས་དར་བའི་ཕྱིར་རོ། །ཕག་མོ་གྲུ་པའི་ཀྱང་དྭགས་པོ་ལྷ་རྗེ་དང་མཇལ་ཕྱིན་ཆད་ས་སྐྱ་པའི་རྒྱུད་གསུམ་མན་ངག་དང་བཅས་པ་རྣམས་ཆོས་ལོག་ཏུ་ཏིག་ནས་དོར་བ་འགྱུར་ཏེ། ད་ལྟ་ཁོང་ནས་བརྒྱུད་པ་མི་སྣང་བའི་ཕྱིར་རོ། །ཆོས་རྗེ་འཇིག་རྟེན་མགོན་པོ་འབྲིན་གུང་པས་ཀྱང་སྔར་ཐུགས་དམ་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱང་ཆོས་ལོག་ཏུ་རྟོགས་ནས་དོར་བར་འགྱུར་

(༧༩༡)ཏེ། ད་ལྟ་ཁོང་ནས་བརྒྱུད་པ་མི་སྣང་བའི་ཕྱིར་རོ། །དྭགས་པོ་བཀའ་བརྒྱུད་པའི་རྒྱལ་བ་ཡང་དགོན་པས་རྫོགས་ཆེན་དང་རྙིང་མའི་བླ་མ་མང་པོ་བསྟེན་ནས་སྔགས་རྙིང་མའི་བཀའ་གཏེར་མང་དུ་གསན། རྫོགས་ཆེན་བརྒྱུད་མཐའ་སོགས་ལ་ཡིག་སྣ་མང་དུ་མཛད། ཉམས་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པ་མཐའ་ཞིང་། གསུང་མ་གུར་རྣམས་སུ་ཡང་། ཆོས་ཐམས་ཅད་ནས་ཐམས་ཅད་དུ་བདེན་མོད་ཀྱང་། རྫོགས་ཆེན་ཞེས་པའི་སྒྲ་བོ་ཆེ། སྤྲང་གོ་བ་ལེན་ཕྱོགས་ཀྱང་དེ་ལབ་གྱིས། ཅིག་ཅར་གྱི་རྟོགས་པ་ཡང་དེ་ལས་འཁྲུངས། ཞེས་པ་དང་། གནས་ལུགས་ཉམས་སུ་ལེན་པའི་ཕྱག་རྒྱ་ཆེན་པོ་དང་གཅིག །ལམ་ཁྱེར་རྐྱེན་ལས་བྱེད་པའི་ཕ་རོལ་ཕྱིན་པ་དང་གཉིས། སྣང་རྐྱེན་ལམ་དུ་སྤོང་བའི་སྡུག་བསྔལ་ཞི་བྱེད་གསུམ། མཐར་ཐུགས་ཟད་སར་སྐྱེལ་བའི་རྫོགས་པ་ཆེན་པོ་དང་བཞི། འདི་བཞི་རྣལ་འབྱོར་བདག་གི་དམ་ཆོས་ལགས་པས། ཆོས་གཞན་གང་ལའང་འགྲམ་ཆུ་མི་ལྡང་བ་ལགས་སོ། །ཞེས་གསུངས་ནས་ཚད་མར་མཛད། དེས་ན་འཕྱོ་ན་མ་རོག་བཙལ་ཞེས་པའི་གདམས་པ་ལྟར། བཀའ་བརྒྱུད་དེ་རྣམས་ཀྱང་དྲི་མ་ཅན་དུ་མ་སྦྱོར་ཅིག་ །རྗེ་དུས་གསུམ་མཁྱེན་པ་སོགས་ཀརྨ་པ་རྗེས་འབྲངས་དང་བཅས་པ་ཐམས་ཅད་ཀྱིས་སྔགས་རྙིང་མ་རྫོགས་ཆེན་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཐུགས་དམ་མཛད་པ་འབའ་ཞིག་ཡིན་ཏེ། རྗེ་དུས་གསུམ་མཁྱེན་པས་ཀྱང་བཀའ་གདམས་པ་སྤོ་ཏོ་བའི་སློབ་མ། བླ་མ་བྲག་དཀར་བ་ལ་རྫོགས་ཆེན་ཨ་རོ་སོགས་རྫོགས་ཆེན་མང་པོ་གསན་ཞིང་ཐུགས་ཉམས་སུ་བཞེས། གྲུབ་ཆེན་ཀརྨ་པཀིྴ་ས་རྙིང་མའི་བླ་མ་ཁམས་ཀྱི་ཀཐོག་པ་བྱམས་པ་འབུམ་པ་ལ་བསྙེན་རྫོགས་དང་། རྫོགས་ཆེན་དང་རྙིང་མའི་མ་ཕུར་སོགས་རྣམས་ཞུས་ནས་ཐུགས་ཉམས་སུ་བཞེས། དེ་རྗེས་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་སྔགས་འཆང་དོ་ནག་པ། དབུ་རྩེ་བ། མཁས་གྲུབ་ཨོ་རྒྱན་པ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། གཉན་

(༧༩༢)རས། གནམ་ཐོག་པ་གཞོན་ནུ་འབུམ། ཀུ་མ་རཱ་ཛ་རྣམས་ལ་སྔགས་རྙིང་མའི་དབང་རྒྱུད་སྒྲུབ་དཀྱིལ་མན་ངག་མཐའ་ཡས་པའི་བཀའ་གཏེར་རྣམས་གསན་ནས་མཁས་ཤིང་ཐུགས་དམ་གྱི་སྙིང་པོར་མཛད་དེ། སྙིང་ཐིག་ཆེན་པོའི་ཡིག་ཆ་དང་། གཞན་ཡང་ཡིག་སྣ་སྒྲུབ་སྐོར་མང་དུ་མཛད་ཅིང་། ཉིད་ཀྱིས་མཛད་པའི་ཟབ་མོ་ནང་དོན། དམ་ཚིག་རྒྱ་མཚོ་ལ་སོགས་པའི་བསྟན་བཅོས་རྣམས་ཀྱང་དབང་དུ་མཛད་ནས་ལུང་དྲངས་ཏེ་ཟབ་མོ་ནད་དོན་གྱི་རྩ་དབུ་མ་ཆོས་ལྔ་ལྡན་ངོས་འཛིན་པའི་སྐབས་སུ། སྔགས་རྙིང་མའི་གཞུང་ལས། སྙིང་གར་དངས་མ་ལྔ་འདུས་ཀྱི་སེམས་ཞེས་གསུངས་པ་ཡང་འདི་ཁོ་ན་སྟེ། ཤའི་དངས་མ་རྩ་དབུ་མ་ལ། ཁྲག་གི་དངས་མ་ཨ་ཐུང་། རས་པའི་དྭགས་མ་ཧཾ། རླུང་གི་དངས་མ་སྲོག་རླུང་། དངས་མའི་དྭངས་མ་ནི་ཀུན་གཞིའི་རྣམ་ཤེས་སོ། །ཞེས་གསུངས་ཤིང་། རྩ་བ་ཐིག་ལེ་འཆད་པའི་སྐབས་སུ། ཐིག་ལེའི་དོན་ནི་ཐིག་ཅེས་པ་ཏིལ་ཀ་བདེ་བ་ཆེན་པོའི་སྙིང་པོའི་དོན་ཏེ། ལེ་ནི་སྣང་བ་དུ་མ་བརྡལ་བ་ཡིན་ནོ། །ཞེས་བི་མ་ལས་གསུངས་སོ། ཞེས་དང་། ཐ་མལ་གྱི་དུས་ཀྱི་ཤེས་པའི་གནས་སྐབས་བཤད་པའི་སྐབས་སུ། །དེ་ཡང་། ཐོག་མའི་ཀ་དག་འཁྲུལ་མེད་ལས། །ངེས་པ་མེད་པའི་ལྷུན་གྲུབ་གསལ། །འཁྲུལ་པ་མེད་པའི་སྦག་སྒོག་དེ། །མ་རིག་པ་ནི་གསུམ་དག་ལ། །ཤེས་པ་གསལ་གསལ་རིག་རིག་དེ། །ཡུད་ཙམ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་བདག་ཏུ་གཟུང་བའི་བློས། །རྐྱེན་བཞིའི་དམིགས་པ་མ་དག་པས། །ཡུལ་དྲུག་སོ་སོའི་སྣང་བ་ཤར། །ཉོན་མོངས་དྲུག་གིས་བདག་ཏུ་བཟུང་། །དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མའི་གཟུགས་འདུས་པའོ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུན་བཞིན་དུ་རྒྱུན་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་མཁས་པ་ཆེན་པོ་བི་མ་ལས་རྫོགས་པ་ཆེན་པོའི་དོན་བསྡུས་པའི་སྐབས་སུ་གསུངས་སོ། །ཞེས་དང་། ལུས་ཀྱི་རྩ་འཁོར་རྣམས་ལས་ལྷ་སྤྲོ་བའི་སྐབས་

(༧༩༣)སུ་སྤྱི་བོ་ནས་འཇམ་དཔལ་ལ་སོགས་པ་སྐུའི་དཀྱིལ་འཁོར་རྣམས་འབྱུང་བ་དང་། མགྲིན་བ་ནས་རྟ་མགྲིན་ལ་སོགས་གསང་གི་དཀྱིལ་འཁོར་དང་། སྙིང་ག་ནས་མི་བསྐྱོད་པ་དང་ཡང་དག་ལ་སོགས་ཐུགས་ཀྱི་དཀྱིལ་འཁོར་དང་། ལྟེ་བ་ནས་རིན་པོ་ཆེ་དང་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དང་། །གསང་གནས་ནས་དོན་གྲུབ་དང་ཕུར་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་དང་། ཡན་ལག་དང་སྐལ་ཚིགས་ལས་མ་མོའི་དཀྱིལ་འཁོར་དང་། དེའི་ཡན་ལག་ཏུ་འཇིག་རྟེན་པ་དང་དྲག་སྔགས་ལ་སོགས་པ་ཐམས་ཅད་ཀྱང་ལུས་ཀྱི་རྩ་རླུང་བྱང་ཆུབ་སེམས་ཀྱི་ཡན་ལག་ཏུ་རྒྱུད་མན་ངག་རྣམས་ནས་གསུངས་སོ། །ཞེས་དང་། གཞན་ཡང་ཉིད་ཀྱིས་མཛད་པའི་བསྟོན་བཅོས་མང་པོར་རྙིང་མའི་ལུང་དུ་དྲངས་ཏེ་ལེགས་པར་བཤང་པ་ཡིན་ནོ། གཞན་ཡང་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་སོགས་བསྐྱེད་རིམ་སྐོར་དང་། ལག་ཅིག་གི་ཆོ་ཀརྨར་བཞུགས་བའི་ཚེན་བི་མ་ལ་དང་མཇལ་ནས་རྫོགས་པ་ཆེན་པོའི་ཚིག་དོན་ཐམས་ཅད་བློའི་སྣང་བ་རྒྱས་ནས་སྙིང་ཐིག་གི་ཁྲིག་ཡིག་ལ་སོགས་བསྐྱེད་རྫོགས་ཀྱི་ཡིག་སྣ་མང་དུ་མཛད་ཅིང་། རྫོགས་ཆེན་སྙིང་ཐིག་འདི་ལ་པདྨ་འབྱུང་གནས་ནས་བརྒྱུད་པ་ཞིག་ཡོད་ན་འཐད་པ་ལ་དགོངས་པ་བྱུང་བ་ལ། ཕྱིས་པདྨ་ལས་འགྲེལ་རྩལ་གྱིས་གཏེར་ནས་བཏོན་ནས། དེའི་སློབ་མ་ལོ་སྟོན། སྤྲུལ་སྐུ་ལས་འབྲེལ་རྩལ་རྣམས་ཙ་རི་བོད་ཀླུང་དུ་སྦྱན་དྲངས་ནས་བཀའ་ལུང་ཞུས་ཤིང་། ཆོས་རྗེ་རང་བྱུང་ཉིད་ཀྱིས་ཨོ་རྒྱན་ལ་ཟླ་བ་གསུམ་གྱི་བར་དུ་གསོལ་བ་བཏབ་བས་དངོས་སུ་མཇལ་ནས་གནང་བས་ཨོ་རྒྱན་དང་ང་གཉིས་ཀྱི་བར་དུ་བརྒྱུད་པ་གཞན་ནཨ་འདེད་མི་དགོས་གསུངས་ནས། སྤྲེའུ་ལོ་ཟླ་བ་བཅུ་གཉིས་པའི་ཉེར་བརྒྱད་ལ་བདེ་ཆེན་སྟེང་དུ། རྟོགས་ལྡན་ཡེ་ཤེས་རྒྱལ་མཚན། སོག་པོ་ཡེ་ཤེས་རྒྱལ་མཚན། སློབ་དཔོན་རྒྱལ་མཚན། གཡུང་རྡོ་རྗེ་དཔལ། སྨན་ལུང་གི་སྤྲུལ་སྐུ་ཤཱ་ག་གཞོན། འཇམ་དཔལ་བརྩོན་འགྲུས་སེང་གེ་རྣམས་ལ་གནང་ནས། འདི་ལྟ་བུའི་ཆོས་ནུབ་པར་འཕགས་པས་སློབ་དཔོན་རྡོ་རྗེ་དཔལ་

(༧༩༤)གྱིས་གཙང་ཕྱོགས་སུ་དར་བར་གྱིས། སློབ་དཔོན་རྒྱལ་མཚན་པས་རུ་མཚམས་སུ་དར་བར་གྱིས། ཡེ་ཤེས་རྒྱལ་བས་ཀོང་པོ་དང་ཁམས་སུ་དར་བར་གྱིས། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག་ལ་དར་བར་གྱིས། སྤྲུལ་སྐུ་པས་དབུས་སུ་དར་བར་གྱིས། འཇམ་དཔལ་བརྩོན་འགྲུས་སེང་གེས་གཞན་ཕན་མི་ཡོང་བས་ཁྱོད་རང་གསོལ་བ་ཐོབ་ལ་ཉམས་སུ་ལོངས་གསུངས་ནས། དེ་ཙམ་པའི་ཐུགས་གཅིག་ས་མཛད་ནས། ཐུགས་དམ་གྱི་ཡང་གཙོ་བོ་དང་རབ་མཆོག་མཛད་པ་ལ་ལག་ཤེས་ཅན་མིན་པར་བསྙོན་དུ་མེད་དོ། །དེ་ནས་རང་བྱུང་རྡོ་རྗེས་ཀྱང་རྫོགས་ཆེན་པ་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་དུ་ཟོལ་གྱིས་ཁ་འཛིན་བྱས། ཞེས་སོ། འཛམ་གླིང་རྒྱན་གཅིག་རང་བྱུང་རྡོ་རྗེ་དྲི་མ་ཅན་དུ་བྱེད་པ་ནི་མི་འཚམས་པའི་གཏམ་མོ། །དེས་ན་རྫོགས་ཆེན་ཆོས་མིན་ཡིན་པའི་གཏན་ཚིགས་ཀྱིས་ཡིན་ན། རང་བྱུང་རྡོ་རྗེས་བོན་པོ་རྣམས་ཀྱི་སེམས་འཛིན་པའི་ཕྱིར་བོན་དང་། མི་དགེ་བ་ཐམས་ཅད་ཀྱི་སེམས་པའི་ཕྱིར། མི་དགེ་བ་ཐམས་ཅད་ཀྱང་བྱེད་དགོས་པར་འགྱུར་རོ། །དེ་རྗེས་ཆོས་རྗེ་རོལ་པའི་རྡོ་རྗེ་འཛམ་གླིང་ཆོས་ཀྱི་གྲགས་བས་ཀྱང་། གཡུང་སྟོན་ཆོས་རྗེ། ཡེ་རྒྱལ་བ་ལ་སོགས་པ་རྣམས་བསྟེན་ནས་མདོ། སྒྱུ་འཕྲུལ། སེམས་ཕྱོགས་སོགས་སྔགས་རྙིང་མ་བཀའ་གཏེར། རྫོགས་ཆེན་གྱི་ཆོས་སྐོར་ཆོས་མཐའ་ཡས་བ་རྣམས་ལ་ཐོས་བསམ་སྒོམ་གྱིས་ཐུགས་དམ་གྱི་ཡང་གཙོ་བོར་མཛད་ཅིང་། ཀརྨར་བཞུགས་པའི་དུས་ཀྱི་ཚེ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་དགོངས་པ་མཐར་ཐུག་པ་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་རྟོགས་པ་མངོན་དུ་གྱུར་ཏེ་མགུར་གསུངས་པ། རང་སེམས་སྙིང་པོ་སྟོང་གསལ་ཀུན་ཏུ་བཟང་། །གདོད་ནས་དག་པ་རྫོགས་པ་ཆེན་པོའི་དབྱིངས། །གཞི་ལྔའི་གདངས་ལ་རང་གསལ་ཀུན་ཏུ་ཁྱབ། །འོད་ལྔའི་གདངས་ལ་རང་གསལ་མཉམ་པར་གཞག་ །གཉིས་འཛིན་རྟོག་བྲལ་མ་འཁྲུལ་དངས་མའི་སེམས། །ཕྱི་ནང་སྣང་བ་རང་གྲོལ་ཆོས་ཀྱི་སྐུ། །གནས་

(༧༩༥)ལུགས་རྟོགས་པ་འབྲས་བུ་ཀུན་ཏུ་བཟང་། །མ་རྟོགས་སེམས་ཅན་འཁོར་བའི་རྒྱ་མཚོར་འཁྱམས། །ཞེས་སོགས་དང་། རྒྱ་ཡུལ་དུ་བྱོན་དུས་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་གསང་བ་སྙིང་པོ་འདི་ནུབ་པར་ཕངས་པས་གསུངས་ནས་རྒྱུད་འགྲེལ་རྒྱལ་བ་གཡུང་སྟོན་གྱི་མཛད་པ་ལ་ཆ་ལག་དང་བཅས་པ་བར་དུ་བརྐོས་ཏེ་སྟོང་ཕྲག་གཅིག་བཏབ་ནས་རྒྱ་ཧོར་བོད་ཀྱི་མདོ་དབུས་ཀུན་ཏུ་ཆོས་སྦྱིན་མཛད་ནས་ཐམས་ཅད་ཀྱི་གཤམ་དུ། ན་མ་ཤྲཱི་བཛྲ་ས་ཏྭཡ། རྒྱལ་བ་གང་ཞིག་རྣམ་གསུམ་སྲིད་པའི་རྟེན་འབྲེལ་ལས་འདས་རྣམ་འཕྲུལ་རྒྱ་མཚོའི་དཔལ་ལྡན་མཁའ་ཁྱབ་ཀུན་ཏུ་སྣང་བའི་སྐུ། ཞེས་སོགས་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པ་དང་། དཔལ་ལྡན་མཆོག་ཏུ་གསང་པ་བླ་མེད་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་ཟབ་དོན་མཐར་ཐུག་གྱུར་པ་གསང་བ་སྙིང་པོའི་རྒྱུད། ཇི་བཞིན་གསལ་བྱེད་དགོངས་འགྲེལ་དུ་མའི་དོན་སྟོན་རྣམ་བཤད་ཡོན་ཏན་རྒྱ་མཚོ་མངའ་བ་བཛྲ་ཤྲི་ཡིས་རབ་གསལ་མཛད་པ་འདི། ཚད་མེད་ཀུན་ཏུ་འགྲོ་ལ་ཕན་པར་བྱ་ཕྱིར་ཕུན་ཚོགས་བསོད་ནམས་རྒྱ་མཚོའི་དཔལ་འབར་མི་དབང་སྲས་པོ་ཨ་སུ་ཏ་ར་ཡིས། །རྨད་བྱུང་ལྷག་བསམ་མཐུ་ཡིས་བར་དུ་ལེགས་བསྒྲུབས་ཆོས་སྦྱིན་དགེ་བ་རྒྱ་མཚོ་དེ་ཡིས་མཁའ་མཉམ་འགྲོ་ཀུན་མྱུར་དུ་བྱང་ཆུབ་ཤོག་ །ཅེས་སོགས་མཛད་ཅིང་། རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་མཛད་པའོ། །དེས་ན་དྭགས་པོ་བཀའ་བརྒྱུད་པ་ཡང་ཐམས་ཅད་ཀྱིས་དཔང་དང་ཚད་མར་མཛད་པ་ལ་ཕྱོགས་ཞེན་དང་ལོག་རྟོགས་ངན་པའི་དབང་གིས་ཁ་གཡར་ནས་དམ་པའི་ཆོས་དང་། དྭགས་པོ་བཀའ་བརྒྱུད་པ་ལ་སོགས་པའི་གང་ཟག་ཆེན་པོ་ཐམས་ཅད་ཀྱང་དྲི་མ་ཅན་དུ་བྱས་པའི་གཏོལ་མེད་ཀྱི་ཚིག་པ་རྒྱུས་མེད་པའི་བློ་ཆུང་རྣམས་ཀྱང་མགོ་འཁོར་ནས་བདེན་འཛིན་བྱེད་པ་ནི་སྙིང་རྗེའི་གནས་ཡང་དག་པའོ། །ཤངས་པ་བཀའ་བརྒྱུད་པ་ཡང་། མཁས་གྲུབ་ཁྱུང་པོ་ནས་བརྩམས་ཏེ། སངས་རྒྱས་སྟེན་པ། མཁས་གྲུབ་ཆོས་རྗེ། ཤངས་སྟོན། ཨ་སེང་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་རྫོགས་ཆེན་དང་། རྙིང་མ་

(༧༩༦)ལ་ཐོས་བསམ་སྒོམ་གསུམ་མཛད་པ་འབའ་ཞིག་ཡིན་པ་ནི་སོ་སོའི་རྣམ་ཐར་ལོ་རྒྱུས་རྣམས་ལ་ཆེས་གསལ་ལོ། །བཀའ་གདམས་པའི་བླ་མ་རྣམས་ཀྱང་རྫོགས་ཆེན་སྙན་བརྒྱུད་ལ་ཐུགས་དམ་མཛད་པ་ཆེས་མང་སྟེ། ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་མདོ་སྡེ་དཀོན་མཆོག་སྤྲིན་ནས་དགེ་སློང་མཐའ་འགྲེལ་གཞོན་ནུ་ནས་ལུང་བསྟན་པའི་སྐྱེས་ཆེན་དེ་ལ་ཐུགས་ཀྱི་སྲས་བཞི་ཡོད་པའི་གཅིག་ཅོག་རོ་བཟང་དཀར་མཛོད་ཁུར། དེས་རྡོག་ལེགས་པའི་ཤེས་རབ། །དེས་དགེ་སློང་ཆོས་ཀྱི་ཤེས་རབ། གཞན་ཡང་བཀའ་གདམས་པའི་སྦོ་ཏོག་ །དེའི་སློབ་མ་གྲ་པ་གྲག་དཀར་བ་ལ་སོགས་ཆེས་མང་བ་རྣམས་ཀྱིས་རྫོགས་ཆེན་སྙན་བརྒྱུད་ལ་ཐོས་བསམ་སྒོམ་གསུམ་མཛད་པ་འགལ་ཞིག་ཡིན་ཞིང་། ཇོ་བོ་རྗེ་ལ་སྙེ་ཐད་དུ་བོད་སྟོན་རྣམས་ཀྱིས་དང་པོ་བོད་དུ་བརྩམས་པའི་བསྟན་བཅོས་འགའ་གཟིགས་ཕུལ་བས་གཞན་མ་ཉེས་ཚོར་མ་མཛད། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་མཛད་པའི་ཐེག་ཆེན་རྣལ་འབྱོར་བྱ་བའི་བསྟན་བཅོས་ལ་མཉེས་ཏེ། ཚིག་སྙན་དང་གདམས་ངག་ཆེ། ལས་འབྲས་བཞི་བ་དོན་ཟབ་ལ་རྒྱ་ཆེ་བ་འདུག་གསུངས་སོ། །དེས་ན་བཀའ་གདམས་པའི་དམ་པ་རྣམས་ཀྱང་དྲི་མ་ཅན་དུ་མ་བསྒྱུར་ཅིག་ །མ་གཅིག་ཁ་གྲོན་སོགས་གཅོད་ཀྱི་བཀའ་བརྒྱུད་རྣམས་ཀྱིས་ཀྱང་རྫོགས་ཆེན་ལ་ཐོས་བསམ་སྒོམ་གསུམ་མཛད་པ་འབའ་ཞིག་ཡིན་ཏེ། མ་གཅིག་གིས་ལྷུ་མཁར་གྱི་དགེ་བཤེས་སྤྱན་སྟོན། བླ་མ་ཡང་རྩེ་བ། སྐྱོ་སྟོན་བླ་མ་རྣམས་ལས་མདོ་སྒྱུ་འཕྲུལ། རྫོགས་ཆེན་སེམས་སྡེའི་སྐོར་རྣམས་གསན། ཁྱད་པར་དུ་སྐྱོན་སྟོན་ཤཱཀ་ཡེའི་སློབ་མ་མ་གཅིག་ཉིད་ཨ་ནེ་མོ་ཁེར་སྒོམ་ཞིག་མོ་བྱ་བ་ལ་མཁས་པ་ཉེར་ལྔའི་གདམས་པ་རྫོགས་པ་ཆེན་པོ་ཉོན་མོངས་ཚིག་ཆོས་བྱ་བ་ལ་གཙོ་བོར་ཉམས་ལེན་མཛད་ནས། ཉིད་ཀྱི་བསྟན་བཅོས་རྣམས་སུ་ཡང་། །ཕྱག་ཆེན་བློ་ལས་འདས་པར་རིག་ །རྫོགས་ཆེན་ཡི་དག་ཆེན་པོར་རིག་ ་།ཅེས་དང་། སྲས་ཀྱིས་ཡུམ་ལ་བསྟོད་པར། །མ་རྟག་

(༧༩༧)ཆད་བའི་མཐའ་ལ་མི་འཇིགས་པའི། །བཀའ་རྫོགས་ཆེན་པོའི་སྒོ་རུ་ཞུགས། །ཐེག་དམན་ལོག་ལྟ་ཟིལ་གྱིས་གནོན། །ཆོས་ལྟ་བའི་ཕུ་ཐག་ཆོད་པའི་མ། །ཞེས་སོགས་མང་བས་བཀའ་བརྒྱུད་དེ་རྣམས་ཀྱང་དྲི་མ་ཅན་དུ་མ་སྦྱོར་ཅིག་ །མཁས་པའི་དབང་པོ་བཅོམ་ལྡན་རལ་གྲི་དང་། དབུས་པ་བློ་གསལ་དང་། ཆོས་གྱི་རྗེ་ཀུན་མཁྱེན་ཆེན་པོ་ཡབ་སྲས་རྣམས་དང་། ཆོས་རྗེ་བུ་སྟོན་ཡབ་སྲས་དང་། ཆོས་རྗེ་བསོད་ནམས་རྒྱལ་མཚན་ལ་སོགས་པས་བོད་དུ་འགྱུར་རོ་རྩོད་གི་བཀའ་བསྟན་བཅོས་རྣམས་བསྡུས་ནས་དག་མ་གག་ཕྱེ་བའི་དཀར་ཆབ་རྣམས་ནས་རྫོགས་ཆེན་ཀྱི་རྒྱུད་གཞུང་ཐམས་ཅད་མི་གྲལ་ནས་ཕྱི་ཕྱུང་བ་ལྟར་ཕུད་པས་རྒྱུད་རྣམས་རྒྱུད་འབུམ་དུ་མ་ཚུད། མདོར་ན་བཀའ་བསྟན་བཅོས་གང་ཡང་བསྟན་འགྱུར་དུ་མ་ཚུད་པས་ཆོས་མ་ཡིན་བའི་གྲངས་ལ་བཏང་སྙོམས་སུ་བཞག་ །བསྟན་པའི་བདག་པོ་རྟ་ཀུན་དགའ་དཔལ་གྱིས་ཀྱང་འབྱམས་ཡིག་བཏང་ལོ། །ལར་འབྱམས་ཡིག་ཙམ་ལ་རྒྱུ་མཚན་མེད་དེ། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་བོང་མ་ཡིན་སྨྲས་པ་རྒྱ་གར་དུ་བི་ཀྲ་མ་ཤཱི་ལའི་དགེ་འདུན་རྣམས་གྱིས་དག་འདོན་བྱེད་པ་དང་། པོ་ཏིའི་འཆར་བརྫུན་ཡིན་ཟེར་བ་མཁས་པར་གྲགས་པ་ཐམས་ཅད་ཀྱི་གཞུང་ལ་ཐལ་འགྱུར་འགོད་པ་པོ་དོང་པས་དེའི་ཁུངས་བསྒྲགས་པ་དང་། རྒྱ་དཔེ་མེད་ཟེར་བ་ལ་རྒྱད་དཔེ་རྙེད་ནས་རྫུན་ཁུངས་བརྟོལ་བ་སོགས་བཤད་ཀྱིས་མི་ལྡང་པ་ཡོད་དོ། །དེ་ལ་བརྗོད་པར་བྱ་སྟེ། བཅོམ་ལྡན་རལ་གྲིས་རྙིང་མའི་རྒྱུད་ཕུད་པའི་བཤད་པ་བསྟན་རྒྱར་ཆེ་ཆུང་གར་ཡང་མ་སྣང་ཞིང་ཁྱད་པར་དུ་རྒྱུད་རྒྱལ་ཟབ་མོ་དཔལ་གསང་བ་སྙིང་པོ་ལ། གོས་ལྷ་བཙས་བ་སོགས་པས་སྒྲོ་སྐུར་བྱས་པ་དེ་སྤང་བར་བྱ་སྟེ། འདི་རྒྱུད་ཡང་དག་ཡིན་པའི་རྒྱུ་མཚན་ནི། །དཔལ་གསང་བ་འདུས་པའི་འགྲེལ་ཆེན་སློབ་དཔོན་བི་ཤྭ་མི་ཏྲ་ས་མཛད་པར་གསང་སྙིང་གི་ལུང་རྣམས་དྲངས་པ་དང་། ལོག་པའི་སྐྱོན་བཞི་ལ་སོགས་འགལ་སྤོང་རྣམས་མཛད་ནས་ཚད་མར་བསྒྲུབས་པ་ལ་སུས་ཀྱང་བསྙོན་དུ་མེད་དོ། །གུད་དུ་ཕུད་པས་སྐྱོན་ཆེ་ན། དུས་འཁོར་འགྲེན་ཆེན་

(༧༩༨)རྣམས་ཕྱི་ནང་གང་ཡིན་མ་ངེས་པས་པུ་སྟི་གུད་དུ་བྱས་ཞེས་གསུངས་མོད། དབུས་པ་བློ་གསལ་གྱིས་བཀའ་བསྟན་འགྱུར་གཉིས་ཀའི་དཀར་ཆག་ཏུ་རྙིང་མའི་རྒྱུད་འགྲེལ་རྣམས་ཕུད་བའི་བཤད་པ་མེད། ཁྱད་བར་དུ་རྒྱུད་འབུམ་དུ་སྒྱུ་འཕྲུལ་སྡེ་བརྒྱད། མདོ་དགོངས་འདུས། རྡམ་གློག་ །ཀུན་འདུས། ཀུན་བྱེད་རྒྱལ་པོའི་རྒྱུད་སྔ་ཕྱི་གསུམ་དང་བཅས་པ་སོགས་རྣམས་འགྱུར་བྱང་དང་བཅས་ཏེ་བཞེངས་ནས་དྲི་མ་མེད་པའི་དཀར་ཆགས་མཛད་དོ། །རྒྱུད་ཚད་མ་ཡིན་མིན་སོགས་ཀྱི་དབྱེ་བ་ཕོ་བྲང་ཞི་བ་འོད་སོགས་ཀྱིས་མཛད་ཟིན་ཀྱང་། ཁོ་བོ་ནི་ཆོས་ཀྱི་མཚན་ཉིད་གང་ལ་ཡོད་མེད་དག་ །མི་ཤེས་མཐོང་བ་མེད་ཕྱིར་རྒྱུ་བཞི་ཡིས། །རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེ། །ཆོས་ལ་ཉེས་སྨོང་ཐུབ་པའི་གཞུང་ལས་བཀག་ །ཅེས་འབྱུང་བའི་དོན་ལ་བསམས་ནས་དབྱེ་བ་མ་གསུངས་སོ། །དེ་ནས་སྐྱེས་བུ་དམ་པ་དེ་དཔོན་སློབ་ཀྱང་འཕྱོན་མའི་གྲོགས་ལྟར་མ་སྤྲན་ཅིག་ །ཆོས་རྗེ་ཀུན་མཁྱེན་ཆེན་པོས་ཐོག་མར་བླ་མ་བྱང་ཆུབ་སེང་གེ་དང་། སྲས་ཀྱི་ཐུབ་བོ་སྟག་གཤམ་པ་ཚུལ་ཁྲིམས་བཟང་པོའི་དྲུང་དུ། དཔལ་ཡང་དག་ཧེ་རུ་ཀ། རྡོ་རྗེ་ཕུར་པ་ལ་སོགས་པའི་སྔགས་རྙིང་མའི་དབང་རྒྱུད་སྒྲུབ་སྐོར་མང་དུ་གསན་ནས་ཐུགས་སུ་ཆུད། དུས་ཕྱིས་རས་པ་ཤཱཀ་འབུམ། མཁན་ཆེན་འཛིམ་པ། ཆོས་རྗེ་ཡོན་ཏན་རྒྱ་མཚོ། བྱང་སེམས་རྒྱལ་ཡེ། མཁས་མཆོག་སྐྱི་སྟོན་འཇམ་དབྱངས་རྣམས་ལས་སྔགས་རྙིང་མ་བཀའ་གཏེར་གྱི་སྒྲུབ་སྐོར། རྫོགས་ཆེན་གྱི་སྐོར་ལ་མཐའ་ཡས་པ་ཞིག་གསན་ནས་མཁས་བར་མཁྱེན། ཐུགས་ཉམས་སུ་བཞེས། མཁས་མཆོག་སྐྱི་སྟོན་ལ། གྲུབ་ཐོབ་འདར་ཕྱར་གྱིས་གཏེར་ནས་བཏོན་པའི་རྟ་མགྲིན་ཡང་གསང་ཁྲོས་པ་གསན་ནས་ཐུགས་དམ་མཛད་པས་རྟ་མགྲིན་དང་ཨོ་རྒྱན་གུ་རུ་གཉིས་ཀྱི་ཞལ་གཟིགས་ཏེ། སྐུ་འབུམ་འཛམ་གླིང་གྱི་སྲོག་ཤིང་ཨོ་རྒྱན་གྱིས་བཅུགས་བར་གཟིགས། སྐུ་འབུམ་གྱི་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྷ་ཁང་གཅིག་གུ་རུའི་ལྷ་ཁང་དང་། གཅིག་རྟ་མགྲིན་ཞལ་གཟིགས་ཀྱི་

(༧༩༩)ལྷ་ཁང་མཛད། རྟ་མགྲིན་དེ་ཉིད་བུ་ཆེན་གཞན་ལའང་སྤེལ་ཏེ། ཕྱོགས་ལས་རྣམ་རྒྱལ། མཁན་ཆེན་རིན་ཚུལ། ཆོས་རྗེ་བྱང་སེང་། ཇོ་ནང་ལོ་ཙཱ། ཞང་སྟོན་བསོད་ནམས་གྲགས། ཉད་བོན་ཀུན་དགའ་དཔལ་རྣམས་ཀྱིས་ཀྱང་ཐུགས་དམ་མཛད་ཅིང་། སྒྲུབ་དཀྱིལ་གྱི་ཡིག་སྣ་མང་པོ་མཛད། མངའ་བདག་ཉང་དང་གུ་རུ་ཆོས་དབང་གཉིས་ཀྱི་གཏེར་ཁ་གོང་འོག་ཅེས་གསུངས་ཤིང་། ཁྱད་པར་གུ་རུ་ཆོས་དབང་ནི་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་ཞེས་བསོད་བསྐུར་བ་སྔགས་བ་ཆེན་པོ་མཛད་རྣམས་ཉིད་ཀྱི་བཀའ་འབུམ་རྣམས་སུ་གསལ་མོད། དེས་ན་ཆོས་རྗེ་ཀུན་མཁྱེན་ཆེན་པོས་བཀའ་བསྟན་འགྱུར་གཉིས་བཞེངས་པའི་གཏམ་ཡང་མི་སྣང་བས་ཕུད་པ་སོགས་ཀྱི་གཏམ་ནི་འཕྱོན་མའི་གྲོགས་དང་འདྲ་བ་མ་ཡིན་ན་མ་དེའི་སློབ་མ་ཇོ་ནང་ལོ་ཙཱ་ས་རྒྱུད་འབུམ་གཅིག་བཞེངས་འདུག་པའི་ནང་དུ་ནི། རྙིང་མ་ཕུང་པའི་གཏམ་མི་སྣང་ལ། ཁྱད་པར་དུ་ཕུར་པའི་རྒྱུད་ནད་དུ་བཞེངས་པར་སྣང་། གསར་མའི་ཕྱག་རྡོར་གྱི་སྐོར་མང་པོ་དང་། ཀྱེ་རྡོར་གྱི་གསང་བ་མཛོད། བདེ་མཆོག་ར་ལི་ཉེར་བཞི་པོ་ཐམས་ཅད་རྒྱུད་རྫུན་མ་ཡིན་ཞེས་ཐམས་ཅད་ཕུད་དོ། །ཆོས་རྗེ་ཕྱོགས་རྒྱལ། ཆོས་རྗེ་བྱད་སེང་བ། མ་ཏི་པཎ་ཆེན། ཇོ་ནང་ལོ་ཙཱ། ཞང་སྟོན་བསོད་གྲགས་སོགས་བུ་ཆེན་རྣམས་ཀྱིས་ཀྱང་རྫོགས་ཆེན་དང་རྙིང་མ་རྣམས་ལ་ཐོས་བསམ་སྒོམ་གསུམ་མཛད་པ་མིན་པ། དེ་བས་ཕུད་པ་ལ་སོགས་རྣམས་ནི་ལྷ་ནུབ་བདེན་བྲལ་གྱི་ཚིག་གོ། །དེས་ན་ཀུན་མཁྱེན་ཡབ་སྲས་ཀྱིས་ཀྱང་ཆོས་གྲལ་ནས་ཕུད་ཅེས་དེ་ཡབ་སྲས་ཀྱང་འཕྱོན་མའི་གྲོགས་ལྟར་མ་སྤྲན་ཅིག་ །ཆོས་རྗེ་བུ་སྟོན་གྱིས་ཀྱང་ཉིད་ཀྱི་མེས་པོ་ལ་རྫོགས་ཆེན་སེམས་ཀློང་སྐོར་དང་། མདོ་སྒྱུ་འཕྲུལ་ལ་སོགས་བཀའ་གཏེར་མང་པོ་གསན་ནས་བསྙེན་སྒྲུབ་ཀྱང་མང་དུ་མཛད་ཅིང་། །ནུས་པ་ཐོན་ནས་མེས་པོའི་ཚབ་མཛད་ཚུལ་དང་། བད་སྟོང་གི་སྟེང་ན་གུ་རུ་ཤཱཀྱ་སེང་གེ་གཙོ་བོར་གྱུར་བའི་མཚན་བརྒྱད་ཞལ་གཟིགས་ཚུལ་

(༨༠༠)དང་། རྙིང་མའི་ཕྱོགས་ལ་པཎིྜ་ཏ་གསུམ་པར་གྲགས་པ་རོང་གནུབས་ཁུ་ལུང་པ་ནས་བརྒྱུད་པ་མ་ལུས་པ་གསན་ཞེས་སྒྲ་ཚད་པས་རྣམ་ཐར་དུ་གྲིས་ན་ཁ་ཅིག་བཏང་སྙོམས་སུ་བཞག་ཚུལ་གཞན་ངོ་སྲུང་བ་ཙམ་སྟེ། ཁོ་བོའི་གླུ་མ་ཐར་པ་ལོ་ཙཱ་བ་དང་། རིག་རལ་ལ་སོགས་པས་བལ་ཡུལ་དང་། བསམ་ཡས་སོགས་ནས་རྒྱ་དཔེ་རྙེད་པས་རྒྱུད་ལེགས་ཞེས་གསུངས། དེ་ལས་གཞན་པའི་རྙིང་མ་ལ་སྐྱོན་ཅན་དུ་གཟིགས་ནས་བཀའ་བསྟན་འགྱུར་གཉིས་ནས་ཕུད་བཅས་པའི་གུད་དུ་མི་སྣང་། གསར་མའི་རྒྱུད་མང་པོ་ལ་ཐེ་ཚོམ་གྱི་གཞི་དང་རྒྱུད་བརྫུན་པར་བྱས་ནས་ཕུད་པ་མང་ཞིང་རྡོ་རྗེ་ཕུར་པའི་རྒྱུད་ནི་ཁྱད་པར་ནང་དུ་བཞེངས་ཤིང་། འདི་ལྟ་བུའི་ནང་བརྗོད་བྱས་བ་མ་མཐོང་ཞིང་མཚོར་བས་དེ་དྲི་མ་ཅན་དུ་མ་བསྒྱུར་ཅིག་ །ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་བསྟན་འགྱུར་བཞེངས་ཀྱང་དེའི་ནང་ནས་རྙིང་མའི་བསྟན་བཅོས་རྣམས་ཕུད་བའི་གཏམ་མི་སྣང་བས་གོང་དུ་བརྗོད་བ་ལྟར་དུ་ཆོས་རྗེ་བ་ཡང་འཕྱོན་མའི་གྲོགས་ལྟར་མ་སྦྲན་ཅིག་ །བསྟན་པའི་བདག་པོ་ཉ་ཀུན་དགས་ཀྱང་བསྟན་བར་དགོངས་ཤིང་འབྱམ་ཡིག་བཏང་བ་ངོ་མཚར་ཆེ་སྟེ། དེ་བས་ཀྱང་འདུས་འཁོར་ལ་སོགས་པ་སེམས་འགྲེལ་སྐོར་གསུམ་པོ་ཐམས་ཅད་བཀའ་མིན་དང་ཆོས་མིན་དུ་སྒྲུབ་པ་འདི་ལ་འབྱམ་ཡིག་ཅིག་བཏང་ནས་དག་མ་དག་གི་ཤན་མི་དབྱེ་བ་ཅི་ལགས་སྙམ་ནས་ཡིད་གཉིས་སུ་གྱུར་པ་དགོངས་མཛོད་ཅིག་ །ད་ལྟ་བོད་འདིར་བསྒྲིགས་པའི་རྒྱུད་འབུམ་དང་བསྟན་འགྱུར་རྣམས་ནི་ཕལ་ཆེ་ཕྱོགས་ཞེན་ཅན་ཁ་ཅིག་གིས་ནི་ཕྱོགས་རེ་བྲིས་པ་ཡིན། ཁ་ཅིག་གིས་སོ་སོར་གུད་དུ་བྲིས་ཕྱོགས་མེད་རིས་མེད་ཀྱི་དད་པ་ཅན་ཤེས་རབ་གཟུ་བོར་གནས་པ་ཐམས་ཅད་དང་། གཞན་ཡང་ས་སྐྱ་པ་ཡབ་སྲས་རྣམས་དང་། སྔོན་གྱི་བཀའ་གདམས་པ་རྣམས་དང་། འབྲི་སྟག་མཚུར་གསུམ་མ་ཚལ་པ་ལ་སོགས་དྭགས་པོ་བཀའ་བརྒྱུད་པ་རྣམས་དང་། མཆིམས་པ། ཁྲོ་ཕུ་པ། རིག་རལ། དབུས་བ་གློགས་ལ་ལ་སོགས་རྣམས་ཀྱིས་རྙིང་མའི་བཀའ་བསྟན་བཅོས་རྣམས་ཁྱད་པར་གསེར་དངུལ་གྱིས་བཞེངས་

(༨༠༡)པ་མང་མོད། གཞན་ཡང་ཕྱོགས་ཞེན་ཅན་གྱི་བསྒྲིགས་པའི་འབུམ་དང་། དཀར་ཆག་རྣམས་སུ་མེད་པ་ཆིག་ཤོས་སུན་འབྱིན་པ་ནི་གཏོལ་མེད་པའི་ཚིག་གོ། །ཕྱོགས་ཆེན་ཅན་རྣམས་ཀྱིས་རྒྱུད་འབུམ་ཁ་ཅིག་ཏུ་མ་ཚུད་ཅིང་ཕུད་པ་སོགས་རྣམས་ཆོས་མིན་དུ་བྱེད་ན། དུས་འཁོར་རྒྱུད་འགྲེལ་ཕྱི་མ་དང་བཅས་པ། ཡོན་ཏན་ཡོངས་བཟུང་། ཅེས་སྦྱང་ཚོགས་རོལ། རྡོ་རྗེ་གླུ་གར། བདེ་མཆོག་ནམ་མཁའ་དང་མཉམ་པ། བདེ་མཆོག་གི་བཤད་རྒྱུད་ར་ལི་ཉི་ཤུ་རྩ་བཞི། ཕག་མོ་མངོན་འབྱུང་། ཀྱེ་རྡོ་རྗེའི་གསང་བ་མཛོད་རྒྱུད། གསང་འདུས་བཤད་རྒྱུད། གཉིས་མེད་རྣམ་རྒྱལ། གཤིན་རྗེ་པྲ་ཁོག་རྩ་ནང་བ། ཧེ་རུ་ཀ་རོལ་པ། ཕྱག་རྡོར་གྱི་རྒྱུད་གསང་བསྟན། དྲག་པོ་མེ་ལྕེ། རྡོ་རྗེ་སྙིང་པོ་ལྕེ་འབབ། །བདེ་ཁྲོས། རྡོ་རྗེ་བེ་ཅོན། གཏུམ་པོ་ཐུགས་རྒྱུད། ཕྱི་མའི་ཕྱི་མ་དང་བཅས་པ་སོགས་གཞན་ཡང་ཆེས་མང་བ་དང་། ཞི་བྱེད་ཀྱི་མདོ་རྒྱུད་རྣམས་དང་། གཞན་ཡང་བསྟན་འགྱུར་ཁ་ཅིག་ཏུ་གསེར་ཆོས་བཞི་ལ་སོགས་ཤངས་བ་བཀའ་བརྒྱུད་ཀྱི་གདམས་བ་རྣམས་ཐམས་ཅད་དང་། བཀའ་བབས་སྙན་བརྒྱུད་བཞི་ལ་སོགས་པ་དམ་བའི་ཞི་བྱེད་ཀྱི་གཞུང་ཐམས་ཅད་དང་། མར་པ་ལོ་ཙཱའི་བདེ་མཆོག་སྙན་བརྒྱུད་ཀྱི་སྐར་ཐམས་ཅད་དང་། གཞན་ཡང་ཆེས་མང་བ་མང་པོ་ཡང་མ་ཚུད། གཞན་ཡང་རྒྱུད་གཞུང་དེ་དག་ཐམས་ཅད་ཀྱང་ཁ་ཅིག་གིས་ཡང་དག་ཏུ་བྱེད། ཁ་ཅིག་གིས་བསླད་ཅན་དུ་བྱེད། ཁ་ཅིག་གིས་རྫུན་མར་བྱེད། ཁ་ཅིག་གིས་ཐེ་ཚོམ་གྱི་གཞིར་མཛད་པས་དེ་རྣམས་གང་བདེན་པ་ཡིན། ཁྱུང་པོའི་གསེར་ཆོས་བཞིའི་གཞུང་རྣམས་དང་། ཞི་བྱེད་དང་སྙན་བརྒྱུད་ཀྱི་གཞུང་རྣམས་ཀྱང་ཆོས་ལོག་ཏུ་བྱེད་དམ་ལེགས་པར་སོམས་ཤིག་ །གཞན་ཡང་གྲུབ་ཆེན་གསེར་སྡིང་པ་ཆོས་སྐུ་འོད་ཟེར། །ཀུན་མཁྱེན་འཕགས་འོད་རྣམས་ཀྱིས་རྫོགས་ཆེན་ལ་ཐུགས་དམ་

