cover

༄༅།། ཀློང་ཆེན་སྙིང་ཐིག་ལས། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་གསོལ་འདེབས་བཞུགས་སོ། །

རྡོ་རྗེ་ཐེག་པ། ༽

འཇིགས་མེད་གླིང་པ། 'jigs med gling pa, Jigme Lingpa (1730-1798)

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

(༡)ཀློང་ཆེན་སྙིང་ཐིག་ལས། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་གསོལ་འདེབས་བཞུགས་སོ། །

(༢)འུྃ༔ ༔རྒྱལ་བ་ཀུན་བཟང་སྟོན་མཆོག་རྡོ་རྗེ་སེམས༔ དགྱེས་པ་རྡོ་རྗེ་དཔལ་གྱི་སེང་གེའི་ཞབས༔ མཉྫུ་མི་པྲ་ཛྙ་ན་སུ་ཏྲ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ༔ བི་མ་བད་འབྱུང་ཐུགས་སྲས་རྗེ་འབངས་གྲོགས༔ ཀློང་ཆེན་རབ་འབྱམས་ཀུན་མཁྱེན་འཇིགས་མེད་གླིང༔ སྐྱབས་ཀུན་ཡོངས་འདུས་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན༔ རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་རྡོ་རྗེ་འཆང་ འདུལ་དཀའི་གཤེད་དུ་འཆོལ་བའི་ཁྲོ་རྒྱལ་སྐུར༔ ཡོངས་ཤར་བྲག་བོ་རྟ་ཁྱུང་དཀྱིལ་འཁོར་ལྷར༔ གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལ༔ རང་ངོ་མ་མཐོང་གཉིས་འཛིན་ལས་ཀྱི་གདངས༔ སྣ་ཚོགས་ཡུལ་ལ་འཕོས་པའི་རྐྱེན་སྣ་ཚོགས༔ གཉིས་མེད་མཉམ་པ་ཆེན་པོར་རང་གྲོལ་ནས༔ ལྷུན་གྱིས་གྲུབ་

(༣)འུྃ༔ པའི་རིག་འཛིན་མཆོག་བརྙེས་ཤོག༔ ཅེས་པའང་ཆོས་གཟུགས་ནམ་མཁའ་ཚེ་དབང་མཆོག་སྒྲུབ་པས་བྲིས་པ་མངྒ་ལཾ།

(༤)

(༥)རྟ་ཁྱུང་འབར་བའི་གཏེར་རྫས་ཕུར་པ་གནམ་ལྕགས་ཐོག་རྒོད་ཀྱི་ལ་རྒྱུས་བཞུགས། །བླ་མ་དྲག་པོ་རྟ་ཁྱུང་འབར་བ་ལ་ན་མ རྡོ་རྗེ་ཕུར་པ་གནམ་ལྕགས་ཐོག་རྒོད་ཀྱི་ལོ་རྒྱུས་ནི། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་ཆོས་སྐོར་འབྱུང་རྒྱུའི་རྫས་གཏེར་བརྡའ་རྟགས་སུ། ཧས་པོ་རི་རྩེ། གཞུང་སའི་ལྷ་བསང་ལ་ཕྱིན་པའི་པ་སངས་བརྔན་གྱི་སྒང་ལ་སྡེ་བརྒྱད་མང་པོ་ཚོགས་པའི་ཉམས་སྣང་དང་། ལྷག་པར་རྡོ་རྗེ་ལེགས་པ་བནྡེ་ལྔ་བ་ཅན་གྱི་རྣམ་པས་ཕུར་པ་མེ་སྟག་འཕྲོ་བ་ཞིག་བྱིན་ནས། འདི་སློབ་དཔོན་ཆེན་པོས་མལ་གྲོ་བཏུལ་བའི་ཕུར་ཡིན་ཟེར། དེ་ནས་གུང་སེང་གི་དུས། །རབ་གྲ་དགེ་དོན་དང་བཅས། ཇོ་བོའི་རྡོ་སྐུ་བྱོན་སར་ཕྱིན་པས་ཁོས་སྒོམ་ཕྱོགས་ཀྱི་དྲི་བ་མང་པོ་བྱས་པའི་རྐྱེན་གྱི་སྣང་བ་གཏད་མེད་ཞིག་གི་དང་ལ། ཕ་བོང་ཞིག་གི་འོག་ན་རྩ་ཆུན་ཆེན་པོ་ཞིག་སྐྱེས་འདུག་པ་དེ་འཐེན་པའི་ཤུལ་ནས། སེལ་བ་ཁ་ཤེས་དང་། རྩིག་པའི་རྣམ་པ་ཅུང་ཟད་འདུག་པའི་ཁྲོད་ནས་ཕུར་པ་འདིས་ལ་དམ་པོར་བསུན་པའི་ཚུལ་གྱི་འདུག་པ་རྙེད། ངོ་བོ་སྡེ་བརྒྱད་ཀྱི་ཐོག་ལྕགས་ཛྷི་ཥི་མ་བཅོས་བུ་དང་ཁྱད་པར་མེད་པའི་ལི་དམར་རྩོད་བྲལ་དུ་ངེས་བརྙད། འདི་ལོའི་དགུན་ཐག་བླ་མ་དྲག་

(༦)པོ་རྟ་ཁྱུང་འབར་བའི་ཆོས་སྐོར་བྱུང་ཚུལ་རང་གཞུང་ལ་གསལ། ཆོས་འདི་བྱིན་རླབས་ཤིན་ཏུ་མྱུར་བས་དམ་སྲིའི་བར་ཆད་བཟློག་ཚེ་འཕྲེང་སེལ། ཀོ་སྒོམ་ཆོས་ཉིད་ཀྱེ་བསྙེན་པ་བྱས་པའི་ཚེ། སྦལ་བ་ཞིག་ཁ་གདངས་ནས་ཞེད་པའི་ཚུལ་གྱི་ཕྱག་བྱེད་པ་ལན་གསུམ་དང་། བྱ་སྐྱེ་ཀ་ཞིག་མཚོ་ནང་དུ་འཇུག་ནས་སྦྲུལ་གྱི་མཇུག་མ་ནས་བཟུངས་སྟེ་བཏོན་པའི་མགོ་ལ་མེ་འབར་བ་སོགས་བྱུང་ནས། ཀླུ་གཉན་ལ་ཤིན་ཏུ་གནོད་པར་དོགས་པས་འཇིགས་ཏེ་བསྙེན་པ་བྱེ་བ་གཅིག་སོང་མཚམས་བཞག་པ་ཡིན་ཟེར་འདིའི་ཆོས་དང་རྫས་གཏོར་གཉིས་ཀ་གདུགས་པ་ཀླུའི་གཉེན་པོར་གྱུར་པ་ཡིན། གསང་སྔགས་གསང་སྟེ་སྒྲུབ་པ་ཡིན་པས་སྔར་སུ་ལའང་མ་བཤད་དེ། ལྷ་ལྕམ་ངང་ཚུལ་རྒྱལ་མོའི་ངོར་བརྗོད་པ་གུ་ཧྱ། རྒྱ་རྒྱ་རྒྱ

(༧)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ བླ་མ་དྲག་པོ་རྟ་ཁྱུང་འབར་བའི་ལས་བྱང་བྱིན་རླབས་གཟི་འབར་ཞེས་བྱ་བ་བཞུགས་སོ།

(༨)འུྃ༔ རྒྱལ་བའི་དབང་པོ་ཐོད་འཕྲེང་རྩལ༔ ཆོས་ཉིད་ཞི་ལས་མ་གཡོས་ཀྱང་ སེམས་ཅན་འདུལ་བྱེད་སྤྲུལ་པའི་སྐུ༔ རྣམ་འགྱུར་ཅིར་ཡང་སྟོན་ལ་འདུད༔ དབང་ཐོབ་དམ་ཚིག་ལ་གནས་པས༔ དབེན་པར་སྟེགས་ཀྱི་དབུས་སྒྲུབ་ཕུར༔ ཚད་ལྡན་སྨན་རག་གཏོར་མཆོད་ཚོགས༔ དགོས་རྫས་རྣམས་ནི་འདུ་བགྱིས་ནས༔ ཐོག་མར་སྐྱབས་སེམས་ཚོགས་བསགས་ནི ན་མོ བདག་དང་མཐའ་ཡས་སེམས་ཅན་ཀུན༔ མཆོག་གསུམ་ངོ་བོ་བླ་མ་དང་༔ དྲག་པོ་རྟ་ཁྱུང་དཀྱིལ་འཁོར་ལ༔ སྙིང་ནས་དད་པས་སྐྱབས་སུ་མཆི༔ གསུམ ཧོ དྲག་པོའི་དཀྱིལ་འཁོར་འདིར་བཞུགས་ནས༔ ཕམ་འགྲོ་དྲུག་སེམས་ཅན་ཀུན༔ ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིར༔ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད༔ ལན་གསུམ། ཧོ༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷར༔

(༩)འུྃ༔ ཕྱག་འཚལ་མཆོད་འབུལ་ཉེས་སྒྲིབ་བཤགས༔ དགེ་ལ་ཡིད་རང་ཆོས་འཁོར་བསྐུལ༔ རྟག་པར་བཞུགས་གསོལ་དགེ་ཚོགས་ཀུན༔ བླ་མེད་ཆོས་དབྱིངས་ཆེན་པོར་བསྔོ༔ བཀའ་བསྒོ་ནི རང་ཉིད་ལྷར་གསལ་བས་བགེགས་གཏོར་རླབས་ནས༔ ཧྲཱི སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིར ཀླགས་ལྟ་བར་ཆད་གདོན་གྱི་རིགས༔ གཏོར་མ་ལོང་ལ་གཞན་དུ་དེངས༔ བཀའ་ལས་འདས་ན་རྡོ་རྗེ་གཞོམ ཧཱུྃ་བཞིའི་སྔགས་དང་ཐུན་གྱི་གཟིར བསྲུང་འཁོར་ནི ཧྲཱི སྣང་སྲིད་དག་པ་རབ་འབྱམས༔ བགེགས་དང་བར་གཅོད་མིང་ཡང་མེད བློ་བུར་རྣམ་རྟོག་འཁྲུལ་པའི་གདོན༔ ཆོས་དབྱིངས་དང་དུ་མཚམས་གཅད་དོ༔ བྱིན་འབེབས་ནི༔ ཧཱུྃ དྲག་པོ་རྟ་ཁྱུང་ལྷ་ཚོགས་རྣམས༔

(༡༠)ཆོས་སྐུའི་ཀློང་ནས་ཐུགས་རྗེ་བསྐྱེད༔ ལོངས་སྐུའི་རྣམ་རོལ་ཅིར་ཡང་བསྒྱུར༔ སྤྲུལ་སྐུའི་དཀྱིལ་འཁོར་རྟེན་པར་བཅས༔ དབང་སྐུར་བྱིན་པོས་རྟག་མཚན་སྟོན༔ རྩ་སྔགས་མཐར སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེ༚་ཕེ༚། མཆོད་པ་བྱིན་རླབས་ནི ཨོཾ་ཨཱཧཱུྃ སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིན༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་པས༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར༔ སརྦ་པཱུ་ཛ་ས་མ་ཡ་ཧོ གསུམ དངོས་གཞི་ནི ཧྲཱི རྣམ་ཐར་གསུམ་ལྡན་སྟོང་པ་ཉིད༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ དམིགས་མེད་སྙིང་རྗེ་ཆེན་པོའི་གདངས༔ ནམ་མཁའི་གར་ཁྱབ་པདྨ་འོད༔ དུར་ཁྲོད་རོལ་པའི་གཞལ་མེད་ཁང་༔ རྣམ་པར་བྱད་བའི་ཆོས་རྣམས་རྫོགས༔ དེ་དབུས་པདྨ་ཉི་ཟླ་དང་༔ མ་རིག་ལས་གྱུར་རྟེན་འབྲེལ་གདོན༔ དུག་སྦྲུལ་བཅུ་གཉིས་བསྣོལ་བའི་སྟེངས༔ རང་རིག་

(༡༡)འུྃ༔ ཧྲི་དམར་ཡོངས་གྱུར་ལས༔ འཇིགས་བྱེད་རྡོ་རྗེ་གྲོ་བོ་ལོད༔ ཞལ་གདངས་མཆེ་གཙིགས་ཞབས་གཉིས་བགྲད༔ སྐུ་མདོག་དམར་པོ་གསང་ཕོད་མཐིང་༔ སྟག་ཤམ་རུས་རྒྱན་ཐོད་ཕྲེང་བརྗིད༔ ཐོད་སྐམ་དབུ་རྒྱན་རལ་པའི་གསེབ༔ རྟ་མགོ་ལྗང་ཞུར་ཁྱུང་གདོང་དམར༔ ཕྱག་གཡས་རྡོ་རྗེ་གཡོན་མེ་ཁྱུང་༔ བ་སྤུའི་བུ་ག་ཐམས་ཅད་ཀྱང་༔ ཁྱུང་གི་ཚ་ཚས་གཏམ་ཞིང་འཕྲོ༔ གནོད་བྱེད་སྡེ་བརྒྱད་ཐལ་བར་རློག༔ ཡེ་ཤེས་མེ་དཔུང་ཀློང་ན་བརྗོད༔ ཚོགས་རྒྱད་ལས་གྱུར་མ་རིག་གདོན༔ ཀླུ་ཆེན་བརྒྱད་པོ་འདར་ཞིང་འདུད༔ གཙོ་བོའི་སྤྱི་མགྲིན་སྙིང་ག་རུ༔ འཇམ་དཔལ་སྐུ་དང་པདྨ་གསུང་༔ ཡང་དག་རྡོ་རྗེ་ཐོད་ཁྲག་འཛིན༔ སྐུ་གསུང་ཐུགས་ཀྱི་ཡི་གེ་ས་མཚན༔ ཆོས་ཀྱི་ཕྱག་རྒྱའི་འོད་ཟེར་ལས༔ ལྷར་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔ ལས་ཀྱི་

(༡༢)ཕྱག་རྒྱ་བཞིས་དྲངས་ནས༔ དམ་ཚིག་ཕྱག་རྒྱར་དབྱེར་མེད་བསྟིམ༔ ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་ཏྲཱི་ཤྱ་ཧོ༔ སྤྱན་འདྲེན་བཞུགས་གསོལ་གཉིས་སྟབས་གཅིག་པ་ནི ཧཱུྃ ཐུགས་རྗེའི་ལྕགས་ཀྱུས་དབྱིངས་ནས་སྤྱན་དྲངས་ངོ་༔ བྱམས་པའི་ཞགས་པས་རྟེན་དང་རོ་གཅིག་བསྲེ༔ དགའ་བའི་སྒྲོག་གི་ཐབས་ཤེས་མཉམ་པར་སྦྱོར༔ བཏང་སྙོམས་དྲིལ་བུས་ཤིན་ཏུ་བརྟན་པར་བྱ༔ ཛཧཱུྃ་བཾ་ཧོ བཛྲ་ཏིཥྛ། རིག་པའི་མེ་ཏོག་གི་ཕྱག་ནི་ཧཱུྃ སྐུ་གསུང་ཐུགས་ཀྱིས་ཕྱག་རྒྱ་ཆེ༔ རང་ཉིད་དེ་བཞིན་ཉིད་དང་སྦྱོར ལྷ་དང་ལྟ་བ་མཇལ་བའི་ཕྱག༔ བླང་དོར་མེད་པའི་དབྱིངས་ལ་འདུད ན་མོ་ན་མ་ཧོ མཆོད་པ་ནམ ཧཱུྃ དབང་པོ་དྲུག་ལ་ཉེར་སྤྱོད་རྫས༔ ཡུལ་དང་བདེ་ཆེན་མཉམ་པར་རོལ༔ སྨན་གཏོར་རཀྟ་བྱང་ཆུབ་སེམས༔ སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོས་མཆོད༔ རཱུ་བ། ཤཔྟ། གནྡྷེ། ར་ས། སྤརེྴ་དྷརྨ་དྷ་ཏུ་མ་ཧཱ་

(༡༣)འུྃ པཉྩ་རཀྟ་བ་ལིངྟ་བོ་དྷི་ཙིཏྟ་གྷ་ན་ཙཀྲ་པུ་ཙ་ཧོ བསྟོད་པ་ནི ཧཱུྃ སྒེག་དཔའ་འཇིགས་རུང་བླ་མ་དྲག་པོའི་སྐུ༔ དགོད་གཤེ་དྲག་ཤུལ་རྟ་མཆོག་རོལ་པའི་གསུང་༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་ཁྱུང་གི་ཐུགས༔ ལོག་འདྲེན་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད༔ བཟླས་དམིགས་ནི ཐུགས་ཀར་ཉི་དཀྱིལ་ཧཱུྃ་གི་མཐར༔ སྔགས་འཕྲེང་འགལ་མེ་བཞིན་དུ་འཁོར༔ འོད་ཟེར་མེ་སྟག་ལྟ་བུ་དང་༔ ཁྱད་གི་ཚ་ཚས་ལོག་འདྲེན་སྲེགས༔ རྟ་སྐད་འཚེར་བས་སྟོང་གསུམ་གཡོ༔ སྣོད་བཅུད་སྦྱངས་ནས་རང་ལ་བསྟིམ༔ ལྷར་སྣང་ཕྱག་རྒྱ་ཆེན་པོའི་དང་ ཨོཾ་ཨཱཧཱུྃ་མ་ཧཱ་གུ་རུ་ཨ་རྩིག་ནེ་རྩིག་ཧྲཱི་ཧཱུྃ་ཁྲོཾ་ཕཊ༔ གྲངས་བསྙེན་འབུམ་ཕྲག་ཉི་ཤུ་ལ༔ དུས་བསྙེན་རིག་པས་དཔག་པར་བྱ༔ ཐུན་མཐར་མཆོད་ཅིང་བསྟོད་ནས༔ རྗེས་ཚོགས་ཀྱི་རིམ་པ་ནི། བཟའ་བཏུང་གི་ཚོགས་ཅི་སྙེད་པ་དང་༔ ཁྱད་

(༡༤)པར་ཤ་ཆང་སོགས་འདུ་བགྱིས་ནས བྱིན་གྱིས་རླབས་པ་ནི ཧཱུྃ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས༔ ཨོཾ་ཨཱཧཱུྃ་གི་བདུད་རྩིར་པས་གྱུར༔ འདོད་ཡོན་ནམ་མཁའ་མཉམ་པར་སྤེལ༔ རཾ་ཡཾ་ཁཾ ཨོཾ་ཨཱཧཱུྃ ཚོགས་སྤྱན་འདྲེན་པ་ནི ཧཱུྃ འོག་མིན་བདེ་ཆེན་ཞིང་ཁམས་དང་༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིང་༔ ཁྱད་པར་རྔ་ཡབ་དཔལ་གྱི་རི༔ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནས༔ དྲག་པོ་རྟ་ཁྱུང་ལྷ་ཚོགས་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཕུད་འབུལ་བ་ནི ཧཱུྃ བླ་མ་དྲག་པོའི་དཀྱིལ་འཁོར་དང་༔ ཌཀྐི་ཆོས་བསྲུངས་དམ་ཅན་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་ཆོད་འབུལ༔ མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ༔ གྷ་ན་ཙཀྲ་པུ་ཙ་ཁ་ཧི བར་བར་བཤགས་པ་ནི ཧཱུྃ བདག་གི་ཚེ་རབས་ཐོག་མེད་ནས་གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེ༔ རྩ་བ་

(༡༥)འུྃ ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་བཛྲ་ས་མ་ཡཱ་ཨཱ བསྒྲལ་བསྟར་ནི ཧཱུྃ མ་རིག་ལས་ཉོན་གཟུང་འཛིན་གྱིས༔ སྐྱེད་པའི་བདག་འཛིན་རུ་ཏྲ་ཀུན གཟུགས་ལ་ཕོབ་ཅིག་ནིྲ་ཏྲི་ཛ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལ༔ རུ་ཏྲ་སརྦ་ཧ་ལ་པཉྩ་པུ་ཙ་ཁཱ་ཧི བསྐང་བ་ནི ན་མ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་བརྗོད ཨཱརང་བྱུང་ལྷུན་གྲུབ་འཇའ་ཟེར་ལུས་ཀྱི་སྦུབས༔ སྒྱུ་འཕྲུལ་ཚོགས་བརྒྱད་རོལ་པ་སྲིན་པོའི་གྲོང་༔ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔ རིགས་འདུས་མ་ཧཱ་གུ་རུའི་ཐུགས་དམ་བསྐང་༔ གཞི་དབྱིངས་སྟོང་གསལ་ཀུན་ཏུ་བཟང་པོ་ཡི༔ གཞི་སྣང་ལོངས་སྐུའི་རྩལ་ལས་དགོངས་པ་འཕོས བརྡ་འཚིག་བློ་ལས་འདས་པའི་དཀྱིལ་འཁོར་ནས༔ དགོངས་རྒྱུད་དག་པ་གཉིས་ལྡན་ཐུགས་དམ་བསྐང་༔

(༡༦)དེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་རྩལ༔ རིག་འཛིན་རིག་པའི་འཁོར་ལ་བརྡ་སྟོན་ཅིང་༔ དགོངས་བརྡའི་དོན་རྒྱུད་ཚིག་རྫོགས་སྤྲུལ་པའི་གར༔ སྙན་རྒྱུད་ཐོས་གྲོལ་ཆེན་པོའི་ཐུགས་དམ་བསྐང་༔ མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཆེན་པོའི་དབང་༔ ལས་ཅན་སྐྱེས་བུའི་སྙིང་ལ་བསྐུར་བ་ལས༔ མཚོན་བྱ་དོན་གྱི་དགོངས་པའི་གསང་མཛོད་རྡོལ གཏད་རྒྱ་སྨོན་ལམ་དབང་རྒྱུད་ཐུགས་དམ་བསྐང་༔ གདོད་ནས་ཀུན་ཏུ་བཟང་པོའི་རང་རིག་ལ༔ ཁྱབ་བརྡལ་དགོངས་པ་གུད་དུ་བཅད་པ་དང་༔ སངས་རྒྱས་གཞན་དུ་བཙལ་བའི་ནོངས་པ་ཀུན༔ དག་ནས་བྱ་བརྩོལ་བྲལ་བའི་ས་ལ་སྐྱོལ ཡི་གེ་བརྒྱ་པ་བརྗོད ལྷག་མ་བསྔོ་བ་ནི ཧཱུྃ དཀྱིལ་འཁོར་ཆེན་པོའི་མུ་རན་ལ༔ གནས་པའི་དབང་ཕྱུག་གིང་ལངྐ་༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་སྒྲུབ་བའི་བར་ཆད་སྲུངས༔ ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི ཐུགས་དམ་བསྐུལ་བ་ནི ཧཱུྃ བཞེངས་ཤིག་བླ་མ་དྲག་པོའི་ལྷ༔

(༡༧)འུྃ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཐུལ༔ སྣོད་བཅུད་འབྱུང་བའི་རྒུད་པ་སོལ༔ རྩ་རླུང་དབང་ཐང་ཉམས་པ་གསོས༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཆད་ཐོ་ནི ཧཱུྃ དུས་གསུམ་ལས་འདས་ཀུན་ཏུ་བཟང་༔ རང་བཞིན་རྣམ་དག་འོག་མིན་དུ༔ གདན་གསུམ་ཚང་བའི་སྟོན་འཁོར་གྱིས གསང་ཆེན་རྡོ་རྗེའི་ཆོས་འཁོར་བསྐོར༔ དངོས་འཛིན་དག་པའི་ལྷ་གནས་གསུམ༔ རྒྱུད་སྡེ་འབྱུང་བའི་གནས་སུ་བསྟན༔ སྔགས་ནི་ལས་ཅན་སྤྲུལ་པའི་ངོར༔ རང་བཞིན་ཉིད་དུ་བྱུང་བའི་ཚེ༔ རང་སྣང་ཆོས་དབྱིངས་ཞིང་ཁམས་སུ༔ དཔལ་ལྡན་རང་བྱུང་རྡོ་རྗེའི་རྒྱུད༔ ཨོ་རྒྱན་ཆེན་པོས་བྱིན་རླབས་ཤིང་༔ བསྐུར་ཐོབ་བྲལ་བར་ཟབ་དགུའི་བཅུད༔ འཛད་མེད་གཏེར་གྱི་སྒོ་ཕྱེ་ཚེ༔ འཁྲུལ་པ་གཞི་ལ་དག་པ་ཡི༔ རྟེན་འབྲེལ་བཞིན་དུ་འཕྲིན་ལས་མཛོད༔ བསྟན་མ་སྐྱོང་བ་ནི ཧོ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང་༔ མ་

(༡༨)སྲིད་བསྟན་མ་བཅུ་གཉིས་རྣམས༔ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ རྟ་བོ་བྱ་བ་ནི ཧཱུྃ དྲག་པོ་རྟ་ཁྱུང་དཀྱིལ་འཁོར་འདིར ལོག་པར་འདྲེན་པའི་དམ་སྲི་ཀུན༔ མན་ན་ནོ་ཐེག་པ་རིམ་དགུའི་རྒྱ༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ སྟཾ་བྷ་ཡ་ནན༔ དེ་ནས་མཆོད་ཅིང་བསྟོད་ནས་དངོས་གྲུབ་བླང་བ་ནི ཧཱུྃ དྲག་པོ་སྒྲུབ་པའི་དམ་ཚིག་ད་ནང་ཐེམས༔ དངོས་གྲུབ་སྩོལ་བའི་དུས་ལ་ད་བབ་ན༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དབང་བཅུའི་སྟོབས༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཨོཾ་ཨཱཧཱུྃ་མ་ཧཱ་གུ་རུ་ཨ་རྩི་ཀ་ནི་རྩི་ཀ་ཧྲཱིཧཱུྃ་ཁྲོཾ་ཕཊ༔བཛྲ་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ སྒྲུབ་རྫས་གནས་གསུམ་ཏུ་གཅིང་དབང་བླངས ནོངས་བཤགས་ནི ཧོ དྲག་པོ་རྟ་ཁྱུང་དཀྱིལ་འཁོར་དུ༔ མཆོད་རྫས་མ་ཚང་སྒྲུབ་པ་གཡེལ༔ ཏིང་འཛིན་བྱིང་རྨུག་ཐིབ་ལ་སོགས༔ འགལ་འཁྲུལ་ནོངས་པ་

(༡༩)འུྃ བཟོད་པར་གསོལ༔ བཛྲ་སཏྭ་སོགས་བརྗོད རྫོགས་རིམ་བསྡུ་བ་ནི ཧོ ཆུ་ལས་ཆུ་བུར་རྡོལ་བ་བཞིན༔ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ༔ ཡེ་ཤེས་དབྱིངས་སུ་བཛྲ་མུ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་༔ བསྔོ་བ་སྨོན་ལམ་ནི ཧོ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོ༔ བདག་སོགས་འདུས་པར་བཅས་པ་རྣམས༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ བཀྲ་ཤིས་བརྗོད་པ་ནི ཧོ༔ རིག་འཛིན་རྒྱུད་པའི་བྱིན་རླབས་དང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་རྒྱས་པའི་བཀྲིས་ཤོག༔ སྣང་བ་དབང་འདུས་བཀྲིས་ཤོག༔ ལོག་འདྲེན་ཚར་གཅོད་བཀྲིས་ཤོག༔ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔ སྒྲ་གྲགས་བདེ་ཆེན་སྔགས་སུ་དག ༔དྲན་རྟོག་འོད་གསལ་ཆོས་སྐུར་སྨིན༔ འཇའ་ལུས་ཟང་ཐལ་བཀྲིས་

(༢༠)ཤོག༔ ཅེས་པ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེའི་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་འཕྲི་ས་ཀྱི་བྱང་བུར་རིག་འཛིན་དང་ཡུམ་ཀ་ནས་ཁ་བསྐང་འོས་དང་ཡན་ལག་བདུན་པ་དང་ ཆད་ཐོའི་ཚིག་ཁ་ཤས་རང་བཟོས་བསྲེ་སླད་བཅས་འདོན་བདེར ཀུན་མཁྱེན་ཆེན་པོ་དགོངས་གཏད་སྨོན་ལམ་གྱི་རྗེས་སུ་བཟུང་ཞིང་ལྷག་པའི་ལྷ་འདིའི་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་མཐོང་བའི་སྔགས་བན་འཇིགས་མེད་མི་བསྐྱོད་རྡོ་རྗེ་ཤར་མར་སྤེལ་བ་ཛ་ཡནྟུ༔ རང་བྱུང་རིག་པ་མངོན་གྱུར་ནས། །གདོད་མའི་སངས་རྒྱས་སར་གཤེགས་པའི། །མཁྱེན་བརྩེ་འཇིགས་མེད་གླིང་པ་ལ། །འདས་རྗེས་གླེགས་བམ་བབས་པའི་དོན། །དྲག་པོ་རྟ་ཁྱུང་འབར་བ་ཡི། །ལས་བྱང་བྱིན་རླབས་གཟི་འབར་འདི། །དགེ་སློང་དགེ་འདུན་རིན་ཆེན་ནས། །བར་དུ་བསྐྲུན་པའི་དགེ་བ་ཡིས། །སྙན་རྒྱུད་བསྟན་པ་དར་རྒྱས་ཞིང་། །འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །སརྦ་མངྒ་ལཾ།།

(༢༡)བླ་མ་དྲག་པོ་རྟ་ཁྱུང་འབར་བ་ལས༔ དབང་དང་བསྙེན་པའི་གནད་ཡིག་བཞུགས འུྃ དྲག་པོ་རྟ་ཁྱུང་འབར་བ་ཡི དབང་དང་བསྙེན་པའི་གནད་ཡིག་ནི ཚོམ་བུའི་སྟེང་དུ་དཔལ་གཏོར་བགོད༔ ཙཀླི་བཙུགས་ལ་སྨན་གཏོར་དང་༔ ཆོས་སྲུང་སྔོན་གཏོར་བཅས་པ་བཤམ བདག་མདུན་རོ་གཅིག་བསྐྱེད་བཟླས་བྱ ལས་བུམ་བསྒྲུབ་ཅིང་སློབ་མ་བཀྲུ བགེགས་བསྐྲད་བསྲུང་འཁོར་བསྒོམས་པའི་རྗེས དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི སོགས་ཀྱི་རྒྱུན་བཤགས་སྡོམ་བཟུང་རྗེས སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ ཏིཥྛ་བཛྲས་བརྟན་པར་བྱ གཏོར་མ་ལྷར་བསྐྱེད་སྤྱི་བོར་བཞག ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས སོགས་ཀྱི་མཐར ལུས་ལ་སྐུ་ཡིས་བྱིན་གྱིས་རློབས སྐུ་ཡི་དངོས་གྲུབ་ཐོབ་པར་ཤོག རྩ་སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ དེ་བཞིན་དུ་མགྲིན་པར་བཞག་ལ། ངག་ལ་གསུང་གིས་བྱིན་གྱིས་རློབས གསུང་གི་དངོས་གྲུབ་ཐོབ་པར་ཤོག རྩ་སྔགས་མཐར། ཨཱཀྐ་ཨ་བྷི་ཥིཉྩ་ཨཱ སྙིང་གར་བཞག་ལ ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག རྩ་སྔག་བསམ།

(༢༢)།ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ གཏོར་མ་འོད་ཞུ་སློབ་མར་བསྟིམ བཟླས་ལུང་སྦྱིན་ཞིང་དམ་ཚིག་བསྒྲག བྱིན་བརླབས་དབང་གི་རིམ་པའོ ས་མ་ཡ རྒྱ་རྒྱ་རྒྱ བསྙེན་པ་མཚམས་བཅད་དམ་དུ་བྱ སྟོང་ཉིད་རྩལ་ལས་གསལ་སྣང་ལྷར སྒྲུབ་གཞུང་ལྟར་མངོན་རྟོགས་གསལ། རྫོགས་ནས་སྙིང་གའི་སྔགས་ཕྲེང་ལས ཐུགས་ཀར་ཉི་མའི་གདན་ཡུང་འབྲུ་ཙམ་གྱི་སྟེང་ཧཱུྃ་དམར་གྱི་མཐར་རྩ་སྔགས་མདོག་དམར་གཡས་སུ་འཁོར་བ་ལ་དམིགས་པ་སྐད་ཅིག་ཀྱང་མ་ཡེངས་པ་གནད། འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས སྔགས་ཕྲེང་ལས་བྱུང་མེ་སྟག་དང་ ཁྱུང་གི་སྐུའི་ཆ་ཐམས་ཅད་ནས་ཁྱུག་གི་ཚོགས་འཕྲོས་པའི་འོད་དང་མེའི་ཟེར་གྱིས་གནོད་བྱེད་ཐམས་ཅད་གྱི་ལུས་རྫས་ལ་མེ་མཆེད་པ་བཞིན་དུ་ཚིག་པར་བསམ། ཚ་ཚྭས་ལོག་འདྲེན་བསྲེགས རྟ་སྐད་རྔམས་འཚེར་སྲིད་གསུམ་གཡོ ཕྱོགས་བཅུའི་གདོན་ཚོགས་གཟིར་ཞིང་གནོན ཕྱོགས་སྐྱོང་བཅུ་རང་རང་གི་འཁོར་དང་བཅས་པའི་གདོན་རྣམས་འོད་ཟེར་གྱིས་བཀུག་སྟེ་ཞབས་འོག་ཏུ་མནན་བར་བསམ། སྟེང་གདོན་འདུལ་ན་ཁྱུང་གདོང་ལས འོད་ཟེར་

(༢༣)འུྃ འཕྲོ་ཕྱག་གཡོན་གྱི་མེ་ཁྱུང་དམར་པོ་ལས་རང་འདྲའི་སྤྲུལ་པ་གྲངས་མེད་འཕྲོ་ཞིང་སྐུའི་བ་སྤུ་ལས་ཀྱང་ཁྱུང་དེ་འདྲ་འབྲོ་བ་རྣམས་ཀྱི་གདངས་ལས་འོད་ཟེར་མེའི་རེག་བྱ་ལྟ་བུ་འཕྲོས་ཤིང་གཟའ་ཀླུའི་གདོན་རྣམས་ཚར་བཅད་པར་བསམ། བ་མན་ངག་ཡིན གདོན་ཀྱང་རང་སེམས་འཁྲུལ་པའི་རྩལ གནོད་བྱ་གནོད་བྱེད་གཉོན་པོ་གསུམ ཆོས་ཉིད་མཉམ་པའི་ངང་རིག་ན ལྷུན་གྲུབ་རིག་འཛིན་ས་ལ་ཕྱིན ཤིན་ཏུ་ཡང་ཟབ་ཐུགས་ཀྱི་གཏེར སྣོད་མིན་ལོག་ལྟ་ཅན་ལ་རྒྱ ས་མ་ཡ དྷ་ཐིམ ཞེས་དྲག་པོ་རྟ་ཁྱུང་གི་བསྙེན་ཡིག་རྩ་བ་ཉིད་ལ། གོ་དཀའ་བ་མཆན་བུས་བཀྲོལ་བ་ལྟར་དང་། མཚམས་ཇི་ཙམ་བྱེད་རིང་ངག་སྨྲ་བཅད་དམ་པ་དང་དམིགས་པ་སེམས་མ་ཡེངས་པ་ཁོ་ན་གཙོ་ཆེ་ཞིང་། འོད་ཟེར་སྤྲོ་བསྡུ་སོགས་མང་པོ་མ་བྱུང་ཡང་སྐྱོན་མེད་ལ། གཙོ་བོར་ཐུགས་ཀའི་ཧཱུྃ་དམར་སྤུས་བྲིས་པ་ལྟ་བུ་ལ་སྔགས་ཕྲེང་གཡས་བསྐོར་སྒྲ་དང་བཅས་འཁོར་བ་ལ་དམིགས་བརྩེ་གཅིག་ཏུ་གཏད་ནས་བཟླས་པ་བྱ། མཚམས་ཀྱི་བྱ་ལུགས་དངོས་གཞི་སེང་གདོང་སོགས་ཀྱི་བསྙེན་ཡིག་དང་ཁྱད་མེད་དོ།། །།

(༢༤)

(༢༥)འུྃ བླ་མ་དྲག་པོ་རྟ་ཁྱུང་འབར་བ་ལས ཀླུའི་གདོན་འགྲོ་ལ་བོག་དོན་མཐར་བྱེད་བཞུགས

(༢༦)འུྃ བླ་མ་དྲག་པོ་གཉེན་པོ་གསུམ་ལྡན་ལ་ན་མོ རྟ་ཁྱུང་འབར་བའི་སྒོ་ནས་ཀླུའི་གདོན་འགྲོལ་ཟབ་མོ་ལ་སྦྱོར་དངོས་རྗེས་གསུམ་ལས དང་པོ་ནི སྟེགས་གཙང་མར་བུམ་གདན་པདྨ་འདབ་བརྒྱད་དམ འབྲུ་ཚོམ་གྱི་ཁོར་ལས་བུམ་བཅུད་ལྡན་དང་ བདག་བུམ་གཉིས་འཐུས་ཀྱི་སྨན་གཏོར་རཀྟ་ཉེར་སྤྱོད་དང་བཅས་པ་བཤམ ཅི་བདེ་བར་འབྱུང་པོ་རྣམས་གནས་ལ་ཆགས་པས་དོགས་གནས་ཀྱིས་བཀྲམ་པའི་སྟེང་ནེའུ་སིང་ཀླུ་ཤིང་བྲ་མ་ལ་སོགས་པས་བསྐོར་བའི་ནང་ཁོངས་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཀླུ་གཟུགས་ཐལ་སྦྱར་སྦྲུལ་མཇུག་ཅན མགོ་

(༢༧)འུྃ སྦྲུལ་གྱི་གདེངས་ཀས་མཚན་པ་དང་ འདབ་མ་བརྒྱད་ལ་གདོན་གཟུགས་སྦྲུལ་འཁྱིལ་བའི་རྣམ་པ་ཅན་རེ་བཀོད ཀླུ་གཟུགས་ཀྱི་སྟེང་ལྕུག་མའི་ཁྲིའུའི་ཁར་རྫ་བུམ་འོ་ཆབ་ཀྱིས་བཀང་བར་ཀླུ་སྨན་དང་ དཀར་གསུམ་མངར་གསུམ་བཏབ་པ་བཞག ནེའུ་སིང་གི་ཕྱོགས་མཚམས་སུ་ཀླུ་གཏོར་སྤྲུལ་དཀྲིས་བརྒྱད་དང་ ཀླུ་ནོར་ཉེར་གཅིག་སོགས་མཐུན་པའི་ཡས་རྫས་བཀོད ལོགས་གཅིག་ཏུ་ནད་པའི་གླུད་དཀོར་ཆ་རྒྱས་པ་དང་ འོ་ཆོལ ཆབ་གཏོར སྣས་སྐུད་ནག་པོ རྨ་བྱའི་མདོངས་དང་གླག་གི་སྒྲོ་སོགས་འདུ་བྱའོ གཉིས་པ་དངོས་གཞི་ལ།

(༢༨)བདུན་ལས དང་པོ་བདག་བསྐྱེད རྟ་ཁྱུང་འབར་བའི་ལས་གཞུང་བསྲངས་ལ་བཟླས་པའི་ཆེ་ཀླུ་དབང་དུ་བསྡུ་བ་དང་གཟིར་གནོན་གྱི་དམིགས་པ་ལ་གནད་དུ་བསྣུན་ནོ གཉིས་པ་ལས་བུམ་སྒྲུབ་པ་ནི བསང་སྦྱངས སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་རྫོགས་པའི་ནང་དུ་ཆུ་སྲིན་ཉ་སྦྲུལ་ལ་སོགས་པ་གདོན་གཟུགས་འབའ་ཞིག་ལས་གྲུབ་པའི་གཞལ་མེད་ཁང་གི་དབུས་སུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན་ལ་པདྨ་ཉི་ཟླའི་སྟེང་དུ་ཕེ་ནག་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས ཡོངས་སུ་གྱུར་པ་ལས བཅོམ་ལྡན་འདས་འཇམ་དཔལ་ཁྲོ་བོའི་རྒྱལ་པོ་ནཱ་ག་རཀྴ་སྐུ་མདོག་ཆར་སྤྲིན་ལྟར་གནག་པ་ལ་དབུ་དགུ་སྲོན་ཞལ་ཁྲོས་པའི་ཉམས་ཅན་སྦྲུལ་མགོའི་གདེངས་ཀ་དགུས་བརྗིད་པའི་སྦྲུལ་མགོ་

(༢༩)འུྃ དབུས་མ་ལ་རིན་པོ་ཆེའི་བྲོག་ཞུས་མཚན་པ་ཕྱག་བཅོ་བརྒྱད་ན་གྲི་གུག་དང་སྦྲུལ་ཞགས་འཛིན་པའི་རྩ་ཕྱག་གཉིས་ཐུགས་ཀར་སྟེང་འོག་དང་ གཞན་རྣམས་གདེངས་སྟབས་འཇིགས་པའི་སྐུ་ལ་ཁྲོ་བོའི་རྒྱན་ཐམས་ཅད་རྫོགས་པའི་སྤྱི་བོར་ཨོཾ མགྲིན་པར་ཨཱ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་བསྒོམས་པ་ཇི་ལྟར་བའི་ཡེ་ཤེས་པ་སྤྱན་དྲངས ཛཧཱུྃ་བཾ་ཧོས་གཉིས་མེད་བསྟིམ ཨརྒྷཾ་ནས་ཤཔྟའི་བར་དང་སརྦ་པཉྩ་བྷ་ལིང་རྟ་ཁཱ་ཧི་ས་མཆོད སྐུ་མཆོག་ཁྲོས་པ་སྲིན་པོའི་གདོང་ ཀླུ་གཉན་ས་བདག་འདར་ཞིང་སྐྲག བདུད་རྣམས་ཀུན་གྱི་བདུད་ཆེན་པོ ཁྱོད་ལ་སྐྱབས་མཆི་ཕྱག་འཚལ་བསྟོད བཟླས་དམིགས་ནི སྙིང་རྗེ་ཁྲོས་པའི་དྲག་ཤུལ་

(༣༠)གྱིས ཀླུ་གདོན་གདུག་བ་ཚར་གཅོད་ཕྱིར ཐུགས་ཀར་འཇམ་དཔལ་ཞི་བ་བསྒོམ སྲིན་ཞལ་རྣམས་ནས་སྔགས་ཀྱི་སྒྲ མེ་སྟག་ཡར་བ་ལྟ་བུ་ཡིས ལོག་འདྲེན་གནོད་བྱེད་ཚར་བཅད་གྱུར ཨོཾ་ཕེ་ལང་ཧཱུྃ ཞེས་བཟླ་གལ་ཏེ་ཀླུ་གདོན་སྟོབས་ཚ་ཞིང་རང་ཉིད་གཉེན་པོ་སྟོབས་ཀྱི་ལྷ་གྱད་དུ་གྱུར་པ་ཡིན་ན ནག་པོ་ཏི་པ་ཙ་ཡ་ནཱ་ག་རཱ་ཙ་ཧཱུྃ་ཕཊ ཅེས་བཟླ་བའི་གནད་མ་ཤེས་ན་དྲག་སྔགས་ཐུབ་ཆོད་དུ་བགྲངས་པས་རང་སྲོག་གཅོད་པ་མཐོང་ངོ་ འཇམ་དྲག་གང་བཟླ་ཡང་ ཤམ་བུར་ཨོཾ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སརྦ་བི་ཥ་ཏ་ར་ཕཊ ཅེས་འདོགས་སྟོོང་ཚོ་ལས་མི་ཉུང་བར་བཟླས་རྗེས ཨོཾ་ཨཱཧཱུྃ་གིས་མཆོད་ཡོན་ཕུལ་ནས་བུམ་ལྷ་འོད་ཞུ་བྱའོ གསུམ་པ་ཀླུ་བུམ་སྒྲུབ་ཅིང་ཀླུ་དགུག་པ་ནི རང་ཡི་དམ་དུ་གསལ་བའི་མདུན་དུ་ནེའུ་སིང་དང་ལྗོན་ཤིང་མེ་ཏོག་བཀྲ་བའི་སྐྱེད་མོས་ཚལ་གྱི་ནང་དུ་འཛམ་བུའི་གླིང་གི་ཀླུ་གཉན་ས་བདག་ཐམས་ཅད་འཁོད་པའི་སྟེང་གི་ནམ་མཁའ་ལ་འོད་སྣང་ལས་

(༣༡)འུྃ གྲུབ་པའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་འོ་ཆབ་དང་ཀླུ་སྨན་གྱིས་གང་བའི་སྟེང་ན་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་སྔོན་པོ་མགྲིན་པ་ཡན་ཆད་དཀར་པོ་ལ་ཕྱག་གཉིས་ཐུགས་ཀར་ཀླུ་ཐམས་ཅད་ངན་སོང་ལས་སྒྲོལ་བའི་ཕྱག་རྒྱ་ཅན་གསལ་བ་ལས་འོད་ཟེར་དངས་ཤིང་བསིལ་བར་འཕྲོས་པས་ཀླུ་གཉན་ས་བདག་ཐམས་ཅད་རླུང་གིས་བསྐྱོད་པ་བཞིན་རང་དབང་མེད་པར་བཀུག་ནས་གཟུགས་བརྙན་དང་འདྲེས རང་རང་གི་ནད་དང་སྡུག་བསྔལ་ཐམས་ཅད་བསལ སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་གང་ཞིང་ཀླུ་གསོ་བའི་ནུས་པ་དང་ལྡན་པར་བསམ་ལ ཨོཾ་ན་མོ་བྷ་ག་ཝ་ཏེ་ནཱ་ག་ཤྭ་ར་རཱ་ཛ་ཡ་ནཱ་ག་སརྦ་དུ་རྒ་ཏེ་ཤཱནྟིང་ཀུ་རུ་སྭཱ་ཧཱ ཅི་ནུས་བཟླས་རྗེས་ཀླུ་ལ་བདེ་བ་སྦྱིན་པའི་གཟུངས ཏདྱ་ཐཱདྷ་ར་ནིདྷ་ར་ནི ཨུད་ཏ་རི་ནི སཾ་པྲ་ཏིཥྛ་ཏི བི་ཛ་ཡ་ཝ་རྣ་བད་ཧྱ པྲ་ཏི་ཀེ་ད་ར་ཧ གཉན་ན་བ་ཏི ཨུད་དྷི་ས་དྷ་ནི བི་ན་མ་ནི ཨ་བི་ཤེ་ཙ་ནི ཨ་བི་བྱ་ཧ་ར

(༣༢)ཤུ་བྷ་ཧ་བ་ཏི ཨ་ཇཱི་མ་དྷུ ཨེ་ཧི་ཀུཾ་ས་ལ་ནི བ་ཧ་ཧ་རོཀྵ་ཤཱ་ནཱ དྷུ་ན་པཱ་བཾ ཤོ་དྷ་ཡ མ་རྒ་ན་ནི རི་ཧ་ཀ དྷརྨ་ཏ་ཤུད་དྷ ལོག་བི་ཏི་མ་རི ར་ཙ་ས་དུ་ཁ་ཤ་མ་ན སརྦ་ཤུདྡྷ་ཨ་ཝ་ལོ་ཀ་ན ཨ་བྷིཥྠ་རི པྲད་ཉ་གཉའ་ན་བེ་སྭཱ་ཧཱ ཅི་རིགས་བརྗོད་ནས་བུམ་ལྷ་འོད་ཞུ་བྱའོ བཞི་པ་ཀླུ་དང་འཁོན་སྦྱོང་ཞིང་ལུས་སེམས་གསོ་བ་ནི གཏོར་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གམ བསྡུ་ན་ནམ་མཁའ་མཛོད་ཀྱིས་བརླབ རང་ཉིད་ཇོ་བོ་ཁ་སརྤ་ཎིར་བསྐྱེད བྱང་ཆུབ་ཀྱི་སེམས་དང་ལྡན་པས ཧྲཱི ང་ནི་སྤྱན་རས་གཟིགས་དབང་ཡིན ཁྱོད་ནི་འབྱུང་པོ་རང་རྒྱུད་ཅན བྱོལ་སོང་གདུག་པ་ཀླུ་ཡི་རིགས འབྱུང་བ་ཀུན་ལ་གནས་བཅས་ཤིང་ རྒྱལ་རིགས་རང་བཞིན་འཇམ་པ་དང་ ལེགས་ཉེས་སྟངས་འཛིན་རྗེ་བྲམ་རིགས གནོད་པའི་བདག་ཉིད་རྨོངས་གདོལ་སོགས གཙོ་བོ་ནོར་རྒྱས་དུང་སྐྱོང་དང་ འཇོག་པོ་པདྨ་པདྨ་ཆེ རིགས་ལྡན་མཐའ་ཡས་སྟོབས་རྒྱུ་དང་ ནམ་མཁར་གནས་པའི་གཉན་གྱི་རིགས ས་ལ་

(༣༣)འུྃ དབང་བྱེད་ས་བདག་སོགས ཁྱོ་ཤུག་མཛའ་གཅུགས་བྲན་ཁོལ་ཀུན ཞི་བའི་སེམས་ཀྱིས་ད་ཚུར་སྤྱོན དེང་གི་རྒྱུ་སྦྱོར་ཡོན་བདག་ལ ཁྱོད་རྣམས་འཁོན་གཅུགས་སྦྱང་བའི་ཕྱིར གནས་རྟེན་ལོངས་སྤྱོད་སྐྱེད་མོས་ཚལ དཀར་གསུམ་མངར་གསུམ་འཚོལ་དང་ གཏོར་ཚོགས་རྩི་སྨན་རྒྱ་མཚོས་བརྔན རྨོངས་དང་འདོད་པའི་དབང་གྱུར་པས ས་གཉན་བརྐོས་དང་བྲག་གཉན་གཤགས ཤིང་གཉན་བཅད་དང་ཆུ་གཉན་དཀྲུགས རི་གཉན་དཀྲོགས་དང་གནས་རྟེན་བཤིག ཐབ་གཞོབ་འཁོན་དང་གྲིབ་ལ་སོགས མདོར་ན་སྣོད་ཀྱི་འཇིག་རྟེན་ཀུན ཁྱོད་དང་མ་འབྲལ་གང་ཡང་མེད ད་དག་ཀུན་ལ་ཕོག་ཐུག་དང་ ནོངས་པ་གང་བགྱིས་མཐོལ་ལོ་བཤགས བཟུང་བ་ཐོད་ལ་བཅིངས་པ་ཁྲོལ བསྡམས་པ་གློད་ལ་མནན་པ་ཐེག མཐོང་རེག་ཁ་རླངས་དུག་ལ་སོགས རང་བཞིན་མེད་པའི་དབྱིངས་སུ་སྡུས ལས་དང་རྐྱེན་ལས་ཀླུ་རྣམས་ཀྱི

(༣༤)དབང་པོ་ཡན་ལག་ཉམས་པ་དང་ མཁའ་ལྡིང་མེ་དང་བྱེ་ཚན་དང་ རིག་སྔགས་གནོད་པ་མཐའ་དག་ཀུན བྱང་ཆུབ་སེམས་དང་རྟེན་འབྲེལ་རྫས སྔགས་ཀྱི་ནུས་པས་གསོས་གྱུར་ཅིག ཅེས་བརྗོད་ལ་ཀླུ་བུམ་ནས་ཀླུ་རྟེན་རྣམས་ལ་འཐོར་ཞིང་ སཾ་བྷ་ར་བདུན་རེའི་མཐར དེ་བཞིན་གཤེགས་པ་བཞིའི་མཆན་དང་ ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་བསྟན་ལ ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱ། ཞེས་བདུན་བརྗོད། དེ་ལྟར་གྱེར་སྔགས་སྤྲེལ་བ་ཅི་ནུས་བྱ དོ་གལ་ཆེན་བག་ཕྱེ་ལ་ཀླུ་སྨན་བཏབ་པའི་ཤོ་གཅིག་དང་ ནད་པའི་དྲི་མ་བསྲེས་པའི་ཤོ་བཅོས་ལ་ནད་པ་མ་རྒྱལ་བར་དུ་གསོ་ཆོག་བསྐྱར་རོ ལྔ་པ་དམ་ཚིག་བསྒྲག་པ་ནི ཧྲཱི ང་ནི་འཕགས་པ་སྤྱན་རས་གཟིགས སེམས་ཅན་ཀུན་ལ་བུ་ལྟར་བྱམས སྙིང་རྗེ་ཆེན་པོའི་བདག་ཉིད་ཡིན སེམས་ཅན་ཐམས་ཅད་བ་དང་མ མཛའ་བཤེས་མ་གྱུར་གཅིག་ཀྱང་མེད དགེ་བ་ལས་ནི་མཐོ་རིས་དང་ སྡིག་པ་ལས་ནི་ངན་སོང་བྱུང་ དེ་ཕྱིར་ཕ་མར་

(༣༥)འུྃ གནོད་བྱེད་ན དེ་འདྲའི་འབྲས་བུ་སུ་ཡིས་བཟོད དེང་གི་རྒྱུ་སྦྱོར་ཆེ་གེ་མོས ཁྱོད་ལ་ཕོག་ཐུག་བྱུང་བ་ཀུན༔ ཚིག་གིས་བཀྲོལ་ལ་བརྔན་གྱིས་བནལ། ཤ་འཁོན་མེད་པར་བྱས་ཟིན་ནས ད་དུང་གནོད་སེམས་མི་གཏོང་ན༔ རྒྱལ་བའི་བཀའ་ལ་མི་ཉན་ཞིང་ ལས་དང་རྒྱུ་འབྲས་ཁྱད་བསད་པས ཀླུ་སྲིན་ཁྲོས་ནས་སྙིང་ཁྲག་འཐུངས གསོ་བའི་སྨན་ཀྱང་དུག་ཏུ་འགྱུར རིག་སྔགས་དྲག་པོའི་མེ་ཆར་འབེབས བྱ་ཁྱུང་ནག་པོའི་ཁྲག་ཐབས་གཏོང་༔ དེ་བས་དམ་ལས་མ་འདའ་བར ཞི་བའི་སེམས་ཀྱིས་གནས་པར་གྱིས ཞེས་བརྗོད་གདོན་དང་ནད་པ་གཉིས་ཀ་ལ་སྙིང་རྗེ་ཆེན་པོ་བསྒོམས་པས་ཕན་པ་ཆེའོ དྲུག་པ་དུག་དབྱུང་བ་ནི སྣས་སྐུད་ནག་པོས་ནད་པའི་རྐང་མཐེབ་དང་ཀླུ་གཟུགས་སྦྲེལ༔ བདག་ཉིད་རྟ་ཁྱུད་འབར་བའི་བསྐྱེད་རིམ་གསལ་བས་ལས་བུམ་གྱི་ཆུས་ནད་པ་བཀྲུ་ཞིང་ནད་གདོན་ཐམས་ཅད་དྲི་ལམ་ནས་ཐོན་ཏེ་ནད་རང་བཞིན་མེད་པར་

(༣༦)ཡལ གདོན་གཟུགས་བརྙན་རྣམས་ཀྱིས་བླང་བར་བསམས་ནས ཧཱུྃ ང་ནི་དཔལ་ཆེན་ཧེ་རུ་ཀ རྟ་སྐད་རྔམས་སྒྲས་སྟོང་གསུམ་གཡོ ཁྱུང་གི་ཚྭས་ལོག་འདྲེན་བསྲེག འབྱུང་བ་ཆེན་པོ་རྣམ་བཞི་ནི ལུས་ཅན་ཀུན་གྱི་རྟེན་ཡིན་ཏེ རླུང་མཁྲིས་བད་ཀན་འདུས་པའི་ནད གདོན་རྣམས་ཀུན་གྱི་ཉེར་ལེན་ཡིན༔ དཀོན་མཆོག་གསུམ་གྱི་བདེན་པ་དང་ ཁྲོ་རྒྱལ་ཆེན་པོའི་བྱིན་རླབས་ཀྱིས ཀླུ་གཉན་ས་བདག་གདུག་པའི་གདོན རང་དབང་མེད་པར་ཕྱིར་ཕྱུངས་ཤིག ནད་ཀྱི་རྒྱུ་ནི་མ་རིག་པ རིག་པ་ཡེ་ཤེས་སྨན་ཆེན་གྱིས རླུང་མཁྲིས་བད་ཀན་འདུས་པའི་ནད རང་བཞིན་མེད་པའི་དབྱིངས་སུ་ཡལ ཨོཾ་ཧྲཱིཧཱུྃ་ཁྲོཾ་ཕཊ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སརྦ་བི་ཥ་ཏཱ་ར་ཕཊ ཅེས་པ་བརྒྱ་སྟོང་ཇི་ཙམ་ནུས་པས་བཀྲུ་ཞིང་ཁོང་དུ་མིད དེ་ནས་རྨ་བྱའི་མདོངས་ཀྱི་དབུས་ན་ཟླ་གདན་ལ་ཕེ་ལང་ཧཱུྃ་གསལ་བའི་འོད་ཟེར་གྱིས་ནད་ཐམས་ཅད་རླུང་དང་རྣག་ཁྲག་

(༣༧)འུྃ ཆུ་སེར ཀླུ་གདེན་ཐམས་ཅད་སྦྲུལ་ནག གཉན་རྣམས་སྡིག་པ ས་བདག་སྦལ་ལྕོང་ གདོན་ཕྲ་མོ་རྣམས་ས་ཀུ་ཅིའི་རྣམ་པར་འཐོན་ནས་གདོན་གཟུགས་རྣམས་ལ་ཐིམ་པར་བསམ བྱ་བ་ཅིང་ བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གཉེན་པོ་སྟོབས་ཀྱི་ལྷ་ལ་ཕྱག་འཚལ་ལོ སྒྲུབ་བྱ་ཆེ་གེ་མོ་ལ་རྣམ་པར་གྱུར་པའི་ནད་རླུང་དང་ མཁྲིས་པ་དང་ བད་ཀན་དང་ ལྡན་འདུས་ལ་སོགས་པའི་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཤཱནྡི༚ཀུ་རུ་སྭཱ་ཧཱ ཁྱད་པར་དུ་ཀུན་བརྟགས་གདོན་གྱི་ནད་དང་ གཞན་དབང་རྐྱེན་གྱི་ནད་དང་ ཡོངས་གྲུབ་ཚེའི་ནད་དང་ སྔོན་ལས་འབྲས་བུའི་ནད་ལ་སོགས་པ་བཞི་བརྒྱ་རྩ་བཞིའི་ནད་རིགས་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱ གདོན་གྱི་རིགས་སུ་གྱུར་པ ལྷའི་གདོན་དང་ ལྷ་མ་ཡིན་གྱི་གདོན་དང་ རླུང་ལྷའི་གདོན་དང་ ནམ་མཁའ་ལྡིང་གི་གདོན་དང་ དྲི་ཟའི་གདོན་དང་ མི་འམ་ཅིའི་གདོན་དང་ ལྟོ་འཕྱེ་ཆེན་པོའི་གདོན་དང་

(༣༨)གནོད་སྦྱིན་གྱི་གདོན་དང་ སྲིན་པོའི་གདོན་དང་ ཡི་དྭགས་ཀྱི་གདོན་དང་ ཤ་ཟའི་གདོན་དང་ འབྱུང་པོའི་གདོན་དང་ གྲུལ་བུམ་གྱི་གདོན་དང་ སྲུལ་པོའི་གདོན་དང་ ལུས་སྲུལ་པོའི་གདོན་དང་ སྐེམ་བྱེད་ཀྱི་གདོན་དང་ སྨྱོ་བྱེད་ཀྱི་གདོན་དང་ བརྗེད་བྱེད་ཀྱི་གདོན་དང་ དྲི་ཟའི་གདོན་དང་ གནོན་པོའི་གདོན་དང་ མཁའ་འགྲོའི་གདོན་དང་ གྲིབ་གནོན་གྱི་གདོན་དང་ ནམ་གྲུའི་གདོན་དང་ གཤིན་རྗེའི་གདོན་དང་ བྱའི་གདོན་དང་ གདོན་དང་ རིགས་སྔགས་དང་ གནོད་པ་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱ མདངས་དང་གཟི་བྱིན་ལ་སོགས་པ་ཁ་ཟས་རྣམ་པ་སྣ་ཚོགས་བཟའ་ཞིང་སྲོག་འཕྲོག་པ་ལ་དགའ་བའི་གདོན་གྱི་གནོད་པ་ཐམས་ཅད་ཤཱཾནྟི༚་ཀུ་རུ་སྭཱ་ཧཱ ཁྱད་པར་དུ་ཞ་རེངས་འཁུམས་གསུམ་དང་ མཛེ་ཤུ་ཕོལ་འབྲས་གཡའ་ཟ་གཡན་པ་ལ་སོགས་པའི་བདག་

(༣༩)འུྃ པོ་གཟའ་ཀླུ་ས་བདག་རྗེ་བློན་གཉན་རྒོད་ལ་སོགས་པའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག ཨོཾ་ཧྲཱིཧཱུྃ་ཁྲོཾ་ཕཊ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནེ་ས་ཀྲ་སརྦ་སྭཱ་ཧཱ ཀླུ་རྒྱལ་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག ཀླུ་རྗེ་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག ཀླུ་བྲམ་ཟེའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག ཀླུ་དམངས་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག ཀླུ་གདོལ་པའི་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ཨོཾ་ཧྲཱི་ཧཱུྃ་ཁྲོཾ་ཕཊ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནེ་ཏྲ་ག་རཀྴ་སྤྱི་ཏི་སྭཱ་ཧཱ ཀླུའི་རྒྱལ་པོ་དགའ་བོ་དང་ ཉེ་དགའ་བོའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག ཀུན་དགའ་དང་གཙུག་ན་རིན་ཆེན་གྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག མཐའ་ཡས་དང་དུང་སྐྱོང་གི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག ནོར་རྒྱས་དང་གཟི་ཆེན་གྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག ཨོཾ་ཧི ཧཱུྃ་ཁྲོཾ་ཕཊ ཨོཾ་

(༤༠)ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙེནྡྷེ་ཙེནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ཏྲ་ག་རཀྴ་སྤྱི་ཏི་སྭཱ་ཧཱ གཞན་ཡང་སྟོབས་བཟང་དང་ ཨེ་ལའི་འདབ་མ་དང་ གེལ་བ་དང་ མ་དྲོས་པ་དང་ མི་ཞུམ་པ་དང་ རིགས་ལྡན་དང་ སྐྱ་རེངས་དང་ལྡན་ལ་སོགས་པ་བློན་པོའི་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག ཨོཾ་ཧྲཱིཧཱུྃ་ཁྲོཾ་ཕཊ ཨོཾ་པེ་ལང་ཧཱུྃ་ནཱ་ག་དུ་ན་ཙེནྡྷ་ཙེནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ནཱ་ག་སརྦ་སྭཱ་ཧཱ གཅན་གཟན་དང་ རི་དྭགས་དང་། བ་ལང་དང་ སྤྲུལ་ལ་སོགས་པའི་གདོང་ཅན་རྣམས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག ཨོཾ་ཧྲཱིཧཱུྃ་ཁྲོཾ་ཕཊ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙེནྡྷེ་ཙེནྡྷ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ནག་པོ་ཤུ་ཤུ་སརྦ་སྭཱ་ཧཱ མདོར་ན་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ཀླུང་ཆུ་བྲན་ནེའུ་སིང་གྲོང་དང་གྲོང་ཁྱེར་ལ་སོགས་ཏེ་གནས་ལ་ངེས་པ་མེད་པའི་ཀླུ་ཐམས་ཅད་ཀྱི་མཐོང་བའི་དུག་དང་རེག་པའི་དུག་དང་ ཁ་རླུངས་ཀྱི་དུག་དང་ བསམ་སྦྱོར་ངན་པའི་དུག་ལ་སོགས་པ་ཐམས་ཅད་ཞི་བར་གྱུར་ཅིག ཨོཾ་ཧྲཱིཧཱུྃ་ཁྲོཾ་

(༤༡)འུྃ ཕཊ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ཡ་མ་ཤུ་ཤུ་སརྦ་ཤཱནྟི༚་ཀུ་རུ་སྭཱ་ཧཱ ནམ་མཁའ་ལ་གནས་པའི་གཉན་གོས་སྔོན་ཅན་དང་ ས་ལ་གནས་པའི་ས་བདག་ཐེ་སེ་ལ་སོགས་པ་མིད་དང་མཚན་ནས་མ་ཐོན་པ་ཐམས་ཅད་ཀྱི་ནད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག ཨོཾ་ཧྲཱིཧཱུྃ་ཁྲོཾ་ཕཊ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སུ་མ་སརྦ་སྭ་ཧཱ། གསུམ་པ་རྗེས་ཀྱི་རིམ་པ་ལ་ཡས་བསྐྱལ་བ་དང་ བསྲུང་བ་བྱ་བ་གཉིས་ལས དང་པོ་སྣས་སྐུད་གདོན་ལ་དཀྲིས་ཏེ་ཡས་རྣམས་ཁ་བསྒྱུར འོ་ཆོལ་གྱིས་བྲན་ལ་ནམ་མཁའ་མཛོད་ཀྱིས་བརླབས ཧཱུྃ ང་ནི་དབང་དྲག་ཧེ་རུ་ཀ༔ ཁམས་གསུམ་ཀུན་གྱི་རྗེ་བཙུན་ཡིན རྒྱལ་བའི་བཀའ་ལ་མི་ཉན་མེད བདེན་པའི་ཚིག་ལ་མི་བརྟེན་མེད ཀླུ་གཉན་ས་བདག་དྲེགས་པའི་ཚོགས མི་ལས་དགའ་བའི་གླུད་གཏོར་ཁྱེར༔ རི་རྒྱལ་ལྷུན་པོ་བརྗིད་རེ་ཆེ རྒྱ་མཚོ་

(༤༢)ཆེན་པོ་གཏིང་རེ་ཟབ རོལ་མཚོ་བདུན་པོ་ཀླུ་ཡི་གནས གསེར་གྱི་རི་བདུན་བག་རེ་དྲོ ཀླུ་ནོར་འདོད་ཡོན་བསམ་མི་ཁྱབ དེ་རུ་གཤེགས་ཤིག་ཤ་ར་ར རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་ ཁྱེད་རྣམས་འཁོན་བཅུགས་སྦྱངས་ཟིན་གྱིས བཟུང་བ་ཐོད་ལ་བཅིངས་པ་ཁྲོལ བསྡམས་པ་གློད་ལ་ཟོས་པ་སྐྱུགས མནན་པ་ཐེག་ལ་དུག་རྣམས་ཕྱུངས འདི་རུ་ཆགས་པའི་གནས་མེད་ཀྱིས འཇིགས་བྱེད་ཆེན་པོ་རྟ་ཁྱུང་ཞལ རྟ་སྐད་རྔམས་སྒྲས་སྲིད་གསུམ་གཡོ ཁྱུང་གི་ཚ་ཚྭས་ལོག་འདྲེན་བསྲེགས རིག་སྔགས་དྲག་པོའི་མེ་ཆར་འབེབས རྡོ་རྗེ་སྲུང་བའི་གྱུར་གྱིས་དཀྲིས དམ་ལས་འདས་ན་ཁྱོད་རྣམས་མགོ ཚལ་པ་སྟོང་དུ་འགས་པར་བྱེད བྱ་ཁྱུང་གི་ཕྱག་རྒྱས་གླག་གི་སྒྲོ་བཟུང་ལ་ནད་པ་ལ་བསྡིགས་ཤིང་ ཁྲོཾ་ག་རུ་ཊ་ ཙ་ལེ་ཙ་ལེ་ནཱ་ག་རཱ་ཙ་ཨེ་ཧུར་ཐུ་རྦད ཅེས་བརྗོད ཡས་རྣམས་ཀླུ་གནས་སར་དོར་རོ གཉིས་པ་ནི གླ་རྩི གུ་གུལ མུ་ཟི རྟ་བོན ཤུ་དག རྭ་གཞོབ ཕག་ཚིལ་

(༤༣)འུྃ རྣམས་ཀྱིས་ནད་པ་ལ་བྱུག ཨྀྠི ཕྱག་རྒྱ་སྔགས་དང་རྟེན་འབྲེལ་རྫས ཞི་བས་གསོ་དང་དྲག་པོས་གཟིར གནད་ལས་གནད་བསྡུས་མན་ངག་འདིས འོག་གདོན་འདུལ་བར་ཐེ་ཚོམ་མེད ས་མ་ཡ

(༤༤)

(༤༥)འུྃ ཟངས་མདོག་དཔལ་རིའི་སྨོན་ལམ་དཔལ་རིའི་གསང་ལམ་ཅེས་བྱ་བ་བཞུགས་སོ

(༤༦)འུྃ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ རང་བཞིན་རྣམ་དག་བློ་བྲལ་གཉུག་མའི་སྦུབས གསལ་མདངས་འགག་མེད་བདེ་སྟོང་ལོངས་སྐུའི་རྩལ སྤྲུལ་སྐུའི་ཞིང་ཁམས་མི་མཛེད་བཀོད་པའི་ཆ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན དུས་གསུམ་རྒྱལ་བས་ཆོས་འཁོར་བསྐོར་བའི་གནས དེ་ཡི་ནུབ་བྱང་རྔ་ཡབ་ལངྐའི་གླིང་ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག བཀོད་པ་ལྷུན་གྲུབ་ཙིཏྟའི་ས་འཛིན་སྤོ

(༤༧)འུྃ རྩ་བ་གདེངས་ཅན་འཇོག་པོའི་ཐོད་དུ་བཅིང་ རྐེད་པར་ལུས་མེད་མཁའ་འགྲོས་ཚོགས་འཁོར་བསྐོར རྩེ་མོ་གཟུགས་ཁམས་བསམ་གཏན་སྙོག་པ་ལྟའི ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག རི་རྒྱལ་དེ་ཡི་རྩེ་མོའི་གཞལ་མེད་ཁང་ ཤར་ཤེལ་ལྷོ་ཕྱོགས་དབང་སྔོན་བཻ་ཌཱུརྱ ནུབ་ཕྱོགས་པད་རག་བྱང་ཕྱོགས་ཨིནྡྲ་ནི ཕྱི་ནང་བར་མེད་ཟང་ཐལ་དབང་གཞུའི་མདོག ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག ཁྱམས་དང་གྲུ་ཆང་གློ་འབུར་

(༤༨)འཇའ་རིས་འཁྱིལ འདོད་སྣམ་ཕ་གུ་དྲ་བ་དྲ་ཁྱེད་དང་ ཤར་བུ་དམའ་ཡབ་སྒོ་རྒྱན་རྟ་བབས་ཅན ཆོས་འཁོར་གདུགས་ཏོག་བརྡ་དོན་རྟགས་རྫོགས་པའི ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག དཔག་བསམ་ལྗོན་པའི་ཤིང་དང་བདུད་རྩིའི་ཆུ ནིའུ་སིང་སྨན་ལྗོངས་དྲི་བསུང་འཐུལ་བའི་ཁྲོད དྲང་སྲོང་རིག་འཛིན་བྱ་ཚོགས་བྷ་མར ཐེག་གསུམ་ཆོས་ཀྱི་སྒྲ་དང་བརྡ་གླུ་སྒྱུར ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག ཕོ་བྲང་གཞལ་མེད་ཆེན་པོའི་ལྟེ་བ་ལ རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང་ བདེ་གཤེགས་ཀུན་འདུས་རང་བྱུང་པདྨ་འབྱུང་ སྐུ་གསུམ་རིགས་འདུས་འཇའ་ཟེར་ཀློང་ན་བཞུགས ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག གང་གི་ཟབ་གསོལ་བདེ་ཆེན་ཡེ་ཤེས་རྩལ སྟོང་ཉིད་སྙིང་རྗེར་ཤར་བའི

(༤༩)འུྃ སྒྱུ་འཕྲུལ་ལས ཕྱོགས་བཅུ་ཀུན་དང་ཁྱད་པར་བོད་ཡུལ་དུ སྤྲུལ་པ་བྱེ་བ་ཕྲག་བརྒྱ་བར་མེད་འགྱེད ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག གཡས་ཀྱི་གྲལ་ན་རྒྱ་བོད་རིག་འཛིན་རྣམས འོད་གསལ་རྡོ་རྗེའི་རོལ་ངོར་འབྱམས་སུ་ཀླས གཡོན་གྱི་གྲལ་ན་འཕགས་བོད་པཎ་གྲུབ་རྣམས བཤད་སྒྲུབ་ཉམས་རྟོགས་བགྲོ་གླེང་ཆོས་སྒྲ་འུར ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག མཐའ་སྐོར་བར་མཚམས་རྗེ་འབངས་ཉེར་ལྔ་དང་ སྤྲུལ་པའི་གཏེར་སྟོན་གྲུབ་པའི་ཁྱུ་མཆོག་རྣམས ཐེག་པ་རིམ་དགུའི་འཁོར་ལོ་ལ་སྤྱོད་ཅིང་ གཡོ་མེད་དགོངས་པའི་གཟེར་གྱི་བརྟུལ་ཞུགས་འཛིན ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག ཕྱོགས་བཞི་མཚམས་བརྒྱད་གྲུ་ཆད་པར་ཁྱམས་ཀུན དཔལ་བོ་ཌཱཀྐི་ལྷ་དང་ལྷ་མོས་ཁེངས རྡོ་

(༥༠)རྗེའི་གླུ་གར་མིག་འཕྲུལ་ལྟ་བུར་གཡོ ཕྱི་ནང་གསང་བའི་མཆོད་སྤྲིན་སྟོབས་པར་བྱེད ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག དེ་སྟེང་ལོངས་སྐུའི་གཞལ་མེད་བཀོད་མཛེས་ནང་ ཕྱག་ན་པདྨ་འཇིག་རྟེན་དབང་ཕྱུག་ལ ཚོམ་བུའི་དཀྱིལ་འཁོར་བསམ་ཡས་འཁོར་གྱིས་བསྐོར རྣམ་རྟོག་བག་ཆགས་དགྲ་གདོན་ཐལ་བར་བྱེད ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག དེ་སྟེང་ཆོས་སྐུའི་ཞིང་ཁམས་ཉམས་དགའ་བར གཞི་སྣང་ཡེ་ཤེས་སྙིང་པོ་ཀུན་ཏུ་བཟང་ སྣང་མཐའ་རིག་པའི་འཁོར་ལོ་བརྡ་ཆོས་སྟོན སྟོན་འཁོར་དགོངས་པ་མཉམ་པའི་ཕྲིན་ལས་ཅན ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག སྒོ་བཞིར་བཀའ་ཉན་རྒྱལ་པོ་ཆེན་པོ་བཞི ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་ཀུན ཕོ་ཉར་མང་གནས་མུ་སྟེགས་དམ་སྲི་འདུལ དམ་ཅན་རྒྱ་མཚོ་དཔའ་རྟགས་རྒྱལ་རྔ་བརྡུང་ ཟངས་མདོག་དཔལ་གྱི་རི་བོར དེ་ལྟར་ཞིང་གི་བཀོད་པ་གསལ་བཏབ་ནས ཕྱིར་རོལ་ཡུལ་གྱི་ཟངས་

(༥༡)འུྃ མདོག་དཔལ་རིལ ཡུལ་ཅན་ནང་གི་རིག་པས་སྨོན་དེའི་མཐུས རང་ལུས་མི་མཇེད་ཞིང་གི་བཀོད་པའི་ནང་ རང་སྣང་ཟངས་མདོག་དཔལ་རིར་མངོན་པར་ཤོག ཁྱད་པར་བསྐྱེད་རྫོགས་ཟབ་མོའི་རྟེན་འབྲེལ་གྱིས རྩ་གསུམ་འཁོར་ལྔའི་མདུད་འགྲོ་ལ་ནས་ཀྱང་ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ཆེར ལྷན་སྐྱེས་ཡེ་ཤེས་རོལ་བའི་རྩལ་རྫོགས་ནས རང་རིག་པད་འབྱུང་རྗེ་དང་མཇལ་བར་ཤོག༔ ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔའི་སྦུབས རཏྲ་དགའ་ནས་བཟུང་ཀུན་ཏུ་འོད་ཀྱི་བར དེ་ལས་རྡོ་རྗེ་ཐེག་པའི་ས་མཆོག་གཉིས ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཡི ཐུན་མོང་མ་ཡིན་ཡེ་ཤེས་བླ་མའི་ས བྱར་མེད་ལྷུག་པའི་ངང་དུ་རྫོགས་ནས་ཀྱང་ གཞི་དབྱིངས་པདྨ་འོད་དུ་གྲོལ་བར་ཤོག གལ་ཏེ་དགོངས་པའི་རྩལ་ཆེན་མ་རྫོགས་ན༔ གསོལ་བདེབས་སྨོན་ལམ་དྲག་པོའི་འཕེན་པ་ཡིས ནམ་ཞིག་འཆི་བ་བཙན་ཐབས་བྱུང་བའི་ཚེ པདྨའི་

(༥༢)ཕོ་ཉ་མཁའ་འགྲོའི་གར་མཁན་མས མངོན་སུམ་ལག་པའི་ཁུ་ཚུར་ནས་བཟུང་ནས མཁར་ཚན་གཟའ་དང་གུ་ཎ་ནཱ་ཐ་ལྟར བདག་ཀྱང་པདྨ་འོད་དུ་འཁྲིད་པར་ཤོག ཆོས་དབྱིངས་རྣམ་པར་དག་པའི་བདེན་པ་དང་ དཀོན་མཆོག་རྩ་གསུམ་མཐོང་སྣང་སྣ་ཚོགས་ཡོད་པའི་ལུགས་ལྟར་བཤད་པ་ཡིན རྒྱ་མཚོའི་ཐུགས་རྗེ་ཡིས བདག་གི་སྨིན་པ་ཡིད་བཞིན་འགྲུབ་གྱུར་ནས འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག ཆོས་དབྱིངས་སྟོང་གསལ་རང་མདངས་སྤྲུལ་སྐུའི་ཞིང་ ཟངས་མདོག་དཔལ་རིའི་གསང་ལམ་སྨོན་ཚིག་བར། །དངོས་སྡིངས་དབྱིངས་ཡུམ་རྡོ་རྗེ་དབྱངས་ཅན་ནས། བསྒྲུབས་པས་འགྲོ་ཀུན་སྐུ་གསུམ་ཞིང་བགྲོད་ཤོག །

(༥༣)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས གཞི་ལམ་འབྲས་བུའི་སྨོན་ལམ་བཞུགས འུྃ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ གདོད་མའི་གནས་ལུགས་རང་བཞིན་སྤྲོས་དང་བྲལ ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདས རྫོགས་ཆན་གཞི་ཡི་གནས་ལུགས་རྟོགས་པར་ཤོག ངོ་བོ་སྟོང་བས་རྟག་པའི་མཐའ་ལས་གྲོལ རང་བཞིན་གསལ་བས་ཆད་པའི་མུ་དང་བྲལ ཐུགས་རྗེ་འགག་མེད་སྣ་ཚོགས་སྤྲུལ་པའི་གཞི གསུམ་དུ་དབྱེ་ཡང་དོན་ལ་ཐ་མི་དང་ རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག བསམ་གྱིས་མི་ཁྱབ་སྒྲོ་འདོགས་ཀུན་དང་བྲལ ཡོད་དང་མེད་པའི་ཕྱོགས་འཛིན་རྣམ་པར་ཞིག འདི་དོན་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་རྡུགས ཐོག་མཐའ་བར་མེད་གཏིང་གསལ་ཆེན་པོའི་དབྱིངས རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག རང་ངོ་རྣམ་དག་སྐྱེ་མེད་ཀ་དག་ལ ལྷུན་གྲུབ་འདུས་མ་བྱས་པའི་གདངས་ཤར་བ གུད་དུ་མ་བཟུང་རིག་སྟོང་ཟུང་འཇུག་ཆེར། །

(༥༤)རྟོག་པས་གཞི་ཡི་དགོངས་པ་ཚད་དུ་ཕྱིན ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོག ཡེ་ནས་དག་པས་ལྟ་བའི་མིང་ཡང་མེད རང་ངོ་རིག་པས་སྒོམ་རྒྱུའི་ཤུབས་ནས་དོན གཟའ་གཏད་མེད་པས་སྤྱོད་པའི་སྒྲོག་དང་བྲལ རང་བཞིན་ལྷུམས་ཞུགས་སྤྲོས་བྲལ་རྗེན་བའི་ངང་ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོག །བཟང་ངན་རྣམ་རྟོག་ཕྱོགས་སུ་མ་ལྷུང་ཞིང་ བཏང་སྙོམས་ལུང་མ་བསྟན་དུ་མ་འབྱམས་པར ཤར་གྲོལ་རིས་མེད་རྒྱ་ཡན་ལྷུན་འབྱམས་ཀློང་ སྦང་བླང་ཡེ་ཟང་རང་བཞིན་ཡོངས་ཤེས་དང་ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོག ཐོག་མའི་སྤྱི་གཞི་ནམ་མཁའ་ལྟ་བུའི་ངང་ གཞི་སྣང་རིག་པ་མཁའ་ལ་སྤྲིན་དེངས་བཞིན ཕྱིར་གསལ་ཤེས་པ་ནང་དུ་ལྡོག་པ་ལས ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུའི་སྦུབས འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོག ཡེ་ནས་རང་རིག་ཀུན་ཏུ་བཟང་འོ་ལ ཐོབ་བྱའི་ཞེ་འདོད་མཐའ་དག་དབྱིངས་སུ་ཡལ བྱ་རྩོལ་བློའང་ས་རྫོགས་པ་ཆེན་པོའི་གཤིས དབྱིངས་རིག་ཀུན་ཏུ་བཟང་མོའི་མཁའ་ཀློང་སྦུབས འབྲས་བུའི་རྒྱལ་པོ་

(༥༥)འུྃ རབ་ཏུ་མི་གནས་དབུ་མ་ཆེན་པོའི་དོན ཁྱབ་གདལ་ལྷུན་འབྱམས་ཕྱག་རྒྱ་ཆེན་པོའི་ངང་ མཐའ་གྲོལ་ཀློང་ཡངས་རྫོགས་པ་ཆེན་པོའི་གནད ས་ལམ་ཡོན་ཏན་གཞིར་རྫོགས་ལྷུན་གྲུབ་སྦུབས འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོག ཐུགས་བཅུད་ཀློང་ཆེན་ཟབ་རྒྱ་ཡི མཐའ་སྡུད་སྨོན་ལམ་ཟབ་མོ་འདི བཀའ་སྲུང་དྲང་སྲོང་རཱ་ཧུ་ལ བནྡེའི་ཚུལ་གྱིས་བསྐུལ་ནས་བཀོད ཟབ་དོན་སྤེལ་བ་དོན་ཡོད་ཅིང་ རྟེན་འབྲེལ་སྨོན་ལམ་མཐའ་ཕྱིན་ཕྱིར ནམ་མཁའི་སྙིང་པོས་བྱིན་བརླབས་པའི ཀོང་སྨོན་སྤས་པའི་རིག་འཛིན་ལ ཟབ་རྒྱ་བཀྲོལ་ཏེ་གཏད་རྒྱ་བྱས འགྲོ་དོན་ནམ་མཁའ་མཉམ་པར་ཤོག ༈ སྐུ་གསུམ་ཞིང་ཁམས་སྤྱོད་པའི་གསོལ་འདེབས་སྨོན་ལམ་བཞུགས། ༈ ཀྱེ་མ་ཀྱི་ཧུད་རིག་འཛིན་པདྨ་འབྱུང་། བདག་འདྲ་ལས་ངན་སྙིགས་མའི་སེམས་ཅན་རྣམས། །བདེ་བ་འདོད་ཀྱང་སྡུག་བསྔལ་དོན་དུ་གཉེར། སྙིང་རུས་ཕྱིན་ཅི་ལོག་རྣམས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་

(༥༦)གླིང་པ་མཁྱེན། ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཐུགས་རྗེ་ལྡན་པའི་རྒྱལ་བ་ཁྱེད་ལྟ་བུས། །བོད་འབངས་བོར་ནས་རྔ་ཡབ་གླིང་དུ་གཤེགས། །གདོང་དམར་བོད་ཕྲུག་སྤྲེའུའི་ཚ་བོ་རྣམས། །འདི་ཕྱིའི་རེ་ལྟོས་སྐྱབས་གནས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཚེ་སྲོག་མི་རྟག་གཡང་ཁའི་བྱེའུ་འདྲ། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་ནི་མེད། །རྟག་ཏུ་སྡོང་གྲབ་བྱེད་པ་བདུད་ཀྱིས་བསླུས། །གཤིན་རྗེའི་ཕོ་ཉ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །འཁོར་བའི་སེམས་ཅན་སྡུག་བསྔལ་ལས་ལ་གཡེངས། །དམ་ཆོས་བྱེད་བློ་ནམ་ལངས་སྐར་ལྟར་ཡལ། །དོན་ཆུང་གཡེང་བའི་ཁོལ་པོར་མི་ཚེ་ཟད། །དགྲ་ཆེན་འཆིང་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །བྱིས་པའི་རང་བཞིན་སོ་སོའི་སྐྱེ་བོ་ཀུན། །ཐོས་བསམ་

(༥༧)སྒོམ་པའི་ན་ཚོད་ཆེས་ཆེར་རྒུད། །ཕར་ཕྱིན་དྲུག་གི་འདྲེན་བྱེད་ཅེ་རེ་ལོང་། །འབྱུང་བ་ཐིམ་རིམ་བྱུང་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །དག་བཅུའི་ལམ་ལ་མོས་པས་ཞུགས་ན་ཡང་། །རྣམ་པར་དཔྱད་ན་ཆོས་བརྒྱད་བྲོལ་དང་འདྲེས། །མི་དགེའི་རྣམ་སྨིན་མ་ཚོར་ཤུགས་ཀྱིས་འགོ། །བར་དོར་དམྱལ་ཐག་གཅོད་དུས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཀྱེ་མ་ནམ་ཞིག་ཚེ་ཡི་འཕེན་པ་ཟད། །ལུས་ཀྱི་མདངས་ཤོར་དབུགས་ཀྱི་ངར་སྒྲ་བརྩེགས། །འདེགས་བྱེད་རླུང་བྲོས་དར་སྐད་ཅན་གྱི་རོས། །ཉེ་འབྲེལ་གདུང་སེམས་འབྲེལ་ཐག་གཅོད་པའི་ཚེ། །གནད་གཅོད་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་། །མཁའ་འགྲོས་བསུ་བའི་སྣང་བ་ཤར་བར་ཤོག །ཀྱི་ཧུང་ས་ཆུ་མེ་རླུང་ནམ་མཁའ་སྟེ། །འབྱུང་ལྔའི་ཐིམ་རིམ་དུ་བ་སྨིག་རྒྱུ་དང་། །མེ་

(༥༨)ཁྱེར་མར་མེའི་སྣང་བ་གསལ་བའི་རྗེས། །ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་སྟེ། །འདི་ལྟར་རྣམ་ཤེས་སྣང་བ་ལ་ཐིམ་པས། །སྤྲིན་མེད་མཁའ་ལ་ཉི་ཟླ་གཟས་ཟིན་ལྟར། །དམར་ལམ་འཆར་ཞིང་དམར་ཆ་སྙིང་ཁར་ལྡོག །དེ་རྗེས་སྣང་བ་མཆེད་པ་ལ་ཐིམ་པས། །སྐར་ཁུང་ནང་དུ་ཟླ་ཟེར་ཤར་བ་ལྟར། །དཀར་ལམ་འཆར་ཞིང་དཀར་ཆ་ཐུར་དུ་བབས། །དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས། །སྤྲིན་མེད་ནམ་མཁར་སྲོད་མུན་འཁྲིགས་པ་ལྟར། །ནག་ལམ་ཤ་ནས་ཀུན་གཞིའི་ངང་དུ་བརྒྱལ། །སླར་ཡང་སྲོག་འཛིན་རླུང་བརྒྱད་གྱེས་པ་ཡིས། །ཅུང་ཟད་བརྒྱལ་སངས་གདོད་མའི་ཡེ་གདངས་ཤར། །གསལ་ལམ་འགག་སྟོན་གྱི་ནམ་མཁའ་བཞིན། །སྟོང་གསལ་སྒྲིབ་གཡོགས་བྲལ་བའི་ངང་ལ་གནས། །དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས། །ཐ་མལ་ཤེས་པ་ཟད་ཀ་རྒྱ་ཡན་ལ། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞིའི་དབྱིངས་ནང་གསལ་གསང་བའི་སྦུབས། །ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་ཀློང་། །

(༥༩)སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག །གལ་ཏེ་བར་དོ་དང་པོར་མ་གྲོལ་ན། །དབྱིངས་སྣང་ལྷུན་གྲུབ་འོད་གསལ་ལ་ཐིམ་ནས། །སྒྲ་འོད་ཟེར་དང་ཚོམ་བུའི་དཀྱིལ་འཁོར་སོགས། །ཐིམ་ལུགས་བརྒྱད་ཀྱི་སྣང་འཆར་བའི་ཚེ། །ཆོས་ཉིད་བར་དོར་རང་སྣང་ངོ་ཤེས་ནས། །མ་པར་བུ་འཇུག་ལྟ་བུར་གྲོལ་བར་ཤོག །དེ་ཚེ་སྒྲ་ཡིས་འཇིགས་ཏེ་ཟེར་གྱིས་དངངས། །སྐུ་ཡི་སྣང་བས་སྐྲག་སྟེ་མ་གྲོལ་ན། །ཆོས་ཉིད་བདེན་པ་བླ་མའི་བྱིན་རླབས་ཀྱིས། །འཁྲུལ་པ་རྨི་ལམ་སད་པའི་ཆ་ཙམ་ལས། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་པདྨའི་སྦུབས། །རྫུས་ཏེ་སྐྱེས་ནས་དབུགས་དབྱུང་གྲོལ་བར་ཤོག །རིམ་དགུའི་ཐེག་པ་ཀུན་ལས་འདས་པའི་དོན། །འོད་གསལ་རྫོགས་ཆེན་ལམ་ལ་ཞུགས་དེའི་མཐུས། །ནམ་ཞིག་གདོད་མའི་ལྷུམས་སུ་ཞུགས་པའི་ཚེ། །གང་གི་གྲོལ་ཚད་སྒྲ་འོད་ས་གཡོས་དང་། །རིགས་ལྔའི་གདུད་དང་ཞི་ཁྲོའི་སྣང་བརྙན་སོགས། །ཀུན་གྱི་མཐུན་སྣང་གྲུབ་ཏུ་མངོན་

(༦༠)པར་ཤོག །རིག་འཛིན་བདག་གི་ལྷག་བསམ་རྣམ་དག་དང་། །ཆོས་ཉིད་རང་བཞིན་ཅི་ཡང་མ་ཡིན་པའི། །བདེན་པའི་མཐུ་ཡིས་ཁམས་གསུམ་ཡིད་ཅན་དང་། །ཁྱོད་ཀྱི་འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། །སྐུ་བཞིའི་ཞིང་ཁམས་རྨད་བྱུང་ཉམས་དགའ་བར། །ཚོམ་བུ་གཅིག་ཏུ་ཆམ་གཅིག་གྲོལ་བར་ཤོག །དེ་ལྟར་སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་འདི་ནི་རང་བྱུང་པདྨའི་གསུང་གི་དབེན་གནས་འོག་མིན་རྡོ་རྗེའི་ཀེའུ་ཚང་དུ་རང་ཉིད་གཅིག་པུར་དབེན་པ་བསྟེན་པའི་སྐབས་སྔ་ཞོག་ཞིག་གི་ཆ་ན་མིག་ལམ་དུ་ཧས་པོ་རི་མཐོང་བས་རྐྱེན་བྱས་སྣང་བ་ལ་ག་རེ་རི་མ་གིའི་རྩེར་མཁན་སློབ་རྗེ་འབངས་རྣམས་ཀྱི་ཞབས་ཀྱིས་བཅགས། ལྷ་འདྲེ་བརྟུལ། སྐྱོ་སངས་མཛད་པ་སོགས་ཀྱི་ལོ་རྒྱུས་རྒྱ་ཆེར་སྣང་མོད། དེ་དག་ཐམས་ཅད་ད་ལྟ་མིང་ཙམ་མེད། འདི་ལྟ་བུའི་འདུས་བྱས་ཐམས་ཅད་མི་སྟག་པར་ཡིད་ཆེས། རང་ཉིད་ཀྱང་ལོ་ཤས་ཙམ་མི་འཆི་བའི་འཚོ་རྩིས་བྱས་ཀྱང་སད་ཙམ་ནས་འཇིག་རྟེན་ཕ་རོལ་དུ་མི་འགྲོ་བའི་ངེས་པ་ཅི་ཆ་སྙམ་ནས་སྐྱོ་ཤེས་

(༦༡)ངེས་འབྱུང་ཚད་མེད་སྐྱེས། །ཨོ་རྒྱན་རྗེ་འབངས་རྣམས་དྲན་པ་ལ་ཚད་མེད་ཀྱི་མཆི་མ་འཁྲུག་བ་ཞིག་བྱུང་བས་རྐྱེན་བྱས། དེའི་ཚེ་ཟུག་ས་དང་གནད་ནས་བསྐུལ་བའི་གསོལ་འདེབས་དང་འབྲེལ་བར་བར་དོ་ལམ་སྣང་གི་གྲོལ་ཚུལ་རྩ་ཚིག་ཏུ་བྱས་ནས་ཁ་ཏོན་དུ་བགྱིས་ཆོག་པའི་སྨོན་པ་འདི་ཡང་བྱ་བྲལ་མཁེན་བརྩེའི་འོད་ཟེར་གྱིས་བྲིས་པའོ། ༈ བདེན་ཚིག་འགྲུབ་པའི་པྲ་ཎི་དྷ་རྣམ་མཁྱེན་གྲོང་འཇུག་ཅེས་བྱ་བ་བཞུགས། ༈ དངོས་གྲུབ་རྒྱ་མཚོའི་འབྱུང་གནས་བླ་མ་དང་མཆོག་གསུམ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མི་ངའི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་སྟེ་རྗེ་བཙུན་བླ་མ་མཚན་ཉིད་དང་ལྡན་པའི་གདུལ་བྱར་འགྱུར་བར་ཤོག་ཅིག །མངོན་མཐོ་དང་ངེས་ལེགས་མཐའ་དག་གི་འབྱུང་ཁུངས་ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་གུ་ལ་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྗེས་སུ་སློབ་པར་ཤོག་

(༦༢)ཅིག །ཆོས་ལ་འཇུག་པའི་རྩ་བ་ངེས་འབྱུང་དང་བློ་ལྡོག་རྣམ་པ་བཞི་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་ནས་འཁོར་བ་མཐའ་མེད་ཀྱི་བྱ་བ་ལ་བརྩོན་དོང་དང་མེ་འོབས་ལྟ་བུར་མཐོང་བར་ཤོག་ཅིག །ལས་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་རྙེད་ནས་དགེ་སྡིག་གི་ལས་ཕྲ་མོ་ཙམ་ལ་ཡང་འཇུག་ལྡོག་བྱེད་པར་ཤོག་ཅིག་གནས་གྲོགས་འདུ་འཛི་རྐྱེན་ངན་ལ་སོགས་པ་བྱང་ཆུབ་བསྒྲུབ་པའི་བར་ཆད་ཀྱི་དབང་དུ་མི་འགྲོ་བར་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་དེ་སྐྱེས་བུ་གསུམ་གྱི་ལམ་ལ་སློབ་པར་ཤོག་ཅིག །བདེ་གཤེགས་ཀུན་འདུས་ཀྱི་ངོ་བོ་བཀའ་དྲིན་ཅན་གྱི་བླ་མ་དམ་པ་ལ་ཐེ་ཚོམ་དང་མཉམ་འགྲོགས་ཀྱི་མི་རུ་བཟུང་བའི་ལོག་ལྟ་སྤངས་ཏེ་སངས་རྒྱས་དངོས་སུ་མཐོང་བར་ཤོག་ཅིག །དེའི་མཐུ་ལས་མཚོན་བྱེད་དཔེའི་དབང་བཞིས་སྒོ་གསུམ་སྨིན་པར་བྱས་ཏེ་རྨད་བྱུང་རྡོ་རྗེ་ཐེག་པའི་གསང་ལམ་ལ་འཇུག་པར་ཤོག་ཅིག །གསོལ་འདེབས་དང་མོས་གུས་ཀྱི་མཚམས་སྦྱོར་ལམ་དུ་ལོངས་ནས་མཚོན་བྱ་དོན་གྱི་དགོངས་རྒྱུད་བདག་ལ་འཕོས་ཏེ་རྟོག་

(༦༣)པ་ནམ་མཁའ་དང་མཉམ་པར་ཤོག་ཅིག །བསྐྱེད་པ་མ་ཧཱ་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤེས་ཤིང་རིགས་འཛིན་རྣམ་པ་བཞིའི་ས་ལ་བགྲོད་པ་རྒྱལ་སྲས་པདྨ་དང་བི་མ་ལ་ལྟ་བུར་འགྱུར་བར་ཤོག་ཅིག །ལུང་ཨ་ནུ་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་འཁོར་འདས་ཀྱི་འཛིན་རྟོག་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་སངས་རྒྱས་ཏེ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ལ་དབང་སྒྱུར་བར་ཤོག་ཅིག །རྫོགས་ཆེན་ཨ་ཏི་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་གློད་དུ་ཟང་ནས་གཞོན་ནུ་བུམ་སྐུར་གྲོལ་བ་རིག་འཛིན་དགའ་རབ་རྡོ་རྗེ་ལྟ་བུར་འགྱུར་བར་ཤོག་ཅིག །མདོར་ན་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པ་ནས་བཟུང་སྟེ་སྒོ་གསུམ་གྱི་བྱ་བ་ཅི་བགྱིས་ཐམས་ཅད་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར་བར་ཤོག་ཅིག །དུས་དང་རྣམ་པ་ཐམས་ཅད་དུ་དམ་པའི་ཆོས་མ་ཡིན་པའི་འཇིག་

(༦༤)རྟེན་མཐུན་འཇུག་གི་བསམ་པ་སྐད་ཅིག་མ་ཙམ་ཡང་སེམས་ལ་མི་སྐྱེ་བར་ཤོག་ཅིག །གལ་ཏེ་ལས་དང་བག་ཆགས་དབང་བཙན་པར་གྱུར་ནས་ཕྱིན་ཅི་ལོག་གི་བློ་སྐྱེས་ནའང་དེ་ཉིད་མི་འགྲུབ་པར་ཤོག་ཅིག །གཞན་དོན་དུ་འགྱུར་ན་ལུས་སྲོག་འདོར་བ་ལ་ཡང་ཉམ་ང་མེད་པར་གཞོན་ནུ་དོན་འགྲུབ་ལྟ་བུར་འགྱུར་བར་ཤོག་ཅིག །དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་ཕྱིན་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་ནུས་པ་སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ་ཅན་དུ་གྱུར་ཅིག །འདོད་པ་དང་བྲལ་བའི་སྨོན་ལམ་དེ་ལྟ་བུ་ཡོངས་སུ་འགྲུབ་པའི་མཐུན་འགྱུར་མཛད་པར་རྒྱལ་བ་སྲས་བཅས་རྣམས་ཀྱིས་ཞལ་གྱིས་བཞེས་བ་ཡིན་ནོ། །དྲང་སྲོང་བདེན་པར་སྨྲ་བ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་དྷ་རེ་དྷ་རེ་བྷནྡྷ་རེ་བྷནྡྷ་རེ་སྭཱ་ཧཱ། དགེ་བ་སྟོབས་ཆེ་བར་གྱུར་ཅིག །སྨོན་ལམ་མཐུ་བཙན་པར་གྱུར་ཅིག །སྡིག་པ་འདག་སྐྱེན་པར་གྱུར་ཅིག །ཛ་ཡ་ཛ་ཡ་སིདྡྷི་སིདྡྷི་ཕ་ལ་ཕ་ལ་འ་ཨ་ཧ་ཤ་ས་མ། མ་མ་ཀོ་ལིང་ས་མནྟ། རྒྱུ་སྦྱོར་སྦྱིན་པའི་

(༦༥)བདག་པོ་གཞི་གྲ་སྤྱི་བསོ་ནས་དངུལ་སྲང་ ༤༠༥ བདེ་རབ་ནས་དངུལ་སྲང་ ༣༠༥ གཅོས་འཕྲེང་པོའི་ཀློང་སྙིང་ཚེས་བཅུ་པ་སྤྱི་ནས་ཞི་ཁྲོ་ངན་སོང་སྦྱོང་བའི་ཆོ་གའི་པར་ཆ་ཚང་དང་། གྲ་ནང་སློབ་དཔོན་དཔའ་བོ་ཚན་པོས་སྒྲོལ་མ་མཎྜལ་བཞི་བའི་ཆོ་ག་ཆ་ཚང་། ཟངས་རི་ཕྱག་མཛོད་དཔལ་ལྡན་ནས་སྔོན་འགྲོའི་འཁྲིད་ཡིག་ལག་ལེན་འདེབས་ཐབས་དང་། འཕོ་བ་མ་བསྒོམ་སངས་རྒྱས་བཅས་ཀྱི་རྒྱུ་འགྲོ་ཚང་མ་འགན་ལེན་མཛད་པ་དང་། བྱིངས་བློ་བཟང་འཇམ་དཔལ་ཊམ་ལྔ་དང་ཁ་བསོད། སྐལ་བཟང་བསམ་བསྟན་ཊམ་གཅིག །བློ་བཟང་སྨོན་ལམ་ཊམ་གཅིག །སྐལ་བཟང་རྒྱལ་མཚན་ཊམ་གཅིག །བློ་བཟང་རབ་རྒྱས་སྐར་ལྔ། བཀྲ་ཤིས་དབང་ཕྱུག་ཊམ་གཉིས། བྱམས་པ་དཔལ་འབྱོར་ཊམ་གཅིག །ཕུན་ཚོགས་ཚེ་རིང་དངུལ་སྲང་། འཛིན་སྐྱིད་དངུལ་ ༥༠ བསོད་ནམས་རྡོ་རྗེ་དངུལ་ ༦༠ ཚེ་འཕེལ་ཊཾ་གཅིག །བཀྲ་ཤིས་ཆོས་འཕེལ་

(༦༦)དངུལ་སྲང་ ༡༠ རྒྱ་ཕག་སྙིང་སྙིང་དངུལ་སྲང་ ༡༥ ཕུན་ཚོགས་དབང་རྒྱལ་དངུལ་ ༥༠ ཚེས་བརྒྱད་ཊམ་གཅིག །རྟ་མགྲིན་དངུལ་ ༣༠ དཔལ་ལྡན་དབང་འདུས་ཊམ་གཅིག །དགེ་འདུན་རིན་ཆེན་དངུལ་སྲང་ ༡༠ ཚོགས་ལུ་དངུལ་ ༣༠ གསང་འདུས་དངུལ་སྲང་ ༣༠ ཚེ་འཛིན་དངུལ་ ༧༠༥ དཔག་བསམ་ཊམ་གསུམ་ཁ་བསོད། ཨ་ཁུ་གནམ་གང་དངུལ་ ༥༠ ཚེ་དབང་སྒྲོལ་མ་དངུལ་ ༥༠ ལྷ་དབང་ཊམ་གཅིག རིག་ལྡན་དངུལ་ ༣༠ བཀྲ་ཤིས་དཔལ་སྒྲོན་དངུལ་ ༢༠ དབང་འདུས་དངུལ་ ༣༠ བསོད་ནམས་ཚེ་སྒྲོན་དངུལ་སྲང་ ༡༣ ཚུལ་ཁྲིམས་དཔལ་མོ་ཊམ་གཅིག །ཚེས་རྗེ་ཊམ་བཅུ་དང་ཁ་གང་། བསྔོ་རྟེན་དངུལ་སྲང་ ༦༠༨ བསོད་ནམས་བཀྲ་ཤིས་དངུལ་སྲང་ ༧༠ ལོ་རྒྱལ་ཕྱག་མཛོད་ནས་དངུལ་སྲང་ ༤༠ མཁར་རྒན་ནོར་བུ་ནས་དངུལ་སྲང་ ༡༥ སྤང་གཞིས་བཀྲ་ཤིས་མི་འགྱུར་དངུལ་ ༣༠ གྲི་མཛོད་སྲས་མོ་ལ་གནས་དངུལ་སྲང་ ༡༠ ཀ་གཞིས་ཚེ་རྡོར་ནས་

(༦༧)དངུལ་སྲང་ ༥༠ ཀ་གཉེར་རྒྱ་མཚོ་ནས་དངུལ་སྲང་ ༥༠ སྨྲའོ་ལྕོག་གི་བླ་མ་ནས་དངུལ་སྲང་ ༤༡ མ་ཎི་བ་སངས་རྒྱས་ཆོས་འཕེལ་ནས་དངུལ་སྲང་ ༡༥ གདོང་ལག་དབྱངས་ལྡན་ནས་དངུལ་སྲང་ ༣༠ གྲི་མཛོད་གཉེར་བ་རྡོ་ཚེ་ནས་དངུལ་ ༥༠ བླ་མ་རིག་འཛིན་དངུལ་ ༥༠ སྨྲ་ལྕོག་གྲ་ཆོས་ལྡན། བསམ་ལྡན། སྙན་གྲགས་བཅས་ནས་དངུལ་ ༥༠ བཀའ་འཐུང་ཕུར་པ་ཚེ་རིང་ནས་སྟག་སྤང་ངོ་ ༢༠ དོན་གྲུབ་ཚེ་དབང་ནས་དངུལ་ ༦༠ འཕྲིན་ལས་དབྱངས་ཅན་ནས་དངུལ་ ༣༠ སྐྱིད་ལགས་དངུལ་ ༡༠༥ ལྷ་དབང་དཔལ་འབྱོར་དངུལ་ ༣༠ ཚེ་རིང་དབྱངས་ཅན་དངུལ་ ༡༠ ཨ་མ་ཚེ་བརྟན་དངུལ་༣༠ གནམ་གླིང་སྙིང་སྙིང་ལགས་ནས་དངུལ་ ༡༠༥ ནག་རོང་ཤག་ཚེ་རིང་སྒྲོལ་དཀར་མ་མས་ནས་དངུལ་སྲང་ ༡༠ སྟག་སྤང་ ༡ ཟུར་ཁང་ལྕམ་ནས་དངུལ་སྲང་ ༡༠ སྡེ་དྲུང་དབང་ཚེ་ནས་དངུལ་སྲང་ དབུ་མཛད་

(༦༨)བཀྲ་ཤིས་ནས་དངུལ་ ༢༠ བསྟན་པ་སྙན་གྲགས་ནས་དངུལ་ ༤༠ ཆོས་འཛོམ་ནས་དངུལ་ ༡༠ རྒྱ་མཚོའི་དྲུང་ཡིག་ནས་དངུལ་ ༣༠ གཡུ་སྒྲོན་ནས་དངུལ་ བཅས་བྱུང་བར་རིག་འཛིན་གྱི་བསྙེན་ཡིག་དང་། གབ་བྱང་གནད་ཀྱི་མིག་ཚག །མཁའ་འགྲོའི་བསྙེན་ཡིག་དང་། ཡང་གསང་ལུས་དཀྱིལ་མངོན་བརྗོད། །བསྐྱེད་རིམ་གྱི་རྣམ་བཞག་འོག་མིན་བསྒྲོད་པའི་ཐེམ་སྐད། གནས་ལུགས་རྡོ་རྗེའི་ཚིག་དང་། དེའི་དོན་འབྲེལ་ཀུན་མཁྱེན་ཞལ་ལུང་། གོལ་ཤོར་ཚར་གཅོད་སེང་གེའི་ང་རོ། །གནས་ལུགས་གཅེར་མཐོང་། བདེ་བ་ཅན་གྱི་སྒྲུབ་ཐབས་དཔག་མེད་མྱུར་ལམ། དང་སྨོན་ལམ། མཁའ་འགྲོའི་མེ་མཆོད། གཞི་ལམ་འབྲས་བུའི་སྨོན་ལམ། སྐུ་གསུམ་ཞིང་ཁམས་སྤྱོད་པའི་སྨོན་ལམ། བདེན་ཚིག་འགྲུབ་པའི་སྨོན་ལམ་བཅས་པར་དུ་སྒྲུབས་པའི་དགེ་བ་སྦྱིན་བདག་རྣམས་ཀྱི་གཙོས་སེམས་

(༦༩)ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པའི་ཆེད་དུ་བསྔོ་བར་བགྱིའོ། །རྣམ་དཀར་དགེ་ཚོགས་བསོད་ནམས་སྙིང་པོ་འདི། །དམིགས་མཐའ་བྲལ་བའི་སེམས་ཅན་ཀུན་ལ་བསྔོ། །ཡང་གསང་རྡོ་རྗེ་ཐེག་པའི་དོན་རྟོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སརྦ་མངྒ་ལཾ།

(༧༠)

(༧༡)བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ་ཞེས་བྱ་བ་བཞུགས། །

(༧༢)བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདག་ཉིད་བླ་མ་རིན་པོ་ཆེ། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །མ་རིག་འཐིབས་པོས་ནོན་པ་བདག །འཁོར་ཚེ་ཐོག་མ་མེད་པ་ནས། །ལས་ཉོན་སྡིག་པས་ཟིལ་གྱིས་ནོན། །བླ་མ་བརྙས་ཤིང་སྤུན་ལ་ཁྲོས། །དམ་ཚིག་སྡོམ་པའི་གནས་ཀུན་ཡང་། །ཉེས་སྤྱོད་ཆེན་པོའི་གཡང་སར་ལྷུང་། །མ་འཚལ་བཞིན་དུ་ནོངས་པ་ཀུན། །དེ་རིང་གནོད་འགྱོད་དྲག་པོས་བཤགས། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །དེ་ལྟའི་སྡིག་ལྟུང་མ་བྱང་བར། །འཇིག་རྟེན་ཕ་རོལ་སོང་གྱུར་ན། །དམྱལ་མེ་བཟོད་དཀས་ངེས་པར་བསྲེགས། དེ་ཚེ་བདག་ཉིད་འདོར་ཕོད་དམ། །ཐོག་མཐའ་མེད་པའི་འཁྲུལ་གཞི་ནི། །ལུང་མ་བསྟན་གྱི་ཆོས་ཉིད་ནས། །ཀུན་

(༧༣)འབྱུང་མ་རིག་གདོན་ཆེན་དང་། །འགྲོགས་པའི་རང་བཞིན་སྐྱེ་གནས་ཀྱི། །བར་དོར་ཆོས་ལྡན་དལ་འབྱོར་ལུས། །ཐོབ་ནས་བླ་མ་མཉེས་བྱེད་ཅིང་། །ཐོས་བསམ་སྒོམ་པའི་ཤེས་རབ་ལ། །བརྟེན་ནས་ངེས་འབྱུང་བྱང་ཆུབ་སེམས། །ཕྱིན་དྲུག་ལམ་མཆོག་བསྙེན་པར་ཤོག །དུས་ཀྱིས་ཉེན་ཏེ་འགྲོ་བ་ལ། །འཆི་ཀའི་བར་དོ་ཞེས་བྱ་སྟེ། དེ་ཚེ་འཆི་རྐྱེན་ངན་པ་དང་། །གནད་གཅོད་དྲག་པོ་མི་འབྱུང་ཞིང་། །དབྱིངས་དང་རིག་པ་བསྲེ་བ་ཡིས། །འོད་གསལ་སྦུབས་འཇུག་མངོན་གྱུར་ནས། །གདོད་མའི་གཞི་ལ་གྲོལ་བར་ཤོག །གལ་ཏེ་གོམས་པའི་སྟོབས་ཆུང་ན། །སྒོ་བརྒྱད་བཀག་ནས་ཚང་བུག་དབྱེ། །རྣམ་ཤེས་རླུང་ཞོན་གདམས་པ་ཡིས། །གྲོང་འཕོ་གྲོང་འཇུག་ལ་བརྟེན་ནས། །མཁའ་སྤྱོད་རིག་

(༧༤)འཛིན་གནས་ཐོབ་ཤོག །དེ་ལྟར་བྱང་ཆུབ་སེམས་དཔའ་ཡི། །འཕོ་ལུགས་མངོན་དུ་མ་གྱུར་ན། །ས་ལས་ཐིམ་ལྡང་མི་ནུས། །ཆུ་ལ་ཆུ་ཐིམ་ཁ་སྣར་ཆུ། །མེ་ལ་མེ་ཐིམ་ཁ་སྣ་སྐམ། །རླུང་ཐིམ་དབུགས་དར་ཡན་ལག་པྲ། །མིག་སྤྲིན་གྱེན་ལྡོག་དུ་བ་དང་། །སྨིག་རྒྱུ་མེ་ཁྱེར་མར་མེ་འབར། །རླུང་ལྔ་བྲོས་པའི་བྱེད་ལས་ཀྱིས། །ཁྱབ་བྱ་འབྱུང་བའི་ཁམས་ལྔ་དང་། །ཁྱབ་བྱེད་ཡེ་ཤེས་ཐིག་ལེའི་དཔྱིད། །རྒྱབ་གྱེས་ཡུལ་ལྔ་ཡིད་ཤེས་ལ། །ཐིམ་པར་ཕྱོགས་ཚེ་འདི་སྣང་ལ། །ཞེན་ཆགས་གདུང་བ་མི་སྐྱེ་ཞིང་། །བླ་མའི་གདམས་ངག་དྲན་པར་ཤོག །རག་པ་རྩ་ཐིག་རླུང་གསུམ་གྱི། །ཚོགས་པ་གྱིས་པའི་རྟེན་འབྲེལ་ལས། །ཕྲ་བ་སྣང་མཆེད་ཐོབ་གསུམ་གྱིས། །ཐིམ་ཚུལ་དཀར་ཆ་ཐུར་བབས་ཏེ། །སྙིང་སྟོབས་ལས་བྱུང་འདོད་ཆགས་ཀྱི། །རྟོག་པ་འགག་དང་ལྷན་ཅིག་བར། །རྣམ་ཤེས་སྣང་བ་ལ་ཐིམ་པས། །སྟོན་གནམ་ཟླ་འོད་ཀྱིས་སློང་ལྟའི། །དཀར་སྙིང་སྟོབས་བདེ་བ། རྡུལ་སྡུག་བསྔལ། མུན་པ་གཏི་མུག་ཏུ་བཤད་པས་བཅོས་བསླད་མ་བྱེད་ཅིག །ལམ་རང་ངོ་ཤེས་པར་ཤོག །དེ་བཞིན་དམར་ཆ་གྱེན་དུ་ལྡོག །རྡུལ་ལས་བྱུང་བའི་ཞེ་

(༧༥)སྡང་འགག །།སྣང་བ་མཆེད་པ་ལ་ཐིམ་པས། །སྐར་ཁུང་ཉི་ཞུར་ཀྱིས་སློང་ལྟའི། །དམར་ལམ་རང་ངོ་ཤེས་པར་ཤོག །ཁུ་རྡུལ་སྙིང་གར་ཕྲད་པ་ལས། །མུན་ཅན་ལས་བྱུང་གཏི་མུག་འགག །མཆེད་པ་ཉེར་ཐོབ་ལ་ཐིམ་པས། །སྟོན་གནམ་སྨག་གིས་སློང་བ་ལྟའི། །ནག་ལམ་ཤར་ནས་བརྒྱལ་བ་ལ། །ཕྱོགས་ཚེ་དྲན་པའི་སྒྲོན་མེ་ཡིས། །ཉེར་ཐོབ་འོད་གསལ་ལ་འདྲེས་ནས། །གདོད་མའི་དབྱིངས་སུ་སངས་རྒྱས་ཤོག །གལ་ཏེ་དྲན་པའི་སྟོབས་ཞན་པས། །བརྒྱལ་ཏེ་སེམས་མེད་སྐབས་གྱུར་ན། །ཀུན་གཞི་ཆོས་དབྱིངས་ལ་སད་ནས། །དངས་གསལ་རྟོག་པ་མེད་པ་ཡིས། །འཆི་བ་འོད་གསལ་མངོན་གྱུར་ཤོག །དེ་ལྟར་ཆོས་སྐུའི་བསྲེ་བ་ཡིས། །གདོད་མའི་ནང་དབྱིངས་མ་ཟིན་ན། །ཤིན་ཏུ་ཕྲ་བའི་རླུང་སེམས་ཆ། །ལུགས་ལྡོག་ཉེ་བར་ཐོབ་པ་ལས། །མཆེད་པའི་སྣང་བ་ཆོས་ཉིད་ཀྱི། །བར་དོ་གཞི་དབྱིངས་ཀ་དག་ཀློང་། །ཁྲེགས་ཆོད་ལྟ་བས་མངོན་གྱུར་ཅིང་། །གཞི་སྣང་ཡིན་ལུགས་འོད་གསལ་ནི། །སྣང་བ་ཐམས་ཅད་འོད་

(༧༦)ལྔ་རུ། །ཟ་འོག་བཀྲམ་པ་ལྟར་ཤར་ཚེ། །ཐོད་རྒལ་གོམས་པའི་ཉེ་རྒྱུ་ལས། །རང་སྣང་རང་བཞིན་མེད་པར་ཤེས། །ཆོས་ཉིད་ཅིག་ཆར་ཟད་པར་ཤོག །གལ་ཏེ་འོད་གསལ་ཟུང་འཇུག་ལ། །ཐིམ་ནས་རིགས་བརྒྱའི་སྣང་བ་ཤར། །སྒྲ་ཡིས་འཇིགས་ཤིང་ཟེར་གྱིས་སྡངས། །སྐུ་ཡིས་སྣང་བས་སྐྲག་གྱུར་ན། །སེང་གེའི་གསོ་བ་ལྟར་མཆོང་རིག་ནས། །བག་མི་ཚ་བའི་གདེང་ཐོབ་ཤོག །བསམ་གཏན་གྱིས་ནི་ཞག་ལྔ་ལ། །རྒྱལ་བ་རིག་ལྔའི་ཞལ་མཐོང་ཚེ། །སྐུ་དང་རང་འོད་འབྲེལ་བ་ཡིས། །རིག་པ་འོད་གསལ་ལ་འཇུག་དང་། །སྐུ་ཡང་རང་ལ་ཐིམ་པ་ཡིས། །འོད་གསལ་རིག་པ་ལ་འཇུག་ཚེ། །མ་པང་བུ་འཇུག་ལྟར་གྲོལ་ཤོག །དེ་བཞིན་ཟུང་འཇུག་ཡེ་ཤེས་ལ། །ཐིམ་པས་འོད་སྣང་ཐིག་ལེ་ཅན། །ཡེ་ཤེས་བཞི་སྦྱོར་སྣང་བ་ནི། །རྡོ་རྗེ་སེམས་དཔའི་ཁོང་སེང་ལམ། །སྣང་ཚེ་རིག་པ་རང་ས་ཟིན། །ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས། །སྐུ་དང་ཡེ་ཤེས་ཐུགས་རྗེ་འོད། །མཐའ་གྲོལ་གཉིས་མེད་དག་མ་དག །ལྷུན་གྲུབ་ཡེ་ཤེས་ཆེན་པོའི་སྒོ། །བརྒྱད་དུ་ཤར་ཡང་འཁོར་འདས་ཀྱི། །འཇུག་

(༧༧)ལྡོག་རིག་པའི་རང་རྩལ་དུ། །ཤར་བ་གཞི་ལས་མ་གཡོས་པའི། །གཞི་སྣང་ཆེན་པོར་ཡིད་ཆེས་ཤོག །དེ་ཡང་བསྐྱེད་རིམ་ལ་གོམས་ན། །རླུང་སེམས་ཙམ་གྱི་ལུས་དེ་ཉིད། །མཚན་དཔེ་རྫོགས་པའི་ཡི་དམ་གྱི། །ལྷ་སྐུར་མངོན་བྱང་ལྔས་ཆུབ་པ། །བར་དོར་ལོངས་སྐུའི་བསྲེ་བ་ཡིས། །སྒྱུ་མའི་སྐུ་རུ་ལྡང་བར་ཤོག །གང་ཞིག་མོས་པས་སྤྱོད་རྣམས་ཀྱང་། །རྗེས་དྲན་ལྔ་དང་མངོན་ཤེས་དྲུག །མི་བརྗེད་གཟུངས་ཀྱིས་དབུགས་འབྱིན་ནས། །བླ་མ་དྲན་ནས་རྗེས་འཛིན་ཤོག །ཡི་དམ་དྲན་ནས་ཞལ་མཐོང་ཞིང་། །ལྟ་བ་དང་ནི་བསམ་གཏན་དང་། །སྐྱེ་གནས་མན་ངག་དྲན་པར་ཤོག །དེ་བཞིན་སྔོན་གནས་ཤེས་པ་དང་འཆི་འཕོ་དང་ནི་སྐྱེ་བ་ཤེས། །ཕ་རོལ་གྱི་ནི་སེམས་ཤེས་དང་། །སྣང་བ་ལྐོག་གྱུར་ཤེས་པ་དང་། །རིགས་དྲུག་གནས་རིགས་མཐོང་ཞིང་ཤེས། །དབང་པོ་རྣམ་དག་མངོན་ཤེས་དང་། །སྔོན་ཆད་ཐོས་སོ་ཅོག་གིས་མཚོན། །ཆོས་ཀྱི་རྣམ་གྲངས་ཚད་མེད་པ། །རྒྱུད་ལ་འཆར་བའི་མི་བརྗེད་གཟུངས། །ཐོབ་ཚེ་ངེས་

(༧༨) པར་གྲོལ་བའི་གནད། །སྟོང་ཉིད་སྤྲོས་བྲལ་ཀ་དག་གི། །རིག་པ་ཅེར་མཐོང་རང་ཐོག་ཏུ། །ངོ་ཤེས་ཐག་ཆོད་གདེང་ཐོབ་ཤོག །མདོར་ན་ཆོས་ཉིད་བར་མ་གོའི། །རྣམ་པར་དཔྱད་ན་མཐའ་མེད་ཀྱང་། །དཔྱོད་མཁན་ཉིད་ལ་ཚུར་བརྟགས་ན། །གང་དུའང་གྲུབ་པ་མེད་པ་ལ། །མེད་དོ་སྙམ་པའང་རང་གྲོལ་བ། །འདི་ནི་གདོད་མའི་གྲོལ་ས་སྟེ། །གཞོན་ནུ་བུམ་པའི་སྐུ་ཐོབ་ནས། །ལྷུན་གྲུབ་རྩལ་ལས་སྤྲུལ་པ་ཡིས། །འགྲོ་དོན་འཁོར་བ་དོང་སྤྲུགས་ཤོག །གལ་ཏེ་སྲིད་པ་བར་དོ་ལ། །ཁ་འཁྱལ་མིང་བཞི་འདུས་པ་ཅན། །དབང་པོ་ཀུན་ཚང་ཡིད་ཀྱི་ལུས། །ཤི་བར་ངོ་ཤེས་དྲན་པ་གསལ། །རྣམ་གྲོལ་ས་དང་སྐྱེ་གནས་ལ། །ཐོགས་པའི་བྱ་སྒྲོ་རླུང་ཁྱེར་ལྟར། །ལས་རླུང་རྗེས་འགྲོ་ཉམ་ཐག་ཅིང་། །བྲེད་སྡངས་ཀྱིས་གདུངས་བདུན་ཚན་རེའི། །མཚམས་སུ་འཆི་བའི་སྡུག་བསྔལ་གྱི། །ཚོར་བ་ཉམས་མྱོང་སྐྱེ་གནས་འཚོལ། །དེ་ཚེ་རང་བཞིན་སྤྲུལ་པའི་ཞིང་། །མངོན་པར་དགའ་དང་དཔལ་ལྡན་དང་། །པདྨ་བརྩེགས་དང་ལས་རབ་གྲུབ། །དབུས་ཕྱོགས་མ་རི་འབར་བ་སྟེ། །རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔའི། །དག་ཞིང་

(༧༩)ཡིད་ལ་གོམས་བྱས་ནས། །གདོན་མི་ཟ་བར་བགྲོད་པར་ཤོག །གལ་ཏེ་རིག་པའི་རྩལ་དབང་གིས། །མ་སྨིན་བདེན་པ་མ་མཐོང་ན། །སོ་སོའི་གནས་རིགས་མངོན་གྱུར་རམ། །དམྱལ་བ་སྡོང་དུམ་ཡི་དྭགས་དུ། །མགོ་བོ་ཐུར་ལྟ་བྱོལ་སོང་ཁྲབ། །ལྷ་མིན་ཁ་ཆར་མགོ་ཡང་འཕྲེད། །ལྷ་མི་དཀར་ཞིང་གྱེན་དུ་འགྲེང་། འདོད་ལྷ་ཡུལ་ལ་དགའ་གདུང་དང་། །གཟུགས་ཁམས་འོད་ལ་གཟུགས་མེད་ནི། །ཅི་ཡང་མེད་པའི་སྟོང་ཕྱད་ལ། །དགའ་གདུང་འཆར་ཞིང་ཁྱད་པར་དུ། །ཕ་མའི་འདུ་འཕྲོད་མཐོང་བའི་ཚེ། །ཆགས་སྡང་བདེན་མེད་སྤྱོད་པའམ། །གསུམ་པའི་དབང་དོན་ཉམས་མྱོང་ཞིང་། །སྐྱེ་གནས་བཞི་ཡི་སྦྱང་གཞི་དང་། །སྤྱོད་བྱེད་གོམས་པའི་བསྐྱེད་རིམ་གྱིས། །སྔགས་ལ་སྤྱོད་པའི་རྟེན་ཅན་དུ། །སྐྱེ་བ་སྤྲུལ་སྐུའི་བསྲེ་བ་ཡིས། །ཉིང་མཚམས་སྦྱོར་བའི་མཐུ་ཐོབ་ཤོག །སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། །བསྲུང་བྱ་དམ་ཚིག་ཐོབ་བྱ་འབྲས། །རྣམ་པ་བཞི་རུ་བསྲེ་བ་དང་། །སྒོ་གསུམ་ལྷ་སྔགས་ཆོས་ཉིད་དུ། །འཕོ་བའི་གནད་ལ་མ་གོམས་

(༨༠)ན། །འབྱུང་བཞི་རླུང་གི་བྱེད་ལས་ཀྱིས། །ཤིན་ཏུ་འཇིགས་པའི་སྒྲ་བཞི་དང་། །དུག་གསུམ་ལས་སྐྱེས་གཅོང་རོང་གསུམ། །བག་ཆགས་ལས་སྐྱེས་གཤེད་མའི་གཟུགས། མེ་ཆུ་གཅན་གཟན་འཇིགས་པའི་ཚོགས། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །དགེ་བའི་རམ་ཟླས་དབུགས་འབྱིན་ཤོག །དལ་འབྱོར་ཚང་བའི་ལུས་རྟེན་གྱི། །མངལ་སྒོ་བཟང་པོ་འདམ་པ་དང་། །སྨོན་ལམ་དག་པས་མཚམས་སྦྱར་ནས། །མཐོ་རིས་ཡོན་ཏན་བདུན་ལྡན་གྱི། །རྟེན་ལ་བླ་མ་མཉེས་བྱས་ནས། །ཚུལ་བཞིན་སྤྱོད་པའི་རང་དབང་དང་། །ཅི་གསུང་བཀའ་བཞིན་བསྒྲུབ་པ་ཡིས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག །ཅེས་པའང་རིག་འཛིན་འཇིགས་མེད་གླིང་པས་སོ། ༈ ཕ་རོལ་ཆ་ལས་འདས་པ་གྲི་མཛོད་ལས་དྲུང་རྟ་དབང་གྱི་དགེ་རྩར་པར་དུ་བསྐྲུན་པའི་དགེ་བས་ཐར་ལམ་མྱུར་ཐོབ་ཡོད་པའི་རྒྱུར་གྱུར་ཅིག །

(༨༡)འུ༔ ཀློང་ཆེན་སྙིང་གི་ཐིག་ལེ་ལས སྐོང་བཤགས་རྡོ་རྗེའི་གྲོལ་ཀླུ་བཞུགས༔ ༡འུྃ་ ༡ཐོལ་གླུ་

(༨༢)འུྃ༔ ན་མོ བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ༔ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང་༔ འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ༔ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད༔ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ༔ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན༔ སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ༔ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ༔ རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ པདྨ་ཀ་མ་ལཱ་ཡ་སྟྭཾ༔ ཞེས་ཟླ་བ་སྒྲོན་

(༨༣)འུྃ༔ མའི་ལས་གསུངས་པའི་ཚིག་རྐང་རྣམས་ཀྱིས་ཚོགས་ཞིང་སྒྲུབ་རྗེས་སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱར་ཟབ་གསལ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་བསླབ་པ་ནི༔ ཨོཾ ཀུན་བརྟགས་སྣང་བ་སྣོད་ཀྱི་གཏོར་གཞོང་དུ༔ གཞན་དབང་སྲིད་པ་བཅུད་ཀྱི་གཏོར་མར་སྦྱངས༔ ཡོངས་གྲུབ་ཆོས་དབྱངས་ཀློང་ཆེན་དགོངས་པ་ཡིས༔ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིན༔ འཕོ་མེད་ནམ་མཁའ་མཛོད་དུ་མངའ་དབང་བསྒྱུར༔ ན་མ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱ༔ སརྦ་ཏཏཾྑ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ ལན་བདུན་བརྗོད༔ ཨཱརང་བྱུང་ལྷུན་གྲུབ་འཇའ་ཟེར་ལུས་ཀྱི་སྤུངས༔

(༨༤)སྒྱུ་འཕྲུལ་ཚོགས་བརྒྱད་རོལ་པ་སྲིན་པོའི་གྲོངས༔ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔ རིགས་འདུས་མ་ཧཱ་གུ་རུའི་ཐུགས་དམ་བསྐང་༔ གཞི་དབྱིངས་སྟོང་གསལ་ཀུན་ཏུ་བཟང་པོ་ཡི༔ གཞི་སྣང་ལོངས་སྐུའི་རྩལ་ལས་དགོངས་པ་འཕོས༔ བརྡ་ཚིག་བློ་ལས་འདས་པའི་དཀྱིལ་འཁོར་ནས༔ དགོངས་བརྒྱུད་དག་པ་གཉིས་ལྡན་ཐུགས་དམ་བསྐང་༔ ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་རྩལ༔ རིག་འཛིན་རིག་པའི་འཁོར་ལ་བརྡ་སྟོན་ཅིང་༔ དགོངས་བརྡའི་དོན་བརྒྱུད་ཚིག་རྫོགས་སྤྲུལ་པའི་གར༔ སྙན་བརྒྱུད་ཐོས་གྲོལ་ཆེན་པོའི་ཐུགས་དམ་བསྐང་ མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཆེན་པོའི་དབང་༔ ལས་ཅན་སྐྱེས་བུའི་སྙིང་ལ་བསྐུར་བ་ལས༔ མཚོན་བྱ་དོན་གྱི་དགོངས་པའི་གསང་མཛོད་རྡོལ༔ གཏད་རྒྱ་སྨོན་ལམ་དབང་བརྒྱུད་ཐུགས་དམ་བསྐང་༔ གདོད་ནས་ཀུན་ཏུ་བཟང་པོ་རང་རིག་ལ༔ ཁྱབ་བརྡལ་དགོངས་པ་གུད་དུ་བཅད་པ་དང་༔ སངས་རྒྱས་གཞན་དུ་བཙལ་

(༨༥)འུྃ བའི་ནོངས་པ་ཀུན༔ དག་ནས་བྱ་རྩོལ་བྲལ་བའི་ས་ལ་སྐྱོལ༔ ཐེག་པ་རིམ་དགུ་སྤྱིར་སྐོང་བ༔ ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལ༔ བགྲང་བྱའི་ཐེག་པ་ཐ་དད་མ་གྲུབ་ཀྱང་༔ ཀུན་རྟོག་གདུལ་བྱའི་ཁམས་དབང་བསམ་པའི་ཕྱིར ཐེག་པ་རིམ་དགུར་ཤར་བའི་ཐུགས་དམ་བསྐང་༔ དེ་ལ་ནང་གསེས་ཀྱི་སྡེ་སྣོད་གསུམ་ལས༔ ཉན་ཐོས་འདུལ་བའི་དཀྱིལ་འཁོར༔ འཁོར་བ་སྡུག་བསྔལ་ཆེན་པོར་ཤེས་པ་ཡིས༔ ཀུན་རྫོབ་བདེན་བཞིའི་ལམ་ལ་རབ་ཞུགས་ནས༔ བདག་འཛིན་འཆིང་བ་གཅོད་པ་ཉན་ཐོས་ཀྱི༔ ཚོམ་བུའི་དཀྱིལ་འཁོར་ལྔ་ཡི་ཐུགས་དམ་བསྐང་༔ སོ་ཐར་འདུལ་བའི་སྡེ་སྣོད་ཆེན་པོ་ཡི༔ བཅས་དང་རང་བཞིན་འགལ་བའི་ཉེས་པ་ཀུན༔ མི་འཆབ་མི་སྦེད་སྙིང་ནས་བཤེགས་པར་བགྱི༔ བདག་ལ་འཕགས་པ་དགྲ་བཅོམ་བྱིན་གྱིས་རློབས༔ རང་རྒྱལ་མདོ་སྡེའི་དཀྱིལ་འཁོར༔ ལྷག་པའི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་༔ ཕུང་སོགས་རང་བཞིན་མེད་པར་

(༨༦)རྟོགས་པ་དང་༔ རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་ཡི༔ རང་རྒྱལ་དཀྱིལ་འཁོར་བཞི་ཡི་ཐུགས་དམ་བསྐང་༔ རྣམ་དག་ཚུལ་ཁྲིམས་མི་གཡོ་ཏིང་འཛིན་གྱིས བསླབ་པ་མདོ་སྡེའི་སྲུང་མཚམས་ཉམས་པ་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་ངག་པ་དང་༔ ཚོགས་དང་བསེ་རུའི་རང་རྒྱལ་དངོས་གྲུབ་སྩོལ༔ བྱང་སེམས་མངོན་པའི་དཀྱིལ་འཁོར ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པའི་ངང་༔ སྙིང་རྗེས་གཞན་དོན་བསྒྲུབ་ལ་ཆེས་དཔའ་ཞིང་༔ བདེན་གཉིས་ལམ་ཁྱེར་མངོན་པའི་སྡེ་སྣོད་ཀྱི༔ དཀྱིལ་འཁོར་ཕྱོགས་ཀྱི་གྲོངས་ལྡན་ཐུགས་དམ་བསྐང་༔ སོ་སོར་རྟོགས་པའི་ཤེས་རབ་ཏིང་ངེ་འཛིན༔ རྟག་ཆད་མུ་བཞིའི་ལམ་དུ་གོལ་བ་དང་༔ སྙིང་རྗེའི་མྱུ་གུ་བསྐམས་པའི་ནོངས་པ་ཀུན༔ དག་ནས་ཀུན་ཏུ་འོད་ཀྱིས་ལ་སྐྱོལ༔ གསང་སྔགས་ཕྱི་བའི་རྒྱུད་གསུམ་ལས་བྱ་སྤྱོད་གཉིས༔ དག་པ་གསུམ་དང་གཙང་སྦྲ་གསུམ་སྤྱོད་ཅིང་༔ དམ་ཡེ་ཐ་དད་རྗེ་ཁོལ་རྣམ་པར་བསྒྲུབ༔ བལྟས་པས་བདེ་བ་ལམ་བྱེད་བྱ་རྒྱུད་ཀྱི༔ དཀྱིལ་འཁོར་

(༨༧)འུྃ དྲུག་གི་ལྷ་ཚོགས་ཐུགས་དམ་བསྐང་༔ ཀྲི་ཡའི་ཐབས་དང་ཡོ་གའི་རྣལ་འབྱོར་ལ༔ ཆ་མཉམ་སྤྱོད་པས་མ་ནིང་ཐེག་པ་སྟེ༔ མངོན་བྱང་ལྔ་ཡི་དཀྱིལ་འཁོར་རྒྱལ་མཆོག་བསྒྲུབ༔ སྤྱོད་རྒྱུད་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང་༔ བྱ་སྤྱོད་རྒྱུད་སྡེའི་ལྷ་སྔགས་ཏིང་འཛིན་དང་༔ ཕྲ་རགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ མཁའ་སྤྱོད་ལ་སོགས་གྲུབ་ཆེན་རྣམ་བརྒྱད་ཀྱི༔ ཐུན་མོང་དངོས་གྲུབ་འཛད་མེད་ཆར་དུ་སྙིལ༔ ཡོ་ག་རྣལ་འབྱོར་རྒྱུད༔ ཕྱི་ནང་གསང་གསུམ་རྣམ་དག་བདེན་པ་ཡི༔ ལྷ་དང་རྣལ་འབྱོར་གཉིས་མེད་ཆེན་པོར་རྟོགས༔ ཕྱག་རྒྱ་བཞི་དང་ཟབ་གསལ་ཏིང་འཛིན་བརྙེས༔ ལིང་ཚེ་དགུ་ལྡན་ཡོ་གའི་།ཐུགས་དམ་བསྐང་༔ བདག་དང་ལྷ་ལ་བཟང་ངན་བལྟས་པ་དང་༔ བསྙེན་སྒྲུབ་མཆོད་པ་སྦྱིན་སྲེག་ཆག་པ་དང་༔ དཀྱིལ་འཁོར་སྒྲུབ་པའི་ཡན་ལག་ཉམས་པ་ཀུན༔ བཟོད་པར་བཞེས་ནས་མཆོག་གི་དངོས་གྲུབ་

(༨༨)སྩོལ༔ བླ་མེད་གསང་སྔགས་ནང་བའི་རྒྱུད་གསུམ་ལས་མ་ཧཱ་ཡོ་ག༔ བདེ་སྟོང་ཀློང་ཡངས་ཏིང་འཛིན་གསུམ་གྱི་སྦུབས༔ བསྐྱེད་རིམ་སྣོད་བཅུད་དག་པར་བ་འབྱམས་སུ༔ ཡོངས་ཤར་སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་སོགས༔ ཚོམ་བུའི་དཀྱིལ་འཁོར་བཅུ་གཉིས་ཐུགས་དམ་བསྐང་༔ ཤེས་བྱ་ལྔ་དང་མི་སྤང་ངང་དུ་བླང་༔ སྒྲུབ་དང་སྤྱད་བྱའི་དམ་ཚིག་ཉི་ཤུ་ལྔ༔ གསང་བཅུ་ལ་སོགས་ཉམས་ཆག་སྡིག་སྒྲིབ་ཀུན༔ བཤགས་སོ་རིགས་འཛིན་རྣམ་བཞིའི་ས་ལ་སྐྱོལ༔ ལུང་ཨ་ནུ་ཡོ་ག༔ བཀོད་པ་ལུས་ཀྱི་གཞལ་མེད་ཁང་ཆེན་ནང་༔ རྩ་གསུམ་འཁོར་ལོ་ལྔ་ཡི་འཇའ་ཟེར་སྦུབས༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རིག་པའི་རྩལ༔ ཨ་ནུ་ཡོ་གའི་དཀྱིལ་འཁོར་ཐུགས་དམ་བསྐང་༔ རྣམ་ཤེས་ཚོགས་བརྒྱད་ཉེ་ཉོན་ཉི་ཤུ་དང་༔ སེམས་བྱུང་ལྔ་བཅུ་བརྒྱད་ཁྲི་བཞི་སྟོང་གི༔ རྟོག་ཚོགས་དག་ནས་དྲན་རྫོགས་ཕྱག་རྒྱའི་སྐུ༔ ལྷན་སྐྱེས་བདེ་བ་ཆེན་པོའི་ས་ལ་སྐྱོལ༔ འོད་གསལ་རྫོགས་པ་ཆེན་པོ ཤེས་རིག་ཟང་ཐལ་

(༨༩)འུྃ༔ གཉུག་མའི་གཞལ་ཡས་སུ༔ ཡེ་གདངས་སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་ཀློང་༔ རིག་པ་བཅུད་དུ་སྨིན་པ་ཨ་ཏིའི་ལྷ༔ ཞལ་ཕྱག་འཛིན་པ་དག་པའི་ཐུགས་དམ་བསྐངས༔ སྒྲོན་བཞིའི་སྟེང་བར་དོའི་དུས་ཀྱི་སྒྲོན་མ་ནི་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་ཤར་བ་ངོ་ཤེས་པས་གདོད་མའི་སར་སྐྱེལ་བའོ་མཐར་ཐུག་འབྲས་བུའི་སྒྲོན་མ་ནི་ཡེ་ཤེས་དབྱིངས་སུ་འཁྱིལ་བ་གཞོན་ནུ་བུམ་པའི་སྐུའི་ཞིང་ན་བཙན་ས་ཟིན་པའོ། རང་གྲོལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས༔ གཅུན་ཏེ་སྣང་བཞི་ཆོས་ཟད་གདོད་མའི་དབྱིངས༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་བསྐྱོལ༔ རྩ་གསུམ་ཌཱཀྐི་དམ་ཅན་སྤྱིར་སྒོས་སུ༔ མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཀློང་༔ ཐ་དང་རིག་པས་བཏགས་པའི་སྲི་ཞུའི་མགྲོན༔ རྡུལ་སྙེད་མ་ཚང་མེད་པ་ཐམས་ཅད་དང་༔ སྣང་བ་ཡབ་ཀྱི་རང་བཞིན་རཱ་ཧུ་ལ༔ སྟོང་པ་ཡུམ་གྱི་ངོ་བོ་ཨེ་

(༩༠)ཀ་ཙ༔ ཟུང་འཇུག་ཐུགས་རྗེ་བཛྲ་ས་དྷུ་སོགས༔ སྙིང་ཐིག་གཉེན་པོའི་བཀའ་སྲུང་ཐམས་ཅད་དང་༔ ཨོ་རྒྱན་རྒྱ་གར་བལ་ཡུལ་ཁ་ཆེའི་གླིང་༔ ང་ཞའི་ཡུལ་དང་བུ་ཤ་ཟངས་གླིང་ཡུལ༔ གསེར་གླིང་རྔ་ཡབ་ལངྐའི་གླིང་ཕྲན་དང་༔ རྒྱ་ནག་ལྗོངས་ཡུལ་གེ་སར་དམག་གི་གླིང་༔ ཙ་རི་ཏྲ་དང་ལྷོ་མོན་འབྲས་མོའི་གཤོངས༔ མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དང་༔ མདོ་ཁམས་སྒང་དྲུག་སྦས་གནས་གཉན་པོའི་ཡུལ༔ ལྗོངས་ལྔ་གླིང་དྲུག་གསེར་རི་ལྷུན་པོའི་སྤོ༔ སུམ་ཅུ་རྩ་གསུམ་གནས་ཡུལ་དུར་ཁྲོད་གཉན༔ ཆོས་འཁོར་གཙུག་ལག་སྒྲུབ་གནས་དབེན་གནས་ཀྱི ཁོར་ཡུག་ལྗོན་ཤིང་བྲག་རི་མཚོ་གླིང་ལ གནས་པའི་དཔལ་བོ་ཌཱཀྐི་ཆོས་སྲུང་ཚོགས༔ ཞལ་ནས་གསུངས་དང་རྗེས་སུ་གནང་བ་དང་༔ བྱིན་བརླབས་ལུང་བསྟན་དག་སྣང་བསྟན་བཅོས་དང་༔ ཐུགས་གཏེར་དགོངས་གཏེར་ཟབ་གཏེར་རྫས་གཏེར་སོགས༔ གཏེར་རིགས་བཅོ་བརྒྱད་

(༩༡)འུྃ༔ ཆོས་ཀྱི་བཀའ་གཏད་ཅིང་༔ དཀྱིལ་འཁོར་རྒྱ་མཚོའི་མུ་ཟན་ལ་གནས་པའི༔ དམ་ཅན་ཌཱཀྐི་བསྟན་སྲུང་རྒྱ་མཚོ་ཡི༔ ཐུགས་དང་འགལ་གྱུར་ནོངས་པ་ཅི་མཆིས་པ༔ སྙིང་ནས་བཤགས་སོ་ཚངས་པའི་ཞལ་རས་སྟོན༔ རྟགས་ཆད་མཐའ་བྲལ་དབུ་མ་ཆེན་པོའི་སྦུབས༔ འཁོར་འདས་རོ་རྐྱང་ཟུང་འཇུག་ཕྱག་རྒྱ་ཆེར༔ སྦྱར་བས་སྣང་སེམས་ཞེན་གྲོལ་རྫོགས་པ་ཆེའི༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས༔ གཟུང་འཛིན་ཕཊ་ཀྱིས་གཏོར་བའི་རྗེས་གཞིག་ཆེར༔ བློ་བྲལ་ཐུགས་ཕྲད་ཤེས་པའི་ངོ་བོ་རུ༔ ཚོགས་བརྒྱད་ཀ་ནས་དག་པའི་བཀྲ་ཤིས་རྟགས༔ སྣང་བ་རྒྱན་དུ་ཤར་བའི་རྒྱལ་སྲིད་བདུན༔ རིག་སྟོང་རྗེན་པར་གྲོལ་བའི་འདོད་ཡོན་ལྔ༔ རྐྱེན་ངན་ལམ་དུ་ལོངས་པའི་ཕྱག་རྒྱ་གར༔ འབུལ་ལོ་མཆོག་ཐུན་དངོས་གྲུབ་རྒྱ་མཚོར་བསྐྱིལ༔ ཀློང་ཆེན་གཞོན་ནུ་བུམ་སྐུའི་ཀ་བཱ་ལར

(༩༢)དུག་གསུམ་རྣམ་རྟོག་དྲེགས་པ་བཏུལ་བའི་ཁྲག༔ སྐུ་གསུམ་ཡོངས་གྲོལ་ཆེན་པོའི་བ་ལིང་ཏ༔ རེ་དོགས་ཚར་གཅོད་ཤ་ལྔ་བདུད་རྩི་ལྔ༔ ཉི་ཟླའི་དངས་མ་རྩ་བརྒྱད་ཡན་ལག་སྟོང་༔ རང་བྱུང་ལྷུན་གྲུབ་ནང་གི་དམ་རྫས་ཀུན༔ འབུལ་ལོ་བརྟུལ་ཞུགས་མཐར་ཕྱིན་དངོས་གྲུབ་སྩོལ༔ གདོད་མའི་སྟོང་ཆེན་དབྱིངས་ཀྱི་བྷ་གའི་ཀློང་༔ རྣམ་ཀུན་མཆོག་ལྡན་རིག་པའི་རྡོ་རྗེ་ཡིས༔ རྟེན་འབྲེལ་ལུགས་ལྡོག་འཁོར་བའི་བག་ཆགས་བསྒྲལ༔ བདེ་སྟོང་དགའ་བཞིའི་ཉམས་རྩལ་རྫོགས་པའི་གར༔ སྦྱོར་སྒྲོལ་བརྟུལ་ཞུགས་མཐར་ཕྱིན་གསང་བའི་རྫས༔ འབུལ་ལོ་གཞན་སྣང་དབང་འདུས་དངོས་གྲུབ་སྩོལ༔ མཚན་མ་རྫས་དང་མཚན་མེད་ཏིང་འཛིན་གྱིས༔ ལས་བཞིའི་ཕྲིན་ལས་སྒྲུབ་པའི་ཕྱག་རྒྱ་དང་༔ ཤུགས་སྒྲོལ་དམོད་པའི་མཚོན་ཆ་ཁྱོད་ལ་འབུལ༔ སྨོན་འཇུག་སེམས་བསྐྱེད་བྲག་ཕུག་ཞྭ་ལྟར་གྱོན༔ ཆགས་མེད་འཁོར་བ་སྤངས་པའི་

(༩༣)འུྃ༔ རྣལ་འབྱོར་ལ༔ མ་ཉེས་ཁ་ཡོགས་ཅལ་སྒྲོག་ངན་སྦྱོར་གཤོམ༔ སྒྲུབ་ལ་བར་གཅོད་ཐུགས་རྒྱུད་དཀྲུགས་པ་ཡི༔ སྨོན་ལམ་ལོག་པའི་དགྲ་འདྲེའི་སྙིང་ཁྲག་འཐུང་༔ མཐོན་མཐིང་རལ་པའི་གླེགས་བམ་མན་ཆད་ནས༔ བདོག་པའི་ཉེར་སྤྱད་ཕྲ་མོ་ཡན་ཆོད་དུ༔ མདོར་ན་རྣལ་འབྱོར་ཡིད་ལ་མཛེའ་བའི་རྫས༔ རྩ་གསུམ་དམ་ཅན་ཌཱཀྐིའི་བླ་རྡོར་འབུལ༔ ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགས ངེས་མེད་གནས་སུ་བྱང་ཆུབ་བསྒྲུབ་པའི་ཕྱིར༔ སྟག་མོ་རི་སུལ་འགྲིམ་ལྟར་རྒྱུ་བའི་ཚེ༔ རྣལ་འབྱོར་ལུས་ལ་གྲིབ་མ་བཞིན་དུ་འགྲོགས༔ བརྟན་གཡོ་སྣང་སེམས་ཞེན་པས་བཅིངས་པ་ཡི༔ ཕྲ་རགས་རྣམ་རྟོགས་གྱ་གྱུའི་སྒྱུ་འཕྲུལ་ཅན༔ སྲིད་ཞི་གཉིས་མེད་ཤར་གྲོལ་དུས་མཉམ་ཀློང་༔ འབུལ་ལོ་ཆོས་ཉིད་ཟད་སར་འཁྱོལ་བར་ཤོག༔ ཀུན་གཞིའི་ངང་ནས་ལས་རླུང་

(༩༤)གཡོས་པའི་འཕྲུལ༔ བག་ཆགས་སེམས་ཉིད་མངལ་རྒྱར་འཐུམས་པ་ལས༔ འབྱུང་བའི་ཤ་ཁྲག་དྲོད་དབུགས་ཕུང་པོའི་ཁམས༔ འབུལ་ལོ་བདག་གིས་འཇའ་ལུས་འགྲུབ་པར་ཤོག །འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན༔ དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱི༔ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བབ་ནས༔ གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨཱ གུ་ཧྱ༔ དྷ་ཐིམ༔ ༈ རང་བྱུང་རིག་པ་མངོན་གྱུར་ནས། །གདོད་མའི་སངས་རྒྱས་སར་གཤེགས་པའི། །མཁྱེན་བརྩེ་འཇིགས་མེད་གླིང་པ་ལ། །འདས་རྫས་གླེགས་བམ་བབས་པའི་དོན། །ཀློང་ཆེན་སྙིང་གི་ཐིག་ལེ་ཡི། །སྐོང་བཤགས་རྡོ་རྗེའི་ཐོལ་གླུ་འདི། །ཚེ་འདས་རྡོ་རྗེ་སྒྲོལ་དཀར་གྱི། །བྱས་བསགས་ཉེས་ལྟུང་དག་པ་དང་། །ཕྱི་མ་རྔ་ཡབ་དཔལ་གྱི་རིར། །

(༩༥)འུྃ༔ རིག་འཛིན་གོ་འཕང་རྙེད་པའི་ཕྱིར། །པར་དུ་ལེགས་པར་བརྐོས་པ་ཡི། །བདེན་ཚིག་སྨོན་ལམ་འགྲུབ་གྱུར་ཅིག །བཀྲ་ཤིས། ཞལ་གྲོ།

(༩༦)

(༩༧)བསྐངས་བཤགས་རྡོ་རྗེ་ཐོལ་གླུའི་གཤམས་ཀྱི་མཛད་བྱང་དུ། གུ་ཧྱ དྷ་ཐིམ༔ གང་འདི་འོག་མིན་དཔལ་གྱི་མཆི་མ་ཆོ་འཕྲུལ་ཕུ་ལི༔ མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་པ་རུ། བྷུ་སུ་ཀུ་པ་མཁྱེན་བརྩེའི་འོད་ཟེར་དེ གཅིག་པུར་སྙིང་པོའི་སྒྲུབ་ལ་གཞོལ་བའི་སྐབས༔ རྣམ་གནོན་ལྕགས་འབྲུག་ཟླ་བའི་མགོར༔ བདག་གི་སྟོན་པ་གྲོང་ཁྱེར་སྒྲ་སྒྲོགས་ཀྱི༔ རྒྱལ་པོ་ཨུ་ཏྲ་ཡ་ནས་སྤྱན་དྲངས་ཏེ༔ མཆོད་ཅིང་བསྙེན་བཀུར་ཞུས་པའི་དུས་ཆེན་ཉིན༔ སྒྲུབ་པ་སྙིང་པོར་བྱེད་པའི་ཆ་རྐྱེན་དུ ཡུལ་གྱི་རྟེན་འདྲེལ་དག་པའི་མཚམས་སྦྱར་ཏེ༔ དག་པ་ཡེ་ཤེས་རིག་འཛིན་ངོར་ཤར་བཞིན༔ ཀློང་ཆེན་དགོངས་པའི་གསང་མཛོད་ནས་ཕྱུང་སྟེ༔ བརྡའ་ཚིག་ཡི་གེའི་ལམ་དུ་སྣང་བར་བྱས༔ བྱ་སླ་ཁྱེར་བདེ་ཟབ་མོའི་གནད་ཀུན་ཚད༔ ཉམས་ཆགས་སྡིག་སྒྲིབ་དག་ཅིང་ཐུགས་དམ་བསྐང་༔ འབྲེལ་རྐྱེན་རྟེན་འབྲེལ་ངན་པ་བཟློག་པ་ནུས༔ བསམ་དོན་ཡིད་བཞིན་འགྲུབ་ཅིང་དངོས་གྲུབ་ཐོབ༔ དེ་ཕྱིར་འདི་ཉིད་ཨུ་པ་དེ་ཤ་ཏེ༔ བདག་རྗེས་འབྲང་བ་རྣམས་ཀྱིས་དང་དུ་ལོངས༔ སྙིང་ཐིག་གཉན་པོའི་བཀའ་སྲུང་རྣམས་ལ་གཏད༔ སྐལ་མེད་ལོག་

(༩༨)ལྟ་ཅན་ལ་ཨ་ཐཾ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

(༩༩)ཀློང་ཆེན་སྙིང་གི་ཐིག་ལེ་ལས རྒྱལ་བ་རིགས་འཛིན་གྱི་གྲོག་འཁོར་དཔལ་གྱི་གདུ་བུ་བཞུགས བཏགས་གྲོལ

(༡༠༠)འུྃ དབྱིངས་རིག་རྒྱལ་པོ་སྟང་དཔྱལ་ངས དུས་གསུམ་དུས་མེད་ཆེན་པོར་རྒྱས རྡོ་རྗེ་ཅན་གྱི་ཕྲིན་ལས་དང་ སྔགས་ལམ་ཐབས་ཀྱིས་རྟེན་ཅིང་འབྲེལ བསམ་གྱིས་མི་ཁྱབ་བརྗོད་མི་ལང་ མཐོང་ཐོས་རེག་གམ་རྫི་ཕྱོགས་ཕོག བཏགས་པས་གྲོལ་བ་རིག་འཛིན་གྱི སྲོག་གི་འཁོར་ལོ་བཤད་ཀྱིས་ཉོན པྲི་གཞི་བཟང་པོར་རིན་པོ་ཆེས མུ་ཁྱུད་རིམ་པ་བཅུ་གཅིག་དབུས༔ ཀུན་བཟང་ཡབ་ཡུམ་ཐུགས་ཀ་རུ འོད་ལྔའི་འཁོར་ལོ་འབྲུ་ལྔས་མཚན དེའི་ཕྱི་མུ་ཁྱུད་གཉིས་པ་ལ རིག་པ་ཡབ་ཀྱི་སྙིང་པོ་ནི མན་ངག་སྙིང་ཐིག ཨེ་མ་ཀི་རི་

(༡༠༡)འུྃ ཀི་རི མས་ཏ་བྷ་ལི་བྷ་ལི ས་མི་ཏ་སུ་རུ་སུ་རུ ཀུནྡྷ་ལི་མ་སུ་མ་སུ ཨི་ཀར་སུ་ལི་བྷ་ས་ཏ་ཡེ ཙ་ཀིར་བྷུ་ལི་ཏ་ལྕེ་ཡེ ས་མུན་ཏ་ཅ་རྱ་སུ་གྷ་ཡེ བྷི་ཏི་སན་བྷྱ་གུ་ལེ་ཡེ ས་ཀ་རི་དྷུ་ཀ་ན ས་ཏ་རི་བྷེ་ཏ་ན པ་ར་ཧི་ལི་ས་ན མ་ཁ་ར་ཏེ་ཀེ་ལ་ན སཾ་བྷུ་ར་ཏ་མེ་ཀ་ཙ་ར་ཏང་བ སུ་རྱ་གྷ་ཏ་ར་ཨེ་པ་ཤ་ན ར་ན་བྷེ་དྷི་ས་གྷུ་ཏི་པ་ཡ གྷུར་གྷུ་ར་ས་ག་ཁར་ན་ལཾ ན་ར་ན་ར་ཨི་ཐ་པ་ཊ་ལཾ སིར་ན་སིར་ན་བྷེ་ས་བྷེ་ས་ར་ས་པཾ་ལཾ བྷུན་དྷ་བྷུན་དྷ ཚེ་ཥ་ས་ཀེ་ལཾ ས་སཱ་རི་རཱི་ཁེ་ཁེ་ཨི་ཨཱི་མ་མཱ་རི་རཱི་ལ་ཧཱ་ཨཱ དེའི་ཕྱི་པདྨ་འདབ་བརྒྱད་ལ མདུན་ནས་བརྩམས་པའི་གཡས་སྐོར་དུ ཨཱོཾ་

(༡༠༢)མ་ཧཱ་གུ་རུ་ཤ་རཱི་རཾ་ཧཱུྃ་ཀཱ་ར་ཨཱཧཱུྃ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་དྷ་ན་སཾ་སྐྲྀ་ཨཱཧཱུྃ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་མཉྫུ་ཤྲཱི་མི་ཏྲ་ཨཱ ཧཱུྃ ཨཱོཾ་མ་ཧཱ་རིག་འཛིན་བརྒྱད་ཀྱི་སྙིང་པོ གུ་རུ་ཤྭ་རཱི་རཾ་བི་མ་ལ་མི་ཏྲ་ཨཱཧཱུྃ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་ནཱ་གཱ་རྫུ་ན་ཨཱཧཱུྃ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་གུ་ཧྱ་ཙནྡྲ་ཨཱཧཱུྃ ཨོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་ཨཱ་ཙརྱ་པདྨ་ཨཱཧཱུྃ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་ཤཱནྟི༚་གྷརྦྷ་ཨཱཧཱུྃ དེའི་ཕྱི་མུ་ཁྱུད་བཞི་ལ སྟོང་པ་ཡུམ་གྱི་སྙིང་པོ་ནི མས་ཏ་བྷ་ལི་བྷ་ལི ས་མི་ཏ་སུ་རུ་སུ་རུ ཀུན་བྷ་ལི་མ་སུ་མ་སུ ཨི་ཀ་རི་ལཾ་བྷཾ་ཏཾ་ཡེ ཙ་ཀ་ར་བྷུ་ལི་ཏ ལྕེ་ཡེ་ས་མན་ཏ ཙརྱ་སུ་གྷ་བྷི་ཏི ས་ན་བྷྱ་གུ་ཡེ ཀེ་རི་དྷ་ཀེ་རི དྷ་ཧ་ཀ་མ་ཧ་རེ་དྷ ཧ་ན་ས་རི་ལི་ཧི ས་ན་མ་ཁ་ར་ཏ་ཀྴེ་ལ་ན སཾ་བྷུ་ད་ར་ཏེ་མེ་ཀྴ་ཙ་ར་སྟཾ དྷ་བ་སུ་ཏྱ་གྷ་ཏ་ར་ཨ མ་ཤ་ན་པ་ར བྷི་ཧི ཏིས་གྷུ་ར་ལ མ་སྨིས་ཡ་ལ་གྷུ་སྟི་ལ་ཏ ཡ་ག་

(༡༠༣)འུྃ གྷུ་ར་གྷུ་ར བརླང་ག་ཁ་ཀ་ལ་ར་ན་ལ་མ་ས ན་ར་ན་ལ་མ ཨི་ཐ་ར་བ་ཏ་ལཾ སིར་ན་བྷེ་ས་ར་ལ་བ་གྷེ་ལཾ མ་མཱ ས་ས་རི་རཱི་ལི་ལཱི་མ་མཱ ར་རཱ མུ་ཁྱུད་ལྔ་པར་རྩིབས་བཅུ་ལ༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ ཨཱོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན། རྒྱུད་སྡེ་སྒྱུ་འཕྲུལ་གྱི་སྙིང་པོའོ ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ ཨཱོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ ཨཱོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ ཨཱོཾ་ཀརྨཱ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ ཨཱོཾ་སརྦ་ཏ་ཐཱ་ག་ཏ་མེ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དུཥྚཾ་ཧཱུྃ་ཕཊ ཨཱོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ ཨཱོཾ་མ་ཧཱ་སུ་རྱ་རཏྣ་མ་ཧ་ཀྲོ་དྷི་ཤྭ་རཱི་བི་ད་མ་ཧཱུྃ་ཕཊ ཨཱོཾ་ཧྲཱི ཤཏྟ་ས་མནྟ་པདྨ་

(༡༠༤)མ་ཧཱ་ཀྲོ་དྷི་ཤྭ་རཱི་ཁཱ་ཧི་ཧཱུྃ་ཕཊ ཨཱོཾ་སརྦ་ཨ་མོ་གྷཱ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ཤྭ་ཧཱུྃ་ཕཊ རྩི་བས་མཆན་ལ ཨཱོཾ་ གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱེ་ཧཱུྃ་ཕཊ ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲི་ཏི་ཤྭ་རཱི་སྟྭཾ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ ཨཱོཾ་ཨ་སྒྲུབ་སྡེ་བཀའ་བརྒྱད་ཀྱི་སྙིང་པོ ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ ཨཱོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ ཨཱོཾ་ཧྲཱི པདྨ་ཏ་ཀྲི་ཏ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཧཱུྃ་ཕཊ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ ཨཱོཾ་བཛྲ་སརྦ་དུཥྚཾ་ཧཱུྃ་ཕཊ ཁྲོ་ག་རུ་ཊ་སརྦ་དཱཀྐི་ནི་ཧཱུྃ་ཕཊ དྲུག་པ་ཐིག་ལེ་ཉི་ཤུ་རྩ་ལྔར ཀརྨ་རཀྴ་གྷི་ཧཾ་ཏི བྷེ་གྷ་ར་ན་སོ་གང་གླིང་བྷུ་ཀ་རི་ལ་བྷ་དུ་ཏྲི རཾ་བ་ཀ་ལས་མི་ཁྱེ མ་ཏང་ཕས་ཕེར་རས་མི་ཏ ཁ་ཊ་རེ་ཀ་ས་མིག་རླུང་ ཨ་ཀཻ་ར་ན་བྷེ་ཙག་ཤ ཡ་རི་མུ་ཏ་ས་གྷུ་ལི ཡ་སིང་ར་རླུང་བ་ལ་ཡཱ མ་མ་ཀོ་ལིང་ས་མནྟ གྷ་ར་ཡཾ་བ་ར་མི་ཏཾ བུ་ག་སིང་ཧ་ཕ་གྷ་ལ ར་མི་སེ་སེ་ཁེ་ཏ་བ བིག་ཁུ་མ་ལ་བ་ཏཾ་ཀི ས་མ་ཉེ་ཝ་དྷེ་ར་པ བཛྲ་སཏྭ་

(༡༠༥)འུྃ ཏྲི་ཏྲོ་མེ གྷེ་ཝ་སུ་གྷ་ར་རྣ་མ་ཡེ དྷརྨ་པ་ཏི་ས་གྷུ་ལི རས་མི་ས་མ་ཁས་རྒད་ཙེ རུ་པས་མི་མི་ཏ་ལི ད་ཏིག་པ་ལཾ་ཀ་ལིས་ག་ཙ་བ་ཡཾ་ས་ཨི་ཏཾ ཀརྨ་ཨེ་ཨ་ཨ་ནུ་ས སཾ་ཀྲི་མ་མ་ཀརྨ་ཏ ད་ལ་ཁེ་པ་ཀི་ལིས བར་མཚམས་ལོངས་སྐུའི་སྙིང་པོ་དང་ རིགས་དྲུག་ཀློང་གལ་ཡི་གེ་སྤེལ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱི ཨཱ འ་ཨ་ཧ་ཤ་ས་མ བདུན་པར་པད་འདབ་ཞེ་གཉིས་ལ ཧཱུྃ་ཧཱུྃ་ཧཱུྃ བཛྲ་ཙིཏྟ་ཨོཾ ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ ཧཱུྃ་བཛྲ་དྷྲི་ཀ མུཾ་དྷཱ་ཏེ་ཤྭ་རཱི ཨཱོཾ་ཛི་ན་ཛི་ཀ ལཱཾ་དྭེ་ཥ་ར་ཞི་བའི་ལྷ་ཚོགས་ཀྱི་སྙིང་པོ སྟི སྭ་རཏྣ་དྷྲི་ཀ མཱཾ་མོ་ཧ་ར་ཏི ཨཱཾ་ཨཱ་རོ་ལི་ཀ པཱཾ་རཱ་ག་ར་ཏི ཧཱཾ་བྲཛྙཱ་དྷྲི་ས ཏཱཾ་བཛྲ་ར་ཏི ཀྵཱི༚་ཏི་རཱ་ཛ་ཡ ཧཱུྃ་ལཱ་སྱེས་མ་ཡ་སྟྭཾ ཏྲཱཾ་ཨཱ་གརྦྷ་ཡ ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོ ཧྲཱི་ཧ་ཧཱུྃ་པདྨ་པྲད་མ ཧྲཱི༚་གཱི་ཏི་རཱ་གོ་ཧཾ། བཛྲ་ཀུ་རུ་པཱ་ཎི ཨཱི་ནི་རྟི་རཱ་ག་ཡ་མ མེ་དྷྭ་ར་ཎེ་སྭཱ་ཧཱ ཛདྷུ་པེ་པྲ་བེ་ཤ །།།ནི་སྶ་རཾ་བྷ་ཡ་སྭཱ་ཧཱ ཧཱུྃ་པུཥྤེ་ཨཱ་བེ་ཤ ཧཱུྃ་ས་རཱ་ཛཱ་

(༡༠༦)ཡ་སྭཱ་ཧཱ བཾ་དཱི་བ་སུ་གི་རི མཱུཾ་ཤྲཱི་ཨཱཾ་རཱ་ག་ཡ་སྭཱ་ཧཱ ཧོ གྷནྡྷེ་ཙིཏྟ༔ ཨཱོཾ་མུ་ནེ་ཀྲེ༚་སྭཱ་ཧཱ ཨཱོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱ ཨཱོཾ་མུ་ནེ་བྲཾ་སྭཱ་ཧཱ ཨཱོཾ་ནེ་ཀྵཾ་སྭཱ་ཧཱ ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ ཨཱོཾ་ཡ་མནྟ་ཀྲ་ཏ་ཕཊ ཨཱོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ ཧཱུྃ་པྲཛྙཱནྟ་ཀྲི་ཏ་ཕཊ ཨཱོཾ་རཏྣ་དྷ་ར་མ་ཧཱ་ཕཊ ཧཱུྃ་པདྨནྟ་ཀྲྀ་ཏ་ཕཊ ཨཱོཾ་པདྨ་དྷ་ར་མ་ཧཱ་ཕཊ ཨཱོཾ་སརྦ་ཏ་ཐཱ་ག་ཏི་ཤྲཱི་ཧེ་རུ་ཀ་ཧཱུྃ སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུྃ ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུྃ འདུས་པ་མདོའི་སྙིང་པོའོ ཨཱོཾ་བུད་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ བུད་དྷ་ཀྲོ་དྷི་ཤྭ་རཱི་ཧཱུྃ ཨཱོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུྃ ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ པདྨ་ཀྲོ་དྷི་ཤྭ་རཱི་ཧཱུྃ ཨཱོཾ་ཀརྨཱ་ཤྲཱི་ཧེ་རུ་ཀ་ཧཱུྃ ཀརྨཱ་ཀྲོ་དྷི་ཤྭ་རཱི་ཧཱུྃ ཨཱོཾ་རཀྴ་ཤྲཱི་ཧེ་རུ་ཀ་ཧཱུྃ རཀྴ་ཀྲོ་དྷི་ཤྭ་རཱི་ཧཱུྃ ཨཱོཾ་ས་ནུ་ཤྲཱི་ཧེ་རུ་ཀ་ཧཱུྃ ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུྃ ཨཱོཾ་གུ་ཧྱ་ཤྲཱི་ཧེ་རུ་ཀ་ཧཱུྃ

(༡༠༧)འུྃ གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུྃ ཨཱོཾ་ཡཀྴ་ཤྲཱི་ཧེ་རུ་ཀ་ཧཱུྃ ཡཀྴ་ཀྲོ་དྷི་ཤྭ་རཱི་ཧཱུྃ ཨཱོཾ་བཛྲ་གཽ་རཱི་ཧ ཨཱོཾ་བཛྲ་ཙཽ་རཱི་ཧ༔ ཨཱོཾ་བཛྲ་པྲ་མོ་ཧེ་ཧ ཨཱོཾ་བཛྲ་བཻ་ཏ་ལཱི་ཧ ཨཱོཾ་བཛྲ་པུཀྐ་སཱི་ཧ ཨཱོཾ་བཛྲ་གྷསྨ་རཱི་ཧ ཨཱོཾ་བཛྲ་སྨ་ཤ་ནི་ཧ ཨཱོཾ་བཛྲ་ གོ་རིམ་བརྒྱད ཙཎྜ་ལཱི་ཧ ཨཱོཾ་བཛྲ་སིདྷ་མུ་ཁཱི་ཧེ ཨཱོཾ་བཛྲ་བྱ་གྷྲི་མུ་ཁཱི་ཧེ ཨཱོཾ་བཛྲ་སིདྷཱ་ལ་མུ་ཁཱི་ཧེ ཨཱོཾ་བཛྲ་ཤྭ་ན་མུ་ཁཱི་ཧེ ཨཱོཾ་བཛྲ་ཀྲྀདྡྷ་མུ་ཁཱི་ཧེ ཨཱོཾ་བཛྲ་ཀངྐ་མུ་ཁཱི་ཧེ ཨཱོཾ་བཛྲ་ཀཱ་ཀ་ སིདྷ་མ་བརྒྱད་མུ་ཁཱི་ཧེ ཨཱོཾ་བཛྲ་ཨུ་ལུ་ཀཱ་མུ་ཁཱི་ཧེ དགུ་པར་དབང་མོ་ཉེར་བརྒྱད་དང་ བསྟན་པ་སྤྱི་ཡི་སྙིང་པོ་བཀོད མ་ནུ་རཀྴ་སཱི་བྷྱོ པྲ་ཧྨ་ནི་བྷྱོ རཽ་ཏྲཱི་བྷྱེ བི་པཱ་ལཻ་བྷྱོ༔ ཀུ་མ་རཱི་བྷྱོ ཨིནྡྲ་རཱི་བྷྱོ བཛྲ་བིངྒ་ལཾ་བྷྱོ ཨ་མྲྀ་ཏཾ་བྷྱོ སཽ་མྱ་བྷྱོ དཎྚ་དཾ་བྷྱོ རཀྵ་སཱི་བྷྱོ བྷཀྵ་སཱི་བྷྱོ ར་ཏི་བཛྲ་བྷྱོ རུ་ཏི་ར་མཏྟ་བྷྱོ ཨ་ཀ་ཙ་རི་ཎཱ་བྷྱོ མ་ནོ་ཧ་རཾ་བྷྱོ སིདྡྷི་ཀཾ་བྷྱོ བཱ་ཡ་བཱི་བྷྱོ༔ མ་ཧཱ་མཱ་ར་ཎ་བཛྲ་བྷྱོ ཨགྣཱི་བྷྱོ༔ བྷ་ར་ཧི་བྷྱོ ཙ་མུམྜི་བྷྱོ སུ་ཊ་

(༡༠༨)ནི་བྷྱོ ཝ་རུ་ཎཱི་བྷྱོ བཛྲ་མ་ཧཱ་ཀཱ་ལི་བྷྱོ བཛྲ་ཙ་ཀཱ་ལ་བྷྱོ བཛྲ་ཀུམྦྷ་ཀ་རྞ་བྷྱོ བཛྲ་ལམྦོ་ད་ར་བྷྱོ ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏེང་ཛ ཨོཾ་བཛྲ་ཨ་མུ་ཁཱི་ཧཱུྃ ཨོཾ་བཛྲ་ལོ་ཀ་བཾ ཨོཾ་བཛྲ་བྷསྨི་པ་ལ་ཡ་བ་ཏ་ཧོ ཨ་ཨཱ ཨི་ཨཱྀ ཨུ་ཨཱུ རྀ་རཱྀ ལྀ་ལཱྀ ཨེ་ཨཻ ཨོ་ཨཽ ཨཾ་ཨ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན པ་ཕ་བ་བྷ་མ ཡ་ར་ལ་ཝ ཤ་ཥ་ས་ཧཀྵ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ ཆེ་གེ་མོའི་གནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་ཐམས་ཅད་རིག་པའི་ཀློང་དུ་ཤཱནྟི༚་ཀུ་རུ་སྭ་ཧཱ། ཚེ་དང་བསོད་ནམས་ཞིང་ཁམས་ཐམས་ཅད་རིག་པའི་ངང་དུ་པུཥྚི༚་ཀུ་རུ་སྭཱ་ཧཱ འཁོར་འདས་ཐམས་ཅད་རིག་པའི་ངང་དུ་པཱ་ཤཾ་ཀུ་རུ་སྭཱ་ཧཱ དགྲ་བགེགས་དུག་ལྔ་དུག་གསུམ་ཐམས་ཅད་རིག་པའི་ངང་དུ་མཱ་ར་ཡ་ཕཊ བཅུ་པར་འོན་ལྔའི་མུ་ཁྱུད་བསྐོར བཅུ་གཅིག་འོད་ལྔའི་ཕཊ་རིས༔ དེ་ནས་རབ་ཏུ་གནས་པ་ནི ཡང་གསང་སྒྲུབ་པའི་གཞུང་

(༡༠༩)འུྃ བཞིན་ལ ཐིག་ལེ་ཆེན་པོའི་སྙིང་པོ་རྣམས རྩ་སྔགས་ཉིད་དང་སྤྲེལ་ལ་བཟླ ཤིས་པ་བརྗོད་ཅིང་མེ་ཏོག་གཏོར རྟེན་འབྲེལ་སྙིང་པོས་རབ་ཏུ་གནས དབང་བསྐུར་བྱེད་ན་སྡོམ་པ་གསུམ ཆོ་ག་བཞིན་དུ་བཟུང་བྱས་ལ བསྟན་བུར་བརྒྱ་ཕྱག་མཎྜལ་དབུལ ཚར་གཅིག་བཀླགས་ལ་སྤྱི་བོར་བཞག ཧོ རྒྱལ་བ་རིག་འཛིན་ཞི་ཁྲོའི་ལྷ བཏགས་གྲོལ་སྲོག་གི་འཁོར་ལོ་འདིས སྐལ་ལྡན་སློབ་མ་ཆེ་གོ་མོའི སྒོ་གསུམ་སྨིན་པར་མཛད་དུ་གསོལ གྲོལ་ཞིང་གང་བར་མཛད་དུ་གསོལ རྒྱས་དང་འཕེལ་བར་མཛད་དུ་གསོལ ཀཱ་ཡ་ཝཱཀྐ་ཙིཏྟ་རཏྣ་ཀརྨཱ་ཨ་བྷི་ཥིཉྩ་སྭཱ་ཧཱ ཞེས་བརྗོད་གནས་ལྔར་གཏུགས་བྱིན་རློབས འདི་ནི་ཆོས་སྐུའི་རང་བསྲེལ་དངོས༔ སྡེ་གསུམ་རྒྱུད་ལུང་མན་ངག་དང་༔ རྒྱལ་བ་ཡོངས་རྫོགས་སྲོག་འཁོར་ཡིན༔ སྤྱི་བོ་མགྲིན་པ་མཆན་ཁུང་དུ༔ སུས་བཅངས་སྡིག་པ་ཀུན་ལས་གྲོལ༔ དུས་གསུམ་རྒྱལ་བ་བསྙེན་

(༡༡༠)དང་མཚུངས འདས་དུས་གདུང་དང་རིང་བསྲེལ་དང་༔ ས་གཡོ་སྒྲ་འོད་འཇའ་ཚོན་འབྱུང་ ཉི་ཟླ་གཟས་ཟིན་ས་གཡོས་དང་ འོད་དང་སྒྲ་དང་སད་སེར་རིམས མུ་གེ་ཕྱུགས་ནད་བྱུང་བའི་ཚེ༔ བྱང་ཆུབ་སེམས་དང་ལྡན་པ་ཡིས རིམ་བཞིན་རྣམ་སྣང་མི་བསྐྱོད་པ༔ རིན་འབྱུང་དཔག་མེད་དོན་གྲུབ་དང་༔ བཟང་པོ་རང་རང་རིགས་ཀྱི་ལྗགས ཡིག་འབྲུས་མཚན་པར་བསྒོམ་སྟེ་བཀླག ཚོགས་དང་མཆོད་པ་སྲོག་འདོན་དང་ མཆོག་དམན་དུད་འགྲོ་ཡན་ཆད་ལ སྦྱིན་པ་གཏེད་ཞིང་རྣལ་འབྱོར་བསྒོམ། ཉིན་གཞག་གཅིག་ལ་མཚོན་པ་ན སྔ་ཞོག་བྱེར་དང་དྲོས་གཏིང་ཟུག༔ ཉིན་གུང་སྙོམས་ལ་དགོངས་ཁ་འཁྲུག སྲོད་བྱེར་སྲོད་ཡོལ་ཟུག་པ་དང་ ཕྱེད་སྙོམས་ཐོ་རེངས་འཁྲུག་པའི་ཚེ སོ་སོའི་དུས་གནད་ངེས་པ་བཞིན བཀླག་དང་ཚོགས་བསག་རྒྱ་ཆེར་བྱ གསང་སྔགས་མོས་པ་ཅན་ལ་གསུངས དད་པ་ཅན་ལ་སྨོས་ཅི་དགོས རྨོངས་པའི་དུད་འགྲོ་ལ་བཏགས་ཀྱང་ ཐུགས་རྗེའི་དཔྱད་ཐག་ཆད་པ་མེད

(༡༡༡)འུྃ ཐེ་ཚོམ་ལོག་ལྟ་ཅན་དག་ནི རྡོ་རྗེ་ཅན་གྱི་ཕྲིན་ལས་དང་ འདུལ་ཚུལ་ཐབས་ཀྱིས་སྤངས་པའི་ཕྱིར༔ གསང་ཚིག་རིག་སྔགས་སྨན་དང་དཔྱད རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ ཀུན་ལ་བསྐུར་བས་བསླུ་འགྱུར་ཞིང་༔ སྐལ་བ་ཆད་པ་སྙིང་རེ་རྗེ༔ འདི་དང་མཇལ་ཞིང་མོས་པ་རྣམས ལས་འཕྲོ་ཅན་དུ་གདོན་མི་ཟ སྙིང་ཏིག་བསྟན་པ་ཉམས་པའི་ཚེ ཀུན་ཏུ་བཟང་པོས་བྱིན་བརླབས་པ རང་བྱུང་རྡོ་རྗེ་དང་འཕྲད་ནས མཐོང་ཐོས་དྲན་རེག་གྲོལ་བར་ཤོག ས་མ་ཡ རྒྱ་རྒྱ་རྒྱ གྲི་མཛོད་ལས་དྲུང་རྟ་དབང་འདས་པའི་དགེ་རྩར་བར་དུ་བསྐྲུན་པས་མྱུར་དུ་རྫོགས་བྱང་ཐོབ་པའི་རྒྱུར་གྱུར་ཅིག་

(༡༡༢)

(༡༡༣)ཞི་ཁྲོ་ངན་སོང་སྦྱོང་བའི་ཆོག་སྒྲིགས་ཁྲོམ་དཀྲུགས་གསལ་བའི་རྒྱན་ཞེས་བྱ་བ་བཀླགས་ཆོག་མར་བཀོད་པ་བཞུགས་

(༡༡༤)བཅོམ་ལྡན་འདས་རྒྱལ་བཞི་ཁྲོའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །བཀའ་གཏེར་ཟུང་དུ་འཇུག་པའི་ཞི་ཁྲོའི་སྐོང་བཤགས་འདི་ལ་སྔོན་འགྲོ་དངོས་གཞི། རྗེས་གསུམ་གྱི། དང་པོ་ལའང་བཞི་ལས། དང་པོ་ཕྱི་རོལ་བ་བསྐྲད་པ་ནི། སྔོན་གཏོར་ཨ་ཀཱ་རོས་བརླབས་ལ། ཧཱུྃ་ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ལུས་ངག་ཡིད་ལ་གནོད་པའི་བགེགས། །བར་ཆད་འབྱུང་པོ་ཐམས་ཅད་ཀུན། །འདི་རུ་མ་འདུག་གཞན་དུ་དེངས། །ང་ནི་

(༡༡༥)འུྃ དཔལ་ཆེན་རྟ་མགྲིན་རྒྱལ། །རྡོ་རྗེ་འཛིན་བྱེད་འབར་བའི་སྐུ། །ང་ཡི་བཀའ་ལས་འདས་གྱུར་ན། །ཐལ་བའི་རྡུལ་བཞིན་བརླག་པར་འགྱུར། །ཨོཾ་ཤྲཱི་བཛྲ་ཧྱ་གྷྲི་ཝ་ཙ་ཧྲི་ཡ་ཧ་རི་ནི་ས་རཀྵ་ཨུ་ཙ་ཏ་ཡ་ཕཊ། བགེགས་རྣམས་རྒྱ་མཚོའི་ཕ་མཐར་བྱེར་ནས་ཡེ་ཤེས་ཀྱི་མེ་དཔུང་གཅིག་ཏུ་འབར་བར་གྱུར། གཉིས་པ་མཆོད་རྫས་རྣམས་ལ་བསང་ཆུས་འཐོར་ཞིང་། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨརྒྷཾ་པཱདྱཾ་པུཥྤེ་།དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱཱ་ཤཔྟ་ཨོཾ་ཨཱཧཱུྃ། ཡོངས་སུ་གྱུར་

(༡༡༦)པ་ལས་ཕྱི་ནང་གི་མཆོད་པ་རྣམས་དངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་གང་བར་གྱུར། སྨན་གཏོར་རཀྟའི་སྔགས་ཀྱང་བརྗོད། གསུམ་པ་སྐྱབས་འགྲོ་ནི་ཕ་མས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བཞི་པ་སེམས་བསྐྱེད་ནི། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་རྫོགས་

(༡༡༧)འུྃ། བའི་སངས་རྒྱས་ཀྱིས་ལ་དགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་སྒོམ་པ་བགྱིའོ། ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །དགའ་བ་ཆེན་པོ་དེ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ལན་གསུམ། གཉིས་པ་དངོས་གཞི་ལ་བདག་མདུན་གཉིས་ལས། དང་པོ་བདག་བསྐྱེད་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་

(༡༡༨)ཞིང་བདག་མེད་པ་མཐའ་དབུས་ལས་འདས་པའི་དག་ཆེན་ཡེ་ཤེས་ཀྱི་ཀློང་ཆེན་པོར་འོག་མིན་ལྷུན་གྱིས་གྲུབ་པའི་གཞལ་མེད་ཁང་ཤིན་ཏུ་ཉམས་དགའ་བ་ཕྱི་མཆོད་རྟེན་གྱི་རང་བཞིན་རྩེ་ལྔ་པ་ནང་རང་བྱུང་རྡོ་རྗེའི་གཞལ་ཡས་ཁང་། མནན་ན་ནེམ་ཞིང་། བཏེག་ན་འབྀར་བ། ཕྱི་གསལ་ནང་གསལ། ཡེ་ཤེས་རིན་པོ་ཆེའི་ངོ་བོ་ལས་གྲུབ་པ། རྒྱ་ཁྱོན་དང་བཀོད་པ་བསམ་གྱིས་མི་ཁྱབ་པའི་མཐའ་བསྐོར་དུ་མཆོད་རྟེན་ཤིང་མེ་ཆུ་སྤྲིན་གྲུབ་པའི་རིག་འཛིན་ཞིང་སྐྱོང་གི་མཁའ་འགྲོ་མ་ལ་སོགས་པ་རྣམ་པ་བརྒྱད་ཀྱིས་མཚན་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་རང་བཞིན་འཇིགས་སུ་རུང་ཞིང་སྐྱི་གཡའ་བ། དེའི་མཐའ་བསྐོར་རྡོ་རྗེའི་རྭ་བ་དང་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་ལ་རིགས་པའི་གཞལ་མེད་ཁང་ཆེན་པོ་དེའི་དབུས་སུ། རང་བཞིན་གཞིའི་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཁ་ཡབ་ཡུམ་མཉམ་སྦྱོར་རྡོ་རྗེ་སྐྱིལ་ཀྲུང་མཉམ་གཞག་གིས་མཚན་པའི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དུ། མི་འཇིགས་སེང་གེའི་ཁྲི་སྟེང་པད་ཟླའི་གདན་ལ་བཅོམ་ལྡན་

(༡༡༩)འུྃ། འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཞལ་བཞིའི་རྩ་ཞལ་དཀར་པོ། གཡས་ཞལ་སེར་བ། །གཡོན་ཞལ་དམར་བ། རྒྱ་བཞལ་ལྗང་ཁུ། འཁོར་ལོ་འཛིན་བའི་ཕྱག་གཉིས་མཉམ་པར་བཞག་ཅིང་སྐྱིལ་ཀྲུང་དུ་བཞུགས་པའི་ཤར་དུ་གླང་པོ་ཆེ། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་གི་ཁྲི་སྟེགས་རྣམས་སུ་པདྨ་དང་ཟླ་བའི་དབུས་སུ་དེ་བཞིན་གཤེགས་པ་རིགས་བཞི་ཞལ་གཅིག་ཕྱག་གཉིས་གཡས་སོ་སོའི་རིགས་ཀྱིས་ཡུ་བ་བྱས་པའི་རྡོ་རྗེ་དང་། གཡོན་རྣམས་དྲིལ་བུ་འཛིན་པ། ལྔ་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་ཤིང་གྲི་ཐོད་འཛིན་པའི་རང་འོད་ཀྱི་ཡུམ་དང་འཁྲིལ་བ། དེ་དག་གི་ཕྱི་ནང་གི་གྲྭ་ཟུར་བཞིར་ནམ་མཁའི་སྙིང་པོ་ལ་སོགས་པ་ཕྱི་ནང་གི་སེམས་དཔའ་བརྒྱད་ལ་རྡོ་རྗེ་སྒེག་མོ་མ་ལ་སོགས་པའི་ཕྱི་ནང་གི་སེམས་མ་བརྒྱད་ཀྱིས་འཁྲིལ་བ་ཀུན་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་དག་གི་ཐུགས་རྗེའི་རྩལ་ལས་ཕྱོགས་

(༡༢༠)བཞིའི་སྣམ་བུ་དང་སྟེང་འོག་གཉིས་སུ་ཐག་བཟངས་རིས་ལ་སོགས་པའི་སྤྲུལ་སྐུ་ཐུབ་པ་དྲུག་འགྲོ་བའི་དོན་ལ་གཤེགས་པའི་བརྡར་འགྲེང་བུར་བཞུགས་པ། སྒོ་བཞིར་སྒོ་བ་ཡབ་ཡུམ་རྣམས་ཁྲོ་བོ་ཆེན་པོའི་སྟང་སྟབས་ཀྱིས་རོལ་ཞིང་མ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །དེ་དག་གི་སྐུའི་གསལ་སྣང་ལས་སྟེང་གི་ཆར་ཡེ་ཤེས་བསྐལ་པའི་མེ་དཔུང་རབ་ཏུ་འཁྲུགས་པའི་ཀློང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཚོམ་བུའི་དཀྱིལ་འཁོར་ཤིན་ཏུ་འཇིགས་སུ་རུང་བ། ཐམས་ཅད་ཀྱང་སྐུ་མདོག་དང་ཕྱག་མཚན་གཅིག་ཏུ་མ་ངེས་ཤིང་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་སྐད་ཅིག་དྲན་རྫོགས་སུ་གསལ་བར་གྱུར། ཅེས་པས་གསལ་གདབ་བོ། །གལ་ཏེ་སློབ་མ་རྗེས་འཛིན་ནམ། ཚེ་འདས་ཀྱི་སྦྱོང་བ་ལ་སོགས་པའི་དོན་དུ་ཡིན་ན་དབང་དོན་བུམ་པའི་དཀྱིལ་འཁོར་སྤྲུལ་པའང་ཆོ་ག་གཅིག་པོ་དེའི་སྒྲོམ་ནས་བསྐྱེད་པའི་ཚུལ་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ཚོགས་བསག་པའི་སླད་དུ་མདུན་བསྐྱེད་བསྒྲུབ་པ་ལ་སྦྱོར་བ་སེམས་བསྐྱེད་དང་། དངོས་གཞིའི་

(༡༢༡)འུྃ རིམ་པ་གཉིས་ལས། དང་པོ་ལ་ཀུན་རྫོབ་བ་ནི། །བདག་དང་མཐའ་ཡས་སེམས་ཅན་རྣམས། ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དོན་དམ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགགས། །འགགས་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་

(༡༢༢)ཀྱིས་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །གཉིས་པ་ལ་ཏིང་འཛིན་རྣམ་གསུམ། རྟེན་གཞལ་ཡས། བརྟེན་པ་ལྷ་བསྒོམ་ག་ཚོགས་བསག་པ་དང་བཞིའི། དང་པོ་ལའང་གསུམ་ལས། དེ་བཞིན་ཉིད་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་མེད་པའོ། །ཀུན་སྣང་ནི། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །རྒྱུའི་ཏིང་འཛིན་ནི། །དངོས་པོ་མེད་ལས་དངོས་པོའི་སྤྲིན་སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །གཉིས་པ་རྟེན་གཞལ་ཡས་ཁང་བསྒོམ་པ་ནི། སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་

(༡༢༣)འུྃ། པ་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་རྣམས་ཆད། སྥ་ར་ཎ་ཕཊ་སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ནམ་མཁའ་ཡིད་ཀྱི་ནམ་མཁའ་ལ། །འབྱུང་ཆེན་བརྩེགས་པར་ལྷུན་གྱིས་གྲུབ། །དེ་སྟེང་རིན་ཆེན་སྣ་བཞི་ལས། །ལྷུན་གྱིས་གྲུབ་པ་ཚད་དཔག་མེད། །དེ་ལ་བརྟེན་པའི་ས་གཞི་ནི། །རིན་ཆེན་སྣ་ཚོགས་གཅལ་དུ་དཀྲམ། །མནན་ནེམ་བཏེག་འཕར་མཛེས་པའི་གཞི། །དེ་ལ་ཕོ་བྲང་གཞལ་ཡས་ཁང་། །གྲུ་བཞི་ལྷམ་པ་མཛེས་པར་སྣང་། །རིན་ཆེན་སྣ་བཞིའི་རྒྱ་ལས་གྲུབ། །གློ་འབུར་བཞི་ཡང་མཁར་ཐབས་ཚུལ། །རིན་ཆེན་བཞི་ལས་གྲུབ་པའོ། །བུམ་པའི་རྩེ་མོ་ཆོས་ཀྱི་ཏོག །རྨ་བྱའི་མདོངས་ལྟར་བཀྲ་བའོ། །སྒོ་བཞི་སྒོ་ཁྱུད་རྣམས་ཀྱིས་བརྒྱན། །རྟ་བབས་བརྒྱད་དང་ཡང་དག་ལྡན། །དབུས་ན་འཁོར་ལོ་རྩིབས་བཞི་པ། །ལྟེ་བར་བཅས་ཤིང་རྩིབ་རྟེན་ལྡན། གྲུ་ཆད་པར་ཁྱམས་མཛེས་པར་འབར། །རིན་ཆེན་འོད་ཟེར་འབར་བས་འཁྱིལ། །སེམས་ཅན་པདྨ་ཉི་ཟླ་དང་། །རིན་ཆེན་འབར་

(༡༢༤)བའི་གདན་མཆོག་དང་། །རིན་ཆེན་ཁྲི་རྐང་རྣམ་བརྟན་མཛེས། །ཕོ་བྲང་དེ་ཡི་རྒྱན་མཆོག་ཀྱང་། །ཉི་ཟླ་ནོར་བུ་རིན་ཆེན་འབར། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དར་དང་དོ་ཤལ་མུ་ཏིག་ཕྲེང་། །དྲིལ་བུ་དང་ནི་རྡ་ཡབ་ཚོགས། །རོལ་མོའི་ཆ་བྱད་སྣ་ཚོགས་བརྒྱན། །འཇིག་རྟེན་ལྷ་ཚོགས་མཛེས་པ་དང་། །དེ་ལ་སོགས་ཏེ་རྒྱན་རྣམས་དང་། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །གཞལ་ཡས་དེ་ཡི་སྒོ་བཞིན། །གླང་ཆེན་རྣམས་ཀྱིས་མཛེས་པར་བྱས། །རྟ་བབས་རྣམས་ཀྱིས་ཙོང་ཙོང་ལ། །གསེར་གྱི་དྲིལ་བུ་འབར་བ་དང་། །དཀོན་མཆོག་གསུམ་གྱི་མཚན་ཡང་སྒྲོག །སྒོ་དྲུང་དེ་དག་རེ་རེ་ན། །ཏཱ་ལའི་སྐྱེ་ཤིང་ཙོང་ཙོང་བྲེས། །དྲི་དང་གཟུགས་དང་འོད་དུ་ལྡན། །ཏཱ་ལའི་སྐྱེ་ཤིང་དེ་དག་ལ། །ཁུ་བྱུག་ལ་སོགས་བཀྲ་ཤིས་པའི། །བྱ་རྣམས་སྙན་པའི་སྐད་ཀྱང་སྒྲོག །སྒོ་དྲུང་དེ་དག་རེ་རེ་ན། །ཁྲུས་ཀྱི་རྫིང་བུ་དབྱིབས་ལེགས་པ། །བྲོ་མཆོག་ཡན་ལག་བརྒྱད་ལྡན་ཆུ། །གྲངས་མེད་དེ་དག་རེ་རེ་ན། །ལྷ་དང་ལྷ་མོ་བསམ་མི་ཁྱབ། །ཕྱི་རོལ་ཁོར་ཁོར་ཡུག་ན། །རྩེ་ས་འཆགས་ས་བརྗོད་མི་ལང་། །དེ་ལ་

(༡༢༥)འུྃ། སོགས་ཏེ་བསམ་ཡས་མཆོག །མ་བཅལ་ཡེ་ནས་ལྷུན་གྱིས་གྲུབ། །དེ་ལྟའི་གཞལ་མེད་ཁང་ཆེན་དབུས། །སེང་གེ་བརྒྱད་ཀྱིས་རྣམ་བཏེག་ཅིང་། །ཤར་ལྷོ་ནུབ་བྱང་གླང་ཆེན་རྟ། །ཁྱུང་དང་མཁའ་ལྡིང་གིས་བཏེག་པའོ། །རིན་ཆེན་ཁྲི་རྐང་མཛེས་པའི་སྟེང་། །བཾ་པདྨ་མཎྜལ། མ་སུརྱ་མཎྜལ། ཨ་ཙཎྜ་མཎྜལ། གཙོ་བོ་ལྔ་ལ་ལྔ་བརྩེགས་གདན། བྱ་བྱེད་གཉིས་ལ་བཞི་བརྩེགས་དང་། །སེམས་དཔའ་སུམ་བརྩེགས་ཉི་རྐྱང་སྒོ། །ཐུབ་པ་དྲུག་ལ་པད་རྐྱང་ངོ་། །གསུམ་པ་བརྟེན་པ་ལྷའི་འཁོར་ལོ་སྒྲུབ་པའི་རིམ་པ་བཅུ་གསུམ་ལས། །དང་པོ་མངོན་རྟོགས་སྒོམ་པ་ནི། རང་གི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པ་ལས་རིགས་བརྒྱའི་རང་བཞིན་ཡི་གེའི་སྤྲིན་བྱུང་ནས་མདུན་བསྐྱེད་ཀྱི་གཙོ་བོའི་གནས་པདྨའི་ལྟེ་བ་ལ་ཡིག་འབྲུ་དང་པོ་གཉིས་གནས་ཤིང་། དེའི་ཕྱི་རོལ་ནས་པདྨ་འདབ་བཞི། འདབ་བརྒྱད། བཅུ་དྲུག །སུམ་ཅུ་རྩ་གཉིས། བཞི་བཅུ་པ་རྣམས་ལ་ཤར་ནས་རིམ་པས་གཡས་

(༡༢༦)བསྐོར་གྱིས། ཨོཾ།བཛྲ།ས།ཏྭ།ས།མ།ཡ།མ།ནུ།པཱ།ལ།ཡ།བ།ཛྲ།ས།ཏྭ།ཏེྭ།ནོ།པ།ཏིཥ།ཐ།དྲྀ།བྷོ།མེ།བྷ།ཝ།སུ།ཏོྭ།ཥྱོ།མེ།བྷ།ཝ།སུ།པོ།ཥྱོ།མེ།བྷ།ཝ།ཨ།ནུ།རཀ།ཏོ།མེ།བྷ།ཝ།སར།བ།སིང་།དྷི།མེ།པྲ།ཡཙ།ཚ།སར། བ།ཀར།མ།སུ།ཙ།མེ།ཙིཏ།ཏཾ།ཤྲི།ཡ།ཀུ།ར།ཧཱུྃ།ཧ།ཧ།ཧ།ཧ།ཧོ།བྷ།ག།ཝཱ་ན།སར།བ།ཏ།ཐཱ། ག།ཏ།བ།ཛྲ།མཱ།མེ།མུན།ཙ།བ།ཛྲི།བྷ།ཝ།མ།ཧཱ།ས།མ།ཡ།ས།ཏྭ་ཨཱ།ཧཱུྃ།ཕཊ།ཅེས་མུ་ཏིག་གི་ཕྲེང་བ་ལྟ་བུར་གསལ་བར་གྱུར་པ་ལ། ཨ་ཞེས་བརྗོད་པས་གཞིའི་ཨ་དེ་འོད་དུ་ཞུ་ནས་ཡིག་འབྲུ་རྣམས་ལ་ཁྱབ་པར་ཐིམ་པས་ཤིན་ཏུ་གསལ་ཞིང་འབར་བར་གྱུར། སྥ་ར་ཎ་ཕཊ ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་ནས་ཡིག་འབྲུ་རྣམས་ལ་ཐིམ་པ་འོད་དུ་ཞུ་བ་ལས་ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་གྱི་འཁོར་ལོར་གྱུར་པ་ནི། ཧཱུྃ་བཛྲ་སཏྭ། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དཔལ་

(༡༢༧)འུྃ། རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་དང་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དང་པོ་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། །བར་པ་གཉིས་འཁོར་ལོ་དང་རིན་པོ་ཆེ་། ཐ་མ་གཉིས་གྱིས་པདྨ་དང་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །མུཾ་དྷཱ་ཏཱེ་ཤྭ་རཱི། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་འཕང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་ཕྱག་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། །གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱིས་སྟོད་གཡོགས་དང་། །ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་བན་ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། །རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། །དོ་ཤལ། སྐ་རགས།

(༡༢༨)ཕྱག་ཞབས་ཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱི་ས་མཛེས་པར་སྤྲས་པ། གཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ་ཞི་བའི་ཉམས་དགུས་བརྒྱན་པ། སངས་རྒྱས་ཀྱི་སྤྲིན་ཕུང་མཐའ་ཡས་པར་འཆར་བའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །དེའི་ཕྱི་རོལ་གྱི་འདབ་མ་བཞི་ལ། ཧཱུྃ་བཛྲ་དྷྲི་ཀ། ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། མུཾ་དྷ་ཏེྭ་ཤྭ་རཱི། ལྷོར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ནུབ་ཏུ་ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་གི་ཕྱག་རྒྱ་ཅན། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨཾ། བྱང་དུ་ཀུན་ཏུ་བཟང་མོ་མཐིང་ག་ཐལ་མོ་ཐུགས་ཀར་སྦྱར་བའོ། །དེའི་ཕྱི་རིལ་གྱི་འདབ་མ་བརྒྱད་ལ་ཤར་ནས་རིམ་པ་བཞིན། ཨོཾ་ཛི་ན་ཛི་ཀ། རྣམ་སྣང་དཀར་

(༡༢༩)འུྃ། བོ་གཡས་འཁོར་ལོ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ལཱཾ་དེ་ཥ་ར་ཏི། སྤྱན་མ་དཀར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་། གཡོན་འཁོར་ལོ་ཐུགས་ཀར་འཛིན་པ། སྭཱཾ་རཏྣ་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། མཱཾ་མོ་ཧ་ར་ཏི། མཱ་མ་ཀཱི་སེར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་། གཡོན་རིན་པོ་ཆེ་ཐུགས་ཀར་འཛིན་པ། ཨཱཾ་ཨ་རོ་ལི་ཀ །སྣང་མཐའ་དམར་པོ་གཡས་པདྨ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། པཱཾ་རཱ་ག་ར་ཏི། གོས་དཀར་མོ་དམར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་། གཡོན་པདྨ་ཐུགས་ཀར་འཛིན་པ། ཧཱཾ་པྲཛྙཱ་དྷྲི་ཀ། དོན་གྲུབ་ལྗང་གུ་གཡས་རྒྱ་གྲམ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཏཱཾ་བཛྲ་ར་ཏི། དམ་ཚིག་སྒྲོལ་མ་ལྗང་གུ་གཡས་དྲིལ་བུ་དཀུར་བརྟེན་ཅིང་། གཡོན་རྒྱ་གྲམ་ཐུགས་ཀར་འཛིན་པ། རིགས་ལྔ་ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་

(༡༣༠)མོ་ཀྲུང་ཀུན་ཏུ་བཟང་པོ་རྡོ་རྗེའི་སྐྱིལ་ཀྲུང་དང་བཟང་མོ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་པའོ། །དེའི་ཕྱི་རོལ་གྱི་འདབ་མ་བཅུ་དྲུག་ལ། ཀྵི༚་ཧི་རཱ་ཛ་ཡ། ས་སྙིང་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་དྲིལ་བུ་འཛིན་པ། ཧཱུྃ་ལཱ་སེ་ས་མ་ཡ་སྟྭཾ། སྒེག་མོ་དཀར་མོ་ཁུ་ཚུར་གྱི་རྒྱས་མེ་ལོང་བསྣམས་པ། ཏྲཱཾ་ཨཱ་གརྦྷ་ཡ། ན་མ་སྙིང་སེར་པོ་གཡས་རལ་གྲི་དང་གཡོན་དྲིལ་བུ་འཛིན་པ། ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོ། ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་བསྣམས་པ། ཧྲཱི་ཧཱ་ཧཱུྃ་པདྨ་པྲ་ད་མ། སྤྱན་རས་གཟིགས་དམར་པོ་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པ། ཧྲཱི་གཱི་ཏི་རཱ་གོ྅་ཧཾ། གླུ་མ་དམར་མོ་པི་ཝཾ་བསྣམས་པ། ཛྲི༚་ཀུ་རུ་པཱ་ཎི། ཕྱག་རྡོར་མཐིང་ག་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པ། ཨཱཾ་ནི་རྟི་རཱ་ག་ཡ་མ། གར་མ་ལྗང་གུ་གར་རྒྱ་མཛད་པ། མཻ་དྷཱ་ར་ནི་སྭཱ་ཧཱ། བྱམས་པ་དཀར་སར་གཡས་ཀླུ་ཤིང་དང་གཡོན་དྲིལ་བུ་འཛིན་པ། ཛདྷཱུ་པེ་པྲ་པེ་ཤ། སྤོས་མ་དཀར་སེར་སྦོས་ཁང་བསྣམས་པ། ཐླྷི༚་ནི་

(༡༣༡)འུྃ། རཾ་བྷ་ཡ་སྭཱ་ཧཱ། སྒྲིབ་སེལ་དམར་སེར་གཡས་གླེགས་པ་མ་དང་གཡོན་དྲིལ་བུ་འཛིན་པ། ཧཱུྃ་པུཥྤེ་ཨཱ་བེ་ཤ། མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ་བསྣམས་པ། ཧཱུྃ་སྭཱ་རཱ་ཛ་ཡ་སྭཱ་ཏཱ། ཀུན་བཟང་དམར་ལྗང་གཡས་རིན་པོ་ཆེའི་སྙེ་མ་དང་གཡོན་དྲིལ་བུ་འཛིན་པ། བཾ་དཱེ་བ་སུ་ཀི་རཱི། མར་མེ་མ་དམར་ལྗང་མར་མེ་བསྣམས་པ། མཱུཾ་ཤྲི་ཨཾ་རཱ་ག་ཡ་སྭཱ་ཧཱ། འཇམ་དཔལ་དཀར་ལྗང་གཡས་ཨུཏྤལ་དང་གཡོན་དྲིལ་བུ་འཛིན་པ། ཧོ གནྡྷེ་ཙིཏྟ། དྲི་ཆབ་མ་ལྗང་དཀར་དྲིའི་དུང་ཕོར་བསྣམས་པ་སྟེ་ཡབ་རྣམས་གཡས་བརྐྱངས་པའི་ཕྱེད་སྐྱིལ་དང་། ཡུམ་རྣམས་གཡོན་བརྐྱངས་པའི་ཕྱེད་སྐྱིལ་གྱིས་བཞུགས་པ། ཐམས་ཅད་ཀྱད་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། དེའི་ཕྱི་རོལ་གྱི་འདབ་མ་སོ་གཉིས་ལ། ཧཱུྃ་ཡ་མཱནྟ་ཀྲི་ཏ་ཕཊ། གཤིན་རྗེ་གཤེ་སྨུག་ནག་རྣིྲ་མགོ་གདེངས་པ་འཛིན་པ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པ། ཧཱུྃ་པྲཛྙཱནྟ་ཀྲྀ་ཏ་ཕཊ།

(༡༣༢)སྟོབས་པོ་ཆེ་སེར་ནག་རྡོ་རྗེ་འཛིན་པ། ཨོཾ་མ་ཧཱ་རཏྣ་དྷ་ར་ཕཊ། ཞགས་པ་མ་སེར་ནག་ཞགས་པ་འཛིན་པ། ཧཱུྃ་པདྨནྟ་ཀྲྀ་ཏ་ཕཊ། རྟ་མགྲིན་དམར་ནག་ཐོད་དབྱུག་སྤྲུལ་གྱིས་དཀྲིས་པ་འཛིན་པ། ཨོཾ་མ་ཧཱ་པདྨ་དྷ་ར་ཕཊ། ལྕགས་སྒྲོག་མ་དམར་ནག་ལྕགས་སྒྲོག་འཛིན་པ། ཧཱུྃ་བི་གྷྣནྟ་ཀྲྀ་ཏ་ཕཊ། བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་འཛིན་པ། ཨོཾ་མ་ཧཱ་ཀརྨ་ཏ་ཀྲྀ་ཏ་ཕཊ། དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ཁྲོ་གཏུམ་མི་བཟང་པའི་ཉམས་ཅན་ཀྱང་ཀྱི་དོར་སྟབས་སུ་བཞུགས་པའོ། ཨོཾ་མུ་ནེ་ཀྲེ༚་སྭཱ་ཧཱ། ལྷའི་ཐུབ་པ་དཀར་པོ་པི་ཝཾ་འཛིན་པ། ཨོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། ལྷ་མིན་གྱི་ཐུབ་པ་མཐིང་ག་གོ་ཆ་འཛིན་པ། ཨོཾ་མུ་ནེ་སུཾ་སྭཱ་ཧཱ། མིའི་ཐུབ་པ་སེར་པོ་གསེག་པར་འཛིན་པ། ཨོཾ་མུ་ནེ་པྲེ༚་སྭཱ་ཧཱ། བྱོལ་སོང་གི་ཐུབ་པ་དམར་ནག་པུ་སྟི་འཛིན་པ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒོམ་བུ་འཛིན་པ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པ། ཐམས་ཅད་ཀྱང་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་འགྲོ་བའི་དོན་ལ་བཞེངས་སྟབས་

(༡༣༣)འུྃ། ཀྱིས་གནས་པའོ། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། རྡོ་རྗེ་ཁྲག་འཐུང་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྩེ་ལྔ་དང་ཏི་ར། གཡོན་གཉིས་དུང་དམར་དང་འཇིག་རྟེན། ཞབས་གཉིས་རུ་ཏྲ་ཕོ་མོའི་གདན་ལ་རོལ་པ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། རྡོ་རྗེ་ཁྲག་འཐུང་མ་སྔོན་མོ་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། སངས་རྒྱས་ཁྲག་འཐུང་སྨུག་ནག་སྨུག་ལྗང་སེར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར། གཡོན་གཉིས་དུང་དམར་དང་ཁ་ཊྭཱཾ་ག། ཞགས་བཞི་དྲི་ཟ་ཕོ་མོའི་གདན་ལ་རོལ་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་ཏི་ཤྭ་རཱི་སརྦ་དུཥྚ་ན་ཧཱུྃ་ཕཊ། སངས་རྒྱས་ཁྲག་འཐུང་མ་སྨུག་ནག་གཡས་དྲིལ་བུ་དང་།

(༡༣༤)གཡོན་དུང་དམར་སྟོབ་པ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུ་ཥནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། རིན་ཆེན་ཁྲག་འཐུང་སེར་ནག་སེར་སྨུག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རིན་པོ་ཆེ་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར། གཡོན་གཉིས་དུང་དམར་དང་དགྲ་སྟ། ཞབས་བཞི་གཤིན་རྗེ་ཕོ་མོའི་གདན་ལ་རོལ་པ། ཨོཾ་མ་ཧཱ་སུརྱ་རཏྣ་མ་ཧཱ་ཀྲོ་དྷི་ཤཱ་རཱི་པི་ད་མ་ཧཱུྃ་ཕཊ། རིན་ཆེན་ཁྲག་འཐུང་མ་སེར་ནག་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། པདྨ་ཁྲག་འཐུང་མ་དམར་ནག་དམར་སེར་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་པདྨ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར། གཡོན་གཉིས་དུང་དམར་དང་རྡེའུ་ཆུང་། ཞབས་བཞི་ཀླུ་དབང་ཕོ་མོའི་གདན་ལ་རོལ་པ། ཨོཾ་ཧྲཱི་ཤུ་ཏ་ས་མ་ཏ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཁཱ་ཧི་ཧཱུྃ་ཕཊ། པདྨ་ཁྲག་འཐུང་མ་དམར་ནག་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་

(༡༣༥)འུྃ། དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ལས་ཀྱི་ཁྲག་འཐུང་ལྗང་ནག་ལྗང་དམར་སྨུག་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྒྱ་གྲམ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར་གཡོན་གཉིས་དུང་དམར་དང་ཐོང་གཤོལ། ཞབས་བཞི་གནོད་སྦྱིན་ཕོ་མོའི་གདན་ལ་རོལ་པ། ཨོཾ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷི་ཤྭ་རི་བི་ཤྭ་ཧཱུྃ་ཕཊ། ལས་ཀྱི་ཁྲག་འཐུང་མ་ལྗང་ནག་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ཡབ་རྣམས་ཞགས་གཡས་བརྐྱངས་དང་ཡུམ་རྣམས་གཡོན་བརྐྱངས་དང་ཡུམ་རྣམས་གཡོན་བརྐྱངས་པའི་དོར་སྟབས་ཀྱི་ཚུལ་ཅན། ཐམས་ཅད་ཀྱང་གར་དགུའི་རོས་སྒེག་ཅིང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པའོ། །ཨོཾ་བཛྲ་གོ་རཱི་ཧ། གཽ་རཱི་སྔོན་མོ་གཡས་ཞིང་དབྱུག་དང་གཡོན་བྷན་དམར་འཛིན་པ། ཨོཾ་བཛྲ་ཙཽ་རཱི་ཧ། ཙཽ་རཱི་ས་སེར་མོ་མདའ་གཞུ་འགེངས་པ། ཨོཾ་བཛྲ་པྲ་མོ་ཧི་ཧ། བྲ་མོ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་ཕྱར་བ། ཨོཾ་བཛྲ་བེ་ཏ་ལཱི་ཧ། བེ་ཏ་ལི་ནག་མོ་རྡོ་རྗེ་དང་ཞིང་ཆུང་འཛིན་པ། ཨོཾ་བཛྲ་བུཀྐ་སཱི་ཧ། པུཀྐ་སི་

(༡༣༦)དམར་སེར་ཞིང་ཆུང་གི་རྒྱུ་མ་འདྲེན་པ། ཨོཾ་བཛྲ་གྷསྨ་རཱི་ཧ། གྷསྨ་རཱི་ལྗང་གུ་གཡོན་དུང་ཁྲག་གཡས་བའི་རྡོ་རྗེས་དཀྲུགས་བ། ཨོཾ་བཛྲ་སྨ་ཤ་ནཱི་ཧ། སྨེ་ཤ་མཐིང་ནག་བྱིས་པའི་རོ་བཟུང་ནས་སྙིང་ཟ་བ། ཨོཾ་བཛྲ་ཙཎྜ་ལཱི་ཧ། ཙཎྜ་ལཱི་སེར་སྐྱ་ཞིང་ཆུང་གི་མགོ་ལུས་འབྲལ་བ། ཐམས་ཅད་ཀྱང་གཅེར་བུ་ལང་ཚོས་སེག་ཅིང་ཁྲོ་འཛུམ་བཞད་པ་དུར་ཁྲོད་རོལ་པའི་ཆས་ཅན་གཡོན་བརྐྱངས་པའི་སྟབས་ཀྱིས་གནས་པའོ། །དེའི་ཕྱི་རོལ་གྱི་འདབ་མ་བཞི་བཅུ་ལ། ཨོཾ་བཛྲ་སིངྷ་མུ་ཁཱི་ཧེ། སེང་གདོང་མ་སེར་མོ་རོ་ཟ་ཞིང་ལག་གཉིས་།ཐུགས་ཀར་བསྣོལ་བ། ཨོཾ་བཛྲ་བྱ་གྷྲི་མུ་ཁཱི་ཧེ། སྟག་གདོང་མ་དམར་མོ་ལག་གཉིས་ཐུར་དུ་བསྣོལ་བས་རོ་བཟུང་བ། ཨོཾ་བཛྲ་ཤྲཱི་གཱ་ལ་མུ་ཁཱི་ཧེ། ཝ་གདོང་མ་ནག་མོ་ཞིང་ཆུང་ལྕེས་ལྡག་པ། ཨོཾ་བཛྲ་ཤྭ་ན་ཁུ་ཁྲཱི་ཧེ། སྦྱང་གདོང་མ་དམར་ནག་ཞིང་ཆུང་གི་ཁོག་པ་འབྲལ་བ་སྟེ། མཆེ་བ་ཅན་བཞི། ཨོཾ་བཛྲ་གྲྀ་ཌྷ་མུ་ཁཱི་ཧི། རྒོད་གདོང་མ་དམར་མོ་ཞིང་གི་རྒྱུ་མ་འདྲེན་པ། ཨོཾ་བཛྲ་ཀངྐ་མུ་ཁཱི་ཧེ། ཀངྐའི་གདེང་མ་དམར་སྐྱ་བ་མ་རོ་ཕྲག་པར་

(༡༣༧)འུྃ། བུར་བ། ཨོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། བྱ་རོག་གདོང་ཅན་ནག་མོ་རལ་གྲི་དང་བྷན་དམར་འཛིན་པ། ཨོཾ་བཛྲ་ཨུ་ལུ་ཀ་མུ་ཁཱི་ཧེ། འུག་གདོང་མ་མཐིང་ནག་རྡོ་རྗེའི་དབྱུག་པ་འཛིན་པ་སྟེ་གཤོག་པ་ཅན་བཞིའོ། །ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏེ་བཛྲ རྟ་གདོང་མ་སྔོན་མོ་ལྕགས་ཀྱུ་འཛིན་པ། ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ། ཕག་གདོང་མ་ནག་མོ་ཞགས་པ་འཛིན་པ། ཨོཾ་བཛྲ་ལོ་ཀ་བཾ། སེང་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ། ཨོཾ་བཛྲ་བྷསྨི་བཱ་ལ་ཡ་བ་ཏུ་ཧོ སྦྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་གཅེར་བུ་རང་རང་ཁྲོས་པའི་ཞལ་ཅན་དུར་ཁྲོད་འབར་བའི་ཆས་དང་ལྡན་པའོ། །མ་ནུ་རཀྵ་བཱི་བྷྱོ། བྲཧྨ་ཎཱི་བྷྱོ རོ་ཏྲི་བྷྱོ ཀུ་མ་རཱི་བྷྱོ བིཥྞ་བཻ་བྷྱོ། ཨིནྡྲ་ཎི་བྷྱོ། སྲིན་མོ་དམར་སེར་གཡག་གདོང་ཏྲི་ཤུལ་འཛིན་པ། ཚངས་པ་དམར་སྐྱ་སྤྲུལ་གདོང་རྡོ་རྗེ་རྩེ་ལྔ་འཛིན་པ་འཁྲུག་མོ་སེར་ནག་གཟིག་གདོང་དབྱུག་ཏོ་དང་སྡིགས་འཛུབ། བརྒྱ་བྱིན་མ་དཀར་དམར་སྲེ་མོང་མགོ་ཅན་དུང་དམར་འཛིན་པ། ཁྱབ་འཇུག་མ་སེར་མོ་ཕ་

(༡༣༨)ཝང་མགོ་ཅན་འཁོར་ལོ་འཛིན་པ། དབང་མོ་དམར་སྐྱ་དྲེད་གདོང་བཾ་དབྱུག་འཛིན་པའོ། །ཨོཾ་བཛྲ་པིངྐ་ལཾ་བྷྱོ། ཨ་མྲི་ཏ་བྷྱོ། སཽ་ཤྱ་བྷྱོ། དཎྜ་དམ་བྷྱོ། རཀྵ་སཱི་བྷྱོ། བྷ་ཀྲ་སཱི་བྷྱོ། ཞི་བ་དམར་མོ་དོམ་མགོ་ཅན་རྒྱུ་ཞགས་འཛིན་པ། བདུད་རྩི་མ་སྔོན་མོ་ཆུ་སྲིན་མགོ་ཅན་བུམ་པ་འཛིན་པ། ཞི་བ་མ་སྔོ་སྐྱ་སྡིག་པའི་མགོ་ཅན་པུཎྜ་རི་ཀ་འཛིན་པ། བེ་ཅོན་མ་ནག་མོ་ཁྲ་མགོ་ཅན་ཐོང་རློན་འཛིན་པ། སྲིན་མོ་དམར་ནག་ཝ་གདོང་རྒྱུ་ཞགས་འཛིན་པ། ཟ་བྱེད་ནག་མོ་སྟག་མགོ་བམ་ཆེན་འཛིན་པའོ། ར་ཏི་བཛྲ་བྷྱོ། རུ་དྷི་ར་མཏྟ་བྷྱོ། ཨེ་ཀ་ཙ་རི་ཎི་བྷྱོ། མ་ནོ་ཧ་ར་མ་བྷྱོ། སིདྡྷི་ཀ་མ་བྷྱོ། ཝ་ཡ་ཝི་བྷྱོ། དགའ་བྱེད་དམར་མོ་རྒོད་གདོང་ཁོག་ཆེན་འཛིན་པ། ཁྲག་འཐུང་མ་དམར་ནག་རྟ་གདོང་རྡོ་རྗེའི་དབྱུག་པ་འཛིན་པ། གཅིག་སྤྱོད་མ་དཀར་དམར་ཁྱུང་གདོང་བྷན་དམར་འཛིན་པ། འདོད་པ་དམར་སེར་ཁྱི་གདོང་བྱིས་བམ་འཛིན་པ། །ནོར་སྲུང་དཀར་དམར་བུ་ཤུད་མགོ་ཅན་པདྨ་འཛིན་པ། རླུང་མོང་མར་སྐྱ་ཤ་བའི་མགོ་ཅན་བ་དན་འཛིན་པའོ། །མ་ཧཱ་མ་ར་ཎ་བཛྲ་བྷྱོ། ཨགྣི་བྷྱོ། ཝ་ར་ཧི་བྷྱོ། ཙ་

(༡༣༩)འུྃ། མུཎྜི་བྷྱོ། སུ་ཏ་ནི་བྷྱོ། གསོད་བྱེད་མ་ལྗང་ནག་སྦྱང་གདོང་རྡེའུ་ཆུང་འཛིན་པ། མེ་མོ་དམར་སེར་སྐྱིན་གདོང་མེ་སྒྲོན་འཛིན་པ། ཕག་མོ་ལྗང་སེར་ཕག་གདོང་མཆེ་བ་འཛིན་པ། རྒན་བྱེད་ལྗང་སྔོན་ཁཱ་ཏའི་མགོ་ཅན་དུང་ཁྲག་འཛིན་པ། སྣ་ཆེན་ལྗང་དམར་བ་ལང་མགོ་ཅན་བམ་ཆེན་འཛིན་པ། ཆུ་ལྷ་མ་ལྗང་ནག་སྤྲུལ་གདོང་བདུད་རྩིའི་ཐོད་པ་འཛིན་པའོ། །བཛྲ་མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀཱ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལམྦྷོ་དྷ་ར་བྷྱོ། ནག་མོ་ཆེན་མོ་ཁུ་བྱུག་མགོ་ཅན་ལྕགས་ཀྱུ་འཛིན་པ། རྡོ་རྗེ་སྔོན་མོར་གདོང་རྒྱུ་ཞགས་འཛིན་པ། བུམ་རྣམ་དམར་མོ་སེང་གདོང་ལྕགས་སྒྲོག་འཛིན་པ། བསུས་འཛིན་མ་ལྗང་ནག་སྐྱེ་ཀའི་མགོ་ཅན་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་དྲག་མོའི་གཟུགས་ཅན་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་ཏེ་ཞིང་གི་གདན་ལ་རོལ་པའོ། །གཞན་ཡང་དཀྱིལ་འཁོར་ཆེན་པོའི་ཕྱིའི་ཁོར་ཡུག་ལ་སྤྲུལ་པ་དང་ཡང་སྤྲུལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱང་རང་རང་གི་རྒྱན་དང་ཆ་ལུགས་དང་

(༡༤༠)ལྡན་ཞིང་སོ་སོའི་འཁོར་གྱིས་བསྐོར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་མངོན་པར་སྣང་བའི་སྒྱུ་འཕྲུལ་གྱི་རོལ་མོ་བསམ་གྱི་མི་ཁྱབ་པ་དམ་ཚིག་གི་འཁོར་ལོར་རྫོགས་པར་གྱུར། དེ་ལྟར་དུ་གསལ་བའི་ལྷ་ཚོགས་རྣམས་ཀྱི་སྲོག་གི་གོར་རང་དང་རྣམ་པ་མཐུན་པའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་སོ་སོའི་ས་བོན་གྱིས་མཚན་པར་གྱུར། གཉིས་པ་བྱིན་གྱིས་བརླབ་པ་ནི། ལྷ་རྣམས་སོ་སོའི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་གནས་པའི་ཨཱ་དམར་པོ། སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་སོ་སོའི་འོད་ཟེར་གྱིས་རྒྱལ་བ་རབ་འབྱམས་ཀྱི་།ཐུགས་རྒྱུད་བསྐུལ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གད་བར་བྱོན། ཡི་གེ་གསུམ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྤྱི་བོར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། མགྲིན་པར་སྣང་མཐའ་དམར་པོ་པདྨ་འཛིན་པ། སྙིང་ཁར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་

(༡༤༡)འུྃ། ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གྱུར། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་སོ་སོར་གཏུགས་པ་དང་བསྟུན་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་ཀཱ་ཡའི་གནས་སུ་ཝཱཀྐ་་དང་སྙིང་ཁར་ཙིཏྟ་སྦྱར་རོ། །གསུམ་པ་དབང་བསྐུར་བ་ནི། ལྷ་ཚོགས་དེ་རྣམས་སོ་སོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རབ་འབྱམས་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷའི་རྣམ་པར་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྐུལ་བས་དེ་རྣམས་གཉིས་མེད་དུ་མཉམ་པར་རོལ། རྗེས་ཆགས་ཀྱི་མེས་ཞུ་བས་ཡེ་ཤེས་ལྔའི་ཆུ་རྒྱུན་ལྷ་སོ་སོའི་དབུའི་གནས་ལྔར་བབས་ཏེ་དབང་བསྐུར་བར་གྱུར། རྡོ་རྗེ་སྤྱི་བསྔར་ས་ལས་གུང་མོ་གཉིས་བརྐྱངས་པ་སྤྱི་བོར་བཞག་སྟེ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་མཛུབ་མོ་བརྐྱངས་པ་དཔྲལ་བར་ཨོཾ་མ་ཧཱ་ཨ་དརྴ་ཛྙཱན་བཛྲ་སྭ་བྷཱ་ཝ་

(༡༤༢)ཨཱཏྨ་ཀོ྅་ཧཾ། སྲིན་ལག་བརྐྱངས་བ་རྣ་ལྟག་གཡས་པར། ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེ་བོང་བརྐྱངས་པ་ལྟག་པར། ཨོཾ་མ་ཧཱ་པྲ་དྱ་བེཀྵ་ཎ་ཛྙཱན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེའུ་ཆུང་བརྐྱངས་པ་རྣ་ལྟག་གཡོན་པར། ཨོཾ་མ་ཧཱ་ཀྲྀ་དྱཱ་ནུཏྟན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དབང་བསྐུར་བས་ཉོན་མོངས་བ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར། ཆུ་ལྷག་མ་སྤྱི་བོར་བརྟེན་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། བཞི་པ་སྤྱན་འདྲེན་ནི། ཨོཾ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟང་འཛོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛ ལྔ་པ་བཞུགས་གསོལ་ནི། ཨཱ༔ ཡེ་ཤེས་སྤྲུལ་པའི་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་

(༡༤༣)འུྃ། གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་བཞིན་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ་བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། བདུན་པ་སྣང་བ་ཡབ་ཀྱི་མཆོད་སྤྲིན་ནི། ཨོཾ་དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་རཱུ་པ་ཤཔྟ་གྷནྡྷེ་རཱ་ས་བརྴེ་ཨཱ༔ཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་པཱུ་ཙ་ཨཱཧཱུྃ། བརྒྱད་པ་སྟོང་པ་ཡུམ་གྱི་མཆོད་པ་ནི། ཨཱ ཀུན་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་

(༡༤༤)གཅིག་པས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །ཛཧཱུྃ་བཾ་ཧོ མ་ཧཱ་སུ་ཁ་ཨ་ནུ་རཱ་ག་ཡ་མི། དགུ་བཟུང་འཇུག་ཆོས་སྐུའི་མཆོད་པ་ནི། ཧཱུྃ་སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་བརྗོད་ལས་འདས། མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། བྷོ་དྷི་ཙིཏྟ་ཨ་ལ་ལ་ཧོ བཅུ་པ་བསྟོད་པ་ནི། ཧཱུྃ་ཆོས་དབྱིངས་ཡེ་ཤེས་མཉམ་པའི་ངང་། །རང་བཞིན་ཡོན་ཏན་ལྷུན་གྱིས་གྲུབ། །ཐུགས་རྗེ་ཡིད་བཞིན་ནོར་བུ་འདྲ། །ཕྱག་འཚལ་གདོད་མའི་མགོན་པོ་ལ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཉོན་མོངས་དུག་ལྔ་རྣམ་སྦྱོང་ཞིང་། །འབྱུང་ལྔའི་ཁམས་ནི་རྣམ་དག་པ། །ཕྱག་འཚལ་གདོད་མའི་མགོན་པོ་ལ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཉོན་མོངས་དུག་ལྔ་རྣམ་སྦྱོང་ཞིང་། །འབྱུང་ལྔའི་ཁམས་ནི་རྣམ་དག་པ། །ཕྱག་འཚལ་རྒྱལ་བ་རིགས་ལྔ་ལ། །བཅུ་དྲུག་ཡེ་ཤེས་ངོ་བོ་ཉིད། །གཟུང་འཛིན་དྲི་མ་རྣམ་སྦྱོང་ཞིང་། །རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །ཕྱག་འཚལ་སེམས་དཔའ་ཡབ་ཡུམ་ལ། །ཚད་མེད་ཡེ་ཤེས་ངོ་བོ་ཉིད། །ཁམས་དྲུག་དྲི་མ་རྣམ་སྦྱོང་ཞིང་། །ཚོགས་

(༡༤༥)འུྃ། དྲུག་ཡུལ་ཤེས་རྣམ་པར་དག །ཕྱག་འཚལ་ཐུབ་པ་དྲུག་ལའོ། །ཞི་ལས་ཡེ་ཤེས་རྣམ་འཕྲོས་པས། །འཇིགས་གཟུགས་ཁྲོ་བོའི་དཀྱིལ་འཁོར་ནི། །ལྔ་བཅུ་རྩ་བརྒྱད་འབར་བའི་སྐུ། །ཕྱག་འཚལ་དབྱིངས་ཀྱི་དཀྱིལ་འཁོར་ལ། །ས་དང་ཡེ་ཤེས་ཞིང་ཁམས་ལ། །འཇིག་རྟེན་འདས་དང་མ་འདས་ཚུལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ན། །བཞུགས་པའི་འགྲོ་བ་ཀུན་ལ་འདུད། །བཅུ་གཅིག་པ་ཇ་བ་ལ་བདག་མདུན་བུམ་གསུམ་ལས། དང་པོ་ནི། རྣམ་སྣང་ཐུགས་ཀྱི་དཀྱིལ་འཁོར་དུ། །གསེར་གྱི་རྡོ་རྗེ་རྩེ་ལྔ་པའི། །ལྟེ་བར་ཉི་ཟླ་ཁ་སྦྱོར་དབུས། །སྲོག་གི་སྙིང་པོ་ཡི་གེ་ཨོཾ། །དེ་མཐར་སྔགས་ཕྲེང་གཡས་སུ་འཁོར། །འོད་ཟེར་འཕྲོས་པས་འཕགས་པ་མཆོད། །རིགས་དྲུག་སྡུག་བསྔལ་གཏན་ནས་སྦྱངས། །སྣོད་བཅུད་འོག་མིན་ཞིང་དུ་བསྒྱུར། །ཚུར་འདུས་བདག་ལ་ཐིམ་པ་ཡིས། །མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགས། །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་རྟུ་ཨཱ ཧཱུྃ། ཞི་བ་ཡོངས་རྫོགས་

(༡༤༦)སྙིང་པོ་སྟེ། །བསྙེན་པའི་ཚུལ་དུ་བཟླས་པ་བྱ། །འབུམ་ཕྲག་བཅོ་ལྔ་ཐོན་རྗེས་སུ། །དྲག་པོར་སྒྲུབ་པ་འདི་ལྟ་སྟེ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། རུ་ལུ་བཟླ་སྐབས་རྣམ་སྣང་ལྗགས། །རྡོ་རྗེ་རྩེ་གསུམ་དམར་པོ་ཡི། །ལྟེ་བར་ཨཱདམར་རུ་ལུས་བསྐོར། །དེ་ལས་འོད་འཕྲོས་སྟེང་ཕྱོགས་ཀྱི། །ཁྲོ་བོའི་དཀྱིལ་འཁོར་གསལ་བར་བྱས། །དེ་དག་ཐུགས་དམ་རྒྱུད་བསྐུལ་ཏེ། །རུ་ལུ་གྲགས་སྟོང་སྐྱེ་མེད་སྒྲ། །འབྲུག་སྟོང་བཞིན་དུ་སྒྲོགས་པར་བསམ། །བྱེ་བ་གསུམ་དུ་བཟླས་གྱུར་ན། །བྲས་སྐུ་བཞད་ཅིང་བདུད་རྩི་ཁོལ། །སྣང་བ་ཞི་ཁྲོའི་སྐུ་རུ་འཆར། །གྲགས་པ་གསུང་དུ་ལྷང་གིས་འགྱུར། །རིག་པ་ཆོས་ཉིད་དོན་དང་མཇལ། །མཆོག་ཐུན་དངོས་གྲུབ་འབད་མེད་འབྱུང་། །དེ་ནས་ལས་ལ་སྦྱོར་བ་ནི། །སྦྱང་གཞི་ང་རུ་འཛིན་པའི་བདུད། །ལས་ངན་སྒྲིབ་པའི་ཕུང་པོ་ལ། །སྦྱོང་བྱེད་རྩ་རིག་ཟབ་མོ་ནི། །ཨོཾ་ན་མོ་ཕྱག་འཚལ་ལོ་ བྷ་ག་ཝ་ཏེ་ བཅོམ་ལྡན་འདས་ སརྦ་དུ་རྒ་ཏེ་ངན་ སོང་ཐམས་ཅད་ བཱ་རི་ཤྭ་དྷ་ནི་རཱ་ཛ་ཡ། ཡོངས་སུ་སྦྱོང་བའི་རྒྱལ་པོ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ་

(༡༤༧)འུྃ ཨརྷ་ཏེ། དགྲ་བཅོམ་པ། སཾ་མྱ་ཀ་སཾ་བུད་དྷཱ་ཡ། ཡང་དག་པར་རྫོགས་པའི་སངས་རྒྱས། ཏདྱ་ཐཱ། འདི་ལྟ་སྟེ། ཨོཾ་ཤྭ་དྷ་ནེ་ཤྭ་དྷ་ནེ། སརྦ་པཱ་པཾ་བི་ཤྭ་དྷ་ནེ་སྭཱ་ཧཱ། བཟླས་དམིགས་ཐུགས་ཀར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་བུན་བུན་འཕྲོས་ཞལ་ཕྱོགས་བཞིར་སྦྱོང་གཟིགས་སྦྱོང་ལས་སྒྲིབ་ཐིད་རྣམ་པར་སྦྱོང་། པའི་སྨིན་མཚམས་ལས་ཐོན། ངན་སོང་ན་གནས་པ་དང་དམིགས་བྱའི་དོན་བྱས། སྡིག་སྒྲིབ་ཐམས་ཅད་སྦྱངས། དེ་དག་གི་རྣམ་ཤེས་འོད་ཀྱི་རྣམ་པར་གྱུར་པ་དང་། ལྷན་ཅིག་ཐུགས་ཀར་བསྡུས་ཏེ་མཉམ་པར་འཇོག་པ་མན་ངག་ཡིན། འབུམ་ཕྲག་གཅིག་ནི་སུས་བཟླས་པ། །མཚམས་མེད་ལྔ་ཡི་ལས་ཀྱང་བྱང་། །བླ་མེད་ཐེག་པའི་སྤྱི་ཁྲུས་དང་། །ཡོ་ག་ངན་སོང་སྦྱོང་བའི་བཅུད། །གཉིས་མེད་ཟུང་འཇུག་མན་ངག་སྟེ། །ཡེ་ཤེས་ལྷ་ལ་རང་རྒྱུད་དང་། །ཐེག་པ་མཐོ་དམན་རྩིས་གདབ་མེད། །བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང་། །འདི་ནི་ངེས་གསང་ཐེག་པ་ཡི། །ཁྱད་ཆོས་བླ་ན་མེད་པའོ། །ས་མ་ཡ། གཉིས་པ་ནི། དབང་

(༡༤༨)དོན་བུམ་པའི་དཀྱིལ་འཁོར་སྤྲུལ་པ་ཡིན་ན་གཟུངས་ཐག་ལ་འཇུས་ནས། བདག་གི་ཐུགས་ཁ་ནས་སྤྲོས་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་། རྣམ་རྒྱལ་བུམ་པ་མཚན་ཉིད་ཚང་བའི་ནང་གཞལ་མེད་ཁང་གི་རྣམ་པར་རྫོགས་པའི་བརྟེན་པའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་སོ་སོའི་ཐུགས་ཀར་ཨཱ་ཡིག་རེ་རེ་དང་གཙོ་བོ་རྣམ་སྣང་གི་ཐུགས་ཀར་ཟླ་གདན་ལ་ཨཱ་ལི་ཀཱ་ལིའི་ཕྲེང་བ་གཡས་སུ་འཁོར་བ་ལས་འཕྲོས་པའི་འོད་ཟེར་གྱིས་དམིགས་བྱའི་སྡིག་སྒྲིབ་སྦྱངས་པར་བསམ་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧཀྵ། སརྦ་པཱ་པཾ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་བཟླས་མཐར་ཨོཾ་ཨཱཧཱུྃ་གིས་དུང་ཆོས་ཀྱི་མཆོད་ཡོན་ཕུལ་ལ་ལྷ་འོད་ཞུ་བྱ། གསུམ་པ་མདུན་བསྐྱེད་ཀྱི་བཟླས་པ་ནི། མདུན་བསྐྱེད་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པའི་དམ་པ་རིགས་བརྒྱ་ཐམས་ཅད་ཀྱང་རང་འདྲའི་ཡེ་ཤེས་སེམས་དཔའ་དང་ལྡན་

(༡༤༩)འུྃ། བའི་ཐུགས་ཀར་རང་རང་གི་ཏིང་འཛིན་སེམས་དཔའི་ངོ་བོ་ཡི་གེ་བརྒྱ་པའི་ཡིག་འབྲུ་རེ་རེ་གསལ་བ་ལས་བདག་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ། སྥ་ར་ཎ་ཕཊ ཅེས་བརྗོད་པས་ཡིག་འབྲུ་སོ་སོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། བདེ་སྟོང་གི་མཆོད་པས་དགྱེས་པ་བསྐྱེད། སཾ་ཧ་ར་ཎ་ཧཱུྃ། ཞེས་བརྗོད་པས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ལ་ཐིམ་པས་གསལ་བརྟན་གྱི་གཟི་བྱིན་འབར། ལྷ་ཚོགས་རྣམས་ཀྱི་ཞལ་ནས་གསང་སྔགས་ཀྱི་སྒྲ་དང་། ཐུགས་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་དང་འཁོར་བའི་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་སྦྱངས། མ་དག་པའི་བརྟན་གཡོ་དག་པའི་སྣོད་བཅུད་དུ་གནས་བསྒྱུར། དམིགས་ཡུལ་གཙོ་བོར་གྱུར་པའི་ལམ་ལྔའི་རྒྱུད་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱི་གློ་བུར་གྱི་དྲི་མ་

(༡༥༠)ཆ་དང་བཅས་པ་སྐད་ཅིག་ལ་སྦྱངས་ནས་བདེ་ཆེན་གྱི་ས་ལ་བཀོད་པར་བསམ་ལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེྭ་ནོ་པ་ཏིཥྠ། ཌི་དྷོ་མེ་བྷ་ཝ། སུ་ཏྭ་ཥྱོ་མེ་བྷ་ཝ། སུ་བོ་ཥྱོ་མ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙི༚ཏྟ་ཤྲེ་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱ་ཧཱུྃ་ཕཊ། ཅི་ནུས་བཟླས། བཅུ་གཉིས་པ་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་དྲི་ཟའི་རྒྱུད་མངས་ནི། པདྨེ་རྒྱས་པ་ལྟ་བུའི་ལང་ཚོ་ཅན། །རེག་ན་བདེ་བའི་མཆོག་སྟེར་ཨུཏྤལ་མིག །གཟུགས་ཀྱི་རྣམ་འགྱུར་ངོམ་པའི་ཡིད་འཕྲོག་མ། །རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ལཱ་སྱེ་ཧཱུྃ་པྲ་ཏཱིཙྪ་ཧོ། སྲིད་ན་རྣམ་པར་མཛེས་པའི་ཟླ་བ་ས་ཀྱང་། བལྟ་ན་སྡུག་པའི་གཟུགས་ཀྱི་ཆར་མི་ཉེ། །ནོར་བུའི་དོ་ཤལ་འཛིན་པའི་ཡིད་འོང་མ། །རྡོ་རྗེ་ཕྲེང་བ་མ་ཡིས་མཉེས་གྱུར་ཅིག །གུ་རུ། བཛྲ་མཱ་ལྱེ་ཏྲཱཾ། འཇམ་མཉེན་པུནྡྷ་ར་ཀིའི་ལང་ཚོ་ལ། །

(༡༥༡)འུྃ། རེག་འཇམ་དབང་པོའི་གཞུ་ཡི་འཁྲི་ཤིང་ཅན། །སྐད་སྙན་འགྱུར་ཁུག་སྟོང་གི་གླུ་ལེན་མ། །རྡོ་རྗེ་གླུ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །བཛྲ་གི་རྟི་ཧྲཱི བུང་བ་པདྨའི་ཚལ་ན་གཡོ་བ་བཞིན། །ཕྱག་ཞགས་གསེར་གཡུའི་གདུ་བུས་མཛེས་པའི་གར། །མིག་འཕྲུལ་ལྟ་བུར་སྒྱུར་བའི་གཡོ་ལྡན་མ། །རྡོ་རྗེ་གིར་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །བཛྲ་ནཱི་རྟི་ཨ བཅུ་དྲུག་ལང་ཚོས་མྱོས་པའི་རྣམ་འགྱུར་དེས། །སྙིང་ལ་དགའ་བའི་ཡ་མཚན་ཅིར་ཡང་སྟེར། །དྲི་ཞིམ་སྤོས་ཕོར་ཐོགས་པའི་སྨྲིན་ལེགས་མ། །རྡོ་རྗེ་བདུག་སྤོས་མ་ཡིས་མཉེས་གྱུར་ཅིག །བཛྲ་དྷུ་པེ་ཧཱུྃ། ཚངས་དབང་འཆི་མེད་བུ་མོའི་འཇོ་སྒེག་ཀྱང་། །ཤིན་ཏུ་མཛེས་པའི་ལང་ཚོས་བརྟན་པ་འཕྲོག །ཨུ་དུམ་ཝཱ་རའི་ཆུན་འཕྱང་ཡིད་འཕྲོག་མ། །རྡོ་རྗེ་མེ་ཏོག་མ་ཡིས་མཉེས་གྱུར་ཅིག །བཛྲ་པུཥྤེ་ཏྲཱཾ། ཡིད་འོང་བལྟ་ན་སྡུག་པའི་ཁུར་ཚོས་ལ། །ལི་ཁྲིའི་ཐིག་ལེས་བསྐུས་པའི་རི་དྭགས་མིག །ཉི་ཟླའི་སྒྲོན་མེ་ཐོགས་པའི་བཞིན་བཟང་མ། །

(༡༥༢)རྡོ་རྗེ་སྣང་གསལ་མ་ཡིས་མཉེས་གྱུར་ཅིག །བཛྲ་ཨཱ་ལོ་ཀེ་ཧྲཱི འཆི་མེད་བུ་མཱོཾ་དཔལ་འཛིན་སྨིན་ལེགས་གཟུགས། །ཞལ་ནས་ཨུཏྤལ་ཡི་དྲི་འཐུལ་ཞིང་། །བཟང་དྲུག་སྨན་གྱི་བྱུག་པས་དགྱེས་པ་སྐོང་། །རྡོ་རྗེ་དྲི་ཆབ་མ་ཡིས་མཉེས་གྱུར་ཅིག །བཛྲ་གྷནྡྷེ་ཨཱ ལང་ཚོའི་ཆ་ཤས་རྫོགས་པའི་པདྨ་དང་། །རྣམ་འགྱུར་ཅིར་ཡང་འཆར་བའི་ཨ་དརྴ། །ཕན་ཚུན་འགྲན་པ་ལྟ་བུའི་གཟུགས་མཛེས་མ། རྡོ་རྗེ་མེ་ལོང་མ་ཡིས་མཉེས་གྱུར་ཅིག །བཛྲ་རཱུ་པ་ཨོཾ། ཏིང་འཛིན་རི་མོ་མཁན་གྱིས་བྲིས་པའི་གཟུགས། །བཞིན་མཛེས་མནྡྷ་ར་བའི་ཐོད་བཅིངས་ཅན། །ཟླུམ་པོའི་རྔ་ལས་བདེ་སྟོང་སྒྲ་འབྱིན་མ། །རྡོ་རྗེ་རྔ་ཟླུམ་མ་ཡིས་མཉེས་གྱུར་ཅིག །བཛྲ་མྲྀ་ཏཾ་གི་ཧྲཱི རཏྣའི་སོར་གདུབ་འཁྲོལ་བའི་ཁུ་ཚུར་གྱིས། །དྲི་ཟའི་བུ་མོར་འགྲན་པའི་ཏཾ་བུ་ར། །རྣ་བའི་དབྱིད་དུ་སྤྲེངས་པའི་ཡིད་འཕྲོག་མ། །རྡོ་རྗེ་པྀ་ཝ་ང་མ་ཡིས་མཉེས་གྱུར་ཅིག །བཛྲ་ཝི་ནི་ཧཱུྃ། དགའ་བ་བཅུ་དྲུག་རླུང་གི་རྟར་བསྐྱོན་ནས། །ཐིག་ལེ་བཅུ་དྲུག་གནས་སུ་དག་པ་ལས། །སྟོང་ཉིད་བཅུ་དྲུག་གླིང་བུའི་སྒྲར་སྟོན་པའི། །རྡོ་རྗེ་གླིང་བུ་མ་ཡིས་

(༡༥༣)འུྃ། མཉེས་གྱུར་ཅིག །བཛྲ་ཝཾ་སེ་ཏྲཱཾ། ཟླ་གཞོན་པད་དཀར་ལྟ་བུའི་ལང་ཚོའི་དཔལ། །མིག་གི་བདུད་རྩིར་སྦྱིན་དང་ཆབས་གཅིག་པར། །སྙན་འགྱུར་རྫ་རྔའི་སྒྲ་སྒྲོགས་ན་ཆུང་མ། །རྡོ་རྗེ་རྫ་རྔ་མ་ཡིས་མཉེས་གྱུར་ཅིག །བཛྲ་མུ་རཉྫེ་ཨ སྟོད་ཉིད་ནམ་མཁའི་རྒྱན་གྱུར་ལྷ་ཡི་གོས། །རིན་ཐང་བརྗོད་དུ་མེད་པའི་པཉྩ་ལི། །འཕྲུལ་ལྡན་སོར་རྩེས་སྐྲུན་པའི་མཛའ་ན་མོ། །རྡོ་རྗེ་རེག་བྱ་མ་ཡིས་མཉེས་གྱུར་ཅིག །བཛྲ་པརྴེ་ཏྲཱཾ། ཆགས་མེད་ཆགས་པ་ཆེན་པོའི་ཟུར་མིག་གིས། །དཔའ་བོའི་ཡིད་ལ་མྱོས་པའི་ཆོམ་རྐུན་འཇུག །ལག་ན་རོ་བརྒྱའི་དཔལ་འཛིན་ཞལ་ཟས་ཐོགས། །རྡོ་རྗེ་རོ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །བཛྲ་རཱ་ས་ཧྲཱི བདེ་བས་བདེ་བའི་མཐར་སོན་སྟོང་པ་ཉིད། །བདེ་ཆེན་ཆོས་ཀྱི་འབྱུང་གནས་མངལ་ཁུར་ཅན། །བདེ་སྟོང་དང་ལས་རྒྱལ་ཀུན་བསྐྱེད་པའི་ཡུམ། །ཆོས་ཀྱི་རྡོ་རྗེ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་དྷརྨ་དྷཱ་རྟུ་ཨ པྲ་ཏཱིཙྪ་་ཧོ། །བཅུ་གསུམ་པ་བསྟོད་པ་ནི། བརྗོད་མེད་ཤེས་

(༡༥༤)རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །བཞི་པ་ཚོགས་བསག་པ་ལ་གཉིས། །སྒྲིབ་པ་སྦྱང་བ་དང་། སྐོང་གི་རིམ་པའོ། །དང་པོའི་ལས་རིམ་ནི། །གཞུང་ལས། དེ་ནས་དམ་སྐོང་དོང་སྤྲུགས་ཀྱི། །གཞུང་ལ་འཇུག་པའི་དང་པོ་ནི། །ལུས་ཀྱི་མ་ལྔ་ས་ལ་བརྡེབ། །གདུང་ཤུགས་དྲག་པོས་བརྐྱངས་ཕྱག་འཚལ། །ཨ་ལ་ལ་ཧོ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང་ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་མ རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ

(༡༥༥)འུྃ རྣམ་ཤེས་དབང་པོ་དག་པ་སྐུ་གསུང་ཐུགས བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཚོག་སྟེ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་ ཏ་ཀྲི་ཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་མཛད་གཙོ ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ འཇིག་

(༡༥༦)བྱེད་འདས་པའི་དུས་ན་མངོན་བྱུང་བ གདུག་པ་འབུལ་ཕྱིར་དུས་ལས་མི་འདའ་བའི དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་ མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི ཤར་ལྷོ་ནུབ་བྱང་སྒོ་བཞི་།ཐུབ་པར་སྲུང་ སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ ཕྱོགས་བཅུའི་དྲེགས་པ་བསྣོལ་བའི་གདན་སྟེངས་སུ

(༡༥༧)འུྃ ཡེ་ཤེས་བསྐལ་བའི་མེ་དཔུང་འབར་བའི་སྐུ བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི ཚོགས་གཉིས་རྫོགས་པའི་ཡོན་ཏན་མཐར་ཕྱིན་པ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ ཞེས་བརྗོད་མཚན་དོན་ཡིད་ལ་བསམ དེས་ནི་ལུས་ཀྱི་སྡིག་སྒྲིབ་དག སྐུ་ཡི་དམ་ཚིག་ཉམས་པ་བསྐང་ གཉིས་པ་རྡོ་རྗེ་སེམས་དཔའ་སྒོམ ཨཱ བདག་ཉིད་ཐ་མལ་སྤྱི་བོ་རུ བད་དཀར་ཟླ་བའི་གདན་གྱི་དབུས ཧཱུྃ་ལས་བླ་མ་རྡོ་རྗེ་སེམས དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོང་

(༡༥༨)འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང་ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན ག་བུར་རྡུལ་ལྟར་འཛབ་པ་ཡིས བདག་དང་ཁམས་གསུམ་སེམས་ཅན་གྱི ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ མ་ལུས་བྱང་བར་མཛད་དུ་གསོལ ཨོཾ་བཛྲ་སཏྭ་ས་མཱ་ཡ་སོགས་ཡི་གེ་བརྒྱ་པ་དུས་གཅིག་ལ བརྒྱ་རྩ་བརྒྱད་དུ་བཟླས་པ་ཡིས ངག་གི་སྒྲིབ་པ་རྣམ་སྦྱོང་ཞིང་ གསུང་གི་དམ་ཚིག་ཉམས་པ་བསྐང་ དེ་རྗེས་རྡོ་རྗེ་སེམས་དཔའ་ལ མོས་གུས་གདུང་ཞིང་མཆི་མ་སློང་ རཱུ་ཏྲའི་སྨྲེ་སྔགས་འདི་ཡིས་བཤགས ཧོ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ རྣམ་དག་འོད་གསལ་ཉི་ཟླ་འབུམ་བརྡལ་ཞིང་ དཔའ་བོ་འོད་ཟེར་སྟོང་

(༡༥༩)འུྃ ཁམས་ལམ་མེ་བ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས ལམ་ལོག་ལམ་སྟོར་སྲིད་པའི་གོ་རར་འཁྱམས སྔོན་ཚེ་ལམ་ལོག་སྡིག་པ་བྱས་པས་ནོངས སྡིག་པའི་ལས་རྣམས་ཅི་སྤྱད་གནོད་ཞིང་འགྱོད དར་ཅིག་དྲག་པོའི་ལས་དབང་དེ་བཙན་པས འཁོར་བ་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ ཞེ་སྡང་འབར་བའི་མེ་སིན་རང་རྒྱུད་སྲེགས གཏི་མུག་མུན་པ་འཐིབས་པས་ཤེས་རབ་རྨོངས འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིང་ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན ཕྲག་དོག་རླུང་དམར་འཚུབ་པས་འཁོར་བར་བྱིང་ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས༔ འདོད་པ་མེ་དོང་འདྲ་བའི་འོབས་སུ་ལྷུང་༔ སྡུག་བསྔལ་མི་བཟོད་དྲག་པོ་ཆར་ལྟར་བབ༔ འདི་

(༡༦༠)འདྲའི་སྡུག་བསྔལ་ཤིན་ཏུ་མི་བཟོད་ཅིང་༔ སྡིག་པའི་ལས་དབང་དྲག་པོ་མེ་འབར་བས རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ ལས་ཀྱི་དབང་གིས་ཁམས་གསུམ་འཁོར་བར་སྐྱེས སྐྱེས་པས་འགྱོད་དེ་ལས་ལ་ཡི་རེ་ཆད ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ཟློག རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས བདག་ནི་སྔོན་དུས་བསྐལ་པ་གྲངས་མེད་དུ འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལ བྱམས་མགོན་ཁྱོད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས ལས་དང་ཉོན་མོངས་སྒྲིབ་པ་ཀུན་སྦྱངས་ནས མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི ཐུགས་རྗེའི་ཞལ་

(༡༦༡)འུྃ ཉིད་བལྟ་བས་མི་ངོམས་པ ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས ལྡོངས་ཏེ་ཆུ་བུར་མིག་གིས་མ་མཐོང་ན འགྲོ་བའི་མགོན་ཁྱོད་ད་ལྟ་གང་ན་བཞུགས ལས་ངན་དྲག་པོ་ཤིན་ཏུ་མི་བཟོད་པས ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཞིང་ ཉམ་ཐག་ཕོངས་པའི་ང་རོ་འདོན་ལགས་ན བྱམས་མགོན་ཐུགས་རྗེས་དུས་འདིར་མི་དགོངས་སམ ནམ་ཞིག་འཆི་འཕོས་ལུས་སེམས་འབྲལ་བའི་ཚེ མཛའ་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་ཁྲིད དེ་ཚེ་འཇིག་རྟེན་ཉེ་དུས་མི་བསྟོངས་ཏེ ལས་ཀྱི་དབང་གིས་བདག་ཉིད་གཅིག་པོར་ཁྲིད དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱི གང་གིས་ཕྱི་བཤོལ་དུས་ལ་མ་བཞེས་པར ད་ལྟ་ཉིད་དུ་ཐུགས་རྗེའི་སྤྱན་གྱིས་གཟིགས ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས ཁམས་

(༡༦༢)གསུམ་འཁོར་བའི་གནས་ལས་མ་ཐར་སྟེ བསྐལ་བགྲངས་མེད་སྐྱེ་བ་ཇི་སྙེད་དུ རྔོས་བཅས་ལུས་ནི་གྲངས་མེད་ཞིག་གྱུར་ཏེ ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་ ཁམས་གསུམ་བསྒྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང་ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ སྐྱེ་བ་གཅིག་གཅིག་ཁོ་ན་ཙམ་གྱི་ལས བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ན༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་དྲུ་བའི་ལུས་བླངས་འཁོར་བར་འཁྱམས སྡུག་བསྔལ་བཟོང་དཀའ་སྲིད་པའི་བཙོན་རར་ཚུད མི་བཟོད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་ ཐུགས་རྗེ་ཆེན་པོས་ལས་ཀྱི་རྒྱུན་བཅད་དེ༔ ཉོན་མོངས་

(༡༦༣)འུྃ ལས་ཀྱི་རླུང་ནི་བཟློག་ཏུ་གསོལ མ་རིག་ལོག་པའི་ལས་འདི་དབང་བཙན་ནས མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་གཏོང་ངམ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོའི་འཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན ཐུགས་རྗེས་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན ཐུགས་རྗེ་བསིལ་བའི་ཆར་རྒྱུན་མི་འབེབས་སམ སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་བྱས་ནས ནམ་ཞིག་རང་གི་འབྲས་བུ་ཐོབ་པའི་ཚེ འཕགས་པའི་ཐུགས་རྗེ་ཅི་འཚལ་དོན་མ་མཆིས

(༡༦༤)བདག་ཉིད་ལས་འཕྲོ་དབང་བཙན་བཞག་ན་ལྟ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི དཔའ་བོ་ཁྱེད་ལ་།ཐུགས་རྗེའི་སྟོབས་མངའ་ཞིང་ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ ཞེས་བརྗོད་རྡོ་རྗེ་སེམས་དཔའ་ཡི ཚངས་པར་སྩོལ་བ་ཞལ་བཞེས་ནས བདག་དང་རོ་གཅིག་འདྲེས་པའི་ངང་ མཉམ་པར་གཞག་པ་སྒྲིབ་སྦྱོང་གནད འདིས་ནི་ཉེས་ཚོགས་རྣམ་དག་ཅིང་ མཚམས་མེད་ལས་ཀྱང་དོང་ནས་དཀྲུགས ས་མ་ཡ གསུམ་པ་ལྟ་བའི་ཀློང་བཤགས་སྒོམ ཨཱ འཁོར་འདས་བྱེད་པོ་བྱང་ཆུབ་སེམས གཞི་མེད་རྩ་བྲལ་རྫོགས་ཆེན་དོན བརྗོད་བྲལ་བློ་འདས་ཆེན་པོ་ལ ཉམས་དང་བཤགས་པའི་མཁན་པོ་མེད ཡེ་བསྲུངས་ཐིག་ལེ་ཉག་གཅིག་པུ སྤང་བླང་ཡོངས་གྲོལ་ཕྱལ་པ་ཆེ རང་ཤར་ལྷུན་གྲུབ་ཆོས་ཀྱི་སྐུ དེ་ལྟར་རྟོགས་ན་བཤགས་པའི་རྒྱལ ཞེས་བརྗོད་དགོངས་

(༡༦༥)འུྃ བ་དབྱིངས་ལ་གཏད འ་ཨ་ཧ་ཤ་ས་མ སྟོང་ཉིད་དང་ནས་ཡིག་དྲུག་བཟླ ཉེས་རྣམས་མ་ལུས་ཀུན་རྫོབ་ཕྱིར མེ་ལོང་བག་རྡུལ་ཕྱིས་བཞིན་བྱ ཡིད་སྒྲིབ་དག་ཅིང་ཐུགས་དམ་བསྐང་ ས་མ་ཡ བཞི་པ་དོང་སྤྲུགས་སྤྱི་བཤགས་ནི ཧོ དགོངས་ཤིག་སྟོན་པ་རྡོ་རྗེ་འཆང་ གཟིགས་ཤིག་རིགས་ལྔ་བདེ་བར་གཤེགས སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷ བདག་ལ་གསན་ཅིང་དགོངས་སུ་གསོལ བདག་ཅག་གསང་སྔགས་སྒོར་ཞུགས་ཀྱང་ ལས་དང་ཉོན་མོངས་སྟོབས་ཆེ་བས ལྟ་སྒོམ་གདེང་དུ་མ་གྱུར་ཅིང་ མཛད་སྤྱོད་ཀླུངས་སུ་མ་ཆུད་པས གསང་སྔགས་ཟབ་མོ་སྤྱད་ཉེས་ཏེ རྩ་བ་ཡན་ལག་དམ་ཚིག་རྣམས ཉམས་འགལ་རལ་དང་འདས་པ་སོགས རྒྱལ་བཞི་ཁྲོའི་སྤྱན་སྔར་བཤགས དངོས་གྲུབ་ཀུན་གྱི་འབྱུང་གནས་ཆེ རྡོ་རྗེ་སློབ་དཔོན་མི་རུང་བཟུང་ སྐུ་མཆོག་བརྙས་ཤིང་བཀའ་གསང་

(༡༦༦)བརྐུས གཤེ་སྐུར་བཏབ་ཅིང་ཡ་བོ་བཟུང་ སྐུ་ལ་བརྡོ་བའི་སྔགས་བཟློག་བྱས གཟུང་མ་སྲས་ལ་ཆགས་སྡང་ཤོར ཐུགས་དཀྲུགས་ཐུགས་སུན་བྱུང་བའི་ལས རྒྱལ་བ་ཞི་ཁྲོའི་སྤྱན་སྔར་བཤགས ལྷ་དང་སྔགས་ཀྱི་དེ་ཉིད་སོགས བཀའ་དྲིན་ནོད་ཀྱང་དོན་ལ་གཡེལ ཏིང་འཛིན་མ་བསྒོམས་བཟླས་བརྗོད་ཆག བསྙེན་སྒྲུབ་གཡེལ་ཞིང་ཚོགས་མཆོད་ཆུང་ དུས་མཆོད་ཆག་དང་ལོ་ཟླར་འདས ཟབ་མོའི་ལྟ་སྤྱོད་མངོན་དུ་གྱུར སྤྱིར་གསང་བཞི་དང་བར་གསང་བཞི གསང་བར་འོས་དང་གཉེར་གཏད་པའི། །གསང་སྒོ་ཡལ་བར་འདོར་བ་སོགས སྐུ་གསུང་ཐུགས་ཀྱི་དམ་ཉམས་པས༔ མནར་མེད་དམྱལ་བའི་རྒྱུ་བསགས་པ༔ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་བཤགས གཞན་ཡང་བདུད་ཀྱི་དབང་གྱུར་ནས རང་ལ་དབང་མེད་བླ་མའི་ས བཟུང་ནས་ཟབ་མོའི་དབང་ཟོས་ཤིང་ བཀའ་ལ་གཟུ་ལུམས་རས་ཆོད་བྱས གབ་པའི་གསང་བ་མ་རྟོགས་པར སྤས་པའི་གསང་བར་མངོན་

(༡༦༧)འུྃ འཆལ་ཏེ གསང་སྔགས་ཟབ་མོའི་སྤྱོད་པ་རྣམས༔ བབ་ཆོལ་རུ་ཏྲ་ལྟ་བུར་སྤྱད སྤྱི་སྒོས་ཉེ་བའི་མཆེད་རྣམས་དང་ ཁྱད་པར་རྡོ་རྗེའི་སྤུན་གྲོགས་ལ ངན་སེམས་དཔྱད་སེམས་བརྐུ་འཕྲོག་དང་ རྡེག་བཙོག་ངན་སྨྲས་གནོད་པ་ཤོར འདོད་ལ་སྲེད་ཅིང་བརྐམ་པ་ཡིས དཀོན་མཆོག་གསུམ་གྱི་དཀོར་འཕྲོགས་ཤིང་ སྒྲུབ་མཆོད་ཚོགས་ཀྱི་སྤྱང་ཀི་བྱས གཙང་སྦྲ་ཉམས་དང་དམ་ཉམས་འདྲེས ཕ་མ་དབུལ་ཕོངས་ནད་བའི་ཟས དཀའ་ཐུབ་དབེན་པའི་སྒྲུབ་རྒྱགས་ལ ཚོད་ཡོད་པྲེ་ཏའི་རྒྱུ་བསགས་པ༔ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་བཤགས ཡན་ལག་དམ་ཚིག་ཉི་ཤུ་ལྔའི སྤྱད་པར་བྱ་བའི་དམ་ཚིག་ནི ཞིང་བཅུ་སྒྲོལ་དང་བདེ་སྟོང་སྦྱོར འཇུར་གེགས་ཅན་གྱི་ཟས་དང་ནོར མཆོད་སྦྱིན་སླད་དུ་མ་བྱིན་བླང་ ཟབ་མོ་གསང་ཕྱིར་རྫུན་དུ་སྨྲ དོན་ཆེན་སྒྲུབ་པའི་ངག་འཁྱལ་རྣམས བརྟུལ་ཞུགས་ཆུང་བས་ལམ་མ་ལོངས

(༡༦༨)སྤྱོད་པ་རྩིངས་པས་ཐ་མལ་གོལ དེ་ཡང་ཞི་ཁྲོའི་སྤྱན་སྔར་བཤགས མི་སྤང་བ་ཡི་དམ་ཚིག་ལྔ འདོད་ཆགས་ཞེ་སྡང་གཏི་མུག་དང་ ང་རྒྱལ་ཕྲག་དོག་རྣམ་པ་ལྔ ཡེ་ཤེས་རིགས་ལྔའི་རང་བཞིན་ལ ཐེག་དམན་བློ་ཡིས་སྤངས་པ་དང་ ངོ་བོར་མ་གྲོལ་རང་རྒྱུད་ཤོར དེ་ཡང་ཞི་ཁྲོའི་སྤྱན་སྔར་བཤགས དང་དུ་བླང་བའི་དམ་ཚིག་ལྔ དྲི་ཆེན་དྲི་ཆུ་མ་ས་དང་ རཀྟ་རྡོ་རྗེའི་ཟིལ་པ་ལྔ དངོས་གྲུབ་ཆེན་པོ་སྒྲུབ་པའི་རྫས༔ ཡེ་ནས་བདུད་རྩིའི་རང་བཞིན་ལ གཙང་རྨེའི་བློ་ཡིས་བྲམ་ཟེར་གོལ ཡང་ན་བག་མེད་སྨྱོ་ཐབས་སྤྱད ཆོས་ཉིད་མཉམ་པར་མ་རྟོགས་པ དེ་ཡང་ཞི་ཁྲོའི་སྤྱན་སྔར་བཤགས ཤེས་པར་བྱ་བའི་དམ་ཚིག་ལྔ ཕུང་པོ་རྒྱལ་བ་ལྔར་མ་ཤེས འབྱུང་ལྔ་རིགས་ཀྱི་ཡུམ་ལྔ་དང་ དབང་ཡུལ་སེམས་དཔའ་སེམས་མ་སོགས གནས་འགྱུར་རང་བཞིན་མ་ཤེས་པས རང་གར་བལྟས་ཤིང་བརྙས་པ་ཤོར དེ་ཡང་ཞི་ཁྲོའི་སྤྱན་སྔར་བཤགས

(༡༦༩)འུྃ བསྒྲུབ་པར་བྱ་བའི་དམ་ཚིག་ལྔ རྡོ་རྗེ་རིན་ཆེན་པདྨ་དང་ ཕྲིན་ལས་དེ་བཞིན་གཤེགས་པའི་རིགས སྣོད་བཅུད་ཆེན་པོར་ཡེ་སངས་རྒྱས ཀུན་གཞིའི་དབྱིངས་ལ་དངོས་གྲུབ་རྒྱུན བཞུགས་ཀྱང་སྒྲུབ་པ་རྔོ་མ་ཐོགས ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་ དེ་ཡང་ཞི་ཁྲོའི་སྤྱན་སྔར་བཤགས གཞན་ཡང་ངེས་གསང་ཐེག་པ་ཡི ཁྱད་པར་དམ་ཚིག་ཉི་ཤུ་དང་ སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི རང་བཞིན་ལྟ་བའི་དམ་ཚིག་བཞི གལ་མདོ་ངེས་པའི་དམ་ཚིག་གསུམ ལྷག་པའི་དམ་ཚིག་ཉམས་པ་སོགས གསང་སྔགས་སྤྱི་ཡི་དམ་ཚིག་དང་ མདོར་ན་ཁ་ན་མ་ཐོའི་ལས འཇིག་རྟེན་ཁྲེལ་དང་ངོ་ཚ་ཉམས ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི བཅས་དང་རང་བཞིན་ལས་ཉམས་པས ངན་སོང་འཁོར་བའི་རྒྱུ་བསགས་པ མ་ལུས་མཐོལ་ཞིང་བཤགས་ལགས་ན འཕགས་པ་ལགས་བས་གནད་པར་མཛོད སེམས་

(༡༧༠)ཅན་ལགས་བས་ནོར་འཁྲུལ་མཆིས སྒྱུ་མ་ལགས་པས་ཚངས་བར་སྩོལ༔ ཐབས་ལ་མཁས་པས་བྱང་བར་མཛོད ཧོ དམ་ཚིག་ཉམས་པའི་ཆད་པ་མི་བཟོད་པས རྡོ་རྗེ་མཁའ་འགྲོས་སྙིང་ཁྲག་འཐུངས་པ་དང་ ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང་ མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བར སྡུག་བསྔལ་མི་བཟོད་ཡུན་རིང་གནས་པ་རྣམས བདག་གི་དམ་ཚིག་བཤགས་པར་བགྱིས་པ་ཡིས ཉམས་ཤིང་ཆག་པ་ཐམས་ཅད་སོར་ཆུད་དེ གོ་འཕང་ཆེན་པོའི་འབྲས་བུ་ཐོབ་པར་ཤོག གཉིས་པ་སྐོང་ལ་རྣམ་གྲངས་བདུན དང་པོ་ཀུན་བཟང་མཆོད་སྤྲིན་ནི ཧོ སྣང་སྲིད་ཡོངས་རྫོགས་དམ་པ་རིགས་བརྒྱའི་ལྷ སྣོད་བཅུད་མ་ལུས་འདོད་ཡོན་རོལ་པའི་རྒྱན ཀུན་བཟང་མཆོད་པའི་སྤྲིན་ཕུང་འབྱམ་ཀླས་པ ཆོས་ཉིད་མངོན་སུམ་དོན་གྱི་ལྷ་ལ་འབུལ ཉམས་སྣང་གོང་འཕེལ་ངང་དུ་བཞེས་ནས་ཀྱང་ རིག་པ་ཚད་ཕེབས་ཀློང་དུ་ཚོགས་རྫོགས་ཤིང་ ཆོས་ཟད་