(༨༠༢)མཛད་པ་འབའ་ཞིག་ཡིན་ཞིང་། ཁྱད་པར་ཀུན་མཁྱེན་འཕགས་འོད་ཀྱིས། ཟབ་མོ་ལྟ་བ། ཉམས་ལེན་སྒོམ་པ། རྒྱ་ཆེན་སྤྱོད་པ། འབྲས་བུ་རྫོགས་ཆེན་རྒྱལ་ཐབས་སྤྱི་བླུགས། བསྙན་བརྒྱུད་ཀྱི་འཕྲང་བསལ་བ་རྫོགས་ཆེན་གསང་སྐོར་སོགས་བརྒྱུད་པ་སྡེ་བཞིའི་སྐོར་རྣམས་གསན་ནས་ཐུགས་སྙམས་སུ་བཞེས་ཞེས་གསུངས་སོ། །ཆོས་རྗེ་ཀུན་སྤངས་ཆེན་པོས་སྔགས་རྙིང་མ་ཡང་ཕུར་ལ་སོགས་ཀྱི་དབང་རྒྱུད་མན་ངག་མཐའ་ཡས་བ་དང་། ཁྱད་པར་རྫོགས་ཆེན་གྱི་སྐོར་ལ་མཐའ་ཡས་པ་ཞིག་ལ་ཐུགས་སྤྱོད་མཛད་ནས་མཁས་པར་མཁྱེན་ཅིང་། དེ་ནས་གྲུབ་ཆེན་ཡུ་མོའི་སྲས་མོ་མ་གཅིག་ཇོ་འབུལ་ལས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཞུས། རྫོགས་ཆེན་སེམས་ཀློང་གི་སྐོར་མཐའ་ཡས་པའི་རྒྱུད་གཞུང་མན་ངག་མཐའ་ཡས་པ་གསན་ནས་ཐུགས་ཉམས་སུ་བཞེས། དེ་རྗེས་ཧོ་ནང་པ་རིམ་བར་བྱོན་པ་བྱད་སེམས་རྒྱལ་ཡེ། ཡོན་ཏན་རྒྱ་མཚོ། ཤེས་རབ་འབུམ་པ། སྐལ་བཟང་པ། ཀུན་མཁྱེན་ཆེན་པོ་ཡབ་སྲས་རྣམས་དང་། མཁན་ཆེན་འཛིམ་པ། ཀུན་མཁྱེན་གངས་པ་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་ཐུགས་ཉམས་སུ་བཞེས། སྙིང་པོར་མཛད་པ་ལ་སུས་བསྙོན་དུ་ཡོད། འདི་ལྟ་རྫོགས་ཆེན་གྱི་རྒྱུད་གཞུང་འདི་ཐམས་ཅད་ཀྱི་ནང་ནས་རྩོམ་བའི་ཡོད་ཚུལ་དང་། ཚིག་དོན་གྱི་རྣམ་བཞག་ལ་མཁས་བ་གང་གིས་མཐོང་ཡང་ཡིད་ཆེས་པའི་རྒྱུད་གཞུང་གཅིག་ཀྱང་མེད་ལོ། །འོ་ན་རྒྱལ་སྲས་ཐོགས་མེད་པ་སྡེ་སྣོད་ལ་སྤྱོད་པ་ཞིབ་པ་དེས་ཀྱང་གཟུགས་འབུལ་གྱི་དཀར་ཆག་ཏུ་ཟུར་པ་ནས་བརྒྱུད་པའི་རྫོགས་ཆེན་ཞེས་བཀའ་འབུམ་དུ་འཁོད་པ་ངེ་ཁོང་སྨྱོའམ་རྫོགས་ཆེན་གྱི་ཆོས་སྐད་ལ་ཡིད་མ་ཆེས་ན་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་སྐད་ཀྱང་དེ་དང་འདྲ་བར་ཀྱང་་པས་གཞད་གད་ཀྱི་གནས་སོ། །དེ་ལ་གོང་དུ་བཤད་པ་ལྟར། ས་སྐྱ་པ་ཡབ་སྲས་རྣམས་དང་བཀའ་གདམས་པ། དྭགས་བོ་བཀའ་བརྒྱུད་པ། བཤངས་པ། ཞི་གཅོད་པའི་བཀའ་བརྒྱུད་པའི་མཁས་གྲུབ་རྣམས་ལས་ལྷག་པའི་ཚིག་དོན་གྱི་རྣམ་བཞག་མཁས་པ་ད་ལྟ་རྙེད་ལས་ཆེ།

(༨༠༣)འོན་ཀྱང་ངན་སར་མི་སྡོད་པར་ཆོས་ཐམས་ཅད་ཀྱི་ཟབ་ཤོས་རྫོགས་ཆེན་ཡིན། གཞན་གསང་འདུས། ཀྱེ་རྡོར་འཁོར་ལོ་རྡོམ་པ། དུས་འཁོར་སོགས་བླ་མེད་ཀྱི་རྒྱུད་དང་། དེ་དག་གི་སྙིང་པོའི་དོན་ཕྱག་རྒྱ་ཆེན་པོ་སྦྱོར་དྲུག་ །རིམ་ལྔ་སོགས་མཐའ་ཅད་བསྐྱེད་པ་མ་ཧཱ་ཡོ་ག་བྱ་བ་ཐེག་པ་དམན་པ་ཡིན། དེ་རྣམས་ཀྱི་གོང་ན་ལུང་ཨ་ནུ་ཡོ་ག་བྱ་བ་སྒྲུབ་པ་བཀའ་བརྒྱད་དང་། བདེ་གཤེགས་འདུས་པ་དང་། དགོངས་འདུས་ལ་སོགས་པ་མདོ་བཅུ་བཞི་རྣམས་ཡོད། དེ་ཐམས་ཅད་ཀྱི་གོང་དུ་ཐེག་པ་རིམ་ཕ་དགུའི་ཡང་རྩེ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་འདི་ཡོད་པ་ཡིན། འདིའི་ཐད་ན་གསང་འདུས་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་ཐམས་ཅད་གཞོབ་རྡོག་པས་བརྫིས་པ་དང་འདྲ་སྟེ་སྙིང་པོ་མེད་ཟེར་ནས། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་དམ་པ་དང་། རབ་ཕུལ་དུ་གྱུར་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཕྱག་རྒྱ་ཆེན་པོའི་ལམ་ཐམས་ཅད་ཁྱད་དུ་གསོད། ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་ཀྱང་ལྟ་བ་རྫོགས་ཆེན་ལ་མ་སླེབ་པས་ལྟ་བ་དམན་ཟེར་ནས་ཁྱད་དུ་གསོད་ལོ། །དེ་ལ་བརྗོད་པར་བྱ་སྟེ། སྤྱིར་འདི་ལྟ་བུའི་རྣམ་དབྱེ་དང་བརྗོད་ཚུལ་བྱེད་པ་རྫོགས་ཆེན་པའི་ཁྲོད་ནས་རྒྱུད་ཞིང་། རྫོགས་ཆེན་ལ་བརྗོད་འདོད་ཀྱི་དབང་གིས་རང་ཉིད་ཀྱིས་ཅི་དྲན་བྲིས་པ་མ་ཡིན་ན་ཤིན་ཏུ་ནས་ཀྱང་བདེན་ཏེ། རྫོགས་ཆེན་རྙིང་མའི་ཆོས་ཚུལ་རྣམས་ལ་ལོག་པར་རྟོག་པའི་མཁས་རློམ་ཅན་གྱི་བླུན་པོ་སྨྲ་ཁམས་ཅན་དང་མཚུངས་སོ། །སྤྱིར་དུ་ཐེག་པ་དམན་པ་དང་མ་རྫོགས་པ་རྣམས་ཀྱིས་ཀྱང་ཁྱེད་ལྟར་ངེད་ཐམས་ཅད་ཐེག་པ་དམན་བ་ཡིན་པས་ངན་སར་སྡོད་པ་ཡིན་ཟེར་བ་མ་ལགས་སམ། དེ་ལྟ་མིན་ན་ཐེག་པ་ཐམས་ཅད་ཀྱིས་རང་རང་གི་ཆེ་བའི་ཡོན་ཏན་བརྗོད་པ་ལུགས་ཡིན་པས་ཨ་ཏི་ཡོ་ག་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པར་བརྗོད་པ་ལ་སྐྱོན་ཅི་མཐོང་། རྫོགས་ཆེན་པ་དང་རྙིང་མ་པ་དོན་མཐུན་རྣམས་ཀྱིས་ནི། བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། གང་ཟག་དབང་པོ་རབ་ལ་དགོངས། ཞེས་གསུངས་པས། གསང་བ་འདུས་པ་སོགས་བསྐྱེད་པ་མ་ཧཱ་ཡོ་ག་བྱ་བ་ཐེག་པ་དམན་པ་ཡིན་ཞེས་ཟེར་པའི་རྫོགས་ཆེན་པ་ཞིག་བྱུང་མ་བྱུང་ཐེ་ཚོམ་ཟ་པས་

(༨༠༤)དེ་ཡང་བརྫུན་ཟེར་བར་ནི་མ་གྱུར་ཅིག་ །སྔགས་གསར་མར་ཡང་རྣལ་འབྱོར་ཆེན་པོ་ལ་ཕ་རྒྱུད་མ་རྒྱུད་གཉིས་མེད་དང་གསུམ་དུ་དབྱེ་མོད། དེས་ན་འདིར་ཡང་བླ་མེད་ལ་བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ་དུ་ཕྱེ་བ་ལ་འགལ་བ་སུས་འཚོལ། དྲི་མེད་འོད་ལས། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་བར་མི་ཤེས་སོ། དེ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། དེ་མི་ཤེས་པ་དེས་སྔགས་ཀྱི་ཐེག་བ་མི་ཤེས་སོ། སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་འཁོར་བ་པ་སྟེ་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །ཞེས་གསུངས་མོད། དེས་ན་རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། གོང་མ་གོང་མ་རྣམས་ཀྱིས་གནོད། ཅེས་གསུངས་ཤིང་། ཡིན་ལུགས་ཀྱི་དོན་ལ་ཁྱད་མེད་ཀྱང་། ཆོས་སོ་སོའི་ཚེ་བའི་རང་སྐད་བརྗོད་པ་ལ་སྐྱོན་མ་མཐོང་སྟེ། དམ་པ་རྒྱ་གར་ལ་སོགས་པས་ཀྱང་ཨ་ཏི་ཡོ་ག་ཐེག་པའི་ཡང་རྩེ་ཡིན་པར་གསུངས་པ་བོད་དུ་བརྗོད་པ་ལྟར་རོ། །ལུང་ཨ་ནུ་ཡོ་ག་བྱ་བ་བཀའ་བརྒྱད་དང་། བདེ་གཤེགས་འདུས་བ་སོགས་ཡིན་ཟེར་བའི་རྫོགས་ཆེན་པ་སྣང་ན་ནི། དེ་ནི་མ་ངེས་བཞིན་དུ་སྨྲ་བ་སྟེ། རྫོགས་ཆེན་བཀག་པའི་མཁས་རློམ་ཅན་ཚིག་གི་བརྗོད་ཚུལ་ཙམ་ལའང་རྨོངས་པའི་གང་ཟག་དེ་རྣམས་དང་གཉིས་སུ་མེད་ཅིང་ཐ་མི་དད་དོ། །གསང་འདུས་སོགས་ཕྱག་ཆེན་གཞོབ་རྡོག་པས་བརྫིས་པ་དང་འདྲ་ཟེར་ནས་བསྟན་བའི་སྙིང་པོ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་དང་ཕྱག་ཆེན་གྱི་ལམ་ཁྱད་པར་དུ་གསོད་བའི་རྫོགས་ཆེན་བ་དེ་ཡང་རྫོགས་བ་ཆེན་པོ་ཆོས་མིན་དུ་བསྒྲུབས་པ་རྣམས་དང་ཁྱད་མེད་དོ། སྤྱིར་ཡང་འདི་དག་རྣམས་རང་རང་གིས་བརྗོད་འདོད་ཀྱི་དབང་གིས་བརྫུན་དང་བསྙོན་བརྟོ་ལ་བྱེད་པ་མིན་ན། རྫོགས་ཆེན་གྱི་གཞུང་ཁུངས་མ་གང་ནས་བཤད་བསྟན་དུ་གསོལ། གསང་སྔགས་ལ་ཞུགས་ནས་སོ་ཐར་ལ་གཅིགས་སུ་བྱས་ན་ཐེག་དམན་དུ་ལྟུང་བ་ཡིན་ཟེར་བ་དང་། ཞེས་པ་ལ། །དེའང་དཔྱད་དགོས་ཤིང་དེའི་དོན་ལ་སྐྱོན་ཡོད་ན་རྩ་ལྟུང་བརྒྱད་པ་དང་། བཅུ་གསུམ་པ་དང་། བཅུ་བཞི་པ་དང་། སྦོམ་པོ་བརྒྱད་ཀྱི། ཉན་ཐོས་ནང་དུ་ཞག་བདུན་འདས། ཞེས་པ་ལ་སོགས་པའང་སྐྱོན་ཅན་ཏེ་སྤྱར། དེ་ལྟ་

(༨༠༥)བུ་དང་མཐུན་པའི་ཚིག་བྱུང་བས་ཉེས་ན་གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་རྣག་གི་སྨེས་ཀྱི་བསམ་པས་སྐྱེ་བ་འིད་ཉིད་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་ཞེས་དང་། ངེས་པ་དང་བྲལ་བ་ནི་ཉན་ཐོས་བའི་མཆོག་གི་སྡོམ་པ་འདོད་པ་སྤངས་ཏེ་དེའི་ངེས་པ་དང་བྲལ་བ་སེམས་ཀྱི་བསམ་པ་འདོད་པ་ལ་སྤྱོད་པར་འདོད་པའོ། །ཞེས་དྲི་མེད་འོད་ལས་གསུངས་ཤིང་། གཞན་ཡང་བིར་ལྦ་པས་པས་དམ་པ་ལ་གདམས་པ་གནང་ཞིང་། འདུལ་བ་བསྲུངས་པས་མི་གྲོལ་གསུངས་བ་དང་། བྲམ་ཟེ་ཆེན་པོ་དང་མཻ་ཏྲཻ་པ་ལ་སོགས་ཀྱིས་ཀྱང་དེ་ལྟར་གསུངས་ཤིང་། ཏཻ་ལོ་པས་ཀྱང་། འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང་། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེས་འདོད་བྱུང་བས་འོད་གསལ་མི་མཐོང་བསྒྲིབས། །རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཞེས་གསུངས་པ་དེ་རྣམས་ཀྱིས་ཀྱང་སྡེ་སྣོད་གསུམ་གྱི་ལམ་ཁྱད་དུ་གསད་བར་འགྱུར་རོ། །དེས་ན་ལྟ་སྒོམ་སྤྱོད་གསུམ་མ་ནོར་བའི་གསུངས་རྣམས་ཆོས་མིན་དུ་སྒྲུབ་པ་ནི་ཆེས་ཆེར་རྣམ་བར་འཁྱམས་པའོ། །ཁུངས་ས་རྡོ་ཤིང་བྲག་ལས་བྱུང་བ་ཤས་ཆེ་ཤིང་སྒྲུབ་རྒྱུད་གཉིས་ཀ་ཆད། ཅེས་ཟེར་མོད། །དེ་ལྟ་ན་རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་མཆོག་རྟེན་གྱི་གྱི་སེར་ཁ་ནས་བྱུང་བའང་བཤད་པས་བརྫུན་མའི་གྲས་སུ་དབྱུང་ཞིག་ །ཆོས་དང་མན་ངག་གཏེར་སྦས་ནས་བྱུང་བས་སྙན་བརྒྱུད་ལ་སོགས་ཆ་པར་འདོད་ན། མར་རྡོག་ལ་སོགས་པའི་བརྒྱུད་པ་དང་བཅས་པ་རྣམས་ཀྱི་རྒྱུད་རྣམས་རྡོ་རྗེ་སྙིང་པོས་བསྡུས་ཏེ་གླེག་བམ་དུ་བྱས་ན་ཨོ་རྒྱན་དུ་མཁའ་འགྲོ་མ་རྣམས་ལ་གཏད་དེ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་སྤས་ཏེ་བཞུགས་པ་ལ། ཀླུ་སྒྲུབ་ལྐུགས་བར་བརྫུས་ཏེ་ཀེའུ་ཚང་གི་ཕྱི་རོལ་ཤིང་གདུག་པའི་ཚལ་གྱི་ནར་རོལ་དུ་མཎྚལ་ཕུལ་ཞིང་བསྡད་པས་མཁའ་འགྲོ་མ་རྣམས་ན་རེ། འདི་གུས་པ་ཆེ་བ་ཞིག་འདུག་པས་ནང་དུ་མཆོད་པ་བྱེད་དུ་ཆུག་ཟེར་ནས་ནང་དུ་བཏང་བས་སློབ་དཔོན་གྱིས་

(༨༠༦)མཆོད་པ་བྱས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ་མཁའ་འགྲོ་མ་རྣམས་ཡེངས་པ་དང་། ཧེ་བཛྲ་གུར། གདན་བཞི་སོགས་རྣམས་ཕྱུང་སྟེ་སྨྱུ་གདོང་དུ་བཅུག་ནས་གློ་སྐར་ནས་ཕྱི་རོལ་ཏུ་འཕངས་པས་སྒོ་དང་རོལ་མོ་རྣམས་སྒྲ་བྱུང་བས་མཁའ་འགྲོ་མ་རྣམས་འདུས་ནས་ལྐུགས་པས་ཆོས་བརྐུས་སོ་ཟེར་ནས་བཙལ་པས། མ་རྙེད། དེ་ནས་དུས་གཞན་ཞིག་ན་སློབ་དཔོན་གྱིས་སྨྱུ་གདོང་ཁྱེར་ནས་བྲོས་པས། མཁའ་འགྲོ་མ་རྣམས་ཀྱིས་བདས་ཀྱང་མ་ཟིན་ཏེ། ཁྱེད་ཀླུ་སྒྲུབ་ཡིན་ཏེ་འོད་བས་སྐལ་ལྡན་རྣམས་ལ་བྱིན་ཞིག་ཟེར་ནས། སློབ་དཔོན་གྱི་དར་བར་མཛད་བ་དང་། ཁ་ཅིག་གིས་ལྭ་པ་བ་དང་། ཙ་རྱ་བ་དང་། རྟ་མཆོག་བིན་ས་རྣམས་ཀྱིས་ཕྱུང་བར་འདོད་པ་དང་། མ་ཧཱ་མ་ཡའི་རྒྱུད་ཀུ་ཀུ་རི་པས་ཨོ་རྒྱན་ནས་གཏེར་ཕྱུང་སྟེ། བརྐུས་ནས་བྲོས་འོད་བ་ལ་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ཀྱིས་དེད་པར་བཤད་པ་དང་། གཞན་ཡང་གཏེར་ནས་བྱུང་བར་བཤད་པའི་ཆོས་མཐའ་ཡས་པ་ཞིག་བཤད་པས་རང་རང་གི་ཆོས་དང་བླ་མ་བརྒྱུད་པ་ལ་སྐུར་བ་འདེབས་པའི་ཚིག་ཏུ་མི་འགྲོ་འམ་སོམས་ཤིག་ དམ་པ་སངས་རྒྱས་ཀྱིས་ཞི་བྱེད་ཀྱི་ཆུ་ཀླུ་རོལ་པའི་མདོ་རྒྱུད་རྣམས་དང་། ཆུ་ཀླུ་ཆེན་པོའི་གསང་རྒྱུད། མཁའ་འགྲོ་མའི་གསང་རྒྱུད་སོགས་རྣམས་དུར་ཁྲོད་དཔལ་གྱི་རྒྱུ་སྐོར་རོལ་པ་ན་མཁའ་འགྲོ་མའི་གསང་མཛོད་སྒོ་ཉིས་རིམ་བཅང་པའི་ནང་ན་ལྕགས་ཀྱི་སྒྲོམ་བུ་དགུ་གླིང་ནས་བཏོན། ཡི་གེར་བཏབ་པར་བཞེད་ཅིང་། ད་ལྟ་བོད་དུ་ཡང་ཞི་བྱེད་ཀྱི་མདོ་རྒྱུད་ཕལ་ཆེ་བ་རྣམས་ལྷོ་བྲག་བན་པ་གཏེར་དུ་སྦས་ནས་ཡོད་བར་ཞི་བྱེད་པ་ཆེན་པོ་རྣམ་པ་གསུངས་པས་ད་དད་ཀྱང་སྒྲུབ་བརྒྱུད་ཆད་དམ། གཞན་ཡང་ཕྱག་རྒྱ་ཆེན་པོའི་སེམས་ཁྲིད་དྭགས་པོ་ལྷ་རྗེས་གཏེར་དུ་སྤས་ནས་དུང་མཚོ་རས་པས་བཏོན་པ་དང་། རྗེ་བཙུན་རས་ཆུང་པས་ནཱ་རོ་པན་ཆེན་གྱི་རོ་སྙོམས་སྐོར་དྲུག་རྣམས་ལྷོ་བྲག་མཁར་ཆུར་བྲག་རྒན་མོ་འཛུམ་ཤོར་བ་འདྲ་བའི་ནང་ན་གནུབས་ནམ་མཁའི་སྙིང་པོའི་

(༨༠༧)ཞབས་རྗེས་ཀྱི་བྱང་ཤར་མཚམས་སུ་སྲས་ནས་ཕྱིས་གཙང་བ་རྒྱ་རས་ཀྱིས་གཏེར་ནས་བཏོན་ནས་དར་བར་མཛད་ཡོད་ཅིང་། ཏི་ཕུ་པའི་ཞལ་ནས། རྒྱ་གར་འོ་མའི་རྒྱ་མཚོ་ནས། གདམས་ངག་མར་གྱི་སྙིང་པོ་འདི། རྒྱུད་སྡེ་རྣམས་ནག་བ་ནས་ཡོད། པཎིྜ་ཏ་ཡིས་ལོང་གཏམ་བྱས། །གྲུབ་ཐོབ་རྣམས་ཀྱི་ཁོང་སྙིང་ཡིན། །དུར་ཁྲོད་འགྲིམ་པའི་གོ་ཆ་ཡིན། །ཀུ་སུ་ལི་ཡི་སྨན་སྦྱོར་ཡིན། །ནཱ་རོ་པཎ་ཆེན་གྱི་རྟོགས་བ་ཡིན། །པཎིྜ་ཏ་དང་ཀུ་སུ་ལུ། །གཞན་ལ་འདི་འདྲ་མེད་པ་སྟེ། །སྣོད་ལྡན་ཁྱོད་ལ་བསྟན་པ་ཡིན། །གདམས་ངག་བཤད་ལ་དུས་ཚོད་དགོས། །ད་ལྟ་བསྟན་བའི་དུ་མིན་པས། །མཁའ་འགྲོ་ལྷ་འདྲེ་ཐམས་ཅད་ལ། གཏད་གཉེར་གྱིས་ལ་གཏེར་དུ་སྦོས། །སྐྱེ་བ་གསུམ་གྱི་འོག་རོལ་ཏུ། །བློ་ལྡན་གང་ཟག་ལེན་དུ་འོད། །དེ་ཡི་ལག་ཏུ་བཏོད་ཅིག་གིས། །སྨོན་ལམ་ཐོབ་ལས་སྦོས་ཤིག་གསུངས། །ཞེས་རས་ཆུང་བ་ལ་ལུང་བསྟན་བར་མཛད་དོ། །དེས་ན་རོ་སྙོམས་སྐོར་དྲུག་རྣམས་ཀྱང་སྒྲུབ་བརྒྱུད་སྙན་བརྒྱུད་ཆད་པར་སྨྲའམ། དེ་སོགས་གཞན་ཡང་ཤིན་ཏུ་མང་ཡང་མ་སྤྲོས་སོ། །དེས་ན་རིག་འཛིན་གྱི་ས་ལ་གནས་བའི་གྲུབ་ཆེན་སངས་རྒྱས་གཉིས་པ་ལྟ་བུའི་པདྨ་འབྱུང་གནས་ཀྱིས་དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་ནས། ཆོས་དང་གདམས་པ་ཚོང་འདུས་ཀྱི་འོ་མ་ལྟར་འཚལ་གྱིས་དོགས་པ་དང་། གནས་དུས་ཁ་ཅིག་གི་ཚེ་སྟོན་པའི་སྣོད་མེད་པ་དང་། ཕྱི་མའི་དུས་ཁ་ཅིག་གི་ཚེ་བསྟན་དུ་རུང་བད་དགོངས་པ་དང་། ཁ་ཅོག་ཆོས་ལ་གསར་ངས་ཆེ་བའི་ཕྱིར་དུ་ཕྱིས་གསར་དུ་བྱུང་བ་ན་ནན་ཏན་གྱིས་འཇུག་པ་དག་འབྱུང་བས་དེ་ལྟ་བུ་རྣམས་ལ་དགོངས་ནས་གཏེར་དུ་སྦས་ཤིང་། དེ་ཉིད་འདོན་པའི་གང་ཟག་ཀྱང་ཕྱི་རབས་ཀྱི་སྐྱེས་བུ་དམ་པ་ལས་དང་སྐལ་བར་ལྡན་པའི་མངའ་བདག་ལྟ་བུ་བསྟན་སྨོན་ལམ་དང་བཅས་ཏེ་སྦས་པ་རྣམས། ཕྱིས་ལས་དང་སྐལ་བར་ལྡན་བའི་གང་ཟག་དེ་ལྟ་བུས་གཏང་ནས་ཕྱུང་སྟེ།

(༨༠༨)འགྲོ་དོན་མཛད་པས་བསྟན་པ་ཡུན་རིང་དུ་གནས་ཤིང་རྒྱུན་མི་འཆད་བའོ། །ཁྱད་པར་དུ་མངའ་བདག་ཉིད་དང་གུ་རུ་ཆོས་དབང་ལས་འབྲེལ་རྩལ་ལྟ་བུ་རྣམས་ནི་སྐྱེ་བ་མང་པོར་པདྨ་འབྱུང་གནས་ཀྱིས་རྗེས་སུ་བཟུང་སྟེ། ལས་དང་སྐལ་ལྡན་པའི་རིགས་ལྡན་ཡིན་ཞིང་། སྐྱེ་བ་འདི་ལ་ཡང་སློབ་དཔོན་པདྨ་འབྱུང་གནས་དང་ཡང་ཡང་དངོས་དང་རྨི་ལམ་འོད་གསལ་གྱི་ངང་ནས་མཇལ་ཞིང་དབང་བཀའ་ལུང་རྗེས་གནང་དང་བཅས་པ་ལེགས་པར་ནོད་པ་ཡིན་པས་སྒྲུབ་བརྒྱུད་དང་སྙན་བརྒྱུད་ཆད་སོགས་ཀྱི་སྐུར་པ་གདབ་པ་ནི་རང་གི་བླ་མ་དང་ཆོས་ལ་ཡང་སྐུར་བ་འདེབས་པའི་སྔ་ལྟས་ཡིན་ནོ། །ཆུ་ཀླུ་རོལ་པའི་མོད་ལས་ཀྱང་། །ང་ཡི་བསྟན་པ་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦ། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །དེས་དོན་དཀྲུགས་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་པ་དང་། དཔལ་མཆོག་ལས། རྒྱུད་བ་ཡོད་པར་ཆེས་ཡང་དག་ཏུ་མི་འགྲུབ་ཅེས་ཟེར་ཞིང་སངས་རྒྱས་བའི་རྒྱུད་དུ་བཅོས་པས་དེ་རྣམས་ལྟར་ལོས་བྲི་ཟེར་རོ། །དེ་ལྟར་ན་གསར་མའི་རྒྱུད་རྣམས་ཀྱང་དེ་ལྟར་དུ་བཅོས་བར་འགྲོ་སྟེ། གཞི་ལམ་འབྲས་གསུམ་གྱི་རྒྱུད་དོན་བཅར་ཕོག་ཏུ་བཤད་པ་ལས། ཐོག་མར་སྐྱབས་འགྲོ་ནས་བརྩམས་བཏོན་ཆོག་མེད་དེ་བཤད་བའི་དབྱིངས་ནས་གཞལ་ན་རྫོགས་ཆེན་ལའང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞི་ར་གྱུར་བ་ཞེས་བཤད་དོ། །གལ་ཏེ་མེད་ནའང་། དེ་ནི་ཤིན་ཏུ་ནས་འབྲུག་སྟེ། དུས་འཁོར་དུ། ཡོན་ཏན་གྱི་ཆོས་དང་ལྡན་བ་ཕྱི་རོལ་བའི་ནང་དུ་སྣང་ཡང་བདག་ཅག་གིས་

(༨༠༩)བསྙེན་བསྐུར་བར་བྱའོ། །ཞེས་གསུངས་ཤིང་། ཡུལ་གྱི་སྒྲ་ཡིས་དོན་ཤེས་ན། བསྟན་བཅོས་སྒྲ་ཡིས་ཅི་ཞིག་བྱ། ཞེས་གསུངས་བས། དོན་ལ་རྟོན་ན་ཐོག་མཐའ་བར་གསུམ་དུ་དགེ་བའི་ཆོས་དེ་ལས་ལྷག་པར་རྒྱུད་རྣམ་དགེ་བའི་ཆོས་དེ་ལས་ལྷག་པ་རྒྱུད་རྣམ་དག་ཏུ་འདོད་པ་ལ་ཡང་ཅང་ཡོད་དམ། རྫོགས་ཆེན་ལ་ཆོས་ལོག་ཡིན་པར་ལུང་བསྟན་མེད་ཟེར་གྱི་འདུག་སྟེ། དེ་མེད་པས་རྣམ་དག་ཏུ་འགྲུབ་ན། བྲོན་གྱི་མདོ་འདི་ཙམ་ཞིག་གྲགས་པ་ལའང་ལུང་བསྟན་མི་རྙེད། སྤྱིར་རང་རེས་མ་རྙེད་པས་མེད་པར་ཡང་མི་འགྲུབ། ཟེར་མོད། དེ་ལ་མི་རྙེད་པས་མེད་པར་མི་འགྲུབ་ཟེར་བ་ནི་ཤིན་ཏུ་ནས་མེད་དེ། དེའི་རྒྱུ་མཚན་མེད་དོ་ཏིང་ངེ་འཛིན་མཆོག་དམ་པ་ནས། མ་འོངས་པ་ན་འབྱུང་བའི་ཆོས་མིན་གྱི་བྱ་བ་རྣམས་ལུང་བསྟན་པའི་སྐབས་སུ་མ་འོངས་བའི་དུས་ན་ངའི་དགེ་སློང་ཐམས་ཅད་ཀྱིས་བྱ་བ་མ་ཡིན་པ། བོན་དང་། གླུ་སྒྲུབ་དང་། རྒྱན་པོ་དང་། ཤོ་དང་ཁ་ན་མ་ཐོབ་ཐམས་ཅད་ལ་བརྩོན་པས་ཉམས་ཏེ་ཅེས་སོགས་དང་ཇོ་བོའི་བླ་མ་དྷརྨ་རཀྴ་ཏས་ཀྱང་། དམ་ཆོས་གཏུག་ལག་ཞུས་ནས་མོ་བོན་སྐྱོང་། ཞེས་སོགས་སྣང་བས། ཐམས་ཅད་མཁྱེན་པ་ཤེས་བྱ་ཐམས་ཅད་གཟིགས་པ་ཡིན་ན་ནོ། རྫོགས་ཆེན་ཆོས་ལོག་ཡིན་པ་ཡང་ལུང་བསྟན་བར་འཐད་དོ། །གལ་ཏེ་མེད་དུ་ཆུག་ཀྱང་། བོད་ལྟ་བུ་ཡུལ་རེ་རེའི་ཆོས་ལོག་རེ་རེ་ནས་ལུང་སྟོན་གྱིས་གན་ལང་ཆས་ལ་བརྟག་པར་གསུངས་པ་འདིས་ཆོག་ །ཟེར་མོད། །འོ་ན་བརྟག་ལུགས་དེ་ཕྲ་མ་སྔ་བཙན་ལ་ཡིད་རྟོན་པ་ཁོ་ནས་བྱེད་དམ་རྒྱལ་བའི་བཀའ་ལ་དབང་པོ་བཙུགས་ནས་ཚིག་དོན་གྱི་དབྱིངས་གཞལ་བས་བྱེད། དང་པོ་ལྟར་ན་ཕྱི་རོལ་པས་ནང་བ་ཆོས་ལོག་ཏུ་བལྟ། ཉན་ཐོས་པས་ཐེག་ཆེན་ཆོས་ལོག་ །མངའ་བདག་ལྷ་བླ་མ་ལྟ་བུས་ཀྱང་། འདུས་བ་བདེན་ན་སྔགས་ཆོས་ལོག་ །སྔགས་བདེན་ན་གཅིག་ཤོས་ཆོས་ལོག་འདྲ་གསུངས་ཤིང་ཕྱག་ཆེན་ཐིག་ལེའི་རྒྱུད་སོགས་བརྫུན་མར་འཛིན་པས་འབྱམ་ཡིག་དང་། ཕྱོགས་འཛིན་གྱི་ཁ་སྨྲས་མ་ཐེབས་པའི་ཆོས་ལུགས་བོད་དུ་མེད་དོ། །གཉིས་

(༨༡༠)པ་ལྟར་ན་མདོ་རྒྱུད་གང་ནས་ཀྱང་རྫོགས་བ་ཆེན་པོའི་མིང་ཙམ་མ་བསྟན་ཟེར་བ་འཕགས་པ་འཇིག་རྟེན་གྱིས་དྲིས་པ་ལས། རྣམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའི། ཞེས་པས་བསམ་གྱིས་མི་ཁྱབ་པ་ནི་རྫོགས་ཆེན་གྱི་དོན་ཡིན་ལ་ཤིན་ཏུ་ནི་ཨ་ཏི་དང་ཆེན་པོ་ནི་དེའི་གོང་ན་གཞན་མེད་པར་སྟོན་པའི་དགོངས་པ་འདོ་ལ་ཅེར་ལོང་དུ་སོང་བ་ཡིན། དེ་ལ་སངས་རྒྱས་ཐམས་ཅད་མཁྱེན་པ་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པར་མཁྱེན་པ་ཡིན་ན་ནི་བོད་ལྟ་བུའི་རེ་རེའི་ཆོས་ལོག་ལུང་སྟོན་གྱིས་མི་ལང་བའི་དཀའ་ལས་སངས་རྒྱས་ལ་ཡོད་པ་དེ་ཡང་ཆེར་མ་འོས། བོད་ལྟ་བུའི་ཡུལ་རེ་རེའི་ཆོས་ལོག་ལུང་བསྟན་པས་ཆོག་མོད། ཡུལ་ཐམས་ཅད་དུ་ཆོས་ལོག་རྫོགས་ཆེན་ལྟ་བུ་ཨེ་་ཅི་ཡོད། དེ་ཐམས་ཅད་དུ་ཡོད་ན་ནི་བོད་དུ་ཆོས་ལོག་རྫོགས་ཆེན་བརྩམས་པའི་ངེས་པ་འདི་འཐད་དམ་སོགས་ཤིག་ །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ལོག་ཡོད་ཀྱང་སངས་རྒྱས་སྤོབས་པ་ཟད་ན་མ་གཏོགས་བདེ་ཐམས་ཅད་ལུང་བསྟན་པའང་ཚོགས་ཅི་ཡོད། དེས་ན་མཁས་མཁས་འདྲ་བའི་ཚིག་འདི་རྣམས་ཀྱང་བླུན་ཚིག་ཙམ་དུ་ཟད་དོ། ཞེས་བརྗོད་ན་ཡང་ཅི་མ་རུང་། ཅིས་ཀྱང་ཆོས་ལོག་ཡིན་པ་ལ་ལུང་བསྟན་དགོས་ན། རྫོགས་ཆེན་དགག་པའི་འབྱམ་ཡིག་སྙེད་ཅིག་འཇིག་རྟེན་དུ་གྲགས་ཏེ་དེ་ལ་ལུང་བསྟན་མི་ནང་པས་ཆོས་ཡང་དག་ཏུ་གྲུབ་མོད། ཅེས་ཟེར་རོ། །འབྱམ་ཡིག་ཏུ་དགག་པ་ཐམས་ཅད་དོན་གནས་ཡིན་ཞིང་བདེན་ན། འབྱམ་ཡིག་ཁ་ཅིག་ཏུ་གསར་མའི་རྒྱུད་གཞུང་ཆེས་མང་བ་དགག་པ་རྣམས་ཕྱིས་ཀྱི་མཁས་གྲུབ་མང་བོས་ཚད་མར་བྱས་མོད། ཅིས་ཀྱང་འབྱམ་ཡིག་རྣམས་བདེན་ན། དུས་འཁོར་རྒྱུད་འགྲེལ་ལ་སོགས་སེམས་འགྲེལ་སྐོར་གསུམ་ཐམས་ཅད་ཁྱོད་ཀྱིས་ཀྱང་ཆོས་མིན་དུ་མཛོད་ཅིག་སྟེ། དེ་རྣམས་ཀྱང་ཁ་ཅིག་གིས་དགག་བའི་ཕྱིར་རོ། །རྫོགས་ཆེན་འདི་ཟབ་མོར་བརྫུས་ནས་སངས་རྒྱས་ཀྱི་བསྟན་པ་དང་། ཕྱག་རྒྱ་ཆེན་པོའི་ལམ་ལ་བར་དུ་གཅོད་ལོ། དེ་ལྟ་ན་མདོ་སྡེ་པས་བྱེ་བྲག་སྨྲ་བ་དང་།

(༨༡༡)ཐལ་འགྱུར་བས་སེམས་ཙམ་པ། སྔགས་ཀྱིས་ཐབས་མོད་ལམ་ལ་བར་དུ་གཅོད་པའི་བདུད་ཡིན་པས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པ་འདི་ཡད་ཕྱིས་ཤིག་ །རྫོགས་ཆེན་གྱིས་ཕྱག་རྒྱ་ཆེན་པོའི་ལམ་ལ་བར་དུ་ཨེ་གཅོད་མི་ཤེས་ཏེ། རྫོགས་པ་ཆེན་པོ་སྤངས་ནས་ཆོས་མིན་དུ་སྒྲུབ་ཅིང་སྤངས་པས་ཕྱག་རྒྱ་ཆེན་པོའི་ལམ་ལ་བར་དུ་གཅད་བར་མ་གྱུར་ཅིག་ དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་རྣམས་ཀྱང་ལམ་འབྲས་བུ་བཅས་པ་ལ་སོགས་ཕྱག་རྒྱ་ཆེན་པོའི་ཁྲིད་རྣམས་ཀྱིས་ཚིམས་པར་མཛད་པ་དང་། དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱང་གདམས་ངག་ནཱ་རོའི་ཆོས་དྲུག་ །དམ་ཆོས་ཕྱག་རྒྱ་ཆེན་པོ། ཡི་དམ་འཁོར་ལོ་སྡོམ་བས་ཚིམས་བར་མཛད་པ་དང་། བཀའ་གདམས་པ་རྣམས་ཀྱང་ཨ་ཏི་ཤའི་ཆོས་ཚུལ་དྲི་མ་མེད་པ་རྣམས་ཀྱི་ཆིམས་པར་མཛད་པ་དང་། ཞི་བྱེད་དང་གཅོད་ཡུལ་བ་རྣམས་ཀྱང་དམ་པའི་ཞི་ཕྱེད་སྔ་ཕྱི་བར་གསུམ་རྣམས་ཀྱིས་ཚིམས་བར་མཛད་པ་དང་། ཐེག་མཆོག་སྙིང་པོའི་ལམ་ཕྱག་རྒྱ་ཆེན་པོའི་མན་ངག་སངས་རྒྱས་གཉིས་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་བསྒྲིགས་པའི་འཁྲིད་རྣལ་འབྱོར་ཡན་ལག་དྲུག་ རིམ་ལྔ། གྲུབ་པ་སྔ་བདུན་སོགས་ཞུས་ཤིང་ཉམས་སུ་ལེན་པ་དང་། མདོར་ན་རང་གི་བཀའ་བརྒྱུད་གོང་མ་དེ་རྣམས་ཀྱིས་བསྒྲུབས་བའི་ཆོས་སངས་རྒྱས་ཀྱིས་གསུངས་མཁས་གྲུབ་ཀྱིས་མཛད། ལོ་པཎ་གྱིས་སྒྱུར་ངོ་ཤེས་པ་དེ་ཉམས་སུ་བླང་ན་ཆག་ །གལ་ཏེ་གསར་དུ་ཞུགས་ན་དྲི་མེད་ཀྱི་ཆོས་རྣམ་དག་ཁུངས་བཙུན་པ། །བརྒྱུད་པ་བཟང་བ་ཡིད་ཆེས་པ་མང་པོ་འདུག་པས་རྫོགས་ཆེན་གྱི་རྫུན་ཆོས་ལ་མ་བརྟགས་པར་འཇུག་པ་དེ་ཡི་མི་འཐད་ཟེར་མོད། ཁྱོད་ཀྱིས་ཚད་མར་ཁས་བླངས་པའི་རང་རང་གི་བཀའ་བརྒྱུད་གོང་མས་བསྒྲུབས་པའི་ཆོས་དབང་དུ་བྱེད་པ་དེ་རྣམས་ལ་སྐྱོན་བརྒྱབ་པ་དང་། ཆོས་རྣམ་དག་མིན་པར་ཁ་བརྒྱབ་པ་ཙམ་གྱིས་ཆོས་ལོག་འོད་ན་ནི་ཤིན་ཏུ་ནས་ཀྱང་མང་བ། རྟོག་གེ་པ་ཁ་ཅིག་གིས། སྲིད་པ་མ་མོའི་རྒྱུད་ལ་བརྟེན་ནས་ནི། །ལམ་འབྲས་བུ་རྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་བྱས། ཞེས་དང་། ཁ་ཅིག་གིས་བླ་མ་གོང་མའི་གསུངས་སྒྲོས་སྙན་སྙན་རྣམས་བསྡུས་པ་ཞེས་སོགས་

(༨༡༢)ལམ་འབྲས་བཀའ་བཀག་པས། ས་སྐྱ་པ་རྣམས་ཀྱི་བརྒྱུད་པ་རྣམས་ཀྱང་ཆོས་དེས་ཚིམས་ཀྱང་དགོས་པ་ཅི་ཡོད་པ་ནི་དེ་བཞིན་དུ་དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱི་ཕྱག་ཆེན་པོ་ཡང་། ས་སྐྱ་བ་སོགས་ཀྱིས་དཀག་པ་མ་ཤེས་སམ། བཀའ་བརྒྱུད་པའི་ཕྱག་ཆེན་ནི་བླ་མེད་ཀྱི་རྒྱུད་ནས་བཤད་པའི་ཕྱག་ཆེན་མིན་ལ། རྣལ་འབྱོར་བཞིའི་རིམ་བ་དང་སྦྱར་བ་ད་ལྟ་འདི་རྣམས་སེམས་ཙམ་རྣམས་བདེན་པའི་ལུགས་ཡིན་པས་དེ་ལ་ཕྱག་ཆེན་དུ་བཏགས་ནས་ཉམས་སུ་ལེན་པ་ནི་ཆེས་ཆེར་འཁྲུལ་པའོ། །གསུངས་ཤིང་ཕྱག་རྒྱ་ཆེན་པོ་ཚིག་གཅོད་ལ། །ས་ལམ་རྩི་པ་རྨོང་པ་འཁྲུལ། ཞེས་སོགས་ཚིག་རྣམས་སྨྲ་བ་ནི། །བདུད་ཚིག་ཡིན་པས་རྣ་བ་དགའ། །ཅེས་སོགས་མཐའ་ཡས་ཤིང་། ས་སྐྱ་པཎ་ཆེན་ལ། ནམ་མཁའ་འབུམ་གྱིས་ཞུས་བར། ཚིག་འདི་རྣམས་ཁྱེད་ཀྱིས་གཞན་ལ་མ་འཕེལ་བགྱིས། །གླེན་གཏམ་དུ་སོང་ན། འབྲི་སྟག་དང་ཕྱག་རྒྱ་པའི་ཆོས་ལུགས་འདི། རྒྱུད་སྡེ་བཞི། སྡེ་བཞི་གསུམ་གང་དང་ཡང་མི་མཐུན་པར་སྣང་བ་ཡང་དག་པའི་ལམ་ལ་ལགས་ཉམས་གསུངས་མོད། དེས་ན་དེས་ཚིམས་བར་བྱས་པ་ལ་ཡང་དགོས་པ་ཅི་ཡོད་གཞན་ཡང་མང་སྟེ་དེ་ཙམ་གྱིས་ཆོག་མོད། བཀའ་གདམས་བའི་ཆོས་ཚུལ་རྣམས་ཀྱང་ཕལ་ཆེར་ཞིགས་པཎ་གྱིས་དགག་པ་སྡོམ་གསུམ་རབ་དབྱེར་གསལ་མོད་ཅིང་དམ་པའི་ཞལ་ནས་ཀྱང་བཀའ་གདམས་པ་ལ་བཀྱོན་པ་ཤིན་ཏུ་མང་བ་དོ་ཞིང་། རྗེ་བཙུན་མི་ལས་ཀྱང་དྭགས་པོ་ལྷ་རྗེས་བཀའ་གདམས་པའི་རྣམ་ཐར་བསྐྱངས་པ་རྣམས་ལ་བཀྱོན་པས། དེས་ཚིམས་ཀྱང་ཡོན་ཏན་ཅི་ཡོད་པ་ཡིན། དམ་པ་སངས་རྒྱས་ཀྱི་ཞི་བྱེད་དང་གཅོད་ཡུལ་རྣམས་ཀྱང་ཆག་ལོ་སོགས་ཀྱིས་བཀག་སྟེ། ཆུ་ཀླུ་རོལ་བའི་སྐད་དོད་མི་ཤེས་པའི་ཚུལ་དང་། ཨཱ་ལི་ཀཱ་ལིའི་དབང་བསྐུར་རྣམ་ལྷ་མེད་པའི་དབང་དེ་རྒྱུད་སྡེའི་དོན་དང་འགལ་བ་ཡིན་ནོ། ཞེས་སོགས་དང་། ཞི་བྱེད་ཐམས་ཅད་ཇོ་སྲས་རྟེན་འབྲེལ་དང་། །ཞིག་པོ་ཉི་སེང་གིས་བྱས་ཤིང་ཕལ་ཆེར་ཆོས་