(༡༧༡)འུྃ བློ་འདས་ཆེན་པོར་སངས་རྒྱས་ཏེ འཁོར་བ་དོང་ནས་སྤྲུགས་པའི་དངོས་གྲུབ་སྩོལ ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བརྗོད༔ གཉིས་པ་སྦྱོར་པ་སྨན་གྱི་སྐོང་ མཐེབ་སྲིན་ཉི་ཟླའི་ག་འུས་འབུལ ཧཱུྃ བདེ་ཆེན་འཁོར་ལོའི་བྷནྡྷ་རུ ཧཾ་ཡིག་རང་བྱུང་བདུད་རྩིར་བསྐྱིལ སྲོག་འཛིན་ཡེ་ཤེས་ཐིག་ལེ་འདིས སྤྲུལ་སྐུའི་ལྷ་ཚོགས་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ ལོངས་སྤྱོད་འཁོར་ལོའི་བྷནྡྷ་རུ བཟའ་བཏུང་ལྷུན་གྲུབ་བདུད་རྩིར་བསྐྱིལ རྩ་མདུད་རང་གྲོལ་ཐིག་ལེ་འདིས ལོངས་སྐུའི་ལྷ་ཚོགས་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ ཆོས་ཀྱི་འཁོར་ལོའི་བྷནྡྷ་རུ དྲན་བསམ་རྣམ་རྟོག་བདུད་རྩིར་བསྐྱིལ དུག་གསུམ་རྣམ་གྲོལ་ཐིག་ལེ་འདིས ཆོས་སྐུའི་ལྷ་ཚོགས་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ སྤྲུལ་པའི་འཁོར་ལོའི་བྷནྡྷ་རུ འབར་འཛག་བཅུད་ཀྱི་

(༡༧༢)བདུད་རྩིར་བསྐྱིལ བདེ་བ་ཆེན་པོའི་ཐིག་ལེ་འདིས མི་འགྱུར་རྡོ་རྗེའི་ཐུགས་དམ་སྐོང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བདེ་སྐྱོང་འཁོར་ལོའི་བྷནྡྷ་རུ བྱང་ཆུབ་སེམས་མཆོག་བདུད་རྩིར་བསྐྱིལ དགའ་བཞི་དབྱིངས་གྲོལ་ཐིག་ལེ་འདིས མངོན་པར་བྱང་ཆུབ་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ གསུམ་པ་སྒྲོལ་བ་རཀྟའི་སྐོང་ ཧཱུྃ ཀློང་ལྔ་དབྱིངས་ཀྱི་ཀ་པཱ་ལར སྣང་སྲིད་ཡུམ་གྱི་རཀྟར་བསྐྱིལ ཀུན་ཏུ་བཟང་པོའི་རྫས་མཆོག་འདིས ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ སྟོང་ཆེན་ཡུམ་གྱི་ཀ་པཱ་ལར སྣང་སྲིད་བཅུད་ཀྱི་རཀྟར་བསྐྱིལ གཙང་རྨེ་བྲལ་བའི་རྫས་མཆོག་འདིས ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ ཨེ་དབྱིངས་ཆོས་འབྱུང་ཀ་པཱ་ལར ཞིང་བཅུའི་སྙིང་ཁྲག་རཀྟར་བསྐྱིལ འཁོར་བ་ལུགས་ལྡོག་རྫས་མཆོག་འདིས ཞི་ཁྲོའི་ལྷ་ཚོགས་

(༡༧༣)འུྃ ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ དབུ་མ་རྩ་ཡི་ཀ་པཱ་ལར དུག་གསུམ་རྣམ་རྟོག་རཀྟར་བསྐྱིལ རྒྱུད་དྲུག་ཀུན་གྲོལ་རྫས་མཆོག་འདིས ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ སྒྲ་གཅན་རླུང་གི་ཀ་བཱ་ལར ཙཎྜ་ལི་ཡི་རཀྟར་བསྐྱིལ དགའ་བཞི་བདེ་སྟོང་རྫས་ཆོག་འདིས ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ བཞི་པ་ཟུང་འཇུག་གཏོར་མའི་སྐོང་། ཧཱུྃ་ཧྲཱི མ་བཅོས་ཀློང་ཡངས་གཏོར་གཞོང་དུ སྣང་སྲིད་ཡོངས་གྲོལ་གཏོར་མར་བཤམས དངོས་འཛིན་བྲལ་བའི་དམ་རྫས་འདིས རང་སྣང་ཞི་ཁྲོའི་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ བདེན་མེད་སྒྱུ་མའི་གཏོར་གཞོང་དུ གཏད་མེད་ཆོས་སྐུའི་གཏོར་མར་བཤམས ཚོགས་དྲུག་རང་ཡན་དམ་རྫས་འདིས རང་སྣང་ཞི་ཁྲོའི་ ཐུགས་དམ་སྐོང་

(༡༧༤)བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ ལྷུན་གྲུབ་ཕུང་པོའི་གཏོར་གཞོང་དུ དོན་སྣོད་རང་བྱུང་གཏོར་མར་བཤམས ཁྱད་པར་རྨད་བྱུང་དམ་རྫས་འདིས རང་སྣང་ཞི་ཁྲོའི་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ ལྔ་ཕུང་སྒྱུ་མའི་གཏོར་གཞོང་དུ༔ བདུད་རྩི་ལྔ་ཡི་གཏོར་མར་བཤམས རིགས་ལྔ་བཅུད་ཀྱི་དམ་རྫས་འདིས རང་སྣང་ཞི་ཁྲོའི་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ བྷ་ག་དབྱིངས་ཀྱི་གཏོར་གཞོང་དུ ལིང་ག་རིག་པའི་གཏོར་མར་བཤམས ཟུང་འཇུག་བདེ་ཆེན་དམ་རྫས་འདིས རང་སྣང་ཞི་ཁྲོའི་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ ལྔ་པ་སྦྱོར་སྒྲོལ་ཚོགས་ཀྱི་སྐོང་ དང་པོ་བྱིན་གྱིས་བརླབ་པ་ནི ཧཱུྃ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས ཨོཾ་ཨཱཧཱུྃ་གིས་བདུད་རྩིར་བསྒྱུར འདོད་ཡོན་ནམ་མཁའ་མཉམ་པར་སྤེལ རཾ་ཡཾ་ཁཾ། ཨོཾ་ཨཱཧཱུྃ

(༡༧༥)འུྃ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི ཧཱུྃ འོག་མིན་བདེ་ཆེན་ཞིང་ཁམས་དང་ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིང་ ཁྱད་པར་རྔ་ཡབ་དཔལ་གྱི་རི གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནས རིག་འཛིན་འདུས་པའི་ལྷ་ཚོགས་རྣམས ཚོགས་ལ་སྤྱན་འདྲེན་གཤོགས་སུ་གསོལ དུར་ཁྲོད་ཚོགས་ཁང་ཉམས་རེ་དགའ མཁའ་འགྲོའི་འདུ་བ་བག་རེ་བྲོ རྣལ་འབྱོར་ཕོ་མོ་དམ་རེ་གཙང་ འདོད་ཡོན་ཚོགས་མཆོད་མདངས་དང་ལྡན འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ གསུམ་པ་ཚོགས་ཕུད་འབུལ་བ་ནི ཧཱུྃ རྩ་གསུམ་རིག་འཛིན་རྒྱ་མཚོ་དང་ ཌཱ་ཀི་ཆོས་སྲུང་དམ་ཅན་ལ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི བཞི་པ་བར་པ་བཤགས་པ་ནི ཧཱུྃ བདག་གི་ཚེ་རབས་ཐོག་མེད་ནས༔ གསང་སྔགས་

(༡༧༦)ཐེག་ཆེན་སྒོར་ཞུགས་ཏེ རྩ་བ་ཡན་ལག་དམ་ཉམས་པ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས བཛྲ་ས་མ་ཡ་ཨཱ ལྔ་པ་བསྒྲལ་ཞིང་བསྟབ་པ་ནི ཧཱུྃ མ་རིག་ལས་ཉོན་གཟུང་འཛིན་གྱིས བསྐྱེད་པའི་བདག་འཛིན་རུ་ཏྲ་ཀུན གཟུགས་ལ་ཕོབ་ཅིག་རྣིྲ་ཏྲི་ཛ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལ རུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཁཱ་ཧི དྲུག་པ་ལྷག་མ་བསྔོ་བ་ནི༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་མུ་རན་ལ གནས་པའི་དབང་ཕྱུག་གིང་ལངྐ༔ ལྷག་མའི་གཏོར་མ་འདི་བཞེས་ལ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངས ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི དྲུག་པ་སྣང་གསལ་མར་མེའི་སྐོང་ ཨཱ ཀུན་གཞི་རང་བྱུང་ཀོང་བུ་རུ རྣམ་ཤེས་རྣམ་དག་སྡོང་བུ་བཙུགས ཆོས་དབྱིངས་ཡེ་ཤེས་མར་ཁུས་གཏམས རིག་པ་རང་གསལ་སྒྲོན་མེ་སྦར ཀ་དག་གཞི་ཡི་སྣང་བ་འདིས མི་བསྐྱོད་རིགས་མཆོག་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་

(༡༧༧)འུྃ དངོས་གྲུབ་སྩོལ དབྱིངས་རིག་སྟོང་པའི་ཀོང་བུ་རུ ལྷུན་གྲུབ་གཟུགས་སྣང་སྡོང་བུ་བཙུགས མེ་ལོང་ཡེ་ཤེས་མར་ཁུས་གཏམས ཤེས་རབ་རང་བྱུང་སྒྲོན་མེ་སྦར ཆོས་ཉིད་མངོན་སུམ་སྣང་བ་འདིས རྣམ་སྣང་རིགས་མཆོག་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ ཀ་ཏི་ཤེལ་གྱི་ཀོང་བུ་རུ ཚོར་བ་རྣམ་དག་སྡོང་བུ་བཙུགས མཉམ་ཉིད་ཡེ་ཤེས་མར་ཁུས་གཏམས༔ རྒྱངས་ཞགས་འོད་གསལ་སྒྲོན་མེ་སྦར ཉམས་སྣང་གོང་འཕེལ་སྣང་བ་འདིས རིན་ཆེན་རིགས་མཆོག་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ འཇའ་ཟེར་ཐིག་ལེའི་ཀོང་བུ་རུ འདུ་ཤེས་རྣམ་དག་སྡོང་བུ་བཙུགས སོར་རྟོག་ཡེ་ཤེས་མར་ཁུས་གཏམས དག་པ་དབྱིངས་ཀྱི་སྒྲོན་མེ་སྦར རིག་པ་ཚད་ཕེབས་སྣང་བ་འདིས སྣང་མཐའི་རིགས་མཆོག་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་

(༡༧༨)དངོས་གྲུབ་སྩོལ གཞོན་ནུ་བུམ་སྐུའི་ཀོང་བུ་རུ འདུ་བྱེད་རྣམ་དག་སྡོང་བུ་བཙུགས བྱ་གྲུབ་ཡེ་ཤེས་མར་ཁུས་གཏམས ཐིག་ལེ་སྟོང་པའི་སྒྲོན་མེ་སྤང བློ་བྲལ་ཆོས་ཟད་སྣང་བ་འདིས དོན་གྲུབ་རིགས་མཆོག་ཐུགས་དམ་སྐོང་ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ མར་མེའི་སྨོན་ལམ་ནི༔ ཧཱུྃ རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ རིག་གདངས་སློབ་དཔོན་གཉེར་གྱིས་དབུ་བཟུང་ནས རིག་རྩལ་ལུ་གུ་རྒྱུད་ཀྱི་མཆེད་ལྕམ་རྣམས རིག་སྟོང་རྗེན་པའི་གཤིས་ལ་མི་འདའ་ཤོག ནམ་ཞིག་གདོད་མའི་ལྷུམས་སུ་ཞུགས་པའི་ཚེ མ་རིག་འཁྲུལ་པའི་གཡང་སར་མི་བཏང་ཞིང་ འཁོར་བ་ལུ་གུ་རྒྱུད་དུ་མི་ལྷུང་བར འཁོར་བ་ཀ་ནས་དག་པའི་གཞི་དབྱིངས་ཆེར གཞི་སྣང་གཞོན་ནུ་བུམ་སྐུར་གྲོལ་བར་ཤོག གལ་ཏེ་གདོད་མའི་ས་ལ་མ་གྲོལ་ན ལྷུན་གྲུབ་ཞི་ཁྲོའི་སྣང་བ་འཆར་བའི་ཚེ རང་སྣང་ཡེ་ཤེས་ཆེན་པོར་ངོ་འཕྲོད་ནས བར་དོ་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་ཤོག ཡེ་གདངས་

(༡༧༩)འུྃ གསལ་སྟོང་དག་པ་གཉིས་ལྡན་ཆེ༔ སྟོང་གཟུགས་དང་ས་མ་ལྔ་ལྡན་རིགས་ལྔའི་ཞིང་ རང་སྣང་རྣམ་དག་ལོངས་སྐུའི་ཞིང་ཁམས་སུ དག་པ་གསུམ་གྱི་འཁོར་ལ་ཆོས་སྟོན་ཤོག གལ་ཏེ་ལོངས་སྐུའི་ཞིང་དུ་མ་གྲོལ་ན རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ལྔ་ཚོམ་དང་ རིགས་འདུས་རྔ་ཡབ་དཔལ་རིའི་ཕོ་བྲང་ཆེར སྐད་ཅིག་ཉིད་ལ་བརྫུས་ཏེ་སྐྱེས་ནས་ཀྱང་ རིག་འཛིན་རྣམ་བཞིའི་གྲལ་དུ་སྨིན་པར་ཤོག ཐེག་པ་རིམ་དགུའི་ཡང་རྩེ་ཡོ་ག་གསུམ དེ་ལས་རྣམ་པར་འདས་པ་མན་ངག་སྡེའི དགོངས་ཀློང་བྱ་རྩོལ་བྲལ་བའི་གཤིས་ལུགས་སུ བློས་བྱས་བདེན་ཞེན་དྲི་མ་དག་པར་ཤོག རང་རིག་གདོད་ནས་དག་པའི་ངང་མདངས་སུ རང་རྩལ་དམ་པ་རིགས་བརྒྱ་ཞི་ཁྲོའི་སྐུ སྣང་ལ་རང་བཞིན་མེད་པའི་དལ་བཀྲམ་སྟེ ཡེ་ཤེས་མཐོང་བ་དག་པའི་མར་མེ་འབུལ ཉོན་མོངས་འཁོར་བའི་ཆོས་ཀྱི་མུན་པ་སངས བཟང་ཞེན་ཤེས་བྱའི་སྨག་

(༡༨༠)རུམ་བསལ་ནས་ཀྱང་ བརྗོད་མེད་ལྷག་མཐོང་ཡེ་ཤེས་ཆེན་པོའི་ཀློང་ ཉམས་རྟོགས་རིག་པའི་རྩལ་ཆེན་རྫོགས་པར་ཤོག ཕུང་པོ་ལྔ་དག་རིགས་ལྔའི་ཞིང་དུ་གྲོལ འབྱུང་ལྔ་གནས་དག་རིགས་ཀྱི་ཡུམ་ལྔར་སྨིན རྣམ་ཤེས་དབང་དག་སེམས་དཔའ་བརྒྱད་དུ་གྲོལ སྣང་བཞི་ཟད་ནས་འཇའ་ལུས་འགྲུབ་པར་ཤོག དྲན་རིག་འོད་གསལ་ཆེན་པོའི་མར་མེ་འདི རྒྱུན་ཆད་མེད་པར་སྦར་བའི་བསོད་ནམས་མཐུས ལས་རླུང་བག་ཆགས་མུན་པ་དྲུངས་ཕྱུང་ནས ཀུན་བཟང་དགོངས་ཀློང་ཆམ་གཅིག་གྲོལ་བར་ཤོག བདུན་པ་དབྱིངས་གྲོལ་ལྟ་བའི་སྐོང་ ཧོ མཆོད་དུ་མེད་དེ་ལྟ་བའི་ཀློང་ རྟག་ལྟ་ཆོས་སྐུའི་ཀློང་དུ་བསྐང བསྐང་དུ་མེད་དེ་སྒོམ་པའི་ངང་ ཆད་ལྟ་གཟུགས་སྐུའི་ཀློང་དུ་བསྐང་ སྤྱོད་དུ་མེད་དེ་ཆོས་ཉིད་གཤིས མ་བཅོས་རྫོགས་པ་ཆེན་པོར་བསྐང་ སྦྱོར་དུ་མེད་དེ་ཟུང་འཇུག་ཀློང་ སྡུག་བསྔལ་བདེ་བ་ཆེན་པོར་བསྐང་ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས

(༡༨༡)འུྃ ཡེ་སྒྲོལ་ཡེ་སྦྱོར་ཆེན་པོར་བསྐང་ མདོར་ན་ཉམས་ཆག་ཉེས་ལྟུང་དང་ ཁམས་གསུམ་རྒྱུད་དྲུག་སྡུག་བསྔལ་གྱི རྒྱུ་དང་འབྲས་བུར་བཅས་པ་རྣམས ཀུན་བཟང་ཡངས་པ་ཆེན་པོའི་ཀློང་ བྱང་ཞིང་དག་ནས་སོར་ཆུང་ད བདེ་བ་ཆེན་པོའི་ཀློང་དུ་ཨཱ གསུམ་པ་རྗེས་ཀྱི་རིམ་པ་ལ་དགུ་ལས དང་པོ་།ཐུགས་དམ་བསྐུལ་བ་ནི ཧཱུྃ བཞེངས་ཤིག་རིག་འཛིན་འདུས་པའི་ལྷ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ བྱང་ཆུབ་སྒྲུབ་པའི་བར་ཆད་ཐུལ སྣོད་བཅུད་འབྱུང་བའི་རྒུད་པ་སོལ རྩ་རླུང་དབང་ཐང་ཉམས་པ་གསོས སྒྲུབ་པའི་འབྲས་བུ་མཆིས་པར་མཛོད གཉིས་པ་ཆད་ཐོ་བྱ་བ་ནི ཧཱུྃ སྔོན་ཚེ་འོག་མིན་བདེ་ཆེན་ཞིང་ ལྷ་གནས་གསུམ་སོགས་ཉམས་དགའ་བར གསང་ཆེན་རྒྱུད་སྡེའི་གནས་བསྟན་ཆེ རྡོ་རྗེ་ཐེག་པའི་བཀའ་སྲུང་རྣམས དམ་ཚིག་གཉན་པོའི་གྲལ་དུ་བཞག བར་དུ་གངས་ཅན་བོད་ཀྱི་ཡུལ ཨོ་རྒྱན་

(༡༨༢)པདྨ་ཐོད་ཕྲེང་གིས གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ སྲིད་པའི་ལྷ་འདྲེ་ཆེ་དགུ་ཡིས སྲོག་སྙིང་ཕུལ་ཏེ་རྩིས་སུ་ཕབ ཐ་མ་འོད་གསལ་དག་བའི་ཞིང་། བདེ་བ་ཆེན་པོའི་ཕོ་བྲང་དུ རིག་འཛིན་པདྨ་དབང་ཆེན་ལ པད་འབྱུང་དྲི་མེད་འོད་ཟེར་གྱིས ཀློང་ཆེན་ཟབ་རྒྱའི་དབུགས་དབྱུང་ཞིང་ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས ཀློང་གསལ་བརྡ་རིས་སྤྲད་པའི་ཚེ གཟའ་རྒོད་སྲོག་གི་སྤུ་གྲི་སོགས བཀའ་སྲུང་གཉན་པོས་ཁས་བླངས་བཞིན མཆོད་གཏོར་རྒྱན་ལྡན་འདི་བཞེས་ལ ལས་བཞིའི་ཕྲིན་ལས་སྒྲུབ་པར་མཛོད གསུམ་པ་བསྟན་མ་སྐྱོང་བ་ནི ཧཱུྃ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང་ མ་སྲིང་བསྟན་མ་བཅུ་གཉིས་རྣམས འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད མ་མ་ཧྲི༚་ཧྲི༚་བྷ་ལིངྟ་ཁཱ་ཧི། བཞི་པ་རྟ་བྲོ་བྱ་བ་ནི ཧཱུྃ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་འདིར ལོག་པར་འདྲེན་བའི་དམ་སྲི་ཀུན མནན་ནོ་ཐེག་པ་རིམ་དགུའི་རྒྱ ནམ་ཡང་

(༡༨༣)འུྃ ལྡང་བར་མ་གྱུར་ཅིག བྷཾ་བྷ་ཡ་ནན ལྔ་པ་དངོས་གྲུབ་བླང་བ་ནི ཧོ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམས རྡོ་རྗེ་སྲིན་པོའི་ནམ་ཡང་ལངས དངོས་གྲུབ་སྩོལ་བའི་དུས་ལ་བབ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས མི་གནས་ཡེ་ཤེས་གསང་བ་མཆོག རྡོ་རྗེ་གསུམ་གྱིས་བྱིན་རློབས་ལ མཆོག་དང་ཐུན་མོང་དངོས་གྲུབ་ཀུན ད་ལྟ་ཉིད་དུ་ཐོབ་པར་སྩོལ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁཛྙཱ་ན་དྷཱ་རྟུ་ཨཱཧཱུྃ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ལ་ལ སིདྡྷི་ཕ་ལ་ཧཱུྃ དྲུག་པ་ནོངས་བ་བཤགས་པ་ནི ཧཱུྃ རིག་འཛིན་འདུས་བའི་དཀྱིལ་འཁོར་དུ མཆོད་རྫས་མ་ཚང་སྒྲུབ་པ་གཡེལ ཏིང་འཛིན་བྱིང་རྨུགས་འཐིབས་པ་སོགས འགལ་འཁྲུལ་ནོངས་པ་བཟོད་བར་གསོལ ཨོཾ་བཛྲ་སཏྭ་སོགས་བརྗོད བདུན་པ་རྫོགས་རིམ་བསྡུ་བ་ནི ཧོ ཆུ་ལས་ཆུ་བུར་ཐིམ་བཞིན་དུ རང་ལས་སྤྲུལ་པའི་དཀྱིལ་

(༡༨༤)འཁོར་ལྷ ཡེ་ཤེས་དབྱིངས་སུ་བཛྲ་མུ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་ བརྒྱད་པ་བསྔོ་སྨོན་མཚམས་སྦྱོར་ནི ཧོ དུས་གསུམ་བསགས་པའི་དགེ་རྩ་ཀུན རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོ བདག་སོགས་འདུས་པར་བཅས་པ་རྣམས ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག དགུ་པ་བཀྲ་ཤིས་བརྗོད་པ་ནི ཧོ རིག་འཛིན་བརྒྱུད་པའི་བྱིན་རླབས་དང་ དཀོན་མཆོག་གསུམ་གྱི་བདེན་པ་དང་ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག སྣང་བ་དབང་འདུས་བཀྲ་ཤིས་ཤོག ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོག སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས སྒྲར་གྲགས་བདེ་ཆེན་སྔགས་སུ་དག དྲན་རྟོག་འོད་གསལ་ཆོས་སྐུར་སྨིན འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག བི་མ་ལ་དང་གསང་ཞབས་སོགས པཎ་གྲུབ་རྣམས་ལ་གྲགས་པ་ཡི ཞི་ཁྲོ་ཁྲོམ་དཀྲུགས་ཞེས་བྱ་བའི སྔ་འགྱུར་བཀའ་མའི་གཞུང་བཟང་པོ དངོས་

(༡༨༥)འུྃ ལ་མིང་བཏགས་མཐུ་ཆེ་བས ནུབ་ལ་ཉེ་བ་མ་བཟོད་དེ ན་རག་དོང་སྤྲུགས་གང་ཡིན་པའི དངོས་དོན་འཁྲུལ་པ་མེད་པར་སྡེབས བཀའ་གཏེར་ཟུང་དུ་འཇུག་པ་ལ པདྨའི་རིང་ལུགས་ཞེས་སུ་གྲགས འགྲོ་ཀུན་ཆོས་ཀྱི་མིག་ལྡན་པས ཡང་དག་ལམ་ལ་འཇུག་པར་ཤོག ཅེས་པའང་རང་བྱུང་རྡོ་རྗེས་སོ

(༡༨༦)

(༡༨༧)ཞི་ཁྲོ་ངན་སོང་སྦྱོང་བ་ལ་བརྟེན་པའི་ཞིབ་དཔྱོད་ལྷན་ཐབས་བཞུགས། །མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར་དེང་སང་འདི་ན་ལྔ་བརྒྱའི་ཐ་མ་ཡང་དག་དང་ལྟར་སྣང་འབྱེད་པའི་བློ་གྲོས་རྨོངས་དུས་སོ་སོར་རྟོགས་པའི་ཤེས་རབ་ཀྱི་རོལ་རྩལ་འགག་པ་མེད་པའི་རྟོག་དཔྱོད་ཀྱིས་དོན་ལ་འདྲི་ཞིང་ལན་ལྔོན་པ་སྔ་ཕྱི་གཉིས་ཤིག་བྱུང་སྟེ་སྔ་མ་ནི། །ཕྱི་འགྱུར་ཀུན་རིག་ཡོངས་གྲགས་སུ་རྩ་རིག །སརྦ་བིད་སརྦ་ཨ་ཝ་ར་ཎ་བི་ཤྭ་དྷ་ན་ཧ་ན་ཧ་ན་ཧཱུྃ་ཕཊ༔ སོགས་ཀྱི་གཤམ་འདོགས་ཡོད་མོད་ཀྱི། །འདི་ནི་ཀུན་རིག་མགྲོན་ཐབས་ཀྱི་ལྷ་མ་དགོས་པས་རང་རྒྱུད་བསྡུས་པ་ཆད་ལྷག་མེད་པ་ཡིན་པའི་དོན་སྔགས་འགྲེལ་གྱིས་སྟོན་ཅིང་། དེར་མ་ཚང་ཀུན་མཁྱེན་ཆེན་པོའི་དགེ་བ་གསུམ་གྱི་དོན་ཁྲིད་ནས་རྣལ་འབྱོར་རྒྱུད་ཀྱི་སྒོམ་རིམ་བསྡུས་པ་སྟོན་པའི་རྩ་རིགས་གིས་ཀྱང་ལུང་གི་དབང་པོ་བཏུབ་པ་ལགས་སོ། །རིགས་ལྔ་མ་གཏོགས་ལྷ་བྱིངས་ཕྱག་རྒྱ་བསྡུས་པའི་བསྐྱེད་རིམ། །

(༡༨༨)སྐུ་མདོག་ཕྱག་མཚན་རྣམ་འགྱུར་དུ་མ་སྟེ། །གཅིག་ཏུ་མ་ངེས་ཆོ་འཕྲུལ་སྣ་ཚོགས་སྟོན། །ཞེས་པ་ལྟར་ལགས་ཀྱང་། །མངོན་རྟོགས་སྒོམ་པ་ལ་སྤྲོ་བ་དག །བྲིས་སྐུ་འབྲི་བ་ལ་ན་རག་དོང་སྤྲུགས་བཀའ་མའི་གཞུང་སོར་བཞག་ཡིན། ཨོཾ་ན་མོ། བྷ་ག་ཝཱ་ཏེ། སརྦ་དུ་རྒ་ཏེ། བ་རི་ཤོ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱག་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ན་སྭཱ་ཧཱ། བཟླས་ཕྱག་འཚལ་ལོ། བཅོམ་ལྡན་འདས། ངན་སོང་ཐམས་ཅད། ཡོངས་སུ་སྦྱོང་བའི་རྒྱལ་པོ། དེ་བཞིན་གཤེགས་པ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། འདི་ལྟ་སྟེ། སྦྱོང་། སྦྱོང་། སྡིག་པ་ཐམས་ཅད་རྣམ་པར་སྦྱོང་། དམིགས་ཐུགས་ཀར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་བུན་བུན་འཕྲོས་ཞལ་ཕྱོགས་བཞིར་གཟིགས་པའི་སྨིན་མཚམས་ལས་ཐོན་ངན་སོང་ན་གནས་པ་དང་དམིགས་བྱའི་དོན་བྱས། སྡིག་སྒྲིབ་ཐམས་ཅད་སྦྱངས། དེ་དག་གི་རྣམ་ཤེས་འོད་ཀྱི་རྣམ་པར་གྱུར་པ་དང་། ལྷན་ཅིག་ཐུགས་ཀར་བསྡུས་ཏེ་མཉམ་པར་འཇོག་པ་མན་ངག་ཡིན། ཕྱི་མའི་ལན། ཞི་ཁྲོའི་སྐོང་གི་སྐབས་རྩ་བ་གསུམ་ཀའི་ཕྲིན་ལས་ཚར་ཕྱིར། ནང་སྒྲུབ་ཡུམ་ཀ། ཞི་ཁྲོ་གསུམ་བྲེང་ཆགས་སུ་གཏོང་བའི་གོ་དོན་ལ་

(༡༨༩)རིག་འཛིན་བདག་བསྐྱེད། །ཡུམ་ཀ་མདུན་བསྐྱེད། དེ་ཉིད་ལས་དང་པོ་བས་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་བློད་མ་ཆུད་ཏ་ཤེ་གནས་འགྱུར་ཞི་ཁྲོའི་དཀྱིལ་འཁོར་དུ་སྒོམས་པས་རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ། །ཞེས་དེ་ལས་རྒྱལ་བ་ཐམས་ཅད་བསྐྱེད་པའི་དངོས་དོན་ལའང་འབྱོར་ཏེ། སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགས ཞེས་པ། དག་ཆེན་ཡེ་ཤེས་ཀྱི་ཀློང་ཆེན་པོ་ཡུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། བྲེལ་བསམ་ཁོམ་ན་སྔོན་འགྲོ་རྣམས་དབང་གི་སྤྱི་དོན་ནང་བཞིན་དངོས་བསྟན་ནམ། ཆ་མཐུན་རིག་འཛིན་གང་རུང་ནས་བླངས་རྗེས། །ཞི་ཁྲོའི་བསྐྱེད་རིམ་བདག་མདུན་མཉམ་སྒྲུབ་བྱས་ཀྱང་འཐུས། ཆ་མཐུན་གྱི་སྐབས་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་མཚོན་ཚིག་ཕྲད་རིག་འཛིན་ཞེས་པར་ཞི་ཁྲོ་ཞེས་བསྒྱུར་བའང་རྟོག་བརྟགས་གོ་བ་ཆུང་བ་རྣམས་ལ་དགོངས་པ་སྟེ། དངོས་དོན་ལྷོངས་པའི་བློ་ཆེན་ལ་ལྷུན་གྲུབ་རིགས་འཛིན་སངས་རྒྱས་ཉག་གཅིག་ཡིན་པས། དེ་ལས་གཞན་པའི་རྒྱལ་བ་ཞི་ཁྲོ་མེད་པའི་ཕྱིར། ཚིག་སྒྱུར་ཡང་མི་དགོས་སོ། །འདིར་བསྐྱེད་པའི་རིམ་པ་ལ། འདུས་པ་

(༡༩༠)མདོ། རྒྱུད་ལུགས་སོགས་ལ་སྟེང་མཁར་ཞི་བའི་དཀྱིལ་འཁོར་དང་། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་དུ་ཡོད་པའི་སྒོམ་ལུགས་ལྟ་བུ་ཡང་མ་ཡིན་ཏེ། འདི་ནི་ལུང་ཨ་ནུའི་དངོས་བསྟན་གཟུགས་སྣང་ཐམས་ཅད་དབྱིངས་ནས་སངས་རྒྱས་པའི་བསྐྱེད་རིམ། སྣོད་ཀྱི་འཇིག་རྟེན་རྣམས་ཐམས་ཅད་རྟེན་གཞལ་ཡས་ཁང་དུ་རང་ཤར་བར་བསྒོམས་པས། སྦྱང་གཞི་སྣོད་ཀྱི་བག་ཆགས་དག་བར་བྱེད་ལ། དེའི་ནང་དུ་བརྟེན་པའི་ལྷ་ནི་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་སེམས་རིགས་བརྒྱའི་ལྷ་ཚོགས་སུ་འཆར་བའི་དག་བྱ་དག་བྱེད་ཀྱང་བཤགས་རྒྱུད་དང་མཐུན་པར་ངེས་ཤེས་བསྐྱེད་པའི་རྣམ་པ་ལམ་བྱེད་ཀུན་གཞི་རྣམ་དག་ཀུན་ཏུ་བཟང་པོའི་ཐུགས་ཀར། ཀུན་གཞིའི་རྣམ་ཤེས་བདེ་སྟོང་གཉིས་སུ་མེད་པའི་རྩལ་སྣང་གི་རྟོགས་ཚོགས། །སེམས་དང་སེམས་བྱུང་གི་རྣམ་པར་ཤར་བ་མཐའ་དག་གཟུགས་ཕུང་རྣམ་པར་སྣང་མཛད་དུ་དག་པས་མཚོན། ཡུལ་དང་དབང་པོའི་འདུ་འཕྲོད་ཐམས་ཅད་ཀྱི་དག་བྱ་དག་འབྲས་ལས་རིགས་བརྒྱའི་ལྷ་སྐུར་གྲུབ་པའི་ཚུལ་ཤེས་པར་མི་ནུས་པའི་བསྐྱེད་རིམ་དེ་ནི་རི་མོའི་མར་མེ་དང་མཚུངས་ལ། དེ་ཡང་བདག་བསྐྱེད་

(༡༩༡)ལུས་དཀྱིལ་ལ་སྦྱོར་བར་མོས་ན། ཁམས་དྲུག་ལྡན་པའི་སྐྱེ་མཆེད་ལ་ཕོ་བྲང་གི་རྣམ་པ་སྦྱོར་ཚུལ་ཕལ་སྐད་དུ་ལུས་དཀྱིལ་གོ་བདེར་བཀྲལ་བའི་དགོངས་འདུས་རྣམ་ངེས་དང་། སྤྱོད་ཡུལ་ལམ་འཁྱེར་སོགས་ལའང་རྟོགས་པར་བྱའོ། །དེ་ལྟར་གོ་དོན་འཕྲོད་ན། རང་བཞིན་གཞིའི་ཀུན་བཟང་གི་ཐུགས་ཀར་ཞི་བའི་ལྷ་ཚོགས་བཞུགས་པའི་འཛབ་དགོངས་རང་གཞུང་གིས་སྟོན་ལ། དེའི་སྟེང་ཕྱོགས་ཀླད་པ་དུང་ཁང་ན་ཧེ་རུ་ཀའི་ལྷ་ཚོགས་བཞུགས་པའི་བཟླས་དམིགས་ལ་བབ་ཚེ། རུ་ལུ་བཟླ་སྐབས་རྣམ་སྣང་ལྗགས། །རྡོ་རྗེ་རྩེ་གསུམ་དམར་པོ་ཡི། །ལྟེ་བར་ཨཱ དམར་དུ་ལུས་བསྐོར། །དེ་ལས་འོད་འཕྲོས་སྟེང་ཕྱོགས་ཀྱི། །ཁྲོ་བོའི་དཀྱིལ་འཁོར་གསལ་བར་བྱས། །དེ་དག་ཐུགས་དམ་རྒྱུད་བསྐུལ་ཏེ། །རུ་ལུ་གྲགས་སྟོང་སྐྱེ་མེད་སྒྲ། །འབྲུག་སྟོང་བཞིན་དུ་སྒྲོག་པར་བསམ། །ཞེས་པ་ནས་འོད་ཟེར་སྤྲོ་བསྡུ་ནི་ཞི་བ་དང་མཚུངས་

(༡༩༢)

(༡༩༣)ཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་ཡང་ཡིག་དཀའ་གནད་རྒྱ་འགྲོལ་བཞུགས། །

(༡༩༤)སླར་ཡང་ཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་དོགས་སེལ་ནི། དྲང་དོན་གཟུགས་བརྙན་འཁོར་ལོ་ཀུན་བརྟགས་པ། །ངེས་དོན་ཕུང་ཁམས་གནས་འགྱུར་གཞན་དབང་ཅན། །ཡོངས་གྲུབ་འདུས་མ་བྱས་དབྱིངས་སྦས་པའི་དོན། །རིག་པའི་འོག་མིན་མཐོང་བ་དེ་ལ་སྣང་། །སྤྱིར་འཁོར་བ་དང་རྣམ་པ་མཐུན་པར་སྦྱོང་བའི་བསྐྱེད་རིམ་མཐའ་དག་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་

(༡༩༥)སྦྱོང་ཚུལ་ལ་འདུ་བ་ལས། རང་གཞུང་འདིར་དཔལ་ཆེན་འདུས་པས་མདལ་སྒོང་གཉིས། རིག་འཛིན་དང་ཐུགས་རྗེ་ཆེན་པོས་དྲོད་གཤེར་སྐྱེས། ཡུམ་ཀ་དང་ཡང་གསང་བླ་སྒྲུབ་ཀྱིས་རྫུས་སྐྱེས་སྦྱོང་བ་ལས། ཞི་ཁྲོ་ངན་སོང་སྦྱོང་བ་ནི་ཏིང་འཛིན་གསུམ་དང་། མངོན་བྱང་ལྔ་ལ་སོགས་པས་བསྐྱེད་པ་ལ་མ་དུས་ཀྱི་དཀྱིལ་འཁོར་ལྟར་མ་ཡིན་པར། རང་སྣང་ལྷུན་གྲུབ་རྣམ་བྱང་ཡེ་ཤེས་ཆེན་པོའི་བཞུགས་ཚུལ་ལྟར་ཡིན་ལ། དེ་

(༡༩༦)ཡང་ཕྱི་ལྟར་ཁམས་གསུམ་དུ་འཛིན་པའི་སྣང་ཞེན་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཉིད་ཆོས་སྐུའི་རྟེན་གྱི་རྣམ་པར་རྫོགས་པའི་ཚུལ་རྡོ་རྗེ་བཀོད་པ་ལས། འདོད་ཁམས་དབང་གི་རི་བོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོར་རྒྱུན་དུ་གནས། །ཞེས་སོ། །དེ་བས་ན་གཞལ་མེད་ཁང་གི་རང་བཞིན་ཀྱང་། ཕྱི་མཆོད་རྟེན་རྩེ་ལྔ་པའི་རྣམ་པ་ལ། ནང་རང་བྱུང་ལོངས་སྤྱོད་རྫོགས་པའི་གནས་འོག་མིན་སྟུག་པོ་བཀོད་པའི་དབྱིངས་སུ། བྱ་བྱེད་དང་ཡིད་ཆོས་སུ་འཛིན་པ་རྣམ་པར་དག་པའི་གདངས་ཀྱི་

(༡༩༧)ཀུན་ཏུ་བཟང་པོ་སྣང་སྟོང་མཚོན་པའི་ཡབ་ཡུམ་ལྟར་བསྟན་ནས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ་སྟེ། དེ་ཡང་དབྱིངས་ལས་ཤར་ཞིང་ཀུན་གྱི་བདག་ཉིད་དུ་མཚོན་པའི་ཕྱིར་གཙུག་ཏོར་ནོར་བུ་ཏོག་ལྟར་མི་མངོན་པ་མཆོད་རྟེན་གྱི་ཏོག་ལ་རེག་པ་ནས་བཟུང་གཞལ་མེད་ཁང་གི་བླ་ཡོངས་ལ་སྒྲིབ་པ་མེད་པར་ཁྱབ་པའི་ཐུགས་ཀ་དཔལ་གྱི་བེའུ་ལྟར་དབྱིངས་ཟབ་པའི་ཁྱམས་ལ་རིགས་ལྔ་ཡབ་ཡུམ་དང་སེམས་དཔའ་ཡབ་ཡུམ་བཅུ་དྲུག་བཞུགས་ཤིང་། རྟེན་དང་བརྟེན་པ་ཐམས་ཅད་སྣོད་ལ་སྣོད་བཅུག་པ་ལྟ་བུའི་སྒྲིབ་གཡོགས་ཅན་མ་ཡིན་

(༡༩༨)པས་ཕྱི་གསལ་ནང་གསལ་ཞེས་བཤད་ལ། གྲངས་ངེས་ཀྱི་སྒོ་ནས་སྟེང་གི་སྒྲས་མཚོན་པའི་དབུའི་དབྱིངས་ལ་ཁྲག་འཐུང་གི་ལྷ་ཚོགས་བཞུགས་ཀྱང་ཕུང་ཁམས་སྐྱེ་མཆེད་དག་པ་སྦྱར་བའི་ལུས་དཀྱིལ་དངོས་བསྟན་དུ་མི་བཟུང་སྟེ། འདི་ནི་འབྲས་བུའི་དུས་ཀྱི་གདན་གསུམ་ཚང་བའི་ལྷ་གདོད་ནས་ལྷུན་གྲུབ་ཏུ་ཡོད་པའི་གསལ་འདེབས་ཙམ་མོ། དེ་ལ་ཕྱི་མཆོད་རྟེན་གྱི་རྣམ་པར་ཡོད་པའི་དཀྱིལ་འཁོར་འཕགས་ཡུལ་ན་ཡོངས་སུ་གྲགས་ཀྱང་བོད་ལ་ནི་མ་འགྱུར་ཅེས་གྲགས་ཏེ། རང་ལུགས་འཇོག་ཚུལ་ནི་མན་ངག་ཌཱཀྐིའི་ཡང་ཏིག་གིས་ཀྱང་གསལ་བའི་ཕྱིར་རོ། །དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ནི་རྒྱལ་བའི་དགོངས་རྒྱུད་གཅིག་ལས་གཞན་དུ་མི་འགྱུར་བས་རྒྱ་འགྱུར་ཡིན་མིན་གྱི་རྟོག་དཔྱོད་མི་དགོས་སོ། །བརྟེན་པའི་གཙོ་བོ་ནི། ཀུན་ཏུ་བཟང་པོའི་ཐུགས་རིག་པ་རང་སྣང་གི་ངོ་བོ་ཉིད་རྣམ་པར་སྣང་མཛད་དེ། རྔམ་གློག་ལས་ཀྱང་། དབུས་སུ་རྣམ་པར་སྣང་

(༡༩༩)མཛད་གཙོ། །ཞེས་སོ། །རྣམ་སྣང་གི་མདུན་ནས་བརྩགས་ཏེ་གཡས་སྐོར་གྱིས། །ཕྱོགས་བཞིར་ཆོས་དབྱིངས་ཡེ་ཤེས་ཀྱིས་བདག་ཉིད་མི་བསྐྱོད་པ་ཡབ་ཡུམ་ནས་རིམ་པར་ཕུང་པོ་དང་ཁམས་ཀྱི་རང་བཞིན་གདོད་ནས་དག་པའི་ངོ་བོ་རིགས་བཞིའི་གཤེགས་པ་གཤེགས་མ། མཚམས་བཞི་པོའི་གྲྭ་སྟེ་ནང་ཟུར་གྱི་ཕྱི་རོལ་དུ་གོ་བར་བྱས་པའི་གོ་ས་བརྒྱད་ལ་ཤར་ལྷོ་ནས་བརྩམས་ཏེ། མིག་ལ་སོགས་པའི་རྣམ་ཤེས་བཞི་དག་པའི་ངོ་བོ་ཉིད་ཡིན་པས་ནད་སེམས་སུ་གྲགས་ཤིང་ནང་ལོགས་ཀྱི་གྲྭར་བཞུགས་པ། ན་མ་སྙིང་དང་། སྤྱན་རས་གཟིགས། ས་སྙིང་དང་། ཕྱག་ན་རྡོ་རྗེ་བཞི་ལ། ཡུལ་བཞི་དག་པའི་ངོ་བོ་ཕྲེང་བ་མ་ལ་སོགས་སེམས་མ་བཞིའི་འཁྲིལ་པ་དང་། དེ་བཞིན་དུ་དབང་པོ་དག་པའི་ངོ་བོ་ཉིད་ཡིན་པས་ཕྱི་སེམས་སུ་གྲགས་ཤིང་ཕྱི་རོལ་གྱི་ཟུར་ལ་བཞུགས་པ། བྱམས་པ་དང་། སྒྲིབ་སེལ་དང་། ཀུན་བཟང་དང་

(༢༠༠)འཇམ་དཔལ་བཞི་ལ། དུས་བཞི་དག་བའི་ངོ་བོ་ཉིད་བདག་སྤོས་མ་ལ་སོགས་བཞིས་འཁྲིལ་བ་རྣམས་ནི་དག་འབྲས་ཀྱི་ངོས་ནས་བཞག་པའི་སངས་རྒྱས་འཕགས་པ་ཉག་གཅིག་ཡིན་པས། །ས་བཅུ་པའི་བྱང་སེམས་སུ་འཁྲུལ་བར་མི་བྱའོ། །གདན་གསུམ་གྱི་གྲངས་ངེས་སུ་འདུ་བའི་སྒོ་བ་ཡབ་ཡུམ་ནི་རང་རང་གི་བྱེད་ལས་དང་མིང་གི་མངོན་བརྗོད་དང་མཐུན་པར་མཆོད་རྟེན་གྱི་སེང་ཁྲིའི་ཕྱོགས་བཞིར་བློ་འགུར་གྱིས་དོད་པའི་སྒོ་བཞིར་གནས་ཤིང་། སྒོ་བཞི་པོའི་སྟེར་དུ་རྟ་བབས་བང་རིམ་བཞི་པའི་སྟེང་ན་བུམ་ཆོས་ཏོག་བཅས་ཏེ་དང་། གཞལ་མེད་ཁང་ལྟེ་བའི་ཡ་ཕུབ་མདའ་ཡབ་དང་བཅས་པའི་དོད་མཆོད་རྟེན་གྱི་བང་རིམ་བཞི་དང་བུམ་པ་བྲེ་ཆོས་ཏོག་ལ་སོགས་པས་བརྒྱན་པ་ཡིན་པས། ཕྱི་མཆོད་རྟེན་གྱི་རྣམ་པ་རྩེ་ལྔར་གྲུབ་ལ། མཆོད་རྟེན་གྱི་ས་འཛིན་ནམ་འདོད་པའི་སྣམ་བུའི་ཕྱོགས་བཞི་དང་སྟེང་འོག་གཉིས་ལ་ཐུབ་པ་དྲུག་པོ་རྣམས་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་འགྲོ་

(༢༠༡)བ་དྲུག་གི་ཁམས་ལ་རྒྱུན་མི་ཆད་པའི་འདུལ་བྱེད་མཚོན་པར་བཞུགས་པ་ལྟར་སྣང་ཡང་། གནས་རིགས་དེ་དང་དེར་དེ་འདྲ་བའི་རྣམ་པ་ཅན་གྱི་སངས་རྒྱས་ཡོད་པར་འཁྲུལ་ནས་སྒྲ་ཇི་བཞིན་པར་འདོད་པ་དང་། རྒྱུད་སྡེ་ཟབ་མོའི་དོན་གྱི་དབྱིངས་འཇལ་བ་ལ་རྨོངས་ནས་མི་ཁོམ་པའི་གནས་རིགས་སུ་མཛད་པ་བཅུ་གཉིས་ཀྱི་རྣམ་བཞག་ཚང་མི་ཚང་ལ་སོགས་པའི་རྟོག་དཔྱོད་ཕྱིན་ཅི་ལོག་གིས་བླ་ན་མེད་པའི་རྒྱུད་སྡེ་ལ་སྒྲོག་སྐུར་བྱེད་པ་ནི་རང་མ་ཚང་སྟོན་པའི་མུན་སྤྲུལ་ཆེན་པོ་ཡིན་པས་འདི་དག་གི་དོན་ཁོ་བོའི་མན་ངག་རྣམ་མཁྱེན་ཤིང་རྟ་ལའང་ལེགས་པར་བཀོད་ཡོད་དེ། དེ་སྐད་དུ་ཞི་བའི་ལྷ་ཚོགས་ཀྱི་བཞུགས་ཚུལ་ལ་རང་ལུགས་འཇོག་སྐབས། གཉིས་ནི་དབྱིིངས་ན་གནས་ཏེ་ཆོས་ཀྱི་སྐུ། །དྲུག་ནི་གཞན་ལ་སྣང་ཕྱིར་སྤྲུལ་པའི་སྐུ། །རང་སྣང་ལོངས་སྐུའི་ཞིང་ན་སུམ་ཅུ་བཞི། གཙོ་བོ་བཅུ་ལ་ཉེར་བཞི་འཁོར་གྱི་ཚུལ། །ཞེས་

(༢༠༢)བསྟན་ཏོ། །སྤྱིར་ཟབ་མོའི་མདོ་སྡེ་རྣམས་ལས་ཡུལ་དྲུག་དང་། དབང་པོ་དྲུག་དང་། དབང་ཤེས་དྲུག་སྟེ་ཁམས་བཅོ་བརྒྱད་པའི་མཚན་ཉིད་ཕྱེ་ནས་སྟོང་པ་ཉིད་ཀྱི་གནས་ལུགས་གཏན་ལ་འབེབས་པ་དང་། རྒྱུད་སྡེ་རྣམས་ནས་ཕུང་པོ་ལྔ་དང་། ཁམས་ལྔ་དང་། གཟུགས་ལ་སོགས་པའི་ཡུལ་དྲུག་ལ། །མིག་ལ་སོགས་པའི་དབང་པོ་དང་དབང་ཤེས་དྲུག་སྐྱེ་མཆེད་བྱེད་པ་ལ་སྦྱང་གཞིར་བྱས་ནས་སྦྱངས་འབྲས་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སངས་རྒྱས་པར་འདོད་པ་ནི་རྒྱུད་སྡེ་སྤྱིའི་རིང་ལུགས་ཡིན་ནོ། །བསྐྱེད་རིམ་རྣམ་བཞག་ཏུ་རྟོག་པ་ཞེ་གཉིས་ལྷར་འགྱུར་བ་ཞེས་པ་ནི། བསྐྱེད་རྫོགས་ཆེན་མོའི་རང་ལུགས་སུ་སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་ལས། དུག་ལྔ་ལ་སོགས་པའི་རྟོག་ཚོགས་ཆེ་ལོང་ཞི་བའི་ལྷ་ཚོགས་དང་གྲངས་ངེས་མཚུངས་ལྡན་དུ་སྦྱར་ནས་ད་ལྟའི་རྟོག་པ་ཞེ་གཉིས་ལྷར་འགྱུར་ཚུལ་བསྟན་པ་ཡིན་ཏེ། དེ་སྐད་དུ་ཀུན་མཁྱེན་སྙིང་འགྲེལ་ལས་ཀྱང་། དེའང་

(༢༠༣)རང་བྱུང་གི་ཡེ་ཤེས་ནི་གཡོ་བྱེད་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བས་ན། གཞི་གནས་ཀྱི་ཡེ་ཤེས་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་ལ། དེའི་དང་ལས་འཕྲོས་པའི་དུག་ལྔ་ལ་སོགས་པའི་རྟོག་ཚོགས་ནི་རྩལ་གྱི་ཡེ་ཤེས་དེ་བཞིན་གཤེགས་པ་ལྔ་ལ་སོགས་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བསྟན་པ་རྣམས་ཡིན་པས། རིག་པ་གནས་པ་དང་འཕྲོ་བ་ཉིད་ཡེ་ནས་དཀྱིལ་འཁོར་དུ་བསྟན་པ་ཡིན་ནོ། །ཞེས་སོ། །དེ་ལྟ་ནའང་རྣམ་བཤད་འདི་ནི་བསྐྱེད་རིམ་སྤྱིའི་ཁོག་འབུབས་ཡིན་པས་ལྷ་གྲངས་ཞེ་གཉིས་ནི་དཔེར་བརྗོད་ཙམ་ལས་དངོས་བསྟན་དུ་མི་རུང་སྟེ། བསྟན་པའི་ལྷ་སོ་སོའི་གྲངས་ངེས་ལ་ལྟོས་དགོས་པའི་ཕྱིར། །ལྔན་པའི་འདུ་བྱེད་ཀུན་ཏུ་འགྲོ་བ་ལྔ་ལ་སོགས་པའི་རིམ་པ་དང་སྐབས་ཐོབ་སྦྱར་ཤེས་པར་བྱའོ། །ཞེས་པའང་ལྕགས་ཐ་མ་སྤྲུལ་སྐུ་རིན་པོ་ཆེའི་དྲིས་ལན་དུ་རྫོགས་ཆེན་པ་རང་བྱུང་རྡོ་

(༢༠༤)རྗེས་སོ། མངྒ་ལཾ།

(༢༠༥)ཀློང་ཆེན་སྙིང་གི་ཐིག་ལེ་ལས ཉམས་ཆག་སྐོང་བའི་མན་ངག་བཞུགས རང་བྱུང་རིགས་པའི་ལྷ་ལ་འདུད སྙེན་སྒྲུབ་ཟབ་མོར་འཇུག་པའི་ཚེ དེ་ཡི་དབང་ཐོབ་བླ་མ་དང་ དམ་ཚིག་ཉམས་ཆགས་ཡོད་སྲིད་ན སྒྲུབ་འབྲས་འབྱིན་པ་ཕུལ་བས་ན། གནད་ཀྱི་མན་ངག་འདི་ལྟར་བྱ དབང་ལུང་ནོ་བླ་མ་དེ སངས་རྒྱས་ཐམས་ཅད་འདུས་པའི་སྐུར བསམས་ཏེ་རང་གི་སྤྱི་བོར་བསྐྱེད སྟོབས་བཞིའི་གནད་དང་ལྡན་པའི་དང་ གླང་པོ་ར་བ་འབོག་རྒྱུད་ཀྱི་དོན ཡེ་ཤེས་སྐུ་མཆོག་ཚར་གསུམ་དང་ ཡི་གེ་བརྒྱ་བ་ཅི་ནུས་མཐར དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད དེ་རྗེས་སྤྱི་བོའི་བླ་མ་དང་ བདག་ཉིད་ཡི་དམ་གང་བསྙེན་ཀྱི སྐུ་གྱི་གནས་བསྒྱུར་ལ དབང་བཞི་གླང་ཞིང་རྩ་སྔགས་བཟླ ཡི་དམ་འོད་ཞུ་རང་ལ་བསྟིམ རང་ཡང་སྣང་སྟོང་བརྗོད་བྲལ་དང་ མི་རྟོག་རྗེན་པའི་ངང་དུ་བཞག ཕྱིན་ཆད་ཉམས་ཆག་འཁོན་འཛིན་དེ ལ་ནམ་ཡང་གནས་མི་བྱ གནད་ཀྱི་ནང་ནས་མན་ངག་སྟེ རིགས་འདུས་སྐུ་གསུམ་བླ་མ་ཡི དགོངས་བརྒྱུད་བྱིན་རླབས་ཚུལ་དུ་བབས སྙིང་ལ་ཕུར་ཅིག་ས་མ་ཡ།།

(༢༠༦)

(༢༠༧)ཀློང་ཆེན་སྙིང་ཐིག་ལས་དམ་པ་རིགས་བརྒྱའི་ལྷ་དབང་གི་བཀོལ་བྱང་བཞུགས། །ཧཱུྃ་ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྱིས་གྲུབ། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ཀྱིས་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ་ཨ་ཨ་ཨ་བཛྲ་བྷ་དྲཱ་མནྟ་ཨ། ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མདའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་པས་དབང་བསྐུར་རོ། །ཧཱུྃ་བཛྲ་དྷྲྀ་ཀ། ཨོཾ་ཛི་ན་ཛི་ཀ །སྭཱ་རཏྣ་དྷྲྀ་ཀ། ཨཾ་ཨ་རོོ་ལི་ཀ །ཧཱ་པྲཛྙཱ་དྷྲི་ཀ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ཀྱིས་དབང་བསྐུར་རོ། །མཱུཾ་དྷཱ་ཏི་ཤྭ་རཱི། ལཱཾ་དྭེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། བྱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་རྣམ་ཤེས་དབང་པོ་དག་པ་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་

(༢༠༨)བརྒྱད་ཀྱིས་དབང་བསྐུར་རོ། ཀྵི་ཧི་རཱ་ཛ་ཡ། ཏྲཱཾ་ཨ་གརྦྷ་ཡ། ཧྲཱི་ཧ་ཧཱུྃ་པདྨ་པྲ་ད་མ། ཛི༚་ཀུ་རུ་པཱ་ཎི། ཕླྷི༚་ནི་སྶ་རཾ་པ་ཡ། ཧཱུྃ་སྭཱ་རཱ་ཛ་ཡ། མཱུཾ་ཤྲཱི་ཨཾ་རཱ་ག་ཡ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་སྒེག་མོ་ཕྲང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ཀྱིས་དབང་བསྐུར་རོ། །ཧཱུྃ་ལཱ་སྱེ་ས་མ་ཡ་སྟམ། ཏྲཾཱ་མཱ་ལྱེ་ས་མ་ཡ་ཧེ ཧྲཱི་གཱི་ཏི་ར་གོ་ཧཾ། ཨཾ་ནཱི་རྟི་རཱ་ག་ཡ་མེ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་རོ། །ཛ༔དྷུ་པེ་པྲ་བེ་ཤ། ཧཱུྃ་པུཥྤེ་ཨ་བེ་ཤ། པཾ་དཱི་བ་སུ་གཱི་ཏི། ཧོ གྷནྡྷེ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུངས། ཏ་ཀྲྀ་ཏ་སྒོ་བ་བཞི་ཡིས་དབང་བསྐུར་རོ། །ཧཱུྃ ཡ་མཱནྟ་ཀྲི་ཏ་ཕཊ། ཧཱུྃ་པྲཛྙཱནྟ་ཀྲི་ཏ་ཕཊ། ཧཱུྃ་བིག་ནན་ཏ་ཀྲྀ་ཏ་ཕཊ། སརྦ་ཨ་དྷི་ཥིཉྩ་ཏུ་མཾ། ཧཱུྃ་རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་དང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཚན་མ་བཞི་ཡིས་དབང་བསྐུར་རོ། །ཨོཾ་

(༢༠༩)བཛྲ་དྷ་ར་རཏྣ་དྷ་ར། པདྨ་དྷ་ར། ཀརྨ་དྷ་ར། མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་མཛད་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་གིས་དབང་བསྐུར་རོ། །ཨོཾ་མུ་ནེ་ཀྲེ༚། ཨོཾ་མུ་ནེ་ཧཱུྃ་ཏྲུཾ། ཨོཾ་མུ་ནེ་གྲུཾ། ཨོཾ་མུ་ནེ་པྲེ༚། ཨོཾ་མུ་ནེ་ཀྵཾ། ཨོཾ་མུ་ནེ་ཡེ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་འཇིགས་བྱེད་འདས་པའི་དུས་ན་མངོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཧེ་རུ་ཀ་རྣམས་ཀྱིས་དབང་བསྐུར་རོ། །ཨོཾ་བྷུདྷ་བཛྲ་རཏྣ་པདྨ་ཀརྨ་ཤྲཱི་ཧེ་རུ་ཀ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་གྱིས་དབང་བསྐུར་རོ། །ཨོཾ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷི་ཤྭ་རཱི་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས། །ཁྲོ་མོ་ཆེན་མོ་བརྒྱད་ཀྱིས་དབང་བསྐུར་རོ། །ཨོཾ་བཛྲ་གཽ་རཱི་ཧ། བཛྲ་ཙོ་རཱི་ཧ། བཛྲ་པྲ་མོ་ཧེ་ཧ། བཛྲ་བཻ་ཏ་ལཱི་ཧ། བཛྲ་པུཥྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨེ་ཤ་ནཱི་ཧ།

(༢༡༠)བཛྲ་ཙཎྜ་ལི་ཧ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ཀྱིས་དབང་བསྐུར་རོ། །ཨོཾ་བཛྲ་སིདྡྷི་མུ་ཁ་ཧེ། བཛྲ་བྱ་གྷྲྀ་མུ་ཁ་ཧེ། བཛྲ་ཤྭཱི་གཱ་ཡ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་གྷྲྀ་དྷ་མུ་ཁ་ཧེ། བཛྲ་ཀངྐ་མུ་ཁ་ཧེ། བཛྲ་ཀ་ཀ་མུ་ཁ་ཧེ། བཛྲ་ཨུ་ལུ་མུ་ཁ་ཧེ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། །ཧཱུྃ་རྡོ་རྗེ་གདོང་མོ་ཕོ་ཉི་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུངས། །སྒོ་སྐྱོང་ཁྲོ་བོ་བཞི་ཡིས་དབང་བསྐུར་རོ། །ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏེ་ད་ཛ ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ། བཛྲ་ལ་ཀེ་བཾ། བཛྲ་བྷ་མོ་པཱ་ལ་ཡ་བ་རུ་ཧོ སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ་དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ཀྱིས་དབང་བསྐུར་རོ། །བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ སརྦ་ཨ་བྷི་ཥིཉྩ་ཏུ་མཾ།། །།

(༢༡༡)༄༅ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས་པའི་རྒྱལ་པོ་ན་ར་ག་དོང་སྤྲུག་བཞུགས་སོ

(༢༡༢)རྣལ་འབྱོར་པས་བླ་མ་བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་རྣམས་མདུན་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ་དབང་པོའི་མངོན་སུམ་དང་འདྲ་བར་ཞལ་ལམ་མེར་བཞུགས་པར་བསམ་པའི་མདུན་དུ་ལུས་རྡུལ་སྙེད་དུ་སྤྲུལ་ཏེ༔ ངག་བཤགས་ཚིག་ཡིད་གནོད་སེམས་དང་བཅས་ཏེ་དུས་ཐམས་ཅད་དུ་བཤགས་པ་བྱའོ རྗེས་ལྟ་བས་ཀྱང་གསལ་གདབ་ཅིང་ དམ་ཚིག་ལ་བསྒྲིམ་པ་ནི་དངོས་གྲུབ་མྱུར་རོ ༈ ཨེ་མ་ཧོ ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ བླ་མ་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དགོངས འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས ཉམས་ཆག་ན་རཀ་སྦྱངས་ཕྱིར་ཕྱག་མཆོད་བཞེས ཡོན་

(༢༡༣)ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚལ་ལོ དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ འགྲོ་མགོན་ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ ཡང་དག་མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ ཉོན་མོངས་ཞི་མཛད་ཞི་བའི་ལྷ་ལ་ཕྱག་འཚལ་ལོ ལོག་ལྟ་ཚར་གཅོད་ཁྲོ་བོའི་སྐུ་ལ་ཕྱག་འཚལ་ལོ ཐབས་མགོན་ཚེ་བདག་འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ སྐྱོན་བྲལ་སྒྲ་སྒྲོགས་པདྨ་གསུང་ལ་ཕྱག་འཚལ་ལོ ཡང་དག་དོན་

(༢༡༤)ལྡན་བཛྲ་ཐུགས་ལ་ཕྱག་འཚལ་ལོ དུག་ལྔ་ནད་སེལ་བདུད་རྩི་སྨན་ལ་ཕྱག་འཚལ་ལོ དྲེགས་པ་འཇོམས་མཛད་ཕུར་བའི་ལྷ་ལ་ཕྱག་འཚལ་ལོ འབྱུང་བའི་མངའ་བདག་མ་མོའི་ཚོགས་ལ་ཕྱག་འཚལ་ལོ ས་དང་ལམ་རྫོགས་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ བསྟན་པ་བསྲུངས་མཛད་དམ་ཅན་རྣམས་ལ་ཕྱག་འཚལ་ལོ དགྲ་བགེགས་འདུལ་མཛད་སྔགས་བདག་ཚོགས་ལ་ཕྱག་འཚལ་ལོ ༈ ཧཱུྃ རང་རིག་རང་ཤེས་འཁྲུལ་པ་བྲལ༔ མཉམ་ཉིད་ངང་ལས་ཡེ་ཤེས་ཤར ཀུན་ཏུ་བཟང་པོ་ཡབ་ཡུམ་ལ ཡིད་ཆོས་དག་ཕྱིར་ཕྱག་འཚལ་ལོ མི་རྟོག་དབྱེར་མེད་དགོངས་པ་ལ ཡེ་ཤེས་ལྔ་ཡི་འོད་མདངས་གསལ རིགས་ལྔ་བདེ་བར་གཤེགས་པ་ལ ཉོན་མོངས་དག་ཕྱིར་ཕྱག་འཚལ་ལོ དབྱིངས་ཀྱི་ངང་ལས་

(༢༡༥)བསྐྱེད་པའི་རྒྱུ ཡེ་ཤེས་ལྔ་ཡི་གྲོགས་ཤར་བ དབྱིངས་ཀྱི་ཡུམ་ཆེན་ལྔ་རྣམས་ལ འབྱུང་བ་དག་ཕྱིར་ཕྱག་འཚལ་ལོ ཡེ་ཤེས་སྤྲུལ་པ་མང་པོའི་ཚོགས འགྲོ་བའི་དོན་དུ་རང་ཤར་བའི༔ བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ལ རྣམ་ཤེས་དག་ཕྱིར་ཕྱག་འཚལ་ལོ ཡེ་ཤེས་ངང་ལས་ཡོན་ཏན་རྫོགས ཅི་འདོད་དངོས་གྲུབ་ཆར་ལྟར་འབེབ མཆོད་པའི་ལྷ་མོ་བརྒྱད་རྣམས་ལ ཡུལ་དུས་དག་ཕྱིར་ཕྱག་འཚལ་ལོ གདུག་པ་འདུལ་མཛད་དཔའ་བོའི་སྐུ བདག་ཏུ་འཛིན་པའི་སྐྱོན་དང་བྲལ ཏ་ཀྲི་ཏ་སྒོ་བ་བཞི་རྣམས་ལ ལོག་ལྟ་དག་ཕྱིར་ཕྱག་འཚལ་ལོ བྱམས་དང་སྙིང་རྗེ་དགའ་བ་དང་ བཏང་སྙོམས་བཞི་ཡིས་འགྲོ་དོན་མཛད སྒོ་

(༢༡༦)སྐྱོང་ཁྲོ་མོ་བཞི་རྣམས་ལ རྟག་ཆད་དག་ཕྱིར་ཕྱག་འཚལ་ལོ རྟོག་པ་དྲུག་ལས་འཁོར་བ་དྲུག མ་རིག་དབང་གིས་བྱུང་བ་རྣམས ཐུགས་རྗེས་འདུལ་མཛད་ཐུབ་དྲུག་ལ འཁྲུལ་པ་དག་ཕྱིར་ཕྱག་འཚལ་ལོ ཧཱུྃ ཀུན་ཏུ་བཟང་པོ་རིག་པའི་རྩལ ཆེ་མཆོག་གཙོ་ལ་ཕྱག་འཚལ་ལོ དུག་ལྔ་མ་སྤང་མཐར་ཕྱིན་པའི ཧེ་རུ་ཀ་ལ་ཕྱག་འཚལ་ལོ དབྱིངས་ལས་སྐུར་བཞེངས་ཐབས་ཤེས་སྦྱོར ཁྲོ་མོ་ཡུམ་ལ །ཐུགས་ལས་སྤྲུལ་པའི་གསང་ཆེན་མོ ཁྲོ་མོ་བརྒྱད་ལ ཟ་བྱེད་མཆེ་གཤོག་ཕོ་ཉ་མོ ཕྲ་མེན་བརྒྱད་ལ འགུགས་འདྲེན་འཆིང་སྡོམ་དགྱེས་མཛད་མ སྒོ་མ་བཞི་ལ འཇིག་རྟེན་ཆ་ལུགས་སྤྲུལ་པ་མོ དབང་ཕྱུག་མ་ལ་ཕྱག་འཚལ་ལོ ཧཱུྃ ཡ་མཱནྟ་ཀ་གཤིན་རྗེའི་གཤེད རྔམས་བརྗིད་དྲེགས་པའི་འཁོར་གྱིས་བསྐོར འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ ཧཱུྃ རྟ་མགྲིན་རྒྱལ་པོ་དབང་

(༢༡༧)གི་ལྷ དབང་དྲག་ཐབས་ཀྱི་འཁོར་གྱིས་བསྐོར པདྨ་གསུང་ལ་ཕྱག་འཚལ་ལོ ཧཱུྃ དཔལ་ཆེན་བཛྲ་ཧེ་རུ་ཀ རང་སྣང་གསལ་བའི་འཁོར་གྱིས་བསྐོར ཡང་དག་ཐུགས་ལ་ཕྱག་འཚལ་ལོ ཧཱུྃ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ ཞི་ཁྲོ་རབ་འབྱམས་ལྷ་ཡིས་བསྐོར ཡོན་ཏན་རྒྱས་ལ་ཕྱག་འཚལ་ལོ ཧཱུྃ རྡོ་རྗེ་གཞོན་ནུ་འཕྲིན་ལས་སྐུ ཁྲོ་བཅུ་འབར་བའི་འཁོར་གྱིས་བསྐོར འཕྲིན་ལས་མཛད་ལ་ཕྱག་འཚལ་ལོ ཧཱུྃ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ འབྱུང་བ་ལྔ་ལས་གྲུབ་པའི་འཁོར མ་མོའི་ཚོགས་ལ་ཕྱག་འཚལ་ལོ ཧཱུྃ རིག་འཛིན་རྡོ་རྗེ་དྲག་པོ་རྩལ ས་དང་ལམ་ལ་གནས་པའི་འཁོར རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ ཧཱུྃ གསང་བའི་བདག་པོ་གོས་སྔོན་ཅན འཇིག་རྟེན་དྲགས་པ་རྣམས་ཀྱིས་བསྐོར བསྟན་པ་སྐྱོང་ལ་ཕྱག་འཚལ་ལོ ཧཱུྃ སྟོབས་ལྡན་ནག་པོ་མཐུ་རྩལ་ཅན དྲག་སྔགས་བདག་པོ་མང་པོས་བསྐོར དགྲ་བགེགས་འདུལ་ལ་ཕྱག་

(༢༡༨)འཚལ་ལོ ༈ དེ་ལྟར་རྒྱལ་བ་ཞི་ཁྲོའི་ལྷ གང་གིས་མཚན་ཐོས་ཕྱག་འཚལ་ན དམ་ཚིག་ཉམས་ཆག་ཀུན་བྱང་ནས མཚམས་མེད་ལྔ་ཡི་སྡིག་པ་དག ན་རག་གནས་ཀྱང་དོང་སྤྲུགས་ཏེ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས ལས་ཀྱི་རྣམ་པར་སྨིན་པའི་སྐྱོན ངག་ཏུ་མཐོལ་ལ་ཡིད་ཀྱིས་བཤགས སྨྲེ་སྔགས་བཏོན་ལ་གདུང་བས་སྦྱངས མོས་པའི་ཐལ་མོ་སྙིང་གར་སྦྱར དད་པས་བརྐྱང་ཕྱག་བརྔབས་ཏེ་བཙལ ཞེ་ཁྲོའི་ལྷ་ཚོགས་མཚན་ནས་བརྗོད རྗེས་སུ་ལུས་ངག་ཚུགས་བཅས་ཏེ རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམས ན་རག་དོང་སྤྲུག་སྙིང་པོ་བཟླས ཨོཾ་བཛྲ་སཏྭ་ས་མ་ཡ མ་ནུ་པཱ་ལ་ཡ བཛྲ་སཏྭ་ཏེྭ་ནོ་པ་ཏིཥྠ ཌི་ཌྷོ་མེ་བྷ་ཝ སུ་ཏོ་ཥྱོ་མེ་བྷ་ཝ སུ་པོ་ཥྱོ་མེ་བྷ་ཝ ཨ་ནུ་རཀྟོ་མེ་བྷཱ་ཝ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ ཧ་ཧ་ཧ་ཧ་ཧོ བྷ་ག་ཝ་ན སརྦ་ཏ་ཐཱ་ག་ཏ བཛྲ་

(༢༡༩)༄༅ མ་མེ་མུཉྩ བཛྲི་བྷཱ་ཝ མ་ཧཱ་ས་མ་ཡ་སཏྭ་ཨ འདི་དག་དག་པར་དུས་གཅིག་ལ མ་ཡེངས་བརྒྱ་རྩ་བརྒྱད་བརྗོད་ན དུས་གསུམ་རྒྱལ་བའི་སྲས་སུ་སྐྱེ ༈ ཧོ ཞི་ཁྲོ་རབ་འབྱམས་དགོངས་སུ་གསོལ རྒྱལ་བའི་བཀའ་དང་བླ་མའི་ལུང་ ཇི་བཞིན་མ་སྤྱད་འགལ་ཞིང་འཁྲུལ རྡོ་རྗེ་སློབ་དཔོན་དྲིན་ཅན་ལ གཤོ་སྐུར་བཏབ་དང་ལྟ་བ་ལོག གཟུངས་མ་མཆེད་དང་ལྕམ་དྲལ་ལ ངན་སེམས་ཚིག་རྩུབ་ཆགས་སྡང་བྱས བརྡེག་བཙོག་གནོད་པ་དངོས་སུ་ཤོར སྐུ་ཡི་དམ་ཚིག་ཉམས་པ་རྣམས ཞི་ཁྲོའི་ལྷ་ཚོགས་སྤྱན་སྔར་བཤགས ཡི་དམ་ལྷ་དང་འཁོར་མ་གསལ འཛབ་དང་བཟླས་བརྗོད་མ་ངག་ཆག གསུང་གི་དམ་ཚིག་ཉམས་པ་རྣམས རིགས་ལྔ་ཞི་ཁྲོའི་སྤྱན་སྔར་བཤགས གསང་བཅུའི་གཉེར་གཏད་དམ་བཅས་པ ཀུན་ལ་བསྒྲགས་ཤིང་དམ་རྫས་བསྟན ཐུགས་ཀྱི་དམ་ཚིག་ཉམས་པ་རྣམས རྒྱལ་བ་ཞི་ཁྲོའི་

(༢༢༠)སྤྱན་སྔར་བཤགས ཤེས་པར་བྱ་བའི་དམ་ཚིག་ལྔ རིགས་ལྔར་མ་ཤེས་ལོག་པར་བལྟས མི་སྤང་བ་ཡི་དམ་ཚིག་ལྔ མ་རིག་དབང་གིས་དུག་ལྔར་གོལ དང་དུ་བླངས་པའི་དམ་ཚིག་ལྔ གཙང་དམེར་བལྟས་དང་བག་མེད་སྤྱད སྒྲུབ་པར་བྱ་བའི་དམ་ཚིག་ལྔ རང་ལ་གནས་པར་མ་ཤེས་ལོག སྤྱད་པར་བྱ་བའི་དམ་ཚིག་ལྔ དབྱེ་གསལ་མ་ཤེས་ལོག་པར་སྤྱད ཡན་ལག་དམ་ཚིག་ཉམས་པ་རྣམས ཡི་དམ་ལྷ་ཡི་སྤྱན་སྔར་བཤགས བསྙེན་པ་བསྒྲུབ་པའི་ཏིང་འཛིན་གཡེལ ཉ་སྟོང་དུས་དྲུག་མཆོད་པ་ཆག ལེ་ལོ་གཡེང་བ་གཉིད་ཀྱིས་རྨུགས ཚོར་དང་མ་ཚོར་ཉམས་པའི་སྐྱོན མཁའ་འགྲོ་དམ་ཅན་སྤྱན་སྔར་བཤགས ཡིད་ཀྱི་དམ་ཉམས་ལྟ་བས་བཤགས དེ་ཡང་ཀུན་གཞི་བྱང་ཆུབ་སེམས ཡིན་པ་

(༢༢༡)མེད་པའི་ལྟ་བ་རྟོགས མིན་པ་མེད་པའི་སྒོམ་ཉམས་ལོན ཡིན་མིན་མེད་པའི་སྤྱོད་པ་རྟོགས རེ་དོགས་མེད་པའི་བྱང་ཆུབ་སེམས རྩ་བ་ཡན་ལག་ཐམས་ཅད་ཀྱི ཆགས་ཉམས་མ་བྱུང་མ་སྐྱེས་པ བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ ཧཱུྃ ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ ཡོད་མེད་གཉིས་སུ་ལྟ་བ་ཐང་རེ་ཆད དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ གཙང་དང་རྨེ་བར་ལྟ་བ་ཐང་རེ་ཆད བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས ཀུན་བཟང་བདེ་ཆེན་ཀློང་དུ་བཤགས་པར་བགྱི མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ བདག་དང་གཞན་དུ་ལྟ་བ་ཐང་རེ་ཆད ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ འདི་

(༢༢༢)དང་ཕྱི་མར་ལྟ་བ་ཐང་རེ་ཆད སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི ཐིག་ལེ་ཆེན་པོ་གྲ་ཟུར་མེད་པ་ལ གཟུགས་དང་རྫས་སུ་ལྟ་བ་ཐང་རེ་ཆད གྲ་ཟུང་དབྱིབས་སུ་འཛིན་པ་ཉོན་རེ་མོངས ཀུན་ནས་ཟླུམ་པོ་ཐིག་ལེའི་ཀློང་དུ་བཤགས དུས་གསུམ་འགྱུར་བ་མེད་པའི་དང་ཉིད་ལས ཐོག་མ་ཐ་མར་ལྟ་བ་ཐང་རེ་ཆད འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས དུས་གསུམ་འགྱུར་བ་མེད་པའི་དང་ཉིད་ལས ཐོག་མ་ཐ་མར་ལྟ་བ་ཐང་རེ་ཆད འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས དུས་གསུམ་འགྱུར་བ་མེད་པའི་ཀློང་དུ་བཤགས རང་བྱུང་ཡེ་ཤེས་རྩོལ་སྒྲུབ་བྲལ་བ་ལ རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས རང་བྱུང་རྩོལ་མེད་ཀློང་དུ་བཤགས་པར་བགྱི རིག་པ་ཡེ་ཤེས་རྟག་ཆད་བྲལ་བ་ལ གཟུང་འཛིན་གཉིས་སུ་ལྟ་བ་ཐང་རེ་ཆད རྟག་ཆད་གཉིས་སུ་འཛིན་པ་ཉོན་རེ་མོངས རིག་པ་ཡེ་ཤེས་ཀློང་དུ་བཤགས་

(༢༢༣)པར་བགྱི ཆོས་ཉིད་རྣམ་དག་སྤྲོས་པ་མེད་པ་ལ ཟུག་རྡུ་གཉིས་སུ་ལྟ་བ་ཐང་རེ་ཆད མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས ཆོས་ཉིད་རྣམ་དག་ཀློང་དུ་བཤགས་པར་བགྱི༔ གཞལ་ཡས་ཁང་ལ་ཡངས་དོག་མེད་པ་ལ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས གཞལ་ཡས་ཡངས་དོག །མེད་པའི་ཀློང་དུ་བཤགས ཡུམ་གྱི་མཁའ་དབྱིངས་མཐོ་དམན་མེད་པ་ལ སྟེང་དང་འོག་ཏུ་ལྟ་བ་ཐང་རེ་ཆད མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས བྷ་ག་ཡངས་དོག །མེད་པའི་ཀློང་དུ་བཤགས ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པ་ལ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་སྐུ་འགྱུར་བ་མེད་པའི་ཀློང་དུ་བཤགས མ་རིག་འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ གཟུགས་མེད་

(༢༢༤)ཆོས་ལ་དངོས་པོ་མཚན་མར་འཛིན གང་ཟག་འཁྲུལ་པའི་སེམས་ནི་ཡོངས་རེ་གོལ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་རྟོག སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ ཟང་ཟིང་ནོར་ལ་སེམས་ཀྱི་ཆགས་པ་སྐྱེས འཁོར་བ་རང་བཞིན་མེད་པར་མ་ཤེས་པས གཉན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་འཛིན མི་ཤེས་སྐྱེ་བོའི་བློ་འདི་ཡོད་རེ་གོལ བདེན་པའི་དོན་པོར་མི་དགེའི་ལས་ལ་བརྩོན སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས རང་རིག་དོན་མེད་གཡེང་བའི་ལས་ལ་བརྩོན འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ དབྱེ་བ་སྲིད་མེད་པའི་ཀློང་དུ་བཤགས་པར་བགྱི ཅེས་ལྟ་བའི་བཤགས་པ་དང་ ཚོགས་དང་སྒྲུབ་པའི་དུས་སྐབས་སུ སྨན་དང་རཀྟ་གཏོར་མ་དང་ མར་མེ་གསལ་བའི་མདངས་ཀྱིས་བསྐད དང་པོ་བདུད་རྩི་ཀ་པཱ་ལ ཐོགས་ནས་འབུལ་བའི་སྟབས་ཀྱེས་བཏེགས འདི་སྐད་བརྗོད་ལ་སྐོད་མཆོད་འབུལ ཧཱུྃ མ་བཅོས་རང་བྱུང་ཆེན་

(༢༢༥)པོའི་རྫས གདོད་ནས་དག་པས་གཙང་རྨེ་བྲལ རྩ་བ་བརྒྱད་ལ་ཡན་ལག་སྟོང་ རིགས་ལྔ་རྒྱལ་བསྒྲིབ་པའི་རྫས དམ་ཚིག་སྐོང་བའི་སྨན་ཆེན་འདིས འོག་མིན་བརྔལ་ཁྱབ་ཆེན་པོ་ནས རང་བཞིན་བཞུགས་པའི་སངས་རྒྱས་རྣམས ཡེ་ཤེས་ལྔ་ཡི་འོད་ཀྱིས་བསྐང་ ཀུན་བཟང་མཆོད་པའི་སྤྲིན་གྱིས་བསྐང་ ཐུགས་ཀྱི་དགོངས་པ་རྫོགས་པ་དང་ ཐུགས་རྗེའི་སྤྲུལ་པས་རིགས་དྲུག་སྒྲོལ ཐོག་མའི་སངས་རྒྱས་འོད་མི་འགྱུར ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་ རང་ལས་ཡེ་ཤེས་ཤར་བའི་སྐུ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བསྐང་ ཐུགས་རྗེའི་སྤྲུལ་པས་འགྲོ་དོན་མཛད རྡོ་རྗེ་འཆང་ནས་རིམ་པར་བྱོན འགྲོ་བ་འདྲེན་པ་ཐམས་ཅད་ཀྱི སྐུ་དང་ཞིང་ཁམས་མཆོད་པས་བསྐང་ ཐུགས་ཀྱི་དགོངས་པ་རྫོགས་གྱུར་ཅིག དམ་ཚིག་ཉམས་ཆག་བཤགས་པར་བགྱི དེ་ནས་རཀྟ་ཐོགས་ལ ཧཱུྃ ཆོས་

(༢༢༦)ཉིད་རླན་གྱི་ཡེ་ཤེས་ཆུ ཐུགས་རྗེ་ཆགས་པས་ཁ་དོག་དམར སྲིད་པ་སྐྱེད་པ་རྒྱུ་ཡི་ཁྲག པདྨ་རཀྟ་རང་བྱུང་ཁྲག ཞིང་བཅུ་བསྒྲལ་བ་སྲོག་གི་ཁྲག རྩི་བཅུད་དམར་པོ་འབྱུང་བའི་ཁྲག ཐམས་ཅད་དག་པ་དབང་གི་རྫས མ་དག་ཁམས་གསུམ་འཁོར་བའི་རྒྱུ ཧེ་རུ་ཀ་ཡི་དགོངས་པ་ཡིས སྲིད་གསུམ་འཁོར་བའི་བག་ཆགས་བསྒྲལ མཆོད་པའི་རྫས་སུ་བྱིན་བརླབས་ཏེ ཡུམ་ཆེན་ཀུན་ཏུ་བཟང་མོ་ལ ཡེ་ཤེས་འཆར་བའི་དོན་ཕྱིར་འབུལ ཁྲག་འཐུང་ཁྲོ་བོའི་ཚོགས་རྣམས་ལ ཐུགས་རྗེ་བསྐུལ་བའི་མཆོད་པར་འབུལ མ་མོ་མཁའ་འགྲོ་ཐམས་ཅད་ལ དམ་ཚིག་གསོ་བའི་རྫས་སུ་འབུལ ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ལ ཕྲིན་ལས་མཛད་པའི་དོན་ཕྱིར་འབུལ དམ་ཚིག་བསྐང་ལ་དངོས་གྲུབ་སྩོལ དེ་ནས་ཚོགས་དང་གཏོར་མ་ཐོགས ལྷ་ལ་འབུལ་ཞིང་འདི་སྐད་དོ ཧཱུྃ ཁམས་གསུམ་གསོ་བ་ཟས་ཀྱི་རྒྱུ འབྲུ་དང་ཤིང་ཏོག་རོ་དྲུག་ཟས ཞིང་བཅུ་བསྒྲལ་བའི་ཕུང་པོའི་

(༢༢༧)ཤ ཛ་གད་དཔའ་བོ་འབྲུ་ཡི་བཅུད ཞལ་ཟས་འདོད་ཡོན་སྣ་ཚོགས་སུ མོས་པས་བསམས་ཏེ་མཆོད་པར་འབུལ ཆོས་ཀྱི་དབྱིངས་སུ་མོས་པས་འབུལ ཞི་བའི་ལྷ་ལ་མཛེས་པར་འབུལ ཁྲོ་བོའི་ལྷ་ལ་བརྗིད་པར་འབུལ བླ་མ་རྣམས་ལ་མཉེས་པར་འབུལ མཁའ་འགྲོ་རྣམས་ལ་དགྱེས་པར་འབུལ བཀའ་སྲུང་རྣམས་ལ་ཚིམ་པར་འབུལ དམ་ཚིག །སྐོང་བའི་རྟེན་དུ་འབུལ དེ་ནས་མར་མེ་རྐོང་བུ་ཐོགས་ལ ཧཱུྃ རྫས་ཀྱི་རྐོང་བུ་བརྒྱ་རྩ་རུ གཙང་མའི་སྡོང་བུ་བརྒྱ་རྩ་བཙུགས འབྱུང་བའི་བཅུད་མར་ཞུན་གྱིས་བཀང་ གསལ་བའི་མར་མེ་བརྒྱ་སྦར་ནས དམ་ཚིག་ཉམས་ཆགས་བསྐང་བའི་ཕྱིར མོས་པས་རྒྱལ་བ་རྣམས་ལ་འབུལ འོག་མིན་ཆོས་དབྱིངས་ཕོ་བྲང་ནས ཡེ་ཤེས་འོད་ལྔ་བཀྲག་དང་ལྡན ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ སྙིང་ག་ཆོས་ཀྱི་ཕོ་

(༢༢༨)བྲང་ན ཡེ་ཤེས་ས་བོན་ཐིག་ལེགས་ལ རང་བྱུང་ཞི་བའི་ཐུགས་དམ་བསྐང་ ཀླད་པ་དུང་ཁང་ཕོ་བྲང་ན རང་རྩལ་དྲོད་ཀྱི་འོད་ཟེར་འབར རང་བྱུང་ཁྲོ་བོའི་ཐུགས་དམ་བསྐང་ མོས་གུས་ངང་པའི་སྣང་བ་ལ རིག་པ་རང་བྱུང་འགག་མེད་གསལ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་ རྩ་རླུང་ཐིག་ལེ་དྭངས་པ་ལ ཤེས་པ་རང་བྱུང་ས་ལེར་གནས མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་ འཇིག་རྟེན་སྲིད་པ་ཡངས་པ་ལ གཟའ་སྐར་འོད་ཀྱི་ཐིག་ལེ་གསལ ཕྱི་ཡི་དམ་ཅན་ཐུགས་དམ་བསྐང་ དམ་ཚིག་ཉམས་ཆག་ཐམས་ཅད་ཀུན ཐུགས་དམ་དབང་གིས་དག་པར་མཛོད མཆོག་དང་ཐུན་མོང་དངོས་གྲུབ་སྩོལ སྐོང་བ་བསྡུས་པ ཧཱུྃ བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ བླ་མ་ཡི་དམ་ལྷ་ཚོགས་ཡོངས་རྫོགས་ལ རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཀློང་བུ་རུ རིག་པ་ཡེ་ཤེས་མར་མེ་གཏམས་ཏེ་འབུལ

(༢༢༩)རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ སྐུ་ལྔ་ཡེ་ཤེས་ཡོངས་རྫོགས་མཆོད་པར་འབུལ གཏོར་གཞོང་རྣམ་དག་དཔལ་གྱི་གཏོར་མས་གཏམས འདོད་ཡོན་ཡོངས་སུ་རྫོགས་པའི་མཆོད་པར་འབུལ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་མཁའ་ཀློང་དུ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ འབྲུ་བཅུད་སྟོང་ལ་སྦྱར་བ་དཔའ་བོའི་རྫས གཟི་བྱིན་བསྐྱེད་ཕྱིར་ཛ་གད་མཆོད་པར་འབུལ ཨ་ལ་ལ་ཏེ་དགྱེས་པར་བཞེས་སུ་གསོལ ཅེས་གསུངས་མཆོད་བསྐོང་བསྡུས་པའོ ས་མ་ཡ རྒྱ་རྒྱ་རྒྱ ན་རག་བཤགས་བསྐང་ཞི་ཁྲོ་གསང་བ་ཡོངས་རྫོགས་དང་རང་ཤར་གཉིས་ལས་བསྟན་པ་ཕྱོགས་གཅིག་ཏུ་བསྡེ་བས་ཏེ་བསྲེ་བསླད་ཚིག་གཅིག་ཙམ་ཡང་མེད་པར་ལྷག་བསམ་དག་པའི་སྒོ་ནས་པདྨའི་མིང་ཅན་གྱིས་དགེ་གནས་སུ་བྲིས་པའོ།། །།༈ ལག་ལེན་རྒྱུག་བྱང་ནི། ཞི་ཁྲོའི་དཀྱིལ་འཁོར་དང་ཞི་གཏོར་དྲག་གཏོར་སྨན་རག་མར་མེ་སོགས་མཆོད་བཤམས་རྒྱས་པར་བཀའ་བརྒྱད་ནས་བཤད་པ་

(༢༣༠)ལྟར་བྱ། ཆོ་ག་གང་རུང་གཞན་ལ་བརྟེན་ན་དཀྱིལ་འཁོར་སྨན་རག་གཏོར་མ་རྣམས་རང་གཞུང་དེ་ཉིད་སོར་བཞག་གི་སྟེང་དུ་མར་མེ་བརྒྱ་རྩ་སོགས་བཤམ་མོ། ཞི་ཁྲོའི་ལས་བྱང་གཞུང་བསྲངས་འཛེབ་བཟླས་མཆོད་བསྟོད་དབང་ཡིད་ལེན་རྣམས་ཆེར་བའི་རྗེས་སུ་བཤགས་བསྐང་རྣམས་ཚད་མར་འདོན་ཞིང་རེ་རེ་ལྟར་མཆོད་པ་ཁ་གསོ་བྱིན་གྱིས་རླབས། ཆོ་ག་གཞན་ལ་སྦྱར་བ་ཡིན་ན་སྐབས་དེར་དཀྱིལ་འཁོར་ལྷ་ཚོགས་རྟེན་བརྟེན་པ་དང་བཅས་པ་ཐམས་ཅད་སྐད་ཅིག་གིས་འོག་ཞི་བའི་དཀྱིལ་འཁོར་དུ་ཞི་བ་ཞེ་གཉིས་ཀྱི་ལྷ་ཚོགས་དང་། སྟེང་ཁྲོ་དཀྱིལ་གྱི་དབུས་སུ་ཆེ་མཆོག་ལ་རིགས་ལྔ་ཁྲག་འཐུང་གིས་བསྐོར་བ། དེ་ཕྱིར་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས། དེ་ཕྱིར་རིམ་བཞིན་ཀེ་རི་སེང་ཧ་སྒོམ་དབང་མོ་རྣམས་ཀྱིས་བསྐོར་བའི་རྣམ་པར་གནས་འགྱུར་བའི་སྟེང་འོག་བར་མཚམས་རྣམས་སུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་བྱང་སེམས་སོགས་སྐྱབས་གྱུར་མ་ལུས་པས་བསྐོར་ནས་བཞུགས་པར་བསམ་ལ། ཡེ་ཤེས་པར་སྤྱན་དྲངས་པ་དང་དབྱེར་མེད་དུ་བཞུགས་པའི་དྲུང་དུ་རང་གཞན་སེམས་ཅན་རྣམས་ཀྱི་ལུས་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ། ཡིག་བརྒྱ་བཤགས་པ་ཀློང་བཤགས་བསྐང་བ་བཞི་བཅས་འདོན་

(༢༣༡)ཞིང་གྲངས་བསོགས་སོགས་བྱེད། དེ་རྗེས་བགྱི་འཁོར་གང་ཡིན་གྱི་བདག་མདུན་སྔར་ལྟར་གསལ་བའི་ངང་ནས་ཚོགས་བསྐང་སོགས་རང་གཞུང་ལྟར་བྱེད་པའོ། །ཆོ་ག་དང་མ་འབྲེལ་བར་ཆོས་སྤྱོད་རྒྱུན་འདོན་ལ་ཕྱག་ཡིག་བརྒྱ་བཤགས་པ་ཀློང་བཤགས་རྣམས་འདོན་ཞིང་བསྐང་བ་བཞག་ག །རུ་ཟུང་བཞིའི་བཤགས་པ་ལ་ངོས་ལ་མི་འདྲ་བ་སྣང་ཡང་། འདིར་ལུས་ཀྱི་ཕྱག །ངག་གི་ཡིག་བརྒྱ། ཡིད་ཀྱི་ཀློང་བཤགས། སྒོ་གསུམ་ཐ་མི་དད་ཀྱི་དམ་ཚིག་གསོ་ཕྱིར་རྫོགས་པ་ཆེན་པོའི་ལྟ་བ་དང་བཞི་བཤགས་པ་རུ་བཞི་དང་། དེ་ལ་ཁ་བསྐང་སྨན་གཏོར་རཀྟ་མར་མེའི་བསྐང་བཞི་དང་བཅས་རུ་ཟུང་བཞིར་ངེས་པའོ། །སྐང་འདི་ལ་མི་འདྲ་བ་རྒྱས་བསྡུས་མང་དུ་སྣང་ཡང་། འདིའི་ལུགས་ཀྱི་སྨན་གཏོར་རཀྟ་མར་མེའི་སྐང་བཞི་པོ་འདིའི་ཁོངས་སུ་ཐམས་ཅད་ཀྱི་ངོ་བོ་ཚང་བར་འདུག་པས་ངེས་པར་མཛོད།། །།༈ གསུམ་པ་སྨོན་ལམ་གདབ་པ་ནི རྡོ་རྗེ་སློབ་དཔོན་གྱི་མདུན་དུ་རིག་མ་རྣམས་རྒྱན་གྱིས་སྤྲས་ཤིང་ཐོད་ཆད་ཐོགས མཆེད་ལྕམ་རྣམས་ཀྱིས་ལག་ཏུ་མར་མེ་དང་སྤོས་ཀྱི་རིང་བུ་ཐོགས་ཏེ། ཡིད་

(༢༣༢)གཉིས་ཐེ་ཚོམ་མེད་པར་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་རྣམས འཕགས་པ་མ་རིག་མུན་སེལ་མངོན་སུམ་དུ་བསྒོམ་ཞིང་ མོས་གུས་ཀྱི་གདུང་ཤུགས་བསྐྱེད་དེ དབྱངས་སྙན་པོས་འདི་སྐད་དོ ཧཱུྃ དུས་གསུམ་རྒྱལ་བ་ཐམས་ཅད་བཞུགས་པའི་གནས མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་དང་ སྟོན་པ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་རྣམས མཆེད་དང་ལྕམ་དྲལ་འདུས་པ་རྒྱ་མཚོའི་ཚོགས མ་ལུས་ཐམས་ཅད་བདག་ལ་བརྩེར་དགོངས་ནས བྱང་ཆུབ་མཆོག་གི་དཀྱིལ་འཁོར་འདིར་བཞུགས་ཏེ བདག་གི་སྨོན་ལམ་འགྲུབ་པའི་དཔང་པོ་མཛོད རྡོ་རྗེ་རྒྱལ་པོ་སངས་རྒྱས་འདུས་པའི་དཔལ རྒྱལ་བའི་ཡུམ་མཆོག་རྒྱལ་བ་བསྐྱེད་པའི་ཡུམ ཐུགས་སྤྲུལ་རྒྱལ་སྲས་བྱང་སེམས་བསྟན་པའི་བཙས མཆེད་ལྕམ་དམ་ཚིག་གཅིག་པའི་རིག་འཛིན་ཚོགས དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར མི་འབྲལ་སྤྱི་གཙུག་རྒྱན་དུ་འགྲོགས་པར་ཤོག བདག་གི་དུས་གསུམ་ཀུན་ཏུ་སྒོ་གསུམ་ཡུལ ཐ་ན་རྨི་ལམ་

(༢༣༣)གཉིད་དུ་འབྲེང་བའི་ཚེ བླ་མ་ཡབ་ཡུམ་མཆེད་ལྕམ་མཐོང་བར་ཤོག སྐུ་གསུང་ཐུགས་ཀྱི་དགྱེས་པ་ཀུན་འགྲུབ་ཅིང་ དད་གུས་གདུང་བའི་སྲི་ཞུས་བསྟེན་པར་ཤོག ཚེ་འདིའི་སྣང་བ་ནུབ་པར་གྱུར་པའི་ཚེ འཆི་བ་དང་པོ་འོད་གསལ་ཆོས་ཀྱི་སྐུ ངོ་ཤེས་རྩལ་རྫོགས་བསྟན་པ་ཐོབ་ནས་ཀྱང་ ཆོས་སྐུ་འོད་དཔག་མེད་དང་དབྱེར་མེད་པར ཀ་དག་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག རང་རིག་ཆོས་སྐུར་རང་རྩལ་མ་རྫོགས་ནས བར་དོའི་སྣང་ཤེས་རང་སྣང་ལྷར་ཤར་ན རང་སེམས་དག་པའི་རྩལ་དུ་ངོ་འཕྲོད་དེ སྒྲ་འོད་ཟེར་གསུམ་མདངས་ལྡན་རང་སྒྲར་བཅས ལྔ་ལྡན་ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག དེ་ལྟར་རང་རིག་ཚད་ལ་མ་ཕེབས་ནས སྲིད་པ་བར་དོའི་འཁྲུལ་པས་གཡེངས་གྱུར་ན རྡོ་རྗེ་རྒྱལ་པོ་ཡབ་ཡུམ་རྗེས་དྲན་ཏེ སྣང་གསལ་མར་མེ་འདི་ཡིས་རྒྱུད་བརྟེན་ནས དཔའ་བོ་

(༢༣༤)མཁའ་འགྲོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ མཁའ་སྤྱོད་དག་པའི་གནས་སུ་གྲོལ་བར་ཤོག ལས་ཀྱི་དབང་གིས་རིགས་དྲུག་ཡུལ་མཐོང་ཞིང་ བག་ཆགས་དབང་གིས་འཁོར་བ་འདིར་འཁྱམས་ཀྱང་ བསྐྱེད་རྫོགས་ཟབ་མོ་འདི་ཡིས་མཚམས་སྦྱར་ནས དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་ཐོབ་སྟེ དཀྱིལ་འཁོར་གཅིག་ཏུ་ཚོགས་པའི་རྟེན་འབྲེལ་དང་ མར་མེ་གཅིག་ལ་བལྟས་པའི་ཏིང་འཛིན་གྱིས མི་འབྲལ་ཚོམ་བུ་གཅིག་ཏུ་འཚོགས་པར་ཤོག དེ་ཚེ་འཕགས་མཆོག་ཡི་དམ་ལྷར་འགྱུར་ཞིང་ རྡོ་རྗེ་སློབ་དཔོན་བྱམས་པའི་སྐུ་དྲིན་གྱིས ཐོས་བསམ་བསྒོམ་གསུམ་ཡང་དག་རང་རྒྱུད་ལྡན ཚུལ་བཞིན་སྤྱོད་ལ་ཉེར་འཚོ་ཀུན་ཞི་ཞིང་ བསྒྲུབ་པའི་འབྲས་བུ་མཐར་ཕྱིན་འགྲུབ་པར་ཤོག དངོས་གྲུབ་རྣམ་གཉིས་མཆོག་གི་ནོར་འཆང་ཞིང་ མ་དག་འགྲོ་བ་དྲུག་གི་ཁམས་རྣམས་སུ རྒྱལ་རིགས་རྗེའུ་རིགས་

(༢༣༥)དམང་རིགས་བྲམ་ཟེའི་རིགས གདོལ་པ་བུད་མེད་ཁྱེའུ་དགེ་སྦྱོངས་དང་ ཀུན་ཏུ་རྒྱུ་དང་བསླབ་གནས་རིག་བྱེད་མཁན རིགས་ཀྱི་བཀུར་བ་དང་ནི་མ་བཀུར་བ སྨད་དང་བསྟོད་དང་ནང་པ་ཆོས་སྨྲ་དང་ བྱ་དང་རི་དྭགས་གྲོང་ཁྱེར་སློང་མོ་བ གང་ལ་གང་འདུལ་དེ་ལ་དེར་མཐུན་དུ སྣ་ཚོགས་གཟུགས་ཀྱིས་འགྲོ་བ་འདུལ་བར་ཤོག སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་སོགས བསྡུ་བ་རྣམ་པ་བཞི་ཡི་དཔུང་གྲོགས་བཅས ཐབས་ལ་མཁས་པ་རྣམ་གྲངས་དཔག་མེད་ཀྱིས རང་སྐལ་གང་ལྡན་ཆོས་ཀྱི་ཆར་འབེབས་ཤིང་ ཕ་མ་འགྲོ་དྲུག་འཁོར་བ་ལས་བསྒྲལ་ཞིང་ མ་རིག་མུན་པའི་སྒྲོན་མེ་བྱེད་པར་ཤོག སྣང་སྲིད་འཁོར་འདས་ཆོས་དབྱིངས་ཡེ་གནས་ཀློང་ མེ་རིག་དག་པ་རང་བྱུང་རྡོ་རྗེ་མཆོག བྱ་རྩོལ་

(༢༣༦)མེད་པ་འགྲོ་ཀུན་ཕྱམ་གཅིག་ཏུ རིགས་བདག་ཡི་དམ་ལྷ་དང་གཉིས་མེད་པར གཉིས་སུ་མེད་པའི་འབྲས་བུ་ཐོབ་པར་ཤོག ཅེས་སྨོན་ལམ་གདབ་བོ ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས མ་འབད་བཞིན་དུ་སྐུ་གསུམ་མངོན་གྱུར་ཏེ ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ ཕྱམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག ཅེས་བརྗོད་ཅིང་འཁོར་གསུམ་དམིགས་མེད་ཀྱི་ངང་ནས་བསྔོ་བས་རྒྱས་འདེབས་པར་བྱའོ

(༢༣༧)ཧྲྃ བརྒྱད་པ་བསྔོ་བ་བྱ་བ་ནི ཨོཾ་ཨཱཧཱུྃ་ཧྲཱི ཨོཾ་མ་ཎི་པདྨེ་ཧཱུྃ། ཕྱོགས་བཅུར་བཞུགས་པའི་སྐུ་གསུམ་གྱི་སངས་རྒྱས་འཕགས་པ་རྒྱལ་བ་རྒྱ་མཚོ མ་རིག་མུན་སེལ་གྱི་ལྷ་ཚོགས་མ་ལུས་པ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ་ལོ བདག་ཅག་རྣམས་ཀྱི་དུས་གསུམ་ཀུན་ཏུ་རྣམ་པར་སྤྱད་པའི་དགེ་བའི་རྩ་བ་ཟག་བཅས་དང་ཟག་མེད་ཀྱི་ཚོགས ཅི་མཆིས་པ་ཐམས་ཅད་ཡོངས་སུ་བསྡུས་ནས་གཅིག་ཏུ་བསགས་ཏེ ད་ལྟར་གྱི་དུས་ཕུན་སུམ་ཚོགས་པ་འདིར༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བར་བགྱིའོ དགེ་བའི་རྩ་བ་དེ་ཡོངས་སུ་བསྔོས་པའི་མཐུ་ཆེན་པོ་ལ་བརྟེན་ནས བདག་སོགས་ཕ་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག དེ་ལྟར་མ་ཐོབ་ཀྱི་བར་དུ་ཡང་ སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་གནས་ངན་ལེན་ངན་སོང་གསུམ་གྱི་སྐྱེ་སྒོ་ཡང་དག་པར་ཆོད་ཟིང་ མཐོ་རིས་ལྷ་མིའི་ལུས་

(༢༣༨)རྟེན་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག རིགས་མཆོག་ཏུ་གྱུར་པའི་ལུས་རྟེན་དེ་ལ་ཕ་རོལ་ཕྱིན་པ་དྲུག་གི་ཆོས་ཐམས་ཅད་ཚངས་ཞིང་ བླ་མ་རྡོ་རྗེ་སློབ་དཔོན་གྱིས་བརྩེ་བས་རྗེས་སུ་བཟུང་ནས ཐོས་བསམ་བསྒོམ་གསུམ་ལས་སུ་རུང་སྟེ སྐུ་དང་ཡེ་ཤེས་ལ་མངོན་དུ་སྤྱོད་པར་གྱུར་ཅིག བྱམས་དང་སྙིང་རྗེ་ཚད་མེད་པའི་སྤོབས་པས འགྲོ་བ་མཐའ་དག་གི་དོན་གང་ལ་གང་འདུལ་དུ་བསྒྲུབ་ནུས་པར་གྱུར་ཅིག དེ་ལྟར་གྱི་ལྷག་བསམ་རྣམ་པར་དག་པར་སྤྱོད་པ་ལ་ཉེ་བར་འཚེ་བ་དང་ བར་དུ་གཅོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱིས་ས་ལ་མངོན་པར་བྱང་ཆུབ་ཅིང་ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ཏེ མ་རིག་པའི་མུན་པ་ཐམས་ཅད་རབ་ཏུ་བསལ་ནས ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་ཕྲིན་ལས་རབ་འབྱམས་གྱིས སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་གྱུར་ཅིག དེ་ལྟར་གྱི་དགེ་བའི་བསམ་པ་ཕུན་སུམ་ཚོགས་པ་འདི་ཡི་མཐུས སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཕྱོགས་དུས་གནས་སྐབས་ཐམས་ཅད་

(༢༣༩)ཧྲྃ༔ དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག གསང་སྔགས་རྡོ་རྗེ་ཐེག་པ་འདིས་ཀྱང་འགྲོ་བ་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་པར་གྱུར་ཅིག བསྟན་པའི་རྩ་ལག་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱང་ སྐུ་ཚེ་དང་མཛད་འཕྲིན་ཐམས་ཅད་ཡར་ལྡན་དུ་འཕེལ་ཞིང་ སེམས་ཅན་གྱི་སྒྲོན་མེ་ཡུན་རིང་དུ་མཛད་པར་གྱུར་ཅིག འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོ་ཕྱུགས་ལེགས་ཤིང་ཆར་ཆུ་དུས་སུ་ཕབས་ནས ནད་མཚོན་ནུ་གེའི་བསྐལ་བ་ཐམས་ཅད་ཞི་ཞིང་ བསྐལ་པ་རྫོགས་ལྡན་གྱི་དུས་ལྟར་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་སྤྱོད་པར་གྱུར་ཅིག འཇིག་རྟེན་མི་དབང་གི་རྒྱལ་པོ་རྣམས་ཀྱང་དགེ་བའི་དཔལ་གྱིས་ས་སྐྱོངས་ཤིང་ ཆབ་སྲིད་འབངས་མངའ་འཁོར་ཐམས་ཅད་དར་ཞིང་རྒྱས་ནས དགེ་བའི་ལས་སྣ་ཚོགས་རྩོམ་ཞིང་ བཀྲ་ཤིས་པའི་ཡོན་ཏན་དུ་མ་མངོན་དུ་བྱེད་པར་གྱུར་ཅིག ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས མ་འབད་བཞིན་དུ་སྐུ་གསུམ་

(༢༤༠)མངོན་གྱུར་ཏེ ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ༔ ཕྱམས་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག༔ ཅེས་བརྗོད་ཅིང་འཁོར་གསུམ་དམིགས་མེད་ཀྱི་ངང་ནས་འགྲོ་བས་རྒྱས་འདེབས་པར་བྱའོ༔ རྒྱུ་སྦྱོར་བ་འཕྲང་པོ་བསམ་གཏན་དབུ་མཛད་དཔལ་ཆོས་ནས་བར་དུ་བསྐྲུན་པའི་དགེ་བས་འགྲོ་ཀུན་བྱང་ཆུབ་སྙིང་པོར་འགོད་པར་གྱུར་ཅིག།

(༢༤༡)ཀློང་ཆེན་སྙིང་གི་ཐིག་ལེ་ལས་ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བའི་སྒོ་ནས་ཚེ་འདས་ལ་ཕན་གདགས་བའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲ་བ་དང་ཚེ་འདས་ཀྱི་ཕུང་པོ་སྦྱོང་ཐབས་སྒྲིབ་གཉིས་རྣམ་གྲོལ་བཞུགས། །

(༢༤༢)བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གཏིང་གསལ་འོད་ཀྱི་ཕུང་པོ་ལ་ཕྱག་འཚལ་ལོ། །རྒྱུད་ཆེན་ཟབ་མོ་ཉི་ཟླ་ཁ་སྦྱོར་གྱི་མན་ངག་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲ་བ་ཞེས་བྱ་བ། སྙིང་རྗེ་ཆེན་པོའི་རྩི་དང་ལྡན་ཞིང་རྟོགས་པ་མཆོག་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། ཕུང་པོ་དངོས་སུ་ཡོད་ན་དེས་ཆོག་ལ། མེད་ན་གཟུགས་བརྙན་འདིར་ལག་ལེན་ལ་ཀོང་བུའི་ནང་དུ་མར་ལ་བྱང་བུ་བཟོས་པའི་སྙིང་གར་མིང་ཡིག་སོགས་མཐོང་བརྒྱུད་བཞིན་དང་། གདུགས་དང་བ་དན་ལ་སོགས་

(༢༤༣)ཤོག་བུར་བཟོ་བ་ཡིན། ནམ་མིང་བྱང་བྱ། དྲི་རྟེན་ལ་སོགས་པར་ཡང་སྦྱོང་དུ་རུང་ངོ་། །དེ་ལ་ཞི་ཁྲོ་ངན་སོང་སྦྱོང་བའི་སྐོང་དང་འབྲེལ་བ་ཕན་ཡོན་ཆེ་བས་སྐོང་གི་དཀྱིལ་འཁོར་དང་མཆོད་པའི་ཡོ་བྱད་འབྱོར་ཚོགས་དང་བསྟུན་ནས་བཤམ། ཉེ་ལོགས་སམ་ཅི་བདེ་བར་མཎྜལ་ཁྲུ་གང་སྐྱང་ནུལ་དོགས་འཇམ་བར་གུར་གུམ་ལ་སོགས་བྲི་བཟང་པོས་ཆག་ཆག་བཏབ། དེའི་ཁར་བུམ་གདན་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྲིས་པའི་སྟེང་དུ་རིན་པོ་ཆེའི་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་

(༢༤༤)ཆིངས་གཟུངས་རྡོར་དང་བཅས་པའི་ཕྱི་རོལ་མཚལ་ལ་མ་ལྡོང་རོས་ཀྱིས་ཨ་བཞི་བྲིས་པ་བཞག་ཅིང་། མཐར་མཆོད་པས་བསྐོར། ཞི་ཁྲོའི་ལས་གཞུང་བཟླས་པ་དང་བཅས་པ་རྫོགས་རྗེས་ཁྱད་པར་གྱི་བུམ་པ་སྒྲུབ་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་དང་། བུམ་འོད་ལྔའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་མ་ལུས་པ་རྫོགས་པའི་དབུས་སུ་བཅོམ་ལྡན་འདས་སྟོན་པ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་མཉམ་གཞག་ཅན་ཡུམ་དང་འཁྲིལ་བའི་ཕྱོགས་བཞིའི། ཤར་དུ་རྡོ་རྗེ་སེམས་དཔའ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་སྣང་བ་མཐའ་ཡས། བྱང་དུ་དོན་ཡོད་གྲུབ་པ། དཀར་སེར་དམར་དང་ལྗང་གུའི་མདོག་ཅན། གཙོ་བོའི་མདུན་

(༢༤༥)དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཀུན་ཀྱང་རང་འོད་ཀྱི་ཡུམ་དང་འཁྲིལ་ནས་འོད་ཟེར་ཀུན་ཏུ་འཕྲོ་བར་བཞུགས་པའི་སྟེང་གི་ཆ་ལ། བླ་མ་བརྒྱུད་པའི་ལྷ་ཚོགས་དམིགས་ཡུལ་ཚེ་ལས་འདས་པའི་ལམ་སྟོན་ཆེན་པོར་བཞུགས་བར་གྱུར། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། བདུད་སྡེ་སོགས། བཛྲ་ས་མ་ཡ་ཛ ཞེས་སྤྱན་དྲངས། བཅོམ་ལྡན་འཁོར་བཅས་བྱོན་པ་ལེགས། །སོགས་ཀྱིས་བཞུགས་སུ་གསོལ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །སོགས་ནས་བཛྲ་ཨརྒྷཾ་སོགས་ཀྱི་སྔགས་དང་བཅས་པས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་

(༢༤༦)སོགས་ཤོླ་ཀས་བསྟོད། གཟུངས་ཐག་ལ་འདུས་ནས། ཨོཾ་ཨཱཧཱུྃ སྭཱ་ཧཱ དང་། ཨ་འབུམ་ཕྲག་གཅིག་གིས་བསྙེན་པ་བྱ། བར་མཚམས་ཅི་རིགས་པར། །ཨོཾ་ཨ བྷྱ་དྱ་ཏཾ་ཀཾ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་ཤམ་བུ་གདག །འདིར་སློབ་དཔོན་གྱི་ངག་མ་དག་ན་སྦྱར་བྱ་ལ་ཕན་ཐོགས་བར་དཀའ་བས་བཟླས་པ་ཚད་དུ་འཁྱོལ་པ་དང་། ཏིང་ངེ་འཛིན་བརྟེན་པ་ཁོ་ན་ཁག་ཆེ་བ་ནི་སྣང་ཤེས་ཀྱི་སྤྲོས་པ་ལས་འདས་པའི་བདུན་ཚིག་ཆེས་ཟབ་པའི་སྤྱོད་ལུགས་ཡིན། བཟླས་དམིགས་ནི། རང་ཞི་ཁྲོའི་དཀྱིལ་འཁོར་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བླ་མ་དང་ལྷ་སོ་སོའི་སྐུའི་ཆ་ཤས་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཁེངས་པར་བསམ་ལ་མཐར་མཆོད་བསྟོད་ཇི་ལྟར་རིགས་པ་དང་། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། ཨ་ཨ་ཞེས་བརྗོད་པས་ཡེ་ཤེས་པ་གཤེགས་དམ་ཚིག་པ་ཆར་ཞུ་བར་མོས། ཡང་འདིར་བསགས་སྦྱངས་ཕྱིར་དུ་ཞི་ཁྲོའི་ཕྱག་འཚལ་

(༢༤༧)ནས་རིམ་པར་སྐོང་གི་བྱ་བ་རྣམས་ཚོགས་ལྷག་ལ་ཐུག་གི་བར་དཀྱུས་བཞིན་དུ་བྱའོ། །དེ་ནས་ཁྱད་པར་གྱི་སྤྱོད་པ་ནི། ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཤི་བར་གྱུར་བའི་ཚེ། །ཟག་པ་བཅས་པའི་ཕུང་པོ་ལ། །བུམ་པ་སྤྱི་བོར་བཞུག་ནས་ནི། །ཡི་གེ་ཡི་ནི་འབྲུ་ཉིད་དང་། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དམྱལ་བའི་གནས་རྣམས་སྟོངས་ནས་ནི། །དེ་ཡི་རྟག་ཏུ་དེ་བཞིན་ནོ། །ཞེས་ཕུང་པོ་དངོས་ལ་སྦྱང་བའི་དབང་དུ་བཏང་ནས། དེའི་སྤྱི་བོར་ཨ། མགྲིན་པར་བྷྱ གསང་བྱར་དྱ། མཆན་ཁུང་དུ་ཀཾ། སྤྱི་བོར་ཏཾ་སྟེ་རིམ་པར། དམྱལ་བ། ཡི་དྭགས། བྱོལ་སོང་། ལྷ་མིན། ལྷའི་གནས་རྣམས་སྦྱང་བའི་ཕྱིར་ཡི་གེའི་མཚན་མ་དེ་དང་དེ་གནས་པས། དེ་རྣམས་སུ་སྦྱོང་བྱེད་ཀྱི་ངོ་བོར་གསལ་ནས་ལོ་གྲངས་བཟླ་བ་དང་ལྷན་ཅིག་བུམ་ཆུས་བཀྲུ་པ་ཡིན་ལ། །ཚུལ་འདི་ལྟ་བུའི་སྦྱོང་བ་ནི་གནས་ཤིན་ཏུ་ཟབ་པ་ཡིན་པས་ཕུང་པོ་བསྲེག་པ་དང་གཏོར་བ་ལ་སོགས་པའི་

(༢༤༨)ལས་ལ་སྦྱོར་ཁར་ལག་ལེན་ལ་ཐེབས་པར་བྱའོ། །འདིར་སྤྲོས་པ་ལ་དཀའ་བ་དག་གིས་རྫོགས་པ་རང་བྱུང་ནས་གསུངས་པའི་རིགས་དྲུག་གནས་འདྲེན་བྱ་བ་ཕྱོགས་གཞན་དུ་ཤེས་ལ། སྤྲོས་པ་ཆུང་ཞིང་རྟོགས་པ་མཆོག་དང་ལྡན་པ་དག་ལ་བྱ་བ་ཉུང་ཞིང་ཏིང་ངེ་འཛིན་ལ་མི་གཡེང་བ་འདི་ཁོ་ན་སྐབས་སུ་བབ་པ་ཡིན་པས། རྟེན་པ་རྣམ་ཤེས་འགུགས་པ་ནི། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ནིྲ་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པ་ཆེ་གེ་མོའི་ཕུང་པོ་དང་སྐྱེ་མཆེད་གསོན་གྱི་གནས་སྐབས་ཇི་ལྟ་བར་གྱུར། ལྕགས་ཀྱུའི་ཕྱག་རྒྱས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། །དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བདེན་པ་དང་། གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པའི་བདེན་པ་དང་། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་བདེན་པ་དང་། བཅོམ་ལྡན་

(༢༤༩)འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ལས་ཀྱི་དབང་གིས་ཁམས་གསུམ་འགྲོ་བ་རིགས་དྲུག །སྐྱ་གནས་རྣམ་པ་བཞི། སྲིད་པ་བར་མ་དོ་འཁོར་བ་མྱ་ངན་གྱི་ཁང་བུའི་ཆར་གཏོགས་པ་གདན་གནས་ཀྱང་སྐད་ཅིག་ཙམ་གྱིས་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཊཀྐི་རཱ་ཛཧཱུྃ་ཞེས་ལན་གསུམ་ལ་སོགས་ཁུག་པའི་གསལ་སྣང་མཐོང་གི་བར་བརྗོད། རྣམ་པར་ཤེས་པ་རྟེན་གྱི་བར་སྣང་ལ་འོད་ཀྱི་རང་བཞིན་དུ་བྱུང་བ། ཨོཾ་ཤྭ་བྷོ་ནེ་སརྦ་པཱ་པཾ་ཨ་པ་ན་ཡ་ཧཱུྃ། ཞེས་ལན་གསུམ་གྱིས་སྡིག་པ་སྦྱངས་ནས། ཛཧཱུྃ་བཾ་ཧོ ཞེས་ཕྱག་རྒྱ་བཞིས་རྟེན་ལ་བཅིང་ངོ་། གེགས་དང་ལན་ཆགས་སྦྱོང་བ་ནི། གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིག་ནན་ན་མ༔ སརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་ཥེ་བྷྱ

(༢༥༠)སརྦ་ཏཏཾྑ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་གག་ན་གྷྲི་ཧ་ན་བ་ལིངྟ་ཡེ་སྭཱ་ཧཱ། ཏིང་ལོ་ཆང་བུར་བཅས་པ་གསུམ་རྟེན་ལ་རེ་རེ་ནས་བསྐོར་ཞིང་། ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་མཐར། ཚེ་ལས་འདས་པའི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གེགས་རྣམས་གཏོར་མས་བརྔན་དང་། ཏིང་ལོས་སྣང་བ། ཆང་བུས་ལམ་རྒྱགས་གྱིས་ལ་རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས་ཤིག །ཅེས་གུ་གུལ་གྱིས་བདུག །རྡོ་རྗེས་བསྡིགས་ཤིང་དྲིལ་བུ་གསིལ། དེ་ནས་ཁྱད་པར་གྱི་བུམ་པ་སྤྱི་བོར་བཟུང་ནས། ཚེ་ལས་འདས་པའི་སྤྱི་བོར་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་བར་བསྒོམས་པའི་འོད་ཟེར་དང་། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་དམྱལ་བར་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་བཟོད་པའི་རང་བཞིན་ཆུ། །ཞེ་སྡང་དྲི་མ་སྦྱོང་མཛད་ཅིང་། །རླབས་ཆེན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཧཱུྃསྭཱ་ཧཱ། ཨ་ཞེས་སྙན་པའི་དབྱངས་ཀྱིས་དེའི་ལོ་གྲངས་བརྗོད་པའི་བཅུ་ཚན་རེའི་མཚམས་

(༢༥༡)སུ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཀྲུ། བུམ་པ་མགྲིན་པར་བཟུང་ལ། ཚེ་ལས་འདས་པའི་མགྲིན་པར་རང་བྱུང་གསང་བ་ཆེན་པོའི་ཡི་གེ་བྷྱ་གསལ་བར་བསྒོམས་པའི་འོད་ཟེར་དང་བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་ཡི་དྭགས་སུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཧཱུྃསྭཱ་ཧཱ། བྷྱ་ཞེས་སྔར་ལྟར་བརྗོད་ཅིང་། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཀྲུ། བུམ་པ་གསང་གནས་སུ་བཟུང་ལ། ཚེ་ལས་འདས་པའི་གསང་གནས་སུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་དྱ་གསལ་བར་བསྒོམས་པའི་འོད་ཟེར་དང་། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་བྱོལ་སོང་དུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་

(༢༥༢)གྱུར་ཅིག །འདི་ནི་ཤེས་རབ་རང་བཞིན་ཆུ། །རྨོངས་པའི་དྲི་མ་སྦྱོང་མཛད་ཅིང་། །རྣམ་གསུམ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། ཨོཾ་ཨཱཧཱུྃསྭཱ་ཧཱ། བྱ་ཞེས་སྔར་ལྟར་བརྗོད་ཅིང་། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཀྲུ། བུམ་པ་མཆན་ཁུང་གཡས་སུ་བཟུང་ལ། ཚེ་ལས་འདས་པའི་མཆན་ཁུང་གཡས་སུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཀཾ་གསལ་བར་བསྒོམས་པའི་འོད་ཟེར་དང་། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་ལྷ་མིན་དུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྤྱོད་མཛད་ཅིང་། །མཉམ་ཉིད་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཧཱུྃསྭཱ་ཧཱ། ཀཾ་ཞེས་ཚར་ཉི་ཤུ་བརྗོད་ཅིང་། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཀྲུ། བུམ་པ་མཆན་ཁུང་གཡས་སུ་བཟུང་ལ། ཚེ་ལས་འདས་པའི་མཆན་ཁུང་གཡས་སུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཀཾ་གསལ་བར་བསྒོམས་པའི་འོད་ཟེར་དང་། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་ལྷ་མིན་དུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྤྱོད་མཛད་ཅིང་། །མཉམ་ཉིད་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཧཱུྃསྭཱ་ཧཱ། ཀཾ་ཞེས་ཚར་ཉི་ཤུ་བརྗོད་ཅིང་། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཀྲུ། བུམ་པ་སྤྱི་བོར་བཟུང་ལ། ཚེ་ལས་འདས་པའི་སྤྱི་གཙུག་ཏུ་རང་བྱུང་གསང་བ་ཆེན་པོའི་

(༢༥༣)ཡི་གེ་ཏཾ་གསལ་བར་བསྒོམས་པའི་འོད་ཟེར་དང་། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་ལྷར་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །ནན་ཏན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཧཱུྃ་སྭཱ་ཧཱ། ཏཾ་ཞེས་ལོ་གྲངས་བརྗོད་ཅིང་། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཀྲུ། བུམ་པ་སྙིང་གར་བཟུང་ལ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །སྲུང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཧཱུྃ་སྭཱ་ཧཱ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། བུམ་པ་སྤྱི་བོར་བཀོད་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་སུན་གྱིས་ཕྱག་བྱས་པས། །སངས་རྒྱས་རིགས་ལྔའི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་

(༢༥༤)བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲ་སཏྭ་ཏེྭ་ནོ་བ། ཏི་ཥ་ཋ་ཌི་དོྷྭ་མེ་བྷཱ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ་སུ་པོ་ཥྱོ་མེ་བྷ་ཝ་ཨ་ནུ་རཀ་ཏོ་མེ་བྷ་ཝ་སར་བ་སིད་དྷི་མེ་པྲ་ཡ་ཙ་ཚ་སར་བ་ཀར་མ་སུ་ཙ་མེ་ཙིཏ་ཏཾ་ཤྲི་ཡ་ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ་བྷ་ག་ཝ་ན་སར་བ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུན་ཙ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་དམ་པ་རིགས་བརྒྱའི་ངོ་བོར་དག་པར་གྱུར། དེ་ནས་འཁོར་བ་དང་འབྲེལ་བཅད་པ་ནི། ཀྱཻ་ཚེ་ལས་འདས་པ་གསོན་ཅིག །རྙེད་པར་དཀའ་བའི་དལ་བ་ཐོབ་ཀྱང་། འབྱུང་བཞི་འདུས་པའི་ཕུང་པོ་ཡིན་པས་འཇིགས་པ་ལས་མ་འདས་པས་འདུས་བྱས་ཀྱི་རང་མ་ཚང་ད་རེས་ཁྱེད་ཀྱི་ཐོག་ཏུ་བབས་པར་གདའ་ཤུལ་དུ་ལུས་པ་དག་ཀྱང་དེ་ལས་མི་འདའ་བའི་ཚུལ་རིན་པོ་ཆེ་སྤུངས་པའི་རྒྱུད་ལས། འབྱུང་བ་རགས་པའི་གཟུགས་རྣམས་ལ། །བསྡད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་བརྟན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཞེས་པ་ལ་སོགས་

(༢༥༥)པས་ཤེས་པའི་ཕྱིར་ཉིད་གཅིག་པུ་ཡིད་ཁོང་དུ་ཆུད་པའི་གནས་ཅད་མེད། །ང་ནི་གནས་དང་ལོངས་སྤྱོད་གཉེན་བཤེས་ལ་སོགས་པ་གང་གི་ཡུལ་ལ་ཆགས་ཀྱང་དེ་ཉིད་ཁྱེད་ཀྱི་རྗེས་སུ་མི་འབྲང་བའི་ཚུལ་རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གང་འགྲོ་ཡང་། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང་། །ཞེས་གསུངས་པ་དེ་རང་ཐོག་ཏུ་བྱུང་ནས། ལས་འབའ་ཞིག་ལ་རེ་བ་གདུང་བའི་སྐབས་འདིར་དེ་དག་ལ་ཞེན་ཆགས་ཀྱི་གདུང་བ་བསྐྱེད་ཀྱང་ཁྱེད་ལ་མི་ཕན་གྱི་སྟེང་དུ་ལམ་བསྟན་པའི་གེགས་སུ་ཆེ་བས་མ་དང་གི་རྨི་ལམ་ན་ལོངས་སྤྱོད་དང་གཉེན་བཤེས་ཡོད་པ། སད་ནས་ཅི་ཡང་མེད་པར་སོང་བ་བཞིན་དུ་འཁོར་བ་བདེན་གྲུབ་མ་ཡིན་པའི་མ་ཚང་ཤེས་པར་བྱས་ནས་འཁྲི་བ་བཙན་ཐབས་སུ་ཆོད་ཅིག །བར་དོའི་རྣམ་པར་ཤེས་

(༢༥༦)པ་ནི་མིང་བཞི་འདུས་པའི་ཕུང་པོ་ཙམ་ལས་རགས་པའི་རྟེན་གྱི་འཆིང་བ་མེད་པས་ཆུ་ནད་གི་ཀོ་བ་བཞིན་རྐྱེན་ཕྲན་བུས་བསྒྱུར་བར་སླ་ན་བདག་ཅག་གིས་གསང་སྔགས་བླ་ན་མེད་པའི་ཆོ་ག་ཟབ་མོས་རྗེས་སུ་བཟུང་བ་ཡིན་པས་བླ་མ་དང་དཀོན་མཆོག་གསུམ་ལ་མོས་གུས་མཆོག་ཏུ་བསྐྱེད་ལ་ཇི་ལྟར་བསྟན་པའི་ལམ་ལ་ཐེ་ཚོམ་མེད་པར་བཞུད་ཅིག །ཅེས་བཤད་ནས། ལམ་སྦྱོང་བ་ནི། མན་ངག་རྫོགས་པ་ཆེན་པོའི་སྒོ་མཐོང་བ་ཡིན་ན། བསྟན་བུ་ཚར་གཅིག་བཀག །ཐུན་མོང་པ་ལ་སྐྱབས་གསེལ་ར་མདའ་སྤྲན་པའི་ཚུལ་དུ་སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་བརྒྱད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །དེ་བས་རྒྱལ་བ་འགྲོ་བའི་མགོན། །

(༢༥༧)འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །ཚེ་འདས་འཇིགས་པས་རྣམ་སྐྲག་པས། །ཀུན་ཏུ་བཟང་ལ་འདི་ཉིད་འབུལ། །འཇམ་དཔལ་དབྱངས་ལའང་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །ཚེ་འདས་འདི་ལ་སྐྱོབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ང་ནི་འཇིགས་པ་ཆེར་མཐོང་

(༢༥༨)ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་བརྗོད་པས་ཚེ་ལས་འདས་པའང་གདུང་བ་དྲག་པོའི་རྐྱེན་གྱིས་རྒྱུད་དག་ནས་ལམ་ལྔའི་ཡོན་ཏན་ཁྱད་པར་ཅན་ཐོབ་པར་བསམ་ལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱེ་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པ་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །ལམ་ལྔ་དག་ལ་བརྟེན་ནས་ནི། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཅེས་དང་། ལམ་བསྟན་པ་ནི། བྱང་བུའི་མདུན་དུ་འོད་གསལ་གྱི་སྣང་བ་མཚོན་པའི་མར་མེ་ཅིག་བཏེག་ནས་རྫོགས་པ་རང་བྱུང་ལས། ཧོ། རིག་པ་དབང་གི་རྒྱལ་པོ་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཚེ་ལས་འདས་པ་འདི་ལ་གཤེད་བྱེད་པ་དང་། སྒྲིབ་པ་ཐམས་ཅད་བྱང་བར་མཛད་དུ་གསོལ། ཧོ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཤར་ཕྱོགས་ཀྱི་

(༢༥༩)འཇིག་རྟེན་གྱི་ཁམས་ན། མངོན་པར་དགའ་བའི་ཞིང་ཁམས་ན། སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བས་སྐུས་འདུལ་བའི་ཆོས་སྟོན་ཏོ། །རིགས་ཀྱི་བུ་ཁྱོད་དེར་སྐུས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་བཞུད་ཅིག །ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བས་ཡོན་ཏན་གྱི་སྒོ་ནས་འདུལ་བའི་ཆོས་སྟོན་པ་ཞིག་ཡོད་ཀྱིས། དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཡོན་ཏན་གྱིས་འདུལ་བའི་ཆོས་སྟོན་པ་དེ་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །ནུབ་ཕྱོགས་ན་པདྨ་བརྩེག་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་

(༢༦༠)བྱ་བ་ཡོད་ཀྱིས། དེ་ན་གསུང་གི་འདུལ་བའི་ཆོས་སྟོན་ཏོ། །དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་གསུང་གིས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་དེར་མ་གནས་པར་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་ཡོད་ཀྱིས། དེར་ཕྲིན་ལས་ཀྱིས་འདུལ་བའི་ཆོས་སྟོན་ཏོ། །དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཕྲིན་ལས་ཀྱིས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །དབུས་ན་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་ཀྱིས། །དེ་ཡང་ཤིན་ཏུ་ཡ་ང་བ། འཇིགས་ཤིང་སྐྱི་བུང་བ། སྐྲག་ཅིང་སྡངས་བ་ཞིག་ཡོད་དེ། དེ་ན་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ཅེས་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་དེ་ལ་མ་འཇིགས་པར་བཅོམ་ལྡན་འདས་དེ་ལ་རིག་པ་རང་གནས་ཀྱི་དབང་ཞེས་བྱ་བ་ཡོད་ཀྱིས།

(༢༦༡)དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་མ་འཇིགས་མདང་ངས་མ་སྐྲག་པར་སོང་ཞིག །ཅེས་ལམ་བསྟན་ནས་ཞག་གྲངས་མང་པོའི་ཚ་ནུབ་ཐ་མ་དང་། ཉིན་ཆོག་ལ་དེ་མ་ཐག་པར་བྱང་བུའི་རྣམ་ཤེས་ཧཱུྃ་གི་རྣམ་པས་ཞིང་ཁམས་དེ་དག་ཏུ་འཕངས་པར་བྱའོ། །རྒྱུད་ལས་ཞིང་བཅུ་དུར་ཁྲོད་མེ་རི་འབར་བ་དང་བཅུ་གཅིག་ཏུ་གསུངས་ཀྱང་། དེར་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔར་བསྡུས་ལ། ཞིང་ཁམས་འདི་རྣམས་སུ་བདག་སྟོབས་གཞན་སྟོབས་གང་གིས་དབུགས་ཕྱུང་བ་ཡིན་ཡང་རིགས་དང་ལས་འབྲེལ་ཡོད་པའི་ཞིང་གང་དུ་སྐྱེས་པ་དེར་རྒྱུད་སྨིན་ནས་དབུས་ཀྱི་ཁྲོ་བོའི་ཞལ་མཐོང་བའི་མོད་ལ་དེའི་བྱིན་རླབས་ཀྱིས་ཤེས་སྒྲིབ་སྤངས་ནས་གདོད་མའི་ས་ལ་བྱང་ཆུབ་བར་བཤད་འགྲེལ་ཆེན་མོའི་དགོངས་པ་ཡིན་ལ། ཁ་ཅིག་ཞིང་ལྔ་ཀ་རིམ་པར་ཉུལ་བར་འདོད་པ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་ཁུང་གྲིས་གནོད་པ་འཇུག་གོ། འདི་ལྟ་བུའི་ལམ་བསྟན་རྫོགས་

(༢༦༢)པ་ཆེན་པོའི་གདུལ་བྱ་ལ་ཁྱད་པར་དུ་གསུངས་པ་ཡིན་ཡང་། ལམ་འདིའི་མན་ངག་གིས་རྗེས་སུ་བཟུང་བའི་རྟེན་འབྲེལ་འགྲིག་པའི་གནས་སྐབས་འདི་ཙམ་ནས་ཀྱང་རྫོགས་པ་ཆེན་པོའི་གདུལ་བྱ་ཡིན་པའི་ཤེས་བྱེད་འགྲུབ་པའི་ཕྱིར་ཐུན་མོང་གི་བདུན་ཚིགས་ལས་ཆེས་འཕགས་པས་སེམས་ཅན་དེ་དག་ལ་ཕན་པའི་བསམ་པ་དང་། རང་གཞུང་ལ་མན་ངག་འདི་ལྟ་བུ་ཡོད་བཞིན་དུ་འགྱུར་གསར་གྱིས་ཡང་ལྷན་ཀོ་ལྷན་ཕན་ཚུན་སྡེབས་པ་ཆོས་ཀྱི་ཚི་ཆད་པར་ཤེས་ནས་ལག་ལེན་ལ་བཏབ་པའོ། །དེ་ནས་བྱང་བུ་བསྲེག་པ་ནི། སྡོང་བུ་སྦར་ནས། ཨཱ ཀུན་གཞི་རང་བྱུང་ཀོང་བུ་རུ། །ཞེས་སོགས་མར་མེའི་སྐོང་གིས་སྙིགས་མའི་རང་བཞིན་ཚོགས་སུ་སྦྱོང་བ་ལ་ཤེས་རབ་ཡོད་ན་དག་བྱ་དག་འབྲས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དོ། །རྗེས་འབྲེལ་མར་མེའི་སྨོན་ལམ་དང་ཆོ་ག་དཀྱུས་བཞིན་བྱ་བ་ཉིད་དོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་ཕུང་པོ་མེད་པ་ན། །དེ་ཉིད་ཤི་ནས་ཞག་གྲངས་ནི་། །ཉི་ཤུ་རྩ་གཅིག་བར་དུ་ཡང་། །བདུན་པའི་ཚ་ན་ཆོ་གར་འབད། །

(༢༦༣)དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུ་ལྡན་པ། དེ་ཉིད་ལ་ཡང་ཐེ་ཚོམ་མེད། །ངེས་པར་འབྲས་བུ་ཐོབ་པའོ། །ཞེས་རང་རང་གི་འབྱོར་པ་དང་བསྟུན་ནས་བགྱིས་བས་ཆོ་ག་ཟབ་མོའི་བྱིན་རླབས་ཀྱིས། རེ་ཞིག་གནས་ངན་པར་སྐྱེས་ཟིན་ཀྱང་། དེའི་ཚེ་ཚད་རྨི་ལམ་ལྟ་བུར་ཟད་ནས་བདེ་འགྲོ་ཁྱད་པར་ཅན་ཐོབ་པ་ཡིན་ཏེ། དེ་ཉིད་ལས། དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིམ་པས་གནས་རྣམས་འཕྲོས་བྱས་ནས། །རིམ་པས་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་ཐོབ། །ཅེས་གསུངས་པས་མཆོག་ཏུ་ཟབ་པའོ། །ལྕགས་ཟམ་བྱང་ཆེན་ཐར་པའི་ལམ། །གང་ན་ཐུགས་བསྐྱེད་ཤིང་རྟའི་འཕྲུལ། །རང་བྱུང་རྡོ་རྗེའི་སྐྱེད་མོའི་ཚལ། །འབྱེད་ལ་ཡང་དག་རིངས་པ་བཞིན། །ཚུལ་འདི་བཟོད་མེད་སྙིང་རྗེའི་ཡུལ། །རྣམ་ཤེས་བར་དོའི་གཞན་དབང་ཅན། །འཐོར་རླུང་དབུས་ཀྱི་རྡུལ་ཕྲན་

(༢༦༤)ལྟའི། །དཔུང་དང་གཉེན་དུ་འགྱུར་པར་ཤོག ༄༅། བཅོམ་ལྡན་འདས་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་ལ་ཕྱག་འཚལ་ལོ། འདིར་མན་ངག་གི་རྒྱུད་སྡེ་རྫོགས་པ་རང་བྱུང་ཡི་དགོངས་པ་གཙོ་བོར་གྱུར་པའི་ཧོ་མ་ལའི་ཕྲིན་ལས་ཀྱི་གོང་བུ་རྣམས་སྲེག་པ་དང་། ཞུ་རྫས་བླུགས་པ་སྟེ་སྲེག་བླུགས་སམ། བསྲེག་བྱ་རྣམས་ལྷའི་ཞལ་དུ་སྦྱིན་པ་ལ་ཞེ་སར་སྦྱར་བས་འབུལ་བའི་དོན་ཀྱིས་སྦྱིན་སྲེག་གི་སྦྱོར་བས་ཚེ་འདས་ཀྱི་ཕུང་པོ་སྦྱོང་བའི་ཆོ་ག་སྒྲིབ་གཉིས་རྣམ་གྲོལ་རྩོམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ཐབ་བརྩིགས་པ། རོ་ཆས་སུ་འཇུག་པ། མཆོད་རྫས་འདུ་བྱ་བའོ། །ཐབ་རྩིག་པ་ནི། ཕལ་མོ་ཆེ་སྲེག་ཁང་རྙིང་བར་བྱ་བ་མང་བས་འདིར་མ་བཤད་ལ། དམིགས་བསལ་དགོས་ན་མཆོག་དམན་བྱེ་བྲག་ཕྱེད་པར་རྩིག་པའི་ཚུལ་གཞན་དུ་ཤེས་པར་བྱས་ནས། མེ་གདན་རས་སམ་ཤོག་བུ་ལ་ཐིག་ཆེན་བཞི་བཏབ་པའི་དབུས་ནས་མཐོ་གང་ཟླུམ་སྐོར་གྱི་ཕྱི་མ་ཕྱེད་ཕྱེད་ཀྱིས་དམན་པའི་

(༢༦༥)མུ་ཁྱུད་རིམ་པ་གསུམ་བསྐོར། མུ་ཁྱུད་ནང་མའི་གཞི་མཐིང་ཀར་བྱས་པ་ལ་པདྨ་འདབ་བཞི་ལྟེ་བ་དང་བཅས་པའི་འདབ་མ་བཞི་པོར་ཤར་ནས་བརྩམས་ཏེ། གཡས་བསྐོར་གྱིས་རྡོ་རྗེ། རིན་པོ་ཆེ། པདྨ། རྒྱ་གྲམ་རྣམས་བྲི་ཞིང་། དབུས་ཀྱི་ལྟེ་བ་ལ་འཁོར་ལོའོ། །མུ་ཁྱུད་བར་པ་གཞི་དམར་པོ་ལ་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་གནས་ཐིག་ལེ་ཉིས་བརྩེགས་བརྒྱད། མུ་ཁྱུད་ཕྱི་མ་གཞི་དཀར་པོ་ལ་སྐོ་བ་ཡབ་ཡུམ་གྱི་མཚན་མ་བཀོད། དེའི་སྟེང་དུ་ཕྱི་ཡེ་ཤེས་ལྔའི་མུ་ཁྱུད་ཚོན་སྣ་ཚད་བས་བསྐོར་བའི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་ལ། པུར་ཐབ་ཏུ་བཏིང་། རས་ལ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པ་བྲིས་ཏེ་བུམ་ཆུ་ལ་དྲངས་པ་མེ་གདན་གྱི་ཁར་བཀབ་པོ། །གཉིས་པ་རོ་ཆས་སུ་གཞུག་པ་ནི། གནས་ལུང་ནས་བཤད་པའི་བུམ་སྒྲུབ་དམིགས་བསལ་དང་། གཞན་ཡང་ཡི་གེ་བརྒྱ་པ་ཅི་རིགས་མི་འཁྲུགས་པའི་གཟུངས་ལ་སོགས་ཀྱིས་བཞུ་བཏུལ་བྱས་པའི་བུམ་ཆུས་རོ་ལེགས་པར་

(༢༦༦)འཁྲུད་ཅིང་རས་ཀྱིས་ཕྱིས་པ་ག་བུར་སོགས་དྲི་བཟང་དང་སྨན་སྣའི་འདི་གཡས་ཁྱབ་པར་བྱུག་ཅིང་ཁ་སོགས་དབང་པོའི་སྐོར་ཡང་། རྒྱ་ཤོག་ལ་གསེར་རམ་དྲི་བཟང་གིས། ཧཱུྃ་བཛྲ་དྷྲི་ཀ། མུཾ་དྷཱ་ཏེ་ཤྭ་རཱི། ཨོཾ་ཛི་ན་།ཛི་ཀ། ལཱཾ་དྭེ་ཥ་ར་ཏེ། སྭཱ་རཏྣ་དྷྲི་ཀ །མཱཾ་མོ་ཧ་ར་ཏེ། ཨཱཾ་ཨ་རོ་ལི་ཀ། བཱཾ་རཱ་ག་ར་ཏེ། ཧཱ་པྲཛྙཱ་དྷྲི་ཀ། ཏཱཾ་བཛྲ་ཏི། ཚེ་ལས་འདས་པ་ཆེ་གེ་མོའི་སརྦ་དུ་རྒ་ཏེ་སརྦ་པཱ་པཾ་བྷི་ཤྭ་དྷ་ནི་ཧཱུྃ་ཕཊ། ཅེས་པ་ཚར་གསུམ་ནོར་འཕྲུལ་ལྷག་ཆད་མེད་པར་བྲིས་ཏེ། སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་སྦྲང་རྩིས་སྦྱར། རྡོ་རྗེ་ཁུ་ཚུར་དང་བཅས། ཨོཾ་སརྦ་བིད་བཛྲ་ཨ་དྷིཥྠ་ཛྙཱན་ས་མ་ཡེ་ཧཱུྃ། གིས་བྱིན་གྱིས་བརླབས། སྤྲོ་ན་བདེར་འདུས་ལས། རོ་ཡི་ཕྱི་ཤུན་ཐམས་ཅད་ལ། །འཁོར་བའི་བག་ཆགས་ཀུན་བཀོད་དེ། །ཞེས་པ་ལ་སོགས་པས་གནས་དྲུག་ཏུ་རིགས་དྲུག་གི་ས་བོན་ཡི་གེ་དྲུག་དང་ལྟེ་བ་སྲིད་པ་སྤྱོད་བྱེད་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་བག་ཆགས་བསྲེག་ཕྱིར་དེའི་བརྡ་ཚུལ་ལམ། མིང་ཡིག་ཅི་བདེ་བའང་བཀོད་ན་ལེགས་མོད། དེ་བཞིན་དུ་སྦྱོང་རྒྱུད་ལས། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཆུ་མཆོག་གིས་

(༢༦༧)ནི་བཀྲུས་ནས་ནི། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་བགླུབས་ནས་ནི། །སྔགས་ཀྱིས་བཏབ་པའི་དུད་བས་བདུག །མེ་ཏོག་ཕྲེང་བ་ལ་སོགས་མཆོད། །ཅེས་གསུངས་པས་རབ་བྱུང་ལ་ཆོས་གོས་དང་། ཁྱིམ་པ་ལ་གོས་དཀར་པོའམ། དམར་པོས་བླ་ཁེབ་གཡོགས། མགོ་ལ་མེ་ཏོག་གི་ཕྲེང་བ་བཅིངས། །རོལ་མོའི་བྱེ་བྲག་དང་བཅས་པས་སྲེགས་ཁང་དུ་བཅུག་ཅིང་བགེགས་བསྐྲད། དེ་ཡང་སྲེག་ཁང་གི་གཡས་གཡོན་དུ་རླུང་སེང་གི་བུག་པ་འཇོག་པ་དང་། སྙིང་གའི་ཐད་དུ་སྲེག་རྫས་འབུལ་བའི་རྫས་ཁུང་སོགས་ཐོབ་རྩིག་དུས་ནས་ཉེར་བསྡོགས་ཤེས་ཡོད་ཀྱིས། འཇིག་རྟེན་པ་རྣམས་བློ་གྲོས་རྨོངས་པས་རོ་ཐབ་ནང་དུ་ཧ་ཅང་དྲང་པོར་བསྲང་ན་འཚིག་པར་དཀའ་བས། མགོ་ཁུང་དུ་དཔྲལ་བ་གཏུགས་ལ་འཇིང་རྡོ་སྤྲད། ཁོག་པ་ཅུང་ཟད་སྒུར་སྟབས་སུ་བཞག་པའི་སྙིང་ཁའི་ཐད་ལ་མེའི་སྙིང་པོ་བཅར་རྒྱབ་ཕོག་པར་བྱ། །དེ་བཞིན་དུ་རྐང་པ་གཉིས་ཀྱང་ཤད་དེ་བརྐྱངས་པའི་མཐེ་བོང་ལ་རས་

(༢༦༨)ལྡེ་སྣུམ་ཅན་བསྡམ། ཁྱད་པར་དམུ་ཆུ་ཅན་ལ་འོག་ཏུ་རྫ་སྣོད་མར་ནག་གིས་བཀང་བར་མུ་ཟི་དང་སྤོས་དཀར་བཏབ་པ་བཞག་པས་ཆུ་ཡང་མེ་འབར་བ་སོགས་ཞུགས་སྦྱོང་བདེ་བའི་མན་ངག་གོ། གསུམ་པ་ནི། སྲེག་རྫས་གཡས་དང་། །མཆོད་རྫས་གཡོན་དུ་བཤམ་པའི་སྲེག་རྫས་ནི། ཡམ་ཤིང་གི་རྒྱུ་འོ་མ་ཅན་གྱི་ཤིང་ལྔ་བོད་དུ་མེད་མོད། རུང་མཐུན་བལ་བུ། ལྕང་མ་ལ་སོགས་ཡོགས་ཤུན་བྲལ་སོགས་མ་ཡིན་པ་སོར་བཅུ་གཉིས་པ་མང་བ་དང་། མར་ཞུན་བཟང་པོ། ཏིལ་དང་ཡུངས་ཀར་གཉིས་ལྷག་པར་ཕོན་ཆེ་བ། ཞོ་ཟན། འབྲས་མ་བྲུབས་པ། སོ་པ་བྲམ་མེད་པ། གྲོ་ནས་སྲན་གསུམ་སོགས་རང་རང་གི་བསླད་དང་མ་འདྲེས་ཤིང་རྒྱུ་དག་པ། ཀུ་ཤ་ཤིང་ཏོག་ལ་སོགས་པ་ཤིན་ཏུ་གཙང་བར་བཀྲུས་པ་དང་། གོས་ཟུང་། འཇིག་རྟེན་པའི་གཏོར་མ་གཉིས། སོ་རྩེ་གཉིས། ལས་ཐམས་ཅད་པའི་བུམ་ཆུ་རྣམས་དང་། མཆོད་རྫས་ཉེར་སྤྱོད་ལྔ། སྨན་རཀ་གཏོར་གསུམ་དང་བཅས་པ་མ་ཚང་བ་མེད་པ་ཆོ་གའི་གཞུང་གི་རྩིས་མགོ་བསྡུས་ལ་བསགས་པར་བྱའོ། །

(༢༦༩)དེ་ཡང་སྦྱོང་རྒྱུད་ལས་ལྟུང་བ་སློང་བའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ནང་དུ་མཛུབ་མོ་ལྕགས་སྒྲོག་ལྟར་བཅིངས་ནས་གྱེན་དུ་འཕངས་ཤིང་། ཨོཾ་སརྦ་ཨ་པ་ཡ་ཨརྵ་ཎ་བི་ཤྭ་དྷ་ན་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཅེས་དང་འདོད་རྒྱལ་གྱི་རྒྱས། ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་ཨ་ན་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་ངན་སོང་གསུམ་དང་སྡིག་སྒྲིབ་ཐམས་ཅད་སྲེག་རྫས་ལ་ཐིམ་པར་བསམས་པ་ཡང་མན་ངག་ཏུ་ཆེའོ། །གཉིས་པ་དངོས་གཞི་ལ། བདག་བསྐྱེད། མདུན་བསྐྱེད། འཇུག་བསྡུ་བ་གསུམ་ལས། དང་པོ་བདག་བསྐྱེད་ནི་ལས་གཞུང་ལྟར་བྱའོ། །གཉིས་པ་ནི། གང་ཟག་མཆོག་ལ་ཛྭ་ལའི་སྔགས་ཙམ་གྱིས་མེ་སྦར། ཕལ་པ་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་ཀྱི་མེ་སྦར་རོ། ཡུལ་རྣམ་དྲུག་གི་བུད་ཤིང་ལ། །རྒྱལ་

(༢༧༠)བའི་སྐུ་གསུང་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་གཉིས་འགྲུབ་པར་ཤོག །ཨོཾ་བཛྲ་ཛྭ་ལ་རཾ་ཛྭ་ལ་རཾ། ཞེས་བས་སྦར། དེ་ནས་མཆོད་སྲེག་གི་རྫས་རྣམས་བྱིན་གྱིས་བརླབ་པ་ནི། བསང་ཆུ་འཐོར་ཞིང་། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་དང་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་རྫས་སོ་སོའི་དངོས་པོ་བདུད་རྩི་ཆེན་པོའི་རང་བཞིན་ཟད་མི་ཤེས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་དང་། སརྦ་པཉྩ་རཀྟ་བྷ་ལིང་ཏ་ག་ན་ཙཀྲ་བཱུ་ཙ་ཨཱ ཧཱུྃ། ལན་བདུན། མ་ཧཱ་བཛྲ་ཧཱུྃ། གཎྜེ་ཧཱུྃ་གིས་རྡོར་དྲིལ་བརླབ། དགང་བླུགས་ཐོགས་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱི ཨ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་གྱིས་ཁ་སྦྱོར་ཞིང་། ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་འདུས་པའི་ངོ་བོར་བསམ། ཨོཾ་བོ་དྷི་བྲིཀྵ་ཡེ། ཨགྣ་ཡེ། སརྦ་པཱ་པཾ་དེ་ཧ་ན་བཛྲ་ཡེ། བཛྲ་སིདྡྷི་ཡེ། སརྦ་སཾ་བྷ་ཏེ། བཛྲ་པུཥྚ་ཡ། ཨ་པྲ་ཏི་ཧ་ཏ་བཛྲ། བཛྲ་གྷསྨ་རི།

(༢༧༡)བཛྲ་བི་ཛ་ཡེ། མ་ཧཱ་བཱ་ལ་ཡ། བཛྲ་ཤྲི་པ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཚེ་འདས་ཀྱི་སྡིག་སྒྲིབ་ཉེས་ལྟུང་བསྲེག་བྱའི་མཆོད་རྫས་སུ་གྱུར། དེ་ནས་མེ་ཐབ་བསྐྱེད་པ་ནི་བསང་ཆུ་འཐོར་ཞིང་། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་ཐབ་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། རྭ་སྐྱེས་སྟེང་ན་རཾ་ལས་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་པདྨ་དང་། གཉིས་པ་ནོར་བུའི་ཕྲེང་བ། གཡོན་དང་པོས་དབྱུག་པ་དང་། གཉིས་པས་རིལ་པ་སྤྱི་བླུགས་འཛིན་པའོ། །དབྱུག་གུའི་ཕྱག་རྒྱ་དང་བཅས། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བུམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ།་ །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་

(༢༧༢)རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣེ་མ་ཧཱ་ཏེ་ཛ་ཨེ་ཧྱ་ཧི་ས་མ་ཡ་ཛ་ཛ ཛཧཱུྃ་བཾ་ཧོ གཉིས་སུ་མེད་པར་གྱུར། ཨོཾ་ཨགྣ་ཡེ་པདྨ་ཀ་མ་ལཱ་ཡེ་སྟཾྭ། ཞེས་གདན་ཕུལ་ཀུ་ཤ་ཐོགས་ཏེ། ཀུ་ཤ་འདི་ནི་གཙང་ཞིང་དགེ། ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ཚངས་པའི་ཡང་དག་བྱེད་པ་སྟེ། །དེ་ཡིས་བདག་ཅག་འཁོར་བཅས་ལ། །བགེགས་རྣམས་མེད་ཅིང་ཞི་བར་མཛོད། །ཅེས་བཀྲམ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ་ས་མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་འབུལ་ཞིང་། ཨོཾ་ཨགྣ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བྷ་ཧ་ན་ཡ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དབུལ། དེ་ནས། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་

(༢༧༣)གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ནས་ཤབྟའི་བར་ཕུལ། དེ་ནས་སྲེག་རྫས་རྣམས། ཨོཾ་ཨགྣ་ཡེ་ཆེ་གེ་མོའི་སྡིག་པ་སརྦ་པཱ་པཾ་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་ཁོ་ནས་རྫས་སོ་སོ་ནས་ཉི་ཤུ་རྩ་གྲངས་རེ་ཕུལ་མཐར། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཇེ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀྐིའི་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མ་ལྷ་ཉིད་ལ་རྣམ་པར་འདུད། །དེ་ནས་ཡེ་ཤེས་ཀྱི་ལྷ་ལ་མཆོད་ཅིང་བསྟོད་པ་ནི། གང་ཟག་མཆོག་ལ་རོ་དང་ལྷ་དབྱེར་མེད་དུ་བསྐྱེད་ལ། ཚོགས་བསག་གི་ཕྱིར་དུ་བྱ། ཕལ་པ་ལ་ཕུང་པོ་བུད་ཤིང་ངམ། ཤ་ཁྲག་རུས་པ་རྣམས་བདུད་རྩིར་བསམ་ལ་དབུལ་བ་སྟེ། དེ་ཡང་འདི་ལྟར། ཨོཾ་སྭ་བྷཱ་ཝ་སོགས་དང་། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧྲཱི ལས་དཔའ་བོ་རྟ་མགྲིན་ཞལ་

(༢༧༤)གཅིག་ཕྱག་གཉིས་དབྱུག་ཏོ་དང་སྡིགས་མཛུབ་མཛད་པའི་པང་ན་ཡུམ་རྡོ་རྗེ་ཕག་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རིན་པོ་ཆེ་དང་རུས་པ་ཐོད་པའི་ཕྲེང་བས་རབ་ཏུ་བརྒྱན་པ། སྤྱན་གསུམ་ཁྲོ་བོའི་ལྟ་སྟངས་ཆེན་པོས་བསྐལ་པའི་མེ་རི་མེ་དཔུང་གི་དབུས་ན་བཞུགས་པར་གྱུར། ཧཱུྃ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁང་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ས་མ་ཡ་ཛ ཅེས་སྤྱན་དྲངས། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཨརྒྷཾ་སོགས་ཀྱིས་མཆོད། དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །འཇིགས་བྱེད་ཆེན་པོ་རལ་པ་གྱེན་དུ་བརྫེས། ཁྲོ་བོའི་རྒྱན་རྣམས་མ་ལུས་རབ་རྫོགས་པའི། །ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །

(༢༧༥)ཅེས་པའི་རྗེས་ལ་སྲེག་རྫས་རྣམས། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཕུལ་བའི་རྗེས་ལ། ཧཱུྃ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་བ། །བླ་མེད་དཀོན་མཆོག་གསུམ་པོ་གནས་འདིར་གཤེགས། །ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ་བུདྡྷ་དྷརྨཱ་སངྒ་ས་མ་ཡ་ཛ ཞེས་བརྗོད་པས། རྒྱལ་བ་སྲས་དང་བཅས་པ་ཁྲོ་བོའི་མདུན་དུ་བཞུགས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་

(༢༧༦)ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་པའི་རྗེས་ལ་སྲེག་རྫས་རྣམས། །ན་མོ་རཏྣ་ཏྲ་ཡཱ་ཡ་བུདྡྷ་དྷརྨཱ་སངྒ་བྷྱ། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཇི་ལྟར་རིགས་པ་ཕུལ་རྗེས་སྔར་ལྟར་མཆོད་ཅིང་བསྟོད། །དེ་ནས་ཞི་ཁྲོའི་དཀྱིལ་འཁོར་མཆོད་པ་ནི། །མཆོད་པ་རྣམས་ཁ་གསོས་ལ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡབ་ཡུམ་གྱི་ཐུགས་ངག་ཆེན་ཡེ་ཤེས་ཀྱི་ཀོང་ཆེན་པོར་འོག་མིན་ལྷུན་གྱིས་གྲུབ་པའི་གཞལ་ཡེད་ཁང་ཤིན་ཏུ་ཉམས་དགའ་བ། ཕྱི་མཆོད་རྟེན་གྱི་རང་བཞིན་རྩེ་ལྔ་པ་ལ་ནང་རང་བྱུང་རྡོ་རྗེའི་གཞལ་ཡས་ཁང་། ཞེས་གཞུང་ལྟར་ལས། སྐད་ཅིག་དྲན་རྫོགས་སུ་གསལ་བར་གྱུར། །སྤོས་རོལ་དང་བཅས། ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་བཞིན་

(༢༧༧)བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཛ བཛྲ་ས་མ་ཡ་ཏིཥྠ་ལྷན། །ཨཱ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། ཧཱུྃ་དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་རཱུ་བ་ཤཔྟ་གནྡྷེ་རཱ་ས་པརྴེ་ཨཱཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་པཱུ་ཛ་ཨཱ་ཧཱུྃ། དེ་ནས་སྲེག་རྫས་འབུལ་བ་ནི། དགང་བླུགས་ཀྱི་ཁ་དང་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ཀྱི་ལྗགས་ལ་ཧཱུྃ་དང་རཾ་ཡིག་སོ་སོའི་མཚན་པས་སྲེག་རྫས་ཀྱི་བདུད་རྩི་དགྱེས་བཞིན་དུ་བཞེས་པར་གྱུར། ན་མ ས་མནྟ་བུདྡྷ་ནཱཾ ཨོཾ་ཨགྣ་ཡ་

(༢༧༨)སྭཱ་ཧཱ། ཞེས་མར་ཁུ་དང་། རྫས་གཞན་རྣམས་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ ཨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཆེ་གེ་མོའི་སྡིག་སྒྲིབ་ཉེས་ལྟུང་སརྦ་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་ཁོ་ནས་དབུལ་ཞིང་། སླར་ཡང་། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུ་རྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛ་ཡ ཏ་ཐཱ་ག་ཏ་ཡ ཨརྷ་ཏེ་སཾ་མྱ་ཀ་སཾ་བུད་དྷ་ཡ ཏདྱ་ཐཱ ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་སྭཱ་ཧཱ ཞེས་པ་ཁོ་ནས་ཏིལ་དང་ཡུངས་ཀར་བུངས་བསྐྱེད་ལ་འབུལ། རྫས་རྫོགས་རྗེས། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ ཞེས་སོ་རྩི་དང་། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝ་སྟྲ་ཡེ་སྭཱ་ཧཱ། གོས་དབུལ། གྲུབ་ན་རྡོ་རྗེའི་ལྷ་མོ་བུ་དྲུག་གིས་མཆོད། །བསྡུ་ན་ཨརྒྷཾ་སོགས་ཀྱི་མཐར། བསྟོད་པ་ནི། ཧཱུྃ་ཆོས་ཉིད་ཡེ་ཤེས་མཉམ་པའི་ངང་། །རང་བཞིན་ཡོན་ཏན་ལྷུན་གྱིས་གྲུབ། །ཐུགས་རྗེ་ཡིད་བཞིན་ནོར་

(༢༧༩)བུ་འདྲ། །ཕྱག་འཚལ་གདོད་མའི་མགོན་པོ་ལ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཉོན་མོངས་དུག་ལྔ་རྣམ་སྦྱོང་ཞིང་། །འབྱུང་ལྔའི་ཁམས་ནི་རྣམ་དག་པ། །ཕྱག་འཚལ་རྒྱལ་བ་རིགས་ལྔ་ལ། །བཅུ་དྲུག་ཡེ་ཤེས་ངོ་བོ་ཉིད། །གཟུང་འཛིན་དྲི་མ་རྣམ་སྦྱོང་ཞིང་། །རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །ཕྱག་འཚལ་སེམས་དཔའ་ཡབ་ཡུམ་ལ། །ཚད་མེད་ཡེ་ཤེས་ངོ་བོ་ཉིད། །ཁམས་དྲུག་དྲི་མ་རྣམ་སྦྱོང་ཞིང་། །ཚོགས་དྲུག་རྣམ་ཤེས་རྣམ་པར་དག །ཕྱག་འཚལ་ཐུབ་པ་དྲུག་ལའོ། །ཞི་ལས་ཡེ་ཤེས་རྣམ་འཕྲོས་པ། །འཇིགས་གཟུགས་ཁྲོ་བོའི་དཀྱིལ་འཁོར་ནི། །ལྔ་བཅུ་རྩ་བརྒྱད་འབར་བའི་སྐུ། །ཕྱག་འཚལ་དབྱིངས་ཀྱི་དཀྱིལ་འཁོར་ལ། །ས་དང་ཡེ་ཤེས་ཞིང་ཁམས་ལ། །འཇིག་རྟེན་འདས་དང་མ་འདས་ཚུལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ན། །བཞུགས་པའི་འགྲོ་བ་ཀུན་ལ་འདུད། །ཅེས་བསྟོད་ནས་ཕྲིན་ལས་བཅོལ་བ་ནི། དཀྱིལ་

(༢༨༠)འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཚད་མེད་པའི་ཐུགས་རྗེ་ཆེན་པོས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཆེ་ལས་འདས་པ་ཆེ་གེ་མོའི་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མ་མེད་པར་བྱང་ཞིང་དག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་འགོད་པར་མཛད་དུ་གསོལ་ཞེས་ལན་གསུམ། མ་འབྱོར་བ་དང་ཉམས་པ་དང་། སོགས་ཀྱི་མཐར་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། སོགས་ནས་བཛྲ་མུས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ། །ད་ནས། མེ་ལྷའི་ལྟོ་བར་མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་གཞི་བདག་དང་བཅས་པ་ཁྲོམ་ཚོགས་སུ་རང་གི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པ་ལ། ཨོཾ་ཨ་ཀཱ་རོ་མ་ཁཾ་་སོགས་ཀྱིས་སྲེག་རྫས་གཏོར་མ་ཕུལ། མཆོད་སྦྱིན་གཏོར་མ་འདི་ཕུལ་བས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མཐར་བཛྲ་མུས་གཤེགས། དེ་ནས་

(༣༠༡)འུྃ༔ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ བཀའ་སྲུང་མ་མགོན་ལྕམ་དྲལ་བཞུགས༔

(༣༠༢)འུྃ༔ དཔལ་ཆེན་ཁྲག་འཐུང་སྐུ་ལ་འདུད བླ་རྫོགས་ཐུགས་གསུམ་ཡོངས་རྫོགས་ཀྱི༔ ཐུན་མོང་མ་ཡིན་བཀའ་སྲུང་ཆེ༔ ལྕམ་དྲལ་གསུམ་གྱི་ཕྲིན་ལས་བསྟན བྲག་དམར་མཚོ་གླིང་དུར་ཁྲོད་དང་༔ སྒྲུབ་གནས་བྱིན་ཆེན་ལ་སོགས་པར༔ རང་རང་མཐུན་རྫས་མཆོད་གཏོར་བཤམ༔ ལྟ་བ་ཀྱབས་ཀྱི་ངར་ལྡན་པས རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རཾ་ཡཾ་ཁཾ་དུ་གྱུར་པས་མཆོད་རྫས་དང་གཏོར་མ་ལ་ཕོག༔ རཾ་ལས་མེས་མ་དག་པ་ཐམས་ཅད་བསྲེགས༔ ཁཾ་ལས་ཆུ་བྱུང་བས་སྦྱངས༔

(༣༠༣)འུྃ༔ ཡཾ་ལས་རླུང་བྱུང་བས་གཏོར་ཏེ་སྟོང་པའི་ངང་ལས༔ ཀཾ་ལས་མི་མགོའི་སྒྱེད་པོ་གསུམ་གྱི་སྟེང་དུ༔ ཐོད་པ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་ཙམ་གྱི་ནང་དུ་གཏོར་མ་སོ་སོར་ཨོཾ་ཨཱཧཱུྃ་ལས་ཤ་ལྔ་དང་བདུད་རྩི་ལྔའི་རང་བཞིན་རི་རབ་དང་རྒྱ་མཚོ་མཉམ་པ་མ་ཁེངས༔ ཡཾ་ལས་རླུང་གཡོས། རཾ་ལས་མེ་འབར་བས་ཐོད་པའི་བདུད་རྩི་ཁོལ༔ ཟླ་བའི་ཁ་ཆོད་རྡོ་རྗེ་རྩེ་ལྔ་པས་བརྒྱན་པའི་ལྟེ་བ་ལ༔ ཨོཾ་ཨཱཧཱུྃ་གིས་མཚན་པ་ལས་འོད་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་

(༣༠༤)ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས༔ ཐོད་པའི་བདུད་རྩི་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་འདོད་དགུ་ཐམས་ཅད་འབྱུང་བའི་རང་བཞིན་དུ་གྱུར ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཋ ལན་གསུམ། ཨོཾ་ཨཱཧཱུྃམ་ཧཱ་བ་ལིང་ཏ་ཏེ་ཛྭ་བ་ལིང་ཏ་པ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋ ལན་གསུམ། ཨོཾ་ཨཱཧཱུྃམ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋ ལན་གསུམ༔ རང་གི་མདུན་དུ་སྣང་སྲིད་ཐམས་ཅད་སྲིད་པ་མ་མོའི་དཀྱིལ་འཁོར་ཁྲག་ཞག །གི་དཔའ་ཀློང་རབ་ཏུ་འཁྲུགས་པའི་ཀློང་བྷནྡྷ་འབར་བའི་གཞལ་ཡས་ཁང་༔ ཕྱོགས་མཚམས་སྐྱོང་བ་བཅུ་ཡི་མགོ་བོས་ཕྱོགས་ཕྱོགས་ཀྱི་རྩིག་པ་བྱས་པ་ལ་གནམ་ལྕགས་ཀྱིས་གཟེར་བཏབ་ཅིང་ ལྷ་ཆེན་པོ་བརྒྱད་ཀྱི་ཀ་བ་ལ་ཀླུ་ཆེན་

(༣༠༥)འུྃ པོ་བརྒྱད་གདུང་དུ་བྲེས་པ༔ གཟའ་ཆེན་པོ་བརྒྱད་ཀྱི་ཕྱམ་དང་༔ རྒྱུ་སྐར་གྱི་དྲལ་ཟིབ༔ རུ་ཏྲའི་ཐོག་དང་ཆུ་སྲིན་གྱི་རྟ་བབས༔ ཆོས་འཁོར་སྨུག་ནག་གདུགས་ཕུབ་པའི་གཡས་གཡོན་ནས་ཆུ་སྲིན་གྱི་ཕྲུ་གུ་བལྟ་བ༔ སྟག་དོམ་སེང་གེ་ལ་སོགས་པ་གཅན་གཟན་གདུག་པ་ཅན་གྱི་མགོ་བོས་ཁ་བད་བྱས་ཤིང་༔ ཞེ་སྡང་སྤྲུལ་གྱི་ཆུན་པོ་ལ་ཐོད་པ་ཚལ་བུར་བརྒྱུས་པའི་དྲ་བ་དང་དྲ་ཕྱེད་དབྱངས་པ༔ འདོད་སྣམ་ལ་མཆོད་པའི་ལྷ་མོ་རྣམས་གར་བྱེད་ཅིང་༔ བྱང་ཤར་ནས་རིམ་པའི་ཟུར་བཞིར་རྡོ་རྗེ་དང་༔ གནམ་ལྕགས་དང་༔ དར་ཟབ་དང་༔ ཁྲག་གི་རྒྱལ་མཚན་ཆེན་པོ་བཞི་གནས་པའོ༔ ཕོ་བྲང་ཆེན་པོ་དེའི་ཕྱི་རིམ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ལ་

(༣༠༦)གཤིན་རྗེ་དང་༔ བདུད་དང་༔ སྲིན་པོའི་ཚོགས་གནས་ཤིང་མཐའ་ལྕགས་རི་ནག་པོས་བསྐོར་བའི་ནང་ཁོངས་སུ་དུར་ཁྲོད་ཆེན་པོ་བརྒྱད་ལ་རོ་རྣམ་པ་སྣ་ཚོགས་བམ་པ་དང་༔ རུལ་བ་དང་༔ མྱགས་པ་དང་༔ སྟག་དང་གཟིག་དང་དོམ་དྲེད་ལ་སོགས་པའི་གཅན་གཟན་དང་དུར་བྱ་ཀངྐ་དང་༔ བཞད་ལ་སོགས་པའི་ཤ་ཟན་མང་པོས་གང་བ༔ དུར་ཤིང་དང་༔ བརྩུབས་ཤིང་དང་༔ ཚེར་མ་ཅན་གྱི་ནགས་འདབས་ལ་གནོད་སྦྱིན་དང་༔ ཤ་ཟ་དང་༔ རོ་ལངས་དང་༔ ཕྲ་མེན་དང་༔ མ་མོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་མདོར་ན་དུར་ཁྲོད་ཀྱི་ཆོས་མ་ཚང་བ་མེད་པས་འཇིགས་པར་བྱས་པའི་མཐའ་མེ་དཔུང་དང་རྡོ་རྗེའི་ར་བའི་རྒྱ་ཡེངས་སུ་མ་ཆད་པ་དེའི་ལྟོ་བར་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པའི་གནས༔ ཐོད་མཁར་གྲུ་གསུམ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་སྣ་ཚོགས་རོའི་གདན་ལ༔ དཔལ་སྔགས་ཀྱི་བདག་མོ་ནག་མོ་ཁྲོས་མའི་རྒྱལ་མོ༔ ཀུན་ཏུ་བཟང་མོའི་སྤྲུལ་པ༔ འཁོར་

(༣༠༧)འུྃ གཡས་ན་དགྲ་སྙིང་དྲོན་མོ་འཆང་༔ གཡོན་པས་གཡུ་སྦྱང་ཁྲ་ཐབས་འགྱེད༔ ཞབས་གཉིས་གྱང་ཀྱི་དོར་སྟབས་ཅན སྐུ་ཡི་སྤྲུལ་པ་བ་ལ་མོ་འབུམ༔ གསུང་སྤྲུལ་མ་སྲིང་མཁའ་འགྲོ་འགྱེད ཐུགས་སྤྲུལ་མོན་མོ་ནག་མོ་དང་ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ གཡས་སུ་སྦྱོར་བའི་གིང་ཆེན་ནི༔ ལྷ་ཆེན་དཔལ་འབར་མ་ནིང་ནག༔ རབ་ཏུ་ཁྲོས་པ་སྲིན་པོའི་གདོང་༔ སྤྱན་གསུམ་ཐོད་སྐམ་དབུ་རྒྱན་ཅན༔ སྦྲུལ་ནག་གསོན་མའི་རལ་པ་འཕྱོ གཡས་གཡོན་རུ་མཚོན་སྙིང་ཞགས་འཕྱར༔ སྐུ་ཡི་མགོན་པོ་སྟག་ཞོན་དང་༔ གསུང་གི་མགོན་པོ་བིང་དམར་པོ༔ ཐུགས་ཀྱི་མགོན་པོ་གྲི་གུག་ཅན ཡོན་ཏན་མགོན་པོ་ལེགས་ལྡན་ནག༔ ཕྲིན་ལས་མགོན་པོ་ཏྲག་ཤད་དང་༔ ལྷ་ཀླུ་གཟའ་སྐར་ཕྱོགས་སྐྱོང་བཅུ༔ འཇིགས་བྱེད་དགུ་དང་རྒྱལ་ཆེན་བཞི༔ དཔལ་མགོན་བདུན་ཅུ་ཡང་འཁོར་བཅས༔ འོག་མིན་གནས་དང་བསིལ་བ་ཚལ༔ རི་རབ་ཟོམ་དང་གོ་ལའི་ངོས༔

(༣༠༨)པ༔ རྒྱབ་དུ་གསང་བའི་སྒྲོལ་གིང་གཟའ་བདུད་སྲེག་གི་སྤུ་གྲི་གཟའ་བརྒྱད་གདོང་མོ་བཞི་དང་བཅས་པ༔ མདུན་དུ་སྦས་པའི་དཀོར་སྲུང་དུར་ཁྲོད་ལྷ་མོ་གཙུག་ལག་ཁང་དང་དགོན་གནས་རྣམས་ཀྱི་དཀོར་ཆ་སྲུང་ཞིང་ནོར་ལ་ཀླུ༔ རྫས་ལ་གནོད་སྦྱིན་ཟས་ལ་འདྲེ་མོར་རྫུ་ཞིང་ངན་པའི་ངན་ནེ་མ་དམར་མོ་དང་ནག་གི་གོ་ཟུ་ཅན་གཡས་ལྕགས་ཀྱུ་དང་༔ གཡོན་མེ་ལོང་བསྣམས་པ༔ མིང་སྲིང་བརྒྱད་དང་བཅས་པ་མདོར་ན་སྲིད་པ་མ་མོའི་དཀྱིལ་འཁོར་དུ་དམ་ཚིག་དང་ཐུགས་རྗེས་འཁོར་བའི་སྔགས་སྲུང་དྲེགས་པའི་ཚོགས་དང་བཅས་པ་རང་བཞིན་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས་པར་གྱུར༔ སྲོག་སྔགས་བཟླ་ཞིང་དབྱངས་རོལ་དང་བཅས་སྤྱན་དྲངས༔ བྷྱོ ཁྲག་མཚོ་ལྕགས་ཀྱི་ར་བ་ཅན༔ དུར་ཁྲོད་རོལ་པའི་གཞལ་ཡས་ཁང་༔ ཐོད་མཁར་གྲུ་གསུམ་རོ་གང་ན་དབུས༔ ཁྲོས་མ་ནག་མོ་འབར་བའི་གདོང་༔ ཨེ་ཀ་ཙ་ཊི་རལ་གཅིག་མ༔ སྤྱན་གཅིག་དུས་གསུམ་ཀུན་ལ་གཟིགས༔ ཚེ་མས་གཅིག་དགྲ་བོའི་སྲོག་ལ་རྔམས༔ མཐིང་ནག་གཡུ་ཡི་རལ་པ་ཅན༔

(༣༠༩)འུྃ༔ གཡས་ན་དགྲ་སྙིང་དྲོན་མོ་འཆང་༔ གཡོན་པས་གཡུ་སྦྱང་ཁྲ་ཐབས་འགྱེད༔ ཞབས་གཉིས་གྱད་ཀྱི་དོར་སྟབས་ཅན སྐུ་ཡི་སྤྲུལ་པ་བ་ལ་མོ་འབུམ༔ གསུང་སྤྲུལ་མ་སྲིང་མཁའ་འགྲོ་འགྱེད ཐུགས་སྤྲུལ་མོན་མོ་ནག་མོ་དང་ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ གཡས་སུ་སྦྱོར་བའི་གིང་ཆེན་ནི༔ ལྷ་ཆེན་དཔལ་འབར་མ་ནིང་ནག༔ རབ་ཏུ་ཁྲོས་པ་སྲིན་པོའི་གདོང་༔ སྤྱན་གསུམ་ཐོད་སྐམ་དབུ་རྒྱན་ཅན༔ སྦྲུལ་ནག་གསོན་མའི་རལ་པ་འཕྱོ གཡས་གཡོན་རུ་མཚོན་སྙིང་ཞགས་འཕྱར༔ སྐུ་ཡི་མགོན་པོ་སྟག་ཞོན་དང་༔ གསུང་གི་མགོན་པོ་བིང་དམར་པོ༔ ཐུགས་ཀྱི་མགོན་པོ་གྲི་གུག་ཅན ཡོན་ཏན་མགོན་པོ་ལེགས་ལྡན་ནག༔ ཕྲིན་ལས་མགོན་པོ་ཏྲག་ཤད་དང་༔ ལྷ་ཀླུ་གཟའ་སྐར་ཕྱོགས་སྐྱོང་བཅུ༔ འཇིགས་བྱེད་དགུ་དང་རྒྱལ་ཆེན་བཞི༔ དཔལ་མགོན་བདུན་ཅུ་ཡང་འཁོར་བཅས༔ འོག་མིན་གནས་དང་བསིལ་བ་ཚལ༔ རི་རབ་ཟོམ་དང་གོ་ལའི་ངོས༔

(༣༡༠)རང་བཞིན་གནས་ནས་གཤེགས་སུ་གསོལ༔ གཡོན་དུ་སྒྲོལ་བའི་གིང་ཆེན་ནི༔ སྐྱེས་མཆོག་བཛྲ་ཐིག་ལེ་རྩལ༔ སྐུ་མདོག་མེ་ཡི་ཕུང་པོ་འདྲ༔ དར་དཀར་རལ་གུ་སྟག་ཤམ་ཅན༔ གཡས་གཡོན་རྡོ་རྗེ་དགྲ་སྙིང་བསྣམས༔ ཆིབས་སུ་སེང་གེ་དཀར་མོ་བཅིབས༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་༔ ཐེའུ་བྲང་མོན་པ་སྟོང་སྡེའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ སྲིན་ཡུལ་ལངྐ་པུ་རི་དང་༔ དབུ་རུ་ཞྭ་ཡི་ལྷ་ཁང་སོགས༔ དབེན་གནས་གཉེན་པོ་གར་བཞུགས་ནས༔ སྐད་ཅིག་ཡུད་ལ་གཤེགས་སུ་གསོལ༔ ཏྲག་རཀྴ་ཨེ་ཀ་ཙ་ཏི་མ་མ་བྷྱོ༔ མ་ཧཱ་ཀཱ་ལ་ཤཱ་ས་ན་ཛ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཛ༔ ཞེས་རོལ་མོའི་སྒྲ་དང་གསུར་ཆེན་གྱི་དུད་པས་སྤྱན་དྲངས༔ བཞུགས་གསོལ་ནི༔ བྷྱོ ལྕམ་མོ་ཆེན་མོ་བཞུགས་སུ་གསོལ༔ དྲལ་པོ་ཆེན་པོ་བཞུགས་སུ་གསོལ༔ སྦྱོར་སྒྲོལ་གེང་ཆེན་བཞུགས་སུ་གསོལ༔ འཁོར་དང་བཅས་པ་ཏིཥྠ་ལྷན༔ དེ་ནས་མཆོད་པ་འབུལ་བ་ནི༔ བྷྱོ༔ ཏིང་འཛིན་སྤྲུལ་པའི་གནས་མཆོག་འདིར༔ ཐུགས་དམ་སྐོང་བའི་དམ་རྫས་ནི༔

(༣༡༡)འུྃ༔ དངོས་སུ་བཤམས་དང་ཡིད་ལས་བྱུང་༔ བྱང་ཆུབ་སེམས་དང་ཨ་མྲྀ་ཏ༔ མྱོས་བྱེད་དཔའ་ཀློང་འཁྲུགས་པ་དང་༔ སྲོག་ཆགས་མདངས་ཀྱིས་ཐུགས་དམ་བསྐང་༔ སྣ་ཚོགས་ཤ་དང་སྙིང་གི་ཁྲག༔ དཀར་གསུམ་མངར་གསུམ་རོ་དྲུག་ཟས༔ ཉེར་སྤྱོད་བྷ་ལིང་གཏོར་མ་དང་༔ སྤྱན་གཟིགས་མཆོད་པས་ཐུགས་དམ་བསྐང་༔ སྒྲུབ་རྫས་སྦ་དཀར་ཚིགས་གསུམ་དང་༔ དུག་ཁྲག་སྦྱར་བ་ནད་ཀྱི་རྒྱུ༔ གསོན་ཁྲག་རླངས་པ་ཕྱུར་བ་ཡིས༔ འདོད་ཆགས་ཅན་གྱི་ཐུགས་དམ་བསྐང་༔ ཤེས་རབ་མཚལ་དང་སྤྱི་བླུགས་ཞྭ༔ ཤ་ཁྲག་སྙིང་སྣ་དུ་མ་ཆེན་དང་༔ རྨ་བྱའི་རྒྱལ་མཚན་ཙིཏྟའི་ཏོག༔ ལེ་བརྒན་དར་དང་མཐིང་ནག་གུར༔ སྣེལ་མོའི་མགོ་དང་གཡང་གཞི་སྙིང་༔ ནལ་བུའི་ཤ་ཁྲག་ལུག་ནག་གསོབ༔ རྐང་གླིང་ཐོད་རྔ་ལྟག་སྤྲོད་སོགས༔ རྟེན་རྫས་རྣམས་ཀྱིས་ཐུགས་དམ་བསྐང་༔ བྱ་ནག་ལུག་ནག་ཁྱི་ནག་འབྲི༔ མི་ཁྱི་རྟ་ཡི་བ་མཆེན་དང་ མདོ་ས་དང་འབྲས་

(༣༡༢)བུ་སྣ་ཚོགས་པ༔ བསྐང་རྫས་རྣམས་ཀྱིས་ཐུགས་དམ་བསྐང་༔ རྟ་དང་གཡག་ནག་གྲི་སྙིང་གིས༔ དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་༔ ང་ཡི་ཤ་ཁྲག་གསུར་ཆེན་གྱིས༔ སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང་༔ ཤ་ཁྲག་སྙིང་སྣར་མཆིན་གྱིས༔ གཟའ་བདུད་འཁོར་བཅས་ཐུགས་དམ་བསྐང་ ང་ཡི་ཤ་ཁྲག་གསུར་ཆེན་གྱིས༔ སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང་༔ ཤ་ཁྲག་སྙིང་སྣར་མཆིན་གྱིས༔ གཟའ་བདུད་འཁོར་བཅས་ཐུགས་དམ་བསྐང་ དཀར་མངར་འོ་ཚོལ་རྟ་བོང་ཤས༔ དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་༔ མདོར་ན་སྣང་སྲིད་སྣོད་བཅུད་ཀུན༔ དབང་པོ་དྲུག་གི་སྤྱོད་ཡུལ་དུ༔ རང་རང་མཐུན་པའི་དམ་རྫས་ཀྱིས༔ སྤྲུལ་འཁོར་ཡོངས་རྫོགས་ཐུགས་དམ་བསྐང་༔ ཁྱད་པར་དུས་ཀྱི་ཐ་མ་ལ༔ སྲིད་པའི་བདེ་སྡུག་མ་མོས་བྱེད༔ འབྱུང་བ་ལྔ་ཡང་ཡུམ་ལྔའི་ཀློང་༔ དེ་ཕྱིར་སྲིད་པ་མ་མོར་གྲགས༔ དབྱིངས་ལ་རྣམ་རྟོག་མི་མངའ་ཡང་༔ རྩལ་ལས་སྤྲུལ་པར་ཤར་བའི་ཚེ༔ ལེགས་ཉེས་སྟངས་འཛིན་མ་མོ་ནི༔ ཀོ་ལོང་རུ་ང་གདུག་རྩུབ་ཆེ༔ རྣལ་འབྱོར་ཐབས་ལ་མི་མཁས་ཤིང་༔ འཇིག་རྟེན་རྨོངས་པའི་དབང་གྱུར་པས༔ ལྷ་མོའི་དམ་

(༣༡༣)འུྃ༔ ཚིག་གང་དང་གང་༔ ད་ཀུན་དང་དུ་མ་བླངས་ཤིང་༔ དཀར་དམར་ཐབ་དང་གཞོབ་ལ་སོགས༔ །ཐུགས་དང་འགལ་བའི་ལས་བགྱིས་པ༔ ཁྱོད་ལ་མཐོལ་ལོ་བཟོད་པར་བཞེས༔ དབྱིངས་ནས་བཀའ་ཆད་མ་བཏང་ཅིག༔ ཤོ་དང་རྡེའུ་མ་འགྲེམས་ཤིག༔ ཁྲམ་དང་དལ་ཁ་མ་སྟོན་ཅིག༔ ཚོན་དྲུ་ནད་རྐྱལ་མ་བརྡེག་ཅིག༔ གོད་ཁ་གནས་འགྱུར་མ་བཏང་ཅིག༔ ཐུགས་དམ་གཉེན་པོ་བསྐངས་གྱུར་ནས༔ ཞི་རྒྱས་གཉིས་ཀྱི་གསོལ་བ་དང་༔ དབང་དྲག་རོལ་པའི་མངོན་སྤྱོད་ཀྱི༔ ལས་བཞིའི་དངོས་གྲུབ་བདག་ལ་སྩོལ༔ མ་མོའི་འཁྲུགས་བསྐོང་ནི༔ སྲིད་པ་མ་མོ་དལ་ལ་འདུད༔ དུས་ངན་སྙིགས་མ་ཤར་བའི་ཚེ༔ བསམ་ངན་དར་བས་ལས་ངན་འཚུབས༔ ནད་མཚོན་མུ་གེའི་བསྐལ་པ་དར༔ དེ་ཚེ་མ་མོ་མཁའ་འགྲོ་འཁྲུགས༔ འཁྲུགས་བསྐོང་འདི་ལ་འབད་པ་གཅེས༔ ཆོས་འབྱུང་བསྣོལ་མའི་སྟེང་ཉིད་དུ༔ མཁའ་འགྲོའི་གཏོར་མ་པད་འདབ་ཅན༔ ཤ་ཁྲག་སྙད་སྣ་མདོས་ཀྱི་བརྒྱན༔ སྲོག་ཆགས་མདངས་སམ་དེའི་གཟུགས་བརྙན༔

(༣༡༤)ནང་མཆོད་བྷནྡྷ་མདའ་དར་སོགས༔ ཕྱེ་མར་དཀར་མོ་ལག་གཡས་བཤམས༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ བྷྱོ སྣང་སྲིད་ཀུན་གྱི་ཕྱུ་ཆེན་མོ༔ ནམ་མཁའ་དབྱིངས་ཕྱུག་དཔལ་མོ་བཙན༔ སྲ་བའི་དབྱིངས་དང་མཉེན་པའི་དབྱིངས༔ དྲོད་དང་བསྐྱེད་པའི་དབྱིངས་ཆེན་མོ༔ རྒྱལ་བ་ཀུན་གྱི་ཡུམ་ཆེན་ཏེ༔ མ་མོ་མཁའ་འགྲོའི་བདག་ཉིད་ཡིན༔ རང་བཞིན་དང་ལས་མ་གཡོས་ཕྱིར༔ གཤེགས་བྱོན་བཞུགས་པར་མི་དམིགས་ཀྱང་༔ གདུལ་བྱའི་དོན་དུ་སྣ་ཚོགས་སྐུར༔ སྟོན་ལ་ཕྱག་འཚལ་མཆོད་པ་འབུལ༔ དམ་ཚིག་ཉམས་ཆགས་མཐོལ་ལོ་བཤགས༔ འབྱུང་ལྔས་བསྡུས་པའི་སྣོད་བཅུད་ལ༔ རང་རྒྱུད་བལྟས་ཤིང་བརྙས་པ་ཤོར༔ སྲིད་གསུམ་ཡེ་ནས་སངས་རྒྱས་སུ༔ གནས་པ་མ་རྟོགས་མཐོལ་ལོ་བཤགས༔ བྷྱོ༔ རྗེ་ཕག་མོ་དབྱིངས་ཀྱི་ཡུམ༔ ཁྲོས་མ་ནག་མོ་སེང་གེའི་ཞལ༔ ཉིད་ཞི་བདེ་མཆོག་མུ་ཁ་ལེ༔ ཀུ་རུ་ཀུལླེ་འོད་ཟེར་ཅན༔ སྣ་ཚོགས་ཡུམ་དང་ཡུམ་ཆེན་མོ༔ ཁྲག་འཐུང་གནས་བཅུ་དུར་ཁྲོད་བརྒྱད༔ ཉི་ཤུ་

(༣༡༥)འུྃ རྩ་བཞིའི་གནས་ཡུལ་བདག༔ གསང་སྔགས་རིག་སྔགས་ཅན་རྣམས་ལ༔ ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ༔ བསྟན་པ་རྒྱ་མཚོའི་འདུལ་བ་དང་༔ བྱང་ཆུབ་སེམས་དཔའི་བསླབ་པ་དང་ སྔགས་ཀྱི་འདའ་དཀར་དམ་ཚིག་གཉེར༔ སྤྱི་དང་ཁྱད་པར་ལྷག་པ་ཡིས༔ རྣམ་པར་ཕྱེ་ཞིང་བསྡུས་སོ་ཅོག༔ ཉོན་མོངས་དུག་ལྔའི་དབང་གྱུར་ཏེ༔ བག་མེད་འགལ་འཁྲུལ་ཐལ་བ་དང་༔ ཀློང་དུ་མ་གྱུར་ནོངས་པ་ཀུན༔ མཐོལ་ལོ་བཤགས་སོ་དག་པར་མཛོད༔ བྷྱོ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ ཞི་ལ་གནས་ཀྱང་ཐུགས་རྗེའི་གཟུགས༔ ཨེ་ཀ་ཛ་ཊི་སྤུན་དྲུག་དང་༔ བྲན་མོ་བཅུ་བཞི་ཡང་གཡོག་འབུམ༔ འདོད་ཁམས་བདག་མོ་རེ་མ་ཏི༔ མིང་བརྒྱ་མ་ལ་མཚན་སྟོང་མ༔ སྣ་ཚོགས་གཟུགས་དང་རྫུ་འཕྲུལ་ཅན༔ སྟོང་ཁམས་ཁྱབ་པར་སྤྲུལ་ནས་ཀྱང་༔ འབྱུང་བ་གཡོ་དང་འཁྲུགས་བྱེད་ཅིང་༔ དུས་བཞིའི་དྲོད་འཛིན་བཅུད་ཀྱང་འཕྲོག༔ ནད་དང་རིམས་ཀྱི་བདག་མོ་མཛད༔ དབེན་གནས་ཉུལ་ཞིང་ཚོགས་

(༣༡༦)ཁང་འགྲིམ༔ རྣལ་འབྱོར་ཅན་ལ་དངོས་གྲུབ་སྟེར༔ དམ་ཚིག་ཉམས་ལ་ཆད་པ་གཅོད༔ ལེགས་ཉེས་སྟངས་འཛིན་འཇིག་རྟེན་སྐྱོང་༔ ཀུན་ལ་ཕྱག་འཚལ་མཆོད་པ་འབུལ༔ ཚོགས་ཀྱི་འཁོར་ལོས་ཉམས་ཆགས་བཤགས༔ མདོས་དང་མདངས་ཀྱིས་ཐུགས་དམ་བསྐང་༔ མི་ནང་ཕྱུགས་ནད་གཅད་དུ་གསོལ༔ ཞིང་ལ་སད་སེར་བཙའ་ཐན་དང་༔ མུ་གེ་འཁྲུགས་རྩོང་མེད་པར་མཛོད༔ བྷྱོ མ་མོ་འཁྲུགས་པའི་རྒྱུ་བསྟན་པ༔ དམ་པའི་རྡོ་རྗེ་སློབ་དཔོན་ལ༔ མ་དང་ལོག་པར་རྟོག་པ་བཤགས༔ དབང་བསྐུར་ཟབ་མོ་ཐོབ་བྱས་ནས༔ བསྙེན་སྒྲུབ་ཕྱག་རྒྱ་གཡེལ་བ་བཤགས༔ དམ་ཚིག་གཅིག་པའི་སྤུན་གྲོགས་ལ༔ གཤེ་བསྐུར་ཁྲོས་དང་འཁོན་པ་བཤགས༔ སེམས་ཅན་ཕ་མའི་རང་བཞིན་ལ༔ ངན་སེམས་གནོད་པ་བྱས་པ་བཤགས༔ སྔགས་ཀྱི་ལྟ་སྤྱོད་གསང་སྒྲོགས་དང་༔ དམ་རྫས་སྤོང་ལེན་བགྱིས་པ་བཤགས༔ བུད་མེད་ཤེས་རབ་རང་བཞིན་ལ༔ བརྙས་དང་ལོག་ལྟ་བགྱིས་པ་བཤགས༔ སྣང་སྲིད་

(༣༡༧)འུྃ ལྷ་དང་ལྷ་མོ་ལ༔ དགྲ་གཉེན་ཕྱོགས་རིས་ཕྱེ་བ་བཤགས༔ ལྟ་བ་བསྒོམ་གྱི་ལ་མ་ཟློས༔ ཐ་མལ་འོག་འགྱུར་སོང་བ༔ སྤྱོད་པ་ཀུན་ཏུ་བཟང་པོ་ལ༔ ཁ་ན་མ་ཐོ་ཕོག་པ་བཤགས༔ བྷྱོ ཁྱད་པར་མ་མོ་འཁྲུགས་པ་ལས༔ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུ༔ དགེ་འདུན་སྡེ་འཁྲུགས་ཧོར་ལས་བྱེད༔ ཁྱིམ་པ་སུན་འབྱིན་བཤན་ར་འགྲིམ༔ སྔགས་པ་དམ་མེད་མཐུ་གཏད་བྱེད༔ བསྐྱེད་རྫོགས་གདེང་བྲལ་ཟོག་ཆོས་འཚེང་༔ སྐྱེ་བོ་མནའ་ཟ་དུག་སྦྱོར་གཤོམ༔ དགེ་འདུན་ཁྲིམས་ཉམས་ཕ་མ་བསླུ༔ རྐུན་ཇག་རྔོན་པའི་ལས་ཀྱི་འཚོ༔ ཕན་ཚུན་འཐབ་ཅིང་མ་རབས་སྤྱོད༔ མིང་སྲིང་བསྣོལ་ཞིང་ནལ་བུ་གསོད༔ དེ་འདྲའི་ལས་ངན་ཤར་ཙ་ན༔ མཁའ་འགྲོ་གཡེལ་ཞིང་མ་མོ་འཁྲུགས༔ མ་གཡེལ་མ་གཡེལ་ཐུགས་རྗེས་དགོངས༔ ཚོགས་གཏོར་མདངས་ཀྱི་ཐུགས་དམ་བསྐང་༔ སེམས་ཅན་ཉོན་མོངས་རང་བཞིན་ལ༔ དགོངས་ཏེ་ཚངས་པའི་དངོས་གྲུབ་སྩོལ༔ མི་

(༣༡༨)ཕྱུགས་ནད་རིམས་གོད་ཁ་སོགས༔ ཞི་ནས་འཇིག་རྟེན་བདེ་ལེགས་མཛོད༔ བྷྱོ ཡང་གཅིག་མ་མོ་འཁྲུགས་པའི་རྐྱེན༔ བྱིན་ལ་ལྷ་མོའི་སྲས་མཆོག་ལ༔ ཁྲོས་དང་བརྔན་སྦྱིན་མ་བྱས་བཤགས༔ བོང་དྲིལ་ལྷ་མོའི་གཞོན་པ་ལ༔ སྒྲོགས་དང་བརྡེག་བཙོག་བྱས་པ་བཤགས༔ ཤ་རྐྱང་ལྷ་མོའི་མཐུན་རྫས་ལ༔ རྔོན་བྱས་ཀུ་ཅོས་བཀྲོགས་པ༔ བྱ་ནག་ལྷ་མོའི་ནོར་ཡིན་ཀྱང་༔ བསྐྲད་དང་མངོན་སྤྱོད་བྱས་པ་བཤགས༔ ཕག་།རྫི་ལྷ་མོའི་མཛད་བཅུགས་ལ༔ ངན་སྨྲས་གནོད་པ་བྱས་པ༔ རྨ་བྱ་ལྷ་མོའི་རྒྱན་ཡིན་ཀྱང་༔ སྤུགས་དང་ཁྱོ་ཤུགས་དཔྲལ་བ༔ མགར་ཡུག་ལྷ་མོའི་གྲིབ་ཡིན་ཀྱང་༔ ཉེས་པ་བཀོལ་ཞིང་རྟེན་པ༔ ཐབ་གཞོབ་ལྷ་མོའི་དུག་ཡིན་ཀྱང་༔ དབང་མེད་མཚོར་ཤོར་བ་བཤགས༔ མདོར་ན་དབྱིངས་ཀྱི་རྗེ་མོ་ཡི༔ ཐུགས་ལ་ཁྲོ་བ་མི་མངའ་ཡང་༔ འཁོར་གྱི་མ་མོ་མཁའ་འགྲོའི་ཚོགས༔ སྐྱོན་མཐོང་ཙམ་ནས་ཆད་པ་གཅོད༔ དེ་ཕྱིར་འགལ་འཁྲུལ་ནོངས་པ་ཀུན༔ སྦེད་པར་མི་བགྱིད་འཆབ་མ་ལགས༔ བརྔན་གྱི་མཆོག་ཏུ་ཚོགས་གཏོར་དང་༔ ཛ་

(༣༡༩)འུྃ༔ གང་ཕུང་ཀྱིས་ཐུགས་དམ་བསྐང་༔ མདངས་ཀྱི་མཆོག་ཏུ་མཆོག་ཕྲན་གྱི༔ ཤ་ཁྲག་དྲོད་དབུགས་སྐྱེ་མཆེད་འབུལ༔ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ལ༔ ཞོ་ཤས་རྟེན་པའི་ཤ་ཁྲག་དྲོད༔ རང་རྒྱུད་ཅན་དུ་མ་མཆིས་པས༔ ཤ་མེད་ཤ་ཡི་ཐུགས་དམ་བསྐང་༔ ཁྲག་མེད་ཁྲག་གི་ཐུགས་དམ༔ དྲོད་མེད་དྲོད་ཀྱི༔ སྲོག་གི་རང་བཞིན་རླུང་ཡིན་ཏེ༔ དབུགས་མེད་དབུགས་དང་སྲོག་མེད་སྲོག༔ དེ་ལས་བསྐྱེད་པའི་བཀྲག་མདངས་ཀྱིས༔ མ་མོ་མཁའ་འགྲོའི་ཐུགས༔ ཐུགས་དམ་གཉན་པོ་བསྐང་གྱུར་ནས༔ ཉམས་ཆགས་འཁོན་འཛིན་དག་པ་དང་༔ མ་མོ་མཁའ་འགྲོ་འཁྲུགས་པ་ཡི༔ རྒྱུ་རྐྱེན་འབྲས་བུ་སོར་ཆུད་ནས མི་ཕྱུགས་ངལ་ཡ་མ་ཞེ་བ་དང་༔ མུ་གེའི་འཁྲུགས་རྩོད་མེད་པ་དང་༔ སད་སེར་བཙའ་ཐན་ལས་རྒྱལ་ཏེ༔ འཇིག་རྟེན་བདེ་བའི་ཕྲིན་ལས་མཛོད༔ རྫས་ལ་མཆོད་གཏོར་གཙང་སར་གཤེགས༔ ཕན་པའི་ཡོན་ཏན་བརྗོད་མི་ལངས༔ ལག་དུ་བླངས་པས་ཡིད་ཆེས་འགྱུར༔ ས་མ་ཡ༔ དྷ་ཐིམ༔ ༈ དོ་གལ་ཆེ་ན་ཕུད་སྐོང་བྱ་སྟེ༔ ཕུད་ཉུང་

(༣༢༠)དུ་ཙམ་ལ་བྱར་མི་རུང་ངོ་༔ ཧོ འོག་མིན་བདེ་བ་ཆེན་པོའི་ཞིང་ན་ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ་ཆེན་ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལ་ན༔ མ་མོ་མཁའ་འགྲོ་ཀུན་གྱི་རྗེ་མོ༔ དཔལ་སྔགས་ཀྱི་བདག་མོ་ནག་མོ་ཁྲོས་མ་ལ་གསོལ་ལོ༔ ཨེ་ཀ་ཙ་ཊི་སྤུན་དྲུག་ལ་གསོལ་ལོ༔ དེའི་བྲན་མོ་བཅུ་བཞི་ལ་གསོལ་ལོ༔ གཡོག་མོ་ལྔ་བཅུ་རྩ་བརྒྱད་ལ་གསོལ་ལོ༔ ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་གསོལ་ལོ༔ ནམ་གྲུ་རེ་མ་ཏི་ལ་གསོལ་ལོ༔ འདོད་པ་ཁམས་ཀྱི་དབང་ཕྱུག་མ་ལ་གསོལ་ལོ༔ ཤྭ་ན་མ་བཞི་ལ་གསོལ་ལོ༔ ས་བདག་མ་བཞི་ལ་གསོལ་ལོ༔ བདག་ཉིད་མ་བཞི་ལ་གསོལ་ལོ༔ དུར་ཁྲོད་བདག་མོ་ལྕམ་དྲལ་ལ་གསོལ་ལོ༔ དབང་གི་ལྷ་མོ་ཙན་ཏྲི་ཀ་ལ་གསོལ་ལོ༔ ཤན་པ་ནག་མོ་སྲོག་སྒྲུབ་མ་ལ་གསོལ་ལོ༔ ལྷ་མོ་དུད་སོལ་མ་ལ་གསོལ་ལོ༔ རྡོ་རྗེ་དྲག་མོ་རྒྱལ་ལ་གསོལ་ལོ མ་སྲིང་བསྟན་མ་བཅུ་གཉིས་ལ་སོགས་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་རྣམས་ལ་གསོལ་ལོ༔ འབུལ་ལོ༔ མཆོད་དོ༔ གསང་སྔགས་ཀྱི་བསྟན་བསྲུངས་ཤིག༔ རྣལ་

(༣༢༡)འུྃ༔ འབྱོར་བའི་མགོན་སྐྱབས་མཛོད་ཅིག༔ བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིག༔ དགྲ་བྱུང་ན་སྙིང་ཐོན་ཅིག༔ གེགས་བྱུང་ན་མགོ་བོ་ཁོས་ཤིག༔ དུག་བྱུང་ན་བྱ་ཐོང་ཞིག༔ བྱང་བྱུང་ན་རང་གཤེད་དུ་ཕོབ་ཅིག༔ རྐྱེན་ངན་དང་བར་ཆད་སོལ༔ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིག༔ ཧོ རྟོགས་པས་བདག་བསྒྲལ་ཀུན་ཏུ་བཟང་པོ དུག་གསུམ་རུ་ཏྲའི་གཤེད་དུ་ཁྲོས་པ་ལྷ་ཆེན་དཔལ་འབར་མ་ནིང་ནག་པོ་ལ་གསོལ་ལོ༔ སྟག་ཞོན་སྐུའི་མགོན་པོ་ལ་གསོལ་ལོ༔ བིང་དམར་གསུང་གི་མགོན་པོ་ལ་གསོལ་ལོ གྲི་གུག་ཐུགས་ཀྱི་མགོན་པོ་ལ་གསོལ་ལོ༔ ལེགས་ལྡན་ཡོན་ཏན་གྱི་མགོན་པོ་ལ་གསོལ་ལོ༔ ཏྲག་ཤད་ཕྲིན་ལས་ཀྱི་མགོན་པོ་ལ་གསོལ་ལོ༔ འབུལ་ལོ༔ མཆོད་དོ༔ གསང་སྔགས་ཀྱི་བསྟན་པ་སྲུངས་ཤིག༔ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིག༔ བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིག༔ དགྲ་བྱུང་ན་སྙིང་ཐོན་ཅིག༔ གེགས་བྱུང་ན་མགོ་བོ་ཁོས་ཤིག༔ དུག་བྱུང་ན་བྱ་ཐོང་ཞིག༔ བྱད་བྱུང་ན་

(༣༢༢)རང་གཤེད་དུ་ཕོབ་ཅིག༔ རྐྱེན་ངན་དང་བར་ཆད་གསོལ༔ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིག༔ གཙང་རིས་ལྷ་ཡི་མགོན་པོ་དབང་པོ་དང་ཚངས་པ་ལ་གསོལ་ལོ དབང་ཕྱུག་དང་ཁྱབ་འཇུག་ལ་གསོལ་ལོ གདོང་དྲུག་དང་འདོད་དབང་ལ་གསོལ་ལོ༔ ཚོགས་བདག་དང་བྷྲི༚་གི་ལ་གསོལ་ལོ༔ ཀླུའི་མགོན་པོ་མཐའ་ཡས་དང་འཇོག་པོ་ལ་གསོལ་ལོ༔ དུང་སྐྱོང་དང་སྟོབས་རྒྱུ་ལ་གསོལ་ལོ༔ པདྨ་དང་པདྨ་ཆེན་པོ་ལ་གསོལ་ལོ༔ རིགས་ལྡན་དང་ནོར་རྒྱས་ལ་གསོལ་ལོ༔ དྲང་སྲོང་གི་མགོན་པོ་ཉི་མ་དང་ཟླ་བ་ལ་གསོལ་ལོ༔ མིག་དམར་དང་ལྷག་པ་ལ་གསོལ་ལོ༔ ཕུར་བུ་དང་བསངས་ལ་གསོལ་ལོ༔ སྤེན་པ་དང་སྒྲ་གཅན་ལ་གསོལ་ལོ༔ ཁྱད་པར་དུ་ཡང་ཁྱབ་འཇུག་ཆེན་པོ༔ བི་ནུ་རཱ་ཙ༔ རཱ་ཧུ་ལ༔ རཱ་ཧུ་ལ༔ བི་ཊི་པ་ཏྲ༔ ལྗང་སྔོན་དྲག་པོ༔ དུ་བ་མཇུག་རིང་༔ བདུད་པོ་རོག་ཏི༔ བི་ན་ཡ་ཀ་ལ་སོགས་ཏེ་ཐོག་སེར་དང་ལྟས་ངན་གྱི་བདག་པོ་སྤྲུལ་པའི་གཟའ་བརྒྱད་གདོང་མོ་བཞི་དང་བཅས་པ་ལ་གསོལ་ལོ༔

(༣༢༣)འུྃ༔ འབུལ་ལོ༔ མཆོད་དོ༔ གསང་སྔགས་ཀྱི་བསྟན་པ་སྲུངས་ཤིག༔ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིག༔ བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིག༔ དགྲ་བྱུང་ན་སྙིང་ཐོན་ཅིག༔ གེགས་བྱུང་ན་མགོ་བོ་ཁོས་ཤིག༔ དུག་བྱུང་ན་བྱ་ཐོང་ཞིག༔ བྱད་བྱུང་ན་རང་གཤེད་དུ་ཕོབ་ཅིག༔ རྐྱེན་ངན་དང་བར་ཆད་སོལ༔ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛེད་ཅིག༔ ཧོ རྒྱུ་སྐར་གྱི་མགོན་པོ་སྨིན་དྲུག་དང་སྣར་མ་ལ་གསོལ་ལོ༔ མགོ་དང་ལག་པ་ལ་གསོལ་ལོ༔ ནབས་སོ་དང་རྒྱལ་ལ་གསོལ་ལོ༔ སྐག་དང་རྟ་པ་ལ་གསོལ་ལོ༔ བྲེ་དང་དཔོལ་གསོལ་ལོ༔ མེ་བཞི་དང་ནག་པ་ལ་གསོལ་ལོ༔ ས་རི་དང་ས་ག་ལ་གསོལ་ལོ༔ ལྷ་མཚམས་དང་སྣོན་ལ་གསོལ་ལོ༔ སྣུབས་དང་ཆུ་སྟོད་ལ་གསོལ་ལོ༔ ཆུ་སྨད་དང་གྲོ་བཞིན་ལ་གསོལ་ལོ༔ བྱི་བཞིན་དང་མོན་གྲེ་ལ་གསོལ་ལོ༔ མོན་ཕྲུ་དང་ཁྲུམས་སྟོད་ལ༔ ཁྲུམས་སྨད་དང་ནམ་གྲུ་ལ༔ ཐ་སྐར་དང་བྲ་ཉེ་ལ༔ འབུལ་ལོ༔ མཆོད་དོ༔ གསང་སྔགས་ཀྱི་བསྟན་པ་སྲུངས་ཤིག་

(༣༢༤)རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིག༔ བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིག༔ དགྲ་བྱུང་ན་སྙིང་ཐོན་ཅིག༔ གེགས་བྱུང་ན་མགོ་བོ་ཁོས་ཤིག༔ དུག་བྱུང་ན་བྱ་ཐོངས་ཤིག༔ བྱད་བྱུང་ན་རང་གཤེད་དུ་ཕོབ་ཅིག༔ རྐྱེན་ངན་དང་བར་ཆད་སོལ༔ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིག༔ ཧོ ཕྱོགས་མཚམས་སྐྱོང་བའི་མགོན་པོ་དབང་པོ་དང་མེ་ལྷ་ལ་གསོལ་ལོ༔ གཤིན་རྗེ་དང་སྲིན་པོ་ལ་གསོལ་ལོ༔ ཆུ་ལྷ་དང་རླུང་ལྷ་ལ་གསོལ་ལོ༔ གནོད་སྦྱིན་དང་དབང་ལྡན་ལ་གསོལ་ལོ༔ ཚངས་པ་དང་གཟའ་སྐར་ལ་གསོལ་ལོ༔ སའི་ལྷ་མོ་དང་ས་འཛིན་ལག་པ་ཆེན་པོ་ལ་གསོལ་ལོ༔ ཁྱད་པར་དུ་ཡང་འཇིག་རྟེན་སྐྱོང་བའི་མགོན་པོ་ཆེན་པོ་ཡུལ་འཁོར་སྲུང་ལ་གསོལ་ལོ༔ འཕགས་སྐྱེས་པོ་ལ་གསོལ་ལོ༔ མིག་མི་བཟང་ལ་གསོལ་ལོ༔ རྣམ་ཐོས་སྲས་ལ་གསོལ་ལོ༔ གཞན་ཡང་འཇིགས་བྱེད་ཆེན་པོ་དགུ་ལ་སོགས་ཏེ་དམ་ཚིག་ཤེས་པ་དང་དཀར་ཕྱོགས་སྐྱོང་བའི་ཚོགས་ཐམས་ཅད་ལ་གསོལ་ལོ༔ འབུལ་ལོ༔

(༣༢༥)འུྃ༔ སྲུངས་ཤིག༔ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིག༔ བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིག༔ དགྲ་བྱུང་ན་སྙིང་ཐོན་ཅིག༔ གེགས་བྱུང་ན་མགོ་བོ་ཁོས་ཤིག དུག་བྱུང་ན་བྱ་ཐོང་ཞིག༔ བྱད་བྱུང་ན་རང་གཤེད་དུ་ཕོབ་ཅིག༔ རྐྱེན་ངན་དང་བར་ཆད་སོལ༔ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིག༔ ཧོ རྡོ་རྗེ་འཛིན་པའི་བཀའ་ཉན་ཆེན་པོ་སྒྲོལ་གིང་རྡོ་རྗེ་ལེགས་པ་ལ་གསོལ་ལོ༔ རྣལ་འབྱོར་ཡོངས་ཀྱི་སྲུང་མ་ཆེན་པོ་ལ་གསོལ་ལོ༔ དཔའ་བོ་ཡོངས་ཀྱི་དགྲ་ལྷ་ཆེན་པོ་ལ་གསོལ་ལོ༔ ཚོང་པ་ཡོངས་ཀྱི་དང་དཔོན་ཆེན་པོ་ལ་གསོལ་ལོ༔ བརྟེན་ན་སྙིང་ཉེ་བ་ལ་གསོལ་ལོ༔ རྦད་ན་མཐུ་ཆེ་བ་ལ་གསོལ་ལོ༔ བསྐུལ་ན་ལས་མྱུར་བ་ལ་གསོལ་ལོ༔ སྤྲུལ་འཁོར་དང་བཀའ་ཉན་ཕུད་དང་གཏོར་མ་ལ་གདུང་པ་ཐམས་ཅད་ལ་གསོལ་ལོ༔ འབུལ་ལོ༔ མཆོད་དོ༔ གསང་སྔགས་ཀྱི་བསྟན་པ་སྲུངས་ཤིག༔ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིག༔

(༣༢༦)བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིག༔ དགྲ་བྱུང་ན་སྙིང་ཐོན་ཅིག༔ གེགས་བྱུང་ན་མགོ་བོ་ཁོས་ཤིག༔ དུག་བྱུང་ན་བྱ་ཐོང་ཞིག༔ བྱད་བྱུང་ན་རང་གཤེད་དུ་ཕོབ་ཅིག༔ རྐྱེན་ངན་དང་བར་ཆད་སོལ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིག༔ དེ་ལྟར་སྲིད་པ་མ་མོའི་དཀྱིལ་འཁོར་དུ་ཡེ་ཤེས་དང་ལས་ལ་གྲུབ་པའི་སྲུང་མ་ཐུགས་དམ་ཅན༔ གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་དང་བཅས་པ་ཁྱེད་རྣམས་སྟོན་པའི་ཞལ་མཐོང་༔ བསྟན་པ་དང་དམ་ཚིག་ལ་གུས༔ མཐུ་དང་རྫུ་འཕྲུལ་གྱི་བདག་པོ་སྲིད་ཞིའི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ༔ མངའ་འོག་དང་སྡེ་རིས་སུ་མ་འདུས་པ་གང་ཡང་མེད་པས༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ རྣལ་འབྱོར་པ་བདག་ཅག་ལ་སྡང་བའི་སེམས་དང་ལྡན་པ༔ གདུག་པའི་སེམས་དང་ལྡན་པ༔ དྲག་ཤུལ་གྱི་སེམས་དང་ལྡན་པ༔ སྦྱོར་བ་རྩུབ་མོ་ལ་མོས་པའི་འབྱུང་པོ་མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཞི་བའི་ཕྲིན་ལས་ཀྱིས་དུལ་བར་མཛོད་ཅིག༔ རྒྱས་པའི་

(༣༢༧)འུྃ༔ ཕྲིན་ལས་ཀྱིས་སྤ་བཀོངས་ཤིག༔ དབང་གི་ཕྲིན་ལས་ཀྱིས་སྣང་བསྒྱུར་ཅིག༔ དྲག་པོའི་ཕྲིན་ལས་ཀྱིས་ཚར་ཆོད་ཅིག བདག་དང་འཇིག་རྟེན་ཐམས་ཅད་ལ་ལེགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བའི་ཕྲིན་ལས་མཛོད་ཅིག༔ ཅེས་ཕུང་གཏོར་རོལ་མོ་སྒྲོགས་གླུ་གར་གྱི་མཆོད་པས་ཀྱང་མཉེས་པར་བྱའོ༔ དེ་ནས་བསྟོད་པ་ནི༔ བྷྱོ དཔལ་ལྡན་རང་བྱུང་རྒྱལ་མོ་ནི༔ མ་མོ་ཡོངས་ཀྱི་སྤྲུལ་གཞི་ཡིན༔ ལྷ་ཡི་ཡུལ་ན་མདངས་ལྡན་མ༔ མེ་ཏོག་མནྡྷ་ར་ལ་བསྟོད༔ ཁྲག་འཐུང་དབང་ཐོབ་དཔལ་ལྡན་གཟུངས༔ གཤིན་རྗེའི་ཡུལ་ན་རལ་གཅིག་མ༔ མ་བཟའ་བྲག་གྱོན་ཀླུ་ཡི་མཚན༔ ནག་མོ་ཁྲག་འཇག་མ་ལ་བསྟོད༔ མ་ནི་སྙིང་པོ་བྱང་ཆུབ་སེམས༔ མོ་ནི་རང་བྱང་ཡེ་ཤེས་ཕྱིར༔ གང་ནས་བེས་ཀྱང་ཁྱོད་ཀྱི་མཚན༔ འདོད་ཁམས་བདག་མོ་ཁྱོད་ལ་བསྟོད༔ བདག་ལྟའི་རུ་ཏྲ་བསྒྲལ་བ་ལས༔ བྱང་ཆུབ་སེམས་ཀྱི་མགོན་པོ་བྱུང་༔ ཐེག་དགུ་རྫོགས་པའི་དར་ནག་གི༔ འཇོལ་བེར་དགུ་བརྩེགས་མན་བསལ་བསྟོད༔

(༣༢༨)གཟུང་འཛིན་རུ་ཞབས་ཀྱིས་བརྫས༔ སྙིང་ཕྲེང་མི་མགོའི་དོ་ཤལ་འཕྱང་༔ བདེ་ཆེན་སྐེད་བཅུགས་དམག་གསུམ་འགྱེད༔ བདུད་དང་སྲིན་པོ་འདུལ་ལ་བསྟོད༔ གིང་ཆེན་རྡོ་རྗེ་ལེགས་པ་སྐྱོང་༔ འཛམ་བུ་གླིང་གི་མངའ་བདག་པོ༔ རྣམ་འགྱུར་སྤྲུལ་པ་ཅིར་ཡང་སྟོན༔ རྫུ་འཕྲུལ་བདག་པོ་ཁྱོད་ལ་བསྟོད༔ རེས་འགའ་མགར་ནག་ཁྲོས་པའི་གདོང་༔ ཐན་དང་ལྟས་ངན་ཡོངས་ཀྱི་བདག༔ རས་འགའ་གནོད་སྦྱིན་ནོར་ལྷའི་ཚུལ དངོས་གྲུབ་བདག་པོ་ཁྱོད་ལ་བསྟོད༔ ཁྱད་པར་གཙུག་ལག་ཁང་སྲུང་ཞིང་༔ དམ་ཉམས་སྲོག་ལ་ཧུར་ཐུམ་དང་༔ གྲི་རྒོད་འབེབས་པའི་དྲག་ཤུལ་ཅན༔ གསང་བའི་སྒྲོལ་གང་གཉིས་ལ་བསྟོད༔ མདོར་ན་མ་མགོན་ལྕམ་དྲལ་གྱི༔ བཀའ་དང་འཁོར་ན་གནས་པ་ཡི༔ ལེགས་ཉེས་སྟངས་འཛིན་འཇིག་རྟེན་གྱི༔ བདག་པོ་ཀུན་ལ་རབ་ཏུ་བསྟོད༔ ཕྲིན་ལས་བཅོལ་བ་ནི༔ བྷྱོ སུམ་ཅུ་རྩ་གསུམ་ལྷ་ཡུལ་ན༔ སྐྱེ་རྒྱུད་བདག་པོ་ཡབ་ཡུམ་གཉིས༔ མ་མཇལ་ཡིད་ཀྱིས་སྦྱོར་བ་ལས༔ དཔྲལ་བར་ལྕགས་ཀྱི་རྨེན་པ་ཤར༔ ཡུམ་གྱིས་དམོད་པ་སྟོབས་བཙན་པས༔

(༣༢༩)འུྃ༔ ནག་མོ་ཁྲོས་མ་རལ་གཅིག་མ༔ བཅུ་བདུན་རྒྱུད་ཀྱི་བཀའ་སྲུང་དུ༔ གསང་བའི་བདག་པོས་དབང་ཡང་བསྐུར༔ བདག་མེད་ཀུན་ཏུ་བཟང་མོའི་ཀློང་༔ བདག་ལྟའི་རུ་ཏ་སངས་རྒྱས་པའི༔ དཔལ་ལྡན་མ་མགོན་ལྕམ་དྲལ་ལ༔ དམ་ཚིག་ཕྲིན་ལས་གཉེར་དུ་གཏོད༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས༔ སྙིང་ཐིག་གཉེན་པོའི་བྱ་ར་མཛོད༔ འཇིག་རྟེན་ཁམས་སུ་ནད་མཚོན་དང་༔ མུ་གེའི་བསྐལ་པ་ངན་པ་ཆོད༔ འགོད་པོ་སྤུན་དགུའི་སྡེ་རིས་ཀྱི༔ དཔུང་དང་རྒྱ་འདྲེའི་ལམ་སྲང་སྲུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་གདོན་བར་ཆད་ཀུན་སོལ་ལ༔ ཚེ་དཔལ་ལོངས་སྤྱོད་དབང་ཐང་ཀུན༔ ཡར་ངོའི་ཟླ་བ་ལྟ་བུར་མཛོད༔ དཀོར་ཁང་འདི་རུ་རྟག་བཞུགས་ལ༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་༔ དཀོར་ཆ་ལོངས་སྤྱོད་བཅས་པ་ལ༔ བླ་རྡོ་ཆོས་ལ་མེལ་ཚེ་གྱིས༔ སྒྲུབ་པ་མཆོག་ལ་གུས་པ་དང་༔ དམ་པ་ཆོས་ཀྱི་བརྒྱུད་འཛིན་ཅིང་༔ སེམས་

(༣༣༠)ཅན་ཡོངས་ལ་ཕན་བརྩོན་པའི༔ སློབ་མའི་འདུ་བ་རྒྱས་པར་མཛོད༔ དུས་གསུམ་ཀུན་ན་གདུག་པ་དང་༔ སྡང་བའི་སེམས་ལྡན་དགྲ་དང་བགེགས༔ གང་ཡིན་ཁྱེད་ཀྱི་ཟས་སྐལ་དུ༔ གཏད་དོ་མངོན་སྦྱོང་ཕྲིན་ལས་མཛོད༔ ཆོས་སྲིད་བསྟན་པའི་ཕྲིན་ལས་རྣམས༔ སྡེ་བཞིའི་དཔལ་གྱི་མངོན་མཐོ་ཞིང་༔ གློ་བུར་ལས་བཅོལ་བ་ལིང་ཀུན༔ བཞེས་ལ་བསམ་དོན་ལྷུན་གྲུབ་མཛོད༔ ཅེས་བརྗོད་ཕུད་གཏོར་གཙང་སར་གཤེགས༔ འདི་ནི་ནང་གི་བཀའ་སྲུང་སྟེ༔ སྔོན་ཆད་རྒྱུད་དུ་གནས་པ་ལས༔ གབ་པ་མངོན་དུ་ཕྱུང་བ་མེད༔ གནད་ཡིག་གཅིག་དང་བཀའ་སྲུང་རྒྱུད༔ མ་བུ་ཟུང་དུ་འབྲེལ་བ་ན༔ སྲིད་པ་དཀྲུགས་པ་པདྨས་ཤེས༔ དེ་ཕྱིར་ལྕགས་སྡེ་སོ་སོར་རྒྱ༔ སྙིང་ཐིག་འདྲ་མིན་སྤྱོད་པའི་ཚེ༔ རང་བྱུང་སྤྲུལ་པའི་རྡོ་རྗེ་དང་༔ འཕྲད་ནས་བསྟན་པ་བསྲུང་བར་ཤོག༔ ༈ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ གཟའ་རྒོད་སྲོག་གི་སྤུ་གྲི་བཞུགས༔ ཧྲཱི དུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལ༔ ཁྲག་ཞག་དཔའ་ཀློང་འཁྲུགས་པའི་དབུས༔ བཀའ་སྲུང་གཟའ་བདུད་རཱ་ཧུ་ལ༔ སྲོག་གི་སྤུ་གྲི་གཤེགས་སུ་གསོལ༔ སྐུ་མདོག་དུད་

(༣༣༡)འུྃ༔ སྤྲུལ་མཇུག་གཡོ དབུ་དགུ་བྱ་རོག་དགོང་གིས་མཛེས༔ ཕྱག་བཞི་མདའ་གཞུ་ཞགས་པ་དང་༔ ཆུ་སྲིན་རྒྱལ་མཚན་རྔམ་སྟབས་འཛིན༔ འཁོར་དུ་གདོང་མོ་རྣམ་བཞི་དང་༔ གཟའ་བརྒྱུད་རྒྱུ་སྐར་ཉི་ཤུ་བརྒྱད༔ ཅེ་སྦྱང་བདུད་བྱ་ཁྱི་ནག་དང་༔ དྲེགས་པ་སྡེ་བརྒྱད་དམག་གིས་བསྐོར༔ འཁོར་དང་བཅས་པ་མ་ལུས་ཀུན༔ ནམ་མཁའ་ཡངས་པའི་ཀློང་ནས་གཤེགས༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ དབང་ལྔའི་མེ་ཏོག་ཤ་གསུར་སྤྲིན༔ ཞུན་ཆེན་མར་མེ་མཁྲིས་པའི་ཆབ༔ ཤ་རུས་ཞལ་ཟས་ཐོད་རྔའི་སྒྲ༔ རྐང་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ དམར་ཆེན་གཏོར་མ་རི་ལྟར་སྤུངས༔ སྨན་རག་བདུད་རྩི་མཚོ་ལྟར་བསྐྱིལ༔ མཐུན་རྫས་སྤྱན་གཟིགས་སྐར་ལྟར་བཀྲམ༔ བཞེད་དགུའི་ལོངས་སྤྱོད་སྤྲིན་ལྟར་འདུ༔ མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས༔ གཟའ་བདུད་ཆེན་པོའི་ཐུགས་དམ་བསྐོང་༔ རཱ་ཧུ་ལ་ཡི་ཐུགས་དམ་བསྐང་༔

(༣༣༢)སྡེ་བརྒྱད་དམག་དཔོན་ཐུགས་དམ་བསྐང་༔ གདོང་མོ་བཞི་ཡི་ཐུགས་དམ་བསྐང་༔ དྲང་སྲོང་བརྒྱད་ཀྱི་།ཐུགས་དམ་བསྐང་༔ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐང་༔ དྲེགས་པ་སྡེ་བརྒྱད་ཐུགས་དམ་བསྐང་༔ ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་བར་ཆད་སོལ༔ འགལ་འཁྲུལ་ནོངས་པ་དབྱིངས་སུ་བསྐང་༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ ལོག་པར་འདྲེན་པའི་དགྲ་དང་བགེགས༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ བརྒྱུད་འཛིན་སློབ་མ་བུ་བཞིན་སྐྱོངས༔ བཀའ་གསང་གཉན་པོའི་བསྟན་པ་སྤེལ༔ བསམ་དོན་ཡིད་བཞིན་འགྲུབ་པར་མཛོད༔ ཅེས་བརྗོད་གཏོར་མ་གཅང་སར་གཤེགས༔ ཨེ་མ༔ རྒྱལ་དབང་པདྨ་ཐོད་ཕྲེང་གི༔ རྡོ་རྗེའི་དམ་ཚིག་སྲུང་མ་འདི༔ མཐུ་རྩལ་རྣོ་མྱུར་ཐོག་དང་འདྲ༔ བཀའ་གཉན་འཁུ་ལྡོག་གདུག་རྩུབ་ཆེ༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ ས་མ་ཡ༔ ༈ ཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་མཆོད་བཞུགས༔ བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ ལྔ་བརྒྱ་དུས་ཀྱི་མཐའ་མ་ལ༔ གཙུག་ལག་ཁང་དང་དབེན་གནས་

(༣༣༣)འུྃ༔ ཀྱི༔ རྟེན་དང་དཀོར་ལ་རང་དགར་ཟ༔ དགྲ་ཇག་ཆོམ་པོས་འཇིགས་པའི་ཚེ༔ ཨེ་ཀ་ཙ་ཊིའི་ལས་མཁན་མ༔ ཞིང་སྐྱོང་དུར་ཁྲོད་ལྷ་མོ་ནི༔ བསྟེན་པས་ཆོག་པའི་དཀོར་སྲུང་ཡིན༔ ཆགས་པའི་ཐབས་ལ་རྟེན་རྫས་གཅེས༔ མི་འབྲལ་བ་ལ་བླ་རྡོ་གཅེས༔ མཆོད་པ་ལ་ནི་དམ་རྫས་གཅེས༔ ཐན་དང་སྲོག་ལ་ཐོད་པ་གཅེས༔ དེ་དག་གཞུང་དུ་ཤེས་བྱས་ནས༔ ཐོད་པའམ་ནི་བསེ་ཕོར་ནང་༔ དམར་གཏོར་ཟུར་གསུམ་བཤོས་བུ་དང་༔ མཐེབ་ཀྱུ་བཅུའམ་རེ་རེས་བསྐོར༔ ར་ལུག་རྟ་བོང་ཤ་ཁྲག་བརྒྱན༔ སྐྱེམས་དང་འོ་ཚལ་ཉེར་སྤྱོད་བཤམས༔ རང་ཉིད་རྡོ་རྗེ་ཕག་མོའམ༔ ཁྲོས་མ་ནག་མོའི་ཏིང་འཛིན་གྱིས༔ བྷྱོ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་བྱང་ཤར་ཕ་གི་ན༔ དུར་ཁྲོད་ཆེན་པོ་གསང་ལུང་ན༔ དུག་མཚོ་ཁོལ་མའི་ནང་ཤེད་ན༔ བྱང་བྲག་ལྡེམ་པའི་ཕོ་བྲང་ན༔ མ་མོ་གནོད་སྦྱིན་མཛེས་ལྡན་མ༔ གསང་སྔགས་བཀའ་ཡི་སྲུང་མ་ཁྱོད༔ མཁས་བཙུན་སྐོར་གྱི་བདག་མོ་ཡིན༔ ཁྱེད་ཀྱི་ཡབ་ལ་མཚན་གསོལ་བ༔ ཡབ་ནི་འོད་དེ་འོད་པོ་ཆེ༔ ཁྱེད་ཀྱི་ཡུམ་ལ་མཚན་གསོལ་བ༔ ཡུམ་ནི་ལྷ་བཟང་ཨ་མོ་ལྕཾ༔ དེ་གཉིས་གངས་དཀར་

(༣༣༤)སྟོངས་སུ་བཤོས༔ སྲིད་པའི་ལྕམ་སྲིད་བརྒྱད་དུ་སྲིད༔ ཆེ་ཞེ་ལྷ་མོ་ངན་ནེ་མ༔ དམར་མོ་དུར་ཁྲོད་ཆས་ཀྱིས་བརྒྱན༔ གཡས་གཡོན་ལྕགས་ཀྱུ་མེ་ལོང་འཛིན༔ དར་ནག་གོ་ཟུ་གཙུག་ཕུད་ཅན༔ དེ་འོག་ཀླུ་མོ་ནོར་ལ་ངན༔ ལྕགས་ཀྱུས་འཛིན་ཅིང་ཕུར་བུས་སྐྲོལ༔ དེ་འོག་གནོད་སྦྱིན་རྫས་ལ་ངན༔ ལྕགས་ཀྱུས་འགུགས་ཤིང་བུམ་པར་བསྐྱིལ༔ དེ་འོག་འདྲེ་མོ་ཟས་ལ་ངན༔ མི་ལྤགས་གྱོན་ནས་རོ་ལངས་ཞོན༔ ལག་ན་མཆོག་ཕུར་ལྕགས་ཕུར་ཐོགས༔ དྲལ་པོ་དེ་ནི་མི་རིངས་སྐྱེས༔ དེ་འོག་བསེ་མདུང་དམར་པོ་ཅན༔ དེ་འོག་གཤན་པར་མགོ་ནག༔ ཐ་ཆུད་ཟ་ར་ར་སྐྱེས་ནི༔ མི་ནག་རྟ་ནག་མདུང་ཐུང་ཅན༔ ལྕམ་དྲལ་བརྒྱད་པོ་འཁོར་དང་བཅས༔ བསྟན་པ་གཉན་པོ་སྲུང་བའི་ཕྱིར༔ རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས༔ ལྷང་ལྷང་འབོད་ངོ་རྩེར་རྩེར་བྱོན༔ ཧཱུྃ་ར་ལི་པྲ་མ་ཡ་ཛཛ༔སི་ལི་མ་ནི་ཛ༔ ཅེས་བཟླས་པས་མྱུར་དུ་འོང་༔ བྷྱོ འཇིག་རྟེན་འཕྲུལ་གྱི་ལྷ་མོ་ཁྱོད༔ ཟས་དང་སྐོར་གྱི་བདག་མོ་མཛོད༔ རིན་ཆེན་གཏེར་ལ་མངའ་བསྒྱུར་བ༔

(༣༣༥)འུྃ༔ ནོར་གྱི་བདག་མོ་རྫུ་འཕྲུལ་ཅན༔ ནོར་གདུང་ཆེ་ཞིང་ནོར་ལ་བརྩེ༔ ནོར་སྲུང་རྒྱལ་མོ་དབང་གི་ལྷ༔ བང་མཛོད་ལྷ་མོ་གཟི་བྱིན་ཅན༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཁྱོད་ཀྱི་འཕྲིན་ལས་དུས་ལ་བབས༔ བོས་སོ་དཀོར་སྲུང་སྙན་མ་སྲ༔ གཡབ་བོ་དཀོར་སྲུང་སྤྱན་མ་བརྟུལ༔ དོ་ནུབ་སྔ་མའི་བཏང་རག་གཏོང་༔ དོ་ནུབ་ཕྱི་མའི་ཞུ་སྐྱེམས་འབུལ༔ གྲོགས་མོར་འབོད་དོ་ད་ཚུར་བྱོན༔ མཛའ་མོར་འབོད་དོ་དམ་ལ་འདུས༔ བསད་པའི་དགྲ་ཤ་གཏོར་མར་འབུལ༔ བཅོས་པའི་གསེར་སྐྱེམས་མཆོད་པ་བཞེས༔ བསྒྲལ་བའི་རཀྟས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་དང་གནས་རྟེན་འཕྲོག དཀོར་ལ་རྐུ་བའི་དོན་སྙིང་གིས༔ དུར་ཁྲོད་ལྷ་མོའི་ཐུགས་དམ་བསྐང་༔ ཀླུ་མོ་ནོར་སྙེགས༔ གནོད་སྦྱིན་ནོར་སྲུང་༔ འདྲེ་འབོད་ནག་མོའི་ཐུགས༔ དཀོར་སྲུང་རྒྱལ་མོའི་ཐུགས་དམ་བསྐང་༔ མིང་པོ་སྡེ་བཞིའི་ཐུགས་དམ་བསྐང་༔ མིང་སྲིང་བརྒྱད་པོའི་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་

(༣༣༦)གཏོར་མ་བཞེས༔ ཤ་ཁྲག་དམར་གི་མཆོད་པ་བཞེས༔ བསེ་ཕོར་འོ་ཕུད་མཆོད་པ་བཞེས༔ གསེར་སྐྱེམས་ཆང་གི་མཆོད་པ་བཞེས༔ འོ་ཆོལ་དཀར་གསུམ་མངར་གསུམ་འདྲེས་པ་ཕུག་རོན་གྱི་དང་རུས་གཏོར་ཞིང་ ཧཱུྃ་ར་ལི་པྲ་མ་མ་པཱུ་ཙ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི ཞེས་བདུན་གྱིས་བསྔོ༔ དེ་ནས་རེ་མ་ཏི་མཆེད་བཞིའི་སྤྲུལ་པ་དུར་ཁྲོད་བརྒྱད་ཀྱི་ངན་ནེ་མ་མཆོད་པ་ནི༔ བྷྱོ དུར་ཁྲོད་ཆེན་པོ་གཏུམ་དྲག་ནས༔ རྡོ་རྗེ་ཕོ་ཉ་གཏོར་མ་ལོངས༔ ཚང་ཚིང་འཁྲིགས་པའི་དུར་ཁྲོད་ནས༔ རྡོ་རྗེ་རོ་ལངས་གཏོར་མ་ལོངས༔ དུར་ཁྲོད་འུར་འུར་འབར་བ་ནས༔ རྡོ་རྗེ་དྲག་རྩལ་གཏོར་མ་ལོངས༔ དུར་ཁྲོད་ཆེན་པོ་འཇིགས་རུང་ནས༔ ཀ་ལི་ནག་མོ་གཏོར་མ་ལོངས༔ དུར་ཁྲོད་ནགས་ཚལ་འཇིགས་རུང་ནས༔ ནག་མོ་ལག་རིང་གཏོར་མ་ལོངས༔ མུན་པ་མི་བཟང་དུར་ཁྲོད་ནས༔ ཤ་ཟན་ནག་མོ་གཏོར་མ་ལོངས༔ དུར་ཁྲོད་ཀི་ལིའི་སྒྲ་སྒྲོགས་ནས༔ བི་ཏོ་ཏ་མ་གཏོར་མ་ལོངས༔ དུར་ཁྲོད་ཧ་ཧ་རྒོད་པ་ནས ལས་བྱེད་ནག་མོ་གཏོར་མ་ལོངས༔ སིང་ག་ལ་ཡི་དུར་ཁྲོད་ནས༔ ནག་མོ་རབ་འཇིགས་མ་ལ་

(༣༣༧)འུྃ༔ སོགས༔ ཀུན་ཀྱང་ཁྱོད་ཀྱི་སྤྲུལ་པ་ཡིན༔ ནོར་སྲུང་གང་གི་ཕྱིར་འབྲང་ཞིང༔ རྩྭ་ཕྱག་གང་གི་རྗེས་གཅོད་མ༔ ཁྱོད་ལ་གཙུག་ལག་ཁང་འདི་གཉེར༔ སེམས་མེད་འབྱུང་བ་ཆེན་པོ་བཞིའི༔ གནོད་པ་སྣ་ཚོགས་བསྲུང་ནུས་ན༔ གཟུགས་ཅན་མི་དང་གཟུགས་མེད་ཀྱི༔ ལོག་པར་འདྲེན་པ་སྨོས་ཅི་དགོས༔ གནས་བརྟེན་སྲུངས་ལ་ཡོན་བདག་གྱིས༔ བསྟན་པ་དར་ཞིང་རྒྱས་པ་དང་༔ ཡུན་དུ་གནས་པའི་ཕྲིན་ལས་མཛོད༔ རྡོ་རྗེ་ཐེག་པའི་རིང་ལུགས་དང་༔ དཀོན་མཆོག་དབུ་འཕང་སྨད་པའི་དགྲ༔ དེ་དག་ཁྱོད་ཀྱི་ཟས་སྐལ་དུ༔ གཏད་པའི་དམ་ཚིག་དྲན་གྱིས་ལ༔ ལོ་ཟླར་མ་བཞག་མྱུར་དུ་སྒྲོལ༔ ཁྱེད་ནི་མངོན་ཤེས་རྫུ་འཕྲུལ་བདག༔ གང་ལ་བསམ་པ་ཁྱེད་ཤེས་ཀྱིས༔ རྡོ་རྗེ་ཕག་མོའི་དམ་ཚིག་དང་༔ པདྨ་འབྱུང་གནས་བཀའ་མ་གཅོག ༔བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས༔ ཐུགས་དང་འགལ་བའི་ལས་བགྱིས་ན༔ ནད་རིམས་གོད་ཁའི་རྒྱུར་མ་བཏང་༔ འཁོན་དང་གོད་ཁ་དགྲ་ལ་བསྒྱུར༔ བར་ཆོད་

(༣༣༨)ཞི་ཞིང་ཚེ་དཔལ་རྒྱས༔ ལྷ་མིའི་འདུ་བ་རྒྱུན་མ་བཅད༔ བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད༔ ཅེས་པ་འདི་དཔལ་རི་པདྨ་འོད་ཀྱི་གླིང་དུ་བླ་རྡོ་སྲོག་འཁོར་དུ་བྱས་ཤིང་གཉེར་དུ་གཏད་པའི་ཚེ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ༔ ༈ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ བཀའ་སྲུང་སྨན་བཙུན་མཆེད་ལྔའི་ཕྲིན་ལས་དཔག་བསམ་ཡོངས་འདུ་བཞུགས༔ ༈ ཡེ་ཤེས་མཁའ་འགྲོའི་སྐུ་ལ་འདུད༔ ཕྱི་ལྟར་སྨན་བཙུན་མཆེད་ལྔ་ལ༔ ནང་ལྟར་རིགས་ལྔའི་ཌཱཀྐི་ནི༔ གསང་བ་དབྱིངས་ཀྱི་ཡུམ་ཆེན་མོ༔ བཀའ་སྲུང་སྨན་མོ་ལྟར་སྒྲུབ་པའི༔ ཕྲིན་ལས་དཔག་བསམ་ཡོངས་འདུ་བསྟན༔ ས་མ་ཡ༔ ཤིན་ཏུ་ཡིད་འོང་དབེན་པའི་གནས༔ ནགས་ཚལ་མེ་ཏོག་བཀྲ་བའི་སར༔ འཁོར་བའི་མེ་ལོང་ཚེ་ལེགས་སྟེང་༔ རང་བྱུང་ལི་ཁྲིའི་ཐིག་ལེ་བསྐུས༔ དབུས་མདུན་ནས་བརྩམས་གཡས་བསྐོར་དུ༔ པཾ་དང་ཧ་རི་ནི་ས་བྲིས༔ དེ་སྟེང་རང་བྱུང་ཤེ་ལ་དཀར་དང་༔ རྨ་བྱའི་སྒྲོ་མདོངས་དུང་གི་ཤྭོ༔ གཡུ་བྱང་མིག་མེད་ས་ལེ་སྦམ༔ རིན་ཆེན་སྣོད་བླུགས་ལྡིང་གུར་ཕུབ༔ ཉེར་སྤྱོད་སྨན་གཏོར་རཀྟ་དང་༔ བཟའ་བཏུང་སྣ་ཚོགས་མཐའ་བསྐོར་བཀྲམ༔ རིག་འཛིན་བླ་མའི་ས་མ་དྷིས༔ ཀྱཻ རང་སྣང་འོད་གསལ་སྤྲུལ་པའི་གནས༔ ཁོར་

(༣༣༩)འུྃ༔ ཡུག་གངས་རིའི་ཕྲེང་བ་ཅན༔ ཤིན་ཏུ་ཡིད་འོང་སྐྱིད་མོས་ཚལ༔ ནེའུ་སིང་མེ་ཏོག་བཀྲ་བའི་དབུས༔ རིན་ཆེན་གཡུ་ཡི་ཁང་བཟང་ནི༔ དྭངས་གསལ་ཤེལ་གྱི་ཐེམས་སྐས་ཅན༔ བྱི་རུའི་ཁ་བད་མཛེས་པའི་ཀློང་༔ སྣ་ཚོགས་རཏྣའི་ཁྲི་སྟེང་སུ༔ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མ༔ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོ༔ སྨན་བཅུ་ན་བཀྲིས་ཚེ་རིང་མ༔ རྡོ་རྗེ་ཀུན་ཏུ་བཟང་མོ་ནི༔ དཀར་དམར་མཛེས་པའི་ལང་ཚོ་ཅན ཕྱག་གཡས་ཡིད་བཞིན་ནོར་བུ་དབང་༔ གཡོན་པ་མདའ་དར་དུང་ཤྭོ་ཅན༔ སྲིད་གསུམ་གསལ་བའི་མེ་ལོང་འཛིན༔ དར་དཀར་ན་བཟའ་གསར་པའི་སྟེང་༔ རྨ་བྱའི་སྒྲོ་ཐུལ་གཡང་ལུགས་གསོལ༔ རཏྣའི་སྲོག་ཞུ་དར་ཐོད་ཅན༔ མཛེས་སྡུག་མཉམ་པའི་སྟབས་ཀྱིས་བཞེངས༔ མདུན་དུ་མཐིང་གི་ཞལ་བཟང་མ༔ སྣང་གསལ་པྲ་ཡི་མེ་ལོང་འཛིན༔ གཡས་སུ་ཅོད་བན་མགྲིན་བཟང་མ༔ རིན་ཆེན་གཏེར་གྱི་བུམ་པ་བསྣམས༔ རྒྱབ་ཏུ་མི་གཡོ་གླང་བཟང་མ༔ རྨ་གཡང་ནོར་གྱི་གཞོང་པ་འཛིན༔ གཡོན་དུ་གཏའ་ཕ། ར་འགྲོ་བཟང་མ༔ དངུལ་སྐྱོགས་འོ་མས་གང་བ་བསྣམས༔ ཀུན་ཀྱང་གཡོན་པ་རང་རྟགས་

(༣༤༠)ལ༔ གཡས་པ་དམའ་དར་གཡོབ་པའི་ཚུལ༔ དར་དཀར་ན་བཟའ་གཡང་ལུགས་གསོལ༔ རིན་ཆེན་སྣ་ཚོགས་དོ་ཤལ་མཛེས༔ གཡོན་བསྐུམ་གར་གྱི་སྟབས་སུ་འགྱིང་༔ མཐའ་སྐོར་སྤྲུལ་པ་ཡང་སྤྲུལ་དང་༔ ཉིད་སྤྲུལ་བྲན་གཡོག་བསམ་མི་ཁྱབ༔ གཙོ་མོའི་ཐུགས་ལས་འོད་འཕྲོས་པས༔ ནུབ་ཕྱོགས་ཨོ་རྒྱན་མཁའ་སྤྱོད་ཞིང་༔ གནས་ཡུལ་དུར་ཁྲོད་ལྷའི་འདུན་ས༔ གངས་ཅན་ཤེལ་གྱི་ཟུང་ཕུད་སོགས༔ མ་ངེས་པདྨའི་སྒྲུབ་གནས་དང་༔ རང་བཞིན་སྤྲུལ་པའི་གནས་མཆོག་ནས༔ སྤྱན་འདྲེན་གནས་འདིར་ད་ཚུར་བྱོན༔ བཛྲ་པྲ་མོ་ཧ་ཙིཏྟ་ཧྲི༚་ཧྲི༚་ཛཛ༔ཧཱུྃ་བཞེངས་ཤིག་ཆོས་སྐུའི་ཀློང་ཡངས་ལས༔ བསྐྱོད་ཅིག་ལོངས་སྤྱོད་རྫོགས་པའི་མ༔ དགོངས་ཤིག་སྤྲུལ་པའི་གནས་མཆོག་འདིར༔ དམ་ཚིག་གཉན་པོས་ད་ཚུར་བྱོན༔ འདའ་དཀའ་རྡོ་རྗེའི་གདན་ལ་བཞུགས༔ ཉམས་ཆགས་སྐོང་ཞིང་ཞིག་རལ་གསོལ༔ སྲོག་དང་དམ་ཚིག་གཅིག་ཏུ་བསྲེ༔ བརྟན་པར་བཞུགས་ལ་དངོས་གྲུབ་སྩོལ༔

(༣༦༡)འུྃ ཁམས་བདག་མེས་ཕྲིན་ལས་ཀུན ཐོགས་པ་མེད་པར་སྒྲུབ་པར་ཤོག དམ་བཅུར་ཕྲིན་ལས་རྣམ་བཞིའི་སྔགས་བརྗོད༔ དེ་ནས་སྦྱོར་གིང་དང་མཉམ་པར་རོལ་པའི་བྱང་ཆུབ་སེམས་སྤྲིན་སློབ་བུའི་ལྕེ་ཐོག་ཏུ་བབས་པར་དམིགས་ལ ནང་མཆོད་བྱིན་ནས། ཧཱུྃ་བ་བྱེད་ཡིད་ཆོས་རྣམ་དག་པའི ཡབ་ཡུམ་མཉམ་པར་རོལ་པའི་སྤྲན རྒྱུ་དྲུག་རྐྱེན་བཞི་ལས་བྱུང་བའི བྱང་ཆུབ་སེམས་ལ་རྟག་ཏུ་རོལ ཨ་ཧོ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་ཧོ དེ་ནས་ཡང་ཀྱི་སྐུའི་རྗེས་གནང་གི་དན་དུ་ཙན་དན་གྱི་བིང་གཏད་ནས ཧཱུྃ ལྷ་ཆེན་དཔལ་འབར་ཆེན་པོ་ཡི སྤྲུལ་པའི་དམག་དཔུང་འབུམ་སྡེའི་མཛོད༔ གཡུལ་ལས་རྣམ་རྒྱལ་བིང་ཆེན་འདི སྐུ་དང་གཉིས་སུ་མེད་པར་ཟུངས མ་ཧཱ་ཀཱ་ལ་ཤཱ་ས་ན་ཀཱ་ཡ་བཛྲ་ཨོཾ གསུང་གི་རྗེས་གནང་སྔགས་ཀྱི་བཟླས་ལུང་བྱིན ཐུགས་ཀྱི་དོན་དུ་རུ་མཆོན་ནག་པོ་དང་སྙིང་ཞགས་གཏད་ནས ཧཱུྃ་ཀུན་ཏུ་བཟང་པོའི་རོལ་པ་ལས བྱང་ཆུབ་སེམས་ཀྱི་རུ་མཚོན་ནི བདག་

(༣༦༢)འཛིན་རུ་ཏྲའི་གཤེད་པོ་སྟེ ཐུགས་གྱི་རྟེན་ཏུ་གཅེས་པར་ཟུངས རྩ་སྔགས་མཐར་ཙིཏྟ་བཛྲ་ཧཱུྃ སྒྲོལ་གིང་གི་རྗེས་གནང་ལས་ཕ་ཝང་ལོང་བུ་ལ་གསེར་གྱིས་སྲོགས་སྔགས་བྲིས་པ་དང་ཕྱག་མཚན་གཉིས་གཏད་ལ ཧཱུྃ ཕ་ཝང་ལོང་བུ་སྐུ་ཡི་རྟེན སྔགས་བྱང་གསུང་ལ་རྡོ་རྗེ་ཐུགས དམ་ཉམས་བསྒྲལ་བའི་དཔའ་རྟགས་སྙིང་ གཏད་པས་དམ་ཅན་འཁོར་དང་བཅས ལུས་དང་གྲིབ་བཞིན་འགྲོགས་གྱུར་ཅིག བཛྲ་ས་།དྷུ་ཏྲི་ཛ ས་མ་ཡ་ཧཱུྃ དེ་ནས་གཙོ་འཁོར་ཡོད་རྫོགས་ཀྱི་ངོ་བོར་བསམ་ནས་གཏོར་མ་གཏད་དེ ཧཱུྃ་སུམ་ཅུ་རྩ་གསུམ་ལྷ་ཡུལ་ན ཞེས་སོགས་ཀྱི་བཀའ་གཏད་བྱ། གཏོར་མའི་ལྷ་ཚོགས་ལས་ལྕམ་དྲལ་གཉིས་འོད་དུ་ཞུ་ནས་སློབ་མ་ལ་བསྟིམ རང་རྒྱུད་ཅན་དུ་སྟོན་པ་རྣམས་ལུས་དང་གྲིབ་མ་བཞིན་འགྲོགས་པར་བསམ་ལ་གཏོར་མེའི་ཕུད་ཅུང་ཟད་དངོས་གྲུབ་ཀྱི་ཚུལ་དུ་བྱིན ནང་མཆོད་བླུད་ནས་དམ་ཚིག་བསྲེས་པར་བསམ་ལ་རྗེས་ཟློས་ནི གདོད་མའི་མགོན་པོ་ཡབ་ཡུམ་ཀྱང་ ཁྱོད་ལས་གཞན་དུ་མེད་

(༣༦༣)འུྃ བའི་ཕྱིར རྟག་ཏུ་རྫོགས་པ་ཆེན་པོར་སྒོམས གཏོར་ཚོགས་མཆོད་པ་རྒྱུན་མི་གཅོད ལྕམ་དྲལ་སྒྲུབ་པའི་དམ་ཚིག་ཀུན དེང་ནས་ཚུལ་བཞིན་གཟུང་བར་བགྱི༔ གསུམ་པ་རྗེས་ཀྱི་རིམ་པ་ནི ཕུད་སྐོང་དང་ཕྲིན་བཅོལ་ཡང་ཡང་བྱ བསྙེན་སྒྲུབ་སྔོན་དུ་མ་སོང་བར་སྲོག་དབང་འདི་བྱིན་ན་ཤིན་ཏུ་བཀའ་གཉན་པས་དམ་པར་བྱའོ། འུྃ༔ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ ཚེ་རིང་མའི་སྲོག་དབང་སྦྱིན་པའི་སྒོར་ཞུ འུྃ བཛྲ་རཱ་སི་ཧཱུྃ སྣང་སྲིད་མ་ལུས་མ་མོའི་དལ སྟོང་པའི་སྲོག་ལ་དབང་ཐོབ་ན ལྷ་མོ་མ་བསྒྲུབས་རང་ལ་ཤར ས་མ་ཡ བརྒྱུད་འཛིན་སློབ་བུ་དམ་ལྡན་ལ སྲོག་གཏད་སྦྱིན་པར་བྱ་བ་ནི གཡའ་གངས་ནགས་ཁྲོད་དབེན་པ་ལས གྲོང་ཡུལ་དག་ཏུ་མ་ཡིན་ནོ མ་དལ་པདྨ་འདབ་བཞི་འམ དར་རས་ཁ་གྲུ་མ་ཉམས་སྟེང་ འབྲུ་དཀར་ཚོམ་བུ་ལྷ་གྲངས་བཀོད༔ དབུས་སུ་

(༣༦༤) མཉྫིར་གོང་གནོན་གཏོར བུམ་པས་བཏེག་པའི་འབྲང་རྒྱས་ལྔར རྨ་བྱའི་མདོངས་དང་དར་སྣས་བརྒྱན རང་རང་སྐུ་རྟེན་ཡོད་ན་བཙུགས ལྷག་ནས་སོ་སོར་བཀོད་པའི་དབུས མདའ་དར་སྣ་ལྔ་མེ་ལོང་ཤོ དོ་གལ་ཆེ་ན་བླ་རྡོའང་གདགས མཐའ་སྐོར་མཆོད་གཏར་བཟང་པོ་ནི ཁ་ཟས་སྣ་ཚོགས་ཤིང་ཏོག་བརྒྱན སྨན་རཀ་ཉེར་སྤྱད་ཕྱེ་མར་དང་ རྒྱ་ཕར་དངུལ་ཕེར་དག་ཏུ་ནི གསེར་སྐྱེམས་གཡུ་སྔོན་འབྲུ་བཅུད་དང་ དཀར་ཆོལ་འོ་ཆོལ་སྨན་སྣས་བྲན སྤྱན་གཟིགས་དཀོར་ཆ་མཐུན་རྫས་རྣམས སློབ་བུའི་ལོངས་སྤྱོད་རྟེན་འབྲེལ་ལ༔ ལྟོས་པས་ངེས་པར་གཅེས་པའོ དངོས་གཞི་བདག་བསྐྱེད་བཟླས་པའི་རྗེས གཏོར་རྫས་ཡི་གེ་གསུམ་དང་ནི ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ ཏིང་འཛིན་དམིགས་པའི་བརྟུལ་ཞུགས་བསྐྱེད ཕྲིན་ལས་དཔག་བསམ་ཡོངས་འདུ་ཡིས རྟེན་ལ་བོད་ཅིང་བསྟོད་པའི་མཚམས ཏིང་འཛིན་འོད་ཟེར་དྲ་བས་བཅིངས ཨོཾ་བཛྲ་ར་སི་ཧཱུྃ པྲ་མོ་ཧ ཏིང་ཏིང་ཤག ཙིཏྟ་ཧྲི༚་ཧྲི་ཛ༔ཛ ཅི་ནུས་བཟླས་ཏེ་དབང་དུ་བསྡུ སླར་ཡང་

(༣༦༥)འུྃ བསྐང་གསོ་རྒྱས་པར་བྱ དེ་ནས་སློབ་མ་ཁྲུས་ནས་དབྱུང་ བགེགས་དང་དབྲལ་ཞིང་སྲུང་འཁོར་སྒོམ༔ ལོ་རྒྱུས་མཚམས་སྦྱོར འདིར་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུང་ཞིག དེ་འཛིན་གྱི་སྟོང་གྲོགས་མཛད་པའི་ཕྱིར འོག་མིན་བདེ་བ་ཆེན་པོ་ན་དབྱིངས་ཀྱི་ཡུམ་ཆེན་མོ རང་བཞིན་སྤྲུལ་པའི་ཞིང་ཁམས་ན་གཙོ་དང་འཁོར་གྱི་རྣམ་པར་བསྟན་པ་མཁའ་འགྲོ་མ་ཨ་ཀ་ཙ་ཊི་སྤུན་དྲུག་དང་ དེའི་བྲན་མོ་བཅུ་བཞི གཡོག་མོ་ལྔ་བཅུ་རྩ་བརྒྱད༔ ཡང་གཡོག་འབུམ་ཁྲི་བདུན་སྟོང་ལ་སོགས་པ འཇིག་རྟེན་གྱི་ཁམས་སུ་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡ་ལས་དམ་ཅན་བསྟན་མ་བཅུ་གཉིས་སུ་བཞེངས་པ་ནི སྔོན་གྱི་ཚེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱི་སྤྱན་སྔར་དབང་ནོད་དེ་བསྟན་པ་བསྲུང་བར་བཀའ་བསྒོས བོད་དུ་བསྟན་པ་སྔ་དར་གྱི་ཚེ་སློབ་དཔོན་ཆེན་པོ་པདྨ་ཞབས་ལ་བལ་བོད་ཀྱི་མཚམས་ཁ་ལ་རོང་སྒོར་མཐོ་བརྩམས་པ་ཕྱག་རྒྱ་གཉེན་པོའི་ཟིལ་འོག་ཏུ་སྤ་བཀོངས་པར་མཛད་

(༣༦༦)ནས་གངས་ཅན་བོད་ཀྱི་ཡུལ་ལྷར་མངའ་གསོལ གསང་ཆེན་རྒྱ་མཚོའི་བསྟན་པ་སྐྱོང་བར་རྩིས་སུ་ཕབ་པའི་ནང་ཆན་ལས་འདིར་ཞིང་སྐྱོང་མཁའ་འགྲོའི་དབང་མོ་ཚེ་རིང་མཆེད་ལྔར་གྲགས་པ་ནི ནང་དུ་རྣལ་འབྱོར་སྒྲུབ་པོ་ལ་སྙིང་ཉེ་ལ་བཀྲ་ཤིས། འཆི་མེད་ཀྱི་བཅུད་ལེན་སྟེར་བས་ཚེ་རིང་རྣམ་བཞིའི་ཕྲིན་ལས་ལ་མངའ་མཛད་བས་ཅི་བཅོལ་གྱི་ལས་རྣོ་ལ་མྱུར ཕྱི་ལྟར་དུ་སྣོད་བཅུད་ཀུན་ལ་དབང་བསྒྱུར་བས་ཆན་ཆེ མདོར་ན་བསམ་དོན་གྱི་རེ་བ་སྐོང་བ་ལ་ཡིད་བཞིན་གྱི་ནོར་བུ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་སྲུང་མ་ཁྱད་པར་ཅན་འདི་ནི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལས་ཕེབས་པ་ཡིན་ལ དེ་ཡང་འདི་ཉིད་ཤིན་ཏུ་བཀའ་གཉན་ཞིང་ཁྱབ་གང་ལ་དུ་སྟེར་བྱ་མ་ཡིན་པས་ཆོས་སྡེ་བྱིངས་གཏན་ལ་ཕེབས་ནས་ཀྱང་བགྲང་བྱའི་འཁོར་ལོ་བཅུ་ཕྲག་ཙལ་དུ་བཀའ་རྒྱུ་མ་ཁྲོལ ཁྲིད་ཡིག་ཆེན་མོ་གཏན་ལ་ཕེབས་པ་ཙམ་ན་འོད་གསལ་གྱི་དབྱིངས་ནས་སྒྱུ་མ་སྤྲུལ་པའི་སྐྱེད་མོས་ཚལ་མཆོག་ཏུ་ཉམས་དགའ་བར ཟངས་གཞོང་གི་རྣམ་པར་

(༣༦༧)འུྃ བརྟེན་པའི་རྫིང་བུ་དངས་གསལ་གྱི་ཆུས་མེར་གྱིས་ཁེངས་པའི་ནང་ན ལྷ་མོའི་སྲོག་གི་ཁམས་བྱང་སེམས་དཀར་དམར་གྱི་གོང་བུ་འདར་བ་དང་འཕྲིགས་པའི་རྣམ་འགྱུར་ཅན་གཉིས་ཀུན་ནས་ཀུན་ཏུ་རྒྱུ་བ་ཞིག་རྨ་བྱ་གཞོན་ནུ་སྐྱེས་བུའི་ལུས་ཚད་ཙམ་པ་ལྔ་རུ་གྱུར་ནས་གཙུག་ཕུད་ནམ་མཁའ་ལ་གཡེངས་པའི་ཟློས་གར་རྩེས སླར་དེ་ཡོངས་སུ་གྱུར་པ་ལས་སྨན་བཙུན་མཆེད་ལྔའི་རྣམ་ཆར་བསྟན་ནས་ཧི་ཧིའི་བཞད་སྒྲ་ཆེན་པོ་དང་བཅས་ལྐོག་གྱུར་གྱི་རྣམ་པ་རྡོ་རྗེའི་གླུར་བླངས དངོས་སུའང་གཟུགས་མེད་པའི་སྒྲ་སྒྲོགས་པ་དང་ཕྱི་ནང་གསང་གསུམ་གྱི་བླ་རྡོའི་རྣམ་པའང་རང་དབང་དུ་གྱུར་པའི་རྟེན་འབྲེལ་ཟབ་མོས་གོ་ཕྱེ་ནས་ལྷ་མོའི་སྟོང་སྲོག་མཁའ་འགྲོ་སྙི་ལ་ཟིན་པ་ལྟ་བུར་བྱིན་པ་སྐབས་སུ་བབ་པ་ཡིན་པས། སློབ་དཔོན་གྱི་བྱ་བ་སྔོན་དུ་སོང་། །སློབ་མའི་བྱ་བ་མཎྜལ་འབུལ། དེ་ནས་གསོལ་བ་གདབ་པ་ནི བདེ་གཤེགས་དཔལ་གྱི་བཀའ་སྡོད་ཆེ མཐུ་ལྡན་ཞིང་སྐྱོང་མཁའ་འགྲོ་མའི སྲོག་དབང་བདག་ལ་སྩལ་དུ་གསོལ། །ལན་གསུམ།

(༣༦༨)སློབ་དཔོན་གྱིས འདི་ནི་ཤིན་ཏུ་བཀའ་གཉན་པས སྲོག་དང་དམ་ཚིག་བསྲེ་ནུས་སམ རྟག་ཏུ་གསོལ་ཀར་བརྩོན་ནུས་སམ སློབ་མས དམ་ཚིག་གཉན་པོ་གང་ཡིན་པ། ནམ་ཡང་བཏང་བར་མི་བགྱིད་དོ ཕུད་སྐྱེམས་ནས་ཧུབ་གཅིག་སློབ་མར་བྱིན་ཏེ མ་མོ་ཁྱོད་ལ་གཏད་པར་བྱ ད་ལྟ་རྗེ་མོའི་ཚུལ་དུ་སྒྲུབས རྟག་ཏུ་གྲོགས་ཀྱི་དམ་ཚིག་སྲུངས ནམ་ཞིག་བྲན་དུ་ཁོལ་གྱུར་ཅིག ས་མ་ཡ བཛྲ་རཀྵནྟུ ཞེས་དམ་བསྲེ་བྱ དེ་ནས་སྐྱབས་སེམས་སྡོམ་པ་བཟུང་ སློབ་དཔོན་སྣང་སྲིད་ཟིལ་གནོན་དུ་གསལ་བ་ལ་མོས་གུས་དུང་དུང་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་མེ་འོད་ལྟ་བུ་བྱུང་ སློབ་མ་ལ་ཕོག ཐ་མལ་གྱི་སྒོ་གསུམ་སྦྱངས འོད་ཀྱི་རྣམ་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་སློབ་མ་དཔལ་ཆེན་པོ་ཞལ་གསུམ་ཕྱག་དྲུག གཟི་བྱིན་བཟོད་པར་དཀའ་བ རུ་ལུའི་གད་རྒྱངས་སྒྲོགས་བའི་རྣམ་པར་གྱུར་པར་བསམས་ལ་ང་རྒྱལ་འཛིན་དུ་འཇུག རུ་ལུའི་འཛབ་ཀྱིས་བྱིན་དབབ གོང་གནོན་གྱི་དཔལ་གཏོར་ལྷར་གསལ་བ་སྤྱི་བོར་བཞག་སྟེ རིགས་

(༣༦༩)འུྃ འདུས་ཁྲག་འཐུང་དཔལ་ཆེན་བ གཉེན་པོ་སྟོབས་ཀྱི་དབང་བསྐུར་རོ ཅི་བཅོལ་བཀའ་བཞིན་ཉན་པར་ཤོག༔ ལྟ་བ་གྱབས་ཀྱི་དབང་བསྐུར་རོ སྟོང་པའི་སྲག་ལ་དབང་ཐོབ་ཤག རུ་ལུའི་རྩ་སྔགས་མཐར དྷརྨ་དྷཱ་རྟུ་ཨ་བྷི་ཥིཉྩ་ཧཱུྃ ཞེས་བརྗོད་ཅིང་གཏོར་མའི་ལྷ་སློབ་མར་ཐིམ་པར་མོས དེ་ནས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས མཁའ་འགྲོ་ལྔའི་སྙིང་གར་པཾ་དང་ཧ་རི་ནི་ས་གནས་པ་ལ་རེག་པས་རྒྱུད་བསྐུལ སློབ་མའི་བྱ་བ་སྒྲུབ་པ་ལ་མ་བུའི་འདུ་ཤེས་ཀྱི་གདུང་བ་དྲག་པོ་སྐྱེས་པའི་མོས་པ་མཛོད ཅེས་བརྗོད་ལ་གཙོ་མོའི་གཏོར་མ་དང་མདའ་དར་ལག་ཏུ་གཏད་ལ སྨན་བཙུན་བཀྲ་ཤིས་ཚེ་རིང་མ རྡོ་རྗེ་ཀུན་ཏུ་བཟང་མོ་ནི སོགས་ནས མཛེས་སྡུག་མཉམ་པའི་སྟབས་ཀྱིས་བཞེངས སྐལ་ལྡན་བུ་ལ་དབང་བསྐུར་རོ ཨོཾ་བཛྲ་ར་སི་ཧཱུྃ པྲ་མོ་ཧ ཏིང་ཏིང་ཤག ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ མདུན་གྱི་འབྲང་རྒྱས་དང་མེ་ལོང་གཏད་ལ དཔའ་བོ་ཡངས་ཀྱི་སྲིང་གཅིག་མ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོ མཐིང་

(༣༧༠)གི་ཞལ་བཟང་བྲའི་ལྷ་མོས བུ་ལ་ཉེ་བར་མཛད་དུ་གསོལ ཨོཾ་བཛྲ་ར་སི་ཧཱུྃ པྲ་མོ་ཧ ཏིང་ཏིང་ཤག ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ གཡས་ཀྱི་འབྲང་རྒྱས་དང་གཏེར་བུམ་གཏད་ལ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོ ཅོད་པཎ་མགྲིན་བཟང་ནོར་གྱི་ལྷས བུ་ལ་ཉེ་བར་མཛད་དུ་གསོལ ཨོཾ་བཛྲ་ར་སི་ཧཱུྃ པྲ་མ་ཧ ཏིང་ཏིང་ཤག ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ རྒྱབ་ཀྱི་འབྲང་རྒྱས་དང་ནོར་གཞོང་གཏད་ལ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མ རིག་འཛིན་ཡོངས་གྱི་སྒྲུབ་སྡེ་མོ མི་གཡོ་གླང་བཟང་ཟས་ཀྱི་ལྷས བུ་ལ་ཉེ་བར་མཛད་དུ་གསོལ༔ ཨོཾ་བཛྲ་ར་སི་ཧཱུྃ པྲ་མོ་ཧ ཏིང་ཏིང་ཤག ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ གཡོན་གྱི་འབྲང་རྒྱས་དང་དངུལ་ཕོར་འོ་མས་གང་བ་གཏད་ལ དཔའ་བོ་ཡོངས་ཀྱི་སྲིད་གཅིག་མ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོ གཏལ་དཀར་འགྲོ་བཟང་ཕྱུགས་ཀྱི་ལྷས བུ་ལ་ཉེ་བར་མཛད་དུ་གསོལ ཨོཾ་བཛྲ་ར་སི་ཧཱུྃ པྲ་མོ་ཧ ཏིང་ཏིང་ཤག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ དེ་ནས་སྲོག་སྙིང་བྱིན་པ་ནི སློབ་དཔོན་

(༣༧༡)འུྃ ལ་མོས་གུས་དུད་བ་དང་དམ་ཚིག་ལ་སྲག་ཏུ་ལྟ་བའི་འདུ་ཤེས་ཀྱིས་རྐྱེན་བྱས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས མཁའ་འགྲོ་ལྔའི་སྙིང་གར་པཾ་དང་ཧ་རི་ནི་ས་གནས་པ་ལྕགས་ཀྱུས་དྲངས་པ་བཞིན་འུབ་ཀྱིས་བསྡུས་པས་བརྟན་པ་དང་བྲལ་ཏེ་སྲོག་སྙིང་དམར་ནར་གྱིས་སྐྱུགས་པ་སློབ་མའི་ཞལ་དུ་ཞུགས སྙིང་གར་ཐིམ་པས་ཅི་བཅོལ་གྱི་ལས་ཐོགས་མེད་དུ་སྒྲུབ་པར་མོས་ལ གོང་གནོན་གྱིས་སྙིང་པོས་སྣ་དྲངས ཁྱད་པར་གྱི་སྲོག་སྙིང་རྗེས་ཟློས་ལན་གསུམ་བྱ་ར་གཞུག འདི་ནི་ཤིན་ཏུ་བཀའ་གཉན་པས རྒྱུད་འཛིན་སློབ་བུ་དམ་ཚིག་ཅན གཅིག་ལ་ཚིག་བརྒྱུད་ལས་མ་སྤེལ ས་མ་ཡ དེ་ནས་གཏོར་མ་ཕྱག་མཚན་དང་བཅས་པ་སྣོད་གཅིག་ཏུ་བྱས་ལ་སློབ་མར་གཏད་ལ ཧཱུྃ བཞེངས་ཤིག་ཆོས་སྐུའི་ཀློང་ཡངས་ལས བསྐྱོད་ཅིག་ལོངས་སྤྱོད་རྫོགས་པའི་མ དགོངས་ཤིག་སྤྲུལ་པའི་གནས་མཆོག་འདིར དམ་ཚིག་གཉན་པོ་གཅིག་ཏུ་བསྲེ འདའ་དཀའི་ཆད་ཐོ་གཉེར་དུ་ལོངས རྒྱལ་དབང་

(༣༧༢)པདྨ་ཐོད་ཕྲེང་དང་ ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱི ཆོས་རྒྱུད་ཆགས་པའི་རྣལ་འབྱོར་ལ གྲོགས་པོར་གཏད་དོ་གཞུང་མ་ངན མཛའ་མོར་གཏད་དོ་ཁྲེལ་མ་ཆུང་ བྲན་དུ་གཏད་དོ་རྐང་མ་ངན སྲུང་མར་གཏད་ངོ་མཐུ་མ་ཆུང་ ཅི་ལྟར་བཅོལ་བའི་ལས་རྣམས་སྒྲུབས བཛྲ་ས་མ་ཡ་རཀྵན་ཏུ་ཧཱུྃ་ཛ ཞེས་བརྗོད་བྲན་དུ་ཁས་བླང་པར་བསམ གཏོར་མ་དང་ནི་ནང་མཆོད་ནས ཆ་ཤས་དམ་ཚིག་འདྲེས་ཕྱར་བྱིན སློབ་མས་ཐ་ཚིག་འདི་ལྟར་བླང་ མཁའ་འགྲོ་སྲོག་ཏུ་བཙལ་བར་བགྱི འབར་བ་གསུམ་གྱི་དངོས་གྲུབ་སྩོལ སྨན་མོ་གྲོགས་སུ་བསྒྲུབ་པར་བགྱི འདུ་བ་གསུམ་གྱི་དངོས་གྲུབ་སྩོལ རྟག་ཏུ་གསོལ་ཀར་བརྩོན་པར་བགྱི གཡེལ་དང་ཞུང་དང་ཆད་པའི་ལས ནམ་ཡང་བདག་གིས་མི་བགྱིད་དོ ཞེས་བརྗོད་མཁའ་འགྲོ་མཆེད་ལྔ་ཡང་ དགྱེས་ཆགས་ངང་ལ་འོད་དུ་ཞུ སློབ་བུར་རོ་གཅིག་འདྲེས་པར་བསམ ཆོས་ཉིད་གཤིས་ལ་མི་གཡོ་བ མ་མོ་འབུམ་གྱི་སྟོང་སྲོག་དབང་ ས་མ་ཡ གངས་ཅན་བོད་ཀྱི་ཡུལ་ལྷ་ཡིན སུས་བརྟེན་དངོས་གྲུབ་སྣ་རེ་ཐོབ

(༣༧༣)འུྃ རྡོ་རྗེ་ཐེག་པའི་བཀའ་སྲུང་ཡིན རྣལ་འབྱོར་ཡོངས་ལ་སྙིང་ཡང་ཉེ སྙིང་ཏིག་གཉེན་པོའི་སྲུང་མ་སྟེ ཚར་གཅོད་རྗེས་འཛིན་རྣོ་ལ་མྱུར པདྨ་ང་ཡི་བཀའ་སྲུང་འདི ཆོས་རྒྱུད་འཛིན་པའི་སློབ་བུ་ལས གཞན་དུ་སྤེལ་ན་མགོ་བོ་ཁོས གུ་ཧྱ དྷ་ཐིམ འཁྲུལ་པའི་སྣང་ཚུལ་བསྟན་མ་ཆེན་མོ་མི་མོའི་རྣམ་ཆར་བཞེངས་ནས་ལུང་བསྟན དེའི་རྗེས་འབྲེལ་དུ་བླ་རྡོ་སྨུག་པོ་ནོར་གཞོང་དབྱིབས་དགའ་འཁྱིལ་གྱིས་མཚན་པ་དང་ འདོད་འཇོ་བའི་རྨིག་རྗེས་རང་བྱོན་བཻ་རོ་དྷའི་ཆོ་ལེ་སོགས་བསྟན་མ་ཆེན་མོའི་མཐུ་དབང་གིས་རང་གིར་མཛད་ཅིང་ ལོ་རྒྱུས་སུ་བཀོད་པ་ལྟར་འགྲོ་བའི་མགོན་པོ་ཀུ་མཱ་ར་ཛ་ཞལ་གཟིགས་པའི་རྟེན་འབྲེལ་འགའ་ཞིག་གིས་མཚམས་སྦྱར་ནས་ལྷ་མོའི་དམ་ཚིག་གི་སྲོག་ལ་དབང་ཐོབ་པའི་ཚེ་གཏན་ལ་ཕབ་པ་གཏེར་ཁ་གོང་འོག་གི་བསྟན་མ་དང་རྣལ་འབྱོར་དབང་ཕྱུག་བཞད་པ་རྡོ་རྗེ། ལས་བརྒྱུད་པའི་སྲོག་དབང་རྣམས་ཀྱང་ཆུ་བོ་གཅིག་ཏུ་འདྲེས་པ་ཡིན་ནོ རྒྱུ་སྦྱོར་བ་ལྷ་དབང་སྒྲོལ་མའི་དགོ་རྫོགས་དག་ཚེ་ལྟུན་གི་ཆེད་དུ་བར་དུ་བསྐྲུན་པའི་དགེ་བས་ཐར་ལཾ་མྱུར་ཐོབ་ཤོག །

(༣༧༤)

(༣༧༥)འུྃ བཀའ་སྲུང་མ་མགོན་ལྕམ་དྲལ་ལས མདོས་སྐོང་སྲིད་པ་གཞི་བཞེངས་བཞུགས བྷྱོ མ་མོའི་ཀླད་ལ་ལྡིང་བ་ནི བྱ་རྒྱལ་ཁྱུང་ལས་གཞན་མེད་པས རྩོལ་འདབ་ཆགས་ཀ་རུ་ཎའི ཚང་དུ་བཅས་པས་ཐུགས་དམ་བསྐང་ སྲིད་པ་འདི་ན་ཆེ་བཙན་པ ཡིད་བཞིན་གཏེར་འབྱུང་དཔལ་བེ་མཁར༔ གྲུ་བཞི་ཐོད་པའི་ཁ་བད་ཅན འཇའ་ཚོན་ཐེགས་སུ་བཏགས་པ་ཡིན གདུགས་ཆེན་ནམ་མཁའ་རྒྱས་འདེབས་ནི བླ་ན་མཐོ་ཞིང་ཀུན་ནས་མཛེས གཞལ་མེད་ཁང་གི་ཡོན་ཏན་ཀུན ཡོངས་སུ་རྫོགས་པའི་ཕོ་བྲང་འདི མ་མོ་བཞུགས་པའི་རྟེན་དུ་འཛུགས རྟག་བ་རྒྱུན་གྱིས་ཐུགས་དམ་བསྐང་ སྣང་བ་ཐམས་ཅད་ཡེ་ཤེས་ལྔར ཤར་བའི་ཚོན་སྐུད་དྲ་བ་ཅན སྟོང་ཆ་སྐྱེ་བ་མེད་པ་དང་ འདུ་འབྲལ་མེད་པའི་མདོས་ཆེན་ནི མ་མོའི་ལྟ་བ་མཚོན་པའི་རྟེན རྟག་ཆད་མེད་པས་ཐུགས་དམ་བསྐང་ སྣ་ཚོགས་སྣང་བ་རིག་པའི་རྩལ མ་འདྲེས་རྨ་བྱའི་རི་མོ་བཞིན སྣང་ཡང་གཟུང་འཛིན་གཉིས་སྤངས་པའི རྒྱན་གྱིས་ཀུན་ནས་བརྒྱན་པ་ནི མ་མོའི་སྒོམ་པ་

(༣༧༦)མཚོན་པའི་རྟེན གསལ་འགྲིབ་མེད་པས་ཐུགས་དམ་བསྐང་ ལས་བཞི་རྫོགས་པའི་སྟེགས་བུ་ལ འབྱུང་བ་རིམ་བརྩེགས་ལྡན་པའི་སྟེང་ ལྕགས་མཁར་ཐོད་པའི་ཁ་བད་ཅན བདུད་དང་གཤིན་རྗེའི་བཞུགས་གནས་ཏེ དེ་ལ་སྣང་སྲིད་སྣོད་བཅུད་ཀྱི མཐུན་རྫས་མ་ཚད་མེད་པ་དང་ གཙང་དམེ་བྲལ་བའི་དམ་རྫས་བཀོད ལན་བུ་དར་བྱ་གཟུགས་བརྙན་ཚོགས མ་མོའི་སྤྱོད་པ་མཚོན་པའི་རྟེན བླང་དོར་མེད་པས་ཐུགས་དམ་བསྐང་ བྷྱོ མདོས་ལ་རྣམ་པ་དུ་ཡོད་དེ སྒྲུབ་པའི་མདོས་དང་སྐོང་བའི་མདོས གཡུལ་ངོ་ཟློག་དང་གནོད་མདོས་དང་ ཕོ་མདོས་མོ་ལ་གཏང་བ་དང་ མོ་མདོས་ཕོ་ལ་གཏང་བ་དང་ སྤྱི་མདོས་སྒོས་ལ་གཏང་བ་དང་ སྒོས་མདོས་སྤྱི་ལ་གཏང་བ་ལས དེ་རིང་ཐུགས་དམ་བསྐང་བའི་ཕྱིར སྲིད་པ་མ་མོའི་དཀྱིལ་འཁོར་དུ ལྕམ་དྲལ་སྤྱི་ལ་འབུལ་བ་ནི མདའ་ཁྲ་ཐུབས་ཀྱི་ཕྱག་མཚན་ལ འཕང་ནི་ཤེས་རབ་ཕྱག་རྒྱར་མཐུན རྒྱང་བུ་སྐུ་གསུང་ཐུགས་ཀྱི་རྟེན རྩེ་ལ་དེ་ནི་རྨ་བྱའི་མདོངས མགུལ་ན་ཡུངས་ཀར་ཤ་ར་ར སྐེད་ལ་དར་ཚོན་པུ་རུ་རུ ཁྱོད་ཀྱི་

(༣༧༧)འུྃ ཞལ་དང་གཉིས་སུ་མེད ཕོ་གདོད་དེ་ནི་སྟག་ལས་ངར སྐྱེས་པ་ཕོ་ཡི་གླུད་དུ་འབུལ མོ་གདོང་དེ་ནི་སྙིང་དུ་སྡུག ཟ་མ་མོ་ཡི་གླུད་དུ་འབུལ ནམ་མཁའ་སྣང་སྟོང་གཉིས་སུ་མེད མ་རིག་སེམས་ཀྱི་གླུང་དུ་འབུལ སྣང་སྲིད་ཀུན་ལ་ཁྱབ་པ་ནི སྔགས་སྲུང་ཨེ་ཀ་ཙ་ཊི་ཡིན དྲེགས་པ་ཡོངས་ཀྱི་སྡེ་དཔོན་ནི ལྷ་ཆེན་མ་ཧཱ་ཀཱ་ལ་སྟེ བསྟན་པ་ཀུན་གྱི་སྲུང་མ་ནི མགོན་པོ་བདུན་ཅུ་རྩ་ལྔ་ཡིན བསྐང་བའི་སྐོང་མདོས་ཆེན་པོ་ནི དངོས་འཛིན་རང་རྒྱུད་མ་ཡིན་ཏེ ཏིང་ངེ་འཛིན་གྱིས་སྤྲུལ་པས་ན ཡས་ཆད་སྨྲང་གིས་འཐུད་པ་ཡིན མ་ཚང་མེད་པའི་མཐུན་རྫས་ཀྱིས སྐོང་ངོ་བསྐལ་པར་ཐུགས་དམ་བསྐངས ཆགས་ཆེ་ཉམ་ང་དགྲ་འདྲེ་དང་ བྱད་ཁ་བུར་ཁ་མི་ཁ་སོགས མི་མཐུན་ནད་དལ་ཞི་བ་དང་ ཚེ་དཔལ་ལོངས་སྤྱོད་རྒྱས་པ་དང་ ཁམས་གསུམ་དབང་དུ་འདུ་བ་དང་ དགྲ་བགེགས་ཐལ་བར་རློག་པ་དང་ བཀྲ་ཤིས་ཕུན་ཚོགས་བདག་ལ་སྩོལ ས་མ་ཡ རྒྱ་རྒྱ་རྒྱ

(༣༧༨)

(༣༧༩)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས བཀའ་སྲུང་ལྕམ་བྲ་བ་གནས་སྔ་ཡིག་བཞུགས་སོ།

(༣༨༠)འུཾ༔ ཡེ་ཤེས་དབྱིངས་ཀྱི་རྗེ་མོར་འདུད༔ སྙིང་ཐིག་གཉེན་ལ་དགྲ་དར་ན༔ མ་མོ་སྒྲུབ་པའི་གནད་ཡིག་དགོས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ གཅིག་ལས་གཉིས་སུ་མ་སྤེལ་རྒྱ༔ དབང་བསྐུར་མ་རྫོགས་ལས་མི་འགྲུབ༔ འཁར་བ་སྐུ་ལ་དྲག་སྔགས་གསུངས༔ གཉིས་མེད་ཐུགས་ལ་ཡོན་ཏན་དང་༔ འཕྲིན་ལས་ཕྱག་མཚན་ཐུན་རྫས་ཏེ༔ བྱང་སེམས་དཀར་དམར་སྦྱོར་བའི་དབང་༔ མཁའ་འགྲོ་ལྟར་དུ་བསྒྲུབ་ལ་བརྟེན༔ ས་མ་ཡ༔ དང་པོ་སྐུ་ཡི་རྟེན་བཅའ་བ༔ དར་རས་འབུར་རམ་རུ་དར་ནག༔ བྱང་སེམས་དཀར་དམར་ཨ་མྲྀ་ཏས༔ སྦགས་

(༣༨༡)འུྃ ལ་ལྕམ་དྲལ་བསྐྱེད་སྟིམ་རྗེས དམ་ཚིག་ལྡན་པས་སྐུ་གཟུགས་བྱ བགེགས་བསྐྲད་མ་དལ་དབུས་སུ་བཞག མཐུན་རྫས་བསགས་ལ་ཕྲིན་ལས་གྱེར གཟུགས་བརྙན་བལྟ་དང་ཡིད་ཡུལ་དུ གོམས་པ་ཉིད་ལ་རེ་མོས་བསླབ དམིགས་པ་གྱད་དུ་གྱུར་པ་ན ཇི་ལྟར་བཀོལ་པའི་ལས་ལ་ཉན དབེན་པར་བྱ་བ་གཞན་ཡི་བསྙེན སྔགས་འདི་སེལ་མ་བཞུགས་པར་བཟླ ཐུགས་ཀར་ཉིད་ཀྱི་ལ་ཏྲག་ཡིག་མཐར ཏྲག་རཀྴ་མུ་ཏྲ་མུ རུ་ལུ་རུ་ལུ་ཧཱུྃ་བྷྱོཧཱུྃ རག་མོ་ཏེ་ཀེ༚་ཙ་ཙ རུ་ལུ་རུ་ལུ་མ་ཧི༚་བྷྱོ མ་ཧཱ་ཀཱ་ལ་ཤཱ་ས་ན་ཧཱུྃ བཛྲ་ས་དྷུ་ཏྲི གྲུབ་རྟགས་མོན་དང་པལ་མོ་དང་༔ རྨ་བྱ་ལུག་ནག་བྱ་ནག་ཁྱི འབྲི་གཡག་རུ་མཚོན་ནག་པོ་མཐོང་༔ ས་མ་ཡ གསུང་གི་རྟེན་དུ་འཁོར་ལོ་བཅའ དར་རམ་རྒྱ་ཤོག་དམར་པོ་ལ ། ཙིཏྟ་དམར་པོའི་ལྟོ་བ་རུ འཁོར་ལོ་མུ་ཁྱུད་གསུམ་པའི་ལྟོར གྲུ་གསུམ་དབུས་སུ་ཏྲག་གི་མཐར ཤྴ་ཁ་མུནྟྲ་སྭཱ་ཧཱ ཟླ་གམ་གསུམ་ལ་གནོད་སྦྱིན་ནག་མོའི་སྔགས མུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ

(༣༨༢)ཧཱུྃ མུ་ཁྱུད་གཉིས་པར་མ་མོའི་སྔགས རག་མོ་ཏེ་ཀེ༚་ཙ་ཙ་ཁ་ལ་བྷྱོ ཞེས་དང་བདུད་མོ་ནག་མོའི་སྔགས རུ་ལུ་རུ་ལུ་མ་ཧི༚་ཧཱ་བྷྱོ དམ་བརྡར་ཕྲིན་ལས་རྣམ་བཞིའི་སྔགས༔ ཏྲག་རཀྴ་མ་མ་ཏེ་ཏ་ས་མ་ཡ་ཛ༔ཧཱུྃ་བཾ་ཧོ ཏྲག་རཀྴ་ཨོ་ཀ་ཙ་ཏི་སརྦ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཏྲག་རཀྴ་ཨེ་ཀ་ཙ་ཏི་སརྦ་པུཥྚི༚་ཀུ་རུ་སྭཱ་ཧཱ། ཏྲག་རཀྴ་ཨེ་ཀ་ཙ་ཊི་སརྦ་པཱ་ཤཾ་ཀུ་རུ་སྭཱ་ཧཱ ཏྲག་རཀྴ་ཨེ་ཀ་ཙ་ཏི་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ༔ དེའི་ཕྱི་དབྱངས་གསལ་རྟེན་སྙིང་བྲི ནལ་བུའི་ཤ་ཁྲག་སྙིང་སྣར་བཅས དྲན་པ་རང་བྱུང་ཡེ་ཤེས་ནི ཡུལ་དང་དབང་པོ་གཉིས་མེད་སྦྱོར༔ མ་མོ་འབུམ་གྱི་སྟོང་སྲོག་ཡིན། དམ་ཚིག་རྟེན་དུ་རུ་དར་བཟུང་༔ སྣེལ་མོ་སྙིང་དང་ཐོད་པ་མཆོག དེ་ནི་ཐུགས་ཀྱི་རྟེན་དུ་བཤད ས་མ་ཡ༔ རྟེན་མདོས་ཡོངས་རྫོགས་མཆོག་གི་རྟེན༔ སྲོག་འཁོར་སྙིང་གི་སྣེལ་གྲིའི་སྙིང་མ་རྙེད་ན་གཡུང་མོ་ནག་མོའི་སྙིང་ངམ། བྱ་ནག་ཀིས་རུང་། སྤུབས་

(༣༨༣)འུྃ སུ་བཞུག སྙིང་ནི་ཐོད་པའི་ནང་དུ་སྩལ སྦ་ལྕག་དཀར་པ་ཚིག་གསུམ་ལ མ་མོའི་སྐུ་གཟུགས་བརྟེན་པ་བཞུགས ཀུན་ཀྱང་ལེ་བརྒན་གུར་གྱིས་དབུས༔ ཤ་ཁྲག་སྙིང་སྣ་རིན་པོ་ཆེ བསྲེས་པའི་ས་སྦྱིན་གཙང་མ་ལ མདོས་སྟེགས་གྲུ་བཞི་སེར་པོའི་སྟེང་ མཐུན་རྫས་སྣང་སྲིད་གཟུགས་བརྙན་བཀོད༔ དེ་སྟེང་ཞི་བ་དཀར་ཟླུམ་ལ༔ སྤྱན་གཟིགས་རྣམ་པ་སྣ་ཚོགས་བཀྲམ དེ་སྟེང་གྲུ་གསུམ་ཁ་ཁྱེར་ལ༔ རྨ་བྱའི་རྒྱལ་མཚན་རུ་དར་གསུམ༔ མི་ཁྱི་རྟ་ཡི་སྙིང་གསུམ་པོ སྲོག་པ་རྩ་དང་བཅས་པ་བཀོད ཟླ་གམ་གསུམ་ལ་གཏོར་མ་གསུམ མི་ཁྱི་རྟ་ཡི་ཤ་ཁྲག་སྙིང་ དཀར་གསུམ་མངར་གསུམ་འབྲས་བུས་བརྒྱན གྲུ་གསུམ་དབུས་སུ་ཁྲུ་གང་དྲུག་སོལ་ཆེན་དག་གིས་ནག་པོ་བྱ སྐུ་གསུང་ཐུགས་ཀྱི་བླ་རྡོ་གསུམ འཁོར་ལོ་རྒྱས་འདེབས་ཡིན་པའི་ཕྱིར སྲིད་པའི་ཕུར་བུར་རྒྱབ་བརྟེན་གཞུག ཁ་གཅོད་མདོས་ཀྱི་བཅའ་ག་བྱ བྱུང་ཚང་ཐུགས་ལ་གདུགས་ཆེན་གསུང་ དཔའ་

(༣༨༤)བེ་མཁར་ནི་སྐུ་ཡི་རྟེན གདུགས་ཆེན་འོག་མ་ཡོན་ཏན་ལ ལྕགས་མཁར་འཕྲིན་ལས་རྟེན་དུ་བཤད རྨ་བྱའི་ཕོད་དང་དར་སྣས་བརྒྱན ལེ་བརྒན་གུར་ཕུབ་ཞིང་ཡོལ་བྲེ ལས་བཞི་རྫོགས་པའི་ཕོ་བྲང་དེ མ་མོའི་གཞལ་ཡས་ཁང་དུ་སྒོམ ཕྲིན་ལས་གཞུང་བསྲང་བསྙེན་པ་དང་ སྐོང་པའི་ཆོ་ག་རྒྱ་ཆེར་བྱ ཚེ་སྲོག་བདག་མ་ཡིན་པས་ན། །སྐབས་སུ་ཚེ་ཡི་སྙིང་པོ་བགྲང་ དེ་ཡིས་འདོད་དོན་ཐམས་ཅད་འགྲུབ ས་མ་ཡ དེ་ནས་ལས་ལ་སྦྱོར་བ་བཤད། ཕུང་སའི་སྟེགས་བུ་ཟུར་གསུམ་པ ཁ་ཁྱེར་ཐོད་པ་མེ་རི་ཅན ཟབས་སུ་རབས་ཆད་ཐོད་པའི་ནང་ དུར་ཁྲོད་རས་སམ་དུ་གཤོག་ལ སྐྱེ་མཆེད་ཚང་བའི་ལིངྒ་བྲི སྙིང་གར་སྲིད་པ་བཤིག་པའི་ཐབས དུག་གསུམ་ཡི་གེ་ནིྲ་ཡི་མཐར ཏྲག་རཀྴ་ཁ་མུནྟ་ཨེ་ཀ་ཙ་ཏི་སྙིང་ཁ་རག་ཆེ་གེ་མོའི་སྲོག་རྩལ་རྦད༔ ཙིཏྟ་ལོང་རཀྟ་ཐུན་བྷྱོ བརླ་ལ་བླ་དགས་དཔྲལ་བར་རུས མཐའ་བསྐོར་དུ་པྲ་བོ་ཤེ་ཡ་ཕཊ ཅི་བི་ཤག་དེ་མོག་ཤུ་གུ ཨ་གྷུ་ཤ་ཛ༔ ཙི་ཏ་ཀུ་

(༣༨༥)འུྃ ལུ་དམར་མ་ཤག་ཏི་ཛ ཏྲག་རཀྴ་བཛྲ་ཁ་ཆུ་མས་རཾ་ལི་ལི་བྷྱོ རྦད༔ པྲ་ཏི་ས་ནཾ་ཙ་སྨྲ་གྷྲི་ས་ནཾ་ཙོ ནྀྲ་ཁཾ་སྨག་ཁུཾ་ཁུཾ་མག་མག་ཆོད ཨོཾ་མེ་དར་ཧྲི༚་ཐུམ་རིལ་རྦད་མེད་ར་ལི་ག་སྙིང་ཁ་རག་རྦད ཨོཾ་ར་ཙམ་སྙིང་ཁ་རག་རོ་ཤད་བཛྲ་དུན་བྷྱོ ཞེས་དང་ཛ་ཁྲཾ་མ་དག་གིས་བསྐོར རོ་སོལ་ཕྱེ་ཚིག་གུ་གུལ་ནག ཤ་ཆེན་རཀྟ་ཀླད་པ་དང་ དྲི་མ་དྲུག་གིས་རུ་པ་བཅའ བསད་ཁྲག་དུག་དང་སྦྱར་བས་བྱུག རྒྱ་ཚིལ་གུ་གུལ་དུད་པས་ལྷ་དང་ཕྲལ ཚོན་སྐུད་དག་གིས་བྱད་དུ་གཞུག༔ ཐོད་ངན་བཀབ་ལ་ཕུར་ཁུང་བཏོང་ གྲི་ལྕགས་ཕུར་བ་སོར་བརྒྱད་པ མ་མོར་བསྒོམས་ཏེ་གྲུབ་ཁུང་ཁར བཙུགས་པ་ལིངྒ་དེ་དང་སྤྲེལ ཚེ་ཡི་རྒྱུན་ཐག་གཅོད་པར་བསམ སྟེང་དུ་མ་མོའི་ཟོར་གཏོར་བཀོད སྔགས་ཀྱི་མཚོན་ཆ་ཉུངས་ཀར་དང་ ཉུངས་ནག་སྐྱེ་ཚེ་དུག་རྫས་བཤམ དཔལ་གྱི་ཕྲིན་ལས་གཞུང་བསྲང་ལ མདུན་དུ་མ་མགོན་ལྕམ་དྲལ་བསྐྱེད རྩ་བ་རྒྱུན་གྱི་སྔགས་ཤམ་དུ ཆེ་གེ་མོ་ནིྲ་ཤ་ཀུ་རུ་ཨངྐུ་ཤ་ཛ ཞེས་བཟླ་མ་ཉས་ཡུས་ཀ་

(༣༨༦)བསྐུལ བླ་རྟགས་མཐང་ནས་རྦད་པར་བྱ མ་མ་ཏྲག་རཀྴ་ཁ་མུནྟྲ་སྙིང་ཁ་རག་སྲོག་རྩ་རྦད་ཙིཏྟ་ལོང་རཀྟ་ཐུན་བྷྱོ ཐུམ་རི་ལི་ལི་རྦད ཙི་ཏ་ཀུ་ལུ་དམར་མ་ཤག་ཏི་ཛཛ ཞེས་དང་བསད་པ་ཉུང་ཐུན་སྔགས སྙིང་བཾ་རིལ སྙིང་ཁ་རག་ཚལ་པ་རྦད་འུར་རྦད་ཕཊ ཙག་ལེ་མུ་རུ་པ་རེ་ཏེ་རྦད ནེ་ཙག་སོད་སོད འུད་མྱོགས་ཐུམ་རིལ ཨ་ལོ་ཤ་འུད ཁ་ཐུན་སྙིང་དུམ་བུ་རྦད ལུས་སྲོག་ཁྱེར་ཡག་ཤ་བཾ་རིལ་རྦད ཅེས་བརྡེག་བསད་པའི་རྟགས་མཐོང་ནས ཕུར་པ་དྲིལ་ལ་ལིངྒར་བརྡེག ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྣན་བཾ་ཧཱུྃ་ཕཊ ཙིཏྟ་རྦད་ཁུག་ཁུག མྱོགས་ཐུམ་བཾ་རིལ་ཞུར་ཞུར ཆུཾ་ཆུཾ་རྦན་རྦན་ཀཱི་ལི་ཡ རཀྴ་རཀྴ་ཁུམ་ཁུམ་ཀྲོ་ཏ་བཾ་རིལ ཞེས་པས་ཟན་གྱི་ལིངྒ་་གཏབ སྔགས་འདི་བརྗོད་ལ་གཏོར་མར་འབུལ ཏྲག་རཀྴ་ཏྲག་རཀྴ་ཙིཏྟ་ལ་ཁཱ་ཧཾ སྙིང་ལ་ཏྲག་རཀྴ་ཏྲཾ མ་ཧཱ་མཾ་ས་ལ་ཡ མ་ཧཱ་རཀྟ་ལ་ཏྲཾ ཙིཏྟ་ལ་རྦད ཐུམ་རི་ལི་ལི་རྦད ཅེས་ཕུལ་བདུད་ཀྱི་ཉི་མ་ལ གཏོར་མ་རླུང་ལ་ཕྱར་བས་ཕུད ལས་མཐའ་བསྲེག་པ་ཉིད་ལ་གཏད མ་དལ་གྲུ་གསུམ་དབུས་

(༣༨༧)འུྃ ན་རི ཁྱེར་མེ་རིས་བསྐོར་བའི་དཀྱིལ རྡོ་སོལ་ཆད་དང་སྦྱར་བ་བཞག དུག་ཤིང་ཚེ་མའི་མེ་སྤར་ལ མེ་ལྷ་ཁྲོས་མ་ནག་མོར་བསྐྱེད འབོད་རྦད་སྤྲེལ་མ་བསྐུལ་དང་བཅས ཤོག་ལིང་བྱིན་ཟའི་ཞལ་དུ་བསྟབ ཐལ་སོལ་ལྕགས་སྤྱང་མགོ་དགུ་པར བྱས་ཏེ་དགྲ་ལ་ཟ་ཁ་བསྟན དགྲ་བོ་ཡུད་ནས་ཡེ་ཤེས་པ གཤེགས་ཏེ་ཆུ་ཀླུང་ཆེན་པོར་སྦྱང་ གནས་སྦར་སྨོན་ལམ་ཟབ་མོ་ཡིས སྐྲོལ་བ་ཚད་དུ་ཕྱིན་པར་བྱ རྟོགས་པས་བདག་ཉིད་ལ་སྒྲལ་བའི ཞེ་སྡང་ནག་པོ་རང་རྒྱུད་ཅན དེ་འདྲའི་ལག་ཏུ་ཤོར་ར་རེ གངས་ཅན་ཁྲོད་ན་སངས་རྒྱས་ཀྱི བསྟན་པ་དར་བ་པདྨའི་དྲིན འོད་གསལ་རྡོ་རྗེ་སྙིང་པོ་ཡི བསྟན་པར་སྙིང་ན་དམོད་པ་སོགས ཞིང་བཅུ་ཚང་བའི་དམ་ཉམས་ཀྱི སྲོག་ལ་འཁོར་ལོ་བསྐོར་ཕྱིར་དུ མ་མོ་སྲིད་པའི་རྒྱུད་ལས་བསྡུས སྙིང་གི་བུ་ལ་གཏད་དོ་རྒྱ གཏེར་རྒྱ སྦས་རྒྱ དམ་རྒྱ ཟབ་རྒྱ ༈ ཁ་ཐཾ ཀློང་ཆེན་སྙིང་གི་ཐིག་ལེ་ལས། བཀའ་བསྲུང་སྨན་བཙུན་མའི་གསང་བའི་གབ་ཡིག་དོན་ཡོད་ཞགས་པ་བཞུགས ༈ ཌཱཀྐི་ལ་ན་མོ གབ་ཡིག་ཤིན་ཏུ་གསང་

(༣༨༨)བ་ནི གཙོ་མོ་ལ་བརྟེན་བརྒྱུད་སྤེལ་ན མར་ལ་ཁྱེའུའི་གཟུགས་བཅོས་ལ སྙིང་ཁར་གཡུ་བྱང་ནིྲས་མཚན་གཞུག རྩ་སྔགས་ཤར་བུར་འདི་བཏགས་བསྙེན པུ་ཏྲ་སཾདྡྷི་ས་མ་ཡ་ཧཱུྃ ཞེས་བཏགས་འོད་ཟེར་སྤྲོ་བསྡུ་བཟང་ཕོའི་འདུག་སྟངས་ཀྱིས་ལངས་པའི་ལག་གཉིས་བུས་མོའི་སྟེང་མཆོག་སྦྱིན་བྱས་པའོ ཡིས བར་དོའི་རྣམ་ཤེས་བླ་གཡུར་བསྟིམ བླ་རྟགས་ཤེལ་དང་དུང་མགྲོན་གཡུ མདའ་འཕང་རྨིས་ཚེ་གྲུབ་པའི་རྟགས གཏང་རག་གཏོང་ཞིང་བླ་གཡུ་ནི དཔལ་ཅན་གཞོན་ནུའི་མགུལ་དུ་གདག གཟུགས་བརྙན་སྐྱེས་པས་ལོངས་སྤྱོད་ཅིང་ ཁྱེའུས་ཞུས་དང་ཏོག་གཟུངས་འདོན ས་མ་ཡ མཐིང་གི་ཞལ་བཟང་ལ་བརྟེན་ནས པྲ་སྒྲུབ་འཕྲུལ་གྱི་ལྡིང་ཁང་ནི། །མེ་ལོང་ངོས་ལ་སིན་དྷུ་རས བཛྲ་པྲ་མོ་ཧ་ཞེས་བྲི མདའ་དར་མར་གྱི་སོ་འབྲང་ལྷ་གཡག་དང་ གསེར་སྐྱེམས་གཡུ་སྐྱེམས་ཕྱེ་མར་སོགས མཐུན་རྫས་བཟང་བཤམ་རྩ་སྔགས་ཤམ ཀ་ར་ཀ་ར་དངར་དངར་ཐི་སེ་ཐེ་སེ་ཙཀླུ་པྲ་བེ་ཤ་ཡ་ཕཊ་སྭཱ་ཧཱ ཞེས་བཟླས་པྲ་མོའི་ཐུགས་རྒྱུད་བསྐུལ པྲ་བརྟེན་ཁྱིའི་ཕོ་མོ་

(༣༨༩)འུྃ འམ ཡང་ན་རིགས་གཅང་རྒན་ཡང་རུང་ དཔྲལ་བར་ལི་ཁྲིའི་ཐིག་ལེ་བསྐུ མིག་ལ་སྔགས་བཏབ་མེ་ལོང་བལྟ སྣང་སྲིད་གསལ་ཞིང་དུས་གསུམ་ཤེས ས་མ་ཡ ཅོད་པཎ་མགྲིན་བཟང་ལ་བརྟེན་ནས ལོ་འབྲས་བཅུད་ཉམས་གསོ་བ་ན གས་ཆགས་མེད་པའི་རྫ་བུམ་ནང་ བཟང་པོའི་འབྲུ་སྣ་དུག་བྲལ་སྨན ཤིང་ཏོག་རྩི་ཏོག་སྙིང་པོ་ལྔ གསེར་རམ་ཚལ་གྱིས་མཐིང་ཤོག་ལ ནམ་མཁའ་མཛོད་ཀྱི་སྔགས་བྲིས་རྣམས བླུགས་ལ་རས་དཀར་གསར་པས་གཡོགས གསོལ་མཆོད་བྱ་ཞིང་རྩ་སྔགས་ཤམ བྷྲུཾ་རཏྣ་པུ་ཥྣི་ཀུ་རུ་ཡེ་སྭཱ་ཧཱ ཞེས་བཟླས་འབྱུང་བ་ལྔའི་ཁམས་ནས བཀྲག་མདངས་བཅུད་བསྡུས་བུམ་པར་བསྟིམ འོད་ཁའི་དཀྱིལ་ལམ་གཡའ་སྤང་མཚམས སྦ་ཞིང་སྨན་བཙུན་མཉེས་པར་བསམ ཡུལ་ཁྲུས་བྱ་ཞིང་དཀར་མངར་སྐྱེམས ཕྱོགས་མཚམས་ཀུན་ཏུ་གཏོར་བྱས་ན བཙའ་སད་འབུ་སྲིན་མི་འབྱུང་ངོ་ ས་མ་ཡ མི་གཡོ་གླང་བཟང་ལ་བརྟེན་ནས ཟས་

(༣༩༠)ནོར་འདུ་བ་རྒྱས་འདོད་ན དཀར་གསུམ་མངར་གསུམ་སྨན་དང་སྤོས བསྲེས་པའི་གསང་ཕྱེ་གཙང་མ་ལ སྒྲུབ་གཏོར་ནོར་བུ་མིག་གསུམ་དབྱིབས རྒྱན་གྱིས་མཛེས་པའི་མཐའ་སྐོར་དུ སྲིད་པའི་ལོངས་སྤྱོད་སྣ་ཚོགས་བཤམ མདའ་མོ་བྱ་རྒོད་སྒྲོ་ལྡན་ལ དར་དམར་བཏགས་པ་རྒྱབ་ཏུ་བཙུགས དལ་མདུན་བཀོད་ལ་རྩ་སྔགས་ཤམ ལོ་ཀ་སིདྡྷ་སརྦ་པཱ་ཤང་ཀུ་རུ་ཡེ་སྭ་ཧཱ ཞེས་བཟླས་འོད་ཟེར་སྤྲོ་བསྡུ་ཡིས སྣང་སྲིད་འོད་དུ་ལྟམ་གྱིས་ཞུ རང་ལ་ཐིམ་པས་ཟས་ནོར་དང་ ལྷ་འདྲེ་མི་གསུམ་དབང་འདུས་དམིགས བདག་གཞན་དུ་མ་རོ་གཅིག་བསྲེ ཐེ་ཚོམ་མེད་དོ་ས་མ་ཡ གཏལ་དཀར་འགྲོ་བཟང་ལ་བརྟེན་ནས ཕྱུགས་ཀྱི་དངོས་གྲུབ་སྤེལ་འདོད་ན ཁམ་སར་རིན་པོ་ཆེ་བརྡར་ཏེ འོ་མས་སྤྲུས་པའི་འཇིམ་པ་ལ ཤ་བ་ལ་ཞོན་སྨན་མའི་གཟུགས པར་ན་བེའུ་འཚོ་བའི་མཐའ རྐང་བཞིའི་ཚོགས་ཀྱིས་བསྐོར་པ་བཟོས ནམ་མཁའ་ཁ་དོག་ལྔ་ལྡན་དང་ མཐུན་པའི་མདའ་འཕང་ཤིང་རིས་བཀོད མཐུན་རྫས་དཀོར་ཆ་སྣ་ཚོགས་བཀྲམ

(༣༩༡)འུཾ ཕྲིན་ལས་གཞུང་བསྲང་དབྱེར་མེད་བསྟིམ རྩ་སྔགས་ཤམ་བུར་འདི་བཏགས་བཟླས གུ་ཧ་ཏན་སརྦ་སིདྡྷི་སྭཱ་ཧཱ ཐུན་མཚམས་གསོལ་ཀ་དྲག་ཏུ་འབད གྲུབ་ནས་འབྲོག་གནས་ལྷས་མའམ ཡང་ན་བང་མཛོད་ཕུགས་སུ་སྦ ར་བ་བཞི་ཡི་བཅོ་ལྔ་ལ གསོལ་ཀ་བྱ་ཞིང་ཁྱད་པར་དུ དབྱར་སྟོན་གསོལ་མཆོད་ནར་མར་བྱ དྲེགས་པ་མཆོད་དང་བསྟོད་པས་འགྲུབ རྐང་བཞི་འཕེལ་ཞིང་གོད་ཁ་ཆད ས་མ་ཡ སྤྱི་ལ་བརྟན་པའི་ལས་ཚོགས་ལྔ མི་ཕྱུགས་ནད་ཡམས་ཞི་འདོད་ན བྷནྡྷ་དུམ་བུ་གསུམ་པའི་ནང་ སྨན་མོའི་གཟུགས་སམ་རྩ་སྔགས་གཞུག བདུད་རྩི་བླུགས་ལ་མཆོད་སྨན་བྲན སྲིད་པ་མ་མོའི་དལ་དུ་དམིགས འཕྲིན་ལས་གཞུང་བསྲང་མཆེད་ལྔ་བསྐྱེད བདུད་རྩིའི་སྟེང་དུ་རིགས་ལྔ་རྣམས མཉམ་པར་སྦྱར་བའི་མཁའ་ཀློང་ནས བྱང་སེམས་བབ་པས་འབྱུང་འཁྲུགས་དུག གཞི་ལ་ཏེ་བདེ་སྟོང་རྩལ་འབར་བས ནད་རིམས་དལ་ཁ་གཅོད་པར་དམིགས ཨོཾ་ཧཱུྃ་ཏྲཱཾ་ཧྲཱི ཨཱ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ

(༣༩༢)བཛྲ་པྲ་མོ་ཧ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ ཞེས་བཟླས་དམ་ཚིག་གཅིག་ཏུ་བསྲེས བདུད་རྩི་མི་ཕྱུགས་ཀུན་གྱིས་བཏུད ཡང་ན་ཟན་གྱི་རིལ་བུ་དྲིལ གླ་རྩི་ཧོང་ལེན་ཤུ་དག་བཅས ཐུམ་བུར་དྲིལ་ཏེ་རྭ་ལ་གདགས གོར་ནད་བསྲུང་བར་ཐེ་ཚོམ་མེད ས་མ་ཡ འདྲེ་རྒོད་ཆོམ་རྐུན་གཅན་གཟན་དང་ རྔོན་པ་སོགས་ཀྱི་ཁ་འཆིང་ན ཚོན་སྣ་ལྔ་ཡི་སྲད་བུ་ལ སྔགས་འདི་སྟོང་བླས་མདུད་པ་བོར ཨོཾ་བཛྲ་པྲ་མོ་ཧ་སི་དྷ་མུ་ཁ་ཧེ གནོད་བྱེད་ཆྒཻ་མོའི་ལུས་ངག་ཡིད་གསུམ་རྨུགས་ཤ་རྨུགས་ཤ་རྦད ཐུམ་རིལ་རྦད བཛྲ་ཁ་ཐམ ཏྲིག་ནན མདུད་པ་ལྕགས་ཁང་སྒོ་མེད་ཀྱི ནང་དུ་གནོད་བྱེད་ཚུད་པར་བསམ ལྷམ་མཐིལ་འམ་ནི་མལ་ཞབས་གནོན སེམས་ཅན་སོགས་ཀྱི་མཇུག་མར་བཏགས དེས་ནི་གདུག་པའི་ཁ་འཆིང་འགྱུར ས་མ་ཡ༔ གདོན་འཛག་བསྲུང་ན་ཤོག་བུ་ལ སྲིད་མེས་སྤྲུལ་གྱིས་བསྡམ་པའི་ནང་ ཨོཾ་བཛྲ་པྲ་མོ་ཧ་ཏི་ལ་ཀ་བཾ་ཧོ གནོད་བྱེད་རཀྵ ཞེས་བྲིས་དཔའ་བོ་སེར་པོ་བྱུག མགོ་ནས་དྲིལ་ཏེ་སྐད་པར་གདགས དེ་ནས་

(༣༩༣)འུཾ སྡོམ་པར་ཐེ་ཚོམ་མེད ས་མ་ཡ ལོ་ཏོག་གསོ་དང་འཕྲང་བསྲུང་ཕྱིར ཁ་ཆར་ཆེན་པོ་འབེབས་འདོད་ན མཚོ་འམ་ཀླུ་གཉན་གནས་པའི་སར མར་གྱིས་རུས་སྦལ་མགོ་དགུ་ཡི ཁོག་པར་བཛྲ་པཱ་ཎིའི་ཤམ ཀླུ་ཆེན་བརྒྱད་ཀྱི་སྲོག་སྔགས་དང་ ལས་སྒྲུབ་སྔགས་བྲིས་ཀླུ་སྨན་བྱུགས དཀར་གསུམ་མངར་གསུམ་རིན་པོ་ཆེ ཀླུ་སྨན་རིལ་བུ་དང་བཅས་གཞུག ཆུ་མིག་གཏིང་ངམ་སྐབས་མེད་ན རྫ་གསར་ནང་དུ་ལུང་པ་དགུའི༔ ཆུ་བླུགས་ས་ཡི་དོང་དུ་སྦ དེ་ཡི་ནང་དུ་རུས་སྦལ་བཅུག རྒྱ་མཚོ་ཀླུ་ཡི་ཕོ་བྲང་བསམ དེ་སྟེང་ཤིང་སྣས་བཀབ་པའི་སྟེང་ གཡམ་སྔོན་ཡི་གེ་ཨེས་མཚན་པར མ་དྲེས་པའི་བྱེ་མ། མར་གཟན་ལ་བཟོས་ལྷ་སྨན་ལྔ འབྲུག་ཞོན་གཡས་གཡོན་སྦྲུལ་ཞགས་འཛིན ཕྱོགས་བཞི་དབུས་དང་ལྔར་བཀོད་ལ ནམ་མཁའི་དབྱིངས་ན་གནས་པར་བསམ རང་ཉིད་བདེ་གཤེགས་ཀླུ་དབང་རྒྱལ ཆེ་ཆུང་སྲིད་པའི་གཏོས་དང་མཉམ ངན་སོང་སྒྲོལ་བའི་ཕྱག་རྒྱ་ཅན ཡེ་ཤེས་སེམས་དཔའི་ཐོད་ཕྲེང་རྩལ གསལ་བརྟན་ངེས་

(༣༩༤)ཤེས་གདེང་ལྡན་པའི ཐུགས་ལས་འོད་ཟེར་བསིལ་ཞིང་དངར དཔག་ཏུ་མེད་པར་འཕྲོས་པ་ཡིས རྒྱ་མཚོའི་ཀླུ་ཡི་ཐུགས་རྒྱུད་བསྐུལ སྤྲིན་དང་ཁུ་རླངས་ཡར་ཐོན་པའི སྨན་བཙུན་ལྔ་ཡི་གྲོགས་བྱས་ཏེ ནམ་མཁའ་སྤྲིན་གྱི་གཞི་འཛིན་ཅིང་ འབྲུག་སྒྲ་སྒྲོག་ཅིང་གློག་དམར་འཁྱུག སྦྲུལ་གྱི་ཁ་ནས་ཁ་ཆར་གྱི བུ་ཡུག་འཚུབས་པས་འཇིག་རྟེན་ཀུན མུན་ནག་རུབ་པ་ལྟ་བུར་བསམ ཨོཾ་ནཱ་ག་ཀཱ་ལ་ཧཱུྃ ནཱ་ག་ལེ་ལེ དུམ་བ་ལེ་ལེ ནཱ་ག་རཱ་ཙ་ཧཱུྃ་ཕཊ བྷ་རི་ཤ་ཡཱ པྲ་ཏ་ཡཱ པྲ་མོ་ཧ་ཧཱུྃ་སབ་སབ སོབ་སོབ འུར་འུར་དྲག་ཏུ་ཕོབ ཅེས་བཟླ་ཏིང་ངེ་འཛིན་ཕུར་གདགས སྨན་བཙུན་གསོལ་ཞིང་ཀླུ་གཏོར་བཏང་ སྤྲིན་ཆེན་སྒྲོགས་ཤིང་ཡུལ་ཁྲུས་བྱ ཀླུ་ལ་དཀར་གཏོར་གཏའ་རུ་གཟུག གྲིབ་ཅན་ཕྱོགས་སུ་ཉེ་མི་རུང་ དྲི་ ངའི་ཟས་དང་སྤྱོད་ལམ་སྤོངས ཞག་གསུམ་བདུན་ན་ངེས་པར་འབབ ཀུན་ལ་སེམས་བསྐྱེད་གདེང་ལྡན་གཅེས ས་མ་ཡ ཤོ་མོ་དུས་གསུམ་ཀུན་གསལ་ནི དུང་ཤོ་མི་ལག་མ་འགྲིམ་པར ཧྲཱི བཛྲ་པྲ་མོ་ཧ་ལོ་ཀ་སརྦ་མུ་མུ་ཕྱེ་ཕྱེ་སྭཱ་ཧཱ གོང་བ་སྙེན་ཁྲི་ཆེ་ལྔ་སོང་ནས ལས་སྦྱོར་སྟོང་ཕྲག་གཅིག་གདབ་པོ དེ་ནས་མེ་

(༣༩༥)འུྃ ལོང་གཡའ་བྲལ་སྟེང་ གང་འདོད་དོན་སྨོས་ཤོ་སྒྲིལ་བས ཐིག་ལེ་ཤར་ན་མཐིང་ཞལ་མས༔ སྲོག་བྱ་མི་བརྟན་དོན་བྱ་འབྲིང་ དགྲ་བྱ་རབ་ལ་གྲོགས་བྱ་ཐ ཁྱིམ་བྱ་བཏང་སྙོམས་མགྲོན་བྱ་ནི ཡོང་ཡོང་འདྲ་ལ་མི་ཡོང་ཟེར ཆོས་བྱ་འཕྲལ་བཟང་ནམ་ཕུགས་ངན མ་ངེས་ཐེ་ཚོམ་ཅན་ཀྱི་མོ ཚོམ་བུ་ཤར་ན་ཚེ་རིང་མས ཚེ་སྲོག་རྡོ་རྗེའི་བྲག་ལས་སྲ ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམ དོན་བྱ་རི་གཟར་རྦབ་དང་འདྲ བསྐོས་པའི་ལས་ལ་སུ་ཡིས་ལྡོག དགྲ་བྱ་རབ་ལ་གྲོགས་བྱ་འབྲིང་ ཁྱིམ་བྱ་གྱོད་དང་ཁ་མཆུའི་ངོ་ མགྲོན་བྱ་བཏང་སྙོམས་ཐེ་ཚོམ་མེད ཆོས་བྱ་ནམ་ལངས་ཉི་ཤར་འདྲ བཀྲ་ཤིས་ཕུན་སུམ་ཚོགས་པའི་མོ ཚངས་པ་ཤར་ན་གླང་བཟང་མས སྲོག་བྱ་འབྲིང་ལ་དོན་བྱ་མཐོ དགྲ་བྱ་མཁའ་ལ་རྒོལ་བ་འདྲ གྲོགས་བྱ་ནམ་ཕུགས་ཕུན་སུམ་ཚོགས ཁྱིམ་བྱ་འཕྲལ་བཟང་ཕུགས་ངན་ཅིང་ མགྲོན་བྱ་མགྲོན་པོ་སྒོ་རྩར་སླེབས ཆོས་བྱ་སེར་གཟུགས་སྡོམ་མེད་དོ ལྟར་སྣང་བསླུ་བྲིད་ངོ་དགའི་མོ སྒྲོམ་བུ་ཤར་ན་འགྲོ་བཟང་མས སྲོག་བྱ་རྡོ་རྗེའི་བྲག་དང་འདྲ དོན་བྱ་ད་རེས་

(༣༩༦)བཤོལ་དང་ལེགས དགྲ་བྱ་རྩོད་དང་གཡུལ་ལས་རྒྱལ གྲོགས་བྱ་མི་བརྟན་འགྱུར་ལྡོག་ཅན ཁྱིམ་བྱ་བདེ་སྐྱིད་ཕུན་སུམ་ཚོགས མགྲོན་བྱ་ཟ་འདྲེ་ལག་སྟོང་ཅན ཆོས་བྱ་ཆོས་མེད་སྐྱིད་པར་འོང་ འཇིག་རྟེན་མཐུན་འཇུག་ཙམ་གྱིས་མོ རྨིག་པ་ཤར་ན་མགྲིན་བཟང་མས སྲོག་བྱ་རིམ་གྲོས་བསླུས་པ་ཙམ དོན་བྱ་བྱི་ཐལ་ཆེ་བར་འོད དགྲ་བྱ་མདའ་མོ་སྐེད་པར་ཆགས གྲོགས་བྱ་བཏང་སྙོམས་ཙམ་དུ་འཇུག ཁྱིམ་བྱ་འཕྲལ་དར་ཕུག་ན་གུད མགྲོན་བྱ་ངོ་སོ་དང་བཅས་འོང་ ཆོས་བྱ་བརྟན་བྱ་རི་ཚུགས་ཟིན རྣམ་རྟོག་རླུང་གིས་སྐྱེད་པའི་མོ ས་མ་ཡ མ་འོངས་ལྟ་སྒོམ་ཏིང་འཛིན་གྱི དྲོད་ཚད་མེད་པར་འོལ་མཆོད་ཀྱིས མངོན་ཤེས་ཅ་ཅོར་སྒྲོགས་པའི་ཚེ སྨན་བཙུན་སེམས་ཀྱི་ཆོ་འཕྲུལ་ལྔས ཐེ་ཚོམ་མདུད་པའི་ར་སར་གྲོལ ས་མ་ཡ རྩོད་དུས་བསྐལ་པའི་སྙིགས་མ་ལ སྲིད་པའི་བདེ་སྡུག་མ་མོས་བྱེད དེ་ཚེ་དབྱིངས་རིགས་བརྟུལ་ཞུགས་ཀྱིས ལྷ་མོའི་སྟོང་སྲོག་དབང་ཐོབ་པའི རང་བྱུང་སྤྲུལ་པའི་རྡོ་རྗེ་དེས ཌཱཀྐི་གསར་པའི་བརྡ་རིས་ནས ནོར་འཁྲུལ་གབ་སྦས་མེད་པར་བསྒྱུར གཞན་ཕན་རྒྱ་ཆེར་སྤྱོད་པར་ཤོག ས་མ་

(༣༩༧)འུྃ ཡ རྒྱ་རྒྱ་རྒྱ དགེའོ ༈ ཚེ་རིང་མའི་གཡང་འགུགས་ཉུང་བསྡུས་བཞུགས ༈ བྷྱོ མཁའ་འགྲོ་ཆེན་མོ་སྡེ་ལྔ་ནི ཡེ་ཤེས་ལྔ་ཡི་ཀློང་ནས་སྤྲུལ འབྱུང་བ་ཆེན་པོ་ཀུན་ལ་ཁྱབ འབྱུང་བ་ཆེན་བ་ནམ་མཁའ་ནི འབྱུང་བ་ལྔ་ཡི་བདག་པོ་སྟེ དེ་ཉིད་ལས་ནི་ཐམས་ཅད་སྤྲུལ སྲ་ཞིང་འཐས་པ་བརྟན་པའི་གཞི རིན་པོ་ཆེ་ཡི་འབྱུང་གནས་ལས བརྟན་གཡོའི་དངོས་པོ་ཐམས་ཅད་སྤྲུལ རིན་ཆེན་འབྲུ་དང་རྟ་ནོར་ཕྱུགས། སྣ་ཚོགས་དབྱིག་གི་གཡང་ཁུག་ཅིག རླན་ཞིང་གཤེར་བ་ཆུ་ཡི་ཀློང་༔ རྒྱ་མཚོ་ཆེ་དང་རལ་མཚོ་བདུན ཀླུ་དབང་རྣམས་ཀྱི་མཛོད་ཡིན་པས སྣ་ཚོགས་ནོར་བུའི་ཕྱུ་དང་གཡང་ འབད་པ་མེད་པ་དེང་འདིར་ཁུག དྲོད་ནི་སྲེགས་པ་མི་ཡི་ཀློང་ རྟ་གདོང་རྒོང་མ་ཁའི་དབྱིངས་ལ སྨིན་ཞིང་བསྐྱེད་པའི་རྟེན་འབྲེལ་དང་ དེ་ལས་གྱུར་ཞིང་སྨིན་པའི་བཅུད དངོས་གྲུབ་ཡོན་ཏན་གཡང་ཁུག་ཅིག ཡང་ཞིང་གཡོ་བ་རླུང་གི་ཁམས བསྐྱེད་དང་སྡུད་པའི་བདག་པོ་སྟེ ཆུད་མི་ཟ་བའི་སྲོག་འཛིན་བྱེད དེ་ལས་བྱུང་བའི་ཕྱ་གཡང་དང་ དངོས་གྲུབ་ཐམས་ཅད་འདིར་ཁུག་ཅིག མདོར་ན་ལྷ་

(༣༩༨)ཀླུ་མིའི་ནོར་བུ གླིང་བཞི་རི་རབ་རྒྱ་མཚོའི་བཅུད ས་རྡོ་རི་བྲག་སྣོད་བཅུད་དང་ ལྷ་དབང་ཀླུ་དབང་རྒྱལ་པོའི་མཛོད ཉི་ཟླ་གཟའ་སྐར་གོ་ལའི་གནས ལྷ་དང་དྲང་སྲོང་མངོན་ཤེས་ཅན བསྐལ་པར་གནས་པའི་ཕྱ་དང་གཡང་ མ་ལུས་ལུས་པ་མེད་པ་ཀུན རྟེན་འབྲེལ་རྫས་ཀྱི་ནུས་པ་ཡིས དེང་གི་རྒྱུ་སྦྱོར་ཡོན་བདག་འདིའི བསོད་ནམས་ཚེ་དཔལ་ལོངས་སྤྱོད་ལ༔ ཉི་ཟླ་བཞིན་དུ་ཀྱི་ལི་ལི ལོངས་སྤྱོད་བཞིན་དུ་མེ་རེ་རེ ཆུ་ཀླུང་བཞིན་དུ་འདུ་རུ་རུ འདྲེས་ཤིང་བརྟན་པའི་གཡང་ཁུག་ཅིག གཡང་འགུགས་ཀྱི་འདོད་ཆ མཐུ་རྩལ་ཅན་ལ་བདག་བསྟོད་དོ། ཞེས་པའི་མཚམས་སུ་སྦྱར་རོ ༈ བླང་ཆེན་སྙིང་གི་ཐིག་ལེ་ལས ཚེ་རིང་མའི་ཡང་ཡིག་ཆིག་བརྒྱུད་མ་བཞུགས ༈ ཌཀྐི་ལ་ན་མོ གསང་བའི་ཡང་སླིང་འདི་མེད་ན བསྒྲུབས་ཀྱང་ཞུང་ཅིང་གཡེལ་བར་འགྱུར སྙིང་འདྲ་གཅིག་ལ་ཤོར་ར་རེ སྲོག་ནས་དྲངས་ཏེ་འབོད་པའི་དུས ཏིང་ཏིང་ཤག་གིས་མ་བོས་ན ལྷ་མོ་འོད་དུ་མི་འདོད་དོ བཾ་ཧ་རིན་སེ་བཛྲ་པྲ་མོ་ཧ་ཏིང་ཏིང་ཤག་ཙིཏྟ་ཧྲཱི༚་ཧྲཱི༚་ཛ༔ཛལྕགས་ཀྱུས་དྲངས་པ་བཞིན་དུ་འགྱུར ས་མ་ཡ༔ སྲོག་གི་འཁོར་ལོ་མ་བཅས་ན༔ མ་མོ་

(༣༩༩)འུྃ བརྟོད་ལ་གནས་མི་འགྱུར དར་དམར་འམ་ནི་རྒྱ་ཤོག་ལ གསེར་གྱི་མུ་ཁྱུད་རིམ་གསུམ་བསྐོར ལྟེ་བར་བཾ་གྱི་མཐའ་སྐོར་དུ ཨོཾ་ཨོཾ་ཨོཾ་ཨ་ཀ་ས་མ་ཡ་བཛྲ་པྲ་མོ་ཧ་ཏིང་ཏིང་ཤག་མུ་ཀ་ཡ་ཙིཏྟ་ཧྲཱི༚་ཧྲཱི༚་ཧྲཱི༚་ཛཛ བླ་ཆགས་བར་གྱུར་ཅིག སྲོག་ལྟེམ་པར་གྱུར་ཅིག ཡིད་དུང་བར་གྱུར་ཅིག བདག་སྒྲུབ་པ་པོ་ལ་འགོ་ཞིང་ཅི་བཅོལ་བའི་ལས་ཐོགས་མེད་སྒྲུབ་པར་མཛོད་ཅིག་སྭཱ་ཧཱ དེའི་ཕྱི་བད་འདབ་བཞིར་ཕྱེ་བའི ཤར་ནས་རིམ་བཞིན་འདི་ལྟར་བྲི བཛྲ་ས་མ་ཡ་ཧ་ར་ཧ ཏིང་ཏིང་ཤག་ཛཛཛ རྀ་རཱྀ་ལྀ་ལཱྀ་སྭཱ་ཧཱ ལྷོར་རཏྣ་ས་མ་ཡ་ཧ་ར་རི ཏིང་ཏིང་ཤག་སོགས ནུབ་ཏུ་པདྨ་ས་མ་ཡ་ཧ་ར་ནི ཏིང་ཏིང་སོགས༔ བྱང་དུ་ཀརྨ་ས་མ་ཡ་ཧ་ར་ས ཏིང་ཏིང་སོགས དེའི་ཕྱི་དབྱངས་གསལ་རྟེན་སྙིང་འགོད རྨ་བྱའི་ཁྲག་དང་ཤུ་ཀྲས་བྱུག གཞུང་ནས་བཤད་པའི་བླ་རྡོ་དང་ ལྷན་ཅིག་ནལ་བུའི་སྙིང་དུ་གཞུག མ་རྙེད་ཟ་འོག་ཁུག་མང་སྩལ བསྒྲུབ་ན་ངེས་པར་དབང་དུ་འདུ རྟག་ཏུ་གསོལ་ཀར་བརྩོན་བྱས་ན ཅི་བཅོལ་ལས་རྣམས་ཐོགས་མེད་འགྲུབ དམ་ཚིག་ལྡན་པ་ཚིག་བརྒྱད་ལས གཞན་དུ་མ་སྤེལ་

(༤༠༠)གུ་ཧྱ་རྒྱ བརྡ་སྤྲོས་པ་མེད་པའི་དབྱིངས་སུ་ཐིམ དགེའོ།།

(༤༠༡)འུྃ བཀའ་སྲུང་མ་མགོན་ལྕམ་དྲལ་ལས གཡུལ་མདོས་བདུད་དཔུང་ཟིལ་གནོན་བཞུགས

(༤༠༢)འུཾ དཔལ་ཆེན་ཧེ་རུ་ཀ་ལ་འདུད ཡིད་ཆོས་ཁྲོས་པའི་སྟང་དཔྱལ་ནི དཔལ་ལྡན་མ་མགོན་ལྕམ་དྲལ་ཏེ མདོ་སྔགས་བསྟན་པ་གཟུགས་བརྙན་ཙམ དུས་ངན་ལྔ་ཕྲག་ཐ་མའི་ཚེ ནད་མཚོན་མུ་གེ་དམག་འཁྲུགས་ལྡང་ དེ་ཚེ་བྱང་ཆུབ་སེམས་ལྡན་གྱིས སྙིང་རྗེས་བསྒྲལ་བའི་དམ་ཚིག་བརྩོན ལྟ་བ་གྱད་ཀྱི་ལྷར་གྱུར་ཅིང་ གཉེན་པོ་སྟོབས་ཀྱི་ཕྱག་རྒྱར་ལྡན ཡུལ་གསུམ་གྱད་དུ་གྱུར་པ་ཡིས དམ་བཅའ་གཡུལ་ངོར་འཇུག་བྱེད་པའི གཡུལ་མདོས་ཟབ་པའི་མཐར་ཐུག་བསྟན ས་མ་ཡ དེ་ལ་སྦྱོར་དངོས་རྗེས་གསུམ་ལས༔ སྦྱོར་བ་རྫས་དང་བཅའ་གཞི་རྣམས གཞི་རྣམས གུང་དུ་ཕྱུང་ལས་ཤེས་པར་བྱ གཉིས་པ་དངོས་གཞིའི་རིམ་པ་ལ གཉིས་ལས་དང་པོ་བདག་བསྐྱེད་ནི དཔལ་ཆེན་ཕྱག་རྒྱ་རྒྱས་པའམ མ་ནུས་བསྐྱེད་རྫོགས་བསྡུས་པ་བསྒོམ བཟླས་བརྗོད་འོད་ཟེར་སྤྲོ་བསྡུ་ཡིས དམ་ཅན་དབང་སྡུད་སྤྲོས་མེད་ཀྱི ལས་སྦྱོར་ཕྲིན་ལས་གཞུང་བཞིན་བྱ གཡུལ་མདོས་དམག་བཟློག་དམིགས་བསལ་ལ མདུན་བསྐྱེད་བདུད་འདུལ་དྲག་མོ་ཡི གཏོར་བཟློག་གཞུང་བཞིན་སྟོད་ལས་

(༤༠༣)འུྃ བྱ དེ་ལས་སྨད་ལས་གཡུལ་མདོས་ནི བཀའ་སྲུང་མ་མགོན་ལྕམ་དྲལ་གྱི དཀྱིལ་འཁོར་ཕྲིན་ལས་གཞུང་བཞིན་བསྐྱེད མཆོད་དང་བསྟོད་པས་འགྲུབ་པ་ནི དྲེགས་པའི་དམ་ཚིག་ཉིད་ཡིན་པས སྐོང་བར་འབད་ཅིང་བསྟོད་པའི་རྗེས སྲོག་སྙིང་ནས་དྲངས་འབོད་པ་གཅེས ཏྲག་རཀྴ་མུ་ཏྲ་མུ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ རག་མོ་ཏེ་མ་ཙ་ཙ རུ་ལུ་རུ་ལུ་མ་ཧི༚་བྷྱོ༔ མ་ཧཱ་ཀཱ་ལ་ཤཱ་ས་ན་ཧཱུྃ བཛྲ་སཱ་དྷུ་ཏྲི ཞེས་པས་དམ་ཅན་དབང་དུ་བསྡུ ཚོགས་མཆོད་བྱ་ཞིང་ལྷག་མ་གཏང་ གཉིས་པ་མདོས་ཀྱི་སྟོང་འཕྱོང་གྱེར་བ་ནི མདོས་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ནས ཧཱུྃ་འབྱུང་བ་ཆེན་པོ་ནམ་མཁའ་ནི འབྱུང་བ་ཆེན་པོ་ཀུན་གྱི་མཛོད འབྱུང་བ་ལས་ནི་སྣོད་བཅུད་དང་ བརྟན་གཡོའི་ཡོན་ཏན་འབྱུང་བ་ཡིན ཐམས་ཅད་སེམས་ལས་བྱུང་བས་ན ཏིང་ངེ་འཛིན་གྱི་རྫུ་འཕྲུལ་ནི ཅིར་ཡང་རྫུ་ཞིང་ཅིར་ཡང་འཕྲུལ དེ་ཕྱིར་ཏིང་འཛིན་དཀྱིལ་འཁོར་འདིར མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ མདོས་ཀྱི་ངོ་བོ་

(༤༠༤)སྟོང་པ་ཉིད དེས་ཚིག་རྣམ་པ་དུ་མའི་མདོས དབྱེ་བ་རྣམ་པ་བཞི་ཡིན་ཏེ བསྐང་པའི་མདོས་དང་བསྒྱུར་བའི་མདོས གསད་པའི་མདོས་དང་བཟློག་པའི་མདོས དེ་རིང་ཡོངས་རྫོགས་དོན་ལ་གཤེགས བཀྲེས་པ་ཟས་ལ་གདུང་སྲིད་ཀྱི སྐོམ་པ་ཆང་ལ་གདུང་སྲིད་པས མགོན་པོ་ཡོན་ཏན་མགྲོན་རྣམས་ལ བཀྲེས་སྐོམ་གདུང་བ་མེ་མདའ་ཡང་ བདེན་པའི་ཚིག་ལ་མི་ཉན་མེད འཆི་བའི་སྲོག་ལ་མི་གཅེས་མེད འབྱུང་བ་བཞི་ལ་མི་བརྟེན་མེད མཆོད་ཡུལ་མགོན་པོ་ཡོན་ཏན་ནས སྦྱིན་ཡུལ་ཐེ་བྲང་ཅན་ཆད་དུ མཐུན་པའི་རྫས་ལ་མི་ཆགས་མེད དེ་ཕྱིར་ཐུགས་དམ་བསྐང་བའི་ཕྱིར མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ ཕོ་མདོས་མོ་ནས་སྤྱན་འདྲེན་ནོ མོ་མདོས་ཕོ་ནས་སྤྱན་འདྲེན་ནོ ལྕམ་དྲལ་མཚན་ནས་སྨོས་ཏེ་འབུལ དབྱིངས་ལ་རྣམ་རྟོག་མི་མངའ་ཡང་ སེམས་ཅན་དོན་དུ་སྐུར་བཞེངས་ནས འགྲོ་བ་མགོན་མེད་སྐྱོབ་པ་དང་ ཉེས་ཅན་གཡུལ་དུ་གསད་པའི་ཕྱིར ལེགས་ཉེས་སྟངས་འཛིན་དོན་དུ་བཞེངས མདོས་གླུད་ནམ་མཁའི་མཛོད་དུ་འབུལ སྐྱེ་བ་མེད་པའི་ནམ་མཁའ་ལ

(༤༠༥)འུཾ འགགས་མེད་རྡོ་རྗེའི་བྱ་ཁྱུང་ནི རྣམ་ཐར་གསུམ་དུ་གནས་པའི་ཚང་ ཁྱུང་ཚང་དེ་ནི་ཕཊ་ཧ སྲོག་ལ་བྱ་གླག་སྒྲོ་ཡིས་བརྒྱན མ་མགོན་ལྕམ་དྲལ་ཐུགས་ཀྱི་རྟེན ཉུངས་ཀར་རྒྱལ་པོ་ཤ་རི་རམ དྲག་པོ་སྔགས་ཀྱི་མཚོན་ཆ་སྟེ ཕྲོ་མ་ཤར་ཧྲིལ་གྱི་སྒྲ་སྒྲོགས་པ མ་མགོན་ལྕམ་དྲལ་གསུང་གི་རྟེན འབྱུང་བ་ལྔ་ཡི་དངས་མ་ནི ཚོན་སྣ་ལྔ་རུ་འཕོས་པ་ཡིས གདུགས་ཆེན་དེ་ནི་མིག་མངས་རིས འཁོར་འདས་ལྟག་པ་དབྱིངས་སུ་སྤྲོད ཡེ་ཤེས་ལྔ་ཡི་དྲ་བར་འབྲེལ འཁོར་བའི་ཚ་གདུང་སྐྱོབ་པ་འདི མ་མགོན་ལྕམ་དྲལ་སྐུ་ཡི་རྟེན མཐུན་པའི་དམ་རྫས་འདི་བཞེས་ལ དམ་ཉམས་དགྲ་བོ་ཆམ་ལ་ཕོབ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོད དཔལ་བོ་སྐུ་གསུང་ཐུགས་ཀྱི་རྟེན ཀུན་ནས་མཛེས་པ་སྐུ་ཡིན་ལ མགོ་བརྒྱད་རྣམ་པར་ཤེས་པའི་ཚོགས དམག་བཟློག་དམིགས་བསལ་མིན་ན་བྱད་ཕུར་ཞེས་བསྒྱུར། སྟོང་པའི་རང་བཞིན་ཐུགས་ཀྱི་ངང་ མདའ་ལ་སྲོག་སྙིང་དཀྲིས་པ་གསུང་ མ་མགོན་བཞུགས་པའི་རྟེན་དུ་འབུལ མཐུན་པའི་དམ་རྫས་འདི་བཞེས་ལ དམ་ཉམས་

(༤༠༦)དགྲ་བོ་ཆམ་ལ་ཕོབ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོད ནམ་མཁའ་སྣང་སྟོང་གཉིས་སུ་མེད སྣང་བའི་རང་བཞིན་སྐུ་ཡིན་ཏེ གཙོ་དང་འཁོར་དུ་ལྡན་པ་ཡི སྐུ་ཡི་ཐུགས་དམ་བསྐང་བའི་ཕྱིར ནམ་མཁའ་འཇའ་ཚོན་བཞིན་དུ་བཀྲ སྟོང་པའི་རང་བཞིན་ཐུགས་ཡིན་ཏེ གཙོ་དང་འཁོར་དུ་ལྡན་པ་ཡི །ཐུགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར ནམ་མཁའི་དབུས་ནི་སྟོང་པ་ཉིད གྲགས་སྟོང་གཉིས་མེད་གསུང་ཡིན་པས གཙོ་དང་འཁོར་དུ་ལྡན་པ་ཡི གསུང་གི་ཐུགས་དམ་བསྐང་བའི་ཕྱིར ཉུངས་ཀར་སྒྲ་སྐད་སི་ལི་ལི དགོས་འདོད་འབྱུང་བ་ཡོན་ཏན་ཏེ ཡོན་ཏན་ཐུགས་དམ་བསྐང་བའི་ཕྱིར རྩེ་ལ་བྱ་གླག་སྒྲོ་ཡིས་བརྒྱན ལས་བཞི་སྒྲུབ་པ་ཕྲིན་ལས་ཏེ ཕྲིན་ལས་ཐུགས་དམ་བསྐང་བའི་ཕྱིར དར་ཚོན་ཅོད་པཎ་པུ་རུ་རུ མཐུན་པའི་དམ་རྫས་འདི་བཞེས་ལ དམ་ཉམས་དགྲ་བོ་ཆམ་ལ་ཕོབ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོད རྒྱང་བུ་འཁོར་འདས་འབྲེལ་བའི་མཚོན རྒྱང་ནི་སྲིད་པའི་ཆོས་ལ་རིང་ རྣམ་པར་མི་རྟོག་ཞི་བའི་ཐུགས བུ་ནི་འཁོར་བའི་རྒྱུད་དུ་འབྲེལ སེམས་ཅན་འདུལ་ཕྱིར་ཅིར་

(༤༠༧)འུྃ ཡང་སྟོན རྩེ་ལ་མཐུན་པའི་སྒྲོ་ཡིས་བརྒྱན མགུལ་ན་ཡུངས་ཀར་ཤ་རི་རམ ལོགས་ལ་འཇའ་ཚོན་པུ་རུ་རུ སྐུ་གསུང་ཐུགས་དང་གཉིས་སུ་མེད མཐུན་པའི་དམ་རྫས་འདི་བཞེས་ལ དམ་ཉམས་དགྲ་བོ་ཆམ་ལ་ཕོབ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོད མདའ་བཀྲ་ཐབས་ཀྱི་མཚོན་ཆ་ལ འཕང་ནི་ཤེས་རབ་ཕྱག་རྒྱ་སྟེ ཐབས་ཤེས་འབྲལ་བའི་ལྕམ་དྲལ་ལ ཟུང་འཇུག་དམ་ཚིག་རྫས་སུ་འབུལ མཐུན་པའི་དམ་རྫས་འདི་བཞེས་ལ དམ་ཉམས་དགྲ་བོ་ཆམ་ལ་ཕོབ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོད ཕོ་གདོང་དེ་ནི་དཔའ་བོའི་ཞལ མོ་གདོང་དེ་ནི་འཛུམ་པའི་བཞིན སྲིད་པ་ཆགས་པའི་ཁྱོ་ཤུག་སྟེ ཐབས་ཤེས་འབྲལ་བའི་ལྕམ་དྲལ་ལ ཟུང་འཇུག་དམ་ཚིག་རྫས་སུ་འབུལ མཐུན་པའི་དམ་རྫས་འདི་བཞེས་ལ དམ་ཉམས་དགྲ་བོ་ཆམ་ལ་ཕོབ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོད ཉི་ཟླ་འཇའ་ཁྲམ་རི་རབ་དང་ གླིང་བཞི་སྲིད་པའི་སྒོ་ང་གཉིས འབྱུང་བ་མེ་ས་ཆུ་རླུང་དཔྱད སྲིད་པ་གཞིར་བཞེངས་ཤིང་རིས་འདི ཁམས་གསུམ་དབང་བྱེད་རྫས་སུ་འབུལ མཐུན་པའི་དམ་རྫས་འདི་བཞེས་ལ དམ་

(༤༠༨)ཉམས་དགྲ་བོ་ཆམ་ལ་ཕོབ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོད གསུམ་པ་མདོས་སྐོང་ནི བྷྱོ གསང་སྔགས་གཉེན་གྱི་སྲུང་མ་མཐུ་བོ་ཆེ སྔགས་སྲུང་ནག་མོར་ལ་གཅིག་མ མངོན་པར་བསྟོད་ཀྱིས་མཐུ་མ་ཆུང་ གྲུ་གསུམ་ཡུམ་གྱི་མཁའ་དབྱིངས་ནས གྲུ་གསུམ་མཐིང་ནག་འབར་བ་ནི ཆོས་དབྱིངས་འགྱུར་བ་མེད་པ་ཡི དོན་དམ་ཐུགས་སུ་ཆུད་པའི་རྟགས རལ་པ་ཐོར་ཚུགས་གཅིག་བཅིངས་པ ཁམས་གསུམ་དབང་དུ་སྡུད་པའི་རྟགས ཕྱག་གཡས་ཞིང་ཆེན་ཙིཏྟ་ནི འགྲོ་དྲུག་རྩད་ནས་གཅོད་པའི་རྟགས ཕྱག་གཡོན་གཡུ་ཡི་སྤྱང་མོ་ཁྲ་ཐབས་གཏོང་བ་ནི གདུག་པའི་དགྲ་བགེགས་མྱུར་དུ་འདྲེན་པའི་རྟགས ཐུགས་ལས་སྤྱང་མོ་དགུ་འབུམ་འཕྲོས་པ་ནི སྟོང་ཁམས་དགྲ་བོ་མ་ལུས་སྒྲོལ་བའི་རྟགས ཞབས་གཉིས་གྱད་ཀྱི་དོར་སྟབས་བཞུགས་པ་ནི ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བའི་རྟགས མ་མོ་ནག་མོ་གདུག་པའི་སྲོག་སྒྲོལ་མ མངོན་པར་བསྟོད་ཀྱིས་མཐུ་མ་ཆུང་ བྷྱོ ཁྱོད་ཀྱི་སྤྲུལ་པ་བཤད་ཙ་ན སེམས་ཉིད་མ་བཅོས་མུ་ཁ་ལེ སེམས་ལས་བསྐྱེད་པའི་བུ་མོ་བཅུ་གསུམ་དང་ དབྱིངས་ལས་བསྐྱེད་པའི་མ་མོ་བཅུ་བཞི་དང་ ཡེ་

(༤༠༩)འུཾ གཏིང་ན་བཞུགས གློག་འགྱུ་ཆེན་མོའི་དུས་ལ་བབ བྷྱོ མ་མོའི་ཀླད་ལ་ལྡིང་བ་ནི བྱ་རྒྱལ་ཁྱུང་ལས་གཞན་མེད་པས རྩེ་ལ་འདབ་ཆགས་ཀ་རུ་ཎའི ཚང་དུ་བཅས་པས་ཐུགས་དམ་བསྐང་ སྲིད་པ་འདི་ན་ཆེ་བཙན་བ ཡིད་བཞིན་གཏེར་འགྱུར་དཔལ་བ་མཁར གྲུ་བཞི་ཐོད་པའི་ཁ་བད་ཅན འཇའ་ཚོན་ཐགས་སུ་བཏགས་པ་ཡིན གདུགས་ཆེན་ནམ་མཁའ་རྒྱས་འདེབས་ནི བླ་ན་མཐོ་ཞིང་ཀུན་ནས་མཛེས གཞལ་མེད་ཁང་གི་ཡོན་ཏན་ཀུན ཡོངས་སུ་རྫོགས་པའི་ཕོ་བྲང་འདི མ་མོ་བཞུགས་པའི་རྟེན་དུ་འཛུགས རྟོག་པ་རྒྱུན་གྱིས་ཐུགས་དམ་བསྐང་ སྣང་བ་ཐམས་ཅད་ཡེ་ཤེས་ལྔར ཤར་བའི་ཚོན་སྐུད་དྲ་བ་ཅན སྟོང་ཆ་སྐྱེ་བ་མེད་པ་དང་ འདུ་འབྲལ་མེད་པའི་མདོས་ཆེན་ནི མ་མོའི་ལྟ་བ་མཚོན་བ་སྟེ རྟག་ཆད་མེད་པས་ཐུགས་དམ་བསྐང་ སྣ་ཚོགས་སྣང་བ་རིགས་པའི་རྩལ མ་འདྲེས་རྨ་བྱའི་རི་མོ་བཞིན སྣང་ཡང་གཟུང་འཛིན་གཉིས་སྤངས་པའི རྒྱན་གྱིས་ཀུན་ནས་བརྒྱན་པ་ནི མ་མོའི་སྒོམ་པ་མཚོན་པ་སྟེ གསལ་འགྲིབ་མེད་པས་

(༤༡༠)ཀྱི་སྤྲུལ་བ་ནག་མོ་བདུན ཚོགས་ཀྱི་ནག་མོ་ཉི་ཁྲིའི་ཚོགས སྐུ་ཡི་སྤྲུལ་པ་དཀར་མོ་བདུན ཚོགས་ཀྱི་དཀར་མོ་ཉི་ཁྲིའི་ཚོགས གསུང་གི་སྤྲུལ་པ་མ་མོ་བདུན ཚོགས་ཀྱི་དམར་མོ་ཉི་ཁྲིའི་ཚོགས ཡོན་ཏན་མ་མོ་སེར་ནག་བདུན ཚོགས་ཀྱི་སེར་མོ་ཉི་ཁྲིའི་ཚོགས ཕྲིན་ལས་མ་མོ་ལྗང་ནག་བདུན ཚོགས་ཀྱི་ལྗང་ནག་ཉི་ཁྲིའི་ཚོགས བྷྱོ ཁྱོད་ཀྱི་སྤྲུལ་པ་རེ་མ་ཏི མ་ཡི་ནང་ནས་མ་གཅིག་མ དམ་ཉམས་ཀུན་གྱི་བདུད་གཅོད་མ དམ་ལ་གནས་པའི་ཚེ་འཛིན་མ སྟོང་ཁམས་ཀུན་གྱི་ཉུ་ལེ་མ ནད་བདག་ཆེན་མོ་རིམས་འདག་མོ ཆིབས་སུ་དྲིལ་རྟ་རྐང་གསུམ་ཆིབས༔ དྲ་བ་དགུ་ཡི་ལྟེ་ལེན་ཅན བྱི་རུ་དམར་པོའི་རྒྱན་སྲབ་ཅན ཉིན་བཞིན་ཁྱོ་དགུ་བསྐུངས་ནས་སྦེད མཚན་མོ་དུར་ཁྲོད་ཁྱབ་པར་ཉུལ རྣལ་འབྱོར་མཐའ་དག་ཚོགས་ཁང་འགྲིམ རྣལ་འབྱོར་དམ་ཚིག་གཙང་མི་གཙང་ མཆེད་ལྕམ་བརྩེ་གདུང་ཆེའམ་ཆུང་ སློབ་དཔོན་ཏིང་འཛིན་དྲོད་ཉུལ་མ ལེགས་ཉེས་སྟངས་འཇོན་དམ་ཚིག་རྗེས་གཅོད་མ ཉིད་ཀྱི་སྐུ་མདོག་མཐིང་ནག་ལ རལ་བའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ ཞལ་ནས་མི་ཁྲག་རྟ་ཁྲག་འཛག མི་གནས་ཁྲག་

(༤༡༡)འུཾ འཛག་ཟུ་ལུ་ལུ ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་བསྐྱོད་པའི་ཚེ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་ མཚན་མོ་གཅིག་ལ་ཁྱབ་པར་གཅོད རྣལ་འབྱོར་ཆེན་མོ་ཨ་ལ་ལ༔ ཁྱོད་ཀྱི་ལག་པ་གཡས་པ་ན བདུད་ཀྱི་ཁྲམ་བམ་རེ་རེ་ཐོགས སྐྱེ་འགྲོ་དབུགས་སུ་སྣང་བ་ཀུན སང་ཕོད་དེང་སང་སུ་འཆི་བ དོ་གཅིག་ཤྭ་རྡེའུ་ནག་པོ་འགྲིམས ཁྱོད་ཀྱི་མཆན་ཁུང་གཡས་པ་ན བྱང་དམར་དཀྱུས་པའི་པས་པོ་སྦེད སང་ཕོད་དེང་སང་སུ་འཆི་བ དོ་གཙིག་བྱང་དམར་དཀྱུས་ལ་འདེབས ཁྱོད་ཀྱི་མཆན་ཁུང་གཡོན་པ་ན ནད་ཀྱི་རྐྱལ་པ་སྔོ་དམར་ལ སྦྲུལ་ནག་བརྒྱ་ཡིས་ཁ་བ་ཅིངས་ཅན ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ གསང་སྔགས་བོན་དུ་ཁྱེར་བའི་ཚེ རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས དེ་ཚེ་སྲིད་པའི་མ་མོ་འཁྲུགས དེ་ཚེ་ཁྱོད་ཀྱི་རྟགས་བསྟན་པ ཁྱོད་ཀྱི་ཁ་རླངས་སེར་པོ་ཡིས སྟོང་ཁམས་ཐམས་ཅད་འགེངས་བྱེད་ཅིང་ བུད་མེད་སེར་མོས་ས་གཞི་འགེངས ཆ་ཞིང་ཁྲོ་ཆེན་ཤྭ་གཡའ་གཏོང་ ནམ་མཁའི་མ་ཐོབས་ན་ཁྱོད་གནས་པ ནམ་མཁའི་དབྱིབས་ཀྱི་དཔལ་མོ་བཙན་

(༤༡༢)སེམས་ཅན་ཀུན་གྱི་ལམ་སྟོན་མ བར་སྣང་མཁའ་ལ་བཞུགས་པའི་ཚེ བྷ་ག་ཧྲི་སྟེ་མཁའ་ལ་ ཆར་འབེབས་མ འབྱུང་བ་ལྔ་ཡི་ཆ་སྙོམས་མ འཛམ་གླིང་འབྲུ་ཡི་བཅུད་ལེན་མ དེ་ཡང་བྱང་ཤར་རེ་མ་ཏི རི་རབ་རྩེ་ལ་བཞུགས་པའི་ཚེ མེ་ཟ་མ་ལ་བྲག་གྱོན་མ རྣལ་འབྱོར་ཀུན་གྱི་ཚེ་འཛིན་མ དེ་ཡང་བྱང་ཤར་རེ་མ་ཏི འབར་མ་ཉུང་བྱེད་གཙོ་མོ་ནི འབར་མ་ཉི་མའི་ཞགས་པ་ཅན ཕུད་ལྷག་ཉུལ་ཞིང་སྒྲུབ་མཆོག་སྐྱོང་ དེ་ཡང་དཔལ་ལྡན་རེ་མ་ཏི ཧཱུྃ་དབང་ཕྱུག་ཉི་ཤུ་བརྒྱད་ཀྱི་ནང་ན་བཞུགས་པའི་ཚེ མིང་སྲིད་གཡག་མགོ་ཐོད་རློན་འཆང་ ཁ་ཆུ་བསྙག་ཅིང་སྒྲུབ་མཆོག་སྐྱོང་ དེ་ཡང་དཔལ་ལྡན་རེ་མ་ཏི མ་བརྒྱའི་གཙོ་མོ་མཛད་པའི་ཚེ ཨེ་ཀ་ཛ་ཊི་རལ་གཅིག་མ རྣལ་འབྱོར་ཏིང་འཛིན་དྲོད་ཉུལ་མ དེ་ཡང་དཔལ་ལྡན་རེ་མ་ཏི ཆེ་ཆེན་མོ་མཐུ་མོ་ཆེ དབྱར་བཞིན་ནམ་མཁའི་ཁམས་ན་རྒྱུ འབྲུག་དང་གློག་གི་བདག་མོ་མཛད དབྱིད་བཞིན་ཀུན་ལ་དྲོད་མཛད་པ ཆུ་བོ་ཀུན་གྱི་གཞུང་འབྱམས་མ སྟོན་བཞིན་འབྲས་བུ་སྨིན་མཛད་ཅིང་ འབྲུ་དང་ལོ་ཡི་བཅུད་ལེན་མ དགུན་བཞིན་རྒྱ་མཚོའི་

(༤༡༣)འུཾ གཏིང་ན་བཞུགས གློག་འགྱུ་ཆེན་མོའི་དུས་ལ་བབ བྷྱོ མ་མོའི་ཀླད་ལ་ལྡིང་བ་ནི བྱ་རྒྱལ་ཁྱུང་ལས་གཞན་མེད་པས རྩེ་ལ་འདབ་ཆགས་ཀ་རུ་ཎའི ཚང་དུ་བཅས་པས་ཐུགས་དམ་བསྐང་ སྲིད་པ་འདི་ན་ཆེ་བཙན་བ ཡིད་བཞིན་གཏེར་འགྱུར་དཔལ་བ་མཁར གྲུ་བཞི་ཐོད་པའི་ཁ་བད་ཅན འཇའ་ཚོན་ཐབས་སུ་བཏགས་པ་ཡིན གདུགས་ཆེན་ནམ་མཁའ་རྒྱས་འདེབས་ནི བླ་ན་མཐོ་ཞིང་ཀུན་ནས་མཛེས གཞལ་མེད་ཁང་གི་ཡོན་ཏན་ཀུན ཡོངས་སུ་རྫོགས་པའི་ཕོ་བྲང་འདི མ་མོ་བཞུགས་པའི་རྟེན་དུ་འཛུགས༔ རྟག་པ་རྒྱུན་གྱིས་ཐུགས་དམ་བསྐང་ སྣང་བ་ཐམས་ཅད་ཡེ་ཤེས་ལྔར ཤར་བའི་ཚོན་སྐུད་དྲ་བ་ཅན སྟོང་ཆ་སྐྱེ་བ་མེད་པ་དང་ འདུ་འབྲལ་མེད་པའི་མདོས་ཆེན་ནི མ་མོའི་ལྟ་བ་མཚོན་བསྟེ རྟག་ཆད་མེད་པས་ཐུགས་དམ་བསྐང་ སྣ་ཚོགས་སྣང་བ་རིགས་པའི་རྩལ མ་འདྲེས་རྨ་བྱའི་རི་མོ་བཞིན༔ སྣང་ཡང་གཟུང་འཛིན་གཉིས་སྤངས་པའི རྒྱན་གྱིས་ཀུན་ནས་བརྒྱན་པ་ནི མ་མོའི་སྒོམ་པ་མཚོན་པ་སྟེ གསལ་འགྲིབ་མེད་པས་

(༤༡༤)།ཐུགས་དམ་བསྐང་ ལས་བཞི་རྫོགས་པའི་སྟེགས་བུ་ལ འབྱུང་བ་རིམ་བརྩེགས་ལྡན་པའི་སྟེང་ ལྕགས་མཁར་ཐོད་པས་ཁ་བཅད་ན བདུད་དང་གཤིན་རྗེའི་བཞུགས་གནས་ཏེ དེ་ལ་སྣང་སྲིད་སྣོད་བཅུད་ཀྱི མཐུན་རྫས་མ་ཚང་མེད་པ་དང་ གཙང་དམེ་བྲལ་བའི་དམ་རྫས་བཀོད ལན་བུ་ངར་བྱ་གཟུགས་བརྙན་ཚོགས མ་མོའི་སྤྱོད་པ་མཚོན་པ་སྟེ བླང་དོར་མེད་པས་ཐགས་དམ་བསྐང་ བྷྱོ མདོས་ལ་རྣམ་པ་དུ་ཡོད་དེ སྒྲུབ་པའི་མདོས་དང་སྐོང་པའི་མདོས གཡུལ་ངོ་ཟློག་དང་གནོད་མདོས་དང་ པོ་མདོས་མོ་ལ་བཏང་བ་དང་ མོ་མདོས་ཕོ་ལ་གཏང་བ་དང་ སྤྱི་མདོས་སྒོས་ལ་གཏང་བ་དང་༔ སྒོ་མདོས་སྤྱི་ལ་གཏང་བ་ལས དེང་འདིར་ཐུགས་དམ་བསྐང་བའི་ཕྱིར སྲིད་པ་མ་མོའི་དཀྱིལ་འཁོར་དུ༔ ལྕམ་དྲལ་སྤྱི་ལ་འབུལ་བ་ནི མདའ་ཁྲ་ཐབས་ཀྱི་ཕྱག་མཚན་ལ འཕང་ནི་ཤེས་རབ་ཕྱག་རྒྱར་མཐུན༔ རྒྱང་བུ་སྐུ་གསུང་ཐུགས་ཀྱི་རྟེན རྩེ་ལ་དེ་ནི་རྨ་བྱའི་མདོངས མགུལ་ན་ཉུངས་ཀར་ཤར་ར སྐེད་ལ་དར་ཚོན་བུ་རུ་རུ ཁྱོད་ཀྱི་ཞལ་དང་གཉིས་སུ་མེད ཕོ་གདོང་དེ་ནི་སྟག་ལས་ངར སྐྱེས་པ་ཕོ་ཡི་གླུད་དུ་འབུལ མོ་གདོང་དེ་ནི་སྙིང་དུ་སྡུག

(༤༡༥)འུྃ ཟ་མ་མོ་ཡི་གླུད་དུ་འབུལ ནམ་མཁའ་སྣང་སྟོང་གཉིས་སུ་མེད མ་རིག་སེམས་ཀྱི་གླུད་དུ་འབུལ སྣང་སྲིད་ཀུན་ལ་ཁྱབ་པ་ནི སྔགས་བསྲུང་ཨེ་ཀ་ཏི་ཡིན དྲེགས་པ་ཡོངས་ཀྱི་སྡེ་དཔོན་ནི ལྷ་ཆེན་མ་ཧཱ་ཀཱ་ལ་སྟེ བསྟན་པ་ཀུན་གྱི་སྲུང་མ་ནི མགོན་པོ་བདུན་ཅུ་རྩ་ལྔ་ཡིན བསྐང་བའི་སྐོང་མདོས་ཆེན་པོ་ནི དངོས་འཛིན་རང་རྒྱུས་མ་ཡིན་ཏེ ཏིང་ངེ་འཛིན་གྱིས་སྤྲུལ་པས་ན ཡས་ཆད་སྨྲང་གིས་འཐུད་པ་ཡིན མ་ཚང་མེད་པའི་མཐུན་རྫས་ཀྱིས སྐོང་ངོ་བསྐལ་པར་ཐུགས་དམ་བ་སྐང་ ཆག་ཆེ་ཉམ་ང་དགྲ་འདྲེ་དང་ བྱད་ཁ་ཕུར་ཁ་མི་ཁ་སོགས མི་མཐུན་ནད་དལ་ཞི་བ་དང་ ཚེ་དཔལ་ལོངས་སྤྱོད་རྒྱས་པ་དང་ ཁམས་གསུམ་དབང་དུ་འདུ་བ་དང་ དགྲ་བགེགས་ཐལ་བར་རློག་པ་དང་ བཀྲ་ཤིས་ཕུན་ཚོགས་བདག་ལ་སྩོལ ཧཱུྃ རི་རབ་གླིང་བཞིའི་དཀྱིལ་འཁོར་ནས འཇིག་རྟེན་ཡོངས་ཀྱི་མངའ་བདག་མོ མ་མོ་ཚོགས་ཀྱི་རྒྱལ་མོ་སྟེ སྲིད་གསུམ་ཡོངས་ལ་མད་མཛད་མོ སྐྱེ་འགྲོ་ཡོངས་ཀྱི་ཟ་བྱེད་མོ ན་བཟའ་སྟོང་གསུམ་གཡམ་གཞི་ལ༔ ཐོད་རློན་མང་པོའི་ཕྲེང་བ་ཅན ལག་ན་སྙིང་

(༤༡༦)གི་ལོངས་སྤྱོད་མ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་པོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངས ཧཱུྃ རྡོ་རྗེ་རིགས་ཀྱི་རྒྱལ་མོ་སྟེ ཤར་ཕྱོགས་ཁམས་ཀྱི་མངའ་བདག་མོ དཀར་མོ་སྤྲིན་ཆེན་གོ་ཟུ་ལ ལག་ན་གསེར་གྱི་སྤུ་གྲི་ཐོགས སྲིད་པ་གསུམ་གྱི་རུས་འཆའ་མ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག མདོས་བདག་ཆེན་མོ་མདོས་ཀྱི་བསྐང་ གླུད་བདག་ ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ རིན་ཆེན་རིགས་ཀྱི་རྒྱལ་མོ་སྟེ ལྷོ་ཕྱོགས་ཁམས་ཀྱི་མངའ་བདག་མོ ནག་མོ་གཡུ་ཡི་གོ་ཟུ་ལ བསྐལ་པའི་མེ་ཡི་འོད་འབར་ཞིང་ ཕྱག་ན་མེ་ཡི་དཀྱིལ་འཁོར་ཐོགས སྲིད་པ་གསུམ་གྱི་དྲོད་འབེབས་ཏེ སྐྱེ་འགྲོ་ཀུན་གྱི་ཚེ་འཕྲོགས་མ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག མདོས་བདག་ཆེན་པོ་མདོས་ཀྱིས་བསྐང་ གླུད་བདག་ ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ པདྨ་རིགས་ཀྱི་རྒྱལ་མོ་སྟེ༔ ནུབ་ཕྱོགས་ཁམས་ཀྱི་མངའ་བདག་མོ དམར་

(༤༡༧)འུཾ མོ་ཁྲག་གི་གོ་ཟུ་ཅན ལག་ན་ཐོད་པ་ཁྲག་གིས་བསྐང་ སྐྱེ་འགྲོ་ཀུན་གྱི་ཁྲག་འཐུང་མ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ལས་ཀྱི་རིགས་ཀྱི་རྒྱལ་མོ་སྟེ བྱང་ཕྱོགས་ཁམས་ཀྱི་མངའ་བདག་མོ ལག་ན་ནེའུ་ལེའི་རྐྱལ་པ་ཐོགས སེར་མོ་རླུང་གི་གོ་ཟུ་ཅན སྐྱེ་འགྲོ་ཀུན་གྱི་དབུགས་འཕྲོག་མ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ནམ་མཁའི་རིགས་ཀྱི་རྒྱལ་མོ་སྟེ འཇིག་རྟེན་ཡོངས་ཀྱི་མདའ་བདག་མོ མཐིང་ནག་ནམ་མཁའི་གོ་ཟུ་ལ གསེར་གྱི་དྲིལ་ཞགས་བརྡེག་ཅིང་འཕེན སྐྱེ་འགྲོ་ཀུན་གྱི་བཀྲག་འཕྲོག་མ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ རི་རབ་གླིང་བཞིའི་

(༤༡༨)ཟོམ་རྩེ་ནས སྣང་སྲིད་སྲོག་གི་ཕུར་འཕྲོག་བདག སྐུ་མདོག་མཐིང་ཁ་ཆེན་པོ་ལ དབུ་དང་སྤྱན་ནི་ཅིར་ཡང་སྟོན རིན་ཆེན་རལ་པ་སྣ་ཚོགས་ཀྱིས སྣང་སྲིད་ཁ་དོག་གསལ་མཛད་མ སྤྱན་གཉིས་མཛེས་པའི་མཆི་མ་ཡི གཡས་པས་སྣང་སྲིད་དབང་དུ་སྡུད གཡོན་པས་སྐྱེ་འགྲོ་གསོལ་མཛད་མ ལྔ་བཅུ་རྩ་བདུན་གཙོ་མོ་སྟེ སྐྱེ་འགྲོ་ཀུན་གྱི་མངའ་མཛད་མ མ་མོ་ཆེན་མོ་གཤེགས་ནས་ཀྱང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཆེ་ཞེ་ཆེན་མོ་དཀར་མོ་སྟེ ཉི་ཟླ་སྟོང་གི་ཕྲེང་བ་ཅན ལྕགས་དང་ཟངས་ཀྱི་དྲིལ་ཆགས་ལ སྙིང་གི་ཞགས་པ་བརྡེག་ཅིང་འཕེན སྤྲུལ་པ་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཆེ་ཞེ་ཆེན་མོ་དཀར་མོ་སྟེ ཉི་ཟླ་སྟོང་གི་ཕྲེང་བ་ཅན ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལ སྙིང་གི་ཞགས་པ་བརྡེག་ཅིང་འཕེན སྤྲུལ་པ་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་

(༤༡༩)གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ ཆེ་ཞེ་ནག་མོ་ཁྲག་འཐུང་མ སྲིད་པ་གསུམ་ཆར་དབང་དུ་བསྡུས ལག་ན་ཐོད་པ་ཁྲག་གིས་བཀང་ ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱི་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ ཆེ་ཞེ་དམར་མོ་བདུད་རྩིའི་བདག སྲིད་པ་གསུམ་གྱི་གསོས་མཛད་མ ལག་ན་བདུད་རྩིའི་བུམ་པ་ཐོགས ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ ཆེ་ཞེ་ལྗང་ནག་གནས་སྦྲུལ་མ སྲིད་པ་གསུམ་ཆར་གསང་བར་སྦྱོར ལག་ན་ཞིང་ལྤགས་རྒྱལ་མཚན་ཐོགས ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ མཚན་ནི་སྲིད་པའི་རྒྱན་བྱེད་མ ལག་ན་སྒྲ་

(༤༢༠)ཡི་ཞགས་པ་ཐོགས ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ མཚན་ནི་དབྱིངས་ཕྱུག་ཆེན་མོ་ལ ལག་ན་མེ་ཡི་དབྱུག་པ་ཐོགས ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ མཚན་ནི་བདག་ཉིད་ཆེན་མོ་སྟེ ལག་ན་ཞིང་གི་རྒྱུ་ཞགས་འཕེན ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ མཚན་ནི་གཅིག་པུ་ཆེན་མོ་ལ ལག་ན་མི་ཡི་གཡང་གཞི་རྡེབ ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ གླིང་བཞི་མགྱོགས་མའི་དཀྱིལ་འཁོར་ནས སྲིད་པ་ཤར་གྱི་བདག་མོ་སྟེ དཀར་མོ་ཆེན་མོ་མིག་གཅིག་མ

(༤༢༡)འུཾ ལག་ན་བྷནྡྷ་ཟླུམ་པོ་ཐོགས སྐྱེ་བར་བྱེད་པའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ། སྲིད་པ་ལྷ་ཡི་མདའ་བདག་མོ ནག་མོ་ཆེན་མོ་མཆེ་བ་ཅན ལག་ན་བྷན་དྷ་སུལ་མང་ཐོགས སྲིད་པར་བྱེད་པའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱི་བསྐང་ ཧཱུྃ སྲིད་པ་ནུབ་ཀྱི་མདའ་བདག་མོ དམར་མོ་དབང་གི་རྒྱལ་མོ་སྟེ ལག་ན་བྷན་དྷ་ལྕང་ལོ་ཐོགས འཆི་བར་བྱེད་པའི་མིང་ནས་བྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ སྲིད་པ་བྱང་གི་མངའ་བདག་མོ སེར་མོ་ཆེན་མོ་ལས་ཀྱི་གཙོ ལག་ན་བྷན་དྷ་རྒྱ་གྲམ་ཐོགས ལེན་པར་བྱེད་པའི་མིང་ནས་བྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག

(༤༢༢)ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ དཔེའི་འོག་མ་ལ་བསྔོ་བར་བྱ་སྟེ། ཧཱུྃ སྲིད་པ་ཡོངས་ཀྱི་ཟ་བ་མོ ཤན་ཤན་ནེའུ་ཚོགས་ཀྱི་རྗེ གོས་སུ་མི་ལྤགས་རློན་པ་ལ ཟ་མ་མི་མགོ་སྟོང་གིས་བསྐོར སྲིད་པ་ཀུན་གྱི་བདག་ཉིད་མ ཟང་ཀོ་ན་ཚའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ ཧ་ལ་ཧ་ལ་གདོང་བརྒྱ་མ སྲིད་པ་ཀུན་གྱི་ཁྱིམ་བདག་མོ སྟག་ལྤགས་གཡང་གཞི་གོས་སུ་གྱོན ཧེ་རུ་ཀ་ཡི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ འཇིག་རྟེན་ཀུན་གྱི་བྱམས་མཁན་མོ སྤྲིན་དཀར་མཛེས་པ་གོས་སུ་གྱོན ལག་ན་མི་ཡི་བགས་པ་ཐོགས ཨེ་ཀ་ཛ་ཊིའི་མིང་ནས་བྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཧཱུྃ ཆ་བྱད་སྔོན་མོ་ཆེན་མོ་ལ མུ་ཏིག་ཁུ་

(༤༢༣)འུཾ འཕང་གོ་ཟུ་ཅན ཚེ་དང་གཡང་ལ་རྐུ་འཕྲོག་བྱེད༔ ནམ་མཁའི་རྒྱལ་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངས གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཆ་བྱད་དཀར་མོ་ཆེན་མོ་ལ ལག་ན་ལྕགས་ཀྱུ་འབར་བ་ཐོགས གླིང་བཞི་ཉུལ་བྱེད་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ རི་རབ་གླིང་བཞིའི་གྲུ་འདེགས་མ ཆ་བྱད་དཀར་མོ་སྒེག་མ་པ ལག་ན་རྡོ་རྗེ་ཁ་ཊྭཾ་ཐོགས ཧར་ཏིང་དཀར་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག །ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ཆ་བྱད་ནག་མོ་ཆེན་མོ་ལ ལག་ན་མེ་ཡི་འཁོར་ལོ་ཐོགས དུན་ཏིང་ནག་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངས ཧཱུྃ ཆ་བྱད་དམར་མ་སྒེག་མ་ལ ལག་ན་

(༤༢༤)ཆུ་ཡི་འཁོར་ལོ་ཐོགས ཤན་ཏིང་དམར་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངས ཆ་བྱད་སེར་མོ་སྒེག་མ་ལ ལག་ན་རླུང་གི་འཁོར་ལོ་ཐོགས གྲུབ་ཏིང་སེར་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ དམག་གི་རྒྱལ་མོ་ཆེན་མོ་བཞི རིགས་བཞིའི་དམག་དཔུང་འཁོར་གྱིས་བསྐོར ཁ་རྗེ་ཟ་ཁའི་བདག་མོ་སྟེ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ དངོས་པོ་ཆ་བྱད་ནག་མོ་ལ འཇིགས་སུ་རུང་བའི་རལ་པ་ཅན སྐུ་སྟོད་སྟག་ལྤགས་གཡང་གཞི་ལ སྐུ་སྨད་ཟངས་ཀྱི་ཞབས་མ་ཅན མི་ཕྱུགས་གསོད་པའི་ཁྲམ་བམ་ཐོགས ཁྱོད་ནི་འདོད་ཁམས་གཙོ་མོ་སྟེ གཤིན་རྗེ་བམ་ཆེན་མིང་ནས་ཕྱུང་། མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་༔ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་

(༤༢༥)འུཾ ལྷ་ཆེན་བརྒྱད་ཀྱི་མ་ཆེན་མོ སྲིན་མོ་ཆེན་མོ་བརྐམ་མ་དང་ སྲིན་མོ་ཆེན་མོ་རབ་ཏུ་བསྐུལ་མ་དང་ སྲིན་མོ་ཆེན་མོ་ཕོར་ཐོགས་མ སྲིན་མོ་ཆེན་མོ་དྲི་འདོད་ན་སྲིན་མོ་ཆེན་མོ་གཡང་གཞི་མ སྲིན་མོ་ཆེན་མོ་གསོད་བྱེད་མ སྲིན་མོ་ཆེན་མོ་ཤ་ཟ་མོ འཇིག་རྟེན་ཁམས་འདིར་འཁྱུག་བྱེད་ཅིང་ སྲོག་ཆགས་ཀུན་ལ་གནོད་བྱེད་མ མཁལ་མ་སྙིང་དང་ནང་ཁྲོལ་གྱིས སྙིམས་པ་ཤིན་ཏུ་བཀང་ནས་སུ རང་གིས་རང་ལ་ཐིམ་པར་སྟོན ཟ་ཡིན་རྣམ་པ་ཀུན་ཏུ་རྒྱུག མ་བདུན་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངས ཤར་ཕྱོགས་ཁམས་ནས་ཀུན་ཏུ་རྒྱུག མི་མགོའི་ཕོར་པ་ཁྲག་གིས་བཀང་ གྲོང་སྒོར་འཐོར་ཞིང་ནད་འབེབས་མ མ་བདུན་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ གླིང་བཞི་ཀུན་ཏུ་རྒྱུག་འགྲོ་སྟེ ས་འོག་ཀུན་ནས་སྣོམ་བྱེད་ཅིང་ འཇིག་རྟེན་འཆི་བདག་ཟ་བ་མོ ས་

(༤༢༦)བདག་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱི་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ ནག་མོ་ཆེན་མོ་ཧལ་ཧལ་མོ ཐབ་དང་གཞོབ་ཀྱི་སྡོང་ཟླ་མོ མ་ཡམ་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ གླིང་བཞི་ཀུན་ཏུ་རྒྱུག་འགྲོ་མ ཕྱོགས་བཞི་དག་ནི་སྲིན་མོར་གྲགས སྲིན་མོ་ཆེན་མོ་ཕོ་ཉའི་ཚུལ ཕོ་ཉ་ཆེན་མོའི་མིང་ནས་ཕྱུང་ མདོས་བདག་ཆེན་མོ་མདོས་ཀྱིས་བསྐང་ གླུད་བདག་ཆེན་མོ་གླུད་བཞེས་ཤིག ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐང་ བཞི་པ་གསད་མདོས་ཞལ་བསྒྱུར་བ་ནི རང་ཡི་དམ་གྱི་ཏིང་འཛིན་གསལ་བའི་།ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཙོ་འཁོར་ཡོངས་རྫོགས་གཟི་བྱིན་བསྐྱེད་ཅིང་དམ་ལ་བཞག་པས་དྲག་པོའི་འཕྲིན་ལས་བསྒྲུབ་པ་ལ་དཔའ་བས་བྱ་གླག་གཟན་ལ་འཛུམ་པ་ལྟར་བསམ་ལ། ཏྲག་རཀྴ་མ་མ་ཏི་ཏ་ས་མ་ཡ་ཛཧཱུྃ་བཾ་ཧོ ཏྲག་རཀྴ་ཨེ་ཀ་ཛ་ཊི་མ་ཧ་ཀཱ་ལ་ཤཱ་ས་ན་ཛ ཏྲི་བཛྲ་སཱ་དྷུ་ས་མ་ཡཱ་ཨམདུརུཙཤ

(༤༢༧)འུཾ ནདགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ ཅེས་བཟླའོ ཧཱུྃ དུར་ཁྲོད་འབར་བའི་གཞལ་མེད་ཁང་ ཐོད་མཁར་གྲུ་གསུམ་ཕོ་བྲང་ནས དཔལ་ལྡན་མ་མགོན་ལྕམ་དྲལ་དང་ མགོན་པོ་བདུན་ཅུ་ཡང་འཁོར་བཅས བཞེངས་ཤིག་བཞེངས་ཤིག་ད་བཞེངས་ཤིག བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོད ཆོས་ཉིད་ཞི་ལས་མ་གཡོས་ཀྱང་ གདུལ་དཀའ་འདུལ་ཕྱིར་སྲིན་མོའི་གཟུགས ནག་མོ་ཁྲོས་མ་རལ་གཅིག་མ དབུ་དགུ་ཟངས་ཁ་ལྕགས་སྡེར་ཅན གཡས་ན་མདོས་ཟོར་ཐོག་ལྟར་འབེབས གཡོན་ན་ཀོང་ཟོར་རྦབ་ལྟར་འདྲིལ མདོས་ཟོར་ཐོག་ལྟར་འབེབ་པ་དེ ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ལས ནམ་མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་རྨ་བྱའི་སྒྲོ་ཡིས་བརྒྱན རྨ་བྱས་དགྲ་བོ་གཡེངས་པར་བྱེད རྒྱ་དབུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དི་རི་རི འཕང་ཁྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྤྱུགས་གླུ་གྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་

(༤༢༨)གདོང་ དམོད་ངན་འོ་དོད་ལྷང་སེ་ལྷང་ ཤིང་རིམ་སྲིད་པ་རུ་ལོག་མཚོན གནམ་ས་གྲུམ་པའི་འུར་ཆེམ་སྒྲོགས གཡུལ་ངོ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུང་རྩང་ ལྕགས་ཟངས་རྡོ་རྐྱེན་བཟློག་སྤྱིར་བཏང་ལ དགྲ་བགེགས་སྒྲོལ་བའི་མཚོན་ཆར་འབུལ བྱང་ཕུར་བཟློག་པའི་འཕྲིན་ལས་མཛོད ཅེས་བསྒྱུར། ཕྱེའི་མེ་སྟག་འཕྲོ དུང་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས མ་མོའི་གདོན་ཚོགས་དགྲ་ལ་སྒྱུར ཆོས་ཉིད་གཅིག་ལས་མ་གཡོས་ཀྱང་ ཚོགས་དྲུག་དག་པས་སྤུན་དྲུག་ཤར ཀུན་ཀྱང་རལ་གཅིག་ཕུར་པའི་ཞབས གཡས་གཡོན་ཙིཏྟ་ཐོད་ཁྲག་བསྣམས དམ་ཉམས་དགྲ་ལ་ནད་དལ་འབེབས འདོད་པ་ཁམས་ལ་དབང་སྒྱུར་ཚེ རེ་མ་ཛ་དང་རེ་མ་ཏི རེ་མ་ཛུ་དང་རེ་མ་དུ ཁྱུང་དྲིལ་ཤ་བ་ཆུ་གླང་ཞོན གཡས་གཡོན་ཟངས་གྲི་ཐོད་ཁྲག་ཐོགས བརྣག་པའི་དགྲ་ལ་ཤྭ་རྡེལ་ཁྲོམ གཡས་པས་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའ་

(༤༢༩)འུྃ དེ་ནི་སྤུ་གྲིའི་སོ རྩེ་ལ་སྐྱུང་ཀའི་སྒྲོ་ཡིས་བརྒྱན སྐྱུང་ཀས་དགྲ་བོ་ལྕེབ་གྲིར་གསོད རྒྱང་བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དི་རི་རི འཕང་ཁྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷངས་སེ་ལྷང་ ཤིང་རིས་སྲིད་པ་རུ་ལོག་མཚོན གནམས་གྲུམ་པའི་འུར་ཆེམ་སྒྲོགས གཡུལ་ངོར་བཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས མ་མོའི་གདོན་ཚོགས་དགྲ་ལ་བསྒྱུར ལྷ་ཡི་ཡུལ་དུ་གཤེགས་ཙ་ན ལྷ་ལ་དབང་སྒྱུར་མནྡཱ་ར ལྷ་དམག་འབུམ་སྡེའི་དམག་དཔོན་མཛད དམ་ཉམས་དགྲ་ལ་ཚོན་

(༤༣༠)དུ་སྐྱོངས ཀླུ་ཡི་ཡུལ་དུ་གཤེགས་ཙ་ན མི་ཟ་བྲག་གྱོན་དཔལ་འབར་མ ཀླུ་གདོན་མང་པོའི་སྣ་འདྲེན་མཛད དམ་ཉམས་དགྲ་ལ་མཛེ་ནད་ཐོད བདུད་ཀྱི་ཡུལ་དུ་གཤེགས་ཙ་ན བདུད་ལ་དབང་སྒྱུར་དམུ་བཟའ་ལྕམ བདུད་དམག་འབུམ་སྡེའི་དམག་དཔོན་མཛད དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ གཡས་ན་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་སྐྱུང་ཀའི་སྒྲོ་ཡིས་བརྒྱན སྐྱུང་ཀས་དགྲ་བོ་ལྕེབ་གྲིར་གསོད རྒྱང་བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་སུ་སྒྲ་དི་རི་རི འཕང་སྒྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷང་སེ་ལྷང་ ཤིང་རིས་སྲིད་པ་རུ་ལོག་མཚོན གནམ་ས་གྲུམ་པའི་འུར་ཆེན་སྒྲོགས གཡུལ་དེ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་ཚེ་ཉུངས་རྩང་ ལྕངས་ཟངས་རྔོ་ཕྱེའི་མེ་

(༤༣༡)སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས མ་མོའི་གདོན་ཚོགས་དགྲ་ལ་སྒྱུར ཤོ་ནའི་གདོང་ཅན་ལ་སོགས་པ བྲན་གཡོག་བདུན་ཅུ་རྩ་གཉིས་རྣམས རྣམ་འགྱུར་ཆ་ལུགས་མ་ངེས་ཤིང་ མཐུ་དང་རྫུ་འཕྲུལ་གློག་ལས་མྱུར དགྲ་ལ་འབྲུམ་ནད་ཤ་ལ་ཕོབས བཤན་པ་སྲོག་སྒྲུབ་ཙཎྚི་ཀ དུད་སོལ་མ་དང་དྲག་མོ་རྒྱལ ཚེ་རིང་མཆེད་ལྔ་དུར་ཁྲོད་མ བསྟན་མ་བཅུ་གཉིས་འཁོར་དང་བཅས གཡས་ན་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའི་དེ་ནི་སྤུ་གྲིའི་སོ རྩེ་ལ་སྐྱུང་ཀའི་སྒྲོ་ཡིས་བརྒྱན སྐྱུང་ཀས་དགྲ་བོ་ལྕེབ་གྲིར་གསོད རྒྱང་བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན། གཅོད་པའི་ཤུ་སྒྲ་དི་རི་རི འཕང་ཁྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷང་སེ་ལྷང་ ཤིང་རིས་སྲིད་པ་

(༤༣༢)རུ་ལོག་མཚོན གནམ་ས་གྲུམ་པའི་འུར་ཆེམ་སྒྲོག གཡུལ་ངོ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་ཚེ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས མ་མོའི་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ མ་མོའི་སྟྭ་ཟུར་གཡས་པ་ནས ལྷ་ཆེན་དཔལ་འབར་སྐུ་བཞེངས་ཤིག དམ་ཉམས་དགྲ་ལ་རྦད་ཙ་ན སྲོག་བདུད་ནག་པོ་བྱ་རོག་གདོང་ བྲང་ན་ཁྲག་གི་སྤྱན་གསུམ་ཤར སྲིད་པ་གསུམ་པོ་དུས་གཅིག་གཟིགས བདུད་མདས་དགྲ་བོའི་དོན་སྙིང་འབིགས ལྷུ་ཚིགས་བཞི་ལ་སྤྱན་བཞིས་བརྒྱན མཆན་དུ་གསལ་ཤིང་འབར་བ་བཙུགས ལྷ་བདུད་བཙན་གསུམ་དམག་དཔུང་འགྱེད སྟག་རལ་གཟིགས་ཤུབས་གློ་ལ་འབྱང་ རྟ་ནག་ཞོན་ནས་སྟོང་གསུམ་བསྐོར མདུན་དུ་ལེགས་ལྡན་ཚོགས་བདག་ནི དབུ་གསུམ་ཕྱག་དྲུག་འཇིགས་པའི་ཞལ ལྗང་ནག་སེར་དང་དམར་བར་སྟོན ཕྱག་དྲུག་འབར་

(༤༣༣)འུཾ བའི་གསལ་ཤིང་དང་ རྡོ་རྗེ་ལྕགས་ཕུར་འདྲིལ་ཞིང་འདེབས དམར་གྱི་དུང་ཆེན་རུ་མཚོན་ཕྱར༔ སྦྲུལ་ཞགས་འཛིན་ཅིང་དུར་ཁྲོད་ནས ཞབས་བཞི་བམ་རོའི་སྟེང་ན་བགྲད ཉེ་གནས་ཀྲོ་དྷི་ཤྭ་རཱི་མ རྒྱུ་ཞགས་ཐོད་ཁྲག་འཛིན་པས་འཁྱུད༔ གཡས་སུ་སྟག་ཞོན་ནག་པོ་ནི གཡས་པས་བིང་ཆེན་གཡོན་བདུད་ཞགས རྒྱབ་ཏུ་བིང་དམར་གཡས་བིང་ཆེན གཡོན་པས་བདུད་རྩིའི་ལྕགས་པར་འཛིན གཡོན་དུ་གྲི་གུག་མཐིང་ནག་ནི གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན ཚོགས་བདག་མདུན་དུ་ལེགས་ལྡན་ནི གཡས་གཡོན་བིང་ཆེན་དགྲ་སྙིང་འཛིན ཆིབས་སུ་བྲ་ནག་རྟིང་དཀར་ཆིབས ཀུན་ཀྱང་ཁྲོ་གཏུམ་རོལ་པའི་ཆས དར་ནག་བེར་གསོལ་བམ་སྟེང་འགྱིང་ གཡས་ན་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་བྱ་རོག་སྒྲོ་ཡིས་བརྒྱན བྱ་རོག་ནང་འཐབ་ཆོམ་རྐུན་འགྱེད རྒྱང་བུ་དེ་ནི་གསལ་ཞིང་འབར མེ་སྟག་ཆ་ཆ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དི་རི་རི འཕང་ཁྲ་

(༤༣༤)དེ་ནི་བདུད་མོའི་དཔལ འཇིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷང་སེ་ལྷང་ ཤིང་རིས་སྲིད་པ་རུ་ལོག་མཚོན གནམ་ས་གྲུམ་པའི་འུར་ཆེམ་སྒྲོག གཡུལ་དོར་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས མ་མོའི་གདོན་ཚོགས་དགྲ་ལ་སྒྱུར དབུང་ཚོགས་ཡན་ལག་བཞི་ལྡན་པའི དཔལ་མགོན་བདུན་ཅུ་ལས་ལ་ཁྱེ ཧཱུྃ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམས རི་རབ་རྩེ་ལ་གཤེགས་པའི་ཚེ ལྷ་ཆེན་བརྒྱད་ཀྱི་དམག་དཔོན་མཛད དབང་ཕྱུག་དམར་པོ་ཏྲི་ཤུལ་འཛིན ཚངས་པ་སེར་པོ་རིན་པོ་ཆེ བརྒྱ་བྱིན་སེར་པོ་རྡོ་རྗེ་གདེངས ཁྱབ་འཇུག་ལྗང་ཁུ་འཁོར་ལོ་འཛིན འདོད་དབང་མདའ་ལྔ་འོད་མའི་གཞུ

(༤༣༥)འུྃ ཚོགས་བདག་དཀར་པོ་དགྲ་སྟྭ་དང་ བྷྲི༚་གི་དཀར་པོ་རིན་ཆེན་སྒྲོ་མ གདོང་དྲུག་དམར་པོ་ཤག་ཏི་དང་ མདུང་ཐུང་འཛིན་པ་རྣམ་བརྒྱད་ཀྱང་ ཀུན་ཀྱང་གླང་ཆེན་སྟེང་ན་འགྱིང་། །ལྷ་དམག་བྱེ་བ་དུང་ཕྱུང་བཅས གཡས་གཡོན་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་བྱ་གླག་སྒྲོ་ཡིས་བརྒྱན གླག་གིས་དགྲ་བོའི་དོན་སྙིང་འབྱིན རྒྱང་བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དི་རི་རི འཕད་ཁྲ་དེ་ནི་བདུད་མོའི་དཔལ འཇིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷངས་སེ་ལྷང་ ཤིང་རིས་སྲིད་པ་རུ་ལོག་མཚོན གནམ་ས་གྲུམ་པའི་འུར་ཆེམ་སྒྲོག གཡུལ་ངོ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུང་རྩང་ ལྕགས་ཟང་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་

(༤༣༦)འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས ལྷ་ཡི་གདོན་ཚོགས་དགྲ་ལ་བསྒྱུར ཧཱུྃ་དཔལ་ལྡན་མ་མགོན་ལྕམ་དྲལ་རྣམས རྒྱ་མཚོའི་གཏིང་དུ་གཤེགས་པའི་ཚེ ཀླུ་ཆེན་བརྒྱད་ཀྱི་དམག་དཔོན་མཛད ལྟོ་འཕྱེ་དཀར་པོ་ཨུཏྤལ་འཛིན འཇོག་པོ་དམར་པོ་རིན་པོ་ཆེ སྟོབས་རྒྱུ་ནག་པོ་སྦྲུལ་ཞགས་དང་ རིགས་ལྡན་ལྗང་ཁུ་རིན་ཆེན་སྒྲོམ ནོར་རྒྱས་སེར་པོ་བུམ་པ་འཛིན དུང་སྐྱོང་ལྗང་གུ་དུང་དཀར་དང་ པདྨ་དམར་པོ་ཆུ་སྐྱེས་འཛིན བདེ་ཆེན་དམར་པོ་རིན་ཆེན་སྦྲུལ༔ སྦྲུལ་མགོ་གདེངས་ཤིང་སྦྲུལ་མཇུག་ཅན ཀླུ་དམག་བྱེ་བ་དུང་ཕྱུར་རྣམས གཡས་ན་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་སོ་བྱའི་སྒྲོ་ཡིས་བརྒྱན སོ་བྱས་ཆུ་བོ་རབས་མེད་འཛུད རྒྱང་བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དི་རི་རི འཕང་ཁྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྦྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་

(༤༣༧)འུཾ དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷང་སེ་ལྷང་ ཤིང་རིས་སྲིད་པ་རུ་ལོག་མཚོན གནམ་ས་གྲུམ་པའི་འུར་ཆེམ་སྒྲོག གཡུལ་ངོ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནང་རིམས་ན་བུན་འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས ཀླུ་ཡི་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམས བར་སྣང་ཁམས་སུ་གཤེགས་ཙ་ན གཟའ་ཆེན་བརྒྱད་ཀྱི་དམག་དཔོན་མཛད ཉི་མ་དམར་པོ་པདྨ་དབྱུག ཟླ་བ་དཀར་པོ་ཀུ་མུ་ཏ དམག་དཔོན་བུམ་པ་མེ་སྒྲོན་འཕྱར ལྷག་པ་ལྗང་གུ་ཨུཏྤལ་འཛིན ཕུར་བུ་མཐིང་ག་པོ་ཏི་དང་ དཀར་པོ་ཀུནྡ་ཤིང་ཏོག་འཛིན སྤེན་པ་དུད་ཁ་དབྱུག་ཏོ་འཕྱར སྒྲ་གཅན་དུད་ཁ་པདྨ་དང་ རལ་གྲི་འཛིན་པ་སྦྲུལ་མཇུག་ཅན ཀུན་ཀྱང་རླུང་གི་ཤིང་རྟར་བརྟེན རང་རང་སྤྲུལ་པ་འགྱེད་ཙ་ན ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ བིཥྚི་པ་ཏྲ་ལྗང་སྔོན་དྲག

(༤༣༨)དུ་བ་མཇུག་རིང་ཀི་ཀང་དང་ བདུད་པོ་རོག་ཏི་བྷི་ནུ་ར བི་ན་ཡ་ག་གདོང་མོ་བཞི གཟའ་དམག་བྱེ་བ་དུང་ཕྱུར་རྣམས གཡས་ན་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་བྱ་ཁྲའི་སྒྲོ་ཡིས་བརྒྱན བྱ་ཁྲས་སྲོག་ལ་ཧུར་ཐུམ་བྱེད རྒྱང་བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དི་རི་རི འཕང་ཁྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷང་སེ་ལྷང་ ཤིང་རིས་སྲིད་པ་རུ་ལོག་མཚོན གནམ་ས་གྲུམ་པའི་འུར་ཆེམས་སྒྲོག གཡུལ་ངོ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཟའ་ཡི་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ དཔལ་ལྡན་མ་

(༤༣༩)འུཾ་མགོན་ལྕམ་དྲལ་རྣམས གོ་ལའི་ངོས་ལ་གཤེགས་ཙ་ན རྒྱུ་སྐར་ཉེར་བརྒྱད་དམག་དཔོན་མཛད ཤར་དུ་བུམ་པ་ཁྱུ་མཆོག་དང་ ཤ་བ་སྦྲུལ་དང་པདྨ་དང་ བུམ་པ་བྱ་རོག་ཁྲི་སྟེང་དུ ཀ་རྟི་ཀ་དང་སྐྱེ་དགུའི་བདག ཟླ་བ་སྐྱེས་པ་དམག་དཔོན་དགྲ རྒྱལ་སྟོད་བླ་མའི་ལྷ་ལྡན་མ གདེངས་ཀ་ཅན་ཏེ་ཤར་སྐར་བདུན རིམ་བཞིན་གདུ་བུ་རྣ་ཆ་དང་ གདུ་བུ་ལག་གདུབ་གདུ་བུ་དང་ རིན་ཆེན་གདུ་བུ་འཛིན་པའོ ལྷོ་ཕྱོགས་མ་ཧེ་རིན་ཆེན་དང་ མཉམ་གཞག་པད་དཀར་རྨ་བྱ་དང་ སྤྱང་མོ་རྟ་ཡི་ཁྲི་སྟེང་དུ རྟ་ཆེན་རྟ་ཆུང་ཁྲ་དང་ནི རིག་བྱེད་བརྒྱད་ལྡན་རླུང་ལྷ་མོ བཱི་ཤ་ཁཱ་སྟེ་ལྷོ་སྐར་བདུན སྙེ་མ་པདྨ་རིན་ཆེན་དང་ པད་དཀར་པདྨ་རི་རབ་དང་ རིན་ཆེན་ཕྲེང་བ་འཛིན་པའོ ནུབ་ཏུ་ཁྱིམ་བྱ་འབོལ་སྟན་དང་ སྦལ་པ་ཕུབ་དང་མི་དང་ནི ཀུར་མ་སྒྲོ་མོང་ཁྲི་སྟེང་དུ མཛའ་བོའི་ཆུང་མ་ལྷ་དབང་ལྡན མེ་ལྷ་ཆུ་ལྷ་སྣ་ཚོགས་ལྷ འཕྲོག་བྱེད་བྱི་བཞིན་ནུབ་སྐར་བདུན བུམ་པ་པདྨ་དུ་བྱུག་པ་དང་ པདྨ་དམར་པོ་པདྨ་དང་ ཆུ་སྐྱེས་བུམ་པ་འཛིན་པའོ བྱང་དུ་གླང་པོ་

(༤༤༠)དཀར་པོ་དང་ འབོལ་སྟན་རྟ་དང་རིན་པོ་ཆེ ཅང་ཤེས་མི་ཡི་ཁྲི་སྟེང་དུ ཐོབ་ལྡན་མ་དང་ཆུ་ལྷ་མོ ར་ཡི་ལྷ་མོ་སྦྲུལ་འཆིངས་ཅན བསམ་པའི་ལྷ་མོ་རྟ་ལྡན་མ གཤིན་རྗེ་མོ་སྟེ་བྱང་སྐར་བདུན ཨུཏྤལ་པདྨ་རལ་གྲི་དང་ དབྱུག་པ་ཆུ་སྐྱེས་གོ་ཆ་དང་ འཁོར་ལོ་འཛིན་ཅིང་རྒྱུ་སྐར་ཚོགས གཡས་ན་མདོས་ཟོར་ཐོག་ལྟར་འབེབས ནམ་འདི་ཁྲི་མེད། མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་ཐི་བྱའི་སྒྲོ་ཡིས་བརྒྱན ཐི་བྱས་འགྲོ་ལྡོག་མགོ་བོར་སྐོར རྒྱང་བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དི་རི་རི འཕང་ཁྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷང་སེ་ལྷང་ ཤིང་རིས་སྲིད་པ་རུ་ལོག་མཚོན གནམ་ས་གྲུམ་པའི་འུར་ཆེམ་སྒྲོག གཡུལ་ངོ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་

(༤༤༡)འུཾ མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས རྒྱུ་སྐར་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམས ཕྱོགས་མཚམས་སྟེང་འོག་གཤེགས་པའི་ཚེ ཕྱོགས་སྐྱོང་བཅུ་ཡི་དམག་དཔོན་མཛད བརྒྱ་བྱིན་དཀར་སེར་རྡོ་རྗེ་བསྣམས མེ་ལྷ་དམར་པོ་བགྲང་ཕྲེང་འཛིན གཤིན་རྗེ་སྔོ་ནག་ཐོད་དབྱུག་ཐོག བདེན་བྲལ་སྨུག་ནག་རལ་གྲི་དབྱུག ཆུ་ལྷ་དཀར་དམར་སྦྲུལ་ཞགས་བསྣམས རླུང་ལྷ་ལྗང་ཁུ་བ་ངན་བསྣམས གནོད་སྦྱིན་ལྗང་གུ་དབྱུག་ཏོ་ཐོགས དབང་ལྡན་ཐལ་སྒྱ་རྩེ་གསུམ་འཛིན ས་འཛིན་ལག་ཆེན་རི་རབ་འཁྱུད ཉི་ཟླ་དཀར་དམར་མེ་ཏོག་འཛིན རིམ་བཞིན་གླང་པོར་སྐྱེས་དང་ མ་ཧེ་རོ་ལངས་ཆུ་སྲིན་དང་ ཤ་བ་སེང་གེ་ཆུ་གླང་ཞོན རང་རང་གདོན་གྱི་ཚོགས་དང་བཅས གཡས་ན་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་སྲིན་བྱའི་སྒྲོ་ཡིས་བརྒྱན སྲིན་བྱས་ཐན་དང་ལྟས་ངན་འབོད རྒྱད་

(༤༤༢)བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དེ་རི་རི འཕང་ཁྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷང་སེ་ལྷང་ ཤིང་རིས་སྲིད་པ་རུ་ལོག་མཚོན གནམ་ས་གྲུམ་པའི་འུར་ཆེམ་སྒྲོག གཡུལ་ངོ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས ཕྱོགས་བཅུའི་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམས ལྷུན་པོའི་ངོས་ལ་གཤེགས་པའི་ཚེ འཇིགས་བྱེད་དགུ་ཡི་དམག་དཔོན་མཛད རྡོ་རྗེ་ཅན་དང་རྡོ་རྗེ་གདོངས རྡོ་རྗེ་འཇོམས་དང་རྡོ་རྗེ་དཔལ རྡོ་རྗེ་གནོད་སྦྱིན་རྡོ་རྗེ་འཛིན ཧ་རཾ་ཀ་སྔོན་པཉྩི་ཀ ན་རྟི་ཀ་སྟེ་འཇིགས་བྱེད་དགུ སྐུ་མདོག་

(༤༤༣)འུྃ སྔོན་པོ་བེར་དམར་གསོལ ཞལ་གཅིག་ཕྱག་གཉིས་གཡོན་ཐོད་ཁྲག ཀུན་ཀྱང་ཅང་ཤེས་བཞོན་པ་ཅན རང་རང་སྤྲུལ་པར་བཅས་པ་རྣམས གཡས་ན་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་འུག་པའི་སྒྲོ་ཡིས་བརྒྱན འུག་པས་སྐྱོབ་པའི་ལྷ་དང་ཕྲལ རྒྱང་བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དི་རི་རི འཕང་ཁྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོང་ལྷངས་སེ་ལྷང་ ཤིང་རིས་སྲིད་པ་རུ་ལོག་མཚོན གནམ་ས་གྲུམ་པའི་འུར་ཆེམ་སྒྲོག གཡུལ་ངོ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚོ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་ཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་

(༤༤༤)ལ་དམག་མི་ཆོམས གནོད་སྦྱིན་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམས ལྷུན་པོའི་ཕྱོགས་བཞིར་གཤེགས་པའི་ཚེ རྒྱལ་ཆེན་རིགས་བཞིའི་དམག་དཔོན་མཛད ཡུལ་འཁོར་བསྲུང་དང་འཕགས་སྐྱེས་པོ སྤྱན་མི་བཟང་དང་རྣམ་ཐོས་བུ དཔའ་ཞིང་རྟུལ་ཕོད་དཔལ་དང་ལྡན མཁས་ཤིང་བུ་མང་དབང་ཕྱུག་ཆེ དྲི་ཟ་གྲུལ་བུམ་མིའམ་ཅི གནོད་སྦྱིན་གདོན་གྱི་དམག་དཔུང་རྣམས གཡས་ནས་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་བྱ་རྒོད་སྒྲོ་ཡིས་བརྒྱན རྒོད་ཀྱི་གྲིབ་གདོན་གདོན་དང་སྤྲོད རྒྱང་བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དི་རི་རི འཕང་ཁྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷངས་སེ་ལྷང་ ཤིང་རིས་སྲིད་པ་རུ་ལག་མཚོན གནམ་ས་གྲུམ་པའི་འུར་ཆེམ་སྒྲོག གཡུལ་ངོ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་

(༤༤༥)འུཾ སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཚོམས འབྱུང་པོའི་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ མ་མོའི་སྟ་ཟུར་གཡོན་པ་ནས སྒྲོལ་གིང་བཛྲ་ས་དྷུ་རྩལ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་སྡེ ཕྱི་ནང་གསང་བའི་ལྷ་མ་སྲིན དྲེགས་པ་སྡེ་བརྒྱད་འཁོར་དང་བཅས མོན་པ་སྟོང་སྡེ་ཐེའུ་བྲང་འབུམ ལས་མཁན་ཆེན་པོ་སྐུར་བཞེངས་ཤིག གཡུལ་དང་འགྱེད་དང་འཐབ་པའི་ཚེ ལྕགས་སྤྱང་མགོ་དགུའི་སྟེང་ཤེད་ནས རུ་དཔོན་ཆེན་པོ་སྐུ་འགྱོད་འཚལ ཕ་ནི་བདུད་ཀྱི་བུ་ཡིན་པས བདུད་ཀྱི་བདུད་ཆེན་ཁྲོ་གཏུམ་ནག སྟག་ཤམ་མེ་སྟག་ཡ་ལ་ལ མ་ནི་སྲིན་མོའི་བུ་ཡིན་པས མི་ཤ་བཟའ་ཞིང་ཁྲག་ལ་འཐུངས སྐུ་ལ་ཞིང་ལྤགས་རློན་པ་དང་ དབུ་ལ་རུས་སྦལ་གཡང་གཞི་བཅིངས གཡས་པའི་ཐོ་བ་གདེངས་ཙ་ན གཞན་སྡེའི་དམག་དཔོན་ཕྱེ་མར་འཐག

(༤༤༦)གཡོན་པའི་སྤུད་པ་བུས་ཙ་ན དམག་དཔུང་ཡུལ་ཁམས་རླུང་ལ་བསྐུར དམག་དཔོན་སུམ་བརྒྱ་དྲུག་ཅུ་དང་ ཐེའུ་བྲང་ཐོག་འབེབས་བྱིས་པ་འབུམ འཇིག་རྟེན་ཁམས་ཀྱི་ལྷ་མ་སྲིན བྱེ་བ་དུང་ཕྱུར་བསམ་ཡས་རྣམས འགྱེད་ལ་དགའ་ཞིང་གཡུལ་ལ་གདུང་ གཡས་ན་མདོས་ཟོར་ཐོག་ལྟར་འབེབས ནམ་མཁའ་དེ་ནི་སྤུ་གྲིའི་སོ རྩེ་ལ་དམུ་བྱའི་སྒྲོ་ཡིས་བརྒྱན དམུ་བྱས་དགྲ་བོ་ལོང་བར་བྱེད རྒྱང་བུ་དེ་ནི་གསལ་ཤིང་འབར མེ་སྟག་ཚ་ཚ་ཡ་ར་ར མདའ་ཁྲ་དེ་ནི་སྲིན་པོའི་མཚོན གཅོད་པའི་ཤུ་སྒྲ་དི་རི་རི འཕང་ཁྲ་དེ་ནི་བདུད་མོའི་དཔལ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུ ཕོ་གདོང་དེ་ནི་གོ་ཤུབས་ཅན རྔམས་པའི་བསོ་སྒྲ་དི་རི་རི མོ་གདོང་དེ་ནི་གསོན་འདྲེའི་གདོང་ དམོད་ངན་འོ་དོད་ལྷང་སེ་ལྷང་ ཤིང་རིས་སྲིད་པ་རུ་ལག་མཚོན གནམ་ས་གྲུམ་པའི་འུར་ཆེམ་སྒྲོག གཡུལ་ངོ་ཟློག་པའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས གཡོན་ན་ཀོང་ཟོར་རྦབ་ལྟར་དྲག ཀོང་ཟོར་དེ་ནི་མཚེ་ཉུངས་རྩང་ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོ དུག་ཁྲག་ནད་རིམས་ན་བུན་འཐུལ དམ་ཉམས་

(༤༤༧)འུྃ སྒྲོལ་བའི་མཚོན་ཆར་འབུལ དམག་དཔོན་སོད་ལ་དམག་མི་ཆོམས སྡེ་བརྒྱད་གདོན་ཚོགས་དགྲ་ལ་སྒྱུར གསུམ་པ་སྨད་འཕྱོང་ལ་གཉིས་ལས། དང་པོར་མདོས་ལམ་དབྱེ་ཞིང་ལམ་མདོས་ལྷ་སྲིན་ལ་བསྔོ་བ་ནི ལམ་གཏོར་སྲིད་པ་ཧོ་ཅན་དང་གསེར་སྐྱེམས་བཤམ མདོས་ལམ་འཐེན མདོས་ཞལ་བསྒྱུར་ལ མདོས་ཆེན་ཕོ་བྲང་ནང་བཞུགས་ཚེ ཆོས་སྐྱོང་མགོན་པོ་ཡོན་ཏན་གྱི སྐུ་གསུང་ཐུགས་ཀྱི་རྟེན་ཡིན་ཏེ མདོས་ཆེན་ལམ་ལ་ཆས་ཙ་ན སྣང་སྲིད་ལྷ་འདྲེ་དགྱེས་པའི་རྫས དེ་ཕྱིར་མདོས་ཀྱི་ལམ་ཕྱེས་ལ ཀོ་ལོང་གདུག་སེམས་མ་མཛད་ཅིག ཧཱུྃ མདོས་ལམ་ཤར་གྱི་ཕྱོགས་སུ་བསྟན མདོས་ལམ་ཤར་དུ་མི་བསྟན་རྒྱུ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་ས་དྲི་ཟ་འབུམ་སྡེའི་འཁོར་དང་བཅས མདོས་ལ་དགྱེས་ཤིང་གླུད་ལ་གདུང་ དེ་ཕྱིར་མདོས་གླུད་བཟང་པོ་འདི ལྷ་འདྲེའི་མདུན་སར་ཡིད་དུ་འོང་ ལྷ་འདྲེའི་མདུན་སར་བཟའ་རེ་ཆེ མཐུན་པའི་དམ་རྫས་འདི་བཞེས་ལ ཤར་ཕྱོགས་དུང་སྒྲོ་དཀར་པོ་ཕྱེས དྲི་ཟའི་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ མདོས་ལམ་ལྷོ་ཡི་ཕྱོགས་སུ་

(༤༤༨)བསྟན མདོས་ལམ་ལྷ་རུ་མི་བསྟན་རྒྱུ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་བོ གྲུལ་བུམ་འབུམ་སྡེའི་འཁོར་དང་བཅས མདོས་ལ་དགྱེས་ཤིང་གླུད་ལ་གདུང་ དེ་ཕྱིར་མདོས་གླུད་བཟང་པོ་འདི ལྷ་འདྲེའི་མདུན་སར་ཡིད་དུ་འོང་ ལྷ་འདྲེའི་མདུན་སར་བཟའ་རེ་ཆེ མཐུན་པའི་དམ་རྫས་འདི་བཞེས་ལ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས གྲུལ་བུམ་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ མདོས་ལམ་ནུབ་ཀྱི་ཕྱོགས་སུ་བསྟན མདོས་ལམ་ནུབ་ཏུ་མི་བསྟན་རྒྱུ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་ ཀླུ་དབང་འབུམ་སྡེའི་འཁོར་དང་བཅས མདོས་ལ་དགྱེས་ཤིང་གླུད་ལ་གདུང་ དེ་ཕྱིར་མདོས་གླུད་བཟང་པོ་འདི ལྷ་འདྲེའི་མདུན་སར་ཡིད་དུ་འོང་ ལྷ་འདྲེའི་མདུན་སར་བཟའ་རེ་ཆེ མཐུན་པའི་དམ་རྫས་འདི་བཞེས་ལ ནུབ་ཕྱོགས་མཆོང་སྒོ་དམར་པོ་ཕྱེས ཀླུ་དབང་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ མདོས་ལམ་བྱང་གི་ཕྱོགས་སུ་བསྟན མདོས་ལམ་བྱང་དུ་མི་བསྟན་རྒྱུ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས གནོད་སྦྱིན་འབུམ་སྡེའི་ཚོགས་དང་བཅས མདོས་ལ་དགྱེས་ཤིང་གླུད་ལ་གདུང་ དེ་ཕྱིར་མདོས་གླུད་

(༤༤༩)འུྃ བཟང་པོ་འདི ལྷ་འདྲེའི་མདུན་སར་ཡིད་དུ་འོང་ ལྷ་འདྲེའི་མདུན་སར་བཟའ་རེ་ཆེ མཐུན་པའི་དམ་རྫས་འདི་བཞེས་ལ བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས གནོད་སྦྱིན་གདོན་ཚོགས་དགྲ་ལ་སྒྱུར ཧཱུྃ མདོས་ལམ་མཚམས་བཞིར་མི་བསྟན་རྒྱུ མེ་ལྷ་སྲིན་པོ་རླུང་ལྷ་དང་ དབང་ལྡན་གདོན་ཚོགས་མདོས་ལ་དགྱེས དེ་ཕྱིར་མདོས་གླུད་བཟང་པོ་འདི ལྷ་འདྲེའི་མདུན་སར་ཡིད་དུ་འོང་ ལྷ་འདྲེའི་མདུན་སར་བཟའ་རེ་ཆེ མཐུན་པའི་ལོངས་སྤྱོད་འདི་བཞེས་ལ སོ་སོའི་གདོན་ཚོགས་དགྲ་ལ་སྒྱུར དགྲ་ཁམས་ཐལ་བའི་རྡུལ་དུ་རློག གཉིས་པ་ཟོར་མདོས་སུ་ཞལ་བསྒྱུར་བ་ནི འཕངས་སར་སླེབ་པ་དང་ སྡེ་བརྒྱད་ལ་གསེར་སྐྱེམས་གཏོང་ ཕ་རོལ་གྱི་ལྷ་ལ་སྤྱུགས་གཏོར་བྱིན་ནས ཧཱུྃ མི་མངོན་དབྱིངས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོ་དང་ ཡེ་ཤེས་ལས་གྲུབ་དམ་ཅན་སྲུང་མའི་ཚོགས བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད བྷྱོ ད་ནི་མདོས་སྣ་དགྲ་ལ་བསྟན མདོས་སྣ་དགྲ་ལ་མི་

(༤༥༠)བསྟན་རྒྱུ དམ་ཉམས་དགྲ་བོ་སྡིག་ཅན་འདིས སངས་རྒྱས་བསྟན་པ་གཉེན་པོ་བཤིག དཀོན་མཆོག་དཀོར་འཕྲོག་དབེན་གནས་བཅོམ སེམས་ཅན་ཡོངས་ཀྱི་བདེ་སྐྱིད་འཕྲོག རང་སྲིད་འབྱོར་བས་མི་ངོམས་པར གཞན་སྡེ་འཕྲོག་ཅིང་ལྐོག་ཏུ་བརྐུ ངན་སྔགས་རྐུ་འཕྲོག་དུག་སྦྱོར་གཤོམ དངོས་སུ་དམག་དང་གཡུལ་གཤོམ་བྱེད ལས་འབྲས་བསླུ་མེད་ཁྱད་དུ་གསོད བདེ་བ་འདོད་ཀྱང་གཏི་མུག་པས རང་གཞན་གཉིས་ཀའི་བདེ་སྐྱིད་འཕྲོག དེ་ཕྱིར་ལྷ་སྲིན་གཉན་པོ་རྣམས འདི་ལ་མགོན་སྐྱོབ་མ་མཛད་པར ལེགས་ཉེས་བདེན་ཤན་དྲད་པོར་ཕྱེས མདོས་ཟོར་རླུང་གིས་གཏེག་ཙ་ན ཁྱུང་ཆེན་གཟན་ལ་འཛུམ་པ་འདྲ གནམ་ས་གྲུམ་པའི་འོ་དོད་འབོད གང་ལ་དམིགས་པ་འཆོར་མི་སྲིད སེང་ཆེན་རི་དྭགས་གནོན་པ་འདྲ ཀླད་ཁྲག་ཞོ་ལྟར་འདུ་རུ་རུ སྟག་ཆེན་ཤ་ལ་རྔམས་པ་འདྲ གསོད་དང་འཕེན་པ་དུས་མཉམ་བྱེད གླང་ཆེན་སྨྱོན་པ་གཡུལ་ཞུགས་འང་ དམག་དཔུང་གཏོར་ཞིང་ཕྱེ་མར་འཐག འཐག་གཅོད་རྦད་དང་གསོད་པ་ཡི མདོས་ཟོར་མེ་ལྟར་འབར་བ་འདིའི བླ་ལ་མགོན་པོ་ཡོན་ཏན་བཞུགས

(༤༥༡)འུྃ སྟོང་གསུམ་སྤྲུལ་པའི་དམག་གིས་ཁེངས དོ་ནུབ་ནམ་གྱི་གུང་ཐུན་ལ འབྱུང་བ་ཆུ་ཡང་གཉིད་ལོག་གི ནམ་མཁའ་སྨག་གིས་རྨོངས་པའི་དུས དགྲ་བོའི་རྣམ་ཤེས་ཚོགས་བརྒྱད་དང་ བླ་ལ་ཁྱེ་ཞིག་དམ་ཅན་ཚོགས རང་མཚོན་རང་ལ་ཟུག་པ་དང་ རང་སྡེར་རང་གིས་བརླག་ཏུ་ཆུགས རྣམ་ཤེས་ཆོས་ཀྱི་དབྱིངས་སུ་གྲོང་ ཤ་ཁྲག་དྲོད་དབུགས་ཞལ་དུ་རོལ རྡུལ་ཕྲན་ཙམ་ཡང་མེད་པར་མཛོད ཞེས་མདོས་ཟོར་མེ་ནང་དུ་འཕངས་ཤིང་ རྫས་ལ་གཏོར་ཟོར་ཀྱང་འཕངས སྲུང་འཁོར་བསྒོམ ནང་དུ་ལོག་ནས་ཚེ་འགུགས་དང་ དངོས་གྲུབ་བླང་བ་སོགས་དཔལ་ཆེན་གཞུང་ལྟར་བྱའོ དུས་ངན་ལྔ་བརྒྱ་ཕྲག་བརྒྱའི་མཐར མུ་སྟེགས་ཀླ་ཀློའི་རྒོལ་བ་ཡིས སངས་རྒྱས་བསྟན་པའི་ཞབས་སྡུད་ཅིང་ སྡིག་ཅན་ཞིང་བཅུ་ཚང་བ་ཡིས འགྲོ་ཀུན་བག་ལ་སྦྱོར་བའི་ཚེ དེ་དག་སྙིང་རྗེས་སྐྱོབ་པའི་ཕྱིར མ་མགོན་ལྕམ་དྲལ་གཡུལ་མདོས་ནི ལས་ཅན་སྙིང་གི་བུ་ལ་གདམས ཤིན་ཏུ་ཟབ་པ་མཁའ་འགྲོའི་བརྡ མཁའ་ལྡིང་ལུས་ལ་བཀྲམ་སྟེ་བཀོད བྱང་ཆུབ་སེམས་ལྡན་བཟླས་བརྗོད་རྫོགས གཉེན་པོ་སྟོབས་ཀྱི་ལྷ་གྱད་གྱུར དེ་ལྟའི་

(༤༥༢)གང་ཟག་མ་གཏོགས་པའི བོན་གྱེར་བྱས་ན་རང་ལ་བསྡིག དེ་ཕྱིར་ཀུན་ལ་མ་སྟོན་རྒྱ བདེན་རྫུན་ལག་ཏུ་ལོང་ལ་ལྟོས ས་མ་ཡ རྒྱ་རྒྱ་རྒྱ འདི་ཉིད་ཤིན་ཏུ་ནས་བཀའ་གཉན་པས་བརྡ་བསྒྱུར་འབེབས་དུས་འཁྲུགས་ཤིང་འཚུབས་ལྷོངས་ཆེ་བར་བྱུང་བས་ཀུན་ལ་མི་སྟོན་པའི་བཀའ་རྒྱ་ཡོད་དོ མདོས་ཀྱི་ཕན་ཡོན་ནི་རྒྱུད་ལས གནོད་འདུལ་ལྷ་ཡིས་ཡང་གསོལ་པ ཆོ་ག་འདི་བརྟེན་ཕན་ཡོན་དང་ ཡང་དག་རྫོགས་ཀྱིས་བཤད་དུ་གསོལ ཡང་དག་རྫོགས་ཀྱིས་བཀའ་སྩལ་པ ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ ལྷ་རྣམས་སྲོག་གིས་འཇིགས་གྱུར་ན འཇིག་རྟེན་ལོངས་སྤྱོད་བརྟེན་པར་འགྱུར རབས་བརྒྱུད་ཆད་པའི་ལྷ་དང་མི ཆོ་ག་འདི་ལ་བརྟེན་བྱེད་ན སྤུན་པའི་བུ་ཡི་འདུ་བ་དེས ཆོ་ག་འདི་ལ་བརྟེན་བྱེད་ན འཆི་བདག་ཞགས་པས་ཟིན་པ་ཡང་ ཞགས་པ་ནག་པོ་བཅད་ནས་སུ༔ སྨྱོ་འབོགས་ཉིད་ཀྱང་རྣམ་པར་འཇིགས ཚེ་རིང་བདེ་བ་ཕུན་སུམ་ཚོགས འཇིག་རྟེན་འདི་ན་བདེ་སྐྱིད་དེ རིག་འཛིན་ས་ལ་དེ་བཞིན་གནས ཆོ་ག་འདི་ལ་བརྟེན་བྱེད་ན དབུལ་པོ་ནོར་ཕྱུགས་འཕེལ་བ་དང་ སྐྱིད་པ་རྟགས་ཅིང་བསམ་པ་འགྲུབ དབྱིག་ལ་སོགས་པ་རྟག་ཏུ་རྙེད རྨོངས་པོས་ཕྱོགས་བཞི་ཡུལ་ཡང་ཟིན

(༤༥༣)འུྃ དེ་ན་མྱ་ངན་སྡུག་བསྔལ་མེད ཕ་རོལ་དམག་དཔུང་རྣམ་པར་འཇིགས ལོ་ཕྱུགས་རྟག་ཏུ་ལེགས་པར་འགྱུར ཆོ་ག་འདི་ལ་བརྟེན་བྱེད་ན འཇིག་རྟེན་དབང་བཅན་ཐམས་ཅད་ཀྱིས བྱང་ཆུབ་སེམས་ལྟར་བཀུར་བསྟི་ཞིང་ ཆེ་དར་ཆུང་སྲིད་འཕེལ་བ་དང་ བསྒོ་བའི་ཚིགས་རྣམས་བྲན་བཞིན་ཉན འདི་ཡི་ཡོན་ཏན་བསོད་ནམས་ཀྱིས ཕྱི་མའི་དངོས་གྲུབ་མཆོག་ཡིན་ཏེ བསོད་ནམས་ཉིད་དུ་གོང་ན་མེད འདི་ཡི་ཡོན་ཏན་བརྗོད་མི་ལང་ དེ་སྐད་གསུངས་པས་ལྷ་རྣམས་དགའ ཞེས་གསུངས་སོ

(༤༥༤)

(༤༥༥)མ་མགོན་གཡུལ་མདོས་ཀྱི་བཅའ་གཞི་སོགས་ཀྱི་ཡིག་ཆུང་བཞུགས། བཅོམ་ལྡན་མཐུ་སྟོབས་ཀྱི་དབང་ཕྱུག་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །རང་བྱུང་རིག་པ་ཀུན་ཏུ་བཟང་པོའི་ཞལ། །རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་མཆོག །སྙིང་དབུས་མི་ཤིགས་ཐོག་ལེའི་གུར་ཁང་དུ། །བཞུགས་ནས་བྱིན་རློབས་བཀའ་ཡིས་གནང་བ་སྩོལ། །འདིར་ཀློང་ལྔ་དབྱིངས་ཀྱི་ཌཱཀྐིའི་གསང་མཛོད་ཐུགས་གཏེར་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་གཡུལ་མདོས་བདུད་དབུང་ཟིལ་གནོན་གྱི་བཅའ་གཞི་ལག་ལེན་དམར་ཁྲིད་དུ་བསྟན་པར་བྱ་བ་ལ་གཉེན་པོ་སྟོབས་ཀྱི་ལྷ་ཡི་དམ་གྱི་བསྙེན་པ་ཚད་དུ་འཁྱོལ་ཞིང་བྱེ་བྲག་མ་མགོན་ལྕམ་དྲལ་གྱི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་བསྟན་འགྲོའི་དོན་དུ་སེམས་བསྐྱེད་པའི་འཕེན་པ་དྲག་པོས་བརྩོམ་པར་བྱ་བ་འདི་ལ་གཉིས། མཆོད་རྫས་མདོས་ཀྱི་གསོག་དང་། བཅའ་གཞི་ལག་ལན་བཤམ་གྱི་ཐབས་སོ། །དང་པོ་ནི། ཕྱི་ནང་གི་མཆོད་གཏོར་དང་ཆོས་སྐྱོང་གི་མཐུན་རྫས་ཚང་ཞིང་ཡིད་དུ་འོང་བ་འདུ་བྱས་པ་སྤྱི་དང་བྱེ་བྲག་མདོས་ཀྱི་གསོག་ནི། །

(༤༥༦)སྤྱིར་མདོས་ཀྱི་རྒྱུ་ནི། རབ་རིན་པོ་ཆེ། འབྲིང་དར་ཟབ། ཐ་མ་རིང་ཆའི་རྣལ་ཐག་ལ་བརྟེན་པ་སྟེ། དེ་ཡང་མ་མོ་ཡོངས་རྫོགས་མཆོག་གི་རྟེན་མདོས་སམ་གཙོ་མདོས་ཁོང་མཐིང་འཇའ་རོས་ཅན་གྱི་ཁྱུང་ཚང་། དེའི་འོག་ཏུ་གདུགས་གོང་འོག་གི་བར་དུ་དཔལ་བོའི་མཁར། འོག་ཏུ་ལྕགས་མཁར་ཅན་གྱི་རྩེ་མོར་ཟེ་པྲོག་བྱ་གླག་གི་སྒྲོ་དང་དར་སྣའི་ཅོད་པཎ་མདོས་ཀྱི་སྲོག་ཤིང་ལ་མདའ་བྱ་རྒོད་མའི་མགུལ་དུ་དར་ལེ་བརྒན་ལ་མཚལ་ལམ་གསེར་གྱིས་སྲོག་སྙིང་བྲིས་པ་བསྡམས། གཙོ་མོ་དང་སྤུན་དྲུག་ལ་ནམ་མཁའ་ཁོད་མཐིང་འཇའ་རིས་ཅན་རྩེ་མོར་རྨ་བྱའི་སྒྲོས་བརྒྱན་པ་བདུན། དེ་བཞིན་རེ་ཏི་མཆེད་བཞི་ལ་ཁོང་མཐིང་དང་། འཁོར་མོ་རྒྱུད་རིགས་བསྡུས་པ་སྤྱིར་ནམ་མཁའ་ཁོད་ནག་གཅིག་བཅས་སྐྱུང་ཀའི་སྒྲོས་བརྒྱན་པ། མགོན་པོ་གཙོ་བོ་དང་བཅས་པའི་སྡེ་དྲུག་པོར་ནམ་མཁའ་ཁོང་ནག་བཞི། ལྗང་གུ་གཅིག །དམར་པོ་གཅིག་བཅས་པ་འཇའ་རིས་ཅན་བྱ་རོག་གི་སྒྲོས་བརྒྱན་པ། རྡོར་ལེགས་ལ་ཁོང་ནག་ཕུག་རོན་གྱི་སྒྲོས་བརྒྱན་པ། འཁོར་ཕོ་རྒྱུད་སྡེ་བརྒྱད་སྤྱིར་ཁོད་དཀར་ཁྱིམ་བྱའི་སྒྲོས་བརྒྱན་པ་གཅིག །ལྷ་བརྒྱད་ལ་ནམ་མཁའ་རང་མདོག་གམ་ཡང་ན་དཀར་པོ་བརྒྱད་བྱ་གླག་གི་སྒྲོས་བརྒྱན་པ། །

(༤༥༧)གཟའ་བརྒྱད་ལ་ནག་པོ་ཁྲ་སྒྲོས་བརྒྱན་པ། རྒྱུ་སྐར་ཉེར་བརྒྱད་པ་ལྗང་དམར་དཀར་སྔོན་པོ་དྲུག་རེ་དང་། སེར་པོ་བཞི་རྣམས་ཐི་བྱའི་སྒྲོས་བརྒྱན་པ། ཕྱོགས་སྐྱོང་བཅུ་ལ་དཀར་པོ་བཞི། དམར། སེར། སྔོ། ནག་པོ་རྣམས་རེ་རེ་ལྗང་གུ་གཉིས་ཏེ་སྲིན་བྱའི་སྒྲོས་བརྒྱན་པ། འཇིགས་བྱེད་དགུ་ལ་ནམ་མཁའ་སྔོ་ལྗང་གང་རིགས་འུག་པའི་སྒྲོས་བརྒྱན་པ་དགུ། ཀླུ་བརྒྱད་ལ་སྔོན་པོ་སོ་བྱའི་སྒྲོས་བརྒྱན་པ་བརྒྱད། རྒྱལ་ཆེན་བཞི་ལ་རང་མདོག་བྱ་རྒོད་ཀྱི་སྒྲོས་བརྒྱན་པ་རྣམས་འཇའ་རིས་སམ་མདོག་རྐྱང་ཅི་བདེ་བར་སྒྲོ་རྣམས་དམིགས་བསལ་མ་འབྱོར་ན་བྱ་ཤ་ཟན་གང་རུང་གི་སྒྲོས་བྱ་ཞིང་དེ་རྣམས་བརྒྱན་ལུགས་རྨ་བྱ་མ་གཏོགས་པའི་སྒྲོ་ཐམས་ཅད་ཕྱེད་མར་གཤེགས་པའི་རྐང་ཕྱེད་པ་རལ་གྲིའི་ལྟག་པ་ལྟར་འབྱུང་བའི་ཡ་གཅིག་ནམ་རྒྱང་གཉིས་ཀྱི་རྩེ་མོ་དང་། ཡ་གཅིག་བཀུག་སྟེ་ནམ་མཁའི་དཔུང་ཟུར་གཉིས་སུ་བལ་ཚོན་དང་བཅས་ཏེ་བརྒྱན། དེ་རེ་རེ་བཞིན་རྒྱང་བུ། མདའ་ཁྲ། འཕང་ཁྲ། ཕོ་གདོང་། མོ་གདོང་། ཤིང་རིས་དང་བཅས་པ་གྲངས་མཚུངས་དང་། འདིའི་ཤིང་རིས་ཉི་ཟླ་འཇའ་ཁྲམ་རི་རབ་དང་། གླིང་བཞི་སྲིད་པའི་

(༤༥༨)སྒོ་ང་གཉིས། འབྱུང་བ་མེ་ས་ཆུ་རླུང་བྱད། ཅེས་པའི་ཤིང་རིས་དེ་གྲངས་མཚུངས་མ་འབྱོར་ན་ཟུར་བཞིར་འཛུགས་པའི་ཆེ་བ་བཞི་རྣམས་བསག །གཞན་ཡང་མདོས་གླུད་སྤྱི་དགོས་པའི་ལྷོ་རྫས། བྱང་རྫས། འབྲུ་སྨན། ཟས་སྣ། རིན་པོ་ཆེ། དར་ཟབ། ས་ལ་འཛུལ་དགུ། གནམ་ལ་འཕུར་དགུ། གསེར་སྐྱེམས། གཡུ་སྐྱེམས། ཁྲག་སྐྱེ་མས། ལན་བུ། དར་བྱ། ངར་གླུད་ལ་སོགས་པའི་གཟུགས་འགྲོས་ཅི་མང་དང་སྦྱིན་བདག་གི་ངར་གླུད་ཆེ་བ་དཀོར་ཆ་ཅི་འཛོམ་དང་བཅས་པ་འདུ་བྱ་ཞིང་རྟེན་འབྲེལ་བཅུ་གཉིས་མཚོན་པའི་སྒོ་ང་བཅུ་གཉིས་ཀྱང་བསག་གོ །གཉིས་པ་ཤོམ་དུ་དགོད་པ་ནི། གང་དུ་བྱ་བའི་གཞི་དེ་མ་དུལ་བའི་ས་ཡིན་ན་གཞི་བགེགས་གཉིས་ལ་གཏོར་མ་སོ་སོར་བྱིན་ནས་ས་བླངས་རྗེས། ཁྲག་ཆང་གི་སྐྱང་ནུལ་བྱས་པའི་སྟེང་རྡུལ་ཚོན་གྱི་མདལ་མཐའ་མེ་རི་དང་ལྕགས་རི་ནག་པོའི་ནང་ཁོངས་ཁྲག་མཚོའི་སྟེང་བདུད་བཞི་མགོ་སྤྲོད་གལ་བའི་འདུག་སྟངས་ཅན་བྲི། དེའི་སྟེང་ལྷ་འདྲེ་རྣམས་ཟན་ཡས་ལ་གདུང་བས་རབ་ཟན། འབྲིངས་སྦྱིན་གྱི་རི་རབ་བང་རིམ་བཞི་བཟན་གྱིས་གཏུམས་པ་ཆེ་ཐད་དུ་བཞེངས་པ་ལ་མདོས་ཡས་རྣམས་གོ་རིམ་འོག་ནས་འབྱུང་

(༤༥༩)བ་ལྟར་བཀོད་པའམ། གལ་ཏེ་མདོས་ཁྲི་ལ་བརྟེན་ན་བདུད་བཞིའི་ཚབ་ཏུ་རི་རབ་གླིང་བཞིའི་བཀོད་པ་གདན་ཐབས་སུ་བྲིས་པའི་རི་རབ་ཀྱི་དབུས་ཁྲག་མཚོའི་སྟེང་། ཐོད་ར་གློ་འབུར་བཞི་པའི་ལྟེ་བར་ཐོད་མཁར་གྲུ་གསུམ་གྱི་དཀྱིལ་དུ་བྷྱོ་དང་གཡས་གཡོན་དུ་ཧཱུྃ་དང་ཏྲི་ཡིག་རེ་བྲི་ཚུལ་བྲིས་འབུར་གཉིས་ཀ་ལ་མཚུངས། ཡང་ན་གྲུ་གསུམ་གྱི་ལྟེ་བར་མདོས་ཆེན་འཛུགས་བས་ས་བོན་མ་བཤམས་ན་ཤིང་བྱང་ལ་བྲིས་ཏེ་འཛུགས། རྒྱས་སྤྲོས་སུ་སྐུ་རིས་སམ་ཙ་ཀ་ལི་ཡོད་ན་ནི་དེའི་རྒྱབ་ཏུ་སྲོག་སྔགས་བྲིས་པས་འཐུས། མདོས་ཆེན་དབུས་སུ་བཙུགས་པའི་སྲོག་ཤིང་ལ་རྒྱབ་བརྟེན་པའི་སྐུ་རིས་ཡོད་ན་དང་མེད་ན་དེའི་མདུན་དུ་གཙོ་མོའི་ནམ་མཁའ། གཡས་སུ་མདའ་ཁྲ། གཡོན་དུ་འཕང་ཁྲ། ཕོ་གདོང་། མོ་གདོང་། རྒྱང་བུ། ཤིང་རིས་རྣམས་བཙུགས། དེའི་མཐའ་སྐོར་དུ་སྤུན་དྲུག་གི་ནམ་མཁའ། མདའ་འཕང་རྒྱང་བུ་སོགས་ཅི་བདེ་བར་བཀོད། དེ་ནས་གཙོ་འཁོར་གཞན་རྣམས་ལྷ་སོ་སོའི་བཞུགས་ཚུལ་དང་མཐུན་པར་མདོས་སྒྲིབ་པར་འཐད་ཀྱང་ལག་ལེན་སྐབས་ཅུང་ཟད་མི་བདེ་བས་འདི་ལྟར་བང་རིམ་དང་པོའི་ཤར་དུ་

(༤༦༠)དཔལ་མགོན་གཙོ་བོ་དང་ཚོགས་བདག་ཏྲག་ཤད་གསུམ། ལྷོར་སྐུ་མགོན་གསུང་མགོན་ཐུགས་མགོན་གསུམ། ནུབ་ཏུ་རེ་མ་ཏི་མཆེད་བཞི། བྱང་དུ་རྡོར་ལེགས་དང་འཁོར་ཕོ་རྒྱུད་མོ་རྒྱུད་།།།ཕྱོགས་བང་རིམ་གཉིས་པའི་དབུས་སུ་ལྷ་ཆེན་དབང་ཕྱུག་དང་ཚངས་པ། ལྷོར་བརྒྱ་བྱིན་དང་ཁྱབ་འཇུག །ནུབ་ཏུ་འདོད་དབང་དང་ཚོགས་བདག །བྱང་དུ་བྷྲི༚་གི་རི་ཏི་དང་གདོང་དྲུག །མཚམས་བཞིའི་ཤར་ལྷོ་ནས་བཟུང་། དྲང་སྲོང་ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན་བརྒྱད་པོ་གཉིས་གཉིས། བང་རིམ་གསུམ་པའི་ཤར་སྟོང་ནས་བཟུང་གཡས་བསྐོར་དུ་རྒྱུ་སྐར་སྨིན་དྲུག །སྣར་མ། མགོ། ལག །ནབས་སོ། རྒྱལ། སྐག་རྣམས་དང་ལྷོ་སྟོང་ནས་བཟུང་སྟེ། མཆུ། གྲེ། དོག་མེ་བཞི། ནག་པ། ས་རི། ས་ག་རྣམས་ནུབ་སྟོད་ནས་བཟུང་། ལྷ་མཚམས་སྣོྲན། སྣྲུབས། ཆུ་སྟོད། ཆུ་སྨད། གྲོ་བཞིན། བྱི་བཞིན་རྣམས་བྱང་སྟོད་ནས་བཟུང་། མོན་གྲེ། མོན་གྲུ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར། བྲ་ཉེ་བཅས་བཀོད། བང་རིམ་བཞི་པའི་ཤར་དུ་ཕྱོགས་སྐྱོང་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་བདེན་བྲལ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན། ཤར་སྟོད་དུ་ཉི་ཟླ།

(༤༦༡)ནུབ་སྨད་དུས་འཛིན་ལག་པ་ཆེན་པོ་བཅས་པའི་ཕྱོགས་སྐྱོང་བཅུ་དང་། ཤར་སྟོད་ནས་བཟུང་བར་མཚམས་གཡས་སྐོར་དུ་འཇིགས་བྱེད་རྡོ་རྗེ་ཅན། རྡོ་རྗེ་གདེངས་པ། རྡོ་རྗེ་འཇོམས་པ། རྡོ་རྗེ་དཔལ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་འཛིན་པ། ཧ་རི་ཀ། པཉྩི་ཀ། ན་རྟི་ཀ་དང་བཅས་པའི་འཇིགས་བྱེད་དགུ་རྣམས་བཀོད། བང་རིམ་འོག་གི་ཁྲག་མཚོའི་སྟེང་དུ་ཁང་མཛེས་བརྒྱད་ལ་ཀླུ་བརྒྱད། དེའི་ཕྱོགས་བཞིར་ལྕོགས་བཞི་ལ་རྒྱལ་ཆེན་བཞི་རྣམས་རྒྱས་སྤྲོས་སུ་སོ་སོའི་སྐུ་རིས་འདྲི་ན་མངོན་རྟོགས་བསང་མདོས་ཞལ་བསྒྱུར་ནང་ལྟར་བྲིས་པ་དབུས་སུ་བཙུགས་པའི་མདུན་ནམ་གཡས་སུ་ནམ་མཁའ། མདའ་ཁྲ། ཕོ་གདོང་། གཡོན་ཕྱོགས་སུ་ཤིང་རིས་ཡོད་ན་དང་། རྒྱང་བུ་འཕང་ཁྲ་མོ་གདོང་བཅས་པ་རེ་རེ་བཞིན་བཙུགས་རི་རབ་ཀྱི་སྟེང་ཟུར་བཞིར་ཉི་མ་ཟླ་བ། བྱ་ཁྱུང་འབྲུག་རྣམས། འོག་ཟུར་རྣམས་སུ་རྨ་བྱའི་རྒྱལ་མཚན། སྟག་གཟིག་འདོད་ཡོན་ལ་སོགས་པའི་གཟུགས་བརྙན་བྲིས་འབུར་ཅི་རིགས་བ་རྣམ་འགྱུར་ཅན་ཀྱང་གྲུབ་ན་བཀོད་ལེགས་པར་བཙུགས། དེའི་མཐའ་སྐོར་ངར་གླུད་དཀོར་ཆ་ཅན་དང་གླུད་ཆུང་གང་མང་གས་བསྐོར། རྟ་ཁལ། དྲེལ་ཁལ་གྱིས་མཚོན་པའི་གཟུགས་

(༤༦༢)འགྲོས་སྣ་ཚོགས་བཤོས་བུ་དཀར་དམར། གསེར་སྐྱེམས། ཁྲག་སྐྱེམས། ལེན་བུ་དང་འབྲུ་སྣ་ལ་སོགས་པའི་གླུད་རྫས་རྣམས་ཀྱིས་བསྐོར། རྟེན་འབྲེལ་བཅུ་གཉིས་མཚོན་པའི་སྒོ། །ང་རྣམས་ཀྱང་གཞག །དེའི་མཐའ་མར་ཀོང་ཟོར་བརྒྱའམ་ཉེར་གཅིག་ལ་ནམ་མཁའ་རྒྱང་བུ། མདའ་འཕང་། ཕོ་གདོང་། མོ་གདོང་། ཁྲམ་རིས། མཚེ་ཡུངས། རྩང་། ལྕགས་ཟངས་ཕྱེ། དུག་སྣ། ཁྲག་སྣ། མི་བསད་ཀྱི་རྡོ་ཕྱེ་ལ་སོགས་པའི་ཐུན་རྫས་ཀྱི་ལྟེམ་པས་བསྐོར། ཟུར་བཞིར་རུ་མཚོན། ཕྱོགས་བཞིར་ཤིང་རིས་ཆེ་བ་བཞི་རྣམས་བཙུགས་ལ་སྒབ་དཀྲིས་བཏང་། མདུན་དུ་མ་མགོན་དང་ཆོས་སྐྱོང་སྤྱི་ལ་སྐོང་གཏོར་བཟང་བ་ཤ་ཁྲག་གིས་བརྒྱན་པ་དང་ཉེར་སྤྱོད་སྨན་རཀ་དང་བཅས་པ་བཤམ། དམག་བཟློག་དམིགས་བསལ་ལ་སྟོད་ལས་སེང་གདོང་མའི་གཏོར་བཟློག་དང་འབྲེལ་དགོས་ཕྱིར། ཟུར་ཅིག་ཏུ་བཟློག་བསད་ཀྱི་དཀྱིལ་འཁོར་དེའི་བཅའ་གཞིའི་ཡིག་ཆུང་ལྟར་སྒྲིག །རྐྱེན་བཟློག་ཙམ་པོ་བར་བསྒྱུར་མདོས་སུ་བྱེད་ན་ནི་སྟོད་ལས་དང་འབྲེལ་མི་དགོས་པས་མདོས་ཀྱི་བཅའ་བཤམ་རྒྱས་བསྡུས་སྐབས་དང་སྦྱར་ནས། གྱེར་དངོས་ལ་འཇུག་སྐབས་བདག་བསྐྱེད་ཀྱི་བཟླས་པའི་མཇུག་མ་མགོན་གྱི་སྐོང་བ་བསྟོད་པའི་

(༤༦༣)བར་བཏང་རྗེས། བཟླས་པ་བརྒྱ་རྩ་ཙམ་བྱས་ནས་མདོས་འཕྱོང་ནས་བཟུང་། དཀྱུས་བཞིན་གྱེར་བའི་ལས་འཕྱོང་གི་ཤམ་འདོགས་བསྒྱུར་ཁ་མཆན་བུར་གསལ་བ་ལྟར་བྱེད་པ་ཡིན་ནོ། །བཅས་ཀྱི་ཡིག་ཆུང་རྫོགས་སོ།། །།

(༤༦༤)

(༤༦༥)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས གཟའི་བསྐུལ་བྱང་དུག་རླངས་འཚུབས་མ་བཞུགས དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ དྲང་སྲོང་རཱ་ཧུ་ལའི་བསྐུལ་བྱང་ནི དམར་གཏོར་ཤ་ཁྲག་གིས་བརྒྱན་པར་དགུག་གཞུག་དྲག་ཏུ་བགྱིས་ལ་དམིགས་བྱའི་ཤ་ཁྲག་ཏུ་དམིགས་ཏེ་ཟས་སྐལ་དུ་བསྔོ ལྷའི་ང་རྒྱལ་དང་ལྡན་པས ཛ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས བསྐྱོད་ཅིག་ཁྲག་མཚོའི་དབྱིངས་ནས་བསྐྱོད དོ་ནུབ་ནམ་གྱི་གུང་ཐུན་ལ དྲང་སྲོང་ཆེན་པོ་ལས་ལ་ཆོས བདག་ལ་སྡང་བའི་དགྲ་བོ་འདིས སངས་རྒྱས་བསྟན་པ་ཐབས་གྱིས་བཤིག དཀོན་མཆོག་དབུ་འཕང་ཟོལ་གྱིས་སྨད དགེ་འདུན་དཀོར་ཕྲོགས་དབེན་གནས་བཅོམ རྣལ་འབྱོར་བདག་ལ་ཕོད་དུ་བཙུགས སྲུང་མ་ཁྱོད་ནི་ཁྱད་དུ་བསད བྱང་ཆུབ་བསྒྲུབ་པའི་བྱ་བ་དང་ གཞན་དོན་བྱེད་དུ་མ་སྟེར་རོ ཁྱོད་ལ་མཐུ་དང་རྩལ་ཡོད་ན དམ་ཉམས་སྒྲོལ་བའི་དུས་ལ་བབ ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལ འབྱུང་བ་ཆུ་ཡང་གཉིད་ལོག་གིས དེ་ཚེ་བླ་རྐུན་ཤན་པ་རྣམས བྱ་གླག་གཟན་ལ་འཛུམ་པ་བཞིན དགྲ་བོའི་ཡུལ་དུ་ལས་ལ་ཆོས བསྒོས་པའི་ལས་ལ་ཁག་མ་འགེལ འགྱུ་བའི་དབུགས་ཆོད་

(༤༦༦)ཚེ་སྲོག་རྡུབས ཀི་ཀང་དལ་ཡམས་ཐོག་སེར་ཐོང་ ར་ཡི་མདའ་གཞུ་སྙིང་ལ་གཟེར ལྟོ་ཞལ་འཇིགས་པས་བཅར་ཕོག་ཐོང་ ལོ་དང་ཟླ་བར་བཞག་ཐབས་མེད ཞག་དང་ཟ་མར་མ་འགྱང་པར དམ་ཉམས་དགྲ་བོ་མ་བསྒྲལ་ན ཁྱེད་ཀྱི་མཐུ་རྩལ་རྫུན་དུ་ཟད རྡོ་རྗེ་འཆང་གི་བཀའ་ཡང་བཅག རིག་འཛིན་བརྒྱུད་པའི་དམ་ལས་འགལ རྣལ་འབྱོར་བདག་ཅག་ཡིད་རེ་བཅད ཁྱེད་བརྟེན་བསྒྲུབ་པའི་དོན་ཡང་སྟོར༔ དེ་བས་དམ་ལ་མ་འདའ་བར སྡང་བའི་དགྲ་བོའི་བརླང་སྙིང་ཅན གཏོར་མ་འདི་དང་མཉམ་དུ་བཞེས སྙིང་ཁྲག་དམར་པོ་སྦར་གྱི་བཅུས བསད་རྟགས་དོན་སྙིང་དངོས་སུ་སྟོན སྒོ་ང་བྲག་ལ་བརྡགས་པའམ ལོ་ཏོག་སེར་བས་བཅོམ་པ་བཞིན སྐད་ཅིག་ཉིད་ལ་རྡུལ་དུ་རློག མིང་ཙམ་མེད་པར་འཕུང་དུ་ཆུགས བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད ཧྲཱི་ཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་ཀེ་ཤ་ལ་ཛ༔ཛཧ་ཧ ཚལ་པ་ཚལ་པ ཉིགས་ཉིགས ཞུང་ཞུང་ ཆྒཻ་མོའི་སྲོག་ལ་མཱ་ར་ཡ་རྦད་རྦད ཅེས་བཟླ་ཞིང་བསྐུལ་བར་བྱའོ ས་མ་ཡ

(༤༦༧)གཏལ་དཀར་མའི་ཕྱུགས་གཏའ་སྡོམ་པ་བཞུགས། །ཚེ་རིང་མའི་གསོལ་མཆོད་སྔོན་དུ་བཏང་ནས་སྒེར་གསོལ་ནི། །ཧཱུྃ་རིགས་འཛིན་པདྨ་འབྱུང་གནས་ཀྱི། །ཆད་མདོ་ཐ་ཚིག་ལ་གནས་པའི། །ལྷ་མོ་གཏལ་དཀར་འགྲོ་བཟང་མ། །རྐང་བཞི་དེ་ནི་ཕྱུགས་ཀྱི་ལྷ། །གདུང་བས་འབོད་དོ་ད་ལྟ་གཤེགས། །རང་བཞིན་དང་ལས་མ་གཡོས་ཀྱང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །བཞུགས་པའི་དེ་ན་ཡུལ་བཙལ་བ། །བྲག་རི་ཤེལ་གྱི་བ་གམ་ཅན། །ནགས་ཚལ་ཁ་བའི་ལ་ཐོད་མཛེས། །གཡའ་དང་དེ་ནི་སྤང་གི་ལྗོངས། །ནེའུ་སེང་མེ་ཏོག་སྣ་ཚོགས་ཚལ། །རྩི་སྨན་དྲི་ངད་བཟང་པོ་འཐུལ། །འབབ་ཆུ་ཐམས་ཅད་འོ་མའི་རྒྱུན། །མཚོ་དང་རྫིང་བུ་ལྟེང་ཀས་གང་། །དེ་ལ་གནས་སུ་འདུ་ཤས་པའི། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་གྱི། །ཕོ་བྲང་གཞལ་ཡས་དང་རེ་སྤྲོ། །རྒྱན་དང་བཀོད་པ་བསམ་མི་ཁྱབ། །ཕོ་བྲང་དེ་ཡི་ནང་ཤེད་ན། །ལྷ་མོ་གཏལ་དཀར་འགྲོ་བཟང་མ། །མཛེས་སྡུག་ཤིན་ཏུ་ཆགས་པའི་ཉམས། །གཡས་པ་དེ་ནི་མདའ་དར་གཡབ། །རྨ་གཡང་ནོར་དང་ཕྱུགས་བླ་འགུགས། །གཡོན་པ་དངུལ་སྐྱོགས་འོ་མ་ཅན། །

(༤༦༨)གཡང་ཞག་བཅུད་ཀྱི་གཏེར་དུ་འཛིན། །བང་ན་བེའུ་དངོས་གྲུབ་སྟེར། །ཤ་བ་ཡུ་མོའི་སྟེང་ན་འགྱིང་། །ཁྱོད་ལ་མཆོད་པའི་དམ་རྫས་ནི། །ཉེར་སྤྱོད་བཟའ་བཅའ་བཏུང་བའི་མཚོ། དབང་པོ་དྲུག་ལ་མཁོ་དགུའི་རྫས། །གཏོར་མའི་དམ་ཚིག་ཆེན་པོ་འབུལ། །ཐུགས་དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་རུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། ཁྱོད་ལ་རྟེན་དུ་འཛུགས་པ་ནི། །རིན་ཆེན་གཏེར་གྱིས་དུམ་པ་དང་། ནམ་རྒྱང་མདའ་འཕང་ཤིང་རིས་གདོང་། །རྟེན་ཐུགས་བདན་གཡོ་བ་དང་། །རྔ་ལྡིང་འཇའ་རིས་འཁྱིལ་པ་ཡིས། །ཐུགས་དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་རུ་བཞུགས། རྐང་བཞི་ནོར་གྱི་གོད་ཁ་ཆོད། སྤང་ལྗོངས་བེའུས་གང་བར་མཛོད། །འབྲོང་གཡག་ཞོལ་པོ་ཆོ་ལ་རྩེ། །ཟལ་མོ་འབྲི་དང་གཡང་དཀར་ལུག །ཚེ་རིང་ར་དང་འདོད་འཇོའི་བས། ཐུགས་དམ་དགྱེས་བ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་རུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། །མདོར་ན་གནམ་ལ་འཕུར་དགུ་

(༤༦༩)དང་། །ས་ལ་འཇུལ་དགུ་ཐམས་ཅད་ཀྱང་། །ལྷ་མོའི་དཀོར་དང་ནོར་ཡིན་ན། །སྲོག་ཆགས་མདངས་ཀྱིས་ཐུགས་དམ་བསྐང་། །ཐུགས་དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་རུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། །རྟེན་ཅིང་འབྲེལ་འབྱུང་རྩ་བ་ནི། །མ་རིག་འཛིན་པ་ཆེན་པོ་སྟེ། །མ་རིགས་ལས་ནི་རྣམས་ཤེས་འབྱུང་། །རྣམ་ཤེས་ཚོགས་པའི་མིང་གཟུགས་དང་། །སྐྱེ་མཆེད་བདག་པོ་ཁྱོད་ཀྱིས་གྱིས། །རིམས་དང་དེ་ནི་གོད་ཁ་ལ། །རྡོ་རྗེ་རྭ་བའི་གུར་གྱིས་སྲུངས། །གཅན་དང་དེ་ནི་ཚེམ་རྐུན་ལ། །ཉིན་མཚན་ཀུན་ཏུ་མེལ་ཚེ་མཛོད། །ཡུལ་དང་དེ་ནི་གནས་སུ་འབྲེལ། །གནས་དང་ལོངས་སྤྱོད་མི་འབྲལ་ཕྱིར། །ཕྱུངས་གཏའ་འདི་ལ་བརྟན་པར་བཞུགས། །མི་དང་དེ་ནི་ལྷ་རུ་འབྲེལ། །ལྷ་དང་སྲུང་སྐྱོབ་མི་འབྲལ་ཕྱིར། །ཕྱུགས་གཏའ་འདི་ལ་བརྟན་པར་བཞུགས་ཕྱུགས་དང་དེ་ནི་ལྷས་མལ་འབྲེལ། །ལྷས་དང་ཞོ་མལ་མི་འབྲལ་ཕྱིར། །ཕྱུགས་གཏའ་འདི་ལ་བརྟན་པར་བཞུགས། །མདོར་ན་འབྲོག་གནས་ལྷས་མལ་འདི། །ཁྱོད་ལ་

(༤༧༠)བཅོལ་ལོ་གཉེར་དུ་ལོངས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཡང་། །ཁུག་ལ་བསམ་དོན་ལྷུན་གྲུབ་མཛོད། །ཅེས། །ལྕགས་ཟམ་ནི་རྨ་ཀ་ཡི་དགོངས་བཞེད་བཞིན། །བྲིས་འདིས་ཕྱུགས་ལུགས་གྲངས་མེད་འཕེལ་བར་ཤོག །ཀུན་ཀྱང་སྲོག་གི་འཇིགས་ལས་ཐར་གྱུར་ན། །དེ་ཡང་བྱང་ཆུབ་སེམས་དཔའི་ཕྲིན་ལས་ཡིན།། །།

(༤༧༡)ཀློང་ཆེན་སྙིང་གི་ཐིག་ལེ་ལས། བསྟན་བསྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ་བཞུགས་སོ། །

(༤༧༢)མ་མགོན་གྱི་མངའ་གསོལ་ནི། སྐྱེ་མེད་རྡོ་རྗེ་དབྱིངས་ཀྱི་ཡུམ་ཆེན་མོ། །འགགས་མེད་དཔལ་ལྡན་རང་བྱུང་རྒྱལ་མོ་དང་། །དཔལ་མགོན་སྡེ་ལྔ་ལྕམ་དྲལ་བཀའ་སྡོད་བཅས། །ཡེ་ཤེས་དབྱིངས་སུ་དབུ་འཕང་བསྟོད་པར་བགྱི། །རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པའི་གཟུགས། །ཀུན་ཁྱབ་བདེ་ཆེན་ངང་དུ་རོ་གཅིག་ཀྱང་། །མ་རིག་འཛིན་པའི་ལས་རླུང་གིས་སྤྲུལ་པའི། །གཡར་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྲེ། །འདས་པའི་རྣམ་པར་རྟོག་ཡོད་དོ་ཅོག །སྔ་བཅོལ་ལེགས་པའི་གཏང་རག་གཉན་པོ་སྤེལ། །མ་འོངས་རྣམ་པར་རྟོག་པ་གནས་བསྒྱུར་ནས། །ད་བཅེལ་ལེགས་པའི་ཞུ་བ་གཅིག་ཏུ་འབུལ། །ཆད་པའི་གཞུང་གཅིག་བདག་གིས་མི་སྲོད་རྡུ། །ཆད་ལས་དོན་འབྱུང་དོན་ལས་མ་གཡེལ་ཅིག །བཅོལ་བའི་འཕྲིན་ལས་

(༤༧༣)ཁྱོད་ཀྱིས་མི་མཛད་རྡུ། །ཕྲིན་ལས་དོན་དུ་གཟུགས་སྐུར་བཞེངས་ལ་དགོངས། །དབུ་འཕང་གཉན་པོ་དེ་རིང་མི་བསྟོད་རྡུ། །ཕྱོགས་ལས་རྣམ་རྒྱལ་བརྟུལ་ཞུགས་འཛིན་པའི་ཕྱིར། །ལྷུན་པོའི་སྤོ་དང་ཉི་ཟླའི་བཀྲག་མདངས་ཀྱང་། །རྔམས་བརྗིད་ཡོན་ཏན་འབར་བའི་དཔྱིད་དུ་སྤུངས། སྙིགས་མ་ལྔ་ཡི་ཡང་མཐར་ལྟུང་བ་རྣམས། །ནད་མཚོན་དམག་འཁྲུག་མུ་གེས་མནར་བའི་ཚེ། །སྐྱབས་འོས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །དམ་ཅན་ཆོས་སྲུང་རྒྱ་མཚོར་བཞེངས་ལ་འབོད། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་བར། །སློབ་པ་ལམ་གྱི་དམ་བཅའི་མཐར་ཐུག་ཕྱིར། །སྟོང་ཉིད་དབྱིངས་ལས་སྙིང་རྗེའི་སྒྱུ་ཐབས་གར། །རྣམ་བཞིའི་ཕྲིན་ལས་རོལ་མོར་མངའ་གསོལ་ལོ། །རྟག་གདོང་མི་ལྕེ་འབར་བའི་མུ་

(༤༧༤)ཁྱུད་ནང་། །ལས་དབང་བསོད་ནམས་རླུང་རྟ་དར་དྲགས་པའི། །དཔུང་ཚོགས་ཡན་ལག་བཞི་པའི་རྩིབས་རྣོན་གྱིས། །གཞན་སྡེའི་བརྟན་པ་འགྲོག་པར་མངའ༴ ཀུན་འབྱུང་འཕོང་བའི་རྒྱུ་འབྲས་རྣམ་རྟོག་གི། གཞན་དབང་ཉིད་དུ་ཡོངས་ཡེར་མ་བཟུང་ཡང་། །གང་ལ་གསོལ་བ་བཏབ་ན་ཡིད་བཞིན་ནོར། །འབད་མེད་འགྲུབ་པའི་ནོར་བུར་མངའ་གསོལ་ལོ། །རང་སྡེ་བསྲུང་ལ་ཤིན་ཏུ་མཛངས་བཞིན་དུ། །གཞན་སྡེ་དབང་བྱེད་སྒྱུ་རྩལ་ལ་གོམས་པས། །ཐབས་ལ་མཁས་པའི་ཤེས་རབ་མིག་ཡངས་མས། ཁམས་གསུམ་དབང་བྱེད་བཙུན་མོར་མངའ་གསོལ་ལོ། །འདུ་འཛིའི་གནས་ཀྱང་བསྡུ་བའི་དངོས་པོ་དང་། །ཚངས་གནས་བཞི་ཡི་དམ་ལ་སྦྱོར་བྱེད་ཅིང་། །འབྱོར་ཞིང་རྒྱས་ལ་སྲིད་སྡེ་སྲུང་མཁས་པའི། །ཁྱིམ་བདག་རིན་ཆེན་མཆོག་ཏུ༴ རྟག་ཆད་དོན་ལ་སེམས་པའི་མུ་སྟེགས་དང་། །འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློའི་དཔུང་། །ཐེག་ཆེན་ལུས་སྟོབས་རྒྱས་པའི་སྣ་ཞགས་ཀྱེ། །རལ་གྲིས་གཅོད་པའི་གླང་པོར་མངའ༴ བསྐུལ་སར་ཡུད་ཀྱིས་ཕྱིན་པའི་མགྱོགས་པའི་བང་། །རྦད་སར་ཐོགས་སྤུག་མེད་པའི་རླུང་གི་ཤུགས། །ཕ་རོལ་རི་རབ་ཡིན་ཡང་རྫུ་འཕྲུལ་གྱིས། །

(༤༧༥)བརླག་བྱེད་རྟ་མཆོག་ཆེན་པོར་མངའ་གསོལ་ལོ། །ལེགས་ཉེས་སྟངས་འཛིན་བདག་པོ་ཁྱེད་རྣམས་ནི། །རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཅིང་། །སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ་རྫོགས་པའི། །དགྲ་སྡེ་འཇོམས་པའི་དམག་དབོན་ཆེན་པོར་མཛོད། །ཁྱད་པར་རང་སྲིད་འབྱོར་བས་མི་ངོམས་པར། །གཞན་སྡེ་བཟའ་བའི་ལྷ་མིན་འཇུག་པ་ཅན། །བྱེད་པ་རྒྱུ་མཐུན་མཚོན་ཆའི་རྣོ་དཔལ་རྩེར། །རང་སྲོག་རང་གིས་འཕྲོག་པར༴ གང་ལ་སྲུང་སྐྱོབས་བྱེད་པའི་ལྷ་སྲུང་དང་། །མཛའ་གཅུག་དམ་བཅའི་རི་མོ་ཉེར་བསྲུབས་ལ། །བསྟན་འགྲོའི་ཕན་བདེ་བཤིག་པའི་མདུན་གྲོས་དཔུང་། །ནང་དབྱེ་ན་དམ་འཁྲུག་སྦྱོར་བས་དཔའ་བསྐུར་ཤིག །རིགས་གསུམ་མགོན་པོ་མོས་དབོན་རྣམ་གསུམ་གྱིས། རྒྱལ་བསྟན་གངས་རིར་དྲངས་པ་ཆུད་གསན་ནས། །དགེ་བཅུའི་ཁྲིམས་ཀྱི་མུ་ཁྱུད་བཤིག་པ་རྣམས། །དོན་སྙིང་ལྐོགས་མར་འབྱིན་པར་མངའ་གསོལ་ལོ། །འཇིག་རྟེན་ལས་ཀྱི་སྤྲུལ་པའི་གཞན་དབང་ལ། །ཕྱ་དང་དབང་ཕྱུག་རང་དབང་ཡིན་ཟེར་ན། །བདེན་པ་གཉིས་དང་དེ་ཡི་བསྟན་སྲུང་ལ། བརྟེན་གོམས་བྱས་པའི་འབྲས་བུ་གཡེལ་སཾ་ཅི། །ཆོས་

(༤༧༦)ཀྱི་སྐུ་ནི་དུས་གསུམ་སྐྱེ་འགགས་མེད། །ལོངས་སྤྱོད་རྫོགས་ལས་རྣམ་སྤྲུལ་ཆོས་སྐྱོང་རྣམས། །དམ་ཅན་ཉིད་ཕྱིར་དམ་ཚིག་དང་བཞེས་ལ། །ལྔ་བདོའི་འགྲོ་འདི་སྲུང་སྐྱོབས་དུས་ལ་བབ། །མིག་འཕྲུལ་ལས་ཀྱང་མྱུར་བའི་འཇིག་རྟེན་གྱི། །རྒུད་པ་སྣ་ཚོགས་དམ་ཅན་ཆས་སྲུང་མཐུས། །བསྲུང་ཞིང་ཁྱད་པར་བདག་ཅག་ཡོན་མཆོད་ལ། །ལུས་དང་གྲིབ་བཞིན་འགྲོ་ནས་གྲོགས་དན་མཛོད། །གཞིས་སུ་འདུག་ན་རྫོགས་ལྡན་དགའ་སྟོན་སྤེལ། །བྱེས་སུ་གཅན་འཕྲང་ཆོམ་རྐུན་ཁ་ཆར་སྲུང་། །དགྲ་དང་འགྱེད་ན་དཔའ་རྟགས་རུ་མཚོན་འཕྱོར། ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་པའང་མདའ་དཔོན་ཕ་ལྷའི་ངོར་རྫོགས་ཆེན་པོ་འཇིགས་མེད་གླིང་པས་སོ། ༈ །ཚེ་རིང་མཆེད་ལྔའི་མངའ་གསོལ་ཕན་བདེའི་ཕོ་ཉ་བཞུགས། །ཀ་མ་ལར་སྐྱེས་པདྨ་རྒྱལ་པོ་ཡིས། །ཁ་བ་ཅན་གྱི་ཡུལ་ལྷའི་གཙོར་བསྔགས་པ། །ག་དར་གངས་ཀྱི་རི་བོར་རྟེན་བཅས་ལྷ། །ང་ཡི་འབོད་དོ་ཚེ་རིང་མཆེད་ལྔ་པོ། ཅ་ཅོའི་ཁ་ཙམ་མ་ཡིན་སྙིང་ནས་གསོལ། །ཆ་ལུགས་འཆི་མེད་བུ་མེའི་སྒྱུ་འཕྲུལ་གར། །ཇ་དར་གསེར་དངུལ་ནོར་ཕྱུགས་གཏེར་གྱི་བདག །ཉ་ཟླའི་མདངས་འཛིན་གཙོ་མོར་ལ་

(༤༧༧)བཞིའི་བརྟེན། །ཏ་ཐཱ་ག་ཏ་རྡོ་རྗེ་མི་བསྐྱོད་པ། །ཐ་མལ་མི་ཡི་རྫུར་ཞུགས་མི་ལ་རྗེས། ད་ལྟ་བསྟན་བསྲུང་མཆོག་ཏུ་མངའ་གསོལ་ལོ། །ན་མ་ཚེ་རིང་མཆེད་ལྔ་ལས་གཞན་སུ། །པ་ནུའི་རྒྱུན་བཞིན་རྟག་ཏུ་ཁྱོད་གསོལ་ན། །ཕ་རོལ་གཟུགས་ཅན་དགྲ་དང་ཡོག་སྦྱོར་ཡུལ། །བ་ལང་རྒྱ་སྟག་དར་མ་འཕྲད་འཇོམས་བཞིན། མ་ལུས་ལྷག་མེད་གཞོམ་པར་མངའ་གསོལ་ལོ། །ཙ་མ་ར་བཞིན་ཁེངས་པའི་སེམས་ལྡན་དང་། །ཚ་གྲང་བལ་གྱིས་གཞན་དོན་མནར་སེམས་ཅན། །ཛ་ལང་སྤྱོད་པས་བསྟན་སེལ་སློང་བའི་རིགས། །ཝ་སྤྲེལ་གདོང་ལྔའི་གཞོམ་བཞིན་མངའ་གསོལ་ལོ། །ཞ་ལྷམ་གོ་འཛོལ་བླ་སློབ་གོ་ཟློག་མཁན། །ཟ་ཁ་ནང་ལྟ་སྙིང་ཁ་ཕྱིར་བསྟན་ནས། །འ་འོལ་གཡོ་སྒྱུའི་ཆོ་འཕྲུལ་ངོམ་པའི་རིགས། །ཡ་ལ་མཚན་གྱིས་གཞོམ་པར་མངའ༴ ར་གན་གསེར་དུ་བརྫུ་འདྲའི་ཚུལ་འཆོས་ཅན། །ལ་ལུང་ གྲོ་ལ་སྡུག་སྦྱོར་ལས་ངན་དཔུང་། །ཤ་ཚའི་དྲིན་ལན་ལོག་མཇལ་སྙིང་རིང་རིགས། །ས་བདག་རྒྱལ་མོས་གཞོམ་པར༴ ཧ་ཅང་མི་དགེ་སྤྱོད་ལ་འགྱོད་མེད་དང་། །ཨ་གསར་ལྕེ་གཉིས་སྐྱོང་བའི་དུག་སྦྲུལ་སེམས། །ཨ་རོག་

(༤༧༨)ཁ་ཀར་སྙིང་ནག་གནོད་བྱེད་དཔུང་། །ཨ་ཅེ་ལྷ་མོས་འདུལ་བར་མངའ༴ ཕྱི་ལྟར་ཟོ་དོར་ཚུལ་འཛིན་ཤ་ཟ་ལྔ། །ནང་ལྟར་མཁའ་སྤྱོད་གནས་བསྒྲོད་ཌཱཀྐཱི་ལྔ། །གསང་བ་འབྱུང་ལྔ་གནས་འགྱུར་ཡུམ་ཆེན་ལྔ། །རྒྱུད་ལྔའི་འགྲོ་ལ་ཕན་ཕྱིར་མངའ་གསོལ་ལོ། །ངོ་བོ་རྣམ་ཀུན་མཆོག་ལྡན་སྤྲོས་བྲལ་ཡང་། །སྟོང་པ་ཕྱོགས་གཅིག་མ་ཡིན་བདེ་མཆོག་དང་། །ཟུང་འཇུག་རྩལ་དུ་ཤར་བའི་སྒྱུ་འཕྲུལ་བདག །འགྲོ་ཁམས་བདེ་ལ་སྦྱོར་ཕྱིར་མངའ༴ བདེ་གཤེགས་སྙིང་པོ་སྲིད་ཞི་མཉམས་ཉིད་ཀྱང་། །ཀུན་བྱེད་རྒྱལ་པོས་འཁོར་འདས་གཉིས་བསྐྲུན་པའི། །སྐྱེ་འགགས་གནས་གསུམ་མཁའ་ལ་འཇའ་སྤྲིན་བཞིན། །རྟག་ཆད་འགྲོ་འོང་སྤང་ཕྱིར༴ དོན་དམ་བཟང་ངན་རེ་དོགས་འཛིན་བྲལ་ཡང་། །ཀུན་རྫོགས་རྟེན་ཅིང་འབྲེལ་འབྱུང་བསམ་འདས་ཕྱིར། །ལུགས་ཟུང་འགལ་སྤོང་མཐུན་གྲུབ་བདག་ཉིད་དུ། །རྒྱལ་ཡུམ་ལྷ་མོ་མཆོག་ཁྱོད་མངའ་གསོལ་ལོ། །རྩ་གསུམ་ཀུན་འདུས་ཡེ་ཤེས་ལྷ་མོ་ལྔ། །དྲིན་ཆེན་མ་ལྟར་མངའ་གསོལ་བྱམས་བརྩེས་སྐྱོང་། །བརྩེ་ལྡན་སྲིད་ལྟར་མངའ་གསོལ་དུང་སེམས་བསྐྱེད། །མཛའ་བའི་གྲོག་ལྟར་མངའ་གསོལ་ཕན་བདེ་སྤེལ། །བསྒྲུབ་ལ་གཞོལ་ཚེ་བསྐྱེད་

(༤༧༩)རྫོགས་ཡར་ཟླ་བཞིན། །གོང་ནས་གོང་འཕེལ་ས་ལམ་འབྲས་སྨིན་ཞིང་། །གཞན་དོན་ཕྲིན་ལས་འཇུགས་པའི་དབང་སྔོན་ལས། །དགོས་དགུ་འབྱུང་བཞིན་ཡོངས་ཀྱི་གསོས་འགྱུར་མཛོད། །མདོར་ན་དགེ་བའི་སེམས་དང་རྣམ་དཀར་ལས། །ཤོལ་འགྱང་བར་ཆད་དབང་དུ་མི་འགྱུར་བཞིན། །ཕར་ཕྱིན་དྲུག་གི་མཛད་པ་མཐའ་ཡས་ཀྱིས། །འགྲོ་ཁམས་ཕན་བདེར་སྦྱོར་ནུས་ཕྲིན་ལས་མཛོད། །ཅེས་པའང་རྣལ་འབྱོར་བ་བྱང་ཆུབ་རྡོ་རྗེས་སོ། །༈ རྡོ་རྗེ་གཡུ་སྒྲོན་གྱི་བསྐད་མཁའ་འགྲོ་སྙིང་ཐིག་ལྟར་དམ། །ཡང་ན། ཨོཾ་བཛྲ་པྲ་མོ་ཧ་སོགས་བརྗོད་ནས། ཞེས་ལན་ལྔའམ་བདུན་གྱིས་འབུལ། རྒྱས་པར་སྤྲོ་ན་སྐོང་བཤགས་བྱ་བ་ནི། ཧཱུྃ། འགྱུར་མང་བདེ་བ་ཆེན་པོའི་ངང་ཉིད་ལས། །ཏིང་ངེ་འཛིན་གྱིས་རྣམ་འཕྲུལ་བཀོད་པ་ནི། །དབང་པོ་དྲུག་ལ་འདོད་དགུར་འཆར་བའི་རྫས། །འབྲུ་བཅུད་སྟོང་ལས་སྦྱར་བའི་གསེར་སྐྱེམས་དང་། །བཀར་མངར་འོ་ཕུད་སྤྲིས་མར་ཆགས་པའི་ཞོ། །ཆུ་དང་ཐང་ལ་སྐྱེས་བའི་མེ་ཏོག་རིགས། །རང་བཞིན་ལྷན་ཅིག་སྐྱེས་དང་སྦྱར་བའི་སྤོས། །ཉི་ཟླ་ལ་སོགས་སྣང་བྱང་སྒྲོན་མེའི་འོད། །བཟང་དྲུག་ད་ལ་འགྲོས་བརླན་པས་དྲི་དང་ཆབ། །ཤིང་ཏོག་

(༤༨༠)རྩི་ཐོག་གཡས་སུ་སྦྱར་བའི་ཟས། །འབུད་ཀྲོལ་བརྡུང་དང་གླུ་ཡི་འགྱུར་ཁུགས་སྒྲ། །ཉེར་སྤྱོད་འདོད་པའི་ཡོན་ཏན་ཚོགས་ཀྱིས་བསྐངས། །ཕྱེ་མར་གསང་སྦོས་དར་མཚོན་སྣ་ལྔའི་སྤྲིན། །སྐྱེད་ཚལ་མ་རྨོས་ལོ་ཐོག་འབྲོང་གཡག་ཞོལ། ཐལ་དཀར་གཡང་མོ་ལུག་དང་ཚེ་ཚེ་ར། །མགྱོགས་པའི་བང་དང་རྫུ་འཕྲུལ་རླུང་གི་ཤུགས། །རྩལ་གསུམ་ལྡན་པའི་ཅང་ཤེས་དྲིའུ་སྔོན། །ཤ་རྐྱང་མ་ཧེ་འདོད་འཇོའི་བ་དང་མཛོ། །ནམ་མཁའ་ལྡིང་དང་རྨ་བྱ་ཟློག་གར་ཅན། །ངང་པ་ཁྲུང་ཁྲུང་བཞད་དང་མཁའ་འགྲོའི་བྱ། །གནག་སྣུམ་ཡན་ལག་དམར་དང་སེར་པོ་སོགས། །སྲོག་ཆགས་མདངས་ཀྱིས་ཐུགས་དམ་བསྐང་གྱུར་ནས། །བྱ་བ་སྤྱོད་ལམ་ཉས་དང་འབགས་བཙོག་ཤོར། །ལྷག་གཏོར་རྒྱུན་གཏོར་ཆགས་དང་གསོལ་མཆོད་གཡེལ། །ཐབས་གཞོབ་མི་མཁོན་ལྷ་མཁོན་བྱུང་བ་སོགས། །ཐུགས་དང་འགལ་བ་ཐམས་ཅད་སོར་ཆུད་ནས། །ཚངས་བ་མཆོག་གི་དངོས་གྲུབ་རྩལ་དུ་གསོལ། །དེ་ནས་བསྟོད་པ་བྱ་བ་ནི། རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སོགས་ནས་བཅོལ་བའི་འཕྲིན་ལས་བར་བརྗོད། །མངའ་གསོལ། ཀྱཻ་བདེ་ཆེན་ཀུན་ཏུ་བཟང་མོའི་ཀེ་ལ་ཤར། །རྗེས་ཆགས་ཉི་གཞོན་

(༤༨༡)འཆར་ཀའི་བརྩུལ་ཞུགས་ཀྱིས། །དམ་པོར་མཁྱུད་པའི་མཛེས་སྡུག་ལང་ཚོའི་ཉམས། །སྨན་བཙུན་རྡོ་རྗེ་གཡུ་ཡི་སྒྲོན་མ་གསལ། །མཐོ་རིའི་བུ་མོའི་གྲོང་ཁྱེར་ཉམས་དགའ་བ། །ལྷ་མོ་ཡིད་འོང་མེ་ཏོག་མནྡྷ་ར། །ཤིན་ཏུ་མཛེས་པའི་ལང་ཚོའི་འཇིག་རྟེན་གྱི། །བརྟན་པ་ཕྲོག་པའི་བྱེད་པོ་ཁྱེད་ལས་སུ། །དུས་སྦྱོར་བཅུ་གཉིས་དག་པའི་རྟེན་འབྲེལ་རྩལ། །འཇིག་རྟེན་བསྟན་མའི་སྣང་ཆར་བསྟན་མོད་ཀྱང་། །མཁའ་སྤྱོད་དག་པའི་ཞིང་ན་ཝ་ར་ཧི། །དངོས་གྲུབ་ཀུན་གྱི་བྱེད་པོར་མངའ་གསོལ་ལོ། །ཤིན་ཏུ་ཆགས་པ་ཆེན་པོས་ཡེ་ཤེས་མེས། །ཐབས་མཆོག་བདེ་བ་ཆེན་པོའི་དཔའ་བོ་ལ། །སྦྱར་བའི་སྙིང་དུ་དབུ་མར་དག་པའི་གྲོང་། །ས་ལམ་ཡོངས་བསྒྲོད་ཕོ་ཉར་མངའ༴ སྙིགས་མ་ལྔ་བརྒྱའི་ཐ་མར་སྐྱེས་པའི་མཐུས། །ཆོས་བཞིན་སྤྱད་ཀྱང་འགལ་རྐྱེན་དར་བའི་དུས། །དབང་དང་དྲུག་ཤུལ་སྤྱོད་པའི་ཕྲིན་ལས་ཀྱིས། །རྣལ་འབྱོར་སྐྱོངས་བའི་ཕ་མར་མངའ་གསོལ་ལོ། །མདོར་ན་དུས་གསུམ་ཀུན་ཏུ་ཁྱོད་བརྟེན་ཞིང་། །དུས་མེད་རིག་པའི་ངང་དུ་རོ་གཅིག་ནས། །འདུ་འབྲལ་མེད་པའི་དམ་ཚིག་ཉེར་དགོངས་ཏེ། །དངོས་གྲུབ་ཆེན་པོའི་

(༤༨༢)དགའ་སྟོན་གསར་པས་སྐྱོངས། །མཚུངས་པ་མེད་པའི་མཛེས་སྡུག་ལང་ཚོས་དཔྱིད། །སྙིང་གི་ཐིག་ལེར་རོ་གཅིག་འདྲེས་པའི་མོད། །རང་བྱུང་ཡེ་ཤེས་ཆེན་པོའི་དོན་སྟོན་།།།རྣམ་བཞིའི་ཕྲིན་ལས་ཡོངས་འདུས་འདྲས་སྨིན་མཛོད། །ཅེས་པ་འདི་ཝང་གི་དྲས་བསྐུལ་ངོར་མཁྱེན་བརྩེས་ལྷས་སོ། །བཀྲ་ཤིས། །དགེའོ། །

(༤༨༣)ཀློང་ཆེན་སྙིང་ཐིག་ལས། །མ་མགོན་གྱི་བསྐུལ་དང་ཁ་ཟླས་དམིགས་གཏོར་འབུལ། བསྐངས་འཕྲིན་བདེན་བརྡར། །བསྟོད་པ་བཀའ་བསྲུངས་གསོལ་མཆོད་བཅས་བཞུགས་སོ། །

(༤༨༤)ལས་དམིགས་བསལ་ཡོད་ན་མ་མགོན་གྱི་བསྐུལ་བྱ་བ་ནི། དམར་གཏོར་དོན་སྙིང་དང་བསད་ཁྲག་གིས་བརྒྱན་པར་དམིགས་བྱ་དགུག་འདྲེན་དྲག་པོ་བགྱིས་ལ མ་མ་ཏྲག་རཀྴ་ཨེ་ཀ་ཙ་ཊི་ཨེ་དཾ་བྷ་ལིངྟ་པཱུ་ཙ་ཧོ ཁ་རཾ་ཁཱ་ཧི ཨོཾ་མ་ཧ་ཀཱ་ལ་ཤཱ་ས་ནི་ཏྲི་ལིང་གིང་ཀ་ར་ཨེ་དཾ་བྷ་ལིངྟ་པཱུ་ཛ་ཧོ༔ ཁ་རཾ་ཁཱ་ཧི༔ ཏྲི༚་བཛྲ་ས་དྷུ་ས་མ་ཡ་ཨེ་དཾ་བྷ་ལིངྟ་པཱུ་ཙ་ཧོ ཁ་རཾ་ཁཱ་ཧི༔ ཞེས་འཁོར་རྣམས་སྡེ་བརྒྱད་དུ་བསྡུས་ཏེ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཀིངྐ་ར་ས་མ་ཡ་བྷ་ལིངྟ་བྷུཉྩ་ཧོ༔ ཞེས་ཟས་སྐལ་དུ་བསྔོ༔ བྷྱོ ཀཱི་ལ་ཡ་ཡི་ཡུམ་གཅིག་ཁྲོས་མ་ནག༔ ཁུ་འཕང་ཐོག་སེར་བདག་པོ་མགར་བ་ནག༔ གེ་སར་དམག་གི་དགྲ་ལྷ་སྲོག་བདུད་ནག༔ དོ་ནག་ཁྲོས་པའི་ལས་ལ་ང་བཞེངས་ཤིག༔ ཅི་ནས་དཀོན་མཆོག་དབུ་འཕང་སྨད་པའི་དགྲ༔ ཆུ་འཁྱགས་སེར་བས་ལོ་ཏོག་བཅོམ་པ་བཞིན༔ ཇི་ཞིག་མ་ཡིན་སྐད་ཅིག་ཡུད་ཙམ་ལ༔ ཉོ་ཆད་བགྱིས་པའི་ཟས་བཞིན་རྡུལ་དུ་རློགས༔ ཏིལ་མཁའ་འགྲོའི་སྙིང་ཏིག་གཤེ་བྱེད་ཅིང༔

(༤༨༥)།ཐུ་མ་རལ་གྱི་བརླང་སྦྱོང་རྩུབ་མོ་ཡིས༔ དེ་ལ་དེར་བསྙད་དོ་བརྔོ་ཕོང་འཛུགས་པའི༔ ནོ་པི་ཀ་ཡི་དགྲ་འདི་མྱུར་དུ་སྒྲོལ༔ པི་ཝང་ལྟ་བུར་སྙན་པའི་ཆོས་ཀྱི་སྒྲས༔ ཕུ་མངའ་ཉེ་འཁོན་མེད་པ་བསྐྱངས་བྱས་ཀྱང་༔ བེའུ་ཞོ་ཡིས་ངོམས་ལྟར་ཁྲེལ་སྤངས་པ༔ མོ་རྒྱུད་སྔགས་ཀྱི་བདག་མོས་རྔམ་ཟས་ཀྱིས༔ ཙིཏྟ་སྙིང་གི་ཟུངས་ཁྲག་མཁའ་འགྲིའི་ཆོས༔ ཚུ་རོལ་འདུད་པའི་ཟོལ་གྱིས་བླངས་པའི་མཐར༔ ཛ་ལང་སྤྱོད་པས་དམ་ཚིག་ཁྱད་གསོད་པའི༔ ཝ་སྐྱེས་ལྟ་བུའི་དམ་ལོག་ད་ལྟ་སྒྲོལ༔ ཞི་བ་བྱང་སེམས་སྒོམ་པའི་ཐུགས་རྒྱུད་བྱིངས༔ ཟེ་ཀ་བྱ་ཡིས་འཐོར་བ་ལྟར་དཀྲུགས་ནས༔ འུ་ཅག་བདེན་པར་སྨྲ་བའི་གཡོ་སྒྱུ་ཅན༔ ཡོ་ལངས་ཐན་ལྟས་འཁྲུགས་པས་སྤོ་བཀོངས་ཤིག རི་རྒྱལ་ལྷུན་པོ་ལྟ་བུར་སྒྲུབ་ཚུགས་བཟུང་༔ ལུ་མའི་ཆུ་རྒྱུན་བཞིན་དུ་བྱང་སེམས་བསྐྱེད ཤི་བ་སྲོག་ལ་བབ་ཀྱང་ཁྱོད་བསྟེན་ན༔ ས་གཞི་ལྟ་བུར་གཡོ་འགུལ་མི་མཛད་དམ ཧ་ཅང་དམ་ཚིག་རལ་བའི་དགྲ་བོ་འདི

(༤༨༦)ཨ་ལ་ཧ་ལའི་གང་རྒྱངས་སྒྲོགས་བཞིན་དུ༔ ལོ་ཟླ་ཞག་ཏུ་མ་འགྱངས་མི་བསྒྲལ་ན༔ ཁྱོད་ལ་མཐུ་སྟོབས་ཡོད་པ་རྫུན་དུ་ཟད༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས འདོད་པ་ཁམས་ཀྱི་དབང་ཕྱུག་རྨོངས་བྱེད་མ༔ ཨེ་ཀ་ཛ་ཊི་ནག་མོ་ཁྲོས་མའི་གདོང་ དབུ་དགུ་ཟངས་ཁ་ལྕགས་ཀྱི་མཆུ་སྡེར་ཅན མིག་ནས་ཁྲག་རིམས་སྣ་ནས་མཛེ་ནད་གཏོང་༔ སྐུ་ལས་འབྲུམ་ནད་ཁོང་ནས་ཤ་ལ་འབར༔ ལྕགས་རྩ་རྩེ་དགུས་དགྲ་བོའི་སྙིང་ཕྱུང་ལ ལྕགས་སྤྱད་མང་པོ་དམ་ཉམས་ཤ་ལ་ཁྱེ སྲོག་བདག་བདུད་ཀྱི་མགོན་པོ་བྱ་རོག་གདོང་༔ རྟ་ནག་སྟེང་ན་སྟག་རལ་གཟིག་ཤུབས་འཕྱང་ ལྕགས་མདའ་ནག་པོ་དགྲ་བོའི་སྙིང་ལ་གཟིར༔ དམག་དཔོན་སྡེ་ལྔ་དམ་ཉམས་དགྲ་ལ་འཕྱོ ས་འོག་ས་སྟེང་ས་བླའི་འཇིག་རྟེན་ཀུན༔ དཔལ་མགོན་བདུན་ཅུ་སྤྲུལ་པའི་དམག་གིས་ཁོངས༔ སྟག་གཟིག་དོམ་དྲེད་མང་པོ་ད་ར་ར གཡག་ནག་ཁྱི་ནག་མང་པོ་འདུ་རུ་རུ འདབ་ཆགས་ཁྲ་ཐབས་མང་པོ་ཞ་ལ་ལ སྒྲོལ་གིང་མགར་བ་ནག་པོ་དགྲ་ལ་བྷྱོ གཡས་པའི་ཐོ་བས་དགྲ་བོའི་སླང་ནས་རྡུངས༔ གཡོན་པའི་སྤུད་པས་ཡུལ་ཁམས་རླུང་ལ་སྐུར༔ ལྕགས་སྦྱང་མགོ་དགུས་སྟེང་ནས་ལྟས་

(༤༨༧)ངན་ཐོངས སུམ་བརྒྱ་དྲུག་ཅུའི་དམག་སྣ་དགྲ་ཡུལ་དྲོངས ཐེ་བྲང་མོན་པ་སྟོང་སྡེ་ལས་ལ་ཆོས༔ ཐོག་སེར་དྲག་པོ་དགྲ་བོའི་ཡུལ་དུ་དྲོངས འདབ་ཆགས་ཤ་ཟན་མང་བ་བླ་ལ་ཁྱེ སྤྱང་ནག་འོ་དོད་འབོད་བས་ལྷ་ལྔ་དཀྲོགས ལྷ་སྲིན་སྡེ་བརྒྱད་དམག་ཚོགས་དགྲ་ལ་དྲོངས༔ དོ་ནུབ་ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལ བསང་རྟགས་དོན་སྙིང་དམར་པོ་ཁྱེར་ལ་ཤོག བསོད་ནམས་རླུང་རྟའི་དཔལ་ལ་སྙད་མ་འདོགས ཚེ་དང་ལས་ཀྱི་མཐུ་ལ་སྐྱབས་མ་བཅོས མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ ཏྲག་རཀ་མུན་ཏྲ་ཨེ་ཀ་ཙི་ཏ་སྙིང་ཁ་རག་སྲོག་རྩལ་རྦད༔ ཙིཏྟ་ལོང་རཀྐ་ཐུན་བྷྱོ ཞེས་གཏོར་མ་དགྲ་ཕྱོགས་སུ་འཕངས་ཤིང་བསྲུང་འཁོར་བསྒོམ འདི་ནི་ཤིན་ཏུ་གཉན་པས་གར་ཐོད་ཐོད་དུ་མི་བྱ་ཞིང་འབོད་རྦད་བསད་པའི་ལས་དངོས་བསྟན་ལ་སྦྱོར་ན་གནང་ཡིག་ལ་བརྟེན་པ་གཅེས་སོ༔ ༈ བཟླས་པ་བྱ་བ་ནི། ལས་གཞུང་གི་བསྟོད་པ་རྫོགས་ནས། མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲག་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་མཐིང་ནག་གཡོན་བསྐོར་དུ་འཁོར་བར་བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་ལས་བྱུང་

(༤༨༨)བའི་འོད་ཟེར་གྱིས་ཐུགས་རྒྱུད་བསྐུལ་ནས་ཅི་དོད་པའི་འཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་གྱུར། ཞེས་བརྗོད་བས་ཧེ་རུ་ཀའི་ཡིག་བརྒྱ་དང་། གོང་གནོན་གྱི་བཟླས་པ་བརྒྱ་རྩ་སྔོན་དུ་འགྲོ་བས། ཏྲག་རཀྴ་མུ་ཏྲ་མུ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རག་མོ་ཏེ་ཀེ༚་ཙ་ཙ༔ རུ་ལུ་རུ་ལུ་རུ་མ་ཧི༚་བྷྱོ མ་ཧཱ་ཀཱ་ལ་ཤ་ས་ན་ཧཱུྃ༔ བཛྲ་ས་རུ་ཏྲི ཞེས་ཅི་ནུས་བྱའོ། །གཏོར་འབུལ་བསྡུས་པ་འཇིགས་གླིང་རང་གི་གསུང་ཡིན་ཞེས་ཆད་མཐོའི་གོང་དུ་ཁ་གཅིག་གི་མཛད་གསོལ་ནི༔ ཧཱུྃ། དངོས་སུ་འབྱོར་པའི་མཆོད་པ་སྣ་ཚོགས་དང་། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བས། །ལྕམ་དྲལ་བཀའ་སྟོད་འཁོར་བཅས་མཉེས་གྱུར་ཅིག །ཤྲཱི་བཛྲ་དྷརྨ་པ་ལས་པ་རི་ཝ་ར་ཨརྒྷཾ་སོགས་ཀྱི་མཆོད། ཧཱུྃ། དྲག་ཤུལ་རྡོ་རྗེའི་ལང་ཚོར་འབར་བའི་སྐུ། །མི་ཤིག་བརྗོད་བྲལ་ནཱ་དའི་རང་བཞིན་བསྲུངས། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །ལྕམ་དྲལ་བཀའ་སྟོད་འཁོར་དང་བཅས་ལ་བསྟོད། །ཞེས་དང་རྒྱས་པར་བྱེད་ན་རྫོགས་ཆེན་དགོན་གྱི་བླ་མ་སྤྱིའི་ཕྱག་བཞེས་ལྟར་གསེར་སྐྱེམས་ཀྱི་འཇུག་ཏུ། ཧཱུྃ་ཧྲཱི༔ རང་བྱུང་ལྷུན་གྲུབ་བྷན་དྷའི་སྣོད་ནང་དུ། །རང་གསལ་ཤ་ལྔ་ཡེ་ཤེས་བདུད་རྩི་ལྔ། །བཅུད་ལྡན་མི་བཟང་

(༤༨༩)དཔལ་གྱི་གཏོར་མ་འདི། །མཆོག་གསུམ་སྐུ་གསུམ་རྩ་གསུམ་རྒྱ་མཚོའི་ཚོགས། །རྩ་བརྒྱུད་བླ་མ་རིག་འཛིན་གྲུབ་པའི་ཚོགས། །ཕྱི་ནང་གནས་གསུམ་དཔའ་བོ་མཁའ་འགྲོ་ལ། །རྣམ་དག་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །ཁ་ཁ་ཁཱ་ཧི་ཁཱ་བཱ་ལིང་ཏ། བཞེས་ནས་ཀ་དག་འོད་སྐུའི་དངོས་གྲུབ་སྩོལ། །དཔལ་མགོན་མ་ནིང་མགོན་པོ་ཕྱག་བཞི་པ། །ཞིང་སྐྱོང་ཡབ་ཡུམ་མ་གཟའ་རྡོར་ལེགས་དང་༔ བཙན་རྒོད་སྤུན་བདུན་ཆོས་རྒྱལ་སྐུ་ལྔ་སོགས། །མཆོད་ཅིང་བསྟོང་འོས་བསྲུང་མའི་ཚོགས་ཀུན་གྱི། །རང་རང་བཀའ་འཁོར་བྲན་གཡོག་བཅས་རྣམས་ལ། །རྣམ་དག་བདུད་རྩིའི་གཏོར་མ༴ ཁ་ཁ་ཁཱ་ཧི་ཁཱ་ཧི་བྷ་ལིང་ཏ༴ བཞེས་ནས་ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས། །ཚེ་སྒྲུབ་མཐར་ཕྱིན་རང་གཞན་དོན་འགྲུབ་ནས། །བདག་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་ནོན། །ས་འདིར་སྒྲུབ་པའི་སྡེ་ལ་དར་རྒྱས་མཛོད། ཕྱི་ནང་བཀའ་སྲུང་ཡུལ་ལྷ་ཟོ་དོར་དང་། །འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་རྣམས་དང་། །སྲུང་སྐྱོབས་མཛད་པའི་ལྷ་སྲུངས་ཐམས་ཅད་ལ། །རྣམ་དག་བདུད་རྩིའི་གཏོར༴ ཁ་ཁ་ཁཱ་ཧི་ཁཱ་ཧི་བྷ་ལིང་ཏ༴ བཞེས་ནས་ཡུལ་རིས་རྒྱལ་ཁམས་ཐམས་ཅད་

(༤༩༠)ལ། །མི་ནད་ཕྱུགས་ནད་དལ་ཡམས་རྒྱུན་ཆོད་ལ། །ལོ་ཕྱུགས་རྟག་ལེགས་ཆར་ཆུ་དུས་འབེབས་ཤིང་། །བདག་གཞན་འདོད་དོན་མ་ལུས་མྱུར་འགྲུབ་མཛོད། །ཧཱུྃ། ཀུན་བཟང་ཞི་ཁྲོ་རབ་འབྱམས་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔའ་ཐུབ་དབང་བཅོམ་ལྡན་འདས། །གསང་བའི་བདག་པོ་དགའ་རབ་ཤྲཱི་སིང་། །ཡོངས་ཀྱི་གཙོ་མཆོག་ཨོ་རྒྱན་ཐོད་ཕྲེང་རྩལ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མཁར་ཆེན་བཟའ། །འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། །རྒྱ་བོད་ལོ་པཎ་གྲུབ་ཐོབ་ཚོགས་རྣམས་དང་། །འགྲོ་འདུལ་སྤྲུལ་སྐུའི་གཏེར་སྟོན་བརྒྱུད་པར་བཅས། །སངས་རྒྱས་སྐུ་དངོས་བླ་མ་དེ་རྣམས་ཀྱི། །དམ་ལ་བཏགས་པའི་སྲུང་མ་མཐུ་བོ་ཆེ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱི། །རིག་འཛིན་རྩ་རྒྱུད་བླ་མའི་བཀའ་བཞིན་དུ། །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །གསང་སྔགས་ཟབ་གཏེར་སྙིང་པོའི་སྒྲུབ་རྒྱུད་བསྟན། །ནམ་ཡང་ནུབ་མེད་འཕེལ་ཞིང་རྒྱས་པ་དང་། །ནག་ཕྱོགས་དགྲ་བགེགས་རྩང་ནས་གཅོད་པར་མཛོད། །བསྐངས་འཕྲིན་ཡོངས་རྫོགས་ཀྱི་རྗེས་བདེན་བརྡར་ནི། སངས་རྒྱས་ཀྱི་བསྟན་པ་དར་ཞིང་། །སེམས་ཅན་ལ་བདེ་སྐྱིད་འབྱུང་བ། །རྣལ་འབྱོར་པ་བདག་ཅག་འཁོར་སྒྲུབ་པ་པོས་ཞི་བའི་ལས་དང་། རྒྱས་པའི་ལས་དང་། དབང་གི་

(༤༩༡)ལས་དང་། དྲག་པོའི་ལས་དང་། ལས་རབ་འབྱམས་གང་བརྩམས་ཐམས་ཅད་ཐོགས་པ་མེད་ཅིང་མྱུར་བ་ཉིད་དུ་འགྲུབ་པའི་སྡོང་གྲོགས་དང་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ། །ཁྱད་པར་དུ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་བར་ཆོད་ཆགས་ཆེ་ཉམས་ང་ལོ་སྐག་ཟླ་གཤེད་ལ་སོགས་མི་འདོད་པའི་ཉེ་བར་འཚེ་བ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་ཞིང་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། མཐོ་རིས་ཀྱི་ཡོན་ཏན་བདུན་དང་སྡེ་བཞིའི་དཔལ་ཕུན་སུམ་ཚོགས་པ་ལ་མདའ་དབང་བསྒྱུར་ནས་རྟག་ཏུ་དགེ་བ་བཅུའི་ཆོས་ཡང་དག་པ་ལ་སྤྱོད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དབུགས་འབྱིན་པའི་ཕྲིན་ལས་དམ་པ་རྒྱ་ཆེན་པོ་ཡོངས་སུ་འགྲུབ་པར་གྱུར་ཅིག །༈ རྡོ་རྗེ་ཆོས་སྐྱོངས་བའི་བསྲུང་མ་རྣམས་ལ་མངོན་པར་བསྟོད་པ་ཚངས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མ་ཤྲི་བཛྲ་དྷ་མ་བཱ་ལ་ཡ། ཚངས་པ་མགྲིན་སྔོན་ཁྱབ་འཇུག་དང་ནི་དབང་པོ་ཉེ་དབང་བཙུན་མོར་བཅས། །ལྷ་ཆེན་ཀུན་གྱིས་མངོན་པར་བསྟོད་པ་དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ལྷན་མིན་ཚོགས་དང་ལྷན་མིན་ཡིད་ཅན་བསྟན་དགྲ་མ་ལུས་བརླག་མཛད་པ། །ཧེ་རུ་

(༤༩༢)ཀ་ཡི་སྤྲུལ་པ་མཆོག་གྱུར་གྲོ་ཏི་ཡུམ་གྱི་བདག་པོར་འདུད། །ཁྲོས་པའི་ཞལ་གྱི་སྤྲིན་ནག་འཁྲིགས་ལས་སྡང་མིག་གློག་ཞགས་རྣམ་གཡོ་ཞིང་། །ཚེམས་ཀྱི་མྱུ་གུ་གངས་རིའི་མདངས་འཛིན་སྐྱན་ཐང་ཟེལ་གྱིས་དགྲ་ལ་འབེབས། །ལྕགས་ཀྱི་སྡེར་མོ་གནམ་ལྕགས་འབར་བས་ཉམས་པའི་ཙིཏྟ་དྲུང་འབྱིན་པའི། །སྲིད་རྒྱལ་མ་ཞིས་སྔགས་བསྲུང་གཙོ་མོ་ནམ་མཁའི་རལ་ཅིག་འཛིན་ལ་བསྟོད༔ སྡིག་ཅན་དགྲ་བོའི་སྙིང་ཁྲག་རྫིང་བུར་མི་སྡུག་གཟུགས་ཀྱི་ཚང་ཚིང་འཁྲིགས། །སྲིད་གསུམ་སྲོག་དབུགས་གཅིག་ཅར་རྡུབ་པའི་ལྟོ་ཞལ་འཇིགས་རུང་མཁའ་ལ་གདང་། །ལེགས་ཉེས་འབྱེད་པའི་སྤྱན་སྟོང་བགྲད་ལས་དམ་ཉམས་སྙིང་ལ་དུག་ཆར་འབེབས། །གསང་བདག་དཔའ་བོའི་བཀའ་སྟོད་མཐུ་ཆེན་འཇིགས་མཛད་རཱ་ཧུ་ལ་ལ་བསྟོད། །ལས་བྱེད་མོན་པའི་རླུང་ནག་དང་འགྲོགས་སྦུད་པའི་གཟུགས་དང་རྡོ་རྗེའི་མངའ། །ལྷན་ཅིག་རྦད་པས་དགྲ་སྙིང་གཏོར་ཞིང་དགྲ་བོའི་གླད་པ་འགེམ་མཛད་པའི། །སྒྲོལ་གིང་ལས་ཀྱི་བཤན་པའི་མཆོག་དང་དམ་ཅན་མ་མོ་ངན་ནེམ། །དཀོན་ནོར་སྲུང་བའི་བྱེད་པོ་ཀུན་ལ་རབ་ཏུ་དངས་བས་བདག་ཕྱག་འཚལ། །གནོད་སྦྱིན་གཏེར་གྱི་རྒྱ་མཚོ་ཆེ་ལས་དགོས་འདོད་ནོར་བུའི་མཆོག་

(༤༩༣)སྦྱིན་པའི། །རྣམ་མང་ཐོས་སྲས་ལྷ་མོར་བཅས་པ་གང་དག་བུ་མང་ལྡན་པའི་ཚོགས། །ཐུགས་རྗེའི་གདེང་ཀ་རྣམ་པར་གཡོ་ཞིང་བྱམས་པའི་ཕྱག་གིས་ཉུག་མཛད་པ། །དེ་དག་ཀུན་ལ་གུས་པས་འདུད་དོ་འབྲུ་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། །དཔལ་ལྡན་བླ་མའི་བྱིན་རླབས་སྤྲིན་འཁྲིགས་ཡི་དམ་དངོས་གྲུབ་ཆར་རྒྱུན་འབེབས། །མཁའ་འགྲོའི་ཕྲིན་ལས་འབྲས་བུར་གཡུར་ཟ་ཆོས་སྐྱོང་བསྲུང་མའི་ར་བ་བརྟན། །དུས་གསུམ་དགེ་བའི་བཀྲ་ཤིས་གཡང་འཁྱིལ་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་བའི། །གཡར་དམ་གཉན་པོ་འགྲུབ་པར་མཛོད་ཅིག་སྐྱབས་འོད་རྣམས་ཀྱིས་མཐུན་འགྱུར་མཛོད། །ཅེས་རྡོ་རྗེ་ཆོས་སྐྱོང་བའི་བསྲུང་མ་རྣམས་ལ་མངོན་པར་ཡིད་ཆེས་པའི་བསྟོང་པ་འདི་ནི་ཕྲན་རང་དབུས་བསྒྲོད་གཉིས་པའི་སྐབས་དངོས་རྫས་འགའ་ཞིག་རྐུན་པོས་བརྐུས་པ་ཕྱིར་འབྱོར་པའི་རྐྱེན་བྱས་ཆོས་གྲོགས་ངེས་དོན་ནོར་བུ་ནས་ཇི་ལྟར་བསྐུལ་བའི་ངོར་མདོ་ཁམས་གྱི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་ཞིའུའི་ཉིན་རྫོགས་དགོན་ཞོལ་ཏུ་ཤར་མར་སྤེལ་བས་འདི་ཀྱང་བསྟན་དགྲ་མ་ལུས་པ་ཚར་གཅོད་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།

(༤༩༤)རཾ་ཡཾ་ཁཾ། ཨོཾ་ཨཱཧཱུྃ། སྐད་ཅིག་དྲན་རྫོགས་རང་མདུན་ཐོད་སྒྱེད་སྟེང་། །དུམ་གཅིག་ཀ་པ་ལ་ཡི་སྣོད་ནང་དུ། །ཤ་ལྔ་བདུད་རྩི་ལྔ་སོགས་སྦྱོར་སྒྲོལ་རྫས། །སྤྲོ་བ་སྤུང་འཕྲུལ་གྱིས་རྒྱལ་ཀུན་གསང་གསུམ་བཅུད། །སྤྱན་དྲངས་གཏོར་མའི་རྫས་དང་དབྱེར་མེད་གྱུར། །དངོས་འཛིན་འདི་མས་མ་སྤགས་མཆོད་གཏོར་རྫས། །ཕྱི་ནང་གསང་བའི་དཔལ་ཡོན་རབ་ལྡན་འདི། །མཆོག་གསུམ་རྩ་གསུམ་བཀའ་བསྲུང་ཆོས་བསྲུང་སྤྱི། །ཁྱད་པར་སྔགས་བསྲུང་ཨེ་ཀ་ཙ་ཏི་དང་། །དཔལ་མགོན་མ་ནིང་མགོན་པོ་ཕོ་རྒྱུད་ཚོགས། །སྒྲོལ་གང་རྡོ་རྗེ་ལེགས་པ་མཆེད་འཁོར་བཅས། །གཟའ་བདུད་ཆེན་མོ་གདོང་མོ་སྡེ་བརྒྱད་འཁོར། །དུར་ཁྲོད་ལྷ་མོ་མིང་སྲིད་བརྒྱད་པོ་དང་། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་བསྟན་མར་བཅས། །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར་བཅས། །མཆོད་ཅིང་བསྟོད་དོ་བསྐང་ངོ་མངའ་གསོལ་ལོ། །དགྱེས་ཤིང་ཚིམ་པར་མཛོད་ལ་ཉམས་ཆགས་བཤགས། །རབ་འབྱམས་འཕྲིན་ལས་གང་བཅོལ་འགྲུབ་པ་དང་། འཕྲལ་ཕུགས་ཡོངས་དགེ་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་འདི་ཡང་པདྨ་ཆོས་འཕེལ་ངོར། །རྡོ་བླས་སྡེ་པ་ལ་ཡོངས་སུ་དགེ་བར་གྱུར་ཅིག །

(༤༩༥)ལས་ཚོགས་གང་རིགས་ལ་སྦྱར་ཆོག་པའི་ཚོགས་བསྡུས་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཧཱུྃ། ཚོགས་རྫས་འདོད་ཡོན་ཡེ་ཤེས་རོལ་པའི་བརྒྱན། །ཚོགས་རྗེ་ཚོགས་བདག་རིགས་འཛིན་བླ་མ་དང་། །གདན་གསུམ་དཀྱིལ་འཁོར་གནས་ཡུལ་ཉེར་བཞིའི་བདག །དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་རྣམས། །འདིར་གཤེགས་ལོངས་སྤྱོད་ཚོགས་ཀྱིས་མཆོད་པ་འབུལ། །འགལ་འཁྲུལ་ནོངས་དང་དམ་ཚིག་ཉམས་པ་བཤགས། །ཕྱི་ནང་བར་ཆད་ཆོས་ཀྱི་དབྱིངས་སུ་སྒྲོལ། །ལྷག་གཏོར་བཞེས་ལ་འཕྲིན་ལས་འགྲུབ་པར་མཛོད། །ཨུཥྩི་ཊ་བ་ལིང་ཏ་ག་ན་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། རིག་འཛིན་འཇིགས་མེད་གླིང་པས་སོ། ༈ དངོས་གྲུབ་དམ་རྫས་ཚོགས་ལ་རོལ་པ་ནི། ལས་སློབ་ཀྱིས་འདུས་པའི་གཙོ་བོ་ལ་གཏུད་ཏེ་ཕྱག་བྱས་ནས་རྣམ་ལྔ་འདོད་སྐོར་ཕྱི་ཕྱག་རྒྱ་དང་སྦྲགས། ཧོ བླ་མ་དཔའ་བོ་ཆེན་པོ་དགོངས་སུ་གསོལ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་

(༤༩༦)བ་ཡང་། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་པའི་ལན་དུ་སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་ཉིད་དང་བཅས། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་འཛིན་རྣམ་པར་བྲལ་བ་ཡི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོ ཞེས་པས་བླང་ཞིང་ལག་སོར་གཡས་གཡོན་རིགས་ལྔ་ཡབ་ཡུམ་དུ་མོས་ནས་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་ནང་གི་སྦྱིན་སྲེགས་ལྟར་དབུལ་བ་ནི། སློབ་དཔོན་གྱིས་བསྐུལ་ལ་ཚོགས་པ་ཐམས་ཅད་ཀྱིས། ཧོ ཞེས་པས་བླང་ཞིང་ལག་སོར་གཡས་གཡོན་རིགས་ལྔ་ཡབ་ཡུམ་དུ་མོས་ནས་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་ནང་གི་སྦྱིན་སྲེགས་ལྟར་དབུལ་བ་ནི། སློབ་དཔོན་གྱིས་བསྐུལ་ལ་ཚོགས་པ་ཐམས་ཅད་ཀྱིས། ཧོ བཟའ་བཅའ་བཏུང་བ་ཡང་དག་རྫས། གདོད་ནས་ཚོགས་ཀྱི་འཁོར་ལོ་ཆེ། །ཨོཾ་ཨཱཧཱུྃ་དང་ཧ་ཧོ་ཧྲིས ཟག་མེད་བདེ་ཆེན་བདུད་རྩིར་གྱུར། །བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་ཉིད་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱི་སྒྲིབ་པ་མི་འགྱུར་ཞིང་། །གཏད་པ་མེད་པའི་སྦྱིན་

(༤༩༧)བས་ཀྱང་། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་བརྗོད་ནས་མདོར་ན། ལུས་རྩའི་དཀྱིལ་འཁོར། །རྩ་ཡི་མིའི་དཀྱིལ་འཁོར། །ཁམས་བདུད་རྩིའི་དཀྱིལ་འཁོར། རླུང་ཡེ་ཤེས་ཀྱི་དཀྱིལ་འཁོར། རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྟེ། དཀྱིལ་འཁོར་ལྔའི་རང་བཞིན་དུ་ཡེ་ནས་ལྷུན་གྲུབ་ཏུ་མཆིས་པ་ལ། ལག་པའི་སོར་མོ་ལྔ་འདོད་ཡོན་གྱི་ལྷ་མོ་ལྔར་ཤེས་ནས། བཟའ་བཏུང་ཟག་མེད་ཀྱི་བདུད་རྩིར་མོས་ནས་རང་ལ་མཆོད་པ་ནི་ལྷ་ཡི་ལྷ་མཆོད་ཞལ་ཟས་ཚོགས་ཕ་རོལ་ཞེས་གསུངས་མན་ངག་གི་གནད་དམ་པའོ། །བཀྲ་ཤིས་

(༤༩༨)

(༤༩༩)རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྐོང་བ་བཞུགས། །

(༥༠༠)རང་རྒྱུད་ཅན་དུ་རྔམ་ཞིང་ཁྲོས་མིན་བར། །སྟོང་ཉིད་སྙིང་རྗེ་ཆེན་པོའི་རང་མདངས་ལས། །ལོག་འདྲེན་གཤེད་དུ་བཞེངས་པ་སྲིན་པོའི་གཟུགས། །དཔལ་མགོན་ལེགས་ལྡན་ནག་པོའི་མཆོད་འཕྲིན་བཤད། །དེ་ལ་འདིར་ཀུན་ཏུ་བཟང་པོའི་སྤྲུལ་པ་རྒྱུད་མགོན་ལེགས་ལྡན་ནག་པོ་མཆོད་པར་འདོད་པས་སྦྱོར་བ་ཡོ་བྱད་ཀྱི་ཤོམ་དང་། དངོས་གཞི་ཆོ་གའི་རིམ་པ་གཉིས་ལས། དང་པོ་ནི། རང་མཐུན་གྱི་གནས་སུ་བདག་བསྐྱེད་སྔོན་དུ་འགྲོ་བའི་མཆོད་གཏོར་དང་། ལྕགས་སམ་བྷནྡྷའི་སྣོད་དུ་མགོན་པོའི་རྟེན་གཏོར་ལྕགས་མཁར་གྲུ་བཞི་པ་ཁ་བད་ཅན་གྱི་སྟེང་དུ་དཔལ་བཤོས་གྲུ་གསུམ་གྲི་རིས་ཀྱིས་མཚན་པ། དེའི་མདུན་དུ་ཡུམ་གྱི་བཤོས་བུ་གྲུ་གསུམ་པ་དང་། རྩ་བར་གྲུ་གསུམ་བཅུའམ་བདུན་དང་། མཐེབ་ཀྱུ་གང་མང་གིས་བསྐོར་བར་ཤ་ཁྲག་གིས་བརྒྱན་ཅིང་སྐུ་རྟེན་ཙཀ་ལི་དང་མདའ་བྱ་རྒོད་མ་དར་ནག་གིས་བརྒྱན་པ་བཙུགས། དེའི་མདུན་དུ་མཆོད་གཏོར་དཔལ་བཤོས་གྲུ་གསུམ་གྲི་རིས་ཅན་གྱི་མདུན་དུ་ཡུམ་གྱི་བཤོས་བུ་དང་གཡས་གཡོན་མདུན་རྒྱབ་སོ་སོར་འཁོར་གྱི་བཤོས་བུ་བཞི་དང་། མཐེབ་ཀྱུ་ཅི་མང་གིས་བསྐོར་བར་

(༥༠༡)ཤ་ཁྲག་གིས་བརྒྱན་པ་དང་། གཡས་གཡོན་དུ་སྨན་རག །མཐའ་སྐོར་ཉེར་སྤྱོད་དང་གཞན་ཡང་དམ་ཚིག་གི་མཐུན་རྫས་མ་ཆང་བ་མེད་པར་བཤམ་མོ། །གཉིས་པ་དངོས་གཞི་ལ་རྣམ་གྲངས་བཅུ་གཅིག་གི །དང་པོ་མཆོད་པ་བྱིན་བརླབ་ནི། ཨ་མྲྀ་ཏས་བསངས། སྭ་བྷ་ཝ་ས་སྦྱངས། སྟོང་པའི་ངང་ལས། སྟོང་གསུམ་བྷཉྫར་གྱུར་པའི་ནང་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་ཆེན་གཏི་མུག་ཤའི་རི་བོ། ཞེ་སྡང་རུས་པའི་གྲམ་བུ། །འདོད་ཆགས་ཁྲག་གི་རྒྱ་མཚོ། ང་རྒྱལ་མྱོས་བྱེད་ཀྱི་ཨརྒྷཾ། ཕྲག་དོག་འདོད་པའི་ཡོན་ཏན་དུ་ཤར་བ་རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་ཧེ་རུ་ཀ་ཨརྒྷཾ་སོགས་དང་། སརྦ་པཉྩ་རཀྟ་བྷ་ལིངྟ་པཱུ་ཛ་ཨཱཧཱུྃ། ལན་བདུན། གཉིས་པ་རྟེན་བསྐྱེད་པ་ནི། ཧཱུྃ་ཉི་མ་ལྷོ་ནུབ་ཕ་གི་ན། །སྲིན་ཡུལ་སྤུ་རོང་ནག་པོའི་དཀྱིལ། །ལང་ཀ་ཡུལ་གྱི་གྲོང་རྡལ་ན། །ཀོ་ཀ་ཐང་དམར་རྒྱ་མཚོ་ཡི། །དབུས་ནི་རི་བོ་མ་ལ་ཡ། །དྲག་ཤུལ་བྱན་ལག་ལྗོངས་

(༥༠༢)ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ནི། །ཆོས་འཛིན་རིགས་ཀྱིས་བསྒྲུབས་གནས་ཏེ། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ། །གསུར་ཆེན་དུད་བས་སྤྲིན་དུ་གཏིབས། །གནམ་ལྕགས་ཆུ་སེར་མཚོ་རུ་བསྐྱིལ། །ཤ་རུས་ཕུང་པོ་རི་ལྟར་སྤུངས། །ཅེ་སྤྱང་ལིངས་སུ་རྒྱུག་ཅིང་འདྲལ། །བྱ་གཅན་མང་པོ་འཕུར་ཞིང་ལྡིང་། །དུར་ཁྲོད་མཁའ་འགྲོ་འདུ་བའི་གནས། །རབ་ཏུ་འཇིགས་པའི་ཡུལ་མཁར་ནི། །འཇིགས་པའི་ཐོད་མཁར་ལྡེམས་སེ་ལྡེམ། །ཤར་ཕྱོགས་བམ་རིལ་སྟག་ཐོད་མཁར། །སྟག་ཐོད་འཛུམ་མདངས་མུ་ལུ་ལུ། །ལྷོ་ཕྱོགས་བམ་རིལ་མི་ཐོད་བརྩིགས། །མི་ཐོད་སྤྱུགས་པ་ཅོ་རེ་རེ། །ནུབ་ཕྱོགས་བམ་རིལ་རྟ་ཐོད་བརྩིགས། །རྟ་ཐོད་འཆོར་ངད་ལྷངས་སེ་ལྷང་། །བྱང་ཕྱོགས་བམ་རིལ་བྱ་ཐོད་བརྩིགས། །བྱ་ཐོད་ཚེགས་སྒྲ་དི་རི་རི། །སྲིན་པོའི་ཐོད་པའི་ཁ་བད་ཅན། །ལས་ཀྱི་འོད་ཟེར་དཔལ་དུ་འཕྲོ། །ངོས་ལ་ང་རྒྱལ་གློག་དམར་འཁྱུག །རྩེ་ལ་བདུད་བྱ་ནག་པོ་ལྡིང་། །རུ་མཚོན་ནག་པོ་པུ་རུ་རུ། །གནམ་ལྕགས་འབར་བའི་སྒོ་མོ་གསལ། །འཇིགས་པའི་སྐུ་མཁར་ནང་ཤེད་ན། །རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་རོ་མང་པོ་ཁྲི་རུ་བརྩིགས། །མི་རོ་རྟ་

(༥༠༣)རོའི་གདན་སྟེང་ན། །མགོན་པོ་ཚོགས་བདག་ཆེན་པོ་ནི། །ལྗང་ནག་ཞལ་གསུམ་ཕྱག་དྲུག་སྟེ། །གཡས་སེར་གཡོན་དམར་ལྗང་ནག་འཇིགས། །ཁམ་ནག་དབུ་སྐྲ་གྱེན་དུ་འཁྱིལ། །སྤྱན་དགུ་སྡང་མིག་སྐར་ལྟར་འཁྲུགས། །ཤུན་གོས་ཐོད་པའི་ཕྲེང་བ་ཅན། །སྟག་དང་གླང་ཆེན་ཐལ་བ་ཞག །གདུག་པའི་རྒྱན་ཚོགས་ཆོས་ཀྱིས་མཛེས། །གཡས་ཀྱི་དང་པོ་གསལ་ཤིང་འཕྱར། །བར་བ་རྡོ་རྗེ་རྩེ་ལྔ་པ། །ཐ་མ་ལྕགས་ཕུར་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོ་ཐོད་ཁྲག་འཐུང་། །བར་པ་རྣོ་དཔལ་ཤུན་གྱི་མདུང་། །ཐ་མ་སྤྲུལ་ཞགས་སྲོག་ལ་རྔམས། །ཞབས་བཞི་གྱད་ཀྱི་དོར་སྟབས་ཅན། །ཉེ་གནས་ཀྲོ་ཏི་ཤྭ་རཱི་མ། །འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་བརྔམས། །ཞིང་དང་རེ་ལྡེ་ཐོད་སྦྲུལ་བརྒྱན། །གཡས་པ་རྒྱུ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང་། །རུས་བཅུད་རྐང་དང་ཀླད་པ་དང་། །འབྲུ་མར་ཆང་གིས་སྦྱར་བ་ཡི། །རྟག་པར་རང་གི་ལོངས་སྤྱོད་འཛིན། །འཁོར་བཞིར་ཁྲོ་བོ་གནོད་སྦྱིན་དང་། །སྲིན་མོ་མ་ཚོགས་འཇིགས་པར་བསྐྱེད། །ཕྱི་རིམ་ཉི་འཁོར་ཉི་ཤུ་བརྒྱད། །སྲིན་མོ་

(༥༠༤)ཉེ་གནས་ཆེན་པོ་བརྒྱད། །ཀཽ་རཱི་ཙཽ་རཱི་པྲ་མོ་ཧཱ། བཻ་ཏ་ལཱི་དང་པུ་ཀ་སཱི། །ཀས་མ་རཱི་དང་སྨྲ་ཤ་ནཱི། །ཙན་དྷ་ལཱི་ལ་སོགས་པ་ཀུན། །རྔམ་ཞིང་རྔམ་པའི་མ་ཚོགས་ཀུན། །ཤིན་ཏུ་འཇིགས་པའི་གཟུགས་སུ་བསྒོམ། །སྲིན་པོའི་བུ་མོ་དྲི་ཟ་བརྒྱད། །སེང་སྟག་ཝ་སྤྱང་བཞད་ཀྱི་མགོ། །ཀངྐ་བྱ་རོག་འུག་པའི་ཚོགས། །ཞིང་ལ་རྔམ་ཞིང་སྟོབས་པའི་ཚུལ། །དུར་ཁྲོད་ས་ཡི་སྒོ་སྲུང་བཞི། །བཙུན་མོ་གདོང་མོ་གར་ལོག་མོ། །འཇུག་པར་བྱིང་བའི་མ་མོ་བཞི། །གསང་སྒོ་འཛིན་ཞིང་བཀའ་སྒོ་སྲུང་། །དུར་ཁྲོད་བདག་མོ་གྲུ་འདེགས་བཞི། །བརྐམ་མ་ཤིན་ཏུ་བརྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པས་གདུངས་པའི་ཚུལ་དུ་གནས། །ཕྱི་རིམ་སྨས་དང་ཕྱི་མོ་བྲན། །མ་མོ་བྲན་མོ་གནོད་སྦྱིན་མོ། །སྲིན་པོ་ཤ་ཟ་ཁྲག་འཕྲོག་མ། །བདུད་ཀྱི་མིང་འཛིན་བླ་རྐུན་མོ། །བློན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉ་མངགས་པར་བྱ། །ཅི་བགྱིའི་བཀའ་ཉན་དྲེགས་པའི་འཁོར། །རྦོད་གཏོང་རྔམས་པའི་ཚུལ་དུ་བསྒོམ། །ནད་ཀྱི་བསྐལ་པ་འཚུབས་མར་གཏོང་། །གདུག་པའི་མཚོན་ཆ་ལུས་ལ་འགྱེད། །མཁར་དང་འོབས་པར་ཕྱི་རོལ་ན། །

(༥༠༥)འབུ་དང་ཤིན་ཏུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྦྲུལ་དང་སྡིག་པ་དོམ་ལ་སོགས། །ཀངྐ་རུ་རྩེ་འུག་པ་ཁྲ། བྱ་གཅན་ཤ་ཟན་ཚོགས་འཕུར་ཞིང་། ཅེ་སྦྱང་སྟག་སེང་དོམ་དྲེད་འཕར། །དུར་ཁྲོད་རོ་ཡི་ལོངས་སྤྱོད་ལ། བལྟ་ཞིང་རྒྱུག་ཅིང་རོ་ལ་འཁྲེན། །རྒྱུ་མ་འདྲེན་ཅིང་རུས་པ་འཆའ། དེ་ལྟར་གསལ་བའི་གནས་གསུམ་དུ། །ཡི་གེ་འབྲུ་གསུམ་གསལ་བ་ལས། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །རྒྱུད་བསྐུལ་ཡེ་ཤེས་སྤྱན་དྲངས་གྱུར། །གསུམ་པ་སྙན་གསན་དབབ་ཅིང་སྤྱན་དྲང་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས་འབོད་སྒྲོག་ལངྐའི་གྲོང་ཁྱེར་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་ཆེ་བཙན་ཡོངས་ཀྱི་དམག་དཔོན་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུྃ་ལངྐ་ཡུལ་གྱི་གྲོང་རྔལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །བྱ་གླག་མཆོད་རི་གནམ་ལྕགས་འབར། །དྲག་ཤུལ་ཅན་གྱི་རྩེ་མོ་ན། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ། །ཆོས་འཛིན་

(༥༠༦)རིགས་ཀྱི་བསྒྲུབས་གནས་སུ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་ཚོགས་རྣམས་བཏུལ་ནས་ཀྱང་། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གིས་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་དྷི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལངྐའི་བདག་པོ་ལ་སོགས་པའི། །འདུས་པ་རྣལ་འབྱོར་ཕོ་མོའི་ཚོགས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ཀྲོ་དྷི་ཤྭ་རཱི་ནག་མོ་ཏི་ལམ་ཨེ་ཨ་ར་ལི་ཧྲི༚་ཧྲི༚་ཛཛ བཞི་པ་བཞུགས་གསོལ་ནི། ཧཱུྃ། དཔལ་ལྡན་ཁྲག་འཐུང་ཡབ་ཡུམ་གྱིས། །འཇིགས་པའི་དཀྱིལ་འཁོར་འདིར་བཞུགས་ལེགས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དྲག་པོའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲི་མ་ཧཱ་ཀཱ་ལ་རཱུ་པ་ཧཱུྃ། ས་མ་ཡ་ཏིཥྛ་ལྷན། ཨཱ་བེ་ཤ་ཡ་ཨ། ལྔ་པ་ཕྱག་འཚལ་བ་ནི། ཧཱུྃ་སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་ཅོད་བྱང་ཆུབ་སེམས་དཔའ་སྟེ། གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་བདག །གཏུམ་པོ་

(༥༠༧)ཁྱོད་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ་པྲ་ཏཱིཙྪ་ཧོ། དྲུག་པ་དམ་ཚིག་བསྒྲག་པ་ནི། ཧཱུྃ་སྔོན་ཚེ་དཔལ་ཆེན་ཁྲོ་བོའི་རྒྱལ། བདུད་འདུལ་རྡོ་རྗེ་སྲིན་པོ་ཡི། དྲེགས་པ་བཅོམ་ནས་སྒྲིབ་པ་སྦྱངས། །དབང་བསྐུར་མིང་བཏགས་སྲོག་ཡིག་ཕུལ། །ཕོ་བྲང་ཀུན་ལ་དམ་ཚིག་བྱིན། །ཕྱི་ཡི་མཚོན་ནས་བོས་པའི་ཚེ། །མགོན་པོ་ལགས་ལྡན་ནག་པོ་བྱ། །ནང་གི་མཚན་ནས་བོས་པའི་ཚེ། །བདུད་འདུལ་དུར་ཁྲོད་སྒྲོལ་བའི་གིང་། །གསང་བའི་མཚན་ནས་བོས་པའི་ཚེ། །རྡོ་རྗེ་སྒྲོལ་བྱེད་དྲག་པོ་རྩལ། །མནའ་བོར་ཁས་བླངས་མ་བསྙེལ་བར། །སྐུ་གསུང་ཐུགས་སུ་བདག་སྦྱོར་བ། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །ཨོཾ་ཨཱཧཱུྃ་བཛྲ་ས་མ་ཡ། ས་མ་ཡ། ཞེས་རྒྱུན་གཏོར་སོགས་རྣམ་པ་ཐམས་ཅད་དུ་ཞི་བྱ་མི་དགོས། །བདུན་པ་མཆོད་པ་འབུལ་བ་ནི། ཧཱུྃ་འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཅིང་། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་དྲུག་གི་ཡུལ་ལ་སྤྱོད་ཡུལ་འགྱེད། །དྲི་ཆེན་དྲི་ཆུའི་ཚོགས་ནི་དཔའ་རླབས་འཁྲུགས། །རཀྟ་དམར་གྱི་རང་བཞིན་རྒྱ་མཚོར་འཁྱིལ།

(༥༠༨)མཱཾ་ས་ཤ་ཡི་རང་བཞིན་རི་ལྟར་སྤུངས། །ཀེང་རུས་རུས་པའི་རང་བཞིན་རྫ་ལྟར་བསྙིལ། །དཔལ་ལྡན་ལེགས་ལྡན་ཡབ་སྲས་ཡུམ་དང་བཅས། །གཙོ་དང་འཁོར་དུ་བཅས་པའི་ཐུགས་དམ་བསྐང་། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིབ། །མར་མེ་མུན་སེལ་དྲི་ཞིམ་སྤོས་ཀྱི་མཆོག །བདུད་རྩི་ཡོན་ཆབ་འོ་མ་ཀུན་གྱི་གསོས། །སྒྲིབ་སེལ་བཤོས་གཙང་དམ་པ་བདུད་རྩིར་བཅས། །དྲང་སྲོང་གཤམ་ཀར་སྐུ་ལ་མཆོད་པར་འབུལ། །ལྷ་མོ་ཨུ་མའི་སྐུ་ལ་མཆོད་པར་འབུལ། །ལེགས་ལྡན་ནག་པོའི་སྐུ་ལ་མཆོད་པར་འབུལ། །ལྷ་མོ་དུང་སྐྱོང་སྐུ་ལ་མཆོད་པར་འབུལ། །ཨོཾ་ཙནྡྲ་མ་ཧཱ་ཀཱ་ལ་བཛྲ་ཤྲཱི་ནི་ཨི་དམ་པ་ལིངྟ་གྲིཧྞ་གྲིཧྞ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་དང་། ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བིང་ཤྲཱི་ནི་ཛ པཱུ་ཛ་མེ་གྷ་སྥ་ར་ཎ་ཨརྒྷཾ། དྷཱུ་པེ། པུཥྤེ། ཨཱ་ལོོ་ཀེ །གནྡྷེ། ནཻ་ཝི་དྱ། ཤབྟ། རཏྣ་པ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཧཱུྃ། ཞེས་དང་རྒྱས་པར་སྤྲོ་ན་ཐུགས་དམ་བསྐང་བ་ནི། ཧཱུྃ་རྟེན་ཅིང་འབྲེལ་འབྱུང་ཚོགས་པའི་འདོད་ཡོན་དང་། །འདུ་བྱེད་རྒྱུ་ལས་བསྐྲུན་པའི་ཉེར་སྤྱོད་ནི། །དབང་པོའི་ཡུལ་དུ་འདོད་དགུར་འཆར་བའི་ཚུལ། །ཀུན་ཏུ་

(༥༠༩)བཟང་པོའི་མཆོད་པའི་སྤྲིན་གྱིས་བསྐང་། །བདུད་རྩི་ཆང་དང་དམར་ཆེན་ཨརྒྷཾ་ཞག །དབང་ལྔའི་མེ་ཏོག་ཤ་གསུར་ཚིལ་ཆེན་སྒྲོན། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་དང་། །གསང་བའི་རྡེའུ་ཆུང་རྐང་གླིང་ཐོད་རྔས་བསྐང་། །སྟོང་གསུམ་བྷནྡྷར་རྫོགས་པའི་སྣོད་ཡངས་སུ། །བཞེད་དགུར་འཆར་བའི་བྷ་ལིང་བཅུད་མཆོག་ནི། །ཚངས་ཆེན་ཞིང་ཁམས་གནས་ནས་བཏེག་པ་བཞིན། །སྣང་སྲིད་འདོད་ཡོན་རྒྱ་མཚོར་རོལ་པས་བསྐང་། །གྲི་གུག་ཏྲི་ཤུ་ལ་དང་རྡོ་རྗེའི་མཚོན། །རལ་གྲི་དགྲ་སྟ་མདུང་ཐུང་གསལ་ཤིང་དང་། །ཐོ་ལུམ་གཏུན་ཤིང་དབྱུག་ཏོ་མངའ་བཅས་གཞུ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུས་བསྐང་། །རང་རང་རྣམ་འགྱུར་རྔམས་པའི་རླུང་ཤུགས་ཅན། །མུན་པའི་ཞག་གིས་ལན་བརྒྱ་བྱུགས་པ་ལྟའི། །རྟ་མཆོག་འབྲོང་གཡག་མི་ནག་བྱ་ཁྱི་ལུག །ར་རོག་ལ་སོགས་ཕྱི་རྟེན་རྫས་ཀྱིས་བསྐང་། །སྲོད་མུན་ཆར་སྤྲིན་སྟུག་བོས་བཀབ་པ་ལས། །གློག་ཕྲེང་བསྐྱོད་པ་ལྟར་བཀྲ་རྨ་བྱའི་མདོངས། །གཡོ་བའི་སྲིད་པ་སྤྱི་བླུགས་ཞྭ་དང་ཕེད། །ལྷབ་ལྷུབ་གཡོ་བའི་ནང་རྟེན་

(༥༡༠)རྣམས་ཀྱིས་བསྐང་། །བཤན་པ་སྲོག་ལས་བྱེད་པའི་འདུན་ས་ལྟར། །དོན་སྙིང་སྣ་ལྔ་སྣོད་དྲུག་གཙལ་དུ་བཀྲམ། །རིགས་ལྔའི་དམ་རྫས་ཤ་ལྔ་བདུད་རྩི་ལྔ། །ལ་སོགས་གསང་བའི་རྟེན་རྫས་རྣམས་ཀྱིས་བསྐང་། །གོམས་སྟབས་དྲག་པོར་བསྐྱོད་པའི་མེ་སྟག་ལ། །ཟ་འོག་དོ་ཟླར་ཆས་པའི་སྤུ་རིས་རྣམས། །ཕྲག་དོག་བགྱིད་པའི་ལུས་ཀྱིས་ང་རྒྱལ་བའི། །སྟག་གཟིག་གྲུས་མ་རྣམས་ཀྱིས་ཐུགས་དམ་བསྐང་། །དཔའ་བོ་གཡུལ་དུ་ཞུགས་པའི་གོ་ཁྲབ་ལ། །བཙན་པོའི་དབུ་རྨོག་བརྗིད་པའི་ཡ་ལང་དང་། །འཁོར་གསུམ་སྟག་ཆས་དར་ཚོན་གཡོ་བ་ཡིས། །གཙོ་འཁོར་ཡོངས་རྫོགས་དགྱེས་པ་བསྐྱེད་གྱུར་ཅིག །བརྒྱད་པ་མངའ་གསོལ་བ་ནི། ཧཱུྃ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །མ་ཧཱ་ཀཱ་ལར་མངའ་གསོལ་བས། །དཔྲལ་བའི་ཁྲོ་གཉེར་གསུམ་དང་ལྡན། །དཀོན་མཆོག་གསུམ་གྱིས་མངའ་གསོལ་བས། །ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །རིགས་གསུམ་མགོན་པོས་མངའ་གསོལ་བས། །ཞལ་གྱི་ཆ་ལུགས་གསུམ་དང་ལྡན། །ལྷ་སྲིན་རྣམས་ཀྱིས་མངའ་གསོལ་བས། །དབུ་སྐྲ་ཁམ་ནག་རལ་པ་ཅན། །རྒྱུ་སྐར་རྣམས་ཀྱིས་མངའ་