(༨༡༣)ལོག་ཡིན་ཞེས་གསུངས་ཤིང་། སྒྲོན་གསལ་ཆག་འགྱུར་གྱི་གཤམ་དུ་ཡང་། ཁ་ཅིག་རྙིང་མ་གཏེར་མ་ཞི་བྱེད་དང་། །ཞེས་ལོག་པ་ཡིན་གསུངས་མོད། གཅོད་ཡུལ་ལ་ཡང་རྟོག་སོགས་ཁ་ཅིག་གིས། མ་ཇོ་སྨྱོན་མའི་རྒྱ་ཆོས་ཡིན་ཞེས་དང་། གཅོད་དང་ཞི་བྱེད་ཐམས་ཅད་རྣམས། རྒྱུད་སྡེ་རྣམས་ལས་བཤད་རེ་ཀ་ན། ཞེས་གསུངས་ནས་བཀག་པས་དེ་རྣམས་ཀྱིས་ཚིམས་པར་བྱས་པ་ཡང་དགོས་བ་ཅི་མཐོང་བ་ལགས། རྣལ་འབྱོར་ཡན་ལག་དྲུག་པ་ཡང་། མཁས་པ་ཁ་ཅིག་གིས། རྩ་བའི་རྒྱུད་ལ་ཨེ་ལྦཾ་གཉིས་ཡི་གེ་མེད། བསྡུས་བའི་རྒྱུད་ལ་འགལ་བ་དུ་མ་མཐོང་། །གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། །འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིན་རྟོན། །ཞེས་དང་། ཁྱེད་ཀྱིས་འདི་ལ་ལེན་བྱེད་ཚད་མ་མེད། །ཆེན་པོ་རྣམས་ཚད་མར་མ་གྲགས་ཕྱིར། །དུས་ཞབས་ལ་སོགས་ཚད་མའི་སྐྱེས་བུ་མིན། ཞེས་སོགས་དང་། སྦྱོར་བ་ཡན་ལག་དྲུག་གི་ཁྲིག་རིམ་ཡང་། །གསང་བ་འདུས་བའི་རྒྱུད་དང་འགལ་བར་སྣང་། །དེ་དོན་ཉམས་སུ་བླངས་བས་སུ་ཞིག་གྲོལ། །ཅེས་སོགས་གསུངས་ནས། དུས་འཁོར་ལ་སོགས་སེམས་འགྲེལ་སྐོར་གསུམ་སྐོར་གསུམ་དྲུག་དང་བཅས་པ་བཀག་བས། དེས་ཚིམས་བར་བྱས་པ་ལ་ཡང་དགོས་པ་ཅི་མཐོང་བ་ཡིན། གཞན་ཡང་ཁ་ཅིག་གིས། ཞི་ཕྱག་རྫོགས་གསུམ་རྫུན་དང་བཞི་བསྲེས་ཀྱིས། །ལ་སྟོད་དམར་པོ་ལུགས་བཀག་ །གཞན་ཡང་མར་པའི་བདེ་མཆོག་སྙན་བརྒྱུད་སོགས་ཀྱང་བཀག་ཅིང་། ཉ་དབོན་ཀུན་དགའ་སོགས་ཀྱིས་དྭགས་པོའི་ཕྱག་ཆེན་སེམས་ཁྲིད་དང་། མཚལ་བའི་གཏུམ་མོ་རྣམས་དང་། གཞན་ཡང་གདམས་བ་བྲལ་མོ་ཆེ་ཐམས་ཅད་བཀག་པས་བོད་ཀྱི་གདམས་པ་རྣམས་ཆོས་ལོག་ཏུ་མ་གྱུར་པ་བརྒྱ་ལམ་ན་རེས་འགའ་སྲིད་ཙམ་མོ། །གཞན་ཡང་ར་ལི་ཉེར་བཞི་པོ་བཀག་པའི་ཤུགས་ལས་ས་

(༨༡༤)སྐྱ་པའི་བརྟག་གཉིས་ཀྱི་བཤད་སྲོལ་ཡང་ཁེགས་ཏེ། ས་སྐྱ་པས་ར་ལིའི་ནམ་མཁའ་མཉམ་རྒྱུད་ནས་རྒྱུད་ཀྱི་བཤད་ཐབས་ཚུལ་བཞི་སོགས་དྲངས་ནས་དབང་དུ་བྱེད་པའི་ཕྱིར་རོ། །དེས་ན་ཁྱེད་ཀྱིས་ལྟར་ན་བཀའ་བརྒྱུད་གོང་མ་དེ་རྣམས་ཀྱི་ཆོས་ལུགས་ཐམས་ཅད་ཀྱང་ཆོས་ལོག་ཡིན་ཏེ། །དེ་རྣམས་གང་ལ་ཡང་སྐྱོན་མ་བརྒྱབ་པ་མི་སྣང་བའི་ཕྱིར་རོ། །གསར་ཞུས་ཀྱང་དེ་རྣམས་ལྟག་པའི་སྐྱོན་མེད་དེ། བོད་གངས་ཅན་གྱི་ཁྲོད་ན་ནི་རྙིང་པར་ཅི་ལྟར་འགྱུར་ཏེ་མི་འགྱུར་རོ། །བོད་དུ་ཆོས་ཡང་དག་ཡིན་པར་ཡིད་ཆེས་པ་ལ། སངས་རྒྱས་ཀྱིས་གསུངས་ངོ་ཤེས་པ་ཤམ་བྷ་ལ། ཨོ་རྒྱན། རྒྱ་གར་ལ་སོགས་བའི་མཁས་གྲུབ་སངས་རྒྱས་ཀྱི་ལུང་བསྟན་ཐོབ་པས་མཛད་དོ་ཤེས་པ། ལོ་པཎ་གྱིས་བསྒྱུར་རོ་ཤེས་པ། ཚིག་དོན་ལ་མཁས་པས་དཔྱད་བཟོད་པ་ཞིག་དགོས། ཟེར་མོད། དེ་ལ་ཁྱབ་པ་ཅུང་ཟད་ཀྱང་མེད་དོ། །དེ་ལ་ཁྱབ་པ་ཅུང་ཟད་ཀྱང་མེད་དོ། །འོ་ན་དུས་འཁོར་སོགས་སེམས་འགྲེལ་རྩ་འགྲེལ་རྣམས་སངས་རྒྱས་ཀྱིས་མ་གསུངས་པར་ངོ་ཤེས་སམ། ཤམ་བྷ་ལ་ལ་སོགས་པའི་མཁས་གྲུབ་སངས་རྒྱས་ཀྱི་ལུང་བསྟན་ཐོབ་པས་མཛད་ངོ་ཤེས་པ་མ་ཡིན་ནམ། ལོ་པཎ་དམ་པས་བསྒྱུར་ངོ་ཤེས་པ་མ་ཡིན་ནམ། ཚིག་དོན་ལ་མཁས་པས་སྤྱད་མི་བཟོས་པ་ཞིག་བྱུང་བ་ཡིན་ནམ་སྟེ། བཀའ་མིན་དང་ཆོས་མིན་དུ་བསྒྲུབས་པ་གསན་པར་མ་གྱུར་ཏམ། ཁ་ཅིག་བླུན་དང་ཀྱིས་ཆེར་ཆོག་ཟེར་བ་འཇུག་སྟེ། རྒྱུ་འབྲས་ཀྱི་རྟན་འབྲེལ་ལོག་ན་བླུན་དད་འབའ་ཞིག་གིས་འགྲུབ་མི་སྲིད། ཅེས་ཟེར་མོད། རྒྱུ་འབྲས་ཀྱི་རྟེན་འབྲེལ་མ་ལོག་ན་བླུན་དང་དུ་ཅི་ལྟར་འགྲོ་སྟེ། གཤིན་རྗ་གཤེད་ཀྱི་རྒྱུད་དུ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་བ་ལ་ནི་དངོས་གྲུབ་ཉེ། །ཡང་བླུན་པོ་དང་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་ཁྱོད་པའི་རྟོག་གེ་པ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །མན་ངག་གདམ་བ་བསྟན་བྱས་ཀྱང་། །སློབ་མ་ཡིད་གཉིས་ཡོད་གྱུར་ན། །དེ་ལ་དངོས་གྲུབ་རིང་བར་བཤད། །བླ་མས་མན་ངག་སྦས་བྱས་ཀྱང་། །བླ་མ་དམ་པའི་མན་ངག་

(༨༡༥)ཅེས། །གཅེས་བར་བྱས་ན་འགྲུབ་པར་ངེས། །ཞེས་གསུངས་པས། རྒྱུ་འབྲས་རྟེན་འབྲེལ་མ་ཤེས་ཀྱང་། །བླུན་དང་བརྟན་ན་འགྲུབ་པར་གསུངས་མོད། པོ་ཏོ་བའི་དཔེ་ཆོས་ཀྱི་གཏམ་རྒྱུད་ལས་ཀྱང་། བླ་མ་ཅིག་དང་བྲེལ་བའི་དུས་སུ་སློབ་མ་ཞིག་གིས་གདམས་པ་ཞུས་པས་ཕྱག་སྐྱོག་པ་ཅིག་མཛད་ནས། མ་ར་ན་ཇ་ཧ་གསུངས་པས། སློབ་མས་ཕྱག་སྐྱོག་མཛད་པ་དེ་ཕྱག་རྒྱ། མ་ར་ན་ཛ་ཧ་ཞེས་པ་དེ་སྔགས་ཡིན་སྙམས་ནས་བསྒྲུབས་པས་ཕྲིན་ལས་བཞི་གྲུབ་པ་ཞིག་བྱུང་བར་བར་བཤད་པས། བླུན་དད་བྱེད་བ་རྣམས་ལ་ཆོས་སྤོང་གི་ལས་དང་། ཆོས་ལ་དབང་ཟ་བའི་ཉེས་པ་དེས་མི་ཕོག་པར་སྣང་བས་ཤིན་ཏུ་ནས་ཀྱང་ལེགས་སོ། །བློ་གྲོས་ཅན་དུ་འདོད་པ་ཁ་ཅིག་ནི། བློ་ཐེ་ཚོམ་གྱི་སྒྲོག་ཏུ་བཅུགས་ནས་ཆོས་དང་གང་ཟག་དམ་པ་རྣམས་ལ་སྤུ་རིས་འབྱེད་པ་འདིས། ཡག་སྟེ་ཡགས་ན་བསྟན་པ་ལ་ཕན་ཞིང་། ཉེས་ཏེ་ཉེས་ནང་ན་སོང་གི་རྒྱུ་སྒྲུབ་པར་མ་གྱུར་ཅིག་ །སྤྱིར་འདི་དག་ཕལ་ཆེར་ཞིག་ནི་གང་ཟག་ཐམས་ཅད་ཕན་ཚུལ་སྡང་ཞུགས་ཀྱི་དབང་གིས་ཆོ་ལ་ཡང་སྨོད་པ་དེ་བྱུང་བ་ཡིན་ཞིང་། ཆོས་ལ་སྨོད་ཅིང་སྐྱོན་བརྗོད་པས་ཆོས་སྤོང་གི་ལས་ཆེན་པོ་རྣམས་བསྔགས་བར་འགྱུར་རོ། །འཕགས་པ་རྣམ་པར་འཐག་པ་ལམ། །འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་འདི་འདྲའོ། །འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ནང་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་བའོ། །དམ་པའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་བ་ཡིན་ནོ། །དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་པའོ། །འདི་ནི་མི་རིགས་པའོ། །ཞེས་ཟེར་ན་དམ་པའི་ཆོས་སྤོང་བའོ། །ཞེས་དང་། ཆོས་ནི་ཆོས་མ་ཡིན་པར་སྟོན་བའོ། །ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་དང་། སྤོབས་པས་གོ་བ་མི་བྱེད་དོ་ཟེར་ན། ཆོས་སྤོང་

(༨༡༦)བ་ཡིན་ནོ། །ཆོས་ཀྱི་སྣང་བ་ལེགས་པར་མ་བཤད་དོ། །ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཁོང་དུ་མ་ཆུད་པས་ཆག་ཏུ་འགལ་བ་བྱས་སོ་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཡི་གེའི་མིང་ལ་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཟེར་ན་ཆོས་སྤོང་བ་ཡིན་ནོ། །མདོ་སྡེ་དང་མདོ་སྡེར་འགལ་བར་བྱས་སོ་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཚིགས་སུ་བཅད་པ་དང་ཚིགས་སུ་བཅད་པ་འགལ་བ་བྱས་སོ་ཞེས་ཟེར་ན་ཆོས་སྤོང་པ་ཡིན་ནོ། །འདི་ནི་ལེགས་བར་གསུངས་བ་དོན་ལ་མོས་ཤིང་ལ་ལ་མ་མོས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་དང་། དཀྲུགས་བར་བྱེད་ན་ཆོས་སྤོང་བ་ཡིན་ནོ། །ཀུན་ཏུ་རྟོག་པས་སྨྲ་ན་ཆོས་སྤོང་བ་ཡིན་ནོ། །འདི་ལ་དཔྱད་འདི་ལ་མི་དཔྱོད་ཟེར་ན་ཆོས་སྤོང་བ་ཡིན། འདི་ནི་ལེགས་བར་གསུངས་པ། འདི་ནི་ལེགས་བར་གསུངས་པ་མ་ཡིན་ནོ། ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་སོགས་དང་། རྒྱུད་བླ་མར་ཡང་། ཉོན་མོངས་རྨོངས་བདག་རྣམས་ནས་འཕགས་པར་སྐུར་པ་དང་། དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་མིན། །བློ་དམན་ཕྱིར་དང་དཀར་པོའི་ཆོས་བྲལ་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་སྤངས་པའི་སྒྲིབ་པ་འདག་ཕྱིར་དྲང་དོན་དེ་ཉིད་ངོས་འཛིན་གྱིས། །རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བསྟེན་པའི་ཕྱིར། །ཆོས་འཛིན་བ་སྲིང་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱིས་ཆོས་སྤོང་བྱེད། །ཅེས་གསུངས་པས། སྔགས་ཀྱིས་ཚུལ་ཟབ་མོ་དགོངས་བ་དང་དགོངས་པའི་ཚིག་དོན་མ་རྟོགས་པར་སྒྲ་ཇི་བཞིན་པར་བཟུང་ནས་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །ཞེས་སྐུར་པ་འདེབས་པས་ནི་རང་ཉིད་ཉམས་བར་བྱེད་དེ། །རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས། བདག་གི་སེམས་ཀྱི་གནས་གཏན་ལ་མ་ཕེབས་པར་འཁྲུལ་ནས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱིས་

(༨༡༧)གསུངས་པ་མ་ཡིན་གྱི། འདི་དག་ནི་རང་བཟོ་ཅན་གྱིས་བྱས་པ་ཡིན་ནོ། ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བའི་བདག་པོ་མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའོ། །ཞེས་དང་འཇམ་དཔལ་རྩ་རྒྱུད་ལས་ཀྱང་། གང་ཞིག་ཆོས་མཆོག་གཙོ་བོ་འདི། །རྒྱལ་བས་མཆོད་བའི་ཆོས་ཀྱི་མཛོད། །ས་སྟེང་མི་ཡིས་སྤོང་བྱེད་པ། །དེ་ནི་མནར་མེད་དམྱལ་བར་འགྲོ། །ཞེས་དང་། བདེ་མཆོག་ཉུང་དུའི་རྒྱུད་ལས་ཀྱང་། །མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་གསུངས་ཤིང་། རྒྱུད་བླ་མར་ཡང་། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། མི་བཟད་སྤྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་ཀྱི། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །གང་ཞིག་ཕ་མ་དགྲ་བཅོམ་གསོད་དང་མཆོག་ཚོགས་འབྱེད་པའི་མི་དེ་ཡང་། །ཆོས་ཉིད་ངེས་པར་བསམས་ནས་མྱུར་དུ་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐག་པ་ག་ལ་ཡོད། ཅེས་དང་། ཡུམ་རྒྱས་མར་ཡང་། ཤེས་རབ་འཚལ་བར་གྱུར་པའི་ལས་བྱས་ཤིང་བསགས་བ་དེ་དག་གིས་ཤེར་ཕྱིན་དང་ཆོས་སྤོང་པར་འགྱུར་ཏེ་དེ་དག་གིས་ཆོས་སྤངས་པས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤོང་བར་འགྱུར་ཏེ། རྣམ་མཁྱེན་

(༨༡༧)སྤངས་པས་ཆོས་བརླག་པར་འགྱུར་ཞིང་། དེའི་ལས་ཀྱིས་ལོ་བྱེ་བ་ཁྲག་ཁྲིག་མང་པོས་སེམས་ཅན་དམྱལ་བར་བསྲེག་པར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་དེ་ནས་ཐར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་རྣམས་སུ་སྐྱེ་ལ། དམྱལ་བ་དེ་དག་ཞིག་ཀྱང་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་རྣམས་སུ་འཕོ་ཞིང་བསྲེག་གོ། །དེ་ནས་ཀྱང་བྱོལ་སོང་གི་གནས་སུ་སྐྱེ་ཞིང་། །དེ་དག་གི་ལས་ཟད་ནས་བརྒྱ་ལ་མི་ར་སྐྱེས་ཀྱང་ཆོས་སྤོང་བའི་ལས་བྱས་པ་དང་། བསགས་པ་དང་། བསྒྲུབས་པ་དང་། ཚང་བ་དང་། རྫོགས་བའི་རྣམ་སྨིན་གྱིས། མིའི་སྐྱེ་བ་གང་དུ་ཡང་། དམུས་ལོང་དང་། ཕྱགས་དར་དང་། གདོལ་བ་དང་། སྨྱིག་མ་མཁན་གྱི་རིགས་དང་། ཞར་བ་དང་། སྣ་དང་། ལྕེ་དང་། རྐང་ལག་མེད་པ་དང་། །མཛེ་བཀྲ་ཅན་དང་། སྐུར་པོ་དང་། ཀུན་མཆོག་གསུམ་གྱི་སྒྲ་མེད་པར་སྐྱེ་བ་དང་། །ཞེས་དང་། མཚམས་མེད་ལྔས་ནི་ཆོས་སྤོང་པར་འགྱུར་བ་འདི་ཡི་གཟུགས་བརྙན་ཙམ་དུ་ཡང་མི་སྤྱོད་དོ། །ཤཱ་རིའི་བུ། ཆོས་སྤོང་བའི་བསམ་པས་འདི་སྐད་དུ། འདི་ལ་ཁྱེད་དང་བདག་ཅག་གིས་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ་འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཞིང་། དེ་བདག་ཉིད་ཀྱང་སྤོང་ལ། གཞན་ལ་མོས་པ་མེད་པར་བྱེད་ཅིང་། བདག་གཞན་གྱི་བསམ་པ་ཉམས་པར་བྱེད་པ། བདག་གཞན་ཆུང་གསན་པར་དགའ། །བདག་ཉིད་ཀྱང་ཕྱིར་སྤང་བར་འདོད་ལ་གཞན་ཡང་སྤང་དུ་འཇུག་པ་ཆོས་འཇིག་པའི་ལས་བསགས་པ་དེའི་གཟུགས་བརྙན་དུ་ཡང་འགྱུར་རེ་ཀན། ཤཱ་རིའི་བུ། ངས་ནི་གང་ཟག་དེ་ལྟ་བུར་ཐོབ་པས་ཡང་བྱ་བར་མ་གནང་ན། འཕྲད་པ་དང་འགྲོགས་པ་ལྟོ་སྨོས་ཀྱང་ཅི་སྨོས་སོ། །ཞེས་གསུངས་ཤིང་། མདོར་ན་རྡོ་རྗེ་ཐེག་པའི་ཟབ་མོ་མཐར་ཐུག་པ་

(༨༡༩)རྣམས་ལ་སྐྱོན་བཏགས་ནས་སྨད་པས་ཆོས་སྤོང་བའི་ལས་བསགས་ཤིང་། དེའི་ཉེས་པ་གོང་དུ་སྨོས་པ་རྣམས་དང་། ཁྱད་པར་ཚེ་འདིར་ཡང་ལྷ་མ་ཀུན་གྱིས་སྤངས་ཤིང་ཡིད་དུ་མི་འོང་བ་དང་། བསྙེན་སྒྲུབ་བཟླས་པ་སོགས་ལ་འབད་ཀྱང་དག་གི་ནུས་པདྨ་ཡོང་བ་དང་། ཆོས་བདག་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཀྱང་གློ་བུར་དུ་སྲོག་འཕྲོག་པ་དང་། མི་འདོད་པ་སྣ་ཚོགས་སྟེང་དུ་འབབས་ཤིང་། རྩ་ལྟུང་གཉིས་པ་དང་། དྲུག་པས་ཀྱང་ཕོགས་ཏེ། དེའི་རྐྱེན་གྱིས་རྡོ་རྗེའི་དམྱལ་བར་ཡང་འོ་བརྒྱལ་མྱོང་བར་འགྱུར་རོ། །དེས་ཉོན་མོངས་ཀྱིད་ཀུན་ནས་བསླངས་ཏེ་ཆོས་ལ་སྐྱོན་བརྗོད་བས་ཆོས་སྤོང་བའི་ལས་ཆེན་པོ་བསགས་བའི་ཚིག་འདི་དག་གི་རྗེས་སུ། ཁ་ཕྱིར་བལྟས་ཀྱི་བློ་མིག་ཅན་གཞན་ཁ་ཅིག་ཀྱང་རི་བོང་ཅལ་ལྟར་རྫོགས་བ་ཆེན་པོ་ལ་སོགས་བ་རྡོ་རྗེ་ཐེག་བའི་ཆོས་ཟབ་རྒྱས་ཅན་རྣམས་ལ་སྨོད་པ་ནི་ཤིན་ཏུ་ཡང་རིགས་བ་མ་ཡིན་ཏེ། །གོང་དུ་བརྗོད་པ་རྣམས་ལ་རྟོགས་བར་བྱའོ། །གཞན་ཡང་རྫོགས་ཆེན་སོགས་སྔགས་རྙིང་མ་ལ་ཁྱད་བར་འཕགས་པའི་ཆེ་བ་དྲུག་ཡོད་བར་གསུངས་ཏེ། དང་པོ་སྤྱན་འདྲེན་པ་པོ་ཡོན་བདག་གི་ཁྱད་པར་ནི། མངའ་བདག་མེས་དབོན་གསུམ་འཕགས་པ་རིགས་གསུམ་མགོན་པོའི་སྤྲུལ་སྤས་སྤྱན་དྲངས་པ་ཡིན་ལ། ད་ལྟ་གང་ཟག་སྐྱེ་སེར་རེས་ཡོན་བདག་བྱས་ནས་བསྒྱུར་བ་དང་མི་འདྲ། ཕྱག་བཞེས་གཙུག་ལག་གི་ཁྱད་བར་ནི། སྔོན་དཔལ་གྱི་བསམ་ཡས་དང་ཆོས་འཁོར་སྟོད་སྨད་དུ་གཏན་ལ་ཕན་པ་ཡིན་ལ། ད་ལྟའི་དགོན་ཕུག་ཅག་ཅོག་རེ་དང་མི་འདྲ། འགྱུར་བྱེད་ལོ་ཙཱའི་ཁྱད་པར་ནི། སྔོན་སྤ་གོར་བཻ་རོ་ཙན་དང་། སྐ་ཅོག་གཉིས་ལ་སོགས་པ་སྤྲུལ་པའི་ལོ་ཙཱ་བས་བསྒྱུར་བའི་ཆོས་ཡིན་ལ། ད་ལྟའི་ལོ་ཙཱ་བ་དགུན་བལ་ཡུལ་དུ་བསྡད། དབྱར་མང་ཡུལ་དུ་དོན་ནས་སྔོན་མཁས་བའི་འགྱུར་ལ་རང་

(༨༢༠)བཟོས་བཅོས་སྣ་ཚོགས་བྱེད་པ་དང་མི་འདྲ། པཎིྜ་ཏའི་ཁྱད་པར་ནི། སྔོན་གྱི་པཎིྜ་ཏ་པདྨ་འབྱུང་གནས། བོ་དྷི་སཏྭ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ་ལ་སོགས་རིག་འཛིན་གྱི་ས་ལ་གནས་བའི་བྱང་ཆུབ་སེམས་དཔས་སྤྱན་དྲངས་བའི་ཆོས་ཡིན་ལ། ད་ལྟའི་པཎིྜ་ཏ་ལྟོ་མ་ཕྱིད་པ་བོད་དུ་གསེར་ཚོལ་དུ་ཡོང་བའི་བཟང་སྤྲང་ཚོ་གཅིག་དང་མི་འདྲ། ཞུ་རྟེན་མེ་ཏོག་གི་ཁྱད་པར་ནི། སྔོན་གསེར་ཕྱེ་བྲེ་ལ་འཇལ། གསེར་ཤ་བའི་རླིད་བུ་བཀང་ནས་ཕུལ། གསེར་རྟ་ཁལ་དང་། དྲེའུའི་ཁལ་དུ་ཕུལ་ནས་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་རེ་གཉིས་གཉིས་ཉུག་ཉུག་བྱས་ནས་ཞུས་པ་དང་མི་འདྲ། བརྗོད་བྱ་ཆོས་ཀྱི་ཁྱད་པར་ནི། སྔོན་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སུ་སྤྲུལ་པའི་ལོ་ཙཱ་བས་བཀའ་འགྱུར་པ་མེད་གཏན་ལ་ཕབ་བས་ཤེས་བྱ་དངོས་པོའི་འདུག་ཚུལ་གཏན་ལ་འབེབས་ཤིང་དེ་རྟོགས་པར་བྱེད་པའི་ཐབས་དུ་མས་བརྒྱན་པའི་ཆོས་དང་། དུས་ད་ལྟའི་ལོ་ཅུ་པ་རྫུན་པོ་ཆེས་སྔོན་མཁས་པའི་འགྱུར་ལ་བཅོས་མ་སྣ་ཚོགས་བྱེད། སངས་རྒྱས་ཀྱི་གསུང་དང་བླ་མའི་བཀའ་ལ་རས་གཅོད་བྱས་ནས་མི་རེའི་ཆོས་རེ་བཅོས་ནས་གཅིག་སྐྱོན་གཅིག་ལ་འགེལ། ཕ་དཔེ་ལ་བུ་མི་བཏུབ་པའི་ཆོས་དང་མི་འདྲ་སྟེ་ཁྱད་པར་ཆེ་ཞེས་རོང་པ་ཆོས་བཟང་གིས་གསུངས་སོ། །དེས་ན་རྒྱ་བོད་གཉིས་ཀར་བྱོན་པའི་མཁས་གྲུབ་ས་སྐྱ་པ་ལ་སོགས་ཆོས་མང་བ་འདི་ཙམ་ཞིག་གིས་དཔང་དང་ཚད་མར་བྱེད་པའི་སྔགས་རྙིང་མ་རྫོགས་ཆེན་དང་བཅས་བ་རྣམས་སུན་འབྱིན་པ་ཆོས་སྤོང་བའི་ལས་བ་སོགས་པའི་ཉེས་པ་དང་རྣམ་སྨིན་ནི་གོང་དུ་བརྗོད་པ་ལྟར་མཐའ་ཡས་བས། ཟབ་མོའི་ཆོས་ནི་སྟོན་པ་ལ། གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཞེས་པའི་དོན་དྲན་བར་བྱས་ནས་ཆོས་སྤོང་བའི་ལས་ལ་བག་ཡོད་པར་བྱོས་ཤིག་ །གཞན་ཡང་། རང་བྱུང་ཉིད་ཀྱི་དོན་དམ་སྟེ། །དད་པ་ཉིད་ཀྱིས་རྟོགས་བྱ་བ། །ཞེས་པ་ལྟར། རྒྱལ་བའི་གསུང་རབ་མཐའ་ཡས་པ་རྣམས་ལ་ཕྱོགས་ཞེན་དང་། ཞེན་ལྟའི་དྲི་མ་སྤངས་ཏེ་གཟུ་བོར་གནས་པའི་བློས་ཕྱོགས་མེད་རིས་

(༨༢༡)མེད་ཀྱི་སྒོ་ནས་ཉམས་སུ་བླངས་ཤིང་ཉམས་སུ་ལེན་པ་མི་ལྕོགས་ཀྱང་། ཐམས་ཅད་ལ་ཕྱོགས་རིས་སྤངས་པའི་དད་པ་ཆེན་པོ་བསྐྱེད་ན་ཐབས་མཁས་པ་ཆེན་པོར་འགྱུར་རོ། །དེ་ལྟ་མིན་ན་བོད་ཡུལ་དུ་དར་བའི་དམ་པའི་ཆོས་ཕལ་ཆེར་ལ་སྐྱོན་མ་བཀལ་བ་དང་། སུན་མ་ཕྱུང་པ་མི་སྣང་ཞང་། ཕན་ཚུན་རྫ་བརྡབས་པ་ལྟར་བྱས་པར་སྣང་བས་དོན་ལ་རྟོན་པའི་བློ་གྲོས་དང་ལྡན་བར་བྱས་ནས་ཡིད་ཆོས་ལ་སྡང་བ་ལས་ཕྱིར་ཕྱོགས་པར་བྱའོ། ཀྱེ་མ་དེང་སང་སྙིགས་དུས་འདིར། མཁས་པར་ཁས་འཆེ་ཕལ་ཆེར་ཡང་། །དོན་ལ་མི་རྟོན་ཚིག་ཕྱིར་འབྲང་ཕྱོགས་རེའི་ཆ་བཟུང་ཅིག་ཤོས་སྨད། །སྡང་ཞུགས་ལོག་རྟོག་ཞེན་ལྟ་ཡི། །དྲི་མས་རབ་བསླད་དམ་ཆོས་དོར། །ཉོན་མོངས་ཀུན་ནས་དཀྲིས་དབང་གིས། །དམ་པའི་ཆོས་སྤོང་དེ་ཡི་རྒྱུས། །ཚེ་འདིར་མི་འདོད་སྣ་ཚོགས་དང་། །ཕྱི་མ་མནར་མེད་དམྱལ་གཏིང་དུ། སྐྱབས་མེད་གྱུར་པ་སྤྱིའུ་ཚུགས་ལྟུང་། །དམན་པ་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆི། །དེས་ན་དམ་ཆོས་སྤོང་བ་ཡི། །ལས་ཀྱི་རྣམ་སྨིན་འཇིགས་བས་ན། སྐལ་མེད་ལོག་རྟོག་ཅན་མ་གཏོགས། །ཤེས་ལྡན་སུ་ཡིད་འདི་ལ་རྟོན། །སྟོན་པ་སངས་རྒྱས་བཅོམ་ལྡན་གྱིས། །ཟབ་མོའི་ཆོས་ལ་མི་མོས་ཀྱང་། །སྐུར་བ་གདབ་པར་མི་བྱ་སྟེ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ཉིས་དྲན་གྱིས་མ་གསུངས་སམ། །དེས་ན་རྒྱལ་བ་སྲས་བཅས་ཀྱི། གསུང་རབ་མ་ལུས་ཐམས་ཅད་ལ། །དད་པས་དེ་རྗེས་འབྲང་བ་ལེགས། །བོད་ཀྱི་སློབ་དཔོན་ཕྱོགས་ཞེན་ཅན། །གཟུ་བོར་མི་གནས་ཁ་ཅིག་གིས། །དོན་ལ་མི་རྟོན་ཚིག་ཕྱིར་འབྲངས་། །ཚིག་གི་ན་ཡམ་འགྲིག་འགྲིག་གི། །རྗེས་འབྲངས་ཁ་ཅིག་སྐུར་འདེབས་མོད། །དེ་ལྟ་མིན་ན་རྒྱ་བོད་ཀྱི། །མཁས་གྲུབ་སྐྱེས་མཆོག་ཐམས་ཅད་དང་། །བོད་དུ་སྔ་ཕྱིར་བྱོན་པ་ཡི།

(༨༢༢)ལོ་པཎ་མཁས་གྲུབ་མང་པོ་ཡིས། །དཔང་དང་ཚང་མར་བྱས་པས་ན། །དེ་རྗེས་འབྲང་བ་ཅི་མ་རུང་། །རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱིས། །བཤད་བསྒྱུར་མཛད་པ་མ་ཡིན་ཞིང་། །བོད་ཀྱིས་རང་བཟོ་བྱས་ཟེར་བ། །དངོས་སུ་བསྙོན་བརྟོལ་བྱེད་པར་ཟད། །དེས་ན་པདྨ་འབྱུང་གནས་སོགས། །རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱིས། །བཤད་སྒྲུབ་བསྒྱུར་བ་མ་ཡིན་ཞེས། །ངེས་པར་སྨྲ་བ་འདི་མི་རིགས། །ཡང་ན་དེང་སང་ཁ་ཅིག་གིས། །དུས་ཀྱི་འཁོར་ལོ་ལ་སོགས་པའི། །སེམས་འགྲེལ་སྐོར་གསུམ་ཐམས་ཅད་ལ། །འཁྲུལ་བ་ནང་འགལ་སྣ་ཚོགས་བྱས། །རྒྱུད་འབྲེལ་དེ་རྣམས་ཐམས་ཅད་ལ། །ལེན་བྱེད་ཚད་མ་མེད་དོ་ལོ། །དུས་འཁོར་ཞབས་ལ་སོགས་པ་ནི། །ཆེན་པ་རྣམ་ལ་མ་གྲགས་ཕྱིར། །ཚད་མའི་སྐྱེས་བུ་མ་ཡིན་ལོ། །ཁྱོད་ཀྱང་ཚུལ་འདི་སྨྲ་ན་སྨྲོས། །དེ་ལས་གཞན་པ་པདྨ་འབྱུང་། །སངས་རྒྱས་གསང་བ་བི་མ་ལ། །བཻ་ར་ཙ་ན་ལ་སོགས་ཀྱིས། །མ་བསྒྱུར་མ་མཛད་ཐག་ཆོད་ཅེས། །ཚུལ་མིན་དྲན་ཚང་སྨྲ་བ་ཡི། །ཁ་དེ་བདུད་ཀྱིས་མ་ཕྱེས་སམ། །སྤྱིར་གྱི་གསར་རྙིང་ཁ་ཡར་ལ། །བསླད་སོགས་ཡོད་པར་སྨྲ་མོད་ཀྱི། །རྙིང་མ་རྫོགས་ཆེན་རྗེས་འབྲངས་བཅས། །ཚིག་འབྲུ་གཅིག་ཀྱང་མི་དག་ལ། །བོད་ཀྱིས་བརྩམས་བའི་ཆོས་ལོག་ཅེས། །སྐུར་འདེབས་བྱེད་པ་ཞེ་རེ་འཇིགས། །དེས་ན་མཁས་པ་བློ་གྲོས་ལྡན། །དབང་རྣོན་ཆོས་རྗེས་འབྲངས་ན་ཡང་། །ཚིག་ལ་མི་རྟོན་དོན་ལ་རྟོན། །ཡང་ན་བླུན་པོ་མོས་པ་བརྟན། །དབང་རྟུལ་དང་རྗེ་འབྲངས་ན་ཡང་། །རྒྱ་བོད་མཁས་གྲུབ་འདི་སྙེད་ཀྱི། །རྗེས་སུ་འབྲངས་ལ་འགྱོད་པ་མེད། །འཕགས་པའི་ཡུལ་གྱི་མཁས་གྲུབ་མཆོག་ །པད་འབྱུང་དྲི་མེད་བཤེས་གཉེན་དང་། །སངས་རྒྱས་གསང་བ་ཧཱུྃ་ཀཱར། །སྒེག་པ་རྡོ་རྗེ་དམ་པ་སོགས། །རྒྱ་གར་མཁས་གྲུབ་ལྟ་ཅི་སྨོས། །བོད་དུ་སྔ་ཕྱིར་བྱོན་པ་ཡི། །སྐྱེས་ཆེན་དམ་པ་ཐུགས་རྗེ་ཅན། །བཻ་རོ་ཙཱ་

(༨༢༣)ན་སྐ་ཅོག་སོགས། །རྗེ་འབངས་ཉི་ཤུ་རྩ་ལྔ་དང་། །སང་མི་མི་བདུན་ལ་སོགས་བའི། །སྔར་བྱོན་ལོ་པཎ་ཐམས་ཅད་དང་། །ཕྱིས་ཀྱི་རྡོག་བཙུན་ལེགས་ཤེ་སོགས། །བཀའ་གདམས་པ་ཡི་སྐྱེས་ཆེན་དང་། །མཉམ་མེད་དཔལ་ལྡན་ས་སྐྱ་བ། །ཀླུ་དབང་བསྲུང་བ་ལ་སོགས་ནས། །ཆོས་རྗེ་བསོད་རྒྱལ་ཡན་ཆད་ཀྱི། །སྐྱེས་ཆེན་དམ་པ་ཐམས་ཅད་དང་། །མི་ལ་དྭགས་པོ་ཕ་མོ་གྲུ། །འབྲི་སྟག་མཚལ་འབྲུག་ཐམས་ཅད་དང་། །དུས་གསུམ་མཁྱེན་པ་ཀརྨ་བ། །རང་བྱུང་རྡོ་རྗེ་ཆོས་ཀྱི་གྲགས། །སྤྲུལ་སྐུ་ཆོས་དཔལ་བཟད་པོ་ཡན། །སྐྱེས་ཆེན་ཀརྨ་པ་རྣམས་སོགས། །དྭགས་པོ་བཀའ་བརྒྱུད་ཐམས་ཅད་དང་། །བཀའ་བབས་སྐོར་གསུམ་བརྒྱུད་པ་དང་། །མ་གཅིག་ལབ་སྒྲོན་ལ་སོགས་པའི། །ཞི་གཅོད་བཀའ་བརྒྱུད་ཐམས་ཅད་དང་། །མཉམ་མེད་ཤངས་པ་བཀའ་བརྒྱུད་སོགས། །བོད་ཀྱི་བཀའ་བརྒྱུད་དེ་རྣམས་དང་། །དུས་ཕྱིས་གྲུབ་ཆེན་གསེར་སྟེགས་པ། །མ་གཅིག་ཇོ་འབུམ་ཆོས་སྐུ་འོད། །མཁས་གྲུབ་ཨོ་རྒྱན་གཉན་རས་དང་། །ཀུན་སྤངས་ཀུན་མཁྱེན་འཕགས་པ་འོད། །རྒྱལ་ཡེ་ཡོན་ཏན་རྒྱ་མཚོ་དང་། །དབང་རྒྱལ་ཤིར་འབུམ་བསྐལ་པ་བཟང་། །མཁན་ཆེན་འཛིམ་པ་སྤང་སྒང་པ། །ཀུན་མཁྱེན་ཆོས་རྗེ་ཡབ་སྲས་དང་། །འཇམ་དབྱངས་བརྡ་སྟོན་རྒྱལ་བ་གཡུང་། །མཁས་གྲུབ་གཡག་བསྡེ་པཎ་ཆེན་སོགས། །བཀའ་བརྒྱུད་སོ་སོའི་སྲིལ་འཛིན་པའི། །སྡོམ་བརྩོན་རིག་པ་འཛིན་བ་ཡི། །མཁས་གྲུབ་ཕལ་མོ་ཆེ་རྣམས་ཀྱིས། །རྫོགས་ཆེན་ལ་སོགས་རྙིང་མ་ལ། །ཐུགས་དམ་སྙིང་པོ་བྱེད་པ་མང་། །མཁས་གྲུབ་དེ་དག་ཐམས་ཅད་ལས། །ལོག་རྟོག་ཅན་གྱི་གང་ཟག་ཕལ། །ལྷག་པ་ཡིན་ན་མ་ཤེས་ལྡན་དང་། །གང་ཟག་ཚིག་ལ་རབ་རྟོན་ཞིང་། །རྟོག་གི་ངན་ལ་རབ་ཏུ་ཞེན། །ཕྱོགས་ཞེན་ཆགས་སྡང་གིས་

(༨༢༤)དཀྲུགས་བའི། །མཁས་པར་རློམ་པ་ཁ་ཅིག་དང་། །སྨྲ་ཁམས་ཅན་གྱི་སྐྱེ་བོ་ཡི། །རྗེས་སུ་འབྲངས་ནས་ཆོས་སྤངས་ན། །རང་གཞན་གཉིས་ཀ་ཉམས་འགྱུར་བས། །དོན་མེད་ཆོས་སྤང་བསགས་པ་ཡི། །རྗེས་སུ་མ་འབྲངས་ཤེས་ལྡན་དག་ །གང་གི་ཕྱོགས་ལྷུང་རབ་ཏུ་སྤོངས། །མཁས་གྲུབ་ཕྱོགས་རིས་མེད་པ་ཡི། །རྗེས་སུ་འབྲངས་ཤིག་ཤེས་ལྡན་དག་ །བཀའ་བརྒྱུད་གོང་མ་དེ་དག་ལས། །ད་ལྟའི་གང་ཟག་ཕལ་མོ་ཆེ། །མཁས་ལྟར་སྣང་ཡང་སྣང་ཙམ་ཡིན། །མངོན་ཤེས་ཉམས་རྟོགས་ཆོས་སྤྱན་མེད། །ཀུན་རྟོག་ངན་པས་དཔྱད་པ་ཡི། །ལོག་རྟོག་ངན་པ་འབའ་ཞིག་ཡིན། །བཀའ་བརྒྱུད་གོང་མ་ཐམས་ཅད་ཀྱིས། །ཞི་ཕྱག་རྫོགས་གསུམ་ཐམས་ཅད་ལ། །སྙིང་པོར་བྱེད་བ་མང་སྣང་བས། །དད་པས་དེ་རྗེས་འབྲང་བ་ལེགས། །གལ་ཏེ་དེ་རྣམས་ཀྱིས་ནོར་ན། །གཞན་གྱིས་ནོར་བ་རབ་ཏུ་བཟོད། །ནོར་ཡང་ནོར་ས་མ་ནོར་མོད། །ལོག་པར་རྟོག་ལ་ཅི་ཆ་ཡོད། །རྐུན་བོ་རྣམས་ཀྱིས་ཁྱེར་བཏགས་པས། །ར་སྐྱེས་ཁུར་བས་བྲམ་ཟེས་པོར། །ལོག་རྟོག་ཅན་གྱི་སྐྱེ་བོ་འགའ། །ཆོས་དང་འཕགས་ལ་སྐུར་འདེབས་བའི། །མཚམས་མེད་ལས་ལྕིའི་ཆོས་སྤོང་པའི། །རྗེས་སུ་ཤེས་ལྡན་ཁ་ཅིག་ཀྱང་། །ཞུགས་ནས་མི་ཟད་སྡིག་བའི་ལས། །བྱེད་པས་ཕྱེ་ལེབ་མེར་མཆོངས་མཚུངས། །གལ་ཏེ་གང་ཟག་རེ་རེ་ཡི། །རྗེས་སུ་འབྲང་ནས་རྫོགས་ཆེན་སོགས། །རྡོ་རྗེ་ཐེག་པ་སུན་འབྱིན་པའི། །མི་ཟད་སྡིག་ཏོའི་ལས་བྱེད་ན། །གངས་ཅན་ཁྲོད་ཀྱི་ཆོས་རྣམས་ལ། །ཉམས་སུ་བླང་རུང་ཉིན་སྐར་ཙམ། །དེ་ཡི་རྒྱུ་མཚན་དཱི་ལྟ་སྟེ། །ཞི་ཕྱག་གཅོད་དང་རོ་སྙོམས་དང་། །ལམ་འབྲས་རྡོ་རྗེའི་ཚིག་རྐང་དང་། །བདེ་མཆོག་སྙན་བརྒྱུད་སེམས་ཁྲིད་དང་། །ཐབས་ལམ་གཏུམ་མོ་ཞག་བདུན་དང་། །དཔལ་ལྡན་དུས་ཀྱི་འཁོར་ལོ་སོགས། །སེམས་འགྲལ་སྐོར་

(༨༢༥)གསུམ་མན་ངག་བཅས། །གསང་འདུས་གཉིས་མེད་རྣམ་རྒྱལ་དང་། །བདེ་མཆོག་ར་ལིའི་སྐོར་ལ་སོགས། །རྒྱུད་སྡེ་ཕལ་མོ་ཆེ་རྣམས་ཀུན། །བཀའ་དང་ཆོས་མིན་མ་བསྒྲུབས་སམ། །ལེགས་པར་དཔྱོད་དང་ཤེས་ལྡན་དག་ །བདག་ནི་ཚེ་རབས་ཐམས་ཅད་དུ། །དལ་ཐོབ་མཐོ་རིས་ཡོན་ཏན་ལྡན། །བཤེས་གཉེན་མཆོག་ལ་སོགས་པ་ཡི། །དམ་ཆོས་བསྒྲུབ་པའི་མཐུ་རྐྱེན་རྣམས། །མ་ཚང་མེད་པར་འབྱོར་གྱུར་ནས། །རྒྱལ་བའི་བསྟན་པ་ཐམས་ཅད་ལ། །ཕྱོགས་རིས་མེད་བའི་དད་ཐོབ་ནས། །ཚུལ་བཞིན་ཉམས་སུ་ལེན་པར་ཤོག་ །ཚུལ་བཞིན་ཉམས་ལེན་མ་ནུས་ནའང་། །རྒྱལ་བའི་གསུང་རབ་ཐམས་ཅད་ལ། །ཕྱོགས་མེད་དད་པར་བྱེད་པར་ཤོག་ །ཅེས་རྫོགས་པ་ཆེན་པོ་ལ་སོགས་སྔགས་རྙིང་མ་རྗེས་འབྲངས་དང་བཅས་པའི་ཚིག་དོན་ལ་ལོག་པར་རྟོགས་པའི་འཁྲུལ་པ་ངན་པ་འཇོམས་པའི་བསྟན་བཅོས་འཁྲུལ་འཇོམས་ཞེས་བྱ་བ་འདི་ནི་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་དཔྱིད་ཟླ་ར་བའི་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོས་མུ་སྟེགས་པ་རྣམས་ཕམ་པར་མཛད་བའི་དུས་ཀྱི་ཟླ་བའི་དཀར་ཕྱོགས་ཀྱི་ཆོས་བཅུའི་ཉིན་པར་རྫོགས་བར་བྲིས་པ་འདིས། །ལོག་བར་རྟོགས་པ་རྣམས་ཀྱི་འཁྲུལ་པ་ཐམས་ཅད་བཅོམ་ནས། །ཕྱིས་ནས་རྫོགས་པ་ཆེན་པོ་སྐྱབས་ཀྱི་དམ་པ་མཆོག་ཏུ་གྱུར་ཅིག་ །རྒྱལ་བས་ཆོ་འཕྲུལ་ཆེན་པོའི་མཛད་པ་དང་། ནམ་མཁའ་ལྡིང་གིས་ཀླུ་ལ་བྱ་བ་བཞིན། །ཕ་ལམ་རྡོ་རྗེ་ལྟ་བུའི་མཚོན་ཆ་ལ། །རྣོ་དཔལ་ཚེར་མ་རང་བྱུང་རྡོ་རྗེས་བ་སྨན། །དགེ་བས་བསྟན་ལ་ཕྱོགས་ལྷུང་ཞིག་གྱུར་ཅིག་ དགེའོ། དགེའི། དགེའི།

(༨༢༦)

(༨༢༧)ཆབ་ཤོག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་མིའམ་ཅིའི་ཟློས་དཀར་བཞུགས་སོ།