(༥༡༡)གསོལ་བས། སྐུ་སྨད་མེ་ལྕེའི་ལྕགས་ཀྱུས་བརྒྱན། །སྲིད་པ་གསུམ་ལ་དབང་སྒྱུར་བས། །སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ། །ཀླུ་ཆེན་བརྒྱད་ཀྱིས་མངའ་གསོལ་བས། །ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན། །ས་བདག་རྣམས་ཀྱིས་མངའ་གསོལ་བས། །ན་བཟའ་ཟ་བེར་མཐིང་ནག་གསོལ། །འཆི་བདག་བདུད་ཀྱིས་མངའ་གསོལ་བས། །ཕྱག་ན་ཙན་དན་བིང་ཆེན་བསྣམས། །ལྷ་རྣམས་ཀུན་གྱིས་མངའ་གསོལ་བས། །བསོྭ་སྒྲ་ཆེན་པོ་གསུམ་དང་ལྡན། །ལྷ་མིན་གཡུལ་ལས་རྒྱལ་མཛད་ཕྱིར། །ཆ་སྒྲ་ཆེན་པོ་གསུམ་དང་ལྡན། །བྱོལ་སོང་ཀུན་གྱིས་མངའ་གསོལ་བས། །མུན་པའི་གཡུ་རུང་སྐུ་ལ་གསོལ། །ཡི་དྭགས་རྣམས་ཀྱིས་མངའ་གསོལ་བས། །རིན་ཆེན་འབར་བའི་དོ་ཤལ་ཅན། །དམྱལ་བ་རྣམས་ཀྱིས་མངའ་གསོལ་བས། །ཕྱག་ན་བསྐལ་བའི་མེ་ཆེན་འབར། །ཤངས་ནས་བསྐལ་པའི་རླུང་ནག་འཚུབས། །ཞལ་ནས་བསྐལ་པའི་ཆུ་ཆེན་འཁྲུགས། །ལྷ་ཡི་དམག་དཔོན་མངའ་གསོལ་ལོ། །ཆོས་སྐྱོང་ཆེན་པོར་མངའ་གསོལ་ལོ། །མགོན་པོ་ཆེན་པོར་མངའ་གསོལ་ལོ། །དཀར་པོའི་དབུགས་

(༥༡༢)འབྱིན་མངའ་གསོལ་ལོ། །ཞེས་མངའ་གསོལ་ལོ། །དགུ་པ་བསྟོད་ཅིང་ཕྱག་འཚལ་བ་ནི། ཧཱུྃ་མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་རུངས་འཇོམས་མཛད་དགྲ་བགེགས་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་པའི་གང་རྒྱངས་ཅན། །སྐལ་ལྡན་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོ་དབུགས་འབྱིན་པ། །རྡོ་རྗེ་དུར་ཁྲོད་འཁོར་བཅས་ལ། །དང་བའི་སེམས་ཀྱིས་ཕྱག་འཚལ་ལོ། །བསོད་ནམས་གཟི་བྱིན་ཁྱོད་ལ་ཕྱག་འཚལ་ལོ། །དྲག་ཤུལ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་རྫོགས་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་པ་གཉིས་སྦྱངས་ཁྱོད་ལ་ཕྱག་འཚལ་ལོ། །ལུང་བསྟན་ཐོབ་རྫོགས་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་གང་ཞིག་གིས། །ཁྱོད་ཀྱིས་མཚན་ནས་བརྗོད་བསྒྲུབས་ན། །དངོས་གྲུབ་མྱུར་དུ་སྟེར་མཛད་པའི། །མི་སྙེམས་བྱམས་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཁྱོད་ལ་ཕྱག་འཚལ་ལོ། །བཅུ་པ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ་རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །བསྟན་པ་བསྲུང་བར་ཞལ་བཞེས་པ། །མ་ཧཱ་ཀཱ་ལ་

(༥༡༣)མཐུ་རྩལ་ཅན། །དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་ཕམ་མཛད་པ། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །བས་བྱང་ཁྲམ་ལ་བཏབ་པ་ཡི། །གཤེད་མ་བཞི་ལ་ལས་གཉེར་གཏོད། །མ་དང་སྲིད་མོ་ཆུང་མ་ལ། །དཔའ་བོ་ཁྱོད་ཀྱིས་རོལ་པ་མཛོད། །དམ་ཚིག་ཆེན་པོས་མ་བཏང་ཞིག །ཞེ་སྡང་ཅན་གྱི་བདག་པོ་རྣམས། །སེམས་ཅན་ཀུན་གྱི་ཚེ་འཕྲོག་པ། །དགྲ་བོ་ཉམས་པའི་སྲོག་དང་ཕྲོལ། །ཤ་དང་ཁྲག་ལ་ལོངས་སྤྱོད་ཀྱིས། །གནོད་སྦྱིན་ཆེན་པོ་མ་རུངས་པ། །བསེ་བྱང་ཁྲམ་ལ་བཏབ་པ་ཡི། །གསེར་དངུལ་དབྱིགས་ནོར་ཀུན་ལོངས་ལ། །རང་གི་འདོད་པའི་ལོངས་སྤྱོད་ཀྱི། །སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ། །ཡིད་བཞིན་ལྟ་བུའི་དངོས་གྲུབ་སྩོལ། །རིགས་ངན་རྨེ་ཤ་ཅན་གྱི་ཚོགས། །བ་གླང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ལ་སོགས་བཞས། །སྲིང་མོ་ཁྲག་འཐུན་མ་ཀུན་ལ། །བསད་པའི་ཁྲག་ནི་དྲོན་མོ་བཅས། །བཞེས་

(༥༡༤)ཤིག་དགྲ་བོའི་ཁྲག་ལ་འཐུངས། །སྤྲུལ་པའི་ཕྲ་མེན་ཆེན་མོ་རྣམས། །ཐོད་རུས་རྐང་དང་འབྲུ་མར་དང་། །རྐང་དང་ཨ་མྲྀ་ཏ་དང་སྦྱར། །རྫུ་འཕྲུལ་གྲུབ་པའི་རྫས་རྣམས་བཞེས། །རིགས་ངན་གདུག་པའི་མ་མོ་རྣམས། །ཤ་ཆེན་བཤང་གཅི་ཀུ་བ་ཁྲག །དམ་རྫས་འབར་བ་འདི་བཞེས་ལ། །བདག་གི་ནད་རྣམས་བཟློག་ཏུ་གསོལ། །དམིགས་པའི་དགྲ་ལ་རིམས་ནད་ཐོང་། །སྲིད་པའི་བུད་མེད་མ་རུངས་ཁྱེད། །བྲོ་གར་གླུ་ཚིག་མཆོད་པར་བཞེས། །དམིགས་བྱ་འཇོ་ཚུལ་སྟོབས་ཀྱིས་འཕྲོག །ཤོར་བ་གཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་པོའི་བཀའ་བྱུང་བས། །སྔགས་སྒྲ་དྲག་པོའི་མཆོད་པ་བཞེས། །དགྲ་བོའི་ཕུང་པོ་རྡུལ་དུ་རློགས། །ལོག་སྲེད་ཅན་གྱི་ཚོགས་ཀུན་ཉོན། །ཡང་དག་ཉིད་དུ་ཀུན་རིག་ན། །མེ་ཆུ་ལས་གཉིས་གང་བྱས་ན། །གཉིས་ཀྱི་དབང་དུ་མི་འགྱུར་ཞིང་། །རྣལ་འབྱོར་བ་ཡི་ལས་འདི་སྒྲུབས། །གསང་ཚིག་སྟོན་པའི་ཚོགས་རྣམས་ཉོན། །བཤང་གཅི་ཁྲག་དང་སེལ་ཁུ་ཡིས། །བརྒྱ་འམ་སྟོང་དུ་བགོས་ནས་ནི། །ལིངྐ་བཅས་ན་སངས་རྒྱས་འཇིག །དམ་རྫས་མཆོད་པ་བཞེས་སུ་གསོལ། །བཅོལ་བའི་ལས་རྣམས་གྲུབ་

(༥༡༥)པར་མཛོད། །ཧཱུྃ་མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གྱིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་ཞེས། །བསྟོད་ཅིང་མཐུན་པའི་རྫས་འདི་འབུལ། །སྔོན་གྱི་བསྐལ་པ་བཟང་བ་ལ། །ཁས་བླངས་དམ་བཅས་མནའ་བོར་བའི། །དམ་བཅའ་ཐ་ཚིག་མ་འདའ་ཞིག །སྔོན་དུ་རིག་འཛིན་གོང་མས་བསྒྲུབས། །ད་ལྟར་རྣལ་འབྱོར་བདག་ལ་སྤྱོན། །བམ་རི་ཐོད་པ་མཁར་གྱི་རྩེར། །རུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་མང་པོ་ཆར་དུ་འབེབས། །བདུད་བྱ་ནག་པོ་ལྡིང་ཞིང་འཛུམ། །དུར་ཁྲོད་རྒྱན་ཆ་མང་པོ་རྣམས། །མཆེ་གཅིགས་རྔམ་པའི་ཞལ་གདངས་ནས། །ཁྲོ་བོ་ཁྲོ་མོ་སྤྲུལ་པར་འཁྲིགས། །སྲིན་པོ་སྲིན་མོ་རྐན་སྒྲ་བརྡེབས། །གནོད་སྦྱིན་ཕོ་མོ་འབྲུག་སྒྲ་སྒྲོགས། །ཟ་བྱེད་ཕོ་མོ་གློག་ལྟར་འཁྱུགས། །སོ་སོའི་མོས་པ་ཐ་ངད་པའི། །དམ་རྫས་མཆོད་པ་འདི་བཞེས་ལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །མཱཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་སོ་ཏ་གྷ་ན་ཙིཏྟ་ཁ་རཾ་ཁཱི་ཧ། ཅེས་ཕྲིན་ལས་གཞོལ་བར་བྱའོ། །བཅུ་གཅིག་པ་སྨོན་ལམ་གདབ་པ་ནི། ཧོ མགོན་པོ་ཁྱོད་མཆོད་

(༥༡༦)བྱིན་རླབས་ཀྱིས། །ཕྱོགས་དང་དུས་ནི་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་བ་ལ། །དགྲ་བགེགས་རྣམ་པ་ཀུན་མེད་ཤོག །རྟ་དང་བ་གླང་ནོར་དང་ཕྱུགས། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པ་ལྡན་པར་ཤོག །འགྲོ་བ་ཉེས་མེད་བདེ་གྱུར་ཅིག །ནད་དང་མུ་གེ་ཀུན་བྲལ་ནས། །རྒྱལ་པོ་དགེ་ཞིང་དེས་པ་རྣམས། །ཆོས་ཀྱི་རྒྱལ་སྲིད་བསྐྱང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་སེམས་ཅན་ལ་བསྔོ་ཞིང་། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །བདག་ཅག་ཡོན་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་རྫོགས་པར་སྨོན། །བདག་ཅག་བྱང་ཆུབ་མཆོག་ཐོབ་པར། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་དང་། །རང་རྒྱུད་མེ་ལྕེ་ཕྲེང་བ་སྡེབས་ཤིང་སྐོང་བ་གསར་སྦྱོར་ཙམ་ལས། གཞན་མ་རྒྱུད་དོན་སོར་བཞག་འདི་ཡང་རིག་འཛིན་འཇིགས་མེད་གླིང་པས་སོ། །

(༥༡༧)མགོན་པོ་ལེགས་ལྡན་གྱི་སྐོང་བ་རྒྱུན་ཁྱེར་བཞུགས། ༈ དཔལ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་མགོན་པོ་ལེགས་ལྡན་གྱི་མཆོད་གཏོར་རྒྱུན་ཁྱེར་ནི། །གཏོར་ཚོགས་རྣམས་འབྲུ་གསུམ་གྱིས་བརླབས་ལ་ཡི་དམ་གྱི་ང་རྒྱལ་དང་ལྡན་པས། ཧཱུྃ། དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མགོན་པོས་བཅུའི་དབང་ཕྱུག་ཆེ། །ལེགས་ལྡན་ནག་པོ་ཚོགས་ཀྱི་བདག །ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །དུར་ཁྲོད་རོལ་པའི་ཆོས་ཀྱིས་བརྒྱན། །ཡུམ་ཆེན་ཀྲོ་ཏི་ཤྭ་རཱི་མ། །གནོད་སྦྱིན་ཁྲོ་བོ་སྲིན་མོའི་ཚོགས། །དབང་མོ་ཉེར་བརྒྱད་གཽ་རཱི་སོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ལང་ཀའི་ཡུལ་དང་མ་ལ་ཡ། །ཀོ་ཀ་ཐང་དམར་གནམ་ལྕགས་འབར། །དྲག་ཤུལ་ཅན་གྱི་རྩེ་མོ་སོགས། །གར་བཞུགས་གནས་ནས་སྤྱན་འདྲེན་གྱི། །སྐད་ཅིག་ཡུད་ལ་གཤེགས་སུ་གསོལ། །ཨོཾ་བྷུ་ར་ཀུ་ར་མ་ཧཱ་ཀཱ་ལ་ཀྲོ་དྷི་ཤྲ་རཱི་ནག་མོ་ཏི་ལཾ་ཨེ་ཨ་ར་ལི་ཧྲིང་ཧྲིང་ཛཛས་མ་ཡ་ཏིཥྛ་ལྷན། །མཆོད་པ་ནི། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཅིང་། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་དྲུག་གི་

(༥༡༨)ཡུལ་ལ་སྤྱོད་ཡུལ་འགྱེད། །དྲི་ཆེན་དྲི་ཆུའི་ཚོགས་ནི་དཔའ་རླབས་འཁྲུག །རཀྟ་དམར་གྱི་རང་བཞིན་རྒྱ་མཚོར་བཁྱིལ། །མཱཾ་ས་ཤ་ཡི་རང་བཞིན་རི་ལྟར་སྤུངས། །ཀེང་རུས་རུས་པའི་རང་བཞིན་རྫ་ལྟར་བསྙིལ། །དཔལ་ལྡན་ལེགས་ལྡན་ཡབ་སྲས་ཡུམ་དང་བཅས། །གཙོ་དང་འཁོར་དུ་བཅས་པའི་ཐུགས་དམ་བསྐང་། །མེ་ཏོག་འཕྲེང་བ་ལ་སོགས་རིན་ཆེན་དབྱིབ། །མར་མེ་མུན་སེལ་དྲི་ཞིམ་སྤོས་ཀྱི་མཆོག །བདུད་རྩི་ཡོན་ཆབ་འོ་མ་ཀུན་གྱི་གསོས། །སྒྲིབ་སེལ་བཤོས་གཙང་དམ་པ་བདུད་རྩིར་བཅས། །དྲང་སྲོང་གཤམ་དཀར་སྐུ་ལ་མཆོད་པར་འབུལ། །ལྷ་མོ་ཨུ་མའི་སྐུ་ལ་མཆོད་པར་འབུལ། །ལེགས་ལྡན་ནག་པོའི་སྐུ་ལ་མཆོད་པར་འབུལ། །ལྷ་མོ་དུང་སྐྱོང་སྐུ་ལ་མཆོད་པར་འབུལ། །ཨོཾ་བྷུར་ཀུར་ཙནྜ་མ་ཧཱ་ཀཱ་ལ་བཛྲ་ཤྲི་ནི་ཨི་དཾ་བ་ལིངྟ་གྲིཧྞ་གྲིཧྞ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བིད་ཤྲཱི་ནི་ཛ པཱུ་ཛ་མེ་གྷ་སྥ་ར་ཎ་ཨརྒྷཾ་དྷཱུ་པེ་པུཥྤེ་ནས་ཤཔྟ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་མ་ཡ་ཨཱཧཱུྃ། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་རུངས་འཇོམས་མཛད་དགྲ་བགེགས་ཐལ་བར་རློག །མཐར་

(༥༡༩)བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །སྐལ་ལྡན་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་ནི་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་པ་ལ། །དགྲ་བགེགས་རྣམ་པ་ཀུན་མེད་ཤོག །རྟ་དང་བ་ལང་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པར་ལྡན་པར་མཛོད། །འགྲོ་བ་ཉེས་མེད་བདེ་གྱུར་ཅིང་། །ནད་དང་མུ་གེ་ཀུན་བྲལ་ནས། །རྒྱལ་པོ་དགེ་ཞིང་ངེས་པ་རྣམས། །ཆོས་ཀྱི་རྒྱལ་སྲིད་བསྐྱང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་དུ་རྒྱས་པ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་སེམས་ཅན་ལ་བསྔོ་ཞིང་། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་རྫོགས་པར་སྨོན། བདག་ཅག་བྱང་ཆུབ་མཆོག་ཐོབ་ནས། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །ཅེས་པའང་གྲྭ་ཚང་གི་རྒྱུན་བདོན་སྟབས་བདེ་ཞིག་དགོས་ཞེས་མཛོད་པ་འོད་ཟེར་གཞན་ཕན་གྱིས་བསྐུལ་བའི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ་

(༥༢༠)

(༥༢༡)

(༥༢༢)

(༥༢༣)

(༥༢༤)

(༥༢༥)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས འཕོ་བ་མ་བསྒོམས་སངས་རྒྱས་བཞུགས

(༥༢༦)འུྃ ལྟ་བའི་ཀློང་ལ་ཕྱག་འཚལ་ལོ འོད་གསལ་རྫོགས་པ་ཆེན་པོའི་ལམ ཆོས་སྐུ་གཏད་མེད་རང་གྲོལ་ཏེ བཙན་ས་ཟིན་པའི་གང་ཟག་ནི འཕོ་བྱ་འཕོ་བྱེད་ལས་འདས་ཀྱང་ སྤྲོས་ཅན་མྱ་ངན་འདའ་དོན་དུ འཕོ་བ་མ་བསྒོམས་སངས་རྒྱས་བསྟན སྔོན་འགྲོ་སྐྱབས་སེམས་སྤྱི་ལྟར་བྱ བདག་དོན་གཞན་དོན་གང་ལ་ཡང་ ཚིད་མེད་རྣམ་བཞིས་ཟིན་པ་གཅེས དངོས་གཞི་རང་ལུས་རྣལ་འབྱོར་མ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལྟར དེ་ཡི་ཁོང་དབུས་རྩ་དབུ་མ སྦོམ་ཕྲ་མདའ་སྨྱུག་ཙམ་བ་ལ སྟོང་སངས་འོད་ཀྱི་སྤུ་གུ་ཅན ཡར་སྣ་ཚངས་བུག་གནས་སུ་ཧར མར་སྣ་ལྟེ་བར་ཟུག་པ་ཡི སྙིང་ཁར་ཚིགས་ཀྱིས་བཅད་པའི་སྟེང་ རླུང་གི་ཐིག་ལེ་ལྗང་སྐྱའི་དབུས རིག་པ་ཧྲཱི ཡིག་

(༥༢༧)འུྃ དམར་པོར་གསལ སྤྱི་བོའི་ཁྲུ་གང་ཙམ་གྱི་སྟེང་ སངས་རྒྱས་སྣང་བ་མཐའ་ཡས་ནི མཚན་དཔེ་རྫོགས་པའི་ཕུང་པོར་གསལ མོས་གུས་དྲག་པོས་གསོལ་བ་གདབ ཞེས་པ་གཞན་དུ་མ་ཡེངས་པར རྩེ་གཅིག་འདུན་པའི་ཞུར་ལ་དྲངས རྐན་གྱི་སྦུབས་ནས་ཧྲཱིཧྲཱིཞེསལྔ་ཚར་ཕྲུགས་གཅིག་བརྗོད་པ་དང་ ལྷན་ཅིག་སྟོད་གཅུམ་མགོ་བོ་སྒྲིམ དེ་ཚེ་རིག་པ་ཧྲཱི དམར་པོ ཤོག་སྐྱ་རླུང་གིས་བཏེག་པ་བཞིན ཡར་ཡར་འགྲོ་བའི་ངང་དེ་ལ ཕཊ ཅེས་དྲག་པོས་མདའ་ལྟར་འཕངས འོད་དཔག་མེད་པའི་ཐུགས་ཀར་བསྟིམ དེ་ལྟར་ཡང་ཡང་འབད་པ་ཡིས འབྱོངས་རྟགས་ཚངས་བུག་འཕར་བ་དང་ མགོ་ན་ཆུ་སེར་ཟིལ་པ་ཕྲུམ འཇག་མ་འདལ་གྱིས་ཚུགས་སེགས་འབྱུང་ དེ་ཚེ་འོད་དཔག་མེད་པའི་སྐུ འོད་དུ་ཞུ་ནས་རང་ལ་བསྟིམ རྐྱེན་དེས་སྐད་ཅིག་དན་རྫོགས་སུ རང་ཡང་ཚེ་དཔག་མེད་དུ་གྱུར

(༥༢༨)འུཾ ཨ་མར་ཎི་ཚར་བརྒྱ་བརྗོད དགེ་བ་བསྔོ་ཞིང་སྨོན་ལམ་གདབ དེས་ནི་ཚེ་ལ་མི་གནོད་སྟེང་ རྟེན་འབྲེལ་བདེན་པས་ཚེ་གེགས་ཞི གསང་སྔགས་ཐབས་ཀྱི་ཆེ་བའི་ལམ མ་བསྒོམས་སངས་རྒྱས་འཕོ་བའི་གནད སྙིང་དང་མིག་ལས་གཅེས་པར་ཟུངས ས་མ་ཡ གསོལ་འདེབས་ནི ཨེ་མ་ཧོ གནས་རང་སྣང་དོན་གྱི་འོག་མིན་ན ཡེད་དང་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི སྐུ་ཐ་མལ་མ་ཡིན་དངས་མའི་ལུས དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས ཡིད་མོས་གུས་གདུང་བས་གསོལ་བ་འདེབས ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས གནས་འོག་མིན་འགྲོད་པར་བྱིན་གྱིས་རློབས དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག ཕཊ སྤྲུལ་སྐུ། ཕཊ ལོངས་སྐུ། ཕཊ ཆོས་སྐུ། ཕཊ མི་འགྱུར། ཕཊ མངོན་བྱང་།། །།

(༥༢༩)གཤིན་པོ་ལ་འཕོ་བ་འདེབས་པའི་སྔ་རོལ་དུ་མིང་ནས་རན་པར་བོས་ལ། ཆེ་གེ་མོ་ཁྱོད་ལ་འཆི་བ་མི་རྟག་པ་སླེབ་སོང་ངོ་། །ཞེས་ལན་གསུམ། དེ་ཡང་འཆི་བ་ཞེས་བྱ་བ་དེ་ཁྱོད་གཅིག་པུ་ལ་བྱུང་བ་མ་ཡིན། །འགྲོ་བ་རྒྱུད་ལྔ་པོ་ཐམས་ཅད་ཀྱི་ལམ་པོ་ཆེ་ཡིན་པས་ལེན་གཅིག་སྐྱེས་ཚར་ནས་མཐར་འཆི་བ་ཆོས་ཉིད་ཡིན། །འཇིག་རྟེན་ན་མཐུ་ཆེ་ཞིང་དཔལ་འབྱོར་ལོངས་སྤྱོད་དང་ལྡན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནས་འཚོ་བ་ལམ་ཟན་ལ་བརྟེན་པའི་མུ་ཏོ་བ་ཡན་ཆད་ཚེ་ཐར་ལ་སོང་བ་གཅིག་ཀྱང་མེད་པས་སེམས་ཁོང་དུ་ཆུད་པར་མ་མཛད་ཅིག །དེ་བཞིན་དུ་གཉེན་འཁོར་ཡུལ་གཞིས་ནོར་རྫས་ལ་སོགས་པ་གང་ལ་ཆགས་ཀྱང་དེ་དག་རང་གི་རྗེས་སུ་མི་འབྲང་། རང་ཉིད་དེ་དག་དང་འགྲོགས་པའི་དུས་ལས་ཡོལ་བའི་ཚུལ། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །

(༥༣༠)ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང་། །ཞེས་སྡུག་བསྔལ་བདེན་པའི་ཆོས་ཉིད་མངོན་སུམ་པར་སྨིན་དུས་འདིར། །ཉེ་དུ་དང་། ནོར་རྫས་ལ་ཆགས་ན་གནས་རིགས་དམན་པར་ལྟུང་ཉེན་ཡོད་པས་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འདི་ན་ཕ་དང་མ་དང་བཤེས་རྣམས་དང་། །གཉེན་དང་རྩ་ལག་སྐྱབས་སུ་མི་འགྱུར་ཏེ། བུ་དང་བུ་མོ་དེ་བཞིན་མགོན་སྐྱབས་མིན། །ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པ། །འཇིག་རྟེན་མགོན་སྐྱབས་གྱུར་པ་གཞན་འགོམ་མེད། །ཅེས་གསུངས་ན་རང་ཅག་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་བསྐལ་པ་བཟང་པོ་ལ་འཆི་འཕོ་བའི་གནས་སྐབས་ཉམས་སུ་མྱོང་བ་ལ་དགའ་བ་སྒོམས་ཤིག །དེའི་རྒྱུ་གང་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཚན་ཐོས་པ་ལ་ཡང་དོན་ཆེན་པོ་དང་ལྡན་ན། དེ་ལ་མངོན་པར་དད་པ་དང་། དགའ་བའི་སེམས་ཀྱིས་ཤི་འཕོས་པ་དག་ཀྱང་ངན་སོང་ལས་ཐར་ནས་ལྷ་དང་མིའི་གོ་འཕང་ཐོབ་པའི་ཚུལ་ལས་བརྒྱ་བ་ལས། དགེ་སློང་དག་བྱ་ཞིག་ནམ་མཁའ་ལས་བབས་ནས་ངའི་མདུན་

(༥༣༡)ན་འདུག་པ་མཐོང་ངམ། གསོལ་བ། བཙུན་པ་བཅོམ་ལྡན་འདས་མཐོང་ལགས་བཀའ་སྩལ་པ། དགེ་སློང་དག་བྱ་དེད་ལ་སེམས་དགའ་བར་གྱུར་ནས་སོང་བ་ལས་ཁྲས་དེད་དོ། །དེ་ད་ལ་སེམས་དགའ་བཞིན་དུ་ཤི་འཕོས་ནས་རྒྱལ་པོའི་ཁ་བ་འདིར་ཚོད་དཔོན་གྱིས་རིགས་སུ་སྐྱེས་ནས་ཆེར་སྐྱེས་པ་དང་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་ན་ཚོད་ཀྱི་ལོ་བདུན་ལོན་པ་ཁོ་ནས་ཉོན་མོངས་པ་ཐམས་ཅད་བཅོམ་སྟེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཞེས་སངས་རྒྱས་ལ་ལན་གཅིག་དད་པའི་ཕན་ཡོན་ཡང་དེ་འདྲ་ན། ཁྱེད་ཀྱང་རྒྱལ་བའི་བསྟན་པ་ཡོད་པའི་ཞིང་ཁམས་སུ་སྐྱེས་ཤིང་། སངས་རྒྱས་ཀྱི་མཚན་ཐོས་པ་དང་། དེའི་སྡེ་སྣོད་ལས་དབུགས་འབྱིན་ཐོབ་པའི་སྐལ་པ་དང་ལྡན་པ་ཡིན་པས་སྟོན་པ་དེ་བཞིན་གཤེགས་པ་ལ་དད་པ་བླ་ལྷག་ཏུ་བསྐྱེད་ཅིག །བསྟན་པ་དམ་པའི་ཆོས་ལ་སྐྱབས་སུ་སོང་ཞིག །བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་རམ་ཟླར་སྤྲོ་ན་ཅིག །ཁྱད་པར་དུའང་གང་གིས་མཚན་དང་། སྒྲ་དང་། ལྟ་བ་ལ་ཞུགས་པས་ཀྱང་

(༥༣༢)བར་དོའི་འཇིགས་པ་དང་། ངན་སོང་གི་རྒྱུ་ཡོངས་སུ་གཅོད་པར་ཞལ་གྱིས་བཞེས་པ། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ཀྱིས་ཡོངས་སུ་བསྟེན་པ་དང་། དེའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ཡིད་ལ་མ་བརྗེད་པར་ཟུང་ལ་ཁྱོད་རྡོས་བཅས་ཤ་ཁྲག་གི་ལུས་ལས་འདས་པའི་ཕྱིར་ཞིང་མཆོག་དེ་རུ་ཏ་ལ་ལ་སོང་ཅིག །ཁྱོད་རང་དད་པ་ཐོབ་པའི་བླ་མ་ཡིད་ལ་སྒོམས་ཤིག །ཡི་དམ་དང་ལྟ་བ་དྲན་པར་གྱིས་ཤིག །ཐེག་པ་ཆེན་པོའི་སྨོན་འཇུག་གི་སེམས་བསྐྱེད་སྒོམས་ཤིག །དེ་དག་གནད་དུ་འགྲོ་བའི་རྟེན་འབྲེལ་དུ་མ་བསྒོམས་པར་འཚང་རྒྱ་བ་འཕོ་བའི་གདམས་པས་སྐྱེ་བ་སྔ་ཕྱིའི་ཉིང་མཚམས་སྦྱོར་བ་ཡིན་པས་ཁྱེད་རང་གི་སྙིང་ནང་དུ་ཡི་གེ་ཨཱ དཀར་པོ་ཞིག་སྒོམ་ལ་ངེད་ཀྱིས་ཨའི་སྒྲ་བརྩེགས་མར་བརྗོད་པ་དང་ལྷན་ཅིག་བརྡ་དོན་ངོ་འཕྲོད་པར་མཛོད་ལ་ཨ་དེ་ཉིད་བདེ་བ་ཅན་གྱི་ཞིང་དམིགས་བསལ་ལ་ཡི་གེ་ཧྲཱི ཞེས་ཀྱང་བསྒྱུར་ཆོག །ཁམས་སུ་དཔག་ཆེན་གྱིས་མདའ་འཕངས་པ་བཞིན་དུ་

(༥༣༣)སོང་བར་དམིགས་ཤིག །ཅེས་བརྗོད་ལ་གཙོ་བོར་རང་ཉིད་ཀྱིས་འདུན་པ་གཅུར་ནས། དེའི་ལོ་གྲངས་ཀྱིས་ཨ་སྙན་པོར་བཟླས་རྗེས། །གཙུག་སྐྲ་འཐེན་པ་དང་ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་པས་མཐོ་རིས་སུ་འདྲོངས་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ཡི་སྦྱོར་བ་ཡིས། །དབུགས་དང་དེ་ཡི་ལོ་གྲངས་སྦྱར། །གལ་ཏེ་དེ་ལ་མ་ཤི་ན། སྤྱི་བོར་ཁ་གཏད་དབུགས་ཀྱིས་ནི། །ཤེས་པ་ལུས་ཀྱིས་དཀྱིལ་དུ་ཡང་། །ཨ་ནི་དམིགས་ཏེ་བསྡུ་བར་བྱ། །ཞེས་དང་། དེ་ལྟར་ཚེ་ག་ལྡན་པའི་ཚེ། །མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམས་མེད་པར་གནས་ནས་སྦྱོང་། །ཞེས་ཐིམ་རིམ་འཆར་བའི་དུས་ནས་རླུང་ཕྱིར་འགྲོ་བ་དང་བསྟུན་སྐྱེ་མེད་ཀྱི་ཡི་གེས་སྦྱར་བར་བྱ་བ་ནི་ཤིན་ཏུ་ཟབ་བོ། །དེ་ཡང་ཐབས་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པ་དང་ཤེས་རབ་ནམ་མཁའ་ལྟ་བུའི་ཀློང་དུ་བསྲེ་བ་གཅེས་ལ་འོན་ཏེ་གཞན་སྣང་དང་མཐུན་པའི་འཕོ་བའི་རིགས་བྱེད་པར་སྤྲོ་ཡང་སྐབས་འདིར་བྱས་པས་ཆོག་ཀྱང་།

(༥༣༤)སངས་རྒྱས་ཀྱི་མཚན་དང་། །གཟུངས་སྔགས་སྨོན་ལམ་ཁྱད་པར་ཅན་གྱིས་སྒོ་བཀག་ནས། འདྲིས་གོམས་གཏན་ནས་མེད་པའི་གང་ཟག་ལ་བསྐྱེད་རིམ་འབོགས་པ་དང་སྣང་མཆེད་ཐོབ་པའི་ངོ་སྤྲོད་སོགས་ཀུན་གཞི་ལུང་མ་བསྟན་ལ་བརྡ་འཕྲོད་པར་དཀའ་བའི་དོན་ཤེས་པར་བྱའོ། །ཞེས་པའང་བློ་གསལ་གྱི་ངོར་རང་བྱུང་རྡོ་རྗེས་སོ།། །།

(༥༣༥)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས་གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་། བདེ་སྟོང་རླུང་གི་རྫོགས་རིམ་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ། གཏུམ་མོའི་འབར་འཛག་གི་ཡིག་ཆུང་། སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུའི་སྦངས་དོན་ཐབས་ལམ་མ་བསྒོམས་སངས་རྒྱས་རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ་བཅས་བཞུགས་སོ

(༥༣༦)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས་གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བཞུགས། ཨེ་མ་ཧོ། དག་པར་རབ་འབྱམས་དབུ་མའི་གྲོང་ཁྱེར་ན། །སེམས་ཀྱི་རྡོ་རྗེ་ཆོས་སྐུའི་ངོ་བོ་ཉིད། །ཕུང་པོ་ཁམས་དང་སྐྱེ་མཆེད་གདན་གསུམ་ལྷའི། །རྣམ་རོལ་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །རླུང་སེམས་དབྱེར་མེད་ཞུ་བ་དེའི་ཙཎྜ་ལཱི། །འཁོར་ལོ་ལྔ་ཡི་དཔའ་བོ་མཁའ་འགྲོའི་གོང་། །ཚོགས་ཀྱི་འཁོར་ལོའི་འདུ་བས་མཉེས་བྱས་ནས། །དབང་དང་དགའ་བཞིའི་ཡེ་ཤེས་རོས་གང་ཤོག །ཁྱད་པར་མཆོག་

(༥༣༧)འུྃ གི་གཏུམ་མོས་འཁོར་ལོ་བཞིའི། །རླུང་སེམས་ལས་རུང་བྷཱུ་ཏིའི་རྩ་མདུང་རྣམས། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་དུ་གྲོལ། །ས་བཅུའི་རྒྱུན་མཐའ་གཙུག་ཏོར་རྩེར་སྨིན་ཤོག །ཉོན་མོངས་རླུང་སེམས་འཁོར་བའི་རང་བཞིན་ནི། །རྣམ་གྲོལ་ཞི་བ་ཡེ་ཤེས་རླུང་མཆོག་གིས། །རང་དབང་གྱུར་ལས་རྩ་ཁམས་ཡི་གེའི་སྤྲིན། །འཁོར་ལོ་ཚོགས་ཆེན་ས་ལ་ལྷུན་རྫོགས་ཤོག །ས་མ་ཡ། རྫོགས་རིམ་ལམ་གྱི་མདོ་ཆིངས་ཀུན། །རྡོ་རྗེའི་ཚིག་རྐང་འདིས་གྲོལ་

(༥༣༨)བྱེད། །རྒྱ་རྒྱ་རྒྱ འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས་བདེ་སྟོང་རླུང་གི་རྫོགས་རིམ་སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་བཞུགས། འུྃ ཀུན་བཟང་གདོད་མའི་ཀློང་ལ་ཕྱག་འཚལ་ལོ མ་འོངས་དུས་ཀྱི་སེམས་ཅན་རྣམས ཚེ་ཐུང་བསོད་ནམས་ལོངས་སྤྱོད་དབུལ སྒྲུབ་པའི་ལོང་མེད་སྙིང་རུས་ཆུད དེ་ཚེ་སྐུ་གསུམ་བཞུགས་སྟངས་ལ བརྟེན་ནས་འོད་གསལ་རྫོགས་ཆེན་དོན རྩོལ་མེད་ལྟ་བའི་ལོད་མེད་ན གནད་ལ་བརྟེན་པའི་ཐབས་ཀྱི་ལམ རླུང་སེམས་དབྱེར་མེད་ངེས་པའི་གནད བདུན་ཕྲག་གསུམ་གྱིས་འཁོར་བ་ལམ མི་ལྡོག་ལམ་རྟགས་ཡོན་ཏན་ཀུན མངོན་གྱུར་སྙན་བརྒྱུད་ཟབ་མོའི་ཆོས རྡོ་རྗེ་སེམས་དཔའི་གསང་ལམ་ཆེ འདི་ལས་གཞན་དུ་ངས་མ་

(༥༣༩)འུྃ བཤད། །བདེན་རྫུན་ལག་ཏུ་ལོད་ལ་ལྟོས གཅིག་ལས་གཉིས་སུ་སྤེལ་བ་ན དམ་ཚིག་ཉམས་པས་དམྱལ་བར་ལྟུང་ ཁྱད་པར་ཁ་མཁས་ཁོད་གནག་ཅིང་ གཡོ་སྒྱུས་བླ་མའི་ངོ་སྲུང་པའི དྲེད་པོ་ཆོས་ཀྱི་རྒྱུས་ཅན་ལ གདམས་པ་འདི་ནི་རླུང་ཕྱོགས་ཙམ བསྟན་ཀྱད་སྲོག་གི་གཤེད་མར་བྱེད དེ་ཕྱིར་སྙིང་ལས་གཅེས་པར་ཟུང་ ས་མ་ཡ དང་པོ་མལ་ནས་ཧར་ལངས་ཏེ ལྟོ་སྟོང་རླུང་རིག་དངས་པའི་ཚེ སྔོན་འགྲོ་སྤྱི་དང་ཁྱད་པར་དུ བླ་མའི་རྣལ་འབྱོར་གནད་དུ་བསྣུན མོས་གུས་གདུང་ཞིང་དབང་བཞི་བླང་ དངོས་གཞི་ལུས་གནད་དྲང་པོར་བསྲང་ རང་ཉིད་རིག་འཛིན་རྡོ་རྗེ་ཆོས

(༥༤༠)སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པ བརྐྱང་བསྐུམ་དོར་སྟབས་ཞི་མ་ཁྲོ རྣལ་འབྱོར་དམར་མོ་གྲི་ཐོད་ཅན དང་འཁྲིལ་རྡོར་དྲིལ་བསྣོལ་ཐབས་སྦྱོར ཡབ་ཡུམ་གཉིས་སུ་མེད་པ་ཡི སྐུ་དབུས་དྲང་པོར་རྩ་དབུ་མ མཚན་ཉིད་བཞི་ལྡན་ཆོས་ཀྱི་སྐུ གཡས་གཡོན་རོ་རྐྱང་ལོངས་སྤྲུལ་གཉིས ལྟེ་འོག་དབུ་མའི་མར་སྣ་ལ། །རོ་རྐྱང་རྣམ་གཉིས་ཆུང་བ་ཡི ཡར་སྣ་ལྟག་པ་ནས་གུག་སྟེ སྣ་བུག་གཉིས་སུ་ཧ་རེ་ཟུག དབུ་མའི་ཡར་སྣ་ཁ་ཐི་།།།འཁྱིལ རོ་རྐྱང་གཉིས་ནས་ལས་ཀྱི་རླུང་ གཡས་གཡོན་རེས་མོས་བདུན་བདུན་འབུད ཉོན་མོངས་ལྔ་དང་བྱུང་བ་ལྔར བརྟེན་པའི་རླུང་དུག་སངས་ཀྱིས་ཐོན རྩ་སྦུབས་སྐྱོན་དང་བྲལ་བར་བསམ། །དེ་ནས་ཧ་ཞེས་དབུགས་བཏང་ལ ངལ་བསོ་ཤེས་པ་རྣལ་དུ་ཕབ བྲཾ། དེ་ནས་སྙིང་གུར་སྨུག་པོའི་དབུས ཀུན་བཟང་མཐིང་ག་མཉམ་གཞག་ཅན ཆེ་ཆུང་སྲན་མ་ཙམ་པ་ལ སྐྱེ་མཆེད་ཤིན་ཏུ་དངས་བར་གསལ དེ་ཡི་ཐུགས་ཀར་འོད་ལྔའི་ཐིག ཟླུམ་པོར་འཁྱིལ་བའི་ནང་ཁོངས་སུ དངས་གསལ་སྐྱེ་མེད་

(༥༤༡)འུྃ སྲོག་ན་ཨ་ཨཾ གསལ་འཚེར་སྤྲུ་ཡིས་བྲིས་ལྟར་གསལ དེ་ནས་སྦྱོར་བ་བཞི་ལྡན་གྱིས གནད་དང་ལྡན་པས་རླུང་རྡུབས་ལ རོ་རྐྱང་ལམ་བརྒྱུད་སྙིང་དབུས་བསྐྱལ ཐླ་ཁརཱུ་།།།ཅུང་ཟང་རྡ་ཐུམ། བྱས་ཏེ རླུང་ལིག་རིག་པ་གཅིག་ཏུ་དྲིལ ཞལ་ཤས་གནད་དང་ལྡན་བ་ཡིས རླུང་ཁུག་བརྒྱ་འམ་བདུན་ཅུ་ཐམ སུམ་ཅུ་ལ་སོགས་ཐུན་རེར་འབད མན་ངག་གནད་དད་མི་ལྡན་ན སྲོག་རྩར་ལས་ཀྱི་རླུང་ཞུགས་ནས སྨྱོ་བའི་ཉེན་ཡོད་ཁེ་ཉེན་ཆེ གནད་དུ་སོང་ན་སྲོག་ཐུར་གྱི རླུང་གཉིས་གཅིག་ཏུ་འདྲེས་གྱུར་ནས དབུ་མར་ཞུགས་གནས་ཐིམ་གསུམ་གྱི རང་རྩལ་རྫོགས་པའི་རྟེན་འབྲེལ་ལས བུམ་ཅན་རིལ་བ་ཞབས་ཚགས་ཅན མངོན་དུ་སྣང་ཞིང་འོག་རླུང་ལ བཤང་བའི་དྲི་མ་མི་འབྱུང་ཞིང་ དྲི་ཆུ་ཆུ་གཙང་ལྟར་འབབ་སོགས ཐུན་མོང་ཡོན་ཏན་བསམ་ལས་འདས ཁྱད་པར་ལྟེ་བའི་རྩ་མདུད་གྲོལ དང་པོའི་ས་ཡི་རྟོགས་པ་འཆར མངོན་སུམ་སྣང་བ་ལྷུག་པར་མཐོང་ འདི་

(༥༤༢)ལ་ཐེ་ཚོམ་འགའ་ཡང་མེད ས་མ་ཡ འདི་ནི་རྫོགས་རིམ་ཀུན་གྱི་བཅུད དབུ་མར་ཡེ་ཤེས་རླུང་ཟིན་པས གཏུམ་མོའི་ནད་ནས་ཡང་རྩེ་ཡིན སེམས་ཉིད་ཆོས་སྐུར་གནས་དག་པས འོད་གསལ་ཀུན་གྱི་རྒྱལ་པོར་འགྱུར སྣང་བའི་རྫུན་ཕུགས་རྫིབ་པ་ཡིས སྒྱུ་མ་མ་བཅོས་རང་ལ་ཤར གང་ཤར་རྣམ་རྟོག་མ་ཡན་བ རྨི་ལམ་ཀླུངས་ཚུང་སྤྲུལ་བསྒྱུར་ནུས ཐ་མལ་རྣམ་རྟོག་ཡེ་ཤེས་སུ འཕོས་པས་འཕོ་བའི་ཡང་རྩེ་ལ སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱི གྲོང་དུ་འཇུག་བས་གྲོང་འཇུག་མཆོག གསང་སྔགས་ཀུན་གྱི་འབྲས་བུ་ཡིན ས་མ་ཡ བདེ་སྟོང་རླུང་གི་རྫོགས་རིམ་ལས འབར་འཛག་དྲོད་ཀྱི་རྣལ་འབྱོར་ནི རྩ་གསུམ་སྔ་མ་ཇི་བཞིན་ལ དབུ་མའི་ཡར་སྣར་ཧེ་རུ་ཀ དཀར་ཆ་ཧཾ་ཡིག་རང་བཞིན་ལ མར་སྣར་དམར་ཆ་གནམ་ཞལ་མེ ཨ་ཤད་འོད་ཀྱི་རྣམ་པར་གསལ རོ་རྐྱང་གཉིས་ནས་རླུང་རྡུབས་ཏེ ལྟེ་བའི་གནམ་ཞལ་སྦར་བ་ལས ཤེས་རབ་ཡེ་ཤེས་ལྷབ་ཀྱིས་འབར དེ་ཡང་ངོ་བོ་བདེ་བ་ལ རང་བཞིན་གསལ་ཞིང་རྣམ་པ་ཚ རྩེ་མོ་རྣོ་ལ་འཁྱུག་པ་

(༥༤༣)འུྃ ཡིས ལྟེ་བའི་རྩ་འཁོར་ཡོངས་གང་ཞིང་ བདེ་དྲོད་གློ་བུར་སྐྱེས་པར་བསམ དེ་བཞིན་ཆོས་ཀྱི་འཁོར་ལོ་དང་ ལོངས་སྤྱོད་བདེ་ཆེན་འཁོར་ལོ་སོགས སོ་སོའི་གནས་སུ་རླུང་ཁུག་ནི ཉེར་གཅིག་བདུན་སོགས་གོང་དང་མཚུངས དེ་ནས་སྤྱི་བོའི་ཧཾ་ཡིག་ལ མེ་ལྕེས་རེག་པ་ཙམ་གྱིས་ནི བདེ་བ་གཡོས་ཤིང་ཐིག་ལེ་ཞུ ཞུན་གྱི་མར་མེ་འཐིགས་པ་ལྟར སྤྱི་བོའི་རྩ་འདབ་ཐམས་ཅད་ཁེངས རྩ་ཁམས་དཔའ་བོ་ཌཱཀྐི་ནི ཏིལ་གང་ཕྱུར་བ་ལྟ་བུ་ལ བདེ་སྟོང་བདུད་རྩིའི་མཆོད་པ་འབུལ༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ བུམ་དབང་མངོན་དུ་ཐོབ་བྱས་ཏེ དགའ་བའི་ཡེ་ཤེས་སྐྱེས་པར་བསམ དེ་བཞིན་མགྲིན་པ་སྙིང་ག་དང་ ལྟེ་བ་ལ་ཡང་གོང་བཞིན་དུ རིག་པ་སྒྲེ་ཞིང་གསང་དབང་དང་་ཤེས་རབ་ཡེ་ཤེས་བཞི་པའི་དབང་ རིམ་བཞིན་མངོན་དུ་ཐོབ་བྱས་ཤིང་ མཆོག་དགའ་ཁྱད་པར་ལྷན་སྐྱེས་ཀྱི ཡེ་ཤེས་ཉམས་སུ་མྱོང་བར་བསམ དེ་ནས་རྩ་གསུམ་འདུས་མདོ་རུ དངས་མ་ཨ་ཤད་

(༥༤༤)ལ་ཕོག་ཚེ སྣུམ་ཁོལ་བདུད་རྩི་བླུགས་པ་བཞིན མེ་དང་བདུད་རྩི་གཉིས་མེད་འབར རིག་བ་རྩལ་གྱི་དབང་ཆེན་ཐོབ སྣང་སྲིད་ཐམས་ཅད་མེ་ཡིས་ཁེངས སྣོད་དང་བཅུད་དུ་འཛིན་པ་ཡི རྣམ་རྟོག་བག་ཆགས་ཐམས་ཅད་བསྲེག མཐར་ནི་རང་ལུས་མེ་དད་བཅས ཇེ་ཆུང་ཇེ་ཆུང་སྤྲོས་བྲལ་དང་ བསྡུས་ལ་གསལ་སྟོང་དང་དུ་བཞག །གེགས་སེལ་ཧ་སྦྲུགས་བརྡབ་ཆུང་དང་ ངལ་བསོ་ཤེས་རིག་རྣལ་དུ་དབབ འདི་ལྟར་གནད་དུ་ཕེབས་གྱུར་ན བདེ་དྲོད་མེ་འབར་གོས་མི་དགོས འབྱུང་བ་ལྔ་ལ་རང་དབང་སྒྱུར མ་དག་ལས་ཀྱི་རླུང་དག་པས སྤྱན་དང་མངོན་ཤེས་ལ་སོགས་ཐོབ ཐུན་མོང་ཡོན་ཏན་བསམ་མི་ཁྱབ མངོན་ཞེན་སྐྱེས་ན་རུ་ཏར་གོལ ཅི་ཕྱིར་འབྲས་བུའི་ཡོན་ཏན་ནི སྤངས་རྟོགས་མཐའ་རུ་ཕྱིན་པའི་དབྱིངས ཆོས་ཟད་བློ་འདས་ཆེན་པོ་སྟེ དེ་ཕྱིར་དེ་དག་ལམ་རྟགས་ཀྱི ཡོན་ཏན་ཙམ་པས་ས་ཟིན་མེད སྤངས་ཐོབ་བྲལ་བའི་རྫོགས་ཆེན་ནི ཆོས་རྣམས་ཀུན་གྱི་གྲོལ་སའོ ས་མ་ཡ འདི་ལྟར་སྲོག་རྩོལ་རླུང་གི་གནད བརྒྱ་ཕྲག་འདུས་པའི་ཡང་ཟབ་

(༥༤༥)འུྃ བཅུད སྙིང་མཛོད་སྨུག་པོ་ཀློང་གི་སྒྲོམ སྐུ་གདུང་འབར་བའི་བརྡར་ས་ཅན མཁའ་འགྲོའི་།ཐུགས་གསང་ནམ་མཁའ་མཛོད གཏེར་བཅུད་འདུས་པའི་ཕོ་བྲང་ནས བརྡ་ཚིག་རྡོ་རྗེའི་དབྱངས་སུ་བསྒྱུར སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ལས གཞན་དུ་མ་ཡིན་དམ་ཚིག་རྒྱ སྙིང་འདྲ་གཅིག་ལས་ཤོར་ར་རེ འདི་དང་རྫོགས་ཆེན་མ་བུ་གསུམ ཉམས་སུ་བླངས་ནས་མ་གྲོལ་ན པདྨས་བསླུས་སོ་ཕྱི་རབས་རྣམས ལས་འཕྲོ་ཅན་གྱི་དཔལ་དུ་ཤོག སྐུའི་རྒྱ གསུང་གི་རྒྱ ཐུགས་ཀྱི་རྒྱ དཔལ་སྔགས་ཀྱི་སྲུང་མས་དམ་ཉམས་བཀའ་རྐུན་ལོག་སྲེད་ཅན་གྱི་ལག་ཏུ་མ་བཏང་ཞིག ན་ར་ཀན འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས བདེ་སྟོང་རླུང་རྫོགས་ཞལ་ཤེས་བཞུགས རྗེས་སུ་རྣལ་འབྱོར་དབྱིངས་ལ་འདུད ལས་བདེན་ཐམས་ཅད་དམིགས་པ་དང་ འདུན་པའི་རྐྱེན་ལས་གྱུར་པའི་ཕྱིར ཕུང་པོ་ལྔ་ནི་འཁོར་བའི་རྒྱུ སངས་རྒྱས་ལྔར་ནི་མྱ་ངན་འདའ གཟུགས་ཕུང་སྣང་མཛད་ཡབ་ཡུམ་དུ གདོད་

(༥༤༦)ནས་དག་པར་ངེས་ཤེས་བསྐྱེད བདུད་རྩིས་མཆོད་ཅིང་བུམ་དབང་ཐོབ དགའ་བའི་ཡེ་ཤེས་མྱོང་བའི་མཐར འོད་ཞུ་ཐིག་ལེ་དཀར་པོར་བསམ དེ་བཞིན་མགྲིན་པར་འདུ་ཤེས་ནི སྣང་མཐའ་རྣམ་ཤེས་མི་བསྐྱོད་པ ཚོར་བ་རིན་འབྱུང་འདུ་བྱེད་གྲུབ རིམ་བཞིན་འོད་ཞུའི་ཐིག་ལེ་དམར མཐིང་སེར་ལྗང་གུར་གནས་པ་དེ ནང་འབྱུང་ལྔ་ཡི་ངོ་བོར་བསམ དེ་ལས་འབྱུང་བཞི་ཟད་པར་གྱི སྐྱེ་མཆེད་བསྒོམ་ན་སྤྱི་བོ་ཡི ཐིག་ལེ་དཀར་ལས་འོད་ཟེར་འཕྲོས སྣང་སྲིད་ཐམས་ཅད་ཆུའི་དངས། མ དཀར་པོར་འོད་ཞུ་ཐིག་ལེ་དང་ རོ་གཅིག་འདྲེས་ལ་མཉམ་པར་བཞག ཟད་བར་ཆུ་ཡི་སྐྱེ་མཆེད་འགྲུབ དེ་བཞིན་མགྲིན་པ་ལྟེ་བ་དང་ གསང་གནས་རྣམས་ཀྱི་ཐིག་ལེ་ནི དམར་པོ་མེ་དང་སེར་པོས ལྗང་གུ་རླུང་དུ་ཤེས་བྱས་ནས བསྒོམ་ཚུལ་གོང་ལྟར་ངེས་པ་ཡིན ཀུན་གྱི་སྡུད་རིམ་ཙཎྜ་ལིས ཕྱི་འབྱུང་ནང་འབྱུང་ཅིག་ཆར་དུ བསྲེག་པ་ཡི་གེའི་དཀྱུས་བཞིན་ནོ འདི་ནི་གནད་ཀྱི་མན་ངག་སྟེ ཐེམ་མེད་ཀུན་ལ་གསང་བའི་རྒྱ དྷ་ཐིམ

(༥༤༧)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས་གཏུམ་མོའི་འབར་འཛག་ཡིག་ཆུང་བཞུགས འབར་འཛག་སྙན་བརྒྱུད་ཞལ་ཤེས་ལ། །དང་པོ་རྩ་གནས་བྱིན་བརླབ་ནི། །རྩ་དབུ་མ་སྟོང་གསལ་གྱི་ཡར་སྣེ་རྒྱ་སྐར་ཁ་ཕྱེ་བ་ལྟ་བུའི་ནང་ཀུན་བཟང་ཡབ་ཡུམ་མགྲིན་པ་ཡན་ཆད་ཐོན་པ་ནས་ཡ་ས་རིམ་རྩ་བའི་བླ་མའི་བར་བརྒྱུད་པའི་གསོལ་འདེབས་ནང་བཞིན་ཐོ་བརྩེགས་སུ་གསལ། །དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ན། །ཅེས་པ་ལ་སོགས་པའི་གསོལ་འདེབས་མོས་གུས་དྲག་པོ་བྱས་རྗེས་བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ཐིག་ལེ་དམར་པོ་གཅིག་ཏུ་གྱུར་པའི་ནང་ཁོངས་ཨ་ཤད་ཀྱི་རྣམ་པ་གསལ་ཙམ་དང་། སྤྱི་བོར་ཧཾ་མིག་མགོ་གྱེན་བསྟན་བསྒོམ། རོ་རྐྱང་གཉིས་ནས་རླུང་རྡུབས་ཕྲུ་མ་ཕུས་བརྒྱངས་པ་བཞིན་དུ་དབུ་མའི་མས་སྣར་ཞུགས། ཐིག་དམར་ཨ་ཤད་ཅན་ལ་ཐོག་པས་བྱིན་རླབས་ཡེ་ཤེས་ཀྱི་མེ་ལྷབ་ཀྱིས་འབར། །མེའི་ངོ་བོ་བདེ་བ། རེག་བྱ་ཚ་བ། རྣམ་པ་གསལ་པ། རྩེ་མོ་ཤེས་རབ་ཀྱི་རང་བཞིན་རྣོ་ལ་འཁྱུག་པ་སྟེ་མཚན་ཉིད་བཞི་ལྡན་དུ་འབར་

(༥༤༨)བས་གནས་ཚུལ་དང་མཐུན་པའི་རྩ་ནང་ཐམས་ཅད་དུ་མེ་ལྕེས་ཁྱབ། ཕོ་སྐོར་ཅུང་ཟད་བྱ། །རིམ་བཞིན་ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་སྤྱི་བོ་བདེ་ཆེར་གྱི་འཁོར་ལོའི་བར་གྱི་རྩ་གཙོ་བོ་གསུམ་དང་ རྩ་འདབ་ཐམས་ཅད་དུ་ཞུགས་སྤྱི་བོའི་ཧཾ་ཡབ་ཧེ་རུ་ཀའི་ངོ་བོ་དང་ མེ་ཉིད་ཡུམ་གྱི་ངོ་བོར་གྱུར་བ་གཉིས་རེག་པ་འཕྲོད་པས་ཞུ་བདེའི་ཉམས་རྒྱས ཧཾ་ལས་འོད་ཟེར་མུ་མཐའ་མེད་པར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད། ཐུགས་བདེ་སྟོང་གི་རོས་ཚིམ། །མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས ཡང་འཕྲོས་འབྱུང་བ་ལྔའི་དངས་བཅུད་དང་སྣོད་བཅུད་ཀྱི་བཀྲག་མདངས་གཟི་བྱིན་ཀྱང་ལྷན་ཅིག་བསྡུས་ཏ་ཧཾ་ཡིག་ལ་ཐིམ་པའི་རྐྱེན་གྱིས་ད་མགོ་མཇུག་ཧྲིལ་གྱིས་ལྡོག །ཞུ་བདེ་འབར་འཛག་གི་ཉམས་རྒྱས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་སངས་རྒྱས་རྣམ་པར་སྣང་མཛད་དབ། ཡུམ་ནམ་མཁའ་དབྱིངས་ཕྱུག་མ་ལ་སོགས་ཏེ་བུདྡྷ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཏིལ་

(༥༤༩)གྱི་གང་བུ་ཁ་བྱེ་བ་ལྟར་བཞུགས་པ་ལ་བདེ་སྟོང་བདུད་རྩིའི་མཆོད་པ་ཕུལ། །ཚོགས་རྫོགས། སྒྲིབ་པ་དག །དམ་ཚིག་ཉམས་ཆག་བསྐངས་བུམ་དབང་ཐོབ། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་མགྲིན་པར་བབས། སངས་རྒྱས་སྣང་བ་མཐའ་ཡས་དང་། ཡུམ་གོས་དཀར་མོ་ལ་སོགས་ཏེ་པདྨའི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་ལ་མཆོད་པ་འབུལ་ཚུལ་སྔར་དང་འདྲ། གསང་དབང་ཐོབ། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། །ཡང་སྙིང་གར་བབས། སངས་རྒྱས་མི་བསྐྱོད་པ་དང་ཡུམ་མཱ་མ་ཀཱི་ལ་སོགས་རྡོ་རྗེའི་རིགས་ཀྱི་དཔའ་བོ་རྣལ་འབྱོར་མ་སོགས། མཆོད་ཚུལ་སྔར་དང་འདྲ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཁྱད་པར་གྱི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་ལྟ་བར་བབས། རིན་ཆེན་འབྱུང་ལྡན་དང་། ཡུམ་སངས་རྒྱས་སྤྱན་མ་ལ་སོགས་ཏེ་རིན་ཆེན་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་མཆོད་ཚུལ་གོད་དང་འདྲ། དབང་བཞི་པ་ཐོབ། ལྷན་ཅིག་སྐྱེས་དགའི་ཡེ་

(༥༥༠)ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་གསང་གནས་སུ་བབས། སངས་རྒྱས་དོན་ཡོད་གྲུབ་པ་དང་། ཡུམ་དམ་ཚིག་སྒྲོལ་མ་ལ་སོགས་ཏེ་ལས་ཀྱི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་མཆོད། ཚོགས་རྫོགས་སྒྲིབ་པ་དག །དམ་ཚིག་ཉམས་ཆགས་བསྐངས། རིག་པའི་རྩལ་དབང་ཐོབ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། དམིགས་པའི་གནད་འདི་ཁོང་དུ་ཆུད་ན། ནང་དང་གསང་བའི་སྦྱིན་སྲེག་ཀྱང་ཡིན། ཚོགས་འཁོར་ཡང་ཡིན། བསོད་ནམས་བསག་ཐབས་ཀྱང་འདི་ལས་ཟབ་པ་མེད། དོན་དམ་པར་དཀྱིལ་འཁོར་དུ་འཇུག་པར་དང་། དབང་ལེན་པ་ཡང་ཡིན། དེ་ལས་ཧཾ་ཡིག་དེ་ཉིད་བླ་མ་སངས་རྒྱས་ཐམས་ཅད་འདུས་པར་ཤེས་པའི་མོས་གུས་དང་། གཏུམ་མོའི་མེ་དེ་ཉིད་ཀྱང་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འདུས་པའི་ཕྲིན་ལས་སུ་ཤེས་དགོས་པ་ཡིན། གསང་སྔགས་ལམ་མྱུར་བ་དང་ཐབས་ཟབ་པའི་ངེས་ཤེས་རྒྱུད་ལ་བརྟན་ཅིང་ཐེ་ཚོམ་མེད་པ་རྣམས་ལ་དངོས་གྲུབ་མྱུར་བ་

(༥༥༡)འུྃ སྔགས་ཀྱི་ཁྱད་ཆོས་ཡིན་ནོ། །རྗེས་ལ་མེ་དང་དབུ་མ་ཆེ་བསྐྱེད་ཆུང་བསྐྱེད་རེ་མོས་ཡང་ཡང་བྱ་བའི་ཆེན་པོར་གྱུར་བའི་ཚེ་སྟོང་ཁམས་ཐམས་ཅད་མེས་གང་སྟེ་བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ལས་ཉོན་དང་བཅས་པ་གཞོབ་ཐུལ་གྱིས་ཚིག་པར་བསམ། རེས་འགའ་དབུ་མ་མེ་དང་བཅས་པ་ཇེ་ཆུང་རྟ་རྔ་བརྒྱར་གཤགས་པའི་ཆ་ཙམ་ཇེ་ཕྲར་བསྒོམ་ལ་རིག་པའི་རྩལ་སྦྱང་། མཐར་ཐམས་ཅད་རྫོགས་རིམ་དུ་བསྡུས་ཏེ་དགེ་བ་བསྔོ་བར་བྱའོ།། །།འུྃ སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུའི་སྦས་དོན་ཐབས་ལམ་མ་བསྒོམས་སངས་རྒྱས་བཞུགས དཔའ་བོ་དང་ནི་རྣལ་འབྱོར་མའི གྲོང་ཁྱེར་མཆོག་ལ་ཕྱག་འཚལ་ལོ རང་ལུས་བདེ་ཆེན་ཙཎྜ་ལི འབར་འཛག་དབང་དང་དག་བཞིའི་ལམ གབ་དོན་ནམ་མཁའ་ཙཎྜ་ལི སྲོག་ཐུར་ཡེ་ཤེས་དབྱིངས་སུ་བསྲེ གཟུང་འཛིན་སྤངས་པའི་སྒྲ་གཅན་གྱི དུས་མེ་ནོར་བུའི་ཁོང་སེང་རྩེར རླུང་སེམས་འདྲེས་པའི་ཐིག་ལེ་ནི

(༥༥༢)གསལ་འཚེར་འོད་ཀྱི་རྣམ་པ་བཞག ཐུར་སེལ་སྟེང་དུ་སྲོག་སྦུབ་པས སྒྲ་གཅན་སྡངས་བའི་ཤུགས་རིངས་ཀྱིས ཐིག་ལེ་སྦས་མའི་མཁའ་གསང་དུ སྐར་མདའ་འཕངས་བ་བཞིན་དུ་དཀྲོགས ཧཱུྃ་དང་རླུང་གི་ལྕགས་ཀྱུ་ཡིས གོ་ལྡོག་དྲངས་པ་གཙུག་ཏོར་ལམ བརྒྱུད་དེ་མཁའ་དབྱིངས་རྡོ་རྗེར་བཅིང་ དེ་ལྟར་ཡང་ཡང་གོམ་པ་ཡིས མེ་ཆུའི་ཁམས་གཉིས་གོ་ལྡོག་པས འཆི་བ་མེད་པའི་བཅུད་ལེན་ཅིང་ ནང་དུ་སྟེང་འོག་རླུང་འདྲེས་ནས ཕྱི་རུ་སྣང་སེམས་རོ་གཅིག་འགྱུར ས་མ་ཡ གཞན་ལུས་ཞུ་བདེའི་ཙཎྜ་ལི རིག་མ་བརྟག་འགུགས་སྦྱར་བ་སོགས སྤྱི་དང་མཐུན་པ་ཉིད་དུ་སྤྱད བསླབ་པ་གསུམ་གྱི་གཡའ་བླང་ཞིང་ བདེ་བ་བསྐྱེད་པའི་ཐབས་ལ་འབད འདུ་ཤེས་གསུམ་གྱིས་ཐ་མལ་བས ལྡོག་ནས་འབེབས་དང་སྤོར་དང་བསྐྱིལ ཤེས་པ་གསུམ་གྱི་གནད་ལ་བསླབ དབབ་ལ་མཁས་པ་རུས་སྦལ་བཞིན བསྐྱོད་པ་ངལ་བ་མན་ངག་ཡིན བདེ་བ་རྫོགས་ནས་མ་ཡིན་ཏེ གཡོ་

(༥༥༣)འུྃ དུས་བསྲུབ་འཕྲོ་བཅད་ལ་བཟུང་ ནོར་བུའི་རྩེ་ནས་ལྡོག་དཀའ་བས རྩ་བར་རྨ་བྱའི་སྟངས་ཀྱིས་བཟུང་ རིག་པ་སྦྱི་བོའི་ཧཾ་དང་འགྲོགས རླུང་ནི་སྲིན་ཞལ་ནང་དུ་སྡིགས ཨཱི་ཞེས་བྱ་བ་རྨ་བྱའི་སྟངས བསྐྱིལ་ལ་མཁས་པ་ཐེམ་བུ་བཞིན། རླུང་རིགས་འདྲེས་པའི་དབྱིངས་ལ་བཞག འདྲེན་ལ་མཁས་པ་ཧུབ་ཀྱི་སྒྲས༔ བར་རླང་རྒྱངས་ཞིང་གསང་རླུང་ཐོན ལྡོག་ལ་མཁས་པ་ཉིག་གི་སྒྲས དུང་དཀར་དང་ནི་གར་མཁན་བཞིན འགྲེམས་ལ་མཁས་པ་གཏུམ་མོ་དང་ ཁྱད་པར་བརྗོད་བྲལ་ལྷན་ཅིག་སྐྱེས འཛིན་འདྲེན་བགྲམ་པ་ཀུན་གྱི་གནད ཁྱད་པར་བྱེད་པ་བྲབ་གཞིལ་ཏེ དེ་ལྟར་ལས་རྒྱའི་གནད་བདུན་གྱིས ཐིག་ལེ་རྩ་ཡི་ནང་དུ་སྦ རྣམ་རྟོག་ཡེ་ཤེས་དབྱིངས་སུ་སྦ བདེ་བ་འོད་གསལ་ཀློང་དུ་སྦ འོད་གསལ་འཛིན་མེད་ངང་དུ་སྦ སྦ་གཞིའི་གནད་ལ་གོམས་པའི་ས རླུང་སེམས་དབུ་མར་ཡང་དག་འཛུད ཀུན་ལ་སྲོག་རྩོལ་ལོན་པའི་གེགས

(༥༥༤)བཅོས་ཤིང་རྩ་མདུད་གྲོལ་བའི་ཐབས རྣམ་པ་ཉི་ཤུས་བྱང་ཆུབ་པའི རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་གཅེས ས་མ་ཡ རྒྱ་རྒྱ་རྒྱ དེ་ལ་རིག་འཛིན་འཁྲུལ་འཁོར་ནི གསོལ་བ་བཏབ་ཅིང་བུམ་ཅན་བཟུང་ དང་པོ་རྡོ་རྗེ་སྐྱིལ་མོ་ཀྲུང་ ལག་གཉིས་ཆུན་བཙལ་མཆན་སྐོར་བརྡེབ ཡན་ལག་གི་ནད་སེལ འཁྱུད་ཚུལ་བྱ་ཞིང་སེ་གོལ་གཏོགས གཉིས་པ་ལག་གཉིས་ཨ་བ་མཉེ མིག་ནས་རིམ་པར་ལུས་ཀུན་ཕུར གསུམ་པ་སོར་བསྣོལ་བྲང་ ཧ་སྒྲ་འདོན་ཅིང་བྲང་ལ་ཤུགས་ཀྱིས་གཏད་པས་སྲོག་རྩོལ་ལོག་པའི་གེགས་སེལ ལ་གཏད ཐད་ཀར་རྒྱངས་ཞིང་ཕྱི་ལ་ཐེན བཞི་པ་དཔུང་པ་གཡས་ རྩ་དཀར་སོགས་དཔུང་པའི་ནད་སེལ གཡོན་གཅུ ལག་གཉིས་ནད་དུ་སྐར་ཞིང་སྤྲུགས ལྔ་པ་བྱ་རྒོད་དཔུང་སྟངས་ནི ཁུ་ཚུར་སྙིང་ ཤ་ལྤགས་ཆུ་སེར་གྱི་ནད་སེལ་ ནས་ཕྱི་རུ་འཕངས འབེབས་ཆུང་གསུམ་དང་འབའ་དཀྲུགས་གཅིག དྲུག་པ་ལག་གཉིས་དཔུང་མགོར་བསྣོལ བསྡམས་ཏེ་ལུས་ཀུན་གཅུང་པའི་མཐར སྡིགས་མཛུབ་ཕྱིར་སྟོན་ཧཱུྃ་ཀར་རྒྱ བགྲད། བདུན་པ་རྐང་པའི་ཐངས་ སྐེད་པའི་ནད་གཙོ་འཁོར་སེལ་

(༥༥༥)འུྃ ནས ལག་གཉིས་ཁུ་ཚུར་དཔུང་མགོར་ཐེན ཆུ་རྒྱུས་ཀྱི་ནད་སེལ གཡས་གཡོན་ལྟ་སྟངས་མཉྫུ་ཤྲཱི སྒུར། བརྒྱད་པ་གཞུ་འགེངས་མཁྲིག་མ་གཉིས མཆན་སྐོར་གཞུ་རྒྱུད་རེ་མོས་ཐེན སོག་དབྲག་དང་ཚིག་པའི་ནད་སེལ རྟ་རྒྱ་སྤྱིར་བཞག་ལུས་སྤྲུགས་ཤིང་ ཧི་སྒྲ་བསྟུད་པ་ནཱ་གཱ་རྫུ ཆེན། དགུ་པ་རི་ཕུལ་ལག་ངར་གཉིས ཆུན་བཙལ་མདུན་རི་འཕུལ་ཚུལ་རྗེས ཆུ་སྲིན་རྣམ་རོལ་ཕྱག་རྒྱའི་ནང་ ཧ་སྒྲ་གསུམ་བསྟུད་པྲ་བྷ་ཧ བར། བཅུ་པ་དགྱེ་དགུ་ལུས་བསྲང་བ རྒྱབ་ཏུ་དགྱེ་ མཁལ་མ་མཆར་བའི་ནད་སེལ ཞིང་མདུན་དུ་དགུ ཆུན་བཙལ་ཐོད་རྔ་ཁྲོལ་ཚུལ་དང་ རྐང་པའི་སྟབས་བསྟུན་དྷ་ན་སཾ སྒུར། བཅུ་གཅིག་རྡོ་རྗེའི་འདུག་སྟངས་ལས ལག་པའི་མཐེའུ་ཆུང་གཉིས་སྤྲེལ མཇུག་རྩེ་སྤྲད་པ་ རྩིབ་ལོག་ནད་སེལ སྤྱི་གཙུག་བཞག སྣ་རྩེར་ཤེས་པ་ཨ་ལ་གཏད ལྔ་ཚར་བརྗོད་པ་བི་མ་ལ གཅུས། བཅུ་གཉིས་མེ་རླུང་ཁ་སྦྱོར་འདྲེན ལྟེ་བའི་རླུང་ནི་

(༥༥༦)འོག་ཏུ་མནན ལག་གཉིས་འདོད་རྒྱལ་དམ་རྒྱ་ནི ས་ལ་གཏུགས་ནས་དགྱེ་བ་དང་ མ་ཞུ་བ་དང་ཕ་བའི་ནད་སེལ ལྷན་ཅིག་ལྟེ་བ་ནང་དུ་ཐེན གུ་ཧེ་ཙཎྜའི་འཁྲུལ་འཁོར་རྒྱ བགྲད། བཅུ་གསུམ་ལག་གཉིས་བསྣོལ་བྱས་ཏེ སྤྱི་བོར་འཇོག་དང་སྙིང་ག་རུ འཁོར་ལོའི་ཕྱག་རྒྱ་རེ་མོས་སྤེལ ཤཱནྟིང་གརྦྷའི་འཁྲུལ་འཁོར་རྒྱ བགྲད། བཅུ་བཞི་གླང་ཆེན་ཧུ་འདྲེན་ནི དཔྱད་ཐག །རོ་སྟོད་དང་སོག་པའི་ནད་སེལ། སྟོང་འདྲེན་ཐེམ་བུ་ཡིན རྐང་ལག་མཐིལ་བཞི་ས་ལ་བཙུགས ཧུ་སྒྲ་འདོན་ཅིང་མགོ་ཅོག་བྱ སྒུར། མིག་གཉིས་ཀ་སྤྱི་བོ་ལ་གཏད། ཡིད་ཀྱི་རླུང་སྟོད་འདྲེན་དང་ལྟེ་བ་བསྐྱིལ་བྱེད། བཅོ་ལྔ་སེངྒེ་རལ་རྔོམ་ནི སྲོག་རྩོལ་གོ་ལྡོག་ཐེམ་བུ་ཡིན མཐིལ་ཡན་ལག་དང་ཉིང་ལག་གི་ནད་སེལ། བཞི་བཙུགས་ལ་གཡས་གཡོན་ལྟ ཐེའུ་ཆུང་གི་ནད་སལ། སྒུར། བཅུ་དྲུག་གྱི་ མདུན་རླུང་ཅུང་ཟད་ཆུན་བཅོལ་རྒྱབ་རླུང་ཡིད་ཀྱི་ཐེན་ཨ་ཧི་ཞེས་སྟོད་འདྲན་བྱེད ལིང་ཁྲེ་ཆེན་འགྲེམས ཨུར་མོ་ཁ་ཡན་ཐེམ་བུ་ཡིན རླུང་ཕྱིར་བུས་འོག་སྒོ་གཉིས་མཉམ་པར་ཆུན་བཙལ་བར་རླུང་ཐད་ཀར་རྒྱངས་པ་དང་རིག་པ་ཆངས་བུག་ལ་གཏོད། གནས་པུས་

(༥༥༧)འུྃ མོ་རོང་བྱས་ལ ཐལ་མོ་སྦྱོར་ཞིང་རྐང་པ་དང་ལག་པའི་ཚིགས་ནད་སེལ། འགྲེ་ལྡོག་བྱ འབེབས་ཆེན། བཅུ་བདུན་རྨ་བྱ་བྱ་རྨྱང་ནི བགྲམ་ཆེན་བུམ་པའི་ཐེམ་བུ་ཡིན རླུང་ནང་དུ་རྡུབས་ཏེ་འོག་ཏུ་མནན། ཐད་ཀར་རྒྱངས་པས་ལུས་ཀྱི་སྨད་ཐམས་ཅད་ཁྱབ་པར་བྱ། ཁ་སྦུབ་གྲུ་མོ་བྲང་ལ་གཏད ལག་མཐིལ་སར་བགྲད། རོ་སྟོད་དང་དོན་ལྔའི་ནད་སེལ། རྐང་པ་རྨྱང་ བགྲང་ཆུང་ བཅོ་བརྒྱད་ཤང་ཤང་གཤོག་འགྱུར་ནི རྡོ་རྗེ་རྒྱ་རླུང་ནང་དུ་བཞག་ནས་ཕྱོགས་མཉམ་པར་ཆུན་བཅལ། གྲམ་ཐེམ་བུ་ཡིན རྐང་གཉིས་ལག་པའི་གྲུ་མོའི་ཁུད རེ་མོས་བླང་ཞིང་ལག་ཅིག་ཤོས བརྐྱང་བསྐུམས་གཤོག་འགྱུར་བསྐོར་བའི་ཚུལ རྐང་པའི་ཉ་ཤ་དང་དཔུང་པའི་ནད་སེལ རིགས་ལྔའི་དམ་ཚིག་འཁྲུལ་འཁོར་རྒྱ རྡོར། བཅུ་དགུ་དབུ་མ་འཛུགས་བསྐོར་འཐེན འཁོར་ལོ་ཁ་སྦྱོར་ཐེམ་བུ་ཡིན མཁལ་མཁའ་སྦྱར་ནས་རླུང་དབུ་མར་འཛུད སྒུར་བགྲད། ཉི་ཤུ་ཛ་ལན་དྷ་ར་ནི རྐང་པ་བུས་སྟེང་རེ་མོས་བཞག བརླ་དང་སྒྱིད་ཁུང་སྟེང་

(༥༥༨)འོག་ནས ལག་གཉིས་ཐལ་སྦྱར་རོ་སྨད་ཐམས་ཅད་ཀྱི་ནད་སལ། མགོ་བོ་བསྐོར བགྲད། གེགས་སེལ་རྡོ་རྗེ་དཔའ་རླབས་ནི བྲབ་གཞི་ལ་ཞག་འཕེན་གླིང་བཞི་སྡུད ཀུན་ལ་ལུས་དང་ཡན་ལག་དང་ ཉིང་ལག་སོ་སོའི་ཆ་ཆ་ནས སྒྲིམ་དང་ཆུ་ན་བཙལ་འཁྲུལ་འཁོར་གནད རྗེས་ལ་བསྔོ་སྨོན་རྒྱ་ཡིས་གདབ ལུས་སྒྲིབ་དག་ཅིང་ཉམས་ཆག་བསྐང་ མཁའ་འགྲོ་མཉེས་ཤིང་རྩ་མདུད་གྲོལ ཕོ་ཉའི་ལམ་མཆོག་བསམ་མི་ཁྱབ རྡོ་རྗེ་ལུས་ཀྱི་བྱེད་བཅིངས་ལ ཡས་བབས་དབང་ནི་རྣམ་པ་ལྔ དེ་ལ་ལུགས་འབྱུང་ལུག་ལྡོག་གཉིས མས་བརྟན་དགའ་བ་བཅུ་དྲུག་འགྲོས འཁོར་ལོ་ལྔ་ཡི་ཞུ་བདེ་དང་ མཉམ་སྦྱོར་དབུ་མའི་རྩ་མདུད་ནི ཉི་ཤུ་རྩ་གཅིག་མ་ལུས་པ ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ མི་སློབ་ལམ་གྱི་འབྲས་བུ་རུ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད ས་མ་ཡ རྒྱ་རྒྱ་རྒྱ གཏེར་རྒྱ སྦས་རྒྱ དམ་རྒྱ ཟབ་རྒྱ འདི་ནི་སྔོན་ཆད་བུ་དཔེར་ཕབ་པ་མེད་ཀྱང་མྱུར་ལམ་ཟབ་མོ་སྙན་བརྒྱུད་འཛིན་པར་མི་

(༥༥༩)འུྃ ནུས་པར་ཕངས་ནས་བཀོད་པ་ལ་མཁའ་འགྲོ་མ་རྣམས་བཟོད་པར་མཛད་དུ་གསོལ བེམ་པོའི་རེག་བྱ་དོར་བས་བློ་ཚིམ་སྟེ། །མ་སྨིན་སེམས་ཅན་མདུན་ནས་རྩ་ལྟུང་རིན། །རྒྱབ་མདུན་ཐུར་མས་ཉོ་ཙམ་སྔགས་ལམ་མིན། །ཟབ་མོའི་ལམ་གནད་ཇི་བཞིན་རྟོགས་འདོད་རྣམས། །ཡིད་བཞིན་རིན་ཆེན་མཛོད་ཀྱི་རིམ་པའི་ཁོང་། །ཉི་ཤུ་པ་དང་དེ་ཡི་ཕྱི་མའི་གནས། །རྡོ་རྗེའི་ལམ་གྱི་ལྡེ་མིག་ཆེན་པོར་ཟུངས།། །།ཀློང་ཆེན་སྙིང་གི་ཐིག་ལེ་ལས་རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ་བཞུགས། ༈ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དང་འབྲེལ་བའི་གདན་གསུམ་ལྷའི་འཁོར་ལོ་ལ་ཕྱག་འཚལ་ལོ། །མ་བསྒོམས་སངས་རྒྱས་གཅིག་ཤོས་ལས་རྒྱའི་ལམ་གྱི་མཆོག །རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར། །སྲོག་རྩོལ་གནང་དུ་ཚུད་པས་གནས་པའི་རྩ་ཁང་བྱེ། །རླུང་དང་འཁྲུལ་འཁོར་འབྲེལ་བས་རྩ་མདུད་རང་སར་གྲོལ། །ཐེམ་བུའི་མན་

(༥༦༠)ངག་ཤེས་ན་བཀོད་པ་བྱང་སེམས་རྒྱས། །རྡོ་རྗེ་དཔའ་རླབས་ལ་བརྟེན་འབྲས་བུའི་དེ་ཉིད་མཐོང་། །གནད་ལས་གནད་དུ་གྱུར་པའི་ཐབས་ཀྱི་ལམ་མཆོག་ཡིན། །འདི་ལ་སྔོན་གྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་བླ་མའི་རྣལ་འབྱོར་སྒོམ གསོལ་བ་སྙིང་ནས་བཏབ་ལ་དབང་བཞི་བླངས་རྗེས་རླུང་བུམ་ཅན་ལ་གནད་དུ་བསྣུན་པའོ། །གཉིས་པ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དོན་གྱིས་རྩ་ཚིག་ཉི་ཤུའི་བདག་ཉིད་ཅན་ལ། །རྟེན་ལུས་ཀྱི་གེགས་སེལ་དང་། བརྟེན་པ་ཆོས་ཉིད་ཀྱི་གནད་ཁྱད་པར་ཅན་གཅིག་གིས་ལྷག་པའི་དོན་རྡོ་རྗེའི་ཚིག་གིས་བཅིངས་པ་ལྷུག་པར་དགྲོལ་བ་ལ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་གནང་བ་སྩལ་དུ་གསོལ། དང་པོ་རྡོ་རྗེ་སྐྱིལ་ཀྲུང་ནི། རྣམ་པར་སྣང་མཛད་ཀྱི་ཆོས་བདུན་ཚང་པའི་ངང་ནས་རྡོ་རྗེ་ཁུ་ཚུར་གཉིས་པུས་མོའི་སྟེང་དུ་བཞག་པའི་འཆུན་བཙལ་ཐོག །ཁུ་ཚུར་བརླ་སྟེང་ནས་སྟ་ཟུར་སོ་སོའི་ཕྱོགས་འཁྲད་པ་མཆན་ལ་

(༥༦༡)བསྐོར་ཏེ་གྲུ་མོ་བཏེག་པ་གསུམ་གྱི་མཐར། ཁུ་ཚུར་བསྐོར་རྒྱངས་དང་བཅས་གྲུ་མོ་བགྲད་སྡིགས་མཛུབ་ཕྱིར་བསྟན་བསྣོལ་བ་སྤྱི་བོར་འཇོག་པ་དང་སེ་གོལ་གཏོགས་པ་གསུམ། གཉིས་པ་བསྐུ་མཉེ་ནི་ཁུ་ཚུར་བསྐོར་རྒྱངས་དང་བཅས་ལྷག་པ་དགྱེ་བའི་གདོང་ཐད་ལས་མི་དམའ་བར་ཐལ་མོའི་རྟིང་པ་གཉིས་ཐག་སྒྲ་དང་བཅས་བསྣོལ། །གྲུ་མོ་འཆུན་བཙལ་ནས་ཨ་བ་དྲག་ཏུ་མཉེ་བ་ལས་བྱུང་བའི་དྲོད་མིག་ནས་རིམ་པར་མགོ་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པར་འཕུར། གསུམ་པ་སོར་བསྣོལ་ནི། ཁུ་ཚུར་བསྐོར་རྒྱངས་ལས་ཐག་སྒྲ་དང་བཅས་ཐལ་སྦྱར་སོར་མོ་རྣམས་བསྣོལ་བའི་རྟིང་པ་ཁ་ཕྱེ་ནས་གྲུ་མོ་གཉིས་རྒྱངས། ཨ་ཞེས་ཐལ་སྦྱར་བྲང་ལ་བརྡབ། ཀ་ཞེས་དེ་ཉིད་ཁ་ཕྱིར་བསྟན་ཐད་ཀར་རྒྱངས། ཙ་ཞེས་ནང་བསྟན། དུ་རྒྱངས། ཊ་ཞེས་བྲང་ལ་བརྡབ། ཧ་ཞེས་ཁ་ཕྱིར་བསྟན་དུ་རྒྱངས། བཞེས་ནང་བསྟན་དུ་རྒྱངས། ཡ་ཞེས་བྲང་ལ་བརྡབ། ཤ་ཞེས་ཕྱིར་བསྟན་

(༥༦༢)དུ་རྒྱངས། ཨ་ཧཾ་ཞེས་ནང་བསྟན་དུ་རྒྱངས། ཨ་ཀ་ཙ་ཊ་ཧ་པ་ཡ་ཤ་ཨ་ཧཾ། བཞི་པ་དཔུང་གཅུས་ནི། ཁུ་ཚུར་སྐོར་རྒྱངས་པུས་མོ་སོ་སོའི་སྟེང་དུ་སྒྲེང་ནས་དཔུང་པ་གཟེངས་བསྟོད་པ་པུས་མོ་གོ་ལྡོག་གི་སྟེང་རྨྱང་པ་ལན་གསུམ་རེའི་མཐར་ཁུ་ཚུར་སྐོར་རྒྱངས་རྩ་འདར་ཐོན་པ་གསུམ་དང་། མགྲིན་པ་ཁྲུང་ཁྲུང་ལྟར་སྒྲེང་བསྒུར་སྟབས་རྩ་འདར་ཐོན་པ་གསུམ། ལྔ་པ་བྱ་དཔུང་ནི། ཁུ་ཚུར་སྐོར་རྒྱངས་ལས་སྙིང་ཁར་རྒྱབ་སྤྲོད་བྱས་པ་ཕྱི་རོལ་ཏུ་རྡོ་འཕེན་པ་ལྟར་ཤེད་བསྐྱེད་པས་ནམ་མཁའ་ལ་འཕུར་སྟངས་ལན་གསུམ་གྱི་རྗེས་འཕོངས་མཐོ་གང་ཙམ་བཏེག་པའི་འབེབ་ཆུང་གསུམ་གྱི་རྗེས་མར་འབའ་ཧ་ཧ་ཞེས་དཀྲུགས། དྲུག་པ་དབུང་བསྣོལ་ནི། ལངས་ཏེ་ལུས་བསྲང་། ཁུ་ཚུར་བསྐོར་རྒྱངས་ལས་ཐལ་མོ་གཡོན་པས་དཔུང་པ་གཡས་ལ་དགབ། གཡས་པས་གཡོན་ལ་དགབ། གྲུ་མོ་རྒྱངས། ལུས་བྱིང་པོ་གཡས་གཅུས་གཡོན་བཅུས་རྒྱབ་ལོགས་མཐོང་མཐོང་ཤེད་ཀྱིས་གཅུད་པ་ལན་གསུམ་རེའི་མཐར་ཧཱུྃ་ཀཱ་རའི་རྒྱ་

(༥༦༣)གཡས་པའི་རྟིང་པ་ས་ལ་བཙུགས་ནས་པུས་མོ་བསྲང་། གཡོན་པ་བསྐུམ་སྟབས་སུ་ས་ལ་བཞག་པའི་དོར་སྟབས་ཕྱོགས་ཀྱི་ཁུ་ཚུར་སྐོར་རྒྱངས་ལས་སྡིགས་མཛུབ་དང་བཅས་པའི་ལྟ་སྟངས་ནམ་མཁའ་ལ་ཤེད་ཀྱིས་སྒྲེང་། བསྐུམ་ཕྱོགས་ཀྱི་གྲུ་མོ་རྒྱངས་པའི་སྡིགས་མཛུབ་དཀུ་ལ་མ་རེག་ཙམ་པ་གཡས་གཡོན་དུ་གསུམ་རེའི་མཐར། ཁུ་ཚུར་གཟེངས་བསྟོད་པ་དང་བཅས་ཟུང་ཟད་འཕར་སྟངས་ལས་རྐང་པ་བགྲད་ཆུང་ཐོག་བགྲད་འབེབ་ལན་གསུམ། བདུན་པ་བྲང་འཐེན་ནི། ཁུ་ཚུར་གྱེན་བསྟན་ཐུར་ལ་ཤེད་ཀྱིས་སྦུབ་པ་དང་བ་ཅས་སྒུར་ཏེ། རྐང་པ་གཤིབས་པའི་བྲང་ས་སོ་སོ་ནས་ཤེད་བསྐྱེད་པའི་འཐེན་སྟངས་མཆན་རྡེབ་དང་བཅས་ལུས་བསྲང་། དཔུང་མགོ་སོ་སོའི་ཐད་ཀྱི་ནམ་མཁའ་ཁུ་ཚུར་གྱིས་བརྟེལ་བ་ལྟར་སྒྲེང་བ་གསུམ་གྱི་མཐར། འཇམ་དཔལ་བཤེས་གཉེན་གྱི་རྒྱ་ཁུ་ཚུར་བསྐོར་རྒྱངས་ལས་རྐང་པ་གཡས་བཏེག་པའི་སྟངས་སྟབས་དང་

(༥༦༤)བསྟུན་སྡིགས་མཛུབ་དང་བཅས་པའི་ལྟ་སྟངས་ནམ་མཁའ་ལ་སྒྲེང་ཞིང་། བསྐུམ་ཕྱོགས་ཀྱི་གྲུ་མོ་རྒྱངས་པའི་སྡིགས་མཛུབ་སྤྱི་བོར་འཇོག །དེ་འདྲ་ཇི་ལྟ་བ་གཡོན་ཕྱོགས་དང་སྤེལ་བ་གསུམ་རེའི་མཐར། སྒུར་སྟངས་ཀྱི་རྐང་པའི་བྲང་ས་ནས་སྔ་མ་ལྟར་གྱེན་དུ་འཐེན་པའི་མོད་ལ་འབེབ་པའི་སྒུར་འབེབ་གསུམ། བརྒྱད་པ་གཞུ་འགེངས་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་སྔོན་འགྲོས་གཞུ་རྒྱུད་ཤིན་ཏུ་སྲ་བའི་འཐེན་སྟངས་མཐར་མཆན་རྡེབ་དང་། མདའ་ཕྱོགས་ཡང་རྒྱངས་ཐོག་འཐེན་སྟངས་སྔ་མ་ལྟར་བྱ་བ་གསུམ་དང་། གཡོན་ཕྱོགས་ལའང་དེ་བཞིན་ལན་གསུམ་སོང་ནས། ནཱ་ག་རྫུ་ནའི་རྒྱ་གྲུ་མོ་གཉིས་བགྲད་པའི་རྟ་རྒྱ་སྤྱི་བོར་བཞག་ནས་རོ་སྟོད་དཀྲུགས་པ་དང་སྦྲགས་འཚེར་སྐད་ཐོན་པའི་ཧི་སྒྲ་དབུགས་ཐེངས་གཅིག་ལ་བསྟུད་པ་གསུམ་གྱི་མཐར། ཁུ་ཚུར་བསྐོར་རྒྱངས་དང་བཅས་སྔར་བཞིན་འབེབས་ཆེན་གསུམ། དགུ་པ་རི་འཕུལ་ནི། སྐྱིལ་ཀྲུང་ལས་ཁུ་ཚུར་གདོང་རྒྱངས་ཐོག་ལག་ངར་གཉིས་ཀྱི་མདུན་

(༥༦༥)རི་འཕུལ་བ་ལྟ་བུའི་ཤེས་བསྐྱེད་ལན་གསུམ་དང་། བྲ་ལྷ་ཧ་སྟིའི་རྒྱ། གྲུ་མོ་རྒྱངས་བའི་ཐལ་མོ་ཆུ་སྲིན་རྣམ་རོལ་གྱི་ཆོས་འབྱུང་ནང་ཧ་སྒྲ་གསུམ་བསྟུད། དཔུགས་ཐེངས་གཅིག་ཏུ་དྲག་ལ་བཅད་ཐོན་པ་གསུམ་གྱི་མཐར་བར་འབེབས་ལན་གསུམ། བཅུ་པ་དགྱེ་དགུ་ནི། ལངས་ཏེ་ཁུ་ཚུར་སླུ་བ་རྒྱངས་ཐག་རྐང་པས་བྲངས་སོ་སོ་ནས་འཐེན་སྟངས་མཆན་རྡེབ་དྲང་བཅས་ཁུ་ཚུར་གཉིས་རྒྱབ་ཏུ་སྒྲིང་ཞིང་། སྐེད་སྐབས་བཅག་པ་བཞིན་དུ་དགྱེ་བ་དང་དགུ་བ་སྤེལ་བ་གསུམ་གྱི་རྗེས། དྷ་ན་ས་སྐྲྀའི་རྒྱ། རྐང་པ་གཡས་གོམ་སྟབས་སུ་དོར་བའི་རྟིང་པ་ས་ལ་བཙུགས་ནས་རོ་སྨད་གཅུད། ལག་གཡས་གཟེངས་བསྟོད་དེ་ཐོང་རྔ་ཁྲོལ་ཚུལ་གྱི་ཕྱོགས་ལ་རོ་སྟོད་ཀྱང་གཅུ་ཞིང་། ལག་པ་ཅིག་ཤོས་ཀྱི་སྡིགས་མཛུབ་ཐུར་བསྟན་སྟ་ཟུར་དུ་ཤེད་ཀྱིས་བརྒྱད་པ་དང་། དེ་བཞིན་དུ་གཡོན་གྱིས་བྱ་བའང་སྤེལ་བ་གསུམ་རེའི་མཐར། སྒུར་འབེབས་གསུམ། བཅུ་གཅིག་པ་རྡོ་རྗེའི་འདུག་སྟངས་ནི།

(༥༦༦)ལངས་ཏེ་ཁུ་ཚུར་སྐོར་རྒྱངས་ཐོག་ལུས་དྲང་པོར་བསྲང་། རྐང་པའི་པུས་མོ་གཉིས་བགྲད་ཅིང་རྟིང་པ་གཉིས་མ་རེག་ཙམ་ནས་སྤོ་དང་སོར་མོ་ས་ལ་བཙུགས། ཐལ་མོ་ནང་བསྟན་ལས་ཁུ་ཚུར་གྱི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ། མཛུབ་མོ་གཉིས་རྩེ་སྤྲད་པ་ཐུར་ཏུ་བསྟན་ནས་སྤྱི་གཙུག་ས་ལ་རེག །གྲུ་མོ་གཉིས་ཐད་ཀར་རྒྱངས། སྣ་རྩེར་སློབ་དཔོན་བི་མ་ལའི་ཆོས་ཀྱི་ཕྱག་རྒྱ་ཨ་དཀར་པོ་ཆུ་ཤེལ་ལྟར་འཚེར་བ་ལ་རིག་པ་གཏད་ནས། དབུགས་ཐེངས་གཅིག་ལ་ཨ་ལྔ་ཚར་བརྗོད་པ་དང་མཉམ་དུ་སྐེད་པ་ཉེག་ཉེག་ལན་གསུམ་གྱི་མཐར། ཁུ་ཚུར་གདོང་རྒྱངས་དང་རྐང་པ་བགྲད་ཆུང་ཐོག །རྐང་ལག་སོ་སོར་ཐད་ཀར་བསྣོལ་བའི་གཅུས་འབེབས་གསུམ། བཅུ་གཉིས་པ་ལག་བསྣོལ་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ཐོག་སྡིགས་མཛུབ་ཕྱིར་བསྟན་གྱི་འཁྲིག་མ་བསྣོལ་བ་སྤྱི་བོར་བཞག་ནས་གྲུ་མོ་རྒྱངས་བའི་དེ་མ་ཐག །ཤཱནྟིང་གརྦྷའི་རྒྱ། ཐལ་མོ་རྒྱབ་སྤྲོད་ཀྱི་སོར་མོ་རྣམས་ཤེད་ཀྱིས་ཕྲལ་ཏེ་སོ་སོར་རྩེ་སྤྲད་པའི་འཁོར་ལོའི་

(༥༦༧)རྐྱ་སྤེལ་བ་ལན་གསུམ་གྱི་མཐར་བགྲད་འབེབ་གསུམ། བཅུ་གསུམ་པ་མེ་རླུང་ཁ་སྦྱོར་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ལས་ཅུང་ཟད་སྒུར་ཏེ་ཧཱུྃ་ཞེས་ཐུར་སེལ་ལྟེ་འོག་ཏུ་མནན། གུ་ཧྱ་ཙཎྜའི་རྒྱ། ལག་གཉིས་སྡིགས་མཛུབ་རྒྱབ་སྤྲོད་ལས་བརྐྱང་བ་བཞི་པོ་ལུག་རྒྱུད་དུ་སྤྲེལ་བ་ས་ལ་རེག་ནས། ལག་ངར་སྒྲེང་ཞིང་དགྱེ་བ་དང་མཉམ་དུ་སྟོང་འདྲེན་བྱེད་ཅིང་མིག་གྱེན་དུ་སྒྲིལ་ནས་ལུས་བསྲང་། མི་ཐུབ་པ་དང་ཡང་ཧུ་ཞེས་སྔ་མ་ཇི་ལྟ་བའི་འདྲེན་དང་བཅས་དགྱེ་དགུ་སྤལ་བ་གསུམ་གྱི་རྗེས་བགྲད་འབེབས་གསུམ། ས་བཅད་གཉིས་པོ་གོ་ལྡོག་པ་འདི་ཞལ་ཤེས་ཡིན་ཀྱང་མོས་པས་སྤྱོད་པ་རྣམས་ལ་མ་ངེས་སོ བཅུ་བཞི་པ་གླང་ཆེན་ཧུ་འདྲེན་ནི། །ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ཐོག་རླུང་གནད་ཡིག་ཆུང་བཞིན་ལ། ཁུ་ཚུར་གཉིས་སྟ་ཟུར་དུ་ཤད་དེ་བརྐྱང་ནས་ཐིལ་བཞི་ས་ལ་བཙུགས། ཧུ་ཞེས་རིང་པོ་དྲངས་པའི་ཡིད་ཀྱིས་སྟོང་འདྲེན་ཐོག་མགོ་ཅོག་ལན་གསུམ་གྱི་རྗེས་ལ་སྒུར་འབེབས་

(༥༦༨)གསུམ། བཅོ་ལྔ་པ་སེང་གེ་རལ་ངོམས་ནི། བསྡད་བཞིན་པ་ལས་རྐང་པའི་རྟིང་པ་གཉིས་ས་ལ་བཙུགས། པུས་མོ་བགྲད་སྟབས་རོང་ངེར་བྱས་པའི་ནང་དུ་ཁུ་ཚུར་ལྷོད་ཆ་ཅན་གྱི་འཁྲིག་མ་གཉིས་ས་ལ་བཞག །རོ་སྟོད་གཟེངས་བསྟོད་པས་གདོང་ལྔའི་ཐ་སྙད་ཚང་། ཨ་ཧཾ་ཞེས་རླུང་གནད་ངེས་པར་བྱས་ནས་མགོ་རྩལ་མཇིང་པ་ལ་བསྐུར་བ་དལ་བུས་སྐོར་རྗེས་རལ་པ་གསིག་པའི་ཚུལ་གྱིས་རྒྱབ་ལོགས་སུ་བལྟ་རེས་ལན་གསུམ་རེའི་རྗེས་སྒུར་འབེབས་གསུམ། བཅུ་དྲུག་པ་གྱི་ལིང་ཁྲོ་འགྲིམས་ནི། བ་སྡད་བཞིན་པ་ལས་གན་རྒྱལ་ལོག་པའི་གྲུ་མོ་བགྲད་པའི་ཐལ་མོ་སྙིང་གར་སྦྱར། པུས་མོ་རོང་ངེར་བྱས། འོག་སྒེག་གཉིས་ཁ་ཡན་དུ་བཞག་ནས་འགྲོ་ལྡོག་ལན་གསུམ་དང་། དེ་མ་ཐག་མཐིལ་བཞི་ས་ལ་བཙུགས་ནས་སྒུར་བའི་ཧ་དཀྲུགས་དང་སྒྲགས་གཞི་དཀྲུགས་ལན་གསུམ་གྱི་རྗེས། ཧར་གྱིས་ལངས་ཁུ་ཚུར་བསྐོར་རྒྱངས་ཐོག་འབེབས་ཆེན་གསུམ། བཅུ་བདུན་པ་རྨ་བྱ་བྱ་རྨྱང་ནི། འབེབས་སྟན་ཁར་ཆུ་ལ་རྐྱལ་བ་ལྟར་ཁུ་ཚུར་

(༥༦༩)ནང་བསྐོར་གྱི་གྲུ་མོ་གཉིས་བྲང་འོག་ཏུ་བཞག་པའི་ལག་མཐིལ་ས་ལ་སྦྱར། རྐང་པ་གཉིས་ཤད་དེ་རྨྱང་། ཨོལ་ཀོ་བཏེག་སྟེ་མཇིང་པ་སྒྲེང་པ་ནས་བཟུང་ལུས་དང་ཡན་ལག་ཉིད་ལག་ཐམས་ཅད་ཀྱི་ཆ་ནས་འཆུན་བཙལ་ཏེ་རྨྱང་བ་གསུམ་དང་། ཡང་ཁུ་ཚུར་བསྐོར་བཞིན་དུ་རྒྱབ་ལོགས་ཀྱི་དབྱི་མགོའི་ཤ་བོ་ཆེར་སྦྱར། འཇིང་པ་སྒྲེང་ནས་ལུས་ཐམས་ཅད་ལ་འཆུན་བཙལ་བ་གསུམ་གྱི་རྗེས། རྐང་པ་བགྲད་ཆུང་གི་འབེབས་གསུམ། བཅོ་བརྒྱད་པ་ཤང་ཤང་གཤོག་འགྱུར་ནི། ལངས་ཏེ་ཁུ་ཚུར་སྐོར་རྒྱངས་ཐོག་རྐང་པ་གཡས་པའི་བྲང་ས་ནས་ལག་པ་གཡོན་པའི་འཁྲིག་མའི་རྒྱབ་ཀྱིས་བཏོག །སྐེད་པ་བསྲང་གང་ཐུབ་ཐོག་གཡས་པའི་ཁུ་ཚུར་གྱིས་གཡོན་པའི་གྲུ་མོའི་ཐད་ནས་དཔུང་པ་དང་ལག་ངར་སྒྲེང་བཞིན་པའི་འཆུན་གྱིས་རོ་སྟོད་རྒྱབ་ལ་གཅུས་འཆུས་ནེ་ཙོའི་གཤོག་འགྱུར་བཞིན་སྐོར་བ་གསུམ་དང་དེ་བཞིན་རྐང་ལག་གོ་ལྡོག་པ་གསུམ་གྱི་རྗེས་ཁུ་ཚུར་བསྐོར་རྒྱངས་

(༥༧༠)ཐོག་རྐང་པ་གཡོན་ཕྱོགས་ཀྱི་སྐྱིལ་སྟངས་སྔོན་ལ་འགྲོ་བའི་རྡོར་འབེབས་གསུམ། བཅུ་དགུ་པ་དབུ་མ་འཛུགས་སྐོར་ནི། ལངས་འདུག་གི་ཕྱོགས་གཉིས་གང་བ་དེ་ལས་།།།ལ་མ་གཉིས་ཁ་སྦྱར་དབུ་མ་ཇེ་ཕྲར་བསླབ་པ་གསུམ་གྱི་མཐར། གཡས་གཡོན་དུ་གཅུས་བསྐེར་དང་གྱེན་འཐེན་སྤེལ་བ་གསུམ་རེའི་རྗེས། སྒུར་འབེབས་གསུམ་དང་བགྲད་འབེབས་གསུམ། ཉི་ཤུ་འཛ་ཡནྡྷ་ར་ནི། ཁུ་ཚུར་བསྐོར་རྒྱངས་ཐོག །རྐང་མཐིལ་གཡས་པ་པུས་མོ་གཡོན་པའི་སྟེང་དུ་སྦྱར། ལག་པ་གཉིས་སྒྱིད་ཁུང་གི་སྟེང་འོག་ནས་འཁྱུད་དེ་ཐལ་མོ་ཐག་སྒྲ་དང་བཅས་སྦྱར། རོ་སྟོད་ཅུང་ཟད་བསྲང་སྟེ་མགོ་བོ་གཡོན་བསྐོར་གསུམ་གྱི་ཚེ་དམིགས་པ་སྤྱི་བོའི་ཧཾ་ལ་གཏོད། དེ་བཞིན་ཏུ་རྐང་ལག་མགོ་གསུམ་གོ་ལྡོག་ལན་གསུམ་གྱི་མཐར་བགྲད་འབེབས་གསུམ། ཉེར་གཅིག་པ་ལ་གགས་སེལ་དང་། རྡོ་རྗེ་དཔའ་རླབས་གཉིས་ལས། དང་པོ་ལ་དོན་བཞིའི་བྲབ་པ་ནི། བསྡད་བཞིན་པ་ལས་ཁུ་ཚུར་གདོང་རྒྱངས་དང་བཅས་གན་རྐྱལ་དུ་བྱས་ལ་རྐང་ལག་ཤད་དེ་

(༥༧༡)བརྐྱང་། བྲབ་པ་ནི། ཐལ་ལྕག་གིས་དཔུང་བ་གཡས་གཡོན་ནུ་མ་གཉིས། མཆན་ཁུང་གཉིས། མཁལ་ཁུང་གཉིས་སུ་བྲབས། གཞིལ་བ་ནི། མཆན་རྡེབ་དང་བཅས་ཁུ་ཚུར་གཉིས་སྟ་ཟུར་དུ་ཤད་པ་གསུམ། དེ་བཞིན་དུ་རྐང་མཐིལ་གཉིས་ཀྱིས་བླ་སྟེང་དུ་བྲབ་ཅིང་། པུས་སྟེང་ནས་ངར་བའི་གཞུང་ལ་བྱུག་པ་ལྟར་ཤད་ནས་གཞིལ། ཞགས་འཕེན་ནི། ཉལ་བཞིན་པ་ལས་རྐང་ལག་གཡས་པ་གཉིས་འཕེན་སྡུད་དྲག་པོ་ལན་གསུམ་དང་དེ་བཞིན་གཡོན་པ་གསུམ་བརྗེ་སྟེ། གང་གི་ཚེ་ཡང་ལག་པ་ཅིག་ཤོས་ཞགས་སྡོགས་ཀྱི་ཚུལ་དང་། གླེང་བཞི་སྡུད་པ་ནི། རྐང་ལག་ཐམས་ཅད་ནམ་མཁའ་ལ་སྒྲེང་བའི་ཤུགས་ཀྱིས་འཕངས་སྟངས་ལན་གསུམ་གྱི་རྗེས་སྐྱིལ་ཀྲུང་དད་བཅས་འབའ་དཀྲུགས་གསུམ་གྱིས་རྫོགས་པའོ། །རྣམ་འགྱུར་མང་ཡང་འཆུན་དང་མི་ལྡན་ན། །འབོལ་སྟན་སྟེང་དུ་བྱ་མཁན་དྲངས་པ་དངོས། །དག་སྦྱོར་མེད་པའི་དུད་འགྲོའི་ལུས་འགྱུར་ཡང་། །ངན་འགྲོའི་ལམ་

(༥༧༢)ལ་རྟེན་འབྲེལ་སྒྲིག་པ་བཞིན། །དེ་ཕྱིར་རྟེན་འབྱུང་བྱེད་ལས་འབྲས་གསུམ་ཀའི། །དོན་ལ་རྟོན་ཅིང་སྟོང་པ་གཞིའི་འོད་གསལ། །ཉམས་སུ་མྱོང་བ་རྡོ་རྗེ་ཐེག་པའི་ལམ། །ཡིན་པར་ངེས་ཤེས་སྐྱེས་པ་ཙམ་བྱུང་ཡང་། །སྔགས་ཀྱི་གཟུགས་བརྙན་ཡོད་སྙམ་དགའ་བ་སྐྱེས། །དེ་ཡང་རྟེན་ཅིང་འབྲེལ་འབྱུང་གི་སྒོ་ནས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རྩ་ཕྲན་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་སྟབས་གཅིག་ཏུ་འཆིང་། སྐུ་མཉེས་བདེ་དྲོད་འབར། །སོར་བསྣོལ་གྱིས་རྩ་ཁམས་ཡི་གེར་སྦྱོར། །དཔུང་པའི་སྟངས་གཉིས་ཀྱིས་རླུང་ལོག་རང་མལ་དུ་གསོད། །རིག་འཛིན་གྱི་སྟང་སྟབས་བརྒྱད་ཀྱིས་དངོས་ཞེན་ལྷ་སྐུར་གསལ། དམ་ཚིག་འཁྲུལ་འཁོར་ལྔས་རིགས་ལྔའི་དངོས་གྲུབ་ཐོབ། །དབུ་མ་འཛུགས་བསྐོར་གྱིས་རྩ་ཕྲན་ཐམས་ཅད་ཀུན་དམར་སྡུད། ཛ་ལན་དྷ་རས་རླུང་ཐམས་ཅད་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོར་འཆིང་། བྱེད་ལས་ཀྱི་སྒོ་ནས་རླུང་གིས་རྩ་ཁ་འབྱེད། འཁྲུལ་འཁོར་གྱིས་རྩ་མདུད་གྲོལ། ཐེམ་བུས་ཐིག་ལེ་རི་གེགས་སེལ་བའི་

(༥༧༣)ཕྱིར་རླུང་དང་འཁྲུལ་འཁོར་ཡ་མ་བྲལ་བ། དེ་ཡང་ལུས་བསྲང་བ་དང་། གཅུད་པ་དང་། དགྱེ་དགུ་དང་། ཡན་ལག་བརྐྱང་བསྐུམས་དང་། སྡིགས་མཛུབ་ལ་སོགས་པ་གང་གི་ཐད་དུའང་དབྱིག་པས་སྲད་བུ་གཅུད་པ་ལྟར་སོར་ཆིགས་ཡན་ཆད་ལ་འཆུན་འཐོན་བར་ཆ་ཆ་ནས་སྒྲིམས་ཤིང་། གཅུ་བ་དང་། གཅུད་པ་མ་ནོར་བ་། ལུས་སྤྲུགས་དང་རྩ་འདར་མ་ནོར་བ། ལྟ་སྟངས་དང་སྟང་སྟབས་མ་ནོར་བ། ཁུ་ཚུར་དང་སྡིགས་མཛུབ་མོ་ནོར་བ། བྲབ་པ་དང་གཞིལ་བ་མ་ནོར་བ་གནད་ཡིན་ལ། འབྲས་བུའི་སྒོ་ནས་བརྗོད་ན། རྩ་རླུང་ཐིག་ལེ་ལས་སུ་རུང་བས་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་ཡོན་ཏན་ལས་རྩ་མདུད་ཉི་ཤུ་རྩ་གཅིག་པོ་གྲོལ་ཞིང་། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་པས་ས་ལམ་གྱི་ཡོན་ཏན་རྗེས་དཔག་ལ་མ་ལྟོས་པར་བཙན་ཐབས་སུ་བགྲོད་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱེད་པའི་ཕྱིར་ཐབས་ཀྱི་ལམ་ཞེས་བྱའོ། །གཉིས་པ་རྡོ་རྗེ་དཔའ་རླབས་ནི། ཆོས་ཉིད་ཀྱི་གནས་ལུགས་རླུང་

(༥༧༤)སེམས་ཀྱིས་བསླད་པ་དང་བྲལ་བར་མངོན་སུམ་དུ་མཐོང་བའི་མན་ངག་ཡིན་ཏེ། ཐལ་འགྱུར་ལས། ལྟེམས་པས་འགགས་ལ་བཙིར་བས་འཆིང་། མནན་པས་གནད་ལ་གཅུད་བས་གསལ། །ཞེས་པའི་དོན་བར་རླུང་བུམ་པ་ཅན་དང་སྦྲགས་རིག་པ་ཆོས་ཉིད་གྱི་དོན་ལ་བཞག་ཅིང་། དཔའ་རླབས་ཀྱི་མན་ངག་བཞི་པོ་བླ་མའི་ཞལ་ལས་ཤེས་པར་བྱས་ནས། རླུང་སེམས་འདུ་ཚུལ་བཞི་ལས། དུ་བ་དང་སྨིག་རྒྱུ་ལ་སོགས་པའི་རྟགས་སྣང་ཕྲ་མོ་དང་བཅས་རྣམ་ཤེས་སྣང་བ་ལ་ཐིམ་ནས་ཡུལ་ལྔའི་རྟོགས་པ་འགགས་པའི་མཚོན་དཔེ་ནི་སྟིན་ཀའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའོ། །དེའི་ཚེ་འཆིང་བའི་ཐབས་ཀྱིས་སྣང་བ་མཆེད་པར་ཐིམ་བས་ཡུལ་ཕྲ་བའི་རྟོག་པའང་འགགས་པའི་མཚོན་དཔེ་ནི་སྟོན་གནམ་རྙོག་བྲལ་ལ་ཉི་གཞོན་ཤར་བ་ལྟ་བུའོ། །དེ་ལ་གནས་པའི་ཐབས་ཀྱིས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཤིན་ཏུ་ཕྲ་བའང་འགགས་པའི་མཚོན་དཔེ་སྟོན་གྱི་ནམ་མཁའ་གཡའ་དག་པ་མཚམས་ཀྱི་སྨག་གིས་སློངས་པ་ལྟ་བུ་ནག་ལམ་པའི་སྣང་བ་དང་བཅས་ཏེ་

(༥༧༥)དྲན་བ་ཉམས། དེ་ཉིད་གཅུང་པའི་ཐབས་ཀྱིས་ཉེར་ཐོབ་འོད་གསལ་ལ་ཐིམ་བས་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་རང་གསལ་བའི་མཚོན་དཔེ་ནི་སྟོན་གནམ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ཐོ་རངས་ཀྱི་ཐུན་དང་བ་ལྟ་བུ་སྟེ། རིམ་བཞིན་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པའང་ཟེར། རབ་ཏུ་སྟོང་པ་ཞེས་བྱ་སྟེ་ཕྱི་མ་ནི་གཞི་གནས་ཀྱི་ཡེ་ཤེས་འཆི་བ་འོད་གསལ་གྱི་ངོ་བོ་ཉིད་ཡིན་པས་དེ་ཉིད་དཔའ་རླབས་ཀྱི་རྐྱེན་གྱིས་གསལ་བར་བྱས་པའམ། བདེ་སྟོང་གིས་དྲངས་བའི་ལྷན་སྐྱེས་གང་ཡིན་ཡང་འདྲ་སྟེ་གཏིང་གསལ་གཞོན་ནུ་བུམ་པའི་དཔེའི་ཡེ་ཤེས་ཀྱི་ངང་དུ་བཅོས་སླད་མེད་པར་མཉམ་པར་འཇོག་པ་ལ་ཡུན་རིང་དུ་གོམས་པ་དེ་ཉིད་སང་དུས་ཀྱི་ཆོས་སྐུའི་བསྲེ་བ་དང་མཚམས་སྦྱར་བ་ནི་གནད་དམ་པའོ། །འདི་ནི་རྟོགས་པ་ལ་མྱོང་བ་ཅུང་ཟད་ཐོན་པའི་གང་ཟག་རྣམས་ཀྱིས་ཉམས་སུ་བླང་བྱ་ལས། ལས་དང་པོ་པའི་གང་ཟག་ལ་བསྟན་

(༥༧༦)བྱ་མ་ཡིན་པས། གེགས་སེལ་གྱི་མཇུག་དུ་འཇམ་རླུང་ཡུན་རིང་དུ་བཟུང་ནས་རྣམ་པར་མི་རྟོག་པའི་གཏུམ་མོ་ལ་འདྲེས་པར་བྱ་བ་ནི་ཀུན་ལ་གཅེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་བསྔོ་བ་སྨོན་ལམ་སྤྱི་དང་ཁྱད་པར་ཉོན་མོངས་རླུང་སེམས་འཁོར་བའི་རང་བཞིན་ནི། །ཞེས་པའི་ཤོླ་ཀ་གཅིག་པུ་གང་མང་འདོན་པར་བྱའོ། །ཞེས་པའང་ལྷོ་རྒྱུད་དུ་བསྟན་པའི་བ་དན་འཛིན་པའི་བུ་ཨ་བྷཱ་ཡའི་ངོར་མཁའ་འགྲོའི་གསང་མཛོད་ཀྱི་བདག་པོ་རང་བྱུང་རྡོ་རྗེས་སོ།། །། ༈ དབྱིངས་ཀྱི་མཁའ་ལ་ཐུགས་རྗེའི་འོད་དྭྭ་ཅན། །མཚན་དཔེའི་སྣང་བརྙན་ཇི་སྙེད་གདུལ་བྱའི་མཚོར། །ཡོངས་ཤར་གཏེར་ཆེན་བླ་མའི་དགོངས་བཅུད་ལས། །ཅུང་ཟད་སྤར་དུ་བསྐྲུན་པའི་ལེགས་བྱས་མཐུས། །ཐུབ་བསྟན་སྤྱི་དང་ངེས་གསང་སྙིང་པོའི་བསྟན། །ཕྱོགས་བརྒྱར་འཕེལ་ཞིང་དེ་འཛིན་ཞབས་བརྟན་ཅིང་། །དམིགས་ཡུལ་དགེ་སློད་ཡེ་ཤེས་དར་རྒྱས་ཀྱི། །གཙོ་བྱས་འགྲོ་ཀུན་བྱང་ཆེན་མྱུར་ཐོབ་ཤོག །བཀྲ་ཤིས་

(༥༧༧)ཀློང་ཆེན་སྙིང་གི་ཐིག་ལེ་ལས། བླ་མ་ཡང་གསང་ཀྱིས་བླ་བརྒྱུད་གསོལ་འདེབས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ་བཞུགས་སོ། །ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། འཇམ་དཔལ་བཤེས་གཉེན་ཤྲཱི་སིངྷ་དང་། །ཛྙཱ་ན་སུ་ཏྲ་དྲི་མེད་བཤེས་གཉེན་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །མཚོ་སྐྱེས་རྡོ་རྗེ་རྗེ་འབངས་གྲོགས་གསུམ་དང་། །འོད་གསལ་སྙིང་པོའི་ཤིང་རྟ་ཀློང་ཆེན་པ། །དབྱེར་མེད་ཀུན་མཁྱེན་འཇིགས་བྲལ་གླིང་པ་ལ། །གསོལ་བ་འདེབས༴ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་དངོས། །དྲན་པས་གདུང་སེལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས༴ དེ་ལྟར་སྙིང་ནས་གུས་པས་གསོལ་བཏབ་མཐུས། །སྲིད་ལས་ངེས་འབྱུང་བྱང་ཆུབ་སེམས་གཉིས་འབྱོངས། །དཔལ་ལྡན་བླ་མས་རྗེས་བཟུང་གསང་ཆེན་གྱིས། །སྨིན་གྲོལ་བདུད་རྩི་ཐོབ་པར་བྱིན་གྱིས་རློབས། །ཁྱད་པར་དབེན་ཞིང་ཉམས་དགའི་རི་སུལ་དུ། །ཡང་གསང་བླ་མའི་བསྙེན་སྒྲུབ་མཐར་ཕྱིན་པས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཡེ་ཤེས་སྐུས། །མངོན་སུམ་རྗེས་སུ་བཟུང་བར་བྱིན་གྱིས་རློབས། །དོན་བརྒྱུད་དགོངས་པའི་རྩལ་ཆེན་

(༥༧༨)སྙིང་ལ་ཞུགས། །ཅིར་སྣང་བླ་མར་ཤར་བའི་བསྐྱོད་རིམ་དང་། །ཐུགས་ཡིད་གཅིག་འདྲེས་ཟང་མོའི་རྫོགས་རིམ་གྱིས། །ཆོས་ཀུན་ཟང་སར་འཁྱོལ་བར་བྱིན་གྱིས་རློབས། །སྣོད་བཅུད་ཐིག་ལེ་ཆེན་པོའི་དབྱིངས་སུ་ཐིམ། །སྣང་སྲིད་སྐུ་གསུམ་རིག་པའི་རོལ་པར་ཤར། །ནང་གསལ་ཁྱད་ཆོས་དྲུག་ལྡན་གདོད་མའི་ཀློང་། །མཐར་ཐུགས་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། །དེ་ལས་སླར་ཡང་ལྷུན་གྲུབ་ཐུགས་རྗེའི་རྩལ། །ནམ་མཁའ་ཇི་སྲིད་བར་དུ་འཆའ་བ་ཡི། །ཀུན་བཟང་རིག་འཛིན་བླ་མའི་གོ་འཕང་ཆེར། །འགྲོ་ཀུན་ཕྱམ་ཅིག་གྲོལ་བར་བྱིན་གྱིས་རློབས། །ཅེས་པའང་གྲུབ་པའི་དབྱིད་མཁྱེན་བརྩེའི་དབང་པོས་དཔལ་ལྡན་པདྨ་འོད་གླིང་དུ་གང་ཤར་གསོལ་བ་བཏབ་པའོ།།

(༥༧༩)འུྃ༔ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་བཞུགས་སོ༔

(༥༨༠)འུྃ༔ གུ་རུ་ཨ་གྲ་ཧཻ་ན་མ༔ ཡང་གསང་བླ་མའི་སྒྲུབ་པ་ནི༔ ཤིན་ཏུ་དབེན་ཞིང་ཡིད་མཐུན་པར༔ མཎྜལ་ཚོམ་བུ་ལྔ་པའི་སྟེང་༔ བྷནྡྷ་དུམ་བུ་གསུམ་པའི་ནང་༔ རིག་འཛིན་འདུས་པའི་སྲོག་འཁོར་དང་༔ སེལ་མེད་དམ་རྫས་ཨ་མྲྀ་ཏ༔ རིན་ཆེན་སྨན་དང་འབྲུ་སྣས་བཀང་༔ སྟེང་ནས་དར་དམར་ལྡིང་གུར་ཕུབ༔ མདུན་དུ་གཏོར་ཚོགས་སྤྱི་མཐུན་བཤམས༔ བདེ་བའི་སྟན་ལ་བག་ཕབ་སྟེ༔ དང་པོ་སྐྱབས་སུ་འགྲོ་བ་ནི། ཧཱུྃ ངོ་བོ་རང་བཞིན་ཐུགས་

(༥༨༡)འུྃ༔ རྗེའི་རྩལ༔ སྐུ་གསུམ་ཆེན་པོས་ལྷུན་རྫོགས་པའི༔ རང་རིག་དོན་གྱི་བླ་མ་ལ༔ འཛིན་མེད་ངང་ནས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་ནི ཧོ༔ སངས་རྒྱས་མེད་ལ་སེམས་ཅན་མེད༔ ཡིན་པ་མེད་ལ་མིན་པ་མེད༔ སོ་མ་རང་གདངས་ལྷུག་པའི་དང་༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ༔ གསུམ་པ་མཚམས་གཅོད་ནི༔ ཧྲཱི གདོད་ནས་འཁོར་འདས་གཉིས་མེད་ལ༔ བགེགས་དང་བར་ཆད་མིང་ཡང་མེད འོད་གསལ་སྒྱུ་འཕྲུལ་དྲ་

(༥༨༢)བའི་ངང་༔ རྣམ་རྟོག་བག་ཆགས་མཚམས་བཅད་དོ༔ ཛྙཱ་ན་བཛྲ་རཀྵ་ཧཱུྃ༔ བཞི་པ་བྱིན་དབབ་མཆོད་རློབས་ནི༔ ཧཱུྃ༔ སྟོང་ཉིད་དབྱིངས་ལས་ཐུགས་རྗེའི་རྩལ༔ མཁའ་ལ་འཇའ་ཚོན་ལྟ་བུར་ཤར༔ དཀྱིལ་འཁོར་མཆོད་པའི་རྫས་རྣམས་ཀུན༔ རང་གྲོལ་ཆེན་པོར་བྱིན་གྱིས་རློབས༔ ཛྙཱ་ན་བཛྲ་ས་མ་ཡ་ཕེ༚་ཕེ༚༔ ཨོཾ་ཨཱཧཱུྃ༔ ལན་གསུམ་བརྗོད་པས་མཆོད་རྫས་རློབས༔ ལྔ་པ་དཀྱིལ་འཁོར་བསྐྱེད་པ་ནི༔ ཧཱུྃ རིག་སྟོང་ཆོས་ཉིད་མངོན་སུམ་དབྱིངས༔ དྲན་རྫོགས་ཉམས་སྣང་གོང་འཕེལ་སྐུ༔ རིག་པ་ཚད་ཕེབས་དོན་གྱི་ལྷ༔ ཆོས་ཟད་མ་བཅོས་ཀློང་ཆེན་པ༔ བི་མ་ལ་ཞེས་ཀྱང་བསྒྱུར་ཆོག་པའི་རྩ་བའི་མན་ངག༔ ཞི་འཛུམ་པཎྜི་ཏ་ཡི་ཆས༔ སེམས་

(༥༨༣)འུྃ༔ ཉིད་ངལ་གསོའི་ཕྱག་རྒྱ་ཅན༔ སྣང་ལ་རང་བཞིན་མེད་པའི་ངང་༔ སྐུ་གསུམ་ཞིང་ཁམས་ཐམས་ཅད་རྫོགས༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ དུས་གསུམ་བདེ་གཤེགས་རྩ་བ་གསུམ༔ རིག་འཛིན་མཁའ་འགྲོ་རྒྱ་མཚོ་བཅས༔ མ་ལུས་སྤྱན་དྲངས་དབྱེར་མེད་བསྟིམ༔ དྲུག་པ་སྤྱན་འདྲེན་བྱ་བ་ནི༔ ཧཱུྃ༔ རྣམ་རྟོག་བྲལ་བའི་ཕོ་བྲང་ནས༔ གདོད་མའི་མགོན་པོ་གཤེགས་སུ་གསོལ༔ ཕྱོགས་ལྷུང་མེད་པའི་ཕོ་བྲང་ནས༔ དུས་གསུམ་སངས་རྒྱས་གཤེགས་སུ་གསོལ༔ འཇའ་ལུས་ཟང་ཐལ་ཕོ་བྲང་ནས༔ དཔལ་མགོན་བླ་མ་གཤེགས་སུ་

(༥༨༤)གསོལ༔ རིག་པ་སྐུ་རུ་སྨིན་པ་དང་༔ འོད་ལུས་འགྲུབ་པར་བྱིན་གྱིས་རློབས༔ མ་ཧཱ་གུ་རུ་ཛྙཱ་ན་ས་མ་ཡ་ཛཛ༔ བདུན་པ་བརྡའ་ཕྱག་འཚལ་བ་ནི༔ ཧོ ལྷ་དང་རང་སེམས་དབྱེར་མེད་དང་༔ དམ་ཡེའི་འཛིན་པ་དག་པའི་ཕྱིར༔ བསམ་བརྗོད་བྲལ་བའི་བླ་མ་ལ༔ སྤངས་བླངས་མེད་པར་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ པྲ་ཏཱིཙྪ་ཧོ༔ བརྒྱད་པ་མཆོད་པ་བྱ་བ་ནི༔ ཧོ ཚོགས་དྲུག་ཡུལ་གྱི་རྩལ་སྣང་ཀུན༔ ཕྱི་ནང་གསང་བའི་མཆོད་སྤྲིན་དུ༔ ཕུལ་བས་ཞེན་འཛིན་རྣམ་རྟོག་ཀུན༔ འོད་གསལ་ཆེན་པོར་དག་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་ ནས་ རཱུ་པ། ཤཔྟ། གནྡྷེ། ར་ས། སྤརྴེ། མ་ཧཱ་པཉྩ། རཀྟ། བ་ལིངྟ་ཁཱ་ཧི། མ་ཧཱ་སུ་ཁ་དྷརྨཱ་དྷཱ་དྡྷུ་པཱུ་ཛ་ཧོ༔ དགུ་པ་དོན་དམ་བསྟོད་པ་ནི༔ མ་བཅོས་སྤྲོས་བྲལ་འོད་གསལ་ཆོས་སྐུའི་ངང་༔ རྣམ་མང་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་རྫོགས༔ སྐུ་གསུམ་འདུ་འབྲལ་མེད་པའི་བླ་མ་ལ༔ ཀུན་རྫོབ་སྒྱུ་མ་ཙམ་དུ་བསྟོད་པར་བགྱི༔ བཅུ་པ་འཛབ་ཀྱི་དགོངས་བཟླས་ནི༔ ཐུགས་

(༥༨༥)འུྃ གར་ཐིག་ལེ་འོད་ལྔའི་ཀློང་༔ ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང་༔ མཐིང་གསལ་མཉམ་གཞག་ཕྱག་རྒྱ་ཅན༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ པདྨ་ཉི་ཟླའི་གདན་གྱི་སྟེང་༔ ཧཱུྃ་ཡིག་མཐིང་ཀའི་མཐའ་སྐོར་དུ༔ རིག་འཛིན་འདུས་པའི་སྲོག་སྔགས་ཀྱིས༔ བསྐོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ དུས་གསུམ་བདེ་གཤེགས་ཐམས་ཅད་དང་༔ ཁྱད་པར་འོད་གསལ་རྫོགས་ཆེན་གྱི༔ རིག་འཛིན་བརྒྱུད་པའི་ཐུགས་རྗེ་བསྐུལ༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགས༔ ཨོཾ་ཨཱཧཱུྃ་མ་ཧཱ་གུ་རུ་ཛྙ་ན་སིདྡྷི་ཧཱུྃ༔ རྩ་སྔགས་ཡིག་འབྲུ་བཅུ་གཉིས་པ༔ འབྲུ་འབུམ་དག་དུ་བསྙེན་པར་བྱ བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་ཡིན༔ ཉམས་དངོས་རྨི་ལམ་མ་ངེས་པར༔ འོད་ཟེར་འཕྲོས་པས་བདེ་གཤེགས་མཆོད ཞལ་མཐོང་གསུང་ཐོས་རིག་རྩལ་འབར གླེགས་བམ་ཆར་རྒྱུན་འབབ་པ་དང་ སེང་གེ་གླང་ཆེན་ཞོན་སོགས་རྨི༔ ཁྱད་པར་ཉམས་རྟོགས་རྩེལ་མེད་འཆར༔ མ་སླབ་

(༥༨༦)ཆོས་ཀྱི་གཏེར་མཛོད་རྡོལ༔ དེ་ཚེ་དངོས་གྲུབ་བླང་བར་བྱ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ ཤིན་ཏུ་ཡང་ཟབ་དགོངས་པའི་གཏེར༔ ཡང་གསང་ཐིག་ལེའི་རྒྱ་རྟགས་ཅན༔ གདོད་མའི་མགོན་པོ་ཀློང་ཆེན་པས དཔལ་གྱི་བསམ་ཡས་མཆིམས་ཕུ་རུ༔ ཁོ་བོའི་སྙིང་གི་དབུས་སུ་སྔས༔ ལོ་ལྔའི་བར་དུ་གསང་རྒྱ་བྱས༔ ད་ལྟ་དུས་ངན་སྙིགས་མའི་ཚེ༔ ཟབ་རྒྱ་སྤེལ་བའི་སྣོད་དཀོན་ཡང་༔ གདུག་པ་ཞེ་སྡང་སྦྲུལ་ཀྱི་ལོར༔ ལྭ་བ་དཀར་པོའི་ལྡིང་གུར་ནང་༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས༔ འདི་ནས་ལོ་གསུམ་འདས་པ་ན༔ །ཐུགས་ཀྱི་སྲས་མཆོག་གསུམ་ཡང་འབྱུང་༔ བཛྲ་མིང་ཅན་སྙིང་སྟོབས་ཆེ༔ ཛྙཱ་ནའི་མིང་ཅན་སྒྲུབ་པའི་གཙོ༔ རིགས་ལྔའི་མིང་འཛིན་སྙན་ངག་མཁན དེ་དག་རྣམས་ཀྱིས་ཆོས་སྒོ་འབྱེད༔ ཅེས་པའི་ལུང་བསྟན་ཇི་བཞིན་དུ༔ བརྒྱུད་འཛིན་སྙིང་གི་བུ་རྣམས་དང་༔ ཀོང་སྨྱོན་སྦས་པའི་རྣལ་འབྱོར་གྱིས༔ བསྐུལ་ངོར་ཟབ་དོན་བཀའ་རྒྱ་དཀྲོལ༔ སྨན་བཙུན་ཚེ་རིང་མཆེད་ལྔ་དང་ གཟའ་རྒོད་སྲོག་གི་སྤུ་གྲི་ཡིས༔ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱ༔ ལས་ཅན་རྣམས་ཀྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔

(༥༨༧)འུྃ༔ རང་བྱུང་རིག་པ་མངོན་གྱུར་ནས། གདོད་མའི་སངས་རྒྱས་སར་གཤེགས་པའི། །མཁྱེན་བརྩེ་འཇིགས་མེད་གླིང་པ་ལ། །འདས་རྗེས་གླེགས་བམ་བབས་པའི་དོན། །ཀློང་ཆེན་སྙིང་གི་ཐིག་ལེ་ཡི། །ཡང་གསང་བླ་མའི་སྒྲུབ་པ་འདི། །ཟུར་གཉེར་ཨོ་རྒྱན་ཕུན་ཚོགས་དང་། །ཚེ་རིང་སྒྲོལ་དཀར་མ་མས་ཀྱི། །པར་བརྐོས་དགེ་བས་སྙིང་ཐིག་གི། །བསྟན་པ་ཕྱོགས་བརྒྱར་འཕེལ་བ་དང་། །སྦྱིན་བདག་ཚེ་བསོད་ལོངས་སྤྱོད་རྒྱས། །འགྲོ་ཕན་བྱང་ཆུབ་མྱུར་ཐོབ་ཤོག །སརྦ་མངྒ་ལཾ།

(༥༨༨)

(༥༨༩)ཀློང་ཆེན་སྙིང་གི་ཐིག་ལེ་ལས། རྡོ་རྗེའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བའི་སྨིན་བྱེད་ཀྱི་དབང་རྣམ་གྲོལ་ཡེ་ཤེས་མཆོག་སྦྱིན་བཞུགས་སོ། །

(༥༩༠)ན་མོ་གུ་རུ་ཁ། དྲི་མེད་ཀ་དག་ཆོས་ཀྱི་སྐུ། །མཁྱེན་བརྩེའི་འོད་ཟེར་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་རྣམ་རོལ་ཅན། །ཕྱག་འཚལ་རིག་འཛིན་ཁྱེད་ལའོ། །གང་དེའི་རྡོ་རྗེའི་རྣལ་འབྱོར་དང་། །རྗེས་སུ་འབྲེལ་བའི་སྨིན་བྱེད་ཀྱི། །རྣམ་གྲོལ་ཡེ་ཤེས་མཆོག་སྦྱིན་པ། །སྐལ་བཟང་སློབ་མའི་དོན་དུ་བྱ། །དེ་ཡང་དབེན་ཞིང་ཉམས་དགའ་གནས། །བྱིན་རླབས་བཀྲ་ཤིས་འབྱུང་བའི་སར། མཁའ་འགྲོ་འདུ་བའི་དུས་ཀྱི་ཚེ། །དཀྱིལ་འཁོར་མཉྫི་བཀོད་ལེགས་སྟེང་། །ཕྱི་ནང་གསང་བའི་དབང་རྫས་དང་། །ཚོགས་ཀྱི་མཆོད་གཏོར་བཟང་དུ་བཤམས། །བསྙེན་རྫོགས་རྟག་ལྡན་རྣལ་འབྱོར་པས། །བདག་མདུན་དབྱེར་མེད་བསྐྱེད་བཟླས་དང་། །རིག་པའི་མེ་ཏོག་དོར་བ་ཡིས། །ཡེ་ཤེས་དཀྱིལ་འཁོར་འཇུག་པའི་རྗེས། །དད་ལྡན་དམ་ཚིག་བསྲུང་ནུས་པའི་སློབ་མས་ཁྲུས་བྱས་གྲལ་ལ་འཁོད། བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ། །ལོ་རྒྱུས་མཚམས་སྦྱར་མཎྜལ་ཕུལ། །དེ་ནས་གསོལ་བ་

(༥༩༡)བཏབ་པ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེའི་སློབ་དཔོན་བདག་ལ་དགོངས། །རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ། །ལན་གསུམ་སྐྱབས་སེམས་སྡོམས་གསུམ་སྦྱིན། །ཡེ་ཤེས་དབབ་ཅིང་གཉིས་མེད་བསྟིམ། །དེ་ནས་བུམ་པ་སྤྱི་བོར་བསྐུར། ཧྲཱི ཀ་དག་གཞོན་ནུ་བུམ་སྐུའི་གྲོང་ཁྱེར་དུ། །ལྷུན་གྲུབ་སྣང་སྟོང་བླ་མའི་དཀྱིལ་འཁོར་དང་། །ཟུང་འཇུག་བདུད་རྩིའི་རྒྱུན་གྱི་དབང་བསྐུར་བས། །ཕུང་ཁམས་སྐྱེ་མཆེད་ལྷ་སྐུར་དག་པར་ཤོག རྩ་སྔགས་དང་། ནི་རྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རྗེས་འབྲལ་བསྐྱེད་པའི་རིམ་པ་དང་། །བཞུགས་སྟངས་རྣམ་པ་གསུམ་ལ་བསླབ། །བླ་མའི་སྣང་བརྙེན་སྤྱི་བོར་བཞག །ཨོཾ་རིག་པ་ཆོས་ཉིད་མངོན་གསུམ་གཞལ་ཡས་སུ། །ཉམས་སྣང་གོང་འཕེལ་འཇའ་ཟེར་ཐིག་ལེའི་ཀློང་། རིག་པ་ཚང་ཕེབས་དོན་གྱི་བླ་མའི་སྐུ། །ཆོས་ཟད་བློ་འདས་ཆེན་པོ་དབང་བསྐུར་རོ། བཛྲ་ཀཱ་ཡ་ཨ་བྷི་ཥིཉྩམཾ། མྱོང་གྲོལ་བདུད་རྩི་མགྲིན་པར་སྦྱིན། ཧྲཱི ཕྱི་སྣོད་

(༥༩༢)རྩ་གསུམ་འཁོར་ལོའི་བྷན་དྷ་རུ། །ནང་བཅུད་བདེ་ཆེན་བྱང་སེམས་བདུད་རྩི་བསྐྱིལ། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིན། །སྲོག་རྩོལ་དབུ་མའི་དབྱིངས་སུ་རྫོགས་པར་ཤོག །སཾ་བྷོ་ཀྵ་ཡ། ཨ་བྷི་ཥིཉྩ་ཨཱ རྗེས་འབྲེལ་གཟིགས་སྟངས་རྣམ་གསུམ་དང་། །རླུང་གིས་གནད་ལ་བསླབ་པའི་རྗེས། །ཐུན་མོངས་བཟླས་པའི་ལུང་སྦྱིན་ཞིང་། །ཁྱད་པར་རིག་འཛིན་སྲོག་འཁོར་ནི། །ཚར་གཅིག་བཟླས་ལ་སྤྱི་བོར་བཞག །ཨཱསྲས་བཅས་རྒྱལ་བ་ཀུན་གྱི་རྡོ་རྗེའི་གསུང་། །ཡི་གོའི་འཁོར་ལོར་ཤར་བའི་དབང་བསྐུར་བས། །ལས་རླུང་ཡེ་ཤེས་ཁམས་སུ་རྣམ་དག་བའི། །ཆོས་ཀྱི་རྒྱལ་སྲིད་མཆོག་ལ་དབང་བསྒྱུར་ཤོག །བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཾ ཤེས་རབ་གཟུང་མའི་བྱིན་རླབས་སྦྱིན། ཧྲཱི བཅུ་དྲུག་དགའ་བ་སྟེར་བའི་ཕོ་ཉ་མོ། །ཡིད་འོད་སྣ་ཚོགས་གཟུགས་ཅན་འདི་གཏད་ཅིང་། །ལྷན་སྐྱེས་ཐབ་ལ་བསྟེན་པའི་དབང་བསྐུར་བས། །རྟོག་ཚོགས་བདེ་སྟོང་ཆེན་པོར་སྨིན་པར་ཤོག །དྷརྨ་ཀཱ་ཡ་སོགས་ཧཱུྃ། རྡོར་སེམས་ཡབ་ཡུམ་ང་རྒྱལ་གྱིས། །སྙོམས་འཇུག་བདེ་ཆེན་ཡེ་ཤེས་བསྐྱེད། །རྗེས་འབྲེལ་བདེ་སྟོང་དོན་ངོ་སྤྲོད། །ཌ་མ་རུ་དང་ཁ་ཊཾ་སོགས། །བརྟུལ་ཞུགས་སྤྱོད་པས་ཡོ་བྱད་

(༥༩༣)སྦྱིན། །ཧཱུྃ་ཕྱི་དང་ནང་གི་གནས་ཡུལ་དུར་ཁྲོད་ཀུན། །རྡོ་རྗེའི་བརྟུལ་ཞུགས་གཅིག་གི་བགྲད་པའི་སླར། །དཔའ་བོ་ཌཱཀྐིའི་ཕྱག་རྒྱས་དབང་༴ ཉེ་རྒྱུའི་སྤྱོད་པའི་འབྲས་བུ་མཐར་ཕྱིན་ཤོག །བཛྲ་ཙིཏྟ་༴ རྡོ་རྗེ་སེམས་དཔའི་མེ་ལོང་བསྟན། །ཧྲཱི གཞི་དབྱིངས་ཀ་དག་གཟུགས་མའི་དྭངས་ཤེལ་ལས། །གཞི་སྣང་ལྷུན་གྲུབ་རིག་པའི་འཇའ་ཟེར་ཤར། །ཟུང་འཇུག་དཔེ་དོན་འབྲེལ་བའི་དབང་༴ སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཤོག །ཛྙཱ་ན་ཀཱ་མ་སོགས་ཧྲཱི། རྗེས་འབྲེལ་མ་བཅོས་མཉམ་བཞག་དང་། །ཨ་ཞེས་དགོངས་པའི་སྲོག་གཏད་ཅིང་། །ཕཊ་ཀྱིས་རིག་རྩལ་ཐང་དུ་སྦར། །ཟབ་མོའི་ལྟ་བསྒོམ་སྤྱོད་འབྲས་དང་། །སྣང་བཞིའི་འཆར་ཚུལ་ངོ་སྤྲད་ཅིང་། །སྙིང་ཐིག་གླེགས་བམ་སྤྱི་བོར་བཞག །ཨོཾ་ཨཱཧཱུྃ། ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་ཤྲི་སིངྷ་དང་། ཛྙཱ་ན་པུ་ཏྲ་འཆི་མེད་པདྨ་འབྱུང་། །འོད་གསལ་སྙིང་པོའི་ཤིང་རྟ་བཱི་མ་ལར། །དབྱེར་མེད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡིས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས། །དེང་འདིར་སྐལ་ལྡན་ཁྱོད་ལ་བྱིན་བརླབས་

(༥༩༤)པས། །ཅིར་སྣང་སྒྱུ་འཕྲུལ་དྲ་བའི་འཁོར་ལོར་ཤར། །སྒྲིབ་གྲགས་མི་ཤིག་རྡོ་རྗེའི་དབྱིངས་སུ་སྨིན། །ཀ་དག་རིག་པ་གདོད་མའི་གནས་ལུང་རྟོགས། །ལྷུན་གྲུབ་སྣང་བ་རྣམ་བཞིའི་རྩལ་རྫོགས་ནས། །ཚེ་གཅིག་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག །བཛྲ་ཀཱ་ཡ་ཝ་ཀྐ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་མཾ། རྗེས་སུ་ཤིས་བརྗོད་མེ་ཏོག་འཐོར། །དམ་ཚིག་ཁས་བླངས་གཏང་རག་ཕུལ། །དགའ་སྟོན་ཚོགས་ཀྱི་འཁོར་ལོ་དང་། །རྡོ་རྗེའི་གླུ་དབྱངས་གར་ལ་རོལ། །དེ་ལྟར་རིགས་རྣམས་ཀུན་འདུས་པ། །ཡང་གསང་བླ་མའི་སྒྲུབ་པ་ནི། །འོད་གསལ་ཐིག་ལེའི་རྒྱ་ཅན་གྱིས། །སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་འདི། །གང་རི་ཐོད་དཀར་ཨུ་རྒྱན་རྫོང་། །འོད་ཟེར་སྤྲིན་གྱིས་སྐྱེད་ཚལ་དུ། །གཏད་མེད་ཀུན་ཏུ་རྒྱུ་བ་ཡི། །རྣལ་འབྱོར་འཇིགས་མེད་པས་སྦྱར་བས། །དགེ་བས་སྐལ་བཟང་སློབ་མ་རྣམས། །ཀུན་མཁྱེན་བླ་མའི་ཡེ་ཤེས་སྐུར། །མངོན་གསུམ་ཉིད་དུ་རྗེས་བཟུང་ནས། །གདོད་མའི་གཞི་ལ་བསྒྲུངས་གྲོལ་གྱུར་ཅིག །ས་མ་ཡ་གུ་ཧྱ།། །།

(༥༩༥)ཀློང་ཆེན་སྙིང་གིས་ཐིག་ལེ་ལས། ཡང་གསང་བླ་མའི་གྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བསྙེན་ཡིག་གྲུབ་གཉིས་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །

(༥༩༦)ན་མོ་གུ་རུ་བི་མ་ལར་སྨི་པཱ་ད་ཡ། དྲི་མེད་འོད་གསལ་རྡོ་རྗེ་སྙིང་པོའི་དབྱིངས། །སྣང་བཞིའི་འཛུམ་ཟེར་གསར་པ་དང་སྦྱར་བས། །འཇའ་ལུས་འཕོ་བ་ཆེན་པོའི་གསང་ལམ་མཆོག །དབྱེ་མཛད་རིག་འཛིན་བླ་མས་རྟག་ཏུ་སྐྱོངས། །དེ་ལ་འདིར་རིག་འཛིན་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་ལམ་ཟབ་མོ་ལ་རྟེན་ནས་བྱིན་རླབས་དོན་གྱི་ཡེ་ཤེས་སྙིང་དབུས་སུ་ཞུགས་པས་ཚེ་གཅིག་གིས་འཇའ་ལུས་རྡོ་རྗེའི་གོ་འཕངས་ཐོབ་པར་འདོད་པའི་གང་ཟག་གིས། ཤིན་ཏུ་དབེན་ཞིང་ཉམས་དགའ་བ་ཡིད་དང་རྗེས་སུ་མཐུན་པའི་ནགས་ཁྲོད་དམ། གངས་ཁྲོད། རིའི་སུལ་སོགས་གྲུབ་པའི་སྐྱེ་བོས་བརྟེན་པའི་སྨན་ལྗོངས་སུ་སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་གྱི་ཉམས་སུ་བླང་བར་བྱ་བ་ལས། དང་པོ་ནི། དལ་འབྱོར་གྱི་རྟེན་འདི་ཉིད་

(༥༩༧)སྙེད་དཀའ་ཞིང་ནམ་འཆི་ཆ་མེད་པ་དང་། ཤི་བའི་འོག་ཏུ་ལས་འབའ་ཞིག་གིས་རྗེས་སུ་འབྲངས་ཏེ་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། ད་རེས་སྡུག་བསྔལ་ཅན་གྱི་འཁོར་བ་འདི་ལས་བདག་གཞན་སེམས་ཅན་ཐམས་ཅད་ཐར་པ་ཞིག་ཅི་ནས་ཀྱང་བགྱིའོ་སྙམ་པའི་སྐྱེས་བུ་ཆེན་པོའི་བློས་སྐྱབས་སེམས་ནས་བཟུང་བླ་མའི་རྣལ་འབྱོར་གྱི་བར་སྔོན་འགྲོའི་རིམ་པ་རྣམས་མཐར་ཕྱིན་པ་སྔོན་དུ་སོང་བས་ལམ་འདིར་ཞུགས་པའི་ཚེ། མར་དེའི་ཚེས་བཅུ་སོགས་དམར་ཕྱོགས་ཀྱི་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉིན། གནས་ཁང་བྱི་དོར་བྱ་ཞིང་། རིག་འཛིན་བླ་མའི་དམ་ཚིག་གི་སྣང་བརྙན་བྲིས་འབུར་གང་རིགས་འབྱོར་ན་བཤམས་པའི་མདུན་དུ་སྟེགས་ཀྱི་ཁར་འོད་ལྔའི་ཐིག་ལེའི་དཀྱིལ་

(༥༩༨)འཁོར་རྡུལ་མཚོན་ནམ་རས་བྲིས་སྐབས་དང་སྦྱར་བའི་དབུས་སུ་མནིྗའི་སྟེང་བྷནྡྷ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པའི་ནང་རིག་འཛིན་གྱི་སོགས་འཁོར་དཔལ་གྱི་དུམ་བུ་བྲིས། སྒྲུབ་པར་ཆེད་ལྡན་གྱིས་པ་དང་། བརྒྱུད་པ་འདི་ཉིད་ལས་འོད་པའི་སེལ་མེད་ཀྱི་བདུད་རྩི་ཆོས་སྨན། རིན་ཆེན་སྣ་ཚོགས། སྨན་སྣ་ཚོགས། འབྲུ་སྣ་ཚོགས་བཅས་ཀྱིས་གཏམ་པའི་ཁར་དར་དམར་གྱི་ལྡིང་གུར་ཕུབ། དེའི་མདུན་དུ་བླ་གཏོར་དམར་པོ་བད་འདབ་བཞི་པ་བརྒྱན་ལྡན། གཡས་གཡོན་དུ་སྨན་རག །མཐའ་སྐོར་དུ་ཉེར་སྤྱོད་དང་། ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ཇི་ལྟར་རིགས་པ་གཤམས་པས་མཚོན་ཉེ་བར་འཁོ་བའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱའོ། །གཉིས་པ་དངོས་གཞི་ནི། དེ་ནས་སྲོད་མཐུན་གྱི་སྔ་ལོགས་སུ་སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པར་འཁོད་ནས་སྔོན་འགྲོའི་རིམས་པས་བློ་བརྒྱུད་སྦྱངས་པའི་མཐར་རང་ཉིད་སྐད་ཅིག་གིས་དཔལ་རྟ་མཆོག་རོལ་པ་སོགས་ལས་ཀྱི་ཁྲོ་བོ་གཉུག་མའི་ཧེ་རུ་ཀ་གང་ཡང་རུང་བའི་ང་རྒྱལ་གྱིས་གཞི་བགེགས་ལ་གཏོར་མ་སྦྱིན་ཞིང་རྡོ་རྗེའི་བསྲུང་བའི་འཁོར་ལོས་ཕྱོགས་མཚམས་ཐམས་ཅད་བཅིངས་པ་དང་། རྒྱལ་ཆེན་བཞི་ལ་བར་ཆད་

(༥༩༩)ཞི་བའི་ཕྲིན་ལས་བཅོལ་ནས་ཐོ་འཛུགས་པ་སོགས་བསྙེན་ཡིག་སྤྱི་འདྲེ་ལྟར་ཤེས་པར་བྱས་ནས། སྐབས་དོན་གྱི་ཁྱད་པར། མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མེད་པའི་ཀུན་མཁྱེན་ཆོས་ཀྱིས་རྒྱལ་པོ་ཞི་འཛུམ་མཚན་དཔེའི་གཟི་བྱིན་ཕུན་སུམ་ཚོགས་པར་གསལ་བཏབ་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བའི་དམིགས་རིམ་རྣམས་ཀུན་རྫོབ་ཙམ་དུ་བྱས་པའི་མཐར། སྐྱབས་ཡུལ་དང་རང་སེམས་དབྱེར་མེད་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཟུང་འཇུག་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་རང་ཆས་སུ་བཞུགས་པའི་དོན་ལ་དྲན་པ་ཉེ་བར་བཞག་པ་དོན་དམ་པའི་སྐྱབས་འགྲོ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་འདོད་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པར་ཅི་ཡང་མ་གྲུབ་ཅིང་ཀུན་རྫོབ་ཏུ་ཅིར་ཡང་འཆར་བའི་གནས་ལུགས་སྟོང་ཉིད་དང་རྟེན་འབྱུང་དབྱེར་མེད་བའི་ངང་དུ་མཉམ་པར་འཇོག་པ་དོན་དམ་པའི་སེམས་བསྐྱེད། གཟོད་མ་ནས་གཟུང་འཛིན་གྱི་

(༦༠༠)འཁྲུལ་བས་གོས་མ་མྱོང་བའི་འོད་གསལ་གཉུག་མའི་ངང་དུ་ཀུན་བཏགས་བློ་བུར་གྱི་གདོན་བགེགས་ཐམས་ཅད་རང་བཞིན་མེད་པའི་ལྟ་བས་རྒྱས་འདེབས་པ་ཁྱད་པར་གྱིས་བསྲུང་འཁོར། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་ཤར་ཙམ་ནས་གཟུང་འཛིན་གྱི་མདུད་པ་རང་གྲོལ་དུ་ཞིག་པས་ཅིར་སྣང་ཕྱི་ནང་གསང་བའི་མཆོད་སྤྲིན་དུ་ཤར་བ་དག་པ་རབ་འབྱམས་ཡེ་ཤེས་ཆེན་པོའི་བྱིན་འབེབས་པ་རྣམས་གཞུང་གི་ཚིག་དོན་དང་རྗེས་སུ་མཐུན་པར་ནན་ཏན་གྱིས་གསལ་བཏབ་རྗེས། བསྐྱེད་རིམ་དངོས་གཞིའི་ཆར་ཉམས་སུ་མྱོང་ཡང་བསམ་བརྗོད་ཀྱི་སྤྲོས་པ་ལས་འདས་པའི་རིག་སྟོང་རྗེན་པ་སྐད་ཅིག་མའི་རང་རྩལ་ལས་སྣང་བཞིའི་འཆར་ཚུལ་ཕ་མཐར་སོན་པའི་རྟེན་འབྱུང་གི་སྣང་ཆ་མ་འགགས་པ་རང་ཤར་བའི་ཚུལ་གྱི་ཡོངས་གྲུབ་དག་མཉམ་ཆེན་པོའི་ལྷ་ཡི་གསལ་སྣང་ལ་སེམས་ཟིན་པ་ན། འོད་ཟེར་གྱི་འཕྲོ་འདུས་ཀུན་རྫོབ་ཙམ་དུ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་ལ། དོན་དམ་པར་ལྷ་དང་རང་སེམས་དབྱེར་མེད་དུ་ཤེས་པའི་རབ་ལྟ་བས་འཇལ་བའི་ཕྱག་དང་། ཅིར་སྣང་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན་ཆེན་པོར་སྤྲོ་བ་དང་། སྒྱུ་མ་རྨི་ལམ་གྱི་ཚུལ་ལྟར་སྣང་ཡང་ཞེན་པས་མ་གྲུབ་པའི་ཡེ་ཤེས་སྒྱུ་མའི་གསང་

(༦༠༡)གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས་བསྟོད་པ་རྣམས་ལས་གཞུང་ལས་འབྱུང་བ་ལྟར་དང་། བཟླས་དམིགས་དངོས་ནི། རང་གི་ལུས་ཀྱི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་ཀྱི་ཐུགས་ཀའི་ཐད་དྲངས་སུ་འོད་ལྔའི་ཐིག་ལེ་ཟླུམ་འཁྱིལ་གྱིས་དབུས་མཐིང་ཁ་ཁྱབ་པ་ཆེན་པོའི་ཀློང་ན་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་དབུས་ཙིཏྟ་འཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་པདྨ་ཉི་ཟླའི་གདན་གྱི་སྟེངས་སུ་སེམས་ཉིད་གཉུག་མའི་དབྱིངས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་གསལ་གྱི་མཐར་རིག་པ་རྡོ་རྗེ་ལུ་གུ་བརྒྱུད་ཡི་གེའི་གཟུགས་སུ་ཤར་བའི་སྔགས་ཕྲེང་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་མཐིང་གསལ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་གཡས་བསྐོར་དུ་གནས་པ་ལས་འོད་ཟེར་བུན་ལོང་གི་འཕྲོས་པའི་རྩེ་ལས་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་དང་། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཐིག་གིས་བརྒྱུད་པའི་བླ་མ་རྣམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་བར་བསམ་པ་བསྙེན་པ། འོད་ཟེར་

(༦༠༢)མར་འཕྲོས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབས་བག་ཆགས་དང་བཅས་སྦྱངས་ཏེ་ཕྱི་སྣོང་འོག་མིན་ཞིང་དང་། ནང་བཅུད་རིན་འཛིན་བླ་མའི་སྐུར་ལམ་ལ་མ་གསལ་འདེབས་པ་སྒྲུབ་པ། འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་ཐ་མལ་དུ་འཛིན་པའི་དྲི་མ་སྦྱངས་ཏེ་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་རླབས་པས་མཆོག་དང་ཐུན་མོངས་ཀྱི་དངོས་གྲུབ་ཐམས་ཅད་ལྷུན་གྱིས་འགྲུབ་པར་བསམ་པ་སྒྲུབ་པ་ཆེན་པོ། དེ་ལྟར་འོད་ཟེར་སྤྲོ་བསྡུས་མཚོན་པའི་འཁོར་གསུམ་རྟོག་ཚོགས་ཐམས་ཅད་གཟོད་མ་ནས་རང་བཞིན་གྱི་མ་གྲུབ་པ་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་གི་གནས་ལུགས་མཉམ་པར་འཇོག་པ་ལས་སྦྱོར་ཏེ། ཚུལ་དེ་ལྟ་བུའི་དམིགས་གནད་དང་མ་བྲལ་བའི་ངང་ནས་བཟླས་བ་ཅི་ནུས་བྱས་རྗེས། མཆོད་བསྟོད་དངོས་གྲུབ་བླངས་ཞིང་ཚོགས་ཀྱི་མཆོད་པའང་བྱས་ལ། སྣོད་བཅུད་ཐམས་ཅད་འོད་གསལ་དུ་སྦྱངས་པའི་ནང་གསལ་གྱི་རིག་པ་ཐིམ་ལ་མ་རྨུགས་པའི་ངང་དུ་ཁམས་གསོ། ཐོ་རེངས་ལྡང་བའི་དུས་ལ་བབས་པ་ན། སྐད་ཅིག་གིས་དྭངས་མའི་མཁའ་ལ་འཇའ་མཚོན་ཤར་བ་ལྟར་སྣང་སྟོང་ཟུང་འཇུག་སྒྱུ་མའི་ལྷ་

(༦༠༣)སྐུར་ལྡང་ཞིང་། ཐོར་མཐུན། སྔ་མཐུན། དགོང་མཐུན། སྲོད་མཐུན་ཏེ་མཐུན་བཞིའི་རིམས་པས་འབུམ་ཕྲག་བཅུ་གཉིས་ཁ་བསྐོང་དང་བཅས་པ་བཟླ་བ་ནི་གྲངས་ཀྱི་བསྙན་པ་དང་། ཟླ་བ་དྲུག་ལ་སོགས་པར་བརྩོན་པ་དུས་ཀྱི་བསྙེན་པ་དང་། གཞུང་ནས་གསུངས་པའི་རྟགས་རྣམས་རྫོགས་པའི་བར་བསླབས་པ་མཚན་མའི་བསྙེན་པ་སྟེ། བརྩོན་འགྲུས་དང་དབང་པོའི་རིམ་པ་ལྟར་ཉམས་སུ་བླངས་པས། དོན་བརྒྱུད་གྱི་བྱིན་རླབས་སྙིང་དབུས་སུ་ཞུགས་པས་སྡེ་གསུམ་རྫོགས་པ་ཆེན་པོའི་ཚིག་དང་དོན་གྱི་ཆ་ལ་སྤོབས་པའི་གཏེར་ཆེན་པོ་གྲོལ་ཞིང་། རིང་པོར་མི་ཐོགས་པར་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་ཉམས་སུ་བླང་བའི་མཐུན་མཚམས་སུ་སྔ་དགོངས་ཀྱི་ཟེར་གཉིས་ལ་ལྷུན་གྲུབ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་གཟིར་ཞིང་། སྲོད་དང་ཐོ་རེངས་སོགས་རླུང་རིག་དྭངས་སྐབས་གཏུམ་མོ་བསྒོམ་པ་དང་། ཁྲེགས་ཆོད་ཀྱི་ལྟ་བ་བསྐྱངས་ཏེ། མདོར་ན་སྟན་ཐོག་གཅིག་ཏུ་དབང་བཞིའི་ལམ་རྫོགས་པར་ཉམས་སུ་བླང་བར་བྱའོ། །གསུམ་པ་རྗེས་ནི། སྒྲུབ་པ་ཐོན་པའི་ཚེས་ཡར་ངོའི་ཚེས་བཅུ་སོགས་

(༦༠༤)དུས་ཚེས་ཤིས་བའི་སྔར་ཉིན་ནས་ཚོགས་ཀྱིས་ཡོ་བྱད་དང་། དངོས་གྲུབ་བླངས་པའི་རྫས་སོགས་འདུ་བྱས་ལ། ཐོ་རེངས་སྔ་བར་ལངས་ནས་ལས་གཞུང་བསྲངས་ཤིང་བཟླས་པ་འོས་མཚམས་ཀྱི་རྗེས་ཚོགས་ཀྱི་མཆོད་པ་བྱ་ཞིང་། སྐྱ་རེངས་ཤར་བའི་དུས་ལ་བབས་པ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་གི་དམ་ཚིག་ཉམས་ཆགས་བཤགས། སྒྲུབ་པའི་རྫས་བྱིན་འབེབས་དང་། མཆོད་བསྟོད་སྔོན་དུ་འགྲོ་བས་དངོས་གྲུབ་བླངས་ཞིང་། སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུག་ལ་མྱོང་། བྷནྡྷ་སྲོག་འཁོར་དང་བཅས་པ་འབྲལ་མེད་དུ་འཆང་ནོངས་བཤགས་ནས་བཟུངས་ཏེ་ཤིས་པ་བརྗོད་པའི་བར་ཚོགས་མཆོད་ནས་འབྱུང་བ་ལྟར་དང་། གཞན་ཡང་བཀྲ་ཤིས་རྒྱས་པར་བརྗོད་ཅིང་། རྒྱལ་ཆེན་གྱི་ཐོ་ལ་གཏང་རག་གི་མཆོད་བསྟོད་དང་གཤེགས་གསོལ་བྱ། དེ་ནས་རང་གི་ཆོས་དང་མཐུན་པའི་གྲོགས་དམ་ཚིག་དང་ལྡན་པ་རེ་གཉིས་དང་རིམ་གྱི་འཕྲད་པ་སོགས་གསང་བ་སྤྱིའི་ལུགས་བཞིན་ཤེས་པར་བྱའོ། །གང་དུ་ཞུགས་བས་མཆོག་དང་མཐུན་མོངས་ཀྱི། །གྲུབ་གཉིས་ནོར་བུའི་དོ་ཤལ་འཛིན་བཟོད་པ། །ཡང་གསང་བླ་མ་བསྙེན་ཅིང་གྲུབ་པའི་ཚུལ། །རིག་པ་འཛིན་པ་དགའ་བའི་ཤིང་རྟ་

(༦༠༥)ཆེ། །ཉུང་གསལ་སྙིང་པོར་སྒྲིལ་ནས་བཀོད་པ་ཡིས། །བསོད་ནམས་ཟླ་ཤེལ་བྱེ་བའི་སྙེམས་འཆང་བས། །སྲིད་ཞིའི་རྒུད་པའི་མུན་པ་ཀུན་བཅོལ་ནས། །འཇའ་ལུས་རྡོ་རྗེའི་ངལ་འཚོ་རྒྱས་གྱུར་ཅིག །ཅེས་པའང་དང་པ་དང་དམ་ཚིག་གིས་བརྒྱུད་ཕྱུགས་ཅིང་རྣམ་པར་དཔྱོད་པའི་བློ་གྲོས་ཅན་ཨ་བྷ་ཡ་ཤྲཱི་ལི་ཕྱི་ནན་ཏན་ཆེན་པོས་གསོལ་བ་བཏབ་པ་ལ། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་འོག་མིན་བླ་མའི་གདན་ས་དཔལ་ལྡན་པདྨ་འོད་གླིང་དུ་སྣང་གསལ་ཞིག་གི་དོངས་སུ་ཤར་མར་བྲིས་པ་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་འབར་བར་གྱུར་ཅིག། ཤུ་བྷཾ།། །།

(༦༠༦)

(༦༠༧)ཀློང་ཆེན་སྙིང་གི་ཐིག་ལེ་ལས། འོད་གསལ་རྡོ་རྗེ་སྙིང་བའི་རིག་འཛིན་བརྒྱུད་པའི་བསྐངས་བཤགས་ཌཱ་ཀྐཻའི་མཐོལ་གླུ་བཞུགས་སོ། །

(༦༠༨)ན་མོགུ་རུ་བྷྱ༔ གཟོད་ནས་ཀ་དག་དྲི་མེད་ཆོས་ཀྱི་སྐུ། །འོད་གསལ་ལྷུན་གྲུབ་སྐུར་གཞེངས་ལོངས་སྤྱོད་རྫོགས། །ཟུང་འཇུག་སྤྲུལ་པའི་ཟེར་གྱི་རིག་ཅན་གསུམ། །ཕན་བདེའི་སྣང་བ་སྦྱིན་ངེས་དགེ་ལེགས་སྩོལ། །དེ་ལ་འདིར་སྐབས་ཅི་རིགས་པར་སྙིང་ཐིག་གིས་རིག་འཛིན་བརྒྱུད་པ་རྣམས་ཀྱིས་ཐུགས་དམ་བསྐངས་བར་འདོད་པས། བསྐངས་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཧྲཱི༔ ཀུན་བཏགས་གཞན་དབང་འཁྲུལ་པ་ལས་འདས་པའི། །ཀུན་ཏུ་རྟོག་བྲལ་ཡོངས་གྲུབ་གཉུག་མའི་དབྱིངས། །ཀུན་ནས་རྣམ་གྲོལ་ཡོན་རབ་རྒྱ་མཚོའི་དཔྱིད། །ཀུན་བཟང་ཆོས་ཀྱི་སྐུ་ཡིས་ཐུགས་དམ་བསྐངས། །བདེ་བའི་བདག་ཉིད་སྣ་ཚོགས་གཟུགས་ཅན་དང་། །བདེ་མཆོག་འཁོར་ལོ་དབང་ཕྱུག་ཟུང་འཇུག་པའི། །བདེ་ཆེན་ཁ་སྦྱོར་ཡན་ལག་བདུན་གྱི་དངོས། །བདེ་སྟོང་རྡོ་རྗེ་

(༦༠༩)སེམས་དཔའི་ཐུགས་དམ་བསྐངས། །དགའ་ལྡན་ལྷ་བརྒྱ་ཡི་ནོར་བུའི་ཅོད་པཎ་རྩེར། །དགའ་ཆེན་སྒྱུ་མའི་ཞབས་པད་ཉེར་བཀོད་པའི། །དགའ་བཞིའི་ཡེ་ཤེས་མཚན་དཔེར་ཤར་བའི་སྐུ། །དགའ་རབ་དགྱེས་པ་རྡོ་རྗེའི་དཔལ་ལྡན་མཁས་པའི་ཚོགས་ཀྱིས་ཕྱག་བྱས་ཞིང་། །དཔལ་ལན་སྒྲུབ་རིག་རྒྱ་མཚོའི་འཁོར་ལོས་བསྒྱུར། །དཔལ་ལྡན་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །དཔལ་ལྡན་མནྫུ་མི་ཏྲའི༴ རང་བཞིན་ཀ་དག་འང་གསལ་ཆེན་པོའི་དང་། །རང་གདངས་ལྷུན་གྲུབ་སྣང་བཞིའི་རྫལ་རྫོགས་པས། །རང་བྱུང་གདོད་མའི་གནས་ལུགས་མངོན་གྱུར་པ། །རང་གྲོལ་ཤི་སིངྷུའི༴ རྣམ་བཅས་བདེ་བ་ཆེན་པོའི་བརྟུལ་ཤུགས་ཀྱིས། །རྣམ་མེད་སྟོང་ཉིད་ཕྱག་བརྒྱར་མཉམ་སྦྱོར་བས། །རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་

(༦༡༠)ཤེས་དབྱིངས། །རྣམ་གྲོལ་ཛྙཱ་ན་སུ་ཏྲའི༴ འཕོ་འགྱུར་གཉིས་སུ་སྣང་བའི་ཉེར་ལེན་ཀུན། །འཕོ་བྲལ་དབུ་མའི་སྲོག་ཏུ་ཡོངས་གྲུབ་པས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་ལས། །འཕོ་མེད་བི་མ་མི་ཏྲའི༴ འཆི་མེད་ཐོག་མའི་མགོན་པོའི་རྣམ་རོལ་ནི། །འཆི་མེད་རྟག་པ་དང་པོའི་གཟུགས་འཆང་བ། །འཆི་མེད་རིག་འཛིན་ཌཱཀྐིའི་ཚོགས་ཀྱི་རྗེ། །འཆི་མེད་པདྨ་ཐོད་ཕྲེང་༴ གྲུབ་པའི་སློབ་དཔོན་ཆེན་པོས་རྗེས་བཟུང་ཞིང་། །གྲུབ་གཉིས་ཡིད་བཞིན་གཏེར་ལ་དབང་འབྱོར་པས། །གྲུབ་མཆོག་བྱེ་བའི་གཙུག་ན་གཞན་འཚོ་བ། །གྲུབ་ཆེན་རྗེ་འབངས་ཉེར་ལྔའི༴ ཀུན་ཏུ་ཟབ་ཞིའི་སྤྲོས་བྲལ་ཆོས་ཉིད་དང་། །ཀུན་སྣང་སྙིང་རྗེ་ཆེན་པོར་ཟུང་འཇུག་པ། །ཀུན་གཟིགས་ཡེ་ཤེས་དགེ་སློང་འཆར་བའི་དངོས། །ཀུན་མཁྱེན་དྲི་མེད་འོད་ཟེར༴ རིགས་གཅིག་ལྷན་སྐྱེས་བདེ་ཆེན་ཐིག་ལེ་ལས། །རིགས་རྣམས་སྣ་ཚོགས་སྤྲོ་དང་བསྡུ་བའི་གར། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐངས། ཧྲཱི །ཐུགས་དམ་བསྐངས་བའི་ཕྱི་ནང་མཆོད་པ་ནི། །ཚོགས་དྲུག་སྣང་བ་དབྱིངས་སུ་ཐིམ་

(༦༡༡)པ་ལས། །གང་ཤར་འདོད་ཡོན་རྒྱན་གྱི་རོལ་མོའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱི་ཐུགས་དམ་བསྐངས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་སོགས། །ཀ་རྫས་ཕྱི་ཡི་མཆོད་པས་ཐུགས་དམ་བསྐངས། །སྣང་སྟོང་སྒྱུ་མའི་གཟུགས་དང་ན་དའི་སྒྲ། །བདེ་ཆེན་བདུད་རྩིའི་དྲི་དང་དགའ་བཞིའི་རོ། །རབ་འབར་གཏུམ་མོའི་རེག་བྱ་ཆོས་ཀྱི་དབྱིངས། །རང་བྱུང་ནང་གི་མཆོད་པས་ཐུགས་དམ༴ ཁམས་ལྔ་དབུ་མར་སྦྱར་བའི་ཨ་མྲཾ་ཏ། །རླུང་བཅུ་དབྱིངས་སུ་བསྒྲལ་བའི་དམར་ཆེན་པོ། །ཟུང་འཇུག་བདེ་བ་ཆེན་པོའི་བྷ་ལིང་ཏ། །ལྷན་སྐྱེས་གསད་པའི་མཆོད་པས༴ ཀ་དག་འོད་གསལ་དབྱིངས་ཀྱི་གནས་ལུགས་རྟོག །ལྷུན་གྲུབ་རིག་པ་ཆོས་ཟད་ཆེན་པོར་སྨིན། །འཁོར་འདས་གཞི་གྲོལ་གཞོན་ནུ་པུམ་སྐུའི་ངང་། །བླ་མེད་མཆོག་གི་མཆོད་པས༴ སོ་མཐར་བྱང་སེམས་རིག་འཛིན་སྡེ་སྣོད་ཀྱི། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །རྩ་གསུམ་ཀུན་འདུས་བླ་མའི་དཀྱིལ་འཁོར་ཆེར། །རང་གྲོལ་གཉུག་མའི་

(༦༡༢)དང་དུ་མཐོལ་ཞིང་བཤགས། །ཧྲཱི དེ་ལྟར་བསྐངས་ཤིང་བཤགས་པའི་བྱིན་རླབས་ཀྱིས། །བདག་གཞན་འགྲོ་ཀུན་དེངས་ནས་བྱང་ཆུབ་བར། །བརྒྱུད་གསུམ་རིག་འཛིན་ཌཱཀྐིས་རྗེས་བཟུང་ནས། །དོན་གཉིས་བསམ་སྦྱོར་ཡིད་བཞིན་འགྲུབ་པར་ཤོག །གནས་སྐབས་བརྒྱད་གཉིས་འཇིགས་པ་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས། །འཁོར་འདས་སྣང་སྲིད་དབང་དུ་འདུ་བ་དང་། །གཟུང་འཛིན་དགྲ་བགེགས་རྩད་ནས་གཅོད་པར་ཤོག །མཐར་ཐུག་ཅིར་སྣང་ལྷ་ཡི་ཕྱག་རྒྱར་དག །སྒྲ་གྲགས་བདེ་ཆེན་རྡོ་རྗེའི་དབྱིངས་སུ་རྫོགས། །རྟོག་ཚོགས་འོད་གསལ་ཆོས་ཀྱི་སྐུར་སྨིན་ནས། །རང་བཞིན་གདོད་མའི་དབྱིངས་སུ་གྲོལ་བར་ཤོག །དེ་ལྟར་འོད་གསལ་སྙིང་ཐིག་གིས་རིག་འཛིན་བླ་མ་བརྒྱུད་པའི་ཚོགས་ཀྱི་།ཐུགས་དམ་བསྐངས་བའི་རིམ་པ་མཁའ་སྤྱོད་ཌཱཀྐིའི་མཐོལ་གླུ་ཞེས་བྱ་བ་འདི་ཡང་། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་འཇིག་པ་མེད་པ་ཉེས་པའི་ཕྱོགས་བྲལ་རྒྱལ་ཁམས་ཉུལ་བའི་སྐབས། རྒྱལ་བ་གཉིས་པ་དྲི་མེད་འོད་ཟེར་གྱིས་སྟེང་གསུམ་རྫོགས་པ་ཆེན་པོའི་སེངྒེའི་གྲ་དབྱངས་ཀྱིས་བསིལ་ལྡན་ལྗོངས་ཀུན་ཁྱབ་པའི་གནས་གངས་རི་ཐོད་དཀར་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་རྣམ་འཕྱང་ལོའི་ས་ཟླ་ཕྱི་མའི་དམར་ཕྱོགས་ཌཱཀྐི་འདུ་བའི་དུས་ཀྱི་མཆོད་པ་ཆེན་པོའི་ནུབ་མེ་སྣང་གསལ་གྱི་དོགས་སུ་ཤར་མར་སྦྱར་བ་ཇ་ཡནྟུ།།

(༦༡༣)ཀློང་ཆེན་སྙིང་ཏི་ཐིག་ལེ་ལས། ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་རྗེས་ཆོག་ཚོགས་ཀྱི་མཆོད་པ་བསོད་ནམས་སྤྲིན་གྱི་རོལ་མ་ཞེས་བྱ་བ་བཞུགས་སོ། །

(༦༡༤)ན་མོ་གུ་རུ་བེ། གདོད་ནས་རྣམ་རོལ་འོད་གསལ་གཉུག་མའི་དཔྱིད། །སྒྱུ་འཕྲུལ་དྲྭ་བས་ལང་འཚོལ་ཆགས་པའི། །རྣམ་པ་ཀུན་གྱི་མཆོག་ལྡན་མཚན་དཔེའི་ཞལ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྙིང་དབུས་རོལ། །གང་གི་གདན་གསུམ་རྡོ་རྗེའི་དཀྱིལ་འཁོར་ཆེར། །རྨད་བྱུང་ཚོགས་གཉིས་དགའ་སྟོན་སྤེལ་བའི་སླད། །བསོད་ནམས་སྤྲིན་གྱི་འཛུམ་དཀར་ལས་འོང་བའི། །དོན་བཟང་གཏམ་གྱི་རོལ་མོ་གསར་པ་སྤྲོ། །དེ་ལ་འདིར་སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་རྗེས་ཆོག་ཚོགས་ཀྱི་འཁོར་ལོའི་ཡན་ལག་རྩ་བར་མ་གསལ་བ་དག་སྤྲོས་པ་ལ་དགའ་བས་བྱ་བར་འདོད་པའི་ཚེ། །གཞུང་ནས་བཤད་པའི་ཡོ་བྱད་སྤྱི་དང་། །བྱེ་བྲག་ཏུ་ཐབས་ཤས་བཟའ་བཏུང་གི་འབྱོར་པ་གྱ་ནོམ་པ་བཅས་བཤམས་ནས་བདག་མདུན་དབྱར་མེད་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བའི་སྐབས་སུ་བབ་པ་ནི། བརྗོད་མེད་དོན་གྱི་བཤགས་པས་རྒྱུད་སྦྱོང་བའི་

(༦༡༥)རྗེས། །དང་པོ་བྱིན་གྱིས་བརླབས་པ་ནི། ཧྲཱི གཟུང་བ་རྣམ་དག་ཡེ་ཤེས་ཀཱ་པ་ལར། །འཛིན་པ་རང་གྲོལ་བླ་མེད་དམ་ཚིག་རྫས། །ཟུང་འཇུག་འོད་གསལ་དབུ་མར་སྦྱར་བ་ལས། །ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་དུ་གྱུར། །རཾ་ཡཾ་ཁཾ ཨོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི ཧྲཱི གཞི་དབྱིངས་ཀ་དག་དོན་གྱི་ཕོ་བྲང་ནས། །གཞི་སྣང་ལྷུན་གྲུབ་མཚན་དཔེར་ཤར་བའི་དཔྱིད། །རིག་འཛིན་བླ་མ་ཡི་དམ་ཌཀྐི་ཚོགས། འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཛ་ཛ གསུམ་པ་ཚོགས་ཕུད་འབུལ་བ་ནི། ཧྲཱི ལྷུན་གྲུབ་རྡོ་རྗེ་ཕུང་པོའི་བྷནྡྷ་རུ། །ཕུང་ཁམས་སྐྱེ་མཆེད་རང་གསལ་གཏོར་མར་ཤར། །བླ་མ་སྤྲུལ་སྐུའི་ལྷ་ཚོགས་ཐུགས་དམ་བསྐངས། །གདན་གསུམ་ལྷ་སྐུར་སྨིན་པའི་དངོས་གྲུབ་སྩོལ། །འོད་གསལ་ཨ་ཝ་བྷུ་ཏིའི་བྷནྡྷ་རུ། །ཟག་བཅས་འགྲོ་འོང་རླུང་ཁམས་གཏོར་མར་ཤར། །བླ་མ་ལོངས་སྤྱོད་

(༦༡༦)རྫོགས་སྐུའི༴ སྲོག་སྩོལ་དབུ་མར་ཐིམ་པའི་དངོས་གྲུབ་སྩོལ། །རྩ་གསུམ་འཁོར་ལོ་བཞི་ཡི་བྷནྡྷ་རུ། །ལུགས་འབྱུང་ཐིག་ལེའི་རྣམ་བཞིའི་གཏོར་མར་ཤར། །བླ་མ་ཆོས་ཀྱི་སྐུ་ཡི༴ ལྷན་སྐྱེས་བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །སྙིང་དབུས་མི་ཤིག་ཕྱག་རྒྱའི་བྷནྡྷ་རུ། །དུག་གསུམ་རྟོགས་ཚོགས་རང་གྲོལ་གཏོར་མར་ཤར། །བླ་མ་ངོ་བོ་ཉིད་སྐུའི་ཐུགས་དམ་བསྐངས། །ཀ་དག་ལྷུན་གྲུབ་དབྱེར་མེད་དངོས་གྲུབ་སྩོལ། །ཐབས་ཤེས་ཟུང་འཇུག་རིན་ཆེན་བྷ་ན་དྷ་རུ། །གཙང་རྨེ་འཛིན་པ་བྲལ་བའི་ཚོགས་གཏོར་བཤམས། །བླ་མ་ཧེ་རུ་ཀ་དཔལ་ཐུགས་དམ་བསྐངས། །གཟུང་འཛིན་གཉིས་སུ་གྲོལ་བའི་དངོས་གྲུབ་སྩོལ། །གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་སརྦ་གཎ་ཙ་ཀྲ་པུ་ཛ་ཧོ བཞི་པ་བར་པ་བཤགས་པ་ནི་ཧྲཱི ཡོངས་གྲུབ་རིག་པ་ཀུན་ཁྱབ་རྡོ་རྗེ་སེམས། །ཀུན་བརྟག་འཁྲུལ་བར་འཁྱམས་པའི་གཞན་དབང་གིས། །སྡོམས་དང་དམ་ཚིག་འགལ་བའི་སྒྲིབ་པ་ཀུན། །ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི། །ཡི་གེ་བརྒྱ་པ་བརྗོད། །ལྔ་པ་བསྒྲལ་ཞིང་བཏབ་པ་ནི། ཧྲཱི ལུགས་འབྱུང་འཁོར་བར་འཁྲུལ་བའི་དགྲ་དང་བགེགས རང་གྲོལ་གཉུག་མ་དོན་གྱི་མཚོན་ཆས་བསྒྲལ། །ཕུང་

(༦༡༧)ཁམས་སྐྱེ་མཆེད་ཟག་མེད་བདུད་རྩིའི་སྤྲིན། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་སྦྱོར། །རུ་ཊ་ཧ་ལ་བཉྩ་པུ་ཛ་ཁཱ་ཧི༔ བར་འདིར་བསྐང་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐངས་ཞིང་ཚོགས་ལ་རོལ་མཐར་ཚིམ་པ་དྲུག་ལྡན་གྱི་སྨོན་ལམ་གདབ། སྤྲོ་ན་བདག་ཉིད་འཇུག་པའི་ཆོ་གས་ལམ་དབང་ཀྱང་བླང་བར་བྱའོ། །དྲུག་པ་ལྷག་མ་བསྔོ་བ་ནི། ཨ་ཀ་རོས་བརླབས། ཕཻམ་ཕཻམ། གཅིག་དང་དུ་མ་ལས་འདས་ཡེ་ཤེས་གར། །དཀྱིལ་འཁོར་མུ་རན་སྐྱོང་བའི་ལྷག་སྡུད་ཚོགས། །འདིར་གཤེགས་དཔལ་གྱི་ཕམ་ཕབས་འདི་ལོངས་ལ། །བྱང་ཆུབ་སྒྲུབ་ལ་འཚེ་བའི་བར་ཆད་སྲུངས། ཨུཙྪ་ཊ་བྷ་ལིངྟ་ཁཱ་ཧི། འདུན་པ་ཐུགས་དམ་བསྐུལ་བ་ནི། གདུང་བའི་དབྱངས་དང་རོལ་མོ་བཅས། ཧྲཱི ཀ་དག་ནང་གསལ་ཁྱད་ཆོས་དྲུག་ལྡན་ལས། །ལྷུན་གྲུབ་ཕྲ་བའི་ཡེ་ཤེས་ཆེན་པོའི་ཚལ། །ཟུང་བཞུག་ཁ་སྦྱོར་ཡན་ལག་བདུན་གྱི་གར། །རིག་འཛིན་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས། །འོད་གསལ་རྡོ་རྗེ་སྙིང་པོའི་གསང་ལམ་ནས། །སྣང་བཞི་མཐར་ཕྱིན་དྲི་མེད་བཤེས་གཉེན་ཞབས། །འཇའ་ལུས་འཕོ་ཆེན་རྡོ་རྗེའི་རོལ་མོ་ཅན། །ཀུན་མཁྱེན་བླ་མའི་།ཐུགས་དམ་དུས་ལ་བབས། །རྒྱལ་བསྟན་སྙིགས་མར་གྱུར་

(༦༡༨)པའི་གཞན་དབང་གིས། །ཡིད་བྱེད་མཚན་མའི་གདུང་བས་ཉམས་ཐག་ཚེ། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །དགོངས་རྒྱུད་འཕོ་བ་ཐོབ་པའི་རྟེན་འབྲེལ་བསྒྲིགས། །གཞི་གྲོལ་གཉུག་མའི་བདེན་དོན་རྟོགས་པའི་མཐུས། །བློས་བྱས་འཁྲུལ་པའི་སྣང་ཆེ་སྤྲིན་བཞིན་དེངས། །མཉམ་བར་མ་བཞག་མེད་པའི་ཡེ་ཤེས་ཀློང་། །སྤོབ་པའི་གཏེར་མཛོད་གྲོལ་བའི་དབང་མཆོག་བསྐུར། །མངོན་སུམ་ཆོས་ཉིད་མཐོང་ཞིང་གོམ་པ་ལས། །གོང་འཕེལ་དབྱིངས་ཀྱི་བཀོད་པ་ལྷུན་གྲུབ་སྦུབས། །སྐུ་དང་ཞིང་ཁམས་ཚད་ལ་ཕེབས་པ་དང་། །ཆོས་ཉིད་ཟད་སར་སྐྱེལ་བའི་ཕྲིན་ལས་མཛོད། བརྒྱད་པ་ཆད་ཐོ་བྱ་བ་ནི། ཧྲཱི དུས་གསུམ་རྣམ་དག་བདེ་ཆེན་རྡོ་རྗེའི་དུས། །རྟོག་བྲལ་འོད་གསལ་དོན་གྱི་དཔལ་ཆེན་པོས། །དམ་ལ་བཞག་པའི་རིག་རྩལ་དྲེགས་ཚོགས་ཀུན། །མཆོད་གཏོར་བཞེས་ལ་མཚན་འཛིན་དགྲ་བགེགས་སྒྲོལ། །དེ་འོག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡིས། །འོད་གསལ་སྙིང་པོའི་ལམ་མཆོག་སྟོན་པའི་ཚེ། །དབང་བསྐུར་དམ་ནོས་བསྲུང་མའི་ཚོགས་རྣམས་ཀུན། །མཆོད་གཏོར་བཞེས་ལ་ཟབ་གསང་ཕྲིན་ལས་སྤེལ། །ཐ་མ་རིག་འཛིན་འཇིགས་བྲལ་གླིང་པ་ཡིས། །

(༦༡༩)ཀློང་གསལ་དགོངས་པའི་གཏེར་རྒྱ་དཀྲོལ་བའི་དུས། །བསྟན་པ་སྐྱོངས་བར་ཁས་བླངས་དམ་ཅན་ཀུན། །མཆོད་གཏོར་བཞེས་ལ་ཕན་བདེའི་དགའ་སྟོན་སྒྲུབས། །དགུ་པ་བསྟན་མ་སྐྱོངས་བ་ནི། བཤལ་ཆུ་ཨོཾ་ཨཱཧཱུྃ་གིས་བརླབས། ཧྲཱི ལུགས་འབྱུང་རྟེན་འབྲེལ་བཅུ་གཉིས་སྣང་ཆ་ཀུན། །བདེ་སྟོང་དྷུ་ཏིར་ཐིམ་པས་ཡེ་ཤེས་རྩལ། །བདེ་སྐྱོངས་བསྟན་མའི་ཚོགས་རྣམས་གཏོར་མ་ལོངས། །གངས་ཅན་སྐྱེ་འགྲོ་བདེ་བའི་འཕྲིན་ལས་མཛོད། །མ་མ་ཧྲཱིང་ཧྲཱིང་བྷ་ལིངྟ་ཁཱ་ཧི༔ བཅུ་པ་མནན་པ་བྱ་བ་ནི། ཧྲཱི རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་ཀློང་། །གཉིས་འཛིན་ལོག་འདྲེན་དམ་སྲི་འབྱུང་པོ་ཀུན། །མནན་ནོ་ཀ་དག་དོན་གྱི་རྒྱས་བཏབས་པས། བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག །སྟཾ་བྷ་ཡ་ནན། བཅུ་གཅིག་དངོས་གྲུབ་བླང་བ་ནི། མཆོད་ཅིང་བསྟོད་ལ། ཧྲཱི གདོད་ནས་གྲོལ་བའི་རིག་པ་བྱང་ཆུབ་སེམས། །འགག་མེད་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་ཅན། །རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ཀུན། །བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམས་ལགས་ན། །དངོས་གྲུབ་སྩོལ་བའི་དུས་ལ་ད་བབས་པས། །

(༦༢༠)གཉུག་མའི་ཕུང་ཁམས་སྐྱེ་མཆེད་ཆོས་རྣམས་ཀུན། །གསང་བ་གསུམ་གྱི་ཐིག་ལེར་མཉམ་སྦྱོར་བས། །སྐུ་བཞིའི་གོ་འཕང་ལྷུན་གྱིས་གྲུབ་པར་མཛོད། །རྩ་སྔགས་མཐར། ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ བཅུ་གཉིས་པ་ནོངས་པ་བཤགས་པ་ནི། ཧྲཱི རང་བཞིན་རྣམ་པར་དག་པའི་ཡེ་ཤེས་ལ། །བཤགས་དང་བཤགས་པར་བྱ་བ་ལས་འདས་ཕྱིར། །སྣང་ཚུལ་གློ་བུར་འཁྲུལ་པའི་དྲི་མ་ཀུན། །སྩོལ་མེད་སྒྱུ་མའི་དབྱིངས་སུ་དག་གྱུར་ཅིག །ཡི་གེ་བརྒྱ་པ་ལན་གསུམ་བརྗོད། །བཅུ་གསུམ་རྟག་ཆད་མཐའ་གསལ་བ། ཧྲཱི རྟག་ཏུ་འོད་གསལ་སེམས་ཉིད་ཐིག་ལེ་ཆེར། །བསྐྱེད་དང་རྫོགས་པའི་སྤྲོ་བསྡུ་མི་དམིགས་ཀྱང་། །བརྟན་གཡོ་སྣང་སྲིད་བླ་མའི་དཀྱིལ་འཁོར་ལྷ། །ཟུང་འཇུག་རེག་སྟོང་རྗེན་པའི་དབྱིངས་སུ་ཡལ། །ཨ་ཨ་ཨཱ སླར་ཡང་སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། །ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་རོ་གཅིག་པས། །གང་འདུལ་ཐབས་མཁས་འཇུག་པའི་འཕྲིན་ལས་གྱིས། །རྟག་ཏུ་འགྲོ་བའི་དོན་ལ་སྤྱོད་པར་བྱ། །བཛྲ་ཛྙཱ་ན་བྷྱཾ། བཅུ་བཞི་པ་བསྔོ་སྨོན་བྱ་བ་ནི། ཧྲཱི རྟག་དང་ཆད་པའི་ཕ་མཐའ་ལས་བརྒལ་བའི། །རིམས་གཉིས་ཟུང་འཇུག་དགེ་ཚོགས་ཅི་མཆིས་པ། །འཁོར་གསུམ་ཡོངས་གྲོལ་

(༦༢༡)དབྱིངས་སུ་བསྔོས་པའི་མཐུས། །ཀུན་ཀྱང་རྣམ་ཀུན་མཆོག་ལྡན་ཐོབ་པར་ཤོག །བཅོ་ལྔ་ཤིས་པ་བརྗོད་པ་ནི། ཧྲཱི གདོད་མའི་མགོན་པོ་ཀུན་བཟང་འོད་མཐའ་ཡས། །སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་རྡོ་རྗེ་སེམས། །དབྱེར་མེད་རིག་འཛིན་བླ་མའི་བྱིན་བརླབས་ཀྱིས། །དགོངས་རྒྱུད་འཕོ་བ་ཐོབ་པའི་བཀྲ་ཤིས་ཤོག །སྒྲིབས་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི། །ཀ་དག་ལྷུན་གྲུབ་དབྱེར་མེད་རྫོགས་སངས་རྒྱས། །རང་སྣང་དབང་འདུས་རླུང་སེམས་དབུ་མར་བསྒྲལ། །མཆོག་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག་གཞན་ཡང་བཀྲ་ཤིས་ཅི་རིགས་ཀྱི་མཐའ་བརྒྱན་པར་བྱའོ། །བཅུ་དྲུག་པ་ཕན་ཡོན་བསྟན་པ་ནི། །རྡོ་རྗེ་དྲ་ བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །འགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིགས་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་སོགས་སྨྲོས་ཀྱི་མི་ལྡང་བ་ཡོད་དོ། །གཟོད་ནས་དྲི་མེད་ཟབ་གསལ་རྡོ་རྗེའི་དབྱིངས། །སྙིང་རྗེའི་འོད་ཟེར་སྟོང་དུ་འབར་བའི་དཔྱིད། །ཡོངས་རྫོགས་བསྟན་པའི་ཉི་མ་གསལ་བཞིན། །བསྐལ་བཟང་གྲུབ་པའི་མཁའ་ལ་རྟག་ཏུ་ཤར། །མགོན་དེའི་སྒྲུབས་པའི་ཐབས་ཚུལ་ཉི་གཞོན་གྱིས།

(༦༢༢)དྲངས་བའི་བློ་གྲོས་ཨུཏྤལ་མིག་བྱེ་བས། །ཚོགས་མཆོད་བསོད་ནམས་སྦྲང་རྩི་སྤྲིན་གྱི་རྒྱུན། །དོན་གཉེར་ར ཡིག་གཉིས་པའི་གསོས་སུ་སྨིན། །དེ་ལས་བྱུང་བའི་དགེ་ཚོགས་ཇི་སྙེད་དེས། །འགྲོ་ཀུན་ནང་གི་དེ་ཉིད་ལ་བརྟེན་ནས། །ས་བཅུ་ལམ་ལྔའི་ཕ་མཐའ་ལས་བརྒལ་བའི། །གྲགས་པས་སྲིད་ཞི་ཁམས་ཀུན་མཛེས་གྱུར་ཅིག །ཅེས་བརྗོད་བྱ་དང་བརྗོད་བྱེད་གཉིས་ཀ་རྡོ་རྗེའི་གནད་ཟབ་མོའི་ཕྱོགས་ནས་དྲངས་པའི་ཡང་གསང་བླ་མའི་སྒྲུབས་པ་ཐིག་ལེའི་རྒྱ་ཅན་གྱི་ཚོགས་མཆོད་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་དག་གིས་ཡུན་རིང་དུ་གསོལ་བ་བཏབ་པའི་ངོར། །ལམ་འདི་ལ་མི་ཕྱེད་པའི་དད་པ་བརྟན་པས་སྨྲ་བའི་སྐལ་བཟང་ཅུང་ཟད་ཐོབ་པ་གཞོན་ནུ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་གྱིས་རང་ལོ་བཅུ་བདུན་པར་དབེན་པའི་བྲག་སྐྱིབས་ཤིག་ཏུ་གང་ཤར་ཡུད་ཙམ་ལ་སྦྱར་བ་ལས་སླར་ཡང་གསལ་བར་བགྱིས་པའོ། །སརྦ་མངྒ་ལཾ།

(༦༢༣)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས གཅོད་ཡུལ་མཁའ་འགྲིའི་གད་རྒྱངས་བཞུགས

(༦༢༤)འུྃ དབྱིངས་ཕྱུག་བདེ་ཆེན་འཚོ་རྒྱལ་མ་ལ་ཕྱག་འཚལ་ལོ རང་བཞིན་རྫོགས་པ་ཆེན་པོ་ནི ཉག་གཅིག་རྩད་ནས་གཅོད་པའི་ཕྱིར གཅོད་བྱ་གཅོད་བྱེད་ལས་འདས་ཀྱང་ སྤྲོས་པ་ཅན་གྱི་གང་ཟག་དང་ བརྟུལ་ཞུགས་སྤྱོད་པ་ལམ་སློང་ཕྱིར ཕུང་པོ་གཟན་བསྒྱུར་མན་ངག་བསྟན དེ་ལ་མཁོ་བའི་ཡོ་བྱད་ནི དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིར སྡེར་གཞི་མ་ཉམས་གཅན་གཟན་ལྤགས ལྟ་བ་ཡས་འབུབས་ཅོག་པུ་དང་ སྤྱོད་པ་མས་འཇོགས་ཁ་ཊྭཱཾ་ཀ ལྷ་འདྲེ་དབང་སྡུད་མཆོག་ཆེན་རྐང་ སྣང་བ་ཟིལ་གནོན་ཌཱ་མ་ར མ་ཚོགས་དབང་སྒྱུར་དྲིལ་གཡེར་དང་ སྟག་གཟིར་རས་མ་སྐྲའི་ཅོད་པན མདོར་ན་བརྟུལ་

(༦༢༥)འུྃ འུགས་སྤྱོད་པ་ལ འོས་པའི་ཆས་རྣམས་སྟ་གོན་བྱ དེ་ནས་ས་གནད་གཉན་དམིགས་སུ ཕོ་ཚོད་ལྷ་འདྲེ་བརྙས་སེམས་དང་ ཆོས་བརྒྱད་བསམ་པས་མ་ཡིན་པར ཚད་མེད་བཞི་ཡིས་དཔའ་གདེང་བསྐྱེད སྣང་བ་གང་ཤར་ཐོག་བརྫིས་བྱ དེ་ཚེ་ཟིལ་གནོན་དམིགས་པ་ཡིས མ་གཅུན་དགྲ་ལ་བྱ་ཤོར་མཚུངས དེ་ཕྱིར་རིག་པ་བརྟུལ་ཞུགས་དང་ ཕཊ ཅེས་རང་གི་སྙིང་ག་ནས གནམ་ལྕགས་རྡོ་རྗེ་རྩེ་དགུ་པ སྲ་བརྟན་ལྕི་ཞིང་འཐས་པ་ལ འོད་ཟེར་མེ་དཔུང་འབར་བ་ཞིག གང་དམིགས་གཉན་སར་ཐོག་སྟར་ཕོབ དེར་གནས་ལྷ་འདྲེ་དཔུང་དང་བཅས འབྲོས་ཤིང་འཁྱར་བའི་དབང་མེད་པར དཔའ་ཟིལ་ཆག་སྟེ་གནས་པར་བསམ དེ་ནས་ཚུལ་འཆོས་ངོ་ཚ་སོགས ཐ་མལ་འཁུ་འཁྲིག་བློ་སྤངས་ལ བརྟུལ་

(༦༢༦)ཞུགས་ངར་མའི་གདེང་ལྡན་པས འགྲོ་ལུགས་རྣམ་པ་བཞི་དག་ལས ལྟ་བའི་གདེང་འགྲོས་ཤུགས་ཀྱིས་འགྲོ དེ་ཡང་སྣང་སྲིད་ལྷ་འདྲེ་དང་ གནས་གདོན་ལམ་འདྲེ་འཁྱམ་པོ་ཀུན བཀུགས་ལ་རུ་ལུག་བདས་པ་བཞིན གཉན་སར་རང་དབང་མེད་པར་གཅུར གནས་དེར་སླེབས་མ་ཐག་ཉིད་དུ དྲག་ཤུལ་འབར་བའི་སྟང་སྟབས་ཀྱིས ལྷ་འདྲེ་ཀུན་གྱི་རྐང་པ་ནས བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར དབང་ཆེན་གཞི་ལ་བརྡབས་པར་བསམ ཅོག་པུ་སྟན་བཅས་ཤུགས་ཀྱིས་བསྐྱུར ལྷ་འདྲེ་ཇི་ལྟར་དབྱིངས་ཆེ་ཡང་ མི་ལྷོངས་མི་སྲིད་ཟི་ཁོལ་འགྲོ རྣལ་འབྱོར་བརྟུལ་ཞུགས་ཆུང་གྱུར་ན རིམ་པས་བློ་དང་སྦྱར་ཏེ་བྱ དེ་ནས་རང་ཉིད་སྐད་ཅིག་གིས གསང་བ་ཡེ་ཤེས་མཁའ་འགྲོ་མ ཆེ་ཆུང་སྲིད་པའི་གཙོ་དང་མཉམ རྣམ་འགྱུར་རྫོགས་པའི་སྐུར་བསྐྱེད་ལ། མི་རྐང་གླིང་བུ་དྲག་ཏུ་འབུད ལྟ་བའི་ངར་བསྐྱེད་བྲོ་བརྡུང་བྱ ཕཊ འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ང་ འཁོར་འདས་མཉམ་པར་བརྡལ་བའི་དགོངས་སྤྱོད་ཀྱི བདག་འཛིན་ལྷ་འདྲེའི་སྟེང་དུ་བྲོ་ཞིག་རྡུང་

(༦༢༧)འུྃྃ གཉིས་འཛིན་འཁོར་བའི་རྣམ་རྟོག་རྡུལ་དུ་རློག རྩ་བརྒྱུད་རིག་འཛིན་བླ་མ་བྲོ་ལ་བྱོན ཡི་དམ་དཔའ་བོ་རྒྱ་མཚོ་བྲོ་ལ་བྱོན མཁའ་འགྲོ་གནས་ཉུལ་མ་ཚོགས་བྲོ་ལ་བྱོན བརྟུལ་ཞུགས་ལམ་དུ་ལོངས་པར་བྱིན་གྱིས་རློབས ཕཊ ཤར་ཕྱོགས་ལུས་འཕགས་གླིང་དུ་བརྡུངས་ཙ་ན། དཔའ་བོ་མཁའ་འགྲོའི་བྲོ་ར་ཟླུམ་ལ་འཁྱིལ ཞེ་སྡང་རྒྱལ་པོའི་མགོ་ལ་ཆེམ་སེ་ཆེམ མེ་ལོང་ཡེ་ཤེས་གླིང་བུ་ཀྱུ་རུ་རུ ཧཱུྃ་ཧཱུྃ་ཧཱུྃ ཕཊ ལྷོ་ཡི་འཛམ་བུའི་གླིང་ལ་བརྡུངས་ཙ་ན དཔའ་བོ་མཁའ་འགྲིའི་བྲོ་ར་ཟུར་གསུམ་དཔལ ང་རྒྱལ་གཤིན་རྗེའི་མགོ་ལ་ཆེམས་སེ་ཆེམ མཉམ་ཉིད་ཡེ་ཤེས་ཐོད་རྔ་ཁྲོ་ལོ་ལོ ཧཱུྃ་ཧཱུྃ་ཧཱུྃ ཕཊ ནུབ་ཀྱི་བ་ལང་སྤྱོད་ལ་བརྡུངས་ཅ་ན དཔའ་བོ་མཁའ་འགྲོའི་བྲོ་ར་ཟླ་གམ་འཁྱིལ

(༦༢༨)འདོད་ཆགས་སྲིན་མོའི་མགོ་ལ་ཆེམས་སེ་ཆེམ སོར་རྟོགས་ཡེ་ཤེས་དྲིལ་གཡེར་ཁྲོ་ལོ་ལོ ཧཱུྃ་ཧཱུྃ་ཧཱུྃ ཕཊ བྱང་གི་སྒྲ་མི་སྙན་ལ་བརྡུངས་ཙ་ན དཔའ་བོ་མཁའ་འགྲོའི་བྲོ་ར་གྲུ་བཞི་ལམ ཕྲག་དོག་དམ་སྲིའི་མགོ་ལ་ཆེམས་སེ་ཆེམ བྱ་གྲུབ་ཡེ་ཤེས་ཅོད་པན་པུ་རུ་རུ ཧཱུྃ་ཧཱུྃ་ཧཱུྃ ཕཊ༔ དབུས་ཕྱོགས་ལྷུན་པོའི་རྩ་རུ་བརྡུངས་ཙ་ན དཔའ་བོ་མཁའ་འགྲོའི་བྲོ་ར་བྱིན་རེ་ཆགས གཏི་མུག་ཤི་འདྲེའི་མགོ་ལ་ཆེམས་སེ་ཆེམ ཆོས་དབྱིངས་ཡེ་ཤེས་ཧཱུྃ་གླུ་ཀྱུ་རུ་རུ ཧཱུྃ་ཧཱུྃ་ཧཱུྃ ཕཊ༔ ཞེས་རྡུང་ཤེས་པ་གཏད་མེད་བཏང་ དེ་ནས་ཅོག་པུ་འབུབས་པ་ནི གཞི་དེའི་ལྷ་འདྲེ་གདུག་པ་ཅན གན་རྐྱལ་བསྐྱེལ་བའི་ཡན་ལག་ལྔར གནམ་ལྕགས་ཕུར་བུ་བཏབ་པར་བསམ ཕཊ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མས བྱམས་པ་ཆེན་པོའི་ཕུར་པ་ཁྱེར ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མས སྙིང་རྗེ་ཆེན་པོའི་ཕུར་པ་ཁྱེར ནུབ་ཕྱོགས་པདྨ་མཁའ་འགྲོ་མས དགའ་བ་ཆེན་པོའི་ཕུར་པ་ཁྱེར བྱང་ཕྱོགས་ལས་

(༦༢༩)འུྃ ཀྱི་མཁའ་འགྲོ་མས བཏང་སྙོམས་ཆེན་པོའི་ཕུར་པ་ཁྱེར དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས བྱང་ཆུབ་སེམས་ཀྱི་ཕུར་པ་ཁྱེར བདག་འཛིན་ལྷ་འདྲེའི་མགོ་བོ་དང་ ལྷུ་ཚིགས་བཞི་ལ་བཏབ་པ་ཡིས གཡོ་འགུལ་མེད་པར་གནས་པར་གྱུར ཕཊ ཅེས་བརྗོད་བདག་གཞན་ལྷ་འདྲེ་གསུམ གང་དུ་མི་དམིགས་མཉམ་པར་གཞག དེ་ནས་ལྷ་འདྲེ་ངོས་ཟིན་ནས ལུས་སྦྱིན་དངོས་ལ་འཇུག་པ་ནི ཕཊ རང་སྣང་འོད་གསལ་བདེ་བ་ཆེན་པོའི་དབྱིངས འབད་རྩོལ་སྤྲོས་པ་བྲལ་བའི་ནམ་མཁའ་ལ རྩ་བའི་བླ་མ་དྲུག་པ་རྡོ་རྗེ་འཆང་ དགོངས་བརྡ་སྙན་བརྒྱུད་བླ་མ་ཡི་དམ་ལྷ མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་གཏིབས མ་འགགས་འཇའ་ཚོན་ཐིག་ལེའི་ཀློང་དུ་གསལ ཞེས་པས་ཚོགས་ཞིང་གསལ་བཏབ་ལ ལྷ་འདྲེས་གཙོ་བྱས་སེམས་ཅན་ཀུན ཁྱེད་ཤེས་བློ་ཡིས་སྐྱབས་འགྲོར་དམིགས ཕཊ རང་བྱུང་གི་རིག་པ་བཅོས་མེད་འདི སྐྱབས་ཡུལ་གྱི་ངོ་བོར་མ་རིག་པས སྡུག་བསྔལ་གྱི་རྒྱ་

(༦༣༠)མཚོར་བྱིངས་པ་རྣམས སྐུ་གསུམ་གྱི་དགོངས་པས་བསྐྱབ་ཏུ་གསོལ ལན་གསུམ་དེ་ནས་སེམས་བསྐྱེད་ནི ཕཊ སྣང་བ་ལ་དངོས་པོར་འཛིན་པའི་སེམས བརྟུལ་ཞུགས་ཀྱི་སྤྱོད་པས་ཚར་བཅད་ནས ཡང་དག་གི་གནས་ལུགས་རྟོགས་བྱའི་ཕྱིར རེ་དོགས་དང་བྲལ་བར་སེམས་བསྐྱེད་དོ དེ་ནས་མཎྜལ་ནི ཁོག་པའི་རབ ཡན་ལག་གླིང་བཞི ཉིད་ལག་གླིང་ཕྲན མགོ་བོ་ལྷ་གནས མིག་གཉིས་ཉི་ཟླ དོན་སྣོད་ལྷ་མིའི་དཔལ་འབྱོར་དུ་བསམས་ལ ཕཊ གཅེས་འཛིན་གྱི་ཕུང་པོ་སྒྱུ་མའི་ལུས མཎྜལ་གྱི་ཚོམ་བུར་རབ་བཀོད་ནས ཚོགས་ཞིང་གི་ལྷ་ལ་ལྟོས་མེད་འབུལ བདག་འཛིན་གྱི་རྩ་བ་ཆོད་པར་ཤོག ཕཊ དེ་ནས་བླ་མའི་རྣལ་འབྱོར་ནི ཕཊ དབྱིངས་ཟག་མེད་ཆོས་སྐུའི་ནམ་མཁའ་ལ མདངས་འཇའ་ཟེར་ཐིག་ལེར་འཁྲུགས་པའི་དབུས ཕ་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་ ཚུལ་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀ མ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅོས སྐུ་མཚན་དཔེའི་གཟི་བྱིན་ཏ་ལ་ལ

(༦༣༡)འུྃ གསུང་གང་འདུས་ཆོས་སྒྲ་འུ་རུ་རུ ཐུགས་འོད་གསལ་རྡོ་རྗེ་སྙིང་པོའི་དང་ བུ་མོས་གུས་དྲག་པོས་གསོལ་བ་འདེབས ཕྱི་རྣམ་རྟོག་དགྲར་ལངས་ལྷ་འདྲེའི་གཟུགས ནང་རེ་དང་དོགས་པའི་གཉིས་འཛིན་སེམས བར་སྣང་བ་སྣ་ཚོགས་རྐྱེན་ངན་ཀུན ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱིས དུས་ད་ལྟ་སྟན་ཐོག་འདི་རུ་ཆོད དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པ་རུ ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབས ཕཊ ཕཊ ཕཊ ཅེས་བརྗོད་ཚོགས་ཞིང་རང་ལ་བསྟིམ གཉིས་མེད་དང་དུ་མཉམ་པར་གཞག ཕཊ དེ་ནས་བག་ཆགས་སྙིགས་མའི་ལུས ཚོ་ཞིང་སྣུམ་ལ་ལྟོས་ཆེ་བའི དབུས་ནས་དངས་མའི་རིག་པ་ནི ཁྲོས་མའི་རྣམ་པར་ཕཊ ཅེས་དབྱེ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན དེ་ཡིས་རང་ ལུས་ཐོད་པ་ཕྲལ སྟོང་ཁམས་ཁྱབ་པའི་མི་མགོ་ཡི སྒྱེད་བུ་གསུམ་གྱི་ཁར་བཞག་ནང་ འབྱུང་ལུས་ཚོགས་སུ་བཤམས་པ་

(༦༣༢)དེ འབྲུ་གསུམ་འོད་ཀྱིས་བདུད་རྩིར་སྦར ཨོཾ་ཨཱཧཱུྃ་དང་ཧ་ཧོ་ཧྲཱི ཅི་མང་བརྗོད་པས་སྦྱངས་སྤེལ་བསྒྱུར ཁྲ་བོར་འགྱེད་ན་དེ་ཉིད་ལས སྐྱེད་ཚལ་ཟས་གོས་སྨན་ལ་སོགས ཤད་བའི་མདུན་ས་ལྟ་བུར་བསམ ནག་འགྱང་བདག་གཞན་སེམས་ཅན་གྱི ཐོག་མེད་ནས་བསགས་ནད་གདོན་དང་ སྡིག་སྒྲིབ་ཐམས་ཅད་ནག་བུན་གྱིས བསྡུས་ཏེ་གཟུགས་ཕུང་ལ་བསྟིམ་པ ལྷ་འདྲེས་ཟོས་པས་ཁོ་ཡི་ལུས སོལ་བ་ལྟ་བུར་གྱུར་པར་བསམ མཆོད་སྦྱིན་མགྲོན་རྣམས་འདི་ལྟར་འབོད ཕཊ མཆོད་ཡུལ་རྩ་གསུམ་དམ་ཅན་ནས སྡེ་བརྒྱད་འབྱུང་པོས་གཙོ་བྱས་པའི སྦྱིན་ཡུལ་ལན་ཆགས་འདྲེ་གདོན་ཡན བརྟུལ་ཞུགས་སྤྱོད་པའི་གནས་འདིར་བྱོན དེ་རིང་འཇིགས་མེད་རྣལ་འབྱོར་ངས འཁོར་འདས་ཤན་འབྱེད་སྒྱུ་མའི་ལུས༔ སྟོང་གསུམ་ཁྱོན་ཡངས་ཀ་པཱ་ལར བམ་ཆེན་ཚོགས་ཀྱི་འཁོར་ལོར་བཤམས

(༦༣༣)འུྃ ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར འདོད་དགུར་འཆར་བའི་ཆོ་འཕྲུལ་ཅན གཅེས་འཛིན་མེད་པར་འབུལ་ལགས་ཀྱི སྟོན་ཆེན་མགྲོན་ལ་གཤེགས་སུ་གསོལ མཆོག་ཆེན་ཐོད་རྔ་སྐད་རེ་གསངས ཞིང་ཆེན་གཡང་གཞི་བརྗིད་རེ་ཆེ མི་རྐང་གླིང་བུ་གདངས་རེ་སྙན དྲིལ་གཡེར་ཅོད་པན་དངས་རེ་སྤྲོ བྱ་རྒོད་ཤ་ལ་འཐིབས་པ་བཞིན སྐད་ཅིག་ཉིད་ལ་གཤེགས་སུ་གསོལ ཕཊ དེ་ནས་འབུལ་ཞིང་བསྔོ་བ་ནི ཕཊ གདོད་མའི་མགོན་པོ་མན་ཆད་ནས རྩ་བའི་བླ་མ་ཡན་ཆད་གྱི བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ བམ་ཆེན་བདུད་རྩིའི་མཆོད་པ་འབུལ ལྷ་འདྲེས་གཙོ་བྱས་བ་དག་གཞན་གྱི ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ བརྟུལ་ཞུགས་འགྲོ་དོན་མཐར་ཕྱིན་ནས སྣང་བ་འོད་གསལ་སྒྱུ་མར་འབྱོངས ཡ་ང་བག་ཚ་ཆོས་སྐུར་གྲོལ ཧེ་རུ་ཀ་ལྟར་བྱིན་གྱིས་རློབས ཕཊ འཇིག་རྟེན་འདས་དང་

(༦༣༤)མ་འདས་ཀྱི སྡེ་བརྒྱད་འབྱུང་པོ་མི་མ་ཡིན ལོག་འདྲེན་ཤ་ཟའི་གདོན་ཚོགས་ལ སྟོང་གསུམ་ཁྱབ་པའི་ཞིང་ལྤགས་སྟེང་ ཤ་ཁྲག་རུས་པའི་ཕུང་པོར་འབུལ བདག་ཏུ་འཛིན་ན་ང་རེ་ཞེན སྤྱོད་དུ་མ་ནུས་ཁྱོད་རེ་ལོད རིང་ན་རྗེན་པར་ཁྱུར་མིད་ཐོང་ ལྷོད་ན་དུམ་བུར་ཆོས་ལ་ཟོ རྡུལ་ཕྲན་ཙམ་ཡང་མ་བཞག་ཅིག ཕཊ འཁོར་ཚེ་ཐོག་མ་མེད་པ་ནས ཤ་འཁོན་ཆགས་པའི་ལན་ཆགས་དང་ གློ་བུར་ལྷགས་པའི་སྙིང་རྗེའི་མགྲོན ཁས་ཞེན་དབང་ཆུང་མ་ལུས་ལ སོ་སོ་གང་ལ་ཅི་འདོད་ཀྱི འདོད་ཡོན་མི་ཟད་གཏེར་དུ་བསྔོ འབྲེལ་བ་ཐོགས་ཚད་སངས་རྒྱས་ཤིང་ བུ་ལོན་ལན་ཆགས་བྱང་བར་ཤོག ཅེས་བརྗོད་ལྟོས་པ་མེད་པར་བྱིན སྟོང་ཉིད་ངང་ལ་ཉམ་པར་གཞག དེ་ཚེ་ལུས་ལ་གཅེས་འཛིན་དང་ འཇིགས་སྣང་འཁུ་འཕྲིགས་བློ་སྐྱེས་ན ལུས་ནི་ལྷ་འདྲེར་བྱིན་ནས་མེད སེམས་ནི་གཞི་མེད་རྩ་བ་བྲལ འདྲེ་བས་སངས་རྒྱས་ཉིད་ཀྱིས་ཀྱང་ གཟིགས་པ་མེད་སྙམ་གདེངས་བསྐྱེད་ལ གང་ཤར་རང་ངོ་རྩ་གདར་བཅད ཐོགས་བཅས་ཕྱི་རྐྱེན་འབྱུང་བ་དང་གཅན་གཟན་མི་རྒོད་

(༦༣༥)འུྃ སོགས་དང་ཆགས་སྡང་གི་རྣམ་རྟོག་སོགས། །བདུད་དང་ཐོགས་མེད་ནང་རྐྱེན་དགའ་སྡུག་སེམས་ཚིག་པ་སོགས། བདུད དགའ་བྲོད་རང་མཐོང་བདེ་སྐྱིད་མངོན་རློམ་སོགས། བདུད་དང་བསྙེངས་བྱེད་བདུད ཐེ་ཚོམ་དང་ཁུ་འཕྲིགས་ལ་སོགས། ཕཊ ཅེས་དབྱིངས་སུ་གཅོད་པ་ཡིན དེ་ཡང་དུས་ཚོད་ལ་མཚོན་ན ཐོ་རངས་ཚོགས་གཉིས་རྫོགས་པའི་ཕྱིར དཀར་འགྱེད་བདུད་རྩིའི་ངོ་བོར་སྤར ཉིན་གུང་ལན་ཆགས་སྦྱང་བའི་ཕྱིར ཁྲ་འགྱེད་གང་ལ་འཚམས་པར་བསྔོ ནུབ་མོ་བརྟུལ་ཞུགས་ལམ་སློད་ཕྱིར བདག་འཛིན་ཚར་གཅོད་དམར་འགྱེད་གཏོང་ སྲོད་ལ་སྡིག་སྤྱོད་ནག་འགྱེད་བྱ ཀུན་ཀྱང་བདུན་པ་བསྒྱུར་བ་སྟེ གཙོ་བོ་དམིགས་པས་ཉམས་སུ་བླངས དེ་ཚེ་ཚེ་འཕྲུལ་ཅི་བྱུང་ཡང་ ཉམས་དང་བྲལ་བའི་ལྟ་བས་གཅུན གལ་ཏེ་རྣལ་འབྱོར་དབྱིངས་ཆུང་ནས ལྷོངས་འཚུབས་འཆུད་པར་དཀའ་བའམ ལྷ་འདྲེ་དབྱིངས་ཆེས་མ་ལྷོངས་ན ཀེང་རུས་དཀར་པོའི་དམིགས་པ་བྱ ཕཊ ཅེས་རང་ཉིད་སྐད་ཅིག་གིས ཀེང་རུས་དཀར་པོ་མེ་འབར་བ ཤིན་ཏུ་ཆེ་བ་ལས་བྱུང་བའི མེ་ཡིས་སྟོང་གི་འཇིག་རྟེན་དང་ ཁྱད་པར་ལྷ་འདྲེའི་གནས་རྟེན་བསྲེགས མཐར་ནི་ཀེང་རུས་མེ་དང་བཅས འོད་ཡལ་སྟོང་པའི་ངང་ལ་གཞག་

(༦༣༦)འགོ་ནད་སྲུང་བ་ལ་ཡང་ཟབ ཚར་ཚད་དུས་སུ་མ་བྱུང་དང་ གནོད་འདྲེ་གདུག་པ་ཨར་གཏོད་ན རིག་པ་ཁྲོས་མའི་སྐུར་གསལ་བས སྙིགས་མའི་ལུས་ཀྱི་པགས་པ་བཤུས སྟོང་གསུམ་ཁེངས་པའི་གཡང་གཞིའི་སྟེང་ ཤ་རུས་གཅལ་དུ་བཀྲམ་བ་ལ འདྲེ་གདོན་ཟས་ལ་གདུང་བའི་མོད ཁྲོས་མས་གཡང་གཞི་འུབ་ཀྱིས་དྲིལ སྤྲུལ་དང་རྒྱུ་མའི་ཞགས་པས་བསྡམས ཀླད་ལ་བསྐོར་ཞིང་བརྡབས་པ་ཡིས ཤ་མྱོག་རུས་མྱོག་དག་ཏུ་སོང་ སྤྲུལ་པའི་གཅན་གཟན་དུ་མ་ཡིས ལྷག་མ་མེད་པར་ཟོས་པར་བསམ དབྱིངས་རིག་བསྲེས་ཏེ་མཉམ་པར་གཞག དེས་ནི་ཚར་ཚད་ངེས་འབྱུང་ཞིང་ འདྲེ་གདོན་གདུགས་ཚར་ཆོད་འགྱུར ཀུན་ལ་གཅེས་འཛིན་བློ་སྤངས་ཏ ལྟ་བའི་གདེང་གིས་ཟིན་པ་གཅེས དེ་ཚེ་ཚར་ཆད་འདྲ་བའི་ལྷོངས ལྷོངས་ཚད་འདྲ་བའི་ཚར་ཚད་དང་ གཉིས་ཀ་འདྲ་བའི་འདྲེས་མ་དང་ འདྲེས་མ་འདྲ་བའི་བག་ཆགས་དང་ ཚར་ལྷོངས་གཉིས་ཀ་མཐར་ཕྱིན་གྱི རྟགས་རྣམས་ཉམས་དང་སྦྱར་ཏེ་སྤྱད དོན་ལ་བདག་མེད་ཀུན་བཟང་མོ ཡུམ་ཆེན་ཤེས་རབ་ཕར་ཕྱིན་མ དགོངས་པ་ཀློང་དུ་གྱུར་ཙ་ན གཅོད་ཡུལ་ལམ་དུ་ལོངས་བའི ས་མ་ཡ རྗེས་ལ་བསྔོ་སྨོན་བྱ་བ་ནི ཨཱ དགེ་དང་མི་དགེའི་རྟོག་ཚོགས་རང་གྲོལ་ལ རེ་དང་དོགས་པའི་མཚན་མ་མི་དམིགས་

(༦༣༧)འུྃ ཀྱང་ སྣང་ཆའི་རྟེན་འབྲེལ་བསླུ་མེད་དགེ་ཚོགས་རྒྱུན ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱ ཕཊ ཀུན་རྫོབ་ལུས་ཀྱི་སྦྱིན་པ་ལ་བརྟེན་ནས བསྐལ་པར་བསགས་པའི་བུ་ལོན་ལན་ཆགས་བྱང་ དོན་དམ་ཆོས་ཀྱི་སྦྱིན་པས་རྒྱུད་འགྲོལ་ཚེ བདག་གི་འདུས་པ་དང་པོར་སྐྱེ་བར་ཤོག དེ་ཚེ་མ་བཅོས་རང་གཞག་གཉུག་མའི་དོན མི་བསྲུན་ལྷ་འདྲེའི་རྒྱུད་ལ་སྐྱེས་ནས་ཀྱང་ ངར་འཛིན་འཁྲུལ་པའི་རྗེས་སུ་མི་འབྲེང་བར བྱམས་དང་སྙིང་རྗེས་ཤེས་བརྒྱུད་བརླན་པར་ཤོག བདག་ཀྱང་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས སྐྱིད་སྡུག་རོ་སྙོམས་འཁོར་འདས་ཆོས་སྐུར་འབྱོངས ཕྱོགས་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་གྱིས ཕྲིན་ལས་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག ཕཊ ཅེས་བརྗོད་ལྟ་བའི་ངང་མདངས་བསྐྱངས སྙིང་རྗེ་ཆེན་པོའི་རྩིས་ཟིན་པས བདེ་སྡུག་གཏོང་བདག་གི་བདེ་བ་ལྷ་འདྲེར་བཏང་། ལེན་དམིགས་ལྷ་འབྲེའི་སྡུག་བསྔལ་རང་གི་བླངས། པ་དང་ ཆོས་

(༦༣༨)གྱི་སྦྱིན་པ་རྣམས་ལ་བྱ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། སོགས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་ སོགས་དང་། འབྱུང་པོ་གང་དག་སོགས་ཀྱི་ཤིས་བརྗོད་བྱའོ། །འབྲེལ་ཐོགས་བཟང་ངན་ཐར་ལམ་འགོད ས་མ་ཡ མ་མ་ཀོ་ལིང་ས་མནྟ ཨོཾ་ སྙན་ལ་རིང་བ་བུང་བའི་སྐད་ལྟ་བུ། ཧཱུྃ་ རྔམ་ལ་འཚེར་བརྟ་སྐད་ལྟ་བུ། ཏྲཱྃ། དྲག་ལ་གཏུམ་པ་སྟག་མའི་ངར་སྐད་ལྟ་བུ། ཧྲཱི འགྱུར་ལ་ལྡེམ་པ་དྲི་ཟའི་སྐད་ལྟ་བུ། ཨཱ འགྱུར་ལྡེམ་གོང་འདྲ་འདྲ་ནས་གཤམ་འདེགས་ཙམ་བྱེད་པ་ལ་ཌཱཀྐིའི་སྤྱུག་ཀླུ་ཟེར།

(༦༣༩)གཅོད་མཁན་རྣམས་ཀྱི་ཉེ་བར་སྤྱད་པའི་རྣམ་བཤད་ཕྱིན་དྲུག་ལང་ཚོ་བཞུགས། །

(༦༤༠)ཁྲག་འཐུང་གཅོད་པའི་དབང་པོ་ལ་ཕྱག་འཚལ་ལོ། །གཅོད་ཅེས་བྱ་བའི་ངོ་བོ་ནི། །ཕ་རོལ་ཕྱིན་པ་དྲུག་གི་དབྱིངས། །ངེས་ཚིག་བདག་ཏུ་འཛིན་པ་གཅོད། །དབྱེ་ན་ཐུན་མོང་ཁྱད་པར་རོ། །དེ་ལ་གཅོད་པའི་རྣལ་འབྱོར་གྱི། །ཆས་ལ་འོས་པའི་ཡོ་བྱད་ནི། །སྦྱིན་པའི་དྲ་བ་ཚུལ་ཁྲིམས་སྟན། །བཟོད་པའི་ཅོག་པུ་བརྩོན་འགྲུས་དུང་། །བསམ་གཏན་པུས་འཁྱུད་ཤེས་རབ་ནི། ཌཱ་རུའི་རྣམ་པར་གཞག་པའོ། ཀ། དྲ་ཕད། སྦྱིན་པའི་ཚོགས་རྣམས་སྡུད་བྱེད་ཅིང་། །ཆོག་ཤེས་དྲན་པའི་ཡོན་ཏན་སྣོད། །དྲྭ་བ་ཞེས་པ་མདོ་མདུད་འབྲེལ། །ཕད་བུའི་སྒྲ་ལས་ཡོལ་གོ་སྟེ། །རེག་འཇམ་གཡང་

(༦༤༡)མོའི་འདབ་མ་ལ། །བྲམ་ཟེ་མ་ཡི་སྲད་བུ་ལྟར། །ཐང་ལྷོད་འཚམས་པར་བསྒྲིམས་པ་བཞིན། །ལུ་གུ་རྒྱུད་དུ་ཡོངས་སུ་སྦྲེལ། །ཕྱི་ནང་མེད་པར་ཟང་ཐལ་ནི། །རྣལ་འབྱོར་འཛིན་པ་དག་པའི་རྟགས། །ནོར་ལ་བདག་ཏུ་ལྟ་བའི་སེམས། །མཉམ་པ་ཉིད་དུ་ལ་དོར་ནས། །འཕྲལ་གྱི་བཟའ་བཏུང་གྱི་ན་ཙམ། །ངོ་ལྐོག་མེད་པར་ཕྱིར་གསལ་བའི། །བརྟུལ་ཞུགས་འདི་ལ་སུ་གོམས་པ། །སྲིད་པའི་བཙོན་ར་དག་ལས་གྲོལ། །དགྲ་ཡིས་མཐོང་ཀྱང་སྙིང་རྗེ་སྐྱེ། སེར་སྣའི་བགེགས་དང་མཛའ་བ་མིན། །ཆོམ་རྐུན་དང་ནི་རྩོད་པ་ཅན། །གཞན་འབྱོར་དཔལ་ལ་ཕྲག་དོག་པའི། །ལྟས་ངན་བརྒྱད་ཅུ་རྩ་གཅིག་

(༦༤༢)དང་། །གློ་བུར་ཡེ་འབྲོག་གདོན་ལས་གྲོལ། །ཕྱག་མཛོད་འདི་ནི་རྣལ་འབྱོར་གྱི། །དབང་ཕྱུག་མི་ལ་རས་པར་འོས། །གང་ལ་གསོག་སེམས་བྲལ་བདེ། །སྦྱིན་པའི་ཕ་རོལ་ཕྱིན་པའོ། ཁ། ཀོ་སྟན། བརྟུལ་ཞུགས་ཀྱི་ལྟ་བའི་མཚོན་རྣོན་པོས། །མ་རིག་གཅན་གཟན་གྱི་སྲོག་བཅད་ནས། །མཉམ་ཉིད་ཀྱི་ངང་དུ་པགས་པ་བཤུས། །རིག་འཛིན་གྱི་སྡོམ་པའི་ཡན་ལག་ཅན། །བསྐྱེད་རྫོགས་ཟུང་འཇུག་གི་སྡེར་གཞི་མཛེས། །སྡོམ་པ་གསུམ་ལྡན་གྱི་སྟན་དུ་བཏིང་། །གྱོ་མོ་དང་གསེག་མ་ཚེར་ཅན་སོགས། །ཏིང་འཛིན་ལ་འཛེར་པའི་རྣམ་རྟོག་སྤོང་། །རྐང་མཐིལ་ལ་རླུང་ལྷ་ལྡང་བ་ཡི། །རྟེན་འབྲེལ་ཡངས་སྲན་ཚུགས་ངང་དུ་རྫོགས། །ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པའོ། །ག། ཅོག་བུ། ཅོག་ཞེས་བྱ་བ་པུ་རིའི་དངོས། །མཚོན་པ་རྟགས་ཀྱི་ཁང་བཟང་ཡིན། །བྱང་ཆུབ་སེམས་ཀྱི་རས་བལ་ལ། །སྙིང་རྗེ་ཆེན་པའི་བཀལ་བཏགས་བྱས། །སྨོན་འཇུག་བྱང་སེམས་ཀྱི་བཟོ་གྲ་བཙུགས། །ཕར་ཕྱིན་དྲུག་གི་རྒྱན་སྤྲོད་མཛེས། །ལྟ་བ་ཡེངས་མེད་ཀྱི་སྲོག་

(༦༤༣)མཁར་བཙུགས། །སྒོམ་པ་གཏད་མེད་ཀྱི་ཐི་གུས་སྦྲེལ། །སྤྱོད་པ་ཐུག་ཕྲད་ཀྱི་ཕུར་བུས་བརྒྱངས། །ཐེག་པ་ཡས་འབུབས་ཀྱི་ཚུལ་དུ་ཕུབ། །སྤྱོད་པ་མས་འཛེགས་ཀྱི་གནས་མལ་བཅས། །ཀ་བཞི་གདུང་བརྒྱད་ཀྱི་སྤྲོས་པ་ཆོད། །འདུ་འཛི་རྣམ་གཡེང་གི་འཁྲུལ་པ་དོར། །ཆོས་བརྒྱད་རང་གྲོལ་གྱི་ཁང་བཟང་ཡིན། །ཚ་གྲང་གི་གདུང་བ་ཀུན་བཟོད་པས། །བཟོད་པའི་ཕ་རོལ་ཕྱིན་པའོ། ང་། རྐང་གླིང་། མཆོག་ཆེན་མི་རྐང་གླིང་བུ་ཡིས། །བརྡ་དོན་རྟགས་གསུམ་བཤད་ཀྱིས་ཉོན། །རྟོག་མེད་རོ་ཡི་ཡན་ལག་ལས། །ཆགས་སྡང་མེད་པའི་སེམས་ཀྱིས་བྲེགས། །ལྷ་བ་ཕྱུང་ཞིང་བྲང་བརྡར་བྱས། །ཕྱི་ནང་གཟུང་འཛིན་སྤོང་བའི་བརྡ། །རྐང་གླིང་ཁ་སྒོ་གཅིག་པ་ནི། །ཆོས་ཀུན་ཏུ་མ་རོ་གཅིག་བརྡ། །རྩ་བ་མཛོ་སྣ་ཟུང་འབྲེལ་ཅན། །ཆོས་སྐད་ཟུང་འཇུག་གཅེག་སྟོན། །གཤམ་ལ་འབྲེང་ལྕག་ཅོད་པན་ཅན། །གྲུབ་ཐོབ་རྗེས་སུ་འབྲེང་བའི་དོན། །དྲང་ཞིང་སྟོང་པ་

(༦༤༤)གཞུང་མིག་ཅན། །མཐའ་ལ་མི་གནས་དབུ་མའི་དོན། །འབུད་པ་རླུང་གི་རྟེན་འབྲེལ་ལས། །རོ་རྐྱང་དབུ་མར་ཡང་འཛུད། །ཐོས་པས་ལྷ་འདྲེའི་ཡིད་རྩ་འཁོལ། །ཉན་པས་རང་སྣང་གཞན་སྣང་འགྱུར། །འབུད་སྟངས་དང་པོར་བླ་མ་མཆོད། །གཉིས་པས་སྣང་བ་ཟིལ་གྱིས་གནོན། །གསུམ་པས་མགྲོན་རྣམས་སྤྱན་འདྲེན་བྱེད། །བཞི་པས་ཕམ་རྒྱལ་མེད་པར་བསྔོ། །ལྔ་པས་གཟུང་འཛིན་ཐད་དཀར་གཅོད། །ལེ་ལོའི་གཉིད་ལས་སད་པའི་ཕྱིར། །བརྩོན་འགྲུས་ཕ་རོལ་ཕྱིན་པའོ། །ཅ། སྒོམ་ཐག་གམ་པུས་འཁྱུད། །པུས་མོའི་ལྷ་ངར་ལུས་བརྟེན་ཕྱིར། །དེ་ལ་འཁྱུང་པར་བྱེད་པའོ། །རྣལ་འབྱོར་རོ་སྟོད་མཛེས་པའི་རྒྱན། །ཡུམ་གཅིག་རྡོ་རྗེ་ཕག་མོ་དངོས། །ཐིག་ལེ་ཉག་གཅིག་མཚོན་པར་འཁོར། །དབུ་རྐྱང་རོ་གསུམ་བདག་ཉིད་ལ། །རྩ་གནས་འཁོར་ལོའི་དྲྭ་བ་ཅན། །ཕྱི་རུ་སྣང་བ་མཛེས་པའི་རྒྱན། །ནང་ནི་རང་བཞིན་སྟོང་པ་ཉིད། །བོད་དུ་ལོ་ཆེན་བཻ་རོས་བསྟན། །རྡོ་རྗེ་ཟམ་པའི་ཆ་ལག་སྟེ། །དགོས་འགྲེལ་ཤེས་པར་

(༦༤༥)མ་བྱས་ན། །མཆོར་སྒེག་སེམས་ཀྱིས་འཆང་བ་ཙམ། །ཁྱི་རྒན་ཚངས་སྐུད་འཆིང་བ་འདྲ། །གནད་དོན་ཤེས་ན་རྣམ་སྣང་གི། །ཆོས་རྣམས་མ་ལུས་སྡུད་པའི་ཕྱིར། །བསམ་གཏན་ཕ་རོལ་ཕྱིན་པའོ། ཆ། གཅོད་ཌཾ། ཌཱ་རུ་ལ་འཁོར་འདས་ལམ་གསུམ་ཚང་། །འཁོར་བ་སྡུག་བསྔལ་གྱི་ནགས་ཁྲོད་ནས། །མྱང་འདས་ཀྱི་སྟྭ་རེ་རྣོན་པོ་ཡིས། །གཟུང་འཛིན་ལམ་གྱི་ལྗོན་ཤིང་བཅད། །མན་ངག་གདེང་ལྡན་གྱི་ཤིང་མཁན་དེས། །འཁོར་འདས་རྒྱབ་གྱེས་ཀྱི་ཌཱ་རུ་བཟོད། །གཉིས་སྣང་འུབ་ཆུབ་ཀྱི་པགས་པས་གཡོགས། །སྣང་སྟོང་ཟུང་འཇུག་གི་སྐེད་ཆིངས་བཏང་། །ཐབས་དང་ཤེས་རབ་ཀྱི་དབྱུག་ཏོ་ཅན། །མཁའ་འགྲོ་བླ་ཆགས་ཀྱི་མགྲོན་ཚོམ་མཛེས། །ཡེ་ཤེས་ལྔ་ལྡན་གྱི་ལན་ཚར་གདགས། །གསོན་སྐྲས་མ་མོ་བྲན་དུ་བཀོལ། །ཤི་སྐྲས་མཁའ་འགྲོ་དབང་དུ་སྡུད། །སྣང་བ་ཟིལ་གནོན་སྟག་གཟིག་རས། །མ་ཚོགས་དབང་འགྱུར་དྲིལ་

(༦༤༦)གཡེར་ཅན། །ཌཱཀྐ་ཌཱཀྐིའི་ཕྱག་མཚན་ཏེ། །མཐོང་བས་སྲིད་པའི་རྣམ་རྟོག་འགག །འཁྲོལ་བས་གཞན་སྣང་དབང་དུ་འདུ། །བཅངས་པས་མ་ཚོགས་མཁའ་འགྲོ་ཉེ། །སྣང་སྲིད་ལྷ་འདྲེའི་སྲོག་ནས་འདྲེན། །གྲགས་སྟོང་དབྱེར་མེད་རང་སྒྲ་ཡིས། །བརྟན་གཡོ་མ་ལུས་འདར་ཞིང་འཁྲུགས། །ཤེས་རབ་ཕ་རོལ་ཕྱིན་པའོ། །ཞེས་གཅོད་པའི་ཉེར་སྤྱད་རྣམས་ཀྱི་རྣམ་པར་ངེས་པ་མདོ་ཙམ་བརྗོད་པ་འདི་ནི། འབྲུག་པ་ངག་དབང་རྡོ་རྗེས་བསྐུལ་ངོར། །ཀརྴ་པ་ཎིའི་སྣ་རྒྱན་འཛིན་པའི་བཀྱལ་ཀ་ལས་ཅུང་ཟད་གཟན་དུ་བྱས་ཏེ་བརྗོད་པ་པོ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་རོ།། །།

(༦༤༧)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་དང་ རྫོགས་པ་ཆེན་པོའི་རྒྱུད་ཕྱི་མ༔ ཀུན་ཏུ་བཟང་པོའི་དགོངས་ཉམས རྫོགས་པ་ཆེན་པོའི་གནད་གསུམ་ཤིན་འབྱེད་བཅས་བཞུགས

(༦༤༨)འུྃ རྒྱ་གར་སྐད་དུ མ་ཧཱ་སནྡྷི་ས་མནྟ་བྷ་དྲ་ཛྙཱ་ན་དྷཱ་རྟུ་ཏནྟྲ་ནཱ་མ བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ཅེས་བྱ་བ བཅོམ་ལྡན་འདས་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ལོ ཆོས་ཉིད་མ་འཁྲུལ་པའི་དབྱིངས་རང་སྣང་དག་པའི་འོག་མིན་ཆེན་པོ་ན གདོད་ནས་མངོན་སངས་རྒྱས་པའི་རིག་པ་ཀུན་ཏུ་བཟང་པོ་ཉིད བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོ་དང་ ཚོར་བའི་རྒྱལ་པོ་དང་ འདུ་ཤེས་ཀྱི་རྒྱལ་པོ་དང་ འདུ་བྱེད་ཀྱི་རྒྱལ་པོ་དང་ རྣམ་པར་ཤེས་པའི་རྒྱལ་པོ་དང་ ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་དང་ དབང་པོ་ཡུལ་དུས་དག་པའི་སེམས་དཔའ་སེམས་མའི་ཚོགས་དང་

(༦༤༩)འུྃ ཐབས་གཅིག་གོ དེའི་ཚེ་རྟོག་པའི་རྡོ་རྗེ་ཞེས་བྱ་བའི་སེམས་དཔའ་ཆེན་པོ་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ ཀུན་གཞི་དང་ཡེ་ཤེས་ཆེན་པོའི་ཁྱད་པར་ལས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐ་དད་དུ་རྒྱབ་གྱེས་པར་སྟོན་པ་ཁྱོད་ཀྱིས་ཡང་ནས་ཡང་དུ་བཀའ་སྩལ་ན དེ་དང་དེའི་མཚན་ཉིད་སོ་སོར་ཕྱེ་བ་ནི་གང་ སེམས་དང་སེམས་ཉིད་ཅེས་པའི་གདགས་གཞི་དང་ངོ་བོ་ཇི་ལྟ་བུ་ལགས༔ བཀའ་སྩལ་པ ཀུན་གཞི་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོ་དབང་པོ་ཡུལ་ལ་མ་སད་པ་གཉིད་དུ་སོད་བའི་སྐབས་ལྟ་བུ་སྟེ སེམས་མེད་པའི་གནས་སྐབས་

(༦༥༠)ལྔའི་དུས་ནའང་སེམས་དང་སེམས་ཉིད་ཀྱི་རྟེན་དང་བརྟེན་པའི་རང་བཞིན་བག་ལ་ཉལ་དུ་གནས་སོ འོག་མ་རྣམས་སུ་འདི་ཉིད་བདེ་གཤེགས་སྙིང་པོའི་རང་བཞིན་དུ་བསྟན་པ་ནི རེ་ཞིག་ཆོས་དབ་ཡིངས་དྲི་མེད་ལ་ཐེ་ཚོམ་ཟ་བའི་བྱིས་པ་རྣམས་དྲང་བའི་སླད་དུའོ དིའི་ཕྱིར་འདིའི་ག་ན་དག་པ་ཡེ་ཤེས་ཀྱི་སྒོ་མྱ་ངན་ལས་འདས་པའི་ལམ་དང་ ཐིག་ལེ་ཆེན་པོའི་སྣང་བ་དང་ འབྲས་བུའི་ཆོས་རྒྱ་མཚོ་ལྟ་བུ་དང་ མ་དག་པ་འཁོར་བའི་སྒོ་ལས་དང་ ཉོན་མོངས་པ་དང་ རྣམ་པར་རྟོག་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ལྟར་མི་མངོན་པ་བག་ལ་ཉལ་གྱི་ཚུལ་དུ་ཡོད་པས་ན སེམས་ཅན་དང་ སངས་རྒྱས་དང་ ལམ་གྱི་ཡེ་ཤེས་དང་ སེམས་ཉིད་གང་ཡང་མ་ཡིན་ཏེ་ཀུན་གྱི་སྣོད་དམ འཆར་གཞིར་གྱུར་བས་ན ཀུན་གཞི་ཞེས་བྱའོ

(༦༥༡)དབྱེ་ན་རྣམ་པ་བཞི་ཡོད་དེ༔ གདོད་མ་གཞིའི་ཀུན་གཞི༔ སྦྱོར་བ་དོན་གྱི་ཀིན་གཞི༔ བག་ཆགས་ལུས་ཀྱི་ཀུན་གཞི༔ བག་ཆགས་སྣ་ཚོགས་པའི་ཀུན་གཞིའོ༔ དེ་དག་གི་ངོ་བོ་མདོར་བསྡུ་ན༔ ཀུན་གཟིའི་ཁམས་ནི་ཅི་ཡང་མི་སེམས་པ་སྒོ་ང་ལྟ་བུའོ༔ རྩལ་སྣོད་དུ་མའི་འཆར་གཞིར་ལངས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དོ༔ དེ་ལས་དགེ་མི་དགེ་ཆགས་སྡང་བར་མ་གསུམ་གྱིས་ཉེ་བར་ལེན་པའི་རླུང་གྱོས་པ་ནི་སེམས་ཀྱི་མཚན་ཉིད་དོ༔ འདི་ལྟར་དབང་པོ་དྲུག་གི་ཡུལ་ལས་སད་པའི་ལས་གཟུང་འཛིན་གྱི་ཡིད་གྱོས༔ ཉོན་མོངས་པའི་ཡིད་ང་ཡིར་འཛིན་པ་དང་འགྲོགས་ནས་རྩ་བའི་ཉོན་མོངས་པ་ལྔ༔ ཉེ་བའི་ཉོན་མོངས་ཉི་ཤུ༔ སེམས་བྱུང་ལྔ་བཅུ༔ རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་ལྡང་འདུག་གི་ཚུལ་དུ་ཁྲིད་དེ་ཁམས་གསུམ་

(༦༥༢)གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ལུས་ཤང་ལུས་པ་མེད་པ་ཐམས་ཅད་རྫོགས་པར་བྱའོ ཀྱཻ་རྟོག་པའི་རྡོ་རྗེ་རིག་པའི་ཡེ་ཤེས་ནི་ཀུན་གཞིའི་ཁམས་ལས་རྒྱུན་ཆགས་ཀྱི་ཆ་ནས་རྫས་འགལ་བ་མ་ཡིན་ཀྱང་ ངོ་བོ་གནས་འགྱུར་བ་ཞེས་བྱ་སྟེ་གཉིད་དུ་སོང་བ་དེ་ལས་སད་པ་ལྟ་བུའོ འདི་ལྟར་དབང་པོ་ཡུལ་ལ་སད་ཀྱང་ཡུལ་གྱི་སྣང་བས་ནི་མ་གོས ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ཀྱི་སྦུབས་སུའང་མ་ཆུད རྣམ་པར་མི་རྟོག་པ་ཙམ་གྱི་གཤིས་སུ་སེམས་དང་སེམས་ཉིད་གཉིས་མཚུངས་པ་ལྟར་སྣང་ནའང་ སེམས་ནི་འཛིན་བ་དང་བཅས་ཤིང་ཡུལ་གྱི་བག་ཆགས་དང་བ་ལྟར་མི་མངོན་པར་འགྲོགས་ལ སེམས་ཉིད་ནི་ངོ་བོ་སྤྲོས་པ་དང་བྲལ རང་བཞིན་ཟང་ཐལ རྣམ་པ་ཐམས་ཅད་པའི་ཤེས་རབ་ཡུལ་དང་བྱིང་རྒོད་ཀྱིས་བརྫི་བར་མི་ནུས་པས་མྱ་ངན་ལས་འདས་པའི་རྟེན་ཅིང་འབྲེལ་འབྱུང་ཐམས་ཅད་རྫོགས་པའོ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ཅེས་བྱ་བ་ལས གཞི་དང་འཁོར་འདས་ཀྱི་སྒོ་བཤད་

(༦༥༣)འུྃ པའི་ལེའུ་སྟེ་དང་པོའོ ཡང་རྟོག་པའི་རྡོ་རྗེས་གསོལ་པ འཁོར་བ་དང་མྱ་ངན་ལས་འདས་པའི་གྱེས་མཚམས་ལས་སྔ་ཕྱི་དང་དུས་ཚོད་ཀྱི་གཏན་ཚིགས་བཞག་ཏུ་རུང་ངམ་མི་རུང་ སྟོན་པ་ཀུན་ཏུ་བཟང་པོ་ཡང་གཞན་སྣང་དགེ་བའི་ངོར་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་པ་ལགས་སམ རྒྱུད་གཞན་གྱིས་བསྡུས་པའི་དངོས་སྣང་བདེན་གྲུབ་ཇི་ལྟར་ལགས་སྟོན་པས་གསུང་དུ་གསོལ བཀའ་སྩོལ་པ སྤྲུལ་པའི་སྐུའི་སྣང་ཆ་ལ་འདས་པ་དང་ མ་འོངས་པ་དང་ ད་ལྟ་བ་ཞེས་དུས་གསུམ་དུ་རྣམ་པར་གཞག་གིས ད་ཀུན་ཏུ་བཟང་པོ་ནི་ཆོས་ཉིད་བརྗོད་པ་དང་བྲལ་བ་ཡིན་པས་བསམ་གྱིས་མི་ཁྱབ་པའི་དུས་ཀུན་ཏུ་བཟང་པོ་ལ་ཐོག་མར་བྱས་ནས་ཐོག་མའི་མགོན་པོ་ཞེས་ཚིག་བླ་དགས་སུ་བཏགས་པ་ཙམ་མོ རྒྱུ་དེས་གང་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་རྟོག་དཔྱོད་ཀྱི་ཤེས་རབ་ཤར་བ་ཙམ་ནས་འཁོར་འདས་རྒྱབ་གྱེས་པ་ཞེས་བྱ་སྟེ གཞི་གཅིག་ལ་ལམ་གཉིས་སུ་ཤར་བའི་ཕྱིར་རོ ཀྱཻ་རྟོག་པའི་རྡོ་རྗེ

(༦༥༤)སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཅན་ཐོག་མའི་མགོན་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཉིད་སེམས་ཅན་ཕྱི་ཁམས་རྒྱ་མཚོ་ལྟ་བུ་ལས་རྒྱུད་གཞན་གྱིས་བསྡུས་པར་སེམས་ན འཁོར་བ་དང་མྱང་འདས་འབྲེལ་ལ་མ་འབྲེལ་བར་གནས་པའི་སྟེ་ཆད་དེ སེམས་ཅན་ལ་སངས་རྒྱས་ཀྱི་ས་བོན་དང་བྲལ་བས་ཚོགས་གཉིས་ཀྱི་ལམ་རྒྱ་མཚོ་ལྟ་བུ་བསྟན་པ་དེ་དག་ཀྱང་ཆི་ཆད་པར་འགྱུར་རོ རྒྱུ་དེས་ངའི་རང་བཞིན་རྫོགས་པ་ཆེན་པོ་ལ་གཞི་ཐོག་ནས་གྲོལ་བ་དང་ འཁྲུལ་པའི་ལམ་གཉིས་ཀ་ཡོད་པས་གཞིའི་བཞུགས་ཚུལ་ལ་མཁས་པར་གྱིས་ཤིག འདི་ལྟར་རང་ངོའི་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བ་དང་ ལས་དང་ཉོན་མོངས་པས་ཀུན་ནས་དཀྲིས་པའི་ཆ་གཉིས་ལས་སངས་རྒྱས་དང་སེམས་ཅན་གྱི་ཁམས་སུ་རང་ཤར་བའི་ཆོས་ཤེས་པར་གྱིས་ལ་ང་ཀུན་ཏུ་བཟང་པོ་རྒྱུད་གཞན་གྱིས་བསྡུས་པའམ སྒྱུ་མ་ལྟར་སྣང་ཆ་ལ་འཕྲུལ་པ་བཅོས་མའི་སངས་རྒྱས་ལ་རེ་བ་མཚོལ་ཅིག ཅེས་གསུངས་སོ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་

(༦༥༥)འུྃ པོ་ཡེ་ཤེས་ཀློང་གི་རྒྱུད་ལས འཁོར་འདས་ཀྱི་གྱེས་མདོ་བསྟན་པའི་ལེའུ་སྟེ་གཉིས་པའོ ཡང་རྟོག་པའི་རྡོ་རྗེས་གསོལ་བ རྣམ་པར་ཤེས་པའི་ཚོགས་དང་ཡིད་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་བྱེ་བྲག་ཇི་ལྟར་འབྱེད་པ་ལགས བཀའ་སྩལ་པ ཀུན་གཞི་ལས་རང་གི་རྩལ་སྣང་གཡོས་ཏེ་ཤེས་པ་ཡུལ་ལ་འཇུག་པར་རྩོམ་པ་ན་ཀུན་གཞིའི་རྣམ་པར་ཤེས་པ་ལྡང་སྟེ དཔེར་ན་ཀུན་གཞིའི་ཁམས་གཉིད་འཐུག་པོ་ལྟ་བུ་ལས་ནི་སང་ ཡུལ་ལྔའི་བཟུང་ཡུལ་ལ་དངོས་སུ་ནི་མ་ཤར འཛིན་བྱེད་ཀྱི་ཤེས་པ་ཤིན་ཏུ་ཕྲ་བ་ཞིག་ལངས་པ་དེས་ཀུན་ཏུ་རྟོག་པའི་གཟུགས་བརྙན་འཛིན་པའི་རྟེན་འབྲེལ་རང་ཆས་སུ་སློང་སྟེ་མེ་ལོང་བཞིན་ནོ དེ་སྒོ་ལྔ་སོ་སོའི་རྩ་རླུང་གི་བྱེད་པས་ཤེས་པ་ཡུལ་ལ་ཁྲིད་དེ མིག་གི་ཡུལ་དུ་གཟུགས་དང་ རྣ་བའི་ཡུལ་དུ་སྒྲ་དང་ སྣའི་ཡུལ་དུ་དྲི་དང་ ལྕེའི་ཡུལ་དུ་རོ་དང་ ལུས་ཀྱི་ཡུལ་དུ་རེག་བྱ་སྟེ་རྣམ་པར་ཤེས་པའི་ཁམས་ལྔ་ལྡང་ངོ་ དེ་ཉོན་

(༦༥༦)མོངས་པ་ཅན་དང་ཡིད་ཀྱི་ངོ་བོས་ཆགས་སྡང་རྨོངས་གསུམ་ལ་སོགས་པར་བཟུང་ནས་འཁོར་བའི་རྒྱུ་མ་རིག་པ་དང་ ལས་དང་ བག་ཆགས་དང་ འབྲས་བུ་ཐམས་ཅད་དུ་འདུ་བྱེད་པའོ མདོར་བསྡུ་ན དེ་ཐམས་ཅད་ཀྱི་སྣོད་དམ་གཞི་ལྟ་བུར་གྱུར་པས་ན་ཀུན་གཞི གོ་འབྱེད་པོའི་ཆ་ནས་ཀུན་གཞིའི་རྣམ་པར་ཤེས་པ དེ་ཁ་ཕྱིར་བལྟས་ཏེ་ཡུལ་ལ་སད་པའི་ཆ་ནས་སྒོ་ལྔ རང་ས་ནས་ཉོན་མོངས་ཉེ་བར་ལེན་པའི་ཆ་ནས་ཉོན་ཡིད སྣ་ཚོགས་སུ་འབྱེད་པའི་ཆ་ནས་ཡིད་ཤེས་ཏེ རྣམ་པར་ཤེས་པའི་ཚོགས་བརྒྱད་ཅེས་བྱའོ ཡང་གསོལ་བ དེ་ལྟར་ན་སྣང་བའི་ཁམས་འདི་དག་འཁྲུལ་སྣང་ཡིན་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡུལ་ཁྱིམ་ལ་སོགས་པའི་དངོས་གཅིག་ཏུ་སྣང་བའི་རྒྱུ་ཇི་ལྟར་ལགས བཀའ་སྩལ་པ རྟོགས་པ་རྣམས་ཀྱི་སྣང་ངོར་ནི་འཁྲུལ་པའི་སྣང་བ་ཡེ་ནས་ཡོད་མ་མྱོང་སྟེ མ་རྟོགས་པ་རྣམས་ལའང་སྤྱི་ཚན་དུ་རིགས་དྲུག་སོ་སོའི་སྣང་བས ཆུ་གཅིག་པུ་ཉིད་ལའང་ལྷས་བདུད་རྩི དམྱལ་བས་མེ་མ་དག ཡི་དྭགས་

(༦༥༧)འུྃ ཀྱིས་རྣག་ཁྲག་ལ་སོགས་པའི་རིགས་དྲུག་གི་སྣང་ཚུལ་ཐ་དད་དེ གནས་རིགས་དེ་དང་དེའི་ལས་སྣང་དང་རྩལ་གཟུགས་ཀྱིས་བསྡུས་པ་དག་ནི་ཁམས་དང་དབང་པོ་དང་བསམ་པའི་སྣང་ཚུལ་ཡང་རགས་པ་ཙམ་དུ་གཅིག་པའི་འཁྲུལ་སྣང་ལ་ལྷན་གཅིག་ཏུ་སྤྱོད་པའི་ཕྱིར་རོ རྟོགས་མ་རྟོགས་ཀྱི་ཆ་ནས་གཞལ་ན་དེ་ལྟར་སྣང་བ་ཡང་མི་རིགས་ཏེ དཔེར་ན་ཆོས་ཉིད་ལ་མཉམ་པར་གནས་པའི་རྣལ་འབྱོར་པ་ལ་རི་དང་ ཁང་ཁྱིམ་ལ་སོགས་པ་སྣང་ངོ་ལ་མ་འགགས་ཀྱང་ རིག་ངོ་ལ་དེ་དང་དེར་འཛིན་གྱི་འདུ་ཤེས་མེད་པས་སྣང་སེམས་དུ་མ་རོ་གཅིག་གི་ངང་ནས ནམ་མཁའ་ལ་མཁའ་ལྡིང་བཞིན་བྱ་བ་དང་ ཆུ་ལ་དང་པ་ལྟ་བུ་དང་ རི་བྲག་ལ་ཐལ་བྱུང་དུ་འགྲོ་བ་ལ་སོགས་ཀྱང་སྣང་བ་ལ་དེར་འཛིན་མེད་པ་ལས་བྱུང་པའོ དེའི་ཕྱིར་ཀུན་བྱེད་རྒྱལ་པོ་སེམས་ཀྱི་གནས་ལུགས་ཉིད་ཀུན་གཞིའི་ཀློང་ན་བལྟར་མི་མངོན་པར་གབ་ནས་འཁོར་འདས་ཐམས་ཅད་ཀྱི་གཞིར་གནས་པ་དང་༔ གཞི་ཐོག་ནས་

(༦༥༨)གཞི་སྣང་བ་ཆེན་པོའི་འོད་གསལ་མུ་མཐའ་མེད་པར་ཤར་ཀྱང་ ཡུལ་དང་མ་འབྲེལ རང་སར་མ་རྨུགས འཛིན་པས་མ་བསླད གཟུང་བས་མ་བཅིངས ཤེས་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ཏེ་ཆོས་སྐུའི་དབྱིངས་ལ་བྱང་ཆུབ་པ་དང་ གཞི་ལས་ཤེས་པ་གཡོས་ཏེ་ཡིད་ཀྱི་རྣམ་ཤེས་སུ་གནས་འགྱུར གཟུང་འཛིན་གྱི་གདོན་ཆེན་པོ་དང་འགྲོགས་ནས་ལས་དང་བག་ཆགས་ཀྱི་རྟེན་བྱེད་པའི་མ་ཚང་ཆེན་པོ་འདི་ཤེས་ནས་ད་ཀུན་ཏུ་བཟང་པོས་ཟག་བཅས་ཀྱི་དགེ་བ་རྡུལ་ཙམ་ཡང་མ་བྱས་པར་སངས་རྒྱས་ཐམས་ཅད་ཀྱི་མེས་པོར་སངས་རྒྱས་པའོ ཞེས་གསུངས་སོ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རང་བཞིན་བཤད་པའི་ལེའུ་སྟེ་གསུམ་པའོ དེའི་ཚེ་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་སྟན་ལས་ལངས་ཏེ རང་གི་སྟོན་པ་ལ་ཆོས་ཉན་ཅིང་རང་གི་ཉེ་འཁོར་ལ་བགྲོ་བ་མཛད་པའི་ངང་ནས་འདི་སྐད་ཅེས་གསོལ་ཏོ ཀྱཻ་བཅོམ་ལྡན་

(༦༥༩)འུྃ འདས་ཀ་དག་ཞེས་བྱ་བ་ནི་རིག་པའི་སྟོང་ཆ་སྤྲོས་མཚན་དང་བྲལ་བ་འདི་ཁོ་ན་ལགས་སམ དེ་ལས་འོད་གསལ་མ་བུའི་རྣམ་པར་དབྱེ་བ་ནི་གང་རང་བཞིན་རྫོགས་པ་ཆེན་པོ་ཡེ་ཇི་བཞིན་གནས་ལུགས་བཤད་དུ་གསོལ བཀའ་སྩལ་པ ངའི་སྙིང་ཏིག་གི་དགོངས་པ་གདོད་ནས་འཁྲུལ་མ་མྱོང་བའི་ཡེ་ཤེས་སངས་རྒྱས་བཟང་པོས་མ་བཅོས སེམས་ཅན་ངན་པས་མ་བསླད་པའི་ངང་དུ་སྣང་སྲིད་ཡེ་སངས་རྒྱས་པ་ལ་ཀ་དག་ཞེས་ཚིག་བླ་དགས་སུ་བཏགས་པ་ཙམ་སྟེ ངོ་བོའི་ཆ་ནས་སྣང་བ་དང་སྟོང་པའི་ཕྱོགས་གང་དུའང་ལྷུང་བ་མེད་པས་རྒྱུ་འབྲས་དང་བཅས་པའི་བསྐྱེད་བྱ་སྐྱེད་བྱེད་ལ་སངས་རྒྱས་སུ་རེ་བ་མ་འཚོལ་ཅིག ཅིའི་ཕྱིར་ཞེ་ན ངས་བྱ་རྩོལ་ལས་འདས་པའི་ཐེག་པར་གཞི་དང་ལམ་གྱི་འོད་གསལ་དངོས་གཅིག་ཏུ་བཤད་པ་ལས མ་དང་བུའི་བྱེ་བྲག་འབྱེད་པའི་རྟོག་ཆོས་གཙོ་བོར་བསྟན་པ་ནི་མེད་དོ འོན་ཏེ་གཉིས་སུ་མེད་པའི་དོན་ལ་གཉིས་སུ་བྱ་བའང་གདུལ་བྱ་ཁ་དྲང་བའི་

(༦༦༠)སླད་དུ་ཡིན་ན་གདོད་མའི་གཞི་དབྱིངས་མཐར་ཐུག་གི་གྲོལ་ས་ཆེན་པོ་ནམ་མཁའི་དབྱིངས་ལྟ་བུ་ལ་འོད་གསལ་མའི་ཐ་སྙད་ཙམ་གདགས་སུ་རུང་ངོ་ ད་ལྟ་ལམ་གྱི་གནས་སྐབས་ན་རྣམ་པར་ཤེས་པའི་ཚོགས་དང་བཅས་ཤིང་ ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་དབུས་ན་བུམ་པ་ནང་གི་ནམ་མཁའ་གུད་དུ་བཅད་པ་བཞིན་བདེ་གཤེགས་སྙིང་པོ་རང་བཞིན་གྱི་འོད་དུ་གསལ་བའི་བདག་ཉིད་ཅན་ལ་གོམས་པར་བྱེད་པ་ལ་བུའི་ཐ་སྙད་ཙམ་དུ་མཚོན་ཏེ འདི་དག་ཀྱང་དོན་དམ་པར་ནི་མ་ཕྱིར་བཞག བུ་ནང་དུ་བསྐྱིལ་བ་ལྟ་བུའི་གོ་མྱོང་ཡོད་ན་དེ་ཡང་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་ང་སྨྲའོ ཀྱཻ་ཡེ་ཤེས་རྡོ་རྗེ ང་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་ཀློང་ནི ངོ་བོ་ལ་མཚན་ཉིད་མེད་པས་རྟག་པ་མ་ཡིན་ནོ རང་བཞིན་ལ་གསལ་འགྲིབ་སྤངས་པས་ཆད་པ་མ་ཡིན ཐུགས་རྗེ་ལ་ཕྱོགས་རིས་མེད་པས་མུ་དང་མཐས་མ་གཏུགས ནམ་མཁའི་ཁམས་སུ་གྱུར་ཡང་སྟོང་པས་དཔེར་ན་མ་བཏུབ ཉི་ཟླའི་འོད་དང་འདྲ་སྟེ་རིག་པས་གོ་ཕྱེད ངའི་སྣང་བ་ལ་བཟུང་བའི་ཡུལ་

(༦༦༡)འུྃཿ མེད་པས་ཕྱི་སྟོང་པ་ཉིད་དོཿ ངའི་སྟོང་པ་ལ་འཛིན་པའི་སེམས་མེད་པས་ནང་སྟོང་པ་ཉིད་དོཿ རིག་པའི་ཀློང་ན་ཡེ་ཤེས་རྒྱ་མ་རལ་བས་དོར་བ་མེད་པ་སྟོང་པ་ཉིད་དོཿ མདོར་ན་ཁ་ལེན་གྱི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྫོགས་པས་གཞི་ཀ་དག་ཆེན་པོཿ ལམ་ལྷུན་གྲུབ་ཆེན་པོཿ འབྲས་བུ་རང་གྲོལ་ཆེན་པོཿ བསྒོམས་པས་སངས་རྒྱས་མ་ཐོབཿ མ་བསྒོམས་པས་འཁོར་བར་མ་འཁྱམསཿ སོ་མ་རང་གྲོལ་རྒྱ་ཡན་ལྷུན་འབྱམས་ངང་གཞག་ཆེན་པོ་སྟེ་ཆོས་ལྔ་དང་ལྡན་པ་ཀ་ནས་དག་པའི་ཡེ་ཤེས་ཆེན་པོ་དུས་གསུམ་འཕོ་འགྱུར་མེད་པ་ཞེས་བྱའོཿ དེའི་དཔལ་ལས་གཞི་སྣང་བ་ཆེན་པོ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུ་ཐོད་རྒལ་གྱི་སྣང་བ་བཀོད་དེཿ ཤེས་རབ་རང་བྱུང་གི་སྒྲོན་མས་འཆར་བའི་གཞི་བྱས་སོཿ རྒྱང་ཞགས་ཆུའི་སྒྲོན་མས་འཆར་བྱེད་ཀྱི་སྒོ་བྱས་སོཿ དག་པ་དབྱིངས་ཀྱི་སྒྲོན་མས་ཤར་བའི་རྒྱན་བྱས་སོཿ ཐིག་ལེ་སྟོང་པའི་སྒྲོན་མས་ཤར་

(༦༦༢)བའི་མཚན་ཉིད་བྱས་སོཿ དེ་ལྟར་སྒྲོན་མ་རྣམ་པ་བཞིའི་རྟེན་དེ་ཡང་བརྟེན་པ་རིག་པའི་གདངས་ཆེན་པོ་རྡོ་རྗེ་ལུ་གུ་རྒྱུད་ཆོས་ཉིད་མངོན་སུམ་པའི་སྣང་བ་དང་འགྲོགས་པ་ལསཿ ཉམས་གོང་འཕེལ་དང་ཿ རིག་པ་ཚད་ཕེབས་དང་ཿ ཆོས་ཉིད་ཟད་པ་སྟེ་སྣང་བ་ཆེན་པོ་བཞི་མཐར་ཐུག་པས་འབྲས་བུའི་ཆོས་ལམ་གྱི་སྣང་བ་ལ་རྫོགས་པ་ནི་ཀུན་ཏུ་བཟང་པའི་གསང་བ་བསམ་གྱིས་མི་ཁྱབ་པའོཿ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལསཿ གཞི་སྣང་བ་ཆེན་པོའི་ལམ་བཤད་པའི་སྐབས་ཏེ་ལེའུ་བཞི་པའོཿ ཡང་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེས་གསོལ་པཿ ལོངས་སྤྱོད་རྫོགས་པའི་སྐུའི་འཆང་གཞི་ནི་ཆོས་ཀྱི་སྐུའི་རྩལ་སྣང་སྟེཿ དེའི་མཆན་ཉིད་ནི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའོཿ ངོ་བོ་ནི་ཆོས་སྐུའི་རང་བཞིན་ལས་

(༦༦༣)འུྃཿ གཡོ་བ་མེད་པའོཿ ངེས་ཚིག་ནི་སྐུ་གསུམ་དང་ཡན་ལག་བདུན་གྱི་རྒྱུ་དང་འབྲས་བུའི་ཆོས་མ་ལུས་ཤིང་ལུས་པ་མེད་པའི་སྣང་བ་ལ་རྟག་པ་རྒྱུན་གྱི་འཁོར་ལོར་ལོངས་སྤྱོད་པས་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའི་སྣང་བ་སྟེ་འབྲས་བུའི་ལོངས་སྐུ་ཞེས་བྱའོཿ དེ་ལས་གདུལ་བྱའི་སྣང་ཚུལ་གྱི་སྐུའམཿ གཟུགས་བརྙན་ལོངས་སྐུའི་སྟོན་པ་ནི་ངེས་པ་ལྔ་ལྡན་འབྲས་བུའི་སྐུ་ལས་བྱད་དང་མེ་ལོང་གི་གཟུགས་བརྙན་བཞིན་སྟོན་པ་རྡོ་རྗེ་འཆང་གི་ཐུགས་རྗེ་ལས་རང་བཞིན་དུ་སྤྲུལ་པ་མངོན་པར་དགའི་བ་དང་ཿ དཔལ་ལྡན་བརྩེགས་པ་དང་ཿ པདྨ་བརྟེགས་པ་དང་ཿ ལས་རབ་གྲུབ་པ་དང་ཿ མེ་རི་འབར་བ་ལ་སོགས་ཏེ་ཕྱོགས་བཅུ་སྤྲུལ་པའི་ཞིང་དུ་རྣམ་པར་འཕྲུལ་ལོཿ འདི་ལྟར་གསང་བ་མཆོག་གི་ཐེག་པ་འདིའི་ལམ་གྱི་སྒོ་མཐོང་ཞིང་དམ་ཚིག་ཆེན་པའི་གནས་ལ་བསླབ་པ་དག་ནི་གལ་ཏེ་སྐྱེ་བ་འདི་ལ་སྣང་བཞི་ཚད་དུ་མ་ཕྱིན་ཀྱང་ཿ ཁམས་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་རང་གི་སྙིང་ཁ་

(༦༦༤)ན་གཞི་སྣང་བ་ཆེན་པོའི་འོད་གསལ་ཆོས་ཀྱི་དབྱིངས་དང་ཿ མེ་ལོང་ལྟ་བུ་དང་ཿ མཉམ་པ་ཉིད་དང་ཿ སོ་སོར་རྟོགས་པ་དང་ཿ བྱ་བ་གྲུབ་པ་དང་ལྔའི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཆེན་པོའི་འཆར་གཞིར་བཞུགས་པས་ལམ་སྣང་དུ་རིག་པ་ཚད་ཕེབས་ཀྱི་མཆན་དཔེ་འགོད་ཅིང་ཿ ཆོས་ཉིད་ཀྱི་ལོངས་སྐུས་བར་དོའི་ལམ་དུའང་གདུལ་བྱའི་དོན་རྨི་ལམ་ལྟར་བྱེད་པའི་ཕྱིར་ཕྱེད་སྤྲུལ་ལོངས་སྐུ་ཞེས་བྱ་སྟེ༔ རང་སྣང་ལ་འབྲས་བུའི་ལོངས་སྐུ་དང་ངོ་བོ་ཐ་དད་པ་མ་ཡིན་ཀྱང་ཿ ཞིང་ཁམས་དང་འཁོར་ལོ་སོགས་པ་སྤྲུལ་པའི་སྣང་བས་བསྡུས་པའི་ཕྱིར་རོཿ དེའི་ཕྱིར་ཞིང་ཁམས་འདི་དག་ཏུ་དབུགས་ཕྱུང་བ་དག་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡིན་ལཿ དབྱིངས་ཀྱི་ལོངས་སྐུ་ཆེན་པོ་ནི་སངས་རྒྱས་ཉིད་ཀྱི་སྣང་ཆར་སྟོང་གཟུགས་རྟག་པ་རྒྱུན་གྱི་འཁོར་ལོའི་ཆོས་ཉིད་ལ་སྤྱོད་ཅིང་ཿ རྒྱུད་གཞན་དུ་ས་བཅུའི་དབང་ཕྱུག་གིས་ཀྱང་མི་མཐོང་བའི་ཁྱད་པར་རོཿ ཞེས་གསུངས་པསཿ འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རང་སྣང་ཉིད་ལ་

(༦༦༥)འུྃཿ རང་སྣང་དུ་སྤྱོད་པའི་སྐལ་བ་ཆེན་པོ་ལ་རྗེས་སུ་ཡི་རང་བའི་ངང་ནས་གསོལ་པཿ ཀྱཻ་སྟོན་པ་ཀུན་ཏུ་བཟང་པོཿ ཉིད་ཀྱི་དགོངས་པ་ལ་གཅིག་དང་ཐ་དད་པའི་མཚན་མ་མི་དམིགས་ནཿ ངོ་བོ་ཉིད་ཀྱི་ཡེ་ཤེས་ངོ་བོ་ཉིད་ཀྱི་ཀློང་ན་འཁྱིལ་བ་ཆོས་དབྱིངས་གཞོན་ནུ་བུམ་པའི་སྐུའི་གནས་ལུགས་གསུང་དུ་གསོལཿ ཞེས་ཞུས་པསཿ བཅོམ་ལྡན་འདས་དཔལ་གདོད་མའི་མགོན་པོས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་དོན་ལ་དགོངས་པ་ཙམ་ནས་ཅད་མི་གསུང་བའི་གནས་སྐབས་སུ་གྱུར་ཏེ་ཅང་མི་གསུང་བའི་དོན་གྱིས་ལན་བཏབ་ནས་ཞལ་ཕྱག་མཚན་དཔེར་སྟོན་པའི་སྤྲོས་པ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་རྡོ་རྗེཿ མངོན་པར་བྱང་ཆུབ་པའི་དབྱིངས་སུ་ཐིམ་པར་གྱུར་ཏོཿ དེའི་ཚེ་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་དེ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གསང་བ་གསམ་གྱིས་མི་ཁྱབ་པའི་ཐུགས་རྗེས་བསྐུལ་ཏེ་ངོ་བོའི་བཞུགས་ཚུལ་ཚིག་གི་ལམ་དུ་

(༦༦༦)སྟོན་པའི་སྤོབས་པའི་གཏེར་ཆེན་པོ་ཡོངས་སུ་གྲོལ་ནས་བཀའ་སྩལ་པཿ ཨེ་མ་ཧོཿ རྟག་པ་མ་ཡིན་ཡེ་ཤེས་སྐུཿ ཆད་པ་མ་ཡིན་གསལ་བའི་གདངསཿ གཉིས་ཀ་མ་ཡིན་ཟུང་འཇུག་སྦུབསཿ སོ་སོ་རང་རིག་ངོ་བོའི་སྐུཿ མཐའ་དང་དབུས་མེད་ནམ་མཁའི་ངང་ཿ ཆོས་ཉིད་གསལ་བའི་གཞལ་ཡས་ནཿ སྐུ་ལྔ་ཡེ་ཤེས་ལྔ་ཡི་བདགཿ ནང་གསལ་གཞོན་ནུ་བུམ་པའི་སྐུཿ བགྲེས་རྒུད་མེད་པའི་གཞོན་ནུ་ལཿ མཁྱེན་ཆ་ནང་གསལ་བུམ་པའི་སྐུཿ འགྱུར་བ་མེད་པའི་ཡེ་ཤེས་དང་ཿ འགག་མེད་ཐབས་ཀྱི་ཤེས་རབ་རྩལཿ ངང་དང་རང་བཞིན་ཆོས་ཉིད་ཀློངཿ ཐིམ་ལ་མ་རྨུགས་ཕྲ་བའི་སྐུཿ ཆོས་སྐུའི་ཀློང་ན་གཅིག་ཏུ་འདྲེསཿ ལོངས་སྐུའི་ངང་ནས་མཚན་དཔེར་རྫོགསཿ སྤྲུལ་པས་གདུལ་བྱ་དཔག་མེད་འདྲེནཿ མདོར་ན་དེ་བཞིན་གཤེགས་པ་ཡིཿ སྐུ་གསུང་ཐུགས་ཡོན་

(༦༦༧)འུྃཿ ཕྲིན་ལས་ཀྱིཿ གསང་བ་བསམ་གྱིས་མི་ཁྱབ་པའིཿ ཡེ་ཤེས་ཆེན་པོ་གང་ཡིན་པཿ ངོ་བོ་ཉིད་ཀྱི་ཀློང་ནའོ༔ ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ཅེས་བྱ་བ་ལས༔ འབྲས་བུའི་གྲོལ་ས་ཆེན་པོ་བཤད་པའི་ལེའུ་སྟེ་ལྔ་པ་སྐུ་དང་ཡེ་ཤེས་ཀྱི་ངེས་བརྗོད་བསྟན་པ་རྫོགས་སོཿ ཿརྒྱུད་འདི་སོར་མོ་དྲུག་པའི་ཚདཿ རིན་ཆེན་དང་པོའི་ཁུ་བས་བྲིསཿ འདི་ནི་ཆོས་སྐུའི་རིང་བསྲེལ་དངོསཿ གཞན་གསུམ་དག་ཀྱང་ལྡན་པར་བྱཿ སེལ་མེད་བདུད་རྩི་ཨ་མྲྀ་ཏཿ བདེ་བསྐྱེད་མ་ཡི་ལྕང་ལོར་བཅསཿ སྤྱི་ལ་གླེབས་བམ་ཚུལ་དུ་བྱསཿ མགུལ་དུ་དྲོད་དང་མ་བྲལ་བཅདཿ རྣལ་འབྱོར་ལྡན་ལ་ཙན་དན་གྱིཿ དྲིལ་ཤིང་བཅས་ཏེ་ཞབས་ནས་དྲིལཿ དར་སྣ་ལྔ་ཡིས་རྒྱ་ཆིང་གདབཿ མཁའ་འགྲོ་ཚོགས་ཀྱིས་མཉེས་བྱས་ལཿ ཐོད་རྒལ་རིག་པའི་རྩལ་དབང་དང་ཿ འབྲེལ་བར་བདེ་ཆེན་འཁོར་ལོར་བཟུང་ཿ ཆོས་ཕུང་བརྒྱད་ཁྲི་བཅངས་དང་མཉམཿ འཁོར་འདས་ལམ་གསུམ་ཀུན་གྱི་མཚང་ཿ རིག་འཛིན་དཔའ་བོ་

(༦༦༨)མཁའ་འགྲོ་ཡིཿ བླ་རྡོ་ཡིན་པས་དད་གུས་བསྐྱེདཿ རྩ་གསུམ་ལྷ་ཚོགས་སྤྲིན་བཞིན་འདུཿ ཉམས་དང་རྟོགས་པ་ཤུགས་ལ་འབརཿ བགྲོད་པ་གཉིས་དང་ས་གཡོ་སོགསཿ རྣལ་འབྱོར་རང་ཉམས་འབར་བའི་ཚེཿ རྒྱུད་འདི་ཀླག་ཅིང་དོན་ལ་བསམཿ འདི་དོན་བདེ་བླག་སུས་རྟོགས་པཿ ཐོག་མའི་ཀུན་ཏུ་བཟང་པོ་དང་ཿ སྐལ་བ་མཉམ་པར་འགྱུར་བས་ནཿ ལྟ་སྒོམ་དམན་དང་ཐེག་དམན་ལཿ གཅིག་གིས་མི་འདུད་ལག་གིས་བརྡཿ འདི་ནི་རྒྱུད་ཀུན་སྙིང་པོ་སྟེཿ དད་དང་ངེས་ཤེས་སུ་ལྡན་པཿ དེ་ལ་སྦྱོར་བའི་དངོས་གྲུབ་ཡོདཿ ཐེ་ཚོམ་ཅན་ལ་སྐལ་བ་ཆདཿ དེ་ཕྱིར་འབྲས་བུ་གསང་སྔགས་ཀྱིཿ ལམ་ལ་ཡིད་གཉིས་མེད་པ་དང་ཿ མོས་པ་བརྟན་པ་ཁག་ཆེ་བསཿ ཐབས་ཀྱི་ལམ་མཆོག་དམ་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ སྦས་རྒྱཿ དམ་རྒྱཿ ཟབ་རྒྱཿ རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ནི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་རྡོ་རྗེའི་བཀོད་པསཿ ཐ་སྙད་དང་ཚིག་ལ་མ་བརྟེན་པར་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ནས་འགག་པ་མེད་

(༦༦༩)འུྃཿ པར་བཤད་ཅིང་ཿ རིག་འཛིན་འཇིགས་མེད་གླིང་པས་སྐད་གཉིས་ཤན་སྦྱར་གྱི་རྟོག་ཆོས་ལ་མ་ལྟོས་པར་པུ་རི་དཀར་པོ་ཀློང་སྒྲོམ་འབར་བའི་མཁའ་འགྲོའི་ཡི་གེ་ལས་པར་གྱིས་བཏབ་པ་བཞིན་དུ་སྐད་ཅིག་ཉིད་ལ་གཏན་ལ་དབབ་པའོཿ བུད་མེད་ཞིག་གིས་བྷོ་དྷི་ཙི་དང་ཿ རཀྴའི་ཕྲེང་བ་སྨུག་པོ་རྒྱན་ལྡན་ལུ་གུ་རྒྱུད་དུ་སྦྲེལ་བ་གཉིས་ལས་རཀྴ་དང་ཆུ་དར་སྔོན་པོའི་རྒྱ་མདུད་ལྷན་ཅིག་པར་སྤྲད་ནས་གསང་བར་གདམས་པ་ཡིན་པས་རེ་ཞིག་གསུམ་རྒྱུད་དུ་གུ་ཧྱཿ ༈ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ མན་ངག་རྫོགས་པ་ཆེན་པོའི་རྒྱུད་ཕྱི་མ་བཞུགསཿ རྒྱ་གར་སྐད་དུཿ མ་ཧཱ་སནྡྷི་ཨུ་པ་དེ་ཤ་ཏནྟྲ་ནཱ་མཿ བོད་སྐད་དུཿ མན་ངག་རྫོགས་པ་ཆེན་པོའི་རྒྱུད་ཅེས་བྱ་བཿ མ་བཅོས་རིག་པའི་ཀློང་ལ་ཕྱག་འཚལ་ལོཿ

(༦༧༠)ཐོག་མའི་མགོན་པོ་ཀུན་ཏུ་བཟང་ཿ སངས་རྒྱས་ཀུན་གྱི་མེས་པོ་ངསཿ ཅི་ཡང་མ་ཡིན་འོད་གསལ་དང་ཿ ཉེ་བར་ལེན་པའི་མ་རིག་ཀུནཿ དབྱིངས་སུ་བཅོམ་ནས་སངས་རྒྱས་ཏེཿ འཁོར་བར་འཁྱམ་དུ་མ་མྱོང་བསཿ ང་ལ་ཐོག་མའི་མགོན་དུ་གྲགསཿ དེ་ཚེ་དབྱིངས་ལས་རིག་པའི་རྩལཿ ལྷུན་གྲུབ་ཐུགས་རྗེའི་སྤྲིན་བཀོད་ཚེཿ སྙིང་རྗེས་འཁོར་བའི་སེམས་ཅན་རྣམསཿ མ་བཟོད་ང་ཡི་གོ་འཕང་ལཿ འགོད་ཕྱིར་འགགས་མེད་རང་བྱུང་རྩལཿ གཞི་ལམ་འབྲས་བུའི་རྒྱུད་དུ་བཤདཿ གཞི་ནི་འཁོར་འདས་འདུས་མ་བྱསཿ ལམ་ནི་གསལ་དངས་ཕྱེད་པར་ཤརཿ འབྲས་བུ་མ་བཙལ་ལྷུན་གྲུབ་སྦུབསཿ བཅིངས་གྲོལ་མེད་པར་བུདྡྷའོཿ ས་མ་ཡཿ རྒྱུ་རྐྱེན་ལས་འདས་སྟོང་པ་ཉིདཿ འོད་དུ་གསལ་པའི་བདག་ཉིད་ཅནཿ སེམས་ཅན་ཀུན་གྱི་རང་རྒྱུད་ལཿ གནས་ཀྱང་རང་ངོ་རང་གིས་བསྒྲིབསཿ ལས་དང་བག་ཆགས་མུན་ཀློང་འཐུམསཿ སྣ་ཚོགས་སྡུག་བསྔལ་ལས་ལ་སྤྱོདཿ དེ་དག་སྙིང་རྗེས་དྲང་བའི་སླདཿ ང་ཡི་གནས་ལུགས་ཆེན་པོ་ལཿ བཞུགས་

(༦༧༡)འུྃཿ ཆུལ་ངོ་བོ་བརྟག་པའི་ཕྱིརཿ སྐྱེ་མེད་ཀློང་ནས་ཚིག་གི་རྒྱུདཿ འགགས་མེད་རྡོ་རྗེའི་རོལ་མོར་བསྒྱུརཿ ས་མ་ཡཿ སེམས་ཞེས་སྣ་ཚོགས་སྣང་བའི་སྒོཿ མི་དྲན་དགུ་དྲན་འཁོར་བ་དང་ཿ མྱ་ངན་འདས་པ་ཀུན་གྱི་གཞིཿ བྱུང་ནི་དང་པོ་གད་ནས་བྱུང་ཿ སྣང་བ་ས་རྡོ་རི་བྲག་དང་ཿ སྟོང་པ་ཅང་མེད་ནམ་མཁའི་དབྱིངསཿ དེ་ལ་སོགས་ཏེ་སྣང་བརྟགས་ཀྱིཿ ཤེས་བྱས་ཁྱབ་པའི་ཡུལ་ཀུན་ལཿ བརྟག་དཔྱད་གཞིག་འབྲེལ་ཅི་བྱས་ཀྱང་ཿ ངོ་བོས་སྟོང་པའི་ཆོས་ཉིད་ལཿ བྱང་ས་སྟོར་བས་བྱུང་མཁན་མེདཿ རྒྱུ་ཡིས་དཔྱད་དུ་མེད་པའི་ཕྱིརཿ ངོ་བོ་སྟོང་པར་ང་ཡིས་བཤདཿ དེ་བཞིན་ལམ་གྱི་གནས་སྐབས་སུཿ བག་ཆགས་ལས་གྲུབ་སེམས་ཅན་གྱིཿ སྤྱི་བོའི་གཙུག་ནས་རྐང་མཐིལ་ཡནཿ གང་དུ་གནས་པའི་ཡུལ་བཙལ་བསཿ འཚོལ་བའི་མཁན་པོ་སྟོང་པར་ཤརཿ རྐྱེན་ལ་བལྟོས་པ་མེད་པའི་ཕྱིརཿ རང་བཞིན་གསལ་བར་ང་ཡིས་བསྟནཿ ཐ་མ་འཁོར་བ་སྟོངས་གྱུར་ནསཿ སྣོད་བཅུད་མིང་

(༦༧༢)ཡང་མི་གྲགས་ཚེཿ ཡུལ་དང་ཡུལ་ཅན་ལ་སོགས་ཏེཿ རང་བཞིན་ཅི་ཡི་གནས་སུ་འགྲོཿ བརྟགས་ཀྱང་འགྲོ་མཁན་རྣམ་དག་པསཿ འགྲོ་སའི་ཁུངས་དང་བྲལ་བའི་ཕྱིརཿ ཐུགས་རྗེ་ཀུན་ཁྱབ་ཆེན་པོའོཿ ས་མ་ཡཿ དེ་ལྟར་བྱུང་གནས་འགྲོ་གསུམ་གྱིཿ དཔྱད་དུ་མེད་པའི་སེམས་ཉིད་འདིཿ དངོས་པོ་ཅན་ནམ་དངོས་མེད་ཅནཿ གསལ་བ་ཅན་ནམ་སྟོང་པ་ཅནཿ འབྲས་བུ་ཅན་ནམ་འབྲས་མེད་ཅནཿ དོན་ལ་ཡོད་དམ་མེད་པ་སོགསཿ ཇི་ལྟར་གཞིགས་ཤིང་བློས་དཔགས་ཀྱང་ཿ བྱ་ལོང་ནམ་མཁའི་མཐའ་འཚོལ་བཞིནཿ ཤེས་བྱས་ཐུག་པར་མི་ནུས་ཤིང་ཿ སྟོང་པའི་ངང་ལས་རིག་པར་ཤརཿ རིག་པའི་ངོ་བོ་སྟོང་པ་ཉིདཿ རིག་སྟོང་གཉིས་སུ་མི་ཕྱེད་ལཿ གཅིག་ཀྱང་མ་ཡིན་ཀུན་གྱི་སྲོགཿ སངས་རྒྱས་བཟང་པོས་མ་བཅོས་ཤིདཿ སེམས་ཅན་ངན་པསམ་བསྒྱུར་བའིཿ ད་ལྟའི་རིག་པ་བཟོ་མེད་པཿ གཅེར་ཡན་དྲི་མེད་རང་གསལ་ནིཿ གདོད་མའི་མགོན་པོ་ང་ཉིད་དོཿ དེ་ཉིད་མ་རིག་སེམས་ཅན་རྣམསཿ དེ་ལ་གཟུགས་སུ་རྟོགས་པར་བྱེདཿ

(༦༧༣)འུྃཿ བསྐལ་པར་བསྒྲུབས་ཀྱང་ང་མི་མཐོང་ཿ ད་ལ་སྒྲ་རུ་རྟོགས་པར་བྱེདཿ རིག་པ་བགྲང་ཀྱང་ང་མི་འགྲུབཿ ང་ལ་ཐུགས་རྗེའི་ཡེ་ཤེས་རྟོགསཿ དེ་ཡང་གཉིས་འཛིན་རྣམ་རྟོག་སྟེཿ དགེ་སྡིག་ལས་དང་དེ་འབྲས་ཀྱིསཿ ཕན་གནོད་བཟང་ངན་མེད་པའི་དབྱིངསཿ སྤང་བླང་བྱ་རྩོལ་དག་པའི་ཀློདཿ གནས་ལུགས་དོན་གྱི་ཀུན་བཟང་ང་ཿ དུས་བཞི་མཉམ་པ་ཉིད་དུ་བཞུགསཿ མི་གསུང་རང་གནས་ཆེན་པོར་བཞུགསཿ མི་འགྱུར་གཡུང་དྲུང་ལྟ་བུར་བཞུགསཿ སྤྲོས་པའི་ཚིག་གིས་བཅོས་པ་ལཿ ང་ཡི་དགོངས་པར་ཉི་མེ་སྲིདཿ མངོན་སུམ་གནད་དུ་ཕེབས་པ་དེཿ ང་དང་གཉིས་སུ་མེད་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དེ་ལྟར་དགོངས་པ་དོན་རྒྱུད་ལཿ ཚིག་རྒྱུད་རྣམ་པ་གསུམ་དུ་བྱུང་ཿ སེམས་ཀློང་མན་ངག་སྡེ་གསུམ་མོཿ དང་པོ་སེམས་སྡེའི་ངོ་བོ་ནིཿ མིག་གཉིས་ནམ་མཁའི་ཁམས་སུ་བལྟཿ འགྱུ་བའི་དབུགས་ཀྱང་རང་སོར་གློདཿ སྐྱིལ་ཀྲུང་མཉམ་གཞག་ལྷོད་ཆ་ཅནཿ ཡང་ན་ལག་གཉིས་པུས་

(༦༧༤)མོང་བཀབཿ ཆོས་ཀུན་བྱང་ཆུབ་སེམས་ཀྱི་ངང་ཿ གསལ་དངས་ཕྱེད་པའི་རིག་པ་ལཿ འདུ་ཤེས་གྲུང་པོས་མི་ལྟ་བརཿ བལྟ་བྱ་ལྟ་བྱེད་གཉིས་མེད་པའིཿ གནས་ལུགས་ཡ་གཞག་ཆེན་པོ་ལཿ སྒྲིམ་པོའི་བློ་ཡིས་མི་འཆོས་སོཿ དྲན་པའི་གཟེབ་ཀྱི་ས་མི་འཆིང་ངོཿ གཉེན་པོའི་ལྷད་ཀྱིས་མི་བསླད་དོཿ དེ་ཚེ་དྲན་བསམ་ཅི་ཤར་ཡང་ཿ སེམས་ལས་བྱུང་ཞིང་སེམས་ཀྱི་ངང་ཿ འཁོར་འདས་མ་ལུས་སེམས་སུ་རྫོགསཿ དེ་ལྟར་གནས་པའི་ཆོས་ཉིད་ལཿ ཐ་སྙད་ཚིག་གིས་སྨྲ་མ་ཤེསཿ བཅོས་མའི་མིག་གིས་མཐོང་མ་གྱུརཿ ཀ་དག་གཏིང་གསལ་ཆེན་པོའོཿ ས་མ་ཡཿ གཉིས་པ་ཀློང་སྡེའི་ངོ་བོ་ནིཿ ཕྱོག་རིས་མེད་པ་ལྟ་བའི་ཀློང་ཿ དམིགས་གཏད་མེད་པ་སྒོམ་པའི་ཀློང་ཿ རེ་དོགས་མེད་པ་སྤྱོད་པའི་ཀློང་ཿ ཐེ་ཚོམ་མེད་པ་འབྲས་བུའི་ཀློང་ཿ བཟང་ངན་མེད་པ་ཆོས་སྐུའི་ཀློང་ཿ དྲན་འཛིན་མེད་པ་ལོངས་སྐུའི་ཀློང་ཿ རྟག་ཆད་མེད་པ་སྤྲུལ་སྐུའི་ཀློང་ཿ སྒོམ་དུ་མེད་པ་འོད་གསལ་ཀློང་ཿ གཉེན་པོ་མེད་པ་དྲན་པའི་ཀློང་ཿ བདེ་

(༦༧༥)འུྃཿ ཆེན་ཀུན་ཏུ་བཟང་མོ་ཡིཿ བྷ་ག་ཡངས་པའི་ཀློང་ཆེན་མོརཿ བཅོས་མའི་ཆོས་རྣམས་རྫོགས་སངས་རྒྱས༔ དེ་ཕྱིར་ང་ཡི་མཁའ་ཀློང་དུཿ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེཿ འདུ་འབྲལ་མེད་པ་ཨེ་མ་ཧོཿ ས་མ་ཡཿ གསུམ་པ་འོད་གསལ་མན་ངག་སྡེཿ གནད་ཀྱི་ཡང་ཟབཿ ཐིག་ལེའི་སྐོརཿ དཔྲལ་བའི་མིག་ལས་གེས་པ་སྟེཿ སྙིང་གི་ཁྲག་ལས་ཕངས་པའི་དོནཿ ཅི་ཕྱིར་བློ་ཡིས་བྱས་པའི་ཆོསཿ ཐེག་བརྒྱད་ཚིག་གི་གྲུབ་མཐའ་དང་ཿ རྟོག་པས་བརྟགས་པའི་སྟོང་པ་ཉིདཿ རྩོལ་བས་གཅུན་པའི་ཤས་ཉམས་ལཿ གནས་ལུགས་ཡིན་དུ་མི་རེ་བརཿ ཁྲེགས་ཆོད་གདེང་དུ་གྱུར་པ་ལསཿ ནང་དུ་སྟོང་པའི་ཉམས་ཤར་བསཿ ཕྱི་རུ་གསལ་བའི་ཡེ་ཤེས་ནིཿ སྙིང་ནས་མིག་ཏུ་འབྲེལ་བ་ཡིཿ རང་བྱུང་གསང་བ་ཆེན་པོའི་རྩཿ ཀ་ཏི་ཤེལ་གྱི་སྤུ་གུ་ཅནཿ དར་དཀར་སྣལ་མ་ལྟ་བུའི་ལམཿ བརྒྱུད་དེ་དབང་པོའི་མངོན་སུམ་པརཿ ལྷག་མཐོང་རྡོ་རྗེ་ལུ་གུ་རྒྱུདཿ མུ་ཏིག་བསྟར་ལ་བརྒྱུས་

(༦༧༦)པ་ལྟརཿ གསལ་འཚེར་དངས་སྙིགས་ཕྱེད་པར་འཆརཿ འདི་ནི་སངས་རྒྱས་ཐམས་ཅད་ཀྱིཿ ཡེ་ཤེས་ཆེན་པོའི་ལམ་ཡིན་པསཿ མཐོང་ཞིང་གནད་ལ་སུས་ཕེབས་པཿ ཁམས་གསུམ་ལྡོག་པ་མ་ཡིན་ནོཿ དེ་ཕྱིར་ལྷག་མཐོང་རིག་པ་དེཿ སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་དང་ཿ སྒོ་ཡུལ་རླུང་གི་གནད་བསྟུན་ཏེཿ སྒྲོན་མ་རྣམ་བཞིར་གཅུན་པ་ལསཿ ནང་དབྱིངས་རྣམ་དག་སྒྲོན་མའི་ཀློང་ཿ རིག་པ་བཅུད་དུ་སྨིན་པ་ལཿ ཕྱེད་སྐུར་འཆར་བ་ཉམས་གོང་འཕེལཿ རིགས་ལྔའི་ཚོམ་བུ་ཚད་ཕེབས་ཉམསཿ དེ་ཡང་སྣང་དང་མི་སྣང་གིཿ འཛིན་པའི་ཆོས་ཉིད་ལས་འདས་ཤིང་ཿ རགས་པའི་ལུས་དང་དབང་པོའི་ཡུལཿ ཐམས་ཅད་དབྱིངས་སུ་དག་པ་ལཿ ཆོས་ཉིད་ཟད་ཅེས་ང་ཡིས་བཤདཿ ཡིད་སྤྱོད་ཐེག་པའི་སྐུ་གསུམ་གྱིཿ འབྲས་སྣད་འདི་ཡི་ལམ་སྣང་དུཿ སྐད་ཅིག་ཙམ་ལ་རྩལ་རྫོགས་པས༔ སྟོང་ཆེན་གཞོན་ནུ་བུམ་པའི་སྐུཿ ནང་གསལ་ཐིམ་ལ་མ་རྨུགས་པའིཿ དབྱིངས་སུ་མངོན་པར་སངས་རྒྱས་ཚེཿ སྤངས་རྟོགས་མཐའ་

(༦༧༧)འུྃཿ རུ་ཕྱིན་པའོཿ ང་དང་གཉིས་སུ་མེད་པའོཿ ཆོས་སྐུ་རང་གསལ་ཆེན་པོའོཿ དེ་ཕྱིར་ཤིན་ཏུ་གསང་ཆེན་གྱིཿ ལམ་མཆོག་བླ་ན་མེད་པ་འདིའིཿ ལམ་གྱི་ཁྲིད་ཚུལ་རྒྱ་ཆེན་རྒྱུདཿ འོད་ཀྱི་ཡང་ཞུན་བཅུ་བདུན་གྱིཿ གནས་རྣམས་འདས་རྗེས་གསུམ་དུ་བསྡུསཿ དེ་ཉིད་ལྟར་དུ་རིག་པར་བྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དཔལ་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ལས་རང་ཤར་བ་པ་ཆེན་དྲི་མེད་འོད་ཟེར་གྱི་བརྡས་བརྒྱུད་དེཿ ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སྒྲ་རང་འགྱུརཿ དོན་དགོངས་པ་སྒྱུརཿ མན་ངག་གནད་བསྒྱུར་གྱི་ཚུལ་དུ་གཏན་ལ་ཕབ་པ་རྫོགས་སོཿ དཔལ་ལྡན་སྔགས་ཀྱི་སྲུང་མས་དམ་ཉམས་བཀའ་རྐུན་གྱི་ལག་ཏུ་མ་གཏང་ཞིགཿ ༈ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཀུན་ཏུ་བཟང་པོའི་དགོངས་ཉམས་བཞུགསཿ ༈ དྲན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿ རྩ་བ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲཿ ནམ་མཁའི་རང་བཞིན་ནམ་མཁའ་དམིགས་སུ་མེདཿ དེ་བཞིན་རིག་པ་དཔེ་ཡིས་མི་མཚོན་

(༦༧༨)ཡང་ཿ ཐབས་ལ་བརྟེན་ནས་གནད་ཀྱི་མན་ངག་བཤདཿ ཇི་ལྟར་དབུལ་པོའི་ཁྱིམ་གྱི་གཏེར་བཟང་པོཿ རང་ལ་ཡོད་ཀྱང་དེ་ཉིད་མ་རིག་པསཿ དབུལ་པོའི་རང་བཞིན་འགྱུར་བ་མེད་པ་ལྟརཿ མ་རིག་རྟོག་པའི་དྲྭ་བར་འཐུམས་ཆེས་པའིཿ མ་རྟོགས་འཁོར་བའི་སེམས་ཅན་སྙིང་རེ་རྗེཿ ཇི་ལྟར་རྣལ་མའི་ལམ་ལ་རྒྱབ་ཕྱོགས་ནསཿ ལོག་པའི་འདུ་ཤེས་ཤིན་ཏུ་མི་བཟད་པསཿ རྟག་ཆད་ཁ་ན་མ་ཐོས་གྲུབ་པའི་མཐའཿ ཕྱོགས་གཅིག་ཁོ་ནར་འཛིན་པའི་དཀའ་ཐུབ་ཅནཿ ལོག་རྟོགས་མུ་སྟེགས་ཅན་དག་ཉོན་རེ་མོངསཿ གདོད་ནས་དག་པའི་སེམས་ཉིད་ནམ་མཁའི་ཁམསཿ ཤེས་བྱའི་ཆོས་ཀྱིས་ཇི་ལྟར་བཙལ་བྱས་ཀྱང་ཿ སྲིན་བུའི་ཁ་ཆུས་དེ་ཉིད་འཆིང་བ་ལྟརཿ དོན་ལ་རྒྱབ་ཀྱིས་ཕྱོགས་པའི་མངོན་ཞེན་ཅནཿ ཉན་ཐོས་འགོག་པའི་བློ་ཅན་ཨ་ཐང་ཆདཿ འཁོར་འདས་ཀུན་གྱི་རྩ་བ་རང་གི་སེམསཿ བཅས་བཅོས་མེད་པའི་དང་དུ་སངས་རྒྱས་པཿ མ་རིག་རྟེན་འབྲེལ་འཁོར་བའི་ཆོས་འཁོར་ལཿ འདུ་ཤེས་གཅིག་ཏུ་གཞུངས་པའི་ཕྱོགས་འཛིན་ཅནཿ རང་རྒྱལ་བཅོས་མའི་

(༦༧༩)འུྃཿ སངས་རྒྱས་ཉམས་རེ་དགའཿ གདོད་ནས་རང་རྩལ་རྫོགས་པའི་སེམས་ཉིད་དེཿ མ་བཅོས་གཉུག་མའི་ལྷུམས་སུ་ཞུགས་པ་ལཿ བདེན་གཉིས་ཚིག་ལ་འཚེལ་བའི་རྟོག་དཔྱོད་ཀྱིཿ ཡིན་ཚུལ་བཅོས་མར་གཏོང་བའི་ཚུལ་འཆོས་ཅནཿ བྱང་ཆུབ་སེམས་དཔའི་གྲུབ་མཐའ་ཕྱིར་ཐག་རིང་ཿ བཟང་ངན་བླང་དོར་མེད་པའི་སེམས་ཉིད་ལཿ གཙང་བཙོག་སྤོང་ལེན་སྒྲིན་པོའི་ལྷད་ཀྱིས་བསླདཿ གཉིས་མེད་དོན་ལ་གཉིས་འཛིན་གཟུགས་ཀྱིས་བཅོསཿ ཐོབ་བྱ་མེད་ལ་གོ་འཕང་དོན་གཉེར་བའིཿ བྱ་རྒྱུད་ཀྲི་ཡའི་གྲུབ་མཐའ་ཉམས་རེ་མཚརཿ བཟང་ངན་འཕེལ་འགྲིབ་མེད་པའི་གནས་ལུགས་ལཿ ལྟ་སྒོམ་སྤྱོད་པའི་ཐ་སྙད་འགགས་ན་ཡང་ཿ ཐབས་དང་ཤེས་རབ་སྤྱོད་པའི་དངོས་འཛིན་བློསཿ བྱར་མེད་བྱ་བར་གཡེལ་བའི་གྲུབ་མཐའ་ཅནཿ སྤྱོད་རྒྱུད་ཨུ་པའི་བརྟུལ་ཞུགས་ཐང་རེ་ཆདཿ ཕྱི་ནང་བར་མཚམས་མེད་པ་དྲན་པའི་གཤིསཿ བཅོས་མའི་བློ་དང་བྲལ་བའི་སེམས་ཉིད་ལཿ ཟབ་

(༦༨༠)གསལ་ཕྱག་རྒྱར་བཅོས་པའི་རྣམ་རྟ་གཅནཿ རྣལ་འབྱོར་ཡོ་གའི་གྲུབ་མཐའ་ཆོད་རེ་ཆུང་ཿ འབད་རྩོལ་རྒྱུ་ལ་མ་ལྟོས་སེམས་ཀྱི་ངང་ཿ འབྲས་བུ་ལམ་དུ་བྱེད་པ་ཆོས་ཉིད་ལཿ རྩ་རླུང་སེམས་ཀྱི་ངལ་སོས་དབུགས་འབྱིན་པའིཿ སྤྲོས་བཅས་ཨ་ནུའི་གྲུབ་མཐའ་ཐང་རེ་ཆདཿ ཞལ་ཕྱག་མཚན་མ་བྲལ་བའི་སེམས་ཉིད་ལཿ སྣང་སྲིད་ལྷ་སྐུར་ལྟ་བའི་གོལ་ས་དང་ཿ སྒྲར་གྲགས་སྔགས་སུ་གོལ་བའི་འཛིན་རྟོག་ཅནཿ མ་ཧཱ་ཡོ་གའི་ལམ་གྱིས་འདི་མི་མཐོང་ཿ ཀུན་ཏུ་བཟང་པོའི་དགོངས་ཉམས་ལསཿ ཐེག་བརྒྱད་བློ་ཡི་གྲུབ་མཐའ་གཞག་པའི་ལེའུ་སྟེ་དང་པོའོཿ ཀྱཻ་ཧོཿ ང་ཡི་རང་བཞིན་རྫོགས་པ་ཆེན་པོ་ལཿ འཁོར་འདས་ཆོས་རྣམས་སྤངས་ཐོབ་བྲལ་བར་རྫོགསཿ མན་ངག་གནད་རྣམས་རང་གྲོལ་ཆེན་པོར་རྫོགསཿ ལྟ་བའི་གནད་རྣམས་རྟག་ཆད་མེད་པར་རྫོགསཿ སྒོམ་པའི་ལམ་རྣམས་འབད་རྩོལ་མེད་པར་རྫོགསཿ སྤྱོད་པའི་ཆོས་རྣམས་གནང་བཀག་མེད་པར་རྫོགསཿ འབྲས་བུའི་ངོ་བོ་ཡིད་སྨོན་བྲལ་བར་རྫོགསཿ རྫོགས་

(༦༨༡)འུྃ ཞེས་བྱ་བའང་བློས་བཏགས་ཙམ་དུ་ཟད ཆོས་རྣམས་ཀུན་གྱི་ངོ་བོ་བྱང་ཆུབ་སེམས སངས་རྒྱས་ཀུན་གྱི་ཐུགས་ཀྱང་བྱང་ཆུབ་སེམས སེམས་ཅན་ཡོངས་ཀྱི་སྲོག་ཀྱང་བྱང་ཆུབ་སེམས བྱང་ཆུབ་སེམས་ལ་ཀུན་རྫོབ་དོན་དམ་མེད མེད་ཅེས་སྨྲ་ནས་སྟོང་པར་རྒྱས་མི་གདབ ཡོད་ཅེས་བཟུང་ནས་རྟག་པར་བློས་མི་འཚོས མ་བཟུང་མ་བཏང་རང་གར་བློ་འདས་དབྱིངས བསམ་ཡུལ་སྤྲོས་པ་ཀུན་དང་བྲལ་བའི་ཀློང་ ང་ལ་བཅོས་མའི་རྣམ་རྟོག་མེད་པའི་ཕྱིར དགེ་སྡིག་ལས་དང་འབྲས་བུ་གཏན་ནས་ཟད ལྷ་སྔགས་ཏིང་ངེ་འཛིན་གྱིས་ཅི་ཞིག་བྱ བསྒྲུབས་པས་འགྲུབ་པའི་སངས་རྒྱས་པ་མ་ཡིན ང་ཡི་རང་བཞིན་ཀུན་ཁྱབ་ཆེན་པོ་ལ ས་ལམ་བགྲོད་པས་མཐོང་བ་ག་ལ་སྲིད དེ་ཕྱིར་རེ་དོགས་འཇུར་བུར་མི་འཆིང་བར ལྟ་བ་བཟང་པོའི་ངར་དང་ཕྲོལ་ལ་ཞོག སྒོམ་པ་ཟབ་མོའི་ཤུབས་ནས་ཐོན་ལ་ཞོག སྤྱོད་པ་འཇུར་བུའི་ཚུལ་འཆོས་ཤིག་ལ་ཞོག འབྲས་བུ་ཆེན་པོའི་

(༦༨༢)རེ་དོགས་བསྒྱུར་ལ་ཞོག སྒོམ་དང་མི་སྒོམ་ལས་འདས་དྲན་པའི་ངང་ བྱ་དང་མི་བྱའི་རྩིས་གདབ་དབྱིངས་སུ་ཡལ སྟོང་དང་མི་སྟོང་ལས་འདས་བྱང་ཆུབ་སེམས ཡོད་དང་མེད་པའི་ཕྱོགས་ཞིག་གཉུག་མའི་ཀློང་ སྨྲ་བསམ་བརྗོད་དུ་མེད་པའི་རིག་པ་ལ དེར་འཛིན་གཉེན་པོ་མེད་པའི་སྲོག་ཤིང་ཅན གཅེར་བུ་ལྷིང་པ་རང་གྲོལ་སོ་མའི་གཤིས འབད་རྩོལ་སྤྲོས་པ་ཀུན་དང་བྲལ་བའི་ཀློང་ དུས་གསུམ་འཕལ་འགྲིབ་མེད་པའི་དང་ལ་གནས ཀུན་ཏུ་བཟང་པོའི་དགོངས་ཉམས་ལས རྫོགས་པ་ཆེན་པོ་ཡེ་གྲོལ་སོར་གཞག་ཏུ་བསྟན་པའི་ལེའུ་སྟེ་གཉིས་པའོ ཀྱཻ་ཧོ དེ་ལྟར་སྤངས་ཐོབ་བྲལ་བའི་བྱང་ཆུབ་སེམས བདེ་བར་གཤེགས་པ་རིག་པའི་སྙིང་པོ་ཅན རྒྱུད་ལ་གནས་ཀྱང་བཅོས་མའི་གཟེབ་ཀྱིས་བཅིངས ཇི་ལྟར་བསྒོམས་བཞིན་སྙིང་པོའི་དོན་ལ་སྒྲིབས རྩ་བྲལ་ངོ་བོ་མེད་པའི་ཆོས་ཉིད་ལ ཤེས་བྱ་སྐྱེ་འགག་མེད་པར་སྒྲོ་བཏགས་པས གཟུགས་མེད་གཟུགས་སུ་བཅོས་པ་ཇི་བཞིན་དུ རྣལ་མའི་དོན་ལས་གཡེལ་བ་ཉོན་རེ་མོངས འགའ་

(༦༨༣)འུྃ ཞིག་དྲན་བསམ་འཕྲོ་འདུ་ཆད་པའི་རྗེས ཆེད་འཛིན་གཉེན་པོས་བསླད་པའི་སྟོང་སྒོམ་གཟུགས འབད་པས་གཅུར་གྱིས་བསྒོམ་པས་ཨ་ཐང་ཆད སྲོག་རྩར་ལས་རླུང་འཇུག་པའི་གེགས་སུ་ཆེ ལ་ལ་རྣལ་མའི་ངོ་བོ་མ་མཐོང་བཞིན རྣལ་མའི་ཚིག་གིས་བསླུས་པའི་ལུང་མ་བསྟན དྲན་བསམ་ལྐོག་ཏུ་གྱུར་པའི་གཏི་མུག་ལ སྒོམ་གྱི་ངོ་བོར་འཛིན་པ་ཤིན་ཏུ་འཁྲུལ ཁ་ཅིག་འགྱུ་དྲན་སེམས་སུ་ཤེས་པའི་བློས དྲན་བསམ་འཕྲོ་འདུའི་ཕྱི་ལ་རྣམ་རྟོག་ཅིང་ སྐྱེ་འགག་གྲངས་སུ་འདེབས་པའི་བསམ་གཏན་དེས ལོ་བརྒྱར་བསྒོམས་ཀྱང་འཁྲུལ་པའི་འཁོར་ལོར་འཕྱན ཕལ་ཆེར་རྩོལ་སྒྲུབ་ཁོ་ན་དགྲར་ལངས་ཏེ བསྒོམས་ན་མི་བདེ་སྣ་ཚོགས་ཟུག་རྡུ་ལྡང་ མ་བསྒོམས་རང་ངོ་མ་ཤེས་འཁྲུལ་པར་འབྱམས དེས་ཀྱང་མ་བཅོས་རྣལ་མའི་དོན་ལ་གཡེལ ཀྱཻ་ཧོ དེ་ཀུན་སོ་སྐྱེའི་ཉམས་ལས་མི་འདའ་བས ད་ནི་སྒོམ་དང་མི་སྒོམ་གཉིས་ཀའི་བློ བཅོས་མའི་རྣམ་

(༦༨༤)རྟོག་ཡིན་པར་ངེས་བྱས་ཏེ ད་ལྟའི་སེམས་ལ་བསྒྱུར་བཀོད་མེད་པར་ཞོག དེ་ཡང་འདུ་བྱེད་བློ་ཡིས་འཚོལ་འཕྲོ་དང་། །བཏང་བཞག་ཆེད་འཛིན་མཐའ་དག་སྤངས་བྱས་ནས ཐང་ཀའི་ཤེས་པ་རྩིས་མེད་རང་ཡན་འདི བཅས་བཅོས་ཕྲི་བསྣན་སྤངས་ལ་རང་སོར་ཞོག དེ་ཚེ་མཚན་མའི་རྣམ་རྟོག་ཅི་ཤར་ཡང་ གང་ཤར་མི་ལྟ་ཤར་མཁན་ངོས་བཟུང་ལ སྤང་ལ་བེ་ཕུར་བཏབ་པ་ཇི་བཞིན་དུ ཤེས་རིག་རང་ཚོ་བཟུང་བ་གནད་དུ་ཟབ ཇི་ལྟར་གཤིས་ཀྱི་གནས་ཚུལ་རྗེན་བ་ལ འགྲོ་འོང་འཕེལ་འགྲིབ་མེད་པར་གནས་ན་ཡང་ དེར་འཛིན་གཉེན་པོའི་གཟེབ་དང་མ་བྲལ་ན ཡིད་དཔྱོད་ཐེག་པའི་གནས་ལུགས་དག་ཏུ་གོལ དེ་ཕྱིར་ལྟ་སྒོམ་སྤྱོད་པའི་ཐ་སྙད་ཀུན རྣལ་མའི་དོན་ལ་བློ་ཡི་སྤུན་པ་སྟེ དྲན་འཛིན་རྩོལ་བའི་གཉེན་པོ་དབྱིངས་སུ་ནུབ ཡེངས་དང་མ་ཡེངས་མེད་པའི་བརྟུལ་ཞུགས་ཅན སྤྲོ་བསྡུ་བསལ་བཞག་མེད་པའི་རང་ཡན་པ འབད་རྩོལ་སྤྲོས་པ་ཀུན་ལས་འདས་པའི་དབྱིངས བསམ་དང་བསམ་བྱེད་མེད་པའི་གཏེར་ཆེན་པོ

(༦༨༥)འུྃ གདོད་ནས་སངས་རྒྱས་མེད་པར་ཤེས་པ་དེ འདོད་པ་ཡེ་ནས་ཟད་པའི་ཆོས་ཉིད་ཅན འཁོར་བའི་རྩ་བ་རུལ་བའི་ཁྱད་ཆོས་ཀྱི ཉ་ངན་དབྱིངས་སུ་སངས་པའི་གུ་ཡང་བ བདེན་རྫུན་མཐའ་ལས་འདས་པའི་སྟོང་པ་ཉིད ཤར་གྲོལ་རང་གྲོལ་ཅེར་གྲོལ་ཆེན་པོའི་དོན རྟོགས་ན་སངས་རྒྱས་ཀུན་དང་གཉིས་སུ་མེད ང་དང་ཐ་དད་མེད་པར་སངས་རྒྱའོ རྩོད་དུས་གསང་བ་ཆེན་པོའི་མནན་ངག་གནད ཡིད་དཔྱོད་ཐེག་པའི་གཞུང་དང་འདྲེས་པའི་ཚེ ང་དང་གཉིས་སུ་མེད་པའི་རིག་འཛིན་གྱི ང་ཡི་དགོངས་པ་གཏན་ལ་འབེབས་པར་བྱེད རིགས་གསུམ་སེམས་དཔའི་རྣམ་སྤྲུལ་ཆོས་འདིའི་བདག ལས་འཕྲོ་སྐལ་བ་ཅན་གྱིས་སྤྱོད་པར་ཤོག ཀུན་ཏུ་བཟང་པོའི་དགོངས་ཉམས་ལས གོལ་ས་བཅད་པའི་ལེའུ་སྟེ་གསུམ་པའི་བདག་ཉིད་ཅན་གྱིས་རྫོགས་སོ ས་མ་ཡ དྷ་ཐིམ ༈ ཀློང་ཆེན་སྙིང་གི་ཐིག་ལེ་ལས

(༦༨༦)རྫོགས་པ་ཆེན་པོའི་གནད་གསུམ་ཤན་འབྱེད་བཞུགས ༈ ཀུན་ཏུ་བཟང་པོའི་ཀློང་ལ་ཕྱག་འཚལ་ལོ སྙིགས་མའི་དུས་ན་རྫོགས་ཆེན་སྒོམ་པ་རྣམས གཞི་ལམ་འབྲས་བུའི་གནད་ལ་རྨོངས་གྱུར་པས འདོད་ཁའི་ལྟ་སྒོམ་མཐོན་པོར་ཕྱོགས་འཛིན་ལས ཡིད་དཔྱོད་སྒྲོགས་ལས་གྲོལ་བ་ཉིན་སྐར་ཙམ དེ་ཕྱིར་འདི་ན་གནད་གསུམ་ཤན་འབྱེད་མ སེམས་རིག་དབྱེ་བ་སེང་གེ་རྩལ་རྫོགས་བསྟན ས་མ་ཡ ཀུན་གཞི་འཁོར་འདས་ཀུན་གྱི་གཞི་ཡིན་ཏེ རྙོག་མ་ཅན་གྱི་ཆུ་དང་ཁྱད་པར་མེད བག་ལ་ཉལ་གྱི་གཏི་མུག་མགོ་རྨོངས་ནས ཡེ་ཤེས་རིག་པའི་དངས་ཆ་ལྐོག་ཏུ་གྱུར ཆོས་སྐུ་རྙོག་མ་དངས་པའི་ཆུ་དང་འདྲ གློ་བུར་དྲི་མ་སྤངས་པའི་བདག་ཉིད་ཅན རྣམ་གྲོལ་ཡོན་ཏན་ཀུན་གྱི་ངོ་ངོ་སྟེ ཕྱིན་ཆད་འཁྲུལ་མི་ཤེས་པའི་ཡེ་ཤེས་ཡིན དེ་ཕྱིར་ཆུ་དང་རྙོག་མ་བྱེ་བ་བཞིན ལུང་མ་བསྟན་གྱི་ཆ་ལས་ལྡོག་པ་ཡིན རང་རིག་ཆོས་སྐུའི་ཀློང་དུ་བཙན་ས་ཟུང་ ཡེ་ཤེས་དྲི་མེད་དབྱིངས་ལ་ལྟད་མོ་ལྟོས ཀུན་གཞིའི་

(༦༨༧)འུྃ རྣམ་ཤེས་ཆུ་ནང་ཆབ་རོ་མ་འདྲ ངོ་བོའི་གཤིས་ལ་འཛིན་པའི་རྩལ་ཤར་ཏེ གཟུང་བའི་ཡུལ་ལ་ཆགས་པས་ཕལ་ཆེར་བསླུ དེ་ཕྱིར་གཟུགས་ཚོར་འདུ་ཤེས་ལ་སོགས་པའི ཡུལ་སྣང་རང་སྟོང་ཤེས་པའི་ཡེ་ཤེས་ཀྱི རྣམ་རིག་ཆོས་སྐུར་འཕོ་བ་སྙིང་ཏིག་གནད འདི་ལྟར་མ་རྟོགས་ཀུན་གཞི་ཆོས་སྐུར་འཁྲུལ ལོང་བ་བཤེས་འདི་ནི་ཁ་ཕྱིར་བལྟས་ཀྱི་གཟུགས་རང་སྟོང་དུ་འདོད་པ་མ་ཡིན་ཏེ བློ་ཡུལ་སྟོང་པས་གཟུགས་སྟོང་ཡུལ་གྱི་རྣམ་པ་བློ་ལ་ཤར་ཡང་གཟུགས་སྣང་རང་ཚན་པ་མེད་པས་གཟུགས་དེས་བློ་དང་མ་འདྲེས་པའི་ཕྱིར གཟུགས་ལས་སྟོང་པ སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ ཞེས་པའི་གོ་དོན་བླང་ངོ་ མེད་ཐང་ལ་འཁྱམ་པ་བཞིན གཞི་དང་འབྲས་བུའི་གནད་ལ་རྨོངས་གྱུར་པས ཚེ་གཅིག་སངས་རྒྱས་འགྲུབ་པའི་ལམ་སྣ་འགགས ས་མ་ཡ སེམས་དང་རིག་པ་རླུང་དང་ནམ་མཁའ་འདྲ སེམས་ནི་དམིགས་གཏད་གྱ་གྱུའི་རྣམ་པ་ཅན ཝ་ལ་ལེར་འཁྱིལ་བ་བླུད་བུ་དགང་བའམ ཡད་ཡུད་འཕྱོ་

(༦༨༨)བ་འཐོར་རླུང་ལྟ་བུ་སྟེ བྱུང་ཚོར་སྣ་ཚོགས་རྐྱེན་གྱི་རྟེན་གཞི་ཅན རིག་པ་རྟེན་དང་བྲལ་ཞིང་ཀུན་ལ་ཁྱབ སྟོང་ལ་གོ་འབྱེད་ནམ་མཁའི་དབྱིངས་ལྟ་བུ གསལ་ལ་རྟོག་མེད་དངས་ཤེལ་གཙང་མ་འདྲ དེ་ཕྱིར་སེམས་ལས་རྣམ་གྲོལ་རིག་པའི་ཀློང་ གནས་ལུགས་བཙན་ས་འཛིན་པ་སྙིང་ཏིག་གནད འདི་ལྟར་མ་རྟོགས་ཐམས་ཅད་སེམས་ཡིན་ཞེས ཡུལ་གྱི་སྣང་བས་གོས་དང་མ་གོས་མཚམས ཆུ་དང་དངུལ་ཆུ་ས་ལ་ལྷུང་བ་ལྟའི རང་བཞིན་མི་ཤེས་མཚུངས་པར་ལྟ་བ་རྣམས འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པའི་རྩེས གཅིག་ཆར་གྲོལ་བའི་གནས་ལ་རྨོངས་པའོ ས་མ་ཡ ཞི་གནས་དབང་པོ་མེད་པའི་མི་དང་འདྲ ལྷང་ངེ་ཐོམ་མེ་བུན་ནེ་ཡོར་རེ་བ ཤེས་པ་མདུད་ཚུགས་དྲན་པ་དམིགས་གཏད་ཅན ལྷག་མཐོང་སྒོ་ལྔ་ཚང་བའི་སྐྱེས་བུ་འདྲ རང་བཞིན་ཤེས་ཤིང་ངོ་བོའི་ཆོས་ཉིད་མཐོང་ ཧ་ཅང་དཔྱད་དྲགས་ཡུལ་སོགས་བློ་ཡིས་བསྒྲོད དེ་ཕྱིར་གདོད་ནས་ཟུང་འཇུག་ཐ་མལ་གྱི གནས་ལུགས་རྗེན་པ་བློ་ཡིས་

(༦༨༩)འུྃ མ་བཅོས་པ རྩ་བྲལ་ངོ་བོ་མེད་པའི་ཆོས་ཉིད་ལ དུས་གསུམ་མཉམ་པར་འཇོག་པ་སྙིང་ཏིག་གནད འདི་ཉིད་མ་རྟོགས་ཡིད་དཔྱོད་ཐེག་པའི་ལུགས ཡོད་མེད་སྟོང་པར་རྒྱས་བཏང་བྱང་ཆུབ་པས རང་གི་སྣང་འཁྱིམས་དྲན་བསམ་ཆད་པ་ལྟའི གནས་ཆ་འཐུག་པོ་བག་ལ་འབེབས་པ་དང་ ལུང་རིག་ཤེས་བྱས་དཔྱད་པའི་ལྷག་མཐོང་གཟུགས དེར་འཛིན་གཉེན་པོ་དང་བཅས་ཡུལ་ཕྱིར་འབྲེད ཡིད་སྨོན་སེམས་འཛིན་ལམ་དུ་བྱེད་པ་རྣམས ཐེག་པ་འདི་ལ་མོས་པའི་བློ་ཅམ་ལས ཇི་བཞིན་མཐོང་བའི་སྐལ་པ་མེད་པའོ ས་མ་ཡ མ་འོངས་སེམས་ཅན་བསོད་ནམས་དམན་པའི་ཕྱིར དམ་པའི་བླ་མ་རྙེད་པ་ཤིན་ཏུ་དཀའ ཤེས་རབ་ཆུང་བས་རྒྱུད་ཀྱི་དན་མ་རྟོགས མོས་གུས་ཆུང་བས་དགོངས་རྒྱུད་ལོན་པ་དཀོན མཐུ་ཞན་པས་མན་ངག་གནད་མི་ཤེས ཉན་ལོ་ཐོས་ལོ་ཙམ་ལ་གདེང་བཅས་ནས རི་ལ་མི་ཚེ་སྡུག་བསྐྱེལ་བྱེད་པའི་ཚེ སྔོན་སྦྱངས་ལས་

(༦༩༠)འཕྲོ་སད་པའི་སྐལ་བ་ཅན དགོངས་པའི་བཙན་ས་ཟིན་པའི་རིག་འཛིན་ལ མཁའ་འགྲོས་ཀློང་བྱང་བརྡའ་རིས་མངོན་དུ་སྤྱོད ཚིག་ཉུང་དོན་འདུས་གནད་ཀྱི་ཡང་ཟབ་འདིས ལས་འཕྲོ་སྐལ་བ་ཅན་རྣམས་འདུལ་བར་ཤོག ས་མ་ཡ རྒྱ་རྒྱ་རྒྱ༔ ༈ རྒྱུ་སྦྱོར་སྦྱིན་པའི་བདག་པོ་གནས་ཆུང་གྲྭ་རིགས་གྲས་སྐུ་བཅར་ཆོས་རྗེ་ལགས་ནས་ཁ་ཕྱི་དངུལ་སྲང་། རྩེ་ཕྱག་ཟུར་པ་ཀུན་དཔལ་ནས་དངུལ་སྲང་། ཆོས་རྒྱལ་ནས་དངུལ་སྲང་། དགེ་ཟུར་འཇམ་དཔལ་ནས་དངུལ་སྲང་། ཁ་གསོང་། སྐལ་ཕུན་ནས ཆོས་ཀུན་ཆོས་ནས ཡེ་ཆོས རྣམ་གྲོལ དགེ་རྒྱལ་འཕྲིན འཇམ་འཕྲིན དབུ་ཁྲི་བསྐལ་དོན གཉེར་གྲགས་ཆོས འཇམ་ཤེས ཤཱཀ་སྨོན ངག་ཆོས གྱེ་རེ་ལྷ་བྲས་པས བསྐལ་སྟན ཀུན་བཟང་ བློ་ཆོས བློ་དར ཡེ་དར བསྐལ་བསྟན་པས དགེ་ཁྲིམས བསྐལ་ཆོས གྲགས་ཤེས མཁྱེན་རབ

(༦༩༡)ཆོས་འཇམ་ཟླས ཚུལ་བརྟན ཞོལ་ལང་པའི་ཁ་ལྷག་ནས གོང་གི་ཁ་བཏགས་རིན བཅས་ཀྱི་པར་དུ་བསྐྲུན། ༈ ངོ་བོ་ཀ་ནས་དག་པ་ཆོས་སྐུ་ཞེས། །འཛིན་མེད་གསལ་སྟོང་རིག་པ་ཡེ་ཤེས་གསུང་། །ཡེ་གྲོལ་ཀུན་ཏུ་བཟང་པོར་མངོན་གྱུར་ནས། །རང་གཞན་དོན་གཉིས་ལྷུན་གྱི་འགྲུབ་པར་ཤོག །ཅེས་དངོས་པོ་དེ་དག་ཆུས་མི་འཛའ་བའི་ཆེད་དུ་དགེ་བ་རྫོགས་བྱང་དུ་བསྔོ་བའི་སྨོན་ཚིག་འདི་བཞིན་གནས་ཆུང་མཁན་རིན་པོ་ཆེ་ནས་དགོས་ཞེས་ཕེབས་དོན་ལྟར་དབུ་རུ་སྐྱིད་སྨད་དུ་ལྷ་རིགས་གཉོས་ཀྱི་བནྡྷེ་བུ་སུ་ཀུ་དེས་སྦྱར།། །།མངྒ་ལཾ།

(༦༩༢)

(༦༩༣)ཨོ་རྒྱན་ཟུར་རྗེ་གླིང་པའི་གསོལ་འདེབས་བཞུགས་སོ། །

(༦༩༤)ཨེ་མ་ཧོ གདོད་མའི་མགོན་པོ་འཇིགས་མེད་གླིང་པ་དང་། །གང་གི་དངོས་སློབ་ཡར་མོ་སྡིངས་པ་ཡིས། །བརྩེ་བས་རྗེས་བཟུང་ཀློང་ཆེན་སྙིང་ཐིག་སོགས། །ཟབ་མོའི་གདམས་པས་སྐྱངས་པའི་སྐལ་བཟང་ཅན། །ཨོ་རྒྱན་ཟུར་རྗེ་གླིང་པར་གསོལ་བ་འདེབས། །མགོན་ཁྱོད་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་། །ལོངས་སྤྱོད་རྫོགས་སྐུ་བདེ་ལྡན་ཞིང་གི་མགོན། །སྤྲུལ་སྐུ་

(༦༩༥)ཀུན་འཕགས་དཔལ་རྩེགས་རྒྱལ་པོ་ཡི། །བྱིན་བརླབས་དོན་བརྒྱུད་ཐོབ་པའི་རྣལ་འབྱོར་པ། །ཨོ་རྒྱན་ཟུར་རྗེ་གླིང་པར་གསོལ༴ འཁྲུལ་ཞིག་ཆེན་པོ་འཇམ་དཔལ་བདེ་མཆོག་ལ། །ཡེ་ཤེས་མཁའ་འགྲོ་དངོས་སུ་བརླམས་པ་ལས། །འཆི་མེད་གྲུབ་པ་ཤ་བ་རི་པ་ཡི། །རྣམ་སྤྲུལ་ཡིན་ཞེས་ལུང་བསྟན་གསལ་བར་མཛད། །ཨོ་རྒྱན་ཟུར་རྗེ་གླིང་པར་གསོལ༴ ས་སྐྱའི་བདག་ཆེན་

(༦༩༦)ཀུན་དགའ་བློ་གྲོས་ཀྱིས། །རྨོར་ཆེན་རྡོ་རྗེ་འཆང་གི་སྐྱེ་མཐའ་རུ། །ངོས་འཛིན་མཛད་པ་དཔལ་ལྡན་ཞི་བ་ཡིས། །དཔོན་སློབ་ཟུར་པའི་ཡང་སྲིད་འཁྲུལ་བ་རལ་བ། །ཨོ་རྒྱན་ཟུར་རྗེ་གླིང་པར་གསོལ༴ བལྟམས་པའི་དུས་སུ་རྡོ་རྗེ་སྐྱིལ་ཀྲུང་མཛད། །ནམ་མཁའ་འཇའ་ཟེར་ཐིག་ལེའི་དྲ་བས་གཡོགས། །འཕགས་མ་སྒྲོལ་མར་ང་ཡི་མ་ཡིན་ཞེས། །འོ་དོད་པོས་པས་བརྩེ་བའི་དབུགས་དབྱུང་ཐོབ། །ཨོ་རྒྱན་ཟུར་རྗེ་གླིང་པར་གསོལ༴ ལོག་སྒྲུབ་དུ་མར་སྲན་པས་བཟོད་པ་འགྲུབ། །བྱིས་པའི་ཁྱགས་རྩེད་གཟིགས་པས་བདེན་

(༦༩༧)འཛིན་ཞིག །མེ་ཐབ་ནང་དུ་མེ་ཡི་རྡོ་རྗེ་གཟིགས། །སྣ་ཚོགས་སྒྱུ་མའི་ཟློས་གར་ཚང་རིག་པའི། །ཨོ་རྒྱན་ཟུར་རྗེ་གླིང་པར་གསོལ༴ འདུས་པ་རྒྱ་མཚོའི་ནང་དུ་ཡར་སྡིངས་པས། །དགྱེས་པའི་སྤྱན་རས་ཁྱོད་ཉིད་ཁོ་ནར་གཟིགས། །ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་ཀུན་བསྟན་མཐར། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །ཨོ་རྒྱན་ཟུར་རྗེ༴ མཆོག་གཟིགས་བླ་མའི་ལུང་བསྟན་མངོན་གྱུར་ཚེ། །སྐལ་ལྡན་མཚོ་ལ་ངང་པ་བཞིན་དུ་འདུས། །ཕལ་ཆེར་ཆོས་ཉིད་བདེན་པ་མངོན་གྱུར་པས། །གྲུབ་པའི་རྟགས་

(༦༩༨)ཐོན་རྣལ་འབྱོར་རྒྱ་མཚོས་སྐོར། །ཨོ་རྒྱན༴ རྒྱ་མཚོའི་མཐར་ཐུགས་ཆེན་གཡུང་དྲུང་འཁྱིལ། །འཕོ་འགྱུར་བྲལ་བ་རྡོ་རྗེ་སེང་གེའི་ཁྲིར། །རྒྱལ་མཚན་རྩེ་མོ་རྒྱལ་དབང་པདྨ་དང་། །དབྱེར་མེད་རྟག་བསྟན་ཚེ་ཡི་རིག་འཛིན་དུ། །ཨོ་རྒྱན༴ མགོན་ཁྱོད་ཞབས་ཟུང་ཡུན་རིང་བསྙན་པའི་ཆེད། །སྐལ་ལྡན་རྣམས་ཀྱིས་མི་ཕྱེད་གསོལ་བཏབ་པས། །ཐམས་ཅད་ཚེ་རིང་ནད་མེད་ཕུན་སུམ་ཚོགས། །བདེ་སྐྱིད་དགའ་སྟོན་དཔལ་ལ་རོལ་པ་དང་། །སངས་རྒྱས་བསྟན་པ་ཡུན་རིང་གནས་པར་ཤོག ༈ ཡིད་བཅོས་སྒྲུབ་མཐའི་ཕྱོགས་སུ་མ་ལྷུང་ཞིང་། །ཀུན་བཟང་དགོངས་པའི་གསང་མཛོད་ཡོངས་འཛིན་པ། །རྩ་བའི་བླ་མ་ཟུར་རྗེ་གླིང་པ་ཡིས། །རྣམ་ཐར་གསོལ་འདེབས་ཞལ་གསུང་ངོ་མཚར་འདི། །བར་དུ་གང་གི་དབོན་པོ་ལྷ་རྒྱལ་གྱིས། །

(༦༩༩)བསྐྲུན་བའི་དགེ་བས་མཁའ་ཁྱབ་ཡིད་ཅན་དང་། །ཁྱད་པར་འབྲེལ་བས་བསྡུས་པའི་སེམས་ཅན་རྣམས། །ཚོམ་བུ་གཅིག་ཏུ་འཇོའི་ལུས་འགྲུབ་གྱུར་ཅིག །མངྒ་ལཾ།།

(༧༠༠)

(༧༠༡)ཨོ་རྒྱན་ཟུར་རྗེ་གླིང་པས་མཛད་པའི་སྣང་བ་དབང་འདུས་ཞེས་བྱ་བའི་གསོལ་འདེབས་བཞུགས་སོ། །

(༧༠༢)ན་མོ་གུ་རུ། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་འདུས་པའི་ཞལ་སྐྱིན་གཅིག་པུར་གྱུར་པ་ལ། དེ་ཉིད་དུ་ངེས་པའི་ངོས་འཛིན། །མདོ་ལྟར་ན་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོས་སྤྱི་བོ་ནས་མངོན་པར་དབང་བསྐུར་བ་ལེགས་པར་ནོད་པའི་ཚུལ་སྤྱིར་གསང་སྔགས་དང་། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་འདིའི་རིང་ལུགས་དང་སྦྱར་ན་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་དང་ཞལ་མི་གཉིས་པ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར་གྱི་ཡེ་ཤེས་ཀྱི་སྐུ་དང་མངོན་སུམ་དུ་མཇལ་བ་ལས། འདས་རྗེས་ཀྱི་

(༧༠༣)གླེགས་བམ་ཐུགས་ཀར་བབས་ཏེ་མཛོད་བདུན་དང་། ཤིང་རྟ་གསུམ་ལ་སོགས་པར་གབ་བའི་མན་ངག་རྣམས་འདིས་ལེགས་པར་མངོན་དུ་བྱུང་ངོ་ཞེས་དབུགས་དབྱུང་བ་ཐོབ་པས། རིག་འཛིན་གྱི་རྒྱལ་པོ་དགའ་རབ་རྡོ་རྗེ་དང་སྟོབས་མཉམ་པ་དང་། ནུས་པ་མཉམ་པ་ལ་སོགས་ཏེ། སྔ་འགྱུར་ཐེག་མཆོག་རྒྱལ་པོའི་བསྟན་པའི་གཙུག་རྒྱན་གཅིག་པུར་ངེས་པ་གདོད་མའི་མགོན་པོ་འཇིགས་མེད་གླིང་པའམ་མཆན་གཞན་པདྨ་མཁྱེན་བརྩེའི་འོད་ཟེར་དུ་གྲགས་པ་དེ་ཉིད། མདོ་རྒྱུད་བསྟན་བཅོས་མན་ངག་ཇི་སྙེད་ལས་

(༧༠༤)ལུང་དུ་ཟིན་པ་རྣམས་རྒྱས་པ་འདྲིར་མ་ལང་ཡང་གནས་སྐབས་ཞལ་གསལ་བ་བཀའ་ཐང་རིན་པོ་ཆེ་ལས། དེ་ནས་ཉི་མ་སེང་གེ་སྟོད་གཏེར་དབང་གཤེད་མ་བརྒྱ་ཡིས་བསྐོར་ཡང་ཉམ་མིང་། །ཞེས་ལུང་བསྟན་པའི་ཉི་མ་ནི་པདྨའི་གཉེན་ཡིན་པས་པདྨ་དང་ས་སྟེང་ཐམས་ཅད་ཉི་མའི་མཐུས་སྣང་བས་དེ་དག་གི་སྣང་ཚུལ་ཇི་ལྟ་བ་རྟོགས་པའི་ཕྱིར་མཁྱེན་པ་དང་། ཉི་འོད་ཀྱིས་ས་ཆུ་དྲོས་པ་ལས་འཇིག་རྟེན་བདེ་བ་སོགས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བརྩེ་བ་དང་། དཀྱིལ་འཁོར་ལས་འོད་ཟེར་འཕོ་བས་འོད་ཟེར་སྟེ། པདྨ་མཁྱེན་བརྩེའི་འོད་ཟེར་ཞེས་དངོས་ཀྱི་མཚན་གསལ་བ་དང་། སེང་གེ་ནི་སྲོག་ཆགས་གང་ལ་འང་འཇིགས་པ་མེད་པས་འཇིགས་མེད་གླིང་པར་གྲགས་པའི་མཚན་སྒྲ་ཡང་ཤིན་ཏུ་གསལ་ལ། སྟོད་གཏེར་དབང་ཞེས་པ་ནི། ཟབ་གཏེར་དང་དག་སྣང་ལ་སོགས་པ་གཏེར་གྱི་སྒྲ་ཞུགས་པའི་ཟབ་ཆོས་ཇི་སྙེད་མཆིས་ཀྱང་། འདི་ནི་ཆོས་སྐུ་ཀུན་ཏུ་བཟང་པོ་ལས་དོན་བརྒྱུད་ཀྱི་འཕོ་བ་རྒྱལ་བ་

(༧༠༥)དགངས་པའི་བརྒྱུད་པ་རྣམས་ཇི་ལྟར་ཐོབ་པའི་དོན། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་རྣམས་གླེགས་བམ་གཅིག་ཏུ་བསྡུས་པ། ལྷའི་བུ་སེམས་ལྷག་ཅན་གྱིས་ཡེ་ཤེས་རང་སྣང་ལས་གྲུབ་པའི་བཻ་ཌཱུརྻ་ཞུན་མའི་གླེགས་བམ་ལ་རིན་པོ་ཆེ་གསེར་གྱི་ཡི་གེར་སྣང་བ་དགའ་རབ་རྡོ་རྗེའི་ཐུགས་ཀར་བབས་པ་ལ་འདས་རྗེས་ཀྱི་གླེགས་བམ་དུ་གྲགས་པ་དེ་ཉིད་རྫོགས་ཆེན་བརྒྱུད་པ་རྣམས་འོད་ལུས་སུ་གཤེགས་བའི་དུས་ལས་གར་ཐོད་ཐོད་དུ་མི་འབབ་པས་སྤྱིར་བཏང་གི་སོ་སོའི་རྣམ་ཐར་དུ་གསལ་བར་མ་འཁོད་ཀྱང་རྗེ་ཉིད་ཀྱི་བར་དུ་ཕེབས་པའི་དོན་གྱི་དགོངས་པ་གདུལ་བྱའི་སྐལ་བ་དང་མཚམས་པ་ཉུང་ཟད་ཞིག་བཀྲལ་བ་ནི་སྙན་བརྒྱུད་དང་། གཏེར་ཁ་གཞན་དག་ལས་ཁྱད་པར་དུ་འཕགས་པའི་ཕྱིར་གོང་ངམ་སྟེངས་སམ་སྟོད་གཏེར་སྟེ་ཀུན་གྱི་རྩེ་མོར་གྱུར་བའི་ཀློང་ཆེན་སྙིང་ཐིག་དང་། ཡོན་ཏན་རིན་པོ་ཆེའི་མཛོད། རྩ་འགྲེལ་རྣམས་གསལ་བར་མཛད་པའི་

(༧༠༦)དོན་དང་། །གཤེད་མ་བརྒྱ་ཡིས་བསྐོར་ཀྱང་ཉམ་མི་ང་ཞེས་པ་ནི། མངའ་བདག་ལྷ་བླ་མ་ཁུ་དཔོན་གྱིས། །བསྟན་པའི་སྦྱིན་བདག་མཛད་པའི་དུས་སུ། །ཕོ་བྲང་ཞི་བ་འོད་ལ་སོགས་པའི་གསར་བྱུང་གི་གྲུབ་མཐའ་ཉིད་དར་རྒྱས་སུ་གྱུར་པའི་ཐབས་ཚུལ་ལ་དགོངས་པ་ཅན་གྱི་གསུང་དང་། འགོས་ཀྱི་འབྱམས་ཡིག་ཆེན་མོ་ལ་སོགས་པས་རྐྱེན་བྱས་སྟེ། སྔ་འགྱུར་ཐེག་མཆོག་རྒྱལ་པོའི་བསྟན་པ་རིན་པོ་ཆེ་འདིར་གཤེ་ཞིང་གཤུང་བ་མངལ། ད་ལྟ་ཡང་དེ་དག་གི་རྒྱུར་འབྱམས་པ་ལས། འོད་གསལ་སྙིང་པོའི་སྲོག་རྩ་གཅོད་པའི་གཤེད་མ་ལྟ་བུའི་ལུགས་གཞན་བརྒྱ་ཕྲག་སྟ་མང་པོས་བསྐོར་ཡང་། རྒོལ་བར་ནུས་པའི་ལུང་རིག་གི་སྤོབས་པ་མེད་པས། ཉམ་ང་བ་དང་བག་ཚ་བྲལ་བའི་བརྟུལ་ཞུགས་ཀྱིས། སྔ་འགྱུར་ཐེག་མཆོག་རྒྱལ་པོའི་གྲུབ་པའི་མཐའ་གཞི་བཞེངས་སུ་སློང་བར་ནུས་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འཇིགས་མེད་གླིང་བཞེས་ས་སྟེང་ན་འགྲམ་ཟླ་ཐམས་ཅད་དང་བྲལ་བ་དེ་ཉིད་དང་། གང་གི་དངོས་སློབ་དང་པོའི་སངས་རྒྱས་ཡར་མོ་སྡིངས་པའམ། ཀློང་ཆེན་རོལ་བ་རྩལ་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ནི་རྒྱུད་ཀྱི་རྒྱལ་པོ་སྒྲ་ཐལ་འགྱུར་གྱི་རིག་འཛིན་ངེས་པའི་ལུང་བསྟན་

(༧༠༧)ལས། དེ་ནས་མཁའ་འགྲོ་དཔལ་འཛིན། བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་སུ་དང་། །དེ་ནས་མི་གནས་རང་སའོ། །ཞེས་ལུང་བསྟན་པའི་མཁའ་འགྲོ་དཔལ་ནི་ཀུན་མཁྱེན་ཆེན་པོས་ཐེག་པ་མཆོག་གི་མཛོད་དུ་བདག་ཅག་གི་བླ་མ་དམ་པ་དགེ་སློང་ཆེན་པོ་དཔལ་དང་ལྡན་པའི་བར་དུ་རིག་འཛིན་གྱི་སྤྲུལ་པ་འབྱུང་བར་ལུང་བསྟན་པའོ། །ཞེས་གསུངས་པས། །མཁའ་འགྲོ་དཔལ་ཞེས་པའི་སྒྲ་ཡར་བཅད་ལ་འཛིན་མ་ཞེས་པའི་འཛིན་ནི་བསྟན་པ་འཛིན་པའི་དོན་དང་། མ་ནི་ཤེས་རབ་ཀྱི་སྒྲ་དེ། །བསྟན་འཛིན་ཤེས་རབ་ཞེས་པའི་དངོས་མཚན་ཀྱང་ཤིན་ཏུ་གསལ་ལ། བསྟན་པ་འདི་ཉིད་བཟུང་ནས་ནི། །ཞེས་པ་ཐེག་མཆོག་འོད་གསལ་སྙིང་ཐིག་གི་བསྟན་པ་འདི་ཉིད་འཛིན་པའི་དོན་དང་། ཚེ་ལོ་བཅུ་པའི་དུས་སུ་དར་ཞེས་གསུངས་པ་ནི། དུས་ཀྱི་མཐའི་ཚེ་ལོ་བཅུ་པ་ཞེས་གསུང་པ་མ་ཡིན་ཏེ། སྐྱབས་མགོན་རྒྱལ་བའི་དབང་པོ་ལུང་རྟོགས་རྒྱ་མཚོ་སྐུ་ཚེ་དགུང་ལོ་བཅུ་ལས་མི་བཞུགས་པ་སྟེ། དེའི་བར་བསྟན་པ་འདི་ཉིད་དར་བའི་སྒ་བཤད་ཡིན་ལ། དེ་ཡང་ཡངས་བའི་སྒྲ་ཉེ་བར་མཇུག་པའི་དོན་ཇི་ལྟར་ན་མཁས་མཆོག་ཐུ་མིས། གང་མིང་བརྗོད་པའི་མ་མཐའ་ན། །བུ་ལིང་ག་ཡི་སྒྲ་མེད་པ། །དེ་ལ་

(༧༠༨)བུ་ལིང་ག་སྦྱར་ན། །བདག་པོའི་སྒྲར་ནི་ཤེས་པར་བྱ། །ཞེས་གསུངས་པས་སྐུ་ཚེ་དགུང་ལོ་བཅུ་ལས་མི་བཞུགས་པའམ། བསྐལ་པར་བཞུགས་པ་སོགས་ཚེ་ལ་དབང་ཐོབ་པའི་དོན་ཡིན་པས་སྐྱབས་མགོན་ཆེན་པོ་དེ་ཉིད་མེ་སྟག་ལོར་སྐུ་བལྟམས་པའི་དུས་སུ་རྗེ་འདིས་ཀྱང་རྩ་རི་མི་ལྤགས་རོང་ནས་ཟབ་གཏེར་རྙེད་པས་བླ་མའི་མཚན་དོན་དུ་གྲགས་པར་བརྟེན། སྲིད་སྐྱོང་དེ་མོ་རིན་པོ་ཆེ་ལ་སོགས་པའི་བསྟན་འཛིན་མང་པོས་ཀྱང་གཙུག་གི་ནོར་བུར་བསྟེན་པས། བསྟན་པའང་ཤིན་ཏུ་དར་ཞིང་རྒྱས་པ་ཡིན་མོད་ཀྱང་། སྐྱབས་མགོན་ལུང་རྟོགས་རྒྱ་མཚོ་དགུང་ལོ་བཅུ་བཞེས་པ་ཤིང་མོ་ཕག་གི་ལོར་དགོངས་པ་ཆོས་དབྱིངས་ཐིམ་པས། མེ་བྱིར་བསམ་ཡས་གཙུག་ལག་ཁང་ཞུགས་ཀྱིས་སྦྱངས་བའི་ཇོ་བོའི་བཞུགས་ཁྲིར་མནན་པ་མཛད་དགོས་ལ་སོགས་པ་རྒྱལ་ཚབ་དེ་མོ་རིན་པོ་ཆེའི་བཀའ་གནང་སྒྲུབ་འདུན་མཛད་པ་ལ། འགའ་ཞིག་གིས་གྲིབ་མ་འདྲེར་མཐོང་གི་དོགས་པས་ལམ་དུ་མ་བཏང་བས་རྐྱེན་བྱས་ཏེ་སྟོན་པ་བཞུགས་བཞིན་དུ་བསྟན་པ་ནུབ་པ་ལྟར་གྱུར་བ་སོགས་རྒྱལ་བའི་བཀའ་ལུང་ཇི་བསྟན་པའི་དོན་ལ་ཡིད་ཆེས་ཀྱི་མོས་གུས་ཐོབ་པ། ཁོ་བོ་ཅག་གིའང་བསྐྱབས་མགོན་ཡབ་སྲས་དང་དངོས་མཇལ་ཐོབ་པའི་སྐལ་བཟང་གི་

(༧༠༩)དགའ་སྟོན་ཉམས་སུ་དམྱོང་ཞིང་ཁྱད་པར་དང་པོའི་སངས་རྒྱས་ཡར་མོ་སྡིངས་པ་ལས་ཀློང་ཆེན་སྙིང་གི་ཐིག་ལེའི་བྱིན་རླབས་ཐོབ་པའི་ཉམས་ལེན་རྩེ་གཅིག་ལ་གནས་པའི་དུས། སྣང་གྲགས་རིག་གསུམ་བླ་མའི་དཀྱིལ་འཁོར་གཅིག་ཏུ་འདུག་སྙམ་པའི་མོས་གུས་ཀྱི་རྐྱེན་བྱས་སྟེ། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ནས་ཤར་ལྷོའི་མཚམས་སུ་དཔག་ཚད་གསུམ་གཞལ་བའི་སའི་ཆ་སྒྲགས་ཀྱི་ཡུལ། ཨོ་རྒྱན་ཆེན་པོ་པདྨའི་སྒྲུབ་གནས་ཡང་རྫོང་གི་འདབ་ཞོལ། བར་ཕུ་དཔལ་ལྡན་ཚར་གསེང་ཀྱི་དགོན་པར་ཁོ་བོ་གང་ཟག་ཐ་མལ་གྱི་མིང་བླ་བཏགས་ལ་ཨོ་རྒྱན་ཟུར་རྗེ་གླིང་པར་གྲགས་པས་གདུང་བའི་ཤུགས་དྲག་པོས་སྣང་བ་དབང་འདུས་ཀྱི་གསོལ་བ་བཏབ་པ་ནི། ༈ ཨེ་མ་ཧོ། རྗེ་སྐུ་གསུམ་གྱི་ངོ་བོར་བཞུགས་པས་ན། །སངས་རྒྱས་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་ངེས་པ་ལྔ་ལྡན་གྱི་འཁོར་ལོ་ཡིས། །འཁོར་བའི་རྒྱ་མཚོ་འདི་དོང་ནས་སྦྲུག་མཛད་པའི། །ལྷ་གཅིག་ཆོག་རྒྱལ་པོ་ཡར་སྡིངས་བ། །སྐྱབས་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །རྗེ་སྤངས་རྟོགས་

(༧༡༠)ཀྱི་ཡོན་ཏན་མཐར་ཕྱིན་བས། །དམ་ཆོས་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་ལམ་བདེན་འདུས་བྱས་ཀྱིས་ཁ་དྲངས་ནས། །གདུལ་བྱ་འགོག་བདེན་གྱི་འབྲས་བུར་འགོད་མཛད་པའི། །ལྷ་གཅིག་ཆོག་རྒྱལ་པོ༴ སྐྱབས་འགྲན་ཟླ་བྲལ༴ རྗེ་རིག་གྲོལ་གྱི་སྤོབ་ས་པ་རྨད་བྱུང་བས། །དགེ་འདུན་ཡང་བླ་མ་རིན་ཆེན་ཡིན། །ཆོས་འཆད་ཉན་བསྒོམ་སྒྲུབ་ཀྱི་འབྲས་བུ་ཡིས། །སྐལ་ལྡན་སངས་རྒྱས་ཀྱི་ས་ལ་དཀྲི་མཛད་པའི། །ལྷ་གཅིག་ཆོག་སྐྱབས་འགྲན༴ རྗེ་ཕྱོགས་དུས་ཀྱི་རྒྱལ་ཀུན་འདུས་པའི་ཞལ། །བླ་མ་ཡང་བླ་མ་རིན་ཆེན་ཡིན། །ཆོས་བྱིན་རླབས་དོན་བརྒྱུད་ཀྱི་འཕོ་བ་ཡིས། །སངས་རྒྱས་ལག་བཅངས་སུ་ཚེ་དིར་སྩོལ་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་འགྲན༴ རྗེ་སྣང་གྲགས་ཀུན་ལྷ་སྐུར་ཡོངས་ཤར་བས། །ཡི་དམ་ཡང་བླ་མ་རིན་ཆེན་ཡིན། །ཆོས་ཡོག་རྣམ་གསུམ་གྱི་མན་ངག་གིས། །རྣམ་གྲོལ་ཀུན་བཟང་གི་ས་ལ་འགོད་མཛད་པའི། །ལྷ་གཅིག་ཆོག་

(༧༡༡)རྒྱལ༴ སྐྱབས་འགྲན༴ རྗེ་བདེ་ཆེན་གྱི་ཡེ་ཤེས་འབར་བས་ན། །མཁའ་འགྲོ་ཡང་བླ་མ་རིན་ཆེན་ཡིན། །ཆོས་རྩ་རླུང་ཐིག་ལེའི་མན་ངག་གིས། །ལམ་མྱུར་ལམ་ཕོ་ཉས་འདྲེན་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་འགྲན་ཟླ༴ རྗེ་སངས་རྒྱས་ཀྱི་བསྟན་པ་བསྲུང་མཛད་པས། །ཆོས་སྐྱོང་ཡང་བླ་མ་རིན་ཆེན་ཡིན། །ཆོས་དྲག་པོ་མངོན་སྤྱོད་ཀྱི་སྦྱོར་བ་ཡིས། །དགྲ་བགེགས་ལོག་འདྲེན་དང་ཕྱིར་རྒོལ་འཇོམས་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་འགྲན་ཟླ༴ རྗེ་བླངས་དོར་གྱི་གནད་འགག་ཀུན་སྟོན་པས། །དཔེ་ཆ་ཡང་བླ་མ་རིན་ཆེན་ཡིན། །ཆོས་ཐེག་པ་གསུམ་གྱི་དགོངས་བཅུད་རྣམས། །བློ་ལ་མི་བརྗེད་པའི་གཟུངས་སུ་འདོམས་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་འགྲན་ཟླ༴ རྗེ་འོད་གསལ་ལ་རྒྱུན་ཆད་མེད་པའི་ཕྱིར། །ཉམས་ལེན་ཡང་བླ་མ་རིན་ཆེན་ཡིན། །ཆོས་དྲན་ངང་ཤེས་བཞིན་གྱི་རྣལ་འབྱོར་གྱིས། །བཟོ་མེད་

(༧༡༢)ཐ་མལ་གྱི་ཤེས་བར་སྦྱོར་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་བགྲན་ཟླ༴ རྗེ་བདུད་བཞི་ལས་རྒྱལ་རྔ་བརྡུངས་པའི་ཕྱིར། །རྒྱལ་པོ་ཡང་བླ་མ་རིན་ཆེན་ཡིན། །ཆོས་བཙན་པོའི་ལུང་རྟོགས་ཀྱི་བཀའ་རྟགས་ཀྱིས། །སྲིད་ཞི་མཉམ་ཉིད་ཀྱི་ཕྱག་རྒྱས་འདེབས་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་འགྲན་ཟླ༴ རྗེ་སེམས་ཉིད་ཀྱི་གཏེར་ལ་དབང་བསྒྱུར་བས། །ཡོན་བདག་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་དོན་ལྡན་མན་ངག་གི་ཕམ་ཕབ་ཀུན། །སྐལ་ལྡན་ལས་འཕྲོ་ཅན་ཀུན་ལ་འགྱེད་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་འགྲན༴ རྗེ་འཁོར་མེད་ཀྱི་བཀའ་དྲིན་ལྡན་པས་ན། །ཕ་མ་ཡང་བླ་མ་རིན་ཆེན་ཡིན། །ཆོས་སྙིང་ཐིག་གདམས་ངག་གི་བདུད་རྩི་ཡིས། །དད་ལྡན་སློབ་མ་ཀུན་བུ་ལྟར་སྐྱོང་མཛད་པས། །ལྷ་གཅིག་ཆོག༴ སྐྱབས་འགྲན༴ རྗེ་ཁྱོད་ཉིད་ལ་བརྟེན་ནས་འཚང་རྒྱ་བས། །སེམས་ཅན་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་བདག་གཞན་བརྗེ་བའི་སྙིང་སྟོབས་

(༧༡༣)ཀྱིས། །འཁོར་བ་མཐའ་མེད་དུ་གཞན་དོན་ཉིད་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་འགྲན་ཟླ༴ རྗེ་སྡིག་སྒྲིབ་ཀྱི་རྣམ་སྨིན་སྐྱོངས་མཛད་པས། །ནད་གདོན་ཡང་བླ་མ་རིན་ཆེན་ཡིན། །ཆོས་སྐྱོ་ཤས་དྲག་པོའི་ངེས་འབྱུང་གིས། །དྲེགས་ལྡན་སྐྱེ་བོ་རྣམས་ཆོས་ལ་འཛུད་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་འགྲན་ཟླ༴ རྗེ་ཤ་འཁོན་དང་ལྡན་ཆགས་སྦྱོང་བའི་ཕྱིར། །དགྲ་བགེགས་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་བདག་མང་བདག་འཛིན་གྱི་ཞེན་པ་ཀུན། །གཅིག་ཅར་དབང་མེད་དུ་འཕྲོག་ཅིང་འཇོམས་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་འགྲན་ཟླ༴ རྗེ་སྡུག་བསྔལ་གྱི་འཁོར་ལོ་རྒྱན་གཅོད་པས། །བར་ཆད་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་མ་ནོག་ཆུང་འདི་སྣང་གི་ལེགས་ཚོགས་ལ། །ཆགས་སྲེད་ཞེན་འཛིན་གྱི་འཆིང་བ་གཅོད་མཛད་པའི། །ལྷ་གཅིག་ཆོག༴ སྐྱབས་འགྲན་ཟླ༴ རྗེ་རང་འདོད་ཀྱི་ཁུ་འཁྲིགས་ཟད་བས་ན། །རྐྱེན་ངན་ཡང་

(༧༡༤)བླ་མ་རིན་ཆེན་ཡིན། །ཆོས་སྡུག་བསྔལ་བདེན་པ་ལ་ཡིད་ཆེས་ཀྱི། །ངེས་ཤེས་གཏིང་ཚུགས་སུ་འགྲོངས་པར་ནུས་མཛད་པའི། །ལྷ་གཅིག་ཆོག་རྒྱལ་པོ༴ སྐྱབས་འགྲན་ཟླ་བྲལ་ལ༴ རྗེ་བྱང་ཆུབ་ལ་གནམ་འཕངས་མངའ་བའི་ཕྱིར། །སྡིག་སྒྲིབ་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་གཏོང་ལེན་ཟབ་གནད་ཀྱི་མན་ངག་གིས། །ཚོགས་གཉིས་ཐབས་ཤེས་ཀྱི་ལམ་ནས་གྲོལ་མཛད་པའི། །ལྷ་གཅིག་ཆོག་རྒྱལ་པོ༴ སྐྱབས་འགྲན་ཟླ་བྲལ་ལ༴ རྗེ་བདག་འཛིན་ལ་བཅོ་སྲེག་མཛད་པའི་ཕྱིར། །ངན་སོང་ཡང་བླ་མ་རིན་ཆེན་ཡིན། །ཆོས་རྣམ་སྨིན་སྡིག་སྒྲིབ་ཀྱི་འཇིགས་ཟིལ་གྱིས། །ཐར་པ་དོན་གཉེར་གྱི་ལས་ལ་འགོད་མཛད་པའི། ལྷ་གཅིག་ཆོག་རྒྱལ་པོ༴ སྐྱབས་འགྲན་ཟླ་བྲལ་ལ༴ རྗེ་ཐུགས་རྗེ་ལ་རྒྱུན་ཆད་མེད་པའི་ཕྱིར། །བདེ་སྐྱིད་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་ཕར་ཕྱིན་དྲུག་ལྡན་གྱི་ཉམས་ལེན་གྱིས། །རྣམ་ཀུན་ལེགས་ཚོགས་ཀྱི་རྩ་

(༧༡༥)བ་འཛུགས་མཛད་པའི། །ལྷ་གཅིག་ཆོག་རྒྱལ་པོ༴ སྐྱབས་འགྲན་ཟླ་བྲལ་ལ༴ རྗེ་ལྷ་སྔགས་ཀྱི་འཁོར་ལོར་ཡོངས་དག་པས། །སྣང་སྲིད་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་སྣོད་ཀྱི་འཇིག་རྟེན་འདི་ཡུམ་ལྔའི་ཀློང་། །བཅུད་ཀྱི་སེམས་ཅན་རྣམས་གདོད་ནས་བླ་མའི་ངང་། །ལྷ་གཅིག་ཆོག་རྒྱལ་པོ༴ སྐྱབས་འགྲན་ཟླ་བྲལ་ལ༴ རྗེ་གདན་གསུམ་གྱི་རྣམ་པར་རོལ་པའི་ཕྱིར། །རང་ལུས་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་མྱུར་ལམ་ཕོ་ཉའི་ཉམས་ལེན་གྱིས། །རྩ་ཐིག་རླུང་གསུམ་ཀུན་དྷཱུ་ཏིར་དག་མཛད་པའི། །ལྷ་གཅིག་ཆོག་རྒྱལ་པོ༴ སྐྱབས་འགྲན་ཟླ་བྲལ་ལ༴ རྗེ་གདོད་ནས་མངོན་སངས་རྒྱས་པའི་ཕྱིར། །རང་རིག་ཀྱང་བླ་མ་རིན་ཆེན་ཡིན། །ཆོས་ལྟ་བསྒོམ་སྤྱོད་གསུམ་གྱི་ཉམས་ལེན་གྱིས། །འབྲས་བུ་མཐར་ཐུག་གི་སྐུ་གཉིས་འགྲུབ་མཛད་པའི། །ལྷ་གཅིག་ཆོག་རྒྱལ་པོ་ཡར་

(༧༡༦)སྡིངས་པ། །སྐྱབས་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །རྗེ་བླ་མ་གཅིག་པུ་སྒྲུབ་པ་འདི། །སངས་རྒྱས་པའི་ཉམས་ལེན་མཐར་ཐུག་ཡིན། །ཆོས་སྤན་སྦུན་སྣ་ཚོགས་ལ་མི་ཞེན་པར། །བླ་མ་རྗེ་བཙུན་དང་། །ཐུགས་ཡིད་འདྲེས་ཤོག །དོན་བརྒྱད་ཀྱི་འཕོ་བ་ཐོབ་པར་ཤོག །སྒྲུབ་བརྒྱུད་ཀྱི་བྱིན་རླབས་འཇུག་པར་ཤོག །སྨྲས་པ། གནས་ལུགས་སྟོང་གསལ་འཛིན་མེད་ཆོས་ཀྱི་སྐུ། །མ་འགགས་རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །སྣ་ཚོགས་སྒྱུ་མའི་གར་བསྒྱུར་སྤྲུལ་པའི་སྐུ། །དབྱེར་མེད་རང་རིག་དོན་གྱི་བླ་མ་ཡི། །རང་ཞལ་རྨད་དུ་བྱུང་བ་མཇལ་བའི་མཐུས། །སྲིད་ཞི་འཆོས་ཀུན་བླ་མའི་རྣམ་རོལ་ཏུ། །ཨོ་རྒྱན་ཟུར་རྗེ་གླིང་པས་གཟིགས་པའི་ཚེ། །སྣང་བ་དབང་འདུས་གསོལ་བ་བཏབ་པ་ཡི། །པར་འདི་ཟུར་ཞབས་ཚེ་རིང་རྡོ་རྗེ་ནས། །བསྐྲུན་པའི་དགེ་བས་མཁའ་མཉམ་འགྲོ་ཀུན་གྱིས། །

(༧༡༧)སྣང་གྲགས་རིག་གསུམ་བླ་མ་སྐུ་གསུམ་གྱི། །རང་བཞིན་རྟོགས་ནས་དོན་གཉིས་མཐར་ཕྱིན་ཤོག །ཅེས་པར་བྱང་ཉུང་འདུས་འདི་ཡང་ཟུར་མཛོད་པས་ངོར་པདྨ་རང་གྲོལ་གྱིས་བྲིས། །སརྦ་མངྒ་ལཾ། ཞལ་གྲོ།

(༧༡༨)

(༧༡༩)གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །

(༧༢༠)ཀློང་ཆེན་སྙིང་གི་ཐིག་ལེ་ལས། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་བརྒྱུད་པའི་གསོལ་འདེབས་དཔའ་བོའི་གྱད་གླུ་ཞེས་བྱ་བ། ཕཊ ཧཱུྃ་ཧཱུྃ་ཧཱུྃ གདོད་མའི་མགོན་པོ་ཀུན་བཟང་ཤེར་ཕྱིན་མ། རིགས་ལྔ་འདྲེན་པ་དྲུག་པ་རྡོ་རྗེ་འཆང་། །བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་ཏོག །དགོངས་པས་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་གྱི། །བརྟུལ་ཞུགས་མཐར་ཕྱིན་འཇའ་ལུས་འགྲུབ་བྱིན་བརློབས། །ཧཱུྃ་ཧཱུྃ་ཧཱུྃ། དགའ་རབ་རྡོ་རྗེ་འཇའ་ལུས་འོད་ལྔའི་སྐུ། །པདྨ་འབྱུང་གནས་སྲིད་ཞིའི་མིག་གཅིག་པུ། །བི་མ་མི་ཏྲ་ཐེག་མཆོག་འཁོར་ལོས་བསྒྱུར། །རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་གྱི། །བརྟུལ་ཞུགས་མཐར་ཕྱིན་འཇའ་ལུས་འགྲུབ་བྱིན་བརློབས། ཧཱུྃ་ཧཱུྃ་ཧཱུྃ། ཡེ་ཤེས་གཉུག་མའི་མདའ་བསྣུན་སཱ་རཱ་ཧ། །འོད་གསལ་གཡུར་དུ་ཟ་བའི་

(༧༢༡)ལ་བ་པ། །མཁས་གྲུབ་རྩེ་མོར་སོན་པའི་ན་རོ་ཏ། །ཕྱག་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་གྱི། །བརྟུལ་ཞུགས་མཐར་ཕྱིན་འཇའ་ལུས་འགྲུབ་བྱིན་བརློབས། །ཧཱུྃ་ཧཱུྃ་ཧཱུྃ། རྨད་བྱུང་ཤིང་རྟའི་སྲོལ་འབྱེད་ནཱ་ག་ཛུ། རྟག་ཆད་རྒོལ་བའི་ཀླད་འགེམ་ཟླ་བ་གྲགས། །དོན་དམ་བདེན་པ་གཟིགས་པའི་ཨ་ཏི་ཤ། ཐལ་འགྱུར་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་གྱི། །བརྟུལ་ཞུགས་མཐར་ཕྱིན་འཇའ་ལུས་འགྲུབ་བྱིན་བརློབས། །ཧཱུྃ་ཧཱུྃ་ཧཱུྃ། ལྷན་སྐྱེས་དགའ་བས་མྱོས་པའི་དྲིལ་བུ་པ། རྫུ་འཕྲུལ་སྲིད་ཞི་འཁྱམས་པའི་བི་།།།པ། །ནུས་མཐུས་མེ་དཔུང་འབར་བའི་ཌོཾ་བྷི་པ། །བརྟུལ་ཞུགས་གྲུབ་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་གྱི། །བརྟུལ་ཞུགས་མཐར་

(༧༢༢)ཕྱིན་འཇའ་ལུས་འགྲུབ་བྱིན་བརློབས། ཧཱུྃ་ཧཱུྃ་ཧཱུྃ། རྒྱལ་སྲས་སྨྲ་བའི་སེང་གེ་འཇམ་བའི་དབྱངས། །མཆོག་གཟིགས་དམ་པ་སངས་རྒྱས་རྒྱ་གར་བ། །ལབ་ཀྱི་སྒྲོན་མ་དུས་གསུམ་རྒྱལ་བའི་ཡུམ། །གཅོད་ཡུལ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་གྱི། བརྟུལ་ཞུགས་མཐར་ཕྱིན་འཇའ་ལུས་འགྲུབ་བྱིན་བརློབས། །ཧཱུྃ་ཧཱུྃ་ཧཱུྃ། ཁྱད་པར་སྙིང་ཐིག་འབྱུང་གནས་ཀློང་ཆེན་ཞབས། །འོད་གསལ་བརྡ་རིས་འགྲོལ་བའི་འཇིགས་མེད་གླིང་། །ཆོས་ཀུན་ནམ་མཁའི་རྣལ་འབྱོར་ཡར་སྡིང་པ། །བཀའ་དྲིན་མཉམ་མེད་ཟུར་རྗེ་གླིང་པ་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་གྱི། །བརྟུལ་ཞུགས་མཐར་ཕྱིན་འཇའ་ལུས་འགྲུབ་བྱིན་བརློབས། ཧཱུྃ་ཧཱུྃ་ཧཱུྃ། ཕཊ གླིང་བཞི་ལྷུན་པོ་བཅས་པའི་དོ་ར་རུ། །ལྷར་སྣང་ང་རྒྱལ་བརྟན་པོའི་གྲོ་བརྡུངས་ཀྱིས། །རང་རྒྱུད་དུག་ལྔའི་གདོན་བགེགས་བརྫིས་པ་ཡིས། །ཡེ་ཤེས་ལྔ་ཡི་དགེ་རྩ་སྨིན་པར་ཤོག །བདག་འཛིན་ལྷ་འདྲེ་བསྒྱེལ་བའི་

(༧༢༣)ཡན་ལག་རྣམས། །ཚད་མེད་རྣམ་བཞིའི་ཕུར་བུས་བརྒྱངས་པ་ཡིས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་ལྡིང་གུར་ནང་། །མི་གཡོ་བཞི་པའི་བསམ་གཏན་ཐོབ་པར་ཤོག །སྐྱབས་ཀུན་འདུས་ཞལ་ཚོགས་ཀྱི་ཞིང་ས་ལ། །གནས་ལུགས་སྐྱབས་འགྲོ་དོན་དམ་སེམས་བསྐྱེད་དང་། །རང་ལུས་མཎྜལ་ལ་ཡིས་ཚོམ་བུ་རུ། །བཀོད་པས་ཚོགས་གཉིས་མྱུར་དུ་རྫོགས་པར་ཤོག །སྐུ་གསུམ་ཡན་ལག་བདུན་ལྡན་བླ་མ་རྗེར། །བཅོས་མིན་མོས་གུས་དྲག་པོའི་གདུང་ཤུགས་ཀྱི། །སྣང་སྲིད་བླ་མའི་དལ་དུ་འཆར་བ་དང་། །ཐུགས་རྒྱུད་དགོངས་པའི་བྱིན་བརླབས་འཕོ་བར་ཤོག །གཅེས་སྤྲས་བདག་གིར་འཛིན་པ་སྒྱུ་མའི་ལུས། །ལྟོས་མེད་ཚོགས་ཀྱི་འཁོར་ལོ་གཤམས་པ་ཡིས། །འཁྲུལ་སྣང་བདུད་བཞིའི་གཡུལ་ངོ་ཁ་བཏགས་ནས། །འཁོར་འདས་རྒྱབ་ཀྱིས་རུ་ཤན་ཕྱེད་པར་ཤོག །མཆོད་ཡུལ་རྒྱལ་བ་རྣམས་དང་ལོག་འདྲེན་གདོན། །ལན་ཆགས་ཤ་འཁོན་གཉེར་དང་སྙིང་རྗེའི་

(༧༢༤)མགྲོན། །སོ་སོ་གང་ལ་གང་འདོད་བསྔོས་པ་ཡིས། །ཡིད་བཞིན་ནོར་ལྟར་གཞན་དོན་འགྲུབ་པར་ཤོག །ཅེས་བཟུང་རྗེས་སྨྲས་སོ། ༈ ཤིས་བརྗོད་སྤྱི་འགྲོ་ནི། གདོད་མའི་མགོན་པོ་རིགས་ལྔ་གང་ཆེན་མཚོ། །སྐུ་ལྔ་ལྷུན་རྫོགས་སྤྲུལ་པའི་ཞིང་ཁམས་ལ། །བསྐལ་བཟང་སངས་རྒྱས་སྟོང་རྩ་བྱོན་པ་ཡིས། །སྒྲོན་མའི་བསྐལ་པ་བཟང་པོའི་བཀྲིས་ཤོག །སྟོང་གསུམ་མི་མཇེད་རྡོ་རྗེ་ཐེག་པའི་ཞིང་། །འཕུར་འགྲོའི་བསྟན་པ་འབྱུང་གནས་ཨོ་རྒྱན་ཡུལ། །གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེའི། །ཐུགས་བསྐྱེད་བསྟན་པ་མཐར་རྒྱས་བཀྲིས་ཤོག །འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེའི་གདན། །པཎ་གྲུབ་ཆོས་རྒྱལ་འཛོམ་པ་ཆོས་འཁོར་གསུམ། །མདོ་སྔགས་བསྟན་པ་དར་བ་གངས་ཅན་ལྗོངས། །རྒྱལ་བསྟན་ཡུན་དུ་གནས་པའི་བཀྲིས་ཤོག །སྔ་འགྱུར་བསྟན་པ་རྒྱ་མཚོའི་འཁོར་ལོས་བསྒྱུར། །འགྲོ་ལ་ཐེག་མཆོག་སྒྲ་སྟོགས་རྫོགས་ཆེན་པ། །དོན་ཀུན་གྲུབ་པ་འཇིགས་མེད་གླིང་པ་ཡིས། །བསྟན་པ་འཕེལ་རྒྱས་ཡུན་རིང་གནས་གྱུར་ཅིག །མངྒ་ལཾ།།

(༧༢༥)ཀློང་ཆེན་སྙིང་གི་ཐིག་ལེ་ལས། །ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས། །

(༧༢༦)དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཤིན་ཏུ་རྣམ་དག་རྒྱ་ཆད་ཕྱོགས་སུ་མ་ལྷུང་ཞིང་། །མ་སྐྱེས་མི་འགག་སྤྲོས་པ་ཀུན་བྲལ་ཡེ་བབས་གཉུག་མ་བྱང་ཆུབ་སེམས། །དུས་གསུམ་དུས་མེད་རྣམ་ཀུན་མཆོག་ལྡན་འཕོ་མེད་འདུས་མ་བྱས་ཀྱི་སྐུ། །འཁོར་འདས་བདག་མེད་ཁྱད་ཆོས་དྲུག་ལྡན་གདོད་མའི་མགོན་པོ་དེ་ལ་འདུད། །གང་གི་གཞི་སྣང་རོལ་པ་ཆུ་ཟླའི་གར། །སྲིད་མཚོར་བཅུད་དུ་སྨིན་པའི་དཔལ་ཡོན་ཅན། །འོད་ལུས་སྒྱུ་

(༧༢༧)འཕྲུལ་དྲ་བའི་སྐུར་བཞེངས་པ། །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་མཆོད། །རྐང་གཉིས་གཙོ་བོ་མི་ཡི་སེང་གེ་ཤཱཀྱའི་རྒྱལ་དང་དེ་ཡི་སྲས། །ཤིང་རྟ་གཉིས་སོགས་རྒྱན་དྲུག་མཆོག་གཉིས་འཇིག་རྟེན་མིག་གཅིག་ཞི་བ་འཚོ། །སད་མི་བདུན་དང་མར་མེ་མཛད་དཔལ་ཤཱཀ་ཤྲི་ཀུན་མཁྱེན་ལྔ་པ་སོགས། །བསྟན་པའི་གཞི་རྟེན་ཚུལ་ཁྲིམས་གསུམ་གྱི་བདག་པོ་རྣམས་ལ་ཅིས་མི་དད། །གསང་བདག་དཔའ་བོས་རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་བྱིན་པའི་ཐེག་

(༧༢༨)མཆོག་སྟོན་པ་དགའ་རབ་རྗེ། །དམ་པའི་རིགས་ཅན་དྲ་མ་ལྔ་དང་ཏནྟྲ་བཅོ་བརྒྱད་གླེགས་བམ་དབང་ཐོབ་རྒྱལ་པོ་ཛ། །རྣམ་གསུམ་ཡོ་གའི་དོན་བརྒྱུད་བདག་པོ་བི་མ་ལ་དང་བཻ་རོ་ལ་སོགས་ཉི་ཤུ་ལྔ། །ཀློང་ལྔའི་མཛོད་ནས་ཟབ་རྒྱའི་སྒོ་འབྱེད་བཅུ་ཕྲག་བཅུ་ཡི་ཕ་མཐར་བརྒལ་ལ་སྙིང་ནས་དད། །བརྗོད་བྱ་གསུང་རབ་ཡན་ལག་བཅུ་གཉིས་དང་། །བརྗོད་དོན་རང་བཞིན་མེད་པའི་སྟོང་པ་ཉིད། །ཐུབ་པའི་ལུང་རྟོགས་བསྟན་པ་གངས་ཅན་འདིར། །གསལ་མཁས་ཀུན་མཁྱེན་ངག་གི་དབང་པོར་ངེས། །མདོ་སྔགས་ཆོས་རྣམས་བསྟན་པ་ཡོངས་རྫོགས་སུ། །སྟན་ཐོག་གཅིག་གི་གོ་ན་བསྟན་པའི་མཐར། །བྱ་རྩོལ་མེད་པ་ཆོས་སྐུའི་དགོངས་པ་ལ། །སྦྱོར་བ་རྫོགས་

(༧༢༩)པ་ཆེན་པོའི་ཁྱད་ནོར་ཡིན། །དེ་ཕྱིར་དེ་ཡི་འཁྲིད་ཚུལ་རབ་འབྱམས་ཀྱི། །ཐུན་མོང་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན། །རྒྱས་བསྡུས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བར། །ཚད་མ་གསུམ་གྱིས་གཉེར་ཁས་བཤད་པར་བྱ། །དེ་ལ་འདིར་བརྒྱུད་པའི་ཁྱད་པར་དྲུག་དང་ལྡན་པའི་སྒོ་ནས་མདོ་སྔགས་ཀྱི་ཆོས་ཚུལ་རབ་འབྱམས་མཐའ་དག་སྟན་ཐོག་གཅིག་ཏུ་འཆད་ནུས་པའི་ཐེག་པའི་རྩེ་རྒྱལ་རང་བཞིན་རྫོགས་པ་ཆེན་པོ་ལ་འཇུག་པའི་ལམ་སྟེགས་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་འཁྲིད་ནི་ཇི་སྐད་དུ། བདག་གི་བླ་མ་རྒྱལ་དབང་པདྨའི་དོན་གྱི་རྒྱལ་ཚབ་ཀུན་མཁྱེན་ཤནྟ་པུ་རི་བས། མངོན་མཐོ་སྒྲུབ་བྱེད་རྒྱལ་བའི་གསུང་རབ་ཀུན། །དོན་རྣམས་

(༧༣༠)སྐྱེས་བུ་ཆུང་ངུའི་ལམ་དང་ནི། །ཐར་བ་བསྒྲུབ་པའི་ཐབས་ལ་བརྩོན་པ་ཡི། །ཆོས་ཀྱི་རྣམ་གྲངས་ཀུན་གྱི་བརྗོད་བྱའི་དོན། །སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་སྟེ། །ཞེས་གསུངས་པ་ལྟར་འདི་ཉིད་ས་བཅད་ཀྱི་དབང་གིས་སྐྱེས་བུ་འབྲིང་མན་ཆད་ཀྱི་ལམ་དུ་བཞག་ནའང་། །དངོས་གཞིར་སྟོན་བྱའི་ལམ་གྱི་ངོ་བོ་ཐེག་པའི་མཆོག་རབ་ཡིན་པར་ཡང་མ་ཟད་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་འཕེན་པ་ལན་རེ་རེའི་ནུས་སྟོབས་ཀྱང་བསམ་གྱིས་མི་ཁྱབ་པ་ཉིད་ལ་དཔགས་ནས་ལམ་གྱི་ཐོག་མ་ཉིད་ནས་སེམས་བསྐྱེད་ཁྱད་པར་བ་ཡོད་པའི་ཕྱིར་སྐྱེས་བུ་ཆེན་པོའི་ལམ་དུ་བཞག་ཀྱང་མི་འགལ་ལོ། །དེ་ལྟ་བུའི་སྐྱེས་བུ་གསུམ་གྱི་རྣམ་པར་བཞག་པ་ནི་ཚེ་དབང་རིགས་འཛིན་སླར་ཡང་སྡེ་སྣོད་གསུམ་གྱི་སྤངས་རྟོགས་ཀྱི་བསྟན་པ་སྤེལ་བའི་སླད་དུ་ཚངས་པར་མཚུངས་སྤྱོད་ཀྱི་བརྫུ་ལ་ཞུགས་པ་ལྷ་གཅིག་འདི་པ་མ་ཀཱ་རས་བྱང་ཆུབ་ལམ་གྱི་སྒྲོན་མར་བསྟན་པ་ལྟར་ལས། དོན་གྱི་ས་ཟིན་ཟུར་པ་མེད་ཅིང་ངོ་བོ་ལ་ཆོས་སྐད་ཀྱི་འཇུག་ལྡོག་ཙམ་ཡིན་པ་ལ་དགོངས་ནས་སྔ་འགྱུར་བའི་ཕྱོགས་ལ་གྲགས་ཆུང་བ་ཡིན་

(༧༣༡)ནོ། །དེ་ལྟ་ནའང་རྣམ་པར་ཤེས་བྱ་འབྱེད་པའི་བློ་གྲོས་དཔྱད་གཟོད་པ་ཉིད་དང་སྔོན་གྱི་ལམ་སྟོན་ཆེན་པོ་རྣམས་ནས་སྲོལ་བཏོད་པའི་ཕྱིར་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པས་བཀའ་ལུང་རང་དབང་དུ་བཀྲལ་བའི་ནུས་པ་འཇོག་ཕྱིར་དང་། མདོ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་པའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་བའོ། །ཞེས་གསུངས་པ་ལྟར་བསྟན་པའི་བར་སྐབས་སུ་ཕྱོགས་རེའི་མིག་ཅན་འགའ་ཞིག་གིས་བསྟན་པ་རྣམ་དག་ལ་རྟོག་བཏགས་འགལ་འདུའི་རྫུན་ཕྲེང་གིས་དྲི་བཅས་སུ་བསྒྲུབས་པས་རྐྱེན་བྱས་ཤིན་ཏུ་གསང་བ་ཆེན་པོའི་ཐེག་པ་ལ་ལམ་གྱི་གོ་རིམ་ཙམ་ཡང་མེད་པར་སྤྱོད་ཕྱོགས་ཁྱད་དུ་བསད་སྙམ་པའི་བཙན་ཐབས་ཉིད་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པར་གོ་ནས་ཡང་དག་པའི་ལམ་ལ་ཆོས་མ་ཡིན་པར་འདུ་ཤེས་ཏེ་གཤེ་ཞིང་སྡང་བའི་ཉས་སྤྱོད་ཆེན་

(༧༣༢)པོའི་གཡང་ས་ལས་སྐྱོབ་ཕྱིར་ཡང་ཡིན་ནོ། །དེ་ཡང་རྟེན་འབྲེལ་གྱི་སྒོ་དང་པོ་སྟོན་པ་དང་ཆོས་ལ་རིམ་གྲོ་དང་བཀུར་བསྟི་བྱ་བར་རྒྱལ་བའི་ཡུམ་དང་སའི་སྙིང་པོའི་མདོ་སོགས་ལས་རྒྱ་ཆེར་བཤད་ཅིང་དེ་སྐད་དུ་ཀུན་ཏུ་བཟང་པོའི་ཏནྟྲ་ལས། དང་པོར་སློབ་མས་བླ་མ་ལ། སྡོམ་ཆོས་ཞུ་ཚེ་འདི་ལྟར་བྱ། །སྔ་བར་ལངས་ལ་ཁ་ལག་བཀྲུས། །ལུས་ཀྱི་ཆས་རྣམས་ལེགས་པར་གཟབས། །མཆེད་གྲོགས་དམ་ཚིག་ལྡན་མི་ལྡན། །སྟ་གོན་རྣམ་དབྱེ་ལེགས་པར་བྱ། ཆོས་རར་ཆག་ཆག་བྱི་དོར་བྱ། །ཞེས་པ་ལྟར་ཁྲུས་བྱ་ཞིང་གོས་གཅང་མ་གྱོན། །མཆེད་དམ་ཚིག་དང་མི་ལྡན་པ་དག་ཕྱིར་བསལ་ཏེ་ཐབས་ཀྱིས་སྤངས། ཆོས་རར་ཡུལ་དུས་དང་བསྟུན་པའི་བྱི་དོར་བྱ་བ་སོགས་བྱི་དོར་རྣམ་པ་གསུམ་དུ་ངེས་པར་བྱ་ཞིང་། དེ་ནས་བཞུགས་ཁྲི་བླ་ཡོལ་ལྔ་ལྡི་དང་། །ཕྱི་ནང་མཆོད་པ་རྒྱས་པར་བཤམ། །བཀོད་པས་ཁྱད་པར་འཕགས་པ་ནི། །དག་གི་དང་འདྲེན་བློ་ཕེབས་བཅའ། །དེ་ནས་ཆོས་འཁོར་བསྐུལ་བའི་སྒྲ། །ཆོས་ཀྱི་དུང་ཆེན་ལན་དགུ་པོ། །བླ་མའི་ཕྱོགས་སུ་ཁ་བལྟས་འབུད། །ཀུན་གྱིས་གསོལ་འདེབས་

(༧༣༣)དུང་བར་བྱ། །བླ་མ་སྤོས་དང་རོལ་མོས་བསུ། །བདེ་བའི་སྟན་ལ་བཞུགས་སུ་གསོལ། །ཅེས་པ་ལྟར་བརྙས་སྟབས་སུ་མ་སོང་བར་བླ་མ་དང་དཀོན་མཆོག་མཉེས་པའི་མཆོད་པ་དང་ཁྲི་སྟན་མཐོན་པོ་བཤམས་པ་སོགས་བྱ། ཆོས་ལ་བསྐུལ་བའི་དུང་འབུད་པའི་ཚེ་ཡང་བླ་མ་ལ་ཁ་བསྟན་ཏེ་བུས་པས་མཆོད་པའི་ཚུལ་དུ་འགྲོ། སྒྲ་དེ་ཐོས་པའི་སེམས་ཅན་མང་པོ་ཡང་ངན་སོང་ལས་ཐར་བར་བཤད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དང་ཐབས་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱས་ལ་ཐུན་ཐམས་ཅད་ཀྱི་བརྡར་དུང་འབུད་པ་ལ་ཡང་གནད་ཆེན་པོ་དེ་ལྟ་བུ་ཡོད་པ་ཡིན་ནོ། །དེའི་ཚེ་བླ་མས་ཀྱང་གདུལ་བྱ་དང་བ་འདྲེན་པའི་སྤྱོད་ལམ་ལ་བསླབ་དགོས་ཏེ་ཀློང་གསལ་ལས། །སློབ་མའི་མོས་གུས་ཆེ་ཆུང་དེ། །བླ་མའི་མཛད་སྤྱོད་ལེགས་ཉེས་ཡིན། །འགྲོ་འཆག་ཉལ་དང་ཟ་བ་སོགས། །སྤྱོད་ལམ་ཐབས་ལ་ལེགས་པར་བསླབ། །ཅེས་གསུངས་ཤིང་རྒྱུད་སྡེ་རྒྱ་མཚོ་ནས་དམ་ཚིག་གི་རྣམ་བཤད་སྟོན་པའི་

(༧༣༤)སྐབས་སུའང་། །དཔོན་གྱིས་ཉམས་ན་སྦྱང་ཐབས་མེད། །གཉིས་ཀ་ན་རག་ཆེན་པོར་འགྲོ། །ཞེས་གསུངས་པས་སྤྱིར་རྣམ་པ་ཐམས་ཅད་དུ་ཤིན་ཏུ་རིགས་པའི་སྤྱོད་ལམ་ལ་བསླབ་ཅིང་ཁྱད་པར་ཆོས་སྟོན་པ་ལ་སོགས་འདི་དག་གི་ཚེ་སྦོམ་ཡོར་ཡོལ་ཡུགས་སུ་མ་སོང་བ་ཞིག་དགོས་ཏེ། ཀློང་གསལ་ལས། དེ་ལྟར་སྣོད་ལྡན་སློབ་མ་ལ། །ཟབ་ཆོས་བསྟན་པའི་དུས་ཀྱི་ཚེ། །བླ་མའི་སྤྱོད་ལམ་འདི་ལྟར་བྱ། །བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅས། །རང་ཉིད་ཐེག་པ་གང་སྟོན་པའི། །དཀྱིལ་འཁོར་གཙོ་བོར་གསལ་བཏབ་ལ། །འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །མདུན་དུ་སྐད་ཅིག་འཁོད་པར་བསམ། །རང་རང་སྐད་དང་བློ་འཚམ་པའི། །ཐེག་ཆེན་ཆོས་སྟོན་སེམས་ཀྱང་བསྐྱེད། །ཆོས་སྐྱོང་དཀར་ཕྱོགས་ཐམས་ཅད་ལ། །ལེགས་སྤེལ་བར་ཆད་སྲུངས་ཤིག་ཅེས། །རང་རང་ལས་ཀྱི་ཕྲིན་ལས་བཅོལ། །ཆོས་གྲལ་དབུས་སུ་སྟོང་པར་གཞག །མི་དང་མི་མིན་དཀར་ཕྱོགས་ཀུན། །མོས་པས་དམ་ཆོས་ཉན་པར་བསམ། །མིག་གིས་སློབ་མ་ཀུན་ལ་བལྟ། །ལག་པ་ཆོས་འཆད་མཉམ་གཞག་

(༧༣༥)བྱ། །དག་གི་ཚིག་གསལ་གདངས་སྙན་པས། །དཔེ་དོན་རྟགས་གསུམ་འབྲེལ་བར་བཤད། །དབང་པོ་གང་ལ་འཚམ་པ་ཡི། །ཆོས་སྒོ་ཐེག་པ་རིམ་པར་བསྟན། །ཞེས་འདི་ལྟ་བུའི་ཆོས་འཆད་ལུགས་ནི་ཐེག་པ་གང་དང་གང་སྟོན་པ་ཐམས་ཅད་ཀྱི་ཁོག་འབུབས་ཀྱང་ཡིན་ལ། དེའི་ཕྱིར་ལུས་ཀྱི་སྤྱོད་ལམ་བག་མེད་པ་འགྱེལ་བུ་བ་གཞོགས་སྙེས་ལ་སོགས་པ་སྤངས། གཡོན་མཉམ་གཞག་དང་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་བཅའ་བ་སྔོན་དུ་འགྲོ་བས་སྔོན་འགྲོའི་ཚེ་ཤཱཀྱ་ཐུབ་པ་དང་དངོས་གཞིའི་ཚེ་རྒྱུད་ལུང་མན་ངག་ཇི་ལྟར་དུ་སྟོན་པའི་དཀྱིལ་འཁོར་གྱི་བདག་པོར་གསལ་བཏབ་ནས་སེམས་ཅན་ཐམས་ཅད་རྣམ་བྱང་ལ་འགོད་པའི་སེམས་བསྐྱེད་ཀྱིས་འཕེན་པས་གཞི་བཟུང་། དེའི་ཚེ་རིགས་དྲུག་གི་སེམས་ཅན་ཐམས་ཅད་རང་གི་མདུན་དུ་ཆོས་ཉན་པའི་ཕྱིར་འཁོད་པར་བསམ་ཞིང་། ཁྱད་པར་ཆོས་རའི་དབུས་སྟོང་པར་བཞག་པ་ལ་མི་མ་ཡིན་དཀར་ཕྱོགས་པ་ཀུན་ཀྱང་འདུས་ནས་མོས་པས་ཆོས་ཉན་པར་བསམ་ཞིང་། བར་ཆད་ཞི་

(༧༣༦)བ་དང་ལེགས་སྤེལ་གྱི་ཕྲིན་ལས་བཅོལ། འདོད་ལྷ་སྡེ་བཅས་ཀྱི་གཉེན་པོར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བདུད་ཚར་གཅོད་པའི་སྔགས་བཏོན་ན་དཔག་ཚད་བརྒྱ་ཚུན་ཆད་དུ་ཀླགས་ལྟ་བར་མི་ནུས་པར་བཤད་པས་དེ་ལྟར་འདོན། ངག་བུལ་མགྱོགས་ལྡབ་ལྡིབ་ལ་སོགས་པས་ཐོས་འཛིན་གྱི་ཚེར་མར་གྱུར་པ་སྤངས་ལ་གསལ་དག་སྙན་པའི་སྒྲས་དཔེ་དོན་རྟགས་གསུམ་འབྲེལ་བར་བཤད་ཅིང་། དེ་ཡང་ངེས་དོན་གྱི་ཚིག་ཐོག་མ་ཉིད་ནས་འཆད་པ་དང་ཏན་གན་གྱི་སྤྱོད་པ་ཟུར་འཕྲིག་པ་ལ་སོགས་ཀྱིས་གདུལ་བྱ་བློ་ལས་སུ་མི་རུང་བར་འགྱུར་ཕྱིར་སྡང་བར་བྱ་ལ་དེ་སྐད་དུ། ཀློང་གསལ་ཉི་མ་ལས། བླ་མས་སློབ་མ་གསོ་བའི་ཚེ། །སློབ་མ་གསར་བུ་དད་ལྡན་དེ། །ཐོག་མར་ཐབས་ཀྱིས་འཁྲིད་པར་བྱ། །ངེས་དོན་སྙིང་པོ་མགོའི་བར། །རྒྱུ་འབྲས་གཉིས་ཀྱི་ཆོས་རྣམས་བཤད། །སྒྲུང་དང་དཔེ་དང་བསྟན་བཅོས་དང་། །མགུར་གླུ་ལ་སོགས་འཁོར་བ་ལ། །ཡིད་དབྱུང་ངན་སོང་སྡུག་བསྔལ་དང་། །སངས་རྒྱས་ཡོན་ཏན་ལ་སོགས་བཤད། །

(༧༣༧)བླ་མ་ཉིད་ཀྱང་སྤྱོད་ལམ་གཟབས། །གལ་ཏེ་ཏན་གན་ཟུར་འཕྲིག་ན། །བློ་ཆུང་དད་ལོག་རྫ་མི་དྲོས། །དེ་ལ་བྱིན་རླབས་གཞན་མི་འགོ། །ཞེས་སོ། །དེའི་ཕྱིར་ཚུལ་འདི་ལྟ་བུའི་སེམས་སྦྱོང་ལུགས་ནི་ལས་དང་པོ་པ་བློ་སྦྱོང་བའི་ཐབས་ཁྱད་པར་ཅན་ཡིན་པར་ཡང་ཤེས་པར་བྱ་ལ། དངོས་གཞིའི་ཚེ་དེ་ཉིད་ལས། རྡོ་རྗེའི་ཚིག་རྐང་བཀྲོལ་ལ་བཤད། །རྒྱུད་དཀྲུགས་པ་རྣམས་བསྡེབས་ལ་བཤད། །ལུང་གཅུས་པ་རྣམས་བརྐྱངས་ལ་བཤད། །དྲང་པོར་དགོངས་དང་ལྡེམ་པོར་དགོངས། །མ་འོངས་འཇུག་དོན་དགོངས་པ་དང་། །དྲང་དོན་ངེས་དོན་སྙིང་པོའི་དོན། །གཉིས་སུ་མེད་པའི་དོན་ཚིག་རྣམས། །རྒྱུད་ལུང་མན་ངག་ཕྱེ་ལ་བཤད། །མུན་ནག་མཛུབ་གཡུག་མ་སོང་བར། །སློབ་བུའི་རྒྱུད་ལ་ཐེབས་པར་གདབ། །དམུས་ལོང་མིག་ཕྱེ་ཇི་བཞིན་དུ། །ལག་ལེན་མྱོང་བས་ཡིད་ཆེས་འཇུག །ཅེས་པ་ལྟར་རྡོ་རྗེའི་ཚིག་རྐང་རྣམས་དོན་བརྒྱུད་ཀྱི་དགོངས་པས་བཀྲལ་ཞིང་། དེ་ཡང་རྒྱུད་དཀྲུགས་པ་རྣམས་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་དུ་བསྡེབས། ལུང་གཅུས་

(༧༣༨)པ་རྣམས་སྦྲུལ་གྱི་མདུད་པ་བརྐྱངས་པ་ལྟར་བསྲངས། མན་ངག་གབ་པ་རྣམས་ཉི་མས་མུན་པ་བསལ་བ་བཞིན་མངོན་དུ་ཕྱུང་ནས་དྲང་ངེས་ལྡེམ་དགོངས་ཀྱི་ལུང་དོན་རིག་པས་འབྱེད་པ་ལ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་དང་མདོ་སྒྱུ་སེམས་གསུམ་གྱི་བཤད་པའི་རྒྱུན་མ་ཉམས་པ་ཀུན་མཁྱེན་ངག་གི་དབང་པོའི་མན་ངག་གི་བསྟན་བཅོས་རྒྱ་མཚོ་ལྟ་བུས་བཤད་དགོས་པ་ཉིད་དོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་ལམ་གྱི་རིམ་པ་ཇི་ལྟ་བུ་འཆད་པ་ནའང་། ཆོས་མཚམས་ལེའུ་འམ་ཐུན་གྱི་མཚམས་སོ། །ཇི་ལྟར་བཤད་པའི་ཚིག་ཐམས་ཅད་དོན་ཐོག་ཏུ་ཧྲིལ་གྱི་བསྡུས་ལ་བསྒོམ་བྱའི་དམིགས་པའི་ཐོག་ཏུ་དྲིལ་ནས་སློབ་བུའི་རྒྱུད་ལ་འདྲེས་ངེས་པར་བྱ། སྐབས་ཅི་རིགས་པར་གྲུབ་ཐོབ་གོང་མའི་རྣམ་པར་ཐར་པ་དང་། དགོས་འབྲེལ་གཉིས་དང་ལྡན་པའི་སྒྱུར་རྒྱུད་ངོ་མཚར་བས་བྱིང་བ་བསང་ཞིང་སློབ་བུའི་སྐྱོན་མཚང་འདོན་པ་སོགས་ཐབས་ཀྱིས་འདུལ་བའི་མན་ངག་ལ་མཁས་པར་བྱས་པས་བརྐོས་ཕོར་ལས་སཙྪ་འབྱུང་བ་བཞིན་དུ་བླ་མའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་སློབ་མའི་རྒྱུད་ལ་བསྲེ་ནུས་པ་ཡིན་ནོ། །

(༧༣༩)ཁྱད་པར་ཐུན་སོ་སོའི་འགོར་སེམས་བསྐྱེད་དང་མཇུག་ཏུ་དམིགས་པ་མེད་པའི་བསྔོ་སྨོན་གྱིས་མཚམས་སྦྱོར་བ་ཡང་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཡིན་ལ་དེ་སྐད་དུ། ཀློང་གསལ་ལས། ཆོས་མཚམས་ལེའུའི་ཐུན་གྱི་དུས། །ཡས་དྲིལ་མས་དྲིལ་དོན་ཀུན་བསྡུ། །བསྒོམ་བྱའི་དམིགས་པ་བརྟན་དུ་གཞུག །བསམ་བྱའི་གོ་བ་ལེན་དུ་གཞུག །སྐབས་སུ་སྒྲུང་རྒྱུད་ལ་སོགས་པ། །ངོ་མཚར་གཏམ་གྱིས་བྱིང་བ་བསྲིང་། །སློབ་བུའི་སྐྱོན་མཚང་འདོན་པའི་ཕྱིར། །སྔོན་གྱི་སྒྲུང་རྒྱུད་ལྡེའུ་ཆུང་བརྡེག །རྗེས་སུ་བསྔོ་བ་སྨོན་ལམ་གདབ། །ཀུན་ལ་བྱང་སེམས་བརྩེ་ལྡན་གཅེས། །དེ་ལྟར་ལག་ལེན་སྟོན་མཁས་ན། །བླ་མ་སངས་རྒྱས་བརྐོས་ཕོར་ལ། །དམ་པ་ཆོས་ཀྱི་རི་མོ་ཡོད། །སློབ་མ་སྣོད་ལྡན་བྷི་བྷི་བཅུག །བརྐོད་ཕོར་རི་མོ་དེ་ལ་ཐེབ། །སྐུ་གསུམ་ཚྭ་ཚྭར་དཀྲོང་གིས་འགྱུར། །དེ་ལྟར་སློབ་དཔོན་ལག་ལེན་གཅེས། །ཞེས་གསུངས་པའི་སྟ་གོན་དང་ཕྱག་ལེན་ཆེ་བ་མཐའ་དག་ལ་ཆོས་ལ་དབང་ཟ་བའི་རང་བཟོའི་དྲི་མས་མ་སྦགས་པ་ཉིད་

(༧༤༠)སྔོན་དུ་སོང་ནས་མཎྜལ་འབུལ་དུ་གཞུག །༈ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་དུ། སྟོན་པ་བདེ་བར་གཤེགས་པའི་གསུང་གི་བདུད་རྩི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མཐའ་དག་གི་ཡང་ཞུན་ཐེག་པའི་རྩེ་རྒྱལ་རང་བཞིན་རྫོགས་པ་ཆེན་པོའི་འབྲས་བུ་དོན་དུ་གཉེར་བའི་ལམ་ལ་འཇུག་གོ་སྙམ་པའི་མོས་པ་མི་ཕྱེད་པས་གཞི་བཟུང་། དེ་ཡང་མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་ཅེས་པ་ལྟར་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་རང་ལ་ནད་པ་ཆེས་ལ་སྨན། སྟོན་པ་ལ་སྨན་པ། ནན་ཏན་ཉམས་སུ་ལེན་པ་ལ་ནང་གསོ་བ། །དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པ། ཆོས་ཀྱི་ཚུལ་ལ་རིངས་སུ་གནས་པ་སྟེ་འདུ་ཤེས་དྲུག་དང་། ཀུན་ཏུ་བཟང་པོའི་རྒྱུད་ལས། བདེ་བའི་ས་ལ་སྐྱིལ་ཀྲུང་བཅའ། །ས་གཅིག་དག་ལས་གནས་མི་སྤོ། །ཞྭ་མོ་ཡོད་ན་མདུན་དུ་བཞག །སྐྲ་ལོ་ཡོད་ན་མདུན་དུ་ཕབ། །ལག་པ་ཐལ་སྦྱར་མཉམ་

(༧༤༡)གཞག་བཅའ། །ལག་གིས་འདུ་བྱེད་ཐམས་ཅད་སྤང་། །མིག་གིས་བླ་མའི་ཞལ་ལ་བལྟ། །རྣ་བས་བླ་མའི་གསུང་ལ་ཉན། །སེམས་ཀྱིས་ཚིག་དོན་གཏན་ལ་འབེབས། །ཐེ་ཚོམ་དུས་སུ་ལོག་ལ་ཞུ། །ངག་ཏུ་ཤུབ་བུའི་ཚིག་རྣམས་སྤང་། །རྐང་བརྐྱང་གཞོགས་སྙེས་ཆེ་བཅོས་དང་། །མ་གནང་ཁྲི་དང་སྟན་སྟེགས་སྤང་། །མི་ན་བ་ལ་མགོ་གཡོགས་དང་། །དགྲ་མེད་པ་ལ་མཚོན་ཐོགས་དང་། །མ་རྒས་པ་ལ་དབྱུག་ཐོགས་དང་། །ཚུལ་དང་མི་མཐུན་ཐམས་ཅད་སྤང་། །ཚིག་དོན་རེ་རེ་གཞིག་འབྲེལ་བྱ། །ཆོས་ཐུན་མཇུག་གི་དམིགས་པ་ལ། །ནན་ཆགས་ཆེན་པོས་གོང་འོག་མཐུད། །ཐ་མལ་སྤྱོད་པ་ཐམས་ཅད་སྤང་། །ཆོས་ཁྲིམས་ལུང་བཞིན་བག་ཡོད་སྤྱད། །ཅེས་གསུངས་པས་ཀུན་སློང་དང་ཀུན་སྤྱོད་ཐམས་ཅད་གསལ་བཏབ་སྟེ་གསན་འཚལ། སྐབས་འདིར་སྙིང་ཐིག་ཡ་བཞི་ལ་སོགས་ཏེ་མན་ངག་གི་གཞུང་གཞན་གྱིས་འཆད་ན། །ཆོས་ཀྱི་ཆེ་བ་དང་བརྒྱུད་རིམ་སློབ་མའི་དབང་པོ་དང་བསྟུན་ནས་དང་བ་འདྲེན་པར་བཤད་

(༧༤༢)རྗེས། བུ་ཡིག་ལས། འདུས་བྱས་ཐམས་ཅད་མི་རྟག་པར་བསམ་པ་དང་། ཞེས་པས་དང་པོ་ལུང་ལ་རྗེས་སུ་དཔགས་ནས་བསམ་པ་ནི། དེ་ཡང་རང་རེ་སྔོན་གྱི་བསགས་པ་ཕུལ་དུ་ཕྱིན་པའི་མཐུ་ཁོ་ན་ལ་བརྟེན་ནས་དཔེ་གྲངས་ངོ་བོའི་སྒོ་ནས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་སྐལ་བ་བཟང་སྟེ། བསམ་ན་གློ་བུར་གྱི་རྐྱེན་མི་ཟད་པས་དོ་ནུབ་ཤི་ནས་སང་ནངས་པར་མལ་དུ་རོ་ལ་སོང་ན་ཇི་ལྟར་བྱེད། བླུན་རྨོངས་ཕལ་ནི་འཆི་བ་འོད་མི་འོད་གི་རྟོག་དཔྱོད་ཙམ་ཡང་མི་བྱེད་པར་སྣང་བ་གདོང་འདྲེད་ཁོ་ནའི་ངང་ལ་ཐུག་སྟེ་འཆི། འགའ་ཞིག་འཆི་བ་འོང་སྙམ་པ་ཡོད་ཀྱང་མ་རྒས་ཀྱི་བར་ལ་དགའ་རབ་ཡོད་རེའི་བསམ་པས་རིམ་གྲོ་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཕྱི་ཚིག་དང་རེ་དོགས་ཁོ་ན་ལྷུར་ལེན་ཅིང་འདིའི་འདུན་མ་འབའ་ཞིག་གི་དབང་དུ་འགྲོ། དེ་ལྟ་མི་ཀུན་ཟླ་བ་རྟིང་མའི་བྱ་བྱེད་ཀྱི་གཤོམ་ར་དང་རྒྱགས་ཕྱེ་སོགས་འོག་གྲབས་བྱེད་ཀྱང་དེའི་དུས་ན་རང་རེ་ལུས་རྟེན་འདི་འདྲ་མིན་པའི་མགོ་དང་ཁ་ལ་རྭ་ཅོ་ཡོད་པ་ཞིག་ཏུ་སྐྱེས་ནས་ལུས་རྟེན་འདིའི་རུས་པ་ཙམ་

(༧༤༣)ཡང་ཤུལ་མེད་དུ་མི་བྱེད་པའི་གདེང་ཨེ་འདུག །གདེང་མི་འདུག་ན་དེའི་ཚེ་ཐབས་ནི་གང་ཡང་མེད་དེ་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། དཔེར་ན་ཕྱོགས་བཞི་ནས་རི་སྲབ། བརྟན་པ། དཔང་མཐོ་བ་བཞི་འགྱེལ་ནས་རྩྭ་དང་། ཤིང་གེལ་པ་དང་། སྲོག་ཆགས་ཐམས་ཅད་ཕྱ་མར་འཐག་ཅིང་རུབ་རུབ་བྱུང་ན། དེ་ལ་མགྱོགས་པར་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་བའམ། རྫས་དང་སྔགས་དང་སྨན་གྱིས་བཟློག་པ་སླ་བ་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ། ན་བ་དང་། རྒ་བ་དང་། འཆི་བ་དང་། རྒུད་བ་ཞེས་བྱ་བའི་འཇིགས་པ་ཆེན་པོ་བཞི་འབྱུང་སྟེ། དེ་ལ་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུའམ། རྫས་དང་། སྔགས་དང་། སྨན་གྱིས་བཟློག་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་ལ། དེའི་ཕྱིར་ན་རང་ཅག་རྣམས་ངེས་པར་འཆི་སྟེ། མྱ་ངན་བསལ་བའི་མདོ་ལས། ཅི་སྟེ་སངས་

(༧༤༤)རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མ་རྟག་ན། །ཆུ་ཤིང་སྡོང་པོ་ལྟ་བུ་ཡིས། །ལུས་ཅན་རྣམས་ལྟ་སྨོས་ཅི་དགོས། །ཞེས་པས་སྐྱེ་འཆི་ལ་རང་དབང་ཐོབ་པའི་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་ཡང་གདུལ་བྱ་རྟག་འཛིན་ཅན་གདུལ་བའི་ཕྱིར་ཐ་མའི་གཟིམས་ཁྲི་ལ་མནལ་བས་ཡིད་སྐྱོ། དེ་བཞིན་དུ་རྒྱ་བོད་ཀྱི་པཎ་གྲུབ་རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དེ་དག་ཀྱང་བྱོན་ནས་བསྟན་པ་ལ་བྱ་བ་འདི་ལྟར་མཛད་ཅེས་པའི་གཏམ་རྒྱུད་ཆོས་འབྱུང་། དེང་ཐེར་རྣམ་ཐར་སོགས་ལ་བཤད་པའི་མཇུབ་མོ་རི་སྟོན་ལས་དེ་དག་གཅིག་ཀྱང་མ་བཞུགས་པ་མངོན་སུམ་ཚད་མས་གྲུབ་པས་སྙིང་རླུང་ལྡང་། རང་གི་གཉེན་བཤེས་བར་མའི་འགྲོ་བ་ལ་སོགས་ཏེ་ཇི་སྙེད་ཅིག་ན་ནིང་དང་། ཁ་སང་ཟླ་བ་སྔོན་མ་ཕན་ཆད་ཡོད་པ་འཇིག་རྟེན་ཕ་རོལ་དུ་སོང་སྟེ་རོ་མེད་པར་ཟིན་པ་དང་མིང་ཙམ་ཤུལ་དུ་ལུས་པས་རང་རེ་ཡང་ངེས་པར་འཆི། ད་ནི་བསྐལ་པའི་སྙིགས་མ་ལ་ཐུག་ཅིང་ཚེ་ཚད་ཇི་བཞིན་ཐུབ་ནའང་དབུགས་ཉི་ཁྲི་ཆིག་སྟོང་རྒྱུ་རིང་ལ་ཞག་གཅིག་གི་མི་ཚེ་ཐུང་དུ་སོང་

(༧༤༥)ངོ་། ཞག་གསུམ་ཅུས་ཟླ་བ། ཟླ་བ་བཅུ་གཉིས་ཀྱིས་ལོ་འཛད་པས་ཆེ་འདིད་པ་ལ་ཚེགས་མེད་དེ། རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། ཞེས་སྐད་ཅིག་ཀྱང་སྡོད་དབང་མེད་པ་ལ་ལེགས་པར་བསམས་ནས་སྙིང་པོ་ལེན་པ་ལ་མགོ་ལ་མེ་ཤོར་གྱི་བརྩོན་འགྲུས་བསྐྱེད་པར་བྱའོ། །གཉིས་པ་དེ་ཉིད་མན་ངག་གི་སྒོ་ནས་རྒྱུད་ལ་སྒོམ་པ་ནི། གང་ཟག་ཆོས་ཀྱི་གོ་རྟོགས་ཅན་ལ་ལུང་ལ་དཔགས་ནས་སྐྱོ་བ་བསྐུལ་བ་ཉིད་རྣམ་པ་གཙང་ཞིང་རྒྱུད་ལ་འཕྲོད། ལས་དང་པོ་པ་རྣམ་པར་ཤེས་པ་ཤིན་ཏུ་ལྐོག་ཏུ་གྱུར་པའི་རིགས་ཅན་འགའ་ཞིག་ལ་དཔེ་ཆོས་དང་། སྒྲུབ་རྒྱུད་དང་། བློ་འདྲིད་པ་འདི་གནད་ཟབ་པ་ཡིན་པས་སློབ་མའི་ཁམས་དང་སྦྱར་རོ། །དེ་ཡང་བདག་ཉིད་ཡིད་ལ་མེད་པ་ཞིག་ལ་ངོ་མི་ཤེས་པའི་ལུང་པ་འཇིགས་སུ་རུང་བ་ཐང་ཤིན་

(༧༤༦)ཏུ་རྒྱ་ཆེ་བ། མིའི་རྒྱུ་འགྲུལ་ཙམ་ཡང་མེད་པ། རླུང་སི་རི་རི་སྒྲོག་པ། འཇག་སྐྱ་དབུ་རུ་རུ་ཟེར་བའི་ས་ཆ་ཞིག་ཏུ་སླེབ་ནས་ཅི་བྱ་བ་རྟོལ་མེད་ཅིང་ཡིད་སློང་སློང་པོར་ཡོད་ཙ་ན། གང་ནས་འོངས་ཆ་མེད་པའི་སྐྱེ་བོ་ཕོ་མོ་ཁ་དོག་དཀར་ནག་གཉིས་བྱུང་ནས་ཚོགས་དྲུག་སྒྱུ་མའི་གྲོང་ཁྱེར་བྱ་བ་ན་ཡིད་བཞིན་ནོར་བུ་མཆིང་བུ་བྱ་བ་ཡོད། དེ་ལེན་པ་ལ་ཆུ་བོ་ཆེན་པོ་ལ་གཟིངས་སུ་ཞུགས་ནས་འགྲོ་དགོས། རང་རེ་གསུམ་ལྷན་དུ་འགྲོགས་བར་འདོད་དམ་ཞེས་ཟེར། དེ་ལ་རང་ཉིད་བློ་ཡིད་ཕྱོགས་ཏེ་ཁོང་གཉིས་ཀྱི་རྗེས་སུ་འབྲངས་ནས་སོང་སོང་བ་ལས། ཅི་ཞིག་ན་རྒྱ་མཚོ་ཆེན་པོ་གནམ་ཐང་ལ་ཕབ་པ་འདྲ་བ། རྒྱ་ཁྱོན་བློས་མི་ཆོད་པ། དཔའ་རླབས་པར་སྣང་ལ་འཕྱོ་བ། དེའི་ནང་ན་ཆུ་སྲིན་དང་། ཉ་བོ་ཆེ་དང་། ཆུ་མི་དང་། ཆུ་རྟ་ལ་སོགས་པ་མདོར་ན་མིག་གིས་སྔར་མ་མཐོང་བ་སྐྱི་གཡའ་བའི་སྲོག་ཆགས་མགོ་ལུས་མི་མཚུངས་པ་མང་པོས་ཁེངས་ཤིང་། རླབས་ཀྱི་གཉེར་མ་ལ་འཇུག་ལྡོག་བྱེད་པ་ཞིག་གི་རྩར་སླེབས་དེར་རང་ཉིད་ཤིན་ཏུ་འཇིགས་ཤིང་བྲོས་

(༧༤༧)འཚལ་ནའང་ནོར་བུ་ལོན་དུ་རེ་བའི་འདོད་པས་གདུངས་ཏེ་ཁོང་གཉིས་ཀྱིས་བཏང་བའི་གཟིངས་སུ་ཞུགས་ཏེ་རྒྱ་མཚོ་ཆེན་པོ་ལ་བརྒལ་བ་ལས་མཚོ་ཆེན་པོ་དེའི་དཀྱིལ་ཙམ་དུ་སླེབས་པ་དང་། རླུང་དམར་ཤིན་ཏུ་མི་བཟོད་པ་ཞིག་ལངས། དེའི་འཇིགས་སྐྲག་གིས་མ་བཟོད་པར་སྐྱ་བ་ཤིན་ཏུ་དུབ་ཅིང་རྩོལ་བར་བརྒྱབ་པ་ལས་དེ་གཉིས་ཀྱི་ལག་པའི་སྐྱ་བ་ཟུང་ཀྱང་དུས་གཅིག་ལ་ཐུག་ཏེ་ཆག །ཆུའི་དཔའ་རླབས་ནམ་མཁའ་ལ་འཕྱོ་བ་ལྟ་བུས་རེས་འགའ་གྲུ་གཟིངས་སྲིད་པའི་རྩེ་མོ་ལ་ལྡིང་བ་སྙམ་བྱེད། རེས་འགའ་ཆུ་བོ་བར་སྣང་ལ་འཕྱོ་ཞིང་གྲུ་གཟིངས་རྒྱ་མཚོའི་གཏིད་དུ་ཆུད་པ་སྙམ་བྱེད་དེའི་ཚེ་བྲོས་པས་ཐར་བ་དང་། ར་མདའ་སྤྲན་པ་དང་། ལག་པ་འཇུ་ས་ནི་མེད། འཆི་བ་འཆི་བ་འཆི་བ་ཟེར་བའི་འཇིགས་པ་ཅན་དེ། དབུགས་འབྱུང་འཇུག་ཙམ་གྱི་ཁོངས་སུ་བཙན་ཐབས་སུ་སླེབས། །སྔོན་ཆད་འཆི་བ་ཡེ་མ་དྲན་པས་ཆོས་བྱས་པའི་གདེང་ནི་མེད། བུ་དང་ནོར་རྫས་གཉེན་འདུན་ཡུལ་མི་ཁྱིམ་མཚེས་དང་། དེ་རིང་ནས་

(༧༤༨)བྲལ་ཞིང་དེ་དག་གི་ཕན་པ་ནི་ཏིལ་ཙམ་མེད། ཨ་ཛི་འཇིགས་པ་ལ། ད་ཅི་དྲག །ཨ་ཙ་མ། ཀྱི་ཧུད། ཀྱི་ཧུད་ཀྱི་ཧུད། ཅེས་སྨྲེ་སྔགས་དང་འོ་དོད་དྲག་པོ་འདོན་གྱིན་ཡོད་པའི་ཚེ། མདུན་གྱི་ནམ་མཁར་སྐུ་དྲིན་ཅན་གྱི་བླ་མ་དེ་ཉིད་ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་འགྱུར་ཅན་དུ་གར་སྟབས་ལིང་ལིང་བྱོན་ནས། ཀྱེ་ཁྱོད་ཀྱིས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་མཐོང་སྟེ་འཆི་ཆོས་ཡེ་ནས་མ་དྲན་པས་ལན། ཁྱོད་རང་གི་ད་ལྟའི་སྣང་བ་ཨ་འཐས་མངོན་ཞེན་ཅན་འདི་ནི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ལས་བྱུང་ངོ་། བསླུ་བྲིད་མཁན་གྱི་སྐྱེ་བོ་ཕོ་མོ་གཉིས་ནི་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པའོ། །རྒྱ་མཚོ་ཆེན་པོ་ནི་འཁོར་བའི་རྒྱ་མཚོ་མཐའ་མེད་པའོ། །གྲུ་གཟིངས་ནི་དབུ་བརྡོས་པ་ལྟ་བུའི་ཟག་བཅས་སྒྱུ་ལུས་ཀྱི་ཕུང་པོའོ། །སྐྱེ་བ་གཉིས་ཐུག་གི་ཆག་པ་ནི་ཉིན་མཚན་ལྟེ་བ་བསྣོལ་གྱི་མི་ཚེ་བཅར་གྱིས་ཟད་ནས་བསབས་ཐེབས་ཅིས་ཀྱང་མེད་པའོ། །ཀྱེ་རིགས་ཀྱི་བུ། ད་ནི་ཤི་བས་ཀྱང་མི་ཆོག་ཤི་ཚར་ནས་གཅེར་བུ་

(༧༤༩)རྒྱང་འཕེན་པའི་འདོད་པ་བཞིན་ཁྲོན་པའི་ནང་དུ་རྡོ་འཕངས་པ་བཞིན་སོང་ན་དེ་ཀས་ཆོག་སྟེ། དཀར་ནག་གི་ལས་ཁྲེ་འུར་བསགས་པ་ཐམས་ཅད་གནམ་ཐིག་དྲང་པོར་བཏབ་པ་བཞིན་དུ་འཕྱུགས་པ་མེད་པར་འཕབས་པས་ཇི་ལྟར་བགྱི། ཞེས་གསུངས་པས་སླར་འཇིགས་སྐྲག་དང་སྡུག་བསྔལ་ཤིན་ཏུ་ཆེར་སོང་བླ་མ་ལ་གསོལ་བརྩེ་གཅིག་ཏུ་འདེབས་ཤིང་ཅི་བྱ་བ་རྟོལ་མེད་པར་ཡོད་ཙ་ན། བླ་མའི་ཐུགས་ཀ་ནས་འོད་ཟེར་བ་ཐག་འཛིངས་པ་ལྟ་བུ་ཞིག་སྐྱ་ནར་གྱིས་བྱུང་། རང་གི་སྙིང་གར་ཟུག་པ་དང་གྲུ་གཟིངས་མགོ་མཇུག་ལྡོག་པ་དུས་མཉམ་སྟེ་བེམ་རིག་བྲལ། སྐུ་གསུམ་པདྨ་འོད་ཀྱི་ཕོ་བྲང་དུ་ཨོ་རྒྱན་ཆེན་པོ་དང་གཉིས་སུ་མེད་པར་སངས་རྒྱས། དེ་ལྟ་བུའི་རྒྱུ་མཐུན་གྱི་འཇིགས་པས་མནར་བའི་སེམས་ཅན་ཐམས་ཅད་བདག་གིས་འདྲེན་ནུས་པའི་སྐལ་བ་རྒྱུད་ལ་བཞག་པར་བསམས་རྗེས་དུས་གསུམ་གྱི་རྣམ་རྟོག་ཐམས་ཅད་རྟེན་མེད་ཁ་ཡན་དུ་གློད་ལ་འཕོ་གནས་སོ་སོའི་ཐོག་ཏུ་དྲན་པའི་བྱ་ར་བཞག་གོ།

(༧༥༠) ༈ སེམས་སྦྱོང་གཉིས་པ་ནི། བུ་ཡིག་ལས། བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་སྣང་བ་བསམ་པ་དང་། ཞེས་པས། དང་པོ་ལུང་ལ་རྗེས་སུ་དཔག་ནས་བསམ་པ་ནི། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲ་བ་འདི་ཆེའོ། །ཞེས་གསུངས་པས་རང་རེ་རྣམས་ཀྱི་བདེ་སྡུག་བཟང་ངན་ལེགས་ཉེས་ཐམས་ཅད་ནི་ལས་ཁོ་ནའི་རྗེས་སུ་འབྲང་བར་གདོན་མི་ཟ་ན། དེའི་མི་མཐུན་ཕྱོགས་ཚེ་འདིའི་བྱ་བཞག་དགྲ་འདུལ་གཉེན་སྐྱོང་སོ་ནམ་ཚོང་ཁེ། ཁེ་དྲག་ལོ་འདོད་ཆགས་སྡང་ཁོང་ཁྲོ། གཞན་ལ་ཤ་ཚ་གྲོས་འདེབས། ཚེ་ཐབས་དང་སྙན་གྲགས་བསྒྲུབ་པ་ལ་སོགས་ཅི་དང་ཅི་བྱས་ཀྱང་ཡིད་བརྟན་དང་བློ་ལྟོས་རུང་བ་མི་འདུག །ཡོ་བྱད་ཐབས་སྣ་ཚོགས་ཀྱིས་བསགས་ཀྱང་དགྲ་རྐུན་གྱི་འདོད་པ་བསྒྲུབས་པ་ཡོད། ཞིམ་དུ་རེ་བའི་ཟས་སྐོམ་ཟོས་ཀྱང་ནད་རོ་སློང་

(༧༥༡)ཅིང་འཆི་བའི་རྐྱེན་དུ་གྱུར་པ་དང་། ཕན་དུ་རེ་ནས་གཉེན་བཤེས་མཛའ་གཅུགས་སུ་བཏགས་ཀྱང་དགྲའི་དངས་མར་གྱུར་པ་དང་གཞན་ལ་གནོད་པ་ལ་སོགས་མ་བྱས་ཀྱང་དོན་མེད་ལ་ངན་སྨྲས་དང་། འཕྱ་ཚིག་དང་། སྐུར་འདེབས་ཟུར་ཟས་ཤེས་རྒྱུད་བ་སྲེགས་པ་སོགས་སྣང་ཚུལ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དང་། སྡུག་བསྔལ་བསྐྱེད་པའི་རྒྱུ་ཁོ་ནར་འདུག་པས་ད་ལྟ་ཕན་དེ་ལྟར་མ་གོ་བ་མ་ཚང་རེ་ཆེ། ད་ལེགས་པར་བསམས་ན་ཁ་སང་ཕན་ཆད་ཀྱི་བྱ་བྱེད་ཐམས་ཅད་ཀྱང་ཡིད་ཡུལ་དུ་དྲན་པ་ཙམ་ལས་རྗེས་སུ་མི་འབྲེང་བས་མ་དང་གི་རྨི་ལམ་དང་འདྲ། དེ་རིང་གི་སྣང་བ་ཡང་དོ་ནུབ་ཀྱི་རྨི་ལམ་དང་མཚུངས། སང་ཕན་ཆད་ཀྱི་བྱ་བྱེད་རྣམས་ཀྱང་སང་ནུབ་ཀྱི་རྨི་ལམ་དང་འདྲ་བ་ཞིག་ཡིན་པ་ལས་རྟག་ཐུབ་པ་ཞིག་མི་འདུག་ཀྱང་དོན་མེད་མངོན་ཞེན་གྱི་སྣང་བས་ཆགས་སྡང་འཐབ་རྩོད་སྙན་མི་སྙན། གསོག་འཇོག །བདེ་སྡུག །ཁ་འཛིན་གྱི་སྤྱོད་པས་དུས་འདའ་བ་འདི་རང་རེ་སྐྱོན་གྱི་

(༧༥༢)གོང་བུར་འདུག །འཇིག་རྟེན་གྱི་སྣང་བ་འདི་ཀུན་བསླུ་བྲིད་སྒྱུ་མའི་རང་བཞིན་དུ་འདུག་པ་ལ་རྟག་བརྟན་ཐེར་ཟུག་ཏུ་བལྟ་བ་ང་རེ་འགྱོ། ད་ནི་སང་ཕན་ཆད་ཀྱི་བསམ་མནོ་གང་ཡང་མི་གཏོང་བར་བདག་ཏུ་འཛིན་པ་ལ་སྐྱོན་ཏུ་བལྟ་བར་བྱའོ་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། །གཉིས་པ་བློ་བྲིད་དེ་ཐབས་ཀྱིས་སྒོམ་པ་ནི། ཡང་རང་ཉིད་གང་ནས་ཕྱིན་ཆ་མེད་པའི་ལུང་པ་ཐག་རིང་ངོ་མི་འཚལ་བ་ཞིག་ཏུ་སླེབས། གར་འགྲོའི་གཏད་སོ་མེད་པར་ཐོམ་ཐོམ་ཡོད་ཙ་ན། ངོ་མི་ཤེས་པའི་ཕོ་སྐྱེས་གཞོན་ནུ་བརྒྱད་འབྱུང་ནས་དེ་དག་ན་རེ། བདག་ཅག་ནི་ཀུན་གཞི་མུན་པའི་གླིང་བྱ་བ་ནས་འོངས། འདི་ནས་ཕར་ལ་ལོ་ཟླ་མང་པོ་བརྒལ་བའི་ས་ན་ཡུལ་རིན་པོ་ཆེའི་གླིང་བྱ་བ་ན་ནོར་བུའི་རིགས་བྱེད་བསམ་གྱིས་མི་ཁྱབ་པ་མཆིས། དེ་དག་ལེན་པ་ལ་ངལ་བ་ཁྱད་དུ་བསད་ནས་འགྲོ་བ་ཡིན། ཁྱོད་ཅག་ཀྱང་དེ་ལྟར་མི་བགྱིའམ་ཟེར་བས་བློ་འགྱུར་ཏེ་དེ་དག་དང་བསྡོངས་ནས་བསྐྱོད་དེ། རེས་ནི་རྫི་ངར་ཅན་གྱི་རླུང་ལ་འགམས། རེས་ནི་གཅན་གཟན་གདུག་པའི་འཕྲང་

(༧༥༣)ལ་བཤར། རེས་ནི་ཆུ་བོ་ཆེན་པོའི་དཔའ་ལ་བཤམས། རྒྱུ་སྟོང་རྐེད་པར་དཀྲིས། མི་ཚེ་རིང་པོ་ལ་དུས་ཀྱི་ཚད་བཙུགས་ནས་ཉིན་མཚན་པར་མེད་དུ་ཤིན་ཏུ་ཐང་ཆད་པའི་ངང་ལ་ཕྱིན་ཕྱིན་པ་ལས། ཅི་ཞིག་ན་མི་ཚེ་ཡང་ཕལ་ཆེར་ཟད། སྐྲ་དང་ཁ་སྤུ་ཡང་དཀར་པོར་སོང་བའི་སྐབས་ཞིག་ན་འདོད་པའི་དོན་གྲུབ་སྟེ་རིན་པོ་ཆེའི་གླིང་ནས་ནོར་བུའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཐོབ། དགའ་སྤྲོ་ཡང་དཔག་ཏུ་མེད་པ་བཅས་རང་གི་ཡུལ་དུ་ལྡོག་ནས་ཡོང་ཙ་ན། ཞག་གསུམ་གྱིས་སླེབས་རྒྱུའི་སའི་ཆ་འདུ་བ་རྣམ་བཞིའི་ཐང་བྱ་བ་དེར་ཇག་པ་ཤིན་ཏུ་མི་བསྲུན་པ་སྤུན་བདུན་དང་ཕྲད་དེ། དགའ་བས་བཙལ་བའི་ནོར་བུ་རྣམས་ཕྲོགས། ལུས་ལ་འཇག་པའི་གོས་ནི་བཤུས། ཡན་ལག་ཐམས་ཅད་སྒྲོག་དམ་པོས་བཅིངས། མདའ་མདུང་རལ་གྲི་ལ་སོགས་པའི་མཚོན་ཆ་ཤིན་ཏུ་རྣོན་པོ་ཐོགས་ནས་བརླང་པོའི་དག་གིས་ལས་ངན་ཁྱོད་ལ་བླ་མ་ཡོད་ན་གསོལ་བ་ཐོབ། ཡི་དམ་ཡོད་ན་ཐུགས་རྗེ་བསྐུལ། མཁའ་

(༧༥༤)འགྲོ་དང་ཆོས་སྐྱོང་ཡོད་ན་ར་མདའ་སྤྲོ་ན། དེ་དག་གང་ཡང་མེད་ན་འཆི་བ་ཟེར་བའི་སྒྲ་བོ་ཆེ་དེ་སྒོམ། ཚེ་འདི་ཕྱི་ཟེར་བའི་མཚམས་སུ་སླེབས་པ་ཡིན་ནོ། །ཟེར་བ་ཐོས་པས་སྙིང་རྩེ་ཤུམ་གྱིས་སོང་། ཨ་ཙ་མ། བདག་གིས་མི་ཚེ་ཁོ་ན་ལ་ཚད་བཙུགས་ནས་དཀའ་བ་དེ་ཙམ་ཞིག་བྱས་པ་དོན་མེད་དུ་སོང་བས་མཆོག་ད་ནི་རིན་ཆེན་སྲོག་དང་བྲལ་བ་ལ་ཐུག །བདག་མེད་ཀྱི་ལུང་པར་གཤེད་མ་འདི་ལྟ་བུ་དང་འཕྲད་དུས་སྐྱབས་མགོན་དང་དཔུང་གཉེན་རེ་ས་ནི་མེད། སྔར་དཀའ་བ་སྤྱད་པའི་ལས་ཐམས་ཅད་ཀྱིས་ཕན་པ་ནི་མ་བྱུང་། ཚེ་ཟད་ལོང་མེད་པར་འཆི་བཙན་ཐབས་སུ་སླེབས་ནས་གདའ། ཨ་ཙ་མ། འཇིགས་པ་ལ། ཀྱི་ཧུད་ཀྱི་ཧུད། ཅེས་སྨྲེ་སྔགས་དང་འོ་དོད་དྲག་པོ་འབོད་ཀྱིན་ཡོད་པའི་ཚེ། མདུན་གྱི་ནམ་མཁར་ཨོ་རྒྱན་ཆེན་པོ་ཕྱག་རྒྱ་བཞི་ལྡན་གྱི་རྣམ་པར་བྱོན་ནས་འོད་ཟེར་སྤྲོ་བསྡུས་མི་རྒོད་རྣམས་རྒྱང་རིང་པོར་བསྐྲད་རྗེས། ཀྱེ་ལས་ངན་གྱི་སེམས་ཅན་ཁྱོད་ཀྱིས་འཁོར་བའི་བྱ་བ་བཙན་དུག་ལྟ་བུ་ལ་རོ་བརྒྱ་དང་ལྡན་པའི་བདུད་རྩི་ལྟ་བུར་ཆགས་པས་ལེན།

(༧༥༥)སྔར་ངོ་མ་ཤེས་པའི་ཕོ་སྐྱེས་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་ཀྱི་བཞོན་པས་རིག་པའི་ཡེ་ཤེས་བསླུས་པ་ཡིན། རིན་པོ་ཆེའི་གླིང་གི་ནོར་བུ་ནི་ཚེ་འདིའི་བདེ་སྐྱིད་རྨི་ལམ་ལྟ་བུ་རྟག་མི་ཐུབ་པ་ཡིན། དཀའ་བ་སྣ་ཚོགས་སྤྱད་པ་ནི་སྡུག་བསྔལ་དང་དུ་བླངས་པས་བསླུ་བའི་གཞི་བསྒྲུབ་པ་ཡིན། སྐྲ་དང་ཁ་སྤུ་མདོག་འགྱུར་བ་ནི། སྡུག་བསྔལ་བདེ་བར་འཛིན་པ་ལ་འཁྲུལ་བཞིན་པའི་ངང་དུ་མི་ཚེ་འཛད་པ་ཡིན། འདུ་བ་རྣམ་བཞིའི་ཐང་དུ་ཇག་པས་སྲོག་ལ་རྒོལ་བ་ནི་བཞི་བརྒྱ་རྩ་བཞིའི་ནད་ཀྱིས་གཅོས་ཏེ་འཆི་བདག་གཤིན་རྗེས་དབང་མེད་དུ་སྲོག་གཏོར་བ་ཡིན། ཀྱེ་ཁྱོད་འདྲ་བའི་ལས་ངན། ཁྱོད་ཀྱིས་སྲིད་པ་ལ་ཞེན་པའི་བྱ་བ་ཇི་སྙེད་ཅིག་བྱས་ཀྱང་འགག་ལ་ཐུག་ན་དེ་དང་འདྲ་བ་ཡིན་ཞེས་གསུངས་པ་ཐོས་པས་སྔར་བྱས་ལ་ལྷག་པར་འགྱོད། ཚེ་འདིའི་བྱ་བ་ཐམས་ཅད་སྡུག་བསྔལ་ཁོ་ནའི་རང་བཞིན་དུ་ཤེས་ནས། ཨོ་རྒྱན་ཆེན་པོ་ལ་གསོལ་བ་ཕུར་ཚུགས་སུ་འདེབས་པའི་སྣང་བ་ཤར་བ་ན་ཐུགས་ཀ་ནས་

(༧༥༦)འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་བྱུང་བ་རང་གི་སྙིང་གར་ཟུག་པ་དང་དུས་མཉམ་དུ་པདྨ་འོད་ཀྱི་ཞིང་དུ་སྐད་ཅིག་ལ་སྐྱེས་ནས་སེམས་ཅན་ཐམས་ཅད་འདྲེན་པའི་དེད་དཔོན་དམ་པར་གྱུར་པར་བསམ་ལ་ཤེས་པ་རང་བབས་སུ་ངལ་བསོ་བར་བྱའོ། །གསུམ་པ་ནི། བུ་ཡིག་ལས། རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་། ལས་སུ་དཀོན་མཆོག་མཆོད་ཅིང་དཀར་པོ་དགེ་བའི་ལས་བསྐྱེད་པ་དང་། ཞེས་པས་དེ་ལྟར་འཆི་བ་མི་རྟག་པ་དང་བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་གོ་བ་ཙམ་གྱི་བློ་ཡོད་ཀྱང་ཆོས་བྱེད་ལུགས་ཀྱི་གནད་འགག་མ་གོ་ན། ཆོས་ཀྱི་མཐུན་རྐྱེན་དུ་མིང་བཏགས་པའི་ཟས་གོས་ལོངས་སྤྱོད་སྲིད་པའི་ཕུན་ཚོགས་ལ་ཆོག་མི་ཤེས། གཅིག་ཟླར་གཅིག་དགོས། བློ་ངན་ལང་ཤོར་གྱི་ཡོ་བྱད་སྣ་ཚོགས་པ་ཐབས་དུ་མས་རྩོལ་སྒྲུབ་ལ་རེམ། ཚེས་བརྒྱད་ཁོ་ནས་མི་ཚེ་འཛད་པ་མང་བས་དེའི་ཕྱིར་འཁོར་བའི་སྡུག་བསྔལ་བསམ་ཞིང་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་བསྐྱེད་པར་བྱ། དེ་ཡང་མདོ་དྲན་པ་ཉེར་གཞག་ལས། འཁོར་བ་

(༧༥༧)ཁབ་ཀྱི་རྩེ་ཙམ་ལ། བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་འཁོར་བ་ལ་སྡུག་བསྔལ་ཁོ་ན་ལས་བདེ་བ་ཡོད་པར་མ་གསུངས། དེའི་ནང་ནས་ཀྱང་ངན་འགྲོའི་སྡུག་བསྔལ་ནི་སློབ་དཔོན་ཞི་བ་ལྷས། དམྱལ་སོགས་སྡུག་བསྔལ་བསམ་བྱས་ན། །འདོད་པ་རྣམས་ལ་མཚོན་དང་ནི། དུག་དང་མེ་དང་གཡང་ས་དང་། །དགྲ་རྣམས་ཀྱིས་ཀྱང་དཔེར་མི་ཕོད། །ཅེས་སྡུག་བསྔལ་ཤིན་ཏུ་མི་བཟད་པར་གསུངས་པ་ལྟར་ལས་ཉིད་ཀྱང་ཤི་བའི་འོག་ཏུ་མར་མེ་ཤི་བའམ་རྩྭ་ཕུད་མེས་བསྲེགས་པ་ལྟར་ཤུལ་མེད་དུ་སོང་ན་དེ་ཀས་ཆོག་ཀྱང་། སྐྱེ་བ་ཞིག་མི་འདོད་ཀྱང་ལེན་དགོས། སྐྱེ་བ་དེ་ཡང་བདེ་འགྲོར་ལེན་པའི་རྒྱུ་སྔོན་ཆད་རང་གིས་བློ་བདེ་སིང་ངེ་བ་བྱས་པའི་རིགས་ནི་ཆེར་མི་གདའ། ཚེ་རབས་སྔ་མ་རྣམས་སུའང་ཆེར་མ་བསགས་པའི་རྒྱུ་མཐུན་གྱི་འབྲས་བུས་ད་ལྟ་སླེབས་གདའ་མོད། མི་དགེ་བའི་ལས་ནི་རྩེད་མོའི་ཞོར་ཙམ་དུའང་བསམ་གྱིས་མི་ཁྱབ་པ་བསགས་ཚར། དེའི་འདྲ་

(༧༥༨)བུས་ངན་འགྲིའི་སྡུག་བསྔལ་མྱོང་དགོས་པ་བྱུང་ན་ཚེ་འདི་ག་ལ་བྱུང་བ་དང་། ལུས་རྟེན་ཕྱི་མ་ལ་བྱུང་བ་གཉིས་ཁྱད་པར་རྡུལ་ཙམ་མེད། འདི་ལྟར་དམྱལ་བའི་སྡུག་བསྔལ་ནི། བཤེས་སྤྲིང་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་སམ་གཟུགས་སུ་བགྱིས་པས་ཀྱང་། །སྡུག་བསྔལ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་གསུངས། དེ་ལྟ་བུའི་སྡུག་བསྔལ་རང་གི་རྒྱུད་ཐོག་ཏུ་མ་བསམས་ན་གཞན་གྱི་སྡུག་བསྔལ་ལ་ལྟད་མོ་བལྟ་བ་ལྟ་བུས་རང་རྒྱུད་ལ་མི་སྐྱེ། ལས་དང་པོ་པས་རུང་མཐུན་གྱི་སེམས་ཅན་ལ་སྙིང་རྗེ་ཡང་སྐྱེ་དཀའ་བས་སྡུག་བསྔལ་དེ་རང་ཐོག་ལ་བྱུང་བར་བསམས་པའི་བློ་ནང་དུ་བཀུག་ནས་སྒོམ་དགོས་ཏེ་རྫོགས་པ་ཆེན་པོའི་འདས་རྗེས་ལས་ཀྱང་། རིགས་དྲུག་སྡུག་བསྔལ་བློ་ལ་བླངས། །ཞེས་གསུངས་པའི་ཕྱིར་རོ། དེའི་དོན་བསམ་པར་བྱ་བ་ནི། གནས་དབེན་པར་སོང་སྟེ། གང་ན་ཕྱིན་ཆ་མེད་པར་གངས་རི་ཆེན་པོའི་སྟོངས། ཞབས་ཐམས་ཅད་འཁྱགས་སྦྲུག་གིས་གང་ལ།

(༧༥༩)ཆར་རླུང་ཤིན་ཏུ་མི་བཟད་པས་མུན་པ་ནོག་ནོག་པོར་བྱེད་པ་ཞིག་ཏུ་སླེབས་པས་ཤིན་ཏུ་གྲང་བའི་སྣང་བ་ཤར་ཏེ་ཚ་བ་དོན་དུ་གཉེར་བའི་བསམ་པ་ཤར་བ་ན་སྐད་ཅིག་ལ་རྨི་ལམ་འཁྲུལ་པ་ལྟར་ཚ་དམྱལ་དུ་སྐྱེས་ཏེ་འོག་ཐམས་ཅད་ལྕགས་བསྲེགས་ཀྱི་ས་གཞི། འཁོར་ཡུག་ཐམས་ཅད་ཀྱང་ལྕགས་བསྲེགས་ཀྱི་རྭ་བ། སྟེང་འོག་གོ་མཚམས་མེད་པ་མེ་ལྕེ་དམར་ལྷབ་ལྷག་པས་ཁེངས་ཤིང་འཁྲུགས་པའི་ཀློང་དུ་ཡོད་སོས་ཀྱི་སྡུག་བསྔལ་མྱོང་བའི་སེམས་ཅན་རང་དང་འདྲ་དཔག་ཏུ་མེད་པ་དེ་དག་ཞེ་སྡང་གི་དབང་ལས་ཕན་ཚུན་གཅིག་གིས་གཅིག་ལ་ཚེ་ཚད་མི་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་། མཚོན་ཆ་སྣ་ཚོགས་བརྡེག་རེས་བྱས་པས་ལུས་ཚལ་བ་བརྒྱ་སྟོང་དུ་སོང་བས་ན་ཚ་མ་བཟོད་པར་རེས་འགའ་དྲན་མེད་དུ་བརྒྱལ་ཞིང་། ཤི་བ་སྙམ་བྱེད་པའི་ཚེ་ན་མ་མཁའི་དཀྱིལ་ནས། ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་སྐད་ལྷང་ལྷང་བྱུང་བས་རྐྱེན་བྱས། ཡང་སྔར་ལྟར་སོས་ཏེ་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་ཁོར་ཡུག་

(༧༦༠)ཏུ་མྱོང་ངོ་། དམྱལ་བ་ཐིག་ནག་ནི་དམྱལ་སྲུང་འཇིགས་སུ་རུང་བས་རང་ལུས་ལ་ཐིག་བརྒྱད་བཏབ་སྟེ་སོག་ལེ་རྣོན་པོས་གཤགས། དེའི་ན་ཚ་ཤིན་ཏུ་མ་བཟོད་ནས་འོ་དོད་འབོད་ཅིང་འབྲོས་ མི་ལོ་བྱེ་བ་ཕྲག་ས་ཡ་ཉིས་འབུམ་དགུ་ཁྲི་དྲུག་སྟོང་བཅུ་གཉིས་པའི་སྣང་བ་ཤར་རོ། །དེ་ནས་བསྡུས་འཇོམས་སྒོམ་སྟེ། རི་བོ་ཀླང་སེང་ར་ལུག་ལྟ་བུའི་གདོང་དབྱིབས་ཅན་གྱི་བར་དུ་ཚུད། ལུས་དེ་དག་གི་བར་དུ་སྒང་ལྤགས་བཅར་བ་ལྟར་བཙིར་བས་བ། མི་ལོ་བྱེ་བ་ཕྲག་གསུམ་འབུམ་ཕྲག་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག །སྤུའི་བུ་ག་ཚུན་ཆད་ནས་ཁྲག་གི་རྒྱུན་ཆི་ལི་ལི་འབབ། ན་ཚ་དང་སྡུག་བསྔལ་མ་བཟོད་པར་དེ་ནས་འབྲོས་པའི་སྣང་བ་ཤར་རོ། དམྱལ་བ་དུ་འབོད་ནི། ལྕགས་ཀྱི་ཁང་པའི་ནང་དུ་སླེབས་པ་དང་སྒོ་དབྱེར་མེད་དུ་འགྲིག །ཕྱོགས་མཚམས་ཐམས་ཅད་ནས་མེ་འབར་མི་ལོ་བྱེ་བ་ཕྲག་ས་ལ་གཉིས་དང་བྱེ་བ་ཕྲག་དགུ་འབུམ་བཞི་སྲི་སྟོང་བྱེ་བ་བདུན་བས་ལུས་རྡུལ་ཕྲན་ལྟ་བུར་བསྲེག་གོ །ད་ནི་འགྲོས་ས་ཡང་མི་འདུག་སྙམ་ནས་དུ་སྐད་ལྷང་ལྷང་འབོད་པའི་ཚེ། དུ་འབོད་ཆེན་པོ་མི་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་བྱེ་བ་

(༧༦༡)ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་དྲུག་ཅུ་རྩ་དྲུག །ཞེས་ལྕགས་ཁང་དེ་ལ་སླར་ཡང་ལྕགས་ཁང་རིམ་པ་གཅིག་གིས་གཏུམས་པའི་ནང་དུ་ཆུད་པས་ད་ནི་ནང་མ་ནས་ཐོན་ཀྱང་ཕྱི་མ་ནས་མི་ཐོན་སྙམ་པའི་སྡུག་བསྔལ་སྔ་མ་ལས་ཉིས་འགྱུར་གྱིས་ཆེ་བ་མྱོང་ཞིང་ཤིན་ཏུ་ཉམ་ཐག་གོ །ཚ་བ་ནི་ལྕགས་ཀྱི་གསལ་ཞིང་མེ་འབར་བས་འཕོངས་ནས་སྤྱི་།།།བོའི་བར་ཏལ་མར་ཕུག་སྟེ་དབང་པོའི་སྒོ་ཐམས་ཅད་ནས་མེ་ལྕེ་དམར་ལྷབ་ལྷབ་འབར་བ་དང་། མི་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་བཞི་འབུམ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ལྔ་བརྒྱ་སུམ་ཅུའོ། རེས་འགའ་ལུས་རིལ་པོ་ཁྲོ་ཆུ་ཁོལ་མའི་ནང་དུ་བཙོས་ནས་ཤ་རུས་སྐྱ་ཁྲོལ་གྱིས་འབྲལ་བའི་སྡུག་བསྔལ་མྱོང་ངོ་། །ཡང་རབ་ཏུ་ཚ་བའི་དམྱལ་བ་གསལ་ཤིང་རྩེ་གསུམ་གྱི་དབུས་མ་སྤྱི་བོ་དང་ལོགས་གཉིས་པོ་ཕྲག་པ་གཡས་གཡོན་དུ་ཏལ་མར་ཕུག་པ་དང་། ཚེ་ཚད་བར་གྱི་སྐལ་བ་ཕྱེད་དེ་མིའི་ལོ་གྲངས་ཀྱི་གཞལ་བའི་ཡུལ་ལས་འདས། ལྕགས་བསྲེགས་ལེབ་མོས་ལུས་ལ་སྣམ་བུ་ལྟར་དཀྲི་བ་དང་། ཁྲོ་ཆུ་ཁོལ་མའི་ནང་དུ་ཤ་རྗེན་ལ་བཙོས་བས་ཤ་ལྤགས་རྣམས་འཐོར་ཀེང་རུས་ལྟར་སྐྱ་

(༧༦༢)ཁྲོལ་གྱི་འགྲོ་བར་སྐྱེས་ནས་སྔ་མའི་སྡུག་བསྔལ་ལས་བརྒྱ་འགྱུར་གྱི་ཆེ་བས་ཟུག་རྡུ་མ་བཟོད་པར། ཨ་ར་དང་། ཨུ་ཁྱུ་དང་། ཀྱི་ཧུད་ཀྱི་སྒྲ་དྲག་པོས་འབོད་ཅིང་དེ་ནས་འབྲོས་པའི་སྣང་བ་ཤར་རོ། མནར་མེད་པའི་དམྱལ་བ་ཕྱོགས་མཚམས་དང་མུ་མེད་པར་རབ་ཏུ་ཚ་བའི་མེ་འབར་བས་ལུས་དང་མེ་གཉིས་སུ་མེད་པར་བསྲེག་ཅིང་དུ་བའི་སྐད་ལྷང་ལྷང་ཐོས་པ་འཇིག་རྟེན་ཆགས་འཇིག་གནས་སྟོངས་ཏེ་བསྐལ་ཆུང་བཞིར་བར་བསྐལ་གཅིག་སྟེ་དེའི་ཚེ་ཚད་ཡུན་ནི། ཙམ་ལས་ལུས་ཀྱི་དངོས་པོ་འདི་ཞེས་མི་མངོན་པའི་སྡུག་བསྔལ་བཟོད་བླག་མེད་པར་མྱོང་ཞིང་། ཨ་ཙ་མ། ཨ་ར་ར། ཨུ་ཁྱུ། ཀྱི་ཧུད་ཀྱི་ཧུད་ཞེས་འོ་དོད་དང་སྨྲེ་སྔགས་དྲག་པོ་འདོན་གྱི་ན་ཡོད་པར་སྒོམ། སླར་མདུན་གྱི་ནམ་མཁར་ཨོ་རྒྱན་བ་དེ་ཆེན་རྒྱལ་པོ་སྐད་ཅིག་ལ་བྱོན་ནས། ཀྱེ་མ་ལས་ངན་གྱི་སེམས་ཅན། ཁྱོད་ཀྱིས་རྒྱ་ཞེ་སྡང་གིས་ཀུན་ནས་བླངས་པའི་ལས་རྔམ་པོ་ཆེ་བསགས། ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་དྲག་པོ་བྱས་པས་འབྲས་བུ་དམྱལ་བའི་སྡུག་བསྔལ་དེ་ལྟ་བུ་མྱོང་བ་ཡིན། །ང་

(༧༦༣) མི་དགེ་བའི་ལས་རྣམས་འགྱོད་པ་དྲག་པོས་བཤགས། རང་དང་རིགས་མཐུན་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོ་བསྒོམ་གཞན་གྱི་སྡུག་བསྔལ་ཡང་རང་གིས་ལེན་པའི་སྙིང་སྟོབས་བ་སྐྱེད་ན་འདི་ལས་ཐར་བ་སྲིད་དོ། །སྔོན་ཤཱཀྱ་ཐུབ་པ་དམྱལ་བའི་གནས་སུ་གྱད་པཀྴི་ཏ་བྱ་བར་སྐྱེས་ནས་ཤིང་རྟ་འདྲེན་པ་ལ། གྲོགས་ཀ་མ་རུ་པས་ཤིང་རྟ་མ་འདྲོངས་ནས་དམྱལ་སྲུང་ཁྲོས་ཏེ་མགོ་ལ་ལྕགས་ཀྱི་ཐོ་ལུམ་བསྣུན་པས་གྲོགས་པོ་ལ་སྙིང་རྗེ་ཚད་མེད་པར་སྐྱེས། འདིའི་ཤིང་རྟའི་ཐག་པ་ཡང་བདག་གི་གཉའ་བར་ཐོགས་ཤིག་ཅེས་བདེ་སྡུག་བརྗེ་བར་ཐུགས་བསྐྱེད་པས། དམྱལ་སྲུང་ན་རེ་རང་རང་གི་ལས་ལ་སྤྱོད་པ་སུས་ཅི་བྱ་ཞེས་དབུ་ལ་ཐོ་བས་བསྡིགས་པ་སྐད་ཅིག་ལ་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་དུ་སྐྱེས་ཏེ་སྡུག་བསྔལ་ལས་གྲོལ་ལོ། །ཞེས་གཏམ་རྒྱུད་དང་བཅས་གསུངས་པ་ཐོས་པས། རང་འདྲའི་སེམས་ཅན་ཐམས་ཅད་སྡུག་བསྔལ་འདི་ལས་ཐར་ན་བ་དག་ད་དུང་འདི་ཁར་གནས་ནའང་བཟོད་

(༧༦༤)བར་བྱའོ་སྙམ་པའི་སེམས་བསྐྱེད་མ་ཐག་ཨོ་རྒྱན་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་ཞིག་སྐྱ་ཏལ་གྱིས་བྱུང་། དེ་དང་གཉིས་སུ་མེད་པར་སངས་རྒྱས་དོན་གཉིས་ལྷུན་གྲུབ་གྱི་མཐུ་ཅན་དུ་གྱུར། རང་གི་ཐུགས་ཀ་ནས་སྔར་ལྟར་འོད་ཟེར་སྤྲོས་པས་སེམས་ཅན་དེ་དག་སྐད་ཅིག་ལ་འདྲོངས་ཏེ་དམྱལ་བའི་གནས་སྟོངས་པར་བསམ་མོ། །ཞར་ལ་དམྱལ་བ་དེ་དག་གི་ཚེ་ཚད་ནི། ཐུན་མོང་གི་མདོ་སྡེ་དྲན་པ་ཉེར་གཞག་དང་། ལས་རྣམས་འབྱེད། མངོན་པ་མཛོད་ལ་སོགས་ལས་བགྲང་བྱར་གསུངས་ཀྱང་། འདིར་གཉེན་པོས་ཟིན་པའི་དབང་དུ་བྱས་ཏེ་ངེས་པ་མེད་པར་བཤད་པ་སྟེ། ཀུན་མཁྱེན་ཆེན་པོས། གཉེན་པོ་དྲག་པོ་རྒྱུད་ལ་སྐྱེས་པ་ལ་སོགས་པས་གློ་བུར་དུའང་འཕོ་བ་དང་། རྡོ་རྗེ་སློབ་དཔོན་ལ་བརྙས་པ་ལ་སོགས་པས་བསྐལ་ཆེན་དུ་མར་གནས་དགོས་པར་བཤད་པས་ལས་ཀྱི་སྒྲིབ་པས་ཕྱེ་བ་ཡིན་ནོ། །ཞེས་དང་། གོང་དུ་བཤད་མ་ཐག་པའི་གྱད་པཀྴི་ཏ་དང་། མཛའ་བོའི་

(༧༦༥)བུ་མོའི་ག་ཏམ་རྒྱུད་ལ་སོགས་པས་ཀྱང་ཤེས་སོ། །དེ་ནས་གྲང་དམྱལ་བསམ་པ་ནི། ཡང་རང་ཉིད་གང་ན་ཕྱིན་ཆ་མེད་པའི་ས་གཞི་ཐམས་ཅད་བྱེ་ཚན་གྱི་རང་བཞིན་ལ་བསེར་བུའི་རླུང་ཙམ་ཡང་མི་འགུལ་ཞིང་། ཉི་མའི་ཚ་གདུང་གིས་ཤིན་ཏུ་དུ་བ་པའི་ལུང་པ་ཞིག་ཏུ་སླེབས། །ཤེས་པ་ལུང་མ་བསྟན་དུ་ཐོམ་ཐོམ་འགྲོ་ཞིང་འདི་ལས་ཅུང་ཞིག་བསིལ་བ་ཞིག་ཡོད་ན་སྙམ་པས་རྐྱེན་བྱས། ཚ་གདུང་གི་སྣང་བ་འགགས་ནས་སྐད་ཅིག་ལ་གྲང་དམྱལ་བརྒྱད་དུ་སྐྱེ་བ་སྒོམ་སྟེ་ས་གཞི་ཐམས་ཅད་ཁ་བའི་རང་བཞིན། ཅོང་རོང་དང་དམ་གྲོགས་ཐམས་ཅད་འཁྱགས་རུམ་གྱིས་གང་བ་མཐའ་ཐམས་ཅད་གངས་རི་ཆེན་པོས་བསྐོར་ཞིང་། སྟེང་ནས་ཁ་བ་བུ་ཡུག་འཚུབས་པ་མུན་པ་ནག་ཐུམ་ཐུམ་བྱེད་ཅིང་རླུང་གི་ངར་སྒྲ་འུ་རུ་རུ་སྒྲོགས་པའི་ནང་དུ། ཆུ་བུར་ཅན་གྱི་དམྱལ་བ་ཁ་བའི་བུ་ཡུག་དང་རླུང་གི་རེག་བྱས་ལུས་ལ་བཏབ་པས་སྐད་ཅིག་སྐད་ཅིག་ལ་ལུས་ལ་ཆུ་བུར་མི་བཟོད་པ་འཆར་ཞིང་ཤ་ལྤགས་ཐམས་ཅད་འཁུམས་

(༧༦༦)ནས་སྐྱི་བུར་བྱེད་པའི་སྡུག་བསྔལ་མི་བཟེད་པ་དང་། དེ་ལས་ཆུ་བུར་དེ་དག་བརྡོལ་ནས་རྣག་ཁྲག་ཆི་ལི་ལི་འཛག་པ་དང་། དེ་བས་སྡུག་བསྔལ་ཆེར་སོང་སྟེ་ཨ་ཆུ་ཞེས་སྐད་ཀྱི་གདངས་དྲག་པོར་འདོན་པ་དང་། ད་དུང་སྔར་བས་སྡུག་བསྔལ་ཇེ་ཆེར་སོང་བས་སྐད་ཀྱི་ཟུངས་ཀྱང་ཆག་སྟེ་ཀྱི་ཧུད་ཅེས་རྐན་གྱི་ཕུགས་ནས་འདོན་པ་དང་། དེ་བས་ཀྱང་ཇེ་ཆེར་འཕེལ་བས་སྐད་ཀྱང་མ་ཐོན་པར་སོ་ཐམ་ཐམ་བྱེད་པ་དང་། དེ་ལ་རླུང་ཆེན་པོའི་ངར་གྱིས་བཏབ་པས་ཁ་དོག་ཀྱང་སྔོ་ལྷང་གི་སོང་ཞིང་ཨུཏྤ་ལ་ལྟར་སེར་ཁ་ཕྲ་མོ་དྲུག་ཏུ་གས་པ་དང་། ད་དུང་གྲང་ཟུག་གིས་པགས་པ་རྣམས་ཀྱང་བཤུས་ཏེ་ཤའུ་དམར་ཧུ་རེ་པདྨ་ལྟར་ཆལ་པ་བཅུར་གས་པ་དང་། སླར་སེར་ཁ་དེ་བས་ཀྱང་མང་དུ་སོང་སྟེ་པདྨ་ལྟར་ཆེར་གས་ནས་སྔ་མ་རྣམས་ཀྱི་སྡུག་བསྔལ་ལས་བརྒྱ་འགྱུར་གྱིས་ཆེ་བ་མྱོང་ཞིང་སྡུག་བསྔལ་དེ་ཡང་གྲོང་ཁྱེར་མ་ག་དྷའི་བྲེའ་ཚའི་ཁལ་བརྒྱད་ཅུ་ཤོང་བའི་ཏིལ་གྱི་བད་བ་ནས་ལོ་བརྒྱ་བརྒྱའི་མཚམས་སུ་ཏིལ་རྡོག་རེ་ཕྱུང་བས་དེ་ཟད་པའི་ཚེ་ཆུ་བུར་ཅན་གྱི་ཚེ་

(༧༦༧)ཚད་དུ་བཤད་པ་སོགས་གོ་ནས་ཤིན་ཏུ་ཡི་མུག་ཅིང་སྒྱིད་ལུག་པར་སྒོམ། སླར་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དེ་ཉིད་ཨོ་རྒྱན་ཆེན་པོའི་ཆ་ལུགས་སུ་བྱོན་ནས་བུ་རང་གི་སྡུག་བསྔལ་ལས་སུ་ཤེས་པར་གྱིས་ལ་ཟད་པའི་དགའ་བསྒོམ། གཞན་གྱི་སྡུག་བསྔལ་སྙིང་རྗེ་དྲག་པོའི་བསམ་པས་ད་དུང་བསྣོན་མར་ལང་ལ་གཉེན་པོ་ཁྱད་པར་ཅན་བརྟེན་ཅིག །ཅེས་གསུང་ཐོས་པ་ཙམ་གྱིས། བདག་ལྟ་བུའི་སྡུག་བསྔལ་མྱོང་བའི་གྲང་དམྱལ་གྱི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། བདག་གིས་དེ་དག་གི་སྐལ་བ་མྱོང་ནས་འདི་བས་སྡུག་བསྔལ་འབུམ་འགྱུར་གྱིས་ཆེ་བ་བྱུང་ཡང་བཟོད་པར་བྱའོ། །སེམས་ཅན་དེ་དག་སྡུག་བསྔལ་ལས་ཐར་བར་ཤོག་ཅིག་ཅེས་པའི་སེམས་བསྐྱེད་མ་ཐག་ལས་ངན་སྐད་ཅིག་ལ་ཟད་དེ་ཨོ་རྒྱན་ཆེན་པོའི་ཐུགས་ཀར་ཡར་གྱི་འཕོས་ནས་འགྲོ་བ་འདྲེན་པའི་དེད་དཔོན་དམ་པར་གྱུར་པར་བསམས་ལ། བདེ་སྡུག་གང་ཤར་གྱི་རང་ ངོ་ལ་ལྟ་ཞིང་ཤེས་པ་

(༧༦༨)རྣལ་དུ་དབབ་པོ། དེ་ནས་ཡི་དྭགས་ཀྱི་སྡུག་བསྔལ་བ་སམ་པ་ནི། བཤེས་པའི་སྤྲིང་ཡིག་ལས། ཡི་དྭགས་ནའང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་ལ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། བ་སྐྱེད་པ་ཤིན་ཏུ་མི་ཟད་བ་སྟན་འཚལ་ལོ། །ཞེས་ཡི་དྭགས་ལ་རིགས་གསུམ་དུ་ཡོད་པར་བཤད་པའི་སྡུག་བསྔལ་རགས་པ་ཙམ་བློ་ལ་བླང་བ་ནི། ཡང་རང་ཉིད་ཟས་གོས་དང་དངོས་པོ་ལ་ཆགས་སྲེད་ཞེན་པའི་དབང་གིས་ཡུལ་ཁྱད་པར་ཅན་མཆོད་པ་དང་བཀུར་སྟི་ལྟ་བུ་ལ་སེར་སྣ་སྐྱེས་པའི་བསམ་པས་རྐྱེན་བྱས་སྐད་ཅིག་ལ་ཡི་དྭགས་ཕྱིའི་སྒྲིབ་པ་ ཅན་དུ་སྐྱེ་བ་བསྒོམ་སྟེ། ལྗོན་ཤིང་གི་འབྲས་བུ་དང་། ཆུ་རླུང་སོགས་ལ་ལོངས་སྤྱོད་པའི་བསམ་པས་ཐག་རིང་པོར་ཐང་ཆད་ཆད་ཕྱིན་པ་ན། སྐྱེ་བོ་མཚོན་ཆ་ཐོགས་པས་བསྲུངས་པ་དང་། རྣག་ཁྲག་ལ་སོགས་ཡིད་དུ་མི་འོངས་པར་སོང་ནས་ཤིན་ཏུ་སྐྱངས་ཤིང་བསྐྲེས་སྐོམ་གྱི་སྡུག་བསྔལ་བཟོད་མི་

(༧༦༩)ཕོད་པ་དང་། ཡང་ནང་གི་སྒྲིབ་པ་ཅན་གྲོང་ཁྱེར་སེར་སྐྱ་ཆུ་དང་རྩི་ཤིང་སོགས་འདོད་པའི་དངོས་པོ་ཅི་ཡང་མེད་པའི་མྱ་ངམ་གྱི་གནས་དེར་ཟས་སྐོམ་ལོ་ཟླའི་བར་དུ་མི་རྙེད་པའི་སྡུག་བསྔལ། གལ་ཏེ་སྨན་ཙམ་རྙེད་ཀྱང་ཁ་ཁབ་མིག་ཙམ་གྱི་ནང་དུ་མི་ཤོང་། ཅུང་ཟད་ཤོད་ཡང་མགྲིན་པ་རྟ་རྔ་ཙམ་གྱི་སྦུབས་ལ་མི་ཐར། ཐར་ཀྱང་ལྟོ་བ་རི་རབ་ཙམ་པ་མི་ཁེངས་ཤིང་ཡན་ལག་འཇག་མ་ཙམ་གྱིས་ལུས་མི་ཐེག་པ་སོགས་ཀྱི་སྡུག་བསྔལ་ཤིན་ཏུ་ཉམ་ཐག་པ་མྱོང་། ཡང་ཟས་སྐོམ་གྱི་སྒྲིབ་པ་ཅན་ཟས་སྐོམ་ལྟོ་བའི་ནང་དུ་ཚུད་པ་དང་དེ་དག་ཀྱང་མེར་འབར་ནས་ལུས་ཚིག །རང་ཤ་རང་གིས་ཟ་བ་དང་། བཤང་གཅི་ཟ་བས་ཉམ་ཐག །སོ་ཀ་དྲོད་དང་ལྡན་པའི་ཚེ་ཟླ་བའི་རེག་བྱ་གྲང་བ་དེ་ཡང་ཚ་བར་འགྱུར། དགུན་གྲང་བའི་ངར་དང་ལྡན་པའི་ཚེ་ཉི་མའི་འོད་ཟེར་ཡང་བསལ་བར་གྱུར་ནས་ཚ་གྲང་ཁོད་མི་སྙོམས། ཆུ་ཀླུང་གི་རིགས་བལྟས་པ་ཙམ་གྱིས་སྐམས་ཏེ་ངམ་གྲོགས་ཉམས་མི་དགའ་བར་འཆར་

(༧༧༠)བ་སོགས་བསྐྲེས་སྐམ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་། དེ་ལྟ་བུའི་སྡུག་བསྔལ་ཡང་ཡུན་ཐུང་དུས་མི་ཆོག་པར་མི་ལོ་ཚིག་ཁྲི་ལྔ་སྟོང་མྱོང་དགོས་པར་ཤེས་པས་ཡི་མུག་ཅིང་སྒྱིད་ལུག་པར་སྒོམ། སླར་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དེ་ཉིད་ཨ་རྒྱན་ཆེན་པོའི་ཆ་བྱད་ཅན་དུ་བྱོན་ནས། ཀྱེ་ཁྱོད་ཀྱིས་སེར་སྣས་བསགས་པའི་སྡུག་བསྔལ་རང་ཐོག་ཏུ་འཕྱུགས་པ་མེད་པར་བབས་པ་ལ་དུས་གསུམ་སངས་རྒྱས་ཀྱིས་ཀྱང་སྐྱོབ་པར་དཀའ། རྒྱལ་བ་ཤཱཀྱ་ཐུབ་པས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསུངས་པ་ལྟར་ལས་བདག་གིར་བྱོས་ལ་ལས་ངན་ཟད་པའི་དགའ་བ་སྒོམ། རང་འདྲའི་སེམས་ཅན་གྱི་སྡུག་བསྔལ་སྙིང་རྗེའི་བསམ་པས། རང་གི་སྡུག་བསྔལ་གྱི་ཁ་བསྣོན་ལ་ལེན་པའི་སྙིང་སྟོབས་བསྐྱེད་ལ་གཉེན་པོ་བརྟེན་ཅིག །ཅེས་གསུང་ཐོས་པ་ཙམ་གྱིས་ཨ་ཙམ། བདག་འདྲ་བའི་སེམས་ཅན་གཅེས་འཛིན་ཁ་ནས་ད་ལྟ་ཕན་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་སྡུག་བསྔལ་འདི་ལྟ་བུ་མྱོང་། བདག་དང་རིགས་མཐུན་

(༧༧༡)པའི་ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་གྲངས་དང་ལྡན་པ་དག་ལའང་སྡུག་བསྔལ་འདི་ཁོ་ན་ཡོད་པས་ཤིན་ཏུ་སྙིང་རྗེ། ད་ནི་རང་གི་སྡུག་བསྔལ་བཟོད་པར་བྱས་ནས་སེམས་ཅན་གཞན་གྱི་སྡུག་བསྔལ་ཡང་དང་དུ་བླང་བར་བྱ། ཡི་དྭགས་ཀྱི་གྲོང་ཁྱེར་རྨང་ནས་སྟོངས་པར་ཤོག་ཅིག་བསམས་པའི་མོད་ལས་ངན་སྐད་ཅིག་ལ་ཟད་དེ་ཨོ་རྒྱན་ཆེན་པོའི་དགོངས་པ་དང་གཉིས་སུ་མེད་པར་སངས་རྒྱས། སེམས་ཅན་དེ་དག་ཀྱང་བདག་གི་ཐུགས་ཀའི་འོད་ཟེར་གྱིས་དྲངས་པར་བསམས་ལ་འཕོ་གནས་ཀྱི་མཁན་པོ་ལ་བརྟག་གོ །དེ་ཡང་གོང་གི་དམྱལ་བ་ལ་ཇི་སྐད་དུ། འདུལ་བ་ལུང་ལས། དེ་ནས་མོའུ་འགལ་གྱི་བུས་རྒྱ་མཚོའི་མཐར་ཕྱིན་པ་ལས། ཉི་ཚེ་བའི་སེམས་ཅན་དམྱལ་བ་གཏུན་ལྟ་བུ་དང་། ཕྱགས་མ་ལྟ་བུ་དང་། ལྗོན་ཤིང་ལྟ་བུ་རབ་ཏུ་མང་པོ་སྡུག་བསྔལ་གྱིས་གདུངས་པ་མཐོང་སྟེ། ཞེས་དང་། ཉེ་འཁོར་བ་ནི་བརྒྱད་ཚན་གཉིས་ཀྱི་ཁོངས་ན་ཡོད་པ་སོ་སོའི་གནས་ནི་

(༧༧༢)ཐེག་མཆོག་མཛོད་དུ། ཉེ་ཚེ་བ་ནི་ས་ཆུ་མེ་རླུང་སྣ་ཚོགས་ན་ངེས་པ་མེད་པར་ཡོད་ལ། ཉེ་འཁོར་བ་ནི་བརྒྱད་ཚན་གཉིས་ཀྱི་འཁོར་ན་ཡོད་དོ། །ཞེས་རིགས་གཅིག་གིས་བསྡུས་པ་དང་། བཤད་མ་ཐག་པའི་ཡི་དྭགས་ལའང་ཀུན་མཁྱེན་ཆེན་པོས། །ཡི་དྭགས་དབྱིངས་མཁར་རྒྱུ་བའི་དབྱིངས་གནས་པ། །ཞེས་པའི་དབྱིངས་ན་གནས་པ་སྔ་མའི་གསུམ་པོ་ཡིན་ལ། མཁའ་ལ་རྒྱུ་བའམ་ཕྲན་ཚེགས་པ་ནི་ཤིང་རྟ་རྩ་བར། མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་རྣམས་དང་། གནོད་སྦྱིན་སྲིན་པོ་བཙན་དང་རྒྱལ་པོ་སོགས། །ཞེས་པ་ལ་སོགས་པས་བསྟན་པ་ལྟར་སློབ་མ་དབང་པོ་རྣོན་པོ་ལ་སྤྲོས་ནས་འཆད་ཤེས་པར་བྱ་ཞིང་གཞན་དུ་ནི་དཀྱུས་སུ་བཤད་པས་དོན་འགྲུབ་བོ། དེ་ནས་དུད་འགྲོའི་སྡུག་བསྔལ་བསམ་ཞིང་བློ་སྦྱང་བ་ནི། བཤེས་སྤྲིང་དགེ་བ་གསུམ་གྱི་དོན་འཁྲིད་ནང་། ལས། དུད་འགྲོའི་སྐྱེ་གནས་ནའང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །

(༧༧༣)གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་དུད་འགྲོ་ལ་བྱིངས་དང་། །འཐོར་བ་སྟེ་རྣམ་གྲངས་གཉིས་སུ་རིགས་བསྡུས་ཏེ་ས་སྡེ་ལས་བཤད་པའི་སྡུག་བསྔལ་བསམས་ཤིང་བློ་ལ་བླང་བ་ནི། ཡང་རང་ཉིད་གཏི་མུག་མུན་པ་ལྟ་བུའི་ཉོན་མོངས་པས་རྐྱེན་བྱས་ཏེ་སྐད་ཅིག་ཉིད་ལ་ཕྱིའི་རྒྱ་མཚོ་ཆེན་པོའི་ནང་དུ་བྱིངས་ན་གནས་པའི་དུད་འགྲོ་ཉ་དང་། །དུང་དང་ཆུ་སྲིན་ལ་སོགས་པས་གོ་མཚམས་མེད་པ་ཆང་འགག་གི་སྦང་མ་ལྟར་ལྕིག་ལྕིག་ཡོད་པའི་ནང་དུ་སྐྱེས་པར་སྒོམ། རེས་འགའ་རང་ཉིད་ཆེ་བར་གྱུར་པའི་ཚེ་ཆུང་བ་རྣམས་ཀྱིས་ལུས་ཏལ་མར་ཕུགས་ནས་སྙིང་ལ་མདའ་ཕོག་པ་ལྟ་བུའི་ན་ཚ། རེས་འགའ་ཆུང་བར་གྱུར་པའི་ཆེ་ཆེ་བ་རྣམས་ཀྱིས་ཁྱུར་མིད་དུ་ཟོས་ནས་ལུས་ལྕགས་ཀྱི་པར་བུར་བཅུག་པ་ལྟ་བུའི་སྡུག་བསྔལ། གླིང་འདི་དང་གླིང་གཞན་གྱི་ཕྱི་མཐའི་ལྕགས་རི་གཉིས་ཀྱི་གོ་དབར་ཉི་ཟླའི་སྣང་བ་མེད་པའི་མུན་ནག་གི་ཁྲོད་རང་གི་ལག་པ་བརྐྱང་བསྐུམ་ཙམ་མི་མཐོང་བའི་ཁྲོད་དུ་སྡུག་

(༧༧༤)བསྔལ་དུ་བྲོ་བ་དང་། ཁ་འཐོར་བའི་དུད་འགྲོ་བྱ་རི་དྭགས་འབུ་སྤྲང་གཅན་གཟན་ལ་སོགས་ཏེ་བདག་ཏུ་མ་བཟུང་བ་རྣམས་ལ་རང་བཞིན་གྱི་སྡུག་བསྔལ་ཚ་གྲང་བཀྲེས་སྐམ་གཅིག་གིས་གཅིག་ཟ་བས་དོ་ནུབ་ད་ལྟ་སེ་གོལ་གཏོགས་ཡུན་ཙམ་གྱི་རིང་ལ་ཚེ་འདི་ཕྱིའི་མཚམས་སུ་ཡོད་ཅིང་མི་སོགས་མིག་གིས་མཐང་ཚད་གཤེད་མ་ཁང་ལག་ཅན་དུ་མཐོང་ནས་སྣང་བ་ཐམས་ཅད་དོགས་པར་འཆར་བས་ལྟོ་ཁམ་རེ་ཟ་བའི་རིང་ལ་མགོ་བོ་ཕྱོགས་མཚམས་བརྒྱད་དུ་བྱ་ར་ར་གཡེང་བ་དང་། ཁྱད་པར་དུ་རྔོན་པ་དང་། ཉ་བ་དང་། བྱ་གཤོར་བདག་གིས་བརྩི་བ་མེད་པའི་འཇིགས་པ་དུ་མས་སྐད་ཅིག་ལ་གསོད་པ་དང་། བདག་ཏུ་བཟུང་བའི་དུད་འགྲོ། རྟ་ནོར་དང་། ར་ལུག །བ་གླང་ལ་སོགས་པ་ཐམས་ཅད་ཀྱང་། ཁ་ལ་ལྕགས་ཀྱི་སྒྲོག་གཡོགས་ཏེ་ཞོན་ནས་རྒྱང་རིང་པོར་མནར་བ་དང་། འགའ་ཞིག་ལུས་གནམས་བསྒྱུར་ཏེ་བྲང་དྲོན་མོའི་ཁ་གྲི་རྣོན་པོས་བཤགས་ནས་ལྟ་ལག་བཏང་སྟེ་སྲོག་དབུགས་ཀྱི་རྒྱུ་བ་གཅོད་པ་དང་། གཞན་དག་སྣ་འབིགས་

(༧༧༥)པ་དང་། བྱ་གཅོད་པ་དང་། བརྡེག་པ་དང་། གསོད་ཁྲག་འབྱིན་པ་དང་། ཁལ་ཐེག་ཚད་འགེལ་པ་དང་ །དེ་བཞིན་དུ་ཀླུ་རྣམས་ལ་ཡང་བྱེ་ཚན་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། རིགས་སྔགས་དང་། གཅིག་གིས་གཅིག་སྤོང་སྟེ་ཁྱུར་མི་ཚུད་ཅིང་གྲོགས་མེད་པ་དང་། སྤྱི་མཐུན་དུ་རྨོངས་པ་ལ་སོགས་པའི་སྡུག་བསྔལ་དང་ཚེ་ཆད་མ་ངེས་པ་མྱོང་བ་སོགས་དུད་འགྲོ་ད་དག་ཐམས་ཅད་ཀྱང་བླང་དོར་མི་ཤེས་པའི་རང་བཞིན་ཅན་ཏེ་དེ་དག་གི་སྡུག་བསྔལ་རེ་རེ་ནས་བསམ་སྟེ་འཁར་བ་ལ་སྐྱུགས་ལོག་གི་འགྲོ་བར་བྱ་དགོས་ཏེ། ཀུན་མཁྱེན་གྱིས། འདི་དག་བསམས་ནས་བྱེལ་སོང་འཇིག་རྟེན་ལས། །ཐར་འདོད་རྣམས་ཀྱི་ཕན་བདེ་བསྒྲུབ་པའི་ཕྱིར། །མངོན་མཐོ་ངེས་ལེགས་ལམ་བཟང་སྲོལ་བཏོད་ལ། །ཉིན་མཆན་བརྩོན་པས་དགེ་ལ་གཞོལ་བར་མཛོད། །ཅེས་གསུངས་སོ། །དེ་དག་ཀྱང་མཐར་ཆགས་སུ་སྡུག་བསྔལ་མྱོང་ཟིན་པའི་མཐར་རང་ཉིད་ཀླུར་སྐྱེས་བ། ནམ་མཁའ་ལྡིང་གི་

(༧༧༦)བར་སྣང་ལ་ཁྱེར་ནས་ད་ནི་དབུགས་ཕྱི་ནང་གང་གི་མཚམས་ཀྱང་ཚེ་འདི་ཕྱིའི་སོ་མཚམས་སུ་སླེབས་པ་ཨ་རེ་འཇིགས། སྟོབས་ལྡན་གྱི་འདབ་ཆགས་འཇིགས་སྐྲག་གི་རོ་མྱོང་། སླར་སྟེང་གི་ནམ་མཁའ་ལ་རྩ་བའི་བླ་མ་ད་ཉིད་ཨོ་རྒྱན་ཆེན་པོའི་ཆ་ལུགས་སུ་བྱོན་ནས། ཀྱེ་ལས་ངན་གྱི་སེམས་ཅན་འདི་ལྟ་བུའི་སྡུག་བསྔལ་དང་འཇིགས་སྐྲག་མྱོང་དགོས་པའང་འཁོར་བ་མཐའ་མེད་དུ་བདག་གཅེས་འཛིན་ཁོ་ན་ལྷུར་བླངས་པས་ལེན། ད་ནི་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་སྒོམ་ན་འདི་ལས་གྲོལ་བའི་ཐབས་ཡིན་ཏེ། སྔོན་བསྟན་པའི་བདག་པོ་ཤཱཀྱ་སེང་གེས་བྱང་ཆུབ་ཀྱི་སྤྱོད་པའི་བསླབས་པའི་ཚེ་མཛའ་བོའི་བུ་མོ་ཞེས་བྱ་བར་སྐྱེས་ནས་མས་བསྲུངས་ཀྱང་མ་ཉན་པར་མིའི་མགོ་ལ་འགོངས་ནས་རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་པས་གྲུ་གཟིངས་ཞིག །

(༧༧༧)ཤིང་ལེབ་གཅིག་ལ་འཇུས་བས། །མཚོ་གླིང་ཞིག་ཏུ་འཐོན། དེ་ནས་རིམ་པར་ཕྱིན་པའི་ཅི་ཞིག་ན་ལྕགས་ཀྱི་ཁང་པ་ཞིག་ཏུ་མི་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་བསྐོར་ནས་ཀླད་པའི་དཀྱིལ་དུ་འབུགས་ཀྱིན་འདུག །ཅི་བྱས་པ་ཡིན་དྲིས་པས་མའི་མགོ་ལ་འགངས་བའི་རྣམ་སྨིན་ཡིན་ཟེར། འོ་ན་ང་ཡང་ལས་ཀྱིས་འདིར་ཁྲིད་པ་ཡིན་སྙམ་པ་དང་། ནམ་མཁའ་ལས་སྒྲ་བྱུང་སྟེ་བཅིངས་པ་གང་ཡིན་པ་གྲོལ་བར་འགྱུར་རོ། །གྲོལ་བ་གང་ཡིན་པ་བཅིང་པར་འགྱུར་རོ་ཟེར་ནས་འཁོར་ལོ་རང་གི་མགོ་ཐོག་ཏུ་བྱུང་སྟེ་བསྐོར་བས་བཟོད་ཐབས་མེད་པའི་སྡུག་བསྔལ་བྱུང་ངོ་། དེའི་རྐྱེན་གྱིས་རང་འདྲའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་སྐྱེས། འདི་ལྟ་བུའི་སྡུག་བསྔལ་མྱོང་བའི་སེམས་ཅན་མང་པོ་ཡོད་པས་སྙིང་རེ་རྗེ། དེ་དག་གི་སྡིག་པ་དང་སྡུག་བསྔལ་བདག་ལ་འབྱུང་བར་ཤོག་ཅིག་སྙམ་དུ་དགོངས་པ་དང་དེ་མ་ཐག་འཁོར་ལ་ནམ་མཁའ་ལ་འཕུར་ཏེ་སྡུག་བསྔལ་ལས་གྲོལ་ལོ། །དེས་ན་བདག་བས་གཞན་གཅེས་ཀྱི་བསམ་པ་

(༧༧༨)འདི་ནུས་པ་ཤིན་ཏུ་ཆེ་བ་ཡིན་པས་རང་འདྲའི་སེམས་ཅན་དཔག་ཏུ་མེད་པ་ཡོད་པ་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་དོ། །དེ་དག་གི་སྡུག་བསྔལ་ཁྱོད་རང་གི་འདིའི་བསྣོན་མར་ལོང་ལ་དགའ་བ་སྒོམས་ཤིག །ཅེས་གསུངས་ཐོས་པ་ཙམ་གྱིས་རང་འདྲའི་སེམས་ཅན་ལ་སྙིང་རྗེ་དྲག་བ་བསྐྱེད་ཅིང་བདེ་སྡུག་གཏོང་ལེན་གྱི་སྙིང་སྟོབས་བསྐྱེད་པ་ཙམ་གྱིས་ལས་ངན་སྐད་ཅིག་ལ་ཟད། འཇིགས་པ་ལ་རྨི་ལམ་གྱི་སྣང་བ་ལྟར་བདེན་མེད་དུ་ཡལ་ནས་ཨོ་རྒྱན་ཆེན་པོ་དང་གཉིས་སུ་མེད་པར་སངས་རྒྱས། དུད་འགྲོའི་རིགས་ཀྱི་སེམས་ཅན་ཐམས་ཅད་ལ་འོད་ཟེར་སྤྲོས་པས་དེ་དག་གཅིག་ཀྱང་མ་ལུས་པ་བྱ་ཁྱུ་ལ་འུར་རྡོ་འཕངས་པ་ལྟར་རིགས་འཛིན་རྣམ་པ་བཞིའི་གྲལ་དུ་དྲངས་པར་བསམས་ལ་རྟོགས་པའི་སྤུན་ཐག་བཅད་ནས་དྲན་ཤེས་ཁ་ཡན་དུ་གློད་བར་བྱའོ།། །།༈ དེ་ནས་བདེ་འགྲོ་ལའང་བདེ་བ་མེད་པར་བསམ་པ་ནི། འོ་ན་ངན་སོང་གསུམ་ལ་སྐྱེས་ན་དེ་ལྟར་ཡིན་ཀྱང་བདེ་འགྲོ་ཐོབ་ན་སྡུག་བསྔལ་མེད་པའི་བདེ་བ་འབའ་ཞིག་གོ་སྙམ་ན་མ་

(༧༧༩)ཡིན་ཏེ་བཤེས་སྤྲིང་དུ། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །ཞེས་དང་། ལྷ་ཡི་འཇིག་རྟེན་དག་ན་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་དང་། མདོ་དྲན་པ་ཉེར་གཞག་ལས། །མི་དག་འཚོ་བ་ཐུང་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་མཐོ་རིས་མིའི་བདེ་འགྲོ་ཐོབ་ཀྱང་། སྡུག་བསྔལ་གྱི་སྡུག་བསྔལ་བརྩེགས་མར་འབྱུང་བ་ཕ་ཤི་བའི་ཐོག་ཏུ་མ་ཡང་འདས་པ་ལྟ་བུར་འགྱུར་པའི་སྡུག་བསྔལ་ད་ལྟ་བདེ་བ་ལྟར་ཡོད་འཕྲོ་ཁོ་ན་ལ་གློ་བུར་གྱི་སྡུག་བསྔལ་དུག་དང་འདྲེས་པའི་ཁ་ཟས་ཟོས་པའམ། རྩེད་མོའི་ཆེད་དུ་ཆུབ་རྒལ་བས་བྱིང་སྟེ་སྐད་ཅིག་ལ་སྲོག་འདོར་བ་ལྟ་བུ་ཁྱབ་པ་འདུ་

(༧༨༠)བྱེད་ཀྱི་སྡུག་བསྔལ་ནི་ཟས་གོས་དང་སྤྱོད་ལམ་ཉེས་པས་ཤིན་ཏུ་དས་དྲག་པའི་ནད་མྱོང་བའམ། མི་བཙན་པོ་ལ་རྒོལ་བ་བྱས་པས་ཕྱིས་གནོད་པའི་ལན་འདུ་བྱེད་པ་ལྟ་བུ་སྟེ། རྩ་བའི་སྡུག་བསྔལ་ཆེན་པོ་གསུམ། དེ་སྐད་དུ་འདུལ་བ་ལུང་ལས། འཁོར་བ་སྡུག་བསྔལ་ཅན་ཕུང་པོ། །སྡུག་བསྔལ་སྡུག་བསྔལ་འདུ་བྱེད་དང་། །འགྱུར་བ་ཉིད་གསུམ་བརྒྱད་རྣམས་ཀྱིས། །མི་རྣམས་ཤིན་ཏུ་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་རྩ་བའི་སྡུག་བསྔལ་གསུམ་གྱི་སྟེང་དུ་སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་དང་། དགྲ་མི་སྡུག་པ་དང་འཕྲད་པ་དང་། གཉེན་བྱམས་པ་པོ་དང་བྲལ་བ་དང་། འདོད་པ་ཐོག་ཏུ་མ་ཁེལ་བས་ཕོངས་པ་དང་། ཉེར་ལེན་གྱི་ཕུང་པ་ལྔས་སྡུག་བསྔལ་གཏན་དུ་འཛིན་པ་སྟེ་རྣམ་པ་བརྒྱད་ཀྱིས་མནར་བས་ཤིན་ཏུ་སྡུག་བསྔལ་ལོ། །དེའི་ཕྱིར་ཀུན་མཁྱེན་ཆེན་པོས། དེ་ལྟར་མི་ཡི་འཇིག་རྟེན་མཐའ་དག་ནའང་། །སྡུག་བསྔལ་རྒྱུ་འབྲས་ཉིད་ཕྱིར་བདེ་བ་མེད། །དེ་ལས་ཐར་ཕྱིར་ལེགས་པའི་ཆོས་བསམ་

(༧༨༡)སྟེ། འཁོར་བའི་གནས་ལས་ཐར་བའི་ཐབས་འཚལ་ལོ། །ཞེས་གསུངས་སོ། །དེ་བཞིན་དུ་འདོད་ལྷའི་གནས་ནའང་སྡུག་བསྔལ་ཚད་མེད་དོ། འདི་ལྟར་རྒྱལ་ཆེན་རིགས་བཞི་དང་། ཨངྐི་རྣམས་ནི་མིའི་ལོ་གྲངས་ཏེ། ལྷ་གནས་ས་སའི་ཞག་རེ་ཡིན་ལ། དེའི་ལ་ཟླའི་འགྱུར་གྱིས་རྩིས་ནས་རྒྱལ་ཆེན་རིགས་བཞིའི་ལོ་ལྔ་བརྒྱལ་ཡང་སོས་ཀྱི་ཞགས་གཅིག །སུམ་ཅུ་རྩ་གསུམ་པ་ནས་རིམ་པར་ལ་སྟང་དང་། ཉིས་སྟོང་དང་། བཞི་སྟོང་དང་། བརྒྱད་སྟོང་དང་། ཁྲི་དྲུག་སྟོང་རྣམས་ཐིག་ནག་དང་། བསྡུས་འཇོམས་དང་། དུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་རྣམས་ཀྱི་ཞག་རེ་ཡིན་ལ། རབ་ཏུ་ཆེ་བ་དང་མནར་མེད་པ་ནི་གཞར་བྱ་དེས་མ་ཡིན་ཏེ་གོང་དུ་བཤད། སུམ་ཅུ་རྩ་གསུམ་དང་། མཚོ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བར་དེ་དག་བདེ་བ་ལྟར་སྣང་ཡང་། འགྱུར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནས་མནར། འཆི་བའི་ཚེ་ལུས་ཀྱི་མདོག་མི་སྡུག་པ་དང་། མེ་ཏོག་རི་ངས་པ་དང་། ཉམས་མི་དགའ་བ་དང་། ལྷ་ཟླ་བོས་སྤོང་ཞིང་འདུ་

(༧༨༢)ཤེས་འཁྲུགས་པ་དང་། ཕྱི་མ་གང་དུ་སྐྱེ་བའི་གནས་ལྷའི་མིག་གིས་མཐོང་བས་རྐྱེན་བྱས་སྐྲག་སྟེ་བརྒྱལ་བ་ན་ལྷ་ཕ་མའམ། མཛའ་བ་ཤེས་ལ་སོགས་པས་རྒྱ་བ་རིང་པོ་ནས་པོས་ཏེ། འཛམ་བུའི་གླིང་དུ་མི་རྣམས་ཀྱི་ནང་དུ་སྐྱེ་བར་ཤོག་ཅིག །དེར་ཡང་དགེ་བཅུ་སྤྱད་ནས་ཕྱིས་ཀྱང་ལྷའི་གནས་འདིར་སྐྱེ་བར་ཤོག་ཅིག །ཅེས་ཡིད་སྨོན་ཁར་བཏོན། མེ་ཏོག་གཏོར་ནས་རྒྱང་རིང་པོར་འབྲོས་པ་དེ་ལྟ་བུའི་སྡུག་བསྔལ་ལྷའི་ཞག་བདུན་དུ་སྤྱོད་པས་ཉམ་ཐག །འོ་སྐོལ་མི་རྣམས་འཆི་བའི་ཚེ་གཉེན་བཤེས་ཀྱིས་མལ་མཐའ་བསྐོར་ནས་དེའི་འདོད་པ་ཐབས་དུ་མས་སྐོང་ནའང་ཤིན་ཏུ་སྡུག་བསྔལ་ཅིང་ཡི་མུག་ན་ལྷ་དག་འཆི་འཕོའི་སྡུག་བསྔལ་ལྟ་ཅི་སྨོས། གཞན་ཡང་ཚངས་རིས་ནས་འབྲས་བུ་ཆེན་པོའི་བར་ཏེ་གཟུགས་ཁམས་བསམ་གཏན་གྱི་ལྷ་གཟི་བྱིན་གྱི་དཔལ་དང་ལྡན་པ་དེ་དག་ཀྱང་འཆི་བའི་ཚེ། ད་ལྟའི་བདེ་བ་དེ་ཉིད་འགྱུར་ནས་སྲིད་པ་ཕྱི་མར་འཇུག་པའི་སྡུག་བསྔལ་དཔག་ཏུ་མེད་དེ་འཕགས་པ་ཀླུ་སྒྲུབ་ཀྱིས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །

(༧༨༣)འོད་དང་ཁ་དོག་གཟི་བརྗིད་མཐོང་བས་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་ནས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་གསུངས་ལ། དེ་བཞིན་དུ་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི་ཐམས་ཅད་མཁྱེན་པའི་ཉེ་རྒྱུ་མ་ཡིན་པའི་ལུང་མ་བསྟན་གྱི་བསམ་གཏན་ཉི་ཚེ་བར་འབྱམས། ཅི་ཞིག་ན་འཆི་འཕོས་ནས་སྲིད་པ་ཕྱི་མའི་སྡུག་བསྔལ་ནམ་མཁའ་ལ་འཕུར་བའི་འདབ་ཆགས་ངེས་པར་ས་ལ་བབས་པ་བཞིན་ངེས་མེད་དུ་མྱོང་ན་གནས་སྐབས་ཀྱི་བདེ་བ་ལ་ཡིད་བརྟན་པར་བྱེད་པ་ནི་མ་ཚང་རེ་ཆེ་སྟེ། སློབ་སྤྲིང་ལས། སྡུག་བསྔལ་མེ་ཚོགས་ཕུང་པོས་འཇིགས་པའི་འཇིག་རྟེན་འདིར། སྐྱེ་བོ་བདེ་སྙམས་མངོན་པའི་ང་རྒྱལ་བྱེད་པ་གང་། །དེ་ནི་གཤིན་རྗེའི་ཁ་ཡང་འབྱེད་པ་བྱེད་པ་སྟེ། དེ་ནི་སྐྱེ་བ་ཕྱི་མནའི་ལྗོན་ཤིང་ས་བོན་ཡིན། །ཞེས་གསུངས་སོ། །གཞན་ཡང་འདི་ལྟར་ལྷ་མིན་རྣམས་ལ་ནི་སྡུག་བསྔལ་དེ་བས་ཀྱང་དཔལ་ཚེ་སྟེ། བཤེས་སྤྲིང་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་

(༧༨༤)ཡི་དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། །སྒྲུབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་སུམ་ཅུ་རྩ་གསུམ་པའི་སྐྱིད་པ་དང་འབྱོར་བ་མཐོང་ནས། ཁོང་ཁྲོ་དང་ཕྲག་དོག་གི་མེས་གདུངས་ནས་ལྷ་དང་འཐབས་པའི་ཚེ་གཡུལ་ངོར། རྡོ་རྗེ་དང་། མདའ་དང་། འཁོར་ལོ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པས་མགོ་དང་ཡན་ལག་གཅོད་ཅིང་། སྲོག་འགག །ལུས་ཤིན་ཏུ་སྣང་བ་དང་། འཆི་བ་ལ་ཐུག་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པས་མནར་རོ། །གལ་ཏེ་བློ་དང་ལྡན་པ་དག་ཡོད་ཀྱང་སྒྲིབ་པའི་དབང་གིས་ཉན་ཐོས་རང་གི་མཐོང་ལམ་མི་ཐོབ་པས་བདེན་པ་མི་མཐོང་ཞེས་བཤད་ལ་ཐེག་པ་ཆེན་པོའི་ལུགས་སུ་ནི་དེ་ལྟར་མ་ཡིན་པར་

(༧༨༥)མྱུར་བ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར་རོ། །དེ་ལྟར་འཁར་བའི་སྡུག་བསྔལ་མཐའ་མེད་ཅིང་དོས་དྲག་པ་གཅིག་ནས་ཐར་ཀྱང་གཅིག་ཏུ་འཇུད་པ་ཟོ་ཆུའི་ཁྱུད་མོའམ། བུམ་ནང་གི་བུང་བ་བཞིན་སྡུག་བསྔལ་ཁོ་ནའི་རང་བཞིན་ཅན་ཏེ། སློབ་སྤྲིང་ལས། གང་ཞིག་འཁོར་བའི་འཁོར་ལོར་རྟག་ཏུ་འཁོར་འགྱུར་བའི། །ནང་དུ་ཞུགས་ནས་བལྟི་བ་ཙམ་ལ་བདེར་སེམས་པ། །དེ་ནི་ངེས་པར་དབང་མེད་རིམ་གྱིས་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམ་ཀུན་ཏུ་འཁྱམས་པར་འགྱུར། །ཞེས་གསུངས་སོ། །འོ་ན་ངན་འགྲོའི་གནས་དང་རིགས་དྲུག་ཐུན་མོང་གི་སྡུག་བསྔལ་ཐམས་ཅད་སངས་རྒྱས་ཀྱིས་སྐྱོབས་པས་ཨའུ་ཅི་མོད་སྙམ་ན། དེ་ལྟར་མ་ཡིན་ཏེ། འདུལ་བ་ལུང་ལས། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱི། །ཐར་བ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས་པས་རང་ཅག་རྣམས་བླང་དོར་ལ་རྨོངས་པའི་ཕྱིར་བདེ་བར་

(༧༨༦)གཤེགས་པས་ཐབས་དུ་མའི་སྒོ་ནས་ཐར་པའི་ལམ་བསྟན་པ་ཙམ་ལས། འཁོར་བ་དང་ངན་སོང་ལས་ཐར་པ་ནི་རང་གི་བརྩོན་པ་ཁོ་ན་ཡིན་པས་དཔེར་ན་གཉིད་ཀྱིས་མྱོས་པའི་ཚེ་རྨི་ལམ་སུས་ཀྱང་དག་མི་ནུས་པ་བཞིན་ནོ། །གལ་ཏེ་དེ་ལྟ་མིན་ན་སངས་རྒྱས་ཐུགས་རྗེ་ཅན་དེ་དག་གཅིག་གི་ཐུགས་རྗེའི་འོད་ཟེར་གྱིས་ཀྱང་སྲིད་པ་འདི་དཔག་ཏུ་མེད་པའི་སྔ་རལ་ནས་སྟོངས་པར་མཛད་ཟིན་ངེས་སོ། །དེ་བས་ན་འོ་སྐོལ་འཁོར་བའི་དོད་དུ་ནི་ལྷུང་། །བཟུང་འཛིན་གྱི་སྒྲོག་དམ་པས་ནི་བཅིངས། །ཉོན་མོངས་པའི་མཚོན་གྱིས་ནི་བསྣུན། །ད་ལྟའི་སྡུག་བསྔལ་ལ་སྤྱོད་ཅིང་ཕྱི་མའི་སྡུག་བསྔལ་འདྲེན་པ་ལས་འོས་མེད་པ་འདིར་ལེགས་པར་བསམས་ནས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དཔག་ཏུ་མེད་པར་བསྐྱེད། སེམས་ཅན་དེ་དག་ཐམས་ཅད་ཐར་པའི་ལམ་ལ་བཀྲི་བའི་ཆེད་དུ་ཉི་མ་དེ་རིང་ནས་བཟུང་ཡོན་ཏན་ཐམས་ཅད་འབྱུང་གནས་དཀོན་མཆོག་གསུམ་ཐབས་དུ་མའི་སྒོ་ནས་མཆོད་པ་དང་། མི་དགེ་བའི་བསམ་པ་སྐད་ཅིག་མ་ལན་ཆད་ལ་གཉེན་པོ་དྲག་པོས་གཅུན་

(༧༨༧)ནས་བཤགས་སྡོམ་བྱ་སྟེ། འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཕྲ་མོ་དག་གིས་ཀྱང་། །རྩ་ཕུང་རི་ཙམ་སྲོག་པར་བྱེད། །ཅེས་གསུངས་ལ། དགེ་བའི་བསམ་པ་ཆ་ཤས་ཕྲ་མོ་ཚུན་ཆོད་ནས་གསག་ཅིང་དཀར་པོ་དགེ་བའི་ལས་འབའ་ཞིག་གིས་དུས་འདའ་བར་བྱེད་དགོས། འགའ་ཞིག་བདག་ཤེས་རབ་ཆུང་བས་ཐོས་བསམ་མི་ནུས་སྐད་པ་དང་། འགའ་ཞིག་བདག་ལོངས་སྤྱོད་དམན་པས་ཟག་བཅས་ཟང་ཟིང་གི་མཆོད་སྦྱིན་མི་འགྲུབ་སྐད་པ་དང་། འགའ་ཞིག་བདག་ན་སོ་རྒས་པས་ཆོས་མི་ཡོང་སྐད་པ་སོགས་སྨྲ་ཞིང་སེམས་པའང་གཙོ་བོར་སེམས་ཁོ་ནས་མ་ནུས་པ་ཡིན་ཏེ་བརྩོན་འགྲུས་དང་སྤོབས་པ་བསྐྱེད་ན་དུད་འགྲོས་ཀྱང་ཐར་པ་བསྒྲུབ་ནུས་པར་གསུངས་ན་མི་ཡིས་ལྟ་ཅི་སྨོས་ཏེ། ཤཱནྟ་དེ་ཝས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པར་གསུངས་པས་བདེན་འདི་གསུངས། །

(༧༨༨)སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའི་བླ་མེད་ཐོབ། །བདག་ལྟའི་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་ནས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་དང་། མདོ་སྡེ་རྒྱན་ལས། གལ་ཏེ་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དགེ་བའི་ལས་ཇི་སྙེད་པ་ལའང་ཆོག་ཚོད་དང་། རྩིས་གྲངས་ཀྱིས་ཁྲིགས་སུ་བཅད་པར་མི་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་རྩ་བ་གཅིག་ལ་ཆགས་པར་མ་བྱེད་ཅིག །ཆོས་ཀྱི་སྒོ་གཅིག་དང་། སྤྱོད་པ་གཅིག་ཡོངས་སུ་རྫོགས་པས་ཆོག་པར་མ་འཛིན་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་བསྡུ་བར་བྱ་དགོས་སོ། །ཞེས་གསུངས། ད་ལྟ་འོ་སྐོལ་གྱི་དགེ་བ་ཇི་ཙམ་

(༧༨༩)ཞིག་འབད་ཀྱང་དེ་ཉིད་སྡིག་པ་མི་དགེ་བའི་ལས་དང་མ་འདྲེས་པའང་རྣམ་པར་དཔྱད་ན་འོང་མི་ཐང་བའི་ཕྱིར་དང་། གལ་ཏེ་རེ་རེ་ཙམ་སྲིད་ནའང་ཡིད་ཅན་ཕལ་ཆེར་བློ་མཾ་ག་མ་དག་པས་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པའི་དམ་པ་གསུམ་དང་འབྲེལ་བའི་དགེ་བའི་རྩ་བ་གསོག་པ་ཤིན་ཏུ་དཀོན་ལ། དེའི་ཕྱིར་བསོད་ནམས་ཆ་མཐུན་གྱི་དགེ་འབྲས་ལན་གཅིག་སྨིན་ནས་ཟད་པར་གྱུར་པ་དག་ནི་དབུས་ཀྱི་རི་བོ་མཆོག་རབ་ཙམ་ཡོད་པར་རློམ་ཡང་སྟོན་ཀའི་སྤྲིན་དང་འདྲ་སྟེ་ཤིན་ཏུ་ཡམ་བརླབས་ལག་པ་བརྐྱང་བསྐུམ་ཙམ་གྱི་བསམ་པའང་དགེ་བའི་ལས་འབའ་ཞིག་ཏུ་འགྲོ་བར་བྱ་དགོས་སོ། །སེམས་སྦྱོང་བཞི་པ་ནི། བུ་ཡིག་ལས། བླ་མའི་གདམས་ངག་ཅིག་ཅི་ནས་ཀྱང་ཐོབ་པར་བྱ་ཞིང་། ཐབས་གང་གི་སྒོ་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པ་དང་། །ཞེས་པས། དེ་ལྟར་སྔར་བཤད་མ་ཐག་པའི་རིགས་དྲུག་གང་དུ་འཁོར་ཀྱང་སྡུག་བསྔལ་འབའ་ཞིག་ལས་བདེ་བ་ཁབ་ཀྱི་རྩེ་ཙམ་མ་མཆིས་པར་ཤེས་པ་དང་།

(༧༩༠)གོ་བ་ཙམ་ཡོད་ཀྱང་དེ་ལ་ཡི་མུག་བྱས་པ་གཅིག་པུས་སྡུག་བསྔལ་དེ་ལས་ཐར་པ་མ་ཡིན་ཏེ། དེ་ལ་ཕན་པའི་ཐབས་ཁོ་ནར་ལྷུར་ལེན་དགོས། དེ་གང་ཡིན་ན། གསལ་རྒྱལ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་དེའི་ཚེ། དེའི་དུས་ན་དམ་པའི་ཆོས་མ་གཏོགས་མགོན་དང་སྐྱབས་མེད་དོ། །དམ་པའི་ཆོས་ནི་དེའི་ཚེ་མགོན་དང་སྐྱབས་དང་རྟེན་དང་གླིང་དང་དཔུང་གཉེན་ཡིན་ནོ། །ཞེས་གསུངས་ཤིང་དེ་ཡང་ཡིག་ནག་ཀློང་པ་ཙམ་ནི་མ་ཡིན་ཏེ་དཔེར་ན་འོ་མ་ལས་མར་དྲང་། མེ་ལས་དུ་བ་འབྱུང་བ་ལྟར་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ཁོ་ན་བསྟེན་ནས་སྙིང་པོ་ལེན་པར་བྱ་སྟེ། སྡུད་པ་ལས། བླ་མ་མཁས་པ་རྣམས་ནི་རྟག་ཏུ་བསྟེན་བྱ་སྟེ། ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པ་དེ་ལ་བརྟེན་བྱ་བླ་མའི་མཚན་ཉིད་ནི། རིན་པོ་ཆེ་ཕུང་པོའི་མདོར། བྱམས་པས་

(༧༩༡)གསོལ་བ། དགེ་བའི་བཤེས་གཉེན་ཇི་ལྟ་བུར་བསྟེན་པར་བགྱི། བཀའ་སྩལ་པ། དགེ་བའི་བཤེས་གཉེན་ནི་ཆོས་ཅི་དང་ཅི་སྟོན་པ་ཐམས་ཅད། ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་འབའ་ཞིག་སེམས་ཏེ་སྟོན་པར་བྱེད་གསལ་བར་བྱེད་པ་དེ་ནི་དགེ་བའི་བཤེས་གཉེན་ལམ་དྲང་པོ་ནས་འཁྲིད་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་དེ་གཞིར་བཞག་ནས་མདོ་སྡེ་རྒྱན་ལས་གསུངས་པ་ལྟར་ལྷག་པའི་བསླབ་པ་གསུམ་གྱིས་རྒྱུད་ལེགས་པར་དུལ་བ་ཕྱོགས་རེ་ཙམ་མ་ཡིན་པར་མང་དུ་ཐོས་པ་ལུང་གི་ཡོན་ཏན། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་སློབ་མ་རྣམས་ལས་ཆས་ལྷག་པའི་ཁྱད་པར་གྱི་ཡོན་ཏན། ལུང་དོན་རིག་པས་འབྱེད་པ་ལ་རྣམ་དཔྱོད་ཀྱི་མཐུ་ཕུན་སུམ་ཚོགས་པས་གདུལ་བྱའི་རྣ་བར་འཇེབས་ཤིང་དོན་དམ་པའི་ལམ་ལ་བཀྲི་བར་མཁས་པས། རྙེད་པ་དང་བཀུར་སྟི་སོགས་ལ་མི་གཟིགས་པར་འགྲོ་བ་ཉམས་ཆུང་བ་ལ་བརྩེ་བའི་སྙིང་རྗེ་ཅན། གཞན་དོན་བསྒྲུབ་པ་ལ་སྐྱོ་དུབ་མེད་པའི་བརྩོན་འགྲུས། ཡང་

(༧༩༢)ཡང་འཆད་པ་ལ་སྐྱོ་ངལ་མེད་ཅིང་ལོག་སྒྲུབ་བཟོད་པའི་སྙིང་སྟོབས་ཅན་གྱི་བླ་མ་དམ་པ་ཞིག་བསྟེན་དགོས། དེ་ལ་ནང་གསེས་སུ་དབྱེ་ན་སྤྱི་མདོ་དགོངས་པ་འདུས་པ་ལས། ཕྱི་སྒྲོ་འདོགས་གཅོད་པ་ལ་མཁས་པའི་བླ་མ། ནང་གསང་སྔགས་ཀྱི་གདམས་ངག་སྟོན་པ་དྲིན་ཅན་གྱི་བླ་མ། གསང་བ་སེམས་ཉིད་སྐྱེ་བ་མེད་པ་སྟོན་པ་རྩ་བའི་བླ་མ། རང་བཞིན་གཞིའི་བླ་མ། དག་པ་རང་སེམས་ཀྱི་བླ་མ། སྣང་བ་བརྡའི་བླ་མ་གང་ཟག་བརྒྱུད་པའི་བླ་མ་རྣམས་ལ་འདུས་པའོ། །ཞར་ལ་སློབ་མའི་མཚན་ཉིད་ཀྱང་། རྒྱུད་ཀློང་གསལ་ལས། སྣོད་དང་མི་ལྡན་སློབ་མ་ནི། ཤེས་ཆུང་ཁ་གསགས་གདོང་ལྟས་ཆེ། ཁ་མཁས་ལ་གདམ་གཡོ་སྒྱུ་ཆེ། །བླ་མའི་གསུང་བཅག་དྲིན་ལ་རྩེད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག །རིགས་བརྒྱུད་དང་རྒྱུད་ངན་པ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །དོན་དམ་དམ་ཚིག་ཉམས་ལེན་འཚལ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཞེས་གསུངས་པ་ལ་བརྟགས་པ་སྔོན་དུ་འགྲོ་བས་བསྟེན་བྱ་མཚན་ཉིད་དང་ལྡན་པ་ནི།

(༧༩༣)འོད་གསལ་གྱི་རྒྱུད་རིག་པ་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་གསུངས་པ་ཁོ་ན་ལས། གཞན་དུ་མ་ཡིན་ལ། དེ་ལྟ་བུའི་དཔོན་སློབ་ཟུང་དུ་འབྲེལ་ན་གཤོག་པ་གཉིས་ལྡན་གྱི་འདབ་ཆགས་མཁའ་ལ་འཕུར་བ་ལ་ཚེགས་མེད་པ་བཞིན་བྱང་ཆུབ་བསྒྲུབ་པ་ལ་དེ་ཙམ་གྱི་དཀའ་ལས་མེད་པས་སློབ་མས་ཀྱང་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ཞིང་། རང་ཉིད་ལའང་ལུང་དང་འགལ་བའི་ཉེས་པའི་སྐྱོན་གང་ཆེ། ངོས་ཅིར་གྱིས་བཟུང་ནས་གཉེན་པོས་རྒྱུད་བསྡམས་རྗེས་བཤེས་གཉེན་བསྟེན་པ་དངོས་ལ་བསམ་པས་བསྟེན་པའི་ཚུལ་དང་། སྦྱོར་བས་བསྟེན་པའི་ཚུལ་གཉིས་ཀྱི་སྔ་མ་ནི་དཀོན་མཆོག་ཏ་ལའི་གཟུངས་ལས་དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་

(༧༩༤)ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་སྙོག་པ་མེད་ཅིང་སེམས་དངས་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་དེ་ལ་མཉམ་འགྲོགས་མ་ཡིན་པར་ཞེ་ཐག་པ་ནས་མི་ཕྱེད་པའི་དད་པ་དང་ལྡན་པ་འཕགས་པ་རྟག་ཏུ་དུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཡོན་ཏན་མཐོང་བ་ལྟ་བུ་ཞིག་ངེས་པར་དགོས། །འོ་སྐོལ་ལས་མ་དག་པའི་དབང་གིས་བླ་མ་མཚན་ལྡན་ལའང་དེ་དག་གིས་དྲང་ངེས་ལྡེམ་དགོངས་རྣམ་པ་བཞིའི་མཛད་པ་སྣ་ཚོགས་བསྟན་པའི་གནད་མ་གོ་བར་སྐྱོན་ཡོན་འདྲེས་མར་སྣང་བ་སྲིད་པས་དེའི་ཚེ་སྐྱོན་རྟོག་ཤར་བའི་བློ་དེ་དགག་དགོས། དེ་དགག་ནུས་ན་ཅི་མཛད་ལེགས་མཐོང་ངམ་དམ་ཤུགས་ཀྱིས་འོང་བ་ལས་འོས་མེད། དེའི་ཕྱིར་འདི་ལྟར་བླ་མ་དེའི་མཛད་པ་སྐྱོན་ལྟར་སྣང་བ་ཐམས་ཅད་ལ་ཆེད་དུ་གཉེར་ནས་གཉེན་པོའི་གསལ་འདེབས་བྱ་བ་ནི། བླ་མ་དེའི་མཛད་པ།

(༧༩༥)ལེགས་ཉེས། གསུང་བགྲོས་གནད་ལུགས། ཐ་ན་ན་བཟའ་བཞེས་ལུགས་ལྟ་བུ་ཞིག་གི་མཚམས་སུ་ཡང་འདི་ལྟར་མ་ལེགས་སྙམ་པའི་བསམ་པ་ཞིག་ཐུར་གྱིས་ཤར་བྱུང་ན། དེ་མ་ཐག་རྣམ་རྟོག་དེ་ལ་བདག་འཛིན་རྗེས་གཅོད་མི་བྱ་བར་བདག་ལྟ་བུའི་ལས་ངན་གྱི་སེམས་ཅན། །འདི་ལྟ་བུའི་བླ་མ་ཁྱད་པར་ཅན་ལ་དེ་འདྲའི་ཉེས་སྐྱོན་ཡོད་པ་མི་སྲིད། རང་ཉིད་ཐོག་མ་མེད་པ་ནས་གོམས་པའི་ལས་ཉོན་གྱི་མཐུས་སྐྱོན་དུ་ཤར་བར་འདུག །ཐང་ཕྲོམ་ཟོས་པའི་རྒན་མོའི་མིག་སྔར་ནམ་མཁའ་ནས་སྐྲ་ཤད་འཛག་པ་དང་། མཁྲིས་ནད་ཀྱིས་གདུངས་པའི་མིག་ཤེས་ལ་དུང་གི་ཁ་དོག་ཀྱང་སེར་པོར་སྣང་བ་དང་ཁྱད་པར་ག་ལ་ཡོད། རང་རེ་འདོད་པའི་མདའ་ལྔས་སྙིང་ཕུགས་པའི་འགྲོ་བ་དག་གི་སྤྱོད་ཚུལ་དང་བསྟུན་ཀྱིན་དགོངས་པ་ཅན་གྱི་ཚུལ་དུ་མ་དག་པའི་མཛད་པ་དེ་དག་ཆེད་དུ་མ་བསྟན་པའི་ངེས་པ་ཅི་ཆ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་འདྲེན་པ་ཤཱཀྱ་ཐུབ་པ་ལའང་དགེ་སློང་ལེགས་སྐར་དང་ལྷས་བྱིན་མུ་སྟེགས་

(༧༩༦)ཀྱི་སྟོན་པ་དྲུག་ལ་སོགས་པ་དག་གིས་སྐྱོན་གྱི་གོང་བུར་མཐོང་བ་དང་། སྔོན་གྱི་པཎ་གྲུབ་མཁན་སློབ་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་དག་ལའང་། །བོན་དང་སྡིག་བློན་མ་རུངས་པ་དེ་དག་གིས་ཉེས་པའི་གོང་བུར་མཐོང་བ་དང་། འཕགས་པ་ཐོགས་མེད་ཀྱིས་མི་པ་མ་མགོན་པོ་ཁྱི་མོ་ཁོག་སྨད་འབུས་གཡེང་བར་གཟིགས་པ་དང་ཁྱད་པར་མེད། ཡབ་སྲས་མཇལ་བའི་མདོ་ལས་བདེ་བར་གཤེགས་པས་བདུད་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་ཡང་གསུངས་པའི་ཕྱིར་ན་སངས་རྒྱས་ལ་བདུད་དུ་མཐོང་བའང་རང་གི་སྣང་བ་མ་དག་པ་ཁོ་ན་ལས་ཡུལ་དེ་དག་ལ་སྐྱོན་ཡེ་ནས་མེད་པར་ངེས་ཤེས་བསྐྱེད་ཡང་ཡང་བསམས་ནས་སྐྱོན་དུ་ལྟ་མཁན་གྱི་ཀུན་རྟོག་དེ་ཟིལ་གྱིས་གནོན་དགོས་ཏེ། རྒྱུད་དོན་མདོར་བསྡུས་ལས་བླ་མའི་མཛད་པ་ཐམས་ཅད་ལ། །སངས་རྒྱས་མཛད་པ་ཉིད་དུ་བསམས། །གལ་ཏེ་གཟིམས་སམ་བཞེངས་པ་ནི། །འོད་གསལ་སྒྱུ་མར་སྣང་བར་བལྟ། །ཕྱག་དང་བསྐོར་བ་གང་མཛད་ཀྱང་། །སངས་རྒྱས་རོལ་པ་ཉིད་དུ་སྟོན། །གར་དང་རྣམ་འགྱུར་བཞད་པ་ན། །

(༧༩༧)སངས་རྒྱས་དགོངས་པའི་མཛད་པ་ཅན། །ཁྲོ་དང་ཆགས་པ་ཅིར་སྟོན་ཡང་། །སངས་རྒྱས་བྱང་ཆུབ་ཉིད་དུ་བསམས། །མི་བརྒྱ་དུས་གཅིག་བསད་ན་ཡང་། །སངས་རྒྱས་འགྲོ་ལ་ཕན་མཛད་ཉིད། །བཙུན་མོ་བརྒྱད་དང་རོལ་ན་ཡང་། །བདེ་ཆེན་ཡེ་ཤེས་ཕྱག་རྒྱ་ཆེ། །འདོད་པ་འདུན་པ་ཅིར་སྣང་ཡང་། །སངས་རྒྱས་འདོད་པ་བྲལ་བ་ཡིན། །ཐམས་ཅད་སངས་རྒྱས་མཛད་པ་སྟེ། །ཅི་མཛད་མཐོང་བ་ལེགས་པའི་ལམ། །ཅི་གསུང་ཐེས་པ་དམ་པའི་ཆོས། །ཅི་དགོངས་ཐམས་ཅད་མཁྱེན་པའི་དཔལ། །བླ་མ་འཁྲུལ་པ་སྲིད་མཐར་ཡང་། །འབྱུང་བ་མེད་ཀྱི་གལ་ཏེ་ན། །མཐོང་སྣང་འཁྲུལ་པ་ལྟར་སྣང་སྟེ། །རང་སྣང་བསམ་པ་མ་དག་པས། །མིག་སྐྱོན་ཅན་གྱིས་གངས་ཉིད་ལ། །རྒྱུན་དུ་ནག་པོར་མི་སྲིད་ཀྱང་། །ནག་པོར་དངོས་སུ་མཐོང་དང་མཚུངས། །མཁྲིས་ནད་ཅན་གྱིས་དུང་ཉིད་ལ། །རྒྱུན་དུ་དཀར་པོ་ཉིད་ཡིན་ཀྱང་། །སེར་པོར་མཐོང་བ་ཉིད་དང་མཚུངས། །ལོག་སྲེད་ཅན་གྱིས་ཆུ་ཉིད་ལ། །ཁྲག་རྣག་མཚོན་ཆ་མེད་ན་ཡང་། །རྣག་ཁྲག་མཚོན་ཆར་

(༧༩༨)མཐོང་དང་མཚུངས། །དེ་ཕྱིར་བླ་མའི་རྣམ་ཐར་ལ། །ལོག་ལྟ་སྐྱེས་ན་ཐར་ལམ་འགག །འགྲོ་འདུལ་ཐབས་མཁས་སྤྱོད་པས་ཏེ། །རྡ་དང་ཐབས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་ངེས་པའི་དོན་དུ་དམ་པ་དེ་ལ་སྐྱོན་ཡེ་ནས་མི་མངའ་བར་ངེས་ཤེས་གཏིང་ཚུགས་བཞིག་སྐྱེས་ཕྱིན་ཆད་ལེགས་པའི་ཡོན་ཏན་ཐམས་ཅད་ངམ་ངམ་ཤུགས་ལ་འབྱུང་བ་ནི། སློབ་དཔོན་ནཱ་ག་རྫུ་ནས། རི་དབང་རྩེ་ལས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས་སོ། །གུས་པ་ཆེན་པོ་བསྐྱེད་པར་བྱེད་པ་ལ་བཀའ་བཀྱོན་ཡང་ཆོས་བཤད་པ་དང་། བརྡུང་བཅོག་མཛད་ཀྱང་བྱིན་གྱིས་བརླབས་པར་མཐོང་བ་ཞིག་དགོས་ཏེ། ལུང་གིས་དབྱེ་བར། མདོར་ན་བརྡུང་བཅོག་བཀའ་བཀྱོན་དང་། །དྲག་སྔགས་གཡུལ་སྤྲོད་མཚོན་ཕུགས་བརྡེག །ཅི་ལྟར་མཛད་ཀྱང་རང་སྐྱན་གྱི། །དྲི་མ་སེལ་བའི་ཐབས་ཡིན་གྱི། དེ་ལ་མ་གུས་སྤང་བྱ་སྟེ། །སྐུ་གསུང་ཐུགས་

(༧༩༩)ཀྱི་མཛད་པ་ནི། །ཅི་ལྟར་མཛད་ཀྱང་སངས་རྒྱས་ཀྱི། །གར་གྱི་ཆ་འཕྲུལ་རོལ་བ་ལས། །གཞན་དུ་ཅི་ཡང་བསམ་མི་བྱ། །བྱས་ན་དངོས་གྲུབ་རྒྱབ་ཀྱིས་ཕྱོགས། །མོས་གུས་ལོག་པས་བདུད་ཀྱིས་འཛིན། །ནད་མང་ཚེ་ཐུང་ངན་འགྲོར་ལྷུང་། །ཞེས་སོ། །དེའི་ཕྱིར་འདི་ལྟར་བདག་གི་བླ་མ་འདི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་རྣམས་དང་ཁྱད་པར་མེད་ཀྱང་། རང་རེ་བསོད་ནམས་དང་སྐལ་བ་དམན་པས་བླ་མ་འདིའི་སྐུ་གསུམ་གྱི་སྣང་ཆ་ཇི་བཞིན་པ་རང་ངོར་སྣང་དབང་མ་མཆིས་པས་ཐ་མལ་གྱི་ཚུལ་བསྟན་པ་སྟེ། རིག་འཛིན་འདུས་རྒྱུད་ལས། སངས་རྒྱས་རྣམས་དང་དེ་ཡི་སྲས། །གང་གིས་གདུལ་བྱ་དེ་ཉིད་ལ། །དེ་དང་མཐུན་པའི་གཟུགས་སྟོན་ཏེ། ཞེས་སོ། །དེའང་འདི་ལྟར་སངས་རྒྱས་ཆོས་ཀྱི་སྐུ་ནད་གསལ་གཞོན་ནུ་བུམ་པའི་སྐུ་ཀུན་གཞིའི་སྟེང་ནས་ཁྱད་ཆོས་དྲུག་གིས་འཕགས་པའི་གདོད་མའི་མགོན་པོ་དེ་ནི། སྤངས་རྟོགས་ཕུལ་དུ་ཕྱིན་པའི་ཡེ་ཤེས་ཀྱི་མཐོང་བ་ལས་གཞན་

(༨༠༠)གྱིས་སྤྱོད་ཡུལ་དུ་མ་གྱུར། ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་དང་ཁ་སྦྱོར་ཡན་ལག་བདུན་ལྡན་དེ་ནི་ཐུན་མོང་མ་ཡིན་པའི་གདུལ་བྱས་བཅུའི་དབང་ཕྱུག་ཁོ་ན་ལས་གཞན་ལ་མི་སྣང་། སངས་རྒྱས་སྤྲུལ་པའི་སྐུ་སྟོབས་བཅུ་མི་འཇིགས་རྣམ་བཞི་ལ་སོགས་པའི་རྩལ་མངའ་བ་དེ་ནི་ཉན་རང་གི་སྟོན་པར་གྱུར་ཀྱང་དེ་དག་ལས་བཀའ་དྲིན་ནོད་པའི་བསོད་ནམས་ཀྱིས་ཕོངས། དེའང་སྐུ་གསུམ་སྟོན་པ་དེ་དག་ལ་ཉེ་རིང་མངའ་ནས་རང་རེ་རྣམས་ཆེད་དུ་དོར་བ་མ་ཡིན་ཀྱང་། བྲག་ཕུག་ཁ་བྱང་བསྟན་ལ་ཉི་མའི་སྣང་བ་མི་འཆར་བ་བཞིན་རང་ཉིད་ལས་དང་སྐལ་བ་དམན་པས་སངས་རྒྱས་དེ་དག་མཇལ་བ་དང་གསུང་ཐོས་པའི་སྣོད་དུ་མ་གྱུར་པས་ད་ལྟ་ཕན་མཐའ་མེད་ཀྱི་འཁོར་བ་བཙོན་དོང་ལྟ་བུར་ལྷུང་བ་འདི་ཙམ་དུ་ཟད། དེ་ལྟར་ནའང་ད་རེས་མི་ལུས་ཐོབ་པའི་དུས་འདིར་བཤེས་གཉེན་དམ་པ་འདི་ལྟ་བུ་དང་མཇལ་བ་བསོད་ནམས་ཤིན་ཏུ་ཆེ། རང་རེ་ལྔ་བརྒྱ་ཐ་མའི་སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་དེ་དག་སོ་སོའི་སྐྱེ་བོའི་སློབ་དཔོན་གྱི་ཚུལ་དུ་སྤྲུལ་ནས་གདུལ་བྱ་འདུལ་བར་མདོ་རྒྱུད་མང་པོ་

(༨༠༡)ནས་གསུངས་པས་བདག་གི་བླ་མ་དམ་པ་འདི་ཡང་ངེས་པའི་དོན་དུ་ཐ་མལ་མ་ཡིན་ལ། རང་ངོས་ནས་དངོས་ཀྱི་གདམས་པ་བསྟན་པས་སངས་རྒྱས་ལས་ཀྱང་ལྷག །མཆན་དཔེས་སྤྲས་པའི་སངས་རྒྱས་དངོས་སུ་མཇལ་ཡང་ཟབ་པ་དང་རྒྱ་ཆེ་བའི་དམ་ཆོས་བསྟན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀྲི་བ་ཉིད་ལས་ལྷག་པ་ནི་མཛད་རྒྱུ་མེད། དེའི་ཕྱིར་དགེ་བའི་བཤེས་གཉེན་ལགས་པར་བསྟེན་པའི་དོན་རང་གིས་ཉམས་སུ་ལེན་ནུས་ན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་པར་ཐེ་མི་ཚོམ། ཚེ་འདིའི་ཟས་གོས་གྱི་ན་དང་དགྲ་གདོན་སོགས་ལས་སྐྱོབ་པ་དག་ལའང་བཀའ་དྲིན་ཆེ་བར་རྩིན། འཁོར་བ་མཐའ་མེད་ཀྱི་སྡུག་བསྔལ་སེལ་ཞིང་གཏན་གྱི་བདེ་བ་ལ་བཀོད་པར་མཛད་པའི་བཀའ་དྲིན་ནི་དབང་ཆེན་གསེར་གྱི་ས་གཞི་འཛམ་བུ་ཆུ་བོའི་གསེར་གྱིས་བཀང་ཡང་གཞལ་བར་ག་ལ་ནུས། དེའི་ཕྱིར་གདུལ་བྱ་རང་ངོས་ནས་སངས་རྒྱས་ཐམས་ཅད་ལས་བླ་མ་དམ་པ་བཀའ་དྲིན་ཆེ་ཞིང་ལྷག་གོ་སྙམ་པའི་དད་གུས་དང་མོས་པ་སྙིང་ཁུང་རུས་

(༨༠༢)པའི་གཏིང་ནས་བསྐྱེད་དགོས་ཏེ། མ་རྒྱུད་ཀློང་གསལ་ལས། ནད་གདོན་ཞི་བྱེད་སྨན་པའི་མཆོག །དགོས་འདོད་འབྱུང་བའི་རིན་པོ་ཆེ། །ཐམས་ཅད་དབང་དུ་སྡུད་བྱེད་རྩི། །འགྲོ་བ་མ་ལུས་སྒྲོལ་བའི་གྲུ། །ཕྲིན་ལས་ཀུན་གྱི་མདའ་བདག་མཆོག །ཐོག་མར་བླ་མ་གསལ་ཆེའོ། །གང་ཟག་འཁོར་བར་ཞེན་པ་རྣམས། །ཞེན་པ་ལྡོག་ཐབས་བླ་མ་གཙོ། །གང་ཟག་དམ་ཆོས་མ་དྲན་ཞིང་། །དགེ་སྡིག་ངོ་མི་ཤེས་པ་རྣམས། །ཆོས་སྟོན་དགེ་སྡིག་ངོས་སྟོན་ཕྱིར། །བླ་མ་དམ་པ་ཤིན་ཏུ་གཅེས། །སྒམ་སྐྱེས་གེགས་ཀྱིས་ཐུམས་པ་ལ། །གེགས་སེལ་འབྲས་བུ་འབྱུང་བ་ཡང་། །བླ་མ་དག་གི་དྲིན་ལས་འབྱུང་། །ཞེས་དང་། རྒྱུ་དང་འབྲས་བུའི་ཆོས་རྣམས་ཀུན། །བླ་མའི་ཞལ་ལས་འབྱོན་པ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བླ་མ་དམ་པ་བསྟན་ལས་བྱུང་། །ཞེས་གསུངས་ལ། དེའི་ཕྱིར་ཐོག་མ་ཉིད་ནས་བདུད་དང་བསླུ་བ་མཁན་མ་ཡིན་པའི་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ཞིག་དང་མཇལ་བའི་རྗེས་ཐོག་ཏུ་ཅི་མཛད་ལེགས་མཐོང་གི་མོས་གུས་སྐྱེ་བ་ནི་ཞེ་ནས་

(༨༠༣)སྐྱེས་པའི་དད་པ་སྟེ་བྱིན་རླབས་ཞུགས་པའི་རྟགས་སུ་ངེས་ལ། བཅོས་མའི་མོས་གུས་ཀྱིས་ནི་དད་པ་ཚུགས་མི་ཐུབ་ཅིང་སྤྱོད་ལམ་མ་དག་པ་བག་ཙམ་མཐོང་བས་ལྡོག་པའི་ཕྱིར་ཡིད་བརྟན་རུང་བའི་དད་པ་མ་ཡིན་ནོ། །གཉིས་པ་སྦྱོར་བས་བསྟེན་ཚུལ་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བཅུ་ཚན་གསུམ་གྱི་དམ་ཚིག་བསྲུང་མཚམས་དེའི་རྗེས་འབྲེལ་དང་བཅས་པ་ནི། རང་བྱུང་རང་ཤར་གྱི་རྒྱུད་ལས་དང་པོ་སྐུ་ཡིད་མ་ཚིག་ནི། །དང་པོ་ལུས་ཀྱི་བསྲུང་བྱ་བཅུ། །བླ་མའི་གདོང་ནས་འགྲོ་མི་བྱ། །ཅི་ཕྱིར་ཁྲེལ་ནས་རྒྱབ་ཕྱོགས་འདྲ། །ཆོས་མེད་དུད་འགྲོའི་གནས་སུ་སྐྱེ། །བླ་མའི་གཞུག་ནས་འགྲོ་མི་བྱ། །ཅི་ཕྱིར་ཞབས་རྗེས་གནོན་པའོ། །སྐྱབས་མེད་མགོན་དང་བྲལ་བར་སྐྱེ། །བླ་མའི་གཡས་ནས་འགྲོ་མི་བྱ། །ཅི་ཕྱིར་བརྡེག་པའི་སྟབས་སུའོ། །ཚེ་ཐུང་ནད་མང་དམྱལ་བར་ལྟུང་། །དབུ་ཡི་གྲིབ་མ་མནན་མི་བྱ། །ཅི་ཕྱིར་ཁྱད་དུ་བསད་པ་ཡིན། །ངུ་འབོད་ཆེན་པོའི་དམྱལ་བར་ལྟུང་། །དབུ་སྐྲ་རྡོག་པས་བརྫི་མི་བྱ། །ཅི་ཕྱིར་

(༨༠༤)སངས་རྒྱས་གཤུང་བ་འདྲ། །ཐིག་ནག་འདྲི་བའི་དམྱལ་བར་སྐྱེ། །དབུ་སྔས་བཞུགས་གདན་བརྫི་མི་བྱ། །ཅི་ཕྱིར་སངས་རྒྱས་བླ་མེད་སྨད། །བཤལ་མ་རི་ལ་འཇོགས་པ་སྐྱེ། །སྐུ་ལ་མཐོ་ཡིས་གཞལ་མི་བྱ། །ཅི་ཕྱིར་ལག་གིས་བརྒྱབ་དང་མཚུངས། །མདུང་ཐུང་སུམ་བརྒྱས་འཇོམས་པར་འགྱུར། །བླ་མའི་བཞེངས་ཕྱག་ཚུར་མི་བླངས། །མཐོ་རིས་ཐར་པའི་ལམ་སྣ་འགག །འདུ་ཤེས་མེད་པའི་དམྱལ་བར་སྐྱེ། །ཟབ་མོའི་མན་ངག་ཚིག་གསུམ་ཡང་། །མཉན་ནས་དེ་ཡི་གོང་དུ་མིན། །ཤེས་རབ་འཆལ་བའི་འདམ་དུ་འཇུད། །བླ་མའི་ཞལ་དུ་མ་གསོལ་བར། །ལོངས་སྤྱོད་ཟས་ལ་ཕུད་བཅད་ན། །ཤ་ཁྲག་འབར་བའི་ལུས་སུ་སྐྱེ། །གཞན་ཡང་བཞེངས་ཆེ་བསྡད་པ་ན། །མགོ་ལུས་བྲལ་བའི་དམྱལ་བར་སྐྱེ། །བཞུགས་ཚེ་སྟེགས་ལ་བསྡད་པ་ན། །དམྱལ་བ་མགོ་འཕྱང་ལུས་སུ་སྐྱེ། །དེ་རྣམས་སྐུ་ཡི་དམ་ཚིག་བཅུ། །ཉམས་ན་བསྐལ་པ་ཆེན་པོ་གཅིག །ཚ་གྲང་ལས་ཀྱི་དམྱལ་བར་སྐྱེ། །ཉམས་པ་སྐོང་ན་མཆོད་རྟེན་བཞེངས། །བུམ་པར་བླ་མའི་སྐུ་གཟུགས་བཞེངས། །

(༨༠༥)མཆོད་ཅིང་བསྐོར་བ་རྒྱུན་མི་གཅད། །ཅེས་དང་། ངག་གི་སྒོ་ནས་དམ་བཅུ་བསྲུང་། །བླ་མ་སངས་རྒྱས་ཀུན་ལས་ལྷག །དེ་ལ་རྟོག་བཅས་བྱ་མི་རུང་། །རྒྱབ་ནས་འཕྱ་གཏམ་ཟེར་བ་དེ། །སངས་རྒྱས་རྒྱབ་ཀྱིས་ཕྱོགས་པ་ཡིན། །འབྲས་བུ་མེད་པར་ངན་སོང་ལྟུང་། །ལུས་རུལ་མགུལ་འགག་ནད་ཀྱིས་འདེབས། །བླ་མ་བླུན་ཞེས་བརྗོད་མི་རུང་། །བརྗོད་ན་བསྐལ་པ་ཕྲ་མོ་གཅིག །བྱང་ཆུབ་ལམ་དང་ཕྲད་མི་སྲིད། །བླ་མ་ཟོག་ཆེ་བྱ་མི་རུང་། །རལ་གྲི་སོ་མས་ལྕེ་གཏུབས་ནས། །ལྐུགས་པའི་གནས་སུ་སྐྱེ་བར་འགྱུར། །བླ་མ་རྡོ་རྗེ་སློབ་དཔོན་ལ། །ཞེ་ལ་འབབ་པའི་ཚིག་མི་སྨྲ། །སྨྲས་ན་རི་འཐབ་བར་དུ་སྐྱེ། །ལེགས་པར་གསུངས་པའི་བཀའ་མི་བཅག །བཅག་ན་མནར་མེད་གནས་སུ་སྐྱེ། །ངག་ཚིག་བརླང་པོས་ཞེ་འགེམས་ན། །འོ་དེད་འབོད་པའི་གནས་ངན་དུ། །བསྐལ་པ་སྟོང་ཕྲག་དྲུག་ཏུ་གནས། །སྨྲས་པའི་ཚིག་ལ་མི་གནས་པ། །སྡུག་བསྔལ་ལས་ལ་ཡུན་རིང་སྤྱོད། །སྒྲོ་སྐུར་མང་པོ་འདོགས་པ་དེ། །