(༨༢༨)དངོས་ཅག་ལ་ཞབས་དྲུང་ལྷ་པས་རང་གི་ཁབ་ཏུ་བསྐྱོད་དགོས་གསུངས་བ་ཐོག་མར་བྱུང་བའི་ལན་ཕུལ་བ། །འདི་ན་སྣོད་བཅུད་དགེ་མཚན་མ་ལུས་ཕྱུར་བུར་སྤུངས་པའི་ས་འཛིན་དོགས། །རྩ་མཆོག་མྱུ་གུའི་མངོན་པར་རྟོགས་པས་མིང་གི་ཅོད་པཎ་འགོད་པ་དང་། ཆགས་ཅིག་འཆི་མེད་རིགས་ཀྱི་ཐིག་ལེའི་རྟེན་དང་བརྟེན་པའི་རང་བཞིན་ཅན། །དབང་བཅུའི་དཔལ་གྱི་རྗེས་སུ་ཉེར་འགྲོ་མི་དབང་མཁས་པའི་དབང་པོ་རྒྱལ། །ཞབས་པད་རིན་པོ་ཆེར། །གང་གི་ཚེ་སངས་རྒྱས་མང་པོ་ལ་བསྙེན་བཀུར་པ་དང་། །ཐབས་དང་སྤྱོད་པའི་ཚོགས་རྒྱ་མཚོ་འབྱམས་ཀླས་པས་ཆོ་འབྲང་བཙན་པོའི་ཁབ་ཏུ་ཞབས་བརྟན་ལེགས་པར་བཀོད་པ་ནའང་། །དེ་ཙམ་གྱིས་ཁེངས་པ་དང་བརྟུན་ངས་པའི་ཀུན་འབྱུང་གི་རྣམ་པར་རྟོག་པ་ནི་ཡོངས་སུ་སྤངས། མཚན་དཔེའི་ཟླ་ཞལ་གསར་པའི་དོགས་སུ་ཐར་པའི་ལམ་དང་རྗེས་སུ་འབྲེལ་བའི་ཡོན་ཏན་རྒྱ་མཚོས་མངོན་པར་ཕྱུག་པར་གཏན་ཆགས་པ་ནས་ཆབ་ཞོག་རིན་པོ་ཆེ་གནང་རྟེན་གྱི་རེ་ཁཱ་ཅན་དང་། །དབང་ཆོག་ དཀྱིལ་ཐང་། །ཙ་ཀླི་བཅས་ཉམས་མེད་སོན་པ་བཀའ་དྲིན་དམ་

(༨༢༩)པར་ཆེ་ལགས། འདི་ན་རྒྱལ་དབང་པདྨའི་ཐུགས་རྗེས་འཚོ་བ་གྱི་ན་པའང་དགེ་སྦྱོར་ལ་འབད་ ཁུལ་ན་ལགས། མཚམས་ཞུས། དངོས་ཅག་ལ་རྒྱ་ཆེ་བ་དང་ཟབ་པའི་ཡོན་ཏན་གྱིས་ཉེ་བར་གོས་པ་ཞིག་མ་ལགས་མོད་ཀྱིས། །དམ་བའི་ཀུན་ཏུ་སྤྱོད་པ་རྒྱ་མཚོས་བསྲུངས་བའི་མི་དབང་ཉིད་ཀྱིས་དཀར་པོ་རྣམ་པར་འཕེལ་བའི་ས་བོན་གྱིས་གཟིགས་པས་བསྐྱེད་བསྲིངས་པར་ངེས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་གོམ་སྟབས་ཕྱོགས་མི་འཚོལ་བར་བསྒྱུར་བའི་འདུན་པ་ཡིད་ལ་དམ་བཅའི་ཆོ་གར་བགོད་མོད། །དེ་ལྟར་ནའང་དང་ས་ཅག་གྲོ་བཞིན་གྱི་ཁྱིམ་ཟླ་ཚེས་མ་ཐག་པར་ཟུང་ཕུ་ལྷ་སྡིངས་སུ་རྗེ་ཐེག་གླིང་པ་ཞི་བར་གཤེགས་པའི་གདུང་རྟེན་རབ་གནས་ལ་བགྲེད་དུ་ཉེ་བ་དང་ཞར་ལག་ནས་ཆེན་དམ་པ་སྒྲགས་ཀྱི་ཡང་དབེན་དུ་ཏིང་ངེ་འཛིན་གྱིས་འཚོ་བ་དོན་དུ་གཉེར་བ་དང་བཅས་ཞག་གི་ཕུང་པོ་འགའ་ཞིག་འཐོགས་པའི་སྟ་གོན་གྲུབ་པ་ལགས། ཀུན་རྫོབ་རྟེན་འབྲེལ་གྱི་རྗེས་སུ་སོན་པས་ལོག་སར་མ་ཐག་པའམ་མེད་འང་རང་བཞིན་མེད་པའི་ཆོས་ཉིད་ལ་རྩིས་གདབ་མེད་པས་ཚུར་འཁོར་ཟླ་༡༠པའི་ནང་ཕྱིན་དེ་ག་མཆོག་གི་

(༨༣༠)དགོངས་པ་དང་བསྟུན་པའི་སྔ་འགྲོས་སུ་དུས་གསལ་དེས་བཅར་གྱི་ཕོ་ཉ་དང་བཅས་བཞེང་པ་བསྐང་ཆོག་པ་དང་། དུས་སླད་མའི་ཆར་ཡང་བསོད་ནམས་རྒྱ་མཚོའི་སྣང་བརྙན་གྱི་མྱུ་གུ་མཆོག་གུ་བརྟན་ཞིང་ཀུན་ནས་དགེ་བའི་ལུགས་ཟུང་གི་ཕྲིན་ལས་བསྙེལ་བ་མེད་པ་ནས་ཐུགས་བརྩེའི་འཆིང་རྒྱས་གཏང་མི་ཟ་བའི་བཀའི་ཕེབས་ཚོགས་ཀྱང་ཆུ་བོ་ཆེན་པོ་པྒཀྵའི་ཀླུ་བཞིན་ཞུ་བ་ཡིན། ཞུ་ཆུ་སྤྱན་སྤྱན་སྔར་སོན་པའི་རྟེན་འབྱུང་ལྷ་རྫས་བཅས་ཕུལ། །ཞབས་དྲུང་ལྷ་བའི་མཆིད་ལན་གཉིས་པ། འཆི་མེད་དཔལ་གྱི་གྲོང་ཁྱེར་སྐབས་གསུམ་པ། །རི་དབང་རྩེ་ནས་ལྷུང་ལྟ་ག་ལ་ཞིག་ །གཟུགས་བརྙན་གཉིས་བར་འཆར་བཟོད་ལེགས་བྱས་ཀྱི། །དཔུང་པས་ཐོབ་པའི་ལྷ་དབང་ཁྱོད་གཅིག་རྒྱལ། །ལྷ་གཟིགས་སུ་གསལ་འདི་ལྟར་བརྟན་གཡོའི་ཆོས་ནི་སྒྱུ་མ་མཁན་གྱི་བྱེད་ལས་དང་མཚུངས་པའི་སྐྱེད་མོའི་ཚལ་ནའང་། །འཆི་བ་སྤངས་པའི་ཆུ་སྐྱེས་གཞོན་ནུ་དཔྱིད་ཀྱི་ཕོ་ཉའི་ལང་ཚོ་དང་འགྲོགས་པའི་ཕྲིན་ལས་ཀྱི་བྱེད་པ་ཆབ་མི་འཚལ་བ་ནས། །མཆིད་ཀྱི་བཞིན་བཟང་རི་མོ་མཁན་གྱི་གཟུགས་བརྙན་དུ་འཕོས་པའི་གཏམ་གྱི་བརྗོད་པས་ཡིད་ལ་སིམ་པའི་ངོ་མཚར་ཅི་ཡང་བྱིན་པ་ལགས་འདིར་གནས་ཡུ་བུ་ཅག་ཀྱང་འཚོ་བའི་དུ་བྱེད་ཉམས་བརྟས་ཤིང་། འཆི་མེད་གྲུབ་པའི་རི་དོགས་ནས་དམ་པ་ཆོས་ཀྱི་རྔ་ཆེན་བརྡུང་བའི་སླད་དུ་བགྲོད་པའི་གོ་སྟབས་ལྷོད་པར་བསྒྱུར་བའི་མཆིད་གསལ་གཞོན་ནུའི་ལྕགས་ཀྱུས་བཏབ་པ་གང་། རི་ཁ་བ་ཅན་ན་ཐེག་པའི་རྒྱལ་བོས་ཆོས་ཀྱི་སྒྲ་དབྱངས་གནྡྷཛྙའི་རྒྱུད་མངས་ཀྱི་དབྱངས་སུ་འཚེར་བ་ལ། དུས་གསུམ་གྱི་བློ་མཆོག་རྣམས་ཀྱིས་ཀྱང་ཕྲག་བར་ལྕེ་བའི་གླེགས་པ་མ་དང་། རལ་གྲིའི་འཁྲི་ཤིང་འདར་བར་ནུས་པ་རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ལས། །རྣམ་གསུམ་ཤིང་རྟ་ཆ་ལག་ །མཛོད་བདུན་དགོངས་འགྲེལ་དང་བཅས་པའི་ཆོས་ཀྱི་འཁོར་ལོས་གཉུག་མའི་ཁང་བུར་བསྟིབ་ལ་རེ་ཞིག་བཤོལ་བཏབ་བོ། །རྒྱུ་གང་ལས་

(༨༣༡)མིའི་དབང་པོའི་མཆིད་ཀྱི་ཞུ་ལན་སྐབས་དེ་དང་དེ་ངག་ཏུ་དབུལ་བ་རྔོ་ཐོགས་པར་མ་གྱུར་མོད། འདི་ལྟར་རྒྱལ་རིགས་དྲ་མ་ཆེན་པོ་དག་ནི་རིགས་པ་དང་མ་ཡིན་བའི་གནས་ལ་ལེགས་པར་རྟོག་ཅིང་། བློ་གྲོས་ཀྱི་དཀྱིལ་ཁོ་ལག་ཡངས་པས་གཤུང་པའི་གནས་སྐབས་ལྟ་ག་ལ་ཞིག་ །ལྷ་བདུང་དགོངས་ཤིག་ །འདི་ན་བཤུལ་རིང་གི་མགྲོན་པོ་རྩ་ཅན་གྱད་ཀྱི་ཡུལ་དང་ཉེ་བ་ལྷོ་འབྲུག་གི་ཕྱོགས་ནས་ལྷགས་པ་དང་། །དངོས་ཅག་གི་གམ་དུ་རང་བཞིན་རྫོགས་པ་ཆེན་པོའི་ཟབ་པ་དང་རྒྱ་ཆེ་བའི་འབྲས་བུ་དོན་དུ་གཉེར་བདག་མཆིས་པའི་རེ་བའི་ཤིང་རྟ་ངལ་སོ་སོའི་འབབ་སྟེགས་ལ་བཀོད་ནས་སླར། གནམ་ལོའི་གདོང་པ་ཆུ་ཤེལ་གྱི་དཀྱིལ་འཁོར་ལྟར་གསར་དུ་རྔོམ་པ་ཆོ་འཕྲུལ་ཆེན་པོའི་དགའ་བ་གཉིས་པའི་ཉིན། ལྷ་གཅིག་མཁས་པའི་དབང་པོའི་རྒྱལ་ཁབ་དམ་པར་དྲན་པའི་འདུ་བྱེད་མངོན་དུ་ཕྱོགས་ནས་འདེགས་དམ་བཅའ་ཡིད་ཀྱི་ཆོ་གར་བཀོད་པ་ལགས་ན། །དེ་ཉིད་ཀྱི་ཞག་སྔ་མར་ཤུགས་ལྡན་གྱི་བཞོན་པ་ལྔ་དང་བཅས་པའི་མངག་གཞུག་པ་ཁོ་བོའི་གམ་དུ་འཁོད་པའི་སྐབས་དབྱེ་བར་མཛོད་ཅིག་ཅང་། ལྷ་སྲས་དམ་པའི་ཞལ་སྐྱིན་ཟླ་བ་འབུམ་གྱི་དཔལ་ཡོན་དང་འགྲོགས་པའི་དང་ཚུལ་དབང་པོའི་མངོན་པར་བལྟ་བ་ལ་གཅིག་ཏུ་མདུན་པ་ལགས། །ཞུ་ཆུང་འདེགས་མཚོན་དང་བཅས་ཆོས་བཟང་པོ་ལ་ཕུལ་བ་མཆོག་ཏུ་བཀྲ་ཤིས་པར་གྱུར་ཅིག་ །ལྕགས་ཟམ་སྤྲུལ་སྐུ་རིན་པོ་ཆེ་ལ་ཕུལ་བ། སྐྱེས་བུ་ཆེན་པོ་དེང་གཟིགས་སུ་གསོལ། །གང་དུ་གདོང་ཕྱོགས་ཤིང་གུས་པའི་མཆོད་སྤྲིན་ཆེན་པོ་སྤྲོ་བ་ནི་ལྗོན་ཞིང་གི་ལོ་འབྲས་མཆོག་ཏུ་དུད་པ་བཞིན་ནོ། །གསོལ་པར་འོས་པ་ནི། རྨད་དུ་བྱུང་བའི་ཐུགས་བསྐྱེད་ཀྱི་ཤིང་རྟས་དྲངས་པའི་མཚན་དཔེའི་འཁྲི་ཤིང་ནི་རྒུད་པ་མེད་པའི་དཔལ་གྱིས་ཉེ་བར་མཛེས་པ་ཉིད་དང་། ཕུལ་དུ་བྱུང་བའི་ཕྲིན་ལས་ལང་ཚོ་བློ་ན་གསལ་བཞིན་བ་ནས་བཀའ་ཐ་མ་རིན་ཆེན་མཚམས་ཀྱི་སྤྲིན་པའི་སྐུན་ཟླར་མཛེས་པ། བདེ་བླག་ཏུ་སོན་པས་གུས་པ་དང་སྤྲོ་བའི་རྣམ་འགྱུར་ནི་མདོངས་དང་ལྡན་པའི་ཐོས་འཛིན་དུ་

(༨༣༢)འཁྱོད་བོར་འགྲོ་བའི་རྡ་གསང་གྲགས་བ་ཇི་ལྟ་བའོ། །འདིར་གནས་པའང་རྩ་གསུམ་རྒྱ་མཚོའི་ཐུགས་རྗེའི་གདུགས་ཀྱི་གྲིབ་བསིལ་ལ་དལ་བཏེག་འཆའ་བའི་རྣམ་པར་གང་ཡིན་བ་དེའོ། །རེ་ཞིག་འདས་པ་ན་རྒྱུད་ལུང་མན་ངག་ཀུན་གྱི་ཡང་བཅུད་བདེ་གཤེགས་འདུས་བའི་པུ་སྟ་ཀ་དང་ཆབས་ཅིག་པར་རྣམ་འདྲེན་དམ་པའི་གསུང་གི་གསང་བ་བསམ་གྱི་མི་ཁྱབ་པ་བྲི་གཞིའི་ངོ་ས་ལ་གཟུགས་བརྙན་གྱི་དམ་བཅར་བཀང་བ་དེ་འདྲེན་བྱེད་ཀྱི་པད་མཚེར་ལྟུངས་པས་སྲེད་ལྡན་མའི་ཆོམ་རྐུན་སྐྱེས་བུའི་ཡིད་ཀྱི་གྲོང་ཁྱེར་དམ་བར་ཞུགས་པ་ཉིད་དུ་འགྲན་པར་འོས་སོ། །འདིར་དགོངས་ཤིག་ ཇི་ལྟར་སྩལ་པའི་བཀའི་མ་ཆིད་ཕྲེང་མནྡཱ་ར་བའི་དོ་ཤལ་མགུལ་པར་མཚོན་ཏེ་སྙིང་ལ་ཡང་དག་བཅང་བ་ལས་འདས་པའི་རང་བཞིན་གང་ཡིན་པ། །མྱུར་འགྲོའི་མགྲིན་པ་ལས་ལུ་གུ་རྒྱུད་དུ་གསོལ་བདེ་ལགས། །ནོངས་པ་གང་ཡིན་པ་མི་འཆབ་པ་ལགས་པས་ཚངས་པར་སྩལ་བ་ལ་ཅིག་ནང་། །དངས་ཅག་སྲིད་པའི་འཁོར་ལོར་ཡུན་དུ་འཚོ་བའི་རྟེན་འབྱུང་གི་དངོས་པོ་ལྷའི་ལྦ་སྟྲ་དང་། ནཻ་པ་ལའི་དོང་རྩེའི་ཁུར་གྱིས་ལྕི་བའི་རྟེན་འབྲེལ་གྱི་མཚན་མ་ཡང་གདུང་བས་ཉོན་པ་ཁུ་འཕངས་ཀྱི་གྲིབ་ཏུ་བསིལ་བ་དེ་ཅི་འདྲ་བའོ། །སྙིང་གི་དབུས་སུ་ནི་གསང་ཆེན་སྙིང་བོའི་བསྟན་པ་ཁོ་ན་ཡང་ཡང་ལྷགས་ནས་རྒྱུད་འབུམ་རིན་པོ་ཆེའི་བསྟན་པའི་སྣང་བ་གསར་དུ་སྣང་བྱར་བྱེད་པ་ལ་ཤིན་ཏུ་ཉེ་བར་ཕྱགས་བ་ན། བྱམས་པ་ཆེན་པོའི་ཕྱག་རྒྱ་སྙིང་ལ་ཡང་དག་འཁྱུད་པའི་དངོས་པོ་ངེས་བསྟན་འདི་ཞེས་མཚོན་པའི་གནང་སྦྱིན་གྱི་རིམ་པ་ལྗོན་པའི་བམ་པོ་མཚམས་ཀྱི་སྤྲིན་པའི་བཞིན་རས་ཅན་དང་། འབྲུ་དཀར་གྱི་ཕུང་པོ་ཡུལ་མ་ག་དྷཱ་བྲེ་བོ་ཆེའི་ཁལ་དུ་ལངས་པ་སོན་བའི་བཀའ་བྲིན་གྱི་འཁོར་ལོར་ནམ་ཡང་མཐའ་མི་གཏུགས་པ་རྩེ་བས་ཀྱེ་མུ་ཁྱུད་དེ་ཇི་འདྲ་བའོ། །སྨྲ་བའི་དབང་ཕྱུག་ཆེན་པོ་སྒྲོལ་པའི་མགོན་པོའི་ཆོས་འབྱུང་མི་ཤེས་མུན་པ་འཇོམ་པའི་གཞོན་ནུའི་རལ་

(༨༣༣)གྲིའི་མཆེད་ཟླར་གྱུར་པ་གང་ཡིན་པའང་དེང་འབུལ་བས་དགྱེས་པར་རྩེན་དུ་གསོལ། གང་ན་ལུས་ཅན་རྣམས་ཀྱི་བསོད་ནམས་མ་ཡིན་བའི་ལས་ཀྱི་འདུ་བྱས་པའི་འབྲུམ་བུའི་ནད་རིམས་ཉེ་ཞོ་མེད་པའི་གནས་སུ་ཕྱིན་པ་མ་གྱུར་དེ་སྲིད་དུ་ཕྱོགས་སུ་རིང་བར་ཅང་ཤེས་ཀྱི་འཐུང་མདའ་གཡོ་བ་ནི་ཡུལ་གཉན་པོའི་བླང་བླ་དབྱང་མ་ཡིན་ནོ། །འདི་ལ་ནི་ཤེས་བྱར་ལྡན་པ་ཐམས་ཅད་སྐྱེས་བུ་དམ་པ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཞེས་སྤྲོག་པར་གདོན་མི་ཟ་བ་ཉིད་དོ། །ཕྱི་ཆད་ནའང་འཁོར་ལོའི་མཚམ་མས་འཁྱུད་པའི་ཞབས་རྡུལ་རྡོ་རྗེའི་ཁྲིལ་མོས་པ་མ་བྱོན་གྱི་བར་འཚོ་ཞིང་གཞེས་པའི་རིང་ནས། །བསྟན་འགྲོའི་དོན་རླབས་པོ་ཆེ་སྔར་འཁྱུད་གཏང་དུ་མེད་པའི་ཕྲིན་ལས་ཆེན་པོ་དུས་ལ་ཡོལ་བ་མི་མངའ་བ་ནས། བཀའི་མཆིད་ཕྲེང་ཡང་གཞོན་ནུའི་དོ་ཤལ་བཞིན་ཆད་པ་མེད་པར་ཡན་ལག་མཆོག་གི་རྒྱན་དུ་སྩོལ་བར་གསོལ་བ་འདེབས་པ་ཡིན། ཞུ་ཆུང་འདེགས་མཚོན་བཅས་པདྨ་འོད་གླིང་ནས་ཕུལ་བའི། །ལྕགས་ཟམ་ཕྱག་མཛོད་བློ་གྲོས་དབང་པོས་སྒྲ་རིག་པ་ཁོང་དུ་ཆུད་བའི་གནས་ཚུལ་དང་ཆབ་གཅིག་རྫོགས་པ་ཆེན་པོའི་།ཉན་དུ། ཁོ་བོའི་མདུན་སར་ལྷགས་མྱུལ་ཞུ་འཕྲིན་བྱུང་དུས་གསོལ་བ་སློབ་དཔོན་མཆོག་སྲེད་དབང་པོའི་གཏམ། བློ་གྲོས་མཱ་ལ་ཡ་ཡི་ཁྲི་ཤིང་རྩིར། །ཤེས་བྱ་འཇའ་ཚོན་རི་མོར་རྣམ་བཀྲ་ཡང་། །གནས་ལུགས་འོད་མཚན་སྟོང་དུ་འབར་བའི་ཁྲིར། །གཅིག་ཏུ་རིངས་པའི་མདངས་ལྡན་ཀུ་མཱ་ར་ར། ཐོག་མཐའ་མེད་པའི་ཀུན་འབྱུང་གྲོང་ཁྱེར་ཆེར། །ཤིན་ཏུ་སྨད་པར་འོས་པ་སྡིག་པའི་མངལ། །དཀར་པོ་རྣམ་པར་འཕེལ་བའི་མཐུས་བ་ཤིག་ལ། །ཁྱོད་དང་འཇིག་རྟེན་མེས་པོ་མཚུངས་ན་ཡང་། །བསྔོ་བ་དམ་པའི་ཞགས་བས་བཅེངས་པའི་ཁྱད། །ལྟར་སྣང་འཇིག་རྟེན་འབྱོར་པས་མ་ཁེངས་པར། །རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ། །འཇུག་པར་འདོད་ཁྱེད་དེད་དཔོན་བཞིན་བཟང་དངོས། །ཀུན་མཁྱེན་གོ་འཕང་བགྲོད་པའི་ལམ་སྟེགས་གྲུར། །ཤེས་བྱའི་

(༨༣༤)བད་ན་འཇུགས་པ་རྒྱལ་སྲས་ཀྱི། །འཇུག་ངོགས་དམ་པར་མ་ཟད་རྨོངས་ཆེན་གྱི། །དྲ་བ་འཇོམས་ལ་ཕུར་པུའི་གྲུབ་མཐའ་གྲངས། །དེ་ཕྱིར་གང་ཟག་ཙམ་ལ་མི་རྟོན་པར། །ཆོས་ལ་རྟོན་པའི་རྣམ་ཐར་ལྷུར་བཞེས་ནས། །སྒྲ་དོན་གཙུག་ལག་རྒྱ་མཚོའི་དོ་ཤལ་གྱིས། །སྨིན་དྲུག་བསྙེགས་པའི་གནས་ལ་སྦྱར་དེ་སྤྲོ། །དེ་ལྟ་ན་ཡང་སྒྲ་རིག་ཟླ་བའི་མར། །ཀུ་ཤའི་ཆུན་པོས་རེག་པའི་དཔེས་མཚོན་ཏེ། །ཐུག་པ་མེད་པ་མུ་ཁྱད་ལ་བསྐོར་བའི། །བརྟུལ་ཞུགས་ཡང་དག་འཇོག་ལ་དབུགས་དབྱུང་འཚལ། །མ་སྦྱངས་རིག་པ་ཨེ་རན་ཌ་ཡི་ཤིང་། །སྙིང་པོས་སྟོངས་པའི་ཅ་ཅོ་སྒྲོག་པ་ལ། །མཆོག་གི་སྤྲོ་བ་མིན་ཡང་ཐུགས་རྗེའི་སྤྱན། །བདག་ལ་རིངས་པར་གཟིགས་དེར་དངས་པའི་སྐྱེས། །སེམས་ཉིད་ནམ་མཁའི་བུ་མོ་ཡིས། །ཟླ་ཞུན་ཁུར་ཚོས་ལ་བསྐུས་ནས། །བརྗོད་པ་སྙན་པར་སྒྲོན་བཞིན། །ནམ་མཁའ་མཛོད་ཀྱི་གམ་དེར་སོང་། །རྒྱ་རི་ཞབས་དྲུང་ལ་ཕུལ་བའི་མཆིད་ལན། །རྣམ་དཔྱོད་ལུས་སྟོབས་བརྟས་པའི་གཉིས་འཐུང་གང་། །ས་སྲུངས་དབང་པོ་ཐ་ཤལ་ནགས་ཁྲོད་ལ། །མདུན་སར་མི་བྱེད་དགའ་བ་བརྒྱ་ལྡན་གྱི། །ལྷ་ཡི་མདུན་སར་བག་ཕེབས་གཏམ་དེ་སྙན། །འཇིག་རྟེན་མེས་པོའི་བློ་གྲོས་གནམ་རུའི་རྒྱུད། །ཤེས་བྱའི་མཐེབ་ཀྱིས་བཀུག་པའི་ཉག་ཕྲན་མདའ། །ཆོས་དང་སྲིད་ཀྱི་དཔལ་འབྱོར་སྐྱེད་མོའི་ཚལ། །རྒྱ་ཁྱོད་བཀང་པ་གཞལ་བའི་བྱེད་པོར་བསྐོས། །འཁོར་བསྒྱུ་མའི་གཟུགས་ཀྱི་འཁྲ་ཤིང་ལ། །རྨི་ལམ་ཤེས་པ་བཞིན་དུ་ཉམས་མྱོང་བ། །དབང་རྣོན་ཆོས་རྗེས་འབྲང་ཁྱད་ནོར་ཕྱིར། །རྣམ་པར་དཀར་བའི་ཟོང་དེ་འབད་པས་སྒྲུབས། །འདི་ན་རིན་ཆེན་གསུམ་གྱི་གྲིབ་བསིལ་ན། །བསྟིལ་མངོན་པར་ཆས་པའི་རྣལ་འབྱོར་ཅན། །རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་དང་། །ཆོས་ཉིད་མཉམ་བར་སྦྱོར་ལ་རྟག་ཏུ་འདུན། །དེ་བས་ཡང་ཡང་འགྲོ་

(༨༣༥)དང་ལྡོག་པའི་ལས། །རྣམ་པར་ཤེས་བའི་ཁུར་དུ་ལྕི་བ་དེས། །གཉུག་མའི་གྲོང་ཁྱེར་ཉིད་དུ་བརྟན་པའི་གཏམ། །གང་ལས་ཆིག་ཆོས་སྣང་ཆར་གསལ་བ་མེད། །འདྲེས་པ་ཡིན་བཞིན་བཤེས་པར་གྱུར་པ་ཁྱེད། །ལང་ཚོའི་པདྨོ་སྙིང་ལ་སྤྲོ་བཞིན་བས། །བདེ་གཤེགས་བྱེ་བའི་མཚན་གཟུངས་ཚོ་ཡི་མདོ། །བརྒྱ་ཕྲག་རིམ་གྲོར་སྐྱེད་ཅིག་ཤིས་བར་འགྱུར། །མཚོ་སྣ་དགོན་རྩེ་སྤྲུལ་སྐུའི་ཆབ་ཤོག་ལན་ཕུལ་བ། འཇིག་རྟེན་རྣམ་པར་འདྲེན་པ་སྤྲུལ་པའི་སྐུ་རིན་པོ་ཆེ་སྡེ་སྣོད་གསུམ་བའི་ཞབས་སྟེགས་སུ། །མཚན་དཔེའི་ཉིན་བྱེད་བླ་ན་མངོན་པར་གསལ། །གཙུག་ལག་རྒྱ་མཚོའི་ཁང་མཛེས་ངམ་པར་འཇུག་པའི་བློ་མཆོག་ནོར་བུའི་གོ་ལག་ཡོངས་སུ་རྫོགས་བཞིན་པར་གཏན་ཆགས་པ་སྤྱི་སྒོས་ལ་བཀའ་དྲིན་དམ་པར་གྱུར། །གུས་པ་རྡོ་རྗེའི་ལམ་ལ་རྣལ་དུ་འབྱོར་བར་རྗེས་སུ་སློབ་པའང་གཟུགས་ཁམས་འཚོ་བསྙོགས་ཤིང་གཞན་ཕན་དུ་རློམ་པའི་འདུན་པ་ཙམ་ལགས། །མཚམས་སུ་གཏམ་བྱ་བའི་གླིང་བུར། །རིང་མོ་ཉིད་ནས་སྐྱེས་བུ་ཆེན་པོའི་བློ་མཆོག་ལ་གོམས་པས་རྣམ་པར་དཔྱོད་པའི་འདྲེན་བྱེད་རབ་རིབ་ཀྱིས་ལྡོངས་བ་མ་ཡིན་པའི་མཉན་དུ་འོས་པ་གང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རྒྱ་མཚོར་ཕྱོགས་ལྷུང་བྲལ་བའི་གྲུ་གཟིངས་ཀྱི་འཁྲི་ཤིང་བརྟེན་པར་མཁས་པའི་རྣམ་ཐར་བཟང་པོ་གཞར་དུ་མེད་པའི་དཔའ་རླབས་གཡོ་བའི་འཛུམ་དཀར་གྱིས་དངོས་ཅག་ལའང་སྤྱན་རས་ཀྱིས་བཙའ་བ་གཡོ་བས་པཎིྚའི་གཏམ་གྱི་དགེ་མཚན་བརྒྱ་ཕྲག་ལྷབ་ལྷུབ་ཏུ་གཡོ་བའི་བདན་གྱི་མཆིད་སྒྲ་སྙན་པའི་རི་མོའི་སྣང་བརྙན་རིན་པོ་ཆེའི་རྣ་ཆ་ཅན་སྩལ་བ་ཡིད་མཚོར་རབ་ཏུ་ཞུགས། འབྱུང་དུ་འགྱུར་བའི་གནས་སྐབས་ལའང་བསྟན་པ་རྒྱ་མཚོའི་རྩ་ལག་ཚུལ་ཁྲིམས་རིན་པོ་ཆེའི་མཛེས་དམ་པར་འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། །རྨད་བྱུང་གཉིས་སོགས་རྒྱ་བོད་མཁས་པའི་གཟུང་འགྲེལ་རྒྱ་མཚོའི་ཟབ་པ་དང་རྒྱ་ཆེ་བའི་བརྟུལ་

(༨༣༦)ཞུགས་ཐལ་འགྱུར་དུ་སྒྲོག་པའི་གནས་ལ་བསྙེལ་བ་སྤངས་བའི་ཕྲིན་ལས་ལྷུར་བཞེས་པའི་རྣོ་དཔལ་གང་། །རིགས་པ་མ་ཡིན་བའི་ཅེ་སྦྱང་གི་སྙིང་ལ་ཟུག་རྡུའི་ཚེར་མ་འཛུགས་བའི་དབྱང་མ་ཕན་གྱི་ཆོ་ག་གྲུབ་ཅིང་། དམ་པའི་ཆོས་འདུལ་བ་ལ་སྟོན་པས་ལེགས་པར་གསུངས་པའི་ནང་བཀག་དང་རྒྱུད་སྡེའི་གནས་ལ་མཐའ་དྲུག་ཚུལ་བཞིའི་ས་ལམ་གྱི་དབྱིངས་འཇལ་བར་མཁས་པས་མཐའ་བྲལ་ཆོས་སྐུའི་གོ་འཕང་མཆོག་ལ་བདེ་བླག་ཉིད་དུ་སོན་པར་མཛད་པའི་མཆོག་གི་ཕྲིན་ལས་བསྐྱུད་པ་མེད་བ་རང་གི་ར་བཞེས་བ་ནས་ཐུགས་བརྩེའི་མཆིད་གནྡྷ་རྦ་རབ་དགའི་གོ་འཕང་གཏམ་གྱི་ཡ་མཚན་གསར་པ་འདྲེན་བྱེད་ཀྱི་དོར་ཡངས་པར་འཇུག་པའི་རིམ་པའང་རྒྱུན་མི་འཆད་དུ་སྩོལ་བ་ཅིག་ནང་། ཞེས་བཤུལ་དུ་ཞུགས་པའི་ལམ་གྱི་ཁྱོགས་ལ་རྟེན་བཞིན་པ་ནས་སྤྱན་རས་བཙའ་བའི་ལྷའི་རིག་བྱ་དང་བཅས་ཕུལ། །གཞུང་སར་ཞབས་བརྟན་གྱི་དཔེར་བརྗོད། །ཤྲཱི་སངྒ་ལ། གང་ལ་བཤེས་པ་མ་ཡིན་འདུ་བྱེད་གདོན། །རྡོ་རྗེའི་ཁམས་ལ་བཞུ་བཏུལ་གྱིས་ཕམ་པའི། །ངལ་བ་སྟེར་ལ་འོད་མཚན་སྟོང་ཕྲང་བརྒྱར། །འབར་བ་སྐུ་ཡི་དབྱིག་ཏུ་དེང་གྱུར་ཅིག་ །ཆུ་སྐྱེས་གཞོན་ནུའི་ལྕུག་ཕྲན་གྱི་སོར་མོའི་བྲེ་ཁ་འཛུམ་པར་བྱས་པའི་རང་རྟགས་དང་ནམ་ཡང་བྲལ་ཐོབ་སྤངས་བས་བྱང་ཆུབ་སེམས་དཔའ་ལག་ན་མྱུ་གུའི་མིང་གི་གཅོང་བན་དབྱངས་ཤིང་། དམ་པའི་ཆོས་པདྨ་དཀར་པོ་ལས་རྗེས་བསྔགས་ཀྱི་རྒྱུད་མངས་སྙན་བའི་རོལ་མོར་དཀྲོལ་བ་བཞིན། གངས་རིའི་ཁྲོད་ན་དུར་སྨིག་གི་རྒྱལ་མཚན་སའི་བླ་དོག་པོར་བགྱིད་པ་ཉིད་དུ་བསྟན་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེན་ཕྲིན་ལས་སྣ་ཚོགས་པའི་བདག་ཉིད་ཅན་ཉེ་འཁོན་མེད་པའི་གནས་ལ་དགའ་འཇམ་དུ་བརྡལ་ནས། ལུས་ཅན་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་གཅིག་པུ་བར་གྱུར་ཏོ་ཞེས་པས་ངེས་པ་བརྟན་པོ་ལ་དྲན་པ་ཉེ་བར་གཞག་པ་གུས་པའི་ཕྱོང་རྒྱས་དཔལ་རི་གྲྭ་ཚང་བས་ཞབས་བརྟན་གསོལ་འདེབས་དང་འབྲལ་མཚོན་བྱེད་ཙམ་

(༨༣༧)དུ། སྐུ་རྟེན་སོགས། བདག་ཅག་གི་དངོས་འབུལ་གྱིས་རྡོ་ཐོགས་པ་མ་ལགས་མོད་ཀྱི། ལྷ་རྫས་དང་མེ་ཏོག་གི་མཆོད་པའི་སྤྲིན་དུ་སྦྱན་རས་ཀྱིས་བཙའ་བ་ནས། ཇི་སྲིད་དབུས་འགྱུར་འཆང་རྒྱལ་བ་མ་རྒྱལ་བ་ལས་རྒྱལ་བའི་ཆོས་འཁོར་གྱི་ཕྲུ་མས་མ་བཏབ་པ་དེ་སྲིད་རྡོ་རྗེའི་ཆོས་བདུན་གྱི་ཁམས་ལ་རང་གིར་མཛད་ནས་འཚོ་ཞིང་གཞེས་པར་གསོལ་བ་འདེབས་པ་ལགས། །ལྕགས་ཟམ་རིན་པོ་ཆེ་ལོ་གསུམ་ནང་སྐྱའི་མཆིད་ཕེབས་ལན། །རྣམ་འདྲེན་ཡོངས་འདུའི་ལྗོན་པ་མཆོག་གི་ཞབས་པད་རིན་པོ་ཆེར། གུས་པས་ཞུ་བ། དེང་གཟུགས་སྐུའི་ཆོས་སྡོང་མངོན་པར་གསལ་ཤིང་། རྡོ་རྗེ་གཟུགས་ཀྱི་བཀོད་པའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་རྫོགས་པའི་འཁོར་ལོ་བདག་གིར་བཞེས་པའི་ཕྲིན་ལས་བླ་ན་མེད་པ་ནས་ཐུགས་དམ་རིན་པོ་ཆེའི་ངས་གསལ་དང་། ལྗོན་བུར་བམ་པོ་བཅས་མཚམས་ཀྱི་སྤྲིན་པའི་རེ་ཁཱ་རྡོམ་བཞིན་ཕེབས་པ་དངོས་ཞལ་འཇལ་པ་དང་མི་གཉིས་པར་གྱུར། མཚམས་གསོལ། སྔོན་དུ་དེ་ཕྱོགས་ཀྱི་འགྲུལ་འགྲིམ་ལ་མཚམས་ཞུ་འབུལ་འདོད་གདུང་བ་ཆེ་ཡང་། གློ་བུར་གྱི་བྲེལ་གཡེང་ཁོ་ནའི་སྟེས་དབང་གི་འབུལ་མ་ཐུབ་ཅིང་། དཔེ་ཆའི་རིགས་བཀའ་གནང་གིས་འཐུས་པ་འདུག་ལགས། །ཚོགས་ཀྱི་བདག་པོའི་སྤྱི་བོར་བསྟན་པའི་དཔལ་མགོན་ཞལ་དྲུག་གི་རྗེས་གནང་སོགས་ཀློག་པའི་འཁོར་ལོ་ཤངས་ཆོས་ཀྱི་བླ་བརྒྱུད་གསར་བསྐྲུན་སོགས་བསྟན་འགྲོའི་འཕྲལ་ཡུན་གྱི་རྩ་ལག་ཆེན་པོའི་བྱ་བ་ལས་ཀྱི་འཁོར་ལོ་དང་། རྗེས་སུ་ཡི་རང་བའི་ཡན་ལག་གི་ལྗོན་པ་ནི་ཤིན་ཏུ་རྨྱང་། འདི་ཕྱོགས་སུའང་རྒྱལ་ཟླའི་ནང་སྟོན་སྤྲུལ་པའི་སྐུ་དང་། འབྲུག་བླ་གསར་པ་གཅིག་སོགས་འདུས་པ་སུམ་ཅུ་སྐོར་ལ་སྔོན་དུ་མདོ་དབང་

(༨༣༨)སྨིན་རྒྱས་དང་། ད་ལྟ་སྙིང་ཐིག་ཡ་འགའི་ཆོས་འཁོར་སོགས་གཞན་ཕན་དུ་རློམ་པ་འགའ་འགའ་གྲུབ་རྗེས། འདུས་བྱས་ཀྱི་རང་བཞིན་གཡོ་བ། མི་བརྟན་པ་གཞན་དབང་ཅན་གྱི་ཆོས་ཉིད་ལ་ངེས་པར་འབྱུང་བའི་དམ་བཅའ་བརྟན་པོ་ཡིད་ཀྱི་ཆོ་གར་བྱེད་ཅིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་འགལ་ཟླར་གྱུར་པ་མ་བསྡམས་པ་དང་། ལྷོད་པོར་གྱུར་བའི་གཉེན་པོར། ཀླུ་སྒྲུབ་ཞབས་ཀྱིས། དབང་ཕྱུག་ལུས་རྟོག་དྲན་པ་བདེ་གཤེགས་ཀྱི། །བགྲོད་པ་གཅིག་པའི་ལམ་འདི་ཉེ་བར་བསྟན། དེ་ལ་གོམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་བས་ཆོས་ཀུན་འཇིགས་པར་འགྱུར། །ཅེས་པ་འདི་ཡིད་ལ་རི་མོར་བྲི་བ་ལ་འདུན་བ་རང་བཞིན་སྙན་འབུལ་དང་། །འབྱུང་དུ་འགྱུར་བའི་གནས་སྐབས་ན། ཁམས་དྲུག་ལྡན་པ་སྤྲུལ་བའི་སྣང་བརྙན་ཟོ་མདོག་བཟང་པོར་འགྱུར་བའི་རྟེན་ཅིང་འབྲེལ་འབྱུང་བདག་གིར་གཞེས་པའི་རིང་ནས། ཟབ་པ་དང་རྒྱ་ཆེ་བ་རྡོ་རྗེའི་ལམ་གྱི་ཐེམ་སྐས་ལས་ལམ་ལྔ་དང་། རིག་འཛིན་བཞིའི་གོ་འཕང་ཆེན་པོར་བདེ་ལག་ཉིད་དུ་སོན་པའི་ཕྲིན་ལས་རླབས་པོ་ཆེ་དུས་ལས་ཡོལ་བ་མེད་པ་ནས་བཀའི་ཕེབས་ཚོགས་ཀྱང་ནར་མར་སྨིན་པ་མཁྱེན་མཁྱེན་གསོལ་བ་འདེབས་པ་ལགས། ཞུ་ཡིག་སྤྱན་རས་ཀྱིས་བཙའ་བའི་རྟེན་བཅས་གུས་བས་ཕུལ། །ལྷོ་རྒྱུད་བུམ་ཐང་ཕྱོགས་ལ་གནས་པའི་སློབ་བུ་དམ་པ་དང་ལ་ཟློ་བ། །འདིར་ངོས་ཅག་ཀྱང་འཚོ་བ་སྙོམས་ལྡན་ནས་སྟོན་པས་ལེགས་པར་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཆེན་པོའི་ཀློང་དུ་དྲན་པ་ཡང་དག་འཇོག་ཅིང་རྣམ་པར་སྨིན་བ་ལ་རེ་བ་མེད་པའི་སྤྱོད་ཕྱོགས་ནས་བསྟན་པ་དང་སེམས་ཅན་གྱི་ཞབས་ཏོག་བསྒྲུབ་པར་འདུས་པས་དད་གཞིན་གྱི་རྫས་ལ་བཞེངས་ཀྱི་རིམ་པ་རྒྱ་ཆེ་བར་སྒྲུབ་སྐབས་ན་མཆིས། ད་ནི་རང་ཅག་ཀྱང་ན་ཚོད་ལས་ཡོལ། འཁོར་བ་རྣམ་གྲངས་མང་། །མིང་གིས་དུ་མར་བཏགས། བྱས་པ་

(༨༣༩)ཟིན་པ་མེད། གཞན་དོན་གྱིས་རང་དོན་ཤོར། རྣམ་དཀར་དང་སྙིང་སྟོབས་རྒྱ་ཆེན་པོའང་སྟོང་ཉིད་ཟབ་མོའི་ཕོ་ཚུགས་ཤོར་བའི་རྒྱུར་མཆིས་ན། གཞིན་རྗེའི་ཕོ་ཉ་ལ་ཡང་ནས་ཡང་དུ་བལྟ། ཁྱེད་ཅག་ཀྱང་། སྣང་བ་རྟེན་ཅིང་འབྲེལ་འབྱུང་ཅན། གཡོ་ཞིང་མི་རྟེན་པ། རག་མ་ལུས་པ། གང་ལའང་སྙིང་པོ་མ་མཆིས་པའི་མཚན་ཉིད་ཅན་དུ་ཉམས་འོག་ཚུད་ཀྱང་། ཕུང་པོ་ལྔ་དང་། དབང་པོ་རྣམས་ཀྱི་ཉེ་བར་ལེན་བའི་རྐྱེན་གྱིས་སྲིད་ལམ་དུ་དུབ་པའི་རྒྱུ་འབྲས་ལ་ནི་སྤྱོད། རང་བཞིན་ཤེས་པའི་དྲན་པ་ལས་གཞན་དུ་བྱས་ཏེ་རྟོག་ཚོགས་པའི་ས་བོན་གྱི་འཁོར་བའི་འཁོར་ལོ་བརྒྱུད་མར་འདུ་བྱེད་པ་པ་དེ་ལ། གྲུབ་ཆེན་གོང་མའི་རྣམ་ཐར་ལ་ཡང་ཡང་བསམས་ནས་དབེན་གནས་འབའ་ཞིག་ཏུ་ཆོས་ཉིད་ཟད་སར་འཁྱོལ་བའི་སྙིང་སྟོབས་མ་སྨད་པར་ནས་འོས་བའི་ཆོས་ཀྱི་གཏམ་ཡང་གྱིས་ཤིག་གུ། །གང་དུ་མཆིས་ན་གཡོར་སྟོད་ཀྱི། །ཆུ་བོ་རི་ཞེས་བྱ་བ་ན། །ལོ་ཧི་ཏ་ཡི་ཆུ་ཀླུང་ཡང་། །ལྕགས་ཞུན་སྐ་རགས་འཆིང་བ་ཡོད། །དེ་ལ་བརྟུལ་ཞུགས་གྲུབ་པ་ཡི། །ཕྲིན་ལས་ཤིང་རྟའི་སྒྱུ་ཐབས་ལ། །རང་རིར་བགྱིད་པའི་དམ་པ་མཆོག་ །རྡོ་རྗེའི་གནས་ལ་དགོངས་ཤིག་མཆི། །དེ་དེ་ཡིད་ཀྱི་ཆོ་ག་ལ། ཡང་ཡང་བཀོད་པའི་རྐང་དྲུག་ནི། །སྡེ་སྣོད་གསུམ་དང་ཕྱི་ནང་གི། །དབྱངས་ཀྱི་ངེས་པ་བདུན་དུ་སྒྲོག །འཇིག་རྟེན་སྡིག་ལས་བཀབ་པ་ཡི། །ངེས་འབྱུང་བསམ་པ་བརྟན་པོའི་ཟོལ། །དམོད་པ་པོར་བའི་གྲོང་ཁྱེར་གྱི། །སྐྱེད་མོས་ཚལ་ལ་རྣམ་པར་ཞུགས། །ཕྱིན་དྲུག་མ་