(༨༠༦)དགེ་སློང་འབུམ་ཕྲག་བསད་དང་མཉམ། །མནར་མེད་དམྱལ་བ་ཁོ་ནར་ལྟུང་། །ཁྱོད་པས་ང་བཟང་ཟེར་བ་དེ། །དམྱལ་བར་བསྐལ་པ་ཡུན་རིང་གནས། །དམོད་པའི་གཡོ་སྒྱུ་སྣ་ཚོགས་སྨྲ། །རྟག་ཏུ་རྐེ་བཅད་དམྱལ་བར་ལྟུང་། །དེ་ཡང་སྐུ་ཡི་དམ་ཚིག་ཡིན། །ཉམས་པ་སྐོང་ན་གཟུངས་སྔགས་འབུམ། །བྲིས་ལ་མཆོད་རྟེན་ནང་དུ་གཞུག །དྲིལ་བུ་ཟུང་འབྲེལ་མང་དུ་བཏག །ཅེས་དང་། ཡིད་ཀྱི་སྒོ་ནས་དམ་བཅུ་བསྲུང་། བླ་མའི་དཀོར་ལ་བརྣབ་སེམས་བྱེད། །ཡི་དྭགས་གནས་སུ་བསྐལ་པ་གཉིས། །བཀྲེས་སྐོམ་མི་བཟོད་མྱོང་བར་འགྱུར། །བླ་མ་དག་ལ་འགྲན་སེམས་བྱེད། །འཁོར་བའི་གཅོང་རོང་ཐར་མེད་དུ། །ཆོས་སྤྱོད་བརྩོན་ཡང་སྐྱེ་བར་འགྱུར། །ཞེ་འགྲས་པ་ཡི་སེམས་བྱེད་ན། །རལ་གྲིས་གཅོད་པའི་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་འདོད་ཆགས་ཆེ། །སེམས་ན་ངན་སོང་ཀུན་ཏུ་འཁྱམས། །རྡོ་རྗེ་སློབ་དཔོན་ཞེ་སྡང་ཆེ། །སེམས་ན་དམྱལ་བ་དྲུག་ཅུར་འཚོད། །རྡོ་རྗེ་སློབ་དཔོན་འདུ་ཤེས་ཆུང་། །སེམས་ན་ངུ་འབོད་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་

(༨༠༧)གྲོད་པ་ཆེ། །སེམས་ན་མནར་མེད་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་ང་རྒྱལ་ཆེ། །སེམས་ན་ཁ་འཐབས་གནས་སུ་སྐྱེ། །རྡོ་རྗེ་སློབ་དཔོན་ཁ་ཞན་དུ། །སེམས་ན་བླ་མེད་ལམ་མི་རྙེད། །རྡོ་རྗེ་སློབ་དཔོན་སྐྱོན་བཞིར་སེམས། །རྟག་ཏུ་བསམ་ངན་མཚང་འབྲུ་བ། །ལྷ་ཀླུ་གདུག་པས་སྲོག་བཅད་ནས། །མྱུར་དུ་དམྱལ་བའི་གནས་སྐྱོན་བཞི་ནི་བླ་མ་འདི་འཇིག་རྟེན་གྱི་བྱ་བ་ལ་མི་མཁས་སྙམ་པ་དང་། རང་བསན་ཆོད་གཞོན་སྙམ་པ་དང་། བཟའ་ཚེ་དང་ཉེ་འབྲེལ་ཡིན་སྙམ་པ་དང་། རང་ལས་རིགས་དམན་པ་ཡིན་སྙམ་པའི་ལོག་པའི་འདུ་ཤེས་བཞིའོ། །སུ་ལྟུང་། །འདི་ཡང་སྐུ་ཡི་དམ་ཚིག་ཡིན། །ཉམས་པ་གསོ་ན་མཚན་གྱི་མཐར། །གསོལ་འདེབས་བསྟོད་པ་བྲིས་པ་འབུམ། །བཤགས་པའི་ཚིག་བྲིས་འབུམ་ཐེར་གཞུག །ལོ་ཟླ་དུས་མཆོད་རྒྱུན་དུ་བཟུང་། །ཞེས་སོ། །དེ་བཞིན་དུ་བླ་མའི་གནང་བ་མ་ཐོབ་ཀྱི་བར་ལ་ལུང་དང་རྟོགས་པའི་ཡོན་ཏན་གྱིས་གཞན་དོན་བྱེད་པའི་ནུས་པ་མངའ་བ་ཡིན་ནའང་སྨོན་པའི་ཡུལ་དུ་བྱ་བ་ལས་འཇུག་པས་དངོས་སུ་མི་བྱ་སྟེ། རྒྱུད་དེ་ཉིད་ལས། །གཞན་

(༨༠༨)ཡང་རྡོ་རྗེ་སློབ་དཔོན་གྱི། །བྱ་བའི་ལས་རྣམས་སློབ་མས་མིན། །བླ་མའི་སློབ་བུ་སློབ་མ་རུ། །བཅུག་ན་སྐྱབས་མེད་དམྱལ་བར་ལྟུང་། །རྡོ་རྗེ་སློབ་དཔོན་ཆོས་ཀྱི་རྒྱལ། །རྒྱལ་པོའི་བྱ་བ་མངའ་ཐང་སྐྱོང་། །དེ་བཞིན་ཆས་ཀྱི་རྩ་བ་དྲུག །ཐེག་པ་འོག་མའི་རྩ་བ་གཉིས། །སེམས་བསྐྱེད་པ་དང་སྡོམ་པ་འབོགས། །ཐེག་པ་གོང་མའི་རྩ་བ་གཉིས། །དབང་བསྐུར་བ་དང་ངོ་སྤྲོད་པ། །ཐེག་པ་ཐུན་མོང་རྩ་བ་གཉིས། །རབ་ཏུ་གནས་དང་གནས་སྤོར་བའོ། །རྡོ་རྗེ་སློབ་དཔོན་རྒྱལ་པོ་ཡི། །མངའ་ཐང་སྐྱོང་བའི་ཆོས་ཡིན་པས། །ཕྱོགས་བཞིར་དཔག་ཚད་བཅུ་གཉིས་ཏེ། །མ་འདས་བར་ལ་རྩ་བ་དྲུག །དེ་ཡི་སློབ་མས་བསྙེན་པ་ན། །བསྐལ་པ་དྲུག་ཅུ་རྩ་བརྒྱད་དུ། །རི་རབ་ཆེན་པོའི་འོག་ཏུ་སྐྱེ། །ཅི་ཕྱིར་ཞེན་རྒྱལ་པོ་ཡིས། །རྒྱལ་སྲིད་འབངས་ཀྱིས་ཕྲོགས་པ་ལྟར། །བླ་མའི་ཡོན་ཏན་སློབ་བུས་བསྣུབས། །དེ་ཡི་ཕྱི་མ་དམྱལ་བ་ལས། །འགྲོ་ས་མེད་པར་ང་ཡིས་བཤད། །དཔག་ཚད་བཅུ་གཉིས་ཕར་ཆད་དུ། །སློབ་དཔོན་དེ་ཡིས་མ་ཁྱབ་ན། །རྒྱལ་ཆབ་བསྐོས་ལ་གནང་བ་བྱིན། །དེ་ཡང་ལོ་ཡི་

(༨༠༩)དུས་སུ་མཇལ། །མཉེས་པའི་ལོངས་སྤྱོད་དད་པས་འབུལ། །ཞེས་དང་། །རྒྱུད་དོན་མདོར་བསྡུས་ལས་ཀྱང་། རང་ཉིད་ཡོན་ཏན་བསམ་ཡས་ཀྱང་། །བླ་མས་རྗེས་སུ་མ་གནང་ན། །ཁ་རག་འདུག་ལ་མཁས་པ་དང་། གྲུབ་པའི་སྤྱོད་པ་ཐམས་ཅད་སྤངས། །ལོངས་སྤྱོད་ལྡན་ཞིང་ཕུན་ཚོགས་ཀྱང་། །ལྟོ་གོས་སྲོང་ཞིང་སྡུག་སྲན་གྱིས། །དམའ་ས་བཟུང་ལ་སྒེག་ཚེས་སྤོང་། །གསུང་ཡང་དེ་ཉིད་དོན་བཞིན་བསྒྲུབ། །ཅེས་གསུངས་སོ། །གལ་ཏེ་བླ་མས་བཀའ་གནང་ན། །འཇིག་རྟེན་གྱི་སྣང་ངོར་མི་རིག་པ་ལྟར་སྣང་བའི་ངན་སྤྱོད་མི་རུང་བ་ཡང་བསྒྲུབ་དགོས་ཏེ། རང་བྱུང་གི་རྒྱུད་ལས། ཁྱོད་ཀྱིས་བརྐུས་ཕྲོགས་དམག་ཁྱེར་དང་། །བརྡུང་བཙོག་གཞན་བརྙས་སྐྱོན་བཅོས་དང་། །ཁྲེལ་མེད་ངོ་ཚ་མེད་པའི་ལས། །བྱ་རུ་མི་རུང་སྣ་ཚོགས་པ། གྱིས་ཞེས་བཀའ་སྩལ་ལུང་བཞིན་བསྒྲུབ། །ལས་ཀ་ཆོང་ཁེ་བག་མ་ལེན། །ཕྲག་དོག་འཐབ་འཛིང་ཞིང་གཞིས་དང་། །བེའུ་ལུག་སྤེལ་ཞེས་བཀའ་སྩལ་ཡང་། །ཐེ་

(༨༡༠)ཚོམ་མེད་པར་གསང་བཞིན་བསྒྲུབ། །ཅེས་སོ། །གང་ཟག་ཐོས་པ་ཉུང་ཞིང་རྟོག་པ་ཅན་ཁ་གཅིག་དེ་ལྟར་སློབ་ན་བཤེས་གཉེན་ཚུལ་ལྡན་དུ་མ་འགྱུར་རམ་སྙམ་ན་མ་ཡིན་ཏེ། བླ་མའི་མཚན་ཉིད་ཀྱང་རྒྱུད་སྡེ་ནས་གསུངས་པ་ལྟར་བཙལ་བ་ལས་འདོད་ཁ་དང་ཉོན་མོངས་གང་ཆེ་སྙན་པ་ཙམ་གྱི་རྗེས་སུ་ཕྱོགས་ནས་འཚལ་མ་ཉེས་པ་དགོས་ཏེ། བཀའ་བརྒྱད་ཡོངས་འདུས་ལས། །ཕྱི་མར་གྱུར་པའི་དུས་ཀྱིས་ཚེ། །བསོད་ནམས་དམན་པའི་སེམས་ཅན་གྱིས། །དམ་པ་རྙེད་པར་མི་འགྱུར་ཞིང་། །ཚུལ་མིན་སློབ་དཔོན་ནག་པོའི་བདུད། །འབྱུང་བར་འགྱུར་གྱི་དེ་བས་ན། །ནོར་པ་སྤངས་པ་ཉིད་དུ་བྱ། །ཞེས་གསུངས་ལ། དེ་ལྟར་མིན་ཕྱིན་ཆད་མཚན་ཉིད་ཚང་བའི་བླ་མ་དེ་ཉིད་ཆ་ལུགས་དང་ལྟར་སྣང་ཇི་ལྟར་སྣང་ཡང་སྐྱེས་བུ་དམ་པ་ཡིན་པར་ངེས་ལ། དེས་ལོག་པའི་སྤྱོད་པ་མི་སློབ་ཅིང་གལ་ཏེ་སློབ་ན་རང་རྒྱུད་གདུལ་བའི་ཕྱིར་ངེས་པར་དགོངས་པ་ཅན་གྱིས་སློབ་པའི་ཕྱིར། །པཎ་ཆེན་ནཱ་རོ་བས་ཏེ་ལོའི་ཞབས་པད་བརྟེན་པ་བཞིན་ཐེ་ཚོམ་མེད་པར་བྱ་དགོས་

(༨༡༡)པ་ཉིད་དོ། །དེའི་ཕྱིར་རིག་པ་ལྟར་རྗེས་སུ་གནང་བ་ནི་ཤིན་ཏུའང་སྒྲུབ་དགོས་ཏེ། རྒྱུད་དེ་ཉིད་ལས། བླ་མའི་ཞབས་ཏོག་ཆོས་བཤད་དང་། །སྡོམ་པ་འབོག་ཅིང་སྡེ་དགོན་བཟུང་། །འཁོར་དང་སློབ་མ་ཚོགས་སུ་བསྡུས། །འགྲོ་ཕན་སྐྱིད་སྡུག་རོ་མཉམ་གྱིས། །རི་ཁྲོད་བསྟན་པ་སྐྱོང་སྤེལ་གྱིས། །ན་འམ་ཤི་ཡང་བྱ་བ་ལ། །ཐང་ལྷད་མེད་པར་གྱིས་གསུངས་ཡང་། །ཇི་ལྟར་བཀའ་སྩལ་དེ་བཞིན་བསྒྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་བཞུགས་གང་གི་ཐད་དུ་བསྙེན་བཀུར་བྱ་ཚུལ་ཡང་རྒྱུད་ལས། །གཤེགས་ན་འདས་པའི་མཆོད་པ་འབུལ། །བཞུགས་ན་མཉེས་པའི་མཆད་པ་བྱ། །གཤགས་ནས་འདས་མཆོད་མི་འབུལ་ན། །རྩ་བའི་ཉམས་པ་ཆེན་པོ་སྟེ། །ངན་སོང་གནས་ནས་ཐར་མི་སྲིད། །དེ་དག་ཉམས་ན་བླ་མའི་སྐུ། །བརྒྱ་རྩ་བཞེངས་ལ་མཆོད་པ་གསུམ། །རྒྱུན་མི་ཆད་བ་ཟླ་དྲུག་འབུལ། །སྐུ་ཡི་མཆོད་པ་ཕྱག་འཚལ་འབུམ། །གསུང་གི་མཆོད་པ་བཤགས་པ་

(༨༡༢)སྟོང་། །ཐུགས་ཀྱི་མཆོད་པ་མར་མེ་བརྒྱ། །དང་པོར་ཟླ་བ་དྲུག་ཏུ་འབུལ། །ཕྱིན་ཆད་དུས་ཀྱི་མཆོད་པ་བཟུང་། །ཞེས་དང་། བླ་མའི་ཡུམ་དང་སྲས་པོ་དང་། །མཆོད་ལྕམ་ལ་ཡང་རིམ་པ་ལྟར། །མཉམ་དང་འདྲ་དང་སུམ་ཆེ་ཡིས། །བཀུར་སྟི་རིམ་གྲོ་བརྩོན་པར་གྱིས། །ཉམས་ན་བཤགས་པ་བརྒྱ་རྩ་འབུལ། །ཞེས་སོ། དེ་ལྟར་གནང་བཀག་གི་རིམ་པ་ལ་བསོད་ནམས་ཀྱི་འཕེན་པས་བློ་ལས་སུ་རུང་པའི་བསམ་སྦྱོར་གཉིས་ཀྱིས་ཤིན་ཏུ་རིག་པར་དཔྱད་པས་ལམ་ལྔའི་ཡོན་ཏན་ལག་པའི་མཐིལ་དུ་ཟིན་ནས། གནས་སྐབས་སུ་མངོན་མཐོའི་དཔལ་ལ་སྤྱོད་ཅིང་མཐར་ཐུག་ངེས་ལེགས་ཀྱིས་ལ་ཐོགས་པ་མང་པོར་ཕྱིན་པར་འགྱུར་ཏེ། དེའང་འདི་ལྟར་བླ་མ་དམ་པ་ལ་བསོད་ནམས་ཀྱི་ཚོགས་ཆེན་པོས་བསྙེན་བཀུར་ཡོངས་སུ་རྫོགས་བཞིན་པས་དྲུང་ན་གནས་ཤིང་དེའི་ཚེ་ཐོས་བསམ་གྱི་ཚོགས་རྒྱ་ཆེན་སྤྱད་པས་ཚོགས་ལམ། ཇི་ལྟར་བསྟན་པའི་གསུང་གི་བདུད་རྩིའི་རོ་མྱོང་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བཙན་ཐབས་སུ་སྦྱོར་བས་སྦྱོར་ལམ། ཆོས་ཉིད་ཀྱི་རང་

(༨༡༣)བཞིན་ཅི་ཡང་མ་ཡིན་པ་དཔེ་གང་གིས་ཀྱང་མཐོང་བར་དཀའ་བའི་ངེས་པའི་བདེན་པ་ཆེན་པོ་བརྡ་ཐབས་རྣམ་པ་ཞི་ལ་སོགས་པས་མངོན་སུམ་པར་སྟོན་པས་མཐོང་ལམ། དེའི་རང་བཞིན་སྒོམ་པ་དང་མི་སྒོམ་པ་ལ་སོགས་པ་མཐའ་གཉིས་ཀྱི་ཕྱོགས་སུ་ལྷུང་བའི་གེགས་དང་གོལ་ས་ཚང་བཅད་དེ་འདུ་འབྲལ་མེད་པའི་སྒོམ་པ་ཁྱབ་གདལ་རང་བྱུང་དུ་ཤེས་པས་སྒོམ་ལམ། །གདེང་ཆེན་བཞིས་དགོངས་པ་ཚད་དུ་སྐྱོལ་བས་བསླབ་བྱ་མཐར་ཐུག་སྟེ་སྒོམ་དུ་མེད་པའི་རང་ས་ཟིན་པ་མི་སློབ་པའི་ལམ་སྟེ་རྒྱུད་ལས། བླ་མ་བསྙེན་བཀུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མ་དམ་པས་དོན་བཤད་ཅིང་། །གདམས་ངག་གཉིས་ཀྱང་རྒྱུད་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ངོ་སྤྲོད་རྣམ་པ་བཞིའི་སྒོ་ནས། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་ང་ཡིས་བཤད། །སྒོམ་དུ་མེད་པའི་སྒོམ་པ་དང་། །སྒོམ་དུ་ཡོད་པ་མེད་པ་གཉིས། །འདུ་འབྲལ་

(༨༡༤)མེད་པར་གནས་པ་ནི། །སྒོམ་པའི་ལམ་དུ་ང་ཡིས་བསྟན། །སངས་རྒྱས་དགོངས་པ་གདེངས་ཆེན་བཞི། །མི་གནས་ཚུལ་གྱི་མཐར་ཕྱིན་བས། །མཐར་ཕྱིན་ལམ་དུ་ང་ཡིས་བཤད། །ཅེས་གསུངས་སོ། །དེའི་ཕྱིར་ན་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཉིད་བླ་མ་དམ་པ་ཁོ་ན་ལས་བྱུང་བ་ཡིན་ཕྱིར། །བྱང་ཆུབ་སེམས་དཔའ་རྟག་ཏུ་དུས་འཕགས་པ་ཆོས་འཕགས་བསྟེན་པ་དང་། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་མོས་གུས་ཆེན་པོ་བྱས་པས་ཐུན་གཅིག་གིས་གྲོལ་བ་དང་། ཨ་ཏི་ཤས་བླ་མ་གསེར་གླིང་པ་ལ་བྱང་སེམས་ཞུ་བའི་ཕྱིར་རྒྱ་མཚོ་ཆེན་པོར་དཀའ་བ་དཔག་མེད་སྤྱད་པ་དང་། ནཱ་རོས་ཏ་ལོ། རྗེ་བཙུན་བཞད་པ་རྡོ་རྗེས་མར་པ་བསྟེན་པ་ལ། དཀའ་བ་ཇི་ལྟར་སྤྱད་པ་ལྟར་ཅི་གསུང་དང་དུ་བླང་། ཅི་ཡོད་བླ་མར་འབུལ། གང་ཤར་མོས་གུས་སུ་འཁྱེར་ཤེས་པ་ཞིག་གི་བློ་ངང་ལྡན་པས་བླ་མ་འདི་གདམས་པའི་གནང་ལ་མཁས། ཉམས་མྱོང་ལ་དྲོད་ཐོབ། བྱིན་རླབས་དང་ནུས་པ་ཆེ། །རྟོགས་པ་ཡང་མཆོག་ཏུ་མཐོ། ད་ལྟའི་

(༨༡༥)དུས་སྐབས་ན་ཀུན་ཏུ་བཟང་པོ་འདི་ཁ་ཡིན་པས་རང་རེ་སྐལ་བ་བཟང་། ད་ནི་གཡག་འདྲོགས་མི་བྱ་བར་གུས་པ་ཆེན་པོས་བསྟེན་ཏེ་གདམས་ངག་ཟབ་མོ་ཅི་ནས་ཐོབ་པར་བྱས་ནས་བླ་མ་དང་དགོངས་པ་མཉམ་པ་ཞིག་མི་བྱེད་རེ་སྙམ་དུ་ཡང་ཡང་བསམ་མོ། །དེ་ལྟར་རྒྱུད་ལ་སྐྱེས་ཙ་ན་བླ་མའི་བྱིན་རླབས་ཞུགས་ནས་དང་པོར་འཁོར་བ་ལ་བློ་ལྡོག །གཉིས་པ་ཡེ་ཤེས་ཀྱི་མཐོང་ས་ཕྱེད། གསུམ་པར་ལྷན་ཅིག་སྐྱེས་པའི་རྟོག་པ་ཤར་ནས། ཐ་སྙད་ཤེས་བྱའི་ཆོས་ཐམས་ཅད་སྒྲོག་རང་གྲེལ་ལ་སོང་སྟེ། དོན་དམ་ཡེ་ཤེས་ཀྱི་རིག་པའི་སྒྲོ་འདོགས་ནང་ནས་ཆོད་པ་ཞིག་ཡོད་པ་ཡིན་ལ། དེ་ལྟར་བཤད་མ་ཐག་པ་དེ་དག་གི་བསྟེན་ཚུལ་ནི་གཙོ་བོར་ལས་དང་པོ་པའི་སྤྱོད་པ་ཁོ་ན་ཡིན་ལ། དངོས་གཞིའི་དུས་སུ་མཉེས་པ་རྣམ་པ་གསུམ་ལས་སྒྲུབ་པའི་མཆོད་པ་ཁོ་ནས་མཉེས་པར་བྱ་དགོས་ཏེ་བཀའ་བརྒྱད་ཡོངས་འདུས་ལས། དེ་ལྟར་བླ་མ་དེ་མཉེས་པའི། །ཐབས་ཀྱིས་བྱེ་བྲག་ཁྱད་པར་ཅན། །བྱང་ཆུབ་སྒྲུབ་པ་ལྷུར་ལེན་པ། །ཇི་

(༨༡༦)ལྟར་བཀའ་སྩལ་བསྒྲུབ་པའི་ཕྱིར། །ཟླ་གཅིག་དྲུག་དང་བཅུ་གཉིས་དང་། དེ་བཞིན་ལོ་གཅིག་དྲུག་དང་ནི། །བཅུ་གཉིས་བསྒྲུབ་པའི་ཞེ་དམ་འབུལ། །དེ་བཞིན་བླ་མའི་ཞབས་ཏོག་དང་། །སེམས་ཅན་དོན་བུ་གང་འགྱུར་བའི། །ལུང་དང་མཐུན་པའི་འགྲོ་དོན་དང་། །སངས་རྒྱས་བསྟན་པ་རྣམ་པ་གསུམ། སྐྱོང་དང་བྱི་དོར་གྱིས་ཤིག་ཅེས། །བཀའ་སྩལ་དེ་ལ་བཀའ་བཞིན་དུ། །མི་སྒྲུབ་སྙམ་པའི་བློ་སྤངས་ལ། །དོགས་པ་མེད་པར་བསྒྲུབ་བྱས་ན། །ཅི་བསམ་དོན་ལ་ཐོགས་མེད་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཇི་ལྟར་ཐོབ་པའི་ཆོས་རྣམས་ཀྱང་ཐོས་པས་ཁོག་དབུབ། །བསམ་པས་དམར་ཐག་བཅད། །སྒོམ་པས་རྒྱུད་ལ་བཀལ་ཏེ། ཤེས་རབ་རྣམ་པ་གསུམ་གྱིས་གཏན་ལ་ཕབ་ནས་གྲུབ་པའི་དབང་ཕྱུག་གི་སར་ཕྱིན་པར་བྱ་དགོས་ལ། དེ་ལྟར་ནའང་རེ་ཞིག་ལས་དང་པོ་པ་རྣམས་ཀྱིས་དངོས་སུ་བསྒྲུབ་མི་ནུས་པས་སྨོན་པའི་ཡུལ་དུ་བྱ་ཞིང་། ཇི་ལྟར་སྒྲུབ་ནུས་པ་དག་ཡུལ་དུས་གནས་སྐབས་དང་བསྟུན་ནས་ལག་ཏུ་བླངས། ཚུལ་འདི་ནི་སྡོང་པོ་བཀོད་པའི་

(༨༡༧)མདོ་དང་། ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པ་སོགས་སྔ་འགྱུར་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྡ་བུ། གཞན་ཡང་ཁ་འཐོར་མན་ངག་ཇི་སྙེད་ལས་གསུངས་བ་ལྟར་བླང་བྱ་དོར་ན་ཉེས་དམིགས་ཐམས་ཅད་ཀྱི་རྩ་བ་དང་། བསྒྲུབ་བྱ་བླངས་ན་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ལམ་གྱི་རྩ་བ་ཡིན་པར་བཟུང་ངོ་། སེམས་སྦྱོང་ལྔ་བ་ནི། བུ་ཡིག་ལས། གདམས་པ་རྙེད་ནས་མ་བསྒོམས་ན་སངས་མི་རྒྱ་བར་ངེས་ནས། རྩེ་གཅིག་ཏུ་ལེ་ལོ་སྤོངས་ནས་བསྒོམ་པ་དང་། ཞེས་པས། དེ་དགེ་བའི་བཤེས་གཉེན་མིག་བཞིན་དུ་སྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་ཇི་སྙེད་ཅིག་ནོད་ནའང་དེ་ཉིད་རྣམས་གཡེང་སྤངས་ནས་རྩེ་གཅིག་ཏུ་མ་བསྒོངས་ན་ཞུས་བློ་དང་ཐོས་བློ་ཙམ་གྱིས་རྣམ་ཀུན་མཆོག་ལྡན་གྱི་དོན་ལ་རེག་པར་མི་འགྱུར་ཏེ་། ཕལ་བ་ཆེ་ལས། ཇི་ལྟར་གཉན་པའི་མཁས་པ་ཞིག སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། རང་ཉིད་དེ་ན་འཆི་བ་ལྟར།།

(༨༡༨)མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཞེས་སོགས་དང་། །སློབ་དཔོན་འཕགས་པ་ལྷས། །བསྐལ་པ་བྱེ་བ་དུ་མ་རུ། །ཐོས་པའི་ཕ་རོལ་སོན་གྱུར་པ། །བདག་བྱིན་བརླབས་ལ་ཕྱིར་བལྟས་པས། །དེ་ཡིས་དེ་ཉིད་རྟོགས་མི་འགྱུར། །ཞེས་གསུངས་ལ། །འདི་ལྟར་ཐུབ་པའི་ཞམ་རིང་ཀུན་དགའ་བོས་ཀྱང་ཤཱཀྱ་ཐུབ་པའི་ཞབས་པད་བསྟེན་ཅིང་ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཀྱང་བཀའ་བསྡུ་དང་པོ་ལ་ཐུག་གི་བར་རྒྱུན་ཞུགས་ཁོ་ན་ལས་དགྲ་བཅོམ་པའི་གོ་འཕང་མ་ཐོབ། །འཕགས་པ་འདི་ཉིད་ངེས་པའི་དོན་དུ་རྡོ་རྗེ་འཛིན་པའི་སྤྲུལ་པར་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས་གསུངས་ན། རང་ཅག་བྱིས་པ་སོ་སོ་སྐྱེ་བོས་མ་བསྒོམས་པར་འཚང་རྒྱ་བར་འདོད་པ་ཤིན་ཏུ་རྨོངས་པའི་རང་བཞིན་ཅན་ཏེ། དེའི་ཕྱིར་རང་རྒྱུད་ལ་གདོད་ནས་གནས་པའི་ཡེ་ཤེས་ཟབ་མོ་སད་པར་བྱ་བའི་ཕྱིར་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དམ་པས་བརྡ་དོན་རྟགས་གསུམ་གྱི་ལམ་ཟབ་མ་ནས་འཁྲིད་པའི་རྗེས་སུ་གཡེལ་བ་མེད་པར་སློབ་ཅིང་། ལེ་ལོ་དང་སྙོམས་

(༨༡༩)ལས་ཀྱི་དབང་དུ་སྐད་ཅིག་ཀྱང་གཏོང་རེ། ཟླ་དགའ་དང་ཟས་འཚོལ་གྱི་དབང་དུ་ཕྱི་བཤོལ་དུ་འཇོག་རེ། ཕྱི་ཚིག་རེ་དོགས་ཀྱི་དབང་དུ་བཏང་སྙོམས་སུ་ལུས་རེ། སྙམ་པའི་རྒྱུད་ལེགས་པར་བསྡམས་ཤིང་མ་གཅིག་བུ་གཅིག་གི་མ་བུ་སྟོར་བ་འཚོལ་བའི་འདུ་ཤེས་ལྟར་ཚེ་འདི་རྗེས་སུ་སྐད་ཅིག་ཀྱང་མིའབྲེང་བར་ལེ་ལོ་རྡོག་པའི་བརྫིས། ཕྱི་བཤོལ་ཁྱུད་མི་བཏང་། སྙོམས་ལས་ཟིལ་གྱིས་མནན་ནས་རི་དྭགས་རྨས་མ་དང་། བསེ་རུ་ལྟ་བུར་དབེན་པ་བརྟེན་ནས་ཇི་ལྟར་ཐོས་པའི་གདམས་པ་འདི་ཉིད་ཙེ་གཅིག་ཏུ་ཉམས་སུ་མི་ལེན་རེ་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། སེམས་སྦྱོང་དྲུག་པ་ནི། བུ་ཡིག་ལས། འཇིག་རྟེན་གྱི་ལོངས་སྤྱོད་ནི། དུག་གིས་བསྐྱེད་པའི་སྦྲང་རྩི་དང་འདྲ་སྟེ། ལི་ཙམ་ལོངས་སྤྱད་པ་ཙམ་གྱིས་སྡུག་བསྔལ་བསྐྱེད་པར་བསམ་པ་དང་། ཞེས་པས་སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །

(༨༢༠)བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར། །རང་རེ་རྣམས་བླང་དོར་ལ་ཤིན་ཏུ་རྨོངས་པས་འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་སྒྲུབ་པ་ནི། དཔེར་ན་ཕྱེ་མ་ལེབ་མར་མེའི་འོད་ལ་དགའ་ནས་དེར་ཕྱིན་པས་གསོན་པོར་འཆིག་ནས་ཤི་བ་དང་། བུང་བ་སྦྲང་རྩིའི་བཅུད་ལ་ཆགས་ནས་མེ་ཏོག་ལ་འཇིབས་པས་དེར་འབྱར་བའམ། ཁ་ཟུམ་ནས་ཤི་བ་དང་། རི་དྭགས་གླིང་བུའི་སྒྲ་ལ་ཉན་པས་བསང་པ་དང་། ཉ་རྣམས་རྔོན་པའི་ལྕགས་ཀྱུའི་རྩེའི་ཟས་ཀྱི་རོལ་ཞེན་པས་བྱེ་ཚན་ལ་འཆི་བ་དང་། གླང་པོ་ཆེ་བསིལ་བའི་རེག་བྱ་འདོད་ནས་མཚོར་ཞུགས་ནས་ཤི་བ་ལྟ་བུ་སྟེ། ངོ་ཧ་མཛོད་ལས། ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་། །འདི་ན་རི་དྭགས་བཞིན་དུ་ལྟ་བར་བྱོས། །ཞེས་གསུངས་པ་ལ། དེའི་ཕྱིར་ན་རང་ཅག་རྣམས་ཀྱི་སེམས་རྒྱུད་ལའང་ལྐོག་གྱུར་བག་ལ་ཉལ་གྱི་ཉོན་མོངས་པ་དཔེར་ན་ཆུ་ནང་དུ་ལན་ཚྭ་ཞུ་བ་བཞིན་མཆིས་པ་དེ་ཉིད། །ནད་

(༨༢༡)རོ་ཅན་གྱི་མི་ད་ལྟ་ཐང་བ་ལྟར་སྣང་ཡང་ནད་སློང་བྱེད་ཀྱི་ཟས་སྤྱོད་ཕྲན་བུ་དང་འཕྲད་ཚེ་ནད་དེ་མངོན་གྱུར་དུ་ལྡང་བ་བཞིན་འདོད་པའི་ཡུལ་ལྔ་ལ་ཆགས་ཤིང་ཞེན་པས་མཚམས་སྦྱར་ཏེ། ངན་སོང་གསུམ་གྱི་རྒྱུ་མི་དགེ་བ་ཁོ་ན་འབད་པས་བསྒྲུབས་པས་དེའི་འབྲས་བུ་མི་འདོད་པ་བཞིན་དུ་སྡུག་བསྔལ་ཁོ་ན་མྱོང་བ་ལས་འོས་མ་མཆིས། ད་སྡུག་བསྔལ་དེ་སྤོང་བ་ལ་དེའི་རྒྱུའམ། འབྱུང་བའི་ཁུངས་སྡིག་པ་དེ་ངེས་པར་སྤང་དགོས། དེ་ཡང་དཔེར་ན་ན་ཚ་ཟུག་རྔུ་ཡིན་ཞེས་སྨན་བཏང་བ་གཅིག་པུས་མི་ཆོག །ནད་དེའི་རྒྱུ་རྐྱེན་ངོ་བོ་ཚ་གྲང་སོགས་བཅར་ཕོག་ཏུ་ངོས་ཟིན་པར་བྱས་ལ་དེའི་གཉེན་པོའི་སྨན་གཏོང་བ་བཞིན་སྡིག་པའི་ཕྱི་མོ་མི་དགེ་བ་ངོ་ཤེས་དགོས། དེ་ཡང་མཛོད་ལས། དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་པ་ལྟར་བསྡུ་ན་མི་དགེ་བཅུར་འདུ་བས། དེ་ལ་ལུས་ཀྱིས་གསུམ་སྲོག་གཅོད། མ་བྱིན་ལེན། ལོག་གཡེམ། ངག་གི་རྣམ་པ་བཞི་རྫུན། ཕྲ་མ་

(༨༢༢)ཚིག་རྩུབ། ངག་བཀྱལ། ཡིད་ཀྱི་གསུམ་བརྣབ་སེམས། །གནོད་སེམས། ལོག་ལྟ་རྣམས་ལས། སྤྱིར་སེམས་ཅན་གྱི་རིགས་གང་བསད་ཀྱང་སྲོག་གཅོད་ཀྱི་མི་དགེ་བ་ཡིན་པ་སྨོས་མ་དགོས། ནང་གསེས་ཀྱི་དབྱེ་ན། བསམ་པས་བསད་པ། སྦྱོར་བས་བསད་པ། མཐར་ཐུག་ཚང་བ་སྟེ། གསུམ་ཀ་རྫོགས་ན་སྲོག་གཅོད་ཀྱི་མི་དགེ་བ་མཐའ་དག་ཚང་བས་རྣམ་སྨིན་ཤིན་ཏུ་ལྕི་ལ། བསམ་པས་བསད་པ་ནི་གསོད་སེམས་སྐྱེས་ཚད་དོ། །སྦྱོར་བས་བསད་པ་ནི་འདུ་ཤེས་འཁྲུལ་པ་དང་། གསོད་སེམས་མེད་པར་རྐང་འོག་ཏུ་ཤི་བ་སོགས་ཡིན་ཕྱིར། ད་ལྟར་རང་རེས་སེམས་ཅན་བསད་པའི་གྲངས་མི་ཆོད། དེ་དག་ལ་ཡང་མི་དགེ་བའི་འབྲས་བུ་གཅིག་མྱོང་བས་མི་ཆོག །རྣམ་སྨིན་གྱི་འབྲས་བུ་མཚམས་མེད་ལྔའི་ཆར་གཏོགས་པ་ཕ་མ་དང་སློབ་དཔོན་དགྲ་བཅོམ་པ་ལ་སོགས་གསོད་པས་མཚོན་ཏེ་ལྕི་ཡང་གིས་ཁྱད་པར་ཕྱེ་བས། དམྱལ་བ་ལ་སོགས་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུར་རེ་ཞིག་བདེ་འགྲོ་

(༨༢༣)ཐོབ་ཀྱང་ཚེ་ཐུང་། བདག་པོའི་འབྲས་བུར་བཟའ་བཏུང་སྨན་ཟོས་ཀྱང་ནུས་པ་མི་འབྱུང་། མ་བྱིན་ལེན་ནི། གཞི་རང་ཉིད་མི་དབང་ཞིང་གཞན་གྱིས་བདག་ཏུ་བཟུང་བའི་དངོས་པོ་གསེར་ལ་སོགས་རིན་ཐང་ཅན། མཐུས་ལེན་པ་དབང་ཤེང་ཀྱིས་འཕྲོག་པའམ་ཆད་པས་ལེན་པ། གཡོ་སྒྱུས་ལེན་པ་ཚོང་དང་འབུན་བསྐྱེད་བྲེ་ལོག་སྲང་ལོག་བྱེད་པ། འཇབ་བུས་ལེན་པ་བརྐུ་བའམ། དེད་ལ་དངོས་པོ་འདི་ལྟ་བུ་ཞིག་དགོས་གནད་ཆེ་ཡང་མ་བྱུང་ཟེར་བ་ལྟ་བུའི་གཡོ་ཐབས་སོགས་ཐབས་སྣ་ཚོགས་ཀྱིས་བླངས་ཤིང་མཐར་ཐུག་ཐོབ་བློ་སྐྱེས་པ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུ་སྔ་མ་དང་མཚུངས། རྒྱུ་མཐུན་གྱི་འབྲས་བུར་ལོངས་སྤྱོད་དབུལ། བདག་པོའི་འབྲས་བུར་ལོ་འབྲས་ཉུང་ངུར་འགྱུར། ལོག་གཡེམ་ནི། སྡོམ་ལྡན་ནམ། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་ལ་སྤྱོད་པ་དང་། གཞན་ཡང་རང་གི་ཉེ་དུ་དང་། དེ་ཡང་དེང་སང་གི་ཉེ་དུ་ས་མཚམས་ཕྱེད་པ་དཀའ་བས་འདུལ་བ་ལས་ཕྱི་མོ་དང་།

(༨༢༤)མིས་པོ་དང་། ཕྲུགས་ཀྱི་བདུན་པ་ཆུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ཞེས་གསུངས་པས་མི་རབས་བདུན་རྒྱུད་ཚུན་ཆད་དུ་སྤང་བྱ་ཡིན་ལ། གཞན་ཡང་རང་གི་ཆུང་མ་སོགས་བགྲོད་ཡུལ་ཡིན་ཡང་རྟེན་གྱི་དྲུང་དང་། ཁ་དང་བཤང་ལམ་སོགས་བགྲོད་བྱ་མ་ཡིན་པ་དང་། སྦྲུམ་མ་དང་བསྙེན་གནས་པ་ལྟ་བུའི་ཚེ་དེར་འདུ་ཤེས་ཏེ་ཉོན་མོངས་ཀྱི་སྒོ་ནས་མི་ཚང་བར་སྤྱོད་འདོད་ཀྱི་སྦྱོར་བ་དེའི་དོན་ལ་བརྩོན་བས། མཐར་ཐུག་དབང་པོ་གཉིས་སྦྱོར་ཚང་བ་སྟེ་དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུར་རང་གི་ཆུང་མ་བསྲུང་དུ་མི་བཏུབ། བདག་པོའི་འབྲས་བུར་འདམ་རྫབ་དང་ཡ་ང་བའི་གནས་སུ་སྐྱེ། རྫུན་དུ་སྨྲ་བ་ནི། ཡོན་ཏན་མེད་པར་ཡོན་ཏན་ཡོད་ཚུལ། གྲུབ་པ་མ་ཐོབ་པར་ཐོབ་ཚུལ། ཆོས་མ་ཤེས་པ་ཤེས་ཚུལ། སོགས་ལྷག་མའི་རྫུན་དང་ཕམ་པའི་རྫུན། ལྷ་མ་མཐོང་བར་མཐོང་། ས་མ་ཐོབ་པར་ཐོབ། མངོན་ཤེས་མེད་པ་ལ་ཡོད་ཅེས་སྨྲ་བ་མི་ཆོས་

(༨༢༥)བླ་མའི་རྫུན་ལྟ་བུས་མཚོན་ཏེ་ཉོན་མོངས་པ་གང་རུང་གི་སྒོ་ནས་ཀུན་སློང་གི་གཏམ་སྨྲ་བར་འདོད་དེ་སྦྱོར་བ་ལུས་ངག་གང་ཡང་རུང་བས་རྣམ་འགྱུར་བསྟན་པས་མཐར་ཐུག་ཕ་རོལ་པོས་དོན་གོ་བ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུར་མི་ཁ་སྡང་། །བདག་པོའི་འབྲས་བུར་བསླུ་བྲིད་དང་འཇིགས་པ་ཆེ་བའི་ཡུལ་དུ་སྐྱེའོ། །ཕྲ་མ་ནི་མདོ་ལས། ཁྱུ་མཆོག་དང་མ་ཧེ་མཛའ་བཤེས་སུ་གྱུར་བ་ཝ་སྐྱེས་ཀྱིས་དབྱེན་བྱས་ཏེ་མི་མཛའ་བར་བྱས་པ་བཤད་པ་ལྟར་ཕན་ཚུན་སྙིང་ཉེ་ཞིང་ཡིད་བཅུགས་པའམ། མིན་ནའང་བཏང་སྙོམས་ལྟ་བུའི་འདུ་ཤེས་ལ་གནས་པ་དང་ཉོན་མོངས་གང་རུང་གི་ཀུན་སློང་དམ་པོས་དབྱེ་བར་འདོད་ནས། སྦྱོར་བ་འབྱེད་ནུས་ཀྱི་ཚིག་སྨྲས་པ་དང་། གཞོགས་ཕྲའམ། ལྐོག་གྱུར་གྱི་ཕྲ་མའི་རིགས་རྫས་སྔགས་ལ་བརྟེན་པའི་ཉེ་འབྱེད་ལྟ་བུས་དབྱེ་སྟེ་མཐར་ཐུག་ཕ་རོལ་པོས་དེའི་དོན་

(༨༢༦)གོ་བའོ། །དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུར་མཛའ་བ་ཤེས་ཉུང་། །བདག་པོའི་འབྲས་བུར་ཕྱོགས་མི་སྙོམས་ཤིང་བགྲོད་དཀའོ། །ཚིག་རྩུབ་ནི། དཔེར་ན་སྐྱེ་བོ་བྱད་མི་མཛེས་པའམ། མིའུ་ཐུང་ལྟ་བུ་ལ་དེར་འདུ་ཤེས་ཤིང་ཉོན་མོངས་གསུམ་གང་རུང་གི་སྒོ་ནས་དེའི་སྐྱོན་མངོན་གྱུར་དུ་སྒྲོག་པར་འདོད་པའི་ངག་རྩུབ་མོའི་སྦྱོར་བས། ཕ་རོལ་པོའི་སྙིང་ལ་མདའ་གཟེར་བ་ལྟ་བུའི་མི་སྙན་པ་བརྗོད་པས་མཐར་ཐུག་དེའི་དོན་གོ་བ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུར་སྔ་མ་དང་མཚུང་པ། རྒྱུ་མཐུན་གྱི་འབྲས་བུར་མི་སྙན་པ་མང་དུ་ཐོས། བདག་པོའི་འབྲས་བུར་སྡོང་དུམ་དང་ཚེར་མ་སོགས་ཡིད་དུ་མི་འོང་བའི་གནས་སུ་ཆགས་དགོས་པའོ། །ངག་བཀྱལ་ནི། དེ་དག་གསུམ་གང་རུང་དུ་མི་གཏོགས་པའི་དོན་ཆུང་དང་ལྡན་པའི་དོན་ཙམ་ལ་དེར་འདུ་ཤེས་ཏེ་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་མི་བཟད་པས་སྨྲ་བར་འདོད་དེ། སྦྱོར་བ་བྲམ་ཟེའི་ངན་སྔགས་འདོན་པའམ། གཅེར་བུ་པའི་བསྟན་

(༨༢༧)བཅོས། དམག་དང་ཆོམ་རྐུན་ལ་སོགས་འདུ་འཛིའི་གཏམ་འབྲེལ་མེད་བྱུང་རྒྱལ་དུ་སྒྲོག་པ། ཆགས་སེམས་ཀྱིས་གླུ་ལེན་པ་དང་། ཟློས་གར་ཀྱི་ཚིག་བརྗོད་ཅིང་། དགེ་སྦྱོང་གང་ཞིག་རྙེད་པ་འཚོལ་བའི་ཕྱིར་གཞན་གྱི་དྲུང་དུ་ཁ་བསགས་སྨྲ་བ་བརྩམས་ནས་མཐར་ཐུག་དོན་གོ་བར་བྱས་པའོ། །དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུར་ཚིག་མི་བཙན། བདག་པོའི་འབྲས་བུར་ལྗོན་ཤིང་ལ་འབྲས་བུ་མི་ཆགས་པ་ཉིད་དུ་འགྱུར་རོ། །བརྣབ་སེམས་ནི། གཞན་གྱི་ནོར་ལ་དེར་འདུ་ཤེས་པས་ཆགས་སེམས་དང་འཁུ་སེམས་ཀྱི་རོ་མྱང་བ། རང་ནོར་ལ་གཅེས་འཛིན་དང་གསོག་སེམས། ཆོས་ལྔ་ལྡན་གྱི་ཉོན་མོངས་མི་བཟད་པས་ངོ་ཚ་དང་ཉེས་དམིགས་ཟིལ་གྱིས་གནོན་བའི་ཀུན་སློང་གིས་གཞན་ནོར་དེ་རང་ལ་བྱུང་ན་སྙམ་པའི་རྔམ་སེམས་ངམ་ངམ་གྱི་སྦྱོར་བ་ཡིད་ཀྱིས་རྩོལ་ནས་མཐར་ཐུག་དེར་སྨོན་པའོ། །དེའི་

(༨༢༨)རྣམ་སྨིན་གྱི་འབྲས་བུ་སྔ་མ་དང་མཚུངས། །རྒྱུ་མཐུན་གྱི་འབྲས་བུར་ཡིད་ཀྱི་རེ་བ་མི་འགྲུབ། །བདག་པོའི་འབྲས་བུར་ཕུན་ཚོགས་ཐམས་ཅད་རིམ་གྱིས་འགྲིབ་པར་འགྱུར་རོ། །གནོད་སེམས་ནི། གཞི་ཡིད་དུ་མི་འཐད་པའི་འགྲོ་བ་ལ་དེར་འདུ་ཤེས་ཤིང་གནོད་སེམས་ཀྱི་ངོ་བོ་ལ་རྟག་ཆོས་ཐེར་ཟུག་ཏུ་འཛིན་པ་ཞེ་སྡང་གི་སེམས། ཚུལ་མ་ཡིན་པ་ཡིད་ལ་བྱེད་པ་ཡང་ཡང་དྲན་པ་འཁོན་འཛིན་གྱི་སེམས། གནོད་བྱེད་ལ་ཤིན་ཏུ་མི་བཟོད་པ་ང་རྒྱལ་གྱི་སེམས། འདི་དག་བསད་ན་དང་བརྡེག་ན་ཅི་མ་རུང་སྙམ་པ་འཁུ་བའི་སེམས། ངོ་ཚ་དང་ཉེས་དམིགས་ཟིལ་གྱིས་གནོན་པའི་སེམས་ལྔ་ལྡན་གྱི་ཉོན་མོངས་གང་རུང་གིས་ཀུན་ནས་བླངས་ཏེ། བཟུང་འཁྱིག་དང་གསོད་པ་ལ་སོགས་པའི་སྦྱོར་བ་བྱེད་པར་རྩོལ་ཞིང་མཐར་ཐུག་དངོས་སུ་ནུས་ན་བྱེད་པ་ཐག་ཆོད་པའོ། །དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུར་འཇིགས་སྐྲག་ཆེ། །བདག་པོའི་འབྲས་བུར་ནད་འཁྲུག་དང་། མི་དང་མི་མ་ཡིན་པའི་གནོད་

(༨༢༩)འཚེ་མང་བ་ཡིན་ནོ། །ལོག་ལྟ་ནི། གཞི་ལས་རྒྱུ་འབྲས་ལྟ་བུའི་མི་བསླུ་བའི་ཆོས་ཅན་ལ་རྒྱང་འཕེན་པ་ལྟ་བུའི་འདོད་པས་དེ་མི་བདེན་པར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གིས་ཀུན་ནས་བླངས་ཏེ་སྐུར་པ་འདེབས་པར་འདོད་པས་སྦྱོར་བ་ནི་ཇི་ལྟར་བསམ་པ་ལྟར་མེད་པ་ཉིད་དུ་གོ་ཞིང་མཐར་ཐུག་ཐག་བཅད་པའོ། །དེའི་རྣམ་སྨིན་ངན་སོང་ཅི་རིགས་པ་དང་། རྒྱུ་མཐུན་གྱི་འབྲས་བུར་ཡང་དག་པའི་ལྟ་བ་ལ་རྨོངས། བདག་པོའི་འབྲས་བུར་བཟང་ངན་གོ་ལྡོག་པར་འགྱུར་བ་ཉིད་དོ། །དེ་ལྟར་མི་དགེ་བའི་ལས་བཅུ་པོ་དེ་དག་ཀྱང་ནང་གསེས་ཀྱི་སྒོ་ནས་སྡིག་པ་ལྕི་ཡང་དབྱེ་ན། བསམ་པ་ཉོན་མོངས་པ་དྲག་པོས་ཀུན་ནས་བླངས་པ། ལྷ་ཆོས་སུ་གཉན་པ་བླ་མ་དང་། མི་ཆོས་སུ་གཉན་པ་ཕ་མ་སྟེ། ཡུལ་ཁྱད་པར་ཅན་དེ་ལྟ་བུ་བསད་པ་དང་ །དེ་དག་བསླུས་ཤིང་དཀོར་ཕྲོགས་པ་དང་དབྱེ་བ། ཚིག་རྩུབ་བརྣབ་སེམས་གནོད་སེམས་བྱེད་པ། གཞན་ཡང་སྡོམ་པའི་ཚུལ་ཁྲིམས་ལ་གནས་

(༨༣༠)བ་སོགས་འགྲོད་བྱ་མིན་བ་ལ་འདོད་པ་སྤྱོད་པ། ལྷས་བྱིན་ལྟར་དགེ་འདུན་འབྱེད་པའི་རྫུན་དང་ཕྲ་མ་བྱེད་པ། །དགྲ་བཅོམ་པ་འབྱུང་བ་མེད་པར་འདོད་པ། དུད་འགྲོ་ལྟ་བུ་ལ་ཤ་ཁྲག་གི་རློམ་སེམས་ཀྱིས་ལུས་བོངས་ཆེ་བ་གསོད་པ། དངོས་པོ་མང་ཞིང་རིན་ཐང་ཆེ་བ་བརྐུ་བ། སྡིག་པ་ལ་བཤགས་སྡོམ་མེད་པར་དགའ་བཞིན་དུ་བྱེད་པ་སོགས་ཤིན་ཏུ་ལྕི་ལ། དེའི་ལྡོག་ཕྱོགས་རྣམས་ནི་ཡང་བ་སྟེ། ཇི་ལྟར་ཡང་རྒྱལ་སྲས་པདྨས། མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ། །ཉེ་བ་ལྔ་དང་ལྕི་བ་རྣམ་པ་བཞི། །ལོག་པའི་ལས་བརྒྱད་ཁ་ན་མ་ཐོའི་ལས། །སྲོག་ལ་བབ་ཀྱང་ཕྲ་མོའང་སྦང་བར་མཛོད། །དགེ་བ་བཅུ་དང་མཐུན་པར་འཇུག་པ་ཡི། །དགེ་བསྙེན་དགེ་ཚུལ་བསྙེན་གནས་དགེ་སློང་སོགས། །སོ་སོ་ཐར་དང་བྱང་སེམས་གསང་སྔགས་ཀྱི། །སྡོམ་པ་གང་བླངས་བླང་ཞིང་བསྲུང་བ་ལ། །ཐར་པ་འདོད་ཁྱོད་ནན་ཏན་སྲོག་ལྟར་སྲུངས། །ཞེས་གསུངས་པ་ལྟར་

(༨༣༡)བཤང་མ་ཐག་པའི་ལས་འབྲས་ཀྱི་རྣམ་གཞག་དེ་དག་ངེས་པར་བྱས་ཏེ། རང་རྒྱུད་ལ་དེ་དག་གང་ཤས་ཆེ་བ་བརྟགས་ནས་ངོས་ཚིར་གྱིས་བཟུང་། ག་རེ་སྔན་ཆད་འདི་ལྟ་བུའི་སྡིག་པ་གྲངས་ཀྱིས་མི་ཆོད་པ་བསགས་ཡོད་འདུག་ཀྱང་ཤེས་བཞིན་གྱི་དྲན་པས་མ་ཟིན་པས་ལུང་མ་བསྟན་དུ་འཕྱན་ཏེ་ལས་བསགས་པ་ལ་བསགས་པར་ངོ་མ་འཕྲོད་པ་ཀླ་ཀློ་ལྟར་ནོངས་པ་ཤིན་ཏུ་ཆེ། ད་ནས་བཟུང་མི་དགེ་བཅུས་མཚོན་ཕྲ་རགས་ཀྱི་སྡིག་སེམས་ནམ་བྱུང་ཙ་ན་གཉེན་པོ་བསྟེན་ནས་གདོང་ཟློག་ཏུ་བྱོལ་ཐུབ་པ་ཞིག་དང་། དེ་ཙམ་གྱིས་ཀྱང་མི་ཆོག་པར་དེའི་ལྡོག་ཕྱོགས་དགེ་བ་སྟོབས་ཆེན་གྱི་སྒོ་ནས་སྲོག་གཅོད་སྤོང་བ་སོགས་དགེ་བ་བཅུའི་ལམ་ལ་མགོའམ་གོས་ལ་མེ་ཤོར་བ་བཟློག་པའི་བརྩོན་པ་ལྟ་བུར་བསྐྱེད་པར་བྱའོ་སྙམ་དུ་མོས་པ་དང་སྤྲོ་བ་མ་བྱུང་བར་དུ་སྒོམ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། །མཐོང་བའི་ཆོས་ལ་

(༨༣༢)སོགས་པ་ལ། །མྱོང་གྱུར་ལ་སོགས་དེས་རྣམ་གསུམ། །ཞེས་གསུངས་པ་ལྟར་དཔེར་ན་སྡིག་ཅན་ལྷས་བྱིན་དང་། ཤ་ས་རཀྵི། དཔལ་འཛིན་ལ་སོགས་པ་རྣམས་ལུས་མ་སྤངས་པར་དམྱལ་བར་སོང་བའི་མཐོང་ཆོས་མྱོང་འགྱུར་གྱི་གཏམ་རྒྱུད་ལྟ་བུས་མཚོན་ཏེ་རང་ལ་ངན་སོང་གསུམ་དུ་སྐྱེ་ངེས་ཀྱི་ལས་ཤིག་ཡོད་པའི་སྡིག་ཅན་ཞིག་ཡིན་ན་མ་གཏོགས། གཞན་མ་འདི་སྙམ་དུ། ཀྱེ་མ་དེ་ལྟ་ན་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ་མི་དགེ་བ་དེ་དག་གི་རྟ་བ་སྟོངས་པ་ཞིག་དགོས་འདུག་ཀྱང་། བསམ་ན་རང་གི་ཚེ་འདི་ཁ་ལ་མངོན་སུམ་དུ་གྲུབ་པའི་སྡིག་པ་ངེ་ཙམ་ཞིག་བསགས་མོད། དེས་ཆ་ཙམ་དུ་ཡང་མི་མཚོན་པའི་སྐྱེ་བ་སྔ་མ་རྣམས་སུ་རང་འཁོར་སློབ་འབངས་སྡེ་རིགས་སོགས་ཀྱི་ཆེད་དུ་བསམ་གྱིས་མི་ཁྱབ་པའི་སྡིག་པ་བསགས་པ་ཚང་མས་གྲུབ། དེ་དག་གི་འབྲས་བུ་ཡང་རང་ཉིད་ཁོ་ནས་མྱོང་བ་མ་གཏོགས་གང་གི་ཆེད་དུ་བྱས་པ་དེ་དག་ལ་

(༨༣༣)བགོ་བཤའ་བྱ་རུ་མེད་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། །ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གསུངས་འདུག་པས་ཧ་བྷོ་ཧ་བྷོ། །ད་ནི་མེད་དོ། །ད་ནི་མེད་དོ། །འདི་ནས་འཕོས་ཏེ་ངན་སོང་མྱོང་བ་ལས་འོས་མེད་པ་ཞིག་འདྲའོ་འདྲའོ་སྙམས་ནས་ཡིད་སློང་སློང་པོར་མི་འགྱུར་བའི་ཐབས་མེད། དེའི་ཚེ་ལས་འབྲས་ཀྱི་མཚང་རིག་པ་ཡིན། ད་ལྟ་མི་ཀུན་དགེ་སྡིག་གི་གླེང་མོ་ཙམ་བྱེད་པ་ལས་བླང་དོར་གྱི་རྩ་བ་བཅར་ཕོག་ཏུ་ངོ་ཤེས་པ་མེད་པས་ཀླ་ཀློ་ལས་དྲག་ཙམ་ལས་དོན་ལ་ལུང་མ་བསྟན་ཡིན། ད་རེས་རང་ཉིད་ཀྱི་བཤེས་གཉེན་དམ་པའི་དེ་བཀའ་དྲིན་ལ་ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་ཉིད་དུ་མཐོང་བ་དེ་བསོད་ནམས་ཆེ། དེ་ལྟར་མཐོང་བ་ལ་འཇིགས་སེམས་དང་ཡིད་ཁོང་དུ་ཆུད་པ་གཅིག་

(༨༣༤)པོས་ཀྱང་མི་ཆོག་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྡོམ་དྲག་པོ་དང་འགྱོད་སེམས་བརྟན་ཏེ་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་དགོས། དེའི་བླང་དོར་མ་ནོར་ན་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་སྔར་བྱས་ཀྱི་སྡིག་པ་མཚམས་མེད་ལྟ་བུའི་ལས་རྔམ་ཆེན་བྱས་པ་ཡང་ཕྱི་ནས་བཤགས་སྡོམ་དྲག་པོས་འདགས་པར་གསུངས་ཏེ། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་དཔག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གཅུང་དགའ་བོ་ཆུང་མ་བུན་ད་རི་ཀལ་ལྷག་པར་ཡིད་ཆགས་པ་དེ་བཞིན་གཤེགས་པས་ལྷའི་གྲོང་ཁྱེར་དང་། དམྱལ་བའི་གནས་རྣམས་སུ་ཁྲིད་དེ་ཐབས་ཀྱིས་བཏུལ་བས་མཐར་དགྲ་ བཅོམ་ཐོབ། །སོར་ཕྲེང་གིས་མི་དགུ་བརྒྱ་དང་གོ་དགུ་བསད། མ་སྐྱེས་དགྲས་ཡབ་གཟུགས་ཅན་སྙིང་པོ་བསད་དེ་མཚམས་མེད་ཀྱི་ལས་བྱས་

(༨༣༥)པའང་བཤགས་སྡོམ་གྱིས་དག་ཅིང་སྔ་མས་དགྲ་བཅོམ། བདེ་བྱེད་ཀྱི་རང་གི་མ་བསད་པ། ཕྱིན་ཆད་འགྱོད་སེམས་གྱི་སྒོ་ནས་བླང་དོར་ཚུལ་བཞིན་དུ་བྱས་པས་དམྱལ་བར་དར་གྱི་ཕོ་ལོང་བརྡབས་པ་ཙམ་ཞིག་སྐྱེས་ནས་མཐར་རྒྱུན་ཞུགས་ཐོབ་པར་བཤད་པས་སྡིག་པ་དེ་དག་དྲན་པའི་མོད་ལ་འགྱོད་པ་ཡང་ཆེ་ཞིང་བཤགས་པའི་ཐབས་ལ་འབད་པ་ནི། གནད་ཟབ་ཤོས་ཡིན་པར་ཕུང་པོ་གསུམ་པའི་མདོ་འདོན་པ་ལ་བསླབ་པར་བྱའོ། །དེ་ཡང་ཁྲིད་ཀྱི་སྐབས་འདིར་གོང་གི་མི་དགེ་བ་བཅུ་དང་དེའི་འབྲས་བུ་དེས་མ་ཟིན་པར་བྱ་བ་ནི་སྤང་བྱ་ཡིན་ལ། དེ་ཉིད་བློ་ལ་ནམ་འཆར་འཆར་གྱི་དུས་སུ་སྟོབས་བཞིའི་གནད་དང་ལྡན་པས་ཕུང་པོ་གསུམ་པའི་མདོ་འདོན་པ་ནི། གཉེན་པོ་ཡིན་པས་འདི་གཉིས་རེས་འཛེག་ཏུ་ཡང་ཡང་སྒོམ། དུས་འདི་ནས་བཟུང་སྟེ་མི་དགེ་བའི་ཕྱོགས་ལ་ཤེས་བཞིན་གྱི་དྲན་པ་བརྟེན་ལ་དེ་དག་གི་བསམ་པ་ནམ་སྐྱེས་འབུར་འཇོམས་སུ་གཏོང་། དངོས་གཞིའི་སྐབས་དུས་

(༨༣༦)རྟག་པར་ཡང་ཇོ་བོ་དཱི་པ་མ་ཀ་རའི་རྣམ་ཐར་ལྟར། ནངས་པར་བསགས་པ་སྔ་དྲོ་བཤགས། ཕྱི་དྲོ་བསགས་པ་ཉལ་ཁར་བཤགས་ཏེ་སྡིག་ལྟུང་དང་ཞག་གཅིག་ཀྱང་མ་འགྲོགས་པར་བྱའོ། ཁ་གཅིག་དེ་ལྟར་བཤགས་པ་ཁོ་ནས་ཆོག་པར་གོ་ནས་ཉེས་སྤྱོད་དང་མི་དགེ་བའི་ཕྱོགས་ལ་སྡོམ་སེམས་མེད་པར་འབྱོལ་ཉོག་ཏུ་སྤྱོད། ནངས་ནུབ་བཤགས་ཚིག་རེ་ཙམ་ཁ་ནས་བཏོན་པས་ཆོག་པར་བསམ་པ་ནི་ནོར་པ་རྔམ་པོ་ཆེ་ཡིན་ཏེ། བཤགས་པ་སྔ་མ་ལ་སྟོབས་བཞིས་བཤགས་པའི་འགྱོད་སེམས་ཟིལ་གྱིས་མནན་ཅིང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་ལས་འཕྲལ་དུ་ཉམས་པའི་ཕྱིར་ལས་དང་དེ་འབྲས་ཀྱི་རྟེན་འབྲེལ་མི་བསླུ་བའི་ཆོས་ཐམས་ཅད་བསྣུབས་པའི་ལོག་པར་ལྟ་བ་ཡིན་ནོ། །དེ་ལྟར་འདི་ཡན་ཆོད་ཀྱི་ཚིག་དོན་ལ་ཞེ་ཐག་པ་ནས་ལེགས་པར་བསམ་སྟེ་འཇིག་རྟེན་གྱི་བྱ་བ་མཐའ་དག་ལ་མཁྲིས་ནད་ཅན་གྱིས་ཟས་མཐོང་བ་ལྟར་སྐྱུགས་ལོག་པ་ཞིག་མ་བྱུང་ན། ཐོས་

(༨༣༧)པ་ལུང་ཡིན་ལ། ཀློག་པ་ཚིག་ཡིན་པས་བློ་ལ་འབྱོངས་པའི་སྐབས་མི་སྲིད་དེ། ཨོ་རྒྱན་ཆེན་པོས། སངས་རྒྱས་བཀའ་ལུང་དམ་ཆོས་གང་ཡོད་དུ། །ལེགས་པར་བཙལ་ཞིང་དམ་ཆོས་ཐོས་པའི་ཚེ། །ཡང་དག་བསམ་པས་ཚིག་དོན་མ་བཟུང་ན། ཁ་སྦུབ་སྣོད་དུ་ཆུ་རྒྱུན་མི་འཇུག་ལྟར། །འཁོར་བའི་ཚ་གདུང་རྒྱས་ཚེ་ཕན་པ་མེད། །ཅེས་སོ། །དེའི་ཕྱིར་འཇིག་རྟེན་གྱི་ལོངས་སྤྱོད་ཇི་ལྟར་ཕུན་སུམ་ཚོགས་ཀྱང་རླུང་ནང་གི་མར་མེ་འམ། དབྱར་གྱི་ཆུ་བྲན་ནམ། ནམ་མཁའི་གློག་གམ། མ་དང་གི་རྨི་ལམ་ལྟ་བུ་ཤིན་ཏུ་མི་རྟག་ཅིང་བདེན་པ་མེད་པ་ཡིན་པས་རྟག་ཏུ་དབེན་པ་བརྟེན། སྐྱོ་བའི་འདུ་ཤེས་བསྐྱེད། གང་བྱུང་ངེས་ཆོག་ལ་བློ་ཕུགས་གཏད། ན་དགའ་ཤི་སྐྱིད་ལ་སྐྱབས་བཅོལ། མི་ཤི་བའི་ཤུལ་ལྟར་སུ་གང་ལབ་ལབ་ཏུ་བཅུག །མཛེ་སྦྲང་ཡུལ་འཁྱར་བ་ལྟར་འཁོར་མཁན་བྱ་དང་བྱིའུ་གཅིག་ཀྱང་མེད་པ་ལ་ཡིད་སྨོན་ནས་བླ་མ་དམ་

(༨༣༨)པའི་གདམས་ངག་སྒོམ་པ་ལ་བློ་འཇུག་པ་ཞིག་དགོས་ཏེ། ཨོ་རྒྱན་ཆེན་པོས། འདི་ནི་འཇིག་རྟེན་སྐྱོ་བའི་ཡུལ་ཡིན་པས། །སྐྱེ་བོའི་བདེ་སྐྱིད་ཕུན་སུམ་ཚོགས་འདྲ་བ། །དབྱར་གྱི་ཆུ་དང་རྨི་ལམ་ནོར་རྫས་ལྟར། །བདེན་པ་མེད་ཅིང་མྱུར་དུ་མི་རྟག་པས། །སྐྱོ་བའི་འདུ་ཤེས་རྟག་ཏུ་བསྐྱེད་འཚལ་ལོ། །འདི་ཉིད་ལས་ལོག་ཆགས་དང་འཁྱལ་བ་དང་། །སྐྱེ་དགུའི་དཔལ་ལ་ངོ་མཚར་ཆེར་བྱེད་པ། །དེ་ནི་བསོད་ནམས་དམན་པའི་རིགས་ཅན་ཏེ། །ཁྱེད་ཀྱི་སྙིང་ནི་ཤིང་སྡོང་ཁོང་རུལ་ལྟར། །ཕྱི་ནས་ཐར་པའི་ལོ་འབྲས་མི་འབྱུང་ངོ་། །ཀྱེ་མ་ཀྱི་ཧུད་ཚེ་འདིའི་དཔལ་འབྱོར་ལ། །རྟག་ཅིང་ཕུན་སུམ་ཚོགས་འདྲ་ཤེས་པའི་བློ། །བྱིས་པའི་ནང་ནས་ཐ་ཤལ་སྐྱེས་བུ་སྟེ། །འཇིག་རྟེན་འདི་ན་དེ་བས་བླུན་པ་སུ། །སྔར་ཡང་མ་བྱུང་ཕྱིས་ཀྱང་མི་འབྱུང་ངོ་། །ཞེས་གསུངས་པ་ཡིན་ནོ། །སེམས་སྦྱོང་བདུན་པ་ནི། །བུ་ཡིག་ལས། དེ་ལྟར་ཕྱི་ནང་གི་རྣམ་གཡེང་སྤངས་ནས་མི་རྟོག་

(༨༣༩)པའི་བསམ་གཏན་ལ་བཞག་པས་ཉམས་མྱོང་འཕེལ་ནས་ཡུན་ཇེ་རིང་ལ་སོང་བས། དོན་འདི་ཉིད་དང་ནམ་ཡང་མི་འབྲལ་བར་བྱ་སྙམ་པའི་རྒྱུད་ལ་ངེས་ཤེས་བསྐྱེད་པ་དང་། བདུན་གྱིས་སེམས་སྦྱང་བའོ། །ཞེས་མཇུག་བསྡུ་བ་ལས། རྣམ་པར་མི་རྟོག་པ་ལ་བརྟེན་ནས། སེམས་སྦྱོང་བ་ནི་ཏིང་ངེ་འཛིན་གྱི་ལམ་ལ་འཇུག་པའི་སྒོ་བླ་ན་མེད་པ་ཡིན་ཏེ། གྲོལ་བའི་ཐིག་ལེ་ལས། སྟེང་རླུང་རྡུབས་པས་སྣང་བ་དབང་དུ་འདུ། །འོག་རླུང་རྡུབས་པས་སྟོད་པ་དབང་དུ་འདུ། བར་རླུང་བསྐྱིལ་ཞིང་བཀྲུགས་པས་ཟུང་དུ་ཆུད། །ཅེས་གསུངས་པ་ལྟར་སེམས་ཅན་རྣམས་སྣང་བ་ཕྱི་རུ་ལུས། །རིག་པ་ནང་དུ་ལུས། བར་དུ་ལས་རླུང་གི་བཞོན་པས་སེམས་ཀྱི་རྟ་བྱས། །གཟུང་བ་དང་། འཛིན་པའི་ངང་དུ་འཕྱན་ཏེ་འཁོར་བ་ལུ་གུ་རྒྱུད་དུ་འཁྲུལ་པ་དག །རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོས་འགྲོ་འོང་ལས་ཀྱི་རླུང་གི་བྱེད་པ་བཅིངས་

(༨༤༠)བ་ལ་བརྟེན་ཐེག་པ་འོག་མ་ལྟར་ཡུན་རིང་པོར་རྟོག་པའི་དྲ་བར་རིག་པས་རྗེས་སུ་དཔགས་པའི་བསམ་གཏན་ལ་མ་ལྟོས་པར་བཙན་ཐབས་སུ་གཉུག་མའི་ཡེ་ཤེས་ངོས་ཟིན་པར་བྱ་བའི་མན་ངག་སྟེ། དེ་ལ་གསུམ། དང་པོ་ནི། རང་ལུས་བསམ་གཏན་ཀྱི་ཆོས་བདུན་དང་ལྡན་པའི་ངང་ནས། ཁོང་པའི་ནང་སྟོང་སངས་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་དྲང་པོར་རྩ་དབུ་མ་ཆུ་ཤིང་གི་ལྡེམ་བུ་ལྟར་དྲང་བ། པདྨའི་འདབ་མ་ལྟར་སྲབ་པ། ནམ་མཁའ་སྤྲིན་བྲལ་ལྟར་སྔོ་བ། ཏིལ་ཞུན་གྱི་མར་མེ་ལྟར་གསལ་བ་སྟེ་ཆོས་བཞི་ལྡན་དུ་སྒོམ་པའི་སྤྱི་གཙུག་གི་ཡར་སྣར་ཧཾ་ཡིག་དཀར་པོ། ལྟེ་འོག་གི་མར་སྣར་ཨ་ཡིག་དམར་པོ་གསལ་བ་ལ་སྦྱོར་བ་བཞི་ལྡན་གྱི་རང་ནས་སྟེང་རླུང་མནན། འོག་རླུང་ཐེན་པས་ལྟེ་བའི་ཨ་ལས་མེ་འབར། རིམ་གྱིས་ཡར་སྣའི་ཧཾ་ཡིག་ཞུ་བ་ལས་བདུད་རྩིའི་རྒྱུན་བབས་འཁོར་ལོ་བཞི་དང་རྩ་ཕྲན་ཐམས་ཅད་ཁྱབ་པས་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་

(༨༤༡)བསམ་ཞིང་སྙིང་གར་ཡི་གེ་ཨ་དཀར་པོ་གཅིག་ལ་སེམས་བཟུང་སྟེརྩེ་གཅིག་ཏུ་འགྱུ་བ་སྦུན་ཐག་བཅད་ནས་བཞག་པས། བདེབའི་ཐབས་བྱས་པའི་ཤེས་རབ་སྟོང་ཉིད་ཀྱི་ཡེ་ཤེས་སྐྱེ་བ་ཡིན། མ་གོམས་བར་དུ་ཡུན་ཐུང་གྲངས་མང་ལ་བསླབ་བོ། གཉིས་པ་གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་མི། རླུང་རོལན་གསུམ་མམ་དགུ་ཕྲུགསསུ་ཕུད་པས་འབྱུང་བའིརླུང་དུགཐོན་པའི་དགོངས་པ་ཡོད་དོ། དེ་ནས་ནངདུ་རྡུལ་བའི་ཚེ་ཕྱེའི་ཨ་འཐས་ཀྱི་སྣང་བ་ཐམས་ཅད་འོད་དུ་ཕྲི་ལི་ལི་ཞུ་སྟེ་ནམ་མཁའ་སྔོ་སངས་དང་འདྲེས། དེ་ཉིད་རང་གི་ལུས་ནང་དུ་བྱུང་བའི་ཐམས་ཅན་སྔོ་མོར་གྱིས་ཁེངས་བར་བསམ་སྟེ་རླུང་འོག་ཏུ་ཚིར་གྱིས་མནན། འོག་རླུང་ཅུང་ཟད་ཐེན་ལ་ཁ་སྦྱར་ཏེ་བ་སྐོམས་པས་གསལ་སྟོང་གི་ཉམས་སྐྱེའོ། །དེ་ཡང་གྲང་ཤས་ཆེ་ན་རླུང་དེ་ཚ་བ། ཚ་ཤས་ཆེ་ན་བསིལ་བའི་རེག་བྱ་ཡོད་པར་བསྒོམ་པ་ནི་གནད་དོ། །

(༨༤༢)ཞེས་དཔལ་བསམ་ཡས་པས་གསུངས་སོ། །སྤྲོས་པ་ལ་དགའ་བ་རྣམས་འབྱུང་བ་སོ་སོའི་རླུང་སྒོམ་པར་འདོད་ན། བུ་ཡིག་ཡེ་ཤེས་གསལ་སྒྲོན་ལྟར་ཉམས་སུ་བླང་བར་བྱ་ལ། འོན་ཀྱང་བླ་མ་ཡང་ཏིག་གི་སེམས་སྦྱོང་དོན་ཁྲིད་དུ། ནམ་མཁའི་རླུང་ནི་ཀུན་གྱི་དུས་ན་ཤིས་ལ་རེག་བྱའང་གཉིས་པོ་དེར་འདུས་པས། ཉམས་ལེན་ལ་འདིས་ཆོག་གོ། ཞེས་གསུངས་སོ། །འདི་ལྟ་བུའི་བུམ་པ་ཅན་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ཏེ། ཞལ་གདམས་ནོར་བུའི་ཕྲེང་བར། དེ་ཡང་དུ་མ་མཆོག་ཡིན་པས་མཐོང་ཉམས་དེ་ག་མི་སྟོན། སླར་ཡང་རླུང་མི་གཏོང་བར་ནང་དུ་རྡུབ་ཅིང་བ་སྡས་པས། རླུང་རོ་རྐྱང་གི་ལམ་བརྒྱུད་དེ། དབུ་མའི་མས་སྣ་ཡི་གེ་ཆའི་འཕོངས་ལྟ་བུ་ནས་ཞུགས། རྩ་དབུ་མའི་ལམ་ལ་འཇུག་པས། ས་དང་པོའི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེའོ། །ཞུགས་གནས་ཐིམ་གསུམ་གྱི་རྟགས་རེ་རེ་འཆར་བ་ལས། རྩ་དབུ་མའི་མདུད་པ་

(༨༤༣)དང་པོ་ཞིག་སྟེ། རླུང་འཇུག་པ་ལས་ས་དང་པོའི་ཡོན་ཏན་སྐྱེ། དེར་རླུང་སེམས་གནས་པས་ས་གཉིས་པའི་ཡོན་ཏན་སྐྱེ། དེར་རླུང་སེམས་ཐམས་ཅད་ཐི་མས་པས་གཟུང་འཛིན་གྱི་རྟོགས་ཚོགས་མཁའ་ལྟར་དག །མཁྱེན་པའི་ཡོན་ཏན་མཐའ་དག་རྒྱས་པའོ། །གནས་སྐབས་སུའང་ཚེ་རིང་། ནད་དཀོན། ལུས་བདེ་ཞིང་བྱ་ལྟར་མགྱོགས་པ་ལ་སོགས་པའི་ཡོན་ཏན་ནི། རླུང་བུམ་ཅན་གནད་དུ་བསྣུན་པའི་ཡོན་ཏན་ཡིན་ནོ། །དེས་ན་རླུང་གི་ཡོན་ཏན་ཐམས་ཅད་བུམ་ཅན་ལ་བརྟེན་ནས་སྐྱེ་དགོས་པས། འཚོ་རྒྱལ་རླུང་སྒོམ་པ་ཐ་ཨམས་ཅད་བུམ་པ་ཅན་ལ་གནད་དུ་བསྣུན་ཅིག །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ཆོས་ཉིད་རྣམ་པར་མི་རྟོགས་ལ་སེམས་སྦྱོང་བ་ནི། ལུས་སེམས་ཁོང་གློད། མིག་མི་འགུལ་བས་དྲན་བསམ་འགྲོ་འདུའི་རྟོག་པ་ཐམས་ཅད་དང་བྲལ་བའི་ངང་ནས་རླུང་ཆེད་འཛིན་གྱི་འབད་རྩོལ་ལ་མ་ལྟོས་པར་བར་རླུང་ཐད་ཀར་རྒྱངས་པ་ཤིན་ཏུ་ཟ་བའི་མན་

(༨༤༤)ངག་ཡིན་ཏེ། ཞལ་གདམས་ནོར་བུའི་ཕྲེང་བ་ལས། འཚོ་རྒྱལ་ཉོན་ཅིག་ལུས་སྐྱིལ་ཀྲུང་དང་ལྡན་པའི་སྒོ་ནས། འོག་རླུང་གི་སྦྱོར་བ་ཅུང་ཟད་རྡུབ། སྟེང་རླུང་ཅུང་ཟད་མནན། བར་རླུང་ལྟེ་བའི་ཐད་ཀར་རྒྱངས་པའི་བསོད་ནམས་ནི། ཡེ་ཤེས་རང་སར་གནས་པའི་རླུང་སྦྱོར་ཡིན་ཏེ། ལུས་བསྐྱེད་རིམ་བསྒོམ་པ་དང་། སེམས་འོད་གསལ་དུ་བསྒོམ་པ་ལ་སོགས་གང་གི་ཡང་གྲོགས་སུ་འགྲོ། ཐིག་ལེ་འཛིན་འདྲེན་དགྲམ་གསུམ་ཐམས་ཅད་ཀྱང་ངང་གིས་འགྲུབ་པའི་རླུང་སྦྱོར་ཡིན། གཟུང་འཛིན་གྱི་ར་ཏོགས་ཚོགས་ཀྱང་ངང་གིས་དག །རིག་པ་བྱིང་རྨུགས་རྒོད་གསུམ་གྱི་སྐྱོན་དང་བྲལ། མིག་འགྲིབ་པ་ལ་སོགས་དབང་པོའི་སྐྱོན་མི་འབྱུང་། བད་ཀན་དང་མཁྲིས་པའི་ནད་ཀྱིས་མི་ཚུགས། ཕོ་བ་སྦོས་འཁྲོག་ངང་གིས་སེལ། རིམས་ནད་ལ་སོགས་འགོ་བའི་ནད་བྱང་།

(༨༤༥)སྲོ་མ་མི་འབྱུང་། ཚེ་ཉི་ཟླ་དང་མཉམ་པའི་རླུང་སྦྱོར་ཡིན་པས། རང་ལུས་ཡི་དམ་གྱི་ལྷར་གསལ། ལུས་ཀྱག་ཀྱོག་དང་ཡ་ཡོ་མེད་པར་རླུང་ལྟེ་བའི་འོག་ཏུ་འཆིར་ཏེ་རྒྱངས། མིག་པར་སྣང་ལ་ལྟ་སྟངས་ཧར་ར་བཞག །ཤེས་པ་ཀ་དག་གི་ངང་ལ་འཇོག་པ་ནི། ཡེ་ཤེས་ཆེན་པོའི་རླུང་སྦྱོར་ཞེས་ཀྱང་བྱ། སེམས་དང་རིག་པ་དབྱེ་བའི་རླུང་སྦྱོར་ཞེས་ཀྱང་བྱ། རླུང་སྦྱོར་འདིའི་དུས་སུ་སྐེད་པ་ཅུང་ཟད་ཉེག་བྱས། ལྟེ་བ་ཐར་ཀར་རྒྱངས། རྡུབ་དགའ་རླུང་གི་ལས་ཐམས་ཅད་ཀྱི་དུས་སུ་ཡང་ཕྱིར་རྒྱངས་པའོ། །རྩ་གཅིག་ཏུ་འདི་ལ་གནད་དུ་བསྣུན་པས། སྟེང་འོག་གི་རླུང་ཡང་ངང་གིས་འདྲེན། འདི་ཡི་དུས་ཐམས་ཅད་དུ་ལྟེ་བ་ཐད་ཀར་རྒྱངས་པས། དྲན་པའི་རྟེན་དུ་ཡང་ལྟེ་བ་རྒྱངས་པས་བྱེད། ཡི་དམ་གྱི་ལྷ་བསྒོམ་ན་ཡང་ལྟེ་བའི་ཐད་ཀར་རྒྱངས་ཏེ་སྒོམས། སྙིང་པོ་བཟླས་བརྗོད་བྱེད་ཀྱང་ལྟེ་བ་ཐད་ཀར་རྒྱངས་པའི་ངང་ནས་འདྲེན། ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་ཀྱང་ལྟེ་བ་ཐད་ཀར་རྒྱངས། འགྲོ་འཆག་ཉལ་འདུག་ལ་སོགས་

(༨༤༦)སྤྱོད་ལམ་རྣམ་པ་བཞི་གང་ག་དུས་སུ་ཡང་། གསང་བ་ཡེ་ཤེས་ཆེན་པོ་འདི་དང་མ་བ་རལ་བར་བྱའོ། །ཞེས་གསུངས་པས་འདི་ལྟ་བུའི་བར་རླུང་ནི་སེམས་སྦྱོང་གི་སྐབས་ཙམ་དུ་ཡང་མ་ཟད་བྱང་ཆུབ་བསྒྲུབ་པའི་ལམ་གྱི་སྟེགས་ཐམས་ཅད་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་གནད་ཆེན་པོར་ཡང་རིག་པར་བྱའོ། །དེ་ལྟར་རྣམ་པར་མི་རྟོག་པ་གསུམ་གྱི་སྒོ་ནས་སེམས་སྦྱངས་པས། ཤེས་པ་གར་གཏད་དུ་ཟིན་ཅིང་རྟོག་མེད་ནམ་མཁའ་ལྟ་བུའི་ངང་དུ་ཡུན་ཇེ་རིང་ལ་གནས་པ་ནི་རང་རང་གིས་གོམས་པའི་ཚད་དོ། །འདི་ལྟ་བུའི་སེམས་སྦྱོང་བདུན་པོ་ནི། ཁ་ཙམ་ཚིག་ཙམ་དུ་མ་སོང་བར་འཁོར་བའི་རང་བཞིན་ཁྲི་མུན་དུ་ཆུད་པ་ལྟ་བུའི་སྡུག་བསྔལ་དང་སྐྱོ་ཤས་ཡིད་ལ་དྲན་པས་སྤྱིར་དུས་རྣམས་ཐམས་ཅད་དང་། ཁྱད་པར་སྨིན་འཁྲིད་ལ་སོགས་པའི་ཆེ་ཞག་ཉི་ཤུ་རྩ་གཅིག་གམ། བཅུ་བཞིའམ་ཐ་ནའང་བདུན་ལ་སོགས་པར་ཉམས་སུ་བླངས་ཏེ་རྒྱུད་ལ་འདྲེན་པར་མ་བྱས་ན་ལུང་ཉན་པ་ལྟ་བུས་བླ་ལས་སུ་རུང་བར་མི་འགྱུར་ཏེ། ཨོ་རྒྱན་ཆེན་བས། དེ་ལྟར་ཚིག་ཙམ་མ་ཡིན་པར་འཁོར་

(༨༤༧)བའི་གནས་ཚུལ་འགྱུར་ཞིང་མི་རྟག་སྡུག་བསྔལ་བའི་རང་བཞིན་དང་། སྐྱོ་ཤས་དང་། ངེས་འབྱུང་ཉིད་དང་བསྲེས་ནས་ཉམས་སུ་མ་བླངས་ན། བཀྲེས་སྐོམ་གྱིས་ཉེ་བར་གདུངས་པ་དག་ལ། ཟས་སྐོམ་ལག་ན་ཡོད་པའམ། ལོངས་མ་སྤྱད་ན་དེ་ཉིད་ལ་ཕན་པར་ཤེས་པ་ཙམ་གྱིས་མི་ཡོངས་ཞིང་། ངེས་པར་བཟའ་བཏུང་བྱེད་དགོས་པ་བཞིན། གོ་དོན་ཉམས་སུ་བླངས་བས་འཁོར་བ་ཁྲི་མུན་ནང་དུ་ཆུད་པ་དང་འདྲ་བ་གོ་ནས། བློ་འཕྲལ་དང་། ཡུན་གྱི་བདེ་བ་ཁོ་ན་ལ་གོ་འཕོ་བའོ། །ཞེས་གསུངས་ལ། རིམ་པ་དེ་ལྟ་བུས་སློབ་མའི་རྒྱུད་ཤིན་ཏུ་དུལ་ཞིང་ལས་སུ་རུང་བར་གྱུར་པའི་ཚེ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྐྱབས་འགྲོ་ལ་སོགས་པ་དྲུག་དང་། ཁྱད་པར་ཅན་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ་ལ་སོགས་པར་གོ་ཕྱེ་སྟེ། དངོས་གཞིའི་ལམ་འགྲོ་བའི་ཁམས་ལ་རྡོ་རྗེ་བཞིའི་རིགས་གནས་དེ་བརྡ་ཐབས་རྟེན་འབྲེལ་གྱི་ཆོ་གས་སད་པར་བྱས་ཏེ་སློབ་མའི་རྒྱུད་དག་རབ་འབྱམས་སུ་སྨིན་པར་བྱེད་པའི་

(༨༤༨)དབང་གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་དྲན་རིག་སྐྱེ་འགག་གནས་གསུམ་དང་བྲལ་བའི་རོལ་རྩལ་དུ་ངོ་སྤྲད་དེ་བྱ་རྩོལ་མེད་པ་ཆོས་སྐུའི་དགོངས་པ་ལ་སྦྱོར་བའི་གྲོལ་བྱེད་ཀྱི་ཁྲིད། སྣང་གྲགས་གློ་བུར་བའི་བག་ཆགས་རང་ཁམ་བརྡ་དོན་རྟགས་གསུམ་གྱི་སྒོ་ནས་དཀྱིལ་འཁོར་གསུམ་གྱི་རྣམ་རོལ་དུ་འཆར་བ་སྣང་སྟོང་ཟུང་དུ་འཇུག་པའི་བསྐྱེད་རིམ། རྒྱུད་ལུང་མན་ངག་གསུམ་གྱི་གནད་དོན་རྡོ་རྗེའི་ཚིག་གིས་བཅིངས་པ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་གསལ་བར་སྟོན་པའི་བཤད་པ་སྟེ་རང་ལུགས་གསང་སྔགས་སྔ་འགྱུར་བའི་ཆུ་བོ་བཞིའི་བཤད་རྒྱུན་རྣམ་པར་དག་པས་སློབ་མའི་རྒྱུད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བསྒྲུབ་པའི་ཐབས་ལ་མཁས་པར་བྱ་ཞིང་། དེའི་ཚེ་སློབ་མ་རབ་ཀྱིས་རང་རིག་མི་འགྱུར་བའི་གཟེར་ཐེབས་ནས་དགོངས་པ་ཚད་དུ་ཕྱིན་པ་ན་སྐྱོ་ངལ་དང་ལོག་སྒྲུབ་མཐའ་དག་བཟོད་པར་བྱས་ཏེ་གཞན་དོན་ཕྲིན་ལས་ཀྱི་འཇུག་པ་ལ་སྤྱོད་པའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་རྡོ་རྗེ་རྒྱལ་པོའི་བཀའ་གཏད་འབོག །འབྲིང་སྣང་རིག་ཟུང་འཇུག་གི་རྩལ་མ་རྫོགས་ཤིང་

(༨༤༩)།།།།།།།།།།སོ་ཀའི་ཆུ་བྲན་ལྟར་འཁྲུལ་གྲོལ་རེས་འཇོག་ཏུ་གྱུར་པ་རྣམས་བར་ཆད་དང་དངོས་གྲུབ་ནོར་བ་འདྲ་མིན་ལུང་བསྟན་གྱི་བདུད་ལ་སོགས་རྐྱེན་ཁར་ཤོར་ནས་རང་དོན་མ་འགྲུབ་པར་གཞན་དོན་ལ་རྔམས་ཤིང་ལོག་འཚོ་བྱུང་རྒྱལ་དུ་སྤྱོད་པས་འབྲེལ་ཚད་ངན་སོང་ལ་སྦྱོར་བ་དམྱལ་བའི་ལམ་མཁན་དུ་མི་འཕྱན་པར་བསྒྲུབ་པའི་རྒྱལ་མཚན་བཙུགས་ནས་དོན་གཉིས་མཉམ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་དོན་གཉིས་མཉམ་སྒྲུབ་བྱེད་པའི་ལུང་ཕོག །ཐ་མའང་ཟླ་དགའ་དང་ཟས་འཚོལ་ལྟོ་ཕྱིར་གནམ་རྡིབ་ལ་སོགས་པའི་སྤྱོད་པ་མི་རིགས་པས་བསྟན་པ་སྤྱི་དང་བྱེ་བྲག་གི་མིག་ལྟོས་ལ་གནོད་པའི་བློ་ངན་ལང་ཤོར་ཆོས་དྲེད་ཉམས་ཆགས་གི་གོང་བུར་མ་སོང་བར་ཞི་དུལ་ཆོས་མཐུན་གྱི་སྤྱོད་པས་གཞན་སྣང་དང་བ་འདྲེན་པའི་སྤྱོད་ལམ་དང་ཆོས་སྤྱོད་ལ་བསླབ་པའི་འགག་བསྡམས་པ་སོགས་མདོར་ན་སློབ་མ་རྗེས་སུ་འཛིན་པའི་ཐབས་དང་རྟེན་འབྲེལ་ལ་མཁས་ཤིང་སོ་སོ་ཐར་པ་ནས་བཟུང་རྡོ་རྗེ་ཐེག་པའི་བར་གྱི་དམ་ཚིག་དང་སྡོམ་པའི་གནས་ངེས་པའི་གནང་བཀག་གི་རིམ་

(༨༥༠)པ་ཕྱེད་པས་རྒྱལ་བའི་གདུང་འཚོ་བབ་ལ་དཔ་བ་པཎ་ཆེན་བི་མ་ལ་དང་། ཨོ་རྒྱན་སངས་རྒྱས་གཉིས་པ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། མང་རིའི་མ་ཧཱ་པཎྜི་ཏ་ལ་སོགས་པ་ལྟ་བུ་ནི་རྡོ་རྗེ་འཛིན་པའི་སྤྱོད་པའི་དཔེར་འོས་སུ་གྱུར་པ་སྟེ་ཐབས་དེ་ལྟ་བུ་ལ་རྨོངས་པ་དག་ནི་བ་སྟན་པའི་སྲོག་ཤིང་ལ་སོགས་པའི་མིང་བཟང་ པོར་ཁུངས་ཕྱང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་རང་ཉིད་འཇུག་ཅིང་བསོད་ནམས་དམན་པ་དག་ཀྱང་སྒྲོལ་བ་ཙམ་དུ་ཟད་དེ། དེའི་ཕྱིར་རྒྱུད་དོན་རྒྱ་མཚོའི་དགོངས་པ་ཕྱིན་ཅི་མ་ལོགས་པར་བཀྲལ་བ་འདི་ལྟ་བུའི་རིག་པས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་རྒྱལ་མཚན་ཕྲག་པར་འཛིན་པར་འཚལ་ཅེས་རྡོ་རྗེའི་རིག་འཛིན་དམ་པ་གྲགས་པ་དང་། སྦས་པ་ཇི་སྙེད་མཆིས་པ་རྣམས་ལ་རློམ་སེམས་མེད་པའི་ཡིད་ཀྱིས་གསོལ་བ་བཏབ་པ་སྟེ། དེ་སྐད་དུ་རྫོགས་པ་ཆེན་པོའི་རྒྱུད་ལས། ཁྱད་པར་ཐེག་པ་འདི་ཉིད་ཀྱི། །ཆོས་སྤྱོད་ལག་ལེན་ཀུན་ལ་བ་སླབ། །འཁོར་བའི་བྱ་བ་འབྲེལ་འཁྲིས་ཀུན། །ཐབས་ཀྱིས་སྤོང་ཞིང་དལ་དུ་གཞུག །སྤྲོས་

(༨༥༡)བཅས་ལ་སོགས་དབང་བསྐུར་ནས། །དེ་ཡི་ལྷ་ལ་བསྙེན་སྒྲུབ་འཇུག །ཐེག་པ་རིམ་གྱིས་དབང་བསྐུར་ནས། །གཡའ་གངས་དུར་ཁྲོད་དབེན་པ་རུ། །ལུས་ངག་རུ་ཤན་དབྱེ་རུ་གཞུག །ཐོས་པའི་སྒྲོ་འདོགས་ཆོད་དུ་གཞུག །སྤྲོས་མེད་ལ་སོགས་དབང་བསྐུར་ནས། །དུས་དང་མཐུན་པའི་སྤྱོད་པ་བསླབ། །ལུང་དང་མཐུན་པའི་བསླབ་བྱ་བྱ། །དཔེར་ན་བུ་གཅིག་ཆུང་མ་དེ། །མ་ཡིས་ཇི་ལྟར་གསོ་བ་ལྟར། །བརྩེ་བའི་གདུང་ཤུགས་ཆེན་པོ་ཡིན། །དམ་ཚིག་བ་དུད་རྩིའི་ནུ་མ་བླུད། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རྩ་བ་ཐིག་ལེ་གཅིག་ལས་གྱེས། །གཅིག་པོ་ཐུགས་རྗེའི་རྩ་བ་ཡིན། །ཤེས་རབ་ཡེ་ཤེས་དབང་བསྐུར་ནས། །དབང་པོ་དང་འཚམ་རིག་པ་སྦྱིན། །དྲད་མོ་ལྟ་བུའི་སྤྱོད་པ་བསླབ། །རང་ཡང་སློབ་བུའི་བློ་བསྐང་ཕྱིར། །དངོས་བསྟན་རྟགས་ཚད་དབྱུང་བར་བྱ། །ཚིག་དབང་རྩལ་གྱི་དབང་བསྐྱར་ནས། །སྤྲོས་བཅས་བྱ་བ་ཀུན་པོར་ལས། །སྤྲོས་མེད་ངང་དེར་ལྷོད་ཀྱིས་གློད། །རི་དྭགས་ལྟ་བུའི་སྤྱོད་

(༨༥༢)པ་བསླབ། །ངེས་དོན་སྙིང་པོའི་ངོ་སྤྲོད་གདབ། །རང་རིག་མི་འགྱུར་གཟེར་ཐེབས་ནས། །རྒྱལ་ཚབ་དག་ཏུ་དབང་བསྐུར་ལ། །འགྲོ་དོན་གྱིས་ཞེས་བཀའ་ལུང་སྦྱིན། །རང་ཉིད་ཏིང་ངེ་འཛིན་ལ་བཞུགས། །གཞན་དོན་བྱང་ཆུབ་སེམས་དཔའ་ཡི། །བསླབ་བྱ་ཐམས་ཅད་བསླབ་པར་བྱ། །དང་པོ་སློབ་མས་དམ་ཚིག་གི། །རྣམ་དབྱེ་བསྲུང་མཚམས་མ་ཤེས་པར། །བླ་མས་དམ་ཚིག་སུམ་གཉིས་སྲུང་། །རངས་པ་ཤེས་ན་སུམ་ཆ་སྟེ། །ཞིབ་པར་ཤེས་ན་གསུམ་གཉིས་པོ། སློབ་མ་ཉིད་ཀྱིས་བསྲུང་བར་བྱ། དུས་དང་གནས་སྐབས་ཡུལ་ཉིད་དུ་། གནང་བཀག་རིམ་པ་མ་ལུས་པ། བླ་མའི་སློབ་བུ་འཁྲིད་པར་བྱ། དེ་ཡིས་ཡོན་ཏན་བསམ་མི་ཁྱབ། སངས་རྒྱས་ཀུན་གྱི་གདུང་མི་ཆད་། དུས་གསུམ་སངས་རྒྱས་ཐམས་ཅན་ཀྱང་། དེ་ལྟར་བསླབ་པས་རིམ་གྱིས་བྱུང་། རྒྱབ་ཚབ་སློབ་བུ་གཅིག་ཚར་མས། འཁོར་བ་དོང་ནས་སྤྲུགས་པར་འགྱུར། ཁམས་གསུམ་སེམས་ཅན་མ་ལུས་པ། འདྲེན་པའི་ལྕགས་ཀྱུ་དེ་ལས་འབྱུང དེ་ཕྱིར་སློབ་མ་བླ་མ་གཉིས། ཕན་ཚུན་རྟེན་འབྲེལ་

(༨༥༣""མ་འཕྱུགས་ཤིག །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཆོས་ཚུལ་ཐར་པའི་གྲུ་གཟིངས་བཤད་གྲོལ་མན་ངག་ལ་བརྟེན་ནས། །བདག་བློའི་རྣམ་དཔྱོད་དེད་དཔོན་གཞོན་ནུས་རྣམ་མཁྱེན་རིན་ཆེན་གླིང་མཆོག་ཏུ། །སྐྱོ་དུབ་ངལ་བ་མཐའ་དག་སྤངས་ཏེ་ལྷག་བསམ་ཁུར་གྱིས་བསྐྱོད་པ་ན། །རྒྱལ་དང་དེ་སྲས་དབྱིངས་ནས་དགྱེས་ཏེ་དོན་གཉིས་གྲུབ་པའི་ནོར་བུ་བྱིན། །ཀྱེ་ཧོ་དལ་འབྱོར་རིན་ཆེན་ཉིན་སྐར་ཙམ། །གལ་ཏེ་རྙེད་ཀྱང་རླུང་ནང་མར་མེ་ལྟར། །སྐད་ཅིག་ཉིད་ལ་མི་རྟག་འདི་བསམས་ན། །སྐྱེ་བོ་ཕལ་ཆེར་སྨྱོན་པའི་དེད་དཔོན་འདྲ། །ཆོས་ལ་འཇུག་པའི་རྩ་བ་དེས་འབྱུང་སྟེ། །དེ་ཡི་ཐར་པར་ངེས་པའི་ཤེས་རྒྱུད་ལ། །སེམས་སྦྱོང་གནད་ཀྱི་ཕྲུ་སློག་མ་བྱས་ན། །འཆི་ཁར་བྲང་ལག་འཐར་ཚེ་འགྱོད་ཀྱང་ཕྱིས། ལས་རླུང་ཡེ་ཤེས་ཁམས་སུ་གནས་འགྱུར་ཚེ། །འཁོར་འདས་གཉིས་སྣང་ཟད་དང་ཆབས་གཅིག་པར། །ཆོས་སྐུའི་རྒྱལ་ས་ཟིན་པའི་རིག་

(༨༥༤)འཛིན་ལ། །སེམས་སྦྱོང་རྟོག་པའི་དྲ་བ་དགོས་མིན་ཡང་། །དྲ་བའི་སྣོད་དང་གླིང་བུའི་སྟོང་ཆེན་སྒྲས། །ཕུར་བུའི་གྲུབ་མཐར་འཁྱོགས་པའི་རིགས་ཅན་དང་། །འཁོར་བ་བདེ་བར་འཛིན་པའི་བྱིས་པ་རྣམས། །བརྩེ་བའི་སེམས་ཀྱིས་མ་བཟོད་ལས་གཞན་ཅི། །རྟོག་གེའི་རྩལ་བཤད་སྨིག་རྒྱུའི་ཆུ་ཀླུང་གིས། །རྨོངས་ཆེན་གླང་པོའི་ཡིད་དབང་འཕྲོག་པའི་ཚིག །མ་ཡིན་ལུང་དོན་རྒྱ་མཚོ་དོན་རྒྱུད་ཀྱི། །བྱིན་རླབས་གྲུ་གཟིངས། གསར་བས་བརྒལ་བའི་གཏམས། །སྔོན་བྱོན་མཁས་གྲུབ་ཟླ་བ་དབྱིངས་སུ་གཟིམས། །ལུང་རྟོགས་བཤད་སྒྲུབ་ཉི་མ་ཆུ་ལྷར་ཕྱོགས། །རྟ་ནོར་གཟི་བརྗིད་འགྲན་པའི་གཟའ་སྐར་ཤར། །རྒྱལ་བསྟན་མུན་པའི་སྨག་ལ་འོ་རེ་རྒྱལ། །ཐེག་རིམ་དགུ་ཡིས་མ་ད་ནས་མྱོས་པའི། །མཛོད་ཆེན་བདུན་དང་ཤིང་རྟའི་རྒྱང་གླུ་ཡིས། །སྔ་འགྱུར་བསྟན་སྲོག་འཛིན་པའི་ཀུན་མཁྱེན་དེའི། །ལུང་རྟོགས་ཁྱད་ནོར་དེང་སང་ཁོ་བོས་འཛིན། །དེ་ཕྱིར་

(༨༥༥)འདི་ཡི་ཉེ་བརྒྱུད་གང་ཞེ་ན། །ཁོ་བོའི་གཙུག་ན་དྲི་མེད་འོད་ཟེར་བཞུགས། །སྔ་འགྱུར་སྤྱི་དང་ཁྱད་པར་སྙིང་ཐིག་གི། །བསྟན་པའི་བདག་པོ་གང་ལས་དམིགས་སུ་མེད། །གདོད་མའི་མགོན་དེ་མི་ཡི་བརྫུར་ཞུགས་ནས། །ལྗོངས་འདིར་བསྟན་པའི་སྙིང་པོ་གསལ་ལོ་ཞེས། །མཚོ་སྐྱེས་རྡོ་རྗེས་ལུང་གིས་དབང་བསྐུར་ཞེས། །རིག་འཛིན་ཐམས་ཅད་དགོངས་པ་གཅིག་ཏུ་མཐུན། །དང་པོ་འཁོར་བའི་འཇིགས་བས་བས་མཐར་ཕྱོགས། །བར་དུ་ལས་འབྲས་བསླུ་མེད་འཕྲང་ལ་བ་ཤར། །ཐ་མར་རྟོགས་པས་འཁོར་གསུམ་བདེན་མེད་དུ། །ཤེས་འདི་གྲུབ་ཐོབ་སྤྱི་ཡི་རྣམ་ཐར་ཡིན། །སྙིང་ཐིག་རིན་ཆེན་ཡི་གེ་རྣམ་ལྔ་ལས། །ཟངས་ཡིག་ཅན་གྱི་དགོངས་པ་སེམས་སྦྱོང་བདུན། །རྒྱ་ཆེར་བཀྲལ་བའི་བསོད་ནམས་གང་ཡིན་པ། །རྣམ་མཁྱེན་རིན་ཆེན་ཐོབ་པའི་རྒྱུ་རུ་བསྔོ། །བདག་བློའི་པད་ཚལ་དྲི་མེད་

(༨༥༦)ཉི་མའི་འོད་ཟེར་གྱིས། །བསྐུལ་བས་ཐུན་མོང་ལམ་གྱི་འཇུག་སྒོའི་སྐྱེད་མོས་ཚལ། །ཤིན་ཏུ་བཀོད་མཛེས་ཐ་གྲུ་ཡངས་པའི་བསྟི་གནས་འདི། །རིང་པོར་གནས་ནས་དོན་གཉེར་འགྲོན་པོ་དགའ་བར་ཤོག །ཅེས་རིན་ཅ་ཧེན་ཟངས་ཀྱི་ཡི་གེ་ཅན་གྱི་དགོངས་པ། །རྫོགས་པ་ཆེན་པོའི་ཁྲིད་ཡིག་སྤྱི་དང་ཁྱད་པར་ཐུན་མོང་གི་སྔོན་འགྲོར་འཇུག་པ་སེམས་སྦྱོང་བདུན་གྱི་དོན་འཁྲིད་ཐར་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི་རང་བྱུང་པདྨའི་སྒྲུབ་གནས་སུ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཡེ་ཤེས་ཀྱི་སྐུ་དང་ལན་གསུམ་མཇལ་བའི་བར་པ་ལ། དཔེ་ཆ་བམ་པོ་ཞིག་གནང་ནས་འདིས་ཤིང་རྟ་ཆེན་མོ་ན་གབ་པའི་ཚུལ་དུ་ཡོད་པ་མཐའ་དག་གསལ་བ་ཡོད་སོགས་ཀློང་ལྔའི་གསང་མཛོད་བྱིན་གྱིས་བརླབས་པ་ལ་བརྟེན་ཟིན་བྲིས་སུ་བགྱིས་ཏེ་ལོ་ཤས་རྩིས་རྒྱར་བཞག་པའི་ཐེག་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་རིགས་རུས་ཆོ་འབྲང་གིས་བསྲུངས་པའི་

(༨༥༧)ཀོང་སྨྱོན་རིག་པའི་དཔའ་བོ་དང་། དག་པའི་སྣང་བ་ཅན་ཝ་གིན་དྲའི་མིང་ཅན་གྱིས་དོན་གཉེར་ཆེན་པོས་བསྐུལ་བའི་རྟེན་འབྲེལ་གྱི་ཕོ་ཉས་མཚམས་སྦྱར་བ་ལས། སངས་རྒྱས་གཉིས་པ། སློབ་དཔོན་ཆེན་པོ་ཉི་སྒྲོལ་ཞེས་པ་ཤིང་ཕོ་སྤྲེའུའི་ལོར་སིན་དྷུའི་རྒྱ་མཚོར་ཆུ་སྐྱེས་གཞོན་ནུའི་སྤུབས་ལས་གྲོལ་ནས་ཉིས་སྟོང་དྲུག་བརྒྱ་སུམ་ཅུ་སོ་བདུན། ཕུར་བུས་སྤྲེལ་ལོར་རིག་འཛིན་རྡོ་རྗེ་ཆོས་ཀྱི་རི་རྒྱལ་མ་ལ་ཡའི་རྩེ་མོར་ལྷ་ཀླུ་གནོད་སྦྱིན་མིའི་རིགས་འཛིན་ཏེ་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་རྒྱུད་རྒྱ་མཚོའི་ཆོས་འཁོར་བསྐོར་ཞིང་ཟ་ཧོར་རྒྱལ་པོ་ཨིནྡྲ་བྷུ་ཏིའི་ཕོ་བྲང་གི་ཡང་སྟེང་ཏནྡྲའི་གླེགས་བམ་གྱི་ཆར་པ་ཕབ་ནས་ཉིས་སྟོང་དྲུག་བརྒྱ་དང་འདོད་པའི་གྲངས་ལྡན། ཁྲོ་བོ་ཤིང་གླང་ལོར་གསང་བདག་དཔའ་བོས་རྒྱལ་ཐབ་ས་སྤྱི་བླུགས་ཀྱིས་དབང་བསྐུར་

(༨༥༨)བྱིན་པའི་རྒྱུད་ལུང་མན་ངག་ཀུན་གྱི་བསྟན་པའི་བདག་པོ་མི་ཕམ་མགོན་གྱི་སྤྲུལ་པའི་སྣང་བརྙན་དགའ་རབ་རྡོ་རྗེའི་ཟློས་གར་བསྒྱུར་ནས་ཉིས་སྟོང་ཉིས་བརྒྱ་དགུ་བཅུ་གོ་དྲུག །རྣམ་གནོན་ལྕགས་འབྲུག་པཎ་ཆེན་ལྔ་བརྒྱའི་གཙུག་གི་རྒྱན་གྱུར་འདའ་ལུས་སྐུ་བརྙེས་བི་མ་ལ་མཾ་ཏྲ་འཁྲུངས་ནས་ཆིག་སྟོང་བདུན་བརྒྱ་བཞི་བཅུ་རྩ་གཅིག །ཕུར་བུས་སྤྲེལ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་དཔལ་བསམ་ཡས་པ་ཀློང་གསལ་དྲི་མེད་དམ། ཀུན་མཁྱེན་ངག་གི་དབང་པོ་འཁྲུངས་ནས་བཞི་བརྒྱ་ལྔ་བཅུ་ང་གསུམ་འདས་ཤིང་། རང་བྱུང་བཅུ་གསུམ་པའི་ནང་ཚན་ལྕགས་མོ་སྤྲུལ་གྱི་ལོ། རྟ་བདུན་དབང་པོ་སྡིག་པའི་ཁྱིམ་ན་གནས་པའི་ཚེ། །གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུའི་བྱེ་གུ་དགེ་འུའི་རང་བྱུང་བྲག་གི་ཁང་མཛེས་ག་ལ་བདེར་བྱ་བྲལ་ཆོས་རྗེ་མཁྱེན་རྩེའི་འོད་ཟེར་གྱིས་

(༨༥༩)གྲུབ་པར་བགྱིས་པ་ཐོག་མཐའ་བར་གསུམ་དུ་དགེ་བར་གྱུར་ཅིག །།༈ རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་ན་རོང་ཤར་གྱི་ཚེ་འདས་མ་ཚེ་རིང་སྒྲོལ་དཀར་དང་བུ་མོ་སྒྲོལ་མ་ཚེ་རིང་གཉིས་ཀྱིས་དགེ་རྩར་དངུལ་ཊྭཾ་སྲང་སུམ་ཅུ་ཐམ་པ་དང་། བླ་མ་མཁྱེན་རབ་དྲུད་ནས་བསྔོ་རྟེན་སྟོད་གོས་ལྗང་ཁྲ་གཅིག །གནས་ཆུང་སྒོམ་ཆེན་ལགས་ནས་དཔལ་ཆེན་བསྙེན་ཡིག་བརྐོས་པའི་ཡོན་གྱི་འཕྲོས་དངུལ་ཞོ་ལྔ་བཅས་ཀྱི། པར་དུ་བཀྲུན་པའི་དགེ་བས་འགྲོ་ཀུན་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས། །

(༨༦༠)

(༨༦༡)རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་གི་སྔོན་འགྲོ་ཁྲིད་ཀྱི་ལག་ལེན་ལ་འདེབས་ལུགས་བཞུགས། །

(༨༦༢)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་གི་སྔོན་འགྲོ་ལག་ལེན་དུ་དྲིལ་ནས་ཁྲིད་ཀྱི་ལུགས་སུ་འདེབས་པའི་ཚུལ་ལ། དལ་འབྱོར་རྙེད་དཀའ་བ། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། ཐར་པའི་ཕན་ཡོན། བཤེས་གཉེན་བསྟེན་པ་དང་དྲུག་ལས་དང་པོ་ལའང་། ངོ་བོ་དལ་བ་བསམ་པ། ཁྱད་པར་འབྱོར་པ་བསམ་པ། རྙེད་དཀའི་དཔེ་ལ་བསམ་པ། གྲངས་ཀྱི་ཁྱད་པར་བསམ་པ་དང་བཞི་ལས། དང་པོ་ནི། མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་ན་ཆོས་བྱེད་པའི་མཐུ་མེད་པས་དལ་

(༨༦༣)བ་མ་ཡིན་པའི་ཚུལ། དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་ཁོར་མོར་སྤྱོད་པས་ཆོས་བྱེད་དུ་མི་ཁོམ། ཡི་དྭགས་ནི་བཀྲེས་སྐོམ་གྱི་སྡུག་བསྔལ་ལ་སྤྱོད་པས་ཆོས་བྱེད་དུ་མི་ཁོམ། །དུད་འགྲོ་ནི་བཀོལ་སྤྱོད་དང་ཕན་ཚུན་འཚེ་བའི་སྡུག་བསྔལ་ལ་སྤྱོད་པས་ཆོས་བྱེད་དུ་མི་ཁོམ། ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པའི་ངང་དུ་དུས་དྲོན་པས་ཆོས་བྱེད་དུ་མི་ཁོམ། ཡུལ་མཐའ་ཁོབ་ཏུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་མེད་པས་ཆོས་བྱེད་དུ་མི་ཁོམ། མུ་སྟེགས་བྱེད་མ་དེ་དང་བསམ་པ་ཕྱོགས་མི་མཐུན་པའི་སྐལ་བ་ངན་པར་སྐྱེས་ན་རང་རྒྱུད་ལོག་ལྟས་སླད་པས་ཆོས་

(༨༦༤)བྱེད་དུ་མི་ཁོམ། མུན་པའི་བསྐལ་པ་ལ་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་ཅིང་དགེ་སྡིག་ངོ་མི་ཤེས་པས་ཆོས་བྱེད་དུ་མི་ཁོམ། ལྐུགས་པར་སྐྱེས་ན་རྣམ་པར་ཤེས་པ་ལས་སུ་མི་རུང་བས་ཆོས་བྱེད་དུ་མི་ཁོམ། དེ་ལྟར་བརྒྱད་དུ་མ་སྐྱེས་པ་ལ་ཁོམ་པ་ཞེས་བྱ་སྟེ་ཆོས་བྱེད་པའི་སྐབས་ཡོད་པས་དལ་བའི་སྒྲ་ཞུགས་པའོ། །དེའི་ཕྱིར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས་ད་རེས་རང་རྒྱུད་རྟེན་གྱི་མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པ་ལ་དགའ་བསྒོམས་ཤིང་། སླད་ནས་འདི་འདྲ་བའི་དལ་བ་བརྒྱད་ཀྱི་ངོ་བོ་ནི་ཤིན་ཏུ་རྙེད་པར་དཀའ་བས་ད་རེས་ཆོས་ལ་མ་འབད་ན་བདག་གི་མི་ལུས་དོན་མེད་པའོ་སྙམ་དུ་ཡང་ནས་ཡང་དུ་བསམ་ཞིང་། དགེ་བ་སེམས་ཅན་ཐམས་ཅད་ལ་བསྔོ་བ་ནི་འོག་མ་རྣམས་ལའང་འགྲེའོ། །ཞར་ལ་ཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད་དང་། རིས་ཆད་བློའི་མཁོམ་པ་བརྒྱད་ཀྱི་རང་རྒྱུད་ཆུད་ཟོས་པ་ལའང་ཞིབ་ཏུ་བརྟགས་ནས་རང་མཚང་གདོན་པ་ནི་དོན་

(༨༦༥)ཆེན་པོ་དང་ལྡན་པ་ཡིན་པས་ཡིད་བཞིན་རིན་པོ་ཆེར། དུག་ལྔ་འཁྲུག་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །ཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད། །ཅེས་དང་། །འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་འཆལ་བ་ཞེས་བྱ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱུད། །ཅེས་དང་། དེ་ལ་བརྒྱད་ཚན་གཉིས་པོ་ནི་ཤིན་ཏུ་འང་འབྱུང་ཉེ་བ་ཡིན་པས། དེ་དག་ལ་བླང་དོར་མ་བགྱིས་ན་དལ་བའི་ངོ་བོ་ཙམ་ཐོབ་ཀྱང་ཆོས་ཀྱི་བྱ་བ་ལ་མི་ཁོམ་པའི་གནས་སུ་ལྟུང་བར་འགྱུར་བས་མི་ཚེ་སོས་དལ་དུ་རྒ་བའི་དལ་བ་ཙམ་པོ་བ་ཉིད་དུ་རིག་པར་བྱའོ། །གཉིས་པ་ལ་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལས། དང་པོ་རང་འབྱོར་ནི། མི་ལུས་མ་ཐོབ་ན་ཆོས་དང་མི་མཇལ་བ་ལས། ད་རེས་མིའི་ལུས་རྟེན་གྱི་འབྱོར་

(༨༦༦)པ་དང་། དེའང་ཆོས་མེད་པའི་ཡུལ་མཐའ་ཁོབ་ལ་སོགས་པར་སྐྱེས་ན་ཆོས་དང་མི་མཇལ་བ་ལ། ད་རེས་ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས་བས་ཡུལ་གྱི་འབྱོར་པ་དང་། དབང་པོ་མཚང་ན་ཆོས་ཀྱི་གེགས་སུ་འགྱུར་བ་ལས། ད་རེས་དེ་འདྲའི་སྐྱོན་དང་བྲལ་བས་དབང་པོའི་ཡོན་ཏན་གྱི་འབྱོར་པ་དང་། ལས་ཀྱི་མཐའ་ལོག་པ་སྟེ་རྟག་ཏུ་མི་དགེ་བ་ལ་སྤྱོད་ན་ཆོས་དང་རྒྱབ་ཀྱི་ཕྱོགས་པ་ལས། ད་རེས་དགེ་བ་ལ་མོས་པས་བསམ་པའི་ཁྱད་པར་གྱི་འབྱོར་པ་དང་། དད་པའི་གནས་བསྟན་པ་ལ་མ་དད་ན་ཆོས་ལ་ཡིད་མི་ཕྱོགས་པ་ལས། ད་རེས་བློ་ཆོས་ལ་ཕྱོགས་ནུས་པས་དད་པའི་འབྱོར་པ་སྟེ། ལྔ་པོ་ནི་རང་ངོ་ལ་ལྟོས་ནས་ཚངས་དགོས་པས་རང་འབྱོར་ལྔ་ཞེས་བྱའོ། །གཉིས་པ་གཞན་འབྱོར་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྒྲོན་བསྐལ་ལ་མ་སྐྱེས་ན་ཆོས་ཀྱི་མིང་ཡང་མེད་པ་ལས། ད་རེས་སངས་རྒྱས་བྱོན་པའི་བསྐལ་པ་དང་ཐུག་པས་སྟོན་པ་ཁྱད་པར་ཅན་གྱི་འབྱོར་པ་དང་། བྱོན་ཀྱང་ཆོས་མ་བསྟན་ན་མི་ཕན་པ་ལས།

(༨༦༧)ཆོས་འཁོར་རིམ་པ་གསུམ་བསྟན་པས་ཆོས་ཀྱི་འབྱོར་བ་དང་། ཆོས་བསྟན་ཀྱང་བསྟན་པ་ནུབ་ན་མི་ཕན་པ་ལས། ད་ལྟ་བསྟན་པའི་གནས་ཚང་མ་རྫོགས་པས་དུས་ཀྱི་འབྱོར་བ་དང་། བསྟན་པ་གནས་ཀྱང་དེ་ལ་མ་ཞུགས་ན་མི་ཕན་པ་ལ། བསྟན་པའི་སྐོར་ཞུགས་པས་རང་གི་སྐལ་བས་འབྱོར་པ་དང་། ཞུགས་སུ་ཟིན་ཀྱང་མཐུན་པའི་རྐྱེན་དགེ་བའི་བཤེས་གཉེན་གྱིས་མ་ཟིན་ན་ཆོས་ཀྱི་དེ་ཉིད་མི་ཤེས་པ་ལ་དེས་ཟིན་པས་ལྷག་པའི་ཐུགས་རྗེས་འབྱོར་པ་སྟེ། ལྔ་པོ་ནི་གཞན་རྐྱེན་ལ་ལྟོས་ནས་ཚད་དགོས་པས་གཞན་འབྱོར་ལྔ་ཞེས་བྱའོ། །དེ་ལྟར་བཅོ་བརྒྱད་པོ་ཚང་ན་དམ་ཆོས་སྒྲུབ་པའི་རྟེན་ཡིན་པས་མི་ལུས་རིན་པོ་ཞེས་བྱ་ལ། དེ་ལས་གཅིག་ཤོས་ཙམ་མཚང་ཡང་ཐར་ལམ་རྣལ་མར་འགྲོ་མི་ནུས་པས་མི་ལུས་ཕལ་པ་ཞེས་བྱའོ། །དེའི་ཕྱིར་བདག་ཉིད་ལའང་མི་ལུས་རིན་པོ་ཆེར་འབོད་དུ་རུང་པ་དེ་རིང་གི་གནས་སྐབས་ནས་ཡིན་པ་ལ་དགའ་བ་སྒོམ་ཞིང་

(༨༦༨)ད་དུང་ཀྱང་ལས་མཐའ་ལོག་པ་དང་། དད་པ་འགྲིབ་བ་ལ་སོགས་པས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ལས་བྲི་བའི་གནས་སྐབས་ལ་གཟབ་པར་བྱ་བ་ནི་གནད་དུ་ཆེ་ལ། །འདི་ལྟ་བུ་ནི་ཕྱིན་ཆད་རྙེད་པ་མ་ཡིན་པས་ད་རེས་ཐོབ་པའི་དལ་འབྱོར་དོན་ཡོད་པར་མ་བྱས་ན་སླད་དུ་ངན་འགྲོ་ལོག་པར་ལྟུང་དུས་དགེ་སྡིག་ངོ་མི་ཤེས། བདེ་འགྲོ་ཐོབ་ཀྱང་དགེ་བའི་བཤེས་གཉེན་དང་མཇལ་དཀའ་གང་བྱེད་སྡིག་པར་འགྱུར་བས་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་མེད་པ་དེའི་མཚང་མ་རིག་ན་ད་རེས་བླུན་སྙམ་སྙིང་ཐག་པ་ནས་བསམ་ཞིང་། ཡུལ་གྲུ་དང་ཁྲོམ་ཚོགས་ཆེན་པོའི་དབུས་སུའང་བཅོ་བརྒྱད་པོ་མཐའ་དག་ཚང་བའི་མི་ལུས་རིན་པོ་ཆེ་མང་ཉུང་ལེགས་པར་བརྟགས་ནས་རང་གི་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ཡང་ཡང་བསམ་མོ།། །།གསུམ་པ་རྙེད་དཀའི་དཔེ་ལ་བསམ་པ་ནི། རླབས་ཆེན་པོའི་རྣམ་པར་དཀྲུག་པའི་རྒྱ་མཚོའི་སྟེང་གི་གཉའ་ཤིང་བུ་ག་གཅིག་པ་ཡུད་ཙམ་

(༨༦༩)ཡང་མི་གནས་པ། །རྒྱ་མཚོའི་གཏིང་ན་རུས་སྦལ་ལོང་བ་ལོ་བརྒྱ་བརྒྱའི་མཚམས་ལ་སྟེང་དུ་འོང་བ་འཛོམ་ནས་གཉའ་ཤིང་གིས་བུག་པར་རུས་སྦལ་གྱི་མགྲིན་པ་ཆུད་པ་ལས་ནི། མིའི་ལུས་རྟེན་རྙེད་པར་དཀའ་བའི་ཚུལ་དེ་བཞིན་གཤེགས་པས་གསུངས་སོ།། །།བཞི་པ་གྲངས་ཀྱི་ཁྱད་པར་བསམ་པ་ནི། སེམས་ཅན་གྱི་གྲངས་དང་རིམ་པ་ལ་ལྟོས་ནའང་མི་ལུས་ཐོབ་པ་སྲིད་པ་ཙམ་སྟེ། འདི་ལྟར་དམྱལ་བ་མཚན་མོའི་སྐར་མ་ཙམ་ལ་ཡི་དྭགས་ཉིན་མོའི་སྐར་མ་ཙམ། ཡི་དྭགས་མཚན་མོའི་སྐར་མ་ཙམ་ལ་དུད་འགྲོ་ཉིན་མོའི་སྐར་མ་ཙམ། དུད་འགྲོ་མཚན་མོའི་སྐར་མ་ཙམ་ལ་བདེ་འགྲོ་ཉིན་མོའི་སྐར་མ་ཙམ་ལས་མེད་པའི་ཚུལ་མཐོང་ཆོས་སུ་མིའི་ལུས་རྟེན་གཅིག་ལ་ཕྱི་ནང་གི་སྲིན་བུ་ཇི་ལྟར་གནས་པ་རྟགས་པས་ཤེས་ལ། མི་ཡང་ཆོས་ཀྱི་སྣང་བ་བྲལ་བ་དང་། ཆོས་ལས་ཉམས་པ་

(༨༧༠)རྣམས་ལ་དཔགས་ན་ཆོས་བཞིན་སྤྱོད་པ་ཤིན་ཏུ་ཉུང་བས་སྤྱིར་མིའི་ལུས་རྟེན་ཙམ་དང་། ཁྱད་པར་ཆོས་ལྡན་གྱི་ལུས་ཐོབ་པར་དཀའ་བ་ལ་ལེགས་པར་བསམས་ནས་དལ་འབྱོར་རྙེད་དཀའ་ལ་ངེས་ཤེས་བསྐྱེད་དོ།། །།གཉིས་པ་ཚེ་མི་རྟག་པ་བསམ་པ་ལ། དང་པོ་སྣོད་ཀྱི་འཇིག་རྟེན་ལ་བསམ་སྟེ་མི་རྟག་པ་སྒོམ་པ་ནི། འདི་ལྟར་གླིང་བཞི་རི་རབ་ལྷ་གནས་དང་བཅས་པའི་རབ་སྲ་ཞིང་བརྟན་པ། བསྐལ་པའི་བར་དུ་གནས་པ་འདི་དག་ཀྱང་ནམ་ཞིག་འཇིག་པའི་དུས་ལ་བབ་ན་མེ་བདུན་དང་ཆུ་གཅིག་གིས་ཐལ་བ་ཙམ་ཡང་ལུས་པར་མི་འགྱུར་བ་ལ་བསམ་སྟེ་སྐྱོ་བ་བསྐྱེད་དོ། །གཉིས་པ་བཅུད་ཀྱི་འགྲོ་བ་མི་རྟག་པར་སྒོམ་པ་ནི། ཚེ་བསྐལ་པར་།ཐུབ་ཅིང་། གཟི་བརྗིད་ཕུན་སུམ་ཚོགས་པའི་ལྷ་དང་དྲང་སྲོང་རྣམས་ཀྱང་འཆི་བའི་གནས་སྐབས་ལས་མ་ཐར་ན། རང་རེ་འཛམ་བུའི་གླིང་པ་ཚེ་ལ་ངེས་པ་མེད་པའི་གནས་སུ་དུས་ཀྱི་ཐ་མར་སྐྱེས་པས་ད་ནི་མྱུར་དུ་

(༨༧༡)འཆི། །སྔོན་དར་ཞིང་རྒྱས་པའི་གྲོང་སྡེ་དང་། དགོན་གནས་སྟོངས་པའི་ཤུལ་འདི་དག་ལའང་དང་པོར་སྐྱེས་བུའི་བདག་བཟང་པོ་རེ་ཡོད་པ་ཡིན་ཏེ་ད་ལྟའི་གནས་སྐབས་ན་བྱ་བྱིའུའི་ཚང་དུ་སོང་། རང་གི་དྲན་པ་ཙམ་ན་ཡོད་པའི་ཕ་མ་ཉེ་ལྟོས་ཡུལ་མི། ཁྱིམ་མཛེས་སྒོ་ཕྱུགས་སོགས་ཇི་སྙེད་མཆིས་པ་ལས་དེ་དག་ཕལ་ཆེར་མེད་ཅིང་ན་ནིང་ཡོད་པའང་ད་ལོ་མེད་པའི་དུས་ལ་ལྟོས། ཁྱད་པར་ད་ལྟའི་གནས་སྐབས་ན་རང་གི་ལུས་ཡན་ལག་དང་ཉིད་ལག་ཚོགས་པ་འདི་དག་ལ་ཟས་གོས་བཟང་པོ་སྦྱར། རྒྱན་དང་སྤྱོད་ལམ་གཟབ་ཀྱང་ཉིན་ཞག་རེས་མི་ཚེ་ཐུང་དུ་སོང་བས་རིང་པོ་མི་ཐོགས་པར་འཆི་བས་སླེབས་ཏེ་དབུགས་ནི་ངར། བཀྲག་མདངས་ཉམས། ཡན་ལག་གཡོ་བ། འདུ་ཤེས་འཁྲུལ། རོལ་ལིང་གི་སོང་ནས་ཐ་གུས་བསྡམས། །ཡོལ་བས་སྒྲིབ། དུར་ཁྲོད་དུ་སྒྲེན་མོར་འདོར། ཡན་ལག་དང་ཉིང་ལག་འདྲ་ལ།

(༨༧༢)བྱ་རྒོད་དང་ཅན་གཟན་གྱི་ཟ། སྐྲ་དང་རུས་དུམ་ཀྱང་ཕན་ཚུན་དུ་འཐོར་བའི་སྐབས་ན། ཉེ་དུ་དང་ལོངས་སྤྱོད་ནི་རྗེས་སུ་མི་འབྲང་། བློས་ནི་མི་ཐོངས། ལས་འབའ་ཞིག་གི་རྗེས་སུ་འགྲོ་བའི་དུས་དེ་ནི་དེ་རིང་གི་ཉིན་ནུབ་ལའང་མི་འབྱུང་བའི་གདེངས་མེད་པས་ཤིན་ཏུ་བཟོད་པར་དཀའ་སྙམ་དུ་འདུན་པ་དྲག་པོས་དྲན་པར་བྱས་ནས་འགྲོ་འདུག་ཉལ་གསུམ་ཐམས་ཅད་ལ་འཇིག་རྟེན་འདིའི་སྤྱོད་ལམ་གྱི་ཐ་མ་ཡིན་ནོ་ཞེས་ངག་ཏུའང་བརྗོད་ལ་ཡིད་ལ་དུང་ངེ་སྒོམ་པར་བྱའོ། །དོན་གསུམ་པ་འཁོར་བའི་ཉིས་དམིགས་བསམ་པ་ལ། སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། །འདི་ལྟར་འཁོར་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་འགྲོ་བའི་གནས་རིགས་དྲུག་ཏུ་རྒྱུད་མར་འཁོར་བའི་ལུས་རྟེན་འདི་མ་བཟུང་བྱ་བ་དང་། ཕན་ཚུན་ཕ་མ་དང་དགྲ་གཉེན་བཏང་སྙོམས་མ་བྱས་པ་གཅིག་ཀྱང་མེད་ལ། དེ་ལྟར་མེད་པས་ཕ་མ་དང་གཉེན་བཤེས་ཀྱི་ཚེ་ཕན་བཏགས། དགྲའི་ཚེ་གནོད་པ་བྱས། འདོད་པའི་ཕྱིར་མགོ་དང་ཡན་ལག་དང་ཉིང་

(༨༧༣)ལག་གཏུབས་པའང་གྲངས་ཀྱི་མི་ཆོད། སྲོག་ཆགས་ཕྲ་མོར་སྐྱེས་པའི་ཡན་ལག་རྣམས་གཅིག་ཏུ་སྡོམས་ན་རི་རབ་ལས་ཀྱང་མཐོ། དུས་པ་གཅིག་པོའི་མཆི་མ་བསགས་ཀྱང་རྒྱ་མཚོ་ཙམ་འོད་ངེས། ཚངས་པ་དང་ལྷའི་དབང་པོ་ལྟ་བུར་ཚེ་རིང་ཞིང་གཟུགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པའང་ཤི་ནས་ངན་སོང་གི་སྡུག་བསྔལ་ཉམ་ཐག་པ་ལ་སྤྱོད་པ་ཡོད་ན་ལུས་རྟེན་འདིར་དབང་ཕྱུག་དང་ནད་མེད་པ་ལ་སོགས་པའི་བདེ་བ་ཅུང་ཟད་ཙམ་པ་ནི་ལོ་ཤས་དང་ཟླ་བ་ཞག་འགའ་ཙམ་པའི་མགོ་སྐོར་ཏེ་མཐོ་རིས་ཀྱི་བདེ་འབྲས་ཟད་ནས་ཤིན་ཏུ་དབུལ་ཞིང་ཉམ་ཐག་པའམ། ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་ལ་མི་འདོད་བཞིན་དུ་སྤྱོད་དགོས་པས་ད་ལྟའི་བདེ་སྐྱིད་རྨི་ལམ་བདོ་འཕྲོ་ལ་སད་པ་ལྟ་བུ་འདི་ལ་སྙིང་པོ་ཅི་ཞིག་ཡོད། དེ་བས་ད་རེས་ཀྱི་ཚེ་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བ་ཞིག་ཅི་ནས་ཀྱང་བྱེད་

(༨༧༤)དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཆང་བར་ཉམས་སུ་བླང་ངོ་། །གཉིས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལ་དྲུག་ལས། དང་པོ་དམྱལ་བ་ལ་སྡེ་ཚན་བཅོ་བརྒྱད་ཀྱི་ཚ་དམྱལ་བརྒྱད་ནི། གཞི་དང་ཁོར་ཡུག་ཐམས་ཅད་མགར་གྱི་ལྕགས་བསྲེགས་ལྟ་བུ་ལས་རྡོག་པ་བཞག་ས་ཙམ་གྱི་བདེ་བར་མངོན་པའང་མེ་ལྕེའི་ཀློང་ཤིན་ཏུ་དཔལ་ཚ་བ་ནི་བརྒྱད་པོའི་གནས་སྤྱི་མཐུན་ཡིན་ལ། །དེ་ལས་ཡང་སོས་ཞེས་བྱ་བ་ནི། མདག་མེའི་ཀློང་དུ་དམྱལ་བ་བ་དེ་དག་འདུས་ནས་ཕན་ཚུན་དགྲ་མི་ཤ་བོར་མཐོང་བའི་ཞེ་སྡང་གི་སེམས་ཀྱིས་མཚོན་ཆ་བརྡེག་རེས་འབའ་ཞིག་བྱེད་པས་ཤི་མ་ཐག་ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག །ཅེས་པའི་སྒྲ་གྲག་མ་ཐག་ཡང་སོས་ནས་ལས་མ་ཟད་ཀྱི་བར་སྡུག་བསྔལ་སྔར་ལྟར་མྱོང་བར་སོས་ཅེས་མྱོང་བྱའི་ལས་ལ་མིང་བཏགས་པའོ། །དེའི་ཚུལ་རང་རྒྱུད་ལ་མངོན་སུམ་བྱུང་བ་བཞིན་ཉམས་སུ་བསྟན་ནས་བསྒོམས་

(༨༧༥)པའི་རྗེས་ཤེས་ལ། ད་ལྟ་དམིགས་བས་སྒོམས་པ་ཙམ་ལའང་འདི་ལྟར་སྡུག་བསྔལ་ན། མངོན་སུམ་པའི་ལས་ལ་སྤྱོད་དུས་ཇི་ལྟར་བཟོད། དམྱལ་བར་སྐྱེ་བའི་རྒྱུའི་གཙོ་བོ་ནི་ཞེ་སྡང་གི་སེམས་ཡིན་ན་ལས་དེའི་རྒྱུ་ནི་མང་པོ་ཞིག་སྔོན་ནས་ད་ལྟའི་བར་འདུ་བྱས་པས། བདག་ཀྱང་མི་འདོད་བཞིན་དུ་ལས་དེའི་འབྲས་བུ་ལ་གདོན་མི་ཟ་བར་སྤྱོད་དགོས་པས་ཇི་ལྟར་བཟོད་སྙམ་དུ་འཇིགས་པ་དང་། སྔོན་ཆད་ཀྱི་ལས་ལ་འགྱོད་སེམས་དྲག་པོ་བསྐྱེད་ཅིང་བཤགས་སྡོམ་དང་། ཕྱིན་ཆད་བྱེད་རི་ཤི་སྙམ་དུ་རང་རྒྱུད་གཉེན་པོས་སྡོམ་ཞིང་། སྡུག་བསྔལ་དེའི་འབྲས་བུ་ལ་ད་ལྟ་མངོན་སུམ་པར་སྤྱོད་པའི་སེམས་ཅན་དམྱལ་བ་དང་། ཕྱི་ནས་འདུ་བྱེད་ཀྱི་རྒྱུ་ལ་སྤྱོད་པ་རྣམས་ལ་སྙིང་རྗེ་དྲག་པོ་སྒོམ་པ་ནི་རང་རྒྱུད་ཀྱི་སྡིག་པ་སྲབ་མོར་བྱེད་པའི་ཐབས་ཡང་དག་པ་ཡིན་པས་འོག་མ་ཐམས་ཅད་ལའང་དེ་ལྟར་ཤེས་པར་བྱའོ། །ཐིག་ནག་ནི།

(༨༧༦)གཤིན་རྗེའི་ཕ་ཉ་འཇིག་སུ་རུང་བ་རྣམས་ཀྱིས་ལུས་འགལ་དུ་མ་བཞིན་དུ་བསྲངས་བའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐིག་བརྒྱད་དང་། བཅུ་དྲུག་དང་དེ་བས་ཆེས་མང་བ་བཏབ་ནས་སོག་ལེ་རྣོན་པོས་སྤྱི་བོ་ནས་རྐང་མཐིལ་ལ་ཐུག་གི་བར་གཤོག་ཅིང་། དེ་མ་ཐག་འབྱར་ནས་ཡང་གཤོག་པའི་སྡུག་བསྔལ་དཔག་ཏུ་མེད་དོ། །བསྡུས་འཇོམས་ནི། ལྕགས་བསྲེགས་ཀྱི་ཡུལ་ལྗོངས་སུ་སོང་བ་ལས་རི་རྣམས་ཕན་ཚུན་རྟ་དང་རྔ་མོང་བ་ལང་ལ་སོགས་བའི་སྲོག་ཆགས་ཀྱི་མགོ་བརྙན་ལྟར་མཐོང་ནས་དེ་དག་ཕན་ཚུན་འཐབ་པའི་བར་སྒོང་པགས་བཞིན་དུ་བཅར་བ་དང་། རེས་འགའ་ལྕགས་གཏུན་དུ་ཐོ་ལུམ་མེ་འབར་བས་ཏིལ་བཞིན་དུ་བརྡུང་འཐག་བྱས་ཀྱང་མོད་ལ་སོས་པས་སྔར་བཞིན་དུ་སྡུག་བསྔལ་ལོ། ངུ་འབོད་ནི། ལྕགས་ཞུན་སྐོལ་བར་འཚོད་ཅིང་འོ་དོད་དྲག་པོ་འབོད་པའོ། །ངུ་འབོད་ཆེན་པོ་ནི། ལྕགས་ཁང་འབར་བ་ཉིས་རིམ་དུ་བཅུག་ནས་

(༨༧༧)སྒོ་འགྲིག་པ་སྡུག་བསྔལ་ཞིང་མོའི་ཐོ་བས་འཇོམས་པའོ། །ཚ་བ་ནི། ལྕགས་ཀྱི་ཡོལ་གོར་ཁྲོ་ཆུ་འབར་བར་ཆོད་ཅིང་། སྟེང་དུ་འཐོན་པའི་རེས་ལ་མགོ་ལ་ཐོ་ལུམ་བསྣུན་ནས་དྲན་བ་ཉམས་པའང་བདེ་བར་སྒོམ་པས་སྡུག་བསྔལ་ལོ། །རབ་ཏུ་ཚ་བ་ནི། །རབ་ཏུ་ཚ་བ་ནི། ལྕགས་ཁྱིམ་འབར་བའི་ནང་དུ་གསལ་ཤིང་རྩེ་གསུམ་པས་ཕྲག་པ་གཉིས་དང་སྤྱི་བོ་ལ་ཏ་ལ་མར་འབུགས་ཤིང་། ལྕགས་བསྲེགས་ཀྱི་སྣམ་བུས་ལུས་མེ་དང་ལ་བཀྲི་བས་ཤིན་ཏུ་སྡུག་བསྔལ་ལོ། །མནར་མེད་ནི། ལྕགས་ཁྱིམ་མེ་འབར་བ་ཉེ་འཁོར་ལྷག་པ་བཅུ་དྲུག་གིས་བསྐོར་བའི་ནང་དུ་ལུས་གཉིས་སུ་མེད་པར་བསྲེག་པས་སྡུག་བསྔལ་གྱི་ཆར་བ་ཤིན་ཏུ་ར་གས་ཤིང་འོ་དོད་འབོད་པའི་སྒྲ་ཙམ་ལས་ལུས་ཀྱིས་དངོས་པོ་ལྟར་མི་མངོན་ལ། ཐར་བར་འདོད་པས་སེམས་རྒྱུན་ཆད་མེད་པ་ལ་སྒོའི་རྣམ་པ་མཐོང་བ་དེ་ཡང་རིང་དུ་བྱེར་ཞིང་བཅད་པར་གྱུར་

(༨༧༨)པས་ཡི་མུག་བའི་སྡུག་བསྔལ་གསར་བ་མཐོང་བས་གནས་ཁང་གི་གནོད་པ་དང་། དེ་བཞིན་མདའ་བོ་ཆེ་དང་། དབྱུག་པ་དང་། ལྕགས་ཞུན་ཁར་ལྡུགས་པའི་ཕྱིའི་གནོད་པ་སོགས་མདོར་ན་དམྱལ་བ་སྔ་མ་བདུན་པོའི་སྡུག་བསྔལ་ཡང་རྟག་པར་འཆར་བས་ཚེ་ཚད་པར་བསྐལ་གཅིག་ཏུ་བདེ་བར་བསྟི་པའི་སྒབས་ཅུང་ཟད་ཙམ་ཡང་མེད་པས་མནར་མེད་བསྟིར་མེད་ཅེས་བཤད་པ་ཡིན་ནོ། །དེ་ལྟར་ཚ་དམྱལ་བརྒྱད་པོའང་རིམ་པས་ཚོར་བ་བདུན་འགྱུར་གྱི་རགས་པས་སྡུག་བསྔལ་བདུན་འགྱུར་གྱིས་ཆེ་ཆེ་བའི་ཚུལ་བློ་ལ་བླང་ཞིང་། སྡང་ཉམ་ཉེས་ཆེན་པོ་བྱུང་བའི་སར་ཕྱིན་ཆད་བགྲོད་པའི་བློ་སྣ་ལྡོག་པ་བཞིན་དུ། དེར་མི་སྐྱེ་བའི་ཐབས་ལ་འབད་པར་བྱའོ་སྙམ་དུ་བསྒོམ་པར་བྱའོ། །དེ་ལ་ཉེ་འཁོར་བ་ནི། མནར་མེད་ཀྱི་འཁོར་ལྷག་པ་བཅུ་དྲུག་ཡིན་ཏེ། ཕྱོགས་བཞི་སོ་སོ་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་ཆའི་ཐང་། རལ་གྲི་ལོ་མའི་ནགས་ཚལ་བཞི་བཞི་ཡོད་པ་ལས། མེ་

(༨༧༩)མུར་གྱི་འོབས་ནི། དམྱལ་བ་མནར་མེད་ཀྱི་ལས་བསྲབས་པ་དག་ཕྱིར་འཐོན་པ་ན་གྲིབ་མ་ནག་ངམ་པའི་འོབས་ལ་དགའ་ནས་སོང་བ་དང་། ཐལ་ཚན་གྱི་མ་དག་མེ་འབར་བའི་ནང་དུ་ཚུད་ནས་ཤ་རུས་འཚིག་པའོ། །དེ་བཞིན་དུ་ཆུ་ཀླུང་མཐོང་བ་ལ་ཕྱིན་པས། རོ་མྱགས་ཀྱི་འདམ་རྫབ་དྲི་ང་བར་ཚུད་ནས་སྲིན་བུ་ལྕགས་ཀྱི་མཆུ་རྣོན་ཅན་གྱིས་འབིགས་པའོ། །མཚོན་ཆའི་ཐང་ནི། ཐང་ཉམས་དགའ་བ་མཐོང་ནས་ཕྱིན་པ་ན། དེ་ཐམས་ཅད་ལྕགས་ཀྱི་ཐུར་མ་རྣོན་པོར་གཟིངས་པས་རྐང་པ་གང་བཞག་ཐལ་མར་འབིགས་ཤིང་བཏེགས་ན་སོས་པས་སྡུག་བསྔལ་ལོ། །ལོ་མའི་ཚལ་མཐོང་ནས་དགའ་སྟེ་ཕྱིན་པ་དང་། ལོ་མ་ཐམས་ཅད་རལ་གྲིར་གྱུར་པ་རླུང་གིས་བསྐྱོད་པའི་ཆར་གྱིས་ལུས་དུམ་བུར་གཅོད་པའོ། །གཞན་ཡང་ལྕགས་ཀྱི་ཤལ་མ་ལི་ཞེས་བྱ་བ། རིའི་རྩེ་ནས་རང་ལ་དགའ་གདུང་ཡོད་པའི་སྐྱེ་བོས་འབོད་པར་མཐོང་ནས་ཕྱིན་པ་ན། ལམ་དུ་ལྕགས་

(༨༨༠)།ཐུར་རྣོན་པོས་རྐང་པ་འབིགས་ཤིང་སྟེང་དུ་སླེབས་དུས་ཁྭ་ཏ་དང་བྱ་རྒོད་ཀྱིས་ཀླད་པ་དང་། མིག་ཚིལ་འབྲུ་ཞིང་། ཐུར་ནས་འབད་པར་མཐོང་ནས་ཕྱིན་པས་སྔར་བཞིན་འབིགས་ལ། དེའི་རྩེར་སླེབས་དུས་ལྕགས་ཀྱི་སྐྱེས་པ་དང་། བུད་མེད་མེ་འབར་བར་སོང་ནས་རང་ལ་འཁྱུད་པས་བསྲེག་ཅིང་ཟ་བར་བྱེད་དོ། །དེ་ནས་གྲང་དམྱལ་བརྒྱད་བསམ་པ་ནི། སྤྱི་མཐུན་དུ། གངས་རི་དང་ཆབ་རོམ་གྱི་ཁྲོད། སའི་རྣམ་པ་རྡོག་པ་བཞག་ས་ཙམ་ཡང་མི་མངོན་པ་ལ་བུ་ཡུག་འབའ་ཞིག་གིས་ལུས་སྤྲེབས་པའི་གནས་སུ། གཅེར་བུར་གྲང་བའི་ཉེན་ཆེས་བའི་ལུས་ལ་ཆུ་བུར་ཐོལ་གྱིས་བྱུང་བས་ཆུ་བུར་ཅན་ནོ། །དེ་རྡོ་ལ་ནས་རྨར་སོང་བས་ཆུ་བུར་རྡོལ་པའོ། །ཟུག་རྔུ་སྲན་མ་བཟོད་པའི་སོ་འཚིར་བས་སོ་ཐམ་ཐམ་པའོ། །སྨྲེ་སྔགས་རྒྱུན་མ་ཆད་པར་འདོན་པས་ཨ་ཆུ་ཆུའོ། །སྐད་ཀྱི་གདངས་ཆག་པས་ཤུགས་རིང་ཀྱི་ཧུད་དུ་འདོན་པའོ། །པགས་པ་བཞི་ཚལ་དུ་གས་པས་ཨུཏྤལ་ལྟར་གས་པའོ། །བརྒྱད་

(༨༨༡)ཚལ་དུ་གས་པས་པདྨ་ལྟར་གས་པའོ། །བཅུ་དྲུག་དང་སུམ་ཅུ་གཉིས་ལ་སོགས་གྲངས་མེད་དུ་གས་པས་པདྨ་ལྟར་ཆེར་གས་པ་དེ་ལྟར་གས་པའི་ནང་དུ་སྲོག་ཆགས་མཆུ་རྣོན་ཅན་ཞུགས་ནས་ཟ་ཞིང་གྲང་བས་སྡུག་བསྔལ་མི་བཟོད་པའི་ཚུལ་བརྒྱད་ལ་མིང་བརྒྱད་དུ་ཆགས་པའི་སྡུག་བསྔལ་བློ་ལ་བླང་ཚུལ་སྔ་མ་བཞིན་ནོ། །དེ་ནས་ཉི་ཚེ་བ་ནི། བྲག་དབར་དུ་བཅེར་བ་དང་། རྡོའི་ནང་དུ་འཐུམས་པ་དང་། ཆབ་རོམ་གྱི་ནང་རེངས་བ་དང་། ཆུ་ཚན་གྱི་ནང་དུ་འཚོད་པ་དང་། མེ་ནང་དུ་བསྲེག་པ་དང་། ཤིང་སྡོང་ལ་བཅད་གཏུབས་བྱས་པའི་ཉེར་ལེན་བདག་ཉིད་ཀྱི་ཚོར་བར་མངོན་ནས་ཡན་ལག་དང་ཉིང་ལག་བཅད་པའི་སྡུག་བསྔལ། གཏུན་དང་། ཕྱགས་མ་དང་། ཕྲུ་བ་དང་། སྒོ་དང་། སབ་མོ་དང་། ཀ་བ་དང་། སྒྱེད་བུ་དང་ །ཐེག་པ་ལ་སོགས་པ་རྟག་ཏུ་བཀོལ་ཞིང་སྤྱོད་པའི་གཟུགས་སུ་འདུ་ཤེས་པའི་སྡུག་བསྔལ་བཟོད་མི་ཕོད་པ་མྱོང་བ་

(༨༨༢)དང་། ལྕགས་ཀྱི་ཁང་པར་ཉིན་མོ་སྡུག་བསྔལ་ལ། མཚན་མོ་དེ་ལས་ལྡོག་པ་དང་། ཕན་ཚུན་གསོད་རེས་བྱེད་པ་སོགས་སྡུག་བསྔལ་གྱི་རྣམ་པ་མྱོང་ཚུལ་ཐ་དད་པ་བློ་ལ་བླང་ཞིང་སྐྱོ་ཤས་བསྐྱེད་པར་བྱའོ། །དེ་ནས་ཡི་དྭགས་ཀྱི་སྡུག་བསྔལ་ལ། བྱིངས་ན་གནས་པ་དང་མཁའ་ལ་རྒྱུ་བ་གཉིས་ཀྱིས། བྱིངས་གནས་ལ་གསུམ་ལས་སྤྱི་མཐུན་དུ། པགས་རུས་གཉིས་ཀྱི་བར་ཤ་མེད་པས་ཀེང་ཞིང་རིད་ལ། ལོ་ཟླ་མང་པོའི་བར་དུ་བཟའ་བཏུང་གི་སྒྲ་ཡང་མི་ཐོས་ན་མྱོང་བ་ལྟ་ཅི་སྨོས། ཕྱིའི་སྒྲིབ་པ་ཅན་ནི། ཚ་གྲང་གོ་ལྡོག་པ་ལ་སོགས་ཕྱིན་ཅི་ལོག་བཞི་དང་། ཆུ་ཀླུང་དང་། འབྲས་བུ་ལ་སོགས་པ་མཐོང་ནས་དེ་ལ་སྙེགས་པས་དེ་མ་ཐག་མེད་པར་གྱུར་པའི་ཤུལ་དུ་དམ་གྲོག་ཉམས་མི་དགའ་བ་དང་། མྱ་ངམ་གྱི་ཐང་དུ་མངོན་ལ། ཡང་ན་སྐྱེ་བོ་མཚོན་ཆ་ཐོགས་པས་བསྲུང་ཞིང་བརྡེག་བཙོག་འཕོག་པའི་སྡུག་བསྔལ་ལོ། །ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་མིག་ཙམ་བས་

(༨༨༣)རྒྱ་མཚོའི་ཆུ་འཐུངས་ཀྱང་མགྲིན་པ་རྟ་རྔ་ཙམ་དུ་མ་ཆུད་པའི་བར་ལ་ཁའི་དུགས་ཀྱིས་མོད་ལ་སྐམ་པ་དང་། ལྟོ་བ་ཡུལ་ལྗོངས་ཙམ་ཡན་ལག་འཇག་མ་ཙམ་གྱིས་མི་ཐེག །གལ་ཏེ་ཅུང་ཟད་རྙེད་ནའང་དེའི་ཁར་བྱེ་ཚན་འབར་བ་ཅན་དུ་འབབ་བས། མཚན་མོའི་ཆ་ཐམས་ཅད་ལ་གློ་སྙིང་ནས་མེ་འབར་ཞིང་སྣ་ནས་དུ་བ་འཐུལ་བས་ཟས་སྐོམ་གྱི་སྒྲིབ་པ་ཅན་ཞེས་བྱའོ། །སྒོ་ཁུད་ཀྱི་སྒྲིབ་པ་ཅན་ནི། ཡི་དྭགས་རེ་རེའི་ལུས་ལ་སྲོག་ཆགས་མང་པོའི་ཚངས་བཅས་ནས་ལུས་ཀྱི་ནང་ནས་ཟ་བར་བྱེད་ཅིང་། མདོར་ན་དེ་དག་རྣམས་ཕན་ཚུན་འཕྲད་ནའང་ཁྲོས་པའི་སེམས་ཀྱིས་བརྡེག་ཅིང་འཚོག་པ་དང་། མགྲིན་པ་ལས་ཝ་བ་བྱུང་བ་རྣམ་ཏུ་སྨིན་པ་ཁ་ཟས་སུ་བྱེད་དགོས་པ་སོགས་ཤིན་ཏུ་ཉམ་ཐག་པའོ། །གཉིས་པ་མཁའ་ལ་རྒྱུ་བའི་ཡི་དྭགས་ནི། སྨྱོ་བརྗེད་ལ་སོགས་པ་དང་། བཙན་དང་རྒྱལ་པོ་ལ་སོགས་གནོད་སྦྱིན་གྱི་རིགས་གཞན་ལ་འཚེ་བ་རྣམས་ཏེ། རྫུ་འཕྲུལ་དང་།

(༨༨༤)ལོངས་སྤྱོད་ཅུང་ཟད་ཡོད་ཀྱང་འཚེ་བ་མང་བས་མི་བརྟན་ཞིང་དུས་ཚིགས་ལོག་པ་དང་། སྔར་གྱི་གནད་ཆད་པའི་ཚོར་བ་དེ་རྟག་ཏུ་གདུང་ཞིང་། དེ་གཞན་ལ་སྤོ་བའི་བསམ་སྦྱོར་ངན་པ་དང་། ཁྱི་དང་བྱ་ལ་སོགས་པའི་རྣམ་པ་དང་ཉི་ཚེ་བ་དང་མཐུན་པའི་སྡུག་བསྔལ་དང་། ཕྱིན་ཅི་ལོག་བཞིའི་སྣང་བའང་ཐུན་མོང་དུ་འཆར་བས་ཉམ་ཐག་ལ། རྟག་ཏུ་གཞན་ལ་འཚེ་བའི་བསམ་སྦྱོར་ངན་པས་ཕྱི་མའི་སྡུག་བསྔལ་འདུ་བྱེད་པ་ལ་སོགས་ཏེ་ཉེས་པ་ཆེན་པོ་དང་ལྡན་པ་ཡིན་པས་གཤིན་རྗེའི་འཇིག་རྟེན་དུ་སོང་བ་ཞེས་བྱ་སྟེ་དེར་མི་སྐྱེ་བའི་ཐབས་ལ་འབད་དགོས་སྙམ་དུ་ཉམས་སུ་བླང་ངོ་། །དེ་ནས་དུད་འགྲོའི་སྡུག་བསྔལ་ནི། ཁ་འཐོར་བ་དང་བྱིངས་གནས་གཉིས་ལས། ཁ་འཐོར་བ་ནི། བྱ་དང་རི་དྭགས་ལ་སོགས་བདག་མེད་རྣམས་གཅིག་ལ་གཅིག་ཟ་ཞིང་། རྔོན་བ་དང་། གདོལ་པ་ལ་སོགས་པས་ཐབས་དུ་མས་སྲོག་དང་འབྲལ་བ་དང་། རྟ་གླང་མ་ཧེ་རུ་ལུག་ལ་སོགས་པ་བདག་ཏུ་བཟུང་བ་རྣམས་ནི་གོ་རར་

(༨༨༥)འཛུད་པ་དང་། ལས་ཀྱི་མནར་བ་དང་། སྣ་འབིགས་པ་དང་། བྱ་གཅོད་པ་དང་། གསོན་ཁྲག་འབྱིན་པ་དང་། གསོད་པ་དང་། དེ་ལ་ཡང་མཐའ་ཁོབ་པའི་རིགས་ཀྱི་དམྱལ་བ་པ་ལྟ་བུར་སྲོག་གཅོད་པ་ལ་སོགས་པ་མངོན་སུམ་དུ་མཐོང་ཞིང་ཐོས་པ་དང་། བྱིངས་གནས་ནི། ཐར་པ་ཆ་མཐུན་གྱི་དགེ་བ་སྤངས་པ་རྣམས་ཀྱིས་མྱོང་བྱར་གསུངས་པས་གླིང་པར་མུན་ནག་གི་རྒྱ་མཚོ་དང་། ཆུ་གཏེར་བཞིའི་ཁྱོན་ལ་གནས་ནས་གཅིག་ལ་གཅིག་ཟ་ཞིང་། སྣང་བའི་ཆ་ཅུང་ཟད་ཀྱང་མེད་པར་ཚ་གྲང་བཀྲེས་སྐོམ་གླེན་རྨོངས་ཀྱི་རྣམ་པ་ཀུན་ཏུ་མནར་བ་ཉིད་དེ། དེའི་རང་བཞིན་བློ་ཡུལ་དུ་མངོན་སུམ་བླང་ལ་སྐྱོ་ཤས་བསྐྱེད་བར་བྱའོ། །དེ་ནས་མིའི་སྡུག་བསྔལ་བསམ་པ་ལ། རྩ་བའི་སྡུག་བསྔལ་ཆེན་པོ་གསུམ་ལས། འགྱུར་བའི་སྡུག་བསྔལ་ནི། ད་ལྟ་བདེ་འགྲོའི་ལུས་རྟེན་རྙེད་ནས་བདེ་བ་ལྟར་ཡོད་ཀྱང་། འདིས་རྟག་མི་ཐུབ་པར་ཉིན་ཞག་རེའི་སྔ་ཕྱིའམ། སང་རེས་

(༨༨༦)ལ་སོགས་པར་ལུས་སེམས་ལ་སྡུག་བསྔལ་གསར་བ་གཅིག་བྱུང་ནས་གདུང་བ་ཆེན་པོ་འཕེལ་བ་མངོན་སུམ་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དེའི་ཡང་སྟེང་དུ་ད་དུང་བློ་བུར་བ་གཅིག་བརྩེགས་པ་དཔེར་ན་འགྱུར་བའི་སྡུག་བསྔལ་དེ་སྲིན་ཕོ་བར་ལངས་པ་ལྟ་བུ་ཡིན་ན། དེའི་སྟེང་དུ་རྒྱལ་པོའི་ཆད་པ་བྱུང་བ་ལྟ་བུའོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ད་ལྟ་བ་དེ་བ་ལྟར་སྣང་བ་མང་སྟེ། འདི་ལྟར་འཇིག་རྟེན་གྱི་ཕུན་ཚོགས་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ལམ་གྱི་བསྒྲུབས་པ་ཁོ་ནའི་ཕྱིར། སྐྱེད་མོས་ཚལ་གཅིག་ཏུ་རྩེད་སྣ་མང་པོས་ཉམས་དགའ་ཞིང་། ཚེ་ལོ་དང་། རྒྱན་པོ་འགྱེད་པ་ལ་སོགས་པའི་ཆོ་ཤ་དང་མྱོས་པར་བྱེད་པའི་བཟའ་བཏུང་གིས་ཚོར་བ་བདེ་བར་འཆར་བའི་གནས་སྐབས་དེ་ཙམ་ནས། དེ་ལྟར་སྤྱོད་པའི་རྒྱུ་ཐམས་ཅད་སྡིག་པ་འབའ་ཞིག་པའི་ཕྱིར་སླད་ནས་དེའི་འབྲས་བུ་སྡུག་བསྔལ་ཁོ་ན་འདུ་བྱེད་པ་དང་། དེ་བཞིན་དུ་གཞན་ལ་གནོད་པ་བྱས་པས་ཕྱིས་

(༨༨༧)རང་ལ་གནོད་ལན་འདུ་བྱེད་པ་ཆོས་ཉིད་ཡིན་པས་འདི་ན་འཇིག་རྟེན་པའི་ཉེ་བར་སྤྱོད་པ་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱང་ཕྲལ་དུ་སྡུག་བསྔལ་དུ་ལྟར་མི་མངོན་བས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱའོ། །དེ་ནས་སྐྱེ་རྒ་ན་འཆིའི་ཚུལ་ལ་བསམ་པ་ནི། དེ་ལ་མིའི་འགྲོ་བ་ནི་མངལ་ནས་སྐྱེ་བས་དྲི་ཟ་ཉེ་བར་འཁོར་བ་དང་ཕ་མའི་ཁུ་ཁྲག་འདྲེས་བ་ལས་མེར་མེར་པོ་ལ་སོགས་པའི་འགྱུར་བ་སྣ་ཚོགས་ཀྱིས་ལུས་ཆགས་ཤིང་། དབང་པོ་ཡུལ་ལ་སད་ནས་མའི་ལྟོ་བལ་སྐྱུག་བྲོ་བ་དང་། དྲི་ང་བ་དང་། འཁུམས་པ་དང་། དབུགས་འཐུམས་པ་དང་། མས་ཟས་གོས་སྤྱོད་ལམ་ཉེས་པ་ན་མེའི་ནང་ན་འདུག་པ་ལྟར་ཚ་བ་དང་། ཆུ་ནང་དུ་ཚུད་བ་ལྟར་གྲང་བ་དང་། རིས་ནོན་པ་ལྟ་བུ་དང་། གཡང་སར་ལྷུང་བ་ལྟ་བུ་དང་། སྟན་ལ་ལྷུང་ཞིང་ལག་པས་རེག་དུས་རྨ་རྨན་ལ་མཚོན་ཆས་བྲད་བ་ལྟ་བུ་དང་། ཁྲུས་བྱས་པ་ན་པགས་པ་བཤུས་པ་ལྟར་དཔལ་ཚ་བ་ལ་སོགས་ཏེ་སྐྱེ་བའི་སྡུག་བསྔལ་དཔག་ཏུ་མེད་དོ། །

(༨༨༨)དེ་ལྟར་སྐྱེས་ནས་ནི། ལང་ཚོ་སྨིན་པའི་ཚན་རེ་ཞིག་འཕེལ་བ་ལྟར་སྣང་ཡང་། ཚེ་ནི་འགྲིབ་པ་ལ་ཕྱོགས་ཤིང་རིང་པོ་མི་ཐོགས་པ་རྒས་པའི་སྡུག་བསྔལ་གྱིས་གཟིར་ནས་ལུས་ཀྱི་སྟོབས་ཉམས། ཞོ་ཤས་ཁུར་མི་བཟོད། ཟས་མི་འཇུ། མིག་འགྲིབ། རྣ་བ་འོ་ན། ལྕེ་ལྡིབ། དྲན་པ་རྨོངས། སོ་ཕྲེང་ཟགས། འདོད་པའི་ལོངས་སྤྱོད་ལ་དགའ་ཡང་སྤྱོད་པའི་མཐུ་མེད། ཚ་གྲང་གང་ཡང་མི་བཟོད་ཅིང་བློ་སྲབ་པའི་ཁར། ཕ་རོལ་གྱིས་བརྙས་ཤིང་སུན་འབྱིན་པས་ཚོར་བ་ཕལ་ཆེར་སྡུག་བསྔལ་དུ་འཆར་བ་མངོན་སུམ་དུ་མཐོང་བ་ལ་བསམ་མོ། །དེ་ལྟ་བུའི་ལུས་དེ་ཡང་འབྱུང་བཞི་འདུས་པའི་བདག་ཉིད་ཅན་ཡིན་པས་དེ་དག་ཕན་ཚུན་ཆ་མ་མཉམ་པ་ལས། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་སྟེ། ནད་སྣ་ཚོགས་པས་རྟག་ཏུ་གཟིར་ཞིང་། དེས་ཉེར་ལེན་གྱི་ཕུང་པོ་ལྔ་སྡུག་བསྔལ་འབའ་ཞིག་ལ་སྦྱོར་བས་དགའ་གདུང་གི་ཡུལ་དུ་གྱུར་པ་རྣམས་ཀྱང་དེ་ལས་ཕྱིན་ཅི་ལོག་ཏུ་འཆར་ཞིང་། ན་བའི་རྐྱེན་གྱིས་ནི། ཤི་བ་

(༨༨༩)འང་བློ་བུར་དུ་འོང་ངོ་སྙམ་པའི་འཇིགས་པ་དང་བཅས་པའི་ཚུལ་ལ་ལེགས་པར་བསམ་མོ། །དེ་ནས་འཆི་བ་ལ་བབ་པ་འབྱུང་སྟེ། མལ་དུ་ལྷུང་བ་ལས་ལྡང་མི་ཤེས་ཟས་སྐོམ་མཐོང་ཡང་ཡིད་ཁར་མི་འོང་། འཆི་བའི་ཚོར་བས་གདུང་བས་སྙིང་མི་དགའ། ཕོ་ཚོད་དང་སྙེམས་པའི་སྟངས་ཤོར། འཁྲུལ་སྣང་གི་སུན་མས་གཏུགས། སྐྱེས་ཆེན་པོ་འདེགས་པ་ལ་ཐུག །གཉེན་བཤེས་ཀྱི་མཐའ་བསྐོར་ཡང་བཤོལ་ནི་མི་ཐེབས། གནད་གཅོད་ཀྱི་སྡུག་བསྔལ་རང་གཅིག་པོས་མྱོང་། ལོངས་སྤྱོད་དཔག་ཏུ་མེད་པ་ཡོད་ཀྱང་ཁྱེར་དབང་ནི་མེད། བློས་ནི་མི་ཐོངས། རྗེས་སུ་ནི་མི་འབྲང་། ཡན་ལག་གཡོ་བ་ཅིང་། མིག་གཟི་བའི་ངང་ལ་འབྱུང་བ་སྡུད། འདུ་ཤེས་འཁྲུལ། མཆི་མ་སྐྱ་ཙ་རེ་འཇིག་རྟེན་ཕ་རོལ་ཏུ་འགྲོ། བར་དོའི་སྣང་བ་ནི་ཤར། དེ་ན་མགོན་སྐྱབས་ནི་མེད། སྣང་བ་ཐམས་ཅད་ནི་འཇིགས་སྐྲག །ཚོར་བ་ཐམས་ཅད་ནི་སྡུག་བསྔལ་ལ་སྤྱོད་པའི་ཚེ།

(༨༩༠)གཅེས་པར་བཟུང་བའི་ལུས་ནི་ཐ་གུས་བཅིངས། རྡོག་པས་བརྫིས། དུར་ཁྲོད་ཉམས་མི་དགའ་བར་འདོར། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་དྲི་ཟ་བའི་དུས་ལ་བབ་ཅིང་། དེ་ནས་ཀྱང་ལས་ཀྱི་ཕྱི་བཞིན་དུ་རང་དབང་མེད་པར་འགྲོ་དགོས་ན། ད་ལྟ་ཕན་ཆད་འཆི་བ་མ་དྲན་པས་དགྲ་འདུལ་གཉེན་སྐྱོང་། གནས་མལ་དང་ཟང་ཟིང་ལ་ཕྱི་ཚིས། ཉེ་དུ་འབྲེལ་ཅན་ལ་སོགས་པའི་དོན་དུ་ཆགས་སྡང་རྨོངས་གསུམ་གྱི་དུས་འདའ་བ་ནི་མཚང་རེ་ཆེ་སྙམ་དུ་བསམ་མོ། །དེ་ལྟར་བཞི་པོའི་སྟེང་དུ། དགྲ་ལ་སོགས་ཏེ་ཡུལ་གྱི་རྐྱེན་སྣང་མི་སྡུག་པ་དང་ཕྲད་ནས་མི་འདོད་བཞིན་དུ་སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བ་དང་། གཉེན་བཤེས་སམ། ཡིད་ལ་གཅེས་པའི་དངོས་པོ་དང་བྲལ་ནས་དེ་དག་གིས་ཡོན་ཏན་དང་རྣམ་འགྱུར་དྲན་པས་སེམས་གདུང་བ་དང་། འཇིག་རྟེན་ནི་རེ་དོགས་ཀྱི་རྣམ་པར་རྟོག་པའི་གཞན་དབང་ཅན་ཡིན་པས་དེ་དག་འདོད་པ་བཞིན་ཐོག་ཏུ་མ་ཁེལ་བའི་སྡུག་བསྔལ་དང་། སྡུག་བསྔལ་བདན་པའི་

(༨༩༡)ཉེ་བར་ལེན་པ་པོ་ཟག་བཅས་ཀྱི་ཕུང་པོ་དང་ལྡན་ཕྱིན་ཆད་གཟུགས་ལ་རྟེན་བཅས། ཚོར་བས་དེའི་རང་བཞིན་ཤེས། འདུ་ཤེས་ཀྱི་འབྲེལ་རྒྱུན་ཆགས། འདུ་བྱེད་ཀྱི་སླད་ཀྱི་ས་བོན་བསྒྲུབས། རྣམ་པར་ཤེས་པས་དེ་ལ་བདག་གི་བར་བལྟ་བའི་ཕྱིར་སྡུག་བསྔལ་གྱི་གནས་དང་། རྟེན་དང་། འབྱུང་ཁུངས་ཅན་དང་། རྟག་པར་འབྲེལ་བས་འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ཅན་ཞེས་བྱ་སྟེ། མིའི་འགྲོ་བ་རྣམས་ནི་ལྷག་པར་དུའང་རྣམ་པ་བརྒྱད་པོ་དེས་རྟག་ཏུ་སྡུག་བསྔལ་བའི་ཚུལ་ལ་སོགས་པར་བསམ་ཞིང་ངོ་ཤེས་པར་བྱས་ནས་སྐྱེ་བའི་རང་བཞིན་ལ་སྐྱོ་བར་བྱའོ། །དེ་ནས་ལྷ་མ་ཡིན་གྱི་སྡུག་བསྔལ་བསམ་པ་ནི། འཕེན་བྱེད་མི་དགེ་བས་འཕངས་པའི་རྒྱུས། ལུས་རྟེན་དེ་བཟུང་བ་ཙམ་ནས་ཕྲག་དོག་གི་འདུ་ཤེས་རགས་པས་རང་རང་གི་གནས་རིས་བརྩོད་ཅིང་འཚེ་བའི་ཆ་ལའང་ཕན་ཚུན་ཁ་སྨྲས་དང་འཐབ་བརྩོད་འབའ་ཞིག་གིས་ལུས་སེམས་འཁྲུག་

(༨༩༢)པས་རྒྱུན་དུ་མནར་བའི་སྟེང་། ལྷ་རྣམས་ཀྱི་དཔལ་འབྱོར་ལ་མི་བཟོད་པའི་ཕྲག་དོག་གིས་གཡུལ་གྱི་བྱ་བ་ཁོ་ནས་ཉོན་མོངས་ཤིང་གདུད་པ་དང་། དེ་ཡང་སྔོན་གྱི་བསོད་ནམས་ཀྱིས་ཁྱད་པར་ལས་ལྷ་རྣམས་ནི་མི་འཕྲེང་བདུན་ཙམ་གྱིས་མཐོ་ཞིང་གནད་ཆེ་སར་མཚོན་ཆ་མ་ཕོག་ན་མི་འཆིལ། ལྷ་མ་ཡིན་རྣམས་དེ་སྙེད་ཀྱིས་དམའ་ཞིང་གནད་སར་འཕོག་ན་དེ་མ་ཐག་འཆི་བའི་སྡུག་བསྔལ་ཉམས་སུ་མྱོང་ཞིང་། གལ་ཏེ་དེ་ན་བློ་དང་ལྡན་པ་རེ་ཙམ་ཡོད་སྲིད་ཀྱང་ལས་ཀྱི་སྒྲིབ་པས་ཉན་རང་གི་བདེན་པ་མི་མཐོང་བའི་སྐལ་བ་ངན་པ་ཅན་རྟག་ཏུ་འཐབ་བརྩོད་ཀྱི་སྡུག་བསྔལ་ལ་སྤྱོད་པའི་རང་བཞིན་ལ་བསམ་ཏེ་དེའི་རྒྱུ་འབྲས་སྤངས་པའི་ཐབས་ལ་འབད་པར་བྱའོ། །དེ་ནས་ལྷའི་སྡུག་བསྔལ་ནི། རྒྱལ་ཆེན་རིགས་བཞི་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་གྱི་འདོད་ཁམས་པ་རྣམས་ནི་རེ་ཞིག་བདེ་བ་ལྟར་སྣང་ཡང་། དེར་སྔ་མའི་ལས་དཀར་པོའི་ཆ་ཐམས་ཅད་ཟད་པར་བྱེད་

(༨༩༣)ལ། །གནས་སྐབས་ཀྱི་བདེ་བ་དེས་སྐྱོ་ཤས་དང་ངེས་འབྱུང་བྲལ་བས་ཕྱི་མའི་དོན་ལ་གཡེལ་ཞིང་སྔོན་གྱི་དགེ་བའི་ལས་ཟད་པ་དང་གནས་རིགས་དེ་ནས་འཆི་འཕོ་བའི་ལྕས་ལུས་ཀྱི་མདོག་ཉམས་པ་དང་། སྟན་པ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིངས་པ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་རྡུལ་འབྱུང་བ་ལྔ་མཐོང་བས་སྡངས་ཤིང་རྒྱལ་བའི་སྡུག་བསྔལ་ལྷའི་ཞག་བདུན་དུ་མྱང་བས་རིང་ཞིང་བཟོད་པར་དཀར། གཟུགས་དང་གཟུགས་མེད་གཉིས་ན་ཏིང་ངེ་འཛིན་གྱི་བདེ་བས་དར་ཅིག་འཚོ་ཡར། བསོད་ནམས་ཆ་མཐུན་གྱིས་འཕངས་བའི་འཇིག་རྟེན་པའི་བསམ་གཏན་ཡིན་པས་བདེན་པ་མཐོང་བའི་སྐལ་བ་མེད་པའི་རང་ལ་ལས་དེ་ཟད་ནས་སྲིད་པ་འོག་མར་ལྟུང་བའི་སྡུག་བསྔལ་འདུ་བྱེད་ཅིང་། ཕུང་པོ་ཉིད་མཚམས་སྦྱར་བས་འགྱུར་བའི་སྡུག་བསྔལ་ལ་སྤྱོད་པའི་ཕྱིར་ན་ཁམས་གསུམ་རིགས་དྲུག་གི་གནས་གང་

(༨༩༤)དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མེད་པའི་ཚུལ་ལེགས་པར་བསམ་ཞིང་། ད་རེས་འཁོར་བ་ལས་ཐར་བའི་ཐབས་ལ་མ་འབད་ན་ང་རེ་བླུན་སྙམ་དུ་ཞེ་དམ་དྲག་པོ་བཅའ་ཞིང་དགེ་བ་བསྔོ་བར་བྱའོ། །བཞི་པ་ལས་རྒྱུ་འབྲས་བསམ་པ་ལ། འདི་ལྟར་འཁོར་བ་ནི་ལས་ལས་སྐྱེ་ཞིང་། ལས་ཀྱི་འབྲས་བུས་བྱས་པ་ཡིན་པས་མཐོ་རིས་དང་ངན་སོང་གི་གནས་སུ་འགྲོ་བ་ལ་བྱེད་པ་པོ་གཞན་མེད་ཅིང་། སྟེས་དབང་གི་འགྲོ་བའང་མ་ཡིན་པས་རྣམ་པ་ཐམས་ཅད་དུ་དགེ་མི་དགེའི་རྒྱུ་འབྲས་ལ་དཔྱན་ནས་མི་དགེ་བའི་ཕྱོགས་སྤང་ཞིང་། དགེ་བའི་ཕྱོགས་བསྒྲུབ་པ་ལ་འབད་དགོས་ཏེ། དེ་ལ་སྤང་བྱ་མི་དགེ་བ་བཅུའི་དང་པོ་ལུས་ཀྱི་ལས་གསུམ་ལས་སྲོག་གཅོད་པ་ནི། ཀུན་སློང་གི་སྒོ་ནས་ཞེ་སྡང་ལ་བརྟེན་པས་དམྱལ་བ། འདོད་ཆགས་ལ་རྟེན་པས་ཡི་དྭགས། གཏི་མུག་ལ་བརྟེན་པས་དུད་འགྲོར་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུ་སྟེ་འོག་མ་ཐམས་ཅད་ལ་ཡང་མཚུངས་ལ། མྱོང་བ་

(༨༩༥)རྒྱུ་མཐུན་གྱི་འབྲེལ་བུ་མཐོ་རིས་ཐོབ་ཀྱང་ཚེ་ཐུང་ལ་ནད་མེད་མང་བའོ། དབང་གི་འབྲས་བུ་ནི་ཡུལ་ལ་སྨིན་བས། ས་ཕྱོགས་ཉམས་མི་དགའ་ཞིང་དམ་གྲོགས་དང་གཡང་ས་ཅན་ལ་སོགས་སྲོག་ལ་གནོད་པ་ཅན་དུ་སྐྱེ་བའོ། མ་བྱིན་བླངས་པའི་རྒྱུ་མཐུན་ནི་ལོངས་སྤྱོད་དབུལ་བ་དང་། ཅུང་ཟད་རྙེད་ན་ཡང་གཞན་དང་།ཐུན་མོང་དུ་བྱེད་དགོས་ལ། དབང་གི་འབྲས་བུར་ལོ་ཐོག་ལ་སད་སེར་སྡང་། ལྗོན་ཤིང་ལ་འབྲས་བུ་མི་ཆགས། མུ་གེ་ཡོད་པའི་སར་སྐྱེའོ། །དེ་འང་དེང་སང་འཇིག་རྟེན་ན་འཇབ་བུས་ལེན་པ་བརྐུ་བར་གྲགས་ཤིང་དེའི་ཉེས་དམིགས་ཆེ་ཤོས་དཀོན་མཆོག་གི་དཀོར་འཕྲོག་པ་དང་། གཞན་དབང་ཡོད་ཀྱིས་འཕྲོག་པ་དང་། ཚོང་དང་བྲ་སྲང་གི་གཡོ་སྒྱུས་ལེན་པ་རྣམས་ལ་ཅང་མི་བསམ་པ་མང་ཡང་མ་བྱིན་བླངས་པའི་སྒྲ་དོན་ལ་ཡང་དག་པར་ཞུགས་པས་བརྐུ་བའི་བྱེད་ལས་ཀྱི་ཁྱད་པར་ཙམ་དུ་ཤེས་པར་བྱའོ། །ལོག་པར་གཡེམ་

(༨༩༦)པ་ནི། ཉེས་དམིགས་ཆེ་ཤོས་གཞན་གྱི་སྡོམ་པ་གཏོང་བའི་རྐྱེན་བྱས་པ་དང་། རང་གི་ཁུ་བ་ཕྱུང་བ་དང་། གཞན་གྱིས་བདག་པ་དང་། གླ་བརྔན་སྤྲད་ཚར་བ་དང་། རང་དབང་ཡིན་ཀྱང་ཉིན་མོ་དང་། བསྙེན་གནས་བསྲུང་བ་དང་། ན་བ་དང་། སྦྲུམ་བ་དང་། མྱ་ངན་གྱིས་ནོན་པ་དང་། ཟླ་མཚན་ཡོད་པ་དང་། བད་མ་སངས་པ་དང་། དཀོན་ཅོག་གི་རྟེན་ཡོད་སར་བགྲོད་པ་དང་། ཕ་མ་དང་རིགས་ཀྱིས་བསྲུང་བ་དང་། མ་སྨིན་པའི་གཞོན་ནུ་མ་དང་། ཁ་དང་གཤང་ལམ་ལ་སོགས་པ་བགྲོད་པ་སྟེ། ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་ལོག་གཡེམ་གྱི་རྣམ་པ་ཐ་དད་པ་ཉམས་སུ་མྱོང་བའོ། །དེ་དག་གི་མྱོང་བ་རྒྱུ་མཐུན་ནི། ཁྱིམ་ཐབས་མི་མཛེས་ཤིང་ལྷོད་པ་ཅན་དང་། དགྲ་ཟླ་ལྟ་བུ་འབྱུང་ངོ་། །དབང་གི་འབྲས་བུར་གཤང་གཅི་དང་། འདབ་རྫབ་ལ་སོགས་པ་དྲི་ང་བའི་གནས་ཡིད་དུ་མི་འོང་བར་གནས་དགོས་པའོ། །གཉིས་པ་དག་གི་རྣམ་པ་བཞི་

(༨༩༧)ལས། རྫུན་ནི། གཞན་བསླུ་བའི་བསམ་པས་བདེན་པ་མ་ཡིན་པར་སྨྲས་པ་ཐམས་ཅད། ཁྱད་པར་ས་མ་ཐོབ་པར་ཐོབ། །མངོན་ཤེས་མེད་པར་ཡོད་ཟེར་བ་ལ་སོགས་པ་དང་། བྱེ་བྲག་ཏུ་སངས་རྒྱས་ལ་བསྐུར་བ་འདེབས་པ་གང་ཡིན་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར་རང་ཉིད་ལ་སྐུར་པ་མང་ཞིང་། གཞན་གྱིས་བསླུ་བར་བྱེད། དབང་གི་འབྲས་བུར་འབྱོར་པ་མི་བརྟན་ཞིང་རྟག་ཏུ་ཤེས་བ་རྟབས་ཤིང་སྐྲག་པའི་ཡུལ་རྐྱེན་དང་ཕྲད་དོ། །ཕྲ་མ་ནི། འབྱེད་པའི་བསམ་པས་གཞན་མི་མཐུན་པར་བཅོས་པ་མཐའ་དག་དང་། ཁྱད་པར་དགེ་འདུན་གྱི་ད་བྱེན་བྱས་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུ་ནི། འཁོར་གཡོག་མི་མཐུན་པ་དང་། བདག་ཉིད་ལ་རྒོལ་བ་ཅན་འབྱུང་ངོ་། །དབང་གི་འབྲས་བུ་ནི། ཡུལ་ངམ་གྲོག་དང་གཅོད་རོང་ཅན་ལ་སོགས་བགྲོད་དཀའ་བར་གནས་དགོས་པའོ། །ཚིག་རྩུབ་ནི། སྐྱེ་བོ་བྱད་མི་མཛེས་པ་ལྟ་བུ་ལ་

(༨༩༨)དེའི་སྐྱོན་མངོན་འགྱུར་དུ་སྒྲོག་པ་ལྟ་བུས་མཚོན། མདོར་ན་ཕ་རོལ་པོའི་སྙིང་ལ་ཚོར་མ་ལྟ་བུར་འགྱུར་བ་མཐའ་དག་དང་། ཁྱད་པར་འཕགས་པ་རྣམས་ལ་མི་སྙན་པར་བརྗོད་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར་རྟག་ཏུ་མི་སྙན་པ་ཐོས་ཤིང་རང་གི་སྨྲས་པའང་འཐབ་མོའི་ཚིག་ཏུ་འགྱུར་རོ། །དབང་གི་འབྲས་བུ་ནི། རྡོ་གསེག་དང་ཚེར་མ་ཅན་ལ་སོགས་པའི་ས་ཕྱོགས་ཡིད་མི་བདེ་བར་གནས་དགོས་པའོ། །ངག་འཁྱལ་ནི། བྲམ་ཟེའི་གསང་སྔགས་སོགས་ཆོས་མ་ཡིན་པ་ཆོས་སུ་སེམས་པ་དང་། སྨད་འཚོང་མའི་གཏམ་དང་ཆགས་སེམས་ཀྱི་གླུས་ཆོས་རྣམ་པར་གཡེང་བ་པ་དང་། དམག་དང་ཆོམ་རྐུན་ལ་སོགས་ཆགས་སྡང་གི་ཚིག་དག་གོ། དེའི་རྒྱུ་མཐུན་གྱི་འབྲས་བུར། རང་གི་ཚིག་མི་བཙུན་ཞིང་སྤོབས་པ་ཆུང་བའོ། དབང་གི་འབྲས་བུར་སོ་ནམས་བྱས་ཀྱང་འབྲས་བུ་མི་འབྱུང་། དུས་ཚིགས་ལོག་ཅིང་མི་བརྟན་པའོ། །དེ་ལྟར་ལུས་ངག་གི་ལས་

(༨༩༩)བདུན་པོ་ནི་བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་ཅན་ཡིན་པས། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ཚང་བ་ལས་དེའི་ནུས་པ་རྫོགས་པའོ། །གསུམ་པ་ཡིད་ཀྱི་རྣམ་པ་གསུམ་ལས། བརྣབ་སེམས་ནི། གཞན་གྱི་དངོས་པོ་ལ་ཆགས་ནས་ཡིད་ཀྱི་རྩོལ་བས་རོ་མྱང་ཞིང་འཁུ་སེམས་ཀྱིས་བདག་གིར་བྱེད་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར། ཡིད་ལ་བསམས་པ་མི་འགྲུབ་ཅིང་། མི་འདོད་པ་ཐོག་ཏུ་འབབ་པའོ། །དབང་འབྲས་ནི། ལོ་ཐོག་ཉེས་ཤིང་གནས་དུས་ངན་པའི་སྡུག་བསྔལ་མང་པོ་འབྱུང་ངོ་། །གནོད་སེམས་ནི། གཞན་ལ་ཞེ་སྡང་དང་ཁོང་ཁྲོའི་སེམས་ཀྱིས་ཀུན་ནས་མནར་འདོད་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར། རྟག་ཏུ་འཇིགས་པ་དང་། འཚེ་བ་མང་། དབང་འབྲས་ནི། སྡིག་སྤྱོད་རྒྱལ་པོ་དང་། ཆོམ་རྐུན། སྤྲུལ་དང་གཅན་གཟན་ལ་སོགས་པའི་འཇིགས་པ་

(༩༠༠)འབྱུང་ངོ་། །ལོག་ལྟ་ནི། རྒྱུ་འབྲས་མི་བདེན་ནོ་སྙམ་པ་དང་། རྟག་ཆད་དུ་བལྟ་བ་ལ་མཆོག་ཏུ་འཛིན་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར། ལྟ་བ་ངན་པ་ལ་གནས་ཤིང་། གཡོ་སྒྱུས་སེམས་འཁྲུགས་བའོ། །དབང་གི་འབྲས་བུར། འབྱོར་པ་ཉུང་ཞིང་། སྐྱབས་དང་དབུང་གཉེན་མེད་པར་སྐྱེའོ། །དེ་ལྟར་ཡིད་ཀྱི་གསུམ་པོ་ནི། །བརྟེན་མེད་ཐོགས་བཅས་ཀྱི་གཟུགས་སུ་འདུ་བས། ཡན་ལག་གཉིས་གཉིས་ཀྱི་རྫོགས་པའོ། །དེ་ལྟའི་མི་དགེ་བ་བཅུ་ཆར་ལ་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི་སླར་ཡང་དེ་དང་མཐུན་པའི་ལུས་རྟེན་ཐོབ་ནས་སྔ་མའི་སྤྱོད་པ་ངན་པ་ལ་འཇུག །ལས་མུ་མཐའ་མེད་པར་འཕེལ་ནས་སྡུག་བསྔལ་རྒྱ་ཆེན་པོ་མྱོང་བའོ། །དེའི་ཕྱིར་རྒྱུ་མི་དགེ་བ་བཅུ་དང་། དེའི་འབྲས་བུར་སྡུག་བསྔལ་ཐ་དད་པ་མྱོང་ཚུལ་ཤེས་པར་བྱས་ནས་མི་དགེ་བ་བཅུ་ལ་སྤོང་སེམས་བརྟན་པ་དང་། དགེ་བ་བཅུའི་འབྲས་བུ་ལ་བྲོད་པ་བསྐྱེད་ནས་དང་དུ་བླང་བའི་ཚུལ་སྲོག་གཅོད་སྤངས་བས་ཚེ་

(༩༠༡)རིང་ཞིང་ནད་མྱོང་། མ་བྱིན་ལེན་སྤངས་པས་ལོངས་སྤྱོད་དང་ལྡན། འདོད་ལོག་སྤངས་པས་ཁྱིམ་ཐབས་མཛེས་ཤིང་དགྲ་ཟླ་ཉུང་། རྫུན་སྤངས་པས་ཀུན་གྱིས་བསྟོད་ཅིང་བྱམས། ཕྲ་མ་སྤངས་པས་འཁོར་གཡོག་གུས། ཚིག་རྩུབ་སྤངས་པས་སྙན་པར་ཐོས། ངག་འཁྱལ་སྤངས་པས་ཚིག་བཙན། བརྣབ་སེམས་སྤངས་པས་བསམ་དོན་འགྲུབ། གནོད་སེམས་སྤངས་པས་འཚེ་བ་དང་བྲལ། ལོག་ལྟ་སྤངས་པས་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ། དེའི་ཕྱིར་ན་བདག་གི་བསོད་ནམས་ཆ་མཐུན་གྱི་དཀར་པོའི་རྒྱུ་འབད་པས་བསྒྲུབ་པོ་སྙམ་དུ་བློ་སྟོབས་བསྐྱེད་པར་བྱའོ།། །།ལྔ་པ་ཐར་པའི་ཕན་ཡོན་བསམ་པ་ནི། ཉན་ཐོས། རང་རྒྱལ། རྫོགས་སངས་རྒྱས་གསུམ་གྱི་གོ་འཕངས་གང་ཐོབ་ཀྱང་། ཞི་བ་བསིལ་བ། འཁོར་བའི་སྡུག་བསྔལ་གྱི་ཕྲང་ལས་ཐར་བ་ཅན་ཡིན་པས་ང་

(༩༠༢)རེ་དགའ། དེའི་ནང་ཚན་ལས་ཀྱང་ད་རེས་ཐེག་པ་ཆེན་པོ་དང་མཇལ་བས་དགེ་བ་བཅུ་དང་ཚད་མེད་བཞི་དང་། ཕར་ཕྱིན་དྲུག་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། ཞི་ལྷག་གཉིས་ལ་སོགས་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཁོ་ན་འདོད་པས་བསྒྲུབ་པར་བྱ་སྙམ་དུ་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ། རྗེས་བསྔོ་སྨོན་གྱི་རྒྱས་ཐེབས་པའི་དམ་པ་གསུམ་གྱིས་ཟིན་པས་ཉམས་སུ་བླང་ངོ་།། །།དྲུག་པ་དགེ་བའི་བཤེས་གཉེན་བསྟེན་པ་ནི། བླ་མ་མ་བསྟེན་པར་སངས་རྒྱས་འགྲུབ་པའི་ལོ་རྒྱུས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་མ་གསུངས། མཐོང་ཆོས་སུའང་རང་བཟོ་དང་། ཕོ་ཚོད་ཀྱིས་ས་ལམ་གྱི་ཡོན་ཏན་སྐྱེས་པ་གཅིག་ཀྱང་མེད། འདི་ལྟར་རང་དང་བཅས་པའི་སེམས་ཅན་ཐམས་ཅད་ལོག་པའི་ལས་ལ་རྣམ་རིག་བཟོ་བ་ཉིད་དེ། ཐར་པ་དང་རྣམ་མཁྱེན་གྱི་ལམ་ལ་ལོང་བ་བཤེས་མེད་ཐང་

(༩༠༣)སྟོངས་སུ་མགེ་འཁོར་བ་དང་མཚུངས། དཔེར་ན་དེད་དཔོན་ལ་མ་བསྟེན་པར་རིན་པོ་ཆེའི་གླིང་ནས་ནོར་བུ་བླངས་པའི་དཔེ་མེད། དེ་བས་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་མཁན་མངོན་སུམ་པའི་ཕྱིར། གུས་པས་བསྟེན། སྤྱི་བོས་མཆོད། ཅི་གསུངས་བསྒྲུབས། མི་མཉེས་པ་སྐད་ཅིག་མ་ཙམ་ཡང་མེད་པར་བསྟེན་པའི་ཡོན་ཏན་ནི་བསམ་ལས་འདས་པ་ལ་སྤྲོ་བ་བསྐྱེད་སྡིག་གྲོགས་དང་རྨོངས་བའི་གཞན་དབང་དུ་མ་སོང་བར་བླ་མ་བསྟེན་པའི་ཚུལ་ལ་སྐྱོ་དུབ་མེད་པ་དང་། ཚེ་རབས་གཞན་དུའང་བླ་མ་དམ་པ་དང་མཇལ་ནས་ཐུགས་རྗེས་འཛིན་པའི་སྨོན་ལམ་གདབ་པ་ལ་འབད་པར་བྱའོ། །ཞེས་པའང་རྫོགས་ཆེན་བ་རང་བྱུང་རྡོ་རྗེས་སོ།།

(༩༠༤)

(༩༠༥)རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་ཡིག་དྲན་པ་ཉེར་གཞག་བཞུགས་སོ། །

(༩༠༦)འུྃ༔ རང་བྱུང་གདོད་མའི་དབྱིངས་ལ་ཕྱག་འཚལ་ལོ། །མཐུན་མོང་གི་སྔོན་འགྲོ་སེམས་སྦྱངས་རྣམ་པ་བདུན་གྱི་རྒྱུད་ལས་སུ་རུང་བར་བྱས་ནས་མཐུན་མོང་མ་ཡིན་པ་དང་། ཁྱད་པར་གྱི་སྔོན་འགྲོས་གོ་ཕྱེ་ནས་རང་བཞིན་རྫོགས་པ་ཆེན་པོ་སྙིང་ཏིག་འོད་གསལ་ཐེག་མཆོག་རྒྱལ་པོའི་གོ་འཕང་མཆོག་ལ་བཞག་པར་བྱ་བ་ནི། ཁྲིད་ཚུལ་གྱི་རིམ་པ་མང་དུ་བྱུང་བས་སྙིང་ཏིག་གི་བསྟན་པ་རི་མོའི་མར་མེ་ལྟ་བུར་གྱུར་པ་ལ་ཡིད་བྱུང་ནས་ཐེག་མཆོག་འདིའི་བསྟན་པའི་བདག་པོ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱི་དགོངས་པ་སོར་བཞག་སྟེ་བསྟན་པ་གཞི་བཞེངས་སུ་སློང་བར་དམ་བཅའོ། །དེ་ལ་དང་པོར་སྐྱབས་སུ་འགྲོ་བ་ལ་གསུམ། ཁྱད་པར་དབྱེ་བ། སྐྱབས་སུ་འགྲོ་ཚུལ། ཕན་ཡོན་བསམ་པ་ལས་དང་པོ་ནི། འདི་ལྟར་ངན་སོང་གསུམ་གྱིས་སྡུག་བསྔལ་ལ་འཇིགས་ནས། བདེ་འགྲོ་མཐོ་རིས་ཀྱི་བདེ་བ་ཙམ་

(༩༠༧)འུྃ༔ དོན་དུ་གཉེར་བའི་ཕྱིར། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆུང་ངུ་ཞེས་བྱ་སྟེ། འབྲས་བུ་གནས་སྐབས་ཀྱི་བདེ་བ་ཙམ་དོན་དུ་གཉེར་བ་ལས་གཞན་མེད་པའི་ཕྱིར་རོ། །འཁོར་བའི་སྡུག་བསྔལ་ལ་སྐྲག་ནས་རང་ཉིད་གཅིག་པུ་ཞི་བདེ་དོན་དུ་གཉེར་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་འབྲིང་པོ་ཞེས་བྱ་སྟེ། འཁོར་བ་ལས་རང་ཉིད་ཐར་ཙམ་པའི་འབྲས་བུ་ལ་དམིགས་པའི་ཕྱིར་རོ། །མཐའ་མེད་པའི་འཁོར་བའི་འཁོར་བའི་སེམས་ཅན་གཞན་རྣམས་ཀྱི་སྡུག་བསྔལ་མཐོང་ནས། དེ་རྣམས་འཁོར་བ་ལས་བསྒྲལ་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འདོད་པ་ལ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེས་བུ་ཆུང་ངུ་དང་འབྲིང་གི་ཆ་ལས་ལོག་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱེས་བུ་ཆེན་པོའི་རྗེས་སུ་བསླབ་པར་བྱའོ་སྙམ་པས་ཀུན་སློང་འཆོས་པར་

(༩༠༨)བྱའོ། །གཉིས་པ་སྐྱབས་སུ་འགྲོ་ཚུལ་ནི། དེ་ཡང་མཐུན་མོང་ཐེག་པའི་ལུགས་སངས་རྒྱས་ལ་སྟོན་པ། ཆོས་ལ་སྐྱབས། དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་མོས་ཏེ་སྐྱབས་སུ་འགྲོ་བ་དང་། མཐུན་མོང་མ་ཡིན་པ་གསང་སྔགས་སྤྱིའི་ཚུལ་གྱི། སྒོ་གསུམ་བླ་མ་ལ་འབུལ། ཡི་དམ་ལ་བརྟེན། མཁའ་འགྲོ་ལ་གྲོགས་སུ་བྱས་ནས་སྐྱབས་སུ་འགྲོ་བ་དང་། ཁྱད་པར་བ་ཐབས་མཆོག་རྡོ་རྗེ་སྙིང་པོའི་ལུགས་ཀྱི། རྩ་སྤྲུལ་སྐུར་བརྟེན། རླུང་ལོངས་སྐུར་སྤྱོད། ཐིག་ལེ་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་འགྲོ་བ་དང་། མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ནི་སྐྱབས་ཡུལ་དེ་དག་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ཡེ་ཤེས། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ། རྣམ་གསུམ་དབྱེར་མེད་ཆེན་པོ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ལ་བཟླ་བ་སྟེ། ཚུལ་དེ་ལྟ་བུའི་གནད་ལ་འདྲིས་པར་བྱས་ནས་དངོས་གཞིའི་དམིགས་པ་ནི། རང་ཉིད་འདུག་པའི་ས་ཕྱོགས་འདི་ཉིད་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་

(༩༠༩)འུྃ༔ བའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པ་ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ལ་རིན་པོ་ཆེའི་འཕྱང་འཕྲུལ་དྲིལ་གཡེར་ལ་སོགས་པས་རྣམ་པར་བརྒྱན་པས་ནམ་མཁའི་དབྱིངས་ཁྱབ་པའི་དབུས་སུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྟེང་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཡབ་ཡུམ་དང་བཅས་པའི་རྣམ་པ་ཅན་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེ་གསུ་བཞུགས་ཤིང་། ཡི་དམ་དཔའ་བོ་མཁའ་འགྲོས་མཐའ་ནས་བསྐོར་བ། མདུན་གྱི་ཡལ་གར་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་དང་། གཡས་ཀྱི་ཡལ་གར་བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད། གཡོན་གྱི་ཡལ་གར་མཆོག་ཟུང་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་ཨ་ལི་ཀ་ལིའི་རང་སྒྲ་སྒྲོག་པ། དེ་དག་གི་བར་

(༩༡༠)མཚམས་ཐམས་ཅད་ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བར་མེད་དུ་གང་བ། ཐམས་ཅད་ཀྱང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ལ་རྗེས་སུ་བརྩེ་ཞིང་། འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པ་ལ། ཕ་མ་དང་གནོད་བྱེད་ཀྱི་གཙོ་བྱས་བདག་གཞན་གྱི་སེམས་ཅན་ཐམས་ཅད་ས་གཞིའི་ངོས་ནས་ཐལ་མོ་སྦྱར་ཏེ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་ཁྱེད་ལ་བརྟེན། ཁྱེད་ལ་འབུལ། ཁྱེད་ལས་གཞན་པའི་སྐྱབས་དང་རེ་ས་མེད་སྙམ་པའི་གདུང་བ་དྲག་པོས། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ༔ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི ཞེས་སྐྱབས་འགྲོ་ཅི་འགྲུབ་ཏུ་བྱས་ནས། བདག་དང་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་སོགས་སྐྱབས་ཡུལ་རྣམས་ལ་ཐིམ། དེ་དག་ཀྱང་དབུས་ཀྱི་བླ་མ་སྐྱབས་གསུམ་ཀུན་འདུས་ལ་ཐིམ། དེ་ཡང་ཆོས་སྐུ་སྤྲོས་བྲལ་

(༩༡༡)འུྃ༔ གདོད་མའི་ངང་ལ་བསྟིམ་ནས། གནས་ལུགས་དོན་གྱི་སྐྱབས་འགྲོ་ལ་ཅི་གནས་སུ་མཉམ་པར་འཇོག །གསུམ་པ་ཕན་ཡོན་བསམ་པ་ནི། འདི་ནི་ཆོས་ཐམས་ཅད་ཀྱི་གཞི་རྟེན་ཡིན་ཏེ། གང་གི་སྐྱབས་སུ་སོང་བ་ཙམ་གྱི་ཐར་པའི་ས་བོན་འདེབས་པ་དང་། མི་དགེའི་ཚོགས་ལས་རིང་དུ་བྱེད་ཅིང་དགེ་བ་གོང་དུ་འཕེལ་བ་དང་། སྡོམ་པ་ཀུན་གྱི་རྟེན་གཞིར་འགྱུར་ཞིང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་བ་དང་། གནས་སྐབས་སུ་ཡང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱི་བསྲུང་ཞིང་སྨོན་པ་ཡིད་བཞིན་འགྲུབ་པ་དང་། རྟག་ཏུ་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ཞིང་ཚེ་རབས་དྲན་པ་དང་འདི་ཕྱིར་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་དོ། །ཞར་ལ་སྐྱབས་སུ་སོང་བའི་སྡོམ་པ་རྒྱུད་ལ་གནས་བྱའི་ཕྱིར་བསླབ་བྱའི་མཚན་ཉིད་མདོར་བསྡུ་ན། སངས་རྒྱས་ལ་སྐྱབས་སོང་ནས་རང་ཉིད་འཁོར་བ་ན་འཁོར་བ་འཇིག་རྟེན་པའི་ལྷ་དང་། བརྟེན་པར་དཀའ་

(༩༡༢)ཞིང་གནོད་པ་སྦྱིན་པའི་རང་བཞིན་རྒྱལ་པོ་ལ་སོགས་པར་མགོན་སྐྱབས་མི་འཆོལ། སྐུའི་རྟེན་ཆག་དུ་མ་ཡན་ཆད་ལ་ཅི་མི་མཉམ་པའི་སྲིད་ཞུ་མི་ལྷོད། །ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བའི་རྟོག་པ་རྨི་ལམ་དུའང་སྤོང་ཞིང་། ཡི་གེའི་རས་མ་ཡན་ཆད་ལ་གུས་པ་བསྐྱེད། དགེ་འདུན་ལ་སྐྱབས་སུ་སོང་ནས་ལྟ་སྤྱོད་ལོག་པའི་གང་ཟག་མུ་སྟེགས་ཀྱི་དངོས་པོ་ཅན་དང་མི་འགྲོགས་ཤིང་། ལྷན་པ་སེར་པོའང་རྡོག་པས་མི་བརྫི། མདོར་ན་གསང་བ་མཆོག་གི་ཐེག་པ་འདིར་སྐྱབས་ཡུལ་གྱི་གཙོ་བོ་བླ་མ་ཡིན་ལ། བླ་མའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཡིན་པས་དེ་ཉིད་སུན་ཕྱུང་ན། སྐྱབས་ཡུལ་ཐམས་ཅད་སྤངས་པར་འགྲོ། ཆོས་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་འགྲོའི་གནད་ལ་ནན་ཏན་དུ་བྱའོ། ༈ །གཉིས་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ཀྱི་འཁྲིད་ལ་གསུམ། ཚད་མེད་བཞིས་བློ་སྦྱང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྨོན་འཇུག་གི་བསླབ་བྱ་བཟུང་བ་དང་གསུམ་ལས། དང་པོའི་ནང་གསེས་བཏང་སྙོམས་སྒོམ་པ་ནི།

(༩༡༣)འུྃ༔ ག་རེ། ད་ལྟའི་གནས་སྐབས་ན་ཕ་མ་དང་གཉེན་འདུན་སོགས་རང་ཕྱོགས་ལ་ཤིན་ཏུ་ཆགས། དགྲ་དང་དེའི་ཕྱོགས་ལ་སྡང་ཞེན་མི་བཟང་པར་བྱེད་པ་འདི་ཡང་མ་བརྟགས་པའི་སྐྱོན་དུ་འདུག །འདི་ལྟར་ཚེ་རབས་སྔ་མར་དགྲས་ཀྱང་གཉེན་བྱས། གཉེན་གྱིས་ཀྱང་དགྲ་བྱས་པ་ལ་ཐེ་ཚོམ་མེད། ད་ལྟའང་དགྲ་ལ་དགྲར་བཟུང་ཀྱང་དེས་ངེས་པར་རང་ལ་གནོད་ཐུབ་པའི་ག་ཏན་ཚིགས་མེད། རང་གི་བསྟུན་ཤེས་ན་གཉེན་བཞིན་ཕན་ཐོགས་པའང་སྲིད་ལ། གཉེན་ཡིན་ཀྱང་བུ་ཚས་ཕ་མ་བསླུ་བ་བཞིན། འགལ་ཟླ་དང་སྡོངས་ནས་དེའི་ཕྱོགས་བཟུང་། ནོར་འཕྲོག་བརྩོད་པ་འགྱེད་པ་སོགས་མཐོང་ཆོས་སུ་གྱུར་པ་དང་། གལ་ཏེ་གཅིག་ཏུ་འཛའ་བ་ལྟར་སྣང་ཡང་། དེ་ལ་མི་འདོད་པ་བྱུང་བའི་ཚེ་རང་ལའང་སྡུག་བསྔལ་བསྐྱེད་ཅིང་གནས་སྐབས་ཀྱི་བདེ་བ་འཇོམས་པ་དང་། མཐར་ཐུག་དགེ་བའི་གེགས་རླབས་པོ་ཆེ་བྱས་ཏེ་ངན་སོང་དུ་བསྐྱུར་བའང་ཡོད་ན་དེ་ལས་དགྲར་གྱུར་པ་ཅི་ཞིག་ཡོད། མ་འོངས་པའི་ཆ་ལ་

(༩༡༤)དགྲ་གཉེན་དུ་འགྱུར་དང་གཉེན་དགྲ་རུ་འགྱུར་ངེས་པ་མེད་ངེས་ཡིན་པ་ལ་ཅིས་སྙོན་སྙམ་དུ་སེམས་ཅན་གཅིག་དང་གཉིས་ནས་རིན་པར་ན་མཁས་གར་ཁྱབ་ཏུ་བརྟགས་ལ། ཉེ་རིང་ཆགས་སྡང་དང་བྲལ་བའི་དམིགས་པ་མེད་པའི་བཏང་སྙོམས་ལ་རྩལ་སྦྱང་ངོ་། །དེ་ནས་བྱམས་པ་སྒོམ་པ་ནི། སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བསམས་ལ། བུ་ཚ་ཆུང་ངུར་ཕ་མས་བརྩེ་ཞིང་ལོག་བསྒྲུབ་བཟོད་པ་ལྟར། སེམས་ཅན་དེ་དག་བདེ་བ་དང་ལེགས་པའི་དཔལ་ལ་སྦྱོར་བའི་བློ་འདུན་དྲག་པོས། ཐབས་ཇི་ལྟ་བུས་ཕན་གདགས་པར་བྱ་སྙམ་པའི་བྱམས་པ་སྒོམ་ཞིང་རྩལ་སྦྱོང་ངོ་། །དེ་ནས་སྙིང་རྗེ་སྒོམ་པ་ལ། གང་ཞིག་ནག་ཅན་བཙོན་དོང་དུ་བཅུག་པ་དེ་ཉིད་མཐར་གསོད་དུ་ཉེ་བའམ། ཤན་པའི་མདུན་སར་དུད་འགྲོ་འཆི་ཀ་མ་ལྟ་བུའི་སེམས་ཅན་སྡུག་བསྔལ་དྲག་པོས་གདུངས་པ་ཞིག་བློ་ཡུལ་དུ་བསམས་ལ། དེ་ལ་བརྩེ་བའི་ཡུལ་མ་དང་བུའི་འདུ་ཤེས་བསྐྱེད་དེ་སྡུག་བསྔལ་འདི་ལས་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་ཐར་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་ཤས་མི་བཟོད་པ་འཆི་མ་

(༩༡༥)འུྃ༔ ཐོན་པ་སྒོམ་ཞིང་། དེ་ནས་རིམ་པར་ངན་སོང་གཞན་དང་། དེར་སྐྱེ་བའི་རྒྱུ་སྒྲུབ་པ་ཐམས་ཅད་ལ་སྒོམ་ཞིང་མཐར་མི་དམིགས་པའི་ངང་དུ་མཉམ་པར་འཇོག་གོ། དེ་ནས་དགའ་བ་ནི། མཐོ་རིས་ཀྱི་ཡུལ་ན་སུ་ཞིག་བདེ་ཞིང་། སྐྱིད་པ། ཚེ་རིང་བ། འཁོར་མང་བ། ལོངས་སྤྱོད་དང་ལྡན་བ་ཞིག་དམིགས་ཡུལ་དུ་བསམས་ནས། དེ་ལ་འགྲན་སེམས་དང་ཕྲག་དོག་མེད་པར་ད་དུང་འདི་བས་ཀྱང་མངོན་མཐོའི་དཔལ་གྱིས་འབྱོར་ཞིང་། ཚེ་བ་མེད་པ། ཤེས་རབ་ཆེ་བ་ལ་སོགས་པའི་ཕུན་སུམ་ཚོགས་པར་ཤོག་ཅིག །སེམས་ཅན་གཞན་རྣམས་ཀྱང་འདི་ལྟ་བུའི་གོ་འཕང་ལ་གནས་ན་ང་རེ་དགའ་སྙམ་པ་དང་། ཁྱད་པར་དུ་རང་ལ་གནོད་བྱེད་ཀྱི་དགྲ་དང་སེམས་ལ་ཕྲག་དོག་གི་གནས་སུ་གྱུར་པ་ཐམས་ཅད་ལ། གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པའི་བློ་ངན་གྱི་རྩ་བ་དྲུང་ནས་ཕྱུང་སྟེ་བདེ་བ་དང་ལྡན་པའི་ཆ་ཐམས་ཅད་ལ་དགའ་བ་ཁྱད་པར་ཅན་སྒོམ་ཞིང་མཐར་དམིགས་པ་མེད་པའི་

(༩༡༦)ངང་ལ་བཞག་གོ། །གཉིས་པ་སེམས་བསྐྱེད་པ་དངོས་ལ། བློའི་ཁྱད་པར་གྱི་སྔོན་ལ་རང་ཉིད་ཐར་བར་བྱས་ནས་འགྲོ་བ་གཞན་ཡང་དེའི་གོ་འཕང་ལ་འགོད་པར་འདོད་པ་དེད་དཔོན་ལྟ་བུའི་སེམས་བསྐྱེད། རང་དང་སེམས་ཅན་ལྷན་ཅིག་པར་ཐར་པར་འདོད་པ་མཉན་པ་ལྟ་བུའི་སེམས་བསྐྱེད། སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རང་ཉིད་ཐར་པའི་འདོད་པ་མི་བྱེད་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་ས་མཚམས་ཀྱི་དབྱེ་ན། ཚོགས་སྦྱོར་གྱི་ལམ་ལ་མོས་པས་དཔྱོད་པའི་སེམས་བསྐྱེད། ས་དང་པོ་ནས་བདུན་པའི་བར་ལ་ལྷག་བསམ་རྣམ་དག་གི་སེམས་བསྐྱེད། དག་པ་ས་གསུམ་ན་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་སར་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཀྱི་ཐ་སྙད་ཀྱང་། ཀུན་རྫོབ་ཆོ་ག་དང་དོན་དམ་མཚན་ཉིད་སྒོམ་སྟོབས་ཀྱི་ཐོབ་པ་ཡིན་ལ། འདི་ལས་དང་པོ་བ་ཆོག་ལ་ལྟོས་པ་ཅན་ཡིན་པས་མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་སེམས་བསྐྱེད་ཀྱི་དབང་པོར་

(༩༡༧)འུྃ༔ དམིགས་ལ། བློ་གྲོས་ཆེན་པོའི་སེམས་བསྐྱེད་ནི། འདི་ལྟར་སེམས་ཅན་འདི་དག་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། ཕ་མར་གྱུར་པའི་ཚེ་ད་ལྟའི་ཕ་མ་བཞིན་གཅེས་སྤྲས་ཀྱིས་སྐྱངས། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེ་གཡོགས་ཤིན་ཏུ་བྱམས་པའི་བསམ་སྦྱོར་གྱི་བསྐྱེད་བསྲིངས་པར་ངེས། ཕ་མ་འཁོར་བ་ལ་གནས་བཞིན་བདག་ཐར་པ་ལ་དགོས་པ་ཅི་ཡོད། དེའི་ཕྱིར་བདག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྤྱོད་པ་རླབས་པོ་ཆེ་ལ་བསླབ་ཅིང་འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་གནས་པ་དེ་ཙམ་དུ་བརྩོན་འགྲུས་རྩམ་མོ་སྙམ་པས། ཧོ སྣ་ཚོགས་སྣང་བ་ཆུ་ཟླའི་།རྫུན་རིས་ཀྱི༔ འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ༔ རང་རིག་འོད་གསལ་དབྱིངས་སུ་ངལ་གསོ་ཕྱིར༔ ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོ༔ ཅེས་མང་དུ་བརྗོད་པའི་མཐར་ཚོགས་ཞིང་དུ་གྱུར་པ་རྣམས་རང་ཉིད་ལ་བསྟིམ་པས་དེ་

(༩༡༨)དག་གི་ཐུགས་རྒྱུད་ལ་གནས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རང་གི་ཤེས་རྒྱུད་ལ་ལྷང་གི་སྐྱེས་པར་བསམ་ལ། སྟོང་པ་ཉིད་ཀྱི་གཤིས་ལ་བཞག་པར་བྱའོ།། །།གསུམ་པ་བསླབ་བྱ་བསམ་པ་ལ་སྨོན་འཇུག་གཉིས་ལས། དང་པོ་འགྲོ་བར་འདོད་པ་ལྟ་བུ་སྨོན་པའི་བསླབ་བྱ་ལ་བདག་གཞན་མཉམ་པ། བརྗེ་བ། གཞན་གཅེས་པར་སྒོམ་པ་དང་གསུམ་ལས། དང་པོ་མ་འབྱོངས་པར། འདི་ལྟར་སེམས་ཅན་ཐམས་ཅད་དང་བདག་ཉིད་བདེ་བ་འདོད། སྡུག་བསྔལ་མི་འདོད་པར་བློ་གཅིག་ཏུ་མཐུན་ཀྱང་། སེམས་ཅན་རྣམས་ཀྱི་རྒྱུ་དགེ་སྡིག་བླང་དོར་གྱི་གནད་ལ་རྨོངས་པས་རྟག་ཏུ་སྡུག་བསྔལ་ལ་སྤྱོད་པ་འདི་སྙིང་རེ་རྗེ། བདག་དམ་པའི་ཆོས་ཀྱི་མ་རྗེས་སུ་ཞུགས་པས་ཁེ་ཉེན་ཤེས་པའི་རང་བཞིན་ཅན་གྱི་ཕྱིར། ལོག་བས་གྲུབ་དང་ཕྱོགས་རིས་བཟོད་པར་བྱས་ཏེ་བདག་གཞན་མཉམ་པ་ཉིད་དུ་བལྟ་བར་བྱའོ་སྙམ་དུ་ཡང་ཡང་སྒོམ། དེ་ནས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ནི་མཐོང་ཆོས་སུ་གྱུར་པའམ།

(༩༡༩)འུྃ༔ མིན་ན་སྡུག་བསྔལ་གྱི་གདུངས་པའི་སེམས་ཅན་ཞིག་མདུན་དུ་བསམ་ནས། དབུགས་ཕར་རྒྱུ་བ་ན་བདག་གི་བདེ་བ་དང་ལེགས་པ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་གོས་ཕུད་དེ་གཡོགས་པ་ལྟར་ཁོང་ལ་བྱིན། ཁོང་གི་སྡུག་བསྔལ་ཅི་ཡོད་པ་དེ་དག་ཐམས་ཅད་རང་ཉིད་ཀྱི་དང་དུ་བླངས་པར་བསམ་པ་དང་ལྷན་ཅིག་དབུགས་ནང་དུ་རྡུབ་པས་དེ་ཉིད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་བསམ་པའི་གཏོང་ལེན་སེམས་ཅན་གཅིག་ནས་ཐམས་ཅད་ཀྱི་བར་ལ་རིམ་པར་སྒོམ་མོ། །འབྱོངས་ནས་བདག་པས་གཞན་གཅེས་པར་སྒོམ་པ་ནི། བདག་འཁོར་བར་གནས་རུང་། དམྱལ་བར་སྐྱེས་རུང་། ན་རུང་། ཚ་རུང་། ཉམ་ཉེས་ཅི་བྱུང་ཡང་བཟོད་པར་བྱ་ཡི། སེམས་ཅན་གཞན་གྱིས་སྡུག་བསྔལ་བདག་ལ་སྨིན་པར་ཤོག་ཅིག །བདག་གི་བདེ་བ་དང་དགེ་བའི་འབྲས་བུ་ཁོང་ལ་རྫོགས་པར་ཤོག་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་ཞིང་། མཐར་དམིགས་པ་

(༩༢༠)མེད་པའི་ངང་དུ་བཞག་གོ། ༈ གཉིས་པ་འགྲོ་བ་དངོས་ལྟ་བུ་འཇུག་པའི་བསླབ་བྱ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནོར་རྫས་ལ་ཆགས་ཞེན་མེད་པར་དགེ་བའི་ཕྱོགས་ལ་གཏོང་བ་དང་། ཡོངས་སུ་གཏོང་བ་དང་། ཤིན་ཏུ་གཏོང་བ་གསུམ་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། རང་རྒྱུད་ཀྱི་ཉེས་སྤྱོད་སྡོམ་ཞིང་གཞན་ལ་ཕན་གདགས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། དེའི་ཁྱད་པར་ལ་ཕལ་པོ་ཆེའི་སྤྱོད་ཡུལ་དག་པ་དང་། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་སྒོམ་པ། ཆོས་ཕྱིར་དཀའ་བ་སྤྱོད་པ་དང་། གཞན་གྱི་ལེག་བསྒྲུབ་བཟོད་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། དལ་འབྱོར་ཆུད་གསན་པའི་བྱེད་པོ་ལེ་ལོ་ཟིལ་གྱི་མནན་ནས་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་འབད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། འདུས་པ་ནི་འབྲལ་བའི་ཆོས་ཅན། འདོད་པ་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས། ཡོད་ཅིང་ཆོག་མི་ཤེས་སེར་སྣ་འཕེལ་ལ་རྐུན་པོ་ལ་སོགས་རྩོད་པ་ཅན་དང་མཐུན་མོང་པ། རྣམ་པར་གྲོལ་བའི་ཆོས་དང་༴ྃ ཐུན་མོང་དུ་བྱེད་དགོས་ལ།

(༩༢༡)འུྃ༔ འགལ་བས་འཕགས་པ་རྣམས་ཀྱི་སྨད་པ། བྱིས་པའི་གྲོགས་ནི་རང་བཞིན་ངན་པ། བྱས་པ་མི་བཟོ་བ། མགུ་བར་དཀའ་བ། ཕྲག་དོག་པ་ལ་སོགས་འགྲོགས་པ་ཙམ་གྱི་དགེ་བ་འགྲིབ་པ། འདུ་འཛི་ནི་རྟག་ཏུ་བྲེལ་ཞིང་དོན་ཆུང་བ། ཇི་ཙམ་བརྩོན་ཀྱང་སྙིང་པོ་མེད་པ། དགྲ་གཏུལ་ཀྱང་མཐའ་མེད་པ། གཉེན་བསྐྱངས་ཀྱང་མཐའ་མེད་པ་འདི་དག་ནི་ངེས་པར་སྤང་བར་བྱའོ། །དེ་ལྟར་སྤངས་ནས་ནགས་ཁྲོད་དབེན་པ་ཞེས་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཞི་བ་བརྙེས་པའི་གནས། འདུ་འཛི་དང་རྣམ་གཡེང་མེད་པ། ཚོང་དང་སོ་ནམ་མེད་པ་བྱིས་བའི་གྲོགས་དང་བྲལ་བ། བྱ་དང་རི་དྭགས་འགྲོགས་ན་བདེ། ཆུ་དང་ལོ་མ་དཀའ་ཐུབ་ཀྱི་ཟས་དང་མཐུན་པ། རིག་པ་ངང་གིས་དྭངས། ཏིང་འཛིན་ཤུགས་ཀྱི་འཕེལ་བའི་གནས། དགྲ་མེད་གཉེན་མེད་ཆགས་སྡང་གི་སྒྲོག་ལས་གྲོལ་བ་ཡོན་ཏན་དུ་མ་དང་ལྡན་པའི་གནས་སུ། ལུས་རྣམ་སྣང་

(༩༢༢)གི་ཆོས་བདུན་དང་ལྡན་པས་ཡིད་གང་དུའང་མི་རྟོག་ཅིར་ཡང་མི་འཛིན་པའི་ངང་དུ་འཇོག་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། འདི་ལྟར་ཕྱི་ཡུལ་ལྔའི་སྣང་བ་ཐམས་ཅད་ནི་མེད་བཞིན་འཁྲུལ་ངོ་ལ་སྣང་བ་རྨི་ལམ་ལྟ་བུ། ཕྱི་ནང་གང་ལའང་སྣང་བས་བྲག་ཆ་ལྟ་བུ། རྟེན་དང་བརྟེན་པར་མེད་པས་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྣང་ལ་རང་བཞིན་མེད་པས་གཟུགས་བརྙན་གྱི་སྣང་བ་ལྟ་བུ། མེད་སྣང་ཅིར་ཡང་ཤར་བས་སྤྲུལ་པའི་གྲོང་ཁྱེར་ལྟ་བུ་སྟེ། དངོས་པོ་མེད་པའི་སྟོང་གཟུགས་སྒྱུ་མའི་དཔེ་བརྒྱད་དུ་བལྟས་པས་ཡུལ་གྱི་སྣང་བ་།རྫུན་པའི་རང་བཞིན་དུ་གོལ། དེ་ལྟར་སྣང་བའི་མཁན་པོ་ཡུལ་ཅན་ཡེ་ཤེས་ཀྱི་གཤིས་ལུགས་ལ་བརྟགས་པས་ཡུལ་སྣང་མ་འགགས་ལ། ཡུལ་གྱི་འཛིན་རྟོག་ཞི་ཆོས་ཉིད་སྟོང་གསལ་ན་མཁའ་ལྟ་བུར་རྟོགས་པའི་ངང་དུ་འཇོག་

(༩༢༣)འུྃ༔ བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཁྲིད་ཚུལ་འདི་ལྟ་བུའི་ངེས་པ་ལ་ཕར་ཕྱིན་ཐེག་པའི་ཟབ་གནང་ཐམས་ཅད་ཀྱང་འདུ་ཞིང་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཡིན་པས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་དང་ཉན་རང་གི་ཐེག་པ་ལས་འཕགས་པ་དང་། དགེ་རྩ་མི་ཟད་ཅིང་འཕེལ་བ་དང་། བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང་། སངས་རྒྱས་ཀྱི་གདུང་འཚོབ་པ་དང་། གཞན་དོན་རླབས་པོ་ཆེ་འགྲུབ་པ་ལ་སོགས་པའི་དགོས་པ་དཔག་ཏུ་མེད་པས་ན་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་ལོང་།། ༈ །།གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པ་ནི་སྡིག་སྒྲིབ་ཡིན་ལ། དེ་ཉིད་སྦྱོང་བའི་མཆོག་ཏུ་གྱུར་པ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཡིན་ཏེ། དེ་ལ་སྟོབས་བཞིའི་གནད་ནི། རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་བཟུང་ནས་སྨོན་འཇུག་གི་བྱང་སེམས་དང་ལྡན་པ་བརྟེན་གྱི་སྟོབས། སྔར་

(༩༢༤)བྱས་ཀྱི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་འགྱོད་སེམས་དྲག་པོ་བསྐྱེད་པ་ཉེས་བྱས་བསུན་འབྱིན་གྱི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པ་ཉེས་སྤྱོད་སྡོམ་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞིའི་དག་པ་དྲན་པའི་ངང་ནས་འདོན་སྒོམ་ཟུང་འཇུག་ཏུ། ཨཱ བདག་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་དབུས༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ༔ ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོང་༔ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ༔ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང་༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱི་བསྐོར༔ བཟླས་པ་སྔགས་ཀྱི་རྒྱུད་བསྐུལ་བས༔ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ག་བུར་རྡུལ་ལྟར་འཇགས་

(༩༢༥)འུྃ༔ བ་ཡི༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ༔ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ༔ མ་ལུས་བྱང་བར་མཛད་དུ་གསོལ༔ ཞེས་དམིགས་པ་དང་མོས་གུས་རྩེ་གཅིག་ལས་རྣམ་རྟོག་གཞན་དུ་མི་ཡེངས་པར་ཡི་གེ་བརྒྱ་པ་བཟླས་བས་ཐུགས་ཀའི་ཧཱུྃ་ཡིག་སྔགས་འཕྲེང་དང་བཅས་པ་ལས་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩི་ཟླ་བཞུན་མ་ལྟ་བུ་བབས་སྐུའི་དབྱིབས་རྒྱུད་སྦྱོར་མཚམས་ནས་བདག་ཉིད་ཀྱི་ཚངས་བུག་ནས་ཞུགས་ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྲོག་ཆགས། སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་རླངས་ཀྱི་རྣམ་པར་བ་སྤུའི་བུ་ག་དང་དབང་པོའི་སྒོ་གཉིས་ནས་འཐོན། ས་རིམ་པ་དགུའི་འོག་ཏུ་འཆི་བདག་ལས་ཀྱི་གཤིན་རྗེ་ཁ་གདངས་པའི་ལྟོ་བར་ཚུད་པས་དུས་མ་ཡིན་པའི་འཆི་བ་བསླུས་པར་བསམ་ལ་སྔགས་ཅི་མང་བཟླས་མཐར། འཁོར་

(༩༢༦)ལོ་བཞིའི་གནས་རྣམས་ཀྱང་བདུད་རྩིས་སྐྱ་མེར་གྱི་ཁེངས་བའི་རྐྱེན་ལས་ལུས་སེམས་ཟག་མེད་ཀྱི་བདེ་བས་མྱོས། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟ་བུའི་སྐུར་གྱུར་པའི་ཐུགས་སྲོག་གི་མཐའ་མར་ཡི་གེ་འབྲུ་བཞི་པོ་གསལ་བ་ལས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་བར་བསམས་ལ། ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བཟླ་བ་ནི་ཁྱད་པར་ཅན་གྱི་མན་ངག་དང་ཐུན་བསྡུ་བ་ན་སྦྱང་གཞི་སྦྱོང་བྱེད་ཀྱི་རྟོག་ཚོགས་ཐམས་ཅད་འཁོར་གསུམ་མི་རྟོག་པའི་དྲན་ཤེས་ཁ་ཡན་གྱི་རྒྱས་འདེབས་པ་ནི་དོན་དམ་པའི་སྒྲིབ་སྦྱོང་ངོ་། །འདི་ནི་འབུམ་ཐེར་ཐ་མ་ཡིན་ཏེ། སྒྲིབ་པ་དག་པའི་རྟགས་

(༩༢༧)འུྃ༔ མཐོང་ཚུན་བྱའོ།། ༈ །།བཞི་པ་མཐུན་རྐྱེན་ཚོགས་བསགས་པ་མཎྜལ་གྱི་ཁྲིད་ནི། བསོད་ནམས་དང་ཡེ་ཤེས་སྟོབས་སུ་གྱུར་པའི་འབྲས་བུ་ནི། དག་པ་གཉིས་ལྡན་སངས་རྒྱས་ཡིན་ལ། དེའི་ཕྱིར་ལམ་གྱི་དུས་ན་ཚོགས་གཉིས་བསགས་པ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡིན་ནོ། །དེ་ལ་འབྱོར་པ་དང་བསྟུན་པའི་རབ་ཀྱི་རིན་པོ་ཆེའི་མཎྜལ་འབྲིང་འཁར་བ་ལ་སོགས་རྒྱུ་དག་པ། ཐ་མའང་རྡོ་ཤིང་ལ་སོགས་པའི་སྟེགས་ཁོད་སྙོམས་ལ་ངོས་འཇམ་པའི་གཞི་མ་བྱི་དོར་ལེགས་པར་བྱས། དྲི་བཟང་དང་བ་བྱུང་གིས་བྱུག །རབ་རིན་པོ་ཆེ། འབྲིང་སྨན་གྱི་འབྲས་བུ། ཐ་མ་འབྲུ་ལ་སོགས་པའི་ཚོམ་བུ་རྣམ་ངེས་ལྟར་བགོང་པ་དམིགས་བརྟེན་དུ་བྱས། མདུན་གྱི་ནམ་མཁར་སྐུ་གསུམ་གྱི་ངོ་བོ་རྒྱལ་བ་སྲས་དང་བཅས་པ་ཚོགས་ཞིང་དུ་དམིགས་ལ་བསམ་པར་བྱ་བ་ནི། མཐུན་མོང་སྤྲུལ་སྐུའི་མཎྜལ་གླིང་བཞི་རི་རབ་ལྷ་གནས་དང་བཅས་

(༩༢༨)པའི་སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་དང་བྱེ་བྲག་རང་གི་ལུས་ལོངས་སྤྱོད་མང་རིས་ཕུན་ཚོགས་དང་བཅས་པ་མདོར་ན་འཛིན་སེམས་ཀྱི་གཅེས་དགུར་བཟུང་བ་ཐམས་ཅད་སེར་སྣ་དང་འཇུར་གེགས་ཀྱི་མ་བཅིངས་པར་ལྟོས་མེད་དུ་འབུལ་བ་ནི་བདག་ཏུ་བལྟ་བའི་གཉེན་པོར་ཡང་འགྱུར་རོ། །དེའི་སྟེང་གི་ནམ་མཁར་མཐུན་མིན་ལོངས་སྐུའི་མཎྜལ་རང་སྣང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་གཞལ་མེད་ཁང་སྐུ་དང་ཞིང་ཁམས་ཡེ་ནས་ལྷུན་གྲུབ་ཀྱི་རྣམ་པ་ལ་སྒེག་སོགས་འདོད་ཡོན་གྱི་ལྷ་མོས་སྤྲས་པ། དེའི་སྟེང་གི་དབྱིངས་ལ་ཁྱད་པར་ཆོས་སྐུའི་མཎྜལ་སྐྱེ་མེད་གདོད་མའི་གཞི་ལ་འགག་མེད་འོད་གསལ་གྱི་སྣང་ཆ་རིག་པ་ཚད་ཕེབས་ཀྱི་ཚོམ་བུར་བཀོད་པ་སྟེ། སྐུ་གསུམ་གྱི་དམིགས་པའི་བྱེ་བྲག་དམིགས་རྣམ་གསལ་བདེ་བའི་ཆེད་འདི་ལྟར་དུ་སྒོམ་ཞིང་དངོས་གནས་ལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་སྣང་གི་ཞིང་ཁམས་ལ་ཡན་མན་

(༩༢༩)འུྃ༔ དང་སྟེང་འོག་གི་གཞལ་བྱར་མ་དམིགས་པ་རྡུལ་ཕྲན་གྱི་ཁོང་སུ་རྡུལ་སྙེད་ཀྱི་ཞིང་ཁམས་ཡངས་དོག་མེད་པར་རང་ཤར་ལྷུན་གྱི་གྲུབ་པའི་གནས་རྣམས་ཁོང་དུ་ཆུད་པའི་ངང་ནས་མོས་གུས་ཀྱི་གདུང་བ་དང་བཅས། ཨོཾ་ཨཱཧཱུྃ༔ སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་༔ རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་བས་གཏམས༔ བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱི༔ ཆོས་ཀྱི་འཁོར་ལོས་བསྒྱུར་བའི་སྲིད་ཐོབ་ཤོག༔ འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་༔ ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ༔ ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ༔ ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་བའི་རྒྱན༔ སྐུ་དང་ཐིག་ལེ་འཛིན་པ་རྣམ་དག་ཞིང་༔ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཅེས་འཁོར་གསུམ་ཡོངས་སུ་དག་པའི་ཤེས་

(༩༣༠)རབ་ཀྱི་དབུལ་ལོ།། ༈ །།ལྔ་པ་བདུད་བཞི་ཅིག་ཅར་དུ་བཅོམ་པ་ཀུ་སུ་ལུའི་ཚེགས་བསོག་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་རྐང་དར་ཟབ་འབོལ་བརྩེགས་དང་བཅས་པའི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་ལ༔ བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་རྒྱ་མཚོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པས་བསྐོར་ཞིང་། འོག་ཏུ་རིགས་དྲུག་གནོད་བྱེད་དང་བཅས་པ་སྐད་ཅིག་གི་གསལ་བཏབ་ལ་དམིགས་འདོན་ཟུང་དུ་ཆུད་པས། ཕཊ ལུས་གཅེས་འཛིན་པོར་བས་ལྷ་བདུད་ཆོམས སེམས་ཚངས་པའི་སྒོ་ནས་དབྱིངས་ལ་འཐོན འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུར གཡས་ཉོན་མོངས་བདུད་འཇོམ་གྲི་གུག་གིས། གཟུགས་ཕུང་པོའི་བདུད་བཅོམ་ཐོད་པ་བྲེགས༔ གཡོན་ལས་བྱེད་ཚུལ་གྱི་བྷན་དྷ་ཐོགས༔ སྐུ་གསུམ་གྱི་མི་མགོའི་སྐྱེད་བུར་བཞག༔ ནང་སྟོང་གསུམ་གང་བའི་བམ་རོ་དེ༔ ཨ་ཐུང་དང་ཧཾ་ཡིག་གི་བདུད་རྩིར་བཞུ༔ འབྲུ་གསུམ་གྱི་ནུས་པས་སྦྱངས་སྤེལ་བསྒྱུར༔ ཨོཾ་ཨཱཧཱུྃ༔ གྲངས་མེད་བརྗོད། ཕཊ༔

(༩༣༡)འུྃ༔ ཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐོངས༔ ཚོགས་རྫོགས་ནས་མཆོག་མཐུན་དངོས་གྲུབ་ཐོབ༔ མར་འཁོར་བའི་མགྲོན་མཉེས་ལན་ཆགས་བྱང་༔ ཁྱད་པར་དུ་གནོད་བྱེད་བེགས་རིགས་ཚིམ༔ ནད་གདོན་དང་བར་ཆད་དབྱིངས་སུ་ཞི༔ རྐྱེན་ངན་དང་བདག་འཛིན་རྡུལ་དུ་རློག མཐར་མཆོད་བྱ་དང་མཆོད་བྱེད་མ་ལུས་ཀུན༔ གཤིས་རྫོགས་པ་ཆེན་པོར་མ་བཅོས་ཨཱ༔ ཅེས་མཉམ་པར་བཞག །འདིས་ནི་ཚོགས་དཔག་ཏུ་མེད་པ་བཟླུམས། འཆི་བ་བསླུ་ཤིང་ནད་གཅོང་ཞི། བར་དོའི་འོད་གསལ་ཟིན་པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་དོ།། ༈ །།དྲུག་པ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་མངོན་དུ་བྱ་བའི་ཐབས་ཀྱི་མཐར་ཕྱིན་པ་བླ་མའི་རྣལ་འབྱོར་ལ་སྐྱབས་ཡུལ་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། གསོལ་བ་གདབ་པ་དང་གསུམ་ལས། དང་པོ་ནི། ཞིང་ཁམས་སྦྱོང་བ་བསམ་སྟོབས་ཆེན་པོའི་སྤྱོད་ཡུལ་ཁྱད་པར་ཅན་ཡིན་པས། སྣང་བས་གར་ཁྱབ་པདྨ་འོད་ཀྱི་ཕོ་བྲང་

(༩༣༢)བཀོད་པ་དང་མཚན་ཉིད་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ། དབང་གི་སྣོད་དུ་རུང་བ་དང་། བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་དང་། རྗེས་འཛིན་པའི་རྟེན་འབྲེལ་གྱི་ཁྱད་པར་ལས་རང་ཉིད་ངོ་བོ་ཡེ་ཤེས་མཚོ་རྒྱལ་ལ་རྣམ་པ་རྡོ་རྗེ་རྣལ་འབྱོར་མ་མོས་གུས་ཀྱི་སྤྱན་བླ་མའི་ཐུགས་ཁར་རིངས་པའི་ཚུལ་གྱི་གཟིགས་པའི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་དང་ཐ་མི་དད་པའི་ཨོ་རྒྱན་རྡོ་རྗེ་འཆང་སྐུའི་རྣམ་འགྱུར་ཡོངས་སུ་རྫོགས་ཤིང་ལོ་བརྒྱད་ལོན་པའི་ངང་ཚུལ་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་བཞག་གི་སྟེང་ན་ཐོད་བུམ་བསྣམས་པ་རྒྱལ་པོ་རོལ་པའི་འདུག་སྟངས་ཅན། དེའི་མཐའ་སྐོར་དུ་འོད་ལྔའི་དྲ་བ་མིག་མང་རིས་སུ་ཤར་བའི་ནང་ཁོངས་འཇའ་འོད་ཟླུམ་འཁྱིལ་གྱི་དབུས་སུ། རྒྱ་གར་གྱི་རིག་འཛིན་བརྒྱད། བོད་ཀྱི་རྗེ་འབངས་ཉེར་ལྔ། རྩ་གསུམ་དམ་ཅན་རྒྱ་མཚོ་མ་ཚང་བ་མེད་པས་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་བར་གསལ་ལ། ཨེ་མ་ཧོ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་

(༩༣༣)འུྃ༔ ཞིང་ ཅེས་སོགས་ཚིག་དོན་འབྲེལ་ཆགས་པར་གསལ་གདབ་བོ།། ༈ །།གཉིས་པ་ཡན་ལག་བདུན་པ་ནི། འདི་ལྟར་རྡོ་རྗེ་ཐེག་པའི་ལམ་ཐབས་མང་བ་དང་། དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་སྤྱོད་ཡུལ་ཡིན་པས། སེམས་སྟོབས་ཆེན་པོའི་ཚོགས་བསགས་པ་ལ་རྒྱུན་ཆགས་སུ་བསླབ་པས་ཕ་རོལ་ཏུ་ཕྱིན་པའི་བསྐལ་པ་ཆེན་པོའི་ཚོགས་འདིར་སྐད་ཅིག་མའི་བྱེ་བྲག་གིས་ཀྱང་བཟླུམས་ནས་ཚེ་གཅིག་ལ་སོགས་པས་གྲོལ་བ་ཡིན་ནོ། །དེའི་ཕྱིར་གསང་བ་བླ་ན་མེད་པའི་ཚོགས་ཞིང་གི་རབ་དང་། ཕུལ་དུ་གྱུར་པ་ཡང་རྡོ་རྗེའི་སློབ་དཔོན་ཉག་ཅིག་ཏུ་ངེས་པས་བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་བྱུང་ལ། དེ་ལ་ཚོགས་བསོག་པའི་སྒོ་མཐའ་ཡས་པ། ཡན་ལག་བདུན་དུ་འདུ་བའི་དམིགས་པའི་བྱེ་བྲག་ནི། ལུས་བརྒྱ་སྟོབ་གྲངས་མེད་པར་སྤྲུལ་ཞིང་དེ་དང་ལྷན་ཅིག་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་ཐལ་མོ་སྤྱི་མགྲིན་

(༩༣༤)སྙིང་ཁ་གསུམ་གང་རུང་དུ་སྦྱར་ལ། པུས་མོས་ལ་ཕབ་སྟེ་ཡན་ལག་སྨད་ལྔ་བཏུད་པའི་ཕྱག་འཚལ་བར་དམིགས་པ་ནི་ཕྱག་གི་ཡན་ལག །དངོས་སུ་ཅི་འབྱོར་པའི་མཆོད་པ་བཤམས་ཤིང་། ཡིད་ཀྱི་ནམ་མཁའ་དང་ས་གཞི་ཐམས་ཅད་ལྷ་མིའི་མཆོད་རྫས་མེ་ཏོག་བདུག་སྤོས་མར་མེ་ལ་སོགས་པ་དང་། གཞལ་མེད་ཁང་དང་ཡུལ་མཁར་ཀུན་དགའ་རབ། རྒྱལ་སྲིད་བདུན། བཀྲ་ཤིས་བརྒྱུད། རྡོ་རྗེའི་ལྷ་མོ་བཅུ་དྲུག་ལ་སོགས་པའི་ཁྱད་པར་མང་པོ་གླུ་གར་དང་རོལ་མོའི་སྤྲིན་ཕུང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་རྗེས་སུ་འགྲོ་བ་ནི་མཆོད་པའི་ཡན་ལག །ཚེ་ཐོག་མ་མེད་པ་ནས་དེ་རིང་ཡན་ཆད་དྲན་པ་དང་མི་དྲན་པའི་སྡིག་ལྟུང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ། མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། དཀོན་མཆོག་གི་དཀོར་ལ་འབགས་པ་སོགས་ཁ་ན་མ་ཐོ་བའི་ལས་ཅི་བསགས་པ་ཐམས་ཅད་གནོང་འགྱོད་དྲག་པོས་

(༩༣༥)འུྃ༔ བཤགས་པས་ལྕེ་ཐོག་ཏུ་ནག་ཕུང་གི་འདུས་པ་ལས་ཚོགས་ཞིང་གི་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་ཕོག་པས་དྲི་མ་བཀྲུས་པ་བཞིན་དག་པར་བསམ་ལ་ཕྱིས་མི་བྱེད་པའི་གཉེན་པོས་བསྡམ་པ་ནི་བཤགས་པའི་ཡན་ལག །རྒྱལ་བ་རྣམས་ཀྱི་འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ། སེམས་ཅན་རྣམས་ཀྱི་བསོད་ནམས་དང་ཐར་པ་ཆ་མཐུན་གྱི་དགེ་བ། རང་གི་སྔར་བྱས་པ། ད་ལྟར་བྱེད་བཞིན། ཕྱིས་བྱེད་པར་ངེས་པ་ཐམས་ཅད་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བའི་ཡན་ལག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་སོགས་གཞན་དོན་རླབས་པོ་ཆེའི་ཁུར་བཟོད་པ་རྣམས། འགྲོ་བའི་ལོག་བསྒྲུབ་དང་སྐྱོ་ངལ་གྱིས་སུན་ནས་ཆོས་མི་གསུང་བར་ཞི་བདེར་གཞོལ་བདག་གི་དྲུང་དུ། སྔོན་ཚངས་པ་དང་བརྒྱ་བྱིན་གྱི་ཞུ་བ་ཕུལ་བ་ལྟར། བདག་ཀྱང་

(༩༣༦)ལུས་བྱེ་བ་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ནས་འཁོར་ལོ་དང་ནོར་བུ་ལ་སོགས་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་ནི་ཆོས་འཁོར་བསྐོར་བའི་ཡན་ལག །ཞིང་ཁམས་འདི་དང་གཞན་དག་ཏུ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་གྱི་དོན་མཛད་ཟིན་ནས་མྱ་ངན་ལས་འདའ་བར་བཞེད་པ་དག་གི་མདུན་དུ། སྔོན་གྱི་དགེ་བསྙེན་ཙུནྡས་གསོལ་བ་བཏབ་པ་ལྟར། བདག་ལུས་མང་པོར་སྤྲུལ་ཏེ་གསོལ་བ་བཏབ་པས། འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ནས་སེམས་ཅན་གྱི་དོན་མཛད་པར་བསམ་པ་ནི་བཞུགས་པར་གསོལ་འདེབས་ཀྱི་ཡན་ལག་སྟེ། ད་ལྟར་གྱི་དགེ་བས་མཚོན་ནས་རང་གཞན་གྱི་དུས་གསུམ་དང་འབྲེལ་བར་བསགས་པའི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇམ་དཔལ་གཞོན་ནུའི་ཡོངས་བསྔོ་ལྟར་དམིགས་པ་མེད་པའི་ཤེས་རབ་ཀྱི་རྒྱས་འདེབས་པ་ནི་བསྔོ་བའི་ཡན་ལག་སྟེ། ངག་ཏུ། ཧྲཱི བདག་ལུས་ཞིང་གི་

(༩༣༧)འུྃ༔ རྡུལ་སྙེད་དུ༔ སོགས་བརྗོད་ཅིང་འདིའི་ཁོངས་སུ་ཕྱག་འབུམ་ཡང་འགྲོ་བར་བྱེད་པ་ལག་ལེན་ཡིན་ནོ།། ༈ །།གསུམ་པ་ཕུར་ཚུགས་སུ་གསོལ་བ་བཏབ་ཅིང་རྒྱུ་རྡོ་རྗེ་བཞིའི་ངོ་བོར་སྒྲུབ་པ་ནི། འདི་ལྟར་དཔལ་མགོན་བླ་མ་དམ་པ་ནི་དཀྱིལ་འཁོར་གང་རུང་ཧེ་རུ་ཀའི་དབང་རྫོགས། མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེག་པ་ཙམ་གྱི་ཐར་པའི་ས་བོན་འདེབས་ཤིང་སངས་རྒྱས་ཐམས་ཅད་དང་འཕྲིན་ལས་ཀྱི་བྱེད་པ་གཅིག་པས་དཀོན་མཆོག་བཞི་པར་བྱོན། རང་ངོར་ཚེ་གཅིག་ལུས་གཅིག་ལ་སྨིན་གྲོལ་ཟབ་མོའི་ལམ་དང་ཐུགས་རྗེའི་བྱིན་རླབས་ཁོ་ནས་རྡོ་རྗེ་འཆང་གི་སར་བཙན་ཐབསུ་བཀོད་པས་སངས་རྒྱས་ལས་ཀྱང་བཀའ་དྲིན་མཆོག་ཏུ་ལྷག་ཅིང་། ཡོན་ཏན་གྱི་སྒོ་ནས་གཞལ་ན་དགངས་པ་ནམ་མཁའ་ལྟར་རྒྱ་ཆེ། མཁྱེན་བརྩེ་རྒྱ་མཚོ་ལྟར་ཚད་མེད། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་རག །རང་བཞིན་རི་རྒྱལ་ལྟར་ཐུགས་

(༩༣༨)བརྟན། འགྲོ་བ་ཀུན་ལ་ཕ་ལྟར་ཐུགས་སྙོམས་ཤིང་། ཡོན་ཏན་རེ་རེའི་ཆ་ཡང་དཔག་ཏུ་མི་ནུས་པ་གསོལ་བ་བཏབ་པ་ཙམ་གྱི་ཅི་འདོད་ཀྱི་དངོས་གྲུབ་ཐམས་ཅད་འབད་མེད་དུ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། ཁྱེད་ལ་བརྟེན། ཁྱེད་ལ་རེ། ཁྱོད་གཅིག་སྒྲུབ་སྙམ་པའི་མོས་གུས་མཆི་མ་འཁྲུག་པ་དང་བཅས། རྗེ་བཙུན་གུ་རུ་རིན་པོ་ཆེ༔ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི༔ སོགས་ནས། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན༔ ཡན་ཆད་ཚར་ཅི་ནུས་ལྡབས་རྗེས། བདག་ལ་རེ་ས་གཞན་ན་མེད༔ ཅེས་པ་ནས། སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན༔ ཡན་ཆད་ཚར་འོས་མཚམས་ཀྱི་རྗེས་སུ། གསོལ་འདེབས་རྒྱུད་བསྐུལ་གྱི་རྣལ་འབྱོར་བཛྲ་གུ་རུ་ལ་ཆིག་སྒྲིལ་དུ་བྱ། དེའི་ཚེ་དབང་བཞི་ལེན་པའི་དམིགས་པ་ནི། བླ་མ་ལ་གདུང་བ་དྲག་པོའི་རྐྱེན་གྱིས་བདག་ལ་བརྩེ་བས་རྗེས་སུ་དགོངས། གུ་རུའི་སྨིན་མཚམས་ན་ཨོཾ་ཡིག་ཆུ་ཤེལ་ལྟ་བུར་འཚེར་བ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོ་ནས་ཞུགས། ལུས་ཉིད་ཀྱི་ལས་

(༩༣༩)འུྃ༔ དང་རྩའི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །མགྲིན་པ་ན་ཨཱ ཡིག་པདྨ་ར་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོ་གཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་གི་སྐལ་བརྒྱུད་ལ་བཞག །

(༩༤༠)སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བརྒྱུད་ལ་བཞག་གོ། དེ་རྗེས་གུ་རུའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དུ་མ་རོ་ཅིག་ཏུ་བསྲེས་པའི་ངང་ལ་ལྟ་བའི་ངང་མདངས་བསྐྱངས་ཞིང་གསོལ་འདེབས་བསྙེན་པ་ལ་འབད། འདི་ནི་བླ་མ་ཆོས་སྐུའི་ཞལ་བལྟ་བ་ཞེས་བྱའོ། །དེ་ལ་རང་རྒྱུད་ལ་རྡོ་རྗེ་བཞིའི་ས་བོན་གདོད་ནས་འབྲེལ་པ་གྲུབ་པར་གནས་པ་རྡོ་རྗེའི་སློབ་དཔོན་གྱིས་རིགས་སད་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་བཅུག་ནས་སྨིན་པར་བྱས་པ་ནི་སྐབས་འདིར་གཞིའི་དབང་ཞེས་བྱ་ལ། བླ་མའི་རྣལ་འབྱོར་གྱི་ཚེ་གཞན་རྐྱེན་ལ་ལྟོས་པ་མེད་པར་ཀུན་ནས་ཀུན་

(༩༤༡)འུྃ༔ ཏུ་ཉམས་སུ་བླང་བར་བྱར་ཡོད་པས་ལམ་གྱི་དབང་ཞེས་བྱ་སྟེ། དེ་ལྟར་བླངས་པ་ལ་དག་རྫོགས་སྨིན་གསུམ་གྱི་ཡོན་ཏན་རྒྱ་མཚོའི་ས་བོན་ཐེབས་པའི་དགོས་པ་ཆེས་ཆེ་བ་དང་ལྡན་པས། རྡོ་རྗེའི་ལམ་མཆོག་འདིས་སྨིན་པར་སློབ་པ་རྣམས་ཀྱི་ལམ་དབང་འདི་རྟག་པར་བླང་ཞིང་། གསོལ་འདེབས་ཀྱི་བསྙེན་པའི་ཚད་ཀྱང་འབུམ་ཕྲག་བརྒྱ་ཐམ་པ་ཁོ་ནའོ། །འབྲས་བུའི་དབང་ནི། སྒྲིབ་བྱེད་མཐའ་དག་ཟད་པའི་ཚེ་མདོ་ལུགས་ལའང་སངས་རྒྱས་རྣམས་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་གྱི་ཐ་སྙད་མཚོན་པ་བཞིན་བླ་ན་མེད་པའི་ཐེག་པ་འདིར། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། བླ་མ་བྱ་བ་ཡོད་མིན་ཏེ། །དབང་ཆོས་བཤད་བྱེད་མཁན་པོ་མེད། །རང་སེམས་ཆོས་སྐུར་རྟོགས་ཙ་ན། །དུས་གསུམ་རྒྱལ་བའི་དབང་ལུང་ཐོབ། །བརྒྱུད་པར་འཛིན་པ་རྟོག་པ་ཡིན། །ཅེས་སོ། །དེ་ལྟ་བུའི་བླ་བསྒྲུབ་ཀྱི་གནས་སྐབས་ན་ཏིང་ངེ་འཛིན་ལ་སྐྱོ་བ་སེང་པ་

(༩༤༢)དང་། བོགས་དབྱུང་བའི་ཕྱིར་དམིགས་པའི་རིམ་པ་བསལ་བཞག་དང་། སྤྲོ་བསྡུའི་རྣམ་པ་གོ་མ་འགགས་པ་ནི་བླ་བསྒྲུབ་གཞུང་རྩ་བའི་ཡིག་ཆུང་གི་ཤེས་པར་འགྱུར་ལ། ཐུན་ཐམས་ཅད་ཀྱི་མཐར་རྫོགས་རིམ་བསྡུ་བའི་དམིགས་པ་ཟབ་གནད་ཅན་འདི་ངེས་པར་གཅེས་ཏེ། ནམ་ཞིག་ཚེ་ཡི་དུས་བྱས་ཚེ༔ སོགས་ཀྱི་ཚིག་བརྗོད་པ་དང་ཆབས་གཅིག །སློབ་དཔོན་ཆེན་པོ་ལ་གདུང་བ་དྲག་པོ་བསྐྱེད་པའི་རྐྱེན་གྱིས་བདག་ཉིད་ལ་།ཐུགས་རྗེའི་འཇུག་པས་ཤིན་ཏུ་དགོངས་པར་གྱུར་ཏེ། ཞལ་འཛུམ་པ་དང་སྤྱན་དགྱེས་ཆགས་སུ་གཡོ་བའི་ངང་ལས་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་ཚ་ལམ་གྱི་འབར་བ་ཞིག་འཐོན་རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་ཁར་རེག་པའི་མོད་ལ་འོད་ཀྱི་གོང་བུ་སྲན་མ་ཙམ་དུ་གྱུར། དེ་ཉིད་ཀྱང་མཐར་མེ་སྟག་ཡར་བ་བཞིན་དུ་གུ་རུ་རིན་པོ་ཆེའི་ཐུགས་ཁར་འདྲེས་པའི་ངང་ལ་མཉམ་པར་བཞག །རྗེས་ཐོབ་ལ་དགེ་བ་བསྔོ་ཞིང་ཟངས་མདོག་དཔལ་རིའི་སྨོན་ལམ་འདོན་པའང་

(༩༤༣)འུྃ༔ གནད་དམ་པའོ། །མོས་གུས་དང་དམ་ཚིག་རྣམ་པར་དག་པ་གང་ཞིག་འདི་ཡན་ཆད་ཀྱི་ལམ་མཐར་ཕྱིན་པས་ཀྱང་དངོས་གཞི་ལ་མི་ལྟོས་པར་རྔ་ཡབ་དཔལ་གྱི་རི་བོར་དབུགས་ཕྱུང་། དག་པའི་ཞིང་ཁམས་དེར་རིག་འཛིན་རྣམ་པ་བཞིའི་ལམ་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བས་ཀུན་ཏུ་བཟང་པོའི་ས་ལ་ཕྱིན་པར་འགྱུར་རོ།། ༈ རང་བྱུང་རིག་པ་མངོན་གྱུར་ནས། །གདོད་མའི་སངས་རྒྱས་སར་གཤེགས་པའི། །མཁྱེན་བརྩེ་འཇིགས་མེད་གླིང་པ་ལ། །འདས་རྗེས་གླེགས་བམ་བབས་པའི་དོན། །ཀློང་སྙིང་ཐུན་མིན་སྔོན་འགྲོ་ཡི། །འཁྲིད་ཡིག་དྲན་པ་ཉེར་གཞག་པར། །ཟུར་མཛོད་བསོད་ནམས་ཚེ་བརྟན་དང་། །དཔལ་འཛོམ་ལ་སོགས་བུ་སྨད་ཀྱིས། །པར་བརྐོས་དག་བས་སྙིང་ཐིག་གི། །བསྟན་པ་ཕྱོགས་བརྒྱར་འཕེལ་བ་དང་། །སྦྱིན་པའི་བདག་པོའི་ཚེ་བསོད་དང་། །མངའ་ཐང་ལོངས་སྤྱོད་རྒྱས་གྱུར་ཅིག །

(༩༤༤)

(༩༤༥)རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་གདོད་མའི་མགོན་པོའི་ལམ་གྱི་རིམ་པའི་ཁྲིད་ཡིག་ཡེ་ཤེས་བླ་མ་ཞེས་བྱ་བ་བཞུགས། །

(༩༤༦)རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་གདོད་མའི་མགོན་པོའི་ལམ་གྱི་རིམ་པའི་འཁྲིད་ཡིག་ཡེ་ཤེས་བླ་མ་ཞེས་བྱ་བ། བཅོམ་ལྡན་འདས་སྟོན་པ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ནམ་མཁའི་དབྱིངས་ལྟར་ཆོས་ཉིད་བསམ་གྱིས་མི་ཁྱབ་པས། །སྲིད་དང་ཞི་བར་ཡང་ཡེ་མི་མངའ་རྣམ་པ་ཐམས་ཅད་མཆོག་ལྡན་ཉིད། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་གང་སྣང་ཆ་ཙམ་དུ་མཚོན་པའི་དཔལ། །གདོད་མའི་མགོན་

(༩༤༧)པོ་བཙུན་མོར་བཅས་པ་བདག་བློའི་པད་མཚོར་རྒྱལ་གྱུར་ཅིག །གཟོད་ནས་ངོ་བོ་འགྱུར་བ་མེད་ལ་གློ་བུར་དྲི་མའི་དག་བྱ་ཅན། །སྐུ་གསུམ་སྟོན་པས་ཆོས་ཆར་ཕབ་ལས་ལེགས་པར་འཁྲུད་པའི་རང་བཞིན་ནི། །ཁམས་དང་དབང་པོ་བསམ་པའི་རིམ་པས་རིམ་དང་རིམ་མིན་ཅིག་ཆར་དུ། །གྲོལ་བའི་ཆོས་ཚུལ་ཤིན་ཏུ་རྨད་བྱུང་རྫོགས་པ་ཆེན་པོའི་ཤིང་རྟ་ཉིད། །འདི་ན་བསྐལ་པ་བྱེ་བར་ལེགས་བྱས་བསོད་ནམས་ཡོངས་བསྔོའི་སྲོག་ཤིང་ཅན། །དེ་ཡི་

(༩༤༨)དཔལ་ལས་མི་མཇེད་འདིར་སྣང་སྔོན་བྱོན་སྤྲུལ་པའི་ལོ་པཎ་གྱིས། །གངས་ཀྱི་རི་བོར་མངོན་པར་དྲངས་ལ་རྣམ་བཤད་མི་ནུབ་རྒྱལ་མཚན་འཛིན། །ངག་གི་དབང་པོ་བསྟན་པའི་སྲོག་ཤིང་ཞབས་སེན་གཙུག་ན་བགྱིད་པའི་ཏོག །རྒྱུད་དོན་རྒྱ་མཚོ་ཤིན་ཏུ་ཟབ་ཅིང་མཆོག་ཏུ་རྒྱ་ཆེའི་རང་བཞིན་གང་། །ཀུན་མཁྱེན་བློ་ཡི་དཔྱོད་ཡུལ་ཉིད་ལས་སྒྲོ་བཏགས་རྣམ་པ་ཅན་རྟོགས་མིན། །དེ་ལྟ་ན་ཡང་དྲི་མེད་འོད་ཟེར་མིག་ཐུར་དབྱེ་བས་ཇི་སྙེད་དོན། །ཇི་བཞིན་འདིར་བསྡུས་སྐལ་བཟང་སློབ་མས་བསྐུལ་བའི་སྙིང་པོ་གསལ་བར་བྱ། །དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོས། །དགོངས་

(༩༤༩)པ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ། ཉིད་ལས་མི་གཞན་པའི་འབྲས་བུའི་སངས་རྒྱས་ལྔ་ལ་དགོངས་པས་ལེགས་པར་བརྒྱུད་དེ། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུན་སུམ་ཚོགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་གསུངས་ཏེ་རྒྱུད་ལུང་མན་ངག་གསུམ་གྱིས་སྣང་བས་གདུལ་བར་བྱ་བའི་སེམས་ཅན་གྱི་ཁམས་རང་བཞིན་གྱིས་གྲོལ་བར་མཛད་པ་ལས། འདིར་བསྐྱེད་པ་དང་རྫོགས་པ་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་སྟོན་པ་ཀ་དག་གི་གནས་ལུགས་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་སྟོན་པའི་ཐོད་རྒལ་གྱི་གྲུབ་མཐའ་

(༩༥༠)ཚིག་དང་ཡིད་དཔྱོད་ལ་མི་ལྟོས་པར་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ། འདས་པའི་སངས་རྒྱས་རྣམས་ཀྱིས་གཤེགས་ཤུལ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱིས་བསྒྲུབ་བྱ། ད་ལྟ་བའི་སངས་རྒྱས་ཐམས་ཅད་ཀྱིས་བགྲོད་པ་གཅིག་པའི་ལམ་ཡང་དག་པ་ཐེག་པ་བརྒྱད་ཀྱི་བློའི་གྲུབ་མཐས་མ་རེག་པས་ཀུན་གྱི་རྩེ་མོར་ཕྱིན་ལ། དོན་དམ་པར་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ཆེན་པོའི་རང་བཞིན་གང་ཡིན་པ་ལག་པའི་མཐིལ་དུ་བཀྲམ་པ་ལྟར་གསལ་བར་བྱེད་པ་ལ་ཆོས་བདག་མཁའ་འགྲོ་རྣམས་ཀྱིས་གནང་བར་མཛད་དུ་གསོལ། དེ་ལ་གདམས་ངག་འཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་བརྒལ་བ་ཚངས་སྦྲུགས་སུ་གདབ་པ་དང་གསུམ་དུ་ཡོད་པ་ལས། འདི་ནི་དང་པོའི་ཁོངས་སུ་ཕྱི་མ་གཉིས་ཞར་ལ་ཚང་བའི་མན་ངག་གི་ལུགས་ཏེ། དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་ཚེ་འདི་ཉིད་ལ་གདོད་མའི་གཞི་དབྱིངས་སུ་སྦྱོར་བ་དང་། དབང་པོ་འབྲིང་བར་དོར་འཚང་རྒྱ་

(༩༥༡)བ། ཐ་མ་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའི་རིམ་པ་གསུམ་གྱིས་སྟོན་པའོ། །སྤྱི་དོན་དང་པོ་ལའང་སྔོན་དུ་འགྲོ་བ་དང་། དངོས་གཞི་གཉིས་ལས། སྔོན་འགྲོའི་ཆོས་ལ་སྐུ་གསུམ་གྱི་སྣ་འཁྲིད་པ་འབྱུང་བཞིའི་རྣལ་འབྱོར་ལ་བསླབ་ཚུལ། རིག་པའི་སྣ་འཁྲིད་པ་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བ། སེམས་ཀྱི་སྣ་འཁྲིད་པ་ལུས་ངག་ཡིད་གསུམ་སྤྱོད་པའི་ཚུལ་དང་གསུམ་ལས། དང་པོ་ནི། རང་བཞིན་རྫོགས་པ་ཆེན་པོ་ཤོླ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་བྱུང་བ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གིས། །སྒྲ་ལ་བསླབ་པས་ངེས་པར་འགྲུབ། །ཅེས་སྒྲ་བཞི་རྣལ་འབྱོར་དུ་བྱ་བར་གསུངས་ཀྱང་། དེང་སང་ལག་ལེན་ལ་འདེབས་པ་ཉུང་བས་མ་བྱས་ཀྱང་རུང་ངོ་། །གཉིས་པ་འཁོར་འདས་རུ་ཤན་འབྱེད་

(༩༥༢)བ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་ལྟར་དབྱེ་བ་ནི་བསྟན་བུ་ལས། སྔོན་དུ་ལུས་ངག་ཡིད་རྣམས་ཀྱིས། །མངོན་པར་ཞེན་པ་ལྡོག་པའི་ཕྱིར། །སྔོན་དུ་སྤྱོད་པ་བརྩམ་པར་བྱ། །ཞེས་པས་བྱ་ལུགས་རྩ་རྒྱུད་ལས། །ལུས་ནི་འགྲོ་དང་འདུག་པ་དང་། །གཅུད་ཅིང་འཁྲུལ་འཁོར་སྣ་ཚོགས་དང་། །ཡན་ལག་འཕེན་ཅིང་སྡུད་པ་དང་། །བྱ་བྱེད་རྣམ་པ་སྣ་ཚོགས་བསྟན། །དྲན་པའི་སེམས་ཀྱིས་མངོན་བླངས་ཏེ། །འགྲོ་དྲུག་གཟུགས་ཀྱི་སྤྱོད་པ་རྣམས། །སེམས་ཀྱིས་བླངས་ཏེ་ལུས་ཀྱིས་བྱ། །ཞེས་གསུངས་པས་ལས་དང་བག་ཆགས་ཀྱིས་བསྐྱེད་པའི་སྒོ་གསུམ་གྱི་བྱ་བ་རང་ལོག་ཅིང་ཕྱི་ནས་འགགས་པར་བྱ་བའི་ཕྱིར་དུ། གསང་བའི་སྤྱོད་པ་ལ་རྩ་ལྟུང་འདུན་པའི་ཉེས་པ་འགོག་ཕྱིར་ངེས་པར་མིའི་འགྲོ་འོང་དང་མཐོང་ཚོར་མེད་པའི་གནས་སུ་ཕྱིན་ཏེ། ཡུལ་དེའི་གཞི་བདག་ལ་གཏོར་མ་བྱིན་ནས་གྱ་ཚོམ་གྱི་སྤྱོད་པ་ལ་ཀོ་ལོང་མི་བྱེད་པར་ཕྲིན་ལས་གསོལ། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒོ་གསུམ་འཁོར་འདས་རུ་ཤན་ཕྱེ་ལ། ཕྱིས་ནས་

(༩༥༣)འཁོར་བར་མི་ལྡོག་པར་བྱ་སྙམ་དུ་སེམས་བསྐྱེད་ནས། ལུས་གཅེར་བུར་ཕྱུང་། དམྱལ་བ་བའི་ཚ་གྲང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་བཀོལ་སྤྱོད། མིའི་སྐྱེ་རྒ་ན་འཆི། ལྷ་མིན་གྱི་འཐབ་རྩོད། ལྷའི་འཕོ་ལྟུང་སོགས་རང་རྒྱུད་ལ་བཀལ་ཞིང་དེ་དག་གི་རྣམ་འགྱུར་དང་། གཞན་ཡང་རྒྱུག་པ་དང་། མཆོད་པ་དང་། གཅུད་པ་དང་། ཡན་ལག་འཕེན་སྡུད་སོགས་མདོར་ན་དྲན་ཚད་ཀྱི་སྤྱོད་པས་སྣང་བ་གཏད་མེད་དུ་བཏང་ཞིང་། དེ་བཞིན་དུ་ངག་རུ་ཤན་དབྱེ་བའི་ཕྱིར་ཐལ་འགྱུར་ལས། ཅི་སྨྲས་ལྡོག་པ་མེད་པའི་ཕྱིར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་ཁྱབ་འཇུག་གི། སྐད་ནི་བཟང་ངན་བྱེ་བྲག་བརྗོད། །མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱི་དྲན་བསམ་ངག་གིས་བརྗོད། །ཅེས་པ་ལྟར་ཅ་ཅོ་དང་སྒྲ་སྐད་སྣ་ཚོགས་པ་བླང་དོར་མེད་པར་སྒྲོགས་ལ། སེམས་ཀྱི་སྤྱོད་པའང་། སངས་རྒྱས་སྲས་གཅིག་ལས། དགའ་དང་མི་དགའ་བདེ་དང་སྡུག །རྟག་དང་མི་རྟག་ལ་སོགས་པ། །ལྟ་སྒོམ་སྤྱོད་པའི་བསམ་པ་དང་།

(༩༥༤)ཆོས་དང་ཆོས་མིན་ལ་སོགས་དང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །དགེ་དང་མི་དགེ་ལ་སོགས་པའི། །བསམ་སྤྱོད་རྣམ་པ་སྣ་ཚོགས་བྱ། །ཞེས་གསུངས་པ་ལྟར་དུས་གསུམ་གྱི་དྲན་བསམ་དགེ་མི་དགེའི་འཕྲོ་འདུ་ཐམས་ཅད་བཙན་ཐབས་སུ་སློངས་པར་བྱས་པས་སྒོ་གསུམ་ངལ་དུབ་ཀྱི་རྣམ་པར་ཤར་ཏེ་སྙེམས་ཐག་ཆོད་པའི་ས་གནོན་མཉམ་བཞག །མཛོད་སྤུ་ནས་འོད་ཟེར་བཀྱེ་འདུན། །བླ་གོས་ཟླུམ་པོར་བགོ་བ། མིག་གཉའ་ཤིང་གང་དུ་བལྟ་བ་ལ་སོགས་པའི་ཞི་དུལ་གྱི་སྤྱོད་ལམ། དེའི་ངག་གི་སྤྱོད་པ་ཤེས་རབ་སྙིང་པོ་ལ་སོགས་པའི་མདོ་འདོན་པ་དང་། ཡི་དཔྱོད་ཀྱི་ཚིག་དང་ཐལ་འགྱུར་གྱི་དགག་བཞག །དེ་བཞིན་དུ་ཁྲོ་བོའི་སྟང་སྟབས། གར་དགུའི་རོལ་རྩེད། ངག་གི་སྤྱོད་པ་རུ་ལུའི་སྒྲ་དང་ཧཱུྃ་ཧཱུྃ་ཕཊ་ཕཊ་ལ་སོགས་པ་ལུས་ངག་གི་རྣམ་འགྱུར་སྣ་ཚོགས་པ་ལ་རྩལ་སྦྱོང་བ་ཡིན་ཏེ། རྒྱུད་ལས།

(༩༥༥)སྔགས་དང་ཁ་ཏོན་ཆོས་ཀྱི་སྒྲ། །ཡོད་དང་མེད་དང་སྣང་བ་དང་། །ཡིད་དཔྱོད་ཚིག་ནི་སྣ་ཚོགས་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ལུས་ངག་ཡིད་གསུམ་རུ་ཤན་ཐ་དད་དུ་དབྱེ་བ་དང་། སྒོ་གསུམ་གྱི་སྔོན་འགྲོ་སྤེལ་ནས་བྱེད་པའི་ལུགས་སོགས་ཡོད་ཀྱང་། འཁོར་འདས་ཀྱི་རྣམ་པ་ཅན་གང་ལའང་སྒོ་གསུམ་དང་སྐུ་གསུང་ཐུགས་ཀྱི་རོལ་པ་ཤུགས་འབྱུང་དུ་འཆར་བ་དེ་ལས་ཕྲུགས་གཅིག་ཏུ་བྱེད་པ་འདི་ལག་ལེན་ལ་འདེབས་སླ་ཞིང་འཆུན་ཆེ་བ་ཡིན་ནོ། །དེ་ལྟ་བུའི་རུ་ཤན་འབྱེད་པ་ལ་ཟླ་བ་ཕྱེད་དམ། ཞག་བཅུ་གཅིག་གམ། ཉི་མ་བདུན་ལ་སོགས་པར་འབད་པས་གནས་སྐབས་སུ་སྒོ་གསུམ་གྱི་ཞེན་པ་རང་ལོག་པ་དང་འཁོར་བའི་འབྲེལ་རྒྱུན་ཆོད། མཐར་ཐུག་ལུས་འོད་གསལ་དུ་སྨིན། ངག་ཡི་གེའི་འཁོར་ལོར་དག །སེམས་རིག་ཐོག་ཏུ་གྲོལ་བ་ལ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་པ་ཡོད་དེ་མདོར་བསྡུ་ན་དབང་ཉེ་བར་རྟོགས་པ་ལས། རུ་ཤན་གང་གིས་ཕྱེ་བ་ཉིད། ཁམས་གསུམ་ལྡོག་