(༨༤༠)ཚང་མེད་པ་ཡི། །ཡན་ལག་རྫོགས་པའི་ཐ་གྲུ་ཀུན། །རིམ་པ་གཉིས་ཀྱི་ཁྲི་གདུགས་ཀྱིས། །འགབ་པའི་ཆོ་ག་ཁྱེད་ལ་རྫོགས། །དེ་ལ་ལྷ་དང་དྲང་སྲོང་དང་། །འཇིག་རྟེན་སྐྱོང་བ་ཀུན་དགའ་ན།་ །གཞན་འཕྲུལ་དབང་བྱེད་སྡེ་དང་བཅས། །འཁུ་བཞིན་འབྲོས་པའི་གོ་སྐབས་བཙལ། །འདི་ན་གློག་ལྟར་གཡོ་བའི་ཚེར། །ཡིད་བརྟན་མེད་པའི་ཕོ་ཉ་ཡིས། །རྣམ་གཡེང་རབ་ཏུ་རྨོངས་བྱས་པས། །སྤོང་བའི་བརྟུལ་ཞུགས་ལ་དགའ་བ། །གསོག་དང་སྲུང་དར་སྤེལ་པ་ཡིས། །ཡིད་ནི་རྣམ་པར་མ་དཀྲུགས་ཀྱང་། །བྱིས་པ་དག་དང་ལྷན་ཅིག་བས། ཞི་བདེ་གཞན་དབང་ཅན་དུ་བྱས། །དེ་ལྟ་མོད་་ཀྱི་ཆོ་འཕྲུལ་གྱི། །འདུན་ཁང་བརྩིགས་པའི་གནས་སྐབས་ནས། །གྲང་རེག་གིས་ནི་སྨ་བབ་པའི། །འཕྱི་བ་བཞིན་དུ་བཅད་མཚམས་ཐོབ། །འཇིག་རྟེན་གཡོ་ཞིང་འཆིང་བ་དང་། །ཀུན་འབྱུང་རག་མ་ལུས་པ་སོགས། །སྡུག་བསྔལ་བདེན་པའི་ཆོས་ཉིད་ལ། །སྐྱོ་བཞིན་འཕགས་པའི་ལམ་ལ་དང་། །དྲན་པ་དང་ནི་ཤེས་བཞིན་གྱི། །རྣམ་རྟོག་མ་རིག་རྨོངས་བྱས་པས། །ཆོ་ག་མེད་པའི་དགེ་ཆོས་ལ། །དལ་བ་ཆེན་པོའི་གནས་སྐབས་ཐོབ། །སྨིན་དྲུག་གི་ནི་ཟླ་བ་དེར་། །དམ་པའི་ཕྱག་ནས་སོན་པ་ཡི། །གསང་རྫོགས་རྒ་ཤི་འཇོམས་པའི་སྨན། །གཤེགས་གསོལ་པ་གྱིད་པ་དེར་བརྟོལ་ལམ། །དེང་འདིར་ཐོས་དང་བསམ་པའི་མཐའ། །བསྒོམས་པས་ཉམས་འོག་ཆུད་པའི་གཏམ། །དགོངས་ཤིང་དཔྱད་ནས་འདས་དུས་ཀྱི། །སྐྱེས་པ་རབས་དང་ལྷན་ཅིག་སྩོལ། །སྐྱེས་བུ་ཆེན་པོ་སེམས་ཅན་དོན། །འཚོ་གཞེས་ཆོ་ག་མཁན་གྱིས་ནི། །ཇི་ལྟར་གསོལ་བའི་གཏན་ཚིགས་བཞིན། བཞུགས་ནས་འགྲོ་འདི་དབུགས་དབྱུང་འཚལ། །དེ་སྐད་དུ་ནི་གསོལ་པའི་ངག་ །ཡི་

(༨༤༡)གེའི་འཁྲི་ཤིང་གཞོན་ནུ་མའི། །ཁུར་དུ་ལྕིད་པའི་ལྷ་རྫས་དང་། །ཆབས་ཅིག་པདྨ་འོད་ནས་ཕུལ། །བྱ་བྲལ་བསོད་དལ་དུ་མི་འཇོག་བར་གཞོན་ནུ་ལ་ཡོན་ཏན་བསླབ་པར་བསྐུལ་བའི་ཕྲིན་ལས། ས་འཛིན་འབྲས་ཀྱི་ལྗང་པ་ལྟའི། །དཔལ་དང་དགེ་བཅུ་ཚང་བའི་སུལ། །གཡུ་བ་ལས་གཞན་གསེར་པ་ནས། །ཆབ་ཤོག་སྙན་པའི་གཏམ་དུ་འཕྲོང་། །གང་ནས་བསླུ་བ་སྤངས་སྐྱབས། །རིན་ཆེན་གསུམ་གྱི་གྲིབ་བསིལ་ལ། །ཁྱོད་ཅིག་སྤྲོ་བར་ཆས་པའི་གཏམ། །ཐོས་པ་འཛིན་པའི་དཔྱིད་དུ་སྨིན། །གཞོན་ནུའི་ཤེས་བརྩོན་གྱིས་ཐོབ་པའི། །ཡོན་ཏན་མགུལ་བར་དཔྱངས་མོད་ཀྱི། །སྐར་ནག་རྩིས་དང་ཐ་སྙད་གཞུང་། །སྤངས་ནས་ལོ་ཚོགས་དཔག་མེད་ཐལ། །སྙན་དངགས་དང་ནི་མངོན་བརྗོད་གཞུང་། །བློ་གྲོས་དམན་ལ་མི་འདོམས་བས། །ངལ་བ་འབྲས་མེད་དེ་ལྟས་ནི། །བདག་ཅག་བསམ་གཏན་ཉམ་ཉེས་འགྱུར། །ཡི་གེ་འང་འདུ་བྱེད་ལ་བསྟན་ཡང་། །རྣམ་འགྱུར་སེམས་ཀྱི་རི་མོ་ཡིན། །དེ་ཕྱིར་སེམས་ཀྱི་ཆོ་ག་ལ། །མ་བསྟན་ཤེས་བྱ་གལ་སྲིད། །ད་ནི་བཅུ་ཕྲག་ལྔ་པ་ལས། །ལྷག་བར་ཐལ་བའི་རབ་རིབ་ཀྱིས། །ལྡོངས་བས་ཡི་གེའི་གཙང་ཤ་དང་། །བཅད་ནི་སྤངས་བ་བཞིན་དུ་གྱུར། །དེ་ལྟ་མོད་ཀྱི་གཞོན་ནུ་ཡི། །རྩ་ཁམས་དར་བའི་ལང་ཚོ་དང་། །རྣམ་རིག་གསལ་བའི་འདུ་ཤེས་ཀྱི། །བསྒྲིབས་ནས་མཁས་བའི་གནས་ཐོབ་སྲིད། །བདག་ཅག་དབེན་པ་ལ་དགའ་ཞིང་། །འཆི་བ་ཁོ་ནས་འཇིག་བ་ཡི། །མཐུན་འཇུག་གནས་ལ་སྤྲོ་བ་ཞན། །དེ་ལ་བཟོད་པར་རིག་ཅེས་ཕུལ། །གང་ཞིག་མིག་གི་མི་འཛུམས་བ་ན། །ལ་ཐོད་གདེངས་ཀར་མངོན་ཆགས་པ། །ཕོ་བྲང་སྤྲུལ་པའི་སྒྱུ་མ་ཡི། ཞགས་པས་བཅིངས་པ་དམར་པོ་རི། །སྲིད་པ་འདི་ན་སྲེད་པ་ལ། །མངོན་བརྗོད་འགོད་པའི་ཕུན་ཚོགས་ཀྱི། །མགོ་བས་ཡང་དག་གཏུགས་བྱས་པར། ཁང་བརྩེགས་མིག་

(༨༤༢)སྟོན་ལྡན་པ་མཆིས། །དྲང་སྲོང་ཐུབ་པ་ཉིན་བྱེད་ཀྱི། །ལྡན་གྲོལ་ཅན་ལ་དེ་གནང་བས། །ཐོས་སྒྲོག་བླ་གོས་གསར་པའི་ཚོགས། །སྐྱེད་མོས་ཚལ་བཞིན་དེ་ལ་བསྙེན། །གང་ན་བློ་གསལ་ཁྱོད་གཅིག་ནི། །གཙུག་ལག་གཞན་ལ་བལྟ་བའི་མིག་ །རི་དྭགས་བཞིན་དུ་སྒྲོས་བྱེད་པས། །རི་བོང་ལྟ་བུ་བདག་ཀྱང་མཐོང་། །སྲིད་པ་འདི་ན་རང་དང་གཞན། །བདེ་འམ་གཅིག་ཤོས་ལས་ཀྱིས་སྦྲུལ། །སྐབས་འཆིས་གཎྚིའི་རྒྱུད་མངས་ནི། །ཅོད་པན་གེ་སར་ལ་དབྱངས་འོངས། །རྗེ་འོས་གླང་ཆེན་རོལ་པའམ། །མདངས་ལྡན་དབྱར་རྡས་དཀྲོགས་པ་བཞིན། །མཉམ་པར་གཞག་པའི་རང་བཞིན་ཡང་། །འཕྲིན་ཡིག་བརྗོད་པ་སྙན་ལ་ལྡང་། །སྐར་མདའ་བཞིན་དུ་མི་བརྟེན་པའི། །འཚོ་བའི་ཟུགས་འདི་ཡ་མ་བརླར། །མངོན་མཐོང་ངེས་པ་འབྱུང་བའི་དབྱངས། བདེན་བཞིའི་དཔྱངས་ཐག་མ་དྲངས་ན། །ཁྱོད་ཀྱི་སོ་སོ་ཐར་པ་ཡི། །བསླབ་ལ་དོན་ལྡན་གནས་ལ་རེག་ །དལ་བའི་རྟེན་གྱིས་བཟུང་བ་དང་། །བསྟན་པའི་ལམ་སྲོལ་ལ་ཞུགས་པའི། །འབྱོར་བའི་ཁྱད་པར་དཔྱད་བཟོད་ན། །དབང་པོའི་མངའ་རིས་ཉམ་ཆུང་བྱེད། །འཁོར་བ་ཅེ་སྤྱང་གདུག་པའི་ཁ། །རིང་ན་མཆིས་པ་ལགས་པས། །དམ་ཆོས་དྲན་པ་ཉེར་གཞག་ནི། །བླང་དོར་གནས་སུ་ཡང་དག་ཟུང་། །དགེ་བ་བཅུ་ཡི་ལམ་ལམ་ལས། །ཕྱིར་ཕྱོགས་དེ་ནི་སྙིང་འདར་བའི། །གནས་སུ་མཐོང་ན་བབ་ཅོལ་ལ། །གོམས་པ་མིན་པའི་གནས་ཐོབ་འགྱུར། །གཞི་གསུམ་རྩ་བ་བརྟན་པོ་ཡི། །ཆོ་ག་རྒྱལ་པོའི་ཁ་བ་དང་ནི། །ནམ་ཡང་འཛའ་གཙུགས་མ་ལགས་པས། །གསོ་སྦྱོང་སེམས་ཀྱི་བསླབ་པ་ཡིན། །ལེགས་པར་བྱས་ཏ་མྱུར། །བརྡུང་ན་གཏོར་ལ་ཁུར་བཟོད་པས། །ཐུབ་པའི་ཞལ་སྦྱིན་ཇོ་ཤག་ལས། །བསོད་ནམས་དམ་པའི་ཚོང་ཟོང་ཉོས། །རྒྱལ་

(༨༤༣)བའི་ཆོས་ཀྱི་ངེས་བརྗོད་ནི། །བདེན་པ་གཉིས་ལ་རབ་རྫོགས་བའི། །རྣམ་ཐར་བསམ་གྱིས་མི་ཁྱབ་ཀྱང། །དཀོན་མཆོག་འདུ་འབྲལ་མེད་པར་ཟུང་། །ཁྱོད་བློ་རིག་པ་གསལ་བ་ཡི། །སྦྲང་རྩིའི་དོག་པས་གཏམས་པ་ལ། །རྒྱན་དང་མངོན་བརྗོད་རྣམ་འགྱུར་གྱིས། །གདུང་བ་ལྡོག་གནས་མང་མཆིས་ཀྱང་། །མཐར་བྱེད་སོག་ལེ་རྣོན་པོ་ལ། །འགོམ་པར་མི་ནུས་ངེས་འབྱུང་གིས། །ཕྱོགས་པའི་རྣམ་ཤེས་གཞན་དབང་ཅན། །ཚིག་གི་ཚོགས་པས་སྐྲག་པ་བཞིན། །ཤེས་པར་གྱུར་ཅིག་དེ་རིང་འདིར། །རྒྱལ་བ་སྲས་དང་བཅས་པ་ཡི། །སློབ་པའི་ཡོན་ཏན་ཀུན་རྫོགས་པའི། །དགེ་མཚན་ཚོགས་ཁྱོད་ལ་སྲུངས། །འཕྱོང་རྒྱས་རྫོང་གི་དེ་བས་གསར་བཟོའི་འགོ་བརྗོད་བསྐུལ་མ་བྱུང་བ། །ཟག་མེད་ཡེ་ཤེས་དམ་པའི་སྣོད་གྱུར་མཚན་དཔེའི་སྐུ་མཆོག་བལྟར་མི་མངོན། །ཡན་ལག་དྲུག་ཅུའི་གདངས་སུ་གདོན་ཀྱང་ཆོས་ཕུང་བརྒྱ་ཁྲིའི་མངོན་རྟོགས་ཅན། །རྟག་ཆད་གདོན་དང་བཤེས་པ་མ་ཡིན་ཟབ་ཞི་སྤྲོས་དྲལ་དབུ་མའི་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོའི་བརྗོད་པས་བསྔགས་འོས་དེ་ནི་ས་འཚོའི་བདག་ །འགོག་དང་ལམ་བདེན་འཁོར་ལོ་གསུམ་དུ་མངོན་བརྗོད་ཀྱང་། །སྒྲ་དང་བྲག་ཅར་ཡོང་ཡོ་བཟུང་དུ་མི་སྦོབས་པ། །མཆོག་དམན་འགྲོ་བའི་རྣམ་པར་རིག་དང་འཚམ་པའི་གསུང་། །རྒྱལ་བ་རྣམས་ཀྱི་གསུང་གི་མངོན་བརྗོད་ཉིད་དུ་སྒྲོག་ །ཉེས་སྤྱོད་སྡོམ་པའི་ཁྲིམས་ཀྱི་བླ་གོས་མཚམས་སྤྲིན་གསར་པས་བཙོས་པ་ཡང་། །དགེ་བའི་ཆོས་སྡུད་དག་བྱེད་གཏེར་དང་འདུ་འབྲལ་སྤངས་པའི་ཚངས་སྤྱོད་ཅན། །གཞན་དོན་འབའ་ཞིག་ཡིད་ལ་གདུང་པ་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། །རིག་གྲོལ་སྤོབས་པའི་འཁྲི་ཤིང་ཀྱང་ངོ་རིན་ཆེན་གསུམ་གྱིས་བདེ་ལེགས་མཛོད། །རྒྱལ་བས་སྤངས་པའི་གངས་ཅན་འདི་ནི་མིག་མི་འཛུམས་པས་

(༨༤༤)ཡོངས་གཟིགས་ནས། །འཇམ་དཔལ་ཞིང་གི་བཀོད་པའི་བསྐལ་པར་གསར་དུ་བསྐྲུན་པའི་ཐུགས་བསྐྱེད་ལ། །རྒྱལ་མཚོའི་གོས་ཅན་སྣོད་དུ་ཆུང་སྙམ་དོགས་པའི་རྒྱལ་མཚན་གསར་པ་ཡིས། །སྒྲག་པའི་གནས་འཐོབ་དུར་སྨིག་གར་གྱིས་རྣམ་བར་རྩེན་ལ་སྤྱི་བོས་འདུད། །ས་ལ་སྤྱོད་པའི་དབང་པོའི་དགེ་མཚན་ནི། །བང་མཛོད་དབྱིག་གི་གང་བ་ལས་འབྱུང་ན། །ས་བརྒྱད་ནོན་པའི་གནོད་མཛེས་ཆེན་པོ་བརྒྱད། །གཙུག་ཏོར་ནོར་བུའི་རྣ་ཆ་གཡོ་བཞིན་སྦྱོན། །ཞེས་སྒྲ་དབྱངས་ལྷ་མོའི་ཏ་མ་བུ་རའི་སྙན་འགྱུར་ལ་ཅུང་ཟད་རེག་སྟེ་དམ་པའི་ཡུལ་ལ་བསྟི་སྟང་གིས་གསོལ་ནས་བསྙན་པར་འོས་པ་ནི། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམས་ལ་གྱི་རྣམ་པར་འཕྲུལ་པ་ཐོ་ཐེ་རི་གཉན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས་ཤིང་ས་མཁར་གྱི་སྲོལ་བཏོད། །དཔོན་སྲས་སྤྲུལ་པའི་རྒྱལ་པོ་སྲོང་བཙན་གྱི་རིང་ལ་ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་གསར་དུ་འདུ་བྱས་ཤིང་དགེ་བཅུའི་ཡོན་ཏན་གྱི་མ་ཚང་བ་མེད་པས་ཡོངས་སུ་བཏུད་པའི་ཡུལ་ཡར་མོ་ནུབ་ཀྱི་སའི་ཆར། །བརྒྱ་བྱིན་གྱི་གླང་པོ་ཆེས་སྤྲུངས་བྲེས་ན་ཉལ་བ་ལྟ་བུའི་ས་འཛིན་གྱི་གདེངས་ཀས་གཟེངས་བསྟོད་པའི་བཙན་རྫོང་འཕྱོང་རྒྱས་འཕྱིང་བར་སྟག་རྩེ་ཞེས་བྱ་བས་ཧོ་རའི་རྒྱལ་བརྒྱུད་རིམ་བྱོན་གྱི་བདེ་བའི་ལྷ་ས་མལ་ལམ་ཕོ་བྲང་དུ་རུང་བར་བྱས་པ་གང་ཞིག་ཏུ་པདྨའི་དང་ཚུལ་ཆོས་ཀྱི་རྒྱལ་པོ་ཚངས་པའི་མེ་ཏོག་སླར་ཡང་ཟ་འོག་གི་འཇོལ་བེར་དུར་སྨྲིག་ཏུ་གནས་བསྒྱུར་བ་གངས་རིའི་མགོན་པོ་ངག་དབང་བློ་བཟང་རྒྱ་མཚོ་སྐུ་བལྟམས་པའི་ཕོ་བྲང་ཆེན་པོའི་མངའ་རིས་སུ་ཆུད་པའི་གཞིས་ཁག་རྣམས་ཀྱིས་གཞེས་འབྲུའི་འབབས་སོགས། །དཔེར་བརྗོད་ཏུ། བསྟན་འགྲོའི་རྩ་ལག་སྤྲུལ་སྐུ་རིན་པོ་ཆེའི་ཞབས་དྲུང་དུ། །གུས་ཕྱག་གིས་བཏུད་དེད་ཞུ་བ། །ཐུགས་བསྐྱེད་སྐལ་ལྡན་ཤིང་རྟས་དྲངས་པའི་

(༨༤༥)མཚན་དཀྱིལ་རིན་ཆེན་གྲུ་གཟིངས་བསྟན་འགྲོར་སྨིན་པའི་མཛད་པ་ཕྲིན་ལས་ཀྱི་བདན་གཡོ་བཞིན་འཚོ་གཞེས་བཀའ་དྲིན་དམ་པར་གྱུར། །འདིར་ཡང་བདེ་མུས་ནས་དགེ་བློ་མ་བོར་ཙམ་ལགས། །དོན་འདྲི། །སླད་དུའང་ཞབས་པད་བརྟན་ཅིང་བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་དུས་ལས་ཡོལ་བ་མེད་པ་ནས་སྐྱབས་འོག་ཏུ་ཆུད་པའི་ཕེབས་ཚོགས་ཀྱང་མཁྱེན་མཁྱེན་གསོལ་བ་འདེབས་པ་ལགས། །གསོལ་བ་འདེབས་རྟེན་བཅས་ཕུལ། །སྐྱབས་གནས་དམ་པ་མཁན་རིན་པོ་ཆེའི་སྐུ་ཞབས་སུ། །གཞི་གསུམ་རྩ་བ་བརྟན་པའི་ལྗོན་པ་གང་ཞིག་ཐུགས་བསྐྱེད་ཀྱི་ལོ་འབྲས་དཔག་མེད་དུ་དུད་ཅིང་། གདུལ་བྱ་རྣམས་བསླབ་པ་གསུམ་གྱི་ཡོན་ཏན་ལ་སྦྱོར་བཞིན་པར་བཞུགས་འཇགས་བཀའ་དྲིན་དམ་པར་གྱུར། ཕྲན་བུའང་འདུ་བ་སྙོམས་མུ་ནས་སྐྱབས་འགྲོ་ལ་བརྩོན་པར་ལགས། །མཚམས་ཞུ། དོན་འདྲི། ཕྱིན་ཆད་ནའང་གཟུགས་སྐུ་ཡུན་དུ་འཚོ་གཞེས་དང་། བསྟན་འགྲོའི་སྙིགས་མ་འབྲས་བུའི་དུས་ལ་གོ་འཕོ་བའི་ཐུགས་བསྐྱེད་དུས་ལས་མི་ཡོལ་ངོས། ཐུགས་རྗེས་གཏང་མི་བྲ་བའི་ཕེབས་ཚོགས་ཀྱང་ཞུ་ཞུ་ལགས། །བསྟན་པའི་གསལ་བྱེད་དགེ་བའི་བཤེས་གཉེན་ཆེན་པོའི་སྐུ་ཞབས་སུ། །དེད་སྐུ་འཚོ་བརྟན་པ་ནས་ཀློག་པ་ཐོས་བསམ་ལ་སོགས་ཏེ་འཁོར་ལོ་གསུམ་གྱི་གནས་ལ་མགྲིན་པའི་རྒྱུད་མངས་འཁྲོལ་ཞིང་། བློ་གསལ་དང་པའི་སྡེ་དཔོན་གཅིག་ཏུ་བཞུགས་བར་བདག་ཅག་ཀྱང་གུས་པ་ཤིན་ཏུ་ཐོབ། །གུས་ཕྲན་ཡང་གཟུགས་འཚོ་ཁྱོར་རེ་ནས་དཀོན་མཆོག་ལ་གུས་བ་མི་ལྷོད་ཁུལ་དུ་ལགས། མཚམས་ཞུ་དོན། ཕྱིན་ཆད་ནའང་བརྒལ་བ་རྟག་རྩོད་པའི་འཁོར་ལོས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བསྟི་སྟང་དང་འབྲེལ་བར་སྦྱངས་ཡོན་བཅུ་གཉིས་ལ་རང་དབང་དུ་མཛད་པ་དུས་ལས་མི་ཡོལ་ངོས་རྨོངས་པ་བདག་ཀྱང་ཆོས་ལྡན་དུ་འགྱུར་བའི་ཐུགས་སྨོན་ཡང་འཚལ། །སྤོང་བ་བསམ་གཏན་པའི་ཁྱུ་མཆོག་དམ་པ་རིན་པོ་ཆེར། དེང་

(༨༤༦)སྐུ་འཚོ་བརྟན་པ་ནས་འདུས་བྱས་ཀྱི་རང་བཞིན་ལ་ངེས་པར་འབྱུང་བའི་བསམ་པ་བརྟན་པོས་སོ་སོ་ཐར་པ་གྲགས་པ་དོན་མཐུན་ལ་སྦྱར་ཞིང་། །རྒྱ་ཆེན་སྤྱོད་པ་དང་། ཟབ་མོ་ལྟ་བ་དེ་གཉིས་ཀའི་ཕྱོགས་ན་བསམ་སྒོམ་གྱི་ཤེས་བར་གནད་དུ་འཕྲོད་པས་ཐར་བ་དོན་ཡོད་པར་མཛད་པ་དེ་ལ་རྗེས་སུ་ཡི་རང་བ་ཆེན་པོ་ཐོབ། ཁྲན་ཡང་ཀུན་སྤྱོད་མཐུན་པའི་ཁུལ་ནས་ཡིད་ལ་ཡིད་སྨོན་ཙམ་དུ་ལགས། །ཆེད་ཞུ། དོན་འདྲི། སླད་དུའང་འདུ་འཇི་ལས་བྲོས་པ་གཅིག་པོའི་ཡོན་ཏན་བསམ་གྱིས་མི་ཁྱབ་ན། དབང་ཤེས་ཀྱི་ཡུལ་བགྲོད་པའི་ཉེས་དམིགས་ལས་ལྡོག་པ་ནི་སྨོས་ཅི་འཚལ་བས་ཐུགས་དམ་ཉམས་གཞེས་གོང་འཕེལ་ནས་བདག་ཀྱང་ཐུགས་བརྩེས་མི་འདོར་བ་ཞུ། །མཁྱེན་དབང་དམ་པ་རིན་པོ་ཆེར། སྐུ་འཚོ་བདེ་བ་ནས་བསླབ་བ་ལ་གུས་བས་ཞལ་འདོན་ཆོས་སྤྱོད་སྨར་པ་ཐོས་པས་སྤྲོ། །འདིར་ཕྲན་ཡང་སྙོམ་ཆུང་སྡོད་བཟོ་རང་དོན་མ་ཤོར་ཙམ་ལགས། །ཆེད་འབུལ། །སླད་དུའང་བསླབ་གཉེར་ལ་བརྩོན་ཞིང་། ཆོས་དང་མཐུན་པའི་སྤྱན་ལྟོས་ལ་སྔར་བཞིན་བརྩོན་པ་ནས་ཕེབས་འོས་ཀྱང་ཞུ། །མཁྱེན་དཔྱོད་ཡངས་པ་སྡེ་པ་རིན་པོ་ཆེའི་དྲུང་དུ། བསོད་ནམས་ཀྱི་བསགས་བས་ཐོབ་པའི་སྐུ་འཚོ་དགེ་བཞིང་གནང་འཁོས་ཐམས་ཅད་འཇིག་རྟེན་མེས་པོའི་རྗེས་སུ་འཇུག་ཐུགས་རྗེ་ཆེ། །ཕྲན་དུའང་ཆོས་གཟུགས་ལས་ཉམས་པ་མེད་པར་ལགས། །མཚམས་ཞུ། དོན་འདྲི། སླད་དུའང་འབངས་ལ་བྱམས་བས་སྐྱོང་ཞིང་མཆོས་སྦྱིན་ལ་བརྩོན་པ་སོགས་ཁྱིམ་ན་གནས་བའི་བྱང་ཆུབ་སྨེས་དཔའི་མཛད་ལས་དལ་རྟེན་དོན་ཡོད་པར་བསྒྲུབ་པའི་རིང་ནས། ལུགས་ཀྱི་བསྟན་བཅོས་ལ་བསྙེལ་བ་མེད་པས་མངོན་མཐོའི་རྒྱུ་འབྲས་ལ་རབ་དབང་དུ་མཛད་པ་ནས། ཐུགས་ཉེའི་མཆིད་འོས་ཀྱང་ཞུ། དེགས་བཅས་ཕུལ། །མདོ་སྨད་བསྟན་པའི་སྲོག་ཤིང་རྫོགས་ཆེན་སྤྲུལ་པའི་སྐུ་མཆོག་གདམ་པའི་ཞབས་སྟེགས་སུ། གུས་པས་གསོལ་བའི་དོན། ཡང་སྲིད་མང་བོར་བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་

(༨༤༧)ཀྱི་རང་འབྲས་དུས་ལས་ཡོལ་བ་མེད་པའི་གཟུགས་སྐུའི་འཁྲི་ཤིང་བརྟན་བ་ནས་ཐུགས་བསྐྱེད་ཀྱི་འཇུག་བ་སེམས་ཅན་གྱི་ཁམས་དང་འཆམ་པར་སྨིན་པའི་ཕྲིན་ལས་ཀྱི་སྣང་བ་མི་འགོག་བར་འཚོ་ཞིང་གཞེས་བ་དེ་བཀའ་དྲིན་ཆེ། འདིར་གནས་པའང་སྒྱུ་ལུས་ལོ་ཟླའི་རྒྱ་བས་ནོན་པ་ལས་བསླད་བ་གསར་བྱུང་མེད་པས་བདེ་བ་འཚོ་ཞིང་གཞན་ཕན་གྱི་ལྷག་བསམ་དང་བཅས་པའི་ཁུལ་དུ་མཆིས། །ཆེད་དུ་གསོལ་བ། བླ་མ་བསོད་ནམས་བསྟན་འཛིན་འདི་གར་ཆེད་དུ་སྩལ་བའི་དོན་ལ། དབང་ཆེས་ལུང་ཁྲིད་ཀྱི་རིམ་པ་དམ་པའི་དགོངས་བཞེད་ཇི་ལྟར་འགྲུབ་འགྲུབ་དང་། ལྷག་པ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་པོད་ཆེན་ཉི་ཤུ་རྩ་ལྔའི་ལུང་རང་ཉིད་ཀྱིས་གང་ལྕོགས་བཀའ་གཏད་རྗེས་གནང་དང་བཅས་ཚང་མཐོབ་པའི་ཐབས་དང་རྟེན་འབྲེལ་འབད་པ་ཆེན་པོས་བསྒྲིགས་པས་མཚོན། ཁོང་པ་བཞུགས་རིང་མདོ་སྒྱུ་ཕུར་བརྒྱུད་ལུགས་ལ་སོགས་པའི་ཆོ་ག་ཕྱག་ལེན་སྒྲུབ་པ་དང་བཅས་པ་དུས་མི་དྲོན་པར་འབད་པ་ལགས་ན། སྤྱིར་དེང་སང་ལྟ་བ་དང་ཉོན་མོངས་པའི་སྙིགས་མར་གྱུར་པས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་གཟུགས་བརྙན་ཙམ་དུ་ཉེ་བས་སྐྱོ་བའི་གནས་དང་། ལྷག་པར་སྔ་འགྱུར་རྡོ་རྗེ་ཐེག་པ་ནི་མདོས་དང་གཏོ་ཆོ་ག་ཙམ་གྱིས་ཆོ་ག་པར་འཛིན་པས་གཟུགས་བརྙན་དུ་འང་མི་མངོན་པར་ཉེ་བའི་དུས་འདིར། རྫོགས་ཆེན་སྐུ་གོང་མས་མཛོད་བདུན་པར་ལ་འཁོད་པའི་བདག་རྐྱེན་མཛད་པས་དཔེ་རྒྱུན་འཕལ་བ་ཙམ་གྱི་ཀྱང་རྙིང་མཆོས་མིན་དུ་འདུ་ཤེས་པའི་སྐྱེ་བོ་མང་པོ་ངན་འགྲོའི་གཡང་ས་ལས་ཕྱིར་ཕྱོགས་བའི་རྟེན་འབྲེལ་མངོན་གྱུར་ན། བདག་ཅག་གིས་ཀྱང་ཚེ་དཱིར་དགེ་བའི་བཤེས་གཉེན་དང་མཇལ་བའི་ཐོས་བསམ་རྒྱ་ཆེའི་རྟེན་འབྲེལ་ཚོགས་པ་མ་ཡིན་བཞིན། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་རྗེ་དང་། རྒྱལ་བ་གཉིས་པ་དག་གི་དབང་པོའི་བཀའ་དྲིན་གྱིས་སྒོམ་བྱུང་གི་ཤེས་རབ་ལས་སྤོབས་པ་ཅུང་ཟད་ཐོབ་པའི་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་ཤོག་གྲངས་སྟོང་དུ་ལྡང་

(༨༤༨)བ་བསྟན་པ་ཁོ་ན་སྙིང་ལ་བཞག་ནས་བརྩམས་པ་དང་། གློ་གྲོས་གསར་བུའི་དུས་བྱས་པའི་ལུང་གི་གཏེར་མཛོད། །དགོངས་འདུས་ཆོ་གའི་རྣམ་དེས་སོགས་དང་པོའི་ལས་ཅན་ལ་ཕན་པའི་རིགས། ཁྱད་པར་སྔ་འགྱུར་གྱི་ཆོས་འབྱུང་གཙོ་བོར་སྨོས་ཤོང་ལོག་རྟོག་ཅན་གྱི་དགག་པ་ཚར་གཅོད་པའི་རྒྱུད་འབུམ་དཀར་ཆག་བཅས་པས་དེང་འདྲི་བ་རྣམས་ཀྱི་གདོང་པོ་ཏི་ལྔའི་དམ་པ་ཆོས་ཀྱི་སྐྱེས་གང་མཆོད་སྤྲིན་སྒྲོས་པ་ལ་སྤྱན་རས་མཆོག་ཏུ་བཅའ་བ་དང་། དམ་པའི་སྐྱེས་བུ་ཁྱོད་ནི་བསྟན་པ་ལ་ཕྱག་བཞེས་ལྷག་པར་ཆེ་བ་ཉིད་ན་རྒྱུད་སྡེ་ཆེན་པོའི་རིང་ལུགས་དར་དུ་འཇུག་བ་དང་། ད་དུང་སྔ་འགྱུར་རྒྱུད་འབུམ་ཅམ་པར་དུ་བསྐྲུན་པའི་ཐུགས་སྟོབས་བསྐྱེད་ན་བཀའ་འགྱུར་ཁྲོད་ནས་དབྱུང་བས་ཕྲིན་ལས་ཀྱི་གེགས་སུ་གྱུར་པའི་ཉམས་གསོ་ཆེ་ཞིང་། །བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཡན་མཆོད་ལོ་པཎ་དང་བཅས་པའི་ཐུགས་བསྐྱེད་དུས་ལས་མི་ཡོལ་བའི་བདག་རྐྱན་དང་། མཛད་པ་ཕྲིན་ལས་འཕང་མཐོ་ངས་བསྟན་པའི་རྩལ་ལག་གཅུག་ཏུ་འགྱུར་པར་གཅིག་ནང་། གསོལ་བར་ངེས་པའི་ཡན་ལག་རྣམས་ཕྱི་ནས་བླ་མ་བསོད་ནམས་བསྟན་འཛིན་གྱི་ངག་ལས་ཞར་ཞོར་གསོལ་ཡོད་བ་དང་། རྡོ་རྗེ་ཕུར་པ་རྒྱུད་ལུགས་འདི་མྱུར་བོར་ཚུགས་ན་ཉིད་ཀྱི་སྐུ་ཆེ་དང་དགོན་པ་མེས་གནོད་པ་ཡང་སྐྱོབ་པས་དེའི་ཡན་ལག་ཏུ་ཕྱོགས་སྐྱོང་བཅུའི་དར་ཆེན་སློང་ཞིང་། རྡོ་རྗེ་སྡེ་མོ་དང་། སྟོབས་པོ་ཆེ་སྟོང་རྩ་རེ་སྒྲོགས། བཀྲ་ཤིས་བརྩེགས་བ་བ་བརྒྱ་རྩ་གདོན་པ་ཞུ། སླད་དུའང་ཞབས་པད་ཡུན་དུ་བརྟན་ཅིང་། བསྐྱེད་རྫོགས་ཟབ་མོའི་ཉམས་གཞེས་དང་འབྲེལ་བའི་རང་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པའི་ཐུགས་བསྐྱེད་གཏང་མའི་དྲག་ནས་ཕེབས་ཚོགས་ཀྱང་རྒྱུན་ཆགས་སུ་ཡོད་པ་འཚལ། གཟིགས་རྟེན་ཆོས་གོས་དང་བཅས་པདྨ་འོད་གླིང་ནས་ཕུལ། །དགོན་ཙ་སྤྲུལའི་སྐུང་ཕུལ་བ། གཙུག་ལག་རྒྱ་མཚོར་སྤྱན་ལྡན་སྤྲུལ་སྤྲུལ་པའི་སྐུ་རོན་པོ་ཆེའི་ཞབས་པད་ལ། དང་བའི་ཡིད་ཀྱིས་གསོལ་བ། འཕེན་རྫོགས་གཉིས་ཀ་ཚོགས་རྣམ་པར་འཕེལ་བའི་ཤིང་རྟས་ཉེ་བར་དྲངས་བའི་གཟུགས་སྐུའི་ཉིན་བྱེད་གསལ་ཞིང་གསང་གསུམ་རྒྱལ་བའི་མཛོད་ཁང་ཆེན་པོར་སྦྱོར་བའི་སློབ་པ་ལམ་

(༨༤༩)གྱི་གནས་སྐབས་ལ་རང་གིར་མཛད་པའི་རིང་ནས་གསུང་ཤོག་རིན་པོ་ཆེ་གནང་རྟེན་འབུ་དམར་དང་བཅས་འབྱོར་པས་ངོས་མཇལ་ལྟ་བུའི་སིམ་པ་ཐོབ། །འདིར་ཡང་ཚུར་མཐོང་གི་གདུལ་བྱའི་སྐལ་བ་དང་འཆམ་པའི་དམ་པ་ཆོས་ཀྱི་ཕྲིན་ལས་ཅུང་ཟད་སྐྱོང་ཁུལ་ཙམ་གྱིས་བསམ་བ་དཀར་བར་མཆིས། མཚམས་ཞུ། ད་ནི་ཉོན་མོངས་པ་དང་ལྟ་བའི་སྙིགས་མར་གྱུར་པའི་དུས་འདིར་ཆོས་དང་ཆོས་ཀྱི་རང་བཞིན་ལ་ལྡོངས་པ་ལས་ཀྱང་ལྡེངས་པའི་ཀུན་སློང་ངན་པས་དབྱེན་བཅོས་ཏེ་བདག་དང་གཞན་དུ་ཞེན་པའི་ཕྱོགས་འཛིན་ཙམ་ལས། རྒྱལ་བ་ཐུགས་རྗེའི་བདག་ཉིད་ཅན་དེས་དྲང་ངེས་ལྡོམ་དགོངས་ཀྱི་ཚུལ་དུ་བཤད་པའི་དོན། རྒྱ་བོད་ཀྱི་པཎ་གྲུབ་སྐྱེས་ཆེན་དམ་པ་དེ་དག་གིས་གནས་དུས་གདུལ་བྱའི་ཁམས་དབང་དང་འཆམས་པར་བཀྲལ་ཞིང་གདུལ་པའི་དབང་གིས་བསྟན་པའི་ཆུ་གོ་ཐ་དད་དུ་བགྱིས་པའི་དགོངས་པ་ཆོས་ཉིད་གཅིག་ཏུ་མི་ཤེས་པའི་དུས་འདིར། དམ་པ་གང་གི་ཡོངས་འཛིན་བླ་མ་ཆེན་པོ་གཙང་པ་དགེ་བཤེས་རིན་པོ་ཆེ་དེ་ཉིད་ཀྱི་རྗེས་སུ་ཞུགས་པའི་བདག་རྐྱེན་དང་སྔོན་གྱི་ལས་སྨོན་ཐབས་བཤེས་སུ་འབྲེལ་བ་ལས་རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ལ་མི་འཕྲོགས་པའི་ངེས་ཤེས་འཁྲུངས་པ་དེ་ནི་ཚིགས་སུ་བཅད་པ་བརྒྱ་པ་ལས། ཡོན་ཏན་ལྡན་པ་ཡོན་ཏན་ལ་དགའ་ཞིང་། །ཡོན་ཏན་མེད་པ་ཡོན་ཏན་ལ་མི་དགའ། །ནགས་ཀྱི་བུང་བ་མཚོ་ཀྱི་པདྨར་དགའ། །སྦས་པ་ལྷན་ཅིག་གནས་ཀྱང་དེ་ལྟ་མེད། །ཞེས་དང་། ངེས་པའི་དོན་ལ་རྟོན་མི་རྟོན་གྱི་ཆོས་ཀྱི་རྣམ་དབྱེ་ཕྱེད་པའང་དེ་ཉིད་ལས། །སྐར་མ་ཆེན་པོ་མང་དུ་ཤར་གྱུར་ཅིང་། །ས་ཡི་རྒྱུན་གྱུར་ཟླ་བ་ཤར་ན་ཡང་། །གང་ཚེ་ཉི་མ་ནུབ་ན་མཚན་མོར་འགྱུར། །ཉི་མས་མ་གཏགས་ཤར་ནུབ་ཕྱོགས་མི་ཕྱེད། །ཅེས་པའི་དོན་ལ་གནས་པ་དེ་ངོ་མཚར་ཆེན། མཛོད་བདུན་དང་ངལ་བ་སོ་སྐོར་གསུམ་པོ་འདི་རྩ་འགྲེལ་སྡེ་མཚན་ཉི་རྩ་གྲངས་སུ་ལྡང་བ་དང་། སྤྱིར་ཤོག་གྲངས་ཉིས་སྟོང་བརྒྱད་བརྒྱར་ཉེ་བ་ཡོད་ཚོད་ལ། ཡིག་

(༨༥༠)མཁན་སོགས་ཀྱི་སྟ་མགོན་ཉེར་བསྡོགས་གྲུབ་བསྟུན་ལ་ཕྱི་ནས་རིམ་བཞེས་གནང་ན་དེང་སང་ངོས་ནས་འདི་སྐོར་འགྲོ་དོན་འབྱུང་བའི་རྒྱུན་འཕེལ་གྱི་ལ་མི་འགེགས་ཤིང་། དེ་གའི་ཡང་བཞེད་དོན་གྲུབ་པ་ཞིག་ཡོང་བ་ལས། བསྡེབས་བཞེས་གནང་ཡང་སྟབས་གཅིག་ཏུ་བཤུ་མི་ཐུབ་ཅིང་འདིར་ཡང་ལག་འཐོགས་བཅས་སྔ་འཕྲོས་འདི་གདོང་གྲུབ་མཐའ་རིན་པོ་ཆེའི་མཛོད་དང་། རང་རེའི་བསྟན་བཅོས་ཡོན་ཏན་རིན་པོ་ཆེའི་མཛོད་གཉིས་ཕུལ་ཞིང་། གསར་རྩོམ་ལ་མདོ་སྔགས་སོ་སོར་འགྲེལ་པ་ཤོག་གྲངས་ལྔ་བརྒྱ་རེ་ཡོད་པ་རྗེས་ནས་རིམ་གཟིགས་ཡོང་ལགས་ཤིང་། ཕྱིན་ཆད་ནའང་ཞབས་པད་བསྟན་ཅིང་བསྟན་པ་ཆོས་བཞིན་དུ་སྐྱོང་བའི་ཕྲིན་ལས་ཀྱི་འཇུག་པ་དུས་ལས་ཡོལ་མེད་ནས་ཕེབས་ཚོགས་ནང་མར་སྨིན་པ་མཁྱེན་མཁྱེན། གཟིགས་རྟེན་བཅས་པདྨ་འོད་གླིང་ནས་ཕུལ། །ས་སྤྲེའུ་ཚེ་ཆོ་ག་དང་འབྲེལ་བར་ཇོ་བོ་བྱང་ཆུབ་ཆེན་པོར་ཞབས་བརྟན་ཐུགས་དམ་བརྒྱུད་བསྐུལ། གང་གི་ཚེ་བསྐལ་བཟང་རྣམས་འདྲེན་ཡོངས་ཀྱི་སྟོང་ཉིད་སྙིང་རྗེའི་ནོར་བུའི་ཏོག་རི་ཁ་བ་ཅན་གྱི་གཙུག་ཏོར་དུ་མངོན་བར་གསལ་བའི་བྱང་ཆུབ་ཆེན་པོ་ཁྱོད་ནི། ཐོག་མ་མེད་པའི་དུས་ནས་མངོན་པར་བྱང་ཆུབ་བཞིན་དུ་སྤྲུལ་པའི་སྐུ་གྱུར་མ་ལྟ་བུས་སེམས་ཅན་གྱི་ཁམས་རྒྱ་མཚོ་ལམ་བདེན་འདུས་བྱས་པ་ལ་བཀྲིས་ནས་འབྲས་བུའི་ངོ་བོ་ཉིད་དུ་མཛད་པའི་ཕྱིར་སློབ་པ་ལམ་གྱི་མངོན་པར་རྟོགས་པ་ལ་ཆ་ཐང་དུ་མཛད་ནས་བསྡུ་པའི་དངོས་པོ་བཞི་དང་། ཕྱིན་དྲུག་གི་ལང་ཚོ་དུས་ལས་ཡོལ་བ་མེད་པའི་ཚུལ་སྟོན་ཅིང་། འདོད་པའི་བསོད་ནམས་དང་། སོ་སོ་སྐྱེ་བོའི་ཉོན་མོངས་པའི་མཐའ་གཉིས་ལས་བརྒལ་ནས་མངོན་པར་ཤེས་པ་དང་། ཡེ་ཤེས་དང་། རིག་པའི་བདག་ཉིད་དུ་མྱ་ངན་ལས་འདའ་བའི་མིག་དང་ཡེ་ཤེས་མངོན་དུ་བསྐྱེད་ནས་འཇིག་ཚོགས་ལ་བལྟ་བའི་རིའི་རྩེ་མོ་ནི་བཤིག་ །ཆོས་ཀྱི་མིག་རྡུལ་བྲལ། འཕགས་པའི་

(༨༥༡)ལམ་ཡན་ལག་བརྒྱད་ལ་བསྟེན་གོམས་རྟག་ཏུ་མཛད་ན། ཕུང་པོ་ལྔའི་ཉེར་ལན་དང་། སྡུག་བསྔལ་བདེན་པའི་ཆོས་ཉིད་ཀྱིས་བརྗི་བ་མ་ཡིན་ཀྱང་། གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་གིས་གཞན་རྒྱུད་ལ་བསོད་རྣམས་ཀྱི་ཚོགས་རྒྱ་ཆེན་པོ་འདུ་བར་མཛད་པའི་ཐབས་ལ་མཁས་པའི་ཕྲིན་ལས་དང་དུ་གཞེས་པ་ནི་རྒྱལ་དང་རྒྱལ་སྲས་དམ་པའི་ཆོས་ཉིད་ཡིན་ན། ཞིང་གི་མཆོག་དཀོན་མཆོག་ཐམས་ཅད་པའི་ངོ་བོ་ཉིད་ལུས་ཅན་གྱི་མཐུན་སྣང་དུ་གྲུབ་པའི་སྐུ་མཆོག་མཐོང་ན་མི་མཐུན་པ་མེད་པ་གང་ཞིག་ལྷ་དང་བཅས་པ། བདུད་དང་བཅས། ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་བཅས་པའི་སྐྱེ་དགུའི་མཆོད་སྡོང་གཅིག་ཏུ་ལྷམ་མེད། ལྷན་ནེ། ལྷང་ངེར་འཚོ་ཞིང་གཞེས་པའི་རྟེན་ཅིང་འབྲེལ་འབྱུང་གསར་པའི་སྒོར་དེང་ཕན་ཆད་ལ་མཆོད་པ་སྣ་ལྔ་ཁྲི་ཚར་གཅིག་དང་ཚོགས་འཁོར་སྟོང་ཕྲག་བཅས་པའི་མཆོད་སྤྲིན་གྱིས་སྣ་དྲངས། ལྷག་པའི་བསམ་པ་ཁན་མཐོ་བ་དང་མཛའ་བ་མ་ཡིན་པས་ཐབས་ཀྱི་རྣམ་པར་ཆེ་བ་རིག་པ་འཛིན་པའི་སྡེ་སྣོད་ལ་དྲན་པ་ཉེ་བར་གཞག་ནས་ཡེ་ཤེས་སེམས་དཔའི་དགུག་གཞུག་བཅིངས་བ་བཅས་པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་མཆོད་བ་བསམ་གྱི་མི་ཁྱབ་པ་དང་སྣང་གྲག་རིག་པ་རྒྱལ་བ་འོད་མཚན་སྟོང་དུ་འབར་བའི་སྐུའི་དེ་ཁོ་ན་ཉིད་དང་། དབྱངས་ཀྱི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་གཅིག་ཏུ་བསམ་གཏན་པས་ཉེ་བར་བསྙན་ཅིང་བསྒྲུབས་པའི་གཏོར་བླུགས་ཀྱི་ཆུ་རྒྱུན་དང་། བྱང་ཆུབ་སེམས་ཀྱི་བདུད་རྩི། རྡོ་རྗེ་བཟའ་པའི་རིལ་ལུ་དང་བཅས་པའི་སྤྲིན་ཆེན་པོའི་ཁྱད་པར་ཡང་། དང་པ་དང་། འདུན་པ་དང་། སྨོན་ལམ་དང་། རྟེན་ཅིང་འབྲེལ་འབྱུང་གི་དངོས་པོའི་དེ་ཁོ་ན་ཉིད་དུ་འབུལ་ན། རྟོག་པ་མེད་བཞིན་ཐུགས་རྗེ་ཆེན་པོའི་སྤྱན་རས་འགོག་བ་མེད་པས་རང་གིར་མཛད་ནས་མོས་པ་མ་བྱོན་གྱི་

(༨༥༢)བར་དུ་འབྱུང་བ་བཞི་རི་བྱེད་བ་ཕྱིར་བསྲིངས་ནས་མི་འཇིགས་སེངྒེའི་ཁྲིལ་ཞབས་པད་བརྟན་ནས་གངས་ཅན་པ་རྣམས་ལ་རྫོགས་ལྡན་གྱི་བསྐལ་བ་ཟད་མི་ཤེས་པ་སྩལ་དུ་གསོལ། །ལྷོ་དྲག་གསུང་སྤྲུལ་གྱི་མཆིད་ལན། སེམས་དང་སེམས་བྱུང་སྤྲོས་པ་ཉེར་ཞི་ཡང་། །རྒྱལ་གསུང་ལམ་བདེན་འགྱེད་པའི་སེངེྒའི་སྒྲས། བསྒྲིབས་དང་མ་བསྒྲིབས་ལུང་དུ་མ་བསྟན་པའི། །ཅེ་སྤྱང་ཟབ་དག་གི་དབང་པོ་རྒྱལ། །གང་གི་ཚོ་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་དེ་ལྦཱི་ཀོ་ཊ་ཡོན་ནོ་ཞེས་གླེང་བ་ལྷ་མོ་མཁར་དང་ཉེ་བ་ལྷ་ལུང་ལྷ་ཡི་དགའ་ཚལ་ན་དཔལ་ལྡན་འདྲེས་བྱེད་སྟོང་པའི་རང་ཉམས་ཀྱིས་རང་ལུགས་བདེ་བར་སྐྱོང་བའི་སྤྲུལ་པའི་སྐུ་རིན་པོ་ཆེ་ཡབ་སྲས་འཚོ་ཞིང་གཞེས་པའི་རིང་ནས། དངོས་ཅག་ལ་འཕྲིན་ཡིག་རྟེན་ལྡན་པུ་སྟ་ཀ་དང་བཅས་སྤྲིང་པ་དངོས་མཇལ་ལྟ་བུའི་གཟིགས་མོར་ཆེ། རྣམ་སྨིན་གྱི་རྟེན་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་འབྲས་ལ་སྤྱི་མཐུན་དུ་སྤྱོད་པའང་ལུས་ཉམས་བརྟས་ཤིང་དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་རིན་པོ་ཆེ་ལ་གུས་པ་ཆེ་ཐང་དུ་བགྱིད་པའི་ཁུལ་དུ་ལགས། ད་དུང་དགོངས་ཤིང་ །དེ་ལ་བདག་ཅག་ནི་རིགས་དང་། གཟུགས་དང་། དབང་ཕྱུག་གིས་རྐྱགས་པ་ཅན་ཡང་མ་ཡིན་ལ། དྲན་པའི་དབང་པོ་ཅན་ལ་བསྙེན་ནས་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་ཉེ་རྒྱུ་ཤེས་བྱའི་གཙུག་ལྒ་ལ་ཐོས་བསམ་བགྱིས་པའང་མ་ལགས་པས། ལང་ཚོ་བདེ་བ་ཙམ་ནས་དབེན་པ་ལ་དང་ཅིང་རིས་སུལ་དུ་ཉི་མ་ལྡེ་བཞིན་རྒ་བའི་ཚོར་བས་གཏུགས་པ་ཞིག་པས། རིག་པའི་གཙུག་ལག་ལ་སོགས་པའི་ཡོན་ཏན་གྱི་ལྡན་ཆོས་ལ་བསྙེམས་པ་དང་། ལྡན་མིན་གྱིས་སྙེངས་པའི་ཕྱོགས་གཉིས་ཀར་མི་བསྟེན་ན་རྫིང་བུན་མ་མཆིས་པ་ཡུར་བ་ལ་ཅི་ཞིག་དྲང་། དེ་ལྟ་ནཱང་སྒོམ་བྱུང་གི་ཤེས་རབ་ལས་ནང་རིག་པའི་དེ་ཁོ་ན་ཉིད་ལ་བག་ཆགས་དགེ་བ་ཅན་དུ་གཟིགས་ལྟངས་དགེ་བའི་ཚོགས་ཐམས་ཅད་ལ་གང་ལས་བྱུང་བའི་རྟེན་ཅིང་འབྲེལ་འབྱུང་ཆུད་མིགས་ན་པའི་ལྷག་བསམ་དང་ཀྱང་།

(༨༥༣)སྤྱིར་ན་ཚོད་ཡོལ། འཇིག་རྟེན་མཐུན་འཇུག་ལ་སྤྲོ་བ་ཞན། བསམ་གཏན་གྱི་དང་དུ་ཡིད་སྡུད་པས། ཕ་རོལ་གྱི་བསམ་པ་དང་མཐུན་པའི་ཉེར་ལེན་ལ་མི་མཁས་ཤིང་། རང་ཉམས་དོ་ཧར་སྤྱོད་པའི་གནས་ལ་འཛིན་སྟངས་མི་འགལ་ན། བསྟན་པའི་ལམ་སྲོལ་སྙན་དུ་ལྡུགས་བར་རྡོ་ཐོགས་ཚོད་ནི་ཁྱེད་ཅག་ཡབ་སྲས་དང་དངོས་ཅག་སྨོན་ལམ་གྱིས་འབྲེལ་བ་ཅན་དུའང་ཆ་མི་འཚལ་བ་ལ་དགོངས་ཤིང་དཔྱང་ནས། སངས་རྒྱས་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་བསྟན་པ་ལ་ཐུགས་ཡིད་ཕྱོགས་པའི་རྒྱུ་ལས་སྙིང་བསྟན་རི་མོ་མཁན་གྱི་སྣང་བྱེད་ལས་སྒྲོན་མའི་བྱེད་ལས་ཅན་དུ་བགྱིད་པར་གསོལ་ལན་ཅི་གནང་། ཞེས་གཟིགས་རྟེན་མཚོན་པ་བཅས་ཕུལ། །བསླུ་བ་མེད་བའི་བདག་ཉིད་མཆོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་དང་། དེ་དག་གི་ངོ་བོ་ཉིད་རྣམ་པ་ཐམས་ཅད་མཁྱེན་བའི་ཡེ་ཤེས་ལ་རང་བཞིན་ཤེས་པའི་དང་དུ་སྐྱབས་སུ་མཆིའོ། །ཡང་དག་པའི་ལྟ་བ་ལ་དད་ཅིང་། དགེ་བ་བཅུའི་ས་ལམ་འཛིན་པའི་སྐྱེ་དགུ་མཆོག་དམན་མཐའ་དག་དང་། སྣང་སྲིད་ལྷ་འདྲེའི་ཚོགས་ལ་བསྒོ་བ། རི་ཁ་བ་ཅན་གྱི་རྒྱལ་ཁམས་ནས་སངས་རྒྱས་གཉིས་པར་བསྙོན་དུ་མེད་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་ནས་གཞན་ཕན་བསྒྲུབ་བར་དབང་བསྐུར་བ་རིག་འཛིན་འཇིགས་མེད་གླིང་པའམ། རང་བཞིན་དུ་གྲགས་པའི་མིང་ཀློང་ཆེན་སྤྲུལ་སྐུ་རང་འབྱུང་རྡོ་རྗེར་འབོད་པས་རིང་མོའི་དུས་ན་སངས་རྒྱས་འོད་སྲུངས་ལ་སེམས་བསྐྱེད་པ་ནས་བཟུང་རྣམ་པར་རྒྱལ་བ་ཅན་དུ་མངོན་བར་སངས་རྒྱས་པར་འཇུག་པའི་སེམས་བསྐྱེད་བླ་ན་མེད་པས་བསྟན་པའི་ཞབས་ཏོག་དང་། སེམས་ཅན་གྱི་ཁམས་ཡོད་དོ་ཅོག་ལ་དངོས་བརྒྱུད་དུ་མའི་སྒོ་ནས་ཕན་པའི་བསམ་སྦྱོར་ལྷུར་བྱེད་ན། ད་ལྟའི་དུས་འགྲོ་བ་རྣམས་སྙིགས་མ་ལྔའི་དུས་ཀྱིས་རྒྱུད་པས་ཆེས་ཆེར་ནོན། ཁྱད་བར་མཐའ་འཁོབ་ཏུ་སྐྱེས་པ་རྣམས་མི་གཞི་དྲང་ཡང་ལས་འབྲས་ལ་རྨོངས་ཆེས་

(༨༥༤)བས་སེམས་ཅན་གྱི་སྲོག་འཕྲོག་པ་དང་། དམག་ཇག་གི་ལས་ལ་ཉེས་དམིགས་ཆེན་པོར་མི་བལྟ་བས་ངན་སོང་དུ་རྡོ་འཕངས་པ་བཞིན་འགྲོ་བ་ལ་སྙིང་རྗེས་མ་བཟོང་། དེ་དག་གི་མཚན་ཉིད་ཤེས་པའང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་བ་ལ་རག་ལུས་ན། དེ་ཡང་ཕྱོགས་རིས་དང་ལྟ་བའི་སྙིགས་མར་གྱུར་པས་དཀྲུགས་ཤིང་། ཁྱད་པར་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་མཁན་སློབ་ལོ་པཎ་རྣམས་ཀྱིས་ཆེ་ཐང་དུ་མཛད་པའི་རྒྱུད་སྡེ་སྔ་འགྱུར་གྱི་རིང་ལུགས་གཟུགས་བརྙན་ཙམ་དུ་སོང་བ་སེམས་ཀྱིས་མ་བཟོད་ནས། ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་གྱིས་མདོ་སྔགས་ཀྱི་གྲུབ་མཐའ་གསར་དུ་བསླངས་ཤིང་། རྒྱལ་དབང་པདྨས་རྗེས་སུ་གདམས་པའི་ཐུགས་གཏེར་ལ་ཟབ་མོས་བསྐྱེད་རྫོགས་ཀྱི་གནད་མ་འཁྲུལ་བའི་ལམ་མངོན་སུམ་དུ་བསྟན་པ་རྣམས་མདོ་སྨད་ཀྱི་སའི་ཆར་སྤེལ་ནས་སེམས་ཅན་མང་པོ་བྱང་གྲོལ་ལ་འགོད་བའི་ཕོ་ཉར་སྨོན་ལམ་གཏང་རྒྱས་དབང་བསྐུར་བ་འཇིགས་མེད་ཕྲིན་ལས་འོད་ཟེར་པ་འདི་ཉིད་གཟུ་བོར་གནས་ཤིང་། ལྷག་པའི་བསམ་པ་དགེ་བ་ཅན་ཡིན་པས་དམ་པ་རྣམས་ཀྱི་དྲུང་དུ་རྟེན་འབྲེལ་གྱི་མཚམས་སྦྱོར། གནས་སྐོར་ལམ་ཞུགས། ཐོས་བསམ་སྒོམ་གསུམ། དགོན་གནས་འཛིན་སྐྱོང་གང་གི་ཐད་དུའང་གྲོགས་དན་ཟླ་བ་ཡར་དོ་བཞིན་དུ་མཛད་པ་དང་། ཁྱད་པར་སྔ་འགྱུར་བ་རྣམས་བསྟན་པའི་ལར་རྒྱལ་རྩིས་ཆུང་། གདམས་ཕྲན་ལ་ཁ་འཛིན་ཆེ། བློ་སྟོབས་དང་ཆོས་ཉམས་ཆུང་བས་སྙིང་བསྟན་གྱི་རྩ་བརྒྱུད་འབུམ་རིན་པོ་ཆེ་དང་། མདོ་སྒྱུ་སེམས་གསུམ། ཡང་ཕུར་མ་མཉམ་སྦྱོར། སྙིང་ཏིག་ཡ་བཞི། སྒྲུབ་ཆེན་བཀའ་བརྒྱད་སོགས་ལ་ཆེ་བླང་དུ་མི་བྱེད། སོ་ཟུར་གནུབས་གསུམ་དང་། རོང་ཟོམ་ཆེན་པོ། ཁྱད་པར་བསྟན་པར་རྒྱ་མཚོའི་རྩ་ལག་ཀུན་མཁྱེན་བསམ་ཡས་པའི་གྲུབ་མཐའ་ལ་རྨོངས་པས་ཆོས་ལུགས་གཞན་པས་བརྙན་ཤིང་། གཤུང་པའི་ཚུལ་དབུས་གཙང་ཁམས་གསུམ་དུ་མཐོང་ཞིང་ཐོས་པས་གནས་ཚུལ་འདི་གཟུ་བོ་བློས་གཞིག་འབྲེལ་ལེགས་བར་མཛད་ནས་རང་བསྟན་

(༨༥༥)དང་བ་ལ་འགལ་རྐྱེན་དང་ཕྲག་དོག་སྤོངས་ཤིག་ །བསྟན་པ་ལ་ཕྱག་བཞེས་ཆེ་བ་དང་དཀར་ཕྱོགས་སྐྱོང་བ་ཐམས་ཅད་ནས་མཐུན་རྐྱེན་ཆོས་བཞིན་དུ་སྒྲུབས་ཤིག་ །གལ་ཏེ་དམ་ཚིག་མི་ཤེས་པ་དང་། དཀར་ཕྱོགས་ལ་མི་དད་བ་དང་། རྒྱ་འདྲེ་འགོང་པོ་དང་། གསར་བྱུང་ལས་ངན་གྱི་རྒྱུ་འབྲས་ལ་སྤྱོད་པ་ཡིན་དུ་ཟིན་ཀྱང་། ངའི་བྱང་ཆུབ་སེམས་ཀྱི་གདུལ་བྱར་མ་གྱུར་མ་མེད་པས་ཤེས་རྒྱུད་དགེ་ལ་འགྱུར་པར་གྱུར་ཅིག་ །དེ་ལྟར་གྱུར་ནས་ནད་ཡམས་ལ་ཁྲུག་རྩོད། མེ་ཆུ་གཅན་ནག་ཅན། རི་རུང་ཤྭ་ལོག་ །སྐྱོན་ཐང་ཐོག་རྒོད། འཁྱུག་དངས་གཡོས། ཁ་ཆར་རླུང་ལོག་སོགས་འཇིག་རྟེན་མི་བདེ་བའི་སྣ་འདྲེན་མཆོག་དང་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་ཀྱི་སྦྱན་དང་ལྡན་བས་བཀའ་ཆད་དྲག་པོ་ཕོབ་ཅིག་ །ལེགས་ཉེས་ཀྱི་སྟངས་ཟུང་ཞིག་ །ས་མ་རཀྵནྟུ། ཞེས་གོ་བར་བྱ་བའི་གཏམ་པདྨ་འོད་གླིང་ཆོས་ཀྱི་གན་མཛོད་ནས་བྲིས་པས་རྦ་མངྒ་ལཾ། །རིག་བྱེད་འཛིན་པ་ལ་སྤྲིངས་པ། རྨོངས་ཆེན་གླང་བོས་རིང་སྤོངས་པའི་རིག་བྱེད་རྒྱ་མཚོའི་དེ་ཉིད་ལ། ལྐོག་ཏུ་མ་གྱུར་དེད་དཔོན་ཁྱེད། དྲང་སྲོང་རྒན་པོའི་མཆིད་འདིར་གསོན། ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱི། ཉེར་ལེན་སྲིད་པའི་ཆོས་ཡིན་ཡང་། །དེ་ཡི་འགལ་ཟླས་མ་བཅོམ་པ་མཐོ་རིས་དམ་པའི་ཡོན་ཏན་བདུན། །གང་ལ་འཚོ་གཞེས་བརྟན་པ་གནས། རིང་དུ་འདྲིས་ཤིང་གཅུགས་པའི་གཏམ། མིང་ཚིག་ཡི་གེའི་ཞལ་སྒོ་ལས། །དར་དིར་གླེང་མོ་བྱེད་པ་བཞིན། རྒྱ་བས་ལང་ཚོའི་དཔལ་བཅོམ་ཞིང་། སྲོག་གི་ལྷག་མ་ཙམ་འདི་ལ། །ཡིད་བརྟན་མེད་པའི་ངེས་འབྱུང་དང་། །གཞན་ཕན་ལྷག་བསམ་འགྲལ་པ་མཆིས། །འཇིག་རྟེན་རྒུད་བའི་ཆོས་ལ་སྐྱོ་ཞིང་དེ་ཡི་དབུགས་ཆེན་འབྱིན་

(༨༥༦)པ་ནི། །རྒྱལ་དང་དེ་སྲས་ལས་གཞན་མིན་པས་དངུལ་དཀར་བྲེ་ཆེན་བཅུ་བྲག་ལས། །འཕགས་པ་མིག་མི་འཛུམས་པའི་ཞལ་དངས་སྙིང་ཐུར་སྲང་ལག་མིག་གིས། །བཀྲ་ཤིས་རྟགས་དང་ལྷག་གནས་འབུལ་སླད་ཆོས་འཁོར་ཆེན་པོར་དེང་ལ་ཉ། །འགྱུར་དང་སྡུག་བསྔལ་འདུ་བྱེད་ཀྱི། །དམ་ལ་གཅུར་བའི་འཁོར་བ་འདིར། །སྐྱེ་བས་མངོན་མཐོའི་རིམ་གྲོ་ཡང་། །ངེས་ལེགས་གྲུབ་ཕྱིར་འབད་འཚལ་ལོ། །མྱོང་གྲོལ་དམ་མདུད་དང་ལྷ་རྫས་བཅས། །སྲིད་སྐྱོང་རྟ་ཚག་རིན་པོ་ཆེར་རྟེན་བཞེངས་ཀྱི་ལེགས་འདུལ་ཆབ་ཤོག་ །ཆོས་ཀྱི་འབྱུང་གནས་སྨོན་པའི་རྔ་བོ་ཆེས། །གནས་ངན་ལེན་གྱི་དྲི་མ་བཀྲུས་པའི་ཞིང་། ཀུན་ནས་དག་པ་རབ་འབྱམས་སྐྱེད་མོས་ཚལ། །བདེ་ལྡན་མགོན་པོས་འཚོ་གཞེས་ཆོག་སྦྱིན། ༡ །རང་བཞིན་མེད་པའི་བདེ་གཤེགས་སྙིང་པོའི་ཁམས། །ཚོགས་བརྒྱད་ཞགས་པས་བཅིངས་པའི་ཡིད་ཅན་འདིའི། །བརླང་སྦྱོད་ལྕགས་ཀྱུས་བོས་པའི་དཀར་མིན་གྱི། །ཚེམ་པར་གྱུར་བ་བསོད་ནམས་ཡེ་ཤེས་ཚོགས། ༢ །བྱེ་བྲག་རྩོད་ལྡན་གདུང་བ་ཞི་བའི་སྨན། །མི་བདག་དུང་གི་གཞོན་ནུ་མ་ཕམ་པ། །རྫོགས་ལྡན་གསར་པའི་དགའ་སྟོན་ཤིང་རྟའི་རྩེར། །འདྲེན་པའི་རྟེན་ཅིང་འབྲེལ་འབྱུང་ཆོ་ག་ལ། ༣ །ཐུགས་བསྐྱེད་ཚད་མེད་བཞི་པའི་ས་མཁན་གྱིས། །བྱ་བ་ལས་ཀྱི་འཁོར་ལོས་བདག་ཅག་ལ། །དབུགས་འབྱིན་ཆེན་པོ་སྩལ་ལ་རངས་པའི་ཡིད། །ཡན་ལག་བདུན་གྱི་མཆོག་སྤྲིན་ཐོག་མར་འབུལ། ༤ །བྱས་པ་ཤེས་ལ་དྲིན་གཟོ་བ་ཡི། །མི་ལང་པ་ལ་མགོན་ཉེ་བར་གནས་སོ་ཞེས། །བདག་ཅག་ཁོ་ནའི་སྟོན་པ་དེས་གསུངས་ཕྱིར། །དངོས་སྟོབས་ཆུང་ཡང་དང་བའི་རྟེན་ཙམ་དུ། ༥ །སྐུ་གསུང་ཐུགས་རྟེན་མཆོག་གིས་སྣ་དྲངས་པའི། །ཟང་ཟིང་རྫས་ཀྱི་བདོག་པ་ཉུང་ཟད་འདི། །ཉུང་དུའང་མང་པོར་བགྱིད་པའི་

(༨༥༧)མཐུ་ལྡན་པ། །ཀུན་ཏུ་བཟང་པོའི་སྤྲིན་དུ་འཆར་གྱུར་ཅིག་ ༦ །སེམས་ཅན་དང་ནི་ཆོས་ལ་དམིགས་པ་དང་། །དམིགས་པ་མེད་པའི་བྱང་ཆུབ་སེམས་གསུམ་ལས། །དང་པོའི་དོན་ཉིད་གཙོ་བོར་གྱུར་པ་ཡིས། །མཐུན་འགྱུར་མཛད་ལ་དེང་འདིར་དགོངས་ཤིག་ཀྱེ། ༧ །རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེར། དུས་གསུམ་རྒྱལ་བའི་ཞལ་སྐྱིན་མཆོག་ །སངས་རྒྱས་གཉིས་བ་པདྨ་དང་། །ཀུན་མཁྱེན་དག་གི་དབང་པོ་ཡི། །སྐྱེས་བུ་ཁྱོད་ལ་བྱིན་གྱིས་རློབས། །ཚངས་པ་ལྷ་མེ་ཏོག་དེ། །གངས་རིའི་ལྗོངས་འདིར་ཡང་ནས་ཡང་། །གསར་རྒྱས་པའི་ཟེའུ་འབྲུལ། །ཉང་རལ་དྷརྨ་ཤྭ་ར་དང་། །ཡེ་ཤེས་རོལ་པའི་རྡོ་རྗེ་བྲག་ །གང་གི་བྲག་ཆེན་རྡོ་རྗེ་དེར། །དགུང་གཅིག་རྣལ་བའི་རྟེན་འབྱུང་ལས། །མངྒ་ལའམ་དབང་པོའི་སྡེའི། །ཆོས་གཞི་ཨེ་ལྦམ་ལྕོག་སྒར་གྲུབ། །ཡབ་སྲས་གཉིས་མེད་ཐུགས་བསྐྱེད་ལས། །རྣམ་པར་འཕྲུལ་པ་ཁྱོད་ཅིག་དང་། །དངོས་ཅག་སྐྱེས་བ་རངས་ཀྱི་ཕྲེད། །སྨོན་པས་འབྲེལ་པའི་ལས་འཕྲོས་དེ། །གང་ཕྱིར་བདག་ལམ་འདྲིས་པའི། །མཛའ་བཤེས་ཐུགས་སུ་བྱོན་པ་ཡི། །མངོན་རྟོགས་རྡོམ་པའི་བཀའི་མཆིད་ལ། །སྤྲོ་དང་དང་རྗེས་སུ་ཡི་རང་འགྲན། །རྨོངས་པས་དཀྲུགས་པའི་གཞན་དབང་གི། གཡང་སར་ལྷུང་བ་མེད་ཁྱོད་ལ། །བདག་གིས་སྤངས་དང་རྟོགས་བའི་ཆོས། །མངོན་སུམ་འཕོ་བར་ཅིས་མི་སྨོན། །རྒ་བའི་ཆང་པས་ནོན་གྱུར་ཅིང་། །དབང་ཤེས་ལྡོངས་བར་གྱུར་ན་ཡང་། །དམ་པའི་ཞིང་སར་དམ་པའི་ཀླུང་། །འདྲེན་ལ་སྐྱོ་བའི་སྐབས་མེད་བྱེ། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ། །སྔ་འགྱུར་ནུབ་རི་ར་སོན་པའི་ཚེ། བསྟན་པའི་རྩ་ལ་ག་ཆེན་པོར་རེ། །ཐོས་བསམ་སྒོམ་ལ་ཐུགས་སྟོབས་བསྐྱེད། །དམ་པ་རྣམས་ཀྱིས་དམ་བཅའ་ནི། །བསྟན་དང་འགྲོ་ལ་སྨན་པ་ཡི། །བྱང་ཆུབ་

(༨༥༨)སེམས་མཆོག་ཁོ་ནའི་ཕྱིར། །སྐྱེས་བུ་ཆེན་པོའི་རྣམ་ཐར་སྐྱོངས། །རོང་པ་ཆོས་ཀྱི་བཟང་པོ་དང་། །རྒྱལ་བ་ཀློང་ཆེན་རབ་འབྱམས་དང་། །ཞང་ཞུང་པཎིྚ་ཏ་སོགས་ཀྱི། །གཞུང་ལ་རྟག་ཏུ་བསྟེན་གོམས་འཚལ། །དེ་ཡི་རྒྱུས་ལ་རྒྱུད་འབུམ་གྱི། །ཆོས་འབྱུང་འཛམ་གླིང་ཐ་གྲུའི་རྒྱན། །སྤྱན་ལམ་བསྟར་བར་སྤྲོ་མོད་ཀྱང་། །དེང་ཚེ་འབྲི་གུང་ཕྱོགས་སུ་དེངས། །འོན་ཀྱང་སྟོན་ཟླའི་གང་བ་ལ། །བསམ་ཡས་ཆོས་འཁོར་ཆེན་པོ་དེར། །ལྷག་གནས་བགྱིད་ལ་ཕྱོགས་པའི་ཚེ། །ཕོ་ཉའི་འགྲོས་ཀྱིས་སྐབས་དབྱེར་གསོལ། །དེང་གི་རིས་ལ་བཀའ་ཕེབས་བཞན། །རྟོགས་པ་བརྗོད་དང་གཏམ་གྱི་ཚོགས། །ཤོག་གྲངས་ཟུར་གསལ་ལྟར་འབུལ་གྱི། །ཡ་རབས་རྣམས་ལ་སྐྱེས་ཀྱི་མཆོག་ །རྟག་ཏུ་ཞབས་པས་བརྟན་པ་ཡི། །རྟེན་ཅིང་འབྲེལ་འབྱུང་རྒྱ་མཚོ་དང་། །སྐྱེས་བུ་གསུམ་གྱི་གཞུང་ལམ་ནས། །སེམས་ཅན་བདེ་ལ་འགོད་པར་འཆལ། །སྤྱན་རས་གཡོ་བའི་ལྷ་རྫས་དང་། །ཡར་ཀླུངས་ཤེལ་གྱི་བྲག་ཕུག་ཏུ། །ཆེ་མཆོག་བདུད་རྩིའི་སྒྲུབ་རྫས་བཅས། །མོས་དང་དང་བའི་སེམས་ཀྱི་ཕུལ། །ལྷོ་བྲག་ལྷ་ལུང་ཐུགས་སྲས་སྤྲུལ་སྐུར་མཆིད་ལན། རི་མོ་གཡས་སུ་དཀྲིས་པའི་དགེ་མཚན་གྱི། །དབྱངས་ཡིག་ཡན་ལག་དྲུག་ཅུར་རྫོགས་པའི་གདངས། །དབྱངས་ཅན་འཕང་འགྲོའི་རྒྱུན་མིན་བདེ་གཤེགས་ཀྱི། །སྒྲ་ཚིག་བརྗོད་པ་བྲལ་དེས་ཁྱོད་བྱིན་རློབས། ༡ །རིང་ནས་བཤེས་པའི་དམ་བཅའ་མི་འགོག་བས། །སྙན་ཚིག་ཀ་ལ་པིངྒའི་རྒྱུན་ཆགས་ཀླུ། །འཚོ་གཞེས་ཚོག་བརྟན་པའི་སྐབས་དབྱེ་བཞིན། །དངོས་དཀྱིལ་མཐོང་བའི་དགའ་སྟོན་མཛད་ལས་རངས། །འདི་ན་བདེ་གཤེགས་སྙིང་པོའི་ཆོས་ཉིད་ལ། །བྲི་གང་འཕོ་འགྱུར་མིན་བཞིན་དབང་ཤེས་རྣམས། །རྒ་བའི་

(༨༥༩)བའི་ཆད་པས་ནོ་ན་ཀྱང་ལྷག་བསམ་གྱི། །ཤིང་རྟའི་བྱི་བཞིན་བདུན་བྱི་བདུན་བ་འགྲོ། ༣ །འཁོར་བའི་རང་བཞིན་སྡུག་བསྔལ་འདེན་པ་ཡིས། །དམ་ལ་མ་གཞག་མེད་ཀྱང་རྩོད་ལྡན་གྱི། །འགྲོ་འདིའི་ལུས་སེམས་བརླང་སྤྱོད་རྩུབ་མོ་དེས། །ལྷག་པར་གཟིལ་བའི་རྒྱུ་འབྲས་འགོག་པའི་སླད། །སཽརྞ་རླུ་པཾ་ཐུར་སྲང་བརྒྱ་ཕྲག་དྲུག་ །རྒྱུ་འགྲོར་ཚོགས་པའི་མ་ཕམ་མགོན་གྱི་སྐུ། །བཟོ་གནས་རིག་པ་ལས་བྱོན་དེའི་ལྷག་གནས། །བགྱིད་ལ་བསམ་ཡས་ཆོས་འཁོར་དེང་དུ་ཉེ། ༥ །ཀྱིད་མའི་མཚོ་འདིར་བདེ་སྐྱིད་སྤྱོན་བྱེད་སྡན། །རྒྱལ་བསྟན་རིན་ཅེན་བཻ་ཌཱུརྻ་ཡི་ཁམས། །དེ་འཛིན་སྐྱེས་བུ་མཆོག་གི་བདག་པོའི་རྐྱེན། །ཉིད་ཕྱིར་ཤེས་རབ་གསུམ་ལ་ཐུགས་བརྩོན་བསྐྱེད། ༦ །དེ་ཡང་དོན་ལ་རྟོན་པའི་གནས་མང་དག་ །ཚི་ག་ལ་རྟོན་པའི་རྟོག་གེའི་མྱུན་སྤྲུལ་གྱིས། །བསྟན་པ་དཀྲུག་པའི་གཉེན་བོར་ཀུན་མཁྱེན་ཆེའི། །མཛོད་བདུན་ཤིང་རྟ་རྣམས་གསུམ་ལས་གཞན་མིན། ༧ །དེ་ཕྱིར་རྒྱལ་གཉིས་པའི་གཞུང་ལུགས་ལ། །རྟག་ཏུ་བསྟེན་གོམས་མཛད་པར་བསྐུལ་བ་ཡི། །མཆོད་པའི་སྤྲིན་འདི་སྟོང་གསུམ་རིན་ཆེན་གྱིས། །བཀང་ལས་ཆེས་ལྷག་བདག་གི་ར་གཞེས་ཤིང་གུ། ༨ །རིང་མིན་ཞལ་སྐྱིན་བལྟ་དང་ཆབ་གཅིག་པར། །ཡ་རབས་དམ་པ་རྣམས་སྐྱེས་ཀྱི་མཆོག་ །སྟོན་བའི་དམ་ཆོས་རྣམ་གཉིས་བདུད་རྩིའི་སྤྲིན། །ཐུགས་ཀྱི་དཔའ་བོར་འབབ་པའི་བཀྲ་ཤིས་ཤོག་ ༢ །མངའ་རིས་སྤྲུལ་སྐུའི་ཆབ་ཤོག་ལན། ལེགས་སྤྱད་ལེགས་སྨོན་རྒྱ་མཚོའི་ཤིང་རྟ་མཆོག་ །ཚོགས་གཉིས་དཔྱིད་ཀྱི་ཐིག་ལེའི་མུ་ཁྱུད་ཀྱི། །སྡེ་སྣོད་རྒྱ་མཚོའི་གོས་ཅན་ལ་དྲང་བ། །གང་གི་བཞེད་དོན་ལྷུན་

(༨༦༠)གྱིས་གྲུབ་གྱུར་ཅིག་ །ཞི་བ་ཕྱོགས་གཅིག་མྱ་ངན་འདའ་བ་ཡི། །དགྲ་བཅོམ་བརྟུལ་བཞུགས་བསླབ་པའི་མཛོད་ཁང་ནས། །བྱང་ཆུབ་འཇུག་པའི་སྤྱོད་པ་རླབས་པོ་ཆེས། །བདག་ལའང་རྗེས་སུ་ཡི་རང་དགེ་ཚོགས་བྱིན། །རིགས་གསུམ་སེམས་དཔའི་ཐུགས་བསྐྱེད་གཞལ་མེད་ཁོང་། །རྡུལ་སྙེད་འབྱུང་བའི་ཆོམ་པོས་བཀབ་བ་ལ། །དལ་འགྲོའི་དཔུང་ཚོགས་ཡན་ལག་བཞི་བཤམས་པའི། །རྣམ་སྨིན་ག་བུར་རྡུལ་བུ་འཛག་དེ་རྨད། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་མཐའ་དག་གི། །བརྡ་དོན་ཁུར་དུ་བཟོད་པའི་མཆོད་སྡོང་གིས། །བརྟན་པ་རིང་བསྲེལ་བའི་ཡན་ལག་དང་། །བཅས་པ་དང་བའི་དང་ནས་བཞེས་སུ་གསོལ། །བཀའ་བློན་ལྷ་སྡིངས་བར། ཕུན་ཚོགས་ནོར་བུའི་གན་མཛོད་འབུམ་འཇོ་བ། །འོད་སྣང་མཐའ་ཡས་ཉེ་འཁོན་མེད་པའི་སྤྱན། །རིགས་ཅན་དྲ་མཁྱོད་ལ་གཡོས་བའི་མོད། །སྲོག་གི་སྐྱབས་སྦྱིན་ཕྱག་རྒྱས་རིང་དུ་སྐྱོངས། །གཡོ་བའི་རང་བཞིན་སྲིད་པའི་ཆོས་ཉིད་ཆེ། །གང་་གིས་མ་དཀྲིགས་འཁོར་བ་ཡོད་མིན་ཡང་། །དཔལ་བའི་རྟེན་ལ་རང་འབྱེར་བཞིས་ཕྱུང་ཅིང་། །གསུམ་ལ་རིམ་གྲོར་བགྱིད་བ་ཁྱོད་ཅིག་གྲང་། །གངས་རིའི་ལྗོངས་འདིར་འཕགས་པའི་གདུལ་ཞིང་ཕྱིར། །རྒྱལ་བསྟན་ལྷག་ཞབས་གནས་པའང་འདི་ཁོ་བར། །ངེས་ཕྱིར་རིམ་གྲོ་བསྐྱེད་དང་སེམས་ཅན་གྱི། །བདེ་སྐྱིང་རྒྱལ་བློན་དག་ལ་རག་ལུས་སོ། །སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས། །བསྟན་ལ་རི་མོར་བགྱིད་པའི་རྗེས་ཞུགས་ཏེ། །མི་ཆོས་གཙང་མ་བཅུ་དྲུག་དམ་བཅའ་དང་། །ཁྱིམ་གནས་བྱང་ཆུབ་སེམས་དཔའི་རྣམ་ཐར་སྐྱོངས། །ཆོས་ཀྱི་རིང་ལུགས་ཤེས་པའི་ཉེར་བའི་སྡོགས་སུ། །ལུགས་ཀྱི་བསྟན་བཅོས་རྣམས་ལ་བསྙེན་བྱས་ཏེ། །རིགས་དང་དེ་ཡི་འགལ་ཟླ་རྣམ་གཉིས་ལས། །དང་པོའི་

(༨༦༡)ཕྱོགས་ལ་བརྟུན་པའི་གོ་ཆ་བཀོན། །ཁྱད་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ། །རྒྱལ་བློན་སོ་སོར་གདམས་པའི་ལྟུང་བྱེད་བཅུས། །བྱོལ་ཏེ་གཟུགས་ཅན་སྙིང་པོའི་རྣམ་ཐར་སྐྱོངས། །དེ་ཡིས་སྦྱིན་ཚུལ་བཟོད་པའི་བ་དན་སློང་། །འཁོར་བ་སྙིང་པོ་མེད་པའི་རང་གཟུགས་ལ། །ཆུ་ཟླ་རྨི་ལམ་ལྟ་བུར་ཉམས་མྱོང་ནས། །མངོན་མཐོའི་རྒྱུ་ཚོགས་ཡན་ལག་བརྒྱད་པ་དང་། །བདེན་པ་གཉིས་ཀྱི་ཆོས་ལ་གུས་བར་མཛོད། །དངོས་ལའང་མ་འདྲིས་བཤེས་པའི་གསུང་མཆིད་དང་། །སྔ་ཕྱིར་གཏོང་སེམས་གོམས་པའི་ཟང་ཟིང་སྐྱེས། །སྩལ་ལ་བཟང་པོ་བཞི་ལྡན་ཡོངས་བསྔོ་དང་། །སྨོན་ལམ་རྣམ་པར་བརྒྱན་པའི་མཚམས་སྦྱོར་ཞུ། །གང་ཐུགས་དད་པའི་མེ་ཏོག་མནྡཱ་རའི། །སྐྱེད་ཚལ་དགའ་བའི་སྤྲང་རྩིས་བསྐྱེད་བསྲིངས་པའི། །གཟིགས་རྟེན་བྷྲ་མ་ཡི་གཤོག་རླབས་ཀྱིས། །བཏེག་པའི་བྱིན་མདུད་དང་བཅས་ཕྱོགས་དེར་དེ་པས། །གསུང་སྤྲུལ་རིན་པོ་ཆེའི་སྐུ་ཞབས་སུ། ཞུ་བ། དེང་གི་ཆར་སྐུ་རིན་པོ་ཆེའི་ཉིན་བྱེད་གསལ། །བསྟན་པ་ལ་ཕྱག་བཞེས་ཆེ་བའི་རིང་ནས་ཆབ་ཤོག་རིན་པོ་ཆེ་གནང་རྟེན་བཅས་ཕེབས་པ་དངོས་མཇལ་ལྟར་གུས། འདིར་གྱི་ན་པའང་འཚོ་བ་སྙོམས་པ་ནས་དགེ་བློར་འདུན་པར་མཆིས། མཚམས་ཞུས། གཏེར་གསར་གྱི་ཆོས་རིགས་ལུང་བསྟན་དང་བཅས་བསྐུར་ཕེབས་པ་རང་རེ་ལ་གཟིགས་པ་དགེ་བའི་གསུང་དུ་སྣང་ཡང་ད་ལྟ་ལག་ཐོག་ཏུ་མེད་པས་ཅུང་ཟད་ནོངས། ཞུ་བའི་སྙིང་པོར། དེད་ཆོས་ལ་གོ་བ་ཅུང་ཟད་སྐྱེས་པའི་དུས། །སྡོམ་གསུང་རབ་དབྱེར། །དེས་ན་འདུལ་བའི་བསྟན་པ་ནི། །གཟུགས་བརྙན་ཙམ་ཞིག་དེང་སང་སྣང་། །འབྲས་བུ་གསང་སྔགས་བསྟན་པ་ནི།

(༨༦༢)གཟིགས་བརྙན་ཙམ་ཡང་མི་སྣང་ངོ། །ཞེས་པ་འདི་ལ་གོ་བ་ཆེན་པོ་ཞིག་སྐྱེས། །སྔགས་ལམ་ལ་བསྐྱེད་རྫོགས་སོ་སོའི་སྤྱད་གཞི་སྤྱོད་བྱེད་རྒྱུད་སྡེའི་རིང་ལུགས་དང་མ་འབྲེལ་ན། །བསྐྱེད་རིམ་ཚིག་ཀྱང་དང་། རྫོགས་རིམ་ལྟར་སྣང་བས་གཞི་ལམ་འབྲས་བུའི་དོན་ངོས་མི་ཟིན་པས། །སྔ་འགྱུར་བཀའ་མ་དང་། སྙིང་ཐིག་ཡ་བཞི་ལ་སོགས་པའི་ཆོས་ཚུལ་ཡོངས་གྲངས་དེ་ཚོའི་དོན་མ་རིག་ན་སྙིང་མའི་བསྟན་པ་མེད་པར་ཤེས། རྒྱལ་བ་ཀློང་ཆེན་པས། དམན་པའི་ནོར་དག་ཉོ་ཚོང་བྱེད་ན་ཡང་། །རང་གིས་མི་ཤེས་གགཞན་ལ་འདྲི་བྱེད་ན། །དེང་སང་གང་བྱུང་ཆོས་ཀྱི་ལམ་དེར་འཇུག་ །བློ་གྲོས་བླུན་པོ་བདུད་སྡེས་མངོན་སུམ་བཅོམ། །ཞེས་པས་སྐལ་ངན་གྱི་གནས་སུ་ལྷུང་དེགས་ནས། གོང་གསལ་རྣམས་ལ་ཆ་ཐང་དུ་བགྱིད་པའི་དུས་ཤིག་ན། ཀུན་མཁྱེན་ཆེན་པོ་དངོས་དང་ཞལ་འཇལ་ནས། སྔ་འགྱུར་གྱི་བསྟན་པ་དངོས་བསྟན་ནུབ་ཏུ་ཉེ་བས། ཁྱོད་ཀྱིས་གདམས་ཕྲན་གྱི་ཁ་འཛིན་མ་བྱེད་པར། ཤིང་རྟ་ཆེན་མོའི་གྲུབ་མཐའ་སློང་ཞིག་གསུངས་ཤིང་རྒྱུད་བྱིན་གྱིས་བརླབས་པ་ནས་བཟུང་། དེའི་ལུགས་ཀྱི་གསང་སྔགས་ཟབ་མོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྩ་བ་མདོ་སྒྱུ་སེམས་གསུམ་ལ་སོགས་པར་རིག་ནས་དེ་དག་འབའ་ཞིག་ལ་བཤད་སྒྲུབ་ཀྱི་བྱ་བ་བྱེད་པས། །གཏེར་གསར་གྱི་རིགས་ལ་དག་སྣང་མེད་བ་མ་ཡིན་ཀྱང་། དཔེ་ཆ་སྒྲུབ་རྩོལ་སོགས་མ་འགྲུབ་པས་དཔེ་རྒྱུན་དཀོན་པོ་ལས་མེད་ཅིང་། འོན་ཀྱང་ཡོད་ཁུངས་ཞུ་རྒྱུ་ཟུར་གསལ་ལྟར་དང་། དམ་པ་ཁྱེད་ཅག་ཡབ་སྲས་དང་ཀུན་མཁྱེན་ཆེན་པོའི་དེ་མ་ཐག་པའི་ཕྲིན་ལས་སྒྲུབ་པའི་རྣམ་འཕྲུལ་པདྨ་གླིང་པའི་ཆོས་ཀྱི་གདན་ཁྲིལ་ཞུགས་པ་ཡིན་ན། རང་བསྟན་རྩ་བ་ཆེན་པོ་འདི་ནུབ་ཏུ་ཆ་བ་ལ་ལུང་ཙམ་ཐོས་པས་ཆོས་ཀྱི་གོ་མི་དགེགས་

(༨༦༣)པར་ད་ལྟ་སྐུན་གསར་བུར་གྱུར་པ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་ཕྱོགས་འདི་ཡི་བསྟན་པ་ལ་གཅོད་བའི་ཕྲིན་ལས་བདག་གིར་གཞེས་པར་གསོལ་བ་འདེབས་ན། རྒུན་པོ་ལ་ཞྭ་དཀར་གྱི་ཕྱོགས་རིས་ཅན་དུ་དགོངས་པའི་གཟིགས་པ་སི་ལྷོད་བས་དྲང་པོར་གསོལ་བ་ལ་བསྙེལ་བ་མེད་པ་དང་། སྐུ་ཚེ་བརྟན་ཅིང་བསྟན་པ་རྒྱས་པའི་ཐུགས་བསྐྱེད་ནས་ཕེབས་ཚོགས་ཀྱང་ནང་མར་སྩོལ་བར་ཅི་གནང་། ཞུ་འདེགས་བཅས་ཕུལ།

(༨༦༤)

(༨༦༥)སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་དང་། མདོ་སྒྱུ་སེམས་གསུམ་གྱིས་མཚོན་བཀའ་མའི་སྒྲུབ་ཕྲིན། མཛོད་བདུན། སྙིང་ཏིག་ཡ་བཞི། གཏེར་ཁ་གོང་འོག་གཙོ་བོར་གྱུར་པའི་ཐོབ་ཡིད་ཉི་ཟླའི་རྣ་ཆ་ཞེས་བྱ་བ་བཞུགས།

(༨༦༦) དཔལ་རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །དེ་ལ་རྡོ་རྗེ་ཐེག་པ་རྙིང་མ་ཞེས་བྱ་བ་ནི། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་སློབ་དཔོན་ཆེན་པོ་པདྨ་དང་། བི་མལ་དང་། བཻ་རོ་ཙ་ན་དང་། གཡུ་སྒྲ་དང་། གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་རིན་ཆེན་མཆོག་དང་། སྐ་ཅོག་ཞང་གསུམ་ལ་སོགས་པས་བསྒྱུད་ཅིང་གཏན་ལ་ཕབ་པ་རྣམས་ལ་སྔ་འགྱུར་གྱི་རྣམ་གཞག་བྱེད་ཅིང་། དཔྱད་པ་རྣོན་པོའི་དབང་དུ་བྱས་ནད་ལྟ་གསར་མར་གྲགས་བའི་སྡེ་ཚན་ཀྱང་མང་དག་ཅིག་ཡོད་པས་མཐའ་གཅིག་ཏུ་ཀྐ་ཚོན་གཅོད་པར་བཀའ་ཡང་། ཆོས་ལ་ཕྱོགས་རིས་འབྱེད་པའི་རྣམ་གཞག་དོར་ན་རྡོ་རྗེ་ཐེག་པ་སྔ་འགྱུར་ཞེས་བྱ་བའི་ངེས་བརྗོད་ནི་མདོ་སྒྱུ་སེམས་གསུམ་དང་ཡོག་རྣམ་གསུམ་ལ་བསྡུ་བ་དང་པོར་གཉགས། བར་དུ་གནུབས། ཐ་མར་ཟུར་ལ་བབས་པའི་ལོ་རྒྱུས་དང་། རང་བཞིན་བསྙད་པར་འོས་པ་ནི་དེབ་ཐེར་སྔོན་པོ་ལ་སོགས་པའི་ཆོས་འབྱུང་ཚད་མར་གྱུར་བ་རྣམས་ལ་ཤེས་ཤིང་། བདག་ཅག་གིས་ཀྱང་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བ་བརྗོད་པ་ལ་ལེགས་པར་འདོམས་མོད། སྤྱིར་འཁོར་ལོ་གསུམ་གྱི་གྲངས་ངེས་སུ་རྣམ་པར་གཞག་པའི་སྡེ་ཚན་ལའང་། རྒྱལ་བའི་ཉན་ཐོས་གང་ཞིག་ཆོས་འཆད་དང་། །ཞེས་བ་ལ་སོགས་པས་ཆོས་ཀྱི་རྣམ་གྲངས་ཞལ་འཕངས་པ་དང་། སྟོན་པ་འདི་ཡི་བྱིན་རླབས་ཀྱིས། །ཞེས་པ་དེའང་རྒྱུད་བླ་མ་ལས་སྐྱེས་བུའི་རྣམ་རིག་དང་སྒྲ་སྙན་