(༩༥༦)པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ནང་ལྟར་དབྱེ་བ་ནི་རྒྱུད་ཀློང་གསལ་གྱི་དགོངས་པ་ཡིན་ཏེ། དེ་ཉིད་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་སུ་ནྀྲ་ཏྲི་པྲེ་དུ་གནས། །ཞེས་བག་ཆགས་ཀྱི་ལུས་འདི་གྲུབ་པ་ཙམ་ནས་རིགས་དྲུག་ཏུ་འཕེན་བྱེད་ཀྱི་ས་བོན་རྒྱུན་ཆགས་སུ་གནས་པ་དེའི་སྟེང་དུ་ལས་སྔ་མའི་རྗེས་ཆགས་ཤིང་། ཕྱི་མ་ཉེ་བར་ལེན་པའི་རྐྱེན་བྱེད་པས་འཆི་བའི་ཚེ་ནའང་ཡི་གེའི་རྩ་ཁམས་དེ་རྣམས་གང་དུ་རླུང་སེམས་འདུས་པ་ལས་དེ་དང་དེར་འཕེན་པར་བྱེད་པའི་ཕྱིར་ད་ལྟ་ལམ་གྱི་གནས་སྐབས་ན་སྦྱོང་ཚུལ་ཁྱད་དུ་འཕགས་པ་འདི་ནི་ཐབས་མང་དཀའ་བ་མེད་པ་བླ་ན་མེད་པའི་ཐེག་པ་འདིའི་འཕགས་ཆོས་ཡིན་ཏེ་ཇི་ལྟར་སྦྱོང་ན་འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེས་རྩལ་སྦྱངས་རུ་ཤན་དབྱེ། །ཞེས་པ་ལྟར་སྦྱང་གཞི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། །མགྲིན་པར་ལྷ་མིན་གྱི་

(༩༥༧)སུ་ལྗང་སེར། སྙིང་གར་མིའི་ནྀྲ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་པྲེ་ཐལ་སྐྱ། རྐང་མཐིལ་དུ་དམྱལ་བའི་དུ་དུད་ཁ་རྣམས་ཀྱི་རྣམ་པར་གནས་པ། སྦྱོང་བྱེད་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེའི་རྣམ་པར་ཤར་བ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ དམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བཀྲག་མདངས་དང་གཟི་བྱིན་འབར་བཞིན་པར་གསལ་ལ། འབྲུ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་བྱུང་བའི་འོད་ཟེར་གྱིས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་དངོས་མེད་དུ་སྦྱངས་པར་བསམ་བཞིན་དུ། ཨོཾ་ཨཱཧཱུྃ་སྦྱང་གཞིའི་ས་བོན་རེ་ལ་འབུམ་རེ་དང་ཁ་སྐོང་བཅས་ཀོན་འབུམ་ཕྲག་བདུན་དུ་ལོངས་པར་བཟླའོ། །ངེས་སྡིག་པ་དག་པའི་རྟགས་དང་ཐ་མལ་གྱི་ཞེན་འཛིན་ཤུགས་ལ་དག་པར་འགྱུར་ཏེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུ་ཕྱེ་བ། །འཁྲུལ་རྒྱུ་

(༩༥༨)འཁོར་བའི་ས་བོན་སྟོངས། །ཞེས་སོ། །གཉིས་པ་སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་སྦྱང་བའི་སྔོན་འགྲོ་ལའང་གསུམ་ལས། དང་པོ་ལུས་སྦྱོང་བ་ནི། ཐལ་འགྱུར་ལས། ལུས་ཀྱི་སྔོན་དུ་འགྲོ་བ་ལས། །སོ་སོའི་བྱེད་པའི་རྒྱུ་འགགས་པ། །རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པས་རྡོ་རྗེའི་འདུག་སྟངས་ལ་ལངས་འདུག་ཕྱོགས་གཉིས་སུ་བཞེད་པའི་སྔ་མ་ནི་རྟིང་པ་གཉིས་སྤྲད་ཅིང་པུས་མོ་བགྲད་སྐེད་པ་དྲང་པོར་བསྲང་། ལག་པ་གཉིས་ཀྱི་གྲུ་མོ་རྒྱངས་བཞིན་དུ་ཐལ་མོ་སྤྱི་བོར་མ་རེག་པར་སྦྱར། མགྲིན་པར་ཨོལ་མདུད་ནོན་པར་བྱས་ཏེ་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་སྒོམ། །དེས་དུབ་ན་ཕྱི་མ་མི་འགྱུར་རྡོ་རྗེའི་འདུག་སྟངས། རྡོ་རྗེ་ལྟ་བུ་ལས་ལུས་སྤྱི་བསྲངས་པས་འགྱུ་བྱེད་ཀྱི་རླུང་འགག །རྐང་མཐིལ་ཁ་སྦྱར་བས་ཕོ་མོ་མ་ནིང་གི་རླུང་སྟོངས་ཏེ་འོད་གསལ་ཡེ་ཤེས་ཀྱི་ངང་དུ་རང་གནས། རྟིང་པ་གཉིས་གསང་བར་ཟུག་པར་གཏད་པས་འདོད་ཆགས་ཀྱི་གཞི་སྟོངས། ཐལ་མོ་སྤྱི་བོར་སྦྱར་

(༩༥༩)བས་ལུས་ཀྱི་གནད་སྦྱོོང་བར་བྱེད་དོ། །ཞེས་ཀུན་མཁྱེན་ཆེན་པོ་བཞེད་ལ། དག་པ་དྲན་པར་བྱ་བ་ནི། ཡར་རྩེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་མཚོན་ལ། མར་རྩེ་གསུམ་སྐུ་གསུམ་མཚོན་པའི་སྐེད་པ་གཅིག་ཏུ་འདྲིལ་བ་ཀ་དག་དང་ལྷུན་གྲུབ་ངོ་བོ་གཅིག་ཏུ་ལམ་བྱེད་མཚོན་པའོ། །དེ་ལྟར་བགྱིས་པ་ལ་དགོས་པ་གསུམ་སྟེ། ཐུན་མོང་དུ་ངལ་དུབ་ཀྱིས་ལུས་སྒྲིབ་འདག །ཁྱད་པར་ལ་ལུས་རྡོ་རྗེ་མེ་འབར་བར་མཐོང་བས་གདོན་བགེགས་ཞི། མཐར་ཐུག་ལུས་ཞེན་ལྡོག་སྟེ་སྐུ་རྡོ་རྗེར་འགྲུབ་པར་འགྱུར་ལ། འདིའི་ཚེ་རྟེན་འབྲེལ་ལུས་ལ་སྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་དོན་ངལ་དུབ་ལ་སོགས་པའི་རྐྱེན་གྱིས་འགྱུ་དྲན་བྱུང་ཚོར་གྱིས་སྤུན་ཐག་ཆད། ཐད་ཀར་རིག་པ་རྟེན་མེད་དུ་ལུས་པས་ངོ་སྤྲོད་ཀྱིས་གཟེར་འདེབས་སླ་བ་ཡིན་ནོ། །གཉིས་པ་ངག་སྤྱོད་པ་ནི་ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལས། །རྒྱས་གདབ་པ་དང་རྩལ་སྦྱང་དང་། །མཉེན་བཅལ་ལམ་དུ་གཞུག་

(༩༦༠)པ་ཡི། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཞེས་རྣམ་པ་བཞིར་བསྟན་པ་ལས། དང་པོ་རྒྱས་གདབ་པ་ལའང་གཉིས། ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དབེན་པར་སྐྱིལ་མོ་ཀྲུང་བཅས་ཏེ། །ངག་ཏུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་གདངས་འགྱུར་རིང་པོས་བརྗོད་པས་ཕྱིའི་སྣང་བ་ཆེ་ཆུང་བརྟན་གཡོ་ཐམས་ཅད་ཧཱུྃ་དུ་ལམ་ལཾ་སོང་བར་བསམ་ཞིང་། སོ་དང་མཆུ་མ་རེག་ཙམ་གྱི་ངང་ནས་རླུང་དང་ཤེས་པ་སྣང་བ་གསུམ་གཅིག་ཏུ་བསྲེས་ལ་མ་ཡེངས་པར་བྱའོ། །སྣང་བ་ཐམས་ཅད་ཧཱུྃ་དུ་ལམ་ལམ་འཆར་ཞིང་བན་བུན་ཕྱད་ཕྱོད་དུ་སོང་ན་རྒྱས་ཐེབས་པའི་ཚད་དོ། །དེས་ཡུལ་སྣང་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་ཧཱུྃ་ཞེས་བརྗོད་པས་ཕྱི་རོལ་གྱི་ཧཱུྃ་རྣམས་གཅིག་བྱུང་གཉིས་བྱུང་ཐམས་ཅད་ལུས་ཀྱི་དབང་པོའི་སྒོ་ནས་ཞུགས་ཏེ་ཁོང་པའི་ནང་དུ་བྱུང་ན་སོ་ནང་ཁྲོལ་ཤ་ཁྲག་དང་བཅས་པ་མི་དམིགས་པར་སྦྱངས་རྗེས། ལུས་ཀྱི་ནད་ཐམས་ཅད་ཧཱུྃ་གིས་རོང་ངེབ་སྙམ་བྱེད་ན་རླུང་བསྡམ་པ་གནད་

(༩༦༡)དོ། །དེས་ནི་ལུས་ཀྱི་འབྱུང་བ་དག་སྟེ་རྡོས་བཅས་ཟག་པ་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱོང་བ་ལ་གཉིས་ཀྱི། །དང་པོ་ཕྱི་སྣང་བ་ལ་སྦྱོང་བ་ནི། །ཧཱུྃ་ཧཱུྃ་ཞེས་དྲག་ལ་གཏུམ་པར་བརྗོད་པའི་རྐྱེན་གྱིས་མཁའ་ལ་གློག་འཁྱུག་པ་བཞིན་ཧཱུྃ་མཐིང་ནག་རྣོ་མྱུར་གྱི་ཤུགས་དང་ལྡན་ཞིང་གང་ལ་འབིགས་པའི་ཡུལ་དང་འཚམས་པ་གནམ་ལྕགས་བབས་པ་བཞིན་བྱུང་ནས་རི་དང་ཁང་ཁྱིམ་ཐོག་རེག་གི་སྣང་བར་ཤར་བ་མཐའ་དག་ཁྲལ་ཁྲོལ་ཁལ་ཁོལ་མེད་པར་དབུག་པར་བསམ་མོ། །དེས་སྣང་བ་བདེན་མེད་དུ་ཤེས་པའི་དགོས་པ་ཡོད་དོ་། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། ཧཱུྃ་མཐིང་ནག་མཐོ་གང་བས་རང་གི་ལུས་ཕྱིར་ཐལ་ནང་ཐལ་ཁོལ་རྩེ་མེད་པར་ཕུག་པས་རྡུལ་ཕྲན་དུ་དག་པར་བསམ་ཞིང་ཧཱུྃ་དྲག་པོར་བརྗོད། འབྱོངས་པའི་རྟགས་ལུས་ཀྱི་ཤ་ཁོལ་བུར་འཕར་བ་དང་། མེ་ལོང་གི་བྱང་ལྟར་རང་བཞིན་མེད་པའི་ཉམས་འཆར་རོ། དེས་ནང་ཕུང་

(༩༦༢)པོའི་ནད་གདོན་ཞི་བ་དང་། ལུས་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་བུ་ལ་སོགས་པའི་མཚན་མ་བཙུགས་ངག་ཏུ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་ཧཱུྃ་གི་ཕྲེང་བ་ལུ་གུ་རྒྱུད་དུ་འབྲེལ་བ་དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཤིང་རྩེ་མོར་སླེབ་པ་དང་ཧཱུྃ་སྔ་མ་དེ་རྩེ་མོར་མདུང་ཚུགས་སུ་གནས་པ་ལ་ཤེས་པ་གཏད་དེ་ཧཱུྃ་གི་གླུ་དལ་པོས་ལེན། སྐྱོ་བ་ན་ཡང་གཅིག་ལ་གཅིག་ཐིམ་གྱི་འཇིག་པ་ལ་ཤེས་པ་གཅུར་ནས་མཐར་སྙིང་གར་བསྡུས་ཏེ་ངལ་བསོ། །དེ་ལྟར་ཡང་ཡང་བགྱིས་པས་ཕྱི་ནང་གི་འགྲོ་ལྡོག་ལམ་དུ་ལོངས་ནས་སེམས་ལ་ཤིན་ཏུ་སྦྱངས་པའི་ཡོན་ཏན་ཐོབ་སྟེ་དམིགས་པ་གང་དུའང་བསྒྱུར་ཐུབ་པ་འོང་ངོ་། བཞི་པ་ལམ་དུ་གཞུག་པ་ནི། རང་ཉིད་ཧཱུྃ་དུ་བྱས་པ་ཁ་དོག་མཐིང་ཁ་ཁྲུ་གང་པ་ཞིག་ཕར་འཁྱོག་ཚུར་འཁྱོག་སྲིན་བུའི་འགྲོས་ཀྱི་རྣམ་པ་ཐམས་ཅད་པའི་ལམ་ལ་ཞུགས་ཤིང་མཐོང་ཡུལ་གྱི་རི་དང་ཡུལ་ལྗོངས་ནས། མི་མཐོང་ཞིང་རྒྱུས་ཡོད་པའི་ས་ཕྱོགས་ཐམས་ཅད་དུ་འགྲོན་པོ་དོན་

(༩༦༣)གཉེར་ལམ་དུ་ཞུགས་པ་བཞིན་སོང་བར་བསམ་ཞིང་འགྲོ་ལུགས་དང་མཐུན་པའི་ཧཱུྃ་དལ་བུར་བརྗོད། དེས་ཡུལ་གྱི་བག་ཆགས་སྦྱོང་ཞིང་ལུས་ངག་གི་ལམ་སྲོལ་དུ་ཆུད་པའི་དགོས་འབྲེལ་ཡོད་ལ། སླར་ཡང་ཧཱུྃ་ཧཱུྃ་ཞེས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པ་དག་པའི་ཞིང་རྣམས་སུ་ཡང་དཔག་ཆེན་གྱིས་མངའ་བཞིན་དུ་ཕྱིན་པར་བསམས་པས་ཞིང་ཁམས་འབྱོངས་པའི་རྟེན་འབྲེལ་བསྒྲིག་གོ། །ཀུན་ལ་རླུང་སེམས་ཧཱུྃ་གསུམ་རྩེ་གཅིག་ཏུ་དྲིལ་ནས་འདུན་པ་གང་གཏད་དུ་བཟུང་བས་རྣམ་རྟོག་འགག་སྟོབས་གཞན་ལས་ཆེ་བ་ཡིན་ནོ། །དེས་ནི་ངག་གི་སྒྲིབ་པ་འདག་ཅིང་ངག་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་བྱེད་དོ། །གསུམ་པ་སེམས་སྦྱོང་བ་ནི། ཐལ་འགྱུར་ལས། སེམས་ནི་ཐོག་མ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། དེ་ལྟར་གསུམ་ལ་རྟག་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་པས་སེམས་སྦྱོང་

(༩༦༤)བ་དངོས་དང་། སྦྱངས་པ་རྣལ་དུ་དཔང་ཚུལ་ལོ། །དང་པོ་ལ་གསུམ་གྱི་ཐོག་མར་བྱུངས་དང་བྱུང་མཁན་ལ་བརྟག་པ་ནི། སེམས་འདི་ཡོད་ཙམ་ནས་སྣོད་བཅུད། །ཕྱི་ནང་སྣང་བ་དང་། སྟོང་པ་ལ་སོགས་ཡོད་མེད་ཀྱི་ཕྱོགས་གང་ནས་བྱུང་། ཡོད་པ་དངོས་པོའི་ཕྱོགས་ནས་བྱུང་ཟེར་ན་གྲུབ་མཐའ་སྨྲ་བ་ཉན་ཐོས་པའི་ཕྱོགས་སུ་ལྷུང་བས། སྣང་བའི་བདེན་ཞེན་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཙམ་དུའང་བཤིག་སྟེ་རྟོགས་ཤིག །དེ་ལྟར་བརྟགས་ཤིང་རྡུལ་ཕྲན་ཆ་མེད་ཀྱི་ཁོང་དུ་བཙལ་བས་སེམས་ཀྱི་བྱུང་ས་མ་རྙེད་པར། རྨི་ལམ་ལྟར་རང་བཞིན་མ་གྲུབ་པར་ཤེས་ཀྱང་། བྱུང་མཁན་གྱི་ཤེས་པ་ཤ་ར་ར་འོལ་ལེ་བ་སེམས་དང་སེམས་བྱུང་ལྟར་ཤར་བའི་རྩ་བ་མཆོད་ན་ནི་དབུ་མ་སེམས་ཙམ་པ་ལྟར་མེད་དགག་དང་མ་ཡིན་དགག་ལ་གནས་ལུགས་རེ་བའི་ཕྱོགས་ལ་འཕྱན་དུ་ཡོད་པས། འཚོལ་མཁན་གྱི་སེམས་ལ་ཚུར་ལྟོས་ཤིག །བལྟས་པས་ཀྱང་སེམས་དར་ཅིག་རང་གསལ་ཙམ་དུ་འདུག་པའམ། འགྱུ་དྲན་སྣ་ཚོགས་སུ་ཤར་བ་

(༩༦༥)མཐར་ཐུག་ཏུ་འདོད་ན། སེམས་ཀློང་ཁ་འབྱམས་གཞི་བྲལ་ལ་གདེང་འཆའ་བ་དང་འདྲ་བས་ད་དུང་རིག་པ་མངོན་སུམ་དུ་མ་མཐོང་། ཡང་སྟོང་པའི་ཕྱོགས་ནས་བྱུང་ཟེར་ན། །མཁན་པོ་མཐོང་བས་དབྱིབས་དང་། ཁ་དོག །རྟགས་མཚན། ཆེ་ཆུང་ཕྱོགས་ཆ་ལ་སོགས་པའང་ངེས་པར་ཡོད་དགོས་པས་དེའི་རང་བཞིན་བརྟག་དགོས་ཏེ། དེ་ལྟར་བརྟགས་པས་འཚོལ་ས་དང་འཚོལ་མཁན་དུ་སྣང་བའི་གཟུང་འཛིན་ཡུལ་མེད་རྟེན་བྲལ་སྨྲ་བསམ་བརྗོད་མེད་ཁས་ལེན་ཐམས་ཅད་དང་བྲལ་བའི་དང་དུ་ཧ་ཕྱད་དེ་ལུས་ན། གཞི་མེད་རྩ་བྲལ་ཆོས་སྐུ་སྐྱེ་བ་མེད་པའི་དོན་ཁོང་དུ་ཆུད་པ་ནི། དབུ་མ་ཐལ་འགྱུར་ལས། ང་ལ་ཁས་ལེན་མེད་པས་ན། ད་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པའི་ཐོག་ཏུ་སླེབ་ཅིང་སླེབ་ཚུལ་ཡང་དིང་སང་གྲུབ་པའི་མཐའ་འདི་ཉིད་འཛིན་པར་རློམ་པ་རྣམས་ལྟར་ཡིད་དཔྱོད་ཀྱི་བློས་བཞག་པ་མ་ཡིན་པར་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཉིད་དོན་མཐོང་བས་

(༩༦༦)སླེབ་པ་ཡིན་ཞེས་བདག་ཉིད་སྨྲའོ། །གཉིས་པ་གནས་ས་གནས་མཁན་ལ་བརྟག་པ་ནི། སེམས་འདི་ད་ལྟ་ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། དེ་དག་གི་ཕྱི་ནང་སྟོད་སྨད་མགོ་མཇུག་ལ་སོགས་པར་གང་དུ་གནས་བརྟགས་པས་གནས་ས་མཐོང་ན་དེའི་དབྱིབས་དང་ཁ་དོག་བྱེད་ལས་ལ་སོགས་པའི་རྟོག་དཔྱོད་དང་དྲི་བརྩད་ཀྱི་རྫུན་ཕུགས་གཏིབ་ཅིང་། ཕྱི་ནང་གང་དུའང་མ་མཐོང་ནས་གནས་མཁན་གྱི་ཐོག་ཏུ་དཔྱད་པའི་ཚེ་ཀུན་གཞིའི་རྣམ་ཤེས་རང་གསལ་ཙམ་བདེན་གྲུབ་ཏུ་ཤར་ནའང་སེམས་ཙམ་རྣམ་རྫུན་པར་ཉེ་ལ། འདིར་སེམས་ལ་རྒྱུ་མཚན་མེད་པས་ཆུ་ལ་ཡི་གེ་བྲིས་པའི་ཚེ་རང་ས་ན་རྗེས་མེད་དུ་ཞིག་པ་འམ། གྲུ་རྡབ་པའི་ཚེ་ཆུ་ལ་འཇུས་པ་ལྟར་གནས་ས་བཙལ་བའི་མོད་ལ་འཚོལ་མཁན་རང་ཞིག་པས་གནས་བྱེད་ཀྱི་མཁན་པོ་ངོས་བཟུང་དང་བྲལ་བར་གཏན་ལ་ཕེབས་པ་ནེ་ལོངས་སྐུ་འགག་པ་མེད་པའི་དོན་ཁོང་དུ་ཆུད་པ་ཡིན་ནོ། །ད་ལྟར་བའི་སྐབས་ན་ཚེར་མས་བཏབ་པ་ལ་སོགས་སྒོ་གསུམ་

(༩༦༧)གྱི་སྟེང་དུ་ཚད་བའི་ཉེར་ལེན་ལས་མྱོང་རེག་གི་མཚན་མ་གང་དང་གང་དུ་ཤར་བ་དེ་དང་དེར་ཡོད་པ་ལྟར་སྣང་བ་ནི། འདུ་བྱེད་ཀྱི་ཕུང་པོས་རྒྱུ་བྱས། ཕྲལ་བྱུང་གི་རྣམ་པར་རྟོག་པས་རྐྱེན་བྱས། གཟུང་བའི་ཡུལ་ལ་འཛིན་པའི་སེམས་ཆགས་པས་བདག་པོའི་འབྲས་བུར་སྨིན་པ་སྟེ། གཟུང་འཛིན་ཡུལ་སྟོངས་ཏེ་ཆོས་ཉིད་ཟད་སར་འཁྱོལ་བའི་ཚེ་གཤེད་མ་བརྒྱས་བསྐོར་ཡང་ཉམ་ང་བ་དང་བག་ཚ་བ་མེད་པའི་གོ་དོན་ཡང་འདིས་ལྷོངས་པ་ཡིན་ནོ། །གསུམ་པ་འགྲོ་ས་འགྲོ་མཁན་ལ་བརྟག་པ་ནི། ཕྱི་ནང་སྣོད་བཅུད། སྣང་སྟོང་ཡོད་མེད་ལ་སོགས་གང་གི་ཕྱོགས་སུ་ཡང་འགྲོ་བའི་ཡུལ་བརྟགས་པས་འགྲོ་ས་མ་རྙེད་པས་འབྲས་བུ་ལ་རེ་དོགས་སུ་འཛིན་པའི་བློ་ལྡོག །གལ་ཏེ་རྙེད་ན་འགྲོ་མཁན་གྱི་བྱད་བཞིན་ལ་སོགས་པའི་མཚན་ཉིད་ཀྱང་ཤེས་དགོས་པས་བརྟགས་པའི་ཚེ་དེ་ལྟར་མི་འདུག་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཡིད་ཆེས། དེ་

(༩༦༨)ལྟར་འགྲོ་ས་མེད་པས་ཡུལ་སྣང་སེམས་ཀྱིས་བཟོས་པར་ཐག་ཆོད། འགྲོ་མཁན་མེད་པས་ཡུལ་ཅན་རང་བཞིན་མེད་པའི་གདེང་རྙེད། དེའི་ཚེ་རིག་སྟོང་འགྲོ་འོང་མེད་པ་སྤྲུལ་པའི་སྐུར་གཏན་ལ་ཕེབས་ཤིང་། འདི་ལྟར་བྱུང་གནས་འགྲོ་གསུམ་ཐུན་མོང་མ་ཡིན་པའི་ཁོངས་སུ་སེམས་གྱི་ཁང་བུ་རྡིབ་པའི་མན་ངག་ཀྱང་ཚང་བས་ཁྱད་པར་འཕགས་པའི་མྱུར་ལམ་ཡིན་ནོ། །དེ་ལྟར་སེམས་ཀྱི་སྔོན་འགྲོའི་སྤྱོད་པ་བྱས་པས་ཐུན་མོང་དུ་སེམས་ཀྱི་སྡིག་སྒྲིབ་འདག་ཅིང་བར་ཆད་ཞི། མངོན་ཞེན་ལྡོག །ཁྱད་པར་དུ་འཁོར་འདས་རུ་ཤན་ཕྱེད་པས་སེམས་ཀྱི་མཚན་ཉིད་རིག་སྟོང་ཡེ་ཤེས་སུ་གྲོལ། མཐར་ཐུག་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཐུགས་རྡོ་རྗེ་གདོད་མའི་གཞི་ཐོག་ཏུ་ཕྱིན་པར་བྱེད་དོ། །གཉིས་པ་ལ་གཉིས། རྣལ་དུ་དབབ་པ་དང་། སོར་གཞུག་པའོ། །དང་པོ་ནི། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་

(༩༦༩)ཁྱད་པར་ཅན་གྱི་སྔོན་འགྲོའི་སྤྱོད་པ་དེ་རྣམས་ཀྱི་ཁམས་དང་འབྱུང་བ་འཁྲུགས་པར་གྱུར་པ་རྣལ་མ་མ་བཅོས་པའི་གཤིས་སུ་གཏན་ལ་དབབ་པའི་ཕྱིར། ལུས་ཀྱི་གནད་བཟང་ངན་བླང་དོར་ལས་འདས་པ་དུར་ཁྲོད་ཀྱི་མི་རོ་བཞིན་དུ་ཅི་བདེར་བཞག །ངག་སྨྲ་བརྗོད་དང་བྲལ་བའི་གཤིས་ལ་དབུགས་གྱི་འགྲོ་འོང་ཙམ་ཡང་དལ་པར་བསླབ། ཡིད་དྲན་རྟོག་རྣམ་གཡེང་ལས་གྲོལ་བ་སྤྲིན་དེངས་པའི་ནམ་མཁའ་ལྟར་འཇོག་པ་སྟེ། བྱ་བ་དང་བྱེད་པ་མེད་པའི་རྣལ་འབྱོར་དང་ལྡན་པས་རྣལ་དུ་དབབ་པ་ལ་ཞག་ཉི་ཤུ་རྩ་གཅིག་གམ། བདུན་ནམ་གསུམ་ལ་སོགས་པ་བྱ་སྟེ། དགོས་པ་ནི་ཀློང་གསལ་ལས། འདི་ལྟར་རྣལ་དུ་སུས་ཕབ་པ། །འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་སོ། །གཉིས་པ་སོར་གཞུག་པ་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །དེས་ནི་

(༩༧༠)གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །ཞེས་དང་པོ་ཉན་ཐོས་ཀྱི་ལྟ་སྟངས་རྣམ་སྣང་ཆོས་བདུན་དང་ལྡན་པས་བྱུང་ཚོར་གྱི་རྟོག་པ་ལ་བཟོ་མི་འཆོས་པ་ཉིད་དུ་གཞག་གོ། གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་མིག་གཉའ་ཤིང་གང་ཙམ་དུ་རྟེན་མེད་དུ་བཞག །གསུམ་པ་ཁྲོ་བོའི་ལྟ་སྟངས་རྐང་པ་གྱད་ཀྱི་དོར་སྟབས་སུ་བགྲད། མིག་སྡང་མིག་ཏུ་གཡོ་ཞིང་བར་སྣང་ལ་བལྟ། ངག་ཧ་ཧ་ཞེས་པའི་ཁྲོ་བོའི་གད་མོ་དང་། ཧི་ཧི་ཞེས་ཁྲོ་མོའི་རྒྱང་གླུ་བརྗོད་པའི་ངང་ནས་སྣང་བའི་རྫུན་ཕུགས་གཏིབ་པའི་བརྟུལ་ཞུགས་ལ་རྩལ་སྦྱང་ངོ་། །དགོས་པ་ནི་ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །བོ་དྷི་སཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་སོ། །ཡིག་རྙིང་བདག་ལ་རྣམ་སྣང་ཆོས་བདུན་ལས་ཐ་དད་པའི་མིག་སྣ་རྩེར་གཏོད་པ་དང་། བྱང་

(༩༧༡)སེམས་ལྟ་སྟངས་ཞི་བར་མི་གནས་པ་སོགས་སྣང་བ་ཧོལ་རྒྱུགས་སོ།། །།གཉིས་པ་དངོས་གཞིའི་ཁྲིད་ཚུལ་ལ་གཉིས་ལས། དང་པོ་སྐུ་བཞིའི་ས་བོན་འདེབས་ཤིང་མྱུར་ལམ་སྒོམ་པའི་སྣོད་དུ་བསྒྲུབ་ཕྱིར་དབང་གི་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་སྨིན་པར་བྱེད་པའི་བྱ་བ་རྣམས་གནས་སྐབས་འདི་ཉིད་དུ་དོན་གྱིས་ཐོབ་པ་ཡིན་ལ། ཁྲིད་ཀྱི་བྱ་བ་མཐར་ཕྱིན་ནས་དབང་བསྐུར་བ་སོགས་དོན་ལ་མི་གནས་ཤིང་། རྒྱུད་དོན་གཟིགས་པའི་སྤྱན་སྔར་ཡང་མི་མཛེས་པ་ཉིད་དོ། །གཉིས་པ་ལའང་ངེས་ཚིག་གི་གོ་ནས་རྡོ་རྗེ་སྙིང་པོ་བླ་ན་མེད་པའི་ཐེག་པ་འདི་འབྲས་བུ་ལམ་དུ་བྱེད་པ་སངས་རྒྱས་པའི་ལམ་ཐམས་ཅད་ཀྱི་དངོས་གཞི་ཡིན་པའི་རྒྱུ་མཚན་དང་། འབྲས་བུའི་ངོ་བོ་རིག་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་ནི། གཞི་ཡིན་ལ་དངོས་མ་ཡིན་པ་ལྷ་ཁང་མཐོང་ཡང་རྟེན་གསུམ་མ་མཐོང་བ་ལྟ་བུ་ཟབ་གསལ་དང་། སྣང་སྟོང་ལ་སོགས་པ་གཅིག་ལ་

(༩༧༢)གཅིག་འབྲེལ་གྱི་ཚིག་བཙལ་ལྟ་སྒོམ་ཡིན་པར་ཡིད་བརྟན་འཆའ་བའང་མ་ཡིན། དངོས་ཡིན་ལ་གཞི་མ་ཡིན་པ་རྟེན་གསུམ་མཐོང་ཡང་མཚན་ཉིད་གཏན་ལ་མ་ཕེབས་པ་མུ་བཞིའམ། མཐའ་བརྒྱད་སྤྲོས་བྲལ་རྟོག་དཔྱོད་ཀྱི་གོ་ཡང་མྱོང་ཐོག་ཏུ་མ་ཆགས་པའི་པྲ་ཡས་པ་ཡང་མ་ཡིན། དངོས་དང་གཞི་གཉིས་ཀ་མ་ཡིན་པ་འཕྲུལ་སྣང་དང་ཤཱཀྱ་མུ་ནེ་གང་ཡང་མ་མཐོང་བ་ལྟ་བུ་ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་ཡིད་དཔྱོད་ཙམ་གྱིས་ལམ་དུ་བྱེད་པ་ལས་རང་བཞིན་མེད་པའི་ངོ་བོ་བཅར་ཕོག་ཏུ་ངོམ་འཕྲོད་པས་འཆི་ཁར་ཐ་མལ་དུ་ལུས་པའི་གྲུབ་པའི་མཐའ་མ་ཡིན་པར། འདི་རང་བཞིན་རྫོགས་པ་ཆེན་པོ་སྙིང་ཐིག་གི་ལྟ་བ་དངོས་དང་གཞི་གཉིས་ཀ་ཡིན་པའི་ངོ་བོ་རྟེན་དང་བརྟེན་པའི་གནས་ཚུལ་ཇི་བཞིན་པ་གཏན་ལ་ཕེབས་པ་དང་འདྲ་བ་ལྟ་སྒོམ་ཡིན་སྙམ་ལ་རག་མ་ལུས་པར་རང་གྲོལ་མངོན་སུམ་པར་སྟོན་པའོ། །གཉིས་པ་ལ་གཉིས། དབང་པོ་རྣོན་པོ་སྒོམ་དུ་མེད་ཀྱང་ལ་བཟླ་བས་གྲོལ་བ་

(༩༧༣)ཁྲེགས་ཆོད་ཀྱི་གདམས་པ་དང་། བརྩོན་འགྲུས་ཆེན་པོས་ཐོད་རྒལ་དུ་སྒོམ་པས་སྐུ་གསུམ་ལམ་སྣང་ལ་གྲོལ་ཏེ་ཕུང་པོ་ལྷག་མེད་དུ་མྱ་ངན་འདའ་ཚུལ་ལོ།། །།དང་པོ་ལའང་དབང་པོའི་ཁྱད་པར་གྱི་ངོ་སྤྲོད་ལུགས་གཉིས་ལས། དང་པོ་ཐུན་མོང་བ་ནི། དད་པ་དང་ལྡན་པས་སྙིང་ཐིག་གི་གདུལ་བྱ་ཡིན་ཡང་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པའི་རིགས་ཅན་རྣམས་ལ་ནི་ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ། སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བས་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས་རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པ་ལྟར། སྣང་བ་སེམས་ཀྱིས་བཟོས་པར་ངོ་སྤྲད་པས་བདེན་འཛིན་རང་རྒྱུད་པ་ལྡོག་དེ་ལྟར་བཟོ་བྱེད་ཀྱི་སེམས་སྟོང་པར་སྤྲད་པས་ཕྱི་ཡུལ་དོན་དུ་ཞེན་པ་སྤོང་། སྟོང་པ་རིག་པར་ངོ་སྤྲད་པས་ཆོས་ཉིད་ཆད་ལྟར་མི་གོལ་བའི་

(༩༧༤)གནད་ཙམ་ལ་ཁ་དྲངས་ཏེ་ཁྲིད་པའོ། །དེ་ནི་སྙིང་ཐིག་གི་དགོངས་པའི་ཕྱོགས་ལ་ཉེ་བ་མ་ཡིན་པར་ད་གདོད་གོ་སྟེ་རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་བརྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་གསུངས་པ་སྟེ། གཞན་དུ་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བཏགས་ནས་ལྟ་སྒོམ་དམིགས་གཏང་ཅན་ལམ་དུ་བྱེད་ཅིང་དེ་བཞིན་དུ་ཟུང་འཇུག་གི་ཆོས་སྐད་ཀྱང་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་གྱི་ཟུང་འཇུག་འཆོས་པ་དང་། འདིར་རྫོགས་པ་ཆེན་པོ་གདོད་ནས་རིག་སྟོང་མཉམ་རྫོགས་ཆེན་པོར་སླར་ཟུང་དུ་འཇུག་རྒྱུ་མེད་པ་ཐ་དད་རིས་མེད་ཆེན་པོའི་ཁྱད་འདུག་པའི་ཕྱིར་རོ། །དེའི་ཕྱིར་ཀུན་མཁྱེན་གྱིས། སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲོད་པ་མན་ངག་སྙིང་ཏིག་གི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ། ད་ལྟར་བྱུང་སྲིད་ནའང་འོག་མ་དྲང་

(༩༧༥)བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །ཞེས་གསུངས་ལ། དེ་ལྟར་སྣང་བ་སེམས་མ་ཡིན་པའི་མངོན་སུམ་ཚང་མ་ནི། གཉིད་དང་། བརྒྱལ་བ་དང་། སྙོམས་འཇུག་རྣམ་གཉིས་དང་། རྟག་ཏུ་འདུ་ཤེས་མེད་པ་ལྟ་སེམས་མེད་པའི་གནས་སྐབས་ལྔར་དབུས་མཐའ་ལས་བཤད་པའི་དུས་ན་སྣང་བ་གང་དུའང་མ་སོང་ཞིང་། མ་ངང་གི་རྨི་ལམ་ན་ནོར་བུ་རྙེད་པ་འམ་དགའ་མགུར་སྤྱད་པ་ལ་དགའ་བ་དང་བདེན་པར་འཛིན་པ་དེ། སང་དུས་ཅི་ཡང་མེད་པས་དྲན་བསམ་དང་སྣང་བ་དཀར་དམར་གློ་བུར་བའི་རྐྱེན་ལས་བྱུང་བ་ངེས་པའི་ཕྱིར་རོ། །དེང་སང་རྫོགས་པ་ཆེན་པོའི་བསྟན་པ་ཉམས་དམས་པས་ངོ་སྤྲོད་འདི་ཁོ་ནར་ཡིད་བརྟན་འཆའ་བ་མང་བའི་ཕྱིར་འདིར་ལམ་ཐད་དྲང་དུ་བསྟན་པ་ལ་རང་ཤར་ལས། སེང་གེས་རང་སྐད་བཏོན་པས་གཅན་གཟན་ཐམས་ཅད་བརྒྱལ་ཞིང་སྐྲག །རྫོགས་ཆེན་རང་སྐད་སྨྲས་པས་ཐེག་དམན་ཐམས་ཅད་བརྒྱལ།

(༩༧༦)ཞེས་པ་ལྟར་རྒྱུ་འབྲས་ངེས་དོན་དུ་སེམས་པའི་སྐལ་མེད་དང་། ཡིད་དཔྱོད་ལ་རྫོགས་ཆེན་རེ་བའི་གང་ཟག་རྣམས་འཁུ་ཞིང་གཤུང་བར་སྲིང་ནའང་ཀུན་མཁྱེན་གྱིས་སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གེ་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །ཞེས་གདམས་པའི་ཕྱིར་སྤྲོས་ཏེ་བཤད་ནས་ལམ་ལ་བྱི་དོར་བྱས་པ་ཉིད་དོ། །གཉིས་པ་ཐུན་མོང་མ་ཡིན་པ་དམུས་ལོང་མིག་ཕྱེད་པ་ལྟར་མངོན་སུམ་བཅར་ཕོག་ཏུ་ངོ་སྤྲད་པ་ནི། སློབ་མ་མི་འགྱུར་རྡོ་རྗེའི་འདུག་སྟངས་བྱེད་དུ་བཅུག་ལ། ཌ*ཌཱ་དྲི*་དང་བཅས་བརྒྱུད་པའི་གསོལ་འདེབས་སྣང་བ་འགྱུར་བའི་དབྱངས་ཀྱིས་བརྗོད་པའི་མཐར། ཀྱེ་ཁྱེད་ཀྱི་ད་ལྟའི་རིག་པ་འདི་ལ་བཅས་བཅོས་དང་སྤྲོ་བསྡུ་མ་བྱེད་པ་ཐད་ཀར་ཞོག་དང་། དེ་ལ་ཡོད་མེད་དང་ཕྱོགས་ཆ་མ་གྲུབ། སྣང་སྟོང་གི་སྤུ་རིས་མི་ཕྱེད། རྟག་ཆད་ཀྱི་མཚན་མ་མ་གྲུབ། མ་གྲུབ་པ་འདི་ཀའི་ངང་ལ་ལྟ་སྒོམ་གྱིས་རྩོལ་བས་འབད་མི་དགོས་ཤིང་། བསྡམས་པ་བཀྲོལ་བ་ལྟ་བུ་མ་

(༩༧༧)ཡིན་པའི་ཡེ་གྲོལ་ཆེན་པོ། བློས་མ་བཅོས་པའི་རང་གསལ། རྣམ་རྟོག་གིས་མ་བཟོས་པའི་ཡེ་ཤེས། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་ཉིད། འཇོག་ཏུ་མེད་པའི་མཉམ་བཞག །རྩིས་གདབ་མེད་པའི་རྗེས་ཐོབ། གསལ་བ་ལ་ངོ་བོ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར། ཡེ་བབས་རང་གནས་ཀྱི་དགོངས་པ་འདི་ལྟ་བུ་སེམས་ཅན་ཐམས་ཅད་དང་སྐད་ཅིག་ཀྱང་འབྲལ་མ་མྱོང་བར་ཡོད་ཀྱང་། དེ་ངོ་མ་ཤེས་པས་ཆུ་རང་གྲོལ་དུ་ཡོད་པ་འཁྱགས་པས་བསྡམས་པ་ལྟར་ནང་འཛིན་པའི་སེམས་ཀྱིས་རྒྱུ་བྱས། ཕྱི་བཟུང་བའི་ཡུལ་གྱིས་རྐྱེན་བྱས། འཁོར་བ་མཐའ་མེད་དུ་འཁྱམས་པ་ཡིན་ཏེ། ད་ནི་བླ་མའི་གདམས་ངག་གིས་རིག་པ་སྐད་ཅིག་མའི་མ་ཚང་རིག་པ་ཙམ་ནས་ཡིན་ལུགས་ཀྱི་ཐོག་ཏུ་བཟོ་མི་འཆོས་ཤིང་། འདི་ལས་གང་དུའང་མ་ཡེངས། གང་དུའང་མི་སྒོམ་པར་འཇོག་པ་ནི་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་

(༩༧༨)ལྷག་གེར་བསྟན་པ་ཡིན་ཏེ། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་དགོངས་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོག་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་དང་། རིན་པོ་ཆེ་སྤུངས་པ་ལས། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པ་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་དང་། ཀུན་བྱེད་ལས། སྔ་རབས་འདས་

(༩༧༩)པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལས་འཚོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་སྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་འགྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱི་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་ཐེག་པ་འདིའི་ལུགས་ལ་སེམས་ཀྱི་ངོ་བོ་དང་པོ་ཉིད་ནས་རང་གྲོལ་ཆེན་པོར་ཡོད་པ་དེ་ཉིད་ངོ་ཤེས་པ་ལ་རིག་པར་གྲགས་པའི་རྒྱུན་བསྐྱངས་པས། བཙན་ཐབས་ཉིད་དུ་སངས་རྒྱ་བའི་ཕྱིར་ལམ་གཞན་ལས་མྱུར་བ་ཡིན་ནོ་ཞེས་སྤྲོ་བ་བསྐྱེད། ཞར་ལ་དོག་པ་བསལ་ཞིང་གེགས་སྒྲོལ་བ་ནི། དེ་ལྟར་གནས་ལུགས་རང་གནས་ཆེན་པོའི་རྒྱུན་བསྐྱངས་པའི་ཚེ་རིག་པ་དེའི་ངོ་བོ་སྟོོང་པར་འདུག་སྙམ་ན། སྟོང་པར་འདོགས་མཁན་བློ་ཡིན། བློ་ལ་གཏད་སོ་ཡོད། གཏད་སོ་དང་བཅས་པའི་བསམ་གཏན་གྱིས་སངས་མི་རྒྱ་

(༩༨༠)བའི་ཚུལ། སེང་གེ་རྩལ་རྫོགས་ལས། བསམ་གཏན་བསྒོམས་པས་ཆོས་ཉིད་དོན་མི་མཐོང་། །རང་སྣང་ཏིང་འཛིན་བསམ་པའི་ཕྱོགས་དང་བྲལ། །སྤྲོས་བྲལ་ཆོས་ཉིད་ནམ་མཁའ་མཐའ་དང་མཉམ། །དམིགས་པ་དག་གི་ཡུལ་ལ་འཛིན་རྟོག་མེད། །མཐའ་བཞི་བྲལ་བའི་སངས་རྒྱས་རང་རིག་ཡིན། །ཡོད་མེད་མཐའ་ལས་འདས་པ་ཆོས་ཀྱི་སྐུ། །ཞེས་སྟོང་ཉིད་ལ་དེར་འཛིན་གྱི་སྒྲིབ་བྱེད་མཐའ་གྲོལ་ཆེན་པོར་སྤང་ཐབས་བཤད་པ་ཡིན་ནོ། །ཡང་ཡོད་མེད་མཐའ་ལས་འདས་པའི་ངོ་བོའི་བཞུགས་ཚུལ་འདི་ལྟ་བུ་ཞིག་གོ་སྙམ་པའི་ངང་དུ་གདེང་འཆའ་ནའང་དེ་ཀ་ངེས་ཤེས་ཀྱིས་བཅིངས་པའི་རང་སའི་སྒྲིབ་པ་རྔམ་པོ་ཆེ་ཡིན་ཏེ། ཁྱུང་ཆེན་ལས། མུ་མཐའ་མེད་པར་རྩོལ་བ་གང་ཡིན་པ། །བྱ་ལོང་ནམ་མཁའི་མཐའ་འཚོལ་འདྲ་སྟེ་རྙེད་པ་མིན། །མི་རྙེད་དོན་འདི་ཉིད་ལ་སུས་ཀྱང་བཅོས་སུ་མེད། །ཤེས་བྱ་སྤྲོས་མེད་འདི་ལ་མཐའ་མ་མི་སྲིད་དོ། །ཞེས་བཤད་དོ། །དེ་བཞིན་དུ་རྟོག་པར་ཤར་ནས་དགེ་མི་དགེ་གཟུགས་སྣང་ལ་སོགས་

(༩༨༡)པ་དབང་པོ་དྲུག་གི་ཡུལ་གང་དུ་ཤར་ཡང་དེ་ལ་ཆེད་དུ་འཛིན་པ་མ་ཡིན་མོད་ཀྱི། ཡིད་དཔྱོད་ཐེག་པ་ལྟར་སྟོང་ཉིད་མེད་དགག་དང་མ་ཡིན་དགག་ལ་སོགས་པའི་བློའི་ཆོས་ཀྱི་ཡུལ་སྣང་ཆེད་དུ་བཀག་པ་ཙམ་གྱིས་སངས་མི་རྒྱ་བའི་ཚུལ་ཀུན་བྱེད་ལས། ཀུན་བྱེད་རྒྱལ་པོས་བྱས་པ་མི་ཆེ་བར། །དབང་པོ་དྲུག་ལ་ཡུལ་དྲུག་སྣང་བ་ལས། །སྡུག་བསྔལ་མཐོང་ནས་དབང་པོ་འགེགས་པར་བྱེད། །དེས་ནི་ཀུན་བྱེད་བྱས་པ་མི་ཆེ་བས། །སྐྱེ་འགག་བྲལ་བའི་འབྲས་བུ་དེ་ལ་མེད། །ཅེས་སོ། །དེ་ལྟ་ན་སྣང་བ་དང་སྣང་ཡུལ་མ་ཕྱེད་པས་མས་ཙམ་རྣམ་བདེན་དྲི་བཅས་སུ་ཉེ་བ་མ་ཡིན་ནམ་ཅེ་ན། དཔེར་ན་རི་མཐོང་བའི་སྐད་ཅིག་མ་དང་པོར་རིའོ་སྙམ་པ་ནི་སོ་སྐྱེའི་ལམ་ལ་མི་སྐྱེ་བའི་དབང་མེད་ཀྱང་། སྐད་ཅིག་མ་གཉིས་པར་རིའི་རང་བཞིན་ལ་དཔྱོད་པའི་སེམས་དང་སེམས་བྱུང་གི་རྩལ་རྫོགས་བས་རིའི་རྣམ་རྟོག་རང་ཡལ་རྗེས་མེད་དུ་སོང་ལ། དེའི་ཚེ་རིའི་སྣང་ཆ་མ་འགགས་

(༩༨༢)ཀྱང་དེར་འཛིན་མེད་པའི་ཆོས་ཉིད་ལ་གནས་པ་ཉིད་གོམས་པར་གྱུར་པ་ལ་ཤར་གྲོལ་དུས་མཉམ་དུ་དག་ནས་སྣང་སེམས་འདྲེས་པ་རང་བཞིན་རྫོགས་པ་ཆེན་པོའི་ལམ་མ་ནོར་བ་སྟེ་རིག་འཛིན་དགའ་རབ་རྡོ་རྗེས། ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། གྲོལ་བའི་དུས་ན་མཉམ་གྲོལ་བཟང་ངན་མེད། །ཅེས་སོ་དེའི་ཕྱིར་ཁམས་ཀྱི་དྲི་མ་བླང་དོར་གྱི་ངལ་དུ་བ་དང་བཅས་པས་སྦྱང་བར་མི་ལྟོས་ཤིང་། བསྲུང་ཉམས་ཀྱི་འདུ་ཤེས་དམ་པོས་དཀྲིས་པ་ཟག་པ་དང་བཅས་པའི་ཚུལ་ཁྲིམས་ལས་ཆེས་འཕགས་པ། འདིར་རང་བཞིན་ཐེག་མཆོག་རྒྱལ་པོའི་དགོངས་པ་ཐིག་ལེ་ཉག་གཅིག་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཐབས་སྤྱོད་པའི་ཕྱོགས་དང་། ཤེས་རབ་ཏིང་ངེ་འཛིན་གྱི་ཕྱོགས་ཐམས་ཅད་དྲན་མཆོག་རྒྱལ་པོ་རིག་པའི་ཆོས་ཉིད་ལ་ཚང་སྟེ་ཁྱད་པར་གྱིས་ཞུས་པའི་མདོ་ལས། མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ཚུལ་ཁྲིམས། མི་བསྲུངས་པ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་

(༩༨༣)རབ་བོ། །ཞེས་པའི་ལུང་གིས་རྒྱབ་བསྐྱོར་ན་མཁས་པ་ལ་མཛེས་ཤིང་རྨོངས་པ་མིག་བྱེ་བར་འགྱུར་རོ། །དེ་ལྟ་བུའི་ཆོས་ཉིད་ཅོག་བཞག་རྣམ་པ་བཞིའི་ལྷུམས་སུ་འཇུག་ཚུལ་ཡང་སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་འདྲེས་པའོ། །ཞེས་ལྟ་བ་རི་བོ་ཅོག་བཞག་གིས་ཡིན་ལུགས་བསམ་ངོ་བྲལ་བར་ངོ་སྤྲད་པའི་རིག་པ་རང་གསལ་ཆེན་པོ་ལ་བློས་འཛིན་རྩོལ་དང་ཆེད་དུ་སྒོམ་པའི་གཉེན་པོ་མ་ཞུགས་པར་རྒྱ་ཡན་འཕོ་འགྱུར་མེད་པར་གཞག །སྒོམ་པ་རྒྱ་མཚོ་ཅོག་བཞག་གིས་ལུས་སྐྱིལ་མོ་ཀྲུང་དང་བཅས་པས་མིག་བར་སྣང་ལ་ཧ་རེ་གཏད་དེ་ཚོགས་དྲུག་གི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་སྐྱེད་པར་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ནས་ཤེས་པ་དངས་སངས་ཕྱེད་

(༩༨༤)དུ་གཞུག །སྤྱོད་པ་མན་ངག་ཅོག་བཞག་གིས་སྒོ་གསུམ་ཐོག་བབས་སུ་ཀློད་ལ་ལྟ་སྒོམ་གྱི་ཤུབས་ནས་དོན་པའི་ཡེ་ཤེས་རང་གསལ་རྗེན་པ་བཅར་ཕོག་ཏུ་བསྐྱང་། འབྲས་བུ་མ་བཅོས་ཅོག་བཞག་གིས་ཡུལ་ལྔ་རང་བབས་སུ་བཞག་པས་ནང་དུ་རང་གསལ་རྗེན་པ་ལྷག་གེར་ཤར་ཏེ་རླུང་ལྔ་དབྱིངས་སུ་འཆིང་ནས། ཕྱི་རོལ་དུ་བ་དང་། སྨིག་རྒྱུ་དང་། འཇའ་ཚོན་ལ་སོགས་པ་རང་སྣང་དག་པའི་འོད་གསལ་ཀྱང་ཐུན་མོང་གི་གསང་བ་དང་མཐུན་པར་འཆར་རོ། །མདོར་ན་གཤིས་ལ་བྱ་བ་དང་བྲལ་བས་སྒོ་གསུམ་རང་བབས་ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་འགག་བསྡམ་པའི་ཚུལ་རང་བཞིན་རྫོགས་པ་ཆེན་པོ་གནད་ཀྱིས་ཆེ་བ་རྡོ་རྗེའི་གད་མོ་ཆེན་མོ་བཅུ་གཉིས་དང་། རྣམ་ཤེས་ཚོགས་བརྒྱད་དག་པར་བྱེད་པའི་ཚིག་ཆེན་པོ་བརྒྱད་ཀྱིས་གཏན་ལ་དབབ་པའི་དོན་ཐད་ཀའི་ཤེས་པ་རྒྱུ་འབྲས་སྤང་བླང་ལས་འདས་པ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལམ་དུ་འཁྱེར་རོ། །དེ་ལྟ་ནའང་ཁོ་བོའི་རིགས་

(༩༨༥)བདག་ཆེན་པོ་ཀུན་མཁྱེན་ངག་གི་དབང་པོས། གཤིས་དེར་ཕེབས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་ལ་རྒྱུ་འབྲས་དགེ་སྡིག་མེད་པ་ཐད་དྲང་དུ་བཤད་དེ་པདྨ་དང་། བི་མ་ལ་དང་། ཏེ་ལོ་པ་ལ་སོགས་པ་བཞིན་ནོ། །རང་ཅག་རྣམས་ལ་བློས་དེ་ལྟར་རྟོགས་ཀྱང་གོམས་པས་ཐོག་དུ་མ་ཕེབས་པས། གཤིས་ལ་མི་སྐྲག་ཅིང་ལས་འབྲས་ཆ་ཕྲ་བ་ལ་འཛེམ་པ་དང་སྦྱར་ནས་བཤད་དོ། །ཞེས་གསུངས་པའི་ཕྱིར་བློ་དམན་རྣམས་ལ་བདེན་པ་གཉིས་ཀྱིས་ཕྱེ་ནས་བཤད་པས་གདོད་རྟོག་པར་འགྱུར་གྱི། དེའི་ཚུལ་ནི་དབང་པོ་རྟུལ་པོ་རྣམས་ཉོན་མོངས་གང་སྐྱེས་ངོས་བཟུང་སྟེ་རང་སར་བཞག་པས་ཉོན་མོངས་པའི་ངོ་བོ་ཡུལ་མེད་རྩ་བྲལ་དུ་སོང་བའི་འགྱུར་བ་གནས་དག་གི་དགོངས་པ་བསྐྱང་ཞིང་རྩལ་སྦྱང་ངོ་། །བློ་ཆེ་བ་རྣམས་ནི་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་ཉོན་མོངས་པ་དང་རྣམ་རྟོག་གང་སྐྱེས་ཀྱང་དེའི་རང་བཞིན་ཚུགས་མི་ཐུབ་པར་རྟ་རྔའི་མདུད་པ་རང་

(༩༨༦)གིས་གྲོལ་བ་བཞིན་ཤར་གྲོལ་རིས་མེད་དུ་སངས་བ་ལ་སླར་གཉེན་པོས་གཅུན་མི་དགོས་ཤིང་། སེམས་སྡེ་ལྟར་རྒྱས་མི་འདེབས་ཀློང་སྡེ་ལྟར་དབྱིངས་ལ་མི་གཏོད་པར་རང་བབས་དམིགས་བསམ་ལས་འདས་པ་མན་ངག་སྡེའི་མྱོང་ཐོག་ཏུ་ལ་བ་ཟླ་བར་བྱའོ། །དེ་ཉིད་གོམས་པ་ན་ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་པ། །ཞེས་པ་ལྟར་རིག་པ་སྦྱངས་བགྲོད་མེད་པའི་ས་ལ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། སྔགས་ཕྱི་ནང་གི་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱིས་ས་ལམ་སྒོས་སུ་སྦྱོང་མི་དགོས་ཏེ་ཡེ་ཤེས་ཀྱི་ངོ་བོ་གཅིག་ཏུ་བཟླུམས་པའི་ཕྱིར་རོ། །གཉིས་པ་འོད་གསལ་ཆེན་པོ་ཐོད་རྒལ་གྱི་ལམ་བཤད་པ་ལ་གཉིས། ཁྲེགས་ཆོད་ལས་འཕགས་ཚུལ་དང་། ཁྱད་པར་ཅན་གྱི་ལམ་དངོས་བཤད་པའོ། །དང་པོ་ནི། ཀུན་མཁྱེན་ཆེན་པོས་འཕགས་ཚུལ་བདུན་དུ་བཞེད་པ་འདིར་འདོམས་ན། ཁྲེགས་ཆོད་ཀྱིས་ས་རྡོ་རི་བྲག་ལ་སོགས་པ་འཁྲུལ་སྣང་གི་ཡུལ་དག་པར་མི་ནུས་པ་ཐོད་རྒལ་གྱིས་སྣང་བ་འོད་

(༩༨༧)ལྔར་བྱེད་པའི་ཁྱད་པར་རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་དེ་ཁྲེགས་ཆོད་ཀྱི་སྟོང་ལ་གསལ་བ་ཙམ་ལས་བལྟར་མེད་དུ་ཐག་གཅོད་པ། ཐོད་རྒལ་དུ་གནད་གཅུན་པས་ཡེ་ཤེས་ཀྱི་མཐོང་ཕྱེ་སྟེ་ཆོས་ཉིད་ཟེར་གདངས་ལ་མཐོང་བའི་ཁྱད་པར། ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོ་མ་དག་པ་འཁྲུལ་སྣང་ལ་ཞེན་པ་སྤོང་བའི་དངས་འཚོལ་བ་ལ། ཐོད་རྒལ་དུ་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བས་ཕྱི་ནང་ཟང་ཐལ་གྱི་དབང་པོས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྒྲོན་མ་བཞིའི་སྣང་བ་ལ་ལོངས་སྤྱོད་པའི་ཁྱད་པར། ཁྲེགས་ཆོད་དུ་རགས་པའི་རྩ་རླུང་ལ་བརྟེན་པས་གེགས་དང་གོལ་ས་ཤིན་ཏུ་མང་ལ། དེ་ལྟར་བརྟེན་ཕྱིན་ཆད་འབྱུང་བའི་སྟོབས་ཆེ་ཆུང་གི་ན་སོ་རྒན་གཞོན་ལའང་ལྟོས་ཤིང་། འདི་ནི་རགས་པ་སྤངས་བྱ་ཡིན་པས་གནད་མི་གཡོ་བ་གསུམ་གྱིས་བཅིང་བ་ཙམ་ལས་དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་

(༩༨༨)ལས་འདས་པ་ལམ་དུ་བྱས་པས་རགས་པ་ཐམས་ཅད་ཟད་ནས་ལུས་འོད་གསལ་དུ་གྲོལ་བའི་ཁྱད་པར། ཁྲེགས་ཆོད་ཀྱིས་གལ་ཏེ་སྣང་བ་ཚང་དུ་མ་ཕྱིན་པར་ཕུང་པོ་ལས་གྲོལ་བར་སྲིད་ནའང་། ལུས་།།།ཕྲན་དུ་དེངས་པ་ཙམ་ལས་འོད་གསལ་དུ་འགྲོ་མི་སྲིད། འོད་གསལ་དུ་མ་སོང་ན་རེས་འགའ་བའི་སྒྱུ་ལུས་དང་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པས་མཐར་ཐུག་གིས་མི་ཆོད་པ་དང་། སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་བདག་ཉིད་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་མི་ཐོབ་པས་རྟེན་ངེས་གཞན་དོན་རླབས་པོ་ཆེ་མི་འགྲུབ་པའི་ཚུལ་རྒྱལ་དབང་པདྨ་དང་གྱ་བོད་ཀྱི་གྲུབ་ཆེན་གཞན་གྱིས་ཁྱད་པར་ལ་ལྟོས། མདོར་བསྡུ་ན་ཨ་ཏི་ལའང་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། སེམས་སྡེ་རང་གསལ་ལ་ཁ་འབྱམས་པ་དང་། ཀློང་སྡེ་གཞི་བྲལ་ལ་གད་དབྱེད་པ་གཉིས་ཀས་རིག་པ་མངོན་སུམ་དུ་མ་མཐོང་ཞིང་། མན་ངག་སྡེའི་སྐོར་གསུམ་ལ་ཡང་བར་དོར་ལྟོས་འཆའ་བ་ལས་མེད་པ། འདིར་འོད་ལུས་སུ་གྲོལ་བའི་

(༩༨༩)གནད་ཡོད་པས་འཁྲུལ་སྣང་ལ་ལམ་བྱས་ནས་མ་འཁྲུལ་བའི་འབྲས་བུ་ཚོལ་བ་དག་དང་། འདིའི་ཁྱད་པར་ཤེས་རབ་ཀྱི་མིག་ལྡན་རྣམས་ཀྱིས་རྟོགས་པར་བྱའོ།། །།གཉིས་པ་བཞི། ཐོད་རྒལ་སྤྱི་ལ་གཅེས་པའི་ཆིངས། གནད་མངོན་དུ་སྟོན་པའི་ལམ། རྟགས་སྣང་བ་བཞིའི་ས་མཚམས། མཐའ་རྟེན་གྱི་མན་ངག་དང་བཅས་པའོ། །དང་པོ་ནི། ཐེག་མཆོག་རྒྱལ་པོ་འདིའི་གནད་ལ་སེམས་དང་ཡེ་ཤེས་གཉིས་སུ་དབྱེ་བ་ལས་སེམས་ཀྱི་རང་བཞིན་ཆོས་ཉིད་ཀྱི་གདངས་སྐྱེས་བུ་འཕྱེའོ་འདྲ་བ་དེ་རླུང་རྟ་རྒོད་ལོང་བ་ལྟ་བུ་དང་འདྲེས་པས་རྣམ་པར་རྟོག་པ་དང་བཅས་པའོ། །དེ་ཡང་གློབ་ན་རྩ་གྲོ་སོག་གི་སྦུབས་ཙམ་ཞིག་རླུང་གིས་གང་བ་ལས་དབུགས་ཐམས་ཅད་མཆེད་པའི་རྟེན་བྱེད་ཅིང་། དེ་ལས་རྩ་འདབ་སོ་སོར་གྱེས་པའི་རྩལ་སྒོ་ལྔའི་ཡུལ་ལ་ཤར་ནས་ལས་དང་ཉོན་མོངས་པའི་བྱེད་ལས་ཅན་ཏེ། དུར་ཁྲོད་ཕུང་པོ་རོལ་བར། སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ། །དེ་ལ་

(༩༩༠)གཟུང་འཛིན་རྩལ་དུ་ཤར། །དབུགས་ལ་རྟ་བྱས་རྐྱེན་དང་ཕྲད། །ཅེས་སོ། །ཡེ་ཤེས་ནི་ཙིཏྟ་ཤའི་སྒྲོན་མ་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་མཚོན་པར་བཞུགས་ཏེ་གནས་ལུགས་གཞིའི་སྒྲོན་མ་ཞེས་བྱའོ། །དེ་སྐད་དུ་ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་འོད་གསལ་གྱི་འཆར་གཞི་ཙམ་དུ་རང་བཞིན་མེད་པར་བཞུགས་པ་ཡིན་ནོ། །དེའི་ཕྱིར་འཇུག་པ་ལས་ཀྱང་། སེམས་འགག་པ་དེ་སྐུ་ཡིས་མངོན་དུ་མཛད། ཅེས་པ་ལྟར། རླུང་སེམས་དེ་དག་པར་བྱེད་པའི་ཐབས་སུ་གསང་སྐོར་མན་ཆད་ཀྱི་ཐེག་པ་གཞན་ལས་རྩོལ་བ་དང་བཅས་པའི་བསྐྱེད་རྫོགས་ཀྱི་ལམ་ལ་བརྟེན་ཀྱང་རྣམ་རྟོག་དང་དེའི་ཉེ་བར་ལེན་པ་བག་ལ་ཞར་བྱེད་པ་ཙམ་ལས་བྱར་མེད་ཀྱི་ངང་ནས་འབྱུང་བ་རང་མལ་དུ་དག་པའི་གནད་ཀྱང་མ་རྟོགས་ཤིང་། སྒོའི་གནད་

(༩༩༡)ལ་བརྟེན་ནས་འབྲས་བུ་ལམ་སྣང་དུ་བྱེད་པའི་ཐབས་ལ་རྨོངས་པ་ཡིན་ནོ། །རྒྱུ་མཆན་དེས་ལུས་ངག་ཡིད་གསུམ་གྱི་དགེ་མི་དགེའི་བྱ་བ་ཐམས་ཅད་དགུ་ཕྲུགས་སུ་བཏང་ནས་རླུང་རིག་དལ་བའི་ཐབས་ལ་བསླབ་པ་ནི་གནད་གལ་པོ་ཆེ་ཡིན་ཏེ། ཀློང་གསལ་ལས། ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱི་དགུ་ཕྲུགས་བཏང་། །ཞེས་སོ། །དེ་ལྟར་དུར་ཁྲོད་ཀྱི་མི་རོ་བཞིན་དུ་བགུལ་བསྐྱོད་མེད་པའི་ངང་དུ་སྒོ་གསུམ་གྱི་བྱ་བ་བཏང་བའི་རྗེས་ཐོགས་སུ་ཡེ་ཤེས་འཆར་བའི་ལམ་ངོས་ཇི་ལྟར་ཟིན་ན། སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ཀ་ཏི་ཤེལ་གྱི་སྤུ་གུ་ཅན་ཏེ། གསེར་འཕྲེང་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ནི། །ཐིག་ལེ་ཁྲག་གིས་མ་གོས་པ། །ཡེ་ཤེས་ཆེན་པོ་དེ་ནས་རྒྱུ། །ཞེས་པ་ལྟར་ལུས་དང་པོ་ཆགས་པའི་དུས་ན་ཆུའི་བྱེད་ལས་ཀྱིས་ཆགས་པའི་བསྐྱེད་བྱེད་ཀྱི་རྩའི་མདུད་པ་ནས་སྒྲོན་མའི་སྤྱན་དང་། འབྱུང་བའི་སྤྱན་གཉིས་སྔོན་དུ་

(༩༩༢)ཆགས་ནས་འབྱུང་བའི་སྤྱན་ལས་ཕུང་པོར་གྲུབ་ཅིང་། སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་འོད་སྣང་གསལ་བྱེད་མིག་གི་ཨ་འབྲས་ཀྱི་དཀྱིལ་ན་རྩ་བ་མེན་གྱི་རྭ་འདྲ་བ་རྩ་བ་ཕྲ་ཞིང་རྩེ་མོ་ཡངས་པ་གཉིས་ཆགས་ཏེ། དེ་ལ་དཀར་ནག་ཕྱེད་མ་ཆུའི་རང་བཞིན་དངས་ལ་གསལ་བ་བྱུང་བས་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱའོ། །དེ་ཡང་ཞིབ་ཏུ་ཕྱེ་ན་ཀུན་མཁྱེན་གྱིས། །འོད་རྩ་དག་པས་ཡེ་ཤེས་ཀྱི་སྣང་བ་འཛིན་ལ། དེའི་རྟེན་གྱི་འཁྲུལ་སྣང་གི་སྣང་བ་མཐོང་བས་རྟེན་དང་བརྟེན་པའི་ཆ་གཉིས་སུ་ཤེས་རབ་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ། །ཞེས་གསུངས་པ་ནི། སྙིང་རིག་འདི་ཉིད་ཀྱི་རྒྱུད་ལས་ཀྱང་། སྙིང་ནས་མིག་ཏུ་འབྲེལ་བ་ཡི རང་བྱུང་གསང་བ་ཆེན་པོའི་རྩ ཀ་ཏི་ཤེལ་གྱི་སྤུ་གུ་ཅན ཞེས་པའི་དགོངས་པར་ཤིན་ཏུ་འབྱོར་བ་ཡིན་ལ་རང་བྱུང་གི་སྒྲས་རྒྱུ་རྐྱེན་གྱི་ས་མ་བསྐྱེད་པའི་འོད་རྩ་ཞིག་ཡོད་པ་དེའི་རྟེན་འབྲེལ་ལས་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུ་ལ་སོགས་པ་སྒྲོན་མ་རྣམ་པ་

(༩༩༣) བཞིར་འཆར་བའི་ཚུལ་རང་ཤར་ལས། སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། ཐིག་ལེ་སྟོངཔའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་། །སེམས་ཅན་ཀུན་ལ་གནས་པའོ། ཞེས་སོ། རྒྱང་ཞགས་ཀྱི་རྟེན་ཆུང་ངུར་ཡང་རི་དང་ཁང་ཁྱིམ་ལ་སོགས་པ་ཆེན་པོ་རྣམས་སྣང་བ་རི། རླུང་འཚུབ་ཕྲ་ཞིབ་ལས་བྱུང་ལ་། དོན་དམ་པར་འབྱུང་བ་བཞི་ལས་རླུང་དང་བཅས་པ་དག་ནས་ཡེ་ཤེས་ཀྱི་རླུང་གི་ཆ་ལས་སྒྲོན་མ་བཞིར་སྨིན་ཅིང་། དེ་ཉིད་ཀྱི་བརྟེན་པའི་རང་བཞིན་ཅན་སྣང་བ་བཞི་པོའི་རྩལ་རྫོགས་ནས་ཟད་པའི་ས་ལ་བསྐྱལ་ནས་འགག་བསྡམ་པའི་ཚུལ་ཚིག་དོན་རིན་པོ་ཆེར། ཐོད་རྒལ་གྱི་སྣང་བ་དང་པོར་འཆར་དགོས། སྒོམ་དུས་མ་ཞེན་དགོས། ཕྱིས་ཟད་དགོས་ཏེ་རིག་པ་རླུང་དང་སྦྲགས་ནས་རང་ས་ཟིན་དགོས་པའི་ཕྱིར་ཏེ། རླུང་གི་ཆ་དག་དགོས། རིག་གདངས་ཀྱི་ཆ་འཕེལ་བ་ལས་སླར་ནང་དབྱིངས་

(༩༩༤)སུ་ཟད་དགོས། འདིའི་དགོངས་པ་རྟོགས་པར་དཀའ་བའི་གནས་ཏེ་ཁོ་བོས་ཀྱང་རིང་མོ་ཞིག་ནས་བླ་མའི་དྲིན་གྱིས་རྟོགས་པ་ཡིན་ནོ། །ཞེས་སོ། །འདིར་རང་བཞིན་རྫོགས་པ་ཆེན་པོའི་འོད་གསལ་གྱི་སྣང་བ་ཁྱད་པར་ཅན་འདི་དག་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལ་སོགས་པའི་རྒྱུད་སྡེ་ཆེན་པོ་མང་ཞིག་ནས་ཀྱང་གབ་པའི་ཚིག་གིས་བསྟན་པ་ལ་ཅར་ལོང་དུ་སོང་བའི་མངོན་པའི་ང་རྒྱལ་ཅན་ཁ་ཅིག་རིག་པའི་གཤིས་ལ་མ་གྲུབ་པ་ཅིག་བློས་བཏགས་ནས་ཀུན་འབྱུང་གིས་བསྐྱེད་པའི་ཆོས་སོ་སྙམ་པ་ནི་མུན་སྤྲུལ་ཡིན་ཏེ། ཟླ་བའི་གཤིས་ལ་འཕེལ་འགྲིབ་ཀྱི་མཚན་ཉིད་ཡེ་ནས་གྲུབ་པ་ལྟར། རིག་པའི་གཤིས་ལའང་སྐུ་གསུམ་གྱི་མཚན་ཉིད་གདོད་ནས་གྲུབ་ཏེ། དེ་ལྟར་གྲུབ་ཕྱིན་ཆད་ལོངས་སྐུའི་ཡོན་ཏན་ལམ་གྱི་སྣང་བ་ལ་རྩལ་རྫོགས་པའི་དུས་འདིར་ཡང་མངོན་སུམ་ནས་ཚད་ཕེབས་ཀྱི་བར་ཟླ་བ་ཉ་པའི་དཔེས་མཚོན་ལ། སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་ནི་ཆོས་ཉིད་ཟད་པའི་མཐར་ཐུག་ནས་ཆོས་སྐུ་རང་མལ་

(༩༩༥)ན་ཡོད་པའི་དཔེས་མཚོན་པ་ཡིན་ནོ།། །།གཉིས་པ་ལ་བཞི། སྒོ་གསུམ་གྱི་གནད་སྟོན་པ། གནད་གསུམ་གྱིས་འོད་གསལ་བལྟ་བ། རིག་པའི་རྩལ་དབང་བསྐུར་ནས་རིག་ཐོག་ཏུ་ངོ་སྤྲད་པ། མཐའ་བརྟེན་གྱི་མཇུག་བསྡུ་བའོ། །དང་པོ་ལའང་ནང་གསེས་གསུམ་གྱི་དང་པོ་རྟེན་ལུས་ཀྱི་གནད་མ་གཅུན་ན། རྩ་གནད་དུ་མི་ཆུན། རྩ་གནད་དུ་མ་ཆུན་ན། རླུང་རིག་གཉིས་གནད་དུ་མི་ཆུན། དེ་མ་ཆུན་ན་འོད་གསལ་མངོན་དུ་མི་གསལ་བའི་ཕྱིར་ལུས་ཀྱི་གནད་འདི་ཤིན་ཏུ་གཅེས་ཏེ་མུ་ཏིག་ཕྲེང་བར། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་རྣམ་པ་གསུམ་དུ་བསྟན་པའི་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། འགྱིང་ཚུགས་ཙོག་པུའི་རྐང་མཐིལ་གཉིས་མདུན་དུ་སྤྲད་པས་གཡོ་བྱེད་ཀྱི་རླུང་ནོན། ལུས་ཀྱི་ཆ་བསྲངས་པས་རླུང་བདེ་ལུགས་སུ་རྒྱུ། མགོ་རྩལ་མཇིང་པ་ལ་བསྐུར་བས་རྣམ་རྟོག་

(༩༩༦)འགག་སྟོབས་ཆེ། །ལག་སོར་གཉིས་ནང་དུ་སྒོངས་ཏེ་རྐང་མཐིལ་གཉིས་སྤྲད་པའི་དབུས་སུ་བཙུགས་པས་འབྱུང་བ་ཆ་སྙོམས་པར་བྱེད་དེ། ཀུན་མཁྱེན་གྱིས་ཁ་ཅིག་རྐང་མཐིལ་ས་ལ་ཕབ་ནས་ཙོག་པུར་འདུག་པའི་གཡས་གཡོན་གཉིས་སུ་ལག་པའི་མཐིལ་ས་ལ་འཛུགས་པར་འདོད་དེ། དགོངས་པ་ཅུང་ཟད་མ་ལོན་པར་སྣང་ངོ་། །ཞེས་པ་ལ་དཔྱད་པ་འཇུག་དགོས་སོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། པུས་བྲང་སྦྱར་བས་བདེ་དྲོད་དང་ཁམས་རྒྱས། །གྲུ་མོ་གཉིས་ས་ལ་བཙུགས་པས་ཕོ་མོའི་རླུང་མ་ནིང་དུ་ཆ་སྙོམས། ཐལ་མོས་ཨོལ་ཀོ་བརྟེན་པས་རགས་པའི་རླུང་འགག །རྐང་པའི་སོར་མོ་ཕྱིར་འཕུལ་ཏེ་བསྐུམ་པ་ལས་བྱིང་རྒོད་ཆ་སྙོམས་པར་བྱེད་དོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། ལུས་ཙོག་པུར་འདུག་པས་རྩ་རླུང་ཆ་སྙོམས། རྐང་མཐིལ་ས་ལ་ཕབ་པས་ཆུའི་རྩལ་གནོན། །རྒལ་ཚིགས་དྲང་པོར་བསྲངས་པས་རླུང་སེམས་ཆོས་ཉིད་དུ་རྒྱུ། པུས་བྲང་སྦྱར་བས་མེ་རླུང་ཡེ་ཤེས་སུ་

(༩༩༧)འབར། རྒྱུ་ཞབས་ཡིད་ཙམ་འཐེན་ནས་སྒལ་པར་བཅང་པས་རྟོག་པ་རྒྱུན་གཅོད། ལག་པ་རེ་མིག་ལྟར་བསྣོལ་ནས་པུས་མོར་བཀབ་ན་ཚ་བའི་ནད་སེལ། དེ་ལས་མཆན་ཁུང་དུ་རེག་ན་གྲང་བའི་ནད་སེལ། གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་སྟེ་ལག་སོར་སྒོངས་པས་ལྐོག་མ་བཏེག་ན་ཚ་གྲང་ཆ་སྙོམས་པར་བྱེད་དོ། །དེ་ལྟར་འདུག་སྟངས་རྣམས་གང་ཡང་ཧ་ཅང་བསྡམས་ཤིང་གཅུམ་པ་མ་ཡིན་པར་ཆ་ཆ་ནས་ལྷོད་ཆགས་པས་གེགས་མི་འཇུག་པའི་གནད་གལ་པོ་ཆེ་ཡིན་ནོ། །འདི་ལས་གཞན་དུ་མངོན་པར་བྱང་ཆུབ་དང་མི་འགྱུར་རྡོ་རྗེས་མཚོན་པའི་འདུག་སྟངས་ཤིན་ཏུ་མང་བ་ཞིག་ཡོད་པ་རྒྱུད་ཀྱི་བུར་བགྲངས་པ་དག་གི་དགོངས་པ་ཡིན་པས་སྤྲོས་པ་མེད་པ་རྣམས་ལ་འདི་ཁོ་ནས་ཆོག་གོ། དེ་ལྟ་བུའི་བཞུགས་སྟངས་ཀྱི་ཡོན་ཏན་ཁྱད་པར་བ་ནི་ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །

(༩༩༨)ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བར་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་སོ། །གཉིས་པ་ངག་གི་གནད་ནི་རྩ་རྒྱུད་ལས། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བརྟེན་པར་བྱ། །ཞེས་པས། སྨྲ་བ་མ་བཅད་ན་དེ་ལ་བརྟེན་ནས་རྣམ་རྟོག་འཁྲུག་པ་དང་། རྩོད་པ་དང་བཅས་པ་དང་། བཀྱལ་བ་ལ་སོགས་ཏེ་རྣམ་པ་བཞིའི་སྒྲིབ་པར་འགྱུར་བས་ན་སྨྲ་བཅད་ལ་རིམ་པས་བསླབ་པར་བྱ་ཞིང་། དེ་ཡང་ངག་གི་སྤྲོས་པ་ལ་ཤིན་ཏུ་འཐས་པའི་རིགས་ཅན་འགའ་ཞིག་དང་པོ་ལུང་སྟོངས་ལ་སོགས་པར་སོང་ནས་གང་ལ་ཞེན་པའི་བརྗོད་པ་དེ་ཉིད་ཀུན་སློང་སྣ་ཚོགས་ཀྱིས་སློང་བར་བྱས་ནས་བརྒྱ་སྟོང་བྱེ་བར་བརྗོད་ཅིང་། ཁོ་ཐག་ཆོད་དེ་བརྗོད་སྙིང་མི་འདོད་པར་གྱུར་པ་ན་ཇེ་ཉུང་ལ་བཏང་ནས་མཐར་ཆོས་སྤྱོད་ལ་སོགས་པའི་བརྗོད་པ་

(༩༩༩)ཙམ་ཡང་སྤངས་ཏེ་ལྐུགས་པ་བཞིན་དུ་གནས་པར་བྱས་པས་རླུང་དལ་ཞིང་སྟོངས་པར་འགྱུར་ཏེ། ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། ངག་གི་རྐྱེན་ཟད་མྱ་ངན་འདའ། ཞེས་སོ། །གསུམ་པ་སེམས་ཀྱི་གནད་ནི། །ཀློང་གསལ་ལས། སེམས་ཉིད་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་དུ་སྣང་། །ཞེས་རླུང་གིས་སྤུར་བའི་སེམས་རིག་པའི་སྙིང་པོ་ཅན་དེ་ཉིད་ཕྱིའི་ནམ་མཁའ་ལ་མདུང་ཚུགས་སུ་གཏད་པས་གཡོ་བྱེད་ཀྱི་རླུང་རབ་ཏུ་དལ་བར་གྱུར་ནས་ནང་གི་སྒྲོན་མའི་གདངས་སྟོད་གསལ་འདུས་མ་བྱས་པ་གསལ་དངས་ཕྱེད་པར་ཤར་ནས་དབྱིངས་རིག་ཟུང་དུ་ཆུད་པར་འགྱུར་རོ། །དེ་སྐད་དུ་ཀློང་གསལ་ལས། དེ་ལྟར་སེམས་ཉི་གནད་གཟིར་བས། སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་སོ། །གཉིས་པ་གནད་གསུམ་གྱི་འོད་གསལ་བལྟ་བ་ནི་ཐལ་འགྱུར་ལས། དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་པའི་དང་སྒྲས་

(༡༠༠༠)བཅད་པ་དང་། གཞན་དུ་ཚིག་ཟིན་དངོས་སུ་བསྟན་པས་གནད་བཞི་དང་གདམ་ད་ཅན་ལ། གནད་གསུམ་གྱི་ཚིག་སྒྲར་བྱུང་བ་ནི། རླུང་རིག་དལ་བས་ཡེ་ཤེས་འགྲུབ། ཅེས་དེ་གཉིས་བྱེད་ལས་གཅིག་པའི་སྒོ་ནས་གསུམ་དུ་བསྡུས་པར་བཀྲལ་ཀྱང་མི་འགལ་ལ། དེར་མ་ལྟོས་པའི་སྒྲུབ་ཕྱོགས་གཞན་ཡང་ཡོད་དོ།། །།དེ་ལ་དང་པོ་འཆར་བྱེད་སྒོའི་གནད་ནི། རྩ་རྒྱུད་ལས། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གཟིགས་སྟངས་གྱེན་དུ་ལྡོག་ནས་གཙུག་ཏོར་གྱི་རྣམ་པར་བལྟས་པས་བག་ཆགས་།ཐུར་ལ་སེལ་བའི་གནད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་གཟིགས་སྟངས་ཟུར་ལ་ཟུར་ལ་གཏད་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་གཟིགས་སྟངས་།ཐུར་ལ་ཕབ་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་ཕེབས་པའི་གནད་ཡོད་དོ། །དེ་ལྟ་ནའང་སྒོའི་གནད་དེ་ཙམ་གྱིས་ཟད་པ་ནི་མ་ཡིན་ཏེ་གོ་དོན་གྱི་དབྱིངས་འཇལ་ན། ཕྲེང་བ་ལས། རིག་པ་རྟོག་མེད་ལུ་གུ་

(༡༠༠༡)རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། །ཞེས་འཕོ་བ་ཡེ་ཤེས་ཀྱི་སྒོས་མཚོན་ཏེ་དབུ་མའི་འོད་རྩ་ལས་ངོ་བོའི་སྟོད་གདངས་འཆར་བ་དང་། གློ་བའི་རྩ་སྦུབས་ནས་ཐུགས་རྗེའི་རིག་གདངས་འཆར་བ་སོགས་ཀྱི་རྣམ་གཞག་ཡོད་པའི་ཕྱིར་ཉི་ཟླ་གཟའ་སྐར་ལས། ཕལ་གྱི་མིག་རྩ་གཉིས་ལ་ལམ་དུ་ངོས་བཟུང་བ་ནི་རྒྱ་ཆུང་བས་མ་གོ་བར་ཟད་དོ། །ཞེས་གསུངས་ལ། འོན་ཀྱང་ད་ལྟའི་ཉམས་ལེན་ལ་སྒོ་གཉིས་པོས་ཆོག་སྟེ། ཙཀྵུ་ཟིམ་བུས་སུ་རྱ་ར་བལྟ། །ཤར་གྱི་རྒྱུ་སྐར་བཞིན་དུ་གསལ། །ཞེས་པས། ཕྱེད་བཙུམས་ཟིམ་བུས་ཉི་མ་ལ་ཁྲུ་གང་ཙམ་གྱིས་མ་རེག་པའི་སར་བལྟ་བ་གནད་ཡིན་ལ། སྒོའི་གནད་འབྱོངས་པའི་རྟགས་སུ་མིག་ཡུལ་ལ་ཇི་ཙམ་བལྟས་ཀྱང་ཚུགས་པ་ཡིན་ནོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། །གནས་རྐྱེན་བྲལ་མཐོ་ཞིང་དངས་སངས་ཕྱེད་པ་ནས། དབྱར་མ་སྟོན་དང་དགུ་ན་ཆུང་། དཔྱིད་ལ་སོགས་པ་ཡུལ་ན་པུན་དང་དྲིའི་བཞོན་

(༡༠༠༢)པ་ལ་སོགས་པའི་རྐྱེན་རྣམས་དང་རབ་ཏུ་བྲལ་བའི་ནམ་མཁའ་ཤིན་ཏུ་དངས་པར་ལས་དང་པོ་པས་ཟེར་གཉིས་དང་སྦྱར་ཞིང་། དབྱིངས་རིག་སྨིན་མཚམས་བྲལ་བ་ནས་སྔ་དྲོ་ཆུ་བདག་དང་། ཕྱི་དྲོ་རྡོ་རྗེ་ཅན་གྱི་ཕྱོགས་གལ་བར་གདོད་རབ་ཏུ་དང་བས་དབང་པོའི་རྐྱེན་བྲལ་ཆུའི་སྒྲོན་མ་བཞག་པར་བྱ་སྟེ། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་དང་། སྡུད་པ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་བགྱི། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་རླུང་གི་གནད་ནི། རླུང་ཞེས་བྱ་བ་ནི་གྱ་གྱུ་ཅན་ཏེ། རྣམ་རྟོག་གི་བཞོན་པར་གྱུར་ནས་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡང་བསླུ་བར་འགྱུར་བས་ན་དེའི་རྒྱུ་འགགས་པར་བྱེད་པའི་ཐབས་སུ། སྙིང་ཏིག་པས་རླུང་སྣ་ནས་མི་གཏོང་བར་ཁ་ནས་མཆུ་སོ་གཉིས་བག་ཙམ་མ་རེག་པའི་བར་ནས་ཤིན་ཏུ་དལ་བུས་འབྱུང་འཇུག་བྱེད་པ་ཁྱད་ཆོས་ཡིན་ཏེ། ཁྱད་གཞི་ནི་རླུང་སྣ་ནས་འདྲེན་པའི་མན་ངག་རྣམས་ལ་འཁོར་ལོ་བཞིར་སྦྱང་བྱའི་རླུང་སྟོབས་སུ་

(༡༠༠༣)གྱུར་པའི་གེགས་སྐྱོན་འབྱུང་ཉེ་ལ། འདིར་ཁ་ནས་དྲངས་པས་གློ་བའི་རླུང་འགྲོ་འོང་གི་རྣམ་པ་ཅན་རང་བབས་སུ་དག་པས་གདངས་སྙིང་གར་ཐིམ། སྦྱང་བྱའི་རླུང་རྟོག་མ་སྤངས་རང་སར་དག །འཁོར་ལོ་སོ་སོའི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་ནས་ཡེ་ཤེས་ཀྱི་རླུང་འོད་གསལ་དུ་གྲོལ་བའི་གནད་ཡོད་ལ། དེ་ཡང་ཤེད་མ་བསྐྱེད་པའི་ངང་ནས་ཡིད་ཙམ་ཕྱིར་གནས་རིང་བར་བྱ་བ་ནི། ཀློང་གསལ་ལས། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་དབྱིངས་རིག་མི་འགུལ་བའི་གནད་ལ་ཤིན་ཏུ་གཅེས་པ་ཡིན་ནོ།། །།གསུམ་པ་རིག་པའི་གནད་ནི། དེ་ལྟར་བཤད་མ་ཐག་པའི་བཞུགས་སྟངས་དང་གཟིགས་སྟངས་ཀྱི་བྱ་བ་བྱས་ལ། སྒོ་ཡུལ་རླུང་གི་གནད་རྣམ་པ་གསུམ་དུ་བསྟུན་པའི་བྱེད་པ་བྱེད་ཅིང་། བྱ་བ་དགུ་ཕྲུགས་སུ་བཏང་ནས་ཁུར་པོར་བས། སྲིད་པ་ཤིན་ཏུ་རྣམ་པར་གྲོལ་བའི་རྟགས་སུ། ཕྱིའི་དབྱིངས་

(༡༠༠༤)ནམ་མཁའི་ཀློང་གསལ་ལ་གོ་འབྱེད་པའི་དཀྱིལ་དུ་རིག་པ་ཐིམ་འགྲོ་བ་ལྟ་བུར་གཏད་པས། འོད་གདངས་སྔོ་རི་བ་ཤིན་ཏུ་དག་བ་ཞིག་ཐོག་མར་སྣང་ལ། དེ་ལས་སྣང་བ་མཆེད་པའི་ཚུལ་དུ་འོད་ལྔའི་གདངས་ཁ་དོག་ལྔ་པ་ཟ་འོག་ཁ་ཕྱེ་བ་ལྟ་བུར་གསལ་བ་ནི་ནང་གི་དབྱིངས་ཕྱི་རུ་གསལ་བ་ཞེས་བྱ་སྟེ། རྒྱུད་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་སོ། །སྔོན་ཆད་ཕྱི་དབྱིངས་ནང་དབྱིངས་ཀྱི་གནད་འདི་གོ་དོན་ལྷོངས་པ་མ་མཐོང་བས། གུ་རུ་དང་པོའི་སངས་རྒྱས་ཀྱི་ལུང་འདི་བཞག་པར་བྱའོ། །ཁ་ཅིག་ཕྱིའི་ནམ་མཁའ་སྤྲིན་མེད་རྐྱང་པ་དེ་ལ་ངོས་འཛིན་པ་ནི་ཤིན་ཏུ་མི་རིགས་ཏེ། ནམ་མཁའ་སྐྱེས་བུ་དང་། འབྲེལ་བ་མ་གྲུབ་ལ། སྒྲོན་མ་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །འདིར་ནང་གི་ནམ་མཁའ་གདངས་སྔོ་བདེ་ཕྱིར་ཤར་བ་ལ་ཕྱིའི་དབྱིངས་ཞེས་བྱའོ། །དེས་ན་ནམ་མཁའ་གོ་འབྱེད་འཆར་གཞིའི་ཆ་ཙམ་ལས་དབྱིངས་དངོས་མ་ཡིན་ནོ། །དངོས་ནི་མཐིང་ཁ་ཡིན་ལ། དབྱིངས་ནང་གི་དབྱིངས་ཏེ།

(༡༠༠༥)དེ་ལྟར་ན་དབྱིངས་དེ་ལས་སྣང་བ་དེ་བྱུང་བར་སྣང་བས་འདི་གཉིས་ལ་ཕྱིར་བྱིངས་ནང་དབྱིངས་ཞེས་སོ་སོར་བརྗོད་ཀྱང་འཇའ་འོད་ཀྱི་གུར་ཁྱིམ་དུ་མི་གསལ་བ་གསལ་བར་གོ་འཕོས་པ་ཙམ་དུ་ཤེས་པར་བྱའོ། །ནང་ཚུར་ལ་བྱས་ཕྱི་ཕར་ལ་བྱས་པ་ལྟ་བུ་མ་ཡིན་གྱི། དེ་ལས་དེ་བྱུང་བར་སྣང་བའི་ཕྱི་ནང་དུ་ཤེས་པར་བྱའོ། །ཞེས་སོ། །དེ་ལྟར་ཤེས་པས་དག་པ་དབྱིངས་ཀྱི་སྒྲོན་མེའི་ནང་དུ་ལས་ཀྱི་རླུང་དག་པའི་ཆ་ལས་བྱུང་བའི་ཐིག་ལེ་སྟོང་པའི་སྒྲོན་མ། ཀོ་མོའི་ཆུ་ལ་རྡོ་པོར་པའི་རྣམ་པས་མཚོན་པའི་ཐིག་ཟླུམ་འོད་ལྔའི་མུ་ཁྱུད་ཅན་ལ་སོགས་པར་སྣང་ཞིང་། དེར་རྒྱང་ཞགས་གཟིག་སྟངས་ཀྱིས་གཅུན་པས་ནང་གི་རིག་པ་ཤིན་ཏུ་དངས་ལ་ཡུལ་མེད་པ་ཞིག་ཉམས་སུ་མྱོང་བ་དེ་ནི་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཡིན་ནོ། །དེ་ལས་ཡུལ་ཤེས་ཀྱི་ཤེས་རབ་རྣོལ་མྱུར་བ་དང་། ཚིག་དོན་ཀློང་རྡོལ་དུ་འཆར་བ་ནི་དེའི་རྩལ་ཡིན་ནོ།། །།དེ་ལས་ལྷག་མཐོང་

(༡༠༠༦)གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བ་རྒྱུས་པའམ། གསེར་གྱི་སྐུད་པ་ལྡིང་བ་ལྟར་སྣང་བ་ལ་ཤེས་རབ་ཀྱི་གངས་ཞེས་བྱ་སྟེ། ངོ་བོ་གཅིག་ལ་ལྡོག་པ་གསུམ་གྱིས་དབྱེ་བ་ངོས་ཟིན་དགོས་སོ། །འདི་དག་མ་ཕྱེད་ན། ཀུན་མཁྱེན་གྱིས། རེས་ཤེས་པ་ལ་ཤེས་རབ་རང་བྱུང་གི་སྒྲོན་མར་བཏགས། རེས་ནང་གདངས་ལ་བཏགས། རེས་ལུ་གུ་རྒྱུད་ལ་བཏགས་པས་མགོ་རྨོངས་པར་ཟད་དོ། །ཞེས་གསུངས་སོ། །དེ་ལྟར་མཐོང་བའི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དེ་དབྱིངས་དང་ཐིག་ལེའི་ར་བར་བཙུད་ནས་སྒོམ་པ་ནི་རིག་པའི་གནད་ཡིན་ཏེ། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །དངོས་སྣང་དལ་བ་ཉིད་ཀྱིས་བརྟེན། །ཞེས་སོ། །འདི་དག་གི་ཆེ་འོད་སྣང་ལ་སྤུ་རིས་འབྱེད་པའི་དཔྱད་པ་ཤོང་ན། ལུ་གུ་རྒྱུད་དངོས་པོར་གོལ་བའི་གེགས་དང་གོལ་སས་འཆིད་ལ། སྒྲོན་མའི་སྣང་བས་རང་གི་ཆོས་ཉིད་རང་གིས་གསལ་བ་བཞིན་དུ་ཞེན་པ་མེད་པའི་བརྟུལ་ཞུགས་ལ་བསླབ་ཅིང་། དེ་ཡང་མ་གོམས་པར་ལ་སྨིག་རྒྱུ་

(༡༠༠༧)གཡོ་བ་བཞིན་འགུལ་འཕྲིགས་ཅན་དུ་འཆར་བ་དེ་ཉིད་ལྟ་སྟངས་ཀྱིས་རིམ་པར་ཁྲིད་པ་ལ་གོམས་སུ་བཅུག་པས་ནང་གི་རྩ་ཁམས་རྣམས་འོད་དུ་ཇི་ཙམ་དངས་སྟོབས་ཆེ་བ་དེ་ཙམ་དུ་དབྱིངས་རིག་སྨིན་མཚམས་བྲལ་ནས་ཡུལ་རྐྱེན་ལ་ལྟོས་པ་ཇེ་ཆུང་ལ་སོང་ནས་སྣང་བ་བཞི་པོའི་ཉམས་རིམ་གྱིས་འཕེལ་བར་འགྱུར་ལ། འདི་ནི་ཆུ་བུར་གྱི་མིག་གིས་མཐོང་བ་ཡིན་པའི་ཕྱིར་ཟད་པའི་ས་ལ་བསྐྱོལ་དགོས་སོ། །ཤེས་རབ་ཀྱི་མིག་གིས་མཐོང་ན་གོ་རིམ་གྱི་ངེས་པ་སྤངས་ནས་ཅིག་ཆར་དུ་ཟད་པར་འགྱུར་ཏེ་གང་ཟག་གི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །འོན་ཀྱང་དེ་གཉིས་གང་དུའང་མ་རེག་པའི་རྩ་བཟང་པ་འགའ་ཞིག་ལ་ངེས་པ་མེད་པའི་འཆར་ལུགས་ཡོད་དེ། དེ་དང་དེའི་ལམ་རྟགས་སུ་རློམ་པ་མི་བྱ་སྟེ། དྲོད་གཤེར་གྱི་རྒྱུ་རྐྱེན་གཅིག་ལས་སྲུས་ཤིན་ཏུ་སྔ་བར་སྨིན་པ་ལས་ས་རྫི་ཀར་འགྱུར་བའང་ཡོད་པའི་ཕྱིར་ཚད་མཐའ་རྟེན་གྱིས་མན་

(༡༠༠༨)ངག་ཁོ་ནས་གཟུང་བ་གཅེས་སོ།། །།གསུམ་པ་ལ་གཉིས། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པ་དང་། གཤིས་ཐོག་ཏུ་རིག་པའི་རྩལ་དབང་བསྐུར་བའོ། །དང་པོ་ནི། རི་རྩེའམ། ཤིན་ཏུ་དབེན་ཞིང་མངོན་སུམ་གྱི་སྣང་བ་འཆར་བདེ་བའི་གནས་དུས་ཕུན་སུམ་ཚོགས་པར་ཚོགས་ཀྱི་འཁོར་ལོ་དང་གཏོར་མས་མཆོད་ཅིང་། བླ་མ་ལ་གསེར་གྱི་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེ བདག་ནི་འཁོར་བ་ལས་བསྒྲལ་ཕྱིར རྡོ་རྗེ་སེམས་དཔའི་གསང་ལམ་ཆེ རིག་པའི་རྩལ་དབང་བསྐུར་དུ་གསོལ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། དཔོན་སློབ་ཐམས་ཅད་འོད་གསལ་གྱི་སྣང་བ་སྒྲིབ་གཡོགས་དང་བྲལ་བའི་བརྡར་སྟོད་གཡོགས་བསལ་ཏེ། བླ་མའི་ཐུགས་ཀར་ཡི་གེ་ཨ་མཐིང་ག་གཅིག་བཀོད་པ་ལ་མིག་མི་འཛུམ་པར་བལྟ་ཞིང་སེམས་མ་ཡེངས་པའི་ངང་དུ་ཞོག་ཅེས་བརྡ་སྤྲད། སློབ་དཔོན་གྱིས་ཌ་མ་རུའི་སྒྲ་དང་བཅས་པས་བྱིན་དབབ་པའི་མཐར།

(༡༠༠༩)ཡིད་ལ་མེད་པ་གཅིག་ཏུ། བླ་མས་ཕཊ་དྲག་པོ་ཞིག་བརྗོད་པའི་དེ་མ་ཐག་པར། སེམས་གང་ཡིན་ཞེས་ལན་གསུམ་རིངས་སྟབས་སུ་བརྗོད་པས། སློབ་མ་ཅི་ཟེར་གཏད་པ་དང་བྲལ་བའི་ཧ་ཕྱད་དེ་ལུས་པའི་ཚེ། རིག་པ་མ་བཅོས་པ་ལྷག་གེར་ཤར་བ་ནི། མ་མཐོང་བའི་མཐོང་བ་ཆེན་པོ་ཞེས་བྱ་སྟེ། །ཆོས་སྐུའི་ངང་དུ་ཡེ་ཤེས་དབབ་པ་ཅེས་བྱའོ། །དེ་ནས་འཇུག་པ་དངོས་ནི། སློབ་མ་རྣམས་དྲང་སྲོང་ཙོག་པུར་འདུག །མིག་བར་སྣང་ལ་རྟེན་མེད་དུ་བཞག་ནས་རང་བཞིན་གྱི་ཁམས་ཡིད་ལ་བྱར་གཞུག་ཅིང་། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག་ཤར་ཕྱོགས་ན་མངོན་པར་དགའ་བའི་ཞིང་ཁམས་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུག་པ་ཞེས་བྱ་བ་སྐུ་མདོག་མཐིང་ག་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་

(༡༠༡༠)འདས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ་སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །ནུབ་ཕྱོགས་ན་པདྨ་བརྩེགས་པའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ། སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །བྱང་ཕྱོགས་ན་ལས་རབ་རྫོགས་པའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ། སྐུ་མདོག་ལྗུང་གུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །དེ་དག་ཐམས་ཅད་ཀྱང་ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་བཞུགས་ཤིང་། རང་རང་གི་སྟོན་པ་ལ་ཆོས་ཉན་ཅིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་གི་སེམས་ཀྱི་དམ་པ་འོད་གསལ་བ། གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་ཤར་ཕྱོགས་ཀྱི་ཞིང་ཁམས་སུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ། །སེང་གེའི་མཆོད་

(༡༠༡༡)སྟངས་ཀྱིས་མཆོངས་ཤིག །ལྷོ་ཕྱོགས་ཀྱི་ཞིང་ཁམས་སུ་སེང་གེའི་ལྟ་སྟངས་ཀྱིས་ལྟོས་ལ། སྟག་མོའི་མཆོངས་སྟངས་ཀྱིས་མཆོངས་ཤིག །ནུབ་ཕྱོགས་ཀྱི་ཞིང་ཁམས་སུ་དཔལ་གྱི་རྔམས་སྟབས་ཀྱིས་ལྟོས་ལ། ཁྱུང་གི་ལྡིང་སྟངས་ཀྱིས་འཕུར་ཅིག །བྱང་ཕྱོགས་ཀྱི་ཞིང་ཁམས་སུ་རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ། གློག་དམར་འཁྱུག་སྟངས་ཀྱིས་སོང་ཞིག །ཨ་ཨ་ཨ ཞེས་ཕྱར་མི་ལྡོག་པའི་རྒྱས་གདབ་བོ། །དེ་ལྟར་རིག་པའི་དཀྱིལ་འཁོར་གྱི་སྒོ་བཞི་ནས་བཅུག་པས། སློབ་དཔོན་ལྟ་དགོངས་ཅན་དང་། སློབ་མ་དད་དམ་ཅན་འཛོམ་ན་ཚེ་འདིར་ཉམས་སུ་མ་ལོངས་ཀྱང་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པ་གསང་སྔགས་འདིའི་ཁྱད་ཆོས་སོ། །དེ་ནས་ལོངས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ནི། རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ལ། མིག་བར་སྣང་ལ་ཧར་རེ་བ་ལས་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་ཡིད་

(༡༠༡༢)ལ་བྱར་གཞུག་ཅིང་། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན་ཅིག །དེ་དག་ཐམས་ཅད་ལས་འདས་པའི་ཕ་རོལ་ན་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་དེ་དག་མ་ལུས་ཤིང་ལུས་པ་མེད་པའི་འཆར་གཞི་བདག་པོའི་བྱད་དང་འདྲ་བ་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས། ཡེ་ཤེས་ལྔས་ཁྱབ་ཅིང་ཀུན་ཏུ་གསལ་བ། ཤིན་ཏུ་མཉམ་ཞིང་མི་གཡོ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ། ཟག་པ་ཟད་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དང་ག་ཏུ་མེད་པ་ཞེས་བྱ་བ། འཁོར་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱ་སྟོང་བྱེ་བ་དཔག་ཏུ་མེད་པས་བསྐོར་བ། ཆོས་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་རོལ་པ་ཞིག་ཡོད་ཀྱིས། བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ། སེང་གེའི་མཆོངས་སྟངས་ཀྱིས་སོང་ཞིག །ཨ་ཨ་ཨ ཞེས་

(༡༠༡༣)སྟོང་པ་ཉིད་ཀྱི་སླར་ལ་མི་ལྡོག་པར་རྒྱས་གདབ་བོ། །དེ་ནས་ཆོས་སྐུའི་དཀྱིལ་འཁོར་དུ་གཞུག་པ་ནི། སེང་གེའི་འདུག་སྟངས་ཀྱིས་འདུག་ལ། སངས་རྒྱས་ཀྱི་ས་ན་ཡོད་པའི་སྤྱན་ལྔ་ཁྱད་པར་ཅན་ཐོབ་པའི་རྟེན་འབྲེལ་དུ། མིག་གྱེན་དང་ཐུར་དང་གཡས་གཡོན་དང་ཐད་དྲང་དུ་བལྟས་ཏེ། རིག་སྟོང་རྗེན་པའི་ཡེ་ཤེས་གསོལ་གདབ་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག །གཟུགས་སྐུ་གཉིས་ལས་འདས་པའི་ཕ་རོལ་ན་དེ་གཉིས་ཀའི་འཆར་གཞིར་གྱུར་པ་རང་གི་རིག་པ་བསམ་ངོ་དང་བྲལ་བའི་ངོ་བོ། ཡེ་ཤེས་ཐིམ་ལ་མ་རྨུགས་པ། གང་དུའང་མ་ཕྱེ་བའི་ཆོས་ཉིད་ཚད་མེད་དཔག་ཏུ་མེད་དམིགས་སུ་མེད་པ་བཞུགས་ཀྱིས། བུ་ཁྱོད་འགྲོ་ས་མེད་པའི་གཤིས་ལ་འགྲོ་མཁན་རྩ་གདར་ཆོད་ལ་ཞོག་ཅིག །རིག་སྟོང་དུ་ཤེས་པས་གནད་ཚུགས་ཤིག །མ་འགགས་པར་འགྱུར་བས་རྩལ་

(༡༠༡༤)སྦྱངས་ཤིག །ཡེ་ཤེས་སུ་གསལ་བས་ལམ་སྦྱོངས་ཤིག །སྣ་ཚོགས་སུ་འཆར་བ་ལ་མ་ཞེན་ཅིག །བསམ་གྱིས་མི་ཁྱབ་པའི་ངང་དུ་ཨ་ཨཞེས་བརྗོད། དཀྱིལ་འཁོར་འདིར་དབང་ཐོབ་ནས་མ་རིག་པ་གཞི་ལ་སངས་ཏེ། རིག་པ་ཡེ་ཤེས་སུ་རྒྱས་པས་མངོན་སུམ་སྒོམ་པ་ལ་དབང་ཞིང་། གོམས་ཤུགས་ཆུང་བ་རྣམས་བར་དོར་གྲོལ་ལ། མཆོག་རྣམས་ཚེ་འདིར་གྲོལ་བ་ཡིན་ནོ། །གཉིས་པ་ནི། སློབ་མ་རྣམས་སྒོ་གསུམ་བཞུགས་སྟངས་དང་གཟིགས་སྟངས་ཀྱི་གནད་འཆུན་དུ་བཅུག །འོད་གསལ་ཐོད་རྒལ་ཆེན་པོའི་གནད་མཚོན་པར་བྱས་ལ། ཀྱ་སྐལ་ལྡན་སེམས་ཀྱི་བུ། ཙིཏྟ་རིན་པོ་ཆེ་གསང་བའི་སྦུབས་ན་ཐིག་ལེ་ཡེ་ཤེས་ཀྱི་ས་བོན་ངོ་བོའི་ཆ་ནས་སྟོང་ཞིང་བདག་མེད་པ། རང་བཞིན་གྱི་ཆ་ནས་འགག་མེད་དུ་གསལ་བ། ཐུགས་རྗེའི་རྩལ་ལས་སྐུ་དང་ཡེ་ཤེས་དབྱེར་མེད་བུམ་ནང་གི་སྒྲོན་མེ་ལྟར་གསལ་བའི་འོད་གདངས་རིན་པོ་ཆེ་ཤེལ་དུག་ཅན་ལས་འཐོན་ཏེ་སྒྲོན་མ་བཞིའི་རང་

(༡༠༡༥)བཞིན་དུ་གསལ་བ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་བ་རྒྱན་གྱི་འཁོར་ལོའི་ཆོས་ཉིད་མངོན་དུ་མཐོང་ནས་རིག་པ་རྩལ་གྱི་དབང་ཆེན་ཐོབ་པ་ཡིན་ནོ། །ཇི་ལྟར་ན། རིག་པའི་ཡེ་ཤེས་འོད་དུ་གསལ་བ་ནི་རྣམ་པར་སྣང་མཛད། དེ་ཉིད་འཕོ་འགྱུར་མེད་པས་མི་བསྐྱོད་རྡོ་རྗེ། འོད་གསལ་འཕེལ་ཆ་དང་བཅས་པས་རིན་ཆེན་འབྱུང་ལྡན། འོད་སྣང་ཚང་མེད་པས་སྣང་བ་མཐའ་ཡས། མ་བཙལ་རང་ལ་རྫོགས་པས་དོན་ཡོད་གྲུབ་པ་སྟེ། རིགས་ལྔའི་སངས་རྒྱས་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་བ་ཡིན་ནོ། །དེའི་ཡེ་ཤེས་ཀྱི་ཆོས་ཉིད་ཀྱང་རིག་པ་དྲི་མེད་དུ་མཐོང་བ་མེ་ལོང་། འོད་གསལ་དང་ངོ་བོ་གཉིས་སུ་མི་ཕྱེད་པས་མཉམ་ཉིད། བྱེ་བྲག་མ་འདྲེས་བར་འཆར་བས་སོར་རྟོགས། མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ། ཡེ་སྟོང་རྩ་བ་བྲལ་བས་ཆོས་དབྱིངས་ཏེ་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ནོ། །ངོ་བོ་འཕོ་འགྱུར་མེད་པས་

(༡༠༡༦)རྡོ་རྗེ། ཡོན་ཏན་ཕུན་སུམ་ཚོགས་པས་རིན་པོ་ཆེ། སྣང་བ་ལ་སྐྱོན་གྱིས་མ་གོས་པས་པདྨ། དེ་གོམས་པ་ལས་ལྷག་མེད་འགྲུབ་པས་ལས་ཀྱི་རིགས། འདི་དག་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས་སོ། །འོད་གསལ་དེ་དག་དྲི་མ་མེད་པས་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། །མ་བཙལ་བཞག་པས་དམར་པོ། བྱ་རྩལ་རྫོགས་པས་ལྗང་གུ། མི་འགྱུར་བརྟན་པས་མཐིང་གའོ། །རླུང་ལྔར་གནས་པའི་ཚུལ་ཡང་། འོད་གསལ་གྱི་སྣང་བ་འདི་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་མཉམ་གྱི་རླུང་། འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་། འཁོར་འདས་དངས་སྙིགས་འབྱེད་པས་དངས་སྙིགས་འབྱེད་པའི་རླུང་། ཀུན་ལ་སྙོམས་པར་བརྡལ་བས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདའ་བར་བྱེད་པས་སྙིང་རྗེ་མེད་པ་སྐལ་བ་ལས་ཀྱི་རླུང་ངོ་། །ཤེས་རབ་ལྔར་གནས་པའང་། འོད་གསལ་གྱི་ཆོས་ཉིད་རྟོགས་མ་རྟོགས་ལས་འཁོར་འདས་

(༡༠༡༧)སུ་འབྱེད་པས་འབྱེད་པའི་ཤེས་རབ། ཉམས་གོང་འཕེལ་ལ་སོགས་ཏེ་ཡེ་ཤེས་ཀྱི་རྩལ་སྣང་སྡུད་བས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། འོད་སྣང་འགྲོ་འོང་དང་བཅས་པས་བསྐྱོད་པས་བསྐྱོད་པའི་ཤེས་རབ། དེ་ཉིད་རྟོགས་ན་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ་ལྔ་ཚན་དྲུག་གམ། འོད་མཐིང་ག་སངས་རྒྱས་ཌཱཀྐིར་ཤེས་པའི་རིག་པ་གཞན་བཞི་ལའང་མཆིས་པའི་དག་བྱ་དག་བྱེད་ཀྱི་མཁའ་འགྲོ་ལྔའི་ཞལ་མཐོང་བས་ལྔ་ཚན་བདུན་དུ་བྱས་པའི་བདག་ཉིད་རྣམས་ཀྱང་དང་ལ་གནས་པ་ལམ། མཐར་ཕྱིན་པ་འབྲས་བུའི་ཆོས་ཉིད་དུ་གྲུབ་པའི་ཚུལ་ཡང་། ཀློང་གསལ་ལས། རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིགས་ལྔ་འོད་ལྔ་རླུང་ནི་ལྔ། །ཤེས་རབ་ལྔ་ལ་སོགས་པར་གནས། །ཞེས་སོ། །མདོར་བསྡུ་ན། དེ་ལྟར་དུ་བཞུགས་པའི་ཆོས་ཉིད་རྣམས་བློས་རྣམ་

(༡༠༡༨)པར་བཏགས་ཤིང་རྩ་རླུང་འཛིན་རྩོལ་གྱི་རྟེན་འབྲེལ་ལས་བྱུང་བའི་སྟོང་གཟུགས་ཤེས་ཉམས་ཡིད་དཔྱོད་ཀྱིས་བརྟགས་པའི་བློའི་རི་མོ་ཅན་མ་ཡིན་པར། གདོད་ནས་གྲུབ་པའི་སྣང་ཉམས་ཆོས་ཉིད་མངོན་སུམ་མི་བསླུ་བའི་བདག་ཉིད་ཅན་དུ་མཐོང་བ་ནི། སངས་རྒྱས་པའི་ཆོས་ཁམས་དཀོན་མཆོག་གསུམ་ལ་བླ་མར་བྱ་བ་ནས་རྒྱུད་སྡེ་རྒྱ་མཚོའི་དངོས་པོ་བཅུའམ། དེ་ཉིད་ཡོངས་སུ་རྫོགས་པའི་བར་གྱི་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མངོན་དུ་བྱས་པའི་ཚུལ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་སེམས་ཉིད་མ་འཁྲུལ་བ་གཞིའི་སངས་རྒྱས། སྒྲ་ཚིག་ལས་འདས་པ་དོན་གྱི་དམ་ཆོས། གཡོ་འགུལ་དང་བྲལ་བ་སྙིང་པོའི་དགེ་འདུན་ཏེ། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བའི་སྐྱབས་འགྲོ་ཉི་ཚེ་བ་ཙམ་མ་ཡིན་པར་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་དང་མི་འབྲལ་བའི་ངང་ནས་སྣང་བ་བཞིའི་

(༡༠༡༩)འོད་གསལ་ལ་སྤྱོད་ཅིང་། དེ་ལྟར་སྤྱོད་པའང་། སྒྲོན་མ་སྣང་བྱེད་ལས། ཡེ་ནས་དེ་ལྟར་ཤར་ནས་ཡོད། །སྐྱེས་བུས་རྩོལ་བས་བྱུང་བ་མིན། །དཀྱིལ་འཁོར་དེ་ཡིན་ལྷ་དེ་རང་། སྔགས་དང་ཕྱག་རྒྱ་མཆོད་པ་དེ། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །སངས་རྒྱས་སེམས་ཅན་འཁོར་འདས་ཡིན། །དབང་དང་སྡོམ་པ་དམ་ཚིག་ཡིན། །རང་གི་བླ་མ་ལྷ་ཡང་ངོ་། །ཞེས་སོ། །དེའི་ཕྱིར་དབྱིངས་སྣང་ཐིག་ལེའི་དབུས་སུ་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་སྣང་བ་དང་མི་འབྲལ་བ་ཤིན་ཏུ་གཅེས་ཏེ། ནོར་བུ་ཕྲ་བཀོད་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་བལྟ་བར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་དང་མ་འབྲལ་ཅིང་། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འདུག་ཚུལ་ལ་ལྟོས་ཤིག །གསང་བའི་ཡེ་ཤེས་ཐམས་ཅད་ལ་མཁས་

(༡༠༢༠)པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཟེར་ལ་ལྟོས་ཤིག །ལྟ་སྒོམ་སྤྱོད་པ་གསུམ་འདུ་འབྲལ་མེད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་མ་ཡེངས་ཤིག །ཆོས་ཐམས་ཅད་ཀྱི་གཞལ་ཡས་ཁང་འཛིན་པར་འདོད་ན་དབྱིངས་དང་རིག་པའི་དོན་ཁོང་དུ་ཆུད་པར་གྱིས་ཤིག །རྡོ་རྗེ་སེམས་དཔའི་གདུང་འཛིན་པར་འདོད་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང་མ་འབྲལ་ཅིག །ཅེས་གསུངས་ལ་འདི་ལྟ་བུའི་ཆོས་ཉིད་རིག་པ་མངོན་སུམ་གྱི་དོན་མཐོང་བ་ནི་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་བསྐལ་བ་མཉམ་པ་ཞེས་བྱ་སྟེ། གསང་བ་སྤྱོད་པ་ལས། འདི་ལྟར་སུ་ཡིས་མཐོང་བའི་མེ། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་མཉམ་པ་ཁོ་ནའོ། །ཞེས་གསུངས་པས། དེ་རིང་ཁྱོད་ཀྱིས་རྙེད་པ་ཆེན་པོ་ལེགས་པར་རྙེད་པ་རིག་པ་རྩལ་གྱི་དབང་ཐོབ་པས་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་། མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པས་ཐར་པའི་ལམ་སྣ་ཟིན་པ་ཡིན་ནོ། །དེ་ལྟ་ནའང་བྱང་ཆུབ་སེམས་དཔའི་ས་བཅུ་རིམ་གྱིས་

(༡༠༢༡)བགྲོད་པས་ཀྱང་དེ་བཞིན་གཤེགས་པའི་ཁམས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་མཐོང་བ་མ་ཡིན་པའི་ཕྱིར། དུས་དེ་རིང་ནས་སྣང་བ་བཞིའི་ཡོན་ཏན་མཐར་ཐུག་པའི་ཉམས་ལེན་ལ་བརྩོན་པར་བྱས་ཏེ་ཆོས་ཉིད་ཟད་པའི་བྱང་ཆུབ་ལ་རེག་པར་གྱིས་ཤིག །ཅེས་སྤྲོ་བའང་བསྐྱེད་དོ། །ཞར་ལ་ཉམས་ལེན་སྲང་དུ་འཛུད་པའི་ཚུལ་གཉིས་ལས། དང་པོ་སྤྲོས་པ་ཅན་ཐུན་བཞིའི་རྣལ་འབྱོར་ལ་བསླབ་སྟེ། ཀློང་གསལ་ལས། དགེ་སྦྱོར་སྲང་དུ་འཇུག་པའི་ཚུལ། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། །ཅེས་པས། དེའང་ཐོ་རངས་དང་པོ་བླ་མའི་རྣལ་འབྱོར་སྒོམ། བར་པ་ལ་ཁྲེགས་ཆོད་བསྐྱང་། ཐ་མ་ལ་བདེ་སྟོང་དང་གཏུམ་མོ་སྒོམ། །ནམ་ལངས་ནས་ཉི་ཤར་གྱི་བར་ལ་ཁ་ཏོན་དང་སྒོམ་བཟླས་ལ་སོགས་པའོ། །ཉི་ཤར་ནས་གུང་གི་བར་ལ་ཐོད་རྒལ་བལྟ། གུང་ལ་ཕྱག་དང་ཆོས་སྤྱོད་ཀྱི་རིགས་བྱ། ཕྱི་དྲོའང་

(༡༠༢༢)ཐོད་རྒལ་སྒོམ། དགོངས་མོ་གཏོར་མ་དང་རླུང་འཛིན། སྲོད་ཐུན་དང་པོ་ལ་འཆི་བ་མི་རྟག་པ་སྒོམ། བར་བ་ལ་བསྐྱེད་རིམ་དང་བཟླས་པ་བྱ། གུང་ཐུན་ལ་གཉིད་འོད་གསལ་གྱི་སྦུབས་སུ་སྦ། ཐམས་ཅད་ལ་།ཐུན་འགོར་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ། རྗེས་བསྔོ་སྨོན་གྱི་རྒྱས་ཐེབས་པ་ནི་དམ་པ་གསུམ་དང་འབྲེལ་བ་ཞེས་བྱ་སྟེ། མེད་ཐབས་མེད་དོ། །གཉིས་པ་སྤྲོས་པ་མེད་པ་ནི། སྒྲོན་མ་སྣང་བྱེད་ལས། ཉིན་མཚན་ཁ་སྦྱོར་རིམ་ཐེབས་བཞིན། །ཞེས་པས་འོད་གསལ་ཐོད་རྒལ་ཉག་གཅིག་ལ་བསླབ་པ་རྣམས་དང་གནས་ལུགས་ལ་དྲོད་ཐོབ་པའི་སྤྱོད་ཡུལ་ཡིན་ཏེ། ཉིན་མོ་བྱ་བ་དགུ་ཕྲུགས་སུ་བཏང་ནས་བཞུགས་སྟངས་དང་མི་འབྲལ་བས་སྐུ་དང་ཐིག་ལེའི་ཀློང་དུ་རིག་པ་བརྗོད་མེད་དུ་བཞག །མཚན་མོ་ལ་ཆ་གསུམ་དུ་བྱས་པའི་སྲོད་ལ་དྲང་སྲོང་གི་འདུག་སྟངས་དང་བཅས་དབང་པོ་གནད་དུ་བསྡུ་བ་ནི། ལྟེ་བར་པདྨ་དམར་པོ་འདབ་བཞིའི་སྟེང་དུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་ལས་མེ་འབར་

(༡༠༢༣)དབུ་མ་ནས་ཡར་སོང་། སྤྱི་བོའི་ཧཾ་ལ་ཕོག་པས་ཐིག་ལེའི་ཐིགས་བས་མེའི་གསོས་བྱས། ཤིན་ཏུ་འབར། ལས་དང་བག་ཆགས་བསྲེགས། བདེ་སྟོང་གི་ངང་ལ་བཞག །དགུང་ལ་སེང་གེའི་འདུག་སྟངས་དང་བཅས་ཤེས་བྱ་བུམ་པར་བསྡུ་བ་ནི། སྙིང་གི་ནང་དུ་ཨ་དཀར་པོ་ཤིན་ཏུ་འཆེར་པ་གཅིག་དང་། ཚངས་པའི་བུ་གར་ཡང་ཨ་དཀར་པོ་གཅིག །དེ་གཉིས་ཀྱི་བར་ཨ་བ་དྷཱུ་ཏཱིའི་ནང་ནས་ཨ་དཀར་ཤེལ་གྱི་ཕྲེང་བ་རྒྱུས་པ་ལྟ་བུ་གཅིག་ལ་གཅིག་ཐིམ་གྱི་རྐྱེན་ལས་དབུ་མའི་ནང་རྒྱ་སྐར་ལ་ཉི་ཞུར་གསལ་བ་ལྟ་བུར་སྒོམ་པ་ནི་གཉིད་འོད་གསལ་གྱི་སྦུབས་སུ་སྤ་བའི་གནད་དོ། །ཐོ་རེངས་ལངས་མ་ཐག་ཏུ་ཧ་ཞེས་དབུགས་རིང་བ་གསུམ་བུས་ལ་སེང་གེའི་འདུག་སྟངས་དང་བཅས་སྤྱི་བོའི་ནམ་མཁའ་ལ་གཞུ་གང་གི་ཐད་ཙམ་དུ་སྙིང་གའི་ཨ་ལས་ཨ་དཀར་པོ་གཉིས་པ་ཞིག་ཆད་དེ་ལིང་དེར་འདུག་པ་ལ་སེམས་བཟང་ངོ་། །དེ་བཞིན་དུ་བསམ་གཏན་བཞི་དང་

(༡༠༢༤)འགོག་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐྱེ་བའི་ཡན་ལག་རླུང་ལྔའི་ཁམས་རང་སར་ཟད་པར་བྱེད་པའི་གནད། ཨ་དམར་པོ་ལྔ་མེ། བརྩེགས་དང་། དཀར་པོ་བཞི། ཆུ། བརྩེགས་དང་། ལྗང་གུ་གསུམ་རླུང་། བརྩེགས་དང་། སེར་པོ་གཉིས་ས། བརྩེགས་དང་། མཐིང་ཀ་ནམ་མཁའ། རྐྱང་པ་ལ་སོགས་པའང་རིམ་པར་སྒོམ་པས་ཨ་ནི་སྐྱེ་བ་མེད་པ་ལ་གནས་པའི་དོན་གྱིས། རྟོག་དཔྱོད་མེ་དང་འདྲ་བ་དང་། དགའ་བདེའི་ཉམས་ཆུ་དང་འདྲ་བ་དང་། དྲན་རྟོག་རླུང་འདྲ་བ་དང་། དྲན་པའི་གཉེན་པོས་བཅིངས་པས་འདྲ་བ་དང་། སྤང་གཉེན་རང་གི་ངོ་བོ་ཆ་དང་བཅས་པ་དག་པར་བྱེད་པའི་གནད་འདི་ནི་པཎྜི་ཏ་ཆེན་པོ་བི་མ་ལའི་དགོངས་པ་ཐུན་མོང་མ་ཡིན་པའོ། །དེ་དག་གི་ཚེ་བོགས་སྤྱོད་པས་འདོན་པའང་། ཉི་ཟླ་ཁ་སྦྱོར་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱི་རོ་མྱང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། འཁྲུལ་པའི་རྐྱེན་གྱུར་ཡུལ་རྣམས་སྤང་། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ངག་ནི་མ་ལུས་སྤངས། །

(༡༠༢༥)ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །གསང་བ་ཐབས་ཀྱི་ཐེ་ཚོམ་བཅད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤངས། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་དམེ་བའི་རྣམ་རྟོག་སྤངས། །ཞེས་ལས་དང་པོ་པ་ཐོས་བསམ་འཚོལ་བ་ལ་ཞུགས་པ་བུང་བ་ལྟ་བུ་ནས། བདེ་སྡུག་དང་བཟང་ངན་རོ་སྙོམས་པ་རྣལ་འབྱོར་དབང་ཕྱུག་གི་སྤྱོད་པའི་བར་རྣམ་པ་བདུན་པོ་རང་གི་རྒྱུད་ཚོད་ལ་དཔགས་ཏེ་སྤྱོད་པས་ལྟ་སྒོམ་ལ་བགོགས་ཐོན་པ་ཡིན་ནོ། །གསུམ་པ་སྣང་བ་བཞིའི་ས་མཚམས་བཤད་པ་ནི། ཐལ་འགྱུར་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །

(༡༠༢༦)རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོག་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་དག་བྱ་དག་འབྲས་ལས་ས་འཚམས་བཞིར་བྱུང་བ་ཕར་ཕྱིན་ཐེག་པའི་ལམ་ལྔ་དང་ཕྱོགས་མཚུངས་པ་ལས། ལམ་ཁྱད་མྱུར་བུ་ལ་གྱི་སྒོ་ནས་ཤིང་རྟ་དང་ཉི་ཟླའི་འགྲོས་ལྟ་བུའི་ཁྱད་པར་ཆེ་བ་རང་བཞིན་ཐེག་མཆོག་རྒྱལ་པོའི་སྣང་བ་བཞི་ལས་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་ཉིན་མོ་ཆོས་སྐུའི་རྟེན་ཉི་མ་དང་མན་ཤེལ་ལ་བསླབ་ཅིང་། མཚན་མོ་ལོངས་སྐུའི་རྟེན་ཟླ་བ་དང་ཆུ་ཤེལ་ལ་བསླབ་པས། ཉིན་བར་མིག་གི་ཚེ་བ་འཕེལ་བའི་གེགས་སྒྲོལ་ཞིང་ཚ་གྲང་སྙོམས་པར་བྱེད་ལ། ནང་ནུབ་སྤྲུལ་སྐུའི་རྟེན་ཨ་ལོ་ཀེ་ལ་བལྟས་པས་བརྩོན་འགྲུས་ལམ་དུ་ཁྱེར་བདེ་ཞིང་དེ་དག་ཀྱང་བལྟ་བྱའི་རྟེན་དང་མ་རེག་ཙམ་ལ་ཐོག་མར་གོམས་སུ་བཅུག་ནས། རིམ་གྱིས་འོག་དང་ཟུར་ལ་ཁྲིད་པར་བྱ་ཞིང་། དེ་ཡང་དཀར་ཤས་ཆེ་ན་

(༡༠༢༧)གཡས། སེར་ཤས་ཆེ་ན་གྱེན། ལྗང་ཤས་ཆེ་ན་གཡོན། དམར་ཤས་ཆེ་ན་ཐུར། མཐིང་ཤས་ཆེ་ན་དབུས། ལྔ་ལྡན་མཉམ་པར་ཤར་ན་རང་སོར་གཞག་ཅིང་། ཐིག་ལེའི་སྣང་བ་མ་མཐོང་ན་མིག་གཉིས་མཉམ་པར་བལྟ་བ་གནད་ཡིན་ལ། དེའི་ཚེ་སྙིང་གའི་བདེ་གཤེགས་སྙིང་པོའི་གདངས་དབྱིངས་ཀྱི་སྣང་བ་འཇའ་ཚོན་རིས་དང་པོར་མཐོང་བ་ནས་བཟུང་སྟེ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ། ཐིག་ཕྲན་གྱི་རྣམ་པ་གསུམ་འབྲེལ་ལ་སོགས་པ་གསལ་འགྲིབ་ཀྱི་རྣམ་པ་ཅན་དུ་འཆར་ལ། དེ་དག་གི་གོ་མཚམས་སུ་ཉི་མ་དང་འོད་ཟེར་བཞིན་ཀ་དག་གི་རིག་པ་སྟོང་གསལ་བརྗོད་དུ་མེད་པའི་གདངས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་ལ། བྱད་དང་མེ་ལོང་གི་གཟུགས་བརྙན་བཞིན་དངོས་དང་བདག་ཉིད་གཅིག་པ་དེ་ལས་དེ་བྱུང་གི་འབྲེལ་བར་གྲུབ་པའི་ཆ་ནས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་རྒྱུ་མིང་འབྲས་བུར་ཆགས་པའང་ཤེས་

(༡༠༢༨)དགོས་ལ། གནད་འདི་མ་རྟོགས་པར་ཆོས་ཉིད་དངོས་པོར་འཛིན་པའི་སྒྲིབ་བྱེད་ལ་དམ་དུ་འཁྱུད་པ་དག་གིས་རྫོགས་པ་ཆེན་པོའི་གྲུབ་མཐའི་ཕྱོགས་ཙམ་ཡང་ཤེས་པ་མ་ཡིན་ནོ། །དེའི་ཕྱིར་རིག་པ་དེ་རྩའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོག་པའི་བྲེད་ཡོད་ལ་ཐིག་ལེ་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འཁྱོག་མཚམས་ལ་ཐིག་ལེ་ཕྲ་མོ་ཟུང་འབྲེལ་ཡོད་ཅིང་། རླུང་གི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འགྲོ་འོང་ཅན་དུ་ཡོད་པས་ཡན་དུ་མི་འཇུག་པར་དབྱིངས་དང་ཐིག་ལེའི་དྭ་བར་འཛུད་པ་ལ་གོམས་སུ་བཅུག་པས་གདངས་ཀྱི་སྒྲོན་མ་རྣམས་རྩོལ་བ་མེད་པ་ཇེ་གསལ་ཇེ་བརྟན་དུ་འགྲོ་ཞིང་། སྒོ་གསུམ་རང་བབས་སུ་ངལ་བས་བདེ་གསལ་མི་རྟོག་པའི་ཏིང་འཛིན་དང་། རྟོག་དཔྱོད་ཀྱི་ཤེས་རབ་ཁྱད་པར་ཅན་འཆར་བས་ཡེ་ཤེས་ཀྱི་གསུམ་ཆ་ལ་དབང་ཐོབ་པས་འདིའི་དུས་སུ་བར་ཆད་ནའང་རང་བཞིན་སྤྲུལ་པར་དབུགས་འབྱིན་པ་ནི་ཕྱིའི་དབྱིངས་སྣང་གི་རྟགས་དང་པོ་ཙམ་མཐོང་བས་

(༡༠༢༩)མ་ཡིན་པར་ནང་དུ་ཤེས་རབ་ཀྱི་མིག་རྡུལ་དང་བྲལ་བའི་བདེན་པ་མཐོང་བའི་གནད་ཀྱིས་ཡིན་ཏེ། ཀློང་གསལ་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་ནི། ཀློང་གསལ་ལས། གོང་དུ་འཕེལ་བའི་སྣང་བ་ཡིས། །ཉམས་ཀྱི་འཕེལ་ཤན་དབྱེ་བ་གཅེས། །ཞེས་པས། གཞན་དུ་རླུང་སེམས་ཀྱི་འདུ་བས་བསྐྱེད་པའི་བདེ་གསལ་མི་རྟོག་པ་དང་། དེའི་ཉམས་དུ་བ་དང་སྨིག་རྒྱུ་ལ་སོགས་པ་ཤེས་ཉམས་འདག་བྱའི་རྟགས་བཅུ་ནི་བློའི་འཛིན་པ་དང་བཅས་པས་བཏང་བ་མེད་པའི་ཚུལ། ཀློང་གསལ་ལས། བློ་ནི་ཀུན་རྫོབ་འཁྲུལ་པར་བཤད། །ཅེས་དང་། དེ་བཞིན་སྤྱོད་འཇུག་ལས་ཀྱང་། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །ཞེས་གསུངས་པའི་ཕྱིར་རོ། །འདི་རང་བཞིན་རྫོགས་པ་ཆེན་པོ་ནི། རྒྱུད་ལས། ནང་དུ་སྟོང་པའི་ཉམས་ཤར་

(༡༠༣༠)བས། །ཕྱི་རུ་གསལ་བའི་ཡེ་ཤེས་ནི། །ཞེས་ནང་དུ་ཆོས་ཉིད་ཀྱི་ངོ་བོ་སྟོང་པར་མཐོང་བས། དེའི་གདངས་རང་བཞིན་གསལ་བའི་ཡེ་ཤེས་ཕྱི་རོལ་དུ་མི་འགྱུར་བར་འཕེལ་བ་དང་། ནང་དུ་རྩ་འོད་དུ་དངས་པ་དང་། གསང་བར་ཉོན་མོངས་པ་གྲོལ་བ་མཉམ་པར་སྟོན་པས་ཡིད་དཔྱོད་ལ་རག་མ་ལུས་ཤིང་མི་བསླུ་བར་ངེས་པའི་ཕྱིར་སྣང་ཉམས་ཞེས་བརྗོད་ལ། ཇི་ལྟར་འཕེལ་ན་རྩ་རྒྱུད་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དང་། །རགས་པར་སྣང་བའི་ཡུལ་ལས་འདས། །ཞེས་པས་འོད་སྣང་ཆེར་མཆེད་དེ་དབྱིངས་རིག་སྨིན་མཚམས་ལས་བྲལ་བར་གྱུར་ཏེ། འོད་ལྔ་རྩིབས་ཤར་དང་། གྱེན་འགྲེང་དང་། ཟླུམ་འཁྲིགས་དང་། མཆོད་རྟེན་ལྟ་བུ་དང་པདྨ་སྟོང་ལྡན། མཁར་ཐབས་དང་། མདའ་དང་མདུང་རྩེ་ལྟ་བུ་དང་། དྲྭ་བ་དྲྭ་ཕྱེད། མིག་མངས་རིས་ལ་སོགས་པ་མ་ངེས་པར་སྣང་ལ། ཐིག་ལེའི་སྒྲོན་

(༡༠༣༡)མ་ཡང་སྲན་མ་ཅམ་ནས་བསེ་ཕུབ་ཙམ་དུ་རིམ་གྱིས་འཕེལ་ཞིང་། རིག་པ་འདབ་ཆགས་འཕུར་སྐྱེན་པ་དང་། རི་དགས་རྩིབས་ལ་རྒྱུག་པ་དང་། ཤར་ཎ་དལ་གྱིས་འགྲོ་བ་དང་། བུང་བ་མེ་ཏོག་ལ་ལྡིང་བ་ཅམ་དུ་དལ་བུར་འགྲོ། མདོར་བསྡུ་ན་ཇི་ཙམ་གོམས་པ་བརྟས་པ་ལས་འོད་སྣང་རྒྱ་ཆེར་འཕེལ། རིག་པ་དལ་དུ་འགྲོ་བ་ལ་ཅུང་ཟད་གོམས་པ་དང་། བར་དུ་གོམས་པའི་ཐ་སྙད་བཏགས་ཤིང་མཆོག་ཏུ་གོམས་པའི་ཚད་ནི་སྒྲོན་མ་སྣང་བྱེད་ལས། སྣང་བ་ཐམས་ཅད་ཐིག་ལེ་རུ། ཤར་ནས་དཀྲིག་གིས་གནས་པ་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་གང་དུ་བལྟས་པའི་སྟེང་ཁམས་འོད་གསལ་གྱི་སྣང་བས་ཁྱབ་ཅིང་འགུལ་འཕྲིགས་མེད་པར་གཏན་ལ་ཕབ་པ་ཡིན་ལ། དེའང་དབྱིངས་སྣང་རེ་ལྡེ་ཙམ་ལ་མཆེད་དུས། རྩིབས་ཤར་ལ་མདུན། གྱེན་འདྲེད་ལ་ཐུར། གྲུ་བཞི་ལ་གཡས། ཟླ་གམ་ལ་སྟེང་། གྲུ་གསུམ་ལ་ཐུར། ཟླུམ་པོ་ལ་གཡོན།

(༡༠༣༢)མཁར་ཐབས་ལ་མཉམ་པར་ལྟ་བ་གནད་ཡིན་ལ། གོམས་པ་ཆེ་ཆུང་གི་བར་ཆད་པའི་གྲོལ་ཚང་ཀྱིས་མཚམས་དབྱེ་ན། དབྱིངས་རིག་སྨིན་མཚམས་བྲལ་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བས་གྲོལ་ནས་ཕྱིན་ཆད་འཁོར་བར་མི་འཇུག །གྲུ་ཆད་ཀྱི་རྣམ་པར་ཤར་ན་ཚོམ་བུའི་སྣང་བ་ལ་གྲོལ་ནས་རང་བཞིན་སྤྲུལ་པར་དབུགས་འབྱིན། སྣང་བ་ཐམས་ཅད་འོད་ལྔར་སྨིན་ཅིང་དབྱིངས་སྣང་ཟླུམ་འཁྲིགས་སུ་པད་འདབ་བཞི་བཞིས་བརྒྱན་པའི་ཚོམ་བུ་ཤར་ན་འོད་གསལ་ཤར་བའི་སྐད་ཅིག་མ་དང་པོར་བར་དོ་མེད་པར་དབུགས་འབྱིན་པ་ནི་རྒྱུད་ཀྱི་བུའི་དགོངས་པ་ཡིན་ཏེ། ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་དེ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་བསྒྲུབ་པོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཞེས་སོ། །རྒྱུ་མཚན་དེས་པཎྜི་ཏ་ཆེན་པོ་བི་མ་ལས་བཤད་མ་ཐག་པའི་

(༡༠༣༣)ཚོམ་བུའི་སྣང་བ་ཉམས་གོང་འཕེལ་གྱི་མཐར་ཐུག་པར་བཞེད་ནས། ལྷ་སྐུར་ཤར་པ་ཕན་ཆད་རིག་པ་ཚད་ཕེབས་སུ་མཛད། སློབ་དཔོན་ཆེན་པོ་པདྨའི་ཞབས་ཡབ་ཡུམ་ཟུང་འབྲེལ་ནས་སྣང་བའི་འཕེལ་ཆ་ཟད་པའི་བར་ལ་རིག་པ་ཚད་བེབས་སུ་བཞེད་པས། སྐུ་རྐྱང་པ་ཉམས་གོང་འཕེལ་དུ་བཞག་པ་ལྟར་མཛད་པ་ཡང་ཁོ་བོས་དགོངས་པ་གཅིག་པར་མཐོང་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །ཞེས་སྐུ་ཤར་པ་དེ་ཉམས་གོང་འཕེལ་གདོན་མི་ཟ་བར་རྫོགས་པའི་རྟགས་སུ་བཤད་པས། ཚད་ཕེབས་ཀྱི་འགོ་ཟིན་པར་ཡང་དོན་གྱིས་བསྟན་ལ། འདི་ལྟར་ཕ་རི་ལ་ལྟོས་ནས་ཚུར་རི། ཚུར་རི་ལ་བལྟོས་ནས་ཕ་རི་ར་བཞག་པ་བཞིན། ལྷ་སྐུ་རྐྱང་པ་ནི་ཉམས་དེ་གཉིས་ཀ་ལ་རེག་ཅིང་དེ་ལ་དེར་བརྟེན་གྱིས་འབྲེལ་པ་ཅན་དུ་གྲུབ་པས་སོ། །སློབ་དཔོན་རྣམ་གཉིས་ཀྱི་དགོངས་

(༡༠༣༤)པ་ཀུན་མཁྱེན་ཆེན་པོས་ཐད་ཀར་ཕྱེ་ནས་བཞག་པ་ཙམ་ལ། རྗེས་འཇུག་རྣམས་ནས་དོན་གྱི་དབྱིངས་འཇལ་མ་ཤེས་པར་འདི་དང་འདིའོ་ཞེས་དཔྱད་བཟོད་པར་རློམ་པ་ན། བྱིས་པའི་རྣམ་ཐར་ཅམ་དུ་ཟད་དོ། །ཕྱིར་སྣང་བའི་འོད་གསལ་ལ་རྩལ་འཕེལ་བ་བཞིན་དུ་ནང་དུའང་རིག་པའི་འོད་གསལ་ཏིང་ངེ་འཛིན་སྤྱན་དང་མངོན་ཤེས་ལ་སོགས་པ་འཆར་བ་ཡིན་ནོ། །གསུམ་པ་རིག་པ་ཆད་ཕེབས་ཀྱི་སྣང་བ་ནི། ཆོས་ཉིད་གང་དུའང་མ་ཕྱེ་བའི་རྩལ་བྱང་དང་མེ་ལོང་གི་རྣམ་པར་ཤར་བས་རིག་པའི་གཤིས་ལ་སྐུ་གསུམ་ཡེ་རྫོགས་སུ་ཡོད་པའི་ལོངས་སྤྱོད་རྫོགས་པའི་སྐུའི་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་པ་འདིར་ལམ་གྱི་སྣང་བ་ལ་རྩལ་རྫོགས་པ་ནི་རིག་པ་ཚད་ཐེབས་ཀྱི་དོན་པོ་ཡིན་པར་དུས་ང་ཙམ་ན་ཁོ་བོ་ཅག་གིས་རྟོགས་ཏེ། གྲུབ་པའི་མཐའ་གཞན་དུ། དེ་བཞིན་གཤེགས་པའི་ཁམས་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཡོད་པ་དེ་ཉིད་ཐོབ་བྱའི་མཐའ་འཛིན་དུ་འདོད་ནས་བཞིན་ལག །

(༡༠༣༥)རྣམ་པ་ཅན་དུ་ཤར་བའི་མཚན་དཔེ་དོན་དུ་གཉེར་བ་གང་ཞིག་ལ་འབྲས་བུ་རང་རྒྱུད་བར་གོལ་བའི་ཆོམ་རྐུན་ལྟར་མི་མངོན་པར་འཇུག་པ་ནི་ཆོས་ཅན། ཨ་ལ་ལ་རང་བཞིན་ཐེག་མཆོག་རྒྱལ་པོའི་དགོངས་པ་འདི་ཙམ་ཡང་བསམ་གྱིས་མི་ཁྱབ་པར་སྣང་མོད་དེ། གྲུབ་པའི་མཐའ་ཇི་བཞིན་སློང་མི་ཤེས་པ་དག་གིས་སྣང་བའི་འཆར་ཚུལ་ཙམ་ལ་སྤྱི་བརྟོལ་གྱིས་བསྔགས་པ་བརྗོད་པ་ལས་དོན་ཁྱད་པར་བཅད་སྟོན་པར་མ་ནུས་ཤིང་། ཕྱོགས་རེའི་གཞུང་ལ་འདྲིས་པ་དག་གིས་ཁ་ཟར་བ་དང་། ཕྱར་ཀ་སྒྲོག་པའི་རྐྱེན་དུ་གྱུར་པའི་ལམ་ལྟར་སྣང་བ་དུ་མས་ཁེངས་པ་ནི་གྱ་ཚོམ་ཅན་དང་། རྣམ་པར་མ་བརྟགས་པ་གཉིས་ནང་འཛོམ་པ་ལས་བྱུང་གིས། དེའི་ཕྱིར་གངས་ཅན་འདིར་མཆོག་ཏུ་གསང་བའི་ཐེག་པ་འདི་སྒྲོག་པ་ལ་རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་གྱི་གྲུབ་པའི་མཐའ་ཙམ་དུ་ཟད་པ་གདོན་མི་ཟ་བར་ཤེས་པར་བྱའོ། །ཞེས་གླེང་ནས། ཚང་ཕེབས་ཀྱི་རང་བཞིན་

(༡༠༣༦)ནི། རིག་པའི་ཡོན་ཏན་འཕེལ་བའི་ཆ་སྟོབས་སུ་གྱུར་པ་ལས་སྣང་བ་ཐམས་ཅད་འོད་དུ་གསལ་ཞིང་། ཡེ་ཤེས་ལྔའི་ཆོས་ཉིད་ལ་བྱན་ཚུད་པས་ཐིག་ལེ་ལྔ་ཚོམ་དུ་ཤར་བའི་དབུས་ན་སྤྲུལ་སྐུའི་སྦྱངས་པ་རྣམ་པར་དག་པ་ལས་བྱུང་བའི་གཅུག་ཏོར་དང་བཅས་པའི་དབུ་ཕྱེད་པ་ནས་སྐུ་རྐྱང་པའི་བར་དང་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པས། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་ལ་སོགས་པ་རིགས་ལྔའི་སངས་རྒྱས་རྣམས། སྐུ་ཉི་ཚེ་བ་དང་། རྒྱན་རྫོགས་ནས་ཡུམ་དང་བཅས་པའི་རྣམ་པ་རྫོགས་པར་འཆར་ཞིང་། ཆོས་སྐུའི་སྦྱངས་པ་རྣམ་དག་པ་ལས་བྱུང་བའི་གཙོ་དང་འཁོར་གྱི་ཚོམ་བུ་ཐ་དད་པའི་དཀྱིལ་འཁོར་མུ་ཁྱུད་ཀྱིས་ར་བ་དང་བཅས་པར་མཆོག་ཏུ་གསལ་བས་རྔོས་བཅས་ཀྱི་སྣང་བ་རང་འགགས་ཏེ། ཤེས་པ་གང་དུའང་ཚུད་པས་དེམ་པོ་འགུལ་བ་དང་ལུས་ཀྱིང་རྡུལ་ཕྲན་ཆ་མེད་དུ་མཐོང་ཞིང་རི་བྲག་ལ་སོགས་པར་ཟད་ཐལ། གཟུང་འཛིན་ཐད་ཀར་ཞིག་པས་སྨྱོན་པ་ཁྲོག་ལངས་

(༡༠༣༧)པ་བཞིན་གང་ལའང་ཉམ་ང་བ་དང་བག་ཚ་བའི་ཁུངས་སྟོར་ནས་ཅིར་སྣང་དག་པ་རབ་འབྱམས་སུ་ཤར་བའི་སྐབས་ཡིན་ཏེ། སྐུ་གདུང་འབར་བ་ལས། གང་གི་འོད་ལ་སུ་གོམས་པ། །རང་གིས་མཐོང་བའི་སྤྱོད་ཡུལ་དུ། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བཞིའི་སྣང་བ་རང་ནུབ་ནས། །རིམ་གྱིས་ཁ་དོག་ལྔ་ལ་སྤྱོད། །འོད་དང་བྲལ་བ་མེད་པའི་རྟགས། །གཞན་ཡང་མཐོང་བའི་སྤྱོད་ཡུལ་དུ། །སྨྱོན་པ་བཞིན་དུ་ཐོགས་མེད་པར། །རི་བྲག་རྣམས་ལ་ཟང་ཐལ་དང་། །དེ་བཞིན་ས་གཏིང་འཛུལ་བར་ནུས། །ཆུ་རྣམས་ལ་ཡང་བྱིང་བ་མེད། །ཅེས་སོ། །དེ་དག་ནི་ཚད་ཕེབས་ཀྱི་རང་བཞིན་སྤྱིར་བསྟན་པ་སྟེ། ནང་གསེས་ཀྱི་ཁྱད་པར་ཅུང་ཕྱེ་ན། རྩ་རྒྱུད་ལས། སོ་སོའི་ལུས་ཀྱི་རྡུལ་ཕྲན་ནས། །བར་སྣང་འོད་ཀྱི་སྐར་ཁུང་སྣང་། །དེ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཕྲ་ཞིང་འཁྲིལ་བས་སྣང་བ་འཛིན། །ལུས་ཀྱི་རྡོས་པ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་ན་ཨ་ཡི་

(༡༠༣༨)མཚན་མ་དང་། །མཛོད་སྤུ་འོད་ཟེར་འདོམ་གང་ཚད། །ཐོར་ཚུགས་རླུང་གིས་འདེགས་པར་སྣང་། །ཞི་སྐུ་ལག་པའི་སོར་མོ་ལས། །འོད་ཀྱི་ཕྲེང་བས་རྣམ་པར་འཁྲིགས། །སྒྲ་མེད་སེམས་ཀྱིས་སྤྱོད་པ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ལས། །ཧེ་རུ་ཀ་རྣམས་མངོན་པར་འབྱུང་། །འདི་དུས་རང་ལུས་ཚད་ལ་ཕེབས། །ཞེས་ལུས་ཚད་ལ་ཕེབས་པས་སྣང་བ་མ་ལུས་པ་སངས་རྒྱས་ལྔའི་ཞིང་དུ་གསལ་བའི་ཐུགས་ཀ་འོད་ཟེར་གྱི་སྐར་ཁུང་ནས་རང་གི་སྙིང་དབུས་ཨའི་རྣམ་པ་ཅན་ལ་འོད་གདངས་ཟུག་པར་འབྲེལ་བས་འོད་ཟེར་ཆེན་པོའི་དབང་ནོད་ཅིང་། མཛོད་སྤུའི་འོད་ཟེར་འདོམ་གང་པར་གསལ་བས་སྤྱི་བོའི་གཙུག་ན་ཡེ་ཤེས་ཀྱི་རླུང་གི་ཐིག་ལེ་འཁར་གཞོང་ཙམ་དགུ་འམ། ལྔ་བརྩེགས་པར་སྣང་ཞིང་། དེ་ཡང་དོན་དམ་པར་ཐོར་ཚུགས་ནི་གཙུག་ཏོར་ཡིན་ལ། རླུང་གིས་འདེགས་པའི་སྒྲས་ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་བས་དེ་ཉིད་བལྟར་མི་མངོན་པའི་ཆོས་སུ་གྲུབ་པས་མཚོན་མཚན་དང་དཔེ་

(༡༠༣༩)བྱད་ཀྱི་ངོ་བོར་འབར། ཡེ་ཤེས་ཀྱི་རླུང་ལག་སོར་ལ་ཆུད་པས་དེ་ཉིད་འོད་ལྔར་འཁྲིགས་འོད་རྩ་ཕྲ་མོ་རྣམས་སུའང་ཡེ་ཤེས་ཀྱི་གདངས་གསལ་བས་བ་སྤུའི་སྒོ་དང་། རྡུལ་ཕྲ་རབ་ར་རའང་སངས་རྒྱས་ཀྱི་ཞིང་ཁམས་ལོངས་སྐུའི་སྙིང་པོ་ཅན་དུ་རྫོགས་པས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། དུང་ཁང་དུ་ཁྲོ་བོའི་དཀྱིལ་འཁོར་སྣང་བའི་གདངས་ཚངས་བུག་གི་འོད་རྩ་ལས་འཐོན་ཏེ་སྟེང་གཞི་མ་ལུས་པ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུ་གསལ་བ་ནི་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུར་ལམ་དུ་ཤར་བས་ལུས་ཚད་ལ་ཕེབས་བ་ཞེས་བྱའོ།། །།དེ་བཞིན་དུ་སེམས་ཚད་ལ་ཕེབས་པས་ཀུན་ཏུ་རྟོག་པའི་སེམས་དང་། ཡིད་དང་། རྣམ་པར་ཤས་པ་རྣམས་ནུབ་ནས་ཆོས་དབྱིངས་དྲི་མེད་དུ་རང་གསལ་བས་གཞན་གྱིས་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་དང་། ཐོགས་རེགས་གིས་བཅད་པའི་ཕ་རོལ་གྱི་ཡུལ་དང་རྒྱལ་

(༡༠༤༠)བའི་ཞིང་ཁམས་ཚད་མེད་པ་མཐོང་བའི་སྤྱན་ཏེ་སྣང་བའི་སེམས་རྣམ་པར་དག་པ་དང་། སྟོང་པའི་སེམས་དག་པས་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་དབང་འབྱོར་པ་ལ་སོགས་ཏེ། མདོར་ན་ལུས་ཀྱི་རྡོས་པ་དག་པས་རྩ་རླུང་རང་དག །དེ་དག་པས་གློ་བུར་གྱིས་བསྡུས་པའི་ཚོགས་པ་ཞིག་སྟེ་ལུས་སེམས་ཀྱི་འབྲེལ་མངོན་གྱུར་རགས་པ་ལོག །ཕྲ་བ་བག་ལ་ཉལ་གྱི་ཆ་སྐར་མདའ་རྒྱུག་པ་ཙམ་ལས་བསྐྱེད་སྡུད་ཀྱི་སྣང་ཆ་གཉིས་འཛིན་པའི་དུས་ཏེ། ཐལ་འགྱུར་ལས། ལུས་སེམས་འབྲེལ་བ་ཆོད་པ་ནི། །ཟག་བཅས་ཟད་པའི་ལུས་ལ་ཡང་། །ཕྱིར་འབྱུང་མཚན་ཉིད་གསལ་བའི་སེམས། སྐར་མདའ་འཕྲོ་བའི་ཚུལ་གྱིས་ཀྱང་། །ནམ་མཁའི་ཁམས་སུ་གསལ་བར་མཐོང་། །ཞེས་དང་། ལུས་ནི་འོད་གསལ་དག་པ་ལ། །རླུང་ནི་མེ་སྟག་འཕྲོ་བ་བཞིན། །གཅིག་ཏུ་མི་གནས་རང་གསལ་གཞི། །སྣང་ཆ་གཉིས་ཀྱི་ཚུལ་དུ་འབྱུང་། །འདིས་ནི་ལུས་སེམས་འབྲེལ་བཅད་ནས། །ཁམས་གསུམ་

(༡༠༤༡)ལྡོག་པ་མ་ཡིན་ནོ། །ཞེས་སོ། །ཞར་ལ་འཕྲོས་པ་འདི་བརྗོད་དེ། དེ་ཡང་གངས་རིའི་ཁྲོད་འདིར་མོས་པས་བཟུང་བའི་གྲུབ་པའི་མཐའ་ཐ་དང་པ་ལས་ཁ་ཅིག་ནི་སྟོང་གཟུགས་ཀྱི་སྣང་བ་འཁྲུལ་སྣང་ཉག་གཅིག་ཏུ་འཇོག་ཅིང་། རྫོགས་པ་ཆེན་པོའི་སྣང་བཞི་ལའང་མུ་སྟེགས་ཉི་མ་བལྟ་བའི་ལུགས་ཞེས་ཆོས་ལ་སྡང་བའི་རྩ་ལྟུང་སོགས་ལ་བག་ཚ་བ་མེད་པར་འཇུག་པའི་བཤེས་གཉེན་སྤྱང་ཀི་དང་བྱི་ལའི་སྡེ་ཚོགས་དག་གིས། རང་ཉིད་དགའ་བའི་དུས་ཀྱི་འཁོར་ལོ་ལ་སོགས་པའི་སྟོང་གཟུགས་ཀྱི་སྣང་བ་ལ་རྒྱུད་ནས་ཆུ་འདྲེན་པའི་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པས་བློ་གྲོས་ཕུར་ཁུང་ཐུག་པའོ། །ཁ་ཅིག་ནི་སངས་རྒྱས་ལ་སྐུ་དང་ཡེ་ཤེས་མེད་པར་འདོད་པ་ནི་ལོག་པར་བལྟ་བའོ་ཞེས་སྒྱུ་མའི་སྐུ་ལ་སོགས་པ་མཐར་ཐུག་གི་སྒྲུབ་བྱར་བྱེད་ཅིང་དོན་དམ་པར་འདོད་པའི་ཕྱོགས་གཉིས་སུ་སྣང་ཡང་། ཁོ་བོ་ཅག་ནི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡོན་ཏན་གཟུགས་

(༡༠༤༢)ཀྱི་སྐུ་ཡིན་པས་འཁྲུལ་སྣང་ཕྱོགས་གཅིག་ཏུའང་མི་འཇོག་པས་ཟླ་བའི་ཆོས་ཉིད་རང་གི་ངོ་བོས་ཉ་གང་བ་ལྟར་ཡར་འཕེལ་གྱི་ཡོན་ཏན་ཉམས་གོང་འཕེལ་གྱི་སྣང་བས་སྐུ་གསུམ་ལམ་སྣང་དུ་རྩལ་རྫོགས་པར་བྱེད། དེ་ལྟར་སྣང་བའང་རིག་གདངས་ཕྱིར་ཤར་གྱི་གཟུགས་བརྙན་ཙམ་ལས་ངོ་བོ་ཉིད་མ་ཡིན་པས་དོན་དམ་དུའང་མི་འཛིན་པ་གནམ་སྟོང་གི་ཟླ་བ་རང་ངོ་ལ་བཅོས་སུ་མེད་པར་འགྲིབ་པ་ལྟར་སྙིང་པོའི་རང་གདངས་ཕྱིར་སྣང་བ་ཟད་དགོས་པའི་གནད་ཀྱིས་རིག་པ་གཡོ་བྱེད་ཀྱི་རླུང་ཕྲ་བ་དང་བཅས་པ་ཤིན་ཏུ་རྣམ་པར་དག་པ་བློ་ཟད་ཆོས་ཟད་ཀྱི་སྣང་བ་གདོད་མའི་ནད་དབྱིངས་སུ་བཙན་ས་ཟིན་པར་འདོད་པས་གྲུབ་མཐའ་བློས་བཀོད་པར་ཤེས་ནས་རྩོད་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་ཞི་བར་བྱ་སྟེ། ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སྐུའི་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་

(༡༠༤༣)ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་མེད་འོངས་པ་མེད་པའོ། །ཞེས་དབུ་མ་རབ་ཏུ་མ་གནས་པའི་དགོངས་པ་ལ་གཞག་པར་བྱའོ།། །།བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། རྩ་རྒྱུད་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོངས་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་བ་ལས་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་རྣལ་འབྱོར་ཆེན་པོའི་གཞུང་མན་ཆད་དུའང་ཐབས་སྣང་བའི་ཆ་ལ་བསྐྱེད་པའི་རིམ་པ་མུ་མེད་པར་བཀོད་པ་ཉིད་སླར་ངེས་པར་རྫོགས་པའི་རིམ་པ་ཤེས་རབ་སྟོང་པ་ཉིད་དུ་བསྡུ་བ་བཞིན། འདིར་གནད་རྣམ་པ་གསུམ་ལ་བརྟེན་ནས་རླུང་གི་གཡོ་བ་ཡེ་ཤེས་སུ་འཕེལ། ཆོས་ཉིད་དུ་དག་པའི་མཐུ་ལས་ཕྱི་འབྱུང་ཡུལ་གྱི་འཁྲུལ་སྣང་གི་ཆ་དང་ནང་འཁྲུལ་རྟོག་སེམས་དང་སེམས་བྱུང་གི་བག་ཆགས་རང་འགགས། གསང་བ་

(༡༠༤༤)འོད་གསལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་གང་དུའང་བརྗོད་དུ་མེད་པའི་དབྱིངས་སུ་ཐིམ་པ་ལ་ཟད་པའི་བརྡར་བཏགས་པ་སྟེ། དོན་དམ་པར་གནམ་སྟོག་གི་ཟླ་བ་ཅི་ཡང་མེད་པ་ལྟར་སྣང་ཡང་རང་གི་ངོ་བོ་ཆེར་སོང་བ་དང་། ཆུང་ངུར་སོང་བ་གང་ཡང་མེད་པས་རང་གདངས་དབྱིངས་སུ་ནུབ་པ་ཤེལ་འོད་ནང་དུ་ནུབ་པ། ལྟ་བུའོ། །ད་ལྟར་དུ་ཟད་པའི་རང་བཞིན་ལ་ཟད་ལུགས་གཉིས་ཀྱིས། རིམ་གྱིས་ཟད་པ་ནི་སྣང་བ་བཞི་ཚད་དུ་ཕྱིན་པ་གང་ཡིན་པའོ། །བློ་མཆོག་གཅིག་ཅར་བ་རེ་ཙམ་ནི་མངོན་སུམ་གྱི་སྣང་བ་མཐོང་བ་ཉིད་གོམས་སུ་བཅུག་པ་ལས། གོང་འཕེལ་དང་ཚད་ཕེབས་ཀྱི་རིམ་པ་ལ་མ་ལྟོས་པར་ཟད་པའང་ཡོད་དོ། །ཇི་ལྟར་ནའང་དེའི་ཚེ་རྔོས་བཅས་དེངས་པས་འབྱུང་བའི་དགྲས་མི་ཚུགས། ཉོན་མོངས་པ་དེངས་བས་དྲན་པ་དང་དྲན་གཞི་ཝལ་པོ་རྗེས་མེད་དུ་སོང་། སྣང་བ་དེངས་པས་འགྲོ་བ་དང་། འདུག་པ་དང་། ཉི་ཟླའི་སྣང་བ་ལ་སོགས་པ་རང་ཡལ་རྗེས་མེད་དུ་སོང་ནས་འདི་ལྟར་ཡིན་ནོ་ཙམ་དུའང་མ་གྲུབ་པས་གཟུགས་

(༡༠༤༥)སྣང་ཐམས་ཅད་མྱ་ངན་ལས་འདས་པ་ཞེས་བྱའོ། །དེའི་དུས་ན་ཐོབ་པ་གཉིས་འབྱུང་བ་ནི་འདི་ལྟ་སྟེ། སྐྱེ་བ་ལ་དབང་ཐོབ་པས་འཕོ་བ་ཆེན་པོའི་སྐུར་བཞེངས་ཏེ་སེམས་ཅན་གྱི་དོན་མཛད་ན་སྣང་བ་རིམ་གྱིས་ཟད་དུས་ལག་སོར་ལྔ་འོད་ཀྱིས་དཀྲིགས་པར་སྣང་བ་ལ་ཤེས་པ་གཏད་པས་སྣང་བ་རང་ལོག་ནས་སྣོད་བཅུད་ཀྱི་རྟེན་དང་བརྟེན་པ་ཆུ་ཟླ་དང་རྨི་ལམ་ལྟ་བུར་མཐོང་ལ། རང་ལུས་ཀྱང་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་ཟང་ཐལ་བ་ཙམ་དུ་རང་གིས་མཐོང་ལ་གཞན་གྱི་མིག་མ་དག་པས་དེ་ལྟར་མི་མཐོང་བའི་ཚུལ་སློབ་དཔོན་ཆེན་པོ་པདྨའི་སྐུ་ལ་བཙན་པོས་ཕྱག་གིས་བཏུད་པས་སྟན་ལ་རེག་པའི་ལོ་རྒྱུས་བཞིན་ནོ། །དེ་ལྟར་རྡུལ་ཕྲན་དེངས་པ་འོད་དུ་གསལ་བས་སྐྱེ་འཇུག་གཉིས་ལ་དབང་ཐོབ་པ་ཐོད་རྒལ་ཁོ་ནའི་ཁྱད་ཆོས་ཡིན་ལ། ཁྲགས་ཆོད་ལ་ལུས་རྡུལ་ཕྲན་དང་སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་གི་སར་གྲོལ་བ་ཙམ་ལས་མེད་

(༡༠༤༦)བའི་ཕྱིར་རོ། །དུས་དེ་ཙམ་ན་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱང་དངོས་དང་རྒྱུད་ནས་རིགས་དྲུག་སོ་སོའི་གནས་སུ་དོན་མཛད་ཅིང་། ཁྱད་པར་དུ་མིའི་འགྲོ་བ་སྨོན་ལམ་མཐུན་པ་སུམ་སྟོང་ལྷག་མེད་དུ་གྲོལ་བར་མཛད་ནས་སླར་ཆོས་ཉིད་གཞོན་ནུ་བུམ་པའི་སྐུར་འཚང་རྒྱ་བ་ནི་སློབ་དཔོན་ཆེན་པོ་པདྨའི་ཞབས་དང་། དྲི་མེད་ཆོས་ཀྱི་བཤེས་གཉེན་མངོན་སུམ་ཚད་མའོ། །ཀུན་མཁྱེན་གྱིས་བཤད་པ་འགའ་ཞིག་ཏུ་བར་དོའི་སེམས་ཅན་སུམ་སྟོང་ཞེས་པའང་ཡོད་དེ་མིའི་འགྲོ་བའང་སྐྱེས་གནས་ཀྱི་བར་དོ་ཡིན་པས་མི་འགལ་ལོ། །འཇུག་པ་ལ་དབང་ཐོབ་པ་ནི་སྐུའི་རྣམ་པ་དེ་ཉིད་ཀྱི་དུས་དེར་གཞན་དོན་རླབས་པོ་ཆེ་མི་མཛད་ན་སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པའི་མོད། ལས་ལ་བཟང་ངན་མེད་པའི་གནད་ཀྱིས་གྲོལ་བར་མཛད་ནས་ན་བུན་ནམ་མཁའ་ལ་དེངས་པ་བཞིན་ནང་དབྱིངས་སུ་ཞུགས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཕྲིན་ལས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་གཞན་དོན་མཛད་

(༡༠༤༧)པའི་ཚུལ། ནང་གསལ་ཐིམ་ལ་མ་རྨུགས་པའི་གདངས་ཕྱིར་གསལ་དུ་སྣང་བ་ལྷུན་སྟུག་པོ་བཀོད་པའི་ཞིང་ཁམས་ལས་བྱད་དང་མེ་ལོང་གི་རྣམ་ཆར་ཤར་བ་ཕྱེད་སྤྲུལ་ལོངས་སྐུ་ལ་སོགས་པ་དང་། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས་ཉིད་ལས། སེམས་དཔའ་ས་བཅུ་པ་ལ་ལོངས་སྐུ་རིགས་ལྔ་དང་། སོ་སོ་སྐྱེ་བོ་དང་། ཉན་ཐོས། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ལ་མཆོག་གི་སྤྲུལ་པའི་སྐུ་དང་གཞན་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་དུ་བཟོ་དང་། སྐྱེ་བ་སྤྲུལ་པ་ལ་སོགས་པ་འགྲོ་བ་སོ་སོའི་ཁམས་དང་། དབང་པོ་དང་། མོ་པ་དང་འཚམ་པས་དོན་མཛད་པའི་ཚུལ་བསྐྱེད་རིམ་གྱི་རྣམ་གཞག་འོག་མིན་བགྲོད་པའི་ཐེམ་སྐས་སུའང་ལེགས་པར་འདོམས་ཟིན་ཏོ། །བཞི་པ་མཐའ་རྟེན་གྱི་མན་ངག་ནི། ཀློང་གསལ་ལས། དེ་ལ་མཐའ་བརྟེན་མན་ངག་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་མི་

(༡༠༤༨)འགུལ་བ་གསུམ་གྱིས་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་བཟུང་། ཐོབ་པ་གསུམ་གྱིས་གཟེབ་གདབ། གདེང་བཞིས་གྲོལ་ཚད་སྟོན་པ་ལས། དང་པོ་ནི་རྩ་རྒྱུད་ལས། མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་དུ་ཕེབས་པའོ། །ཞེས་ལུས་བཞུགས་སྟངས་ལས་མི་འགུལ་བས་རྩ་རླུང་རང་དལ། མིག་གཟིགས་སྟངས་ལས་མི་འགུལ་བས་སྣང་བའི་འཕེལ་འཛིན། སེམས་བཟོ་མེད་ལས་མི་འགུལ་པས་དབྱིངས་རིག་ཟུང་དུ་ཆུད་པར་བྱེད་དོ། །གཉིས་པ་ནི་རྩ་རྒྱུད་ལས། སྡོད་པ་གསུམ་གྱིས་ཚད་བཟུང་བས། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་བཟུང་བའོ། །ཞེས་པས། ལུས་བྱ་བ་ལ་མི་གནས་པར་སྡོད་པས་འཁོར་བའི་འཁྲུལ་རྟོག་དང་། རླུང་འཕེལ་མེད་དུ་སྡོད་པས་རྣམ་རྟོག་གཡོ་བའི་རྐྱེན་ཟད། སྣང་བ་འདར་འཕྲིགས་མེད་པར་སྡོད་པས་ཞིང་ཁམས་ཚད་ལ་ཕེབས་པར་བྱེད་དོ། །འདིའི་ཚེ་རྟགས་སྒོ་གསུམ་ལ་

(༡༠༤༩)འཆང་བ་དང་ཚད་རྨི་ལམ་གྱིས་བཟུང་བ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་དུས་བུམ་དབང་གིས་ལུས་སྨིན་པས་བྱ་རྩོལ་མེད་པའི་དོན་ཡན་ལག་ལ་ཞུགས་ནས་རྩ་དལ་བའི་རྟེན་འབྲེལ་ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུའོ། །རྩ་ནང་དུ་རྣམ་ཤེས་ཆུད་པས་བརྗོད་གཞི་དག་པའི་གདངས་ངག་གི་བརྡ་ལ་ཞུགས་ནས་ལྐུགས་པ་བཞིན་དུ་སྨྲ་བ་ལ་མི་བརྩོན་ནོ། །རྫོགས་པ་ཆེན་པོ་འཛིན་མེད་རང་གྲོལ་གྱི་དོན་སེམས་ལ་ཞུགས་པས་སེམས་མཁའ་འགྲོ་རྙི་ལ་ཟིན་པ་བཞིན་གར་གཏད་དུ་སྡོད་པའོ། །ཉམས་གོང་འཕེལ་གྱི་ཚེ་རླུང་དབུ་མར་ཐིམ་པས་བཟང་ངན་མེད་པའི་དོན་ལུས་ལ་ཞུགས་པས་ལུས་སྒེག་ཆོས་ངོ་ཚ་དང་བྲལ་བ་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟ་བུའོ། །གསང་དབང་གིས་ངག་དག་པས་རྫོགས་པ་ཆེན་པོ་དགག་སྒྲུབ་ལས་འདས་པའི་དོན་ངག་ལ་ཞུགས་ནས་ངག་སྨོན་པ་རང་ཚིག་རྡོལ་བ་བཞིན་ལྟོས་མེད་

(༡༠༥༠)བྱུང་རྒྱལ་དུ་སྣ་བའོ། །སེམས་བྱུང་གི་རྟོག་ཚོགས་སེམས་སུ་ཞུགས་པས་རྩི་དུག་གིས་ལན་བདུན་མྱོས་པའི་སྐྱེས་བུ་བཞིན་སྐྱེ་མེད་རང་གྲོལ་གྱི་དྲན་སེམས་འཁོར་བའི་བྱ་བ་ལ་མི་འཇུག་གོ །ཚད་ཕེབས་ཀྱི་དུས་ན་ཤེར་དབང་གི་ནུས་པ་རྩ་རླུང་ལ་ཐེབས་པས་ལུས་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་ཟང་ཐལ་བ་གླང་པོ་ཆེ་འདམ་དུ་ཆུད་ཀྱང་གཞན་ལ་མི་ལྟོས་པར་རང་སྟོབས་ཀྱིས་འཐོན་པ་ལྟ་བུའོ། །རྫོགས་པ་ཆེན་པོ་སྨྲ་བརྗོད་ལས་འདས་པའི་དོན་ངག་གིས་སྒྱུར་བྱེད་ལ་ཞུགས་པས་ཤེས་རབ་ཀྱི་དབང་དུ་སྙིང་རྗེ་འདུས་པའི་རྟེན་འབྲེལ་ལས་ངག་གྲུལ་བུམ་གྱི་ཕྲུ་གུ་གླུ་ལེན་པ་ལྟར་སོང་ནས་ཅི་སྨྲས་གཞན་གྱི་རྣ་བར་འཇུག་ཅིང་ཕན་ཐོགས་པའོ། །རང་ངོ་ཀ་ནས་ངག་པས་ཡེ་གྲོལ་བསྐྱར་གཞི་མེད་པའི་དོན་སེམས་ཀྱི་གནས་པ་ལ་ཞུགས་པས་འབྲུམ་ནད་བྱང་བའི་སྐྱེས་བུ་སླར་བསྐྱར་ནས་མི་ལྡོག་པ་བཞིན་ཕྱིན་ཆད་འཁོར་བར་མི་འཇུག་པར་ཐག་ཆོད་པའོ། །ཆོས་ཉིད་ཟད་པའི་དུས་ན་རྫོགས་པ་ཆེན་

(༡༠༥༡)པོ་སྐྱེ་མཆེད་ལས་འདས་པའི་དོན་གྱིས་རྔོས་པ་དག་པའི་ལུས་དུར་ཁྲོད་ཀྱི་མི་རོ་བཞིན་དུ་གཤད་མ་བརྒྱས་བསྐོར་ཀྱང་བག་ཚ་བ་ཅུང་ཟད་ཙམ་ཡང་མེད་པའོ། །རྩ་གནས་ཀྱི་ཡི་གེ་ཡེ་ཤེས་ཀྱི་རླུང་གི་དྲ་བར་ཚུད་པ་ལས་ཐེག་པའི་རྒྱལ་པོ་བརྗོད་དུ་མེད་པའི་དོན་ངག་གི་གྲག་པ་ལ་ཞུགས་ནས་བརྗོད་པ་སྟོངས་པའི་སྒྲ་བྲག་ཅའི་རྣམ་པར་སོང་ནས་ཕ་རོལ་གྱིས་རྗེས་སུ་ཟློ་བའོ། །ཚིག་དབང་གིས་སེམས་དག་པས་སྐྱེས་བུའི་སྙིང་ལ་མདས་ཟིན་པའི་རྣམ་ཤེས་ལྟར་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་རིག་པ་གདོད་མའི་ས་ལ་ན་བུན་ཡལ་བ་ལྟར་སོང་བ་ནི་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ་བའི་ཡེ་ཤེས་ལ་རང་དབང་འབྱོར་པ་ལས་བྱུང་བའོ། །ཞར་ལ་འདི་སྐད་ཅེས་བརྗོད་དེ། རང་ཤར་ལས། ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་ན་བདུད་ཀྱིས་བསླུ་བ་ངོ་ཤེས་པར་གྱིས་ཤིག །ཉམ་ང་མེད་པའི་སྤྱོད་པ་ཀློང་བརྡོལ་བའི་དུས་ན་ཤེས་རབ་

(༡༠༥༢)ཀྱི་འཇུག་ཕྱོགས་ངོ་ཤེས་པར་གྱིས་ཤིག །ཅེས་ཤེས་པའི་ཉམས་ལ་རྟགས་ཚད་ངེས་པའི་བྱེ་བྲག་མ་བྱེད་ན་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས་རྒྱུད་ལས་གསུངས་པའི་དོན་མདོར་བསྡུ་ན་བར་ཆད་བདུད་ཀྱི་རྟགས། འཕེལ་འགྲིབ་ཉམས་ཀྱི་རྟགས། མི་འགྱུར་གསང་བའི་རྟགས་གསུམ་གྱིས་སྟོན་པ་ལ། དང་པོ་ནི། དབང་པོ་རྟུལ་པོ་སྣང་བ་ལ་འཛིན་པའི་མངོན་རློམ་ཞུགས་པས་ཁ་ཚི་ཀ་ལ་སྤྱོད་ཅིང་གཏིང་མ་གཏོགས་པའི་རིགས་ཅན་འགའ་ཞིག་ལ། ལུས་སྣ་ཚོགས་སུ་སྤྲུལ་ནུས་པ་དང་། ཁ་དོག་སྣ་ཚོགས་སུ་ཤར་བ་དང་། གྲིབ་མའི་མེ་ལོང་དུ་གཟུགས་བརྙན་གཉིས་པར་འཆར་བ་དང་། གཞན་གྱིས་སེམས་ཤེས་པ་སྙམ་བྱེད་པ་ལ་སོགས་ཏེ། དེའི་ཚེ་གུ་གུལ་དང་བདུད་རྩི་ཆེ་ཆུང་གིས་མགོ་མཇུག་མེད་པར་བཀྲུ་ཞིང་། ཡན་ལག་ལ་ལྡེར་ཚོ་རྙིང་པའི་མ་དག་པ་བྱུགས་པས་ཁྲ་བོར་འོང་ངོ་། །གཞན་ཡང་བགེགས་ཡི་དམ་གྱི་གཟུགས་སུ་བརྫུ་བ་དང་། ཁྱད་པར་ཡེ་ཤེས་དག་པའི་

(༡༠༥༣)མཁའ་འགྲོ་འཇིག་རྟེན་དུ་མི་རྒྱུ་ཞིང་། སྣ་ཚོགས་ལས་ཀྱི་མཁའ་འགྲོ་མས་ནམ་མཁའ་ལས་གཟུགས་སྟོན་པ་དང་། ལུང་སྟོན་པ་སོགས་བྱེད་ཅིང་ཐུན་མོང་གི་དངོས་གྲུབ་ཞར་ལ་བསྒྲུབ་པ་ཡོད་དེ། ཡང་དག་པ་མ་ཡིན་པའི་རྟགས་སྔར་བས་ཤེས་པ་འགྱུར་ཞིང་བློའི་ཞེན་པ་ཆགས་སྡང་དང་དགག་བསྒྲུབ་རང་ཚན་པར་ཤར་ཏེ་ཆོས་དང་ཇེ་འགལ་ལ་འགྲོ་བ་ནི་བདག་ཉིད་མཁའ་འགྲོ་མའི་དབང་དུ་སོང་བ་ཞེས་བྱ་སྟེ། དེ་ལ་རང་ཤར་ལས། མཁའ་འགྲོ་མ་དག་ལུང་སྟོན་པ་བྱུང་ན་ཉམས་བལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །ཞེས་གསུངས་པས། རང་བཞིན་མེད་པའི་དོན་ལ་མཉམ་པར་གཞག་པས་མཁའ་འགྲོ་མ་བདག་གི་དབང་དུ་གྱུར་ནས་ལྟར་སྣང་གི་དངོས་གྲུབ་ཀྱི་རྗེས་སུ་ཁྲིད་ནས་བསླུ་བར་མི་ནུས་སོ། །གཞན་ཡང་སྤྱིར་ཁྲོ་བོ་བསྒོམ་པ་དང་། དྲག་སྔགས་དང་ཧཱུྃ་གླུ་བརྗོད་ཅིང་། སེམས་བསྐྱེད་སྒོམ་པས་དེ་ལས་ལྡོག་པར་འགྱུར་རོ། །གཉིས་པ་འཕེལ་

(༡༠༥༤)འགྲིབ་ཉམས་ཀྱི་རྟགས་ནི། རླུང་སེམས་འདུས་ཚུལ་གྱི་རྐྱེན་ལས་ཡིད་བརྟན་མི་རུང་བའི་ཏིང་འཛིན་གློ་བུར་དུ་སྐྱེ་བ་དང་། ནམ་མཁར་ལྷ་སྐུ་དང་འོད་སྣང་འཁྲིགས་པ་སོགས་མ་ངེས་པར་བྱུང་ན། རེས་འགའ་ཆུའི་དཀྱིལ་དུ་འདུག །ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་འཇིང་བ་ལྟེམས་ནས། ལུས་ལ་ཅན་དན་གྱི་མར་ཁུས་བསྐུ་མཉེ་བྱ་བ་དང་། བསིལ་བའི་ཁ་ཟས་རྟེན། སྐྱེ་མེད་ཀྱི་སྙིང་པོ་ཨ་ཡིག་བགྲང་བ་སོགས་པས་ཡང་དག་པའི་ལམ་དུ་སོར་ཆུད་པར་འགྱུར་རོ། །གསུམ་པ་མི་འགྱུར་གསང་བའི་རྟགས་ནི། ལུས་ཤིང་བ་ལ་ལྟར་ཡང་ཞིང་ཟོ་མདོག་བཟང་ལ་སྐྲ་དཀར་དང་གཉེར་མ་མེད་པ་དང་། སྐྲ་སེན་སྐྱེ་བའི་རྒྱུན་ཆད་པ་དང་། ལུས་ལ་རིགས་ལྔའི་ཕྱག་རྒྱ་དང་སྐུ་གཟུགས་ཡི་གེའི་རྣམ་པ་གསལ་བ་དང་། གཞོན་ཤ་ཆ་ཀས་ཤིང་སྐྲ་དཀར་ནག་པོར་འགྱུར་ནས་སོའུ་སྐྱེ་བ་སོགས་ཏེ་ལུས་ཤིན་ཏུ་སྦ་ཡངས་བའི་ཡན་ལག་ལ་དབང་ཐོབ་པའོ། །དེ་བཞིན་དུ་དག་ལ་བདེན་པ་འགྲུབ་པས་ཅི་སྨྲས་གཞན་

(༡༠༥༥)ལ་ཕན་པ་དང་། འཁྲུལ་པའི་ཚིག་མི་འབྱུང་ཞིང་ཆོས་སྣ་ཚོགས་རང་རྡོལ་དུ་ཤེས་པ་དང་། གཏམ་རྒྱུད་དང་སྒྲ་སྐད་སྣ་ཚོགས་ཤེས་པ་དང་། རིགས་དྲུག་སོ་སོའི་སྒྲ་སྐད་ཤེས་པ་དང་། ཉན་ཐོས་དང་རང་སངས་རྒྱས་བྱང་ཆུབ་སེམས་དཔའི་གསུང་ཐོས་ཤིང་དབུགས་ཕྱི་ནང་དུ་རྒྱུ་བ་མེད་པ་ལ་སོགས་པའོ། །སེམས་འབྱོངས་བས་ཟས་གོས་མི་དགོས་ཤིང་། ཏིང་ངེ་འཛིན་ལོ་ཟླར་བརྟན་པ་དང་། རླུང་གར་གཏང་དུ་འདྲོངས་པ་དང་། འདས་མ་འོངས་ཀྱི་རྣམ་རྟོག་དག་པ་ས་བྱ་བའི་ཁྲིགས་འགགས་པ་དང་། སྙིང་རྗེ་ཚད་མེད་པར་སྐྱེ་ཞིང་ཉོན་མོངས་པ་རང་རྒྱུད་དུ་མི་འཆར་བ་སོགས་མདོར་ན་བཟང་ངན་གང་ལའང་རེ་དོགས་ཀྱི་མཐར་ལྷུང་བའི་དགག་བསྒྲུབ་ཀྱི་བློས་མགོས་པ་གནད་དམ་པའོ། །གཉིས་པ་ཚད་རྨི་ལམ་གྱིས་བཟུང་བ་ནི། གསང་བ་སྒྲ་རྒྱུད་ལས། རབ་ལ་འཆར་དང་འབྲིང་གི་ཤེས། །ཐ་མ་འགྱུར་བ་ངེས་པ་སྟེ། །ཞེས་དབང་

(༡༠༥༦)པོ་རྣོན་པོ་དང་བརྩོན་འགྲུས་རབ་ཏུ་གྱུར་པ་རྣམས་ལས་དང་བག་ཆགས་ཀྱི་འབྲེལ་པ་ཆོད་པས་སྐྱེ་བ་འདི་ཉིད་ལ་འཚང་རྒྱ་བའི་རྟགས་སུ་རྨི་ལམ་དབྱིངས་སུ་དག་ནས་གཉིད་འོད་གསལ་དུ་འཆར། འབྲིང་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་སྤྲུལ་བསྒྱུར་གྱི་གོམས་པ་ངེས་པ་ལས་བར་དོར་འཚང་རྒྱ་ཐ་མ་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོ་ཤ་སྟག་ཏུ་རྨིབ་ནི་རང་བཞིན་སྤྲུལ་པར་དབུགས་འབྱིན་པའོ། །གསུམ་པ་ཐོང་པ་གསུམ་གྱི་གཟེར་ནི། སྔ་མ་ལས། ཐོབ་པ་གསུམ་གྱིས་གཟེར་བཏབ་པས། ཟག་བཅས་ཕུང་པོ་མི་སྣང་ངོ་། །ཞེས་པས་ཚིག་གིས་འགྲེལ་ཕྱོགས་དོན་གཅིག་ལ་བསྐྱར་ཟློས་ཡང་ཡང་མ་བྱས་ན་ཚི་མི་ཆད་པས། ཕྱི་སྣང་བ་ལ་དབང་ཐོབ་པས་རྐྱེན་སྣང་ཞིང་ཁམས་སུ་འཆར། ནང་སྒྱུ་ལུས་ལ་དབང་ཐོབ་པས་རྡོས་བཅས་འོད་གསལ་དུ་དག །གསང་བ་རླུང་སེམས་ལ་དབང་ཐོབ་པས་མཚམས་མེད་ལྔ་དང་ལྡན་པའི་རྣམ་པར་ཤེས་པ་ཡང་རིག་པ་གཏད་

(༡༠༥༧)པས་འདྲོངས་པའོ། །བཞི་པ་གདེང་བཞི་ནི། རིན་པོ་ཆེ་སྤུངས་པར། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཆད་ཀྱང་བཟུང་། །ཞེས་པས། ངན་སོང་གསུམ་གྱི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་རང་ངོ་གདོད་ནས་འཁྲུལ་མི་ཤེས་བའི་ཐོག་ཏུ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་ངན་སོང་ལ་བག་མི་ཚ་བའི་གདེང་། རིག་པ་གཞི་ཐོག་ཏུ་ཕེབས་པ་ལ་འཁོར་བ་མིང་ཙམ་དུའང་མ་གྲུབ་པས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདེང་། ཆོས་ཉིད་ཀྱི་གཤིས་ལ་འདི་ལྟར་གྲོལ་ནས་འདི་ཙམ་དུ་བདེའོ་སྙམ་པའི་མྱང་འདས་རང་ཚན་པ་མེད་པས་ཐོབ་བྱ་ལ་རེ་བ་མེད་པའི་གདེང་། རྒྱལ་བའི་ཁམས་ལ་ཡོན་ཏན་ཚད་མེད་པར་ཐོས་ཀྱང་རང་ངོ་རིག་པ་ལས་ཐ་དད་པའི་སངས་རྒྱས་རྒྱུ་སྤུའི་རྩེ་མོ་ཙམ་དུའང་མེད་པ་གཤིས་ཐོག་ཏུ་ཕབས་པས་དགའ་བྲོད་མཉམ་པ་ཉིད་དུ་དག་པའི་གདེང་སྟེ། རྣམ་པ་བཞིས་ཚད་དུ་བསྐྱོལ་ནས་

(༡༠༥༨)མྱ་ངན་ལས་འདས་པའི་གྲོང་ཁྱེར་དམ་པར་འཇུག་པ་ནི། རྡོ་རྗེ་སེམས་དཔའི་སྙིང་གི་མེ་ལོང་གི་རྒྱུད་ལས། མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ། འོད་དང་། སྒྲུ་དང་། གདུང་དང་། སྐུ་དང་། ས་གཡོ་བ་ལ་སོགས་པར་འབྱུང་ངོ་། །ཞེས་བཤད་པའི་སྔ་མ་ནི་ལྕེ་བཙུན་ཆེན་པོ་ཡན་གྲགས་པ་མངོན་གྱུར་པ་ཡིན་ལ། ཕྱི་མ་ནི་རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་འོད་རྣམ་པ་གཉིས་ལས་ཁྱིམ། སྒྲ་རྣམ་པ་གཉིས་ལས་འུར་རབ་ཏུ་འུར། འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡག་པའི་གཡོ་བ་

(༡༠༥༩)པ་དྲུག་ལན་བདུན་དུ་བསྒྲགས་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བའི་རྟགས་མ་ཚང་བ་མེད་པ་བསྟན་ནས་གདོད་མའི་ས་ལ་གཤེགས་པ་བཞིན་ནོ། །དོན་གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་གདམས་པའི་ངེས་འབྱེད་ནི། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། །ཅེས་རང་བཞིན། འཆི་ཀ། ཆོས་ཉིད། སྲིད་པ་སྟེ་བར་མདོའི་ས་མཚམས་བཞིར་ངེས་པ་ལས། དང་པོ་རང་བཞིན་གྱི་བར་དོ་ནི། སེམས་ཅན་གྱི་ཁམས་སྤྱི་ཚན་ལ་ཀུན་གཞིའི་སྟེང་དུ་ཉོན་མོངས་སྔ་མས་བཞག་པས་བག་ཆགས། ཕྱི་མ་བསྐྱེད་པའི་ཆ་ནས་ས་བོན། ལས་ཐ་དད་པའི་དབང་གིས་གནས་རིགས་བ་དེ་བ་དང་། སྡུག་བསྔལ་བ་དང་། བར་པ་ལ་སོགས་ཏེ་སྣ་ཚོགས་སུ་འཕེན་པའི་མཐུ་ཡོད་པས། ནུས་པ་ཞས་རྩ་བ་མ་རིག་པ་གཅིག་གིས་གཟུང་འཛིན་ཐ་དད་དུ་བསྐྱེད་པའི་འབྲས་བུ་ལས་མཐུན་གྱིས་ཆ་སོ་སོ་སྡེབས་པས།

(༡༠༦༠)སྒོས་ཚན་འགྲོ་བ་དྲུག་ཏུ་སྣང་ཞིང་། དེར་ཡང་དངོས་གཅིག་ལ་སེམས་ཅན་རང་རང་གི་ལས་ཀྱིས་དབང་ལས་ཆུ་གཅིག་པུ་ཉིད་ལའང་ལྷས་བདུད་རྩི། མིས་ཆུ། དུད་འགྲོས་བཏུང་བ། ཡི་དྭགས་ཀྱིས་རྣག་ཁྲག །དམྱལ་བས་མེ་མ་དག་གི་ཆར་དུ་མཐོང་ཡང་ཕྱི་རོལ་ནས་བདེན་གྲུབ་ཏུ་མེད་པ་ནི། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ནས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་ཁམས་གསུམ་པའི་སྣང་བ་ཀོད་པ་ཙམ་ནས་རང་བཞིན་གྱི་བར་དོར་ཆུད་པ་ལས། འདིར་རང་ཅག་འགྲོ་བ་མི་རྣམས་ནི་ཕུང་པོ་ལྔས་སྐུ་ལྔའི་སྣང་བ་ལ་བསྒྲིབས། ཁམས་དང་སྐྱེ་མཆེད་ཀྱིས་དངས་མའི་འོད་གསལ་ལ་བསྒྲིབས། ལས་དང་ཉོན་མོངས་པས་ཆོས་ཉིད་ཀྱི་སྣང་བ་ལ་བསྒྲིབས་པས་ད་ལྟའི་བདེ་སྡུག་རང་ཚན་པ་ལ་སྤྱོད་ཅིང་། ཕྱི་མའི་སྲིད་པ་འདྲེན་པ་ལས་འོས་མེད་པའི་མཚང་ཆེན་པོ་

(༡༠༦༡)འདི་ཤེས་པར་བྱས་ནས་དེ་ལས་ལྡོག་པའི་ཐབས་རང་བཞིན་གྱིས་བར་དོ་འདིར་ཤེས་བྱའི་སྒྲོ་འདོགས་གཅོད་ལུགས་དཔེར་ན་ཐི་བྱ་ནི་འདབ་ཆགས་ཅང་ཤེས་པས་དང་པོར་ཚང་འཆའ་དུས་ཙམ་ནས་མི་ལ་སོགས་པའི་གནོད་པ་ལེགས་པར་བརྟགས་ཏེ་བཙན་ས་བཅས་ཚར་ནས་ཕྱིས་ཚང་དུ་ནམ་འཇུག་ཀྱང་ཚམ་ཚོམ་མེད་པར་འཇུག་པ་བཞིན། ད་ལྟ་ཉིད་ནས་ཕྲང་དམ་པོ་ལ་བསྐྱེལ་མའི་ཉེར་བསྡོགས་བླ་ན་མེད་པ། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །ཞེས་པ་ལ་སོགས་པའི་དོན་ལ་ཡིད་རབ་ཏུ་གཞུངས་ནས་ཐོས་བསམ་གྱིས་སྒྲོ་འདོགས་ངེས་པར་ཆོད་པ་གཅེས་ཏེ། དེའང་དེང་སང་དུས་ཀྱི་རྒུད་པ་དང་སྐྱོ་བ་སྣ་ཚོགས་པས་གདུངས་པར་སྣང་བའི་ཕྱིར་ཚིག་དོན་རིན་པོ་ཆེར། སྔོན་བསྐལ་པ་བཟང་དུས་སུ་བླ་མ་ཡང་གྲུབ་ཆེན་ཤ་སྟག་བྱོན། རང་གི་ལས་འཕྲོ་དང་བླ་མའི་ཐུགས་རྗེ་དང་། མངོན་པར་མཁྱེན་པས་གནད་དུ་འགྲོ་བའི་

(༡༠༦༢)ཆོས་རང་གང་མོས་ལས་འཕྲོ་ཡོད་པ་གཅིག་པུ་དེས་གྲོལ་བ་ཡིན་ཀྱང་། ད་ལྟའི་དུས་ན་ལས་འཕྲོ་བཟང་པོའང་དཀའ་ལ། རྣམ་རྟོག་གྲངས་མང་བས་སྤྲོས་པ་གཅིག་གིས་ཆོད་པའང་སྲིད་མཐའ་མ་ཁེགས་པ་ཙམ་ལས། ཕལ་པ་ཀུན་ཐོས་བསམ་ཕྱོགས་མེད་དུ་སྤྱོད་དགོས་ཏེ། ད་ལྟའི་སྙིང་ཏིག་འདིའི་བསྟན་པའི་མཐའ་མ་མོས་པས་སྤྱོད་པའི་ས་ཞེས་བྱ་བ་ལ་སླེབ་པའི་དུས་ཏེ། ཁྱད་པར་དུ་གསང་བ་རྒྱལ་པོ་འདི་ཀུན་གྱི་རྩེ་མོ་ཡིན་པས་ཀྱང་ཐོས་བསམ་ཆེ་ལ་ཤེས་རབ་དང་སྐལ་བ་མཆོག་མ་གཏོགས་པས་འདིའི་དོན་རྟོགས་མི་སྲིད་པའི་ཕྱིར་ཐེག་པ་འདིར་འཇུག་པ་ལ་ཐོས་བསམ་ཆེ་བ་ཞིག་བསྟེན་དགོས་ཏེ། ཞེས་དང་། ལྷག་པར་སློབ་དཔོན་དེ་ལམ་མ་ནོར་བ་དགོས་ཏེ། ནོར་ན་དེས་བསྟན་ཚད་ནོར་བ་ལ་འགྲོ་བའི་ཕྱིར་དང་པོ་ཐོས་བསམ་རྒྱ་ཆེ་བ་གཅེས་སོ། ཞེས་ལྔ་བརྒྱ་པའི་འགྲོ་བ་ལ་ཤིན་ཏུ་བརྩེ་བས་གདམས་པ་ཡིན་ནོ། །གཉིས་པ་འཆི་ཀའི་བར་དོ་ནི། ཉི་ཟླ་ཁ་སྦྱོར་ལས། ཚེ་ནི་མི།

(༡༠༦༣)རྟག་འགྲོན་པོ་འདྲ། །འགྲོན་པོས་རྟག་ཏུ་སྡད་པ་མེད། །ཅེས་སྐྱེས་པ་ཙམ་ནས་འཆི་བའི་རང་བཞིན་མདུན་ནས་སྒུག་པར་སྣང་བའི་ཕྱིར། ཉི་ཟླ་ཁ་སྦྱོར་དང་མན་ངག་གི་ཡི་གེ་རྣམས་སུ་འཆི་བ་བརྟག་བསླུའི་ཡན་ལག་རྒྱས་པར་བཤད་པ་རྣམས་ཉམས་འོག་ཏུ་ཆུད་པས་གློ་བུར་གྱི་བར་ཆད་ལས་གྲོལ་བར་བྱ་ཞིང་དེར་མ་ལྟོས་པ། གང་དུ་གནས་ཀྱང་འཚབས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། ཞེས་པའི་ངེས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས་ཇི་ལྟར་བཤད་པ་བཞིན་ཐོག་ཏུ་འབབ་པའི་ས་མཚམས་ནི། འཆི་རྐྱེན་གྱི་ནད་ཀྱིས་ཐེབས་པ་ནས་ནང་དབུགས་ཁྲོག་གིས་ཆད་པ་ཚུན་ཆད་དོ། །དེའི་ཚེ་དེའི་དུས་ན་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་ལྟ་བ་ལྟ་བུའི་གདམས་པ་དགོས་ཏེ། ཁ་སྦྱོར་ལས། དེ་ཚེ་བླ་མའི་མན་ངག་རྣམས། །རང་གི་རྒྱུད་ལ་འདྲིས་པར་བྱ། །ཞེས་པས། འཆི་བའི་རྟགས་དང་གར་འཆི་ནམ་འཆིའི་རྩིས་གདབ་

(༡༠༦༤)མེད་པ་བུ་ཆུང་ལྟ་བུར་འཆི་བའི་གང་ཟག་རྫོགས་པ་ཆེན་པོར་གྱུར་པ་རྣམས་ལ་གདམས་པ་འདི་མི་དགོས་ཀྱང་། འབྲིང་གི་རབ་ཡུལ་རྐྱེན་གྱིས་མི་གནོད་པས་རྒྱ་ལམ་དང་གྲོང་ཁྱེར་གྱི་སྲང་མདོར་འཆེ་བ་སྤྲང་པོ་ལྟ་བུའི་འཆི་ལུགས་སམ། འབྲིང་ཡུལ་རྐྱེན་ལས་འདས་པར་འཆི་བ་གངས་ཁྲོད་དང་རི་ཕུག་ལུང་སྟོངས་སོགས་པར་རི་དྭགས་དང་སེང་གེ་ལྟ་བུར་འཆི་བདག་གིས་སྐུ་དང་ཡེ་ཤེས་ལ་འཇུག་པ་འོད་གསལ་སྦུབས་ འཇུག་གམ། ཡུལ་དང་གནས་ལ་འཇུག་པ་འཕོ་བའི་གདམས་པ་གཉིས་གང་ལ་འདྲིས་ཤིང་གོམས་པའི་བློའི་ནུས་པ་དང་སྦྱར་ནས་གསལ་གདབ་པའི་སྔ་མ་ནི། ཉི་ཟླ་ཁ་སྦྱོར་ལས། སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མི་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་པའི་དོན་བཞུགས་སྟངས་གསུམ་མམ། སེང་གེའི་ཉལ་

(༡༠༦༥)ལུགས་ལ་གནས་པས་ཤེས་པ་མིག་ལ་གཏད། མིག་དབྱིངས་རིག་ལ་གཏད་ནས་ཀ་དག་གི་ངང་ལ་སྤྲོ་བསྡུ་མེད་པའི་ངང་ནས་འཚོ་བའི་འདུ་བྱེད་བཏད་བས་སྐད་ཅིག་ལ་གྲོལ་བར་འགྱུར་རོ། །འདི་ལ་གསང་ལམ་ངོ་སྤྲོད་ཀྱང་བྱ་སྟེ་ཤིན་ཏུ་གནད་ཟབ་པའི་ཕྱིར་ད་ལྟའང་ནམ་མཁའ་དངས་བའི་ཚེ་རིག་པ་དབྱིངས་སུ་གཏད་དེ། བདག་ངེས་པར་འཆི་བའི་དུས་ལ་བབས་པ་ཡིན་པས་སྤྲོས་པ་མེད་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱ་བའོ་སྙམ་དུ་དབུགས་ཕྱིར་འཕངས་པའི་ཕྱི་ལ་ཤེས་པ་གཏད་མེད་དུ་འཇོག་པ་ཤིན་ཏུ་མྱུར་བའི་ལམ་ཡིན་ནོ། །ཕྱི་མ་ནི་རྒྱུད་ལས། ཡུལ་གནས་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་པ་སྟེ། །རྣམ་ཤེས་རླུང་ལ་ཞོན་ནས་སྦྱང་། །དེ་ཡང་གོང་དུ་འབྱོངས་པ་གཅེས། །རིག་པ་བསྡུ་དང་འཕངས་པ་གཅེས། །དེ་ཡང་ཧིག་གིས་འཕངས་པའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །ཅེས་པས་རླུང་ཐ་མ་ཕྱིར་འགྲོ་དུས་སྙིང་ག་ན་

(༡༠༦༦)རིག་པ་ཨ་དཀར་པོ་ཞིག་ཏུ་བསམས་པ་ཚངས་བུག་ནས་ཡར་རྒྱངས་གིས་སོང་བར་བསམ་པའི་མོད་ལ་ཧིག་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་པས་གྲོལ་ལོ། །དེ་ཡང་རྒྱུད་ཀྱི་ཚིག་ཟིན་གྱི་ཇི་ལྟར་བསྟན་པ་བཞིན་ད་ལྟ་ནས་འབྱོངས་པ་ལེགས་སོ། །གནད་དེ་ལྟ་བུ་དང་ལྡན་པ་རྣམས་ནི་ཐིམ་རིམ་གྱི་ངེས་པ་ལམ་ལྟོས་པར་བྱང་ཆུབ་སེམས་དཔའི་དབུགས་འཕོ་ལུགས་དག་གི་མྱ་ངན་ལས་འདའ་བ་ཡང་ཡོད་དོ། །འདིའི་ཚེ་ཆིག་གི་སྤྲོས་པས་གསལ་འདེབས་ན། རབ་ཏུ་བླ་མ་འམ། མེད་ན་རྡོ་རྗེའི་སྤུན་སྲིང་དམ་ཚིག་ལ་སེལ་མེད་པ་ཅིག་གིས་འདི་སྐད་དུ། ཀྱེ་རིགས་ཀྱི་པུ། ད་ལྟའི་འོད་གསལ་འདི་རང་བྱུང་གི་ཡེ་ཤེས་དངོས་ཡིན་གྱིས་འདིའི་ངང་ལ་སེམས་མ་བཅོས་པར་ཞོག་དང་། ཡར་གྱི་ཟང་ཐལ་དུ་ཁྱོད་སངས་རྒྱའོ། །ངེས་བློའི་སྤྲོས་བམ་ཞིག་ན་ཁྱེད་རང་གི་རིག་པ་ཨ་དཀར་པོའི་རྣམ་པར་ཚངས་བུ་གནས་དཔག་ཆེན་གྱིས་མདའ་འཕངས་པ་བཞིན་སོང་ལ་སྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པའི་འཇིག་

(༡༠༦༧)རྟེན་ཡོད་དེ། དེ་ན་བཅོམ་ལྡན་འདས་ན་མཁའི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོ་གཞིའི་དབང་ཡོད་ཀྱི། དབང་དེ་ཞུས་ལ་ཆོས་ཉིད་ཀྱི་གཞི་སྣང་ལ་བཞུད་ཅིག །དེའི་ཚེ་ཁྱོད་ཀ་དག་གི་ས་ལ་སངས་རྒྱ་བར་འགྱུར་རོ། །གལ་ཏེ་དེར་མ་གྲོལ་ན་ཆོས་ཉིད་བར་དོའི་སྣང་བ་ཐམས་ཅད་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །རང་ངོ་ཤེས་མ་ཐག་ཏུ་ཀ་དག་གི་དབྱིངས་སུ་བདེ་བར་གཤེགས་ཤིག །ཅེས་ལན་གསུམ་བརྗོད་ལ་རང་ཉིད་ཀྱང་མཉམ་པར་གཞག་གོ །འདི་ནི་རྫོགས་པ་རང་བྱུང་སོགས་ནས་བཏུས་པ་ཡིན་པས་མཆོག་ཏུ་འཕགས་པའོ། །དེ་ཡང་མན་ངག་ཐོབ་ཀྱང་གདེང་དང་མི་ལྡན་པའམ། ཐ་མལ་པའི་རྣམ་པ་སྤྱི་ལ་རྩ་རླུང་གི་འདུ་བའི་བྱེད་པས་ཕྱི་འབྱུང་བ་བཞི། ནང་ནམ་མཁའ་ལྔ། གསང་བ་སྲོག་ལྔ། ཡོངས་རྫོགས་རླུང་ལྷག་མ་ཉི་ཤུ་དང་བཅས་པའི་ཐིམ་ལུགས་ཕྲ་བ་རང་ཤར་གྱིས་རྒྱུད་ལས་ཞིབ་པར་

(༡༠༦༨)བསྟན་ཀྱང་། འདིར་བལ་གྱིས་རྟོགས་སླ་བའི་ཕྱིར་འབྱུང་བའི་ཐིམ་ཚུལ་དང་། རླུང་གིས་འབྲོས་ཚུལ་ན་ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་རང་ཐིམ་ནས་ལུས་ནི་ལྕི་ཞིང་ལྡང་མི་ནུས། །ལངས་ནས་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་བས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་དར་ཡན་ལག་འཕྲ། །མིག་ཀྱང་གྱེད་ལ་ལྡོག་པའོ། །རྟགས་ནི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་འགྲོ། །ཞེས་དང་། ཀློང་གསལ་ལས། འདགས་བྱེད་དོན་གྱི་རླུང་བྲོས་པས། ལུས་ནི་མི་ཐེག་སྒྱིད་པ་སྐྱུར། །ཡན་ལག་མི་འདུས་སྨྲ་བར་དཀའ། །མིག་ལྡོག་དབུགས་ནི་ཕྱི་རུ་འཕུལ། །བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས། །ལུས་རྣམས་ཁ་སྣ་བལ་དུད་ཚོགས། །ཤ་ཚ་ཁ་སྣ་གཤིན་དྲི་སྣོམ། །དངས་སྙིགས་འབྱེད་པའི་རླུང་བྲོས་པས། །བཟའ་བཏུང་མི་ལན་ལུས་སྟོབས་འཆོར། །

(༡༠༦༩)མེ་དང་མཉམ་པའི་རླུང་བྲོས་པས། །ལུས་ཀྱི་དྲོད་ནི་མཐའ་ནས་འཆོར། །ལུས་ཀྱི་བཀྲག་དང་གཟི་མདངས་ཉམས། །བསྐལ་པ་ལས་ཀྱི་རླུང་བྲོས་པས། །ལུས་ལ་ཟ་ཟི་ཕྱད་ཕྱོད་མང་། །རྩ་ཕྲན་ཁྲག་ནི་སྲོག་རྩར་འདུས། །ཞེས་དང་། དེ་ཚེ་སྣང་བ་འདི་ལྟར་འདུ། །ཕྱི་ཡི་དབང་པོ་དྲན་བྱེད་རྣམས། །མུན་སྲོད་བཞིན་དུ་འུབ་ཀྱིས་འདུ། །རིག་པ་སྙིང་གི་དཀྱིལ་དུ་འདུས། །སྨྲ་ཡང་མི་ཤེས་དྲན་པ་ཉམས། །ཞེས་དུས་དེ་ཙམ་ན་གློ་བའི་ནང་གི་རླུང་སེམས་དོན་རྟ་ལོང་བ་ལྟ་བུའི་རླུང་གིས་རིག་གདངས་ཁུར་བའི་ཆ་ལ་སེམས་ཞེས་བཏགས་པའི་ཚོགས་པ་གྱེས་ཏེ་རིག་གདངས་སྙིང་གའི་རིག་པ་མི་འཕྱེའོ་འདྲ་བ་ལ་ཐིམ། རླུང་གི་ཆམ་ལུས་པ་མིང་པ་དཀར་ནག་གི་ལམ་ནས་ཁ་སྣར་འཐོན་ཏེ། ཚུར་འོང་མི་ཤེས་པར་སོང་དུས། སེམས་དང་ཡེ་ཤེས་རྒྱབ་གྱེས་པ་ཞེས་བྱ་སྟེ་ཤི་བ་ཡིན་ནོ། །དུས་དེའི་ཚེ་རྒྱུད་ཆེན་ཟབ་མོ་ཉི་ཟླ་ཁ་སྦྱོར་གྱི་མན་ངག་རིན་པོ་ཆེ་རྣམ་པ་

(༡༠༧༠)གསུམ་གྱིས་ཕན་གདགས་པར་བྱ་སྟེ། དྲན་པ་ཉམས་པར་གྱུར་པ་དེའི་ཁ་སྣ་གསུམ་དང་རང་གི་ཁ་དང་སྣ་བུག་གཉིས་ཏེ་གསུམ་པོ་སྤྲད་ནས་རླུང་དུམ་བུ་གསུམ་དུ་འཕངས་པའི་དང་པོའི་ཚེ་ཨོཾ་དཀར་པོར་བསམ་ལ་འཕངས། གཉིས་པའི་ཚེ་ཨཱདམར་པོ། །གསུམ་པའི་ཚེ་སྟོང་པ་ཉིད་ཀྱི་ངང་ནས་འཕངས་ཤིང་། ཀུན་ལ་ཚུར་སྡུད་པའི་ཚེ་ཧཱུྃ་མཐིང་ཀའི་རྣམ་པར་ཁོའི་ཤེས་པ་ཡུལ་ལ་དྲང་བ་དང་ཆབ་གཅིག་ངག་ཏུའང་ཧཱུྃ་ཞེས་རྒྱུ་ཞབས་སྒལ་བ་ལ་བཅར་བའི་ཤུགས་ཀྱིས་དྲངས་པས་ཕ་རོལ་པོ་མིག་ཧྲིག་གིས་འབྱུང་བའང་ཡོད། དེའི་ཚེ་ཐིག་ལེ་སྟོང་པའི་སྒྲོན་མ་མཐེབ་མཛུབ་ཀྱི་སྦྱོང་བས་བསྟན་ལ། ཀྱཻ་སྐལ་ལྡན། རང་ལ་ཡོད་པའི་འོད་གསལ་འདི་ཀ་ཡིན་ཏེ། ལུས་དང་བྲལ་བའི་ཚེ་འདི་ལ་སྒོ་གསུམ་གྱི་སྒྲིབ་བྱེད་མེད་པས་ཆོས་ཉིད་ཀྱི་བར་དོ་སྒྲ་འོད་ཟེར་དང་བཅས་པའི་རྣམ་པར་རྒྱ་ཆེར་འཆར་བའང་རང་སྣང་ལས་མ་འདས་སོ། །དེ་ངོ་ཤེས་པར་གྱིས་ཤིག །ད་ལྟའི་རིག་པ་རྗེན་པ་འདི་ཀ་ངོ་བོའི་གྲོལ་ས་

(༡༠༧༡)ཡིན་པས། འདིའི་ངང་ལ་མ་འགྱུར་བར་གྱིས་ཤིག །སྣང་བ་དེ་མཐོང་ངམ། གདམས་ངག་དེ་གོའམ། ཞེས་བརྗོད་པས་སྐད་ཐོན་པའམ། བྲ་བྱུང་ཡང་ཐེབས་པ་ཡིན་ནོ། །གལ་ཏེ་ཤེས་པ་གསལ་བའི་རྟགས་སམ། དབང་པོ་རྣམས་གྲུང་པ་ཙམ་བྱུང་ན་རྣ་བར་སྨྱུག་མའམ་ཤོག་བུའི་སྦུབས་མཆུ་བཙུགས་ནས། རིགས་ཀྱི་བུ། ཅི་ལ་ཡང་མ་ཆགས་ཤིག །ཁྱོད་རྔོས་བཅས་ཤ་ཁྲག་གི་ལུས་དང་བྲལ་བས་ཆོས་ཉིད་བར་དོའི་སྒྲ་དང་འོད་དང་། ཟེར་གྱིས་སྐག་པའི་དོན་མེད་དོ། །རང་སྣང་རང་བཞིན་མེད་པར་ཤེས་པར་གྱིས་ལ་བཙན་ས་ཟུང་ཞིག །རྣལ་དུ་མི་ཕེབས་ན་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་གྱིས་ཤིག །མོས་གུས་བསྐྱེད་ཅིག་དེར་སོང་ཞིག །སངས་རྒྱས་སྣང་བ་མཐའ་ཡས་དང་ཞལ་མཇལ་བ་ལ་ཐེ་ཚོམ་མེད་དོ། །ཞེས་སྙན་པའི་ངག་གིས་བརྗོད། འདི་ནི་ཐིམ་རིམ་གྱི་མགོ་ཟིན་པ་ཙམ་ནས་བརྗོད་ཀྱང་ཤིན་ཏུ་ལེགས་པར་འགྱུར་རོ། །

(༡༠༧༢)དེ་དག་ནི་ཚང་སྤྲུགས་སུ་གདབ་པ་ཅེས་གནད་ཁྱད་པར་ཅན་ཡིན་ལ། གཞན་ཡང་ཉི་ཟླ་ཁ་སྦྱོར་ལས། མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོངས། །ཞེས་ཆོས་འདིའི་སྒོམ་མཐོང་བའི་འགྲོ་བ་ཕལ་མོ་ཆེ་བྱ་བྱེད་རྟགས་ལ་སོགས་པའི་སྒོ་ནས་སྐྱེ་གནས་ཀྱིས་ངེས་པ་གསལ་བའི་ཕྱིར་དེ་དག་གོང་ནས་གོང་དུ་འདྲེན་པའི་ཐབས་ལ་དབུགས་འགྲོ་བར་རྩོམ་པ་ནས་རྣམ་ཤེས་མ་ཐོན་པ་འདི་ཡན་ཆོད་དུ། ཁོའི་སྙིང་ནང་ན་ཨ་དཀར་པོ་བསམ། རང་གི་ཁ་དེའི་སྤྱི་གཙུག་ཏུ་གཏད་ནས། ཁོང་གི་ལོ་གྲངས་དང་བཅས་པའི་ཨ་སྙན་ལ་དལ་བ་རླུང་ཕྱིར་འགྲོ་བ་དང་བསྟུན་ནས་ཟློས་ཤིང་། དབུགས་ཁྲོག་གིས་ཆད་པ་འམ། ཆད་མ་ཐག་པའི་སྐབས་སུ་ཨ་ཉི་ཤུ་རྩ་གཅིག་བརྗོད་པས་རླངས་པ་ཕྱུ་རུ་རུ་འོད་སྟེ། སྡིག་ཅན་ཡིན་ཡང་མཐོ་རིས་སུ་འདྲོངས་ལ། བདེ་འགྲོར་འཕེན་པ་རྣམས་གོང་ནས་གོང་དུ་འདྲོངས་སོ། །གལ་ཏེ་དམྱལ་བར་སྐྱེ་

(༡༠༧༣)བའི་རྟགས་ཅན་ཡིན་ན་མར་གྱི་ཟང་ཐལ་དགག་པའི་ཕྱིར་དབུགས་དང་འབྲལ་བའི་ཆེ་ཁོའི་རྣམ་ཤེས་སྙིང་ཁར་ཨར་གསལ་བདོ་བའི་ངང་ལ་ཨ་བརྗོད་པ་དང་ལྷན་ཅིག་འོད་ལྔར་མེར་གྱིས་ཞུ་བ་དང་རང་སེམས་བསྲེས་ཏེ་མཉམ་པར་བཞག་པས་འདྲེན་པ་པོ་རྟོགས་པ་མཆོག་དང་ལྡན་ན་ཁོའི་རྣམ་ཤེས་རང་བཞིན་གྱིས་འོད་གསལ་ལ་ཡོད་པའི་ཕྱིར་དང་ཆོས་ཉིད་ཀྱི་བདེན་པ་ནང་འཕྲད་ནས་འདྲོངས་པའི་གནད་ཁྱད་པར་ཅན་ཞིག་ཡོད་པ་ཐེག་པའི་རྒྱལ་པོ་འདིའི་ཁྱད་ཆོས་སོ། །འདི་དག་གི་ཚེ་རྒྱལ་པོ་གདན་ལ་བཞུགས་པ་ལ་བློན་པོའི་སྒྱོགས་རྡོ་འཕོགས་པའི་དཔེར་བཏགས་ནས་ལུས་ཀྱི་ཁྲག་རྣམས་སྲོག་རྩར་འདུས་པའི་བྱེད་ལས། ཁྲག་ཐིགས་རིམ་པ་གསུམ་རྒྱབ་པས་དབུགས་ཀྱང་རིང་ཐུང་གི་རྣམ་པས་རིམ་པ་གསུམ་གྱིས་ཐ་མར་ཕྱི་དབུགས་ཆད། རླུང་རྣམ་པར་ཤེས་པ་ལ་ཐིམ་ནས་དར་ཅིག་རིག་པ་སྙིང་དབུས་སུ་བརྒྱ་ལ་ནས་དྲན་པ་མེད་པའི་ཚེ་ནང་

(༡༠༧༤)དབུགས་ཆད་པའི་སྐབས་ཏེ། ཀློང་གསལ་ལས། དེ་ནས་ལུས་ཀྱི་ཁྲག་འདུས་ནས། །སྲོག་རྩའི་ནང་ནས་ཁྲག་ཐིགས་རྒྱབ། ཁ་དང་མིག་གཉིས་སྐྱ་ལོག་འགྲོ། །དབུགས་ནི་ཁྲུ་གང་ཙམ་དུ་ཆད། །དེ་ནས་ཁྲག་ཐིགས་གཉིས་རྒྱབ་པས། །མགོ་ཁུགས་དབུགས་ནི་མདའ་གང་ཆད། །དེ་ནས་ཁྲག་ཐིགས་གསུམ་རྒྱབ་པས། །ཨིག་ཅིང་དབུགས་ནི་འདོམ་གང་ཆད། །དེ་ནས་ཕྱི་དབུགས་ཆད་པ་དང་། །རིག་པ་སྙིང་དཀྱིལ་བརྒྱལ་ནས་སྡོད། །དེ་ནས་ནང་གི་དབུགས་ཆད་ནས། །ཆོས་ཉིད་བར་དོ་འཆར་བ་ཡིན། །ཞེས་སོ། །གསུམ་པ་ཆོས་ཉིད་ཀྱི་བར་དོ་ནི། །ཕུང་པོ་བདག་འཛིན་གྱི་རྟེན་བོར་བས་རང་སྣང་ཡིན་ལུགས་ཀྱི་འོད་གསལ་སྣང་བ་སྟེ། དེའི་ཚེ་རང་སྣང་ལ་རང་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དགོས་ཏེ། དཔེ་ནི་མ་བུ་འབྲེལ་ཟབ་པར་མ་ཟད་ལས་ཀྱི་དབང་ལས་དུད་འགྲོར་སྐྱེས་མ་ཐག་པས་ཀྱང་རང་གི་མ་ལ་མང་པོའི་གསེབ་ནས་ཡིད་གཉིས་མེད་པར་ནུབ་བཞིན། གཞིའི་རིག་པ་ངོ་བོ་ཀ་

(༡༠༧༥)དག་ཆེན་པོ་མ་ལྟར་གནས་པ་དེ་ཁྲེགས་ཆོད་ཀྱིས་རྟོགས་ལ། དེ་ལས་གཞི་སྣང་དུ་མཆེད་པའི་རྩལ་གྱི་སྣང་བ་བུ་ལྟ་བུ་དེ་ཐོད་རྒལ་གྱིས་གོམས་པས། ངོ་བོ་དང་རང་རྩལ་གཉིས་བར་དོར་ཉི་མ་དང་ཟེར་གྱིས་རང་བཞིན་དུ་རང་སྣང་ལས་གཞན་དུ་མ་ཡིན་པར་ངེས་ཤེས་འདྲོངས་པས་མ་པང་དུ་བུ་འཇུག་པ་ལྟར་བྱེ་བྲག་ཕྱེད་པའི་མོད་ལ་བར་དོ་རང་བཞིན་མེད་པར་སངས་རྒྱ་བའོ། །དེ་ལ་གསང་ལམ་ཁྱད་པར་ཅན་འདི་ཡོད་དེ། རྔོས་བཅས་ཀྱིས་བཅིངས་པའི་ཐིམ་རིམ་ཐམས་ཅད་རྫོགས་ནས་ལུས་སེམས་འབྲེལ་པ་ཆད་པའི་གནས་སྐབས་ན། ཀུན་གཞིའི་རྣམ་པར་ཤེས་པ་དྲན་པ་དང་དྲན་བྱེད་མེད་པ་དེ་ནམ་མཁའ་ལ་ཐིམ་པའི་ཐ་སྙད་ཀྱིས་དོན་དམ་པར་ཆོས་ཀྱི་དབྱིངས་སུ་ཐིམ་པའི་སྐད་ཅིག་མ་རང་བཞིན་གྱི་འོད་གསལ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བར་འཆར་བས་

(༡༠༧༦)དེ་ངོས་ཟིན་པར་བྱས་ཏེ་གཤིས་ཐོག་ཏུ་བཅས་བཅོས་མེད་པར་བཞག་པས། གདོད་མའི་གྲོལ་གཞི་ཆེན་པོ་ཞེས་བྱ་སྟེ། འཁྲུལ་གཞི་ལས་ཁྱད་ཆོས་དྲུག་གིས་བྱེ་བྲག་ཕྱེད་པའི་ཀ་དག་གི་ནང་དབྱིངས་ཆེན་པོར་བཙན་ཐབས་སུ་གྲོལ་བ་ཡིན་ནོ། །འདིར་ཀུན་མཁྱེན་གྱིས། །ཟབ་དོན་རྒྱ་མཚོར་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབས་སུ་གྲོལ་ས་འདི་བསྟན་པ་ནི། སྐད་ཅིག་མ་དང་པོར་ཞེས་པའི་ཚིག་གི་འོག་མ་ལ་འབྲེལ་སྦྱར་ནས་བཀོད་པ་ཡིན་གྱི་རྒྱུ་མཚན་དཔྱད་པ་རྫོགས་པའི་མན་ངག་ཏུ་ཞལ་གདམས་ཀྱིས་བསྟན་པ་ཉམས་ལེན་གནད་ཀྱི་སྒྲོན་མེ་ལ་སོགས་པས་ཤེས་སོ། །ལར་རྒྱས་བསྡུས་ཀྱི་བཤད་པ་དང་། གབ་སྦས་ཀྱི་བཤད་པ་ལ་སོགས་མཐའ་དྲུག་དང་ཚུལ་བཞིས་བཅིངས་པ་དག་ལ་སྣང་བ་གདོང་གཏད་ཀྱི་ཤེས་བྱ་མི་འཇུག་པས་འདི་དག་ལ་ལུང་སྦྱོར་དང་། རིག་པའི་ཉག་ཕྲན་ཅུང་ཟད་འཕེན་པར་སྤྲོ་ནའང་འདི་ནི་མན་ངག་གི་ཡི་གེ་ཡིན་པས་དོན་ལ་རྟོན་པའི་ཆ་ནས་ཚིག་མང་པོ་ལ་འཛེམས་སོ། །དེར་མ་གྲོལ་ན་

(༡༠༧༧)ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། སྐྱེས་བུ་རྣམས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། དབུགས་ཕྱི་ནང་གི་འགྲུལ་ཐག་ཆད་མ་ཐག་ཏུ་རང་གི་དབང་པོ་རྣམས་ཀྱི་ཆ་ལས་དངོས་པོར་སྣང་བ་ནི་མེད་དེ། ཡོད་སྙམ་པའི་ཤེས་པ་ནི་འབྱུང་ངོ་། །རྔོས་བཅས་ཀྱི་ལུས་འདི་མི་སྣང་སྟེ་འོད་ཀྱི་ལུས་སུ་གསལ་ལོ། །དེའི་ཚེ་སྤྱོད་ཡུལ་དུ་གྱུར་ཚད་ཙམ་འོད་ཟེར་ལྔའི་དཀྱིལ་འཁོར་དུ་སྣང་ངོ་། །ཞེས་དེའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ནས་ཕྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཉི་ཟླ་དང་བཅས་པའི་བརྟན་གཡོའི་སྣང་བ་ནི་ནུབ། གང་དུ་བལྟས་ཀྱང་ཟ་འོག་ཁ་ཕྱེ་བ་འམ། །སེང་རས་བཀབ་པའི་མིག་ཉི་ཟེར་ལ་བལྟས་པ་བཞིན། སྣང་བ་ཐམས་ཅད་ཤིན་ཏུ་བཀྲ་བ། ཁ་དོག་སྣ་ཚོགས་པ། ཕྱི་ནང་དང་ཡང་དོག་མེད་པ། འགུལ་འཕྲིག་གི་རྣམ་པ་ཅན་རབ་ཏུ་འཚེར་བའོ། །དེའི་ཐེ་ད་ལྟ་ཐོད་རྒལ་ལ་ཇི་ཙམ་གོམས་

(༡༠༧༨)པའི་གྲོགས་སུ་གྲོལ་ལོང་ཡོད་པར་འཆར་ཞིང་། མ་གོམས་པ་དག་ལ་སྐར་མདའ་རྒྱུག་པའི་ཆ་ཙམ་ལས་མེད་པའང་ཡོད་དེ། རིག་པ་རང་ས་འཛིན་པའི་ཚུལ་རྩ་རྒྱུད་ལས། དེ་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་བཟུང་། །ཞེས་རང་བཞིན་གྱིས་བསམ་གཏན་ལ་བག་ཕེབ་ནས་སྣང་བ་མཆེད་པ་རང་སྣང་དུ་ངོས་བཟུང་བས། སྐད་ཅིག་མ་དང་པོར་རང་སྣང་རང་བཞིན་མེད་པར་ཡིད་ཆེས། གཉིས་པར་རང་ས་རུ་གྲོལ། གསུམ་པར་གྲོལ་ཐོག་ཏུ་བཙན་ས་ཟིན་པས་དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ནི། ཉི་ཟླ་ཁ་སྦྱོར་ལས། ཡང་སྐྱེས་བུའི་འོད་གསལ་དེ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། སྣང་བ་དེ་དག་སྐུའི་རྣམ་པར་རང་ཤར་སྟེ། སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ། རྒྱན་དང་། ཁ་དོག་དང་། བཞུགས་ཚུལ་དང་། གདན་ཁྲི་དང་། རང་རང་གི་ཕྱག་རྒྱ་དང་བཅས་པ་སྟེ། ཞེས་པས་ཁྲོ་བོའི་རྣམ་པར་ཤར་བའི་ཚེ། སྐུ་དེ་དག་ཀྱང་དུང་ཁང་ན་

(༡༠༧༩)ཡུངས་འབྲུའི་རྣམ་པ་ཙམ་ལས་མེད་ཀྱང་བར་དོར་འཇིག་རྟེན་གྱིས་ཁམས་ཁྱབ་པ་ཙམ་དུ་ཆེ་བ་ནས། ཡུངས་འབྲུ་ཙམ་དུ་ཆུང་བའི་བར་ཆ་མཉམ་ཞིང་། དེ་དག་ཀྱང་མགོ་བརྙན་མ་ངེས་པ་ལ་མཚོན་ཆ་སྣ་ཚོགས་པའི་འཁྲུལ་འཁོར་གྱིས་རང་ཉིད་ལ་བརྡེག་པའི་སྣང་བས་སྐྲག་པ་དང་། འབྲུག་སྟོང་ལྡིར་བ་ཙམ་དུ་ཆེ་བའི་སྒྲ་མི་བཟད་པས་སྡངས་པ་དང་། མཚོན་ཆའི་རྣམ་པར་ཟུག་པའི་ཟེར་གྱིས་འཇིག་པ་སྟེ། ཀློང་གསལ་ལས། དེ་ཚེ་སྒྲ་འོད་ཟེར་དུ་འཁྲིགས། །སྐུ་ཡིས་སྣང་བས་སྐྲག་པར་བྱེད། །ཅེས་སོ། །དེ་ལ་སེང་གེའི་གསོབ་མཐོང་བས་མཚང་ཕུགས་ནས་རིག་པ་བཞིན་རང་སྣང་ལ་བག་མི་ཚ་བའི་གདེང་དགོས་ཏེ། །ཐུན་མོང་བའི་གང་ཟག་བཟང་པོ་དག་ཀྱང་འདི་ནས་ལྡོག་པའི་ཚུལ་མན་ངག་སྙིང་དགོངས་ལས། ཀྱཻ་གསང་བའི་བདག་པོ། ད་ལྟ་ངོ་མ་འཕྲོད་ན་སྒོམ་སྒྲུབ་ཇི་ཙམ་བྱས་ཀྱང་སངས་མི་རྒྱའོ། །གདམས་ངག་དང་མ་ཕྲད་པས་འོད་ཀྱིས་འཇིགས་

(༡༠༨༠)སོ། །སྒྲས་སྡངས་སོ། །ཟེར་གྱིས་སྐྲག་གོ །གདམས་པའི་གནད་ངོ་མ་འཕྲོད་ན་སྒྲ་འོད་ཟེར་གསུམ་ངོ་མ་ཤེས་པས་འཁོར་བར་འཁྱམ་མོ། །ཞེས་སོ། །རྒྱུ་མཚན་དེས་རྣལ་འབྱོར་ཆེན་པོའི་རྒྱུད་དག་ལས་བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བའི་དོད་ཐུབ་བསྟན་མོད་དེ། དེ་དག་མན་ངག་གི་རྒྱུད་མ་ཡིན་པས་རང་བཞིན་ལྷུན་གྲུབ་ཀྱི་སྣང་ཆ་སྒྲ་ཇི་བཞིན་པ་འདི་གབ་སྟེ། རང་སྣང་ལོངས་སྐུར་ཤར་བའི་དབྱིངས་སུ་འཚང་རྒྱ་མི་ཤེས་པར་སྣང་བ་རང་ཚན་བར་འཛིན་པ་ལས་ཆེས་འཕགས་པའོ། །དེ་སྐད་དུ་ཀློང་དྲུག་པར། ཆོས་ཉིད་དག་པའི་བར་དོ་དང་། །ཡི་དམ་ལྷ་ཡི་སྒྱུ་ལུས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །དེ་བཞིན་དུ་ཞི་བའི་སྣང་བ་ནི། ཁ་སྦྱོར་ལས། སྐུ་དེ་ཀུན་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་ཚ་ན་རེ་ལ་འོད་ཀྱི་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་དང་། སེམས་དཔའ་དང་། སེམས་མ་དང་། དཀྱིལ་འཁོར་ཐམས་ཅད་གཅིག་ལ་རྫོགས་པར་གནས་སོ། །ཞེས་རིགས་ལྔ་

(༡༡༠༡)བའི་རྒྱུ་མཚན་ནོ། །སྤྱིར་བར་སྲིད་ཀྱི་ཚེ་རིང་མཐའ་ཞག་བཞི་བཅུ་རྩ་དགུ །ཐུང་མཐའ་བདུན་དུ་བཤད་པ་སྤྱི་ཚན་གྱི་དབང་དུ་བྱས་ལ། གཞན་དགེ་བའི་སྟོབས་ཀྱིས་གློ་བུར་དུ་འཕོ་བ་དང་། ལས་འགའ་ཞིག་གིས་དེ་ལས་རིང་བར་སྲིད་པའང་བཤད་པ་ཡིན་ཏེ། དཔེར་ན་ཚེ་ལོ་བརྒྱ་པ་ལ་སོགས་དུས་ཀྱི་ཚེ་ཚད་ངེས་པ་ལྟར་བཤད་ཀྱང་འདོད་པའི་ཁམས་ན་དུས་མ་ཡིན་འཆི་པའི་བས་འཚེ་བའང་ཡོད་ལ། བཅུད་ལེན་གྲུབ་བས་རིང་བོར་འཚོ་བའང་ཡོད་པ་བཞིན་ནོ། ཇི་ལྟར་ཡང་དུས་དེའི་ཚེ་ཡུར་བ་རྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་དཔེས་གང་དུ་བསམ་པའི་ཡུལ་ལ་སྐད་ཅིག་གིས་སླེབས་པའི་རྫུ་འཕྲུལ་ཡོད་པའི་དུས་དེར་ཆུས་འདིའི་སྒོ་མཐོང་བ་རྣམས་ཀྱིས་བར་མ་དོའི་ཤེས་བ་ངུས་ཟིན་པའི་མོད་ལ་ཕྱོགས་བཅུ་སྤྲུལ་པའི་ཞིང་ཡིད་ལ་དྲན་པར་བྱས་ཏེ། དེར་འགྲོ་བའི་འདུན་པ་དྲག་པོ་གཏང་པས་སྲིད་པ་བར་དོ་ལ་རང་གར་འཛིན་པའི་བག་ཆགས་དག། ཆོས་ཉིད་བདེན་པའི་བྱིན་རླབས་རྒྱུད་

(༡༡༠༢)ལ་ཞུགས་པས་སྲིད་པ་ཕྱི་མར་བརྒྱུད་བའི་ནུས་པ་ཟད་དེ། དག་པའི་ཞིང་དེ་ཉིད་དུ་སྐྱེས་ནས་འཚང་རྒྱའོ། །ཡང་ཆོས་སྒོ་འདིའི་བདེན་པ་མ་མཐོང་ཡང་རྣལ་འབྱོར་ཆེན་པོའི་སྒྱུ་ལུས་ལ་གོམས་པ་ཡོད་སྲིད་ན་ཆོས་ཀྱི་སྤྱན་ལྡན་ཤནྟ་པུ་རི་པས། གཉིད་དམ་འཆི་བའི་འོད་གསལ་ལུགས་ལྡོག་ཏུ། །སླར་ཡང་མཆེད་པ་ཀུན་གཞིའི་རྣམ་ཤེས་ལས། །ཡིད་ཉིད་གཅིག་པུར་ལངས་པས་རྨི་ལམ་སེམས། །དབང་པོ་ཀུན་ཚང་ཡིད་ཀྱི་ལུས་གྲུབ་པ། དེ་མཚུངས་སྐད་ཅིག་མངོན་བྱང་ལྔ་ལས་ནི། དང་པོའི་མགོན་པོ་ལེགས་པར་བསྐྱེད་པའི་ཚུལ། བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བར་ཤོག །ཅེས་པའི་ཚུལ་དྲན་པར་བྱ་ཞིང་། དེར་རང་དབང་མི་འདུག་པ་གང་ཞིག་སྐྱེ་གནས་ངན་པའི་རྣམ་པར་བརྟགས་ཏེ་འབྲེལ་བ་གཅད་པའི་ཚུལ། ཉི་ཟླ་ཁ་སྦྱོར་ལས། ལྷ་དང་མི་ནི་ཁ་དོག་དཀར། ཡི་དྭགས་འོད་ནི་དུ་བ་འདྲ་། དམྱལ་བ་སྡོང་དུམ་ལྟ་བུའམ། ཡང་ན་བལ་ནག་གཡེངས་བ་འདྲ་། བྱོལ་སོང་ཡང་ན་ཁྲག་བཙོ་བཞིན། ལྷ་མིན་ཁ་ཆར་

(༡༡༠༣)འབབ་པ་བཞིན། ཞེས་དང་། མགོའི་ལྟ་ཕྱོགས་ནི་དེ་ཉིད་ལས། དེ་ཚེའི་ཁ་ནི་འདི་ལྟ་སྟེ། ལྷ་དང་མི་ནི་གྱེན་ལ་ལྟ། ལྷ་མིན་བྱོལ་སོང་དེ་བཞིན་ཕྲེང་། ཡི་དྭགས་དམྱལ་བ་ཐུར་དུ་ལྟ། འདི་དག་ད་བཟོད་སྐྱེ་བའི་དབང་། ཞེས་འགྲོ་བ་དྲུག་གི་གནས་སུ་ད་བཟོད་སྐྱེ་བའི་རྟགས་འོད་དང་གཟུགས་བརྙན་ལ་སོགས་པའི་རྣམ་པ་ཅན་དུ་འཆར་བ་ནི་འདི་ལྟ་སྟེ། མཐོ་རིས་ནི་འོད་དཀར་དཔག་ཚད་ཙམ་དུ་གསལ་བ་དང་། མགོ་ཡང་གྱེན་ལ་སྟོན་ཞིང་། མ་དག་པ་ངན་འགྲོའི་གནས་ལ་ཡི་དྭགས་ལ་དུ་བ། དམྱལ་བ་སྡོང་དུམ་མམ་བལ་ནག་གསེད་བ་ལྟ་བུ། བྱོལ་སོང་ལ་ཁྲག་བཙོ། ལྷ་མིན་ལ་ཁ་ཆར་རྣམས་སུ་སྣང་ཞིང། མགོ་ཡང་ལྷ་མིན་དང་བྱོལ་སོང་ཕྲེང་། དམྱལ་བ་དང་ཡི་དྭགས་ཐུར་ལ་ལྟ་བའི་ཁྱད་པར་ལེགས་པར་བརྟགས་ཤིང་གཞན་ཡང་མངོན་གྱུར་དུ་ལྷ་མིའི་གནས་མཐོང་བའམ། དེ་བཞིན་དུ་དུད་འགྲོ་ལ་ནགས་ཚལ་དང་མཚོ་གླིང་། དམྱལ་བ་དང་ཡི་དྭགས་མོའི་འོད་ཟེར་མཛེས་

(༡༡༠༤)བ་ལ་སོགས་མདོར་ན་འདོད་པར་སྐྱེ་བ་རྣམས་ཡུལ་ལ་དགའ་གདུང་། གཟུགས་སུ་སྐྱེ་བ་རྣམས་འོད་ལ་དག་གདུང་། གཟུགས་མེད་དུ་སྐྱེ་བ་ཅི་ཡང་མེད་པའི་སེམས་གནས་ལ་དགའ་གདུང་འཆར་ཞིང་། གང་སྐྱེའི་གནས་ཡིད་དུ་ལྷག་པར་འོང་ཞིང་གདུང་བ་འཕེལ་ནས་བལྟར་ཕྱིན་པའམ། འཇིགས་སྐྲག་གི་སྣང་བས་དེད་པས་དེ་དག་ལ་སྐྱབས་སུ་མཐོང་ནས་གབ་པའི་སེམས་དར་གཅིག་ཆགས་པ་ལས་སྐྱེ་བ་ཡིན་པས། རགས་པའི་ལུས་རྟེན་མེད་པའི་རྐྱེན་གྱིས་ལུས་ཚོལ་བ་ལ་སྲེད་པ་ཇི་ལྟར་འཕེལ་ཡང་གནས་ངན་གྱི་ཀློང་དུ་མི་འཇུགས་པ་ལ་གཟབས་པར་བྱའོ། །དེ་ལྟར་སྐྱེ་གནས་ཀྱི་མ་ཚང་འདིར་མཁས་པ་དང་གྲུབ་པར་གྲགས་པའི་ཁྲིད་ཡིག་རམས་སུའང་གདོད་འཇུག་པའི་ལྟས་བཤང་མ་ཐག་པ་ཉིད་མ་བརྗོད་པར། ཞུགས་ཟིན་པའི་ལྟས་ལྷ་ལ་གཞལ་ཡས་ཁང་། ལྷ་མིན་ལ་འོད་ཀྱི་འཁོར་ལོ། །མི་ལ་ཁང་མཛེས་སོགས་བསྟན་པ་ནི་ནོར་བར་ཤེས་ཏེ་ཉི་ཟླ་ཁ་སྦྱོར་ལས། །འགལ་མེ་འམ་ནི་ཆར་པ་འམ། །དེ་

(༡༡༠༥)བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩིགས་པར་མཐོང་། །ངན་སོང་རྣམས་ནི་སྤྱི་ལ་བུའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་དུ་ཚུད་པའི་ལྟས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །ཞེས་པས་གསལ་ལོ། །འོན་ཀྱང་རྒྱ་མཚོ་སྤྲིན་ཕུང་དུ་དེ་ལྟར་གསུངས་པ་ནི་རེ་ཞིག་སྔ་རབས་པ་དག་གིས་ཡི་གེའི་རྗེས་སུ་འབྲངས་པ་སྟེ། ལར་ས་ནས་སར་འཕར་བའི་སྤངས་རྟོགས་ལ་ཁྱད་པར་ཡོད་པ་བཞིན་དཔྱད་པ་རྫོགས་པའི་མན་ངག་ཐེག་མཐོག་རིན་པོ་ཆེར་དེ་ལྟར་ཞལ་གྱིས་མ་བཞེས་པའི་ཕྱིར་རོ། །གཞན་ཡང་བཤད་ཚུལ་གྱི་ཁྱད་པར་ཁ་ཅིག་ཏུ། ལུས་འཕགས་པོར་སྐྱེ་ན་ངང་པ། སྒྲ་མི་སྙན་ཉ། །བ་ལང་སྤྱོད་དུ་གླང་། འཛམ་བུ་གླིང་དུ་མི་ཕོ་མོ་ཆགས་པ་སྤྱོད་པར་མཐོང་བས། དེ་ལ་རབ་ཀྱིས་ཆགས་སྡང་དང་མིག་སེར་སྤངས་ནས་སྣང་བ་བདེན་མེད་དུ་

(༡༡༠༦)སྦྱོང་། །འབྲིང་གིས་དབང་དུས་ཀྱི་ཉམས་ལེན་ངེས་པས་བླ་མའམ་ཡི་དམ་ཡབ་ཡུམ་དུ་སྒོམ་ནས་གསང་དབང་གི་དོན་ཉམས་སུ་མྱོང་ཞིང་ཤེར་དབང་གིས་བདེ་སྟོང་ལམ་དུ་སློང་། དེ་ཙམ་གྱི་བློ་ནུས་དང་མི་ལྡན་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གསུངས་པའི་འདོད་ཆགས་ལ་མི་གཙང་བའི་འདུ་ཤེས་དགུ་སོགས་ཞེན་ལོག་གི་གཉེན་པོ་བསྟེན་ཅིང་དག་བའི་ཞིང་ཡིད་ལ་བྱས་པས་མངལ་སྒོ་ཁགས་ཏེ་མངོན་དགའ་དང་བདེ་བ་ཅན་ལ་སོགས་པར་པདྨོའི་སྦུབས་ལས་རྫུས་ཏེ་སྐྱེ་བ་ལེན། བརྩོན་འགྲུས་ཞན་པས་དབང་པོ་ཐ་མར་བཞག་ཀྱང་། ཤེས་རབ་ཀྱི་སྒོ་ནས་ལམ་གྱི་གནད་ཤེས་པ་དག་ནི་ཁམས་དྲུག་ལྡན་གྱི་རྟེན་ལ་དངོས་གྲུབ་ཐོབ་པའི་རྟེན་ཁྱད་པར་ཅན་འཛམ་བུའི་གླིང་ལས་ཀྱིས་པའི་གཞན་འབྱོར་དམ་པ་ལྔ་དང་རང་ཉིད་འབྱོར་པའི་དཔལ་ལྔ་སྟེར་བའི་མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ཤནྟ་པུ་རི་བས། །བར་དོའི་ལུས་དེ་མ་ཡི་མངལ་དུ་ནི། །ཞུགས་ཚུལ་དང་པོ་མགོན་པོ་མི་བསྐྱོད་པའི། །སྐུ་ལས་ཞུགས་པའི་

(༡༡༠༧)རྡོ་རྗེའི་སེམས་བསྐྱེད་ཅིང་། །དེ་ལས་ལུས་དཀྱིལ་བཀོད་ཅིང་སྒོ་གསུམ་དག །བྱིན་གྱིས་བརླབས་ཤིང་སེམས་དཔའ་སུམ་བརྩེགས་སུ། བྱས་ནས་རིག་མའི་འདོད་ཡོན་རྣམ་རོལ་པའི། །ཉིན་སྣང་སྐྱེ་ཤི་བར་དོའི་གོམས་འདྲིས་ཀྱིས། །སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད་ཤོག །ཅེས་པའི་ངེས་པ་ལ་ད་ལྟ་ནས་འདྲིས་པར་བྱ་ཞིང་དུས་དེའི་ཚེ་ལས་ལ་སྦྱར་བར་བྱའོ། །ཐ་མའི་ཐ་ཤལ་ཆོས་ཀྱི་བག་ཆགས་མེད་པ་དག་ནི་རྒྱུད་ལས། དཔེར་ན་རྩ་ནི་མེ་འཛིན་དང་། །དེ་བཞིན་འདམ་གྱིས་རྫས་འཛིན་དང་། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཚིགས་པའི་རྙིས་འཛིན་ཏོ། །ཞེས་ཕ་མའི་སྙོམས་འཇུག་གིས་རྙིས་བར་སྲིད་ཀྱི་སེམས་ཅན་འཛིན་པའི་དབང་ལས་ཕོ་མོ་འཁྲིག་པ་བསྟན་པའི་མངལ་སྒོར་དབྱེར་གྱི་ཤ་རུས་ལ་སྦྲང་མ་འདུ་བ་ལྟར་བར་སྲིད་བྱེ་བ་དཔག་མེད་འཕངས་པ་ལས་དེར་སྐྱེ་བའི་ལས་ཅན་དེ་མའི་བཤང་ལམ་ནས་རང་

(༡༡༠༨)དབང་བྲལ་བར་འཇུག་པས་དེའི་ཚེ་ཞིང་དག་པར་སྨོན་ལམ་འདེབས་པ་དང་། སྐྱབས་འགྲོ་བྱེད་པ་དང་། མངལ་སྒོ་ངན་པ་ལས་ལོག་སྟེ་བཟང་པོ་འདམ་པ་འདུན་པ་བསྒྱུར་བས་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ། བླ་མ་དམ་པ་དགེ་བའི་བཤེས་གཉེན་དང་མཇལ་ཏེ་རྗེས་སུ་བཟུང་ནས་གྲོལ་བ་ཡིན་ནོ། །དེ་ལྟར་བར་དོའི་རང་བཞིན་རྣམས་ཅུང་ཟད་གསལ་བར་བཤད་པ་ནི་ད་ནི་དུས་དང་བསོད་ནམས་ཀྱིས་དབང་ལས་སྙིང་ཏིག་ལ་མོས་པས་སྤྱོད་པ་ཉུང་ཟད་ཡོད་སྲིད་ནའང་ཕྱིན་ཅི་མ་ལོག་པའི་གནས་ལུགས་རྟོགས་པ་དང་། སྐྱེ་བ་འདི་འམ། འཆི་ཁར་གྲོལ་བའི་གདེང་ཐོབ་པ་དཀོན་པར་ཤེས་ནས་འདི་དག་ཏུ་གྲོལ་བར་ཐོབ་པའི་རེ་བ་ལ་ཡིད་གདུངས་པའོ། །སྤྱི་དོན་གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པ་ནི། འདི་ལྟ་བུའི་མངོན་སུམ་འོད་གསལ་གྱི་སྒོ་མཐོང་ཡང་། མི་ཚེ་སོས་དལ་དུ་རྒ་བའི་སྙིང་རུས་ཀྱིས་ཉམས་སུ་མ་ལོངས། ལམ་གྱི་གནས་

(༡༡༠༩)སྐབས་སུ་བླ་མ་དམ་པས་མ་ཟིན་པས་ངའི་མན་ངག་འདི་གཞན་ལས་ཁྱད་པར་འཕགས་སོ་སྙམ་པའི་གློ་བ་དགའ་ཙམ་ལས་ལ་མ་རྟགས་དང་སྣང་བ་འཕེལ་བའི་ས་ཟིན་གང་ཡང་མེད། ཤེས་རབ་ཞན་པས་ཆོས་བརྒྱུད་རྫོགས་པ་ཆེན་པོར་བློ་བདེ་ཡང་གང་ཟག་རྫོགས་པ་ཆེན་པོར་མ་སོང་བས་ཆོད་ཆུང་། དེ་ལྟར་ན་མོས་པ་ཆོས་ཕྱོགས་སུ་སྤྱད་པས་མི་དགེ་བའི་འཇུག་པ་སྲབ་པས་རྨི་ལམ་དགེ་བ་ཙམ་དུ་གྱུར་པའི་ལས་ཅན་གང་ཞིག་སྲིད་པའི་བར་དོ་རྨི་ལམ་གྱི་སྣང་ཆ་ལྟ་བུར་སླེབས་དུས་ང་ཤི་འདུག་སྙམ་དུ་ངོ་ཤེས། བླ་མ་ལ་མོས་གུས་ཡོད་པ་གཞིར་བཞག་ནས་དེ་ཉིད་དྲན་པ་ལས་དེས་གསུངས་པའི་གདམས་པ་དྲན་པར་གྱུར་ཏོ། །སྔོན་དུ་ཆོས་ཉིད་ཀྱི་བར་དོ་ངོས་མ་ཟིན་ཅིང་བདེན་སྟོབས་མ་རྙེད་པས་སྲིད་པ་བར་དོར་ཁ་འཁྱལ་བ་དེ་ངོ་ཤེས། ད་ནི་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པ་ཙམ་ལས་ཆོས་ཉིད་ཀྱི་བྱིན་རླབས་ཀྱིས་

(༡༡༡༠)ཞིང་ཁམས་དེར་པདྨའི་སྦུབས་སུ་རྫུས་ཏེ་སྐྱེ་བའི་ཚུལ། ཉི་ཟླ་ཁ་སྦྱོར་ལས། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན། ཞེས་པས་གདམས་ངག་གབ་པ་ནི་ཅི་ཡང་མེད་དེ་བྱ་སླ་ལ་ཆོད་ཆེ་བ་ཡིན་ནོ། །དེ་ལ་ད་ལྟ་ནས་མནན་ངག་སྟོན་པའི་བླ་མ་ལ་གདུང་བ་ཡོད་པ་དང་། ཉིན་དུས་རང་སྣང་མངོན་སུམ་ལ་ལྟ་བ་དང་། མཚན་མོ་གཉིད་དུ་འགྲོ་ཁར་ཡང་ང་འཆི་བ་ཡིན། ཐིམ་རིམ་ངོ་ཤེས་པར་བྱས་ཏེ་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་དང་བཅས་སྤྲུལ་པའི་ཞིང་གི་བཀོད་པ་དང་ཡོན་ཏན་ལ་ལྟ་བའི་ངང་དུ་ཉལ་ཞིང་། ཐུན་བར་དག་ཏུའང་གོང་དུ་བཤད་པའི་རྣམ་ཤེས་རླུང་ཞོན་གྱིས་རྩལ་འབྱོངས་པ་ཞིག་ནི་ངེས་པར་དགོས་པས་འཁོར་བ་དང་ངན་སོང་ལ་འཇིགས་པ་འགའ་ཙམ་ཡོད་ན་དེ་དག་ལ་སྙིང་གཏམ་དུ་བྱས་པའོ། །དེ་ལ་རང་བཞིན་སྤྲུལ་པའི་ཞིང་གི་ཡོན་ཏན་བཤད་པ་ནི་འདི་ལྟ་སྟེ། རིག་པ་རང་ཤར་ཆེན་

(༡༡༡༡)པོའི་རྒྱུད་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་མངོན་པར་དགའ་བ་ཞེས་བ་བ་ཡོད་དེ། སྤྲུལ་པའི་སྐུའི་ཞིང་ཁམས་དེ་ན། སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དམ་པ་ཐོབ་པའི་གནས་དེ་ན། གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ། བལྟ་ན་སྡུག་པ། ཐེམ་སྐས་དང་། སྐར་ཁུང་དང་ལྡན་པ། སྒོ་བཞིན་སེང་སྐར་ཆེན་པོ་བཞི་ཡོད་པ། སེང་སྐར་ནས་ཉི་མ་འཆར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷག་པར་འཆར་བའོ། །གཞལ་ཡས་ཁང་དེའི་ཕྱི་རིམ་ན། ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ་དེ་ལ་

(༡༡༡༢)ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་པ་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རིམ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ནའང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེའང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་། འཐིང་རིལ་དང་། བྱ་ཀ་ཏི་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁུ་བྱུག་དང་། ཤང་ཤང་ཏིའུ་དང་། རི་སྐེགས་དང་། དེ་ལ་སོགས་ཏེ་བྱ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང་། སྤ་བ་དང་། ཟེར་མོ་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱི་རུའི་མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ། ཡིད་དུ་འོང་བ་དང་། སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱིས་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་འཆད་པའི་སྟན་

(༡༡༡༣)དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ། སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་གསང་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རེངས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དེ་ཡང་ཞག་རེ་ལ་ཆོས་ཐུན་བཞི་བཞི་འབྱུང་ངོ་། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ། ལོ་ཡང་ལྔ་བརྒྱ་ལྔ་བཅུ་ཐུབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ན་ནད་མེད་པས་མཆོག་ཏུ་བདེ་ལ། བྱུང་སྲིད་ནའང་ཆུ་ཡན་ལག་བརྒྱད་དང་ལྡན་པ་དེ་འཐུངས་པས་ནད་སེལ་ཏོ། །མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་ཆེར་བྱེད་པ་ཤ་སྟག་གོ། །གཞལ་ཡས་ཁང་དེའི་ཟུར་བཞི་ན། མུ་ཏིག་ལས་བསྐྲུན་པའི་མཆོད་རྟེན་བཞི་ཡོད་དེ། དེ་བཞིའི་བར་ན་དྲིལ་

(༡༡༡༤)བུ་གཡེར་ཁའི་དྲྭ་པའི་ཐག་པས་སྦྲེལ་ནས་ཡོད་དོ། །ཐེག་པ་དེ་རླུང་གིས་བསྐྱོད་པ་དང་དྲིལ་བུའི་སྒྲ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་ངོ་། །ཕྱོགས་བཞི་ན་དར་སྣ་ཚོགས་ཀྱི་བ་དན་བཞི་ཡོད་དེ། །དེ་རླུང་གིས་བསྐྱོད་པ་ལས་དྲི་ཞིམ་པ་སྣ་ཚོགས་འབྱུང་ངོ་། །གཞལ་ཡས་ཁང་དེ་ནི་ཤར་ཕྱོགས་ན་དཔག་ཚད་ལྔ་བརྒྱ་འདས་པའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་དང་ལོངས་སྤྱོད་མཉམ་པ་ཤ་སྟག་གོ། ཤར་ཕྱོགས་ཀྱི་སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །ཞེས་པས་ཕྱོགས་གཞན་གསུམ་གྱི་བཀོད་པ་དང་ཚེ་ཚད་དང་། ལོངས་སྤྱོད་ལ་སོགས་པའི་ཁྱད་པར་ཅུང་ཟད་མ་གཏོགས་ཤེས་པར་འགྱུར་ལ། རྟེན་དང་བརྟེན་པའི་མངོན་བརྗོད་ཀྱི་ཁྱད་པར་གཞན་ནི་ཨ་ཏི་བཀོད་པ་ཆེན་པོ་ལས། དཔལ་དང་ལྡན་དང་པདྨ་བརྩེགས་པ་དང་། །ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང་། །རིན་ཆེན་འབྱུང་ལྡན་པདྨ་གར་དབང་རྟ། །དོན་ཡོད་གྲུབ་

(༡༡༡༥)པས་ཤེས་བྱའི་སྒྲིབ་པ་སྦྱོང་། །དཀར་སེར་དམར་དང་ལྗང་ཁུའི་ཁ་དོག་གསལ། །ཞེས་དང་། དེ་དག་གི་དབུས་ན་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོའི་ལྷ་ཚོགས་ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་པར་བཞུགས་པའི་ཚུལ་ཡང་རང་ཤར་ལས། ཞིང་ཁམས་དེ་དག་གི་མདུན་གྱི་བར་སྒྱུང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་གཞལ་ཡས་ཁང་འདི་ལྟ་བུ་ཡོད་དེ། ཐོད་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། ཐོད་པ་སྐམ་པོས་འབྲས་བུ་བྱས་པ། ཤར་རི་ཡོད་པས་རྩིག་པ་བྱས་པ། བྷནྡྷ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དང་དཔངས་སུ་དཔག་ཏུ་མེད་དེ། །གནམ་ལྕགས་ཀྱིས་གཟེར་བཏབ་པ། རཀྐའི་ཞམ་ཆུ་འབབ་པ། ཉི་ཟླའི་ཀ་གདན་བྱས་པ། ཆུ་སྲིན་ཁའི་ཀ་གཞུ་བྱས་པ། ལྷ་ཆེན་པོ་བརྒྱད་གདུང་དུ་བྲེས་པ། མཆོག་ཆེན་པོའི་གྲབ་བཏང་བ་ཡོད་དོ། །ཉིན་མོ་རླུང་

(༡༡༡༦)འཚུབས་པ། མཚན་མོ་མེ་འབར་བ། གཞལ་ཡས་ཁང་དེའི་གྲུ་བཞིན་ཞིང་ཆེན་གྱི་གདུགས་ཕུབ་པ། ལྷ་མོ་ལྔ་གར་བྱེད་པ། ས་གཞི་ཐམས་ཅད་ཀྱང་རཀྐའི་དཔའ་ཀློང་འཁྲུག་པའོ། །གཞལ་ཡས་ཁང་དེའི་ནང་ན་བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ། ཐུགས་ཞི་བ་ལས་མ་གཡོས་ཀྱང་། སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ། མཁའ་འགྲོ་མ་དང་། ཁོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་དེ། དེ་ཡང་འདི་ལྟ་སྟེ། མཁའ་འགྲོ་མ་སུ་རྣ་ཉེ་བར་ཞི་དང་། ཚངས་པ་དུང་མགྲིན་ཅན་དང་། དྲང་སྲང་ཟླ་འོད་གཞོན་ནུ་དང་། ཡང་འཁོར་གྱི་མཁའ་འགྲོ་མ་ཨེ་ཀ་ཙ་ཏི་སྤུན་དྲུག་དང་། དེའི་བྲན་མོ་བཅུ་བཞི་དང་། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་། ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་ཏེ། མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །བཅོམ་ལྡན་འདས་དེའི་ཐུགས་ལས་སྤྲུལ་པའི་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། ཁྲོ་བོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པས་

(༡༡༡༧)བསྐོར་བ། དགའ་རབ་རྡོ་རྗེ་ལ་སོགས་ཏེ་མིའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །འཁོར་རྣམས་ལ་འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ཞི་བ་སྤྲུལ་པའི་སྐུའི་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བར་བྱེད་པ། ཐམས་ཅད་ཀྱང་ཁྲོ་བོའི་གཉེར་མ་དང་ལྡན་པ་ཤ་སྟག་གོ། གཞལ་ཡས་ཁང་དེ་ནི་ཤིན་ཏུ་ཡངས་པ་དང་ལྡན་པའོ། །ཞེས་སོ། འདི་ལྟར་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་བཞིན་དུ་བཀོད་པས་ན་རང་བཞིན་སྤྲུལ་པའི་ཞིང་ཁམས་ཞེས་བྱ་ལ། ལས་འཕྲོ་ཅན་ལས་དེ་ཉིད་མངོན་དུ་སྣང་བའི་རྒྱུ་ནི་ཁམས་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་ཀྱི་སྙིང་ཁ་ན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་རང་གསལ་བའི་གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྒོ་ལོངས་སྐུའི་ཕྱོགས་བཞིན་དུ་གདོད་མ་ཉིད་ནས་ལམ་གྱི་སྣང་བར་ཡོད་པའི་རང་བཞིན་

(༡༡༡༨)དུ་གསལ་བ་ལ་ཤར་ལ་སོགས་པའི་བརྡས་བཏགས་པ་ཉིད་ཐུན་མོང་བ་ཁ་ཅིག་ལྟར་ཕྱོགས་གཤེད་ན་ཡོད་པར་ནི་མི་བལྟའོ། །དཔག་ཚད་ཀྱི་ངེས་པ་བཤད་པས་འགལ་ལོ་སྙམ་ན། ཞིང་ཁམས་དེ་དག་ཁམས་གསུམ་པའི་ཆོས་ཉིད་ལས་རྒྱང་རིང་པོ་ཉིད་དུ་འཕགས་པས་དེ་སྐད་བཤད་པས་སྒྲ་ཇི་བཞིན་པ་མ་ཡིན་ལ་དེ་བཞིན་དུ་ཁྲོ་བོའི་དཀྱིལ་འཁོར་སྟེང་ན་བཞུགས་པའང་དུང་ཁང་དུ་ཁྲོ་བོའི་ལྷ་ཚོགས་ཡེ་ནས་བཞུགས་པའི་རྣམ་ཆ་ལས་ཤར་བ་ཡིན་ནོ། །དེ་ཡང་སྤྱིར་རང་བཞིན་ཞེས་པའི་སྒྲས་གནས་པའི་རང་བཞིན་སྤྲུལ་པ་དང་། བགྲངས་པའི་རང་བཞིན་གཉིས་སུ་ཕྱེ་བ་འདི་ཉིད་གོ་དོན་སློངས་ཆེ་སྡེ། སྔ་མའི་ཚུལ་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བ། །དཔེར་ན་རང་དང་གཟུགས་བརྙན་བཞིན། །ཞེས་འབྲས་བུའི་ལོངས་སྐུ་བྱད་ལྟ་བུ་ལས་ཆོས་ཉིད་ཀྱི་ལོངས་སྐུ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟ་བུ་སེམས་ཅན་ཐམས་

(༡༡༡༩)ཅད་ལ་བར་དོའི་ལམ་དུ་སྣང་བ་དེས་གདུལ་བྱའི་དོན་དངོས་སུ་བྱེད་པའི་ཕྱིར་ཕྱེད་སྤྲུལ་ལོངས་སྐུའི་རྣམ་པར་བཞག་ལ། ཕྱི་མ་ནི་ཕ་རོལ་ཏུ་ཕྱིན་པའི་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའི་སྣང་བ་དེ། རང་ལམ་གྱི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་གསུང་ནི་ཐོས་ལ། ཤེས་བྱའི་སྒྲིབ་པས་བསྒྲིབས་པས་སྐུ་ནི་མི་མཐོང་སྟེ། སྐུ་ནམ་མཐོང་བ་ན་ཤེས་བྱའི་སྒྲིབ་པ་ཟང་ནས་སངས་རྒྱ་བར་འདོད་པའི་ཕྱིར་རོ། །གྲུབ་པའི་མཐའ་འདི་འཛིན་པ་རྣམས་ཀྱིས་ཤེས་པར་བྱ་བའི་གནས་གཅིག་ཏུ་ཡོད་པས་དེང་བདག་ཉིད་ཀྱི་འདུན་སར་རྫོགས་པ་ཆེན་པོའི་བསྟན་པའི་སྣང་བ་ཉི་ཞུར་ཙམ་སྣང་བའི་ངེས་བརྗོད་དུ་བྱས་པ་སྟེ། འདི་ཙམ་གྱི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་འབྲས་བུའི་ས་ལ་ལེགས་པར་སྦྱོར་བའི་སྡོམ་ཚིག་བསྟན་ཟིན་ལ། རང་བཞིན་གྱི་རྣམ་པར་གཞག་པ་དབྱིངས་ཕྱིན་པའི་མཐའ་ལ་རེག་པར་འདོད་པའི་ཤེས་རབ་ཅན་

(༡༡༢༠)ཡོད་ན། དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གནས་གང་ཡིན་པ་དོན་བཟང་པོ། །ཚིག་འབྲུ་བཟང་པོ། །འདྲེས་པ་ལ་སོགས་ཏེ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་པར་ཡོངས་སུ་ཚང་བས་བྱིན་གྱིས་རླབས་པའི་བཀར་རྩོད་པ་མེད་ཅིང་། རེ་ཞིག་བོད་ཡུལ་འདི་ན་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་གཞུང་ལྟར་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་ཞིང་དགོངས་འགྲེལ་རྒྱ་མཚོའི་རྩེ་མོར་ཕྱིན་པས་ལུས་ཅན་མ་ལུས་པ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་ཁྲིད་པའི་རྣམ་གསུམ་ཤིང་རྟ་དགོངས་འགྲེལ་དང་བཅས་པ་དང་། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛོད་ཆེན་པོར་དོན་དམ་པར་ལྷུན་གྱིས་གྲུབ་ཅིང་། ཞར་ལ་ཐེག་པའི་རྒྱལ་པོར་འཁུ་བའི་སྐལ་བ་ངན་པའི་རི་དྭགས་དང་། ཀླ་ཀློའི་གྲུབ་མཐའ་ལུང་དང་རིག་པའི་མཚོན་ཆས་ཚར་གཅོད་པ་ལ་ཆོས་ཀྱི་གྲགས་པའི་བརྟུལ་ཞུགས་

(༡༡༢༡)མ་སླད་པས་རིན་པོ་ཆེ་སྣ་བདུན་གྱི་ངེས་ཚིག་བཟང་པོས་ལེགས་པར་བསྲུངས་བ་དག་ལས་ཤེས་པར་བྱ་བ་ཁོ་ནའོ། །ཞེས་རང་གི་སློབ་མའི་ཚོགས་ལ་གདམས་པའོ།། །།ཉི་ཟླ་ཇི་བཞིན་འཕགས་པའི་ལམ་གྱིས་རྗེས་སུ་འགྲོ་བའི་བློ་གྲོས་དྲི་མ་མེད་པ་གང་། །ལེགས་གསུངས་ཡོན་ཏན་མཆོག་ཏུ་རྒྱ་ཆེའི་དོན་འབྲས་འདིར་མཆིས་ཨུ་དུམ་ཝ་རའི་མེ་ཏོག་བཞིན། །འདི་ཐོས་རང་བཞིན་ལེགས་པར་ཤེས་ནས་ཀླུ་དབང་གཙུག་གིས་ནོར་བུ་ལྟ་བུར་འཛིན་པའི་རིགས། །རྫོགས་པ་ཆེན་པོའི་སྣོད་མཆོག་ཉིད་དོ་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔར་གྲགས་པ་ཅན། །འདི་སྣང་བདེ་སྡུག་གདེངས་ཀས་བརྩེན་ལ་ཕྱི་མའི་འཇིག་རྟེན་བལྟར་མི་མངོན། །བདག་འཛིན་ནགས་ཚལ་ཤིན་ཏུ་སྟུག་པོར་ཀུན་འབྱུང་གཉིད་དུ་གཡུར་བ་ཅན། །སྲིད་པའི་འཁོར་ལོ་གང་དུ་འཁྱིལ་བས་གྲོང་ཁྱེར་བཞི་ཡིས་ཆུ་བོ་ལ། །བརྒལ་བའི་ཕ་མཐས་

(༡༡༢༢)།ཐུག་པ་མ་ཡིན་འཁོར་བས་བསྡུས་པའི་རྣམ་རྟོག་ཅན། །སྣ་ཚོགས་སྡུག་བསྔལ་ཕྲག་པར་ལྕི་ཡང་བྲེད་དུ་མ་ཚོར་ངམ་པའི་མགོན་དང་མཛའ་བ་མིན། །མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་ཀྱི་མིག་ནི་ཟླ་བས་གདུངས་པའི་པདྨོ་བཞིན། །དཔལ་དང་འབྱོར་པའི་སྣ་ཞགས་རིང་པོའང་སླད་ཀྱི་སྲིད་པ་བག་ལ་ཉལ་དུ་འགུགས་པའི་རྟེན། སུ་ཞིག་གླང་པོའི་རང་བཞིན་ཤེས་ནས་དམ་ཆོས་སྒྲུབ་པ་མི་ཡི་ནང་ན་ཁྱ་མཆོག་གོ །ཞེ་སྡང་ལྟ་བུའི་སྡིག་པ་ཡོད་མིན་སྲོག་གིས་ཅི་བྱེད་བཟློག་བརྩོན། །བཟོད་དང་མཚུངས་པའི་དཀའ་ཐུབ་ཅི་ཞིག་འདི་ནི་བྱང་ཆུབ་སེམས་དཔའི་ལམ། །དམིགས་པ་མེད་པའི་ཤེས་རབ་ལ་སོགས་ཕྱིན་དྲུག་སྤྱོད་པའི་གྲོགས་དང་བཅས། །ཤིན་ཏུ་ཞི་བའི་ནགས་སུ་འགྲོ་བ་སྐྱེས་བུ་ཆེན་པོའི་ངང་ཚུལ་ལགས། །གང་ན་སྐྱེ་བོས་ཀུན་ནས་སྟོངས་པའི་བྲག་རིའི་ཁང་བཟངས་བཀོད་ལེགས་ཤིང་། །ནགས་ཚལ་མེ་ཏོག་འབབ་ཆུའི་སྒྲ་བཅས་བདག་ལ་སྐྱོ་བ་བསྐུལ་བ་བཞིན། །བྱ་དང་རི་དྭགས་ཁྲོ་བ་མེད་གང་

(༡༡༢༣)ཚངས་པའི་གནས་པ་བཞི་ཡི་རྟེན། །སྲོག་དང་བཅས་པའི་ལུས་ནི་དེར་གཡོ་རང་དོན་མངོན་པར་བྱང་ཆུབ་ཤོག །ཞིང་རྡུལ་མཉམ་པའི་འགྲོ་འདིའི་ཀུན་རྟོག་རྒྱ་མཚོ་ཆེན་པོའི་རྡུལ་ཇི་བཞིན། །དེ་སྙེད་འདུལ་བའི་ཆོས་ཚུལ་རྒྱ་མཚོར་བདག་གི་ཕྲིན་ལས་དཔལ་འབར་ནས། །སེམས་ཅན་མ་ལུ་སྨིན་པར་བྱེད་པས་རྒྱལ་བ་རྒྱ་མཚོ་མཉེས་བྱས་ཏེ། །སླར་ཡང་གདོད་མའི་ནང་དབྱིངས་རྒྱ་མཚོར་སྙེལ་བ་མེད་པར་འཇུག་གྱུར་ཅིག །ཚུལ་འདི་ཀོང་སྨྱོན་དཔའ་བོའི་དབང་ཕྱུག་སོགས། །དམ་པའི་རིགས་ཅན་འགའ་ཡིས་སྔོན་བསྐུལ་ཡང་། །རེ་ཞིག་སྤེལ་བའི་དུས་ལ་མ་བབས་པ། མཁའ་འགྲོ་རྒྱ་མཚོས་ཀློང་གི་རྒྱ་བསྡམས་སོ། །ནམ་ཞིག་སྔགས་ཀྱི་བདག་མོའི་ཡང་སྤྲུལ་ནི། །ཞིང་སྐྱོང་ཌཱཀྐིས་དབང་མོ་ཚེ་རིང་མས། །ཧི་ཧིའི་བཞད་སྒྲ་གཡོ་བའི་ལུང་བསྟན་བཅས། །ཆོས་འདིས་འགྲོ་ལ་ཕན་པའི་གཉེར་བླང་ཞིང་། །འཆི་མེད་

(༡༡༢༤)རི་བོའི་སྲོ་ན་མངོན་མཐོ་ལ། །བསྟན་མཁས་ཡོན་ཏན་རྫོགས་པའི་བསྟན་འཛིན་རྗེས། །རིན་ཆེན་ཤེལ་གྱི་ཕྲེང་བ་བརྒྱ་རྩ་དང་། །གསེར་གྱི་མེ་ཏོག་བཅས་པའི་བཀས་བསྐུལ་ནས། །བྱང་ཆུབ་ལྗོན་པའི་ནགས་ཁྲོད་ཚེ་རིང་ལྗོངས། །གང་ན་པདྨའི་ཐུགས་རྗེ་ཉེར་བསྟེན་པ། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པས་བཀོད། །སྲིད་མཚོར་དུབ་པའི་མགྲོན་པོ་དབུགས་འབྱིན་ཕྱིར། །བར་སྣང་ཟླ་བ་རྫིང་བུར་ཆས་བ་རླུང་གིས་ཤིན་ཏུ་གཡོ་བ་གང་། །བྱིས་པ་རྣམས་ནི་དེ་དང་དེར་འཛིན་རྒན་པོས་བྱེ་བྲག་ཕྱེད་པའི་གཏམ། །ཟླ་བ་གཡོ་མིན་རླུང་གིས་བསྐྱོད་པའི་ངེས་པ་བརྗོད་ནས་ཟླ་བའི་དངོས། །བདེན་གྲུབ་སྨྲ་བ་དེ་ཡང་རྫོགས་པའི་བྱང་ཆུབ་ཆོས་ལ་ཡོད་མ་ཡིན། །དེ་ཕྱིར་ལྟ་བའི་སྙིགས་མར་གྱུར་པའི་སེམས་ཅན་སེམས་ཀྱི་གཞན་དབང་ཅན་ཡང་ཆོས་འདིའི་སྒོ། །མཐོང་བའི་མོད་ལ་ཚུལ་མིན་ཡིད་བྱེད་འཇིག་ལྟའི་རི་བོ་ཉེ་བར་ལེན་བཅས་ཞིག་གྱུར་ཏེ། །ཆོས་དང་གང་ཟག་གཉིས་ཀའི་ལྟོས་གྲུབ་བསམ་

(༡༡༢༥)གྱིས་མི་ཁྱབ་རྫོགས་པ་ཆེན་པོའི་དབྱིངས་ཞི་ནས། །ལྔ་བརྒྱའི་ཐ་མར་ཤིན་ཏུ་བསྲུང་དཀའི་རྒྱལ་བའི་འཕྲིན་ལས་ཆུད་མི་གསན་པའི་བཀྲ་ཤིས་ཤོག །རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་སྐུ་བཅར་གནས་ཆུང་ཆོས་རྗེ་ལགས་དང་། སྤྲུལ་སྐུ་རྣམ་གཉིས་ཀྱི་གཅོས་པས་དངུལ་སྲང་ཉི་ཤུ་རྩ་བཞི་དང་ཞོ་བཞི་སྐར་ལྔ། ཚེ་འདས་ན་རོང་ཤག་གི་མཚེ་རིང་སྒྲོལ་དཀར་དང་། བུ་མོ་སྒྲོལ་མ་ཚེ་རིང་གཉིས་ཀྱི་དགེ་རྩར་དངུལ་སྲང་ཉི་ཤུ་རྩ་གཅིག་དང་སྐར་ལྔ་བཅས་ཀྱི་བར་དུ་བསྐྲུན་པའི་དགེ་བས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་ཀུན་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡིས། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །བཀྲ་ཤིས།། །།

(༡༡༢༦)

(༡༡༢༧)ཀློང་ཆེན་སྙིང་གི་ཐིག་ལེ་ལས། རྡོ་རྗེ་ཐེག་པའི་སྨིན་གྲོལ་ལམ་གྱི་རིམ་པ་ལས་འཕྲོས་པའི་མན་ངག་གི་རྒྱབ་རྟེན་པདྨ་དཀར་པོ་ཞེས་བྱ་བ་བཞུགས། །

(༡༡༢༨)བདེ་གཤེགས་སྙིང་པོ་འགྲོ་བའི་ཁམས་ལ་ཏིལ་མར་བཞིན་དུ་ཁྱབ་གདལ་ཡང་། །གློ་བུར་སྒྲིབ་གཉིས་རྟག་ཏུ་མི་བཟོད་བྲལ་བྱའི་ཚུལ་དུ་ནོགས་པ་དག །ཅིག་ཆར་སེལ་བའི་ནུས་མཐུ་ཚད་མེད་རྡོ་རྗེའི་ཐེག་པ་ལས་གཞན་མིན། །དེ་ཡི་རང་བཞིན་རྣམ་པར་དཔྱོད་མཁས་ཀུན་མཁྱེན་གྲུབ་དབང་ཚོགས་ལ་འདུད། །འཕགས་ཆོས་དུ་མའི་ནོར་གྱིས་ཡོངས་ཕྱུག་ལ། །དབང་རྣོན་མཆོག་གི་གདུལ་བྱའི་ཐབས་ཀྱི་ལམ། །སྨིན་གྲོལ་རྒྱ་མཚོའི་བར་ལ་བརྒལ་བ་འདི། །རིག་འཛིན་རྣལ་འབྱོར་དེད་དཔོན་

(༡༡༢༩)དམ་པའི་སྲོལ། །ཤེས་རབ་གསུམ་གྱི་མེ་ལོང་ཕྱིས་པའི་དོགས། །ཆོས་ཀྱི་གླེང་མོ་བྱེད་པའི་བཞིན་བཟང་མས། དྲི་ཚིག་བརྡ་ཐབས་གླིང་བུ་འབུད་པའི་ཚེ། །མཆིད་ལན་ཀ་ལ་པིང་ཀའི་དབྱངས་སུ་ལེན། །མི་ཆོས་གཙང་མ་བཅུ་དྲུག་གི་ཐ་གྲུ་ཡངས་པའི་ཞིང་ས་ལ། ལྷ་ཆོས་དང་ནོར་གཏོང་བའི་མྱུ་གུས་ཡོངས་སུ་བསྲུངས་ཤིང་། ཐོས་བསམ་སྒོམ་པའི་སྙིང་པོ་ནོ་པི་ཀ་ལ་གཅིག་ཏུ་གཞོལ་བའི་ལོ་འབྲས་ཀྱེས་དུད་ཅིང་དམ་པའི་རྣམ་ཐར་བཟང་པོ་དང་ལྡན་པ་གང་གི་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་གྱི་གནད་

(༡༡༣༠)དང་དེ་ལ་ཕར་ཕྱིན་གྱི་བགྲོད་འགྱུར་རྩི་ཚུལ་ཇི་ལྟར་གྱི་དྲི་བ་ཆེད་དུ་མཛད་པའི་ཆ་ལ་འོ་སྐོལ་གྱིས་སྲིད་པ་འདི་ལ་རིག་གྲྭ་སོགས་བརྒལ་བརྟག་རྩོད་པའི་འཁོར་ལོའི་གྲར་མཆི་མ་མྱོང་བར། རྡོ་རྗེ་ཐེག་པའི་དབང་དང་སྙམ་བརྒྱུད་ལས་བྱུང་བའི་ཡེ་ཤེས་ཁོང་ནས་དོན་བརྒྱུད་བཟུང་ཏེ་ཀུ་སུ་ལུའི་སྒྲུབ་པ་ལ་གཞོལ་བ་ལགས་ཚེ། རྒྱ་ཆེའི་བཤད་ཡམས་ཀྱིས་སྨྲ་བར་མ་སྤོབས་ཀྱང་། ཀློང་གསལ་རིག་པའི་རྩལ་གྱིས་སྣང་བ་དཔེ་ཆར་ཤར་བའི་གོ་ཡུལ་གྱི་ལམ་དུ་གཞལ་ན། སྤྱིར་རྒྱུ་མཚན་ཉིད་ཀྱི་ཐེག་བས་བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་ཀུན་རྫོབ་སྔོན་དུ་སང་ནས་དོན་དམ་རྟོགས་པར་འདོད་ཅིང་། དེ་ཡང་ལམ་དུས་སུ་ཚོགས་གཉིས་ལ་མཉམ་རྗེས་རེས་འཇོག་ཏུ་གྱུར་པས་ས་ལམ་གྱི་བགྲོད་

(༡༡༣༡)པ་ལ་བསྐལ་པའི་བར་དུ་ཐོགས་པར་བཤད་པ་ཉིད། རྡོ་རྗེ་ཐེག་པའི་སྐབས་སུ་རྗེས་དཔགས་གཏན་ཚིགས་ལ་མ་ལྟོས་པར་དབང་ལས་བྱུང་བའི་ཡེ་ཤེས་སྐད་ཅིག་མས་རང་གནས་ཀྱི་ཡེ་ཤེས་མངོན་སུམ་བཙན་ཐབས་སུ་ངོ་སྤྲད་དེ་སྒོམ་པས་སྤང་གཉེན་རང་གྲོལ་དུ་དག་ནས་ས་ལམ་ཚིག་རྫོགས་ཡེ་གྲོལ་ཡིན་ལ། དེ་ལྟར་ནའང་ཕར་ཕྱིན་གྱི་རྗོད་བྱེད་ལམ་ལྔའི་གོ་དོན་མ་ལྷོངས་ན་བརྗོད་བྱའི་དོན་ལ་རྨོངས་པར་འགྱུར་བས་འདི་ལྟར་ཁོ་བོའི་བླ་མ་ཀུན་མཁྱེན་ཀློང་ཆེན་པས། ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་གཙོ་ཆེར་སྤྱོད་པས་ཚོགས་ལམ། རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ། ཆོས་ཉིད་དངོས་སུ་མཐོང་བས་མཐོང་ལམ་

(༡༡༣༢)མཐོང་ཟིན་སྒོམ་པར་བྱེད་པས་སྒོམ་ལམ། བསླབ་བྱ་མཐར་ཐུག་ནས་སྒོམ་དུ་མེད་པས་མི་སློབ་པའི་ལམ་ཡིན་ལ་མཐོང་ལམ་ནས་ཕྱོགས་རེ་མཐོང་བའི་རྩལ་ཇེ་ཆེར་འཕེལ་བས་ས་དང་པོ་རྩིས་ཏེ། སྒོམ་པའི་ལམ་དུས་བཅུ་རིམ་ཅན་དུ་བགྲོད་པས། དེ་ཡང་ནང་གསེས་སུ་ས་བདུན་པ་རིང་དུ་སོད་པ་མན་ཆད་ལ་མ་དག་པའི་ས་དང་། བརྒྱར་པ་མི་གཡོ་བ་ནས་བཟུང་དག་ས་གསུམ་དུ་བརྩི་ཞིང་། མི་སློབ་པའི་ལམ་ནི་རང་བཞིན་ཅི་ཡིན་པ་མངོན་སུམ་དུ་གཟིགས་པས་སངས་རྒྱས་ཀྱིས་ཁོ་ནར་ངེས་ལ། ལམ་དེ་དག་གི་བྲལ་བྱའི་དྲི་མའི་དཔེ་ཡང་ཨཱརྱ་མཻ་ཏྲིས་རྒྱུད་བླ་མར་དཔེ་རྣམ་པ་དགུས་བསྟན་པ་ནི་གཞུང་འགྲེལ་ཆེན་པོ་རྣམས་སུ་བརྟག་པར་བྱ་ལ། དེ་སྐད་དུ། ས་བདུན་ལ་བརྟན་དྲི་མ་ནི། །མངལ་སྦུབས་བྲལ་འདི་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། །མངལ་སྒྲུབ་དྲི་མ་དག་དང་མཚངས།

(༡༡༣༣)བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱི་གཞོམ་བྱ་ཡིན། །ཞེས་བཤད་པ་ལྟར་འདི་དག་གི་རང་བཞིན་དབྱིས་ཕྱིན་པ་ནི་རྗོད་བྱེད་ཀྱི་ཚིག་ཉུང་དུས་དཔོགས་པར་མི་ནུས་པས་བདག་ཅག་གི་བསྟན་པ་ཡོངས་རྫོགས་ཀྱི་གྲུབ་མཐའ་ཇི་ལྟར་འདོད་པའི་ཞེ་ཕུག་སུ་ཡིད་བརྟན་འཆའ་རུང་བ་དཔལ་བསམ་ཡས་པ་ངག་གི་དབང་པོའི་བསྟན་བཅོས་སྤྱི་དང་། ཁྱད་པར་གྲུབ་མཐའ་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཞི་པ་ལ་བརྟག་པར་བྱ་ལ། སྒོམ་ཆེན་པ་ནི་བཤད་ཡམས་དང་རྟོག་དཔྱོད་ལ་གཙོ་བོར་མི་བྱེད་པས་དོན་གྱི་སྙིང་པོར། ས་ལམ་གྱི་ཡོན་ཏན་དང་སྤངས་རྟོགས་མཐར་ཕྱིན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་གནས་སྐབས་སུ་ཚོགས་བརྒྱད་ཀྱི་འཛིན་པས་བཅིངས་ཏེ་མངན་མ་ནུས་པ་ཙམ་ལས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མ་ཞུགས་པ་འགའ་ཡང་མེད་ལ། དེའི་དཔེ་ནི་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་སྟོང་གསུམ་དར་ཡུག་ཆེན་པོས་དཔེས་གསལ་བར་བསྟན་པ་བཞིན་ནོ། །དེ་ཉིད་རང་གནས་སུ་ཡོད་ཀྱང་རྒྱལ་རིགས་ཀྱི་བུ་རྒྱལ་སར་

(༡༡༣༤)དབང་བསྐུར་བ་བཞིན་རྡོ་རྗེ་ཐེག་པའི་སྐབས་འདིར་སྨིན་གྲོལ་གྱི་གསང་ལམ་ཟབ་མོའི་བརྡ་ཐབས་རྟེན་འབྲེལ་གྱིས་གསལ་བར་བྱེད་པ་སྟེ། གླང་པོ་ཆེ་ཆུར་འཇུག་གི་རྒྱུད་ཕྱི་མ་ལས། །འགྲོ་བའི་སེམས་ཉིད་རང་རིག་འོད་གསལ་དོན། །སངས་རྒྱས་མ་བཅོས་ལྷུན་གྲུབ་གནས་པའི་རྒྱུ། །དོན་གསལ་སྨིན་ཅིང་གྲོལ་བའི་ལ་མ་ཞུགས་ནས། །འབྲས་བུ་རང་རྒྱུད་གསལ་བར་མཐོང་བ་ཡིན། །ཞེས་དང་། དེ་ལ་དང་པོར་དབང་གིས་བདག་པོའི་རྐྱེན་རྡོ་རྗེ་སློབ་དཔོན་ཁོ་ན་ལས་གཞན་དུ་མ་ཡིན་པས་དཔོན་སློབ་ཀྱི་འབྲལ་བ་བརྟག་པ་གལ་ཆེ་སྟེ། ཨོ་རྒྱན་ཆེན་པོས། བླ་མ་མ་བརྟགས་གཡང་མཆོད་འདྲ། །སློབ་མ་མ་བརྟགས་དུག་འཐུངས་འདྲ། །ཞེས་པས་རྟེན་འབྲེལ་གྱི་རྩ་བ་འདི་ནས་མ་འཕྱུགས་པར་དགས་པའི་ཕྱིར་དེའི་རང་བཞིན་བརྟག་པ་ལ། སློབ་དཔོན་གྱི་མཚན་ཉིད་ནི། རང་ཤར་གྱི་རྒྱུད་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །རང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལ་ཡེངས་པ་མེད། །རྫོགས་

(༡༡༣༥)ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་གསུངས་པ་ལྟར་ལས་འདིར་མཚན་ཉིད་དྲུག་ལྡན་ཞེས་པ་འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བ་སྟེ། ཡོན་ཏན་དེ་དག་རྫོགས་པ་ཞིག་དགོས་པར་གསུངས་ལ། གལ་ཏེ་གཞན་དུ་འདི་ནི་སྤྲུལ་གཞི་ཕུན་སུམ་ཚོགས་པའོ། །འདི་ནི་གོས་བླ་ན་མེད་པའོ། །འདི་ནི་འཇིག་རྟེན་མཐུན་འཇུག་གི་བཀུར་པའི་ཡུལ་དམ་པའོ། །ཞེས་པ་ལ་སོགས་པའི་གསོབ་ཏུ་ཞུགས་པ་ཙམ་གྱིས་ནི་མ་ཡིན་ཏེ། རྒྱུད་དེ་ཉིད་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེང་བ་དང་། །གསང་སྔགས་དོན་ལ་མི་

(༡༡༣༦)དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དགལ་ལན་མི་ཐེབས། །ཐས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཅེས་གསུངས་པའི་ཕྱིར་བདུད་ལྟ་བུ་དང་མ་འཕྲད་པར་བྱའོ། །དེ་བཞིན་དུ་སློབ་མའི་མཚན་ཉིད་ཀྱང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེད་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེད་ངེ་དུང་དེ་བརྩེ་དུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་བ་ཇི་བཞིན་སྤྱོད། །ཅེས་པ་ལ་སོགས་པས་མཚོན་ཏེ་མདོར་ན་གསང་སྔགས་སྟོན་པའི་སློབ་མ་དེ་པཎ་ཆེན་ནཱ་རོ་དང་། མི་ལ་བཞད་པ་རྡོ་རྗེའི་དཔེ་ཟླར་འོས་པ་ཉིད་དོ། །དེ་ལྟ་བུའི་དཔོན་སློབ་ཀྱི་རྟེན་འབྲལ་བ་རྟག་པ་སྔོན་དུ་སོང་ནས་དབང་དང་གདམས་པའང་བཙན་ཐབས་སུ་མི་ཞུ་བར་ལོ་ཟླ་མང་པོའི་སྔ་རོལ་ནས་སྙན་གསན་དབབ་ཅིང་། དུས་ལ་བབས་ན་གནས་ཡོལ་

(༡༡༣༧)སོགས་པའི་རྟེན་ཅིང་འབྲེལ་འབྱུང་ཐམས་ཅད་ཚུལ་བཞིན་དུ་ཚོགས་པར་བྱས་ལ་ཟབ་མོའི་དབང་ནོད་ཅིང་། དེའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པས་དུས་གཞན་དུ་ཟས་སྐོམ་ལ་སོགས་པ་བྱེ་བའི་བསྙེན་བསྐུར་ལས་འདིར་སྣ་རེ་ཕུལ་བ་ཚོགས་ཆེ་བར་བཤད་ཅིང་། དེ་བཞིན་དུ་དབང་རྟེན་ཁྱད་པར་ཅན་ལ་བྱིན་ནའང་དཔའ་བོ་དང་དཔའ་མོ་ཐམས་ཅད་དེ་ལ་རྟེན་བཅས་ཏེ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་པ་ཡིན་པས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བ་སྟེ། ཚུལ་དེ་དག་ནི་རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཡིན་ཞིང་། རང་ངོས་ལ་སྐུ་དངོས་ཀྱི་རྗེས་སུ་བཟུང་བའི་ཐུགས་རྗེའི་ཆ་ནས་ལྷག་པའི་གོ་དོན་ཀྱང་ལྷོངས་པ་ཡིན་ནོ། །དེ་ལྟར་རྒྱུ་རྐྱེན་ཕུན་སུམ་ཚོགས་པས་གོ་ཕྱེ་ནས་དངོས་གཞི་དབང་གི་ངོ་བོ་ནི། སྒྲ་ཐལ་འགྱུར་གྱི་རྒྱུད་ལས། སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་

(༡༡༣༨)ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་གསུངས་པའི་དབང་བཞིའི་ཁོངས་སུ་དོན་དབང་ཡོངས་སུ་རྫོགས་པ་འདུལ། །གཞན་དུ་ན་གསར་རྙིང་གི་རྒྱུད་སྡེ་དང་མན་ངག་སོ་སོའི་དགོངས་པས་དབྱེ་བསྡུའི་ཁྱད་པར་གྱི་རིམ་པ་ནི་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱིར་ནུས་པ་འཇུག་པའི་དབང་བཞི་པོའི་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་དང་དག་པ་སྦྱར་བའི་ཚུལ་ནི། ཕྱི་ལྟར་དུ་དུས་བཞི། ནང་ལྟར་དུ་ལུས་ངག་ཡིད་དེ་ཚོགས་པ་བཞི། གསང་བ་ལྟར་དུ་གཏི་མུག་དང་། །ཞེ་སྡང་དང་འདོད་ཆགས་དང་། ཆ་མཉམ་པ་བཞི་སྦྱང་གཞི་ཡིན་ལ། སྦྱོང་བྱེད་ནི། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་སྟེ་བཞིས་སྦྱངས་པས། དང་པོ་བུམ་དབང་གིས་ལུས་འཁྲུལ་རྟོག་རྩ་ཡིས་བཅིངས་པའི་དྲི་མ་སྦྱངས་ཏེ་ཚོགས་ལམ་བཅུ་གཉིས་རྫོགས་པའི་རྟེན་དང་སྐུའི་ནུས་པ་འཇུག་ཅིང་ཁྱད་པར་རྣམ་སྨིན་གྱི་རིགས་འཛིན་ཐོབ་པའི་རྟེན་བྱེད་ལ། དེའི་དམ་ཚིག་ནི། མཉམ་གཞག་ཏུ་ཟབ་གསལ་གཉིས་སུ་མེད་པའི་བསྐྱེད་རིམ་སྒོམ་ལ། རྗེས་ཐོབ་ཏུ་སྤྲུལ་པ་

(༡༡༣༩)སྒྱུ་མ་ལྟ་བུའི་སྣང་ཞེས་ལྷའི་ཕྱག་རྒྱ་ལས་མི་བདའོ། །བཟའ་བའི་དམ་ཚིག་ནི། གཙང་དམེའི་གཉིས་རྟོག་བསལ་ནས་ཤ་ལྔ་བདུད་རྩི་ལྔར་བསམས་ནས་ལོངས་སྤྱོད་དོ། །བཅའ་བའི་དམ་ཚིག་ཏུ་རྡོར་དྲིལ་མཚན་ཉིད་དང་ལྡན་པ་རང་བཞིན་ཤེས་པའི་ངང་ནས་འཆད་ངོ་། །བསྲུང་བའི་དམ་ཚིག་ནི་སྣང་གྲགས་རིག་གསུམ་དཀྱིལ་འཁོར་གསུམ་གྱི་རྣམ་རོལ་དུ་རྩལ་སྦྱད་ངོ་། །གཉིས་པ་གསང་དབང་གིས་ངག་འཁྲུལ་རྟོག་རླུང་གིས་བཅིངས་པའི་དྲི་མ་སྦྱངས་ཏེ་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་དང་གསུང་གི་ནུས་པ་འཇུག་ཅིང་ཁྱད་པར་ཚེ་དབང་རིགས་འཛིན་ཐོབ་པའི་རྟེན་བྱེད་ལ། དེའི་དམ་ཚིག་ནི་མཉམ་གཞག་ཏུ་ཆགས་བྲལ་གཏུམ་མོ་ཙཎྜ་ལི་དང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་འཇུག་གོ །རྗེས་ཐོབ་ཏུ་ཤེས་རབ་ཡེ་ཤེས་ཀྱི་མེའི་ངོ་བོ་ཨ་ཐུང་གི་དྲོད་ལ་སེམས་འཛིན་ནོ། །བཟའ་བཏུང་གི་དམ་ཚིག་ནི་བྱང་སེམས་དཀར་དམར་གྱི་རང་བཞིན་དུ་ལོངས་སྤྱོད་དོ། །བཅང་བའི་དམ་ཚིག་བགྲང་ཕྲེང་དང་བྷན་དྷ།

(༡༡༤༠)མཚན་ལྡན་ནོ། །བསྲུང་བའི་དམ་ཐིག་དོན་དམ་བྱང་ཆུབ་ཀྱི་སེམས་མཆོག་མི་ཉམས་པར་སྲུང་ངོ་། །གསུམ་པ་ཤེར་དབང་གིས་རགས་པ་ཚོགས་བདུན་དང་ཕྲ་བ་འཁྲུལ་རྟོག་ཡིད་ཀྱིས་བཅིངས་པའི་དྲི་མ་སྦྱངས་ཏེ་མཐོང་ལམ་རྫོགས་པའི་རྟེན་དང་ཐུགས་ཀྱི་ནུས་པ་འཇུག་ཅིང་། ཁྱད་པར་ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ་པའི་རྟེན་བྱེད་ལ། དེའི་དམ་ཚིག་ནི་མཉམ་གཞག་ཏུ་རྩ་འབྱོངས་རླུང་ཆུན་ཐིག་ལེ་དག་སྟེ་སྲོག་རྩོལ་གྱི་ནུས་པ་ལ་དབང་སྒྱུར་ནུས་ནས་བླ་མའི་གནང་བ་ཐོབ་པའི་ཚེ། དངོས་སམ། ཡིད་རིག་ལ་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམ་པར་འཇུག་གོ །རྗེས་ཐོབ་ཏུ་བདེ་སྡུག་བཟང་ངན་གྱི་སྣང་ཆ་ཐམས་ཅད་བདེ་སྟོང་ཡེ་ཤེས་ཀྱི་འཁོར་ལོར་རྩལ་སྦྱང་ངོ་། །བཟའ་བའི་དམ་ཚིག་ཏུ་སྙོམ་འཇུག་དག་བཞིའི་རྣམ་རོལ་ཆེན་པོར་ལ་བཟླའོ། །བཅང་བའི་དམ་ཚིག་ནི་ཀུནྡ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྲོག་ལས་གཅེས་པར་བཟུང་ངོ་། །བསྲུང་བའི་དམ་ཚིག་ནི་ཤེས་རབ་མི་མོའི་རིགས་ལ་ལོག་ལྟ་སྐད་ཅིག་མ་ཙམ་ཡང་སྤང་ངོ་། །བཞི་པ་ཚིག་དབང་རིན་པོ་ཆེས་ཀུན་གཞི་ཤེས་བྱའི་དྲི་མ་སྦྱངས་ཏེ་སྒོམ་ལམ་ས་དགུ་

(༡༡༤༡)རྫོགས་པའི་རྟེན་དང་རང་བྱུང་འོད་གསལ་གྱི་ནུས་པ་འཇུག་ཅིང་ཁྱད་པར་ལྷུན་གྲུབ་རིགས་འཛིན་ཐོབ་པའི་རྟེན་བྱེད་ལ། དེའི་དམ་ཚིག་ནི་མཉམ་གཞག་ཏུ་བློ་འདས་ཁྲེགས་ཆོད་ཀྱི་དོན་ལ་ཡང་དག་གི་དགོངས་པས་བལྟ་ཞིང་། རྗེས་ཐོབ་ཏུ་དབྱིངས་རིག་དབྱེར་མེད་རྡོ་རྗེ་ལུ་གུ་རྒྱུད་ཀྱི་གནད་ལ་གཟིར་ཞིང་བཞུགས་སྟངས་གསུམ་དང་མ་བྲལ་བར་བྱའོ། །བཟའ་བའི་དམ་ཚིག་ནི་སྟོང་ཉིད་གསལ་བྱེ་བྲག་དབྱེ་ན་རིག་རྩལ་དབང་གི་ལམ་ཁྱེར་ཡིན། ཁྱབ་ཆེན་པོའི་དགོངས་པར་ལ་བཟློས་པས་ཆོས་ཉིད་ལ་ཆོས་ཉིད་ཀྱིས་རོལ་ལོ། །བཅད་པའི་དམ་ཚིག་ནི་རྡོ་རྗེ་སེམས་དཔའི་མེ་ལོང་མཚན་ཉིད་དང་ལྡན་པའོ། །བསྲུང་བའི་དམ་ཚིག་ལ་མེད་པ་གཅིག་པུ་ཕྱལ་པ་ལྷུན་གྲུབ་ལ་སོགས་ཏེ་མཐར་བསྲུངས་མཚམས་དང་བྲལ་བར་བལྟའོ། །དེ་ལྟར་ལམ་བཞིས་བགྲོད་པས་སྦྱངས་འབྲས་ནི་སློབ་བྱ་མཐར་ཐུག་ནས་མི་སློབ་པའི་ས་སྟེ་དབྱེ་ན། བུམ་དབང་གིས་སྟོབས་བཅུ་མི་འཇིགས་རྣམ་བཞིའི་ནུས་པ་མངའ་བ་མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལྟ་བུ། གསང་དབང་གིས་ངེས་པ་ལྔ་

(༡༡༤༢)དང་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ཞིང་གི་སྟོན་པ་ལྟ་བུ། ཤེར་དབང་གིས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་དྲི་མ་མཐའ་དག་དང་བྲལ་བའི་རྟོགས་པ་མཐར་ཕྱིན་པ་ནམ་མཁའ་ལྟ་བུའི་ཆོས་སྐུ། ཚིག་དབང་གིས་རྫོགས་པ་ཆེན་པོའི་ནང་གསལ་གཞོན་ནུ་བུམ་སྐུ་དང་རྣམ་དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུ་སྟེ། དེའི་རང་བཞིན་ནི། ཐུན་མོང་ཐེག་པ་ལྟར་ན། མངོན་རྟོག་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དང་། །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་དང་། དེང་སང་ཆོས་སྐུ་དང་ངོ་བོ་ཉིད་སྐུའི་རྣམ་དབྱེ་ཕྱེད་བ་ཉུང་སྟེ་ཁྱད་པར་ནི། །དབྱིངས་དག་མཉམ་སྟོང་པ་སྐུ་རྣམས་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་ཀྱི་སྐུ་དང་། ཡེ་ཤེས་སྤངས་རྟོགས་མཐར་ཕྱིན་པ་རིག་པའི་ངོ་བོ་སྟེ་མཚན་ཉིད་ཉི་ཤུ་རྩ་གཅིག་ནི་རྟོགས་པ་ཡེ་ཤེས་ཀྱི་ཆོས་ཀྱི་སྐུར་འགྱུར་ཏེ། ཀུན་མཁྱེན་གྱིས། སངས་རྒྱས་ཀྱི་ཡེ་ཤེས་ཡིན་པ་གང་ཞིག་དབྱིངས་རིག་མཐར་ཐུག་མངོན་དུ་གྱུར་པའི་ཕྱིར་རོ། །ཞེས་

(༡༡༤༣)དབྱེ་བ་ཕྱེ་བ་ཡིན་ནོ། །དེ་ལྟར་སྨིན་བྱེད་དབང་གིས་མཚམས་དང་དག་སྦྱོར་འདི་ཙམ་དབང་བཞི་ཁོ་ནའི་སྤྱི་དོན་རྩ་བར་བཞག་ནས་མདོ་ཙམ་སྙིང་པོར་དྲིལ་ཏེ་བརྗོད་ཀྱིས། དེ་ལས་དག་བྱ་དག་བྱེད་ཀྱི་འགྱུར་གྱི་རྣམ་པར་ཕྱེ་ནས་དབང་བསྒྱུར་ཐབས་ཀྱི་ཐེག་པའི་དབང་གིས་རྣམ་ཡར་དབྱེ་བ་བསམ་གྱིས་མི་ཁྱབ་པ་དང་ཚུལ་མཚུངས་པར་ས་བཅུ་དྲུག་ཏུ་སྤར་ཏེ་རྫུ་འཕྲུལ་བརྒྱ་ཐམ་པ་དང་རིགས་འཛིན་བཞིའི་ས་མཚམས་སྦྱར་བ་།ཐུན་མོང་གི་ཡོན་ཏན་དུ་བཤད་ནས། མཐར་ཐུག་འབྲས་བུ་མགོན་བོ་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་ཀྱི་འཁོར་ལོའི་ཡོན་ཏན་རྫོགས་པ་ལས་བྱུང་བ་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་ཐམ་པ། ཡེ་ཤེས་ཀྱི་དབྱེ་བ་དྲུག་བརྒྱ་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་བརྒྱ་དང་ཉི་ཤུ་ལ་སོགས་པའི་རྣམ་དབྱེ་དང་དབྱེ་བསྡུ་ནི་ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ཀྱི་རིམ་ཁང་དྲུག་པ་ལ་དཔྱད་པར་བྱ་ཞིང་། འདི་ཙམ་ཞིག་གིས་རྡོ་རྗེ་ཐེག་པའི་བསྟན་པ་ཐོ་ཅོ་འུད་སྐད་ཙམ་གྱི་ནུབ་རིའི་མལ་དུ་གཟིམས་པའི་སྐབས་འདིའི་

(༡༡༤༤)གཏི་མུག་ཅན་དག་ག་ཉིད་ལས་སློང་བའི་རྐྱེན་ཙམ་དུ་གྱུར་ན་ཅི་མ་རུང་སྙམ་ནས་ཟློས་པའོ། །འོ་ན་དེ་ལྟར་དབང་བསྐུར་བ་ཙམ་གྱིས་ས་ལམ་ཀྱི་ཡོན་ཏན་དེ་དག་མངོན་དུ་འགྱུར་རམ་ཞེ་ན་དེ་ནི་མ་ལགས་ཏེ། འགྲོ་བའི་ཁམས་ལ་རྡོ་རྗེ་བཞིའི་རིགས་གནས་པ་དབང་བཞིའི་ནུས་པས་སད་པར་བྱེད་པའི་ཕྱིར་དུ་སྟེ། དེ་ཡང་དབང་རྣོན་མཆོག་གི་གདུལ་བྱ་དག་རབ་རྡོ་རྗེ་དང་། རང་བྱུང་པདྨ་ཨིནྡྲ་བྷཱ་ཏི་ལ་སོགས་པ་ནི་དཀྱིལ་འཁོར་གྱི་བདག་པོ་ཉིད་ཐུན་མོང་གདུལ་བྱའི་སྣང་ངོར་ལམ་ལ་འཇུག་པའི་ཚུལ་བསྟན་པ་ཙམ་ཡིན་ཕྱིར་རང་བྱུང་ཐོས་གྲོལ་དུ་གྱུར་ཀྱང་། གང་ཟག་རིམ་གྱིས་པ་ལ་ནི་དེ་ལྟའི་རིག་པ་མི་འགྲོ་སྟེ། དེའི་ཕྱིར་སྐབས་འདིར་ཡང་གྲོལ་བ་དོན་དུ་གཉེར་བ་ཞིག་ཡིན་ཕྱིན་ཆད། དབང་ནོད་པའི་ལམ་སྟེན་གྱི་བླ་མ་དེ་ཡང་གཙོ་བོར་རང་རིག་ཡེ་ཤེས་ཀྱི་དགོངས་པ་ཚད་དུ་ཕྱིན་པའི་གྲུབ་ཐོབ་ཞིག་དང་། གདུལ་བྱ་སློབ་མའི་རང་བཞིན་ཡང་བསྐལ་པ་མང་པོ་ནས་ཚོགས་བསགས་པའི་བསོད་ནམས་ཀྱི་རྒྱབ་འཁྱོར་བའི་གང་ཟག་མོས་གུས་ཅན་ཞིག་འཛོམ་པ་ཁོ་ན་ཁག་ཆེ་ལ། དེ་ལྟ་བུའི་བླ་སློབ་ཀྱི་རྟེན་འབྲེལ་འཛོམ་ན་བླ་མས་

(༡༡༤༥)དགོངས་པ་གཏད་པ་ཙམ་གྱིས་གྲོལ་བ་མང་སྲིད་དེ། དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་བརྡ་བསྟན་པ་ཙམ་ཀྱིས་སྡེ་གསུམ་ཀློང་དགུའི་མན་ངག་ཐུགས་ལ་ཆུད་དེ་རྟོགས་གྲོལ་དུས་མཉམ་དུ་གྱུར་བ་དང་། ཏེ་ལོས་ནཱ་རོའི་དབུ་ལ་མཆིལ་ལྷྭམ་བརྡབ་པས་གྲོལ་བ་ཐོབ་པའི་ལོ་རྒྱུས་ལྟ་བུ་སྟེ། དེ་ལྟ་མ་ཡིན་ཡང་རྐྱེན་མོས་གུས་ཀྱིས་བྱས་ཏེ་རིམ་གྱིས་གྲོལ་བ་ཐོབ་ནས་ཚེ་གཅིག་ལ་སོགས་པར་སངས་རྒྱ་བར་ནུས་ལ། གལ་ཏེ་དེ་ལྟ་བུའི་བླ་སློབ་ཀྱི་རྟེན་འབྲེལ་འཛོམ་པ་ཞིག་མ་བྱུང་ན་མིག་གེ་མོ་དང་། དུད་འགྲོ་ཆེ་གེ་མོའི་སྐྱེ་སྤྲུལ་གྱི་སྟོང་སྒྲ་ལ་སོགས་པའི་རིག་འཛིན་གྱི་ཞལ་ཚབ། བསྟན་པའི་སྲོག་ཤིང་ལ་སོགས་པའི་མཚན་སྙན་པོའམ། སྡེ་སྣོད་དང་རྒྱུད་སྡེའི་གསན་རྒྱ་དཔག་ཏུ་མེད་པ་ལ་སོགས་པའི་སྐུ་བསོད་ཅན་ལ་བཅར་ཏེ། བཀྱིལ་འཁོར་ཕྱར་བའི་རྒྱ་ཁྱོན་ལ་འགྲན་བཟོད་པ་ཙམ་བཞེངས། བྷ་ལིང་རི་རབ་ལྟར་སྤུངས། རིན་ཐང་ཅན་གྱི་དབང་རྫས་དང་བཅས་ཏེ་བུམ་པས་མོག་མོག་མཛད་པ་དང་། བདུད་རྩིས་སྒྲུབ་ཁང་ཁེངས་པ་

(༡༡༤༦)ཙམ་བྱིན་ཡང་ཡེ་ཤེས་འཕོ་བྱ་འཕོ་བྱེད་ཀྱིས་གདོད་ནས་སྟོངས་པའི་ཕྱིར་སློབ་མའི་ཤེས་རྒྱུད་ལ་ནུས་པ་འཇོག་རྒྱུ་མེད་པས་ཉོན་མོངས་པ་ཁ་བྲི་བ་ཙམ་ཡང་མི་སྲིད་ལ་འོན་ཀྱང་ཐོབ་ཐོབ་དང་ཞུས་ཞུས་ཀྱི་ཡི་གེ་བསགས་པ་ལ་ནི་ཕན་ལོས་ཐོགས། ཀྱཻ་མ་བསྟན་པའི་ཉི་མ་ཆུ་ལྷའི་མགྲོན་དུ་ཕྱོགས་པ་དེས། །འགྲོ་མགྱོགས་ཤུགས་འཆང་རྐང་བྲན་བཞོན་པའི་ཁྲི་ཡི་སྟེང་། །སྣ་ཚོགས་ཝ་སྟྲའི་གཟི་བརྗིད་ཆེན་པོས་ཉེར་བཀླུབས་ཤིང་། །སྲིད་པའི་ཕུན་ཚོགས་ཕྲག་པའི་རྒྱན་དུ་ཡོངས་བཟུང་ནས། །ཤུགས་འགྲོའི་ཁལ་གྱིས་མདུན་ནས་བསུ་བའི་སྟོབས་ལྡན་འགས། །སྲིད་པའི་མྱོས་མས་ཡོངས་སུ་བཏང་ལ་གསང་རྒྱུད་ཆེའི། །ཟག་མེད་བློ་ལྡན་དུག་པོའི་མལ་དུ་མནལ་རྣམས་ཀྱིས། །སྨིན་གྲོལ་ལམ་དེར་གོམ་པ་འདེགས་ལ་ག་ཤར་བྱེད། །ཤེས་བྱ་སྤྲོས་མེད་དངོས་པོར་མི་སྣང་བས། གྱི་ནའི་རྒྱུད་ཆེད་དཔག་པར་ནུས་མིན་ཡང་། །ཁྱོད་འདྲས་གཞན་དོན་བྱ་བ་མི་རིགས་ཞེས། །ལུང་རྟོགས་ཡོན་ཏན་དབུ་མར་གཟིམས་སུ་བཅུག །དེ་ལྟ་ན་ཡང་ཆོས་ཉིད་བདེན་པ་དང་། ཚོགས་

(༡༡༤༧)ཞེང་དུས་བ་བརྟེན་འབྲེལ་ཉི་མའི་འོད། །སུས་ཀྱང་དགག་པའི་ཡུལ་དུ་མ་གྱུར་པས། །སྦས་པའི་རྣལ་འབྱོར་རྣམས་ཚོ་ཐུགས་ངལ་བསྐྱུངས། ཞེས་པར་སྐབས་ཀྱི་གཏམ་དུ་བྱས་ནས་མི་བསྲུན་བའི་ལུང་བསྟན་དུས་ལ་བབས་པར་བག་ཟོན་དུ་གདམས་པ་ནི། །ཨོ་རྒྱན་ཆེན་པོས། མ་ཧཱ་ཡོ་ག་ཉམས་པའི་རྟག །གསང་སྔགས་ཨ་ནུ་ཡོ་ག་དང་། །ཨ་ཏིའི་ལྷ་དང་དཀྱིལ་འཁོར་རྣམས། །སྲང་མདོར་བཞེངས་པའི་དུས་བྱུང་ནས། །ཨ་ནུའི་བསྟན་པ་ཉམས་རྟགས་སུ། །རྩ་རླུང་ཐིག་ལེ་གསང་བའི་ཆོས། །སྲང་མདོར་སྟོན་ཅིང་ཐོ་ཅོ་དང་། དྲོད་མེད་རུས་རྒྱན་ཁ་ཊཾ་འཆང་། །ངོ་མཚར་ཆེ་བར་གུས་བྱེད་ཅིང་། །ཁྲོམ་ལ་དབང་བསྐུར་བྱེད་པ་འབྱུང་། །ཨ་ཏིའི་བསྟན་པ་ཉམས་རྟགས་སུ། །ཁ་ལྟ་སྟོང་སྐད་རྦད་ཁམ་ཆེ། །དགེ་མེད་སྡིག་མེད་ཡིན་ཞེས་གླིང་། །ཁྲིམས་སྤངས་ཐ་མལ་སྤྱོད་པ་སྐྱོང་། །ཚོགས་འཁོར་ཡིན་ཞེས་སྲོག་ཆགས་གསོད། །སྒོམ་སྒྲུབ་དོར་ནས་སྲང་མདོར་འཁྱམ། །ཞེས་པ་རྣམས་ཇི་བཞིན་པ་མངོན་དུ་གྱུར་ཅིང་། ཁྱད་པར་གསང་སྔགས་ཁྲོམ་དབང་དུ་བྱེད་པས་

(༡༡༤༨)དངོས་གྲུབ་འཇིག་པའི་སྐབས་སུ་བཤད་སྲོལ་འདི་དག་ལ་ལས་སྒོ་ཡོད་པ་མ་ལགས་སྙམ་ནས་སྙིང་ལས་ཆེན་པོར་གྱུར་པ་ལགས། འོ་ན་དབང་ཐོབ་པའི་ཚད་གང་གིས་བྱེད་ཅེས་པ་ནི་གཏེར་ལུང་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །བླ་མ་བྱ་བ་ཡོད་མ་ཡིན། །དབང་ཆོས་བཤད་བྱེད་མཁན་པོ་མེད། །རང་སེམས་ཆོས་སྐུར་རྟོགས་ཅ་ན། །དུས་གསུམ་རྒྱལ་བའི་དབང་ལུང་ཐོབ། །བརྒྱུད་པ་འཛིན་པ་རྣམ་རྟོག་ཡིན། །ཞེས་གསུངས་པས་དེ་ཉིད་དབང་ཐོབ་པའི་ཚད་དུ་ཁོ་བོ་འདོད་པ་ལགས་པས་རྒྱས་སྤྲོས་མི་འཚལ་ལོ། །དེ་ལྟར་སྨིན་བྱེད་ཀྱི་དབང་ཟབ་མོས་རྒྱུད་སྦྱངས་ཏེ་གྲོལ་ལམ་དངོས་ཀྱི་སྐབས་དོན་ལ། ཕྱར་ཕྱིན་གྱི་ཆོགས་ལམ་དང་འགྱུར་རྩི་བའི་སྔོན་འགྲོ་ཕྱི་ནང་གསང་གསུམ་ནས་བརྩམས་ཏེ། ལས་དང་པོ་པའི་འཁྲིད་ཚུལ་ནི་ཁྲིད་ཡིག་དང་། བླ་མའི་མན་ངག་གིས་འཆད་པ་ཡིན་ཕྱིར་འདིར་བརྗོད་བྱའི་སྐབས་མ་ཡིན་ལ། དེ་ལས་ཉམས་སྐྱེ་ཚུལ་དང་ས་ལམ་ལྟོ་སྦྱར་བའི་ཚུལ་ནི། རང་ལུགས་རྫོགས་པ་ཆེན་པོའི་རྒྱུད་སྡེ་ནམ་མཁའི་སྐར་ཚོགས་ལྟ་བུ་ནས་སེམས་ཀློང་མན་ངག་སྡེ་སོ་སོའི་

(༡༡༤༩)ངེས་པས་ཟབ་ཁྱད་བཤད་པ་ཙམ་ལས་སྙིང་ཐིག་པས་གནས་ལུགས་ཡེ་གྲོལ་དུ་འཆད་ཅིང་རྒྱུ་འབྲས་ལས་འདས་པར་སྟོན་པ་སྟེ། དེ་ཡང་རྒྱུད་ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པས་ཉམས་སུ་བླངས་པས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུ་ཐོབ་ཚུལ་ལོ། །ཞེས་གསུངས་པ་ལྟར་ཕར་ཕྱིན་དང་སྒོ་བསྟུན་ནས་ས་ལམ་རིམ་གྱིས་འགྱུར་བརྩི་ཚུལ་ནི་རིག་པ་རང་ཤར་གྱི་རྒྱུད་དོན་ཇི་ལྟ་བ་ཁོ་བོས་མཁྱེན་བརྩེའི་མེ་ལོང་གི་གཞི་ལམ་འབྲས་བུའི་སྐབས་སུ་བཤད་པ་ལྟར་ཡིན་ལ། དེ་ལས་གཞན་པའི་ས་ལམ་རིམ་གྱིས་སུ་ཕར་ཕྱིན་ལྟར་བརྩི་བའི་སྲོལ་མེད་དེ་ཀུན་བྱེད་ལས། ལྟ་བ་སྒོམ་མེད་དམ་ཚིག་བསྲུང་ངུ་མེད། །ས་ལ་སྦྱང་མེད་ལམ་ལ་བགྲོད་དུ་མེད། །ཕྲིན་ལས་རྩལ་མེད་དབང་ལ་བསྐུར་དུ་མེད། །སྒོ་གསུམ་རྩོལ་མེད་དཀྱིལ་འཁོར་བསྐྱེད་དུ་མེད། །རྒྱུ་འཕྲས་གཉིས་མེད་ནམ་མཁའ་ལྟ་བུའོ། །ཞེས་གསུངས་ལ། འདིར་གློ་ཆུང་བ་དག་ཁམས་

(༡༡༥༠)ཀྱི་དྲི་མ་བླང་དོར་གྱིས་སྦྱང་དུ་མེད་པར་ཡེ་བཞག་ཁོ་ན་ཡིན་ན་ཐ་མལ་པ་དང་ཁྱད་པར་མེད་དམ་སྙམ་ན་མ་ཡིན་ཏེ། རང་བཞིན་རྫོགས་པ་ཆེན་པོའི་ཡེ་ཤེས་ནི་སངས་རྒྱས་ཆེ་བའི་ཡོན་ཏན་ལྷུན་གྲུབ་ཏུ་ཆོད་ཅིང་། སྐུ་གསུམ་རང་ཆས་སུ་ཆེད་པའི་ཕྱིར་རྟ་བབས་ནས་མགྲིན་བཟང་ཞོན་པ་ལྟར་ཡིན་བཞིན་པ་སྤངས་ནས་མ་ཡིན་པ་ལོགས་ནས་བཙལ་མི་དགོས་ཏེ། མ་བཅོས་རང་བྱུང་གི་གནས་ལུགས་ཇི་བཞིན་པའི་ངང་ལས་མ་གཡོས་པས་འགྲུབ་པར་བསྟན་ཏེ། རྒྱུད་དེ་ཉིད་ལས། སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅས་སྔར་མཐོང་རྟོགས། །ད་ལྟ་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡིས་རང་སེམས་ཏེ། །མ་བཅོས་ཇི་བཞིན་རྟོགས་གྱུར་བས། །ད་ལྟར་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་སེམས་བྱང་ཆུབ་སེམས་ཉིད་འདི། །སྔ་མ་བཅོས་པར་ལུང་མ་བསྟན། །ད་ལྟ་ཏིང་འཛིན་སེམས་མི་འཆོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཅེས་གསུངས་པ་ལྟར་སྤྲོས་བྲལ་རང་བྱུང་གིས་ཡེ་ཤེས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་

(༡༡༥༡)ལ་བཟོ་མི་འཆོས་པས་བྱ་རྩོལ་དང་བྲལ་བའི་ངང་དུ་སངས་རྒྱས་ལག་པའི་མཐིལ་དུ་ཟིན་པའི་ཕྱིར་ཐེག་པ་མཐའ་དག་གི་རྩེ་མོར་གྱུར་པ་སྟེ། རང་བཞིན་རྒྱས་པ་ནི་ཀུན་མཁྱེན་ཀློང་ཆེན་པའི་བཀའ་འབུམ་རྒྱ་མཚོ་ལྟ་བུ་དང་། ཀ ཐོག་ཤཱཀྱ་རྡོ་རྗེ། མངའ་རིའི་རིག་འཛིན་ཆེན་པོ་སོགས་ཀྱི་ཡིག་ཆ་ཇི་སྙེད་ཡོད་པས་བདག་ཅག་སེམས་ཁྲལ་བསྐྱུངས་ཏེ་ཉལ་ནས་འདུག་པ་གཅིག་པུས་ཆོག་པ་ལགས་སོ། །དེ་ལྟ་ནའང་ཁྱོད་ཀྱིས་ ཕཎ་ཆེན། དྲིས་པའི་དོན་ཅུང་ཟད་གང་ཟག་རིམ་གྱིས་པའི་སླད་དུ་བརྗོད་པ་ལ། རྩེ་གིག་སྤྲོས་བྲལ་རོ་གཅིག་སྒམ་མེད་ལ་སོགས་པའི་རྣམ་གཞག་གཙོ་བོར་ཕྱག་རྒྱ་ཆེན་པོའི་ཕྱོགས་ལ་གྲགས་ཆེ་བར་འདུག་པས་མི་ལའི་མགུར་ནའང་གསལ་ཞིང་། ཨོ་རྒྱན་ཆེན་པོ་གྲུབ་པའི་རིག་འཛིན་གྱི་བརྫུ་ལ་ཞུགས་པ་ཆོས་རྒྱལ་དྭགས་པོ་ལྷ་རྗེས་སྲོལ་བཏོད་པར་གྲགས་པའི་རྣལ་འབྱོར་བཞི་རིམ་འདི་བཞིན་རིལ་བསམ་གྱིས་མི་ཁྱབ་པའི་རྒྱུད་རྩ་བར་བཞག་སྟེ་དོན་གྱིས་ཐོབ་པར་དགོངས་ནས་ས་ལམ་གྱིས་དོད་པོ་རྩིས་ནས་གསུངས་པ་ལ་སྔ་རབས་

(༡༡༥༢)པ་ཁ་ཅིག་གིས་གཞུར་བརྟག་བྱས་ཀྱང་། བཤད་མ་ཐག་པ་ལྟར་ར་ལིའི་རྒྱུད་ཀྱི་ཁུངས་སྟོན་རྒྱུ་ཡོད་ཅིང་། ཇོ་བོ་རྗེས་ཀྱང་ཉི་གནས་དགོན་པ་བར་ལྷན་ཅིག་སྐྱེས་སྦྱོར་གསུངས་དུས་སྦྱོར་བཞིའི་བཤད་པ་བདེ་མཆོག་གི་རྒྱུད་ནས་ལུང་དྲངས་ཏེ་བཤད་པར་མངོན་པས་བརྒལ་བ་བྱེད་པ་མུན་སྤྲུལ་དུ་ངེས་ལ། རྒྱུད་འདི་ཡང་དག་པ་མ་ཡིན་པར་བཞེད་པ་ནི་ཕྱོགས་སུ་ལྷུང་བ་ཙམ་མོ། །དེའི་ཕྱེར་ཡང་དགོན་པ། ཕ་ཝང་ཁ་བ་སོགས་ཀྱིས་ཀྱང་རྒྱ་ཆེར་ལྟོ་སྦྱར་ནས་བཤད་ཅིང་། རང་ཅག་ཀྱང་རོང་པ་རྫོགས་ཆེན་པས་ཇི་སྐད་གསུངས་པ་བཞིན། ཨོ་རྒྱན་གྱི་རིག་འཛིན་ཤྲཱཾ་སིདྷ་ལ་ཞུས་པ་དང་། འཚོ་རྒྱལ་གྱིས་ཉམས་མྱོང་དུ་འང་ཆ་འདྲ་གསལ་ཞིང་། མཁས་མཆོག་སོག་བཟློག་པས་ཀྱང་སེམས་སྡེའི་ཉམས་རིམ་དང་སྦྱར་ནས་བཤད་ལ་ཁྱད་པར་ཐུགས་གཏེར་ཆེན་པོ་རྩོད་པ་དང་བྲལ་བ་གྲོལ་ཐིག་དགོངས་པ་རང་གྲོལ་ལས་རྣལ་འབྱོར་བཞིའི་མིང་མ་བཏགས་པ་ཙམ་ལས་ཕར་ཕྱིན་གྱི་ལམ་ལྔའི་འགྲོས་དང་བསྟུན་ནས་བཤད་ཚུལ་ཁྱད་དུ་འཕགས་པ་གསུངས་པས་གང་ཟག་རིམ་གྱིས་པའི་དོན་དུ་དཔྱད་བཟོད་

(༡༡༥༣)པའི་མན་ངག་འདི་ཁོ་ནའི་དགོངས་པ་ལྟར་བཤང་བར་བྱའོ། །འོ་ན་རྫོགས་པ་ཆེན་པོའི་རྒྱུད་ལས་ཡེ་གྲོལ་ཡིན་པར་འཆད་ན་ཁྱེད་ཀྱིས་འདིར་རིམ་ཅན་དུ་བཤད་པས་འགལ་བ་ཅན་དུ་འགྱུར་རོ་སྙམ་ནའང་མ་ཡིན་ཏེ། སྟོན་པ་རྡོ་རྗེ་འཆང་ཐབས་ལ་མཁས་པས་ཉན་ཐོས་ཐེག་པ་ནས་ཨ་ཏི་ཡོ་གའི་བར་ལ་རིམ་པ་དགུར་དབྱེ་བའི་དབང་པོ་རབ་འབྲིང་ཐ་གསུམ་ལའང་ནང་གསེས་ཀྱིས་ཕྱེ་ནས་བཤད་པའི་ཕྱིར་རོ། །དེས་ན་རྫོགས་པ་ཆེན་པོ་ནི་དབང་པོ་ཤིན་ཏུ་རྣོན་པོའི་ལམ་ཡིན་ཀྱང་འཇུག་པ་པོའི་གང་ཟག་ཐམས་ཅད་དབང་པོ་ཤིན་ཏུ་རྣོན་པོ་ཤ་སྟག་ཡིན་པས་མ་ཁྱབ་སྟེ། དེ་ལ་དགོངས་ནས་རིག་འཛིན་རྣམས་ཀྱི་དབང་པོ་འབྲིང་དམན་གྱི་ཁྱད་པར་ལ་དཔགས་ནས་སྲོལ་འདི་ལྟ་བུའང་བཏོད་པ་སྟེ། ཚུལ་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བའི་འཕྲིན་ལས་ཡིན་པར་བལྟའོ། །ཞེས་བསྒྲུབ་དང་སུན་འབྱིན་གྱི་ཉི་མས་ལོག་སྨྲའི་མུན་པ་ཡོངས་སུ་བསལ་ནས་བརྗོད་བྱའི་དོན་དངོས་

(༡༡༥༤)ལ། དང་པོ་ཕར་ཕྱིན་གྱི་སྦྱོར་ལམ་དང་མཚུངས་པར་སྟོན་པ་འཇིག་རྟེན་གྱི་རྣལ་འབྱོར་ལ་ནང་གསེས་ཆེ་འབྲིང་ཆུང་གསུམ་ལས་དང་པོ་འཇིག་རྟེན་ཆུང་ངུའི་རྣལ་འབྱོར་ནི། ཐུགས་གཏེར་ཆེན་པོ་གྲོལ་བའི་ཐིག་ལེ་ལས། ངོ་བོ་ངོས་བཟུང་མེད་པ་སྟོང་པའི་རང་བཞིན་ལ། །རང་བཞིན་མ་འགགས་ས་ལེ་སིང་དེ་རྗེན་ནེ་བ། །འཇིག་རྟེན་ཆུང་ངུའི་རྣལ་འབྱར་ཞེས་བྱ་དེ་ཉིད་ཡིན། །ཞེས་པ་དེའི་དགོངས་པ་ཉམས་མྱོང་གིས་བཀྲལ་བ། རིམ་གྱིས་པའི་གང་ཟག་དེས་བླ་མ་དམ་པ་ཞིག་གི་དྲུང་དུ་རྣམ་གཡེང་སྤངས་ཏེ་བསྒོམས་པས་སེམས་ཀྱི་ངོ་བོ་ཡོད་མེད་མུ་བཞི་དང་བྲལ་བར་ཐག་ཆོད་ཅིང་། དེ་ལྟར་ཆོད་པ་ལ་གསལ་ལ་རྟོག་པ་མེད་པའི་ཞི་གནས་དེ་ཉིད་བསྒོམ་བྱའི་རང་བཞིན་དུ་ངོ་སྤྲད་ལག་བཅང་མཛད་པ་ལ་དྲན་པ་གཞུར་ཏེ་བསྒོམས་པས་རྣམ་རྟོག་འདི་ཉི་ཟེར་གྱི་སྦྲང་བུ་བས་ཀྱང་བྱ་བྱེད་མངལ་འགྱུར་ལྡོག་ཆེ་བས་སྒོམ་གྱི་ལས་འཕྲོ་མེད་དམ་སྙམ་སྐྱུགས་ལོག་པ་ཞིག་གི་རྗེས་སུ་ཇི་ཞིག་ན་དྲན་པའི་ངོ་བོ་གསལ་ལ་གོ་མ་འགགས་པ། དངས་སིང་དེ་བརྗེན་ཡེ་རེ་བ་ལས་སྟོང་པའི་ཉམས་

(༡༡༥༥)ཤུགས་ཆེ་བ་ཞིག་འཆར་བ་དེ་ཉིད་ཇི་ཙམ་སྒོམ་རིང་ལ་ཡོད། མ་བསྒོམ་ན་ཐ་མལ་དུ་འཆོར་བ་ཞིག་འབྱུང་བ་སྟེ། འདི་ལ་མ་ཧཱ་མུ་དྲས་རྩེ་གཅིག་ཆུང་ངུར་འབོད། །འགའ་ཞིག་གིས་ཕོ་ཚོད་བྱས་པའི་དེ་ལྟ་བུའོ་སྙམ་པ་ནི་གོ་བ་ཡིན་པས་གྲུལ་མི་བཏུབ་བོ། །གཉིས་པ་འཇིག་རྟེན་འབྲིང་པོའི་རྣལ་འབྱོར་ནི། །དེ་ཉིད་ལས། གང་དེ་མ་ཡེངས་བསྐྱངས་པས་བརྟན་པ་ཆེར་ཐོབ་ཅིང་ བསྒོམས་ཀྱང་ཡོང་ལམ་བསྒོམ་ཆ་ཤས་ཡོང་བ་ནི འཇིག་རྟེན་འབྲིང་བོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པས་སྔ་མའི་འཕྲོ་མཐུད་དེ་སྙིང་རུས་ལ་ནན་ཏན་བསྐྱེད་པས་ཉམས་ཀྱི་འཛིན་སྟངས་སྔ་མ་ལྟར་ལས་ཅུང་ཟད་དངས་ཆ་ཆེ་རུ་འགྲོ་ཞིང་། དེ་ཉིད་མ་བསྒོམ་པའི་གནས་སྐབས་འགའ་ལའང་དྲན་པས་ཧྲིག་ཧྲིག་སླེབ་ནས་གསལ་སྟོང་རྗེན་ཡེ་རེ་བར་འཆར་བས་འདི་ལ་མ་ཧཱ་མུ་དྲ་བས་རྩེར་གཅིག་འབྲིང་པོ་ཟེར་རོ། །གསུམ་པ་འཇིག་རྟེན་ཆེན་པོའི་རྣལ་འབྱོར་ནི། དེ་ཉིད་ལས། ཏིང་འཛིན་དེ་ཉིད་སྔར་བས་གསལ་མདངས་ཆེར་སོང་ཞིང་ རྩོལ་མེད་ཉིན་མཚན་འཁོར་ཡུག་ཉིད་དུ་

(༡༡༥༦)འབྱུང་བ་ནི འཇིག་རྟེན་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པས་བརྟན་པ་ཆེར་ཐོབ་སྟེ་གསལ་སྟོང་རྗེན་པ་ངོས་བཟུང་དང་བྲལ་བའི་ཉམས་ཉིན་མཚན་ཁོར་ཡུག་ཏུ་འབྱམས་པ་ལ་མ་ཧཱ་མུ་དྲས་རྩེ་གཅིག་ཆེན་པོར་བཏགས། རྫོགས་ཆེན་སེམས་སྡེ་བས་གནས་པའི་ཉམས་ཤེས་པ་ཡུལ་ཕྱིར་མི་འཕྲོ་བ་ཞེས་པའང་འདིར་མཚུངས། འདིའི་ཉམས་ལ་ལུས་ལ་བདེ་ཉམས་དང་སེམས་ལ་དགའ་སྤྲོ་དཔག་མེད་འཆར། མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་སྒོམ་ལ་ངེས་ཤེས་དང་། བྲོད་ཁ་སྐྱེ། ལུས་ཡོད་དུ་མི་ཚོར། འཇིག་རྟེན་མི་ཆོས་ལ་ཞེན་པ་ཆུང་ངུ་འགྲོ། ཉམས་ཀྱི་མཐོ་དམན་ཤིན་ཏུ་ཆེ་བ་འོང་ངོ་། །རེས་འགའ་འདི་ལས་ལྷས་པ་སུ་ལ་ཡོད་སྙམ་པའི་རང་མཐོང་སྐྱེ་རེས་ཤེས་པ་རླན་དང་བྲལ་ནས་ང་ལ་སྒོམ་མེད་སྙམ་པའི་ཡི་མུག་སྐྱེ་བའང་ཡོད། རེས་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་སངས་རྒྱ་རྒྱུ་དང་འཁོར་བར་འཁྱམ་རྒྱུ་མི་འདུག་སྙམ་པའི་སྟོང་འུད་ཀྱང་འཆར། གསལ་སྣང་ལ་འདུ་ཤེས་གྲུང་པོས་དཔྱད་ན་མཐོང་སྣང་མང་བ་འབྱུང་སྟེ་ཞལ་གཟིགས་ལུང་བསྟན་དུ་བཟུང་ན་ནོར་ས་རྔམ་པོ་ཆེ་ཡིན་ཏེ་བྱེད་

(༡༡༥༧)མཁན་མང་། འདིའི་མཉམ་གཞག་གནད་དུ་སོང་ན་སྒོ་ལྔའི་རྣམ་ཤེས་ཐད་ཀར་བག་ལ་ཞ་འགྲོ་བས་ཕྱིའི་སྒྲ་སྐད་གཟུང་ཡུལ་ལ་སོགས་བའི་ཡུལ་རྐྱེན་གྱིས་མི་འཕྲོག །འོན་ཀྱང་ཕར་ཕྱིན་ཐེག་པ་དང་བསྟུན་ན་དག་པས་གསུམ་ནས་སྒོ་ལྔའི་རྣམ་ཤེས་གནས་འགྱུར་ཏེ་ཞིང་ཁམས་རྣམ་དག་ལ་དབང་ཞིང་། དག་པའི་ཚེ་བྱ་གྲུབ་ཡེ་ཤེས་སུ་ཤར་བར་བཤད་པའི་ཕྱིར། འདི་ཉིད་དངོས་གནས་མ་ཡིན་ཀྱང་སེམས་འཛིན་ཡུལ་རྐྱེན་གྱིས་མི་འཕྲོག་པའི་ཆ་ནས་དེ་སྐད་དུ་བཏགས་པའང་ཤེས་པར་བྱའོ། །དེ་ཡང་ཚོགས་ལམ་པས་གོ །སྦྱོར་ལམ་པས་མྱོང་། མཐོང་ལམ་པས་རྟོགས་པ་ཞེས་གོ་མྱོང་རྟོགས་གསུམ་དུ་སྦྱོར་བ་དང་། བླ་མ་ཡང་ཏིག་ཏུ། ལྷ་མིའི་སེམས་འཛིན། བྱང་ཆུབ་སེམས་དཔའི་བསམ་གཏན། སངས་རྒྱས་ཀྱི་དགོངས་པ་ཞེས་བཤད་པ་ལའང་རྣམ་པར་དཔྱད་ན་དབྱེ་བ་ཁྱད་པར་ཅན་དུ་ཁོ་བོས་རྟོགས་ལ་དེའི་ཕྱིར་འདི་ཡན་ཆད་ནི་སོ་སྐྱེའི་ལམ་དུ་བཞག་པས་ལྷག་མཐོང་མཚན་ཉིད་པ་མེད་པའི་ཕྱིར་ཐུགས་དམ་གྱི་ངོ་བོ་ཇི་ལྟར་བཟང་ཡང་

(༡༡༥༨)ཉམས་ཙམ་མྱོང་བ་ཙམ་ཡིན་པས་རྩ་གཟུགས་ཀྱི་རྟེན་འབྲེལ་ལ་མངོན་ཤེས་དང་གྲུབ་རྟགས་ཐོན་པ་བྱུང་ཡང་རློམ་སེམས་བྱ་བའི་ཡུལ་མ་ཡིན་མོད། དེ་ལྟ་ནའང་ཕྱི་དུས་འདིར་ལམ་འདྲི་མཐར་སོན་པའང་རྙེད་པར་དཀའ་ཞིང་། སྙིང་རུས་ཅན་རེ་རེ་ཙམ་སྣང་བ་ལའང་བཤེས་གཉེན་རྣམས་ཀྱིས་རྟོགས་པ་ཉིན་མཚན་འདྲེས་པར་ངོ་སྤྲོད་བྱེད་པ་འདུག་པས་ལོང་བས་ལོང་བ་ཕྲི་དེ་སྒོམ་དམིགས་གཏད་ཉམས་མྱོང་ཅན་སྟོང་པ་དགྲར་ལངས་ཀྱི་བདུད་ཞུགས་བ་ཞིག་ལ་མི་ཚེ་སྟོང་པར་འཛད་པ་ལས་ཡོན་ཏན་སྐྱེ་བའི་རེ་བ་ཟད་མོད། འགའ་ཞིག་ནི་མཉམ་གཞག་གནད་དུ་མ་སོང་བ་ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན་ཐོམ་ཡོ་རེ་བ་ཞིག་གི་ངོ་བོ་སྨྲ་བརྗོད་མི་ཤེས་པ་ལྟ་བུ་ཞིག་ལ་ང་འདྲའི་རྟོགས་པ་ཡུལ་ཡོད། སྒོམ་མེད་བྱ་བའང་འདི་ཁ་ཡིན་སྙམ་པའི་རང་རྩིས་སྐྱེས་ཏེ་ཡུལ་གོང་མ་ལ་དག་སྣང་གཏན་ནས་མི་སྐྱེ་ཞིང་བོགས་འདོན་བྱེད་པའི་བློ་དང་བྲལ་བས་ནོར་ས་རྔམ་པོ་ཆེར་སོང་སྟེ་རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བའི་བསྟན་པ་ཐམས་ཅད་བསྣུབས་པས། དགེ་སྟོང་སྡིག་སྟོང་དུ་གོལ་བ་འབའ་ཞིག་ལས་མི་འདའ་བས་ཚུལ་དེ་ལ་བསམ་ནས་ཨོ་རྒྱན་

(༡༡༥༩)ཆེན་པོས་རྒྱལ་པོ་ལ་གདམས་པ་བཞིན་ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བ་དང་། སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བ་ལ་བསླབ་ཅིང་ཉམས་མྱོང་དང་ལྡན་པའི་བླ་མ་དམ་པ་མིག་བཞིན་དུ་བརྟེན་ལ། གསོལ་འདེབས་མོས་གུས་དང་ལྡན་པས་དབང་བཞི་ཡང་ཡང་བླང་། ལྕགས་ལ་ཞུན་ཐར་གཏོང་བ་ལྟར་བརྡར་ཤ་ཤིན་ཏུ་ཆོད་པ་གལ་ཆེ་བ་ཡིན་ནོ། །འདིར་ཕར་ཕྱིན་ཐེག་པ་ལྟར་ན་དྲོད་རྩེ་གཉིས་སུ་དབང་པོ་ལྔ་དང་། བཟོད་ཆོས་གཉིས་སུ་སྟོབས་ལྔ་སྒོམ་པའི་སྦྱོར་ལམ་ངེས་འབྱེད་ཆ་བཞིའི་ཡེ་ཤེས་ཀྱི་ངོ་བོ་མཉམ་གཞག་གི་ཆ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྗེས་ཐོབ་ཀྱི་ཆ་རྟོག་བཅས་རྟོག་མེད་ཅི་རིགས་སུ་ཡོད་ཅིང་གཉེན་པོ་བཞི་ལ་བརྟེན་ནས་སྤང་བྱ་སྒྲིབ་པའི་ས་བོན་ཉམས་སྨད་པས་རྟོགས་པའི་ཁྱད་པར་སྒོམ་བྱུང་ཡེ་ཤེས་ཀྱི་བདག་མེད་གཉིས་རྟོགས་ཏེ། ཡོན་ཏན་གྱི་ཁྱད་པར་སྤྱན་དང་མངོན་ཤེས་སོགས་དུ་མ་དང་ལྡན་ཞིང་། ཚོགས་ལམ་ཆེན་པོ་ལས་འདིའི་ཡེ་ཤེས་དྲོད་བརྟན་པས་མཐོང་ལམ་ཐག་ཉེ་བ་སྟེ། བརྒྱད་སྟོང་འགྲེལ་ཆེན་

(༡༡༦༠)ལས། བར་ཆད་མེད་ན་མཐོང་བའི་ལམ་ཆེས་ཉེ་བར་འབྱུང་བ་ཞེས་བྱ་བ་ནི་ཐར་བའི་ཆ་དང་མཐུན་པ་ལས་འདིའི་ཁྱད་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་སྟེ། དེ་ལྟ་བུའི་སྦྱོར་ལམ་གྱི་འགྱུར་འདི་རུ་བརྩི་བ་ཡིན་ནོ། ༈ གཉིས་པ་ཕར་ཕྱིན་གྱི་མཐོང་ལམ་དང་མཚུངས་པར་སྟོན་པས་མིང་དེ་སྐད་དུ་བཏགས་པ་མཐོང་ལམ་གྱི་རྣལ་འབྱོར་ཆེ་འབྲིང་ཆུང་གསུམ་ལས། དང་པོ་ཆུང་ངུའི་རྣལ་འབྱོར་ནི། དེ་ཉིད་ལས། མཁན་པོ་ཉིད་དང་གནས་ཉམས་དེ་དག་ཡུལ་ཕུད་ནས སེམས་མེད་སྟོང་པ་དྲི་མེད་མཁའ་ལྟར་རྟོགས་པ་ནི མཐོང་ལམ་ཆུང་ངུའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན། ཞེས་པས་སྔར་གྱི་རྩེ་གཅིག་གི་རྣལ་འབྱོར་དེ་ཟབ་ཟབ་དང་གོ་བསྐམ་པོ་ལ་མ་ལུས་པར་རིག་པ་ལ་ངར་བཏགས་ཏེ་གོམ་པས་གནད་དུ་སོང་ན། རང་གི་མོས་གུས་དང་བླ་མའི་རྣལ་འབྱོར་གྱི་ནུས་པས་ཆན་ལ་ཕབས་བཏབ་པ་ལྟ་བུའམ་གུ་ཡང་།།།འཚོལ་གྱི་སླད་དུ་མ་ཡིན་པར་སྐབས་འདིར་སྙིང་ཐག་པ་ནས་སེང་གེ་རི་སུལ་འགྲིམ་བ་ལྟར་དུར་ཁྲོད་ཉུལ་བའི་གཅོད་ཡུལ་ཟབ་མོའི་ལྷོང་འཚུབས་འཇིག་སྐྲག་ལ་སོགས་པ་།།།མ་ཐག་པའི་རྐྱེན་གྱིས་སྔར་

(༡༡༦༡)གཉེན་པོས་སོས་གཅུན་པའི་སྒོམ་གསལ་སྟོང་ཙམ་དུ་ཁས་ལེན་དང་དམིགས་གཏད་ཡོད་པའི། །བདེ་བདེ་མོ་སྤྲོ་སྤྲོ་མོ་སྒོམ་བྱེད་ཀྱི་མཁན་པོ་དང་ཞི་གནས་ཀྱི་མྱོང་བ་སྦྲང་མ་རྩིལ་འབྱར་བ་ལྟ་བུ་དེ་གཏད་ཡལ་སོང་ནས་ཤེས་པའི་ངོ་བོ་གསལ་ལ་རྟོག་མེད་ཀྱི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སར་དག །ཡོད་མེད་རྟག་ཆད་ལ་སོགས་པའི་ཁས་ལེན་དང་བྲལ་བ་ནམ་མཁའི་དཀྱིལ་ལྟ་བུ་ཞིག་འཆར་བ་དེ་ལ་མ་ཧཱ་མུ་དྲས་སྤྲོས་བྲལ་ཆུང་ངུར་བཏགས། འདིའི་ཚེ་ཐོས་བ་ཉུང་བ་དང་བླ་མ་དམ་པས་མ་ཟིན་པ་རྣམས་སྔར་གྱི་བདེ་གསལ་མི་རྟོག་པའི་ཉམས་དེ་ཡལ་བས་ང་ཡི་སྒོམ་པོར་བའམ་སྙམ་ནས་ཙ་བཙུབ་བློ་མང་ཅི་ཡང་དྲན་ཞིང་ཡི་མུག་སྐྱེ་བའང་འདུག་གོ །རློན་པ་ཆེ་བ་དག་སྒོམ་མེད་འམ་དེ་འདི་ཁ་ཡིན་སྙམ་ནས་འགྲོ་དོན་ལ་རིངས་ནས་གཡེང་བས་ཁྱེར་བའང་འདུག་གོ །དེའི་ཚེ་དེ་དག་གེགས་སུ་ཤེས་པར་བྱས་ཏེ་ཞུམ་པ་དང་ལྷག་པའི་ཕྱོགས་ལྷུང་གཉིས་ཀ་སྤངས་ནས་ད་ལྟའི་དྲན་བ་དེ་ཁས་སྒོམ་གོ་ཆོད་པར་བྱའོ། །འདི་ཤེས་པའི་

(༡༡༦༢)ངར་གདངས་བྲལ་བའི་ལུང་མ་བསྟན་གྱིས་གཏད་མེད་ངང་མ་ནོར་བ་གལ་པོ་ཆེ་ཡིན་ནོ། །གཉིས་པ་འབྲིང་པོའི་རྣལ་འབྱོར་ནི། དེ་ཉིད་ལས། སྟོང་འཛིན་ཡིད་ཆོས་ཉམས་ཀྱི་དྲི་མ་ད་བུད་ཅིང་ གང་ཤར་དྲན་རྟོག་ཡུལ་མེད་རྩ་བྲལ་རྟོགས་པ་ནི མཐོང་ལམ་འབྲིང་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན། །ཞེས་པས། སྔར་གྱི་གསལ་སྟོང་ནམ་མཁའི་དཀྱིལ་ལྟ་བུ་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པ་དེ་ལ་ངེས་ཤེས་སྐྱེས་པའི་སྟོང་འཛིན་ཕྲ་མོ་ཡོང་བ་དེ་སྦྲུལ་གྱི་ཤུན་པ་ལྟར་བུད། རྟོག་པ་གང་ཤར་ལ་ཅེར་འཛིན་གྱིས་དྲན་པས་རྒྱས་འདེབས་བྱེད་མི་དགོས་པར་རྣམ་རྟོག་རང་སྟོང་། གཞི་མེད་རྩ་བྲལ་དུ་ཤར་བ་ཞིག་འོང་། འདི་ནི་དྲན་པ་ཙམ་གྱི་ངོ་བོར་ཁྲེལ་གྱིས་འགྲོ། དྲན་པས་གསལ་མ་ཐེབས་ན་ཐ་མལ་དང་ཁྱད་པར་མེད་པས་འདིའི་ཚེ་མ་ཡེངས་མི་སྒོམ་ལ་ལྟ་བའི་མཐིལ་བཅོལ་བ་ཡིན་ལ་མ་ཧཱ་མུ་དྲས་སྤྲོས་བྲལ་འབྲིང་པོར་བཏགས་སོ། །གསུམ་པ་ནི། དེ་ཉིད་ལས། སྣང་བ་སེམས་སུ་ཤེས་ཤིང་སེམས་ཉིད་རྩ་བྲལ་ཡང་ སྟོང་འཛིན་སེམས་ཀྱི་དྲི་མ་ཕྲ་མོ་

(༡༡༦༣)ཡོད་པ་ནི མཐོང་ལམ་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པས་འདི་ལྟར་རྟོག་པས་བཏགས་པའི་ཚེ་སྣང་བ་སེམས་ཀྱི་ཆོ་འཕྲུལ་དུ་གོལ། སེམས་སྣང་ཐོག་ཏུ་བཞག་པས་སྣང་སེམས་ཡུལ་མེད་རྩ་བྲལ་དུ་གྲོལ་ཞིང་། རང་ངོར་སྟོང་འཛིན་ཞིག་པ་ལྟར་སྣང་ཡང་ལམ་གོང་མས་ཡས་གཞལ་ན་རིག་པ་ལ་སེམས་ཀྱི་དྲི་མས་སྦགས་པའི་སྟོང་འཛིན་ཕྲ་མོ་ཡོད་ལ་རྫོགས་ཆེན་སེམས་སྡེ་པས་ཏིང་ངེ་འཛིན་ལ་བྱིང་རྒོད་ལ་སོགས་པའི་རྐྱེན་གྱིས་མི་གནོད་པར་བཤད་པ་དང་མཚུངས། འདི་ལ་ཐུགས་དམ་གྱི་ངོ་བོ་བྱ་རྒྱུ་གང་ཡང་མེད་ཅིང་གནད་དུ་སོང་ན་ཡིད་ཀྱི་རྣམ་ཤེས་གནས་འགྱུར་བས་ཆེད་དུ་སྒོམ་པས་མྱོང་རྒྱུ་དང་བྲལ་ཡང་ལྷུན་གྲུབ་ཀྱི་དྲན་བསམ་བསྐྱངས་ན་བྲལ་ཐོབ་ཤིན་ཏུ་ཆེ་བ་ཡོད་དོ། །དེ་ལྟ་ནའང་སྦྱོར་བཞིའི་བཤད་པ་གཞན་དག་ནས་འདི་ལ་མ་བསྒོམ་ཀྱང་ཡེངས་འཁྲུལ་མེད་པ་དང་། རྨི་ལམ་ལའང་མི་འབྲལ་བར་འཆད་ཀྱང་རང་གཞུང་འདི་ནས་སྒོམ་ལམ་ཆེན་པོའི་སྐབས་སུ་ཡང་མཚན་འཁྲུལ་ཡོད་པར་བཤད་ཅིང་། རང་

(༡༡༦༤)གི་མྱོང་བ་དང་ཡང་མ་འབྱོར་བས་བཏང་སྙོམས་སུ་བཞག་གོ །དེ་ཅིའི་ཕྱིར་སྙམ་ན། ལྷུན་གྲུབ་ཀྱི་དྲན་པ་ལ་ཉིན་མཚན་ཁོར་ཡུག་ཏུ་ལ་བཟླ་བ་ལ་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བ་སངས་རྒྱས་ཁོ་ནའི་སྐབས་ལས་གཞན་དུ་མ་ཡིན་ཏེ། ཕར་ཕྱིན་ཐེག་པར། མ་དག་པ་སེམས་ཅན་གྱི་རིགས། དག་པ་བྱང་ཆུབ་སེམས་དཔའི་རིགས། ཤིན་ཏུ་དག་པ་དེ་བཞིན་གཤེགས་པའི་རིགས་ཞེས་གནས་སྐབས་ཀྱི་སྒོ་ནས་དབྱེ་སྟེས་ལ་མ་གོང་འོག་གི་རིམ་པས་མིང་འདོགས་ཐ་དད་དུ་བཞག་པའི་ཕྱིར་ཏེ། འགྲོ་བའི་ཁམས་ལ་བདེ་གཤེགས་སྙིང་པོ་ཡོད་པ་གཞིར་བཞག་ནས་བྲལ་བྱའི་དྲི་མའི་དཔེ་ཡང་མགོན་པོ་བྱམས་པས་རྒྱུད་བླ་མར། འཆིང་བ་མཐའ་དག་གིས་བཅིངས་པའི་སོ་སོའི་སྐྱེ་བོ་པདྨ་དང་། སྦྲང་མ་དང་། སྤུན་པ་དང་། འདམ་རྫབ་ཀྱི་སྦུབས་ནས་སངས་རྒྱས་གཏུམས་པའི་དཔེ་དང་། ཉན་རང་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་མ་རིག་པས་སྙིང་པོ་བསྒྲིབས་པས་འོག་གི་དབུལ་པོའི་གཏེར་གྱི་དཔེས་བསྟན་པ་དང་། སློབ་པ་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པའི་ཐེག་ཆེན་མཐོང་སྤངས་ཀྱི་དྲི་རགས་བཀྲིན། མ་དང་།

(༡༡༦༥)འཕགས་པའི་རྒྱུད་ཀྱི་སྒོམ་སྤངས་ཀྱི་དྲི་མ་གཉིས་ནི། ཤུན་ལྤགས་དང་། གོས་ཧྲུལ་གྱིས་དཔེས་བསྟན་པ་ཡིན་ལ། ཁྱད་པར་སྐབས་འདིར་བདེན་པ་མཐོང་བའི་ལམ། ཕྲ་བ་ལྷན་སྐྱེས་ལྟར་མི་མངོན་ངའི་ཁྱད་དོ། དུ་བྱེད་པས་ས་གནས་ཀྱིས་བཅུའི་དྲི་མའང་མ་དག་ས་བདུན་མན་ལ་བརྟེན་པའི་དྲི་མ་དང་། དག་པས་གསུམ་ལ་བརྟེན་པའི་དྲི་མ་ནི། མངལ་དང་འདམ་གྱི་གསང་དཔེ་གཉིས་གྱིས་བསྟན་པའི་ཕྱིར་ཏེ། དེ་སྐད་དུ། ས་བདུན་ལ་བརྟེན་དྲི་མ་ནི། །མངལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱི་གཞོམ་བྱ་ཡིན། །ཞེས་སོ། །དེ་ལྟར་སྐབས་འདིར་མཐོང་ལམ་གྱི་བརྡ་ཆད་བཞག་པའང་ཕར་ཕྱིན་ཐེག་པའི་སྐབས་སུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་ཆོས་ཀྱི་མིག་རྡུལ་དང་བྲལ་བ་ཐོབ་ཅེས་པ་དང་མཚུངས། དེའི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་

(༡༡༦༦)ཤེས་ཐོག་མར་ཐོབ་པས་དགའ་བ་རྒྱ་ཆེན་པོ་སྔོན་པས་ཆེས་འཕགས་པ་ཐོབ་པས་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་ཞིང་། འདིའི་ལམ་རྟགས་སུའང་རྗེས་ཐོབ་ལ་དགའ་སྤྲོའི་སྣང་བ་དཔག་ཏུ་མེད་པ་འཆར། ཐམས་ཅད་མཁྱེན་པའི་ཉེ་རྒྱུ་ཤེས་རབ་ཀྱི་རལ་ཁ་བྱེ་བ་སོགས་ངེས་པར་འབྱུང་བས་མཐོང་ལམ་མངོན་དུ་བྱས་ཏེ་ས་དང་པོ་ནོན་པའི་འགྱུར་རྩི་བ་ཡིན་ནོ། །འོ་ན་ཡོན་ཏན་གྱི་ཁྱད་པར་དུས་སྐད་ཅིག་མ་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་ནས། ལུས་རེ་རེ་ལའང་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བར་སྟོན་པའི་བར་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས། སྤྱན་དང་མངོན་ཤེས། སྐྱེ་འཆི་རང་ཚན་པ་མེད་པ། འཛམ་བུའི་གླིང་གི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པ་ལ་སོགས་པའི་ནུས་པ་མངོན་གྱུར་དུ་མེད་པས་སོ་སྙམ་ན། རྫོགས་པ་ཆེན་པོའི་རྒྱུད་ནས་ཁྱུད་ཕྲུག་སྒོ་ངའི་སྦུབས་ནས་རྩལ་རྫོགས་ཏེ་སྒོ་ལྔའི་རྒྱ་ལས་གྲོལ་མ་ཐག་འཕུར་བ་ལ་ཆགས་ཐོགས་མི་མངའ་བ་དང་། བྱ་བྲན་སྒོང་རྒྱ་ལས་གྲོལ་ནས་ཀྱང་ཡུན་རིང་པོར་ཚང་དུ་བསྐྱེད་བསྲིང་བྱའི་དཔེས་བསྟན་ཏེ། ཕར་ཕྱིན་དུ་བསྐལ་པ་གྲངས་

(༡༡༦༧)མེད་ལ་སོགས་པར་ལམ་ལ་ཞུགས་ནས་ཅི་ཞིག་ན་འབྲས་བུ་མངོན་གྱུར་དུ་བྱ་བ་དང་། རྡོ་རྗེ་ཐེག་པའི་སྐབས་སུ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་སྒོམ་ཆེན་གྱི་ལུས་རྒྱའི་སྦུབས་སུ་རྩལ་རྫོགས་ཏེ་ལུས་ཀྱི་སྒོ་ངའི་རྒྱ་ལས་གྲོལ་མ་ཐག་དག་པ་གཉིས་ལྡན་གྱིས་ལ་མིག་འཕྲུལ་ལྟར་བཙན་ས་ཟིན་པའི་ངེས་པ་འདྲེན་རྒྱུ་ཡོད་པས་ཅིས་ཀྱང་ཡོན་ཏན་དེ་དག་མངོན་གྱུར་དུ་མཐོང་མི་དགོས་སོ། །འདིའི་ཚུལ་ཞིབ་པ་ནི། མཛོད་བདུན་ལ་སོགས་པ་མན་ངག་གི་བསྟན་བཅོས་རྣམས་སུ་བལྟའོ། །གསུམ་པ་ཕར་ཕྱིན་གྱི་སྒོམ་ལམ་དང་མཚུངས་པས་དེ་སྐད་དུ་བཏགས་བསྒོམ་ལམ་གྱི་རྣལ་འབྱོར་ཆེ་འབྲིང་ཆུང་གསུམ་ལས། དང་པོ་ཆུང་ངུའི་རྣལ་འབྱོར་ནི། དེ་ཉིད་ལས། སྟོང་འཛིན་ཡུལ་ཕུད་སྟོང་དང་མི་སྟོང་རྩིས་ལས་འདས གཉིས་ཆོས་ལས་འདས་གཉིས་མེད་རོ་གཅིག་རྟོགས་པ་ནི སྒོམ་ལམ་ཆུང་ངུའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པས། སྔར་གྱི་སྟོང་པ་ཉིད་སྤྲོས་བྲལ་གྱི་གནས་ལུགས་དབུ་མ་ལ་འཇོག་པའི་སྟོང་འཛིན་གྱི་ཤེས་སྒྲིབ་དེ་ཡལ་ནས།

(༡༡༦༨)སྣང་བ་དཀར་དམར་ལ་སོགས་པའི་འཆར་སྒོ་མཐའ་དག་སེམས་ལ་ཐིམ་པས་ཕྱི་གཟུང་ཡུལ་མངོན་དུ་འགྱུར་བ་མེད། སེམས་ཀྱི་འགྱུ་དྲན་ཐམས་ཅད་རིག་པ་བརྗོད་བྲལ་ལ་ཐིམ་པས་ནང་འཛིན་པའི་འདུ་ཤེས་གྲུང་པོ་དང་བྲལ་ཞིང་འཁོར་འདས་ཀྱི་རྟེན་འབྲེལ་ཐམས་ཅད་དུ་མ་རོ་གཅིག་ཏུ་ཤར་བ་ལ་མ་ཧཱ་མུ་དྲས་རོ་གཅིག་ཆུང་ངུར་བཏགས་པའོ། །གཉིས་པ་འབྲིང་པོའི་རྣལ་འབྱོར་ནི། དེ་ཉིད་ལས། ཡིད་ཆོས་ཉམས་ཟད་གང་ཤར་ཡུལ་ལ་འཛིན་པ་བྲལ སྣང་སེམས་འདྲེས་ཤིང་མཉམ་རྗེས་ཕལ་ཆེར་འདྲེས་པ་ནམ སྒོམ་ལམ་འབྲིང་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྲོག་རང་གྲོལ་ལ་སོང་ནས་ཆུ་ལ་ཆུ་བཞག་པ་ལྟར་ཟུང་འཇུག་བློ་འདས་སུ་རྟོགས་པའི་བསམ་གཏན་དེ་ལ་དེར་འཛིན་ཡིད་ཆེས་ཀྱི་གཉེན་པོའི་སྒྲིབ་པ་ཅུང་ཟད་ཡོད་པ་དེ་ཡང་བྲལ་བས་ཉོན་ཡིད་ཀྱི་རྣམ་ཤེས་དག །སྣང་སེམས་ལ་རང་བྱན་ཆུད་པའི་མཐུ་ལས་ཡང་དག་གི་དྲན་པས་སླེབས་པ་ཙམ་གྱི་སྤངས་གཉེན་རང་གྲོལ་དུ་ཤར། ཡུལ་དང་ཡུལ་ཅན་ཐ་དད་དུ་འཛིན་པའི་འདུ་ཤེས་སྤངས་པའི་མཉམ་

(༡༡༦༩)རྗེས་ཕལ་ཆེར་དུ་འདྲེས་པས་ཇི་ལྟ་བའི་མཉམ་རྗེས་སུ་གོ་ལ། འདིའི་མཉམ་རྗེས་ཀྱི་ངོས་འཛིན་ནི་རང་ལུགས་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་འདོད་པ་ཁོ་བོའི་མན་ངག་གོལ་ཤོར་ཚར་གཅོད་དུ་ཤེས་པར་བྱས་ལ། སྐབས་སུ་མཉམ་རྗེས་རང་ཚན་པར་ཤར་བའི་ཕྱིར་རྫོགས་ཆེན་སེམས་སྡེ་པས། མཉམ་གཞག་ལ་འཁོར་འདས་རོ་མཉམ། རྗེས་ཤེས་ཚོགས་བརྒྱད་སྒྱུ་མ་ལྟར་ཁོང་དུ་ཆུད་ནས་འཇིགས་པ་དང་བྲལ་བར་བཤད་པའང་འདིར་མཚུངས་ལ་སྦྱོར་བཞིའི་བཤད་པ་བཞིན་དུ་སྤྲོས་བྲལ་ཆེན་པོ་མི་ཐོས། རོ་གཅིག་འབྲིང་པོའི་སྨྲས་ཏེ་འདི་དང་མི་མཚུངས་ཙམ་སྣང་སྟེ། ལུགས་སྲོལ་འདི་ལ་རྡོ་རྗེའི་ཚིག་རྐང་གི་དགོངས་པ་འཕྱུགས་པ་མེད་པར་བཀོད་པས་བསྲེ་བསླད་མི་བྱ་ལ། རྣལ་འབྱོར་དབང་ཕྱུག་མི་ལའང་འདི་ལྟར་བཞེད་པ་ཡིན་ནོ། །གསུམ་པ་སྒོམ་ལམ་ཆེན་པོ་ནི། དེ་ཉིད་ལས། ཡལ་སྣང་སོ་མ་བཅོས་བསླད་མི་དགོས་སྒོམ་དུ་ཤར མཉམ་རྗེས་ཁོར་ཡུག་འདྲེས་ཀྱང་མཚན་འཁྲུལ་ཡོད་པ་ནི སྒོམ་ལམ་ཆེན་པོའི་རྣལ་

(༡༡༧༠)འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པས། སྔར་སྣང་སེམས་རོ་གཅིག་དུ་འདྲེས་ཤིང་། ཇི་ལྟ་བའི་མཉམ་རྗེས་ལ་རེས་འཇོག་ཡོད་པ་དེ་ཡང་བརྟན་པ་ཆེར་ཐོབ་སྟེ་ཉིན་སྣང་ལ་ཁོར་ཡུག་ཏུ་འདྲེས། འཇིགས་སྐྲག་ལ་སོགས་གློ་བུར་བའི་ཡུལ་སྣང་ལ་གཉེན་པོས་འཇུན་མི་དགོས་པར་རྗེས་ཐབ་ཀྱི་རྩལ་དུ་འཆར་བ་ལ་མ་ཧཱ་མུ་དྲས་རོ་གཅིག་ཆེན་པོར་བཏགས་པའི། །ཕར་ཕྱིན་ཐེག་པ་དང་བསྟུན་ན་སྐབས་འདིར་སྒོམ་ལམ་ཆེ་འབྲིང་ཆུང་གསུམ་གྱི་ཐ་སྙད་བཞག་ནས་འཕགས་ལམ་ཡན་ལག་བརྒྱད་བསྒོམས་ཏེ་ས་གཉིས་པ་དྲི་མ་མེད་པ་ནས་བཟུང་བཅུ་བ་ཆོས་ཀྱི་སྤྲིན་གྱི་བར་དུ་བགྲོད་པ་ཡིན་ལ། དེ་ཡང་འདི་ལྟར་མདོ་སྡེ་རྒྱན་གྱི་དགོངས་པ་ལྟར་ཆེ་འབྲིང་ཆུང་གསུམ་སོ་སོ་ལའང་ནང་གསེས་གསུམ་གསུམ་དུ་ཕྱེ་བས་དགུར་འགྱུར་བའི་ཆུང་ངུའི་ཆུང་དུས་ས་གཉིས་པ་དྲི་མ་མེད་པ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆུང་ངུའི་འབྲིང་གིས་ས་གསུམ་པ་འོད་བྱེད་པ་སྟེ་བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །ཆུང་ངུའི་ཆེན་པོས་ས་བཞི་པ་འོད་འཕྲོ་བ་སྟེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་གི་ཆུང་ངུའི་ས་ལྔ་པ་

(༡༡༧༡)སྦྱང་དཀའ་བ་སྟེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་གི་འབྲིང་པོས་ས་དྲུག་པ་མངོན་དུ་གྱུར་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་གི་ཆེན་པོས་ས་བདུན་པ་རིང་དུ་སོང་བ་སྟེ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆེན་པོའི་ཆུང་དུས་ས་བརྒྱད་པ་མི་གཡོ་བ་སྟེ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆེན་པོའི་འབྲིང་གི་ས་དགུ་པ་ལེགས་པའི་བློ་གྲོས་ཏེ་སྨོན་ལམ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆེན་པོའི་ཆེན་པོས་བཅུ་པ་ཆོས་ཀྱི་སྤྲིན་ཏེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ས་བཅུའི་འགྱུར་འདི་རུ་བརྩི་བ་ཡིན་པས་བྱང་ཆུབ་སེམས་དཔའ་དང་མཚུངས་ལ། དེའི་དང་ཚུལ་ནི་རྒྱུད་བླ་མ་ལས། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །དེ་ལྟ་མོད་ཀྱིས་རྡུལ་དང་། །རྒྱ་མཚོ་བ་གླང་རྨིག་རྗེས་ཆུ། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་པར་ཉིད། །ཅེས་ཕྲིན་ལས་ཀྱི་བྱེད་ཚུལ་འདྲ་བའི་ཆ་ནས་སེམས་ཅན་སྒྲོལ་བ་ལ་སངས་རྒྱས་དང་ཕྱོགས་མཚུངས་པར་བསྟན་

(༡༡༧༢)ཀྱང་། དོན་དུ་བྱ་བ་དང་བྱེད་པ་གཉིས་ཀའི་སྒོ་ནས་སངས་རྒྱས་ལྷག་པར་ས་རྡུལ་ལ་སོགས་པའི་དཔེས་བསྟན་པ་ཡིན་ལ། ཡོན་ཏན་གྱི་ཁྱད་པར་ས་གཉིས་པ་ནས་བཟུང་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྐད་ཅིག་མ་རེ་རེ་བཞིན་སྟོང་འགྱུར་དུ་སྡེ་བའི་ནུས་པ་མངོན་གྱུར་དུ་ཡོད་མེད་ནི་སྔར་ཁྱུང་དང་བྱ་བྲན་གྱི་དཔས་བཤད་ཟིན་ཏོ། ༈ བཞོ་པ་མི་སློབ་པའི་ལམ་ལ་ཆེ་འབྲིང་ཆུང་གསུམ་ཀྱི་དབྱེ་བ་ལས་དང་པོ་ཆུང་ངུའི་རྣལ་འབྱོར་ནི། དེ་ཉིད་ལས། དྲན་འདུན་རྩོལ་བའི་བློ་ཟད་མཉམ་རྗེས་ཁོར་ཡུག་འདྲེས གཉིད་དུས་འཁྲུལ་པའི་དྲི་མ་ཕྲ་མོ་ཡོད་པ་ནི མི་སློབ་ཆུང་ངུའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པས་ལམ་འོག་མ་རྣམས་སུ་རྗེས་ཐོབ་ཀྱི་རྩལ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཆོ་གས་དཔག་ཏུ་མེད་པར་རྫོགས་པའི་མཐུ་ལས། འདོད་ཁའི་ལྟ་བ་ལུང་རིག་གི་དངོས་པོས་རྟག་ཏུ་བཟོད་པ་ཟུང་འཇུག་དང་། གཉིས་མེད་དང་། བརྗོད་བྲལ་ཙམ་དུའང་འཛིན་པའི་ཁས་ལེན་མཐའ་དག་རང་སར་ཞིག་སྟེ་དེ་ལྟའི་ཤེས་པ་གྲ་མཉམས་ཤིང་མདོག་མ་བསྒྱུར་ལ། བློས་མ་བྱས་པའི་ཡེ་ཤེས་ཀྱི་ངོ་བོར་

(༡༡༧༣)བསྒོམ་བྱ་རྡུལ་ཙམ་མི་འདུག་པ་ལ་སྒོམ་བྱེད་གང་ནས་རྙད་མཉམ་པར་གཞག་བྱ་འཇོག་བྱེད་དང་བྲལ་བ་ལ་རྗེས་ཐོབ་གང་ནས་འཚོལ། ལྟ་བ་བཟང་པོ་ཤུབས་ནས་དོན་པ་ལ་དྲན་པས་གང་ལ་འཛིན། ཡོངས་ཡུལ་ཆོས་ཉིད་དུ་སོང་བ་ལ་ཡོངས་མཁན་སུས་བྱེད། དགོངས་པ་ཀློང་ནས་གྲོལ་ཏེ་གཏད་མེད་ཡེ་འབྱམས་སུ་སོང་བ་ལ་བྱ་རྩོལ་གང་ནས་བསྒྲུབ། འཁོར་འདས་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་ཞེན་མེད་ལྷུན་གྲུབ་ཏུ་མྱོང་བ་ལ་དྲན་པའི་སོ་པ་གང་ལ་འཛུགས་སྒོམ་པའི་ཞེ་འདོད་རྨིང་ནས་ཞིག་པས་གཞག་པས་ཆོག་གོ །འཇོག་རྒྱུ་ནི་མེད་དེ་ལྷུན་གྲུབ་ཏུ་འདུག་གོ །ཡོད་པ་ནི་མ་ལགས་ངོས་བཟུང་དང་བྲལ་ལོ། །མེད་པ་ནི་མ་ལགས་སངས་རྒྱས་ཀྱི་དགོངས་པ་ལགས་སོ། །ད་རེས་ཀློང་ཆེན་རབ་འབྱམས་ཀྱི་བུ་རྒྱུད་དུ་སོང་བས་རང་ཉིད་གཅིག་པུར་བྲག་ཕུག་ནང་དུ་ཆིག་དགོད་ཤོར་ནས། ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། ཞེས་མགྲིན་ཕ་ལོངས་སྤྱོད་ཀྱི་འཁོར་ལོའི་རྫ་རྡ་བརྡུངས་སོ། །དོན་རྨོངས་ཚིག་ལ་ཞེན་པ་ཁྱེད་ཅག་གིས་བལྟས་ན་ཧ་ཤང་གི་ལྟ་

(༡༡༧༤)བ་ཨི་ཡིན་སྙམ་པ་ལོས་ཡོད་ངོ་། །བོན་པོའི་ལྟ་བ་ཡིན་པ་འདྲ་དགོངས་པ་ལས་ཡང་ང་། །གེར་བུ་རྒྱང་འཕེན་པའི་གྲུབ་མཐའ་ཡིན་པ་འདྲ་སྙམ་པ་འདུག་གོ །ཧེ་ཧེ་དབུ་མ་རབ་ཏུ་མི་གནས་པ་ཡང་འདི་གར་འདུག་གོ །ཕྱག་རྒྱ་ཆེན་པོ་བློ་ལས་འདས་པ་ཡང་འདི་གར་འདུག་གོ །རྫོགས་པ་ཆེན་པོ་གདོད་ནས་རྣམ་དག་ཀྱང་འདི་གར་འདུག་གོ །གཞི་མེད་རྩ་བྲལ་གྱི་གདོན་ཆེན་རྣལ་འབྱོར་བའི་སྙིང་ལ་ཞུགས་ནས་ཅི་བྱེད་མི་གདའ། །ཀུན་གཞིའི་རྣམ་ཤེས་ཆོས་སྐུར་ཐིམ་པའི་སྨྱོན་པ་ལ་གཟའ་གཏད་ཀྱི་དྲན་པ་ཡོད་པ་མ་ལགས་པས། བྱ་རྒྱུ་དང་བྱེད་རྒྱུ་མེད་པའི་ངང་ལ་འདར་ཉལ་བྱས་ཏེ་བསྡད་པས་ཡུལ་ལྔའི་རང་གདངས་ཀྱི་ཤེས་པ་ཕྲ་མོ་དེ་ཉིད་ཡིད་ཀྱི་རྣམ་པར་ཤེས་པ་དང་འདྲེས་ནས་མི་གའོ། །འདྲེས་པ་དེ་སླར་ཡང་ཀུན་གཞིའི་རྣམ་ཤེས་ཀྱི་སྦུབས་སུ་ཆུད་པ་ལ་ཆོས་སྐུའི་འོད་གསལ་གྱི་མར་མེར་འབར་བས་རང་བཞིན་གྱི་སྤྲོས་པ་དང་བྲལ་བར་གནས་སོ། །དེ་ལྟ་ནའང་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱི་རྩལ་མ་རྫོགས་པས་སྔར་གྱི་ཀུན་གཞིའི་སྦུབས་སུ་འཐུམས་ནས་འོད་གསལ་གྱི་མ་ར་མེ་དེ་ནི་

(༡༡༧༥)ཤི་ནས་མི་འདུག་གོ །དེའི་ཚེ་མེད་ཤེས་ཁོ་གཅིག་པུར་ལངས་ནས་རྨི་ལམ་གྱི་གྲོང་ཁྱེར་ག་ལ་བ་དེར་ཕྱིན་ནས་སྣང་བ་དཀར་དམར་སྣ་ཚོགས་ཀྱི་བསླུས་པ་ཞིག་བྱུང་བས་འཁྲུལ་པའི་ཆ་ཤས་ཤིག་ད་རུང་འདུག་གོ །ཞེས་རང་ཉིད་ཀྱིས་ཇི་ལྟར་མཐོང་བའི་སྟེང་ནས་མིང་ཚིག་གིས་དྲངས་ནས་གསལ་ལ་དབྱིངས་ཆེ་བར་བཤད་པ་སྟེ། མ་ཧཱ་མུ་དྲ་བས་སྒོམ་མེད་ཆུང་ངུའི་མིང་འདོགས་ཙམ་ཆ་མཚུངས་སུ་སྦྱར། གཉིས་པ་མི་སློབ་འབྲིང་པོའི་རྣལ་འབྱོར་ནི། དེ་ཉིད་ལས། ཉིན་མཚན་ཀུན་ཏུ་འོད་གསལ་ཁོར་ཡུག་གཅིག་ཏུ་གྱུར གཉིད་ཀྱི་འོད་གསལ་ཕྲ་མོ་ཉམས་སུ་ཤར་བ་ནི མི་སློབ་འབྲིང་པའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པ་ལ་འདི་སྐད་འཆད་དོ། །ཉིན་སྣང་ལ་སྔ་མ་ལས་ལྷག་པའི་རྟོགས་པ་ཞིག་བཙལ་ཀྱང་མི་རྙེད་པ་ཞིག་ལགས་སོ། །མཚན་སྣང་ལ་སྔ་མ་ལྟར་སྣང་མ་ཆང་ཀྱི་ཐིམ་རིམ་ལུགས་འབྱུང་ལུགས་ལྡོག་གི་རྟེན་འབྲེལ་སྣ་ཚོགས་ལ་བརྟེན་མ་དགོས་པར། སུ་ལ་ལྔའི་བཟུང་ཡུལ་ནུབ་པའི་ངང་ལས་ཡིད་

(༡༡༧༦)གསུམ་གྱི་རྩལ་བག་ལ་ཞ་སྟི་མུན་པ་ལྟ་བུའི་གཏི་མུག་ཀྱང་མ་ཡིན་ལ། གསལ་ཆའི་གོ་ཡང་མི་ཕྱེད་པའི་མིང་རྟོགས་པའི་འོད་གསལ་ཞིག་ལ་གནས་སོ། །དེ་ནི་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱིས་སད་པར་མ་བྱས་ན་གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ་བ་ཡིན་ནོ། །ཞེས་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་ངོ་སྤྲོད་མཛད་བྱུང་བ་ཡིད་ལ་བཅགས་ནས་གྲུང་ཆ་བཏོན་པས་མི་མཇེད་ཀྱི་བཀོད་པའང་གསལ་ལམ་སྙམ་པའི་སྣང་ཆ་གོ་མ་འགགས་ལ་འདུ་ཤེས་གྲུབ་པ་ལས་འདས་པ་ཞིག་བྱུང་ངོ་། །དེ་ནི་གསལ་བའི་འོད་གསལ་གྱི་རང་བཞིན་ཡིན་ཏེ་ཆགས་ན་གཟུགས་ཁམས་སུ་སྐྱེ་བ་ཡིན་ནོ་ཞེས་ཀུན་མཁྱེན་བླ་མས་ཞལ་ཆེམས་སུ་བཞག་འདུག་པས་མཐའ་གྲོལ་ཀློང་ཡངས་ཆེན་པོའི་གནད་ལ་རྒྱུན་དུ་སློབ་པ་ཞིག་ལགས་སོ། །ཨ་ལ་ལ་ཧོ། ཕ་ཨོ་རྒྱན་ཆོས་རྗེའི་བྱིན་རླབས་དང་། །མ་ཡེ་ཤེས་ཌཀྐིའི་ཐུགས་རྗེ་ཡིས། །དབུ་མ་འོད་གསལ་གྱི་ཁང་མཛེས་ནང་། ངའི་དགོངས་པ་ཅོག་བཞག་ཆེན་པོར་འཁྱིལ། །སྤྱིར་སྙིང་ཏིག་ཟབ་མོའི་བཀའ་དྲིན་དང་། །སྒོས་ཀུན་མཁྱེན་བླ་མའི་དགོངས་གཏེར་གྱིས། །ངའི་ཉམས་མྱོང་སོགས་

(༡༡༧༧)ཉིའི་སྒྲོག་ལས་གྲོལ། །གྲོགས་གྲུབ་ཐོབ་ཚེགས་ཀྱང་གནོད་རྒྱུ་མེད། །ཚིག་དཔྱད་ལེགས་ཀྱི་སྟོང་པའི་འབྲུག་སྒྲ་དང་། །དོན་ལག་བསྟར་གྱི་གསེར་ཞུན་དངས་མའི་བཅུད། །དེ་བསྲེས་ཀྱང་འདྲེས་པ་མ་ལགས་པས། །ངའི་མན་ངག་ལ་བཅོས་བསླད་མ་བྱེད་ཅིག །ཐབས་ལམ་གྱི་བདེ་བའི་འོད་གསལ་དང་། །ཐོད་རྒལ་གྱི་སྣང་བའི་འོད་གསལ་གཉིས། །འདིར་འཆད་པའི་སྐབས་སུ་མ་བབས་པས། །མ་མཁའ་འགྲོའི་ཡང་ཏིག་དེ་ལ་དྲིས། །གསུམ་པ་མི་སློབ་ཆེན་པོའི་རྣལ་འབྱོར་ནི། དེ་ཉིད་ལས། གཉིས་སྣང་ཤེས་བྱའི་དྲི་མ་ཕྲ་མོ་དེ་ཟད་ཅིང་ གཞི་དང་ལམ་གྱི་འོད་གསལ་གཅིག་ཏུ་འདྲེས་པ་ནི མི་སློབ་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པས་ཕྱི་སྣང་བའི་ཡུལ་ཟད། ནང་འཛིན་པའི་སེམས་ཟད། ལས་དང་བག་ཆགས་ཀྱི་མཐའ་སྟོངས་ཏེ། གདོད་མ་གཞིའི་གནས་ལུགས་འཁོར་འདས་ཀྱི་བློས་སྒྲོམ་བཏགས་ཤིང་། འཁྲུལ་གྲོལ་གྱིས་མཚམས་ལས་འདས་པ། ཅི་ཡང་མ་ཡིན་ལ་ཅི་

(༡༡༧༨)ཡང་བྱར་བཏུབ་པ། གཞི་ཐོག་ནས་ཆོས་དྲུག་གིས་སངས་རྒྱས་པའི་ཡེ་ཤེས་འོད་གསལ་གྱི་སྦུབས་རང་བཞིན་གྱི་རྣམ་པར་དག་པ་དེའི་ངང་དུ་ད་ལྟའི་ལམ་གྱི་རིག་པ་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ་ཀའི་སྐྱོན་ཡོན་དགག་སྒྲུབ་ལས་འདས་པ་ནམ་མཁའ་དངས་བའི་ཀློང་ལྟ་བུ་འདི་འདྲེས་པས། བསྒོམ་བྱའི་ཆོས་མེད། བླང་དོར་ཀྱི་རིས་མེད། ཡིན་མིན་གྱི་རྩིས་མེད། ས་ལམ་གྱི་འཕྲང་མེད། སྐུ་གསུམ་འདུ་འབྲལ་མེད་པའི་ངང་དུ་ཉིན་མཚན་རིས་མེད་དུ་ལ་བཟློས་པ་ཞིག་ལ་ཟེར་བ་གདའ་སྟེ་རྫོགས་ཆེན་སེམས་སྡེ་ལས་ལྷུན་གྲུབ་ཀྱི་ཉམས་ཏིང་ངེ་འཛིན་ཐུན་མཚམས་ལས་འདས་པ་ཞེས་འཆད་ལ། མ་ཧཱ་མུ་དྲའི་སྒོམ་མེད་ཆེན་པོ་སྟེ་མན་ངག་དངོས་ནི་སྙིང་ཏིག་གི་དགོངས་པ་དང་སྦྱར་ནས་བཤད་པས་ཁྱད་པར་ཅུང་ཟད་ཡོད་པར་ཤེས་དགོས་སོ། །འདི་

(༡༡༧༩)ལྟ་བུའི་དགོངས་པ་དེ་སུ་ལ་མངའ་ན་གྲུབ་ཐོབ་ཆེན་པོ་རྣམས་ལའང་མནལ་ལམ་བྱུང་བའི་ལོ་རྒྱུས་འདུག་པས་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་། པཎ་ཆེན་བི་མ་ལའི་དགོངས་པའི་ཀློང་ཆེན་པོར་འཁྱིལ་བར་རྟོགས་པས་བླུན་སྒོམ་མུ་ཅོར་སྨྲ་བ་རྣམས་ཕུ་ཐག་མཆོད་པའི་ཅལ་ཅོལ་འུད་སྐད་དུ་མ་སྨྲ་བར་བག་ཡོད་པར་བགྱིད་ན་ཅི་མ་རུང་སྙམ་བ་ཤར་ཏ་ཡི་གེར་འགོད་པའང་ཐལ་ལོ། །སྐབས་འདིར་ཕར་ཕྱིན་ཐེག་པ་དང་བསྟུན་ན། སློབ་ལམ་བཞིར་བསླབ་བྱའི་ཚོགས་གཉིས་མཐར་ཐུག་པས་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་མངོན་དུ་གྱུར་ཏེ། ཕྲིན་ལས་ཕུན་སུམ་ཚོགས་པས་འགྲོ་བ་མཐའ་དག་བྱང་ཆུབ་གསུམ་ལ་འགོད་པ་སྟེ། དེའི་ངོ་བོའི་རྟེན་གྱི་ཁྱད་ནི་སྐུ་གསུམ་ཡིན་ལ། དང་པོ་ཆོས་སྐུ་ལ་དབྱེ་ན་གཉིས་སུ་ཡོད་པས་སྔར་སྨིན་བྱེད་ཀྱི་མཐར་བཤད་ཟིན་ལ། བརྗོད་བྱ་རྒྱས་པ་ནི་མངོན་རྟོགས་རྒྱན་དང་། རང་བཞིན་གྱི་རྣམ་དབྱེ་ནི་ཀུན་མཁྱེན་སངས་རྒྱས་གཉིས་པས་གསང་རྒྱུད་ཀྱི་དགོངས་པ་རྒྱ་མཚོ་ལྟ་བུར་དཔྱད་གསུམ་དག་པའི་གྲུ་གཟིངས་ཀྱིས་བརྒལ་ནས་

(༡༡༨༠)བཤད་པའི་ཕྱིར་བདག་འདྲས་སྨོས་ཅི་འཚལ་ལོ། །གཉིས་པ་ལོངས་སྐུ་ནི། འཁོར་བའི་ཆ་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་དབྱིངས་སུ་ནུབ་པས་ཆོས་སྐུ་དང་ངོ་བོ་གཅིག་ཀྱང་། སྣང་ཆའི་ཡོན་ཏན་མ་ལུས་པ་རྫོགས་ཏེ་ངེས་པ་ལྔ་དང་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཚུལ་གྱིས་རྟག་པ་རྒྱུན་དུ་བཞུགས་པ་སྟེ། དེ་ལ་ངེས་པ་ལྔ་ནི། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། སྟོན་པ་ངེས་པ་མཚན་དཔེ་རྫོགས་པའི་རྣམ་པར་སྣང་མཛད་ཀྱིས། །འཁོར་ངེས་པས་བཅུའི་སེམས་དཔའ་ལ། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག །དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་གྱིས་སྟོན་ལ། སྐུ་གསུམ་ཡན་ལག་བདུན་ལྡན་ནི། སེམས་ཅན་ཀུན་ལ་བརྩེ་བའི་ཐུགས་རྗེས་རྒྱུན་མི་ཆད་ལ། ཐུགས་རྗེ་ཆེན་པོ་ས་།ཐུགས་རྒྱུད་ཡོངས་སུ་གང་བ། འགོག་པ་མེད་པ་སྟེ་སྤྲུལ་སྐུའི་ཡན་ལག་གསུམ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་མེད་པ་སྟེ་ཆོས་སྐུའི་ཡན་ལག་གཅིག །ཟབ་རྒྱས་སྔགས་ཀྱི་ཆོས་འཁོར་ལ་རྟག་པར་ལོངས་སྤྱོད་པ་དང་། ཡེ་ཤེས་

(༡༡༨༡)ཀྱི་སྐུ་རང་འོད་ཀྱི་ཡུམ་དང་སྦྱོར་བས་ཁ་སྦྱོར། ཟག་མེད་ཀྱི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པ་སྟེ་ལོངས་སྐུའི་ཡན་ལག་གསུམ་དང་བདུན་ནོ། །གསུམ་པ་སྤྲུལ་སྐུ་ནི་ལོངས་སྐུའི་དབྱིངས་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་གདུལ་བྱའི་ངོར་གང་འདུལ་གྱི་སྤྲུལ་པའི་རོལ་པ་ཚད་མེད་པས། དབྱེ་ན་གསུམ་མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་བ་དེ་བཞིན་དུ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་སོ། །དེའི་ཕྱིར་ལུགས་དང་། །བྲིས་དང་གླེགས་བམ་ལ་སོགས་པ་ཐམས་ཅད་ནི་འགྲོ་བའི་བསོད་ནམས་འཕེལ་བའི་ཕྱིར་བཟོ་སྤྲུལ་པའོ། །དེས་ས་ལ་སོགས་པར་སྤྲུལ་ནས་ནད་དང་མུ་གེ་ལ་སོགས་པ་སྐྱོབ་པ་ནི་སྐྱེ་བ་སྤྲུལ་སྐུའོ། །མཆོག་གི་སྤྲུལ་སྐུ་ནི་མཛད་པ་བཅུ་གཉིས་ལ་སོགས་པ་སེམས་ཅན་འདུལ་བ་འགྲོ་བའི་བླ་མ་ཤཱཀྱ་སེང་གེ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་

(༡༡༨༢)ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བ་ཙམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་སོ། །དེ་དག་གི་བརྟེན་པ་ཡེ་ཤེས་ཀྱི་རང་བཞིན་ནི། གཞུང་ལུགས་ཆེན་པོ་རྣམས་སུ་ཤེས་ལ་ཁྱད་པར་ཀུན་མཁྱེན་ཆེན་པོའི་མན་ངག་གི་བསྟན་བཅོས་རྣམས་སུ་རིག་པར་བྱའོ། །དེ་ལྟ་ནའང་དེང་བརྗོད་བྱའི་ལམ་གྱི་གཙོ་བོ་རྡོ་རྗེ་ཐེག་པའི་བསྒྲུབ་བྱ་སྐུ་གསུམ་རང་ཆས་ཀྱིས་མཚན་ཉིད་ནི། རྡོ་རྗེའི་ཚིག་རྐང་ལས། རིག་སྟོང་དབྱེར་མེད་གང་དེ་ཆོས་སྐུ་ཉག་གཅིག་ཡིན རིག་པའི་ངོ་བོ་ཅིར་ཡང་མ་གྲུབ་སྟོང་པ་ཉིད ངོ་བོ་སྟོང་པ་ཆོས་ཀྱི་

(༡༡༨༣)སྐུ་ཞེས་དེ་ལ་བརྗོད རང་བཞིན་མ་འགགས་འཁོར་འདས་ཀུན་ཏུ་རང་གསལ་བ རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་སྐུ་དེ་ཉིད་ཡིན རིག་པའི་ཆོ་འཕྲུལ་མ་འགགས་ཅིར་ཡང་འཆར་བ་ནི ཐུགས་རྗེ་མ་འགགས་སྤྲུལ་པའི་སྐུ་ཞེས་དེ་ལ་བརྗོད དེ་གསུམ་དབྱེར་མེད་རོ་མཉམ་བསམ་བརྗོད་བྲལ་བ་ནི ངོ་བོ་ཉིད་སྐུ་ཞེས་བྱ་དེ་ལ་བརྗོད་པ་ཡིན རང་རིག་ངོ་བོ་ཅིར་ཡང་མ་གྲུབ་མཁའ་ལྟར་དག །དང་པོའི་སངས་རྒྱས་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན ཞེས་གསུངས་ལ་རྡོ་རྗེ་ཐེག་པའི་གྲོལ་སའི་མཐར་ཐུག་འདི་ཁ་ན་ཡིན་བས་འཁོར་འདས་སོ་སོའི་འཇུག་ལྡོག་ཐམས་ཅད་ཀྱི་རྩ་བ་རང་རིག་ཡེ་ཤེས་ཆེན་པོར་ལ་བཟློས་པ་ཞིག་གི་ཉམས་ལེན་ལ་ལག་བཅངས་སུ་བྱེད་པ་འོ་སྐོལ་རྣལ་འབྱོར་བའི་ལམ་ཡིན་པས་ཕར་ཕྱིན་གཞུང་ལུགས་པའི་འགལ་གྲུབ་བརྒལ་བརྟག་གི་རྟོག་པའི་དྲ་བ་དང་། ས་ལམ་གྱི་གཟབ་ཏུ་ཆུད་པའི་ངལ་བ་མཐའ་དག་ལས་གྲོལ་བའི་བློ་བདེ་རྒྱུན་ཆད་མེད་པ་ཞིག་ལགས་སོ། །དེ་ལྟ་ནའང་གཞུང་ལུགས་པར་རློམ་

(༡༡༨༤)སེམས་ཆེ་བ་དག་གིས་རྡོ་རྗེ་ཐེག་པའི་ལམ་ལ་ཡིད་གཉིས་ཟ་བའི་ཅ་ཅོའི་འགལ་སྒྲོག་དང་རྣལ་འབྱོར་པས་ལམ་གྱི་གནད་ཅུང་ཟད་ཙམ་ཡང་མི་ཤེས་པར་དོགས་པའི་ཉེས་པ་འགེགས་ཕྱིར་ཕ་རོལ་ཕྱིན་པའི་ལམ་ལ་གོམ་པའི་དགེགས་འཇོག་ཙམ་ཡང་བསྒྱུར་མ་མྱོང་སྟེ་ཀློང་ཆེན་རིག་པའི་རྩལ་གྱི་རྣམ་པར་དཔྱད་ནས་དབུ་མའི་རྩ་མདུད་གྲོལ་བའི་ལག་རྗེས་སུ་བྱས་པ་ལགས། སླར་སྨྲས་པ། དེ་ལྟར་དྲི་ཆིག་འོད་ཟེར་བརྒྱ་པ་ལས། ལེགས་འོངས་མཆིད་ལན་པདྨ་དཀར་པོ་ནི། །དགོས་འབྲེལ་མེད་པའི་ངག་གིས་བསྔགས་པ་མིན། །ངེས་པའི་དོན་ལ་སྦྱོར་བའི་ཕོ་ཉ་ཡིན། །ཤེས་རབ་གསུམ་གྱི་ལུས་སྟོབས་ཆེ་བའི་མཁས་གྲུབ་ཀློང་ཆེན་གཟིམས་པ་ལས། །མདོ་སྔགས་གཞུང་ལ་རྣམ་པར་དཔྱོད་པའི་སོར་རྟོག་ཡེ་ཤེས་མི་གཟུམ་ལ། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་གནད་ལ་རྟོག་བཏགས་འགལ་འདུའི་གྲུབ་མཐའ་ཡིས། །ནོར་འཛིན་བུ་མོའི་ལྟོ་བ་སྦྲུམ་ཚེ་ངེས་དོན་མན་ངག་འདི་བྱས་སོ། །ཐོས་བསམ་རྒྱ་མཚོ་ལམ་གྱི་གྲོགས་ཡིན་ལ། །བསྟན་པའི་སྙིང་པོ་སྒྲུབ་པར་བསྔགས་ན་ཡང་། །རྒྱ་

(༡༡༨༥)ཆེའི་གཞུང་ལ་དཔྱོད་པ་ཆེས་དཀོན་ཞིང་། གལ་ཏེ་སྲིད་རྣམས་རྣམ་གཡེང་དགའ་མས་མྱོས། དེ་ཕྱིར་དཔྱད་གསུམ་དག་པའི་མ་ཎི་ཀ ངེས་དོན་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས་མཆོག །ཟབ་དང་རྒྱ་ཆེའི་འོད་སྟོང་བཅུད་འདྲིལ་བ། །དེད་དཔོན་གྲུབ་པའི་དཔའ་བོས་བླངས་དེ་མཚར། །དོན་རྒྱུད་བྱིན་བརླབས་ཕབས་ཀྱིས་བྲན་པ་ཡིས། །ཀ་དག་བདུད་རྩིའི་ཉིང་ཁུ་འཐུངས་པ་ལས། །ཆོས་ཟད་རྟོགས་པས་མྱོས་པའི་རྒྱང་གླུ་དེར། །གྲུབ་པའི་རིག་འཛིན་ཡོད་ན་གསན་པར་རིག །རྣམ་གཡེང་ཚང་ཚིང་ནགས་ཀྱི་བས་མཐའ་རུ། །ཉོན་མོངས་རྩེ་འཇོར་རོལ་དང་ཆབ་གཅིག་པར། །མཐུན་འཇུག་ལག་རྐྱོང་གར་གྱི་འཚོ་བ་ཡིས། །ཡལ་གའི་རི་དྭགས་རྣམས་ལ་འདི་མ་འཚལ། །སྲིད་པ་ཆུ་ཤིང་ལྟ་བུའི་གྲོང་ཁྱེར་ནས། །གཡའ་གངས་བྲག་རིའི་གམ་དུ་བྲོས་ནས་ཀྱང་། །འོད་གསལ་ཏིང་འཛིན་གྲུབ་པ་དོན་གཉེར་བའི། །སྐལ་བཟང་གྲོགས་རྣམས་མཉེས་པའི་དགའ་སྟོན་མཛོད། །ཚེ་འདི་མི་རྟག་ལ་ཁའི་

(༡༡༨༦)ན་བུ་ན་འདྲ། །སྐྱེ་འཆིའི་སྣང་ཚུལ་བར་སྣང་གློག་ལས་མྱུར། །འཁོར་བ་གང་ལ་བརྟགས་ཀྱང་དུ ཁའི་གཞིར། །ངེས་པས་མི་ཚེའི་ལྷག་མ་ཆུད་མི་གསོན། ཧ་ཅང་ཐོས་པར་ཞེན་ཡང་གྲོལ་བ་མིན། །འཆད་རྩོད་རྩོམ་ལ་ཨ་འཐས་རློམ་སེམས་རྒྱུ། །དེ་ཕྱིར་འདུ་འཛིས་དབེན་པའི་བྲག་སྐྱིབས་སུ། །དབྱིངས་རིག་བསྲེ་བ་སྤྲང་པོའི་མདུན་མ་ཡིན། །འབྱུང་འགྱུར་ལུང་གི་རྔ་སྒྲ་མཐུ་ཆེ་བས། །འཚོ་བའི་འདུ་བྱེད་འཕྲོག་པའི་མ་མཱནྟ། །བོས་ཏེ་རིང་པོར་མི་ཐོགས་བཀུམ་ན་ཡང་། །གོང་མའི་གྲུབ་མཐའ་སྙོགས་ནས་སོང་བར་ངེས། །ད་ལྟ་ལས་ཀྱིས་འབྲེལ་བའི་མཆེད་ལྕམ་དང་། །ཕྱི་མཐར་བདག་ལ་དགའ་བའི་རྗེས་འཇུག་ཀུན། །གཅིག་པུར་སྙིང་པོའི་སྒྲུབ་པ་ལྷུར་ལེན་ལ། །ཁོ་བོའི་མྱོང་ཡིག་རྣམས་ལ་ནན་ཏན་གཟིགས། །དབང་ཆེན་མཁྱེན་བརྩེའི་འོད་ཟེར་ན་ཕྲ་ཡང་། །གུ་རུས་བྱིན་བརླབས་ཀློང་ཆེན་ཐུགས་ཀྱིས་བཟུང་། །ཐོས་བསམ་སྒོམ་པའི་ན་ཚོད་བརླིང་པ་དེས། །གདམས་པའི་གནད་ལ་འཕྱུགས་པ་མེད་པར་ངེས། །དབེན་པར་བག་ཡངས་སྤྱོད་པས་ལ་བཟླས་ཤིང་། །གང་དྲན་ཐོལ་

(༡༡༨༧)བྱུང་སྨྲས་པའི་མཐུ་བརྟས་ལས། །རེ་དང་དོགས་པའི་ཟོལ་གྱིས་མ་ཟློས་ཕྱིར། །ནོངས་ན་འཆགས་སོ་ཆོས་ཀྱི་དབྱིངས་སུ་མཉམ། །ལྷག་པས་དཀར་པོའི་ཆུ་ཁུར་ཞུ་བ་ལས། །མན་ངག་བདུད་རྩིའི་ཟིལ་མངར་བབས་པ་དེས། །ཉོན་མོངས་བག་ཆགས་ཆ་གདུང་བསལ་ནས་ཀྱང་། །རང་སྣང་གདོད་མའི་མགོན་པོར་བྱང་ཆུབ་ཤོག །རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་གཙང་མདའ་དཔོན་མེ་རུ་རྒྱབ་པས་ཇ་འབྲུ་དྭང་པོ་བདག་གཅིག །དགའ་ལྡན་ཁང་གསར་སྡེ་སྲས་ནས་བཟང་གོས་འཁོར་བརྒྱད་སྔོན་པོའི་ལ་ཤག་གཅིག །བསམ་ཡས་བགྲས་དཔལ་བུ་ཁྲིད་ནས་དངུལ་སྲང་དོ། །རྒྱ་གླིང་སློབ་དཔོན་བུ་དུད་ནས་དངུལ་སྲང་གང་། བཅས་ལ་པར་དུ་བསྐྲུན་པའི་དགེ་བས་འབྲེལ་ཐོག་ཚོགས་གཉིས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག །བཀྲ་ཤིས།།

(༡༡༨༨)

(༡༡༨༩)ཀློང་ཆེན་སྙིང་གི་ཐིག་ལེ་ལས། །གནས་ལུགས་རྡོ་རྗེའི་ཚིག་རྐང་། དེའི་དོན་འགྲེལ་རིག་འཛིན་མཁའ་འགྲོ་དགྱེས་པའི་གསང་གཏམ། །ཡིད་དཔྱོད་གྲུབ་མཐའ་འཇིག་པའི་ཐོ་ལུམ་སྙིང་ཕྱུང་ལག་མཐིལ་བཀྲམ་པའི་མན་ངག །གསང་བདག་དགའ་རབ་དཔའ་བོའི་ཐོབ་གླུ། །ཀུན་མཁྱེན་ཞལ་ལུང་བཅུད་རྩིའི་ཐིགས་པ། གོལ་ཤོར་ཆེར་གཅོད་སེང་གེའི་ང་རོ། །རྫོགས་པ་ཆེན་པོའི་གནས་ལུགས་བཅེར་མཐོར་བཅས་བཞུགས་སོ།

(༡༡༩༠)འུྃ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ གཞི་ཡི་གནས་ལུགས་སྤྲོད་དང་བྲལ གཞི་སྣང་རིག་པ་ཆོས་ཀྱི་སྐུ ལམ་ལ་བྱ་རྩོལ་ཡེ་ནས་དག དེ་ཉིད་མངོན་གྱུར་གྲོལ་ས་ཆེ འབྲས་བུ་གུང་དུ་བཅད་མ་ཡིན འབྲས་ཉིད་རྒྱུ་རུ་ཡོད་པའི་དུས ཆམ་གྱིས་གནས་པ་ཞི་གནས་ཡིན ཐོལ་གྱིས་ཤར་བ་རིག་པའི་གདངས ཧྲིག་གིས་རིག་པ་ལྷག་མཐོང་ཡིན ཅེར་གྱིས་ཡལ་བ་གདོད་མའི་ངང་ གཉུག་མར་གནས་པ་ཆོས་ཀྱི་སྐུ ཤེས་བཞིན་

(༡༡༩༡)འུྃ འཆར་བ་ལོངས་སྤྱོད་རྫོགས གནས་འགྱུ་གཉིས་མེད་སྤྲུལ་པའི་སྐུ སྐུ་གསུམ་རིག་པ་དེ་ལ་ཟེར ལྷོད་དེ་གནས་ལ་དེར་འཛིན་མེད ཧྲིག་གེར་འགྱུ་བ་ངོས་བཟུང་བྲལ ལྷང་ངེར་གྲོལ་ལ་རྗེས་ཤེས་མེད སྐུ་གསུམ་ལྷུན་གྲུབ་དེ་ལ་ཟེར ལྟ་བ་མེད་ལ་བྱིང་རྒོད་བྲལ སྒོམ་པ་མེད་ལ་ལྷུམས་སུ་ཞུགས སྤྱོད་པ་མེད་ལ་གཟའ་གཏད་བྲལ རྣལ་འབྱོར་དབང་ཕྱུག་དེ་ལ་ཟེར ཐོལ་གྱིས་ཤར་བའི་རྣམ་རྟོག་དེ རིག་ཅིང་དེ་ཁའི་རྒྱུན་སྐྱོང་

(༡༡༩༢)ན གཤིས་ལ་ཤོར་བའི་ལྷག་མཐོང་ཡིན མིང་ལ་རྗེས་ཐོབ་འདོག་ན་ཐོགས རྣམ་རྟོག་ཆོས་སྐུར་གྲོལ་བ་མིན ཐད་ཀར་རྩ་གདར་ཆོད་པ་དགོས ཡེ་ནས་རིག་པ་སྒྲོས་བྲལ་ལ ལྟ་སྒོམ་སྤྱོད་པའི་ཐ་སྙད་དང་ དེར་འཛིན་གཞི་རྩ་མེད་པར་སངས བཟང་རྟོག་ངན་རྟོག་ལུང་མ་བསྟན གང་གི་ཕྱོགས་སུ་མ་ལྷུང་ཞིང་ ཤར་གྲོལ་དབྱེ་བའི་མཁན་པོ་མེད ཤེས་རིག་རང་ཚུགས་མ་ཤོར་ན འདི་ལས་ལྷག་པ་གཞན་མ་དགོས མཁས་བཙུན་བརྒྱ་དང་གྲུབ་ཐོབ་སྟོང་ ལོ་པཎ་ཁྲི་དང་མན་ངག་འབུམ བསྟན་བཅོས་བྱེ་བ་ས་ཡ་དང་ མཇལ་ཀྱང་ཐེ་ཚོམ་བཅད་མ་དགོས༔ ས་མ་ཡ དྷ་ཐཾམ བུ་གཅིག་མཁྱེན་བརྩེའི་འོད་ཟེར་ལ ཤེས་རིག་ཀུན་ཏུ་བཟང་པོ་ཡིས བྱིན་རླབས་དགོངས་བརྒྱུད་ཚུལ་དུ་

(༡༡༩༣)འུྃ གནང་ ཀུན་ལ་མ་སྟོན་སྙིང་གར་སྤོས དེ་སྐད་འོག་མིན་བྲག་ཕུག་ཏུ ཆོ་འཕྲུལ་ཟླ་བའི་ཉེར་དྲུག་གི མུན་མཚམས་མཁའ་འགྲོ་འདུ་བའི་ཚེ རིན་ཆེན་ཤོག་སྐྱའི་ལོངས་སུ་ཕབ སྙན་བརྒྱུད་ཟབ་མོ་ཨ་ཐམ་རྒྱ་འདི་ཁོ་ནའོ འདི་ཁོ་ནའོ ༈ འདིའི་དོན་འཕྲེལ་ཀུན་མཁྱེན་ཞལ་ལུང་བདུད་རྩིའི་འཐིག་པ་བཞུགས། ༈ དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ལྟ་སྒོམ་སྤྱོད་འབྲས་དང་། །བྱ་རྩོལ་འཛིན་ཞེན་རང་སངས་གཉུག་མའི་ཀློང་ཐེག་པ་ཀུན་དང་མི་འདྲ་ས་ལམ་རྫོགས། ཨ་ཏི་གསང་བ་ཆེན་པོར་ཕྱག་བགྱིའོ། །རིག་པའི་རྒྱུད་སྔ་རང་བཞིན་རྫོགས་པ་ཆེའི། །རྣལ་མའི་དགོངས་པ་རིག་འཛིན་ཐུགས་ཀྱི་བཅུད། །མཁའ་འགྲོའི་སྲོག་

(༡༡༩༤)ཏིག་ཀློང་ཆེན་རབ་འབྱམས་མཛོད། །འདི་ནི་སྙིང་དང་མིག་ལས་ངེས་པར་གཅེས། །དེང་སང་འདི་ན་ལོ་ཟླ་ཇི་སྙེད་དུ། །ལམ་ལ་ཞུགས་རློམ་ལྷག་མཐོང་རྟོག་མེད་ཀྱིས། །མ་ཟིན་དཔྱོད་པའི་འདུ་ཤེས་གྲུང་པོ་ཡིས། །བསླུས་དག་ཡང་དག་ལམ་ལ་གཟུང་ཕྱིར་བཤད། །རབ་ལྟ་མཆོག་འཛིན་ང་རྒྱལ་བདུད་ཀྱི་བློས། །མཐོང་མ་ཐག་ཏུ་སུན་འབྱིན་མ་སྨྲ་བར། །གཟུ་པོའི་བློ་ཡིས་ཅུང་ཟད་ཡིད་གཞུངས་ལ། །ཇི་ལྟར་བདག་གིས་རྟོག་བཞིན་བཤད་ཀྱིས་ཉོན། །ཞེས་གདམས་ཏེ། དེ་ལ་བགྲང་བྱའི་ཁུར་མང་པོར་དབེན་པའི་བརྟུལ་ཞུགས་ཀྱིས་དུབ་པའི་སྒོམ་ཆེན་པ་ཇི་སྙེད་ཅིག་དང་། དེ་དག་གི་བོགས་དབྱུང་བའི་བཤེས་གཉེན་ངེས་གསང་རྫོགས་པ་ཆེན་པོའི་དོན་ལས་རིང་བ་ཕལ་གྱིས་སྒོམ་དོན་མཐར་ཐུག་གི་སྐྱེལ་སོ་གནས་ཀྱང་ངོ་ཤེས། འགྱུས་ཀྱང་ངོ་ཤས་ན་དེ་ལས་གཞན་པའི་ཐུགས་དམ་ཞིག་མི་དགོས་ཞེས་གསུང་གཅིག་ཏུ་བསྐྱུར་བས་ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལ་སྔ་འདྲིས་གཅིག་གིས་ཀྱང་ཉེ་རུ་མ་སོང་བར་ཧ་ཅང་རང་ཚོ་ཟིན་ངག་ཅིང་མི་

(༡༡༩༥)ཚེ་སྟོང་པར་འཛད་པ་ཕངས་ཆེ་ས་ནས་དྲེགས་པ་དང་རྒྱགས་པ་སོགས་མ་ཡིན་པར་དོན་དམ་ལྷག་བསམ་གྱིས་ཀུན་མཁྱེན་ཞལ་ལུང་ཞེས་བྱ་བའི་ཨུ་པ་དེ་ཤ་འདྲི་བ་ལ་ཡིད་ཕྱོགས་སོ། །དེ་ལ་སྙིང་ཏིག་ཐུན་མོང་མ་ཡིན་པའི་དགོངས་པ་རང་ལ་གནས་ལུགས་ཡེ་གྲོལ་རྒྱུ་འབྲས་ལས་འདས་ཤིང་ལྟ་སྒོམ་སྤྱོད་འབྲས་ཀྱི་ཕན་གནོད་མེད་པར་སྟོན་ཏེ། འོད་གསལ་གྱི་རྒྱུད་སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། །བསྒོམ་པ་བྱས་པས་ང་མི་རང་། རང་བྱུང་ཡེ་ནས་རྩོལ་མེད་ལ། །དཔྱོད་པ་བྱས་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་བས་ང་མི་མཐོང་། ཞེས་གསུངས་ཤིང་། ཁྱད་པར་རང་རིག་ཡེ་ཤེས་ཟང་ཐལ་དང་སེམས་རྟོག་མ་རིག་འཁྲུལ་གཟུགས་གཉིས་དབྱེ་ནས་རིག་པ་ཀློང་ཆེན་ཡངས་པའི་ངང་དུ་མཐའ་གྲོལ་རྗེས་མེད་དུ་བསྐྱངས་པས། སེམས་རྟོག་འགྱུ་འཕྲོའི་བག་ཆགས་ཐད་ཀར་དག་སྟེ་གོལ་ཤོར་ལས་འདས་པར་འཆད་ཀྱང་། དབང་པོ་ཤིན་

(༡༡༩༦)ཏུ་རྣོན་པོའི་གང་ཟག་ལས་སད་པ་རེ་ཙམ་གྱིས་མ་གཏོགས་ཇི་བཞིན་རྟོགས་དཀའ་བས། འདིར་ཆེད་དུ་སྨྲ་བའི་སྙིང་པོ་ངོ་བོ་ལ་འཕེལ་འགྲིབ་དང་བཟང་ངན་བྲལ་ཐོབ་མེད་ཀྱང་། རྩལ་གྱི་རྣམ་རྟོག་ཁོ་ནས་འཁོར་འདས་བར་ལག་འབྱེད་ཅིང་སྒོམ་ཆེན་པ་བསླུ་བའི་ཕྱིར་དེའི་རང་བཞིན་ཞིབ་ཏུ་སྙད་པ་ལ། དེ་ཡང་རིམ་སྐྱེས་པའི་དབང་དུ་བྱས་ན། རྣམ་རྟོག་ལ་གྲོལ་ལུགས་གསུམ་དུ་པཎ་ཆེན་བི་མ་ལའི་རྗེས་འབྲངས་རྣམས་བཞེད་པའི། འདི་ལྟར་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་གྱི་མི་དང་འཕྲད་པ་ལྟ་བུར་གྲོལ་བ། རྣམ་རྟོག་ཁོ་རང་གྲོལ་བ་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་གྲོལ་བ། རྣམ་རྟོག་ཕན་གནོད་མེད་པར་ཆོས་སྐུར་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུར་གྲོལ་བ་ཞེས་མཚོན་དཔེ་རྣམ་གྲངས་གསུམ་གྱིས་བཤད་པའི་དང་པོ་ནི། ཤེས་པ་གསལ་སྟོང་རྩེ་གཅིག་ཏུ་གནས་དུས་དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཆར་རབ་རིག་པ་སྟེ་གཟུགས་མེད་ཀྱི་ལྷ་དང་རྗེས་མཐུན་པའི་མཉམ་གཞག་འདུ་བྱེད་དབང་པོའི་རྒྱུན་འགགས་པ་ནམ་མཁའ་མཐའ་ཡས། གཉིད་འཐུག་པོར་བྱུང་ཚོར་འགག་།།།གཅི་ཡང་ མེད་པ། ཤེས་

(༡༡༩༧)ངོ་ལ་གསལ་སྣང་ངོ་ལ་འགགས་པ་རྣམ་ཤེས་མཐའ་ཡས། བདེ་བ་ཕྲིང་ཙམ་འོད་ཀྱང་སྣང་ངོ་ལ་ཅི་གང་མེད་པར་རྟོགས་པ་ཡོད་མིན་མེད་མིན་ཏེ་རང་བཞིན་རྒྱས་པ་ཀུན་མཁྱེན་ཆེན་པོའི་ཟབ་དོན་རྒྱ་མཆའི་སྤྲིན་ཕུང་གིས་དབྱེའོ། །དང་པོ་སྐྱེ་དུས་ནས་ཡོད་ཅིང་། དེ་ལ་བལྟ་བྱའི་རྣམ་རྟོག་དང་། ལྟ་མཁན་གྱི་དྲན་པ་གཉིས་སུ་ཡོད་པས་གཉིས་འཛིན་ནི་འཁོར་བའི་རྩ་བ་སྡུག་བསྔལ་གྱི་འབྱུང་ཁུངས་ས་ལམ་གྱི་བཀག་སོ་ཡིན་ཕྱིར་གནས་ཀྱང་ངོ་ཤེས་འགྱུས་ཀྱང་ངོ་ཤེས་པ་འདི་རྟོགས་པ་ཀློང་དུ་གྱུར་པའི་ཚེ་ནོར་ས་རྔམ་བོ་ཆེ་ཡིན་ནོ། །འོ་ན་སྔོན་གྱི་མཁས་གྲུབ་ཁ་ཅིག་གིས་དྲིས་ལན་དུ་འདི་ལྟར་བཤད་འདུག་པས་ཇི་ག་སྙམ་ན། དེ་ནི་ལས་དང་པོ་བའི་གང་ཟག་མོས་པས་སྤྱོད་པ་རྣམས་ལ་དྲན་པ་སྒོམ་གྱི་དངོས་གཞིར་བསྟན་ནས་འཁྲིད་པའི་སྐབས་ལ་དགོངས་ཀྱི་རྫོགས་ཆེན་གྱི་ལམ་ཅིག་ཆར་དུ་སྒྲ་ཇི་བཞིན་པར་བསྟན་པའི་སྐབས་མ་ཡིན་པ་ཤེས་པར་བྱ་ལ། དེ་ལྟ་མ་ཡིན་སྙམ་ན་ཀུན་མཁྱེན་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་

(༡༡༩༨)དཀར་པོར། དེང་སང་གི་བསམ་གཏན་པ་ཁ་ཅིག་ད་ལྟའི་རིག་པ་འོག་འགྱུ་འཕྲེང་གསུམ་པོ་འདི་སྤྲོས་བྲལ་ཡིན། གང་ཤར་ཅི་འགྱུས་སེམས་སུ་ངོ་ཤེས་ན་དེས་ཆོག་ཅེས་སྐྱེ་འགགས་གྲངས་སུ་འདེབས་པ་རྣམས་ཀྱང་གནས་ལུགས་ཀྱི་དོན་དང་གནམས་བས་ཀྱང་རིང་བ་ཡིན་ནོ། །ཞེས་གསུངས་པས་ཁྱེད་རང་ལ་ཆོས་སྐལ་མེད་བ་ཞིག་གོ། །གཉིས་པ་ནི། དེ་ལ་ཞེན་པ་མེད་པར་བསྐྱང་ཤེས་ན་བལྟ་བྱ་དང་ལྟ་མཁན་གྱི་འཛིན་སྟངས་ཞིག་ནས་མཉམ་བཞག་རྩེ་གཅིག་པས་ལྟ་མ་དགོས་པར་རྣམ་རྟོག་ཁོ་རང་གིས་ཁོ་རང་ངོ་ཤེས་ནས་རང་གྲོལ་དུ་སོང་བ་ལ་སྦྲུལ་གྱི་མདུད་པ་ལྟར་གྲོལ་བའི་ཐ་སྙད་བཏགས་ཤིང་། ཆོས་སྐད་ཀྱི་དབང་དུ་བྱས་ན། ཐབས་ཀྱིས་ཟིན་པས་རྗེས་ཐོབ་མཚན་ཉིད་པ་ཡིན་ལ། འདི་ལ་ཐེག་པ་གཞན་དག་ནས་རྩིས་ཅན་དུ་བྱེད་ཀྱང་རྫོགས་ཆེན་པས་ངོ་ཤེས་མཁན་གྱི་འདུ་ཤེས་གྲུང་པོ་དེ་ཁ་གོལ་སྒྲིབ་ཏུ་བཤད་ནས་གཉིས་སྣང་གི་ཤེས་སྒྲིབ་ཕྲ་མོ་ཡོད་པར་འདོད་ལ། དེའི་ཕྱིར་གནས་ཀྱང་ངོ་ཤེས་འགྱུས་ཀྱང་གོ་ཤེས་པ་འདི་

(༡༡༩༩)རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པས་དབྱད་ན་རྣམ་འབྱེད་ཤིན་ཏུ་ཕྲ་བ་ཡོད་པས་འདི་ཡང་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་དགོངས་པ་ཡིན་ནོ། །འདི་ལ་གྲུབ་པའི་མཐའ་ཁྱད་པར་ཅན་ལ་ཐོས་བསམ་གྱིས་དཔྱོད་པའི་མིག་ཟུམ་ཞིང་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཟང་ཀ་མ་བྲག་གི་སྐྱིབས་དང་མལ་གྱི་ནང་སོགས་དབེན་པས་མོས་གུས་ལམ་ལྷོངས་ཀྱི་ཕོ་ཚུགས་ཁོ་ནའི་མཐུ་ལས་ཀློང་ཆེན་དགོངས་པའི་གསང་མཛོད་མ་ལོངས་པའི་འཁྲུལ་ཞིག་ཏུ་རློམ་པ་ཁ་ཅིག་དང་རྟོག་གེ་པ་ན་རེ། འོ་ན་ངོ་ཤེས་མཁན་གྱི་རྟོག་པ་དེ་ཡང་མེད་ན་ཧ་ཤང་གི་ལྷབ་མུན་རྡོ་བ་དང་མཚུངས་སོ་ཞེས་ཟེར་རོ། །ལན་བཤད་པ་ཧ་ཤང་ལ་ཡུལ་སེམས་རྟོག་དང་ཡུལ་ཅན་རིག་བཟང་ཀམ་འབྱེད་པའི་གནད་མེད་ནས། སེམས་རིག་སྐབས་མ་ཕྱེད་པའི་ཤེས་པ་ལུང་མ་བསྟན་གྱི་ངང་དུ་དྲན་པས་མཚོར་བ་ཐམས་ཅད་འགགས་ནས་བརྒྱལ་བའམ། གཉིད་འཐུག་ལྟ་བུའི་གཏི་མུག་ཕྱོགས་གཅིག་ཏུ་ལྷུང་ངོ་སྙམ་པ་དང་། ཁྱེད་ཅག་

(༡༢༠༠)གི་འདོད་པར་ཧ་ཤང་ལ་ལྟ་བ་ནོར་བ་འདི་ལྟ་བུ་ཞིག་ཡོད་དོ་སྙམ་པ་ཅི་ཡང་མི་སེམས་པ་སྒོ་ང་ལྟ་བུའི་ཕྱོགས་སྔ་ཇི་བཞིན་འདིར་བཀོད་ནས་བརྗོད་ཀྱི་གཞན་དུ་ན་སངས་རྒྱས་ཕལ་པོ་ཆེ་ལ་སོགས་པའི་གསུང་རབ་མང་པོ་ཧ་ཤང་གི་བློ་ལ་བཞུགས་ཤིང་། ཀཱ་མ་ལ་ཤི་ལས་སྒྲ་རྩོད་དྲིས་པའི་ཚེ་ཕྱགས་ཤིང་ཀླད་ལ་བསྐོར་བའི་བརྔས་འཁོར་བའི་རྒྱུ་དྲིས་པ་ན་བེར་གྱི་ཐུབ་གཉིས་སྤྲུགས་ནས་གཟུང་འཛིན་གྱིས་ལན་བྱ་བའི་བརྡལ་ན་སྟོན་ནུས་པ་སོགས་དབང་པོ་ཤིན་ཏུ་རྣོན་པོའི་གང་ཟག་ཡིན་པར་བསྙོན་དུ་མེད་ལ། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ལ་སོ་སོར་རྟོག་པའི་ཤེས་རབ་སྤངས་པའི་ཉེས་པ་འཇུག་ན་སྐྱོན་འདི་རྒྱལ་བའི་ཡུམ་ལའང་འཇུག་པས་དོན་དམ་པར་ཧ་ཤང་གི་ལྟ་བ་ཡིན་མིན་རྫོགས་པའི་སངས་རྒྱས་ཁོ་ནས་མཁྱེན་གྱིས་གཞན་གྱིས་མ་ཡིན་ནོ། །རྫོགས་པ་ཆེན་པོ་ཡུལ་སེམས་རྟོག་ལ་ཡུལ་ཅན་ཡེ་ཤེས་ཀྱི་རྟོག་དཔྱོད་མ་ཤོར་བས་རང་རིག་གི་དྲན་པ་ཤེལ་གོང་གཡའ་དག་པ་ལྟ་བུའི་ངང་དུ་ཀུན་རྟོག་བག་ལ་ཞ་ནས་རང་ངོ་འཁྲི་གང་དང་འཕོ་འགྱུར་མེད་པ་མཐའ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པ་ལ་བཞུགས་པ་གཉིས་མཚུངས་པའི་ཡུལ་མེད་ལ། ཁྱད་པར་རྟོག་གེའི་རིག་པ་ངན་སྒྱུགས་དང་འདྲ་བ་ལ་བདུད་རྩིར་མངོན་ནས་སྤྱོད་ཅིང་འོད་གསལ་རྡོ་རྗེ་སྙིང་

(༡༢༠༡)པོའི་ལམ་ལ་གོམ་པའི་འདེགས་འཇོག་གཅིག་ཀྱང་མ་མྱོང་བར་རང་ས་ན་རྡོལ་ཐབས་སུ་ཟུག་པ་ཁ་ཅིག་གིས་ཐེག་པ་འདིའི་དགོངས་པ་ལ་ཧ་ཤང་མཚུངས་ཟླར་སྦྲན་ནས་སྤྱོ་བར་བྱེད་ན། རྒྱན་སྟུག་པོ་བཀོད་པའི་མདོ་ལས། སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། །དེ་ཉིད་ལྟ་བ་མ་ཞིག་ན། །གསོར་མི་རུང་བའི་ལྟ་ཅན་དེ། །སྨན་པས་བཏང་བའི་ནད་པ་བཞིན། །གསུངས་པ་འདི་ཁོ་ནའི་དགོངས་པ་ལ་ཤེས་རབ་གསུམ་གྱི་མིག་སྒྲུབས་ཤིག །གཞན་ཡང་ཡུམ་ལས། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད་སོགས་ཀྱི་དོན་དཔྱིས་ཕྱིན་པར་སོམས་ལ། སེང་གེའི་ཕྱི་ལ་གད་མཆོང་གཡང་མཆོད་མ་བྱེད་ཅིག་ཅེས་གདམས་སོ། །ད་ནི་ཚུལ་མ་ཡིན་པ་དེ་དག་བླ་ན་མེད་པའི་ལུང་གིས་རྒྱབ་སྐྱོར་ནས་བཟློག་པ་ནི། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོགས་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་

(༡༢༠༢)བྱུང་མིན། །ཞེས་དང་། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་གསུངས་ལ། །དེ་དག་གི་རྒྱུད་དོན་བདེ་བླག་ཏུ་བཀྲལ་བ་ནི་གདོད་མའི་མགོན་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་ངག་གི་དབང་པོས་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་དུ། དེང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དང་། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་བ་ནི་སྐྲའི་ཉག་མ་ལ་བགྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་མ་བརྟགས་པའི་གཏི་མུག་གིས་ལུས་སྒྱིངས་ཤིང་། ཕྲག་དོག་དང་ལོག་པར་རྟོག་པའི་གསེར་གྱི་དྲ་བས་གདོང་བ་རྒྱན་པ། གླང་པོའི་ངང་ཚུལ་གྱིས་ཤེས་

(༡༢༠༣)པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག །རང་ཡང་ཉོན་མོངས་པ་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་ཉེས་པ་དག་དང་ཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ་གང་ཤར་ཆོས་སྐུའི་རང་བཞིན་རྟོག་པ་ཟ་ཁམ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ། །ཞེས་པ་དང་། ཏིང་འཛིན་ཡིན་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས་གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དེང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ། །རྩལ་ལས་ཤར་བའི་རོལ་བ་ཞེས་བཤད་ཀྱི། །རང་བྱུང་གི་ཡེ་ཤེས་ཉིད་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་།

(༡༢༠༤)ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ངོ་ཤེས་མཁན་གྱི་འདུ་ཤེས་གྲུང་པོ་དེ་རྟོག་དཔྱོད་ཀྱི་རང་བཞིན་ཁོ་ན་སྟེ། སྒོམ་ཉམས་ཅན་གྱི་མདུན་སར། ལྷག་མཐོང་དང་བརྟག་དཔྱད་མ་ནོར་བ། ཞེས་གྲགས་ལ། དེ་བཞིན་དུ་གང་ཤར་གྱི་ངོ་བོ་ལ་ལྟ་བ་དང་། རང་ངོ་འཛིན་པ་དང་། གཤིས་ཐོག་ཏུ་གློད་པ་སྐད་དེང་སང་དར་ཆ་ཆེ་སྟེ་འདི་ཡང་དག་པ་མ་ཡིན་པའི་ཚུལ་ཀུན་མཁྱེན་བླ་མས། འདིར་ངོ་སྤྲོད་ལམ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་བ་དང་ལྟ་བ་དང་ངོས་འཛིན་ཏེ། རྟོག་པ་ཉིད་འཁྲུལ་ཞེས་བྱ་བའི་གནང་མགོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སང་ངེ་བ་ཐུགས་རྗེ་འཆར་ཚུལ་མ་འགགས་བའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་གི་ཡེ་ཤེས་རང་ས་ན་རྗེན་བར་གནས་བ་དེ་ཞར་ལ་ངོས་ཟིན་པས། ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་

(༡༢༠༥)གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ་ཞེས་གསུངས་སོ། །འོ་ན་འདིའི་སྐབས་སུ་སྒྲུབ་བྱེད་རྣམ་པར་དག་པ་དེ་གང་ཡིན་ཅེ་ན། གྲོལ་ལུགས་གསུམ་པ་རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་ཁང་སྟོང་གི་རྒུན་མ་ལྟ་བུ་དེ་ཉིད་རྣལ་འབྱོར་དབང་ཕྱུག་གི་ལམ་ཡིན་ཏེ་འདི་ལྟར་ཁང་པ་སྟོང་པའི་ནང་དུ་རྐུན་པོ་ཞུགས་ཀྱང་ཆོམ་རྐུན་ལ་ཐོབ་རྒྱུ་མེད། ཁང་སྟོང་ལ་ཤོར་རྒྱུ་མེད་པས་ཕན་གནོད་ཐོབ་ཤོར་གྱི་རང་བཞིན་ལས་ཡེ་ནས་འདས་པ་ལྟར། འདིར་རིག་པའི་ངོ་བོ་ཟང་ཐལ་རྟོག་དཔྱོད་ཀྱི་ཤེས་སྒྲིབ་དང་བྲལ་བའི་ཚུགས་མ་ཤོར་བ་དེ་ཉིད་སྒོམ་གྱི་སྙིང་རྡོའམ། གཉུག་མའི་དྲན་རིག་ཡིན་ལ། རྩལ་གྱི་རྣམ་རྟོག་ཇི་ལྟར་གཡོ་ཡང་དཔྱོད་བྱེད་གྱི་འདུ་ཤེས་དག་པས་ཤར་ས་ཤར་མཁན་མེད་པའི་རིག་སྟོང་རྗེན་པ་བློ་འདས་རྒྱ་ཡན་གྱི་ངང་དུ་ཆོས་སྐུ་འཕོ་མེད་རྒྱལ་བོའི་བཙན་ས་ཟིན་པའི་ཕྱིར་རྣམ་རྟོག་གི་ཕན་གནོད་མ་བྱས་པའི་སྒྲ་བཤད་བཞག་ལ། འདི་ནི་ཤིན་ཏུ་

(༡༢༠༦)རྣམ་དག་བཤད་དུ་ཕགས་བའི་ཨུ་པ་དེ་ཤ་སྟེ། གནས་འགྱུ་གང་ཡིན་ཡང་འདྲ་སྟེ་ངོ་ཤེས་མཁན་ཁོ་རང་ཡུལ་མེད་མཐའ་བྲལ་དུ་མ་སངས་ན། རིག་པ་རང་གསལ་མལ་ལས་གཡོས་ཏེ། ཡུལ་ཐོག་ཏུ་ཤོར་འབྱམས་ལ་གོམས་པའི་འཁྲུལ་སྣང་མཐུ་བརྟས་པ་ཉིད་ལས་རྟོགས་པ་མཐོན་པོར་ཇི་ལྟར་རློམ་ཡང་འཁོར་བའི་ས་བོན་རྒྱུན་ཆགས་སུ་གནས་ཤིང་། ད་ལྟ་ལམ་དུས་སུའང་དཔེར་མཚོན་ན་སྡུག་བསྔལ་དང་འཇིགས་སྐྲག་ལྟ་བུའི་རྣམ་རྟོག་ངོས་དྲག་པ་ཤར་བའི་ཚེ་རྣམ་རྟོག་ཁོ་རང་ངོ་ཤེས་པ་ཙམ་གྱིས་ཁྱེད་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་མཐའ་གྲོལ་དུ་སངས་པ་དེ་དགོད་འཆོར། རྣམ་རྟོག་དང་ལག་གདང་སྦྲེལ་བའི་སྒོམ་ཆེན་པ་དག་ལ་ངེས་གསང་རྫོགས་པ་ཆེན་པོའི་ལས་འབྲེལ་མེད་པས་ཅི་ཚུག་དྲག །ད་དུང་སྙིང་འགས་པ་འདྲ་བའི་གདམས་ངག་ཟབ་མོའི་གནད་བསྟན་གྱིས་ལོག་པའི་འདུ་ཤེས་རྒྱང་རིང་པོར་ཐོང་ལ་དར་ཅིག་ཉོན་དང་ཁོ་བོ་ནི་འདི་ལྟར་སེམས་སོ། །རྣམ་རྟོག་གི་ཕན་གནོད་མེད་པའི་གནད་ག་ནི་འོད་གསལ་རྫོགས་པ་ཆེན་

(༡༢༠༧)པོའི་ཉམས་ལེན་མཐར་སོན་ཏེ་ཁྲེགས་ཆོད་ཀྱིས་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་གིས་ར་གྲོལ་དུ་ཉེ་བ་དང་། ཐོད་རྒལ་གྱིས་སྣང་བཞི་ཟད་པའི་ཚེ་ལུས་རྡུལ་ཕྲན་དུ་དེངས་པ་འོད་དུ་གསལ་བས་སྐྱེ་འཇུག་ལ་རང་དབང་ཐོབ་ཅིང་འཕོ་བ་ཆེན་པོའི་སྐུར་བཞེངས་སུ་ཉེ་བ་ན། དེའི་ལམ་རྟགས་སུ་ལུས་དུར་ཁྲོད་ཀྱི་རོ་ལྟ་བུར་འགྱུར་རོ། །ངག་བྲག་ཅ་ལྟ་བུར་འགྱུར་རོ། །སེམས་པར་སྣང་གི་ན་བུན་ལྟ་བུར་འགྱུར་རོ། །ཞེས་བཤད་པ་འདི་ཁོ་ནས་ཤེས་ཏེ། ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་ནི་གཤེད་མ་བརྒྱས་བསྐོར་ཀྱང་ཉམ་ང་དང་བག་ཚ་བའི་ཀུན་རྟོག་རིག་པ་གཏད་མེད་ཀྱི་ངང་དུ་སངས་བ་ཡིན་ཏེ། ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་ནི་གཤེད་མ་བརྒྱས་བསྐོར་ཀྱང་ཉམ་ང་དང་བག་ཚ་བའི་ཀུན་རྟོག་རིག་པ་གཏད་མེད་ཀྱི་ངང་དུ་སངས་བ་ཡིན་ཏེ། འགོག་བའི་སྙོམས་འཇུག་ལྟ་བུའི་དྲན་མེད་ནི་མ་ཡིན་ནོ། །ངག་བྲག་ཆ་ལྟ་བུ་ནི་རིག་གདངས་ཀྱི་ཚོར་བགྲམ་ཉམས་པས་གཞན་གྱི་རྗེས་སུ་ཟློ་ཞིང་། སེམས་རྟོག་ཡུལ་དུ་འཛིན་པ་གཏན་ཟད་དུ་སོང་བས་ལན་འདེབས་པའི་འདུ་ཤེས་ཟད་པ་དེ་ལྟད་མོ་ཆེ། །འཇའ་

(༡༢༠༨)སྐུར་ཡལ་བའི་གང་ཟག་ལ་ཞལ་ཆེམས་ཡོད་པར་གླེང་བ་ནི། རྫོགས་པ་ཆེན་པོའི་རྒྱུད་དང་། མན་ངག་གི་སྲང་ལ་བཏེགས་ཚེ་བློ་ཆུང་དེ་དག་ཐོས་པ་ཆུང་བའི་སྐྱོན་དུ་ངེས་ལ། སྐུ་གདུང་འབར་བའི་རྒྱུད་ནས་ཐོད་རྒལ་གྱི་ཐིག་ལེ་གོམས་པའི་ཚད་བསྟན་པའི་སྐབས་སུ་ཡང་། གཏམ་རྒྱུད་བརྗོད་པ་ཟད་པའི་ཕྱིར། །གཞན་ལ་སྨྲ་བྱེད་བསམ་པ་ཡང་། །སྐྱེས་བུ་འདི་ལ་འབྱུང་མི་སྲིད། །སྒྲ་ཚིག་རྗེས་སུ་ག་ལ་འགྱུར། །ཞེས་དང་། འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གསལ་བར་བྱེད་པ་ཚིག་དོན་རིན་པོ་ཆེའི་མཛོད་ལས་ཀྱང་། ངག་བྲག་ཆའི་རྣམ་པ་ལྟར་བརྗོད་འཛིན་མེད་པར་སོང་བ་ནི་རྩ་གནས་ཀྱི་ཡི་གེ་རླུང་གི་ཐིག་ལེར་ཚུད་བ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོ་བརྗོད་དུ་མེད་པའི་དོན་ངག་གི་གྲགས་པ་ལ་ཞུགས་ཏེ། རབ་ཏུ་སྤྲོས་མེད་སྨྲ་བའི་ཡུལ་ལས་འདས་པའི་ཡེ་ཤེས་ལ་དབང་བའོ། །ཞེས་གསུངས་པས་ཀྱང་གོ་ལ་ངེས་ན་ཐེག་གཞན་གྱིས་བསྐྱེད་རིམ་ལ་གོམས་ནས་འདོད་གཟུགས་ཀྱི་ལྷ་དང་རྗེས་མཐུན་པར་རགས་ལུས་

(༡༢༠༩)དྭངས་མར་གནས་འགྱུར་ནས། ཞིང་ཁམས་རྣམ་དག་ཏུ་སོང་སྟེ་ལམ་ལྷག་མ་བགྲོད་པ་ལ་འཇའ་ལུས་ཀྱི་མིང་བཏགས་པ་དང་། རྫོགས་པ་ཆེན་པོའི་སྣང་བཞི་མཐར་སོན་པ་དགའ་རབ་རྡོ་རྗེ་ལྟ་བུའི་འཇའ་ལུས་གཉིས་གོ་འཕང་མཆོག་དམན་ཡོད་པ་མ་རྟོགས་པས་ནོངས་ཏེ། གནད་འདི་ནི་ཁོ་བོས་ཀུན་མཁྱེན་ཆེན་པོའི་མན་ངག་ལ་བརྟེན་ནས་རིག་སྟེ། འདིར་བཀོད་པ་ལ་རིག་འཛིན་གྱིས་ལ་བཞུགས་པའི་བླ་མ་དམ་པ་རྣམས་མཉེས་ནས་ཨེ་མ་ཧོ། །ཨ་ལ་ལ་ཞེས་གསུངས་པར་གདོན་མི་ཟའོ། །སེམས་པར་སྣང་གི་ན་བུན་ལྟ་བུ་ཞེས་པ་ནི། ཀློང་དྲུག་པ་ལས། རང་རིག་བསམ་ངོ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་པ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཐུན་མོང་མ་ཡིན་པར་སེམས་དང་རིག་པ། ཀུན་གཞི་དང་ཆོས་སྐུ་ཐ་དད་དུ་དབྱེ་བའི་ཕྱིར་རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་

(༡༢༡༠)ཁྱད་ཆོས་དྲུག་དང་ལྡན་པའི་གཞི་དབྱིངས་ཀུན་ཏུ་བཟང་མོའི་ཀློང་ཡངས་པར་འཁྱིལ་ཞིང་སེམས་རྟོག་དཔྱོད་བྱེད་ཀྱི་འདུ་ཤེས་པར་སྣང་ལན་བུན་ཡལ་བ་ལྟར་གཞི་མེད་དུ་དེངས་པའི་དགོངས་པ་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས་ཀྱང་། ནམ་མཁའི་ངང་དུ་སྣོད་བཅུད་སྟོང་པ་བཞིན། །དགག་སྒྲུབ་ཆགས་སྡང་དང་པོའི་དབྱིངས་སུ་ཡལ། །འདིར་སོང་མེད་པའི་རྟོག་ཚོགས་རྗེས་མེད་དེ། །བར་མེད་རིག་པའི་ངང་དུ་ཕྱལ་ཡས་ནས། །རེ་དོགས་འཛིན་བའི་ཆོས་ལས་འདས་པ་ཡིན། །གཟུང་འཛིན་སེམས་ཀྱི་བརྟོད་ཕུར་ཐོན་པ་ཡིན། །འཁྲུལ་སྣང་འཁོར་བའི་གྲོང་ཁྱེར་སྟོངས་པ་ཡིན། །དེ་ཕྱིར་ཕྱི་རོལ་ཡུལ་སྣང་ཆོས་རྣམས་དང་། །ནང་གི་རང་སེམས་འཆར་ཚུལ་རོལ་པའི་རྩལ། །ཐམས་ཅད་ཡེ་སྟོང་ཕྱལ་བར་སུས་ཤེས་པ། །ཕྱལ་བའི་གནད་དུ་ཆོས་རྣམས་བཀྲོལ་བ་ཡིན། །ཞེས་དང་། འཛིན་པས་མ་བཅིངས་བཟུང་བའི་ཡུལ་ལས་འདས། །དམིགས་གཏད་ཆོས་མེད་ཧར་སངས་རྒྱ་ཡན་པ། །མ་ཡེངས་

(༡༢༡༡)དྲན་པ་ཟད་པའི་དགོངས་པ་ནི། །མཁའ་ལྟར་ཕྱལ་ཡས་སྒོམ་དང་མི་སྒོམ་མེད། །འདི་ནི་ཀུན་བཟང་དགོངས་པའི་ཀློང་ཆེན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་འདི་ལྟ་བུའི་རྡོ་རྗེའི་ཚིག་བཀྲོལ་ནས་གསལ་བར་བཤད་ཀྱང་ད་དུང་ཡིད་ཆེས་མི་སྐྱེ་བར་གྱུར་ན་ནི་གདོད་མའི་མགོན་པོ་མིའི་རྫུ་ལ་ཞུགས་པ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་འདི་སྐད་དུ་ཨ་ལ་ལ་འདིའི་ཐེག་པ་དང་གཞན་ལ་ཁྱད་པར་གནམས་བས་ཀྱང་ཆེ་སྟེ། བསྟན་ཡང་མི་རྟོགས། བཤད་ཀྱང་མི་གོ། ད་དུང་ཆོས་ཀྱི་ཁ་འཛིན་ཙམ་ལས་ངོ་སྤྲོད་སྔ་མའི་སྟེང་དུ་འཇོག་པ་རྣམས་ལ། རང་བཞིན་རྫོགས་པ་ཆེན་པོ་སྙིང་ཐིག་གི་ལས་འབྲེལ་མེད་པས་ཅི་བྱས་ཀྱང་སངས་རྒྱས་པ་ལ་སྔ་འདྲིས་གཅིག་གིས་ཉེ་རུ་མ་སོང་བ། ཡི་མུག་ལ་དགོད་འཆོར་བ་མཚར་ཆེའོ་ཞེས་གསུངས་པའི་དོན་ཐོག་ཏུ་ཕེབས་པ་ཉིད་དོ། །འདི་ལྟར་ཁོ་བོས་རྒྱུད་ལུང་དབང་པོར་བཞག །ཉམས་མྱོང་དཔའ་གདེང་དུ་བསྐྱེད་ནས་རྫོགས་པ་ཆེན་པོའི་ལམ་དྲང་པོར་

(༡༢༡༢)བཤད་ཅིང་། རིག་པ་མ་ཡིན་པ་སུན་ཕྱུང་བ་ཡང་སྔ་བཞིན་གྱི་ཕྱོགས་སུ་རྒྱུག་པ་མ་ལགས་ཏེ། མདོ་སྡེ་རྒྱན་ལས། ཆོས་བཟང་རིག་པས་རྣམ་དཔྱོད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱིས་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་གསུངས་པས་ན་དེང་སང་སྙིགས་མའི་དུས་ཐེག་པ་འདིའི་དགོངས་པ་ཀློང་དུ་གྱུར་ནས་གྲུབ་མཐའ་སློང་ཤེས་པའི་བཤེས་གཉེན་དཀོན་ཅིང་། ཀུན་མཁྱེན་ཆེན་པོ་དངོས་དང་མཚུངས་པའི་རྒྱལ་ཚབ་རྫོགས་ཆེན་སྡེ་གསུམ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་བཀྲལ་བ་མཛོད་བདུན་རྩ་འགྲེལ་དང་སྙིང་ཐིག་གི་དགོངས་གཏེར་ཆོས་སྐུའི་རིང་བསྲེལ་དུ་ལྷུན་གྱིས་གྲུབ་པའི་བསྟན་བཅོས་རྣམས་ཀྱི་གཞུང་ལ་བལྟ་བར་མི་ནུས་ཤིང་དཔྱོད་པའི་ཤེས་རབ་ཀྱིས་ཕོངས་པས། ཐེག་མཆོག་སྙིང་པོའི་ལྟ་བའི་ཉིང་། བུ་ཡིད་དཔྱོད་ཀྱི་ལྟ་སྒོམ་དང་འདྲེས་ནས་ཆོས་སྐད་གྱ་གྱུར་སྨྲ་ཞིང་འཆལ་བར་ཤིན་ཏུ་ཕངས་ནས་ཚིག་ཉུང་དོན་གསལ་གྱི་མན་ངག་

(༡༢༡༣)འདི་ལྟར་ཆེད་དུ་བརྗོད་པའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱང་འཕེལ་ཏེ། རྩ་ལྟུང་གི་འགྲེལ་བར། ལྟ་བ་འོག་མ་གོང་མ་ལ་གཟུང་བ་དང་འདུལ་བའི་བསམ་པས་གཞན་དུ་གྲུབ་མཐའ་དམོད་པ་ནི་ཉེས་པ་མེད་དེ་བསོད་ནམས་ཀྱང་མང་དུ་འཕེལ་ལོ། །ཞེས་བཤད་ལ། དེའི་མཐུས་ཡེ་ཤེས་ཀྱི་ཆགས་ཆེན་པོར་འཕེལ་བ་ནི་གདོན་མི་ཟ་བ་ཉིད་དོ། །དེ་ལྟར་ཡང་མན་ངག་འདི་ཉིད་ལྟ་བ་གོ་ཡུལ་རྒྱས་འདེབས་སུ་ཤོར་བའི་གང་ཟག་ལ་བསྟན་ན་བྱ་ཤོར། བ་ལྟ་དྲེད་པོར་འགྲོ་ཞིང་། ལས་དང་པོ་བ་རྣམས་ནི་སོ་སོའི་རྒྱུད་ཚོད་ཉམས་དང་སྦྱར་ནས་རྣམ་རྟོག་ལམ་ཁྱེར་ལ་རིམ་པས་བ་སླབ་དགོས་ཕྱིར་འགའ་ཞིག་སྡངས་སྐྲག་སྐྱེས་ནས་འདོར་བའི་ཉེན་ཡོད་པས་ཁྱབ་གདལ་དུ་མི་སྟོན་པའི་བཀའ་རྒྱ་སྟོབས་བཅུ་མངའ་བ་ཉིད་ཀྱིས་གདམས་ཏེ། །ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ་ཞེས་ལས་དང་པོ་བ་ཐེག་པ་ལ་གསར་དུ་ཞུགས།

(༡༢༡༤)བདག་གི་མདུན་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེན་སྡངས་ཤིང་སྐྲ་གནས་ལོག་བར་ལྟ་བས་འདོར་དུ་འོང་བའི་ཕྱིར་རོ་ཞེས་གསུངས་ལ། དེ་བཞིན་དུ་མུ་ཅོད་སྨྲ་བའི་རྟོག་གེ་བ་ངག་ལའང་མན་ངག་འདི་དག་གི་ཟུར་ཙམ་ཡང་བསྟན་པར་མི་བྱ་སྟེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། ཚིག་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ནང་དུ་ཟུར་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ཀྱི་ཚིག་འདི་ཀུན་ཐོས་པས། །སྐྲག་པ་དང་སྡངས་པ་དང་བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ། ཡིད་ཕྱུང་ནས་སྐུར་བ་འདེབས་པས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་དེ་ཉམས་སུ་མྱོང་བར་གྱུར་པས་ན་བསྟན་ཅིང་ཐོས་པ་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །གསུང་གི་རྡོ་རྗེས་གསོལ་བ། ཀྱཻ་བཅོམ་ལྡན་འདས་ཉན་ཐོས་ལ་སོགས་པ་དེ་དག་ཀུན་དེ་ལྟར་འབྱུང་བ་དེ་ཅིའི་རྒྱུ་ལགས་ཞེས་དྲིས་སོ། །བཀའ་སྩལ་པ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་

(༡༢༡༥)བསྐལ་པ་གྲངས་མེད་ནས་གསང་སྔགས་ཀྱི་སྣོད་དུ་མ་གྱུར་ནས་བློ་ཆུང་བའི་ཕྱིར་ཏེ། དཔེར་ན་ཁབ་ཀྱི་མིག་ཏུ་རས་ཡུག་བརྫངས་པས་ཤོང་བ་མེད་ཅིང་འགྲོ་བའི་སྐབས་མེད་པ་དང་འདྲའོ། །ཞེས་གསུངས་པའི་དོན་ཐོག་ཏུ་བབ་ཕྱིར་ཤིན་ཏུ་གསང་བར་བྱ་ལ། དེ་ལས་གཞན་དུ་ཐེག་པ་འདི་ལ་མོས་པས་ཞུགས་ཤིང་ལམ་གྱི་གནད་མ་ལོངས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཆོས་ཉིད་ཟད་པར་ཐུགས་རྒྱལ་བ་རྣམས་ཀྱིས་འདི་ལ་གཟིགས་ཤིག །གཟིགས་ནས་ཀྱང་ཆོས་ཀྱི་དབྱིངས་ཅི་ཡང་མ་ཡིན་པའི་བདེན་པ་ཆེན་པོ་དང་། རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཐུགས་རྗེ་རྨད་བྱུང་དང་། ནགས་ཁྲོད་ཀྱི་སྤྲང་པོ་ཀུ་སུ་ལུ་པ་བདག་གིས་ལྷག་བསམ་རྣམ་པར་དག་པའི་མཐུ་རྣམས་ལས། འཆིང་བ་མཐའ་དག་སྐད་ཅིག་ལ་གྲོལ་ཏེ་མྱུར་དུ་ཀུན་ཏུ་བཟང་པོའི་དགོངས་པ་བརྗོད་མི་ཤེས་པ་ལ་རེག་པར་གྱུར་ཅིག །གལ་ཏེ་སྐལ་བ་དམན་ལ་ལོག་ལྟ་ཆེ་ཞིང་རང་རྩིས་ཀྱི་དྲེགས་

(༡༢༡༦)པས་རྒྱགས་པ་མཐའ་དག་གིས་མི་མཐོང་བར་རིག་འཛིན་བརྒྱུད་བ་དང་བཅས་པས་བྱིན་གྱིས་རློབས་ཤིག །ཨ་ལ་ལ་ཧོ། ཀློང་ཆེན་པོའི་མཁའ། སྙིང་ཆེན་པོའི་ཏིག །མིག་ཆེན་པོའི་འགྲིའུ། མཛོད་བདུན་གྱི་བཅུད་ལྟ་བུའི་ཤོག་དྲིལ་འདི་ཉིད་སྙིང་ཏིག་གཉན་པོའི་བཀའ་སྲུང་རྣམས་ལ་གཉེར་རོ། །ས་མ་ཡ། ས་མ་ཡ། ས་མ་ཡ། རྒྱ་རྒྱ་རྒྱ ཧོ་ཧོ། སྣང་བ་ནི་གཏད་མེད་རིག་པ་ནི་ཡེ་གྲོལ། །ལྟ་སྒོམ་ནི་བྱར་མེད་ཚོགས་དྲུག་ནི་རང་ཡན། །དྲན་འཛིན་དང་གཉེན་པོར་ལྟོས་གཞག་ནི་མ་དགོས། །རྫོགས་ཆེན་གྱི་བྱ་བ་ལ་ཆོས་ཟད་དུ་ཐལ་ཐལ། །ཐོས་བསམ་གྱིས་ཕོངས་བའི་བླུན་སྒོམ་གྱི་ཇོ་རྫུས། རྒྱུད་ལུང་དང་མན་ངག་དགྲ་བོ་རུ་མ་མངོན། །ཐ་སྙད་ཀྱི་རྟོག་བཏགས་མུ་ཅོར་ལ་ཞེན་པས། །ཆོས་བརྒྱད་ཀྱི་གྲོང་དུ་མི་མགོ་ནི་མ་བསྐོར། །བྲག་ཕུག་ཏུ་སྙིང་པོའི་སྒྲུབ་པ་ལ་གཞོལ་བས། །རང་བྱུང་གི་སློབ་དཔོན་པདྨ་དང་ཡབ་ཡུམ། །ནམ་མཁའི་དང་རྣལ་འབྱོར་ཀློང་ཆེན་གྱི་བྱིན་རླབས། །སྙིང་དབུས་ཀྱི་མི་ཤིགས་ཐིག་ལེ་རུ་བབས་ནས། །

(༡༢༡༧)འབད་རྩོལ་ལ་མ་ལྟོས་ལྷོད་གྲོལ་ལ་ལངས་སོང་། །སྣང་གྲགས་ནི་བརྡ་དང་དཔེ་ཆ་རུ་ཤར་མོད། །མགྲིན་པ་འདི་གདམས་པའི་བང་མཛོད་དུ་འདུག་གོ །གདམས་ངག་ནི་ཚིག་དང་དཔེ་ཧྲུལ་ལ་མ་ལྟོས། །ཀློང་ཆེན་གྱི་དགོངས་པའི་གསང་མཛོད་ནས་རྡོལ་བྱུང་། །གཟུང་འཛིན་གྱི་རྩ་རླུང་དབུ་མ་རུ་ཆུད་པས། །ཡེ་ཤེས་ལ་ཕོ་ཚོད་མ་དགོས་པ་ངོ་མཚར། །བྱིང་རྒོད་དང་འགྱུ་དྲན་གཏད་མེད་དུ་སངས་ནས། །རང་གྲོལ་ལ་གསལ་འགྲིབ་མེད་པ་འདི་སྐྱིད་དོ། །བསྒོམས་པའི་དང་སྡུག་བཙིར་བློས་བྱས་ཀྱི་ཅི་བྱེད། །མི་སྒོམ་པའི་བློས་བཏད་ཐ་མལ་དང་མ་ནོར། །སྒོམ་པ་དང་མི་སྒོམ་ཞེ་འདོད་ལས་ཐར་བའི། །ད་ལྟ་ཡེ་ཤེས་རིག་གདོང་གཏང་འདི་ཧོ་ཧོ། །ལོ་ཟླའི་དང་དཀའ་སྤྱད་སྡུག་བཙིར་གྱི་ཞེ་ཡུས། །མངོན་ཤེས་དང་རྫུ་འཕྲུལ་གྲུབ་རྟགས་ལས་འདས་ཀྱང་། །གཟུང་འཛིན་གྱི་རྩ་མདུད་སྙིང་ཁ་རུ་གྲོལ་བས། །རྫོགས་ཆེན་ཁོས་བསླུས་ཡོད་བསམ་པ་རང་མི་

(༡༢༡༨)གདའ། །རྒྱ་གར་གྱི་རིག་འཛིན་བད་འབྱུང་དང་བི་མ། བོད་ཡུལ་གྱི་བཻ་རོ་ཀློང་ཆེན་གྱི་དྲིན་ལས། གངས་ ཅན་འདིར་སྙིང་པོའི་བསྟན་པ་ནི་དར་ཟིན། །བྲག་ཕུག་ཏུ་ཆོས་ཉིད་ཟང་སར་རང་བསྐྱལ་གཏོང་། །དབང་བསྐུར་དང་བཀླགས་ལུང་བཤད་འབྱམས་ཀྱི་ཁྲིད་རྒྱུན། །འཇུག་སྒོ་ལས་བསྟན་པའི་སྙིང་པོ་ནི་མ་ཡིན། །མོས་གུས་དང་སྒྲུབ་ཚུགས་ཞེ་རུས་ཀྱི་ངང་ནས། །དོན་བརྒྱུད་དེ་སྙིང་ལ་བབ་པ་ཞིག་དགོས་སོ། །སྒྲུབ་བརྩོན་གྱི་སློབ་མ་ཀློང་གྲོལ་དང་སྐུ་གསུམ། །དག་སྣང་གི་བློ་ཅན་འོད་གསལ་དང་རིག་གྲོལ། །རྐྱེན་ངན་དང་ལྟ་སྒོམ་རྔོ་རུས་སུ་ཐུག་པས། །གྲུབ་ཐོབ་དེ་གོང་མའི་བཤུལ་ལ་མ་ལམ་ཆོངས་ཤོག །མདོ་མེད་ཀྱི་སྤྲང་པོ་འཁོས་ཁྱེར་དང་བྲལ་ཡང་། སྔོན་སྦྱངས་ཀྱི་ལས་འཕྲོ་ཅུང་ཟད་ཅི་གཡོད་དྲག །ཨོ་རྒྱན་གྱི་རྒྱལ་ཚབ་དམ་པ་དང་མཇལ་ནས། །ཉམས་རྟོགས་ཀྱི་ཕ་ཕོགས་དངོས་གྲུབ་ཏུ་ཐོབ་བོ། །ཀུན་མཁྱེན་གྱི་བླ་མ་དྲི་མེད་དང་འོད་ཟེར། །ཀུན་རྟོག་གི་སྣང་ཆར་ཞལ་མཇལ་དང་དབུགས་

(༡༢༡༩)དབྱུང་། །བརྡ་ཚིག་གིས་བྱིན་བརྒྱུད་སྙིང་དབུས་སུ་ཕབ་པས། །རྫོགས་ཆེན་གྱི་དགོངས་པ་འཁྲུལ་མེད་ཞིག་རྟོགས་སོ། །དེ་ཕྱིར་ན་འདི་རུ་ཀུན་མཁྱེན་གྱི་ཞལ་ལུང་། །ཡིད་དཔྱོད་དང་འདྲེས་པའི་རྫོགས་ཆེན་གྱི་ལྟ་བ། །དང་པས་ནི་ཆུ་དང་འོ་མ་ལ་ཇི་བཞིན། །སོ་སོ་རུ་འབྱེད་པའི་ཕོ་ཉ་རུ་མངགས་སོ། །འདི་ཀོས་ཀྱང་སྙིང་པོའི་བསྟན་པ་ལ་ཕན་ནས། །རི་སུལ་ཀུན་འཁྲུལ་ཞིག་བྱ་བྲལ་གྱིས་ཁེངས་ཤིང་། །སྐྲ་སེན་ཙམ་སྙིགས་མའི་ལྷག་མ་རུ་བཞག་སྟེ། །དགའ་རབ་དང་འཇམ་དཔལ་བཤེས་གཉེན་ལྟར་གྱུར་ཤོག །ཅེས་པའང་དཔལ་གྱི་བསམ་ཡས་མཆིམས་ཕུའི་གནས་ཀྱི་ལྟེ་བ་འོག་མིན་བྲག །བྲེ་གུ་བརྩེགས་པའི་དགེའུ་འོག་གི་དཔང་པོས་བསྲུངས་པའི་ཕྱོགས། གསང་ཆེན་མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་ཏུ་བཏགས་ཤིང་ངོས་འཛིན་པ་གྱིས་པའི་གནས་མཆོག་ག་ལ་བར། ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ། འཁྲུལ་པའི་སྣང་ཆ་ལ་ཀུན་

(༡༢༢༠)མཁྱེན་ངག་གི་དབང་པོའི་ཞལ་ཐེངས་གསུམ་མཇལ་ཞིང་། གསུང་གི་བདུད་རྩིས་དབུགས་དབྱུང་ནས་རྒྱུད་བྱིན་གྱིས་བརླབས་པའི་སྐལ་བཟང་དཔག་ཏུ་མེད་པའི་མཐུ་ལས། མཉམ་རྗེས་རིས་མེད་དུ་སངས་ཤིང་ཐེག་པ་འདིའི་རྒྱུད་དང་མན་ངག་བསྟན་བཅོས་རྣམས་ཀྱི་གཞུང་ལ་ཕྱི་ནང་ཞུས་དག་ཕེར་བའི་ངེས་ཤེས་གཏིང་ཚུགས་པའི་སྤོབས་བ་ཅུང་ཟད་རྙེད་པ་ལ་བརྟེན་རང་བཞིན་རྫོགས་པ་ཆེན་པོའི་དོན་རྒྱུད་ཀྱི་དགོངས་པ་ཟབ་མོ་ནུབ་པར་ཕངས་ནས། པདྨ་དབང་ཆེན་མཁྱེན་བརྩེའི་འོད་ཟེར་ཞེས་བགྱི་བའི་ཀུ་སུ་ལུ་བས་རང་ལོ་སོ་གཉིས་པར་སླེབས་ཤིང་། ཀུན་མཁྱེན་སངས་རྒྱས་གཉིས་པ་དེ་ཉིད་ཀྱིས་ཀྱང་བསྒྲུབ་གནས་འདི་ཉིད་རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་པར་བསྔགས་ནས་ཆུ་ཡོས་དགུང་ལོ་ལྔ་བཅུ་རྩ་དྲིག་བ་ཞེས་པའི་རྒྱལ་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་ཉིན། སྐུ་གདུང་ཉིད་ཆོས་སྐུའི་བཞུགས་སྟངས་ཀྱི་གདུང་ཆེན་ལྔ་དང་རིང་བསྲེལ་གྱི་འབྱུང་གནས་སུ་བཞག་ནས། འཇའ་འོད་ལ་སོགས་ཏེ་ཐེག་

(༡༢༤༡)སྔོན་བྱོན་གྲུབ་ཐོབ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟན་པ་རྗེས་ཐོབ་ཀྱི་རིག་པའི་རྩལ་ཆེན་རྫོགས་པ་ལ་དགོངས་ནས། རྩེ་གཅིག་སྤྲོས་བྲལ་རོ་གཅིག་སྒོམ་མེད་སོ་སོར་ཆེ་འབྲིང་ཆུང་གསུམ་གྱི་མིང་བཏགས་ནས་ས་ལམ་གྱི་དོད་པོ་བརྩི་བར་མཛད་པ་བཞིན་ནོ། །ལྷག་དོན་ཕྱིར་བས་པ་དག་སྤྲོས་བྲལ་མཚན་མ་ཅན་དུ་གོལ་བ་དང་། རྩེ་གཅིག་ཆེན་པོའི་བག་ཆགས་ལ་སྒོམ་པ་ཉིན་མཚན་ཁ་སྦྱོར་དུ་རློམ་སེམས་སྐྱེ་བ་སོགས། ཤེས་རབ་རྣམ་པ་གསུམ་གྱིས་བཏང་བར་ཟད་མོད། འདིས་མཚུངས་པར་མཐར་ཐུག་གི་གྲོལ་གཞི་དང་གོལ་ས་ཁྱང་ཆོས་དྲུག་ལྡན་གྱི་ཀུན་ཏུ་བཟང་པོའི་དགོངས་པ་ངེས་པར་ཤེས་དགོས་པ་ནི་རྫོགས་ཆེན་གསང་བ་སྙིང་ཐིག་པའི་ཟུར་སྐད་དེ། གནད་འདི་ལྟ་བུ་གོ་བར་བྱེད་པ་ལ་ཀུན་མཁྱེན་ཀློང་ཆེན་པའི་གསང་མཛོད་བརྟོལ་དགོས་པས་ཕྱི་རབས་སུ་དགོངས་བརྒྱུད་ཀྱི་འཕོ་བ་ཐོབ་པའི་དོན་གྱི་རྣལ་འབྱོར་པ་རིམ་པར་བྱོན་པ་དག་ལ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་ཁ་ཆེམས་

(༡༢༤༢)སུ་བྲིས་ཤིང་ད་ལྟ་བའི་དམིགས་བསལ་དག་པའི་སྣང་བ་ཅན་ཁྱབ་གདལ་ནམ་མཁའི་ཤེས་པས་ཟིན་བྲིས་སུ་བགྱིས་པའོ། །སྣང་བ་ནི་སྐྱེ་མེད་རིག་པ་ནི་ཡེ་གྲོལ། ཤེས་པ་ནི་ཟང་ཐལ་ཟུང་འཇུག་ནི་སྒྲོ་བཏགས། །ཁྱབ་བརྡལ་གྱི་དྲན་པ་བཟོ་མེད་དུ་ཆམ་ཆམ། །གདོང་འདེད་ཀྱི་སྣང་བ་ཅེར་གྲོལ་དུ་ཐལ་ཐལ། །ཕྱོགས་ལྷུང་ནི་མི་འདུག་རྫོགས་ཆེན་གྱི་ལྟ་བ། །སྣང་སྟོང་དང་ཟུང་འཇུག་མིང་ཚིག་དང་ཐ་སྙད། །ཨ་ཧོ་ཡ་སྤྲོས་བྲལ་ལ་སྒོམ་རྒྱུན་མི་གདའ། །སྲ་མཁྲེགས་ཀྱི་རྡོ་གདན་འགྱུར་མེད་ཀྱི་གདེངས་ཆེན། །རས་དཀར་གྱི་གུར་ཆུང་འཁོར་བ་ཡི་འཇིགས་སྐྱོབས། །བཟོ་མེད་ཀྱི་མཆེད་ལྕམ་རང་གྲོལ་གྱི་ཆོམ་བུ། །ཨ་ཧོ་ཡེ་སྣང་སེམས་ནི་སུ་འདྲ་ལས་བདེ་འུག །ལྟ་སྒོམ་ལས་འདས་པ་རྫོགས་ཆེན་གྱི་རྣལ་འབྱོར། །བྱུང་རྒྱལ་གྱི་སྤྱོད་པ་ཚད་ཕེབས་ཀྱི་རིག་མདངས། །སྐྱིད་ཉལ་གྱི་ངང་དུ་སྣང་སེམས་ཁོ་ཁྲལ་ཁྲོལ། །རྟོགས་གྲོལ་ཁོང་ཉམས་ལེན་གྱི་མཐར་།ཐུག་རང་ཡིན་ནོ། །ཐབས་ཤེས་ཀྱི་རྐང་པ་འདེགས་འཇོག་ཏུ་བསྒྱུར་ནས། །རི་སུལ་གྱི་དབེན་ཁྲོད་འབན་རྩོལ་གྱིས་སྙོགས་

(༡༢༤༣)པས། །བྲག་སྐྱིབས་ཀྱི་བསྟི་གནས་རྟོག་བྲལ་གྱི་གནས་སུ། །ནམ་མཁའི་དང་རྣལ་འབྱོར་ཀློང་ཆེན་དང་མཇལ་ནས། །ཤུགས་འབྱུང་གི་ཉམས་རྟོགས་རྒྱང་གླུ་རུ་བླངས་ཡོད། །ཡེ་གདངས་ལ་བདེ་སྡུག་བླང་དོར་ནི་མ་གྲུབ། །སྣང་བ་ཡི་རྫུན་ཕུག་རིག་སྟོད་གི་ཚང་དུ། །མཉམ་རྫོགས་སུ་ཐིམ་པ་ཀུན་བཟང་གི་དགོངས་ཀློང་། །ཆམ་བརྡལ་གྱི་ཆོས་སྐུའི་རྒྱལ་སྲིད་དང་མཇལ་བྱུང་། །འདིར་འདུས་ཀྱི་སྐལ་ལྡན་མཆེད་ལྕམ་དེ་ཕོ་མོ། །འཁོར་བ་ལ་མ་ཞེན་འཛིན་མེད་ཀྱི་རིག་སྟོང་། །ཆམ་ཡངས་ཀྱི་རང་གཤིས་ལྷུག་པ་རུ་སྐྱོངས་དང་། །གདོད་མ་ཡི་གཞི་དབྱིངས་ལ་མཉམ་གྲོལ་དུ་ཆས་འགྲོ། །ཞེས་རྡོ་རྗེའི་གླུ་གར་ཀྱང་མིག་འཕྲུལ་ལྟ་བུར་བརྩེས་པའོ། །བཀྲ་ཤིས་

(༡༢༤༤)

(༡༢༤༥)ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་འཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་འཆི། །ལན་གསུམ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱི། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་

(༡༢༤༦)རྙེད་པ་ལྟར། །དེ་བཞིན་ཅི་ཞིག་ལྟར་སྟེས་ན། །བྱང་ཆུབ་སེམས་འདི་བདག་ལ་བརྙེད། །བདག་གིས་དེ་རིང་སྐྱོབས་པ་ཐམས་ཅད་ཀྱིས། །སྤྱན་སྔར་འགྲོ་བ་བདེར་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་འཇུག་པ་དང་། །སངས་རྒྱས་རྣམས་ཀྱིས་ཡེང་བ་ཟུང་ནས། །བདུད་ཀྱི་ལས་རྣམས་སྤང་པ་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡེ་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐང་བ་དེ་དང་ལྡན་གྱུར་གཅིག །ངན་འགྲོ་ཐམས་ཅད་རྟགས་ཏུ་སྟོང་བར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །

(༡༢༤༧)ཀློང་ཆེན་སྙིང་གི་ཐིག་ལེ་ལས། སྲུངས་གཏོར་བསྡུས་པ་དང་། དཀར་གསུར་ཞིང་ཁམས་ཀུན་ཁྱབ། དམར་གསུར་འདོད་ཡོན་རྒྱ་མཚོ། གསོན་གཤིན་གྱི་བསྔོ་བ་ཉི་མའི་འོད་ཟེར། དུས་མཐར་གདབ་པའི་སྨོན་ལམ་བཅས་བཞུགས་སོ། །

(༡༢༤༨)འུཾ། སྒུངས་གཏོར་ཤིན་ཏུ་ཁྱེར་བདེ་བ་གཏོར་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ་སོགས་ལན་གསུམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ཇོ་བོ་ཁ་སར་པཱ་ཎིའི་སྐུ། །བཞེངས་སྟབས་ཕྱག་གཡས་མཆོད་སྦྱིན་ཅན་གསལ་བའི། །མདུན་རྣམ་པར་སྣང་མཛད་གད་ཆེན་མཚོ། །སྐུ་ལ་ཞིང་ཁམས་རྫོགས་པའི་གཙུག་ཏོར་ནས། །མགྲིན་པ་ཡན་ཆད་དཀོན་མཆོག་སྲི་ཞུའི་མགྲོན། །དེ་བཞིན་ཐུགས་ཀར་ལྟེ་བའི་བར་དག་ལ། །མགོན་པོ་ཡོན་ཏན་སྐུ་སྨད་སྙིང་རྗེའི་མགྲོན། །པད་གདན་བགེགས་རིགས་ལན་ཆགས་གསལ་བ་ལས། །ཐུགས་ཀར་ཡི་གེ་དྲུག་མའི་འོད་ཟེར་གྱིས། །མཆོད་ཡུལ་མཉེས་བྱས་སྦྱིན་ཡུལ་སྡིག་སྒྲིབ་སྦྱངས། །ཁམས་གསུམ་མ་ལུས་དག་པའི་ཞིང་དུ་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི བརྒྱ་རྩ་བརྗོད། ཧྲཱི བདག་ཉིད་ཐུགས་ལས་བྷྲཾུ་ཆད་ཡོངས་གྱུར་ལས། །སྟོང་གསུམ་དང་མཉམ་རིན་ཆེན་

(༡༢༤༩)འུཾ། སྣོད་ནང་དུ། །འབྲུ་གསུམ་ཞུ་ལས་བདུད་རྩིའི་རྒྱ་མཚོ་ནི། །འདོད་ཡོན་ལོངས་སྤྱོད་ནམ་མཁའི་མཛོད་དུ་གྱུར། ༈ ཁམས་གསུམ་དག་པའི་ཞིང་། །སྲིད་གསུམ་ཐུགས་རྗེའི་མགྲོན། །མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་ནུས་པའི་མཐུས། །གཏོར་མ་མི་ཟད་པའི་གཏེར་དུ་སྤྲུལ་ནས་འབུལ་ལོ། །ཨོཾ་ཨཱཧཱུྃ། ལན་བདུན། ན་མ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས། སམྦྷ་ར་བརྒྱ་རྩ་དང་ཆུ་ཐོགས་རིལ་བུ་དེ་མཚུངས་ཕུལ། མས་མཐོན་ལ་དམིགས་ནས་དེ་བཞིན་གཤེགས་པ་རིན་ཆེན་མང་སོགས་བཞིའི་མཚན་བརྗོད་ལ་གཤེགས། དེ་ནས་ཆུ་སྦྱིན་ནི། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་བབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ནས་ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི བརྒྱ་རྩ་བརྗོད། དེ་ནས་པྲེ་ཏལ་དམིགས་ནས། ཨོཾ་ཛ་ལ་མེ་ཏཾ་སརྦ་པྲེ་ཏ་བྷྱ་སྭཱ་ཧཱ། ཚར་གསུམ། ཡི་དྭགས་ཀྱི་ཚོགས་གངྒཱའི་ཀློང་གི་བྱེ་མ་སྙེད་ངོ་མ་ཞིང་ཚིམ་པར་གྱུར་ཅིག །ཆོས་སྦྱིན་ནི། སྡིག་པ་ཅི་ཡང་མི་བྱ་ཞིང་། །སོགས། སྨོན་ལམ་ནི། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །

(༡༢༥༠)སོགས་བརྗོད། །ཅེས་པ་ཙམ་གྱིས་ཀྱང་རྒན་རྒོད་དང་ཤེས་བྱ་ལ་རྨོངས་པ་རྣམས་ལ་དགེ་བའི་གྲོགས་སུ་འགྱུར་ཏེ། ཁ་འབར་མ་དང་། གཟུགས་ལེགས་ལ་སོགས་པ་སྟོན་པའི་གསུང་རབ་རྣམས་ནས་མཚན་བཞི་ཡོད་མེད་གཉིས་གྱིས་ཁྱད་ཙམ་ལས་གཞན་མ་གཏོར་མའི་དོན་པོ་གཟུངས་སྔགས་ཁོ་ནའི་ཕན་ཡོན་ལས་ཚིག་གི་སྦྱོར་བ་མ་གསུངས་པའི་ཕྱིར་རོ། །ཞེས་པའང་བློ་དམན་འགའ་ཞིག་གིས་ཆུ་གཏོར་གྱི་ཆོ་ག་ཁོང་དུ་མི་ཆུད་པ་ལ་ཕན་བློས་རང་བྱུང་རྡོ་རྗེས་སོ། །༈ དཀར་གསུར་ཞིང་ཁམས་ཀུན་ཁྱབ་ཅེས་བྱ་བ། དཀར་ཕྱེ་གཙང་མ་མར་དཀར་གྱི་ཁུ་བས་སྦགས་པ་སྣུམ་བག་ཅན་གྱི་ཁྲོད། །ཤིང་ཏོག །དཀར་གསུམ། མངར་གསུམ། རིན་པོ་ཆེ་བདུད་རྩིའི་ཕུར་མ་སོགས་ཀྱང་བཏགས་ནས་འདྲེས་པར་བྱས་བ་སོལ་མེ་དང་། སོ་ཏོག་ལ་སོགས་མ་ཡིན་པའི་མེ་ཐལ་འཇམ་པོ་ལ་བཏབ། ཆུ་གཙང་ཁོ་ནས་བྲན། རང་ཉིད་ཇོ་བོ་ཁ་སར་པཱ་ཎིར་གསལ། སྐྱབས་སེམས་སྔོན་དུ་འགྲོ་བས། ༈ ན་མོ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་ངག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལ་མི་འདའ་ཐུགས་རྗེའི་

(༡༢༥༡)འུྃ། དབང་གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་བའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཞིང་ཁམས་རྒྱ་མཚོའི་མགྲོན་རིགས་མཆོག་དམན་ཐམས་ཅད་བྱོན་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཨོཾ་ཨཱཧཱུྃ་ལན་བདུན་བརྗོད། །དུ་བ་འདི་འདོད་ཡོན་གྱི་ལྷ་མོ་གཟུགས་རྡོ་རྗེ་མ་མཛོས་ཤིང་ལྟ་ན་སྡུག་པ། དབྱངས་སྙན་པ། དྲི་ཞིམ་པ། རེག་བྱ་འཇམ་པ། ཕྱག་གཉིས་ན་ལྷའི་བདུད་རྩི་རོ་བརྒྱ་དང་ལྡན་པའི་བུམ་པ་བསྣམས་ནས་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པར་སྤྲོ་ཞིང་། སྣོད་བཅུད་ཀྱི་ཉམས་གྲིབ་དང་རྨུ་གབ་དག་པར་བྱེད་པའི་སྤྱི་གཙུག་ན་སངས་རྒྱས་རིན་ཆེན་མངས་ཕྱག་གཡས་མཆོག་སྦྱིན་གྱི་རྒྱས་དབུལ་བ་སེལ་ཞིང་། འདོད་ཡོན་གྱི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་དུ་སྤྲུལ་པར་གྱུར། ན་མ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏ་ཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ན་མོ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་དགོངས་

(༡༢༥༢)བརྡ་སྙན་རྒྱུད་ཀྱི་བླ་མ་དམ་པ་མ་ཚང་བ་མེད་པ་རྣམས་དང་། ཐེག་པ་རིམ་པ་དགུ། །མདོ་སྒྱུ་སེམས་གསུམ། སྒྲུབ་སྡེ་བཀའ་བརྒྱད་རྒྱུད་སྡེ་ཕྱི་ནང་། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་ཡས་གྲངས་མེད་པ་ལ་འབུལ་ལོ། །བདག་གི་རིག་འཛིན་གྱི་སྡོམ་པ་དང་དམ་ཚིག་ལ་ཉེས་པའི་སྐྱོན་བྱུང་བ་ཐམས་ཅད་སོར་ཆུད་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་བ་སྩལ་དུ་གསོལ། ཨོཾ་ཨཱཧཱུྃ། ཕྱི་སྣོད་ཀྱི་འཇིག་རྟེན་ཡུམ་ལྔའི་རང་བཞིན། ནང་བདུད་ཀྱི་སེམས་ཅན་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད། མཁའ་སྤྱོད་དངས་སྤྱོད་ཀྱི་བདག་པོ་དཔལ་ལྡན་རྡོ་རྗེ་ཕག་མོ། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། ཁྲོས་མ་ནག་མོ་དང་སེང་གེའི་གདོང་ཅན། ཀུ་རུ་ཀུལླེ་དང་འོད་ཟེར་ཅན། དཔལ་དང་ནོར་རྒྱུན་མ། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། ཁྲོ་གཉེར་ཅན་དང་རི་ཁྲོད་མ། ཡུམ་ཆེན་མོ་ལ་སོགས་ཏེ་གསང་སྔགས་དང་རིག་སྔགས་གཟུངས་སྔགས་ཀྱི་ལྷ་མོ་རྣམས་ལ་འབུལ་ལོ། །བདག་གི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐོངས་ནས་ཕྲིན་ལས་རྣམ་པ་བཞི་

(༡༢༥༣)ཐོགས་མེད་དུ་འགྲུབ་པ་དང་། འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་ཞིང་ལམ་སྣ་དང་བསུན་མ་མཛད་དུ་གསོལ། ཨོཾ་ཨཱཧཱུྃ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཚོན་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས། སངས་རྒྱས་དགའ་བའི་དཔལ་ལ་སོགས་ཕྱོགས་བཅུ་དང་མར་མེ་མཛད་དང་རྣམ་གཟིགས་ལ་སོགས་དུས་གསུམ་གྱི་སངས་རྒྱས་མཆོག་ཟུང་དང་། སྒྲ་གཅན་འཛིན་ལ་སོགས་ཉན་ཐོས་ཀྱི་དགེ་འདུན་ཟུང་བཞི་ཡ་བརྒྱད། རང་སངས་རྒྱས་རིགས་གཉིས། གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དགྲ་བཅོམ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་གིས་སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་ཐམས་ཅད་སོར་ཆུད་ནས་ངན་སོང་གསུམ་དང་མི་ཁོམ་པའི་གནས་རིགས་ལས་ཐར་ཏེ་ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག །ཨོཾ་ཨཱཧཱུྃ། འཕགས་པ་འཇམ་དཔལ་གྱིས་མཚོན་བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད་རྡོ་རྗེ་སྙིང་པོ་དང་། བློ་གྲོས་མི་ཟད་པ་ལ་སོགས། བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །ཆོས་

(༡༢༥༤)འཕགས་དང་། རྟག་ཏུ་དུ་ལ་སོགས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་རྣམས་ལ་འབུལ་ལོ། །བདག་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་ལྟུང་བ་ཉམས་སུ་མྱོང་བ་མཐའ་དག་ལྷག་མེད་དུ་བྱང་ནས་ཐེག་པ་ཆེན་པོའི་ལམ་ལ་བར་ཆད་མེད་པར་གྱུར་ཅིག །ཨོཾ་ཨཱཧཱུྃ། ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་མ་མགོན་ལྕམ་དྲལ། དཔལ་མགོན་བདུན་ཅུ་རྩ་ལྔ། དྲེགས་པ་ཕོ་རྒྱུད་མོ་རྒྱུད། ལྷ་ཀླུ་ཡུལ་ལྷ་གཞི་བདག །འཛམ་བུའི་གླིང་དང་གངས་ཅན་ན་གནས་པའི་དགེ་བསྙེན་དཀར་ཕྱོགས་སྐྱོང་བ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་ཕོབས། ནད་མུག་འཁྲུགས་རྩོད་སོལ། རྣལ་འབྱོར་པ་བདག་ཅག་ཆོས་སྒྲུབ་པའི་བར་ཆད་སྲུང་ཞིང་ཡོན་བདག་དང་གནས་མལ་མཛད་དུ་གསོལ། ཨོཾ་ཨཱཧཱུྃ། གཞན་ཡང་ལྷ་ཀླུ་མི་དང་བྲམ་ཟེའི་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས། གནོད་སྦྱིན་ཛམ་བྷ་ལ། ལྷན་ཅིག་སྐྱེས་པའི་ལྷ་འགོ་པའི་ལྷ་ལྔ། ཁྱིམ་ལྷ་དང་ཞིང་ལྷ་ལ་སོགས་ཁར་རྗེ་དང་

(༡༢༥༥)དབང་ཐང་བསྐྱེད་པའི་ལྷ་འབྱུང་བ་བཞི་དང་རི་དང་ནགས་ཚལ་གྱི་ལྷ་རྣམས་ལ་འབུལ་ལོ། །བདག་གི་ལེགས་པ་དང་དཀར་པོའི་ཕྱོགས་ཐམས་ཅད་བསྐྱེད་པའི་སྟོང་གྲོགས་མཛད་དུ་གསོལ། ཨོཾ་ཨཱཧཱུྃ། དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་། གླུ་དང་གར་ལ་སྲེད་པའི་དྲི་ཟར་བ་དགའ། །མིའམ་ཅི་གྲོང་ཁྱེར་བར་སྣང་ལ་བཅས་པའི་སྡེ་ཚན་གྱིས་མཚོན་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། ལན་ཆགས་ཤ་འཁོན་ཆགས་པའི་རིགས། འཕྲོག་མ་མ་བུ་ལྔ་བརྒྱ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་བཅས་པའི་ཚོགས་ལ་འབུལ་ལོ། །གདོན་དང་གནོད་པ་མ་མཛད། ཁ་རྗེ་དང་དབང་ཐང་མ་འཕྲོག །རུ་ང་དང་གདུག་རྩུབ་སྤོངས་ཤིག །ཨོཾ་ཨཱཧཱུྃ། ཁྱད་པར་དུ་འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་དང་། དབུལ་ཞིང་ཕོངས་པར་གྱུར་པའི་ཡི་དྭགས་སྡེ་ཚན་གཉིས། ཁར་སང་ད་ནངས་སམ། ན་ནིང་གི་ལོ་ཟླ་ཞག་དུས་ནས་སྔ་མའི་ལུས་རྟེན་པོར། ཕྱི་མའི་ལུས་རྟེན་མ་རྙེད། །སྲིད་

(༡༢༥༦)པ་བར་མདོར་ཉམ་ང་བའི་འབྲང་ལ་སྐྱབས་དང་སྐྱོབ་པ་མེད་པ། མགོན་དང་དཔུང་གཉེན་མེད་པ། སྔོན་གྱི་བསགས་རྒྱ་བ་མེད་པ། དགེ་བའི་ར་མདའ་ཉུང་བ། མིང་བཞི་འདུས་པའི་ཕུང་པོ། ཚོར་བ་སྡུག་བསྔལ་གྱི་རང་བཞིན། འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ། འཁྱགས་ལྟོགས་སྐོམ་གསུམ་གྱིས་གདུང་བ། ཚེ་ཚད་ངེས་པ་མེད་པ། བྱ་སྒྲོ་རླུང་གིས་བཏེག་པ་བཞིན། གར་འགྲོའི་རང་དབང་དང་བྲལ་བའི་བར་དོའི་སེམས་ཅན་ཆེ་གེ་མོས་གཙོ་བྱས་པའི་བར་དོར་གནས་པ་ཐམས་ཅད་ལ་འབུལ་ལོ། །གནས་གྲོགས་ལོངས་སྤྱོད་བཟའ་བཏུང་ཕུན་སུམ་ཚོགས་པ་དང་ཕྲད་ནས་བག་ཕེབས་པར་གྱུར་ཅིག །དེ་ལྟར་གྱུར་བའི་མོད་ལ་འཕགས་པ་སྤྱན་རས་གཟིགས་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམས་སེལ་མཐོང་ནས་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས། འཁྲུལ་སྣང་རྒྱས་ཐེབས། བླ་མ་དང་དཀོན་མཆོག །ཡི་དམ་དང་ལྟ་བ་རྗེས་སུ་དྲན་ཏེ། ལས་ངན་པའི་སྒྲིབ་པ་སྐད་ཅིག་ལ་དག་ནས་རིག་པ་ལ་རང་དབང་ཐོབ། བདེ་བ་ཅན་དང་པདྨ་འོད་ལ་སོགས་པའི་ཞིང་ཁམས་ཁྱད་པར་ཅན་བཙན་ཐབས་སུ་བགྲོད་ནུས་པར་ཤོག་ཅིག །རྒྱལ་བ་མཆོད་པས་

(༡༢༥༧)འུཾ། མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་བྲས། །ཆོས་ཉིད་ནུས་པའི་མཐུས། །འདོད་ཡོན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་པས་ཆོས་སྦྱིན་དང་བསྔོ་སྨོན་ཀྱང་བྱའོ། །རང་བྱུང་རྡོ་རྗེས་གཞན་ལ་ཕན་པའི་བློས་བཀོད་པའོ། ༈ དམར་གསུར་ལ་བརྟེན་ནས་རང་གཞན་གྱི་འཆི་བ་བསླུ་བ་བཞུགས། དམར་གསུར་ལ་བརྟེན་ནས་རང་གཞན་གྱི་འཆི་བ་བསླུ་བ་ནི། ཨོཾ་ཨཱཧཱུྃ། ལན་གསུམ་བརྗོད། དམར་གསུར་འདོད་ཡོན་རྒྱ་མཚོ་འདི། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ། །ཟས་ཀྱི་ཉེར་ལེན་མི་མངའ་ཡང་། །མཆོད་པའི་ཡུལ་དུ་དམིགས་ནས་འབུལ། །བདག་ཅག་བསོད་ནམས་ཚོགས་རྫོགས་ནས། མྱུར་དུ་ཡེ་ཤེས་མཐོང་བར་ཤོག །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །ཟག་མེད་བདུད་རྩིར་

(༡༢༥༨)དམིགས་ནས་འབུལ། །བྱང་ཆུབ་སྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་མི་མཐུན་ཕྱོགས་ལས་སྲུངས། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱིས། །རང་རང་འདོད་པའི་ལོངས་སྤྱོད་དུ། །མཐོང་ནས་ཟད་མེད་གཏེར་ལ་སྤྱོད། །དགའ་མགུ་ཆིམས་ཤིང་ཡི་རང་ནས། །སོ་སོའི་སྡུག་བསྔལ་བྲལ་བར་ཤོག །བགེགས་རིགས་ལན་ཆགས་མགྲོན་རྣམས་ལ། །ཕམ་རྒྱལ་འཐབ་རྩོད་མེད་པར་བསྔོ། །སོ་སོའི་ཡིད་ལ་གང་འདོད་པའི། །ཟད་མི་ཤེས་པའི་ལོངས་སྤྱོད་དུ། །གྱུར་ནས་ཤ་འཁོན་བུ་ལོན་བྱང་། །གནོད་སེམས་འཁོན་འཛིན་དག་པར་ཤོག །ཁྱད་པར་གཞན་གྱི་ལུས་སྲོག་ལ། །རྣམ་པར་སྡང་བའི་གནོད་སྦྱིན་དང་། ཤ་ཟ་སྲིན་པོ་འབྱུང་པོའི་གདོན། །ཚེ་བ་རྐུ་མདངས་འཕྲོག་སྲོག་ལེན་ཅིང་། ཤ་དང་ཁྲག་ལ་གདུང་བ་རྣམས། །དམར་གསུར་འདོད་ཡོན་ཀུན་ཁྱབ་འདིས། །ངོམས་ཤིང་ཚིམས་ལ་མཐུན་གྱུར་ཅིང་། །ཁྲོ་ཞིང་གཏུམ་པའི་སེམས་བོར་ནས། །བྱང་ཆུབ་སེམས་དང་ལྡན་པར་ཤོག །རྒྱུ་འབྲས་བསླུ་བ་མེད་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདག་གི་ལྷག་བསམ་རྣམ་དག་མཐུས། །བྱམས་པའི་སྟོབས་ཀྱིས་

(༡༢༥༩)འུཾ། གནོད་སྦྱིན་ལས། །རང་གི་ཡུལ་ཁམས་བསྲུངས་པ་བཞིན། །མཐར་ཐུག་རང་གཞན་དོན་ཡོད་ཅིང་། །གནས་སྐབས་འཆི་པས་འཇིགས་པ་ལས། །འགྲོ་བ་མང་པོའི་སྲོག་ཐང་ཤོག །གང་ཞིག་འདི་རུ་ལྷགས་པ་ཡི། །སའམ་འོན་ཏེ་བར་སྣང་གནས། །འབྱུང་པོ་གདུག་པའི་སེམས་ལྡན་ཀྱང་། །རྒྱུད་ལ་བྱང་ཆུབ་སེམས་སྐྱེས་ནས། །གཞན་ལ་འཚེ་བའི་བློ་སྤངས་ཏེ། །ཐར་པའི་ས་བོན་ཐེབས་པར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་དགེ་བ་བསྔོ། །སྤྱིར་དུས་ལ་ངེས་པ་མེད་ཅིང་ཁྱད་པར་མུན་སྲོད་ལ་གནོད་སྦྱིན་རྣམས་གཞན་གྱིས་སྲོག་ལ་འཚེ་བའི་སླད་དུ་རྒྱུ་བ་ཡིན་པས། དེ་ཚེ་དམར་གསུར་སྦྱར་ཞིང་རང་གི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཆོས་དང་ཟང་ཟིང་གི་སྦྱིན་པ་ཐུན་མོང་དུ་གྱུར་པ་འདི་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཞེས་པའང་ཀློང་གསལ་བ་དང་ཆོས་ལྡན་པས་བསྐུལ་ངོར་རིག་པ་འཛིན་པ་མཁྱེན་བརྩེའི་ལྷས་སོ། ༈ །གསོན་གཤིན་གྱི་བསྔོ་བ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས། །

(༡༢༦༠)༈ གསོན་བསྔོ་ནི། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམ་པ་ཐམས་ཅད་དང་། རིགས་ལྔ་གང་ཆེན་མཚོའི་རྣམ་འཕྲུལ་རྒྱ་མཚོས་བཀོད་པའི་ཞིང་ཁམས་མཐའ་ཡས་མུ་མེད་པ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ། །ལྷ་དང་དྲང་སྲོང་བདེན་ཚིག་སྨོན་ལམ་ལ་མངའ་བརྙེས་པ་ཐམས་ཅད་སྦྱིན་པའི་བདག་པོ་ཆེ་གེས་ཐོག་དྲངས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་དགོངས་སུ་གསོལ། དེང་སྦྱིན་པའི་བདག་པོས་ལྷག་བསམ་རྣམ་དག་གིས་བསྒྲུབས་པའི་དགེ་བའི་རྩ་བ་འདིས་མཚོན། རང་གཞན་རྣམས་ཀྱིས་དུས་གསུམ་བསགས་ཡོད་ཀྱི་རྣམ་པར་དཀར་བའི་བྱེད་འབྲས་ལ་བརྟེན་ནས་ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བསྟན་པའི་རྩ་ལག་གཏད་རབས་བདུན་དང་རྒྱན་དྲུག་མཆོག་གཉིས། འདས་རྗེས་ཐོབ་པའི་པཎ་གྲུབ་རྣམ་གསུམ། རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི། ཤམྦྷ་ལིའི་རིགས་ལྡན་ཆོས་རྒྱལ། རིགས་གསུམ་སྒྱུ་འཕྲུལ་མེས་

(༡༢༦༡)འུཾ། དབོན་རྣམ་གསུམ། མཁན་སློབ་ཟུང་གཅིག་དང་སྐ་ཅོག་ཞར་གསུམ་ལ་སོགས་སྤྲུལ་པའི་ལོ་ཕཎ་མཁས་གྲུབ་ཆེན་པོ་བསྟན་པ་ལ་བྱ་བ་མཛད་ནས་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པ་ཐམས་ཅད་ཀྱི་།ཐུགས་ཀྱི་དགོངས་པ་ཟག་པ་མེད་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ད་ལྟར་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྤངས་རྟོགས་ཕུན་སུམ་ཚོགས་པ་མཐའ་དག་དང་། བྱང་ཆུབ་སེམས་ཀྱི་རིགས་ཡོངས་སུ་སད་པ་ལས་དངོས་སམ་རྒྱུད་ནས་སེམས་ཅན་ལ་སྨན་པའི་རིགས། སྐྱེས་བུ་གསུམ་ཀྱི་ལམ་ནས་དོན་གཉིས་བསྒྲུབ་པ་ལ་འདུན་པ་ཐམས་ཅད་ཀྱི་ཐུགས་ཀྱི་བཞེད་དོན་འབད་མེད་དུ་འགྲུབ་ཅིང་སྐུ་ཚེའི་རྒྱལ་མཚན་ཡུན་རིང་དུ་བརྟན་པར་གྱུར་ཅིག །དགེ་འདུན་མ་ལུས་པ་རྒྱལ་བས་གནང་བའི་ཟས་གོས་གནས་མལ་གྱིས་ཆོག་ཤེས་ཤིང་། ཆོས་སྤྱོད་བཅུ་དང་འབྲེལ་བར་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་གྱི་བསྒྲུབ་པ་ལ་བརྩོན་ཞིང་བསྟན་པ་འཛིན་སྐྱོད་སྤེལ་བའི་ཐུགས་བསྐྱེད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཐེག་པ་ཆེན་པོའི་སེམས་བསྐྱེད་ནས་རྣམ་མཁྱེན་གྱི་གོ་

(༡༢༦༢)འཕང་གཉེར་བའི་རྟེན་གང་ཞིག་སྡོམ་པ་གསུམ་གྱིས་རྣམ་པར་མཛེས་ཤིང་ཉེས་ལྟུང་གི་དྲི་མས་མགོས་པར་སྨིན་གྲོལ་ཟབ་མོའི་ལམ་ལ་རྣལ་དུ་འབྱོར་པ་དང་མི་འབྲལ་བར་གྱུར་ཅིག །སློབ་པ་ལམ་གྱི་ཡོན་ཏན་མཐའ་དག་དབང་པོ་རྣོན་པོའི་དབང་དུ་གྱུར་ནས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་ཚོགས་ལམ་ཆུད་དུས་བསྡུས་པའི་ཡོན་ཏན་དང་། ཡང་དག་པར་སྤོང་བ་བཞི་ལ་སོགས་པ་ཚོགས་ལམ་འབྲིང་གིས་བསྡུས་པའི་ཡོན་ཏན་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པ་ཚོགས་ལམ་ཆེན་པོས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །རྣམ་བྱང་སྟོབས་ལྔ་ལ་སོགས་པ་སྦྱོར་ལམ་བཟོད་པ་ཆོས་མཆོག་གིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་མཐོང་ལམ་གྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཕགས་པའི་ལམ་ཡན་ལག་བརྒྱད་ལ་སོགས་པ་སྒོམ་ལམ་གྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མི་སློབ་པའི་

(༡༢༦༣)ལམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །ཚུལ་དེ་དག་གིས་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་མཐུ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་སུ་དུས་ལ་བབ་པའི་ཆར་ཆུ་འབད་མེད་དུ་འབྱུང་ཞིང་ལོ་ཏོག་འབྲས་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ལས་ངན་གྱི་རྒྱུ་ལས་བསྐྱེད་པའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག །སད་སེར། བཙའ་ཐན། འབྱུང་བ་སྒང་གཤོག་ས། མི་ནད་ཕྱུགས་ནད་དམག་འཁྲུགས་མུ་གེ། གདོན་གྱི་གནོད་པ་ལ་སོགས་པའི་དུས་ཀྱིས་ཆད་པ་ཐམས་ཅད་ཉེ་བར་ཞི་པར་གྱུར་ཅིག །སྐྱེ་དགུ་ཐམས་ཅད་ལ་རང་བཞིན་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་ཞིང་། ཕན་ཚུན་མཛའ་བཤེས་ཀྱི་སེམས་དང་ལྡན་པས་སྙིགས་མ་ལྔའི་རྒུད་པ་བཅོམ་སྟེ་ལས་ངན་གྱི་རྒྱུ་འབྲས་སྟོངས་ནས་རྫོགས་ལྡན་གྱི་བདེ་བ་ལ་ངང་གིས་སྤྱོད་པར་གྱུར་ཅིག །རྒྱལ་བློན་དད་ཁྱིམ་བདག་དྲ་མའི་ཚོགས་རྣམས་རང་དབང་གི་དཔལ་ལ་ཆོག་ཤེས་བས་བག་ཡོད་དུ་འཚོ་ཞིང་མདའ་འབངས་བྱམས་པས་སྐྱོང་བའི་འདུམ་པ་བཟང་པོ་དང་མི་འབྲལ་

(༡༢༦༤)བར་གྱུར་ཅིག །ཁྱད་པར་དུ་སྦྱིན་པའི་བདག་པོས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཆོས་མཐུན་གྱི་བསམ་པ་ཡིད་བཞིན་དུ་འགྲུབ་ཅིང་། ཚེ་རབས་ཐམས་ཅད་དུ་དལ་འབྱོར་གྱི་ལུས་རྟེན་ཁྱད་པར་ཅན་ཐོབ། བླ་མ་དགེ་བའི་བཤེས་གཉེན་ཡང་དག་པ་དང་མཇལ། མཉེས་པ་གསུམ་གྱིས་བསྒྲུབ་པ་མཐར་ཕྱིན་ནས་དབང་བཅུ་བྱང་ཆུབ་ཕྱོགས་ཀྱི་ཆོས་ལ་གནས་པས་རང་དོན་དུ་ཆོས་སྐུ་མངོན་དུ་བྱས། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་ནུས་པར་གྱུར་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། སོགས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱུང་ཤོག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །སོགས་བརྗོད། ༈ གཤིན་སྔོ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོ་འཕྲུལ་གྱིས་བཀོད་པའི་ཞིང་ཁམས་རབ་འབྱམས་རྡུལ་སྙེད་ན་བཞུགས་པའི་རྒྱལ་བ་

(༡༢༦༥)འུཾ། སྲས་དང་སློབ་མར་བཅས་པ་འཇིག་རྟེན་ཕ་རོལ་ཏུ་ཉིང་མཚམས་སྦྱར་བའི་ལས་ཀྱི་གཞན་དབང་ཅན་ཆེ་གེ་མོས་ཐོག་དྲངས་བའི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་གཟིགས་བ་ལྷུར་མཛད་དེ་དགོངས་སུ་གསོལ། །དེ་ཉིད་ལ་སོགས་པའི་སེམས་ཅན་གང་ཞིག་འཆི་ཀའི་བར་དོ་ལ་གནས་ན་མིང་བཞིའི་ཕུང་པོ་དང་རྣམ་པར་ཤེས་པའི་ཚོགས་བརྒྱད་ཆོས་ཉིད་འདུས་མ་བྱས་པའི་དབྱིངས་སུ་ཉེ་བར་ཞི་ནས་མི་སློབ་པའི་ལམ་གྱི་ཡོན་ཏན་མངོན་དུ་གྱུར་ཏེ་འཆི་བ་འོད་གསལ་གདོད་མའི་གཞི་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཆོས་ཉིད་ཀྱི་བར་དོ་ལ་གནས་ན་སྒྲ་འོད་ཟེར་གསུམ་ལ་སོགས་པའི་སྣང་ཚུལ་མ་ངེས་པ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ཆོས་ཉིད་སྟོང་པར་ཤེས་ནས་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་ཡོངས་གྲུབ་ཆེན་པོའི་བདག་ཉིད་དུ་འཚང་རྒྱ་བར་གྱུར་ཅིག །སྲིད་པ་བར་དོ་ལ་ཁ་འཁྱལ་ན་སྨིན་གྲོལ་དང་དམ་ཚིག་གིས་རྒྱུད་སྦྱངས་པ་རྣམས་དག་པ་མཁའ་སྤྱོད་དང་རང་བཞིན་སྤྲུལ་པའི་སྐུའི་ཞིང་དུ་དབུགས་འབྱིན་ཞིང་། སྐྱེ་བ་སྤྲུལ་པའི་སྐུར་འཚང་རྒྱ་ནུས་པར་གྱུར་

(༡༢༦༦)ཅིག །ལམ་ལ་མ་ཞུགས་པ་མཐའ་དག་རང་སྟོབས་གྱིས་དགེ་བའི་རྩ་བ་དང་། གཞན་སྟོབས་གྱིས་རྗེས་འཛིན་སྨོན་ལམ་ལ་བརྟེན་ནས་བསོད་ནམས་མ་ཡིན་པའི་ལས་ཞེ་སྡང་མཚུངས་ལྡན་གྱི་རང་གཟུགས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་གྲོལ་ཞིང་ཐར་བར་གྱུར་ཅིག །སེར་སྣ་མཚུངས་ལྡན་གྱི་རང་གཟུགས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་གྲོལ་ཞིང་ཐལ་བར་གྱུར་ཅིག །གཏི་མུག་མཚུངས་ལྡན་གྱི་རང་གཟུགས་དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་ལས་གྲོལ་ཞིང་ཐལ་བར་གྱུར་ཅིག །ཕྲག་དོག་མཚུངས་ལྡན་གྱི་རང་གཟུགས་ལྷ་མིན་འཐབ་རྩོད་གྱི་སྡུག་བསྔལ་ལས་གྲོལ་ཞིང་ཐལ་བར་གྱུར་ཅིག །ང་རྒྱལ་མཚུངས་ལྡན་གྱི་རང་གཟུགས་ལྷ་འཕོ་ལྟུང་གི་སྡུག་བསྔལ་ལས་གྲོལ་ཞིང་ཐལ་བར་གྱུར་ཅིག །མི་གཡོ་བའི་ལས་དང་སྙོམས་འཇུག་བཞིའི་རང་གཟུགས་བསམ་གཏན་གཟུགས་མེད་ཀྱི་འགྱུར་བའི་སྡུག་བསྔལ་ལས་གྲོལ་ཞིང་ཐལ་བར་གྱུར་ཅིག་མདོར་ན་རྟེན་འབྲེལ་ལུགས་འབྱུང་གིས་བསྡུས་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་མྱུར་དུ་ཐར་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་

(༡༢༦༧)བར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུའང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་རྟེན་ལ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཆད་པའི་ལུས་རྟེན་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །ཁྱད་པར་དུ་གཞོན་ནུ་ཉིད་ནས་ངེས་འབྱུང་གི་སེམས་དང་ལྡན་པས་རྒྱལ་བའི་བསྟན་པ་ལ་འཇུག་ཅིང་ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་པར་གྱུར་ཅིག །དེ་ཡང་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ཅིང་བསྟན་པ་ཡོངས་སུ་རྫོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་ལ་ཐོས་བསམ་སྒོམ་གསུམ་བྱེད་ཅིང་ཉེས་ལྟུང་གི་དྲི་མས་མ་གོས་པར་རྒྱལ་བས་བརྙེས་པའི་སྤངས་རྟོགས་ཀྱི་ཡོན་ཏན་མངོན་དུ་བརྙེས་ནས་རང་དོན་དུ་ཆོས་སྐུ་མངོན་དུ་གྱུར། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནུས་པར་གྱུར་ཅིག །འཁོར་བ་འཁོར་ཚེ་ཤོླག་གཅིག་དང་། བྱང་ཆུབ་མ་ཐོབ་བར་དུ་རྟག་པར་སོགས་དང་། རྒྱལ་བའི་དཀྱིལ་འཁོར་སོགས་དང་། སངས་རྒྱས་སྐུ་གསུམ་སོགས་བརྗོད་པར་བྱའོ། །

(༡༢༦༨)༈ དུས་མཐར་གདབ་པའི་སྨོན་ལམ་ཞེས་བྱ་བ་བཞུགས། ༈ ན་མོ། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །སྐྱེ་མེད་ཆོས་ལ་བཟོད་པ་མ་ཐོབ་བར། །ངན་འགྲོའི་གནས་སུ་ནམ་ཡང་མི་ལྟུང་ཞིང་། །ལྷ་བས་ལྷག་པའི་ལུས་རྟེན་ཐོབ་པར་ཤོག །མཐོ་རིས་ཐོབ་ཀྱང་སྡུག་བསྔལ་རྣམ་གསུམ་གྱིས། །དམ་ལ་མ་བཞག་འཁོར་བ་ཡོད་མིན་ན། །བདེ་འགྲོའི་རྟེན་ལ་མྱ་ངན་འདའ་བའི་གེགས། །མི་ཁོམ་གནས་དང་མཚུངས་ལྡན་ལུས་སྤོང་ཤོག །སྡོམ་མིན་རྒྱུན་ལྡན་རྒྱལ་བློན་སྡིག་ཏོ་ཅན། །གཡུལ་ལས་དགའ་དང་ཞལ་ལྕེ་འཁྱོག་པོར་སྤྱོད། །རྗེ་བོའི་བྲན་གྱུར་ཉམ་ཆུང་མནར་བ་དང་། །ཚོང་པ་དང་ནེ་གཡོན་ཅན་ལུས་སྤོང་ཤོག །དཀོན་མཆོག་དཀོར་འཕྲོག་དགེ་འདུན། ལས་བྱེད་དང་། །ལྡན་གྲོལ་གཉིས་མེད་དཀོར་ལ་རང་དགར་སྤྱོད། །ལེགས་སྨོན་དོན་གཉེར་ཁྱིམ་པ་བསུན་འབྱིན་ཅན། །གཞན་རྒྱུད་བསྲེག་པའི་དགེ་སྦྱོང་ལུས་སྤོང་ཤོག །རང་བཞིན་ངན་པ་སྦྲུལ་གདུག་ལྟ་བུ་དང་། །གཞན་འབྱོར་ལ་སྡང་ལྷ་མ་ཡིན་གྱི་སེམས། །སྐྱབས་བོས་བསླུ་ཞིང་ཆོས་ལ་སྡང་བ་དང་། །བརྐུ་དང་འཕྲོག་འཇོམས་རྔོན་པའི་ལུས་

(༡༢༦༩)འུཾ། སྤོང་ཤོག །མཚམས་མེད་ལྔའམ་དེ་དང་ཉེ་བ་ལྔ། །མི་དགེ་བཅུ་ལ་འགྱོད་སེམས་མེད་པར་སྤྱོད། །ནགས་ལ་མེ་སྦར་སྦྲང་ཚང་གཏིབས་པ་སོགས། ཁ་ན་མ་ཐོ་ཆ་ལས་ཐར་བར་ཤོག །དེ་ལྟར་ཐར་ནས་ད་ནི་ལྔ་བརྒྱའི་མཐར། །སྐྱེས་བུའི་ལུས་རྟེན་མི་ལུས་རིན་པོ་ཆེ། །རབ་ཏུ་བྱུང་ངམ་ཅིག་ཤོས་ཡང་ནི་རུང་། །བྱང་ཆུབ་སེམས་དཔའི་རིགས་ཅན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཐེག་པ་ཆེན་པོའི་ལམ། །མ་ནོར་མངོན་སུམ་སྟོན་པའི་བླ་མ་དང་། །མཇལ་ནས་རྣམ་པ་ཀུན་ཏུ་མཉེས་བྱེད་ཅིང་། ཐོས་བསམ་སྒོམ་པའི་ཤེས་རབ་ལྡན་པར་ཤོག །དེ་ཡང་བསམ་པ་བྱང་ཆུབ་སེམས་དང་ལྡན། །སྦྱོར་བ་ཕ་རོལ་ཕྱིན་དྲུག་ལ་གོམས་པས། །ལམ་ལྔ་ས་བཅུ་སྔགས་ཀྱི་སྔོ་སྣོད་ལ། །ཅིག་ཅར་བགྲོད་པའི་སྐལ་བ་མཆོག་ལྡན་ཤོག །ཅེས་པའང་གདུང་བསམ་པ་བྱང་ཆུབ་རྒྱལ་མཚན་གྱིས་བསྐུལ་བ་བཞིན་གནས་དུས་ལ་སྐྱོ་བ་སྣ་ཚོགས་སྒྱེས་པའི་དོན་དང་མཐུན་པར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །བཀྲ་ཤིས། །

(༡༢༧༠)

(༡༢༧༡)དམ་ཆོས་བདེ་ཆེན་ལམ་མཆོག་ལས། །བདེ་བ་ཅན་དུ་བསྒྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་གྱི་དབང་ཆོག་མ་རིག་མུན་སེལ་འོད་ཟེར་འབུམ་ལྡན་ཞེས་བྱ་བ་བཞུགས་སོ། །

(༡༢༧༢)ན་མོ་གུ་རུ་ཨ་མི་ཏཱ་བྷ་ཡེ། ཚེ་དཔག་མེད་མགོན་འཆི་མེད་ལམ་ཆེན་ལས། །མཁྱེན་བརྩེའི་འོད་སྣང་སྟོང་དུ་འབར་བའི་གཟིས། །མཐའ་ཡས་འགྲོ་བའི་མུན་ཀློང་གསལ་མཛད་གཉེན། །བླ་མ་འཇིགས་མེད་གླིང་པ་སྤྱི་བོར་མཆོད། །གང་གི་བཞེད་གཞུང་དཔག་མེད་མྱུར་ལམ་མཚོ། །རྣམ་དཔྱོད་ལྷ་ཆེན་འཚོགས་བས་ལེགས་བསླབ་དོན། །སྨིན་བྱེད་འོད་ཟེར་འབུམ་ལྡན་མ་ཎི་ཀ། །བསྐལ་བཟང་མཚོ་སྐྱེས་བཞད་པའི་གཉེན་དུ་ངོམ། །དེ་ལ་འདིར་བདེ་བ་ཅན་ཀྱི་དབང་ཆོག་འོད་ཟེར་འབུམ་ལྡན་ཡི་གེའི་རིས་སུ་འགོད་པ་ལ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལ་དཀྱིལ་འཁོར་བཤམས་བཀོད་ནི་སྤྱིར་གཞུང་ལྟར་དང་བྱེ་བྲག་གཙོ་ལས་ཀྱི་བུམ་པ་གཉིས་དང་ལྷ་དབང་གི་ཙ་ཀླི་དང་བཅས་བཤམས་པའོ། །གཉིས་པ་བདག་བསྐྱེད་བཟླས་པ་བཅས་རྫོགས་ནས་མདུན་བསྐྱེད་གཞུང་ལྟར་དང་། གཙོ་བུམ་དུ་ཡང་འདི་ལྟར་བསྐྱེད་པར་བྱ་སྟེ། བུམ་པ་བདུད་རྩིས་གང་བའི་དབུས་སུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་སྟེགས། ཞེས་པ་ནས་པདྨ་ཀ་མ་ལ་ཡེ་སྟཾ། ཡན་གཞུང་ལྟར་དང་། མཆོད་པའི་སྐབས་ཇི་སྙེད་སུ་དག་སོགས་ཚང་བར་བརྗོད་ནས། །བདག་གི་ཐུགས་ཀའི་འོད་ཟེར་གྱིས་བུམ་པའི་ལྷ་ཚོགས་

(༡༢༧༣)ཀྱི་ཐུགས་རྒྱུད་བསྐུལ་འོད་ཟེར་ཡར་འཕྲོས། །རྒྱལ་བ་སྲས་བཅས་མཆོད། །བྱིན་ནུས་བསྡུས། མར་འཕྲོས་འགྲོ་ཁམས་ཡོངས་ཀྱི་སྒྲིབ་ཚོགས་སྦྱངས། །ཚུར་འདུས་ལྷ་ཚོགས་རྣམས་ལ་ཐིམ་པས་སྨིན་པར་ནུས་པའི་དཔལ་ཡོན་ཡོངས་སུ་རྫོགས་པར་གྱུར། །ཞེས་བསམ་ལ། བསྙེན་གཞུང་ལྟར་དབྱངས་གསལ་སྦྲེལ་ཏེ་ཅི་ནུས་བཟླས་མཐར་བཟང་སྤྱོད་ཚར་གཅིག་གི་མཐར། ལྷ་རྣམས་འོད་ཀྱི་རང་བཞིན་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་གྱུར། ཞེས་དང་བདག་དབང་བླང་བ་ནི། མདུན་བསྐྱེད་གནས་ལྔར་ཁ་དོག་སྣ་ལྔའི་འོད། །འཇའ་ཚོན་ཚུལ་དུ་བྱུང་ནས་རང་ཉིད་ཀྱི། །གནས་ལྔར་ཐིམ་པས་བྱིན་ནུས་ཀུན་ཐོབ་གྱུར། །ཞེས་བསྙེན་པའི་སྔགས་ལ་འདི་བཏགས་བཟླ། །ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ། སྐབས་འདིར་ལས་བུམ་བསྒྲུབ་པ་ནི། ལས་བུམ་དུ་ཁྲོ་བོ་རྟ་མགྲིན་དམར་པོ་དབྱུག་ཏོ་དང་སྡིག་མཛུབ་མཛད་པ་གསལ་བའི་ཐུགས་ཀའི་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཁེངས་པར་བསམ། མཐར་མཆོད་ཅིང་བསྟོད་ནས། །ཡེ་ཤེས་པ་དམ་

(༡༢༧༤)ཚིག་གི་ཆུ་དང་དབྱེར་མེད་དུ་གྱུར། ཞེས་བསམ་མོ། །དེ་ནས་སློབ་མ་རྣམས་མདུན་དུ་འཁོད་པ་ལ། ཧཱུྃ། སྒྲིབ་གཉིས་ལས་བྱུང་ནད་གདོན་གྲིབ། །ཉམས་ཆགས་ཉེས་ལྟུང་དྲི་མའི་ཚོགས། །ལྷ་སྔགས་ཏིང་འཛིན་རོལ་པའི་ཆུས། བཀྲུ་བར་བགྱིའོ་དག་གྱུར་ཅིག །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ དང་ཡིག་བརྒྱའི་སྔགས་ཀྱིས་བཀྲུ་བྱས་ནས། བགེགས་གཏོར་བསངས་སྦྱངས་བྱས་ལ། བསྔོ་ཚིག་གང་རུང་གི་བསྔོས་ནས་བདེན་སྟོབས་བརྗོད་ཅིང་དྲག་སྔགས་དང་རྫས་རྔ་རོལ་མོ་བཅས་ཀྱིས་བསྐྲད་མཐར་བསྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་བྱ། ༈ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མགོན་པོ་འོད་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། །དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ནས་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམས་པའི་ཐུགས་བསྐྱེད་རྣམ་པར་དག་པའི་སྒོ་ནས་གསན་པ་ནི་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་དེ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པས་ནམ་མཁའ་མཐའ་མེད་པ་བཞིན་སེམས་ཅན་མཐའ་མེད་ཅིང་དེ་ལ་ཕན་སེམས་ལན་གཅིག་སྐྱེས་པ་ཡང་། ཚད་མེད་པའི་སྦྱོར་བ་སེམས་བསྐྱེད་དམ་པས་ཟིན་པ་དང་། དངོས་གཞི་ཆོས་ཉན་པའི་སྐྱོན་གསུམ་དྲི་མ་དྲུག་མི་འཛིན་པ་ལྔ་དང་བཅས་པ་

(༡༢༧༥)སྤངས་ནས། འདུ་ཤེས་བཞི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བའི་སྒོ་ནས་ཉན་དགོས་པར་གསུངས་པ་ལྟར་དམིགས་མེད་དམ་པས་ཟིན་བཞིན་ཉན་པ་ནི་གལ་ཆེ། དེ་ཡང་གང་ཉན་པར་བྱ་བ་ཡང་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བ་རྣམས་ཀྱིས་གདུལ་བྱ་སེམས་ཅན་གྱི་བློ་རིག་མ་ཟད་པར་འདུལ་བྱེད་ཀྱི་ཆོས་གང་ཟག་གི་དབང་པོ་དང་སྐལ་བར་མཚམས་པའི་མདོ་དང་། རྒྱུད་དང་། བཀའ་མ་དང་། གཏེར་མ་དང་། དག་སྣང་སོགས་མང་དུ་འབྱུང་བ་ཡིན་ཏེ། བཟང་སྤྱོད་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པས་ན། ཚད་མ་གསུམ་གྱི་སྲང་ལ་བཏེགས་པའི་གཞུང་བཟང་འདི་ལྟ་བུ་ལ་ཐེ་ཚོམ་མི་རུང་ཞིང་། བྱིན་གྱིས་བརླབ་པའི་བཀའ་བསྙོན་དུ་མེད་དེ། སྡུད་པ་ལས། རྒྱལ་བས་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ། ཞེས་དང་། དེར་མ་ཟད་འགྲོ་བ་གང་གི་རྒྱུད་ལ་

(༡༢༧༦)དགེ་སེམས་སྐད་ཅིག་མ་གཅིག་སྐྱེས་པ་ཡང་རྒྱལ་བའི་ཐུགས་རྗེས་ལས་བྱུང་བ་ཡིན་ཏེ། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། དེ་ནི་སངས་རྒྱས་མཐུ་ཡི་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་བྱུང་། ཞེས་སོ། །དེས་ན་གཞུང་འདི་ཉིད་ཀྱང་དོན་གྱི་སླད་དུ་མཚན་ནས་བརྗོད་ན་སྤྲུལ་པའི་སྐུ་མཆོག་རིག་འཛིན་འཇིག་མེད་གླིང་པ་ཞེས་ཇི་ལྟ་བ་བཞིན་མཁྱེན་པའི་ཡེ་ཤེས་དོན་དམ་ཆོས་ཉིད་ཀྱི་བདེན་པ་རྫོགས་པ་ཆེན་པོའི་རང་ཞལ་མངོན་དུ་མཐོང་ཞིང་། ཇི་སྙེད་མཁྱེན་པའི་ཡེ་ཤེས་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པས། ད་ལྟའི་དུས་ཀྱི་ཆེན་པོར་རློམས་པ་སུས་ཀྱང་བརྫི་བར་མི་ནུས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱིས་བཀའ་བརྩོམ་རྣམས་འཆོས་སྐྱོབས་ཀྱི་ཡོན་ཏན་གཉིས་དང་ལྡན་ཞིང་། ཁྱད་པར་ཆོས་ཉིད་ཀྱིས་བདེན་པ་མཐོང་ཞིང་ཡི་དམ་ལྷའི་ཞལ་འཇལ་བ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བའི་བློ་གྲོས་རྒྱས་པ་ལ་སོགས་སྟོན་མཆོག་ཐུབ་པའི་དབང་པོའི་རྗེས་སྙོགས་ངེས་པ་ཡང་། རྒྱུད་བླ་མ་ལས། གང་ཞིག་ཐར་པའི་ལམ་དང་རྗེས་མཐུན་པ། །དེ་ནི་དྲང་སྲོང་བཀའ་བཞིན་སྤྱི་བོར་ལོངས། །ཅེས་སོ། དེ་ཡང་བདེ་བ་ཅན་གྱི་ཆོ་

(༡༢༧༧)ག་དཔག་མེད་མྱུར་ལམ་འདི་ནི། རྗེ་ཉིད་ཀྱིས་གསུངས་ལས། མདོ་ལ་ཆོ་ག་དངོས་བསྟན་གབ་ན་ཡང་། །དོན་ལ་སྟོན་པ་རྒྱལ་བའི་ཕྲིན་ལས་ཕྱིར། སྡོམ་པའི་ཀུན་སྤྱོད་མཚུངས་པ་ཡོ་ག་ལྟར། །དཀྲལ་བས་སེམས་ཅན་ཀུན་ལ་སྨན་གྱུར་ཅིག །ཅེས་གསུངས་པ་བཞིན་པད་མ་དཀར་པོའི་མདོ་དང་། འོད་མདོ་སོགས་ནས་ཆོ་ག་མ་བསྟན་ཡང་། འཆི་མེད་རྔ་སྒྲ་ལས། ཆོ་གའི་སྦྱོར་བ་ཇི་བཞིན་གསུངས་པ་དང་། དེར་མ་ཟད་རྒྱུད་ལུང་མན་ངག་དུ་མ་ནས་རིགས་ལྔའི་དཀྱིལ་འཁོར་མང་དུ་གསུངས་པ་རྣམས་དང་ཚུལ་མཐུན་པར། ད་ལམ་བདེ་བ་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། བདག་གིས་བགྱིས་འོས་རྣམས་ཆད་ལྷག་མེད་པར་གྲུབ་ཟིན་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ་བྱ་རྗེས་སྐྱབས་འགྲོ་འདིའི་རྗེས་ཟློས་མཛོད། །ཞེས་བརྗོད་ལ། བདག་སོགས་མཁའ་མཉམ་སྲིད་པའི་འགྲོ། །འཁོར་བའི་ལམ་ལས་ལྡོག་ནས་ཀྱང་། །མཆོག་གསུམ་ངོ་

(༡༢༧༨)བོ་འོད་ཀྱི་ལྷར། །སྙིང་ནས་གུས་པས་སྐྱབས་སུ་མཆི། །ལན་གསུམ་དང་། སེམས་སྐྱེད་ནི། ༈ ཉོན་མོངས་དབང་གྱུར་འགྲོ་བ་རྣམས། །སྡུག་བསྔལ་རྒྱ་མཚོར་བསྒྲལ་ནས་སུ། །བདེ་ཆེན་འགྱུར་མེད་གནས་ཐོབ་ཕྱིར། །སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད། །ལན་གསུམ་དང་། རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིད་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱོད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་རྗེས། དབང་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། ཀྱེ་བླ་མ་འོད་དཔག་མེད་མགོན་དང་། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །སངས་རྒྱས་བྱང་ཆུབ་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །ལན་གསུམ་སོང་རྗེས། ཡེ་ཤེས་པ་དབབ་པའི་དོན་དུ་དམིགས་པ་

(༡༢༧༩)འདི་བཞིན་མཛོད། །ཞེས་བརྗོད་ནས། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲི་ཝས་ལས་བུམ་ཆུས་བསད་ནས། ཁྱེད་རང་རྣམས་ཀྱི་གདོས་བཅས་ཤ་ཁྲག་གི་ཕུང་པོ་དེ་མི་དམིགས་པ་སྟོང་པའི་དང་ལས་པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཉི་མའི་གདན་ལ་ཁྱེད་རང་རྣམས་བཅོམ་ལྡན་འདས་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ། སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའི་སྟེང་དུ་ལྷུང་བཟེད་ཀྱིས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་། དར་དམར་སེར་གྱི་ཤམས་ཐབ་སྔོན་པོའི་བླ་གོས། དམར་པོའི་སྣམ་སྦྱར་ཅན། དབུའི་གཙུག་ཏོར་ལྟར་མི་མངོན་བ་ལ་སོགས་པའི་མཚན་དཔེའི་རྒྱན་མ་ཚང་བ་མེད་པས་བརྒྱན་པའོ། །དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱདམར་པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་མཐིང་ཁ་དང་སྟོང་དུ་ཧྲཱི ཡིག་དམར་པོ་གསལ་བ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་སྐུ་གསུམ་རྒྱལ་བའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་མགོན་པོ་

(༡༢༨༠)འོད་དཔག་ཏུ་མེད་པ་ལ་སྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཁ་ཆར་རྒྱ་མཚོར་ཐིམ་པ་བཞིན་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། །ཞེས་དང་། ཨོཾ་ཨཱ་མི་ཏ་བྷ་ཧྲཱི ཨོཾ་ཨ་རོ་ལིག་སརྦ་ས་མ་ཡཱ་ཨ་བྷེ་ཤ་ཡ་ཕེ༚་ཕེ༚། ཧྲི༚་ཧྲཱི། ཛ་ཛ ཞེས་མང་དུ་བརྗོད་མཐར། ཡེ་ཤེས་དབབ་པ་དེ་ཉིད་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཧཱུྃ། ཞེས་རྡོ་རྗེ་སྤྱི་བོར་བཞག་གོ །དེ་ནས་བུམ་པའི་དབང་བསྐུར་བ་ནི། བཅོམ་ལྡན་འདས་ཀྱི་ཕྱག་གི་ལྷུང་བཟེད་ནས་བདུད་རྩིའི་རྒྱུན་བྱུང་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར་བཞིན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དང་། དེས་བསྐྱེད་པའི་ཚེ་དང་བསོད་ནམས་ཉམས་པར་བྱེད་པའི་རྒྱུ་ཅན་ཐམས་ཅད་བྱང་ཞིང་དག །སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ་པའི་མོས་པ་མཛོད། ཞེས་བརྡའ་སྦྱར་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་ཨཱ་མི་ཏ་བྷ་ཧྲི ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། སྤྲོ་ན་སྔགས་རིང་བརྗོད། དེ་ལྟར་

(༡༢༨༡)དབང་བསྐུར་བས་སྐུ་གང་། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་ལོངས་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཞེས་དང་། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ནས་རང་འདྲའི་ཚེ་ལྷ་དཔག་མེད་སྤྲོས། སློབ་མ་རྣམས་ཀྱི་སྨིན་མཚམས་སུ་ཐིམ་པས་སྐུའི་དབང་དང་བྱིན་རླབས་ཐོབ་པར་མོས་པ་གྱིས། ཞེས་བརྗོད་ནས། སྐུ་སྤྱི་བོར་བཞག་ལ། གང་སྐུ་པདྨ་རཱ་གའི་ལྷུན་པོ་ལ། །མཚན་དཔེའི་འོད་སྟོང་འཁྱུད་པའི་གཟི་འོད་ཀྱིས། །འཁོར་བའི་སྡུག་བསྔལ་སྨག་རུམ་ཡོངས་གསལ་གཉེན། །འོད་མཚན་སྟོང་འབར་སྐུ་ཡི་དབང་ཐོབ་ཤོག །ཨོཾ་ཨཱ་མི་ཏ་བྷ་ཧྲཱིཀ་ཡ་ཨ་བྷི་ཥིཉྩ་ཨཱོཾ སྔགས་འཕྲེང་མགྲིན་པར་བཞག་ལ། གང་སྐུ་པདྨ་རཱ་གའི༴ མཚན་དཔེའི༴ འཁོར་བའི༴ འོད་མཆེན་སྟོང་འབར་གསུང་གི༴ ཨོཾ་ཨཱ་མི་ཏ་བྷི་ཧྲཱིཝཀྐ་ཨ་བྷི་ཥིཉྩ་ཨཱ ཏིང་འཛིན་སེམས་དཔའི་ངོ་བོ་ཧྲཱིཡིག་སྙིང་གར་བཞག་ལ། གང་སྐུ་པདྨ་རཱ་གའི༴ མཚན་དཔེའི༴ འཁོར་བའི་འོད་མཚན་སྟོང་འབར་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་ཨ་མི་ཏ་བྷ་ཧྲཱིཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ལག་གཡས་སུ་ཐབས་ཀྱི་ཚེ་རིལ་གཏད་ལ། ཧྲཱི བདེ་མཆོག་འགྱུར་མེད་ཚེ་རིལ་ཐབས་ཀྱི་རྫས་

(༡༢༨༢)ཁྱོད་ལ་སྦྱིན་པའི་འཁོར་འདས་སྣང་བའི་གཟུགས། །ཀུན་གྱི་བཅུད་བསྡུས་ཚེ་དཔག་བསོད་ནམས་དབྱིག །ལོངས་སུ་སྤྱོད་པའི་མཐུ་ནུས་སྟོབས་ལྡན་ཤོག །ཚེ་གཟུངས་བརྗོད་བཞིན་མེ་ཏོག་འཐོར། །མང་གསུམ་སྦྱར་བའི་འོ་མ་གཏད་ལ། ཧྲཱི རྣམ་ཀུན་མཆོག་ལྡན་ཤེས་རབ་འོ་མའི་ཆབ། །ཁྱོད་ལ་སྦྱིན་པས་རྟེན་ཅིང་འབྲེལ་འབྱུང་དབྱིངས། །མི་འགྱུར་མི་ཤིག་རྟག་བརྟན་གཞོམ་ཞིག་བྲལ། །གཟུང་འཛིན་མཚན་མའི་ཆོས་ཀྱི་གཡོ་མེད་ཤོག །གོང་བཞིན་ཚེ་གཟུངས་དང་ནས་མཐོར། མཐར་ཚེ་ལྷ་བསྐུལ་ཞིང་རྒྱས་གདབ་བྱ་བ་ནི། མདའ་དར་གཡབ་ཅིང་། ཧྲཱི ཆོས་སྐུ་མི་འགྱུར་རྡོ་རྗེའི་ཚེ་ཁུ་གཅིག །ལོངས་སྐུ་མི་འགག ་པདྨའི་ཚེ་ཁུག་ཅིག །སྤྲུལ་སྐུ་མི་འགྱུར་གཡུང་དྲུང་ཚེ་ཁུག་ཅིག །ཕྱི་སྣོད་བརྟན་པ་འབྱུང་ལྔའི་ཚེ་བཅུད་ཁུག །ནང་བཅུད་གཡོ་བ་སྐྱེ་འགྲོའི་ཆ་བཅུད་ཁུག །མདོར་ན་སྲིད་ཞིའི་བདེ་སྐྱིད་དཔལ་དང་གཡང་། །མ་ལུས་འདིར་ཁུག་འདིར་བསྡུས་འདིར་ཚོགས་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་ཀུན་སྩོལ་ཅིག །ཚེ་གཟུང་བརྗོད་ཅིང་རྒྱས་གདབ་པ་ནི། ཧྲཱི ལུས་ལ་རྡོ་རྗེའི་རྒྱས་གདབ་པས། གཞོམ་ཞིག་བྲལ་བའི་དཔལ་ཐོབ་ཤོག །ངག་ལ་སྔགས་ཀྱི་རྒྱས་བཏབ་པས། །རབ་འབྱམས་ཕྲིན་ལས་ཡོངས་གྲུབ་ཤོག །ཡིད་ལ་ཡེ་ཤེས་རྒྱས་བཏབ་པས། །མི་

(༡༢༨༣)མི་ཤེས་འཁྲུལ་རྟོག་མུན་སངས་ཤོག །སྲིད་པར་ཞི་བའི་རྒྱས་བཏབ་པས། །སྡུག་བསྔལ་རྒྱ་འབྲས་ཡོངས་དག་ཤོག །ཞེས་བརྗོད་རྗེས་སུ་གཏང་རག་གི་མཎྜལ་ཕུལ་ལ། དམ་ཚིག་གི་ཁས་ལེན་དང་བཀྲ་ཤིས་བརྗོད་མཐར། བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །འདིར་སྨྲས་པ། རྗེ་བཙུན་བླ་མའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས། །ཉེ་རིངས་སྨིན་བྱེད་འོད་ཟེར་འབུམ་ལྡན་འདི། །གསལ་བར་བྱས་ཚེ་སྐལ་བཟང་མཚོ་སྐྱེས་ཚལ། །གཅིག་ཆར་དགོད་ཅིང་དོན་གཉེར་རྐང་དྲུག་ཁྱུ། །སྙན་པའི་གླུ་ལེན་དགའ་བའི་ཟློས་གར་དང་། །ཆབ་གཅིག་སྙིང་པོའི་བཅུད་མྱོང་ནུས་སྟོབས་ཀྱིས། །འཕྲལ་ཕུག་ཕན་བདེའི་ལང་ཚོ་བདོ་པའི་དཔྱིད། །རྫོགས་ལྡན་སྙིང་པོའི་སྐལ་བ་འཕོས་པ་བཞིན། །ཐོག་མཐའ་བར་གསུམ་དགེ་བའི་རྒྱུར་གྱུར་ཅིག །ཞེས་རྗེ་བླ་མ་ཐམས་ཅད་མཁྱེན་པའི་བཀའ་བརྩོམས་དཔག་མེད་མྱུར་ལམ་ལ་སྦྱར་རྒྱུའི་དབང་ཆོག་འོད་ཟེར་འབུམ་ལྡན་ཞེས་པ་འདི་ནི་སྔ་འགྱུར་རྫོགས་པ་ཆེན་པོའི་བསྟན་པ་འཛིན་སྐྱོང་སྲེལ་གསུམ་གྱི་མངའ་བདག་རིག་འཛིན་ནམ་མཁའ་འཇིགས་མེད་རྡོ་རྗེའི་བཀའ་སྩལ་གསེར་གྱི་ཅོད་པན་སྤྱི་བོར་བཅིང་ནས་སྤེལ་བ་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ཁ་གྱིས་ཤིང་ཡི་གེ་པ་ནི་མགོན་པོ་བསམ་འགྲུབ་ཀྱིས་བགྱིས་པའི་དགེ་བས་འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། དགེའོ། །

(༡༢༨༤)

(༡༢༨༥)རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ་བཞུགས། །

(༡༢༨༦)དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །པདྨ་འབྱུང་གནས་ཐུགས་རྗེའི་བདག །མཐོན་མཐིང་རལ་པའི་ཅོད་པན་རྩེར། །བཞུགས་ལ་བདག་རྒྱུད་བྱིན་གྱིས་རློབས། །ཁྱེད་དད་པ་དམ་ཚིག་དང་ལྡན་ཞིང་སྙིང་ནས་ཆོས་དོན་དུ་གཉེར་བ་རྣམས་གསན་པར་ཞུ། །ཐོག་མཐའ་མེད་པའི་འཁོར་བ་ནས་ལས་ངན་གྱིས་རྒྱུ་བྱས། རྐྱེན་ངན་གྱི་དབང་དུ་ཤོར། གང་ནས་བསམས་ཀྱང་ཡ་ང་ཞིང་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པའི་རིགས་དྲུག་བཙོན་པ་ཁྲི་མུན་དུ་བཅུག་པ་ལྟ་བུའི་གནས་སུ་ཁོར་ཁོར་ཡུག་ཏུ་སྤྱོད་དགོས་པ་ཅི་ཡིས་ལན་མ་ནོ་བསམ་ལེགས་པར་ཐོང་། ད་ལྟ་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། རྐྱེན་མི་འདོད་པ་ཕྲན་བུ་ལའང་བག་ཆེ་ནས་བློ་མ་བདེ་སིང་སིང་། སྣང་བ་ཐམས་ཅད་དོགས་པར་འཆར་ནས་

(༡༢༨༧)ཡིག་འཆུས་པ་འདྲ་ན་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་དུས་ཨ་ཙམ། ད་དེ་དག་ལ་ཐར་བའི་ཐབས་ནི་གཏན་གྱི་འདུན་མ་དམ་པའི་ཆོས་ཁོ་ན་བསྒྲུབ་པ་ལས་གཞན་ཅི་ཡང་མ་ཡིན། སྣང་བ་སྒྱུ་མ་ཡིན་ཟེར། ཉིན་མོར་རྟ་ཞོན་ཆང་བཏུངས། རྩེད་འཇོལ་རོལ། དགོངས་མོ་རས་གཟན་གྱོན། སྤུད་པའི་དགང་སྟོང་འདྲ་བའི་རླུང་ཕིང་ཕིང་། ཌ་དྲིལ་ཁྲོལ་ཁྲོལ་གཅིག་པོ་ས་སངས་མི་རྒྱ། འཁོར་བ་ལ་འཁྱམས་པའི་རྩ་བ་བ་དག་འཛིན་ཡིན་ཏེ་བཤེས་སྦྲིང་ལས། འདོད་པ་རྣམས་ནི་ཕུད་དཀྲོལ་བསྐྱེད་པ་སྟེ། །ཐུབ་པའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱིད་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་པའི་བདག་འཛིན་ལ་མདོར་བསྡུ་ན། །

(༡༢༨༨)ཡུལ་མཁར་དང་ནོར་རྫས་ལ་ཞེན་ཅིང་ཆགས་ནས་ཆོས་ལ་ཕྱི་བཤོལ་བྱེད། ཁབ་དང་སྐུད་པ་རྙེད་ཀྱང་ལྷ་གསོལ། སྙུང་བུ་དང་སྙམ་སྒྲོག་བོར་ཡང་སྙིང་འཁུམ་པ་དེ་ཚེ་ཕྱི་ཡི་བདག་འཛིན་ཡིན། ཆོས་ལ་ཕྱོགས་རིས་བཅད། རང་ཕྱོགས་ལྷ་རུ་མཐོང་། གཞན་ཕྱོགས་འདྲེ་རུ་འཛིན། རང་རྒྱུད་ཀྱི་ཡོན་ཏན་ལ་རྟོག་དཔྱོད་མི་གཏང་བར་ཤཱཀྱ་ཐུབ་པའི་གྲལ་མགོར་སྡོད་རྒྱུ་བྱུང་ཡང་ང་རང་ཨ་ཐོ་བ་ཡིན་བསམ་བྱེད་པ་དེ་ཚེ་ནང་གི་བདག་འཛིན་ཡིན། བསྐྱེད་རིམ་དངོས་ཞེན་ཅན། སེམས་བསྐྱེད་ཕྱོགས་རིས་ཅན། རྫོགས་རིམ་དམིགས་གཏད་ཅན། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཁ་ནས་ཟེར་རུང་སྟོད་པའི་ངོ་བོ་ལ་འདོད་སྲེད་ཅན་སྒེག་མོའི་ལུས་ལ་ཆགས་པ་བཞིན་དམ་སྦྲིང་ངེ་། ཐོམ་ཡོ་རེ་བ་ལྟ་ཞིང་། ང་འདྲའི་ཐུགས་དམ་སུ་ལ་ཡོད་སྙམས་ནས་འདྲིས་དང་གླེང་ས་མེད་པས་མི་ཚེ་དོན་མེད་ལ་འཛད་པ་དེ་ཚོགས་ང་བའི་བདག་འཛིན་ཡིན། དེ་ཁྱེད་རྣམས་ལ་དྲང་ཕོར་གླེང་ན། ཡུལ་དང་ནོར་རྫས་ལ་

(༡༢༨༩)སྲེད་པ་གཏིང་ནས་སྤངས་པ་ཞིག་བྱུང་ན་ཆོས་ཕྱེད་ཚར་བ་ཡིན། ངས་དང་པོར་ངེས་དོན་གྱི་སྒོར་ཞུགས་པ་ཙམ་ནས་བདག་འཛིན་མཆིལ་མའི་ཐལ་བ་བཞིན་དུ་འདོར་ནུས་པ་ཡོད་དེ། གནས་ལུགས་བཙན་ས་ཟིན། འཁོར་སློབ་འདུ་བའི་སྒོ་ཚུགས། གཞན་དོན་ནུས་པའི་ཁུངས་སུ་གྱུར་པ་ནས། གདུལ་བྱ་ཐབས་ཀྱིས་འདུལ་བའི་དགོངས་གཞི་དང་དགོངས་པ་མཐའ་ཡས་པ་བྱུང་ནས། འཕྲལ་གྱིས་ཉེ་བར་སྤྱོད་པ་འགའ་ཙམ་བདག་གིར་བཟུང་བ་ལས་གཏིང་ནོར་ཡིན་ཟེར། ནན་དགོས་ཟེར། ཤིན་སྤྱོད་ཟེར་བའི་ཕྱི་ཚིག་རེ་དོགས་ལྷུར་ལེན་ཙམ་མ་བྱས་པར་གཙོ་བོར་དཀོན་མཆོག་ལ་མཆོད་པ། སེམས་ཅན་གྱི་སྲོག་བསླུ་བ། དགེ་འདུན་ལ་བསྙེན་བཀུར། ཞར་ལ་ངན་སློང་ལ་སྦྱིན་པ་སོགས་ཤི་གསོན་གྱི་དངོས་པོ་གནས་མ་ཡིན་པར་ཆུད་འཛའ་བ་དང་། བུང་བའི་ཚང་གསོག