(༨༦༧)གྱི་དཔེས་གསུངས་པ་ཡང་དག་པར་ཁོང་དུ་ཆུད་ན་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་རྣམ་གྲངས་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས་སྔོན་གྱི་མཁན་པོ་རྣམས་ཀྱིས་སྔ་འགྱུར་གྱི་སྡེ་ཚན་དུ་བསྡུས་པ་རྣམས་ལའང་མ་ཚོགས་བ་དང་། མཚན་གྱི་རྣམ་གྲངས་ངོས་མི་ཟིན་པ་སོགས་མང་དུ་སྣང་ཞིང་། བཀའ་ལུང་གི་བརྒྱུད་ཟ་ཟམ་མ་ཆད་བར་གྲགས་བའི་ཆོས་ཀྱི་རྣམ་གྲངས་ལའང་གསན་ཡིག་རྙིང་པ་ཚོར་རྒྱས་བསྡུས་ཅི་རིགས་པར་སྣང་ནའང་། ད་ལྟ་ཡོངས་སུ་གྲགས་ཤིང་བརྒྱུད་པའི་ཆུ་བོ་འདྲེས་པ་ནི་རིག་འཛིན་རཏྣ་གླིང་པ་ཡབ་སྲས་ནས་བརྒྱུད་ཅིང་བསྟན་པའི་ཆུ་འགོ་རྨ་གཉགས་གཉིས་ལས་སྒྱུ་འཕྲུལ་གྱི་ཤིང་རྟ་ཆེན་མོ་རྨ་ནི་གཤེགས་པ་སྔལ་སློབ་མ་དཔལ་བརྒྱད་ལ་སོགས་ཕྲིན་ལས་རྒྱ་ཆེ། གཉགས་ཀྱི་རྒྱུད་པ་ལ་རོང་ལུགས་དང་མཆིམས་ལུགས་དང་། །ཅོག་རོ་ལུགས་གནུབས་ཟུར་རྣམས་ལ་བརྒྱུད་པ་ལ་གཙང་ལུགས་ཞེས་གྲགས། དེ་ལས་དར་རེས་ཁམས་སུ་བྱོན་ནས་བཤད་པས་ཁམས་ལུགས་དང་། སླར་ལོག་པ་དབུས་སུ་འཕེལ་བས་དབུས་ལུགས་སུ་གྲགས། སེམས་ཕྱོགས་སློབ་དཔོན་ཆེན་པོ་བོ་རོ་ཙནའི་སྙན་བརྒྱུད་ཆོས་རྒྱལ་ཁྲི་སྲོང་། གཡུ་སྒྲ་སྙིང་པོ། སྤང་མི་ཕམ་སོགས་ནས་བརྒྱུད་པའི་གདམས་སྐོར་གོང་འོད་དང་། ཨ་རོ་ཡེ་ཤེས་འབྱུང་གནས་ལས་བརྒྱུད་པའི་ལུགས་སོགས་མདོར་བསྡུ་ན་བསྐྱེད་རིམ་གཙོ་བོར་སྟོན་པ་བསྐྱེད་པ་མ་ཧཱ་ཡོག་ །རྫོགས་རིམ་གཙོ་བོར་བཏོན་

(༨༦༨)པ་ལུང་ཨ་ནུ་ཡོ་ག་ །ཆོས་ཉིད་རང་བཞིན་མེད་པ་རྫོགས་ཆེན་ཨ་ཏི་ཡོ་ག་སྟེ། རྣལ་འབྱོར་གསུམ་གྱི་སྒྲས་བསྡུས་པའི་དང་བོར། འོག་མ་བརྒྱད་ཀྱི་གོལ་སྒྲིབ་ཤན་འབྱེད་པའི་གསང་ཚིག་ཐོད་རྒལ་དུ་སྟོན་བ་སེམས་མེད་བཅོ་བརྒྱད་ནས་རིམ་པར་བཀའ་སྲུང་གྱི་རྒྱུད་ཀྱི་བར་གོ་རིམ་མ་འཆོལ་བར་བསྒྲིགས་བའི་བོད་ཆེན་ཉི་ཆུ་རྩ་ལྔའི་ལུང་གི་བརྒྱུད་ཚུལ་ཐ་དད་པ་གོང་མ་ལྔ་པའི་གསན་ཡིག་ཏུ་ཤིན་ཏུ་ཞིབ་པའི་ན་འདིར་ཡི་གེའི་ངལ་བ་ལ་འཛོམས་ཤིང་། དེ་ལྟ་ནའང་བརྒྱུད་པའི་ཆུ་འགོ་གངས་ལ་ཐུགས་པ་ནི་ཆོས་ལ་ངེས་ཤེས་སྐྱེ་བའི་རྒྱུར་མེད་དུ་མི་རུང་པས། རྒྱུད་བཅུ་བདུན་དང་། ཆོས་དབང་རིན་པོ་ཆེའི་སངས་རྒྱས་མཉམ་སྦྱོར་གྱི་ཆོས་སྡེ་ལས་སྤྲོས་བྲལ་དོན་གསལ་གཉིས་མ་གཏོགས་གཞན་མ་ཕལ་ཆེར་རཏྣ་པ་ཡབ་སྲས་ལ་བརྒྱུད་པ་ཡིན་པས་དེའི་ཚུལ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ཆོས་ལོངས་སྤྲུལ་གསུམ། དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་བརྒྱུད་པའི་ཕྲེང་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་མཚན་སྒྲ་ཐ་དད་པ་གོང་དུ་སྨོས་པ་ལྟར་གསན་ཡིག་ །ང་ལས་ཤེས་པར་བྱས་ནས་ཟུར་པའི་སློབ་བརྒྱུད་གཉལ་བ་ལེགས་པ། གྲ་པ་རོག་འཇམ་དབྱངས་བཤེས་གཉེན། ཨར་དགེ་བ་ཆོད་དཔལ་རྒྱལ་མཚན། ཕྱ་མ་དགོན་པ་བསོད་ནམས་བཟང་པོ། གཏེར་སྟོན་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ། ངག་རྒྱལ་མཚན། བསྟན་འཛིན་འགྱུར་མེད་རྡོ་རྗེ། ལྕགས་ཟམ་སྤྲུལ་སྐུ་བསྟན་འཛིན་ལྷུན་གྲུབ། དེ་ལས་སོ། །དཀར་ཆག་སྔ་འགྱུར་བསྟན་བ་མི་ནུབ་པའི་རྒྱལ་མཚན་ཞེས་པ། གསུང་སྤྲུལ་ཚུལ་རྡོར། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། ཨོ་རྒྱན་ཆོས་རྒྱལ

(༨༦༩)་སངས་གླིང་། ཨོ་རྒྱན་དོན་གྲུབ། ཐང་འབྲོག་པ་པདྨ་རིག་འཛིན་དབང་པོ། དེས་བདག་ལའོ། །རྒྱུད་བཅུ་བདུན་ནི་བཀྲ་ཤིས་མངའ་གསོལ་གྱི་བླ་རབས་ལྟར་ལ། འབྲི་གུང་རཏྣ་ཕྲེང་པོ་གཏེར་ཆེན། རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ། གཏེར་གླིང་། ཁྲི་རིན་རྣམ། ཤྲཱི་ནཱ་ཐ། དེས་བདག་ལའོ། ༢ །སྤྲོས་བྲལ་དོན་གསལ་ཆེན་མོ། །གོངས་ལྔ་པ་ཡན་དེ་ཁའི་གསན་ཡིག་ ང་པ་ཉིས་བརྒྱ་དྲུག་པའི་མདུན་ལོགས་ལྟར་ལ། གཏེ་གླིང་། ལོ་ཆེན། རིན་རྣམ། ཐང་འབྲོག་པ། །དེས་བདག་ལའོ། ༢ །འདུས་པ་མདོ་གླན་ལུགས་ཀྱི་ཡིག་ཆའི་སྟེང་ནས་ཆ་ཚང་ཐོབ་པའི་བརྒྱུད་པ་སྒྲུབ་ཐབས་ཀྱི་སྨན་མཆོད་ལྟར་ལས་གཏེར་གླིང་ཁུ་དབོན། རིན་ཆེན་རྣམ་རྒྱལ། འགྱུར་མེད་ཡོན་ཏན། ཐང་འབྲོག་པ་འགྱུར་མེད་པདྨ་མཆོག་གྲུབ། དེས་བདག་ལའོ། ༢ །ཡང་ན་རྡོར་བྲག་པདྨ་ཕྲིན་ལས་ནས། གཏེར་གླིང་ཁུ་དབོན། རིན་རྣམ་སོགས་འདྲ། སྒྱུ་འཕྲུལ་ཞི་ཁྲོའི་དབང་རྒྱལ་བ་གཡུང་གི་ཡི་གེའི་སྟེང་ནས་སློབ་བུ་ལྷག་གནས་སྔོན་དུ་འགྲོ་བའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཕན་དབང་བཅུ། ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་དབང་ལྔ་སྟེ་ཞི་བའི་དབང་བཅོ་ལྔ། སྒྲོལ་མ་བའི་ཡི་གེའི་སྟེང་ནས་ཁྲོ་བོའི་ཕྱི་ནང་གི་དཀྱིལ་འཁོར་དུ་ལན་ནུས། གནུབས་སྟོན་རཏྣ་ཤྲཱི་ཟུར་འདེབས་ཀྱི་སྟེང་ནས་གསང་བ་བྷ་གའི་དཀྱིལ་འཁོར་དུ་གསང་དབང་། ཤེད་དང་། དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ་དབྱེར་མེད་བདེ་བ་ཆེན་པོའི་དབང་སྟེ་ཁྲོ་བོའི་དབང་བཅོ་བརྒྱད་རྣམ་ཐོབ་པའི་ཞི་ཁྲོ་གཉིས་ཀའི་དབང་བརྒྱུད་ནི། སྟོན་པ་ཀུན་བཟང་། རྒྱལ་ཚབ་རིགས་ལྔ་། རྒྱལ་སྲས་རིགས་གསུམ། སྐལ་ལྡན་ཛ། དགེ་སློང་ཀུ་ཀ་རཱ་ཛ། ཨིནྡྲ་བྷོ་དྷི། སིདྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོམས། སློབ་དཔོན་སྒེག་པ་རྡོ་རྗེ། དེ་གཉིས་ཀས་སློབ་དཔོན་སངས་རྒྱས་གསང་བ་ལའོ། །ཡང་ན་སྲས་མོ་ནས། རྒྱལ་བོ་ཀུ་ཀུ་རཱ་ཛ། རོ་ལངས་བདེ་

(༨༧༠)བའི་དངོས་གྲུབ། རྡོ་རྗེ་བཞད་བ། ཟ་ཧོར་རྒྱལ་པོ་བྲ་བྷ་ཧ་སྟི། སློབ་དཔོན་སངས་རྒྱས་གསང་བ། དེ་དང་སྒེག་པ་རྡོ་རྗེ་གཉིས་ཀས་པན་ཆེན་བི་མ་ལ་མི་ཏྲ། རྨ་རིན་ཆེན་མཆོག་ །གཙུག་རུ་རིན་ཆེན་གཞོན་ནུ། ཀྱེ་རེ་མཆོག་སྐྱོང་། ཞང་རྒྱལ་བའི་ཡོན་ཏན། གནུབས་སངས་རྒྱས་ཡེ་ཤེས་སོ། །ཡང་ན། ཟ་ཧོར་རྒྱལ་པོ་པྲ་བྷ་ཧ་སྟི་ནས་རིག་འཛིན་པདྨ་སི་བྷ་ལྦ། དེ་དང་མཆིམས་ལ་གཉིས་ཀའི་སློབ་མ་གཉགས་ཛྙཱ་ཀུ་མཱར། དེ་ནས་སོག་པོ་དཔལ་གྱི་ཡེ་ཤེས། གནུབས་སངས་རྒྱས་ཡེ་ཤེས། ཡང་ན་རྨ་གཉགས་ཐུན་མོང་གི་སློབ་མ། ཁུ་བྱང་ཆུབ་འོད། དེས་ཞང་དེས་གནུབས་ཆེན་ལའོ། གནུབས་སངས་རྒྱས་ཡེ་ཤེས་ནས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། དེ་གཉིས་ལ་ས་ཉང་ཤེས་རབ་མཆོག་ །ཡང་ན་གནུབས་ཆེན་ནས། སོ་ཡེ་ཤེས་དབང་ཕྱུག་ །དེས་རབ་ཐུང་། ར་ཐུང་། །ཀོང་བཙུན་གསུམ་ལ། གསུམ་ཀ་ལ་ཉང་ཤེས་མཆོག་གིས་གསན། དེ་ལ་ཉང་ཡེ་ཤེས་འབྱུང་གནས། ཟུར་བོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། །ཐུགས་སྲས་ཀ་བཞི་གདུང་བརྒྱད། སྒྲོ་ཕུག་པ་ཤཱཀྱ་སེང་གེ། རྩགས་ཚ་ཤཱཀྱ་རྡོ་རྗེ། རྩགས་སྟོན་ཤཱཀྱ་འབྱུང་གནས། །གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། ཆོས་ཀྱི་སེང་གེ། གླན་བུདྡྷ་ཤྲཱི། གླན་བསོད་ནམས་མགོན་པོ། སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེ། ཟུར་མོ་དགེ་འདུན་འབུམ། ཟུར་ཤཱཀྱ་མི་ཏྲ། དྷརྨ་ལཀྵ། དཀོན་མཆོག་བཟང་པོ། རྡོ་རྗེ་བཟང་པོ། ཀརྨཱ་གུ་རུ། ཀུན་བཟང་དཔལ་འབྱོར། ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་བསྟན་འཛིན། །གཏེར་གླིང་པ། མཁན་ཆེན་ལོ་ཙཱ། ཁྲི་རིན་རྣམ། བསྟན་འཛིན་རྡོ་རྗེ། ཁྲི་འགྱུར་རྣམ། སྒོམ་རི་ཨོ་རྒྱན་ཀློང་ཡངས། དེ་ལས་བདག་གིས་ཉན་ནོ། །ཡང་ན། སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེ། སྒྲོལ་མ་བ་སངས་རྒྱས་རིན་ཆེན། འགོས་

(༨༧༡)ལོ་གཞོན་ནུ་དང་ལ། ལོ་ཆེན་བསོད་ནམས་རྒྱ་མཚོ། སེ་སྟོན་རིན་ཆེན་རྒྱལ། སྤྱན་ཚབ་མགོན་པོ། སེ་ངག་དབང་རྡོ་རྗེ། དཔལ་ལྡན་བཀྲ་ཤིས། སེ་སྟོན་ལེགས་གྲུབ། ཉང་རྡོ་རྗེ་མི་རྟོག་ །ལྷ་བཙུན་པདྨ་ཕྲིན་ལས། གཏེར་གླིང་མན་གོང་ལྟར་རོ། །ཡང་ཟུར་ཆུང་ཤེས་རབ་གྲགས་བ་ནས། སྐྱོ་བྱེ་མ་ལུང་པ། དམ་པ་ཡ་སེ། ཨ་མེས་རྡོ་རྗེ་བདེ་ཆེན། དངོས་གྲུབ་ནམ་མཁའ་རྡོ་རྗེ། ཤེས་རབ་འབར། དངོས་གྲུབ་གྲགས། ལྷུན་བོ་བ། བཤེས་གཉེན་པ། མཁས་པ་ཞང་སྟོན། བྲག་ལྟག་པ་རྡོ་རྗེ་རིན་ཆེན། བྲག་ལྟག་པ་ཤེས་རབ་ཚུལ་ཁྲིམས། རིན་འཛིན་ནམ་གྲགས་མན་སྔར་ལྟར་རོ། སྐྱོ་སྟོན་ཤཱཀ་ཡེའི་དཔོན་པོ་མཚན་ཡེ་ཤེས་བླ་མ། །ཟུར་ལུགས་པ་ཕལ་ཆེར་ཟབ་དབང་གསུམ་ཀ་ལ་བཀའ་དོག་པར་མཛད་བས་ཕྱག་ལེན་ཆད་པ་འགའ་རེ་བྱུང་། ཟབ་དབང་གསུམ་ལ་བརྒྱུད་པ་གཞན་ལས་དམ་པ་ཡ་སེ་ནས་བརྒྱུད་པ་འདི་ཟབ་དབང་རྟེན་ཅན་དུ་གྲགས་ཤིང་། གཅུང་སྟོད་ཡ་ལུང་མཚལ་མདོར་སྦས་དོན་རྣལ་འབྱོར་ལའང་རྟེན་དུ་གསན། ཡང་ཟུ་ལུང་བའི་སྒེར་བརྒྱུད་གཅིག་ལ། དར་རྗེ་དཔལ་གྲགས་ནས། ཚེ་དབང་རིག་འཛིན་ལྷུན་པོ་བ། རིམ་པར་དམ་པ་ཡ་སེ་ནས་རྗེ་བཤེས་གཉེན་པའི་བར་སྔར་བཞིན་ལས། གྲུབ་ཐོབ་བཛྲ་ཤྭར། བཛྲ་ལཀྵ་སྐྱེ། མ་སྐུ་མཆེད་རཏྣ་ཏར། མཁས་བཙུན་སངས་རྒྱས། མདོ་སྡེའི་མཚན་ཅན། དུས་གསུམ་སངས་རྒྱས། རྣམ་རྒྱལ་བཟང་ལྤོ། ཆོས་རྒྱལ་བཤེས་གཉེན། ནམ་མཁའ་གདུང་ལོ་སུམ་བརྒྱ་བཞུགས། དཔལ་ལྡན། ནམ་མཁའ་གྲགས་སེ་ཆོས་རྒྱལ་དཔལ་བཟང་། མེ་ཀུན་བཟང་། སེ་ངག་དབང་རྡོ་རྗེ། དཔལ་ལྡན་བཀྲ་ཤིས་མན་འདྲའོ། བརྒྱུད་པ་ཁྱད་པ་རབ་ཀུན་མཁྱེན་ཆེན་པོ་ནས་བརྒྱུད་པ་ནི་སྒྱུ་འཕྲུལ་ཞི་ཁྲོའི་ཆོག་གསར་བ་སྒྲིགས་ཉིད་བཙན་པའོ། །སེམས་སྡེའི་རྩལ་དབང་གི་ཐོབ་ཡིག་ །གཡུང་སྟོན་རྡོ་རྗེ་དཔལ་བཟང་པོའི་ཡི་གེའི་སྟེང་ནས་རྫོགས་པ་ཆེན་པོ་རྒྱལ་ཐབས་སྤྱི་བླུགས་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་བརྒྱུད་པ་ནི་ཀུན་ཏུ་བཟང་པོ། རིགས་ལྔ།

(༨༧༢)གསང་བདག་ །དགའ་རབ་རྡོ་རྗེ། མཁས་པ་ཉི་ཤུ་རྩ་གཅིག་ །བཻ་རོ་ཙན། གཡུ་སྒྲ་སྙིང་པོ། གཉགས་ཛྙཱན་ཀུ་མཱ་ར། སོགས་པོ་དཔལ་གྱི་ཡེ་ཤེས། གནུབས་སངས་རྒྱས། གནུབས་ཡོན་ཏན་རྒྱ་མཚོ། ཉད་ཤེས་རབ་མཆོག་ །ཉད་ཡེ་ཤེས་འབྱུང་གནས། ཟུར་ཆེན། ཟུར་ཆུང་། སྐྱོ་སྟོན་ཤཱ་ཀ་ཡེ། སྒྲོ་ཕུག་པ། དམ་བ་ཤཱཀ་རྒྱལ། སྟོན་ཡབ་སྲས། ལྕེ་སྟོན་ཟུང་དེ། སྲས་སྟོན་བཀྲ་ཤིས་བླ་མ། སྟོན་འབུམ་མེ། ཆོས་རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཅན་མཁས་པ། མ་ཅིག་ཟུར་མོ། །ཟུར་ཧཾ་ཤཱཀ་འབྱུང་། ཟུར་མོ་དགེ་འདུན། ཟུར་ཤཱཀྱ་བཤེས་གཉེན། བྲའོ་ཆོས་འབུམ། དཀོན་མཆོག་བཟང་པོ། །ཀཐོག་པ་བཛྲ་རཏྣ། རྡོ་རྗེ་རྣམ་རྒྱལ། ཁྱུང་ཚང་བ་བློ་གྲོས་དཔལ་ལྡན། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་བསྟན་འཛིན། གཏེར་གླིང་། དྷརྨཱ་ཤྲཱི། རིན་རྣམ། པདྨ་བསྟན་འཛིན། འབྲུག་སྒམ་རི་བླ་མ། དེ་ལས་ཆེད་དུ་ཉན་ནོ། །ཡང་ན་ཀཐོག་པ བཛྲ་རཏྣ་ནས། འཕགས་མཆོག་བྱ་བཏང་། ཤ་མི་རྡོ་རྗེ་རྒྱལ། གཡུ་འབྲུག་རྡོ་རྗེ། གཏད་མེད་ཡོངས་གྲོལ། གོང་ལོ་གཞན་ཕན། ཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་གཏད་མེད་ཡོངས་གྲོལ་ནས། ཟབ་ལུང་དབང་གི་རྒྱལ་པོ། ནམ་མཁའ་འཇིགས་མེད། ཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་བརྒྱུད་ལུགས་གཅིག་ལ། ཟུར་ཧཾ་ཤཱཀ་འབྱུང་དང་། ཟུར་མོ་དགེ་འདུན་འབུམ་གཉིས་ལ། ལང་འགྲོ་ཚེ་དབང་རྒྱལ་པོ། བླ་མ་ལེགས་བ་དཔལ་བཟང། རིན་ཆེན་རྒྱལ་མཚན་ཡབ་སྲས། སྐྱི་སྟོན་ཚེ་རིང་། གཉན་སྟོན་ཆོས་རྒྱལ། རོང་པ་འོད་གསལ་རང་གྲོལ། གཏེར་གླིང་མན་འདྲ། སངས་རྒྱས་མཉམ་སྦྱོར་གྱི་དབང་། གཏེར་སྟོན་རིན་པོ་ཆེ་ཡ་ན་དེའི་གསན་ཡིག་ལྟར་ལ། པདྨ་འགྱུར་མེད་རྒྱ་མཚོ། གཉིས་ཀར་ཁྲི་རིན་རྣམ། ངེས་ཨོ་རྒྱན་བསྟན་རྡོར། སྒམ་རི་བླ་མ། དེས་བདག་ལའོ། །བཀའ་མའི་ཡང་དག་ གཏེར་སྟོན། །པདྨ་འགྱུར་མེད། ཁྲི་རིན་རྣམ། ཨོ་རྒྱན་བསྟན་འཛིན་

(༨༧༣)རྡོ་རྗེ། སྒམ་རི་བླ་མ། དེས་བདག །ན་ར་གདོང་སྤྲུགས་ཀྱི་སྤྱི་ཁྲུས་ཆེན་པོ་སེ་སྟོན་གྱི་དབང་ཆོག་སྟེང་ནས། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་བ་སྔོན་དུ་འགྲོ་བའི། རྡོ་རྗེ་སེམས་དཔའ་བུམ་པའི་དབང་། མཁའ་འགྲོ་མ་གཏོར་མའི་དབང་། ཀུན་ཏུ་བཟང་པོ་རིག་པ་རྩལ་གྱི་དབང་། ཞི་ཁྲོ་ཕྱག་རྒྱའི་དབང་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། རྣམ་པར་སྣང་མཛད། གསང་བདག་རྒྱལ་པོ་ཛ། ཀུ་ཀུ་རཱ་ཛ། ཧཱུྃ་ཧཱ་ར། སངས་རྒྱས་གསང་བ། པྲ་བྷ་ཧ་སྟི། བྲམ་ཟེ་ཉི་མ། སློབ་དཔོན་མཐིང་ནག་ །པདྨ་འབྱུང་གནས། བི་མ་མི་ཏྲ། ཡང་ན། ཀུན་བཟང་། ཕྱག་རྡོར། ཀུ་ཀུ་རཱ་ཛ་ཆེ་བ། ཨིནྡྲ་བོ་དྷི། ཤཱཀྱ་པུ་ཏྲི་སིདྷ་རཱ་ཛཨུ་པ་རཱ་ཛསྲས་མགོ་མེད་བཱི། ཧཱུྃ་ཀཱ་ར། སངས་རྒྱས་གསང་ག་བི་མ་མི་ཏྲ། དེས་རྨ་གཉགས་གཉིས། སྔ་མར་གྱེར་གཙུག་གཉིས། གཉིས་ཀས་དར་རྗེ་དང་ཞང་རྒྱལ་ཡོན། དེ་གཉིས་ཀྱིས་གནུབས་ཆེན། ཕྱི་མས་སོག་པོ་དཔལ་ཡེ། དེས་གནུབས་ཆེན། དེ་ནས་སྲུང་ལེགས་སྟོན། སྲས་གཞོན་ནུ་སྙིང་པོ། ཞུ་བསོད་ནམས་ཤཱཀྱ། ཟུར་པོ་ཆེ། ཡང་ན། གནུབས་ཆེན་ནས་ཡོན་ཏན་རྒྱ་མཚོ། ཉད་ཤེས་མཆོད། །ཉད་ཡེ་འབྱུང་། ཟུར་པོ་ཆེ། ཟུར་པོ་ཆུང་། སྐྱོ་ཤཱཀ་དེ། སྐྲོ་ཕུག་པ། ཉེ་སྟོན་ཆོས་སེང་། གཙང་ནག་འོད་འབར། ཟུར་ཧེ་རུ་ཀ། །གཡུང་སངས་རྒྱས། སྐྱོ་གསང་བདག་ །གཞང་སྟོན་འཁོར་ལོ། བླན་བསོད་ནམས་རྒྱལ། དཔལ་ལྡན་ཆོས་སེང་། བླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། ཟུར་བྱམས་པ་སེང་གེ། དེ་གཉིས་ཀས་སྒྲོལ་བ་བསམ་འགྲུབ་རྡོ་རྗེ། དེ་སྲས་སངས་རྒྱས་རིན་ཆེན། ཆོས་གྲགས་དཔལ་བཟང་། ནམ་མཁའི་རྣལ་འབྱོར། སེ་སྟོན་རིན་ཆེན་རྒྱལ་མཚན། སྤྱན་ཚབ་མགོན་པོ། འཇམ་དབྱངས་ཆོས་རྒྱལ་མཚན། སྲས་བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ནུབ་དགེན་བ་ཤཱཀྱ། བྱམས་པ་རིན་ཆེན། པདྨ་ཕྲིན་ལས། གཏེར་སྟོན། ལོ་ཆེན། ཁྲི་རིན་རྣམ། སྲས་

(༨༧༤)པད་བསྟན། སྒམ་རི་བ། དེ་ལས་བདག་གིས་ཉན་ནོ། །དཔལ་གསང་བ་སྙིང་པོ་སྒྱུ་འཕྲུལ་རྩ་བའི་རྒྱུད་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སྟོན་བ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་རིགས་གསུམ་མགོན་པོ། སྤྲུལ་སྐུ་རིགས་གསུམ་མགོན་པོ། གསང་བ་དག་ཕྱག་ན་རྡོ་རྗེ། ལི་ཙཱ་དྲི་མེད། རྒྱལ་པོ་ཛ རྒྱལ་པོ་ཨིནྟྲ་བྷ་དྷི། སྲས་ཤཱཀྱ་བྷུ་ཏི། དགེ་སློང་ཀུ་ཀུ་རཱ་ཛ། ནཱ་གཱ་རྫུན། པདྨ་སཾ་བྷ་ལྦ། སློབ་དཔོན་སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག་ །གྱེ་རེ་ཕྱོགས་སྐྱོང་། དར་རྗེ་དཔལ་གྱི་གྲགས་པ། གནུབས་སངས་རྒྱས་ཡེ་ཤེས། སྦ་གོར་བློན་ཆེན་འཕགས་ན་ཡོན་ཏན་མཆོག་ །གེ་རེ་གསལ་བའི་བྱང་ཆུབ། རྒྱ་བློ་གྲོས་གཞོན་ནུ། མ་གར་ཚུལ་ཁྲིམས་བཟང་པོ། ཚུར་ཡེ་ཤེས་དབང་པོ། ངན་ཆོས་ཀྱི་དབང་ཕྱུག་ །ཞང་མཆོག་གི་བླ་མ། གྱི་ཇོ་ཡོན་ཏན་འབྱུང་གནས། སློབ་དཔོན་གཞོན་ནུ་དོན་གྲུབ། ཀུན་མཁྱེན་ངག་གི་དབང་པོ། མཁས་གྲུབ་ཁྱད་གདལ་ལྷུན་གྲུབ། སྤྲུལ་སྐུ་གྲགས་དཔ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཆོས་རྗེ་ཟླ་གྲགས། བླ་མ་ཀུན་བཟང་རྡོ་རྗེ། འགྲི་གུང་པ་རཏྣ། ཉི་ཟླ་སངས་རྒྱས། ཚེ་དབང་མ་ཎི། སྣང་མཛད་རྡོ་རྗེ་། འབྲུག་སྒྲ་བཟང་པོ། ཕྲིན་ལས་ལྷུན་གྲུབ། གཏེར་སྟོན་རིན་པོ་ཆེ། ཁྲི་རིན་རྣམ། ཤྲཱི་ནཱ་ཐ། དེས་བདག་ལ། ༢དཔའ་བོའི་སྐྱེས་རབས་སོ་བཞི་པའི་ཁ་སྐོང་རང་བྱུང་རྡོ་རྗེས་མཛད་པའི་ལུང་རཏྣའི་ཛ་ཡ། ཐང་འབྲོག་པ། དེས་བདག་ལའོ། །རྒྱུད་མགོན་ལེགས་ལྡན་ལྗང་སྔོན་དྲག་པོའི་དབང་གཙང་ཤོད་བའི་ཡི་གེའི་ལུགས་ལྟར་ཐོས་བའི་བརྒྱུད་པ་ནི། ཀུན་བཟང་རིགས་ལྔ། ཕྱག་རྡོར། རྒྱལ་བོ་ཛ ཀུ་ཀུ་རཱ་ཛ རོ་ལྔས་བདེ་བ། རྡོ་རྗེ་བཤད་པ། དྷརྨ་བོ་དྷི། བསུདྷ་ར། གནུབས་སངས་རྒྱས། ཡོན་ཏན་རྒྱ་མཚོ། ཧད་ཤེར་མཆོག་ །ཡེ་ཤེས་འབྱུང་གནས། ཟུར་ཆེན། ཟུར་ཆུང་། གླན་ཤཱཀྱ། འདར་ནག་བསོད་ནམས་གྲགས། འདར་ནག་ཀུན་དགའ། ཇོ་བཙུན་ཤེས་རབ་འབར། ཧོར་ནག་དབང་སྒྲོག་

(༨༧༥)ཆོས་སྐྱོང་འོད། འདར་ཤཱཀྱ་བྱང་ཆུབ། འདར་ཀུན་དགའ་འོད། བར་སྔོན་བློ་གྲོས་རྒྱལ་མཚན། སྨར་སྟོན་ཤཱཀྱ་ཤྲཱི། སྣ་ར་སྟོན་བུདྡྷདྷཱ་ཛ ཤཱཀྱ་ར་བ། རྡོར་རྒྱལ་བཟང་པོ། དཔངས་ཆོས་ཀྱི་རྒྱལ་མཚན་དང་འཇམ་དབྱངས་བསོད་ནམས་རྒྱལ་མཚན་གཉིས། ལས་དབངས་སྟོན་བདེ་ལེགས་རྒྱལ་མཚན་བས་གསན། དེ་ནས། སེ་སྟོན་རིན་ཆེན་རྒྱལ་མཚན། འདར་ཀུན་བཟང་རིན་ཆེན། གཞོན་ནུ་སྟོབས་ལྡན། བྱམས་བ་རིན་ཆེན། སྐྱི་སྟོན་ཚེ་རིང་། ཟུར་ངག་དབང་ཕུན་ཚོགས། གཏེར་གླིང་། ཁྲི་རིན་རྣམ། དེའི་སྲས་དང་དངོས་གཉིས་ཀ་ལས་སྒམ་རི་བླ་མ། དེས་བདག་ལའོ། ཡང་ན། རྡོ་རྗེ་འཆང་། རྡོ་རྗེ་ཧཱུྃ་མཛད། བྲམ་ཟེ་གསལ་བའི་རྒྱན། བ་སུ་དྷ་ར་མན་འདྲ། ཡང་ན། རྡོ་རྗེ་འཆང་། སིྠ་ར་མ་ཏི། དྷརྨ་བ་དྷི། བ་སུ་དྷ་ར། གྲུབ་ཐོབ་རིན་ཆེན་རྗེ། སྨད་བུ་ཆོས་སེང་། གུ་རུ་བྱིའུ་ལོགས་སེ། ཤུད་བུ་རྡོ་རྗེ་སེང་གེ། ཞང་སྟོན་བཀྲ་ཤིས། གླན་ཇོ་ཟུང་། གུ་རུ་དྷན་ཀ་རྒྱ། ལྕེ་སྟོན་གྲུབ་པ་འབུམ། ཟུར་ཤཱཀྱང་སེང་གེ། ཟུར་ཧཾ་ཤཱཀ་འབྱུང་། དེ་གཉིས་ལས་འབྲོམ་སྟོན་སངས་རྒྱས་རིན་ཆེན། མཁས་གྲུབ་རྡོ་རྗེ་དཔལ་བཟང་། ནམ་མཁའི་རྣལ་འབྱོར། སེ་སྟོན་རིན་ཆེན་རྒྱལ་མཚན་མན་འདྲ། །ཡང་མདོ་མགོན་ལེགས་ལྡན་ཞལ་གཅིག་ཕྱག་གཉིས་པའི་དབང་བཞིའི་བྱིན་རླབས་བཀའ་གཏད་གཏེར་དབང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔ། སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ། དམ་བའི་རིགས་ཅན་ལྔ། རྒྱལ་པོ་ཛ སྠི་མར་ཏི། དྷ་རྨ་བོ་དྷི། བ་སུ་དྷ་རུ། གནུབས་སངས་རྒྱས་ཡེ་ཤེས། རྣ་ཆུང་ཆོས་ཀྱི་སེང་གེ། མཐུ་སྟོབས་བྱི་ནུ་ལོག་ །ཤུད་བུ་རྡོ་རྗེ་སེང་། ཞང་བཀྲ་ཤིས། གླན་རྡོ་ཐུང་། དྷ་ན་ཀ་རྒྱ། ལྕེ་ཟུབ་པ་འབུམ། ཟུར་ཤཱཀྱང་སེང་གེ། དེའི་སྲས་ཏཱི་སི་ཏུ་སེང་གེ་དཔལ། རྡོ་རྗེ་གླིང་པ། བྱང་ཆུབ་རིན་ཆེན། ཆོས་རྗེ་བསོད་ནམས་བློ་རྒྱལ། མཁས་གྲུབ་ཆོས་རྒྱལ་མཚན།

(༨༧༦) དཔངས་སྟོན་བདེ་ལེགས་རྒྱལ་མཚན། སེ་སྟོན་རིན་ཆེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། ནུབ་དགོན་པ་བྱམས་པ་ཆོས། ཐུགས་སྲས་བྱམས་པ་ཆོས་རྒྱལ་མཚན། དམ་རིན་མཁན་ཆེན་བྱམས་པ་བཟང་པོ། སྤྲུལ་ཤཱཀྱ་རྒྱལ་མཚན། བླ་མ་བྱམས་པ་རིན་ཆེན། རིག་འཛིན་པདྨ་ཕྲིན་ལས། གཏེར་བདག་གླིང་པ། མན་འདྲའོ། །ཤིང་རྟ་རྣམ་གསུམ་དང་མཛོད་བདུན་གྱི་ཐོབ་ཡིག་ གངས་རིའི་ཁྲོད་ན་སངས་རྒྱས་གཉིས་པས་ཆོས་ཀྱི་འཁོར་ལོ་སྐོར་བ་ཤིང་རྟ་རྣམ་གསུམ་དང་མཛོད་བདུན་གྱི་ལུང་རྒྱུན་ལ་ཐུན་མོང་དང་ཁྱད་བར་གཉིས་ལས། དང་པོ་ནི་སྤྱི་དོན་ལེགས་བཤད་རྒྱ་མཚོས་རང་སྡེ་སངས་རྒྱས་པའི་ལམ་གྱི་ཆོས་འབྱུང་དང་གཞུང་ལམ་གྱི་དེ་ཁོ་ན་ཉིད་བཤད་ནས། རྩ་བ་སེམས་ཉིད་དལ་བསོ་ལེའུ་བཅུ་གསུམ་པ། འགྲེལ་པ་ཤིང་རྟ་ཆེན་མོ། རྩ་བ་བསམ་གཏན་ངལ་བསོ། འགྲེལ་པ་ཤིང་རྟ་རྣམ་དག་ །རྩ་བསྒྱུ་མ་ངལ་བསོ། །འགྲེལ་པ་ཤིང་རྟ་བཟང་པོ། དེ་དག་གི་བསྡུས་དོན། ས་བཅས། ཁྲིད་ཡིག་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་བཅོ་ལྔའི་ལུང་བརྒྱུད་ནི། ཟབ་མོ་ལྟ་བརྒྱུད་དང་། རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ཆུ་འགོ་གངས་ལ་ཐུགས་པའི་རིམ་པ་ནི་དགེ་བ་གསུམ་གྱི་དོན་ཁྲིང་ལས་ཤེས་པར་བྱ་ལ། ཀུན་མཁྱེན་ཆེན་པོ་ནས། ཁྱབ་གདལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། །ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། གཉོས་སྟོན་ཀརྨཱ། བཛྲ་ཀྵ་ར། ས་མནྟ་བྷ་དྲ། དེས་བདག་ལའོ། །ཡང་ན་བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། གཉོས་སྟོན་ཆོས་རྗེ་མན་འདྲ། སྡེ་ཆེན་ལ་ལར་བརྒྱུད་རིམ་མི་མཐུན་ཙམ་ཡོད་ཀྱང་བླ་མ་གོང་མཚོའི་གསན་ཡིག་ན་བཀོད་པས་ཤེས་ཤིང་། འདིར་ནི་ཉེ་བརྒྱུད་ཁྱད་པར་བ་ཡོད་པས་མཚན་ཐོ་དྲི་བར་མི་བྱེད་དོ། །ཟབ་ལ་རྒྱ་ཆེ་བའི་གསུང་རབ་མཛོད་བདུན་ལས། རང་དང་གཞན་གྱི་གྲུབ་པའི་མཐའ་ལེགས་པར་འབྱེད་པས་ཐོག་དྲངས་ཐ་

(༨༧༧)སྙད་ཀྱི་གཙུག་ལག་དང་ཤས་ཆེར་མཐུན་པའི་ཆོས་སྐད་ཟབ་མོས་དོན་གྱི་དབྱིངས་འཇལ་བ་ཡིད་བཞིན་རིན་པོ་ཆེའི་མཛོད་རྩ་བ་ལེའུ་ཉེར་གཉིས་པ། རྒྱས་འགྲེལ་པདྨ་དཀར་པོ། འཁྲིད་ཡིག་ཟབ་དོན་རྡོ་རྗེ་སྙིང་པོ་རྣམས་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་རྒྱལ་བ། ལྡན་སྒོམ་ཆོས་གྲགས། དམ་སྟོན་ཉི་མ་འོད་ཟེར། ཆོས་དབྱིངས་གྲགས་བ། བསོད་ནམས་དཔལ་འབྱོར། སྨན་རྩེ་བ་སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། གར་གྱི་དབང་པོ། གཉོས་སྟོན། བཛྲ་ཀྵར། ཐང་འགྲོག་སྐུ་སྐྱེ། དཔོན་པོ་སྐུ་སྐྱེ། དེས་བདག་ལའོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་ཅིང་། ཁྱད་པར་གྲུབ་མཐའ་སྨྲ་བ་བཞིའི་གསང་ཚིག་གཞན་ལས་ཁྱད་པར་དུ་སྟོན་པའི་ཞར་བྱུང་ཟབ་མོའི་ཆོས་ཀྱི་སྡེ་ཚན་ཀྱང་གསལ་བར་འབྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ཀྱི་བརྒྱུད་པ་ནི་ངལ་བསོ་སྐོར་གསུམ་དང་འདྲ་བ་ལ། སངས་རྒྱས་དཔོན་པོ་དང་ཟླ་གྲགས་ཀྱི་བར་ན་ཤེས་རབ་རྒྱ་མཚོ་དང་། མདོ་སྔགས་བསྟན་འཛིན་དང་། གཉོས་སྟོན་ཕྲིན་ལས་ཀྱི་བར་ན་དམ་ཆོས་བཟང་པོ་གཉིས་ལྷག་པའི་ཁྱད་པར་ཙམ་མོ། །རིམ་པ་དགུའི་ཐེག་པ་ལ་ཆེ་ཁྱད་ཞུགས་བའི་ངེས་འབྱེད་གསལ་བར་བསྟན་ནས། བླ་ན་མེད་པའི་རྒྱུད་བཅུ་བདུན་དང་མན་ངག་བརྒྱ་བཅུ་དགུའི་དགོངས་པ་ཆོས་སྐད་གཞན་དང་མ་འདྲེས་པར་སྟོན་པས་ན། འཛམ་བུའི་གླིང་ན་ཕྱི་རབས་མིས་བསྒྲུབ་རྟེན། །ཐེག་མཆོག་འདི་དང་མཉམ་བ་ཡོད་མ་ཡིན། །དེ་ཕྱིར་དཔག་མེད་ཆོས་ཀྱི་མཛད་འདི་ནི། །རྡོ་རྗེ་སྙིང་པོའི་བསྟན་པའི་སྲོག་ཤིང་ཡིན། །ཞེས་བསྔགས་པར་མཛད་པ་ཐེག་མཆོག་རིན་པོ་ཆེའི་མཛོད་རིམ་ཁང་ཉི་ཤུ་རྩ་ལྔ་འི་བདག་ཉིད་ཅན་དང་། ཟབ་མོ་ཐམས་ཅད་ཀྱི་དོན་བཀོལ་བ་མན་ངག་རིན་པོ་ཆེའི་མཛོད་གཉིས་ནི་གྲུབ་མཐའ་མཛོད་དང་འདྲ་བ་ལས་བཛྲ་ཀྵར་ནས་རཏྣ་བི་ཛ ཐང་འགྲོག་དཔོན་པོ། ཐེག་མཆོག་མཛོད་འདི་རྗེ་བླ་མས་ཀང་པོ་ཀྲི་ཏི་བར་ཡང་གསན་འདུག་བས་དེའི་བརྒྱུད་རིམ་ཉི་གྲགས་ནས་ཡིན་བར་སྣང་ངོ། དེས་སོ། །ཀློང་སྡེ་གཙོ་

(༨༧༨)བོར་སྟོན་པ། ཆོས་དབྱིངས་མཛོད་ལེའུ་བཅུ་གསུམ་པ་དང་། དེའི་འགྲེལ་བ་ཆོས་དབྱིངས་གསལ་བ་གཉིས་ཀུན་མཁྱེན་ཆེན་པོ། བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། ཀུན་སྤངས་སེམས་དཔའ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། ལྡན་རྗོད་ཀུན་བཀྲས། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། གཉོས་ཀརྨ་ཡབ་སྲས་མན་གོང་དང་འདྲ། ཚིག་དོན་ནམ་འོད་གསལ་མཛོད་དུ་གྲགས་པ་རྡོ་རྗེའི་གནས་བཅུ་གཅིག་བ་ནི། སངས་རྒྱས་རྒྱལ་མཚན་ཡན་གོང་དང་འདྲ་བ་དང་། འཇག་སྟོད་པ་རིན་ཆེན་གྲུབ། གསེར་ཁང་པ་ངག་གི་དབང་པོ། བྱམས་སྡིངས་བ་དཔལ་འབྱོར་རྒྱལ་མཚན། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ་མན་འདྲ། གནས་ལུགས་སྒྲ་རྟོག་དང་ཞེན་པའི་ཡུལ་ལས་འདས་པར་སྟོན་པས་མིང་དོན་ཐོད་རྒྱལ་དུ་ལ་བཟླ་བ་གནས་ལུགས་རིན་པོ་ཆེའི་མཛོད་ལེའུ་ལྔ་པ་འགྲེལ་པ་དང་བཅས་བ་ནི། བློ་འདས་ཀུན་མཁྱེན་ཆེན་པོ། །བདེ་ལེགས་རྒྱ་མཚོ། བྱ་བྲལ་མངྒ་ལ། དབོན་པོ་ཤེས་རབ་རྒྱ་མཚོ། ཀུན་སྤངས་བ། བུདྡྷ་ཛྙཱ་ན། བུདྡྷ་བྷྭ་ཛ། འཇག་སྟོད་བ་རཏྣ། གུ་རུ་བསོད་རྒྱལ། སྣ་ཚོགས་རང་གྲོལ་མན་འདྲའོ། །ཡང་ཡིད་བཞིན་མཛོད་འགྲེལ་མ་གཏོགས་མཛོད་བདུན་ཡོངས་རྫོགས་ཀྱི་བརྒྱད་པ་ལུགས་གཅིག་ནི། སྨན་རྩེ་བ། རྫོགས་ཆེན་པ་བསོད་ནམས་རིན་ཆེན། སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་རྩ་རྒྱུ་དགུ་ཧྱ་གརྦྷ་ལེའུ་ཉི་ཤུ་རྩ་གཉིས་པའི་ལུང་གི་བརྒྱུད་པ་དང་འདྲའོ། །གཉིས་པ་ཐུན་མོང་མ་ཡིན་པ་ནི། དཔལ་གྱི་བསམ་ཡས་མཆིས་བུའི་དགེའུ་འོག་མར་དབང་ཤེས་ཐ་མལ་ལས་ལྡོག་པའི་དག་ཆེན་སྒྱུ་མའི་རོལ་མཚོར། རྒྱལ་བ་གཉིས་པ་དེས་ཡེ་ཤེས་ཀྱི་སྐུ་ལན་གསུམ་དུ་བསྟན་ནས། རྒྱལ་བའི་

(༨༧༩)ལུང་གི་དམ་ཆོས་རྒྱ་མཚོ་ཨ་དཱི་ཀ་དཱིའི་ངོ་བོ་ཉིད་དུ་རྫོགས་པའི་གསུང་གི་སྣང་བས་འདོམས་ཤིང་། རྟོགས་པའི་ཆོས་ཉིད་སྦྲེས་པ་དང་བྲལ་བའི་དེ་ཁོ་ན་ཉིད་དངོས་དང་ཐ་དད་མེད་པའི་དགོངས་བརྒྱུད་ཡེ་ཤེས་སྙིང་པོར་རོ་གཅིག་པའི་བྱིན་རླབས་བུམ་པ་གནག་བྱོར་ཐོབ་པས། སོ་སོ་སྐྱེ་བོའི་སྒྲ་ཚིག་རང་ཚན་པའི་གཞན་དབང་ལ་ལྟོས་པ་མེད་པ་གནག་ཞིག་ལུང་གི་དམ་པའི་ཉེ་བརྒྱུད་ཡིད་བཞིན་ནོར་བུ་ལྟ་བུར་གཟུང་ནི། སྙིང་ཏིག་ལ་བཞི་པོ་ལ་སོགས་པའི་གསུང་རབ་ཐམས་ཅད་ལ་འགྲོ་ཞིང་ཉིད་ཀྱི་བསྟན་པ་ལ་བྱ་བ་བྱེད་པའི་ལུང་ཡང་འགྲེལ་པ་ཤིང་རྟ་ཆེན་མོའི་བཤམ་ན་གསལ་བར་ཡོད་དོ། །བི་མ་སྙིང་ཏིག་དང་བླ་མ་ཡང་ཏིག་ །དབང་ལུང་ཡོངས་རྫོགས། གཏེར་གླིང་ཡན་དེའི་གསན་ཡིག་ལྟར་ལ། ཁྲི་རིན་རྣམ། རབ་ཨུ་ཆོས། ཤྲཱི་ནཱ་ཐ། དེས་སོ། །མཁའ་འགྲོ་སྙིང་ཏིག་དམ་མཁའ་འགྲོ་ཡངཏིག་ག་ཀྱང་དབང་ལུང་ཡོགས་རྫོགས་བརྒྱུད་ཚུལ་གོང་དང་འདྲ་མོད། འོན་ཀྱང་མཁའ་འགྲོ་ཐིག་བརྒྱུད་ཚུལ་གཉིས་སུ་ཡོད་པའི་ཁྱད་པར་ལྔ་པ་རིན་པོ་ཆེ་ནས། རིག་འཛིན་པདྨ་ཕྲིན་ལས། ཀུན་བཟང་པདྨ། ཀུན་བཟང་འོད་ཟེར། ཀྲ་ཏི་སྔགས་འཆང་ལས་ཀྱང་ཐོབ་པོ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཚོམ་བུ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ལ། །མཁས་པ་མི་བཞིན་ས་གནུབས་ལ་བརྒྱུད་པ་བཀའ་མའི་ལུགས། དེ་ཉིད་གཉགས་ལོ་གཞོན་ནུ་ནས་རིམ་པར་གྲུབ་དངོས་གྲུབ་ལ་བརྒྱུད་པ་ལས་མངའ་བདག་ཉང་རལ་ནས་བཀའ་གཏེར་ཆུ་བོ་གཅིག་ཏུ་འདྲས་པ་སོགས་བརྒྱུད་ཚུལ་ཐ་དད་དུ་ཡོད་པ་ལྔ་པའི་གསན་ཡིག་ལྟར་ལ། འདིར་དངོས་གྲུབ་བརྙེས་པའི་སྐྱེས་ཆེན་བྲེང་ཆགས་སུ་བྱོན་པ་མངའ་བདག་གདུང་རབས་ལས་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོར་སེམས། རྡོ་རྗེ་ཆོས། ལས་ཀྱི་དབང་མོ་ཆེ། རིག་འཛིན་བརྒྱུད། ཀུན་འདུས་སློབ་དཔོན་ཆེན་པོ། བོད་ཀྱི་གྲུབ་ཆེན་བརྒྱད། ཀུན་འདུས་ཁྲི་གྲོང་། ཉང་རིན་པོ་ཆེ། སྲས་འགྲོ་མགོན། ཉང་བློ་ལྡན། ཉང་བདུད་འདུལ། མདོ་སྡ་སེངྒེ། པདྨ་དངོས་གྲུབ། འཇམ་དཔལ་ནོར་བུ། མངའ་བདག་རྒྱལ་མཚན། ནོར་བུ་འཕེལ། ཀུན་དགའ་འོད་ཟེར།

(༨༨༠) རིགས་ནམ་མཁའི་རྣལ་འབྱོར། པཎ་ཆེན་པདྨ་དབང་རྒྱལ། འདི་ལ་བཀའ་བརྒྱུད་ལུགས་གཉིས་དང་། གཏེར་བརྒྱུད་བདེ་ལེགས་འདུས་པ་ཆུ་བོ་གཅིག་འདྲེས་ཐམས་ཅད་ཀྱི་བཀའ་བབས་ཤིང་། བསྟན་པ་ཐམས་ཅད་ཀྱི་ཤིང་རྟ་ཆེན་མོར་བསྙོན་དུ་མེད་ལ། དེས་འབྲི་གུང་པ་རིན་ཆེན་ཕུན་ཚོགས་དང་། གཙང་པ་ངག་གི་དབང་པོ། གཉིས་ཀ་ལ་ཚེ་བརྟན་རྒྱལ་པོས་ཞུས། ཡང་བསྒྲུབ་དབང་ཕྱག་ལེན་དང་བཅས་པ། པཎ་ཆེན་རིན་པོ་ཆེ། ལེགས་ལྡན། རཏྣ། ཆེ་བརྟན་རྒྱལ་པོ། བློ་གྲོས་བཟང་པོ། རྡོ་རྗེ་ཡེ་ཤེས། དེ་གཉིས་ལ་ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། སྲས་རིན་རྣམ། ཤྲཱི་ནཱ་ཐ། དེ་ལ་བདག་གིས་སོ། །ཡང་ཞི་བའི་དབང་དང་། དྲེགས་པའི་མཐུ་དབང་ནི། གཏེར་གླིང་། སྲས་འགྱུར་རྒྱ་མ། ཁྲི་རིན་རྣམ་མན་འདྲ། ༢ ལར་བཀའ་བརྒྱད་འདི་ལ་མངའ་རིས་གུང་ཐང་ནས་བརྒྱུད་པ། ལྷོ་བྲག་གུ་རུ་བ་ལས་བརྒྱུད་པ། ཉང་སྟོང་བརྩེ་ཆེན་ནས་བརྒྱུད་པ། གཞན་རྫོང་ལུང་པ། རིན་ཆེན་སྒང་པ། ཟུར་པ་སོགས་ལས་བརྒྱུད་ཚུལ་ཐ་དད་པ་ཡོད་དོ། །ཉང་གཏེར་དྲག་དམར་བདེ་འདུས་ཀྱི་བརྒྱུད་རིམ་ནི། ལྔ་པ་རིན་པོ་ཆེ་ཡན་དེའི་གསན་ཡིག་ལྟར་ལ། འགྱུར་མེད་རྡོ་རྗེ། རིན་རྣམ། འགྱུར་མེད་དོན་བཟང་། ཐང་འབྲོག་ །དེས་སོ། །ཉང་གཏེར་ཁྲོས་ནག་མའི་བརྒྱུད་རིམ་ནི། པཎ་ཆེན་མངའ་རིས་ས་ཆེན་པོ་ཡན་དེའི་གསན་ཡིག་ལྟར་ལས། གང་ཀུན་དགའ་ལྷུན་གྲུབ། ཀརྨཱ་གུ་རུ། མང་བདག་སྤྲུལ་སྐུ། ཆོས་དབང་ཀུན་བཟང་། ཕྲིན་ལས་ལྷུན་གྲུབ། གཏེར་གླིང་། རིན་རྣམ། ཤྲཱི་ནཱ་ཐཱ། དེས་བདག་ །༢ གཏེར་ཁ་འོག་མའི་གསང་རྫོགས་ནི། དབང་ལུང་ཡོངས་རྫོགས་ཀྱི་ཆོས་ཀྱི་རྣམ་གྲངས་གོང་ས་ལྔ་པའི་གསན་ཡིག་ལྟར་ལས། བརྒྱུད་རིམ་ཀྱང་སྨན་ལུང་པ་བློ་མཆོག་རྡོ་རྗེ་ཡན་དེ་ཉིད་ལྟར་ལ་འཇམ་དབྱངས་ལེགས་བཤད་རྒྱ་མཚོ། གང་རབ་པདྨ་ཆོས་འབྱོར། འབྲས་ལྗོངས་རིན་སྤུངས་པ་གསང་བདག་རྡོ་རྗེ། ལྕགས་ཟམ་པ་བསྟན་འཛིན་ལྷུན་གྲུབ། དེས་བདག་ལ། སྨན་ལུང་པའི་དཀྱིལ་ཆོག་ །གུ་རུའི་དགོངས་རྒྱན། སྔོན་

(༨༨༡)འགྲོའི་ལྷན་ཐབས། སྨན་ལུང་མི་བསྐྱོད་རྡོ་རྗེའི་རྒྱུད་ཀྱི་བཤད་ཐབས་གཉིས། ཤཱཀ་འོད་ཀྱི་རྒྱུད་ཀྱི་ཡང་བཅད་ཀྱི་ལུང་ཡང་ཐོབ། ཡང་རྩ་དབང་དང་ལུང་རིགས་རིམ་གྱི་རྒྱུད་པ་ལུགས་གཅིག་ །ལྔ་པ་ཆེན་པོ། པད་ཕྲིན། ཁམས་ལུང་བ་པདྨ། དཔོན་གསང་སྔགས། ལྕགས་ཟམ་པ། དེས་བདག་ལའོ། །བླ་མ་གསང་འདུས་དབང་ལུང་གཉིས་ཀའི་བརྒྱུད་པ། གཏེར་གླིང་ཡན། དེའི་གསན་ཐོ་ལྟར་ལ་དེས། ཁྲི་རིན་རྣམ། ཤྲཱི་ནཱ་ཐ། དེས་སོ། །ཆོས་དབང་རིན་པོ་ཆེའི་ཡང་དག་དབང་ལུང་གཏེར་སྟོན་ནས། རིམ་ང་ར། གཏེར་གླིང་། རིན་རྣམ། ཐང་འགྲོག་པ། རྫ་དཀར་དར་རྒྱས། དེ་ལས་ཉན་ནོ། །གཏེམ་པ་གོང་འོག་ཆུ་བོ་གཉིས་འདྲེས་གཉིས་ཀྱི་སྔགས་རྒོད་ལོག་ཏྲིའི་རིག་གཏད་དང་ལུང་གི་བརྒྱུད་པ་ནི། དྲང་སྲོང་དྲི་མེད། དྷརྨ་ཨ་ཤཱ་ཀ །བྲམ་ཟེ་ལེགས་གྲུབ། པྲ་བྷ་ཧ་སྟི། ཤྲཱིནྟང་གརྦྷ། ཨོ་རྒྱན་ཆེན་པོ། །མངའ་བདག་ཡབ་སྲས། གུ་རུ་ཆོས་དབང་། པདྨ་དབང་ཆེན། ཡང་སྟོན་སངས་རྒྱས། གཉན་སྟོན་བཀྲས་སེང་། ཆོས་ཉིད་རང་གྲོལ། སངས་རྒྱས་སྙན་དབང་། ཀུན་དགའ་བཀྲ་ཤིས། རྒྱལ་སྲས་ཆོས་རྗེ། ཆོས་འཕགས་བཟང་པོ། ཤཱཀྱ་དཔལ་བཟང་། འཇམ་དབྱངས་རྒྱལ་མ་ཆིན། མཁའ་དབྱིངས་རྡོ་རྗེ། རྗེ་རཏྣ། ཆོས་རྒྱལ་ཕུན་ཚོགས། བཀྲ་ཤིས་ཕུན་ཤོགས། །གཉིས་ཀས་ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ། རིན་པོ་ཆེ་པད་ཕྲིན། ཀུན་བཟང་གྲོལ་མཆོག་དེས་བདག་ལའོ། །ཡང་ན། གཏེར་སྟོན་ནས་མཁན་པ་ཆོས་དཔལ་བཟང་པོ། དེ་ནས་རིམ་པར། ཡང་ན་གཏེར་སྟོན་ནས་ཀཐོག་པ་རྒྱལ་བ་བཟང་པོ། སངས་རྒྱས་ཡེ་ཤེས། མདོ་སྡེ་རྒྱ་མཚོ། དགེ་འདུས་རྒྱ་མཚོ། མཁའ་དབྱིངས་རྡོ་རྗེ་མན་སྔར་བཞིན། ཡང་ན་བཀྲ་ཤིས་ཕུན་ཤོགས་ནས། བཀྲ་ཤིས་ཀུན་དགའ། ཕྲིན་ལས་ལྷུན་གྲུབ། གཏེར་གླིང་ཡན་གྲོང་ལྟར་རོ། །ཀུན་གཟིགས་རིགས་ཀྱི་བདག་པོ་ཕྲེང་བོ་གཏེར་ཆེན་རིན་པ་ཆེའི། གྲོལ་ཐིག་ཡོངས་རྫོགས་བླ་རྫོགས་ཐུགས་གསུམ་ཚད་མ། ནག་པོ་གསུམ་

(༨༨༢)སྒྲིལ་གྱི་དབང་ལུང་ཡོངས་རྫོགས། གསུང་འབུམ་ཐོ་རེ་ལུང་བཅས་གཏེར་ཆེན་དམ་པ། རྒྱལ་སྲས་ཀུན་བཟང་། བཤེས་གཉེན་རིན་དར། ཕྲིན་ལས་ལྷུན་གྲུབ། བཛྲ་ཀྵར། ངག་དབང་ཀུན་བཟང་པདྨ། ཀུན་བཟང་གྲོལ་མཆོག་ །དེ་ཉིད་ལས་ཉན་ནོ། །ཡང་ན། རྒྱལ་སྲས་ཀུན་བཟང་། དཀོན་མཆོག་ཆོས་དབང་གྲགས་པ། སྣང་གསལ་བ་ཡེ་ཤེས་གྲུབ་པ། འབྲི་གུང་ཆོས་ཀྱི་གྲགས་པ། རྣལ་འབྱོར་ཡེ་ཤེས་ཕུན་ཚོགས། མེ་རག་སྤྲུལ་སྐུ་པདྨ་ཕྲིན་ལས་དབང་ཕྱུག་ །ངག་དབང་ཀུན་བཟང་པདྨ། བླ་མཆན་ཀུན་བཟང་གྲོལ་མཆོག་དེས་སོ། །འཆི་མེད་སྐུ་གསུམ་འདུས་པ་བརྒྱུད་ལུགས་ཅུང་མི་གཅིག་པ་ལས་བྱང་སྨན་མཆོད་ལྟར་ཡིན་ནོ། །བཀའ་འདུས་བར་བླ་མ་དགོངས་འདུས་བོད་ཆེན་བཅུ་གསུམ་ཚང་མའི་དབང་ལུང་ཡོངས་རྫོགས་ཐོབ་པའི་བརྒྱུད་ལུགས་ཐ་དད་པ་ཡོད་ཀྱང་འདིར་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གཙོ་ཆེ་བ་ནི་རྒོད་ཚང་སྣ་ཚོགས་རང་གྲོལ་ཡན་དེའི་གསན་ཡིག་ལྟར་ལ། དེས་བདེ་ཆེན་དང་རྒྱལ། ཀུན་བཟང་རང་གྲོལ། ཐུགས་མཆོག་རྡོ་རྗེ། རིག་འཛིན་ཕྲིན་ལས། དེས་བདག་ལའོ། །ཡང་ན་ལྔ་པ་རིན་པོ་ཆེ་ཡན། དེའི་གསན་ཡིག་ལྟར་ལ། རིག་འཛིན་པདྨ་ཕྲིན་ལས། ཀུན་བཟང་པདྨ། སངས་རྒྱས་གླིང་པ། རོལ་པ་ཡེ་ཤེས། བྱ་ཁྱུང་དཔལ་ལྡན་སེངེྒ། ཆོས་རྒྱལ་བཀྲ་ཤིས། བསོད་རྣམས་རྒྱལ་པོ། བསོད་ནམས་བླ་མ། བསོད་ནམས་རིན་ཆེན། ངག་དབང་པདྨ། འབྲུག་སྒྲའི་མཚན་ཅན། སྣ་ཚོགས་གྲོལ། དེས་བདག་ལའོ། །མངའ་རིས་པན་ཆེན་རིན་པོ་ཆེས་སྟེང་ཁང་སྙིང་མཛོད་ནས་གདན་དྲངས་པའི་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་ནི། ཆོས་ཀྱི་རྣམ་གྲངས་ལྔ་པའི་གསན་ཡིག་ ང་པའི་བརྒྱད་ཅུ་རྒྱ་བརྒྱད་དཔ་ནས་གསལ་བ་ལྟར་ལས་དགོངས་པ་ཚིག་གསུམ་བའི་རྒྱུད་དང་། ཙེའུ་དཀར་པོའི་སྐོར་མ་གཏོགས་དབང་ལུང་ཚ་མཐོབ་དཔའི་བརྒྱུད་རིམ་ནི། ལྔ་པ་ཆེན་པོ་ཡན་གསན་ཡིག་ལྟར་ལ། རིག་འཛིན་པད་ཕྲིན། གཉགས་སྟོན་པདྨ་དབང་རྒྱལ། དབོན་པདྨ་གསང་བསྟན། ལྕགས་ཟམ་རིན་པོ་ཆེ། དེས་བདག་ལའོ།

(༨༨༣)སྤྲོས་བྲལ་བདེ་ཆེན་མའི་སྐོར་ཚེའི་རིག་འཛིན་སྒྲུབ་ཐབས། སིནྡྷུར་ཆེ་བའི་ཡང་ཏིག་གཅེས་སྒྲོན། དྲག་སྒྲུབ་གདུག་པ་ཀུན་འཛོམས། ཐུགས་རྗེ་ཆེན་པོའི་ཡང་ཏིག་བཅས་གཏོར་ཞུང་དང་། དབང་གི་ཟིན་བྲིས། སིནྡྷུར་ཆེ་བའི་བརྒྱུད་འདེབས། ཡོན་ཏན་གཏེར་མཛོད་ཀྱི་བརྒྱུད་འདེབས། ལས་བྱང་ཆོག་བསྒྲིགས་བསྙེན་ཡིག་བཅས་བཀའ་བརྒྱད་གསང་བ་ཡོངས་འདུས་ཀྱི་ཆོས་སྐོར་བསམ་པ་ལྷུན་གྲུབ་མའི་དབང་བཀའ་བརྒྱུད་པ་གོང་འདྲ། ༢ མངའ་རིས་ལེགས་ལྡན་པའི་འོན་ཕུ་སྟག་ཚང་གི་གཏེར་བྱོན་དྲག་བོ་དབུ་དགུའི་དབང་གི་བརྒྱུད་པ་ནི། ཆོས་བདག་ནས་དབང་ཕྱུར་རབ་བརྟན། བསོད་ནམས་མཆོག་ལྡན། ཆོས་དབྱིངས་རང་གྲོལ། ཟིལ་གནོན་དྲག་རྩལ་རྡོ་རྗེ། རིག་འཛིན་པདྨ་ཕྲིན་ལས། གཉགས་སྟོན་པདྨ་དབང་རྒྱལ། དེ་དབོན་གསང་སྔགས་བསྟན་འཛིན། ལྕགས་ཟམ་པ་བསྟན་འཛིན་ལྷུན་གྲུབ། དེས་བདག་ལའོ། །རིག་འཛིན་མངའ་རིས་པའི་མཆིམས་བུའི་གཏེར་བྱོན། གནོད་སྦྱིན་ཙིའུ་དམར་པོའི་སྲོག་གཏད་དང་། རྒྱུད་དྲུག་སོགས་ལུང་ཆ་ཚང་། པཎ་ཆེན་སྐུ་སྐུ་མཆེད་ནས། འབྲི་གུང་པ་རཏྟ། བསྟན་པའི་འབྱུང་གནས། རྒྱལ་སྲས་ཀུན་བཟང་། རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ། ཆོས་དབྱིངས་རང་གྲོལ། ཟ་ཧོར་ཀུན་མཁྱེན། བློ་བཟང་པད་ཕྲིན། སྨིན་གླིང་གཏེར་སྟོན། དགེ་སློང་བློ་གསལ། རྡོ་རྗེ་གཡོ་མེད། སྒོམ་ཆེན་དྷརྨ་ཀཱི་རྟི། དེས་བདག་ །རྒྱལ་པོ་བྱེས་ཆས་ཤེལ་ཕྲེང་དཀར་པོ་ཆ་ཚང་གི་དབང་ལུང་ཐོབ་པའང་འདི་དང་འདྲ། ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ། ཆོས་ཀྱི་བདག་པོ་ནས་གཏེར་གླིང་ཡན་དེའི་ཡིག་ཆ་ལྟར་དང་། ལོ་ཆེན་ཆོས་དཔལ། གཉིས་ཀར་དབང་ཀུན་བཟང་པདྨ། ཀུན་བཟང་འོད་ཟེར། དེས་སོ། ལས་འབྲེལ་གཟའ་རྒོད་ཀྱི་དབང་། སངས་རྒྱས་རིན་ཆེན་སྙིང་པོ། རྡོ་རྗེ་འཆང་། ཨོ་རྒྱན་པདྨ། འཚོ་རྒྱལ། ཁྲི་སྲོང་། པདྨ་གསལ། གཏེར་སྟོན་ལས་འབྲེལ། རྡོ་རྗེ་འབུམ། འབྲིང་གི་བླ་མ

(༨༨༤)གྲགས་འོད། སྐལ་ལྡན་རྡོ་རྒྱལ། དྷརྨ་ཀེ་ཏུ། ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ། ཤཱཀྱ་བཟང་པོ། ཞང་སྟོན། གསང་སྔགས་རྡོ་རྗེ། བདུད་འཇོམས་རྡོ་རྗེ། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། །རིག་འཛིན་པད་ཕྲིན། གཏེར་གླིང་། རིན་རྣམ། ཤྲཱི་ནཱ་ཐ། དེས་བདག་ ༢།རཏྣའི་དམ་ཅན། གཏེར་སྟོན་རཏྣ། སྲས་ཚེ་དབང་། ངག་དབང་། ལས་འཕྲོ། འབྲི་གུང་རཏྣ། སངས་རྒྱས་ཕུན་ཚོགས། ནོར་བུ་ཆོས་བརྟན། ཕྲིན་ལས་ལྷུན་གྲུབ། གཏེར་གླིང། རིན་རྣམ། གུ་ན་ཤྲཱི། འགྱུར་མེད་ཆོས་དབྱིངས། ཐང་འབྲོག་ །དེས་བདག་ལ་ལུང་དང་བཅས་ཐོབ། གཤིན་རྗེ་ཚེ་བདག་དབང་དང་བོད་ལུང་རྫོགས་པ་གཏེར་གླིང་ཡན་དེའི་བརྒྱུད་ཡིག་ལྟར་ལས། རིན་རྣམ། ཤྲཱི་ནཱ་ཐ། དེས་བདག་ལའོ། །ཡང་བཟློག་མེའི་སྤུ་གྲི་ནི། འབྲི་གུང་རཏྣ་ཡན་བརྒྱུད་འདེབས་ལྟར་ལ། རྗེ་བཙུན་བྲཛྙཱ། ཀརྨཱ་རྒྱལ་སྲས། བཤེས་གཉེན་རིན་དར། ཕྲིན་ལས་ལྷུན་གྲུབ། བཛྲ་ཀྵར། རཏྣ་བི་ཛ་ཡ། ཤྲཱི་ནཱ་པ། དེས་སོ། །ཀི་ཀང་རླུང་སྒྲུབ་ངག་འདོན་དང་ཞལ་ཤེས་ཁག་གཉིས་བཅས་ཁྱང་བདག་ལས་བརྒྱུད། ཐུགས་མཆོག་རྡོ་རྗེ། རྗེ་ཐག་གླིང་། དེས་སོ། །ལྔ་པ་རིན་པོ་ཆེའི་རྒྱ་ཅན་སྐུ་དངོས་ལས་གཏེར་གླིང་དང་། དེ་ནས་བླ་མ་བདེ་ཆེན་དབང་ཕྱུག་སོགས་འགའ་ཞིག་སྦོས་འཛིན་པ་ལྷུན་རྒྱམ་དང་གཞན་ཕལ་ཆེར་དག་སློང་ཀླུ་སྒྲུབ་གཉིས་ལས་ཐང་འབྲོག་བར་བརྒྱུད་རྒྱ་ཅན་རྩ་བའི་དབང་ལུང་རྫོགས་པར་ཐོབ། བླ་མ་རྣམ་གཉིས་ཀྱི་ལྷན་ཐབས་ལ་སྣ་ཚོགས་ཡོད། བྱང་གཏེར་ཐུགས་སྒྲུབ། གཏེར་སྟོན་ནས་རིམ་པར། རིག་འཛིན་པད་ཕྲིན། ཀུན་བཟང་པདྨ། ཀུན་བཟང་འོད་ཟེར་

(༨༨༥)དེས་སོ། །དབང་པོའི་སྡེའི་ཀརྨ་གུ་རུ། གཏེར་སྟོན་ནས་རིམ་པར། ལྔ་པ་ཆེན་པོ། གཏེར་གླིང་། དགེ་སློད་ཀླུ་སྒྲུབ། ཐང་འབྲོག་པ། དེས་སོ། །བསྟན་གཉེས་གླིང་པའི་ཕག་མོ་ཟབ་རྒྱ། གཏེར་སྟོན་ནས། འཚོ་མཛད། ཆོས་ལྷུན། ཆོས་རྗེ། ཡེ་སྒྲོལ། མང་ཐོས་དགེ་དར། པདྨ་དབང་། སྐྱི་སྟོན། དཔོན་སློབ་ཡར་འཕེལ། ཐུགས་མཆོག་རྡོ་རྗེ། དེས་བདག་ལའོ། །དཀོན་མཆོག་སྤྱི་འདུས། གཏེར་སྟོན་ནས་རིམ་བརྒྱུད་རྒོད་ཚང་སྣ་ཚོགས། བདེ་ཆེན་དར་རྒྱས། ཀུན་བཟང་རང་གྲོལ། ཐུགས་མཆོག་རྡོ་རྗེ། རྗེ་ཐེག་གླིང་ལས་ཁོ་བོས་སོ། །འཇའ་ཚོན་མ་ནི་བ་ལྷ་བཙུན་པ་བརྒྱུད། སྔགས་འཆང་རང་གྲོལ། ཐང་འབྲོག་མཁན་པོ། དཔོན་པོ་སྐུ་སྐྱེ་ཕྲིན་ལས་མཆོག་གྲུབ་དེས་སོ། །འཇའ་ཚོན་སྙན་བརྒྱུད་གཙུག་རྒྱན་ནོར་བུ་དང་། ཚེ་དཔག་མེད་དངོས་གྲུབ་ཀུན་འདུས། རྟ་ཕག་ །གཟའ་དབང་ཀྱང་དེ་ལས་ཐོས། སྨིན་གླིང་ཆེན། གཏེར་སྟོན། རིན་རྣམ། ཐང་འབྲོག་རེས་སོ། །ཆོས་རྗེ་གླིང་པའི་ཡང་ཕུར། ཁྲོས་ནག་སྐོར། གུར་དྲག་ །རྩ་གསུམ་དྲིལ་སྒྲུབ། བླ་མ་རིག་འཛིན་གྱི་གནས་ལུང་། ཕྱག་རྡོར་སེང་སྒྲོག་ །ཆོས་བདག་བམ་ཆད་སེལ་བ་སོགས་ཕལ་ཆེ། གཏེར་སྟོན། ནམ་རྡོར། ཆོས་འཕེལ། ཐང་འབྲོག་ །དེས་བདག་ །ར་སྟོན་ཕུར་པ་དང་། ཐུགས་མཆོག་རྡོ་རྗེའི་གཏེར་ཆོ། རྗེ་ཐེག་གླིང་གི་གཏེར་ཆོས་རྣམས་དངོས་ལས་ཐོས། དུང་མཚོ་རས་དཔའི་ཡང་ཏི་ནག་པོ་ཡོངས་རྫོགས། ལྕུང་རི་ནས་བརྒྱུ་དརྨ་ཀཱི་རྟི་ལས་ཐོས། ཐུགས་རྗེ་ཆེན་པོ་རྡོ་རྒྱལ་པོ་ལུགས་ཀྱི་དབང་ལུགས་གཏེར་གླིང་། རིན་རྣམ། ཤྲཱི་ནཱ་ཐ། དེས་བདག་ །རྟ་མགྲིན་གསང་སྒྲུབ། གཏེར་སྟོན་རྒྱ་གོང་རི་བ། ལྔ་བ་ཆེན་པོ། གཏེར་གླིང་། རིན་རྣམ། ཤྲཱི་ནཱ། དེས་སོ། །ད་ཅན་སྡེ་བདུན་གྱི་སྲོག་དབང་། ཀུན་མཁྱེན་ཆེན་པོ་ཡན་སྙིང་ཐིག་བླ་རབས་བཞིན་ལ། བདེ་ལེགས་རྒྱ་མཚོ། མ་ཏི་མསྒལ། ཡོན་ཏན་དཔལ། སྤྲུལ་སྐུ་བསམ་རྒྱལ། མཁའ་ཀློང་ཡངས་པ། སྨན་རྩེ་བ་བློ་རྒྱལ། སྣ་ཚོགས་

(༨༨༦)རང་གྲོལ། བསྟན་འཛིན་གྲགས་པ། རྒྱལ་སྲས་ཀུན་བཟང་། བཤེས་གཉེན་རིན་དར། ཕྲིན་ལས་ལྷུན་གྲུབ། གཏེར་གླིང། རིན་རྣམ། ཐང་འབྲོག་ །རིག་འཛིན་ཕྲིན་ལས། དེས་སོ། དམར་ཟོར་མའི་རྗེས་གནང་། པཎ་ཆེན་ཆོས་རྒྱན་ནས། དམ་ཆོས་རྣམ་རྒྱལ། སྒོམ་ཆེན་དྷརྨ། དེས། གཡུ་སྒྲོན་མའི་སྲོག་གཏད་དང་གསོལ་ཀ། །དགེ་སློང་བློ་གསལ་ནས། རྡོ་རྗེ་གཡོ་མེད། སྒོམ་ཆེན་དྷརྨ། དེས་སོ། །ཆོས་དབང་གཏེར་བྱོན་བརྟན་མང་ཅུ་གཉིས་ཀྱི་སྲོག་གཏང་ལུང་བཅས་སྨིན་གླིང་གཏེར་སྟོན་བརྒྱུད། དགེ་སློང་བློ་གསལ། རྡོ་རྗེ་གཡོ་མེད། དྷརྨ་ཀཱི་རྟི། དེས་སོ། །ལས་འཕྲོའི་དམ་ཅན། ལས་འཕྲོ་ནས། སྲས་འོད་གྱམ། ལྔ་པ། པདྨ་ཚངས་དབྱངས། ཐང་འབྲོག་ །དེས་སོ། སྟག་ཤམ་དམ་ཅན། ཆོས་གླིང་བརྒྱུད། བླ་ཕྱག །ཆོས་སྤྲུལ། ཐང་འབྲོག་ །དེས་སོ། གསར་མའི་སྐོར། བདེ་མཆོག་ལཱུ་ཏི་བ་དང་། འདུས་འཕགས་ལུགས། འཇིགས་བྱེད་རྭ་ལུགས་གསུམ་ཕྱི་དབང་ལྔ་པ་རིན་པོ་ཆེ་ཡན་གསན་ག་ལྟར་ཀླ་ལྔ་པ་ནས། བློ་བཟང་མཁས་བཙུན། དུས་འཁོར་དཔོན་སློབ། སྒོམ་ཆེན་དྷརྨ། དེས་བདག་ལ། བདེ་མཆོག་རྩ་རྒྱུད་ལུང་ཡང་ཐོབ། ས་སྐྱ་བའི་གསེར་ཆོས་སུ་གྲགས་བ་ལས། མཁའ་སྤྱོད་སྐོར་གསུམ་ཚོར་ལུགས་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས་ཀྱིས་མཚོན་བསམ་མི་ཁྱབ་ཞལ་བཤེས་དང་བཅས་པའི་བོད་ལུང་ཡོངས་རྫོགས་དང་། སྤྱོད་འཇུག་ །སློབ་སྐྲིང་། བཤེས་སྤྲིང་། གཙུག་ཏོར་རྣམ་རྒྱལ་མའི་རྗེས་གནང་། གདུགས་དཀར། དབྱངས་ཅན་མ་དཀར་མོ། གནས་བཅུ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། དབྱངས་ཅན་མ་དཀར་མོ། བཅུ་གཅིག་ཞལ། བྱག་རྡོར་གོས་སྔོན། འབྱུང་འདུལ། འཇམ་དཀར་མ་ཏི་ལུགས། ཡུམ་ཆེན་མོ། སོ་སོར་འབྲང་མ། ཛམ་ལྷ་དཀར་པོ། གྲྭ་པའི་ཞང་བློན་རྣམས་ཀྱི་རྗེས་གནང་ལུང་བཅས་ལྔ་པ་རིན་པོ་ཆེ། ཞ་ལུཔ། བཅོ་བརྒྱད་པ། རྨོ་རོང་། དབོན་རིན་པོ་ཆེ། དྷརྨ་ཀཱི་རྟི། དེས་བདག་ །རྣམ་འཇོམས། གྲྭ་ལྔ། རྣམ་སྲས་སེར་ཆེན་རྣམས་ཀྱི་རྗེས་གནང་དམ་རིང་མཁན་པོ་བརྒྱུད། ངག་དབང་རིན་ཆེན།

(༨༨༧)སྒོམ་གྲགས་ཆོས་ལས་ཐོབ། རྒྱལ་སྲས་ཐོགས་མེད་པའི་བཀའ་འབུམ་པོད་ཐོབ་པའང་བརྒྱུད་པ་དེ་དཔ་འདྲ། རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ནས་རང་ལུགས་ཕུར་དྲག་དང་། ཚེ་དབང་གྲུབ་རྒྱལ། དགེ་སློང་འཇམ་གྲགས་ནས། བྱང་རྩ་དཔོན་སློབ། དྷརྨ་ཀཱི་རྟི། དེས་བདག་ །རྒ་ལོའི་མགོན་པོ་ཕྱག་བཞི་པ་དང་། ཤངས་མགོན་ཕྱག་དྲུག་པ་ཐོབ་པའང་འདྲ། །རྟ་མཆོག་རིགས་སྒྲོལ་མ་མངོན་བྱུང་གི་རྒྱུད་ནས་བསྡུས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་གཉན་ལོས་བོད་དུ་དྲངས་པ་གཉན་སྒྲོལ་ཡན་ལག་དྲུག་པར་གྲགས་པའི་རྗེས་གནང་དང་། མཚན་བརྒྱའི་ལུང་ཐོབ་པའི་བརྒྱུད་པ། སྒྲོལ་མ། ཀླུ་སྒྲུབ། པ་ལིམྷ་ནི། སངས་རྒྱས་ཡེ་ཤེས་ཞབས། དཱི་པཾ་ཀཱ་ར་བྷ་དྲ། དཔལ་བདེ་བའི་ལྷ། དྲི་མེད་སྡས་པ། ཁ་ཆེ་རིན་རྡོར། རིན་ཆེན་གྲགས་པ། སེནྡ་བ་ཆེན་པོ། རི་སུ་ལ་རྣལ་འབྱོར་མ། གཉན་ལོ། ཁའུ་པ། བརྩེ་ཆེན། རྗེ་བཙུན་གྲགས་པ། ས་པན། བྱང་ཆུབ་དཔལ། བདེ་བ་དཔལ། ཀ་བཞི་གྲགས་གཞོན། བསོད་གྲགས། ཚུལ་ཁྲིམས་མཆོག་སྟོན། ཤེར་རྡོར། རྒྱལ་བཟང་། བྱང་སེང་། ཤར་ཆེན་ཡེ་རྒྱལ། དྲུག་པ་ཀུན་བཟང་། ཞལ་ཚབ་ཀུན་དབང་། དཀོན་མཆོག་འཕེལ་བ། དོར་དཀོན་ལྷུན། ཐར་རྩེ་ནམ་དཔལ་དོན། སྒྲུབ་ཁང་བ་དཔལ་དོན། བསོད་ནམས་མཆོག་ལྡན། ལྔ་པ་རིན་པོ་ཆེ། ཕྲིན་ལས་རྣམ་རྒྱལ། བློ་གྲོས་དབང་ཕྱུག་ །འཇམ་དབྱངས། ནུས་རྒྱན། དྷརྨ་ཀཱི་རྟི། དེ་ལས་མཎྚལ་བཞི་པའི་ལུང་དང་བཅས་ཐོབ། བཀའ་འགྱུར་རོ་ཅོག་གི་གཟུངས། ལྕགས་སྡོང་ཚེ་སྒྲུ་ཧྲཱི༔གཅིག་མ། ༢ ཞ་མཁྱེན་བརྩེ་བའི་བཀའ་བརྒྱད་ཆུ་གཏོར། ཞང་ཁྲོམ་གྱི་ངག་བྱིན་རླབས། འགྱུར་སྔགས་སཾ་བྷ་ར། ཕྲེང་སྔགས་རུ་ཅི་ར། བསྐལ་བཟང་རྒྱན་ཕྲེང་། བྱམས་པས་དམ་བཅས་པའི་གཟུངས། གཙུག་ཏོར་དྲི་མེད་དང་སོར་འབྲང་སྙིང་པོ་རྣམས་ལུང་ཐོར་པ་བརྒྱུད་པ་ལྔ་པ་རིན་པོ་ཆེ་ནས་གོང་དྲ། མ་ཎི་བཀའ་འབུམ་ཡོངས་རྫོགས་སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ་ལས་བརྒྱུད་པ་དང་། འབྲུག་

(༨༨༨)པ་པདྨ་དཀར་པོའི་གུར་དྲག །མདོ་སྡུད་པ། རས་ཆུང་ལུགས་ཀྱི་གཏུམ་མོ་རྣམས། ཨོ་ཌི་ཀརྨཱ་ལས་ཐོབ། བོ་དོང་བའི་དཀྱིལ་འཁོར་ལམ་བསྡུས་དང་། དེ་ཉིད་སྙིང་པོའི་ལུང་སྦྱོར་རྩེ་སྤྲུལ་པའི་སྐུ་ལས་ཉན། སྒྲུབ་ཐབས་རིན་འབྱུང་ནས། ཀུ་རུ་ཀུ་ལླེ། འོད་ཟེར་ཅན་མ། ཚེ་རིང་མཆེད་ལྔ་རྣམས། ཉང་རེ་དོར་ཀོང་བླ་མ། དྲི་བུ་ལྷ་བ། དེས་ཐང་འབྲོག་ །དེས་སོ། །ལྔ་བའི་གསུང་འབུམ་ནང་མ་རྣམས། འཇམ་གྲགས། དགེ་སློང་སྐལ་ལྡན། །ཐང་འབྲོག་ །དེས་སོ། །རྒོད་ཚང་སྣ་ཚོགས་པའི་གསུང་འདུམ་བོད་བཞི། རྒོད་ཚང་ནས་བཟང་པོ་རྡོ་རྗེ། དགེ་སློང་ཚིལ་ཁྲིམས་དཔལ་བཟང་། ཀུན་བཟང་ལེགས་གྲུབ། པདྨ་རིག་འཛིན། དེས་སོ། །བཀའ་ཐང་ཤེལ་བྲག་མ། ཐང་ཡིག་སྡེ་ལྔ། ལྷ་བསང་བདེ་ལེགས་ཀུན་འབྱུང་། བདེར་འདུས་ལས་བྱང་བདེ་རྣམ། སྒྲུབ་ཁོང་། །ཁྲོ་རོལ་གཏོར་བཟློག་ཆོག་ཁྲིགས་དང་ལག་ལེན། ཚེ་བདག་ལས་བྱང་རྡོ་རྗེ་མེ་ཕྲེང་རྣམས་ཀྱི་ལུང་ཁྲི་རིན་རྣམ། ཤྲཱི་ནཱ་ཐ། དེས་སོ། ལེའུ་བདུན་མ་འཁོར་ལོ་འབར་བ། བྱང་གཏེར་ཀུན་བཟང་སྨོན་ལམ་སོགས་ཆོས་སྤྱོད་ངག་འདོན་རྣམས་ཀྱི་ལུང་། ངག་དབང་ཀུན་བཟང་པདྨ། ཐུགས་མཆོག་རྡོ་རྗེ། བློ་བཟང་པདྨ། དེས་བདག་ །ཐུགས་རྗེ་ཆེན་པོའི་མིག་འབྱེད་ལུང་། སྐྱི་སྟོན་ནས། གནས་གསར་བ་ལྦ་གིནྡྲ། དྷརྨ་ཀཱི་རྟི། དེས། བྱད་འགྲོལ་ཆད་ཁྲུས། སྐྱོ་སྟོན་ནས། དགེ་སློང་བློ་གསལ། གཡོ་མེད། དྷརྨ་ཀཱི་རྟ། དེས། གཏད་དུལ་ཟངས་གླིང་མ། སྐྱི་སྟོན་ནས། ཐང་འབྲོག་ །དེས། བྱིས་པ་གཏེར་སྟོན་གྱི་འབུམ་སྲུང་བཅུད་འཁོར་ཡང་བརྒྱུད་པ་དེ་དང་གཅིག་ །ཤ་བརྒྱ་ཟན་བརྒྱའི་ལུང་། དགེ་སློང་བློ་གསལ་ནས། དྷརྨ་ཀཱི་རྟི། དེས། གནམ་ཀས་གཏེར་མ་སྙིང་གཟེར་ནག་པོའི་ལུང་། ངག་དབང་ཀུན་བཟང་པདྨ། ཐུགས་མཆོག་རྡོ་རྗེ། ཀྲ་ཏི་སྔགས་འཆང་། དེས་སོ། །སློབ་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་བའི་ཁ་སྐོང་རྗེ་རང་བྱུང་བས་མཛད་པའི་བོད་ལུང་། ཁྲི་རིན་རྣམ། །ཐང་འབྲོག་ །ཀར་ལུག་གྱི་གཅོད་གདོན་ཚོགས་དགུ་མ་དང་། མ་ཅིག་གི་གཅོད། གཟའ

(༨༨༩)བཅོས་རིན་ཆེན་ཕྲེང་བ། །སྦུར་སྔགས་བཅས་་དྲུང་གཅོད་པ་ལས་ཉན་ཏོ། །དེ་དག་ལ་འདི་སྐད་ཅེས་སྟོན་འཁོར་དང་གླེགས་བམ་ལ་སོགས་པའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་ཉན་བཤད་ལན་ཅིག་གི་ཆ་ལ་ཆོས་ཀྱི་རྣམ་གྲངས་དང་རྒྱུན་ཆགས་ཡོད་མེད་ཀྱི་དཔྱད་བཟོད་འཐད་ལེགས་ཀྱི་གཏན་ཚིགས་ཀྱང་། སྔ་མའི་སྔ་མ་དང་། གོང་མའི་གོང་མ་ལ་སོགས་ཏེ། དུས་གསུམ་གྱི་བརྒྱུད་པ་བྲེང་ཆགས། ཐམས་ཅད་ཀྱི་ཚོར་བ་དང་། འདུས་ཤེས་དང་། རྣམ་པར་ཤེས་པའི་ཕུང་པོ་མཚུངས་པར་ལྡན་པ་ཡང་མ་ཡིན་པས་དོན་ལ་ཇི་ལྟར་གནས། དེ་ལྟ་ནའང་སློབ་དཔོན་དཔའ་བོ་སྟག་གིས་ཟོས་ནས་སྐྱེས་རབས་སོ་བཞི་བའི་འཕྲོ་ལུས་པར་གྲགས་བཞིན་དུ་ལུང་རྒྱུད་ད་ལྟའང་ཀློག་པ་ལྟར་ངེས་དོན་དུ་དམ་པའི་ཆོས་ནི་རྒྱལ་བའི་དགོངས་བརྒྱུད་གཅིག་ཏུ་གནས་པའི་ཕྱིར། ཆོས་ཞུ་བའི་ཡུལ་དེ་རབ་ཆོས་ཉིད་ཀྱི་བདེན་པ་གཟིགས་ཤིང་དམིགས་པ་མེད་པའི་སྙིང་རྗེ་དང་ལྡན་དང་། ཉན་པ་པོ་ཡང་སྣོད་ཀྱི་སྐྱོན་གསུམ་དང་། མ་དག་པའི་དྲི་མ་དྲུག་སྤངས་པ་ཞིག་འཛོམ་ན། བྱིན་རླབས་འཇུག་པའི་རྟེན་ཅིང་འབྲེལ་འབྱུང་ཡང་དག་བར་ཚོགས་པའི་རྒྱུ་འབྲས་བསླུ་བ་མེད་པ་མཐོང་བས་དཔོན་སློབ་གྱི་རྟེན་འབྲེལ་མ་ལོག་པ་འདི་གཙོ་བོར་གཟུངས་ལ། དེ་ལྟ་ནའང་ལྔ་བརྒྱའི་ཐ་མ་ལ་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་ནི་དཀོན་པའི་དངོས་པོར་གྱུར་ཀྱང་། བསྐྱེད་རྫོགས་ཀྱི་དོན་ལ་འགྲུབ་པ་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་ངེས་པར་གཅེས་ལ། དེ་ལྟ་བུའང་ད་ནི་བསྟན་པའི་སྙིགས་མར་གྱུར་པས་དཀོན་ན། གཞན་ལས་ཐོས་པའི་ཐོབ་བློ་ནི་སོ་སོ་སྐྱེ་བོའི་གང་ཟག་ལ་དབང་ལུང་གི་རྫས་དང་དངོས་པོར་རུང་བ་ཡིན་པས་ན། བདག་ཅག་གིས་ཀྱང་བསྟན་པའི་དོན་ལ་སེམས་སྟོབས་ཆེན་པོ་བསྐྱེད་ནས་རྒྱུད་འབུམ་རིན་པོ་ཆེ་དང་། མདོ་སྒྱུ་སེམས་གསུམ་ལ་སོགས་ཆེད་དུ་ཉན་པར་བསྐུལ་ནས། རྒྱུན་བླངས་ཤིང་རུང་ལུགས་དར་བར་བྱས་པ་ཡིན་ལ། འདི་ལྟར་རྟོགས་པའི་དམ་ཆོས་ནི་

(༨༩༠)མཆོག་གཟིགས་རྣམས་ཀྱི་རྒྱུད་ལ་ཡོད་དགོས་པ་དང་། ལུང་གི་ཆོས་ནི་སྒྲ་ཚིག་དང་ཞེན་པའི་ཡུལ་ཡིན་པས་སོ། །དེ་ལས་གཞན་དུ་ཐོས་པ་འཚོལ་བའི་རྣམ་གཡེང་ལ་ཡང་སྐྱོ་ནས་དབེན་པར་མཉམ་གཞག་ལ་གཙོ་བོར་བྱས་མོད་དེ། རང་བཞིན་དུ་ཆོས་སྒོ་བསྐྱེལ་གྱི་ཚུལ་དུ་བྱུང་བ་ཐམས་ཅད་ལ་དག་སྣང་སྦྱངས་ཏེ། སྣང་བ་དག་པའི་ཕྱོགས་ལ་བསྙེན་པ་ལ་ཆོས་སྤོང་བའི་ཉེས་པ་ཡོད་མི་སྲིད་པས་དགག་བསྒྲུབ་དང་ཕྱོགས་རིས་དང་བླང་དོར་སྤངས་ནས་ཉན་པའི་ཚུལ་ས་བོན་ཙམ་ཞིག་སྨོས་པ་ལས་ཆོས་དང་གང་ཟག་གི་མཚན་ཐོ་སྒྲིག་པའི་སྤྲོས་པ་ཉེ་བར་ཞི་བ་ཉིད་དོ། དགེའོ། དགེའོ། དགེའོ།


no previousno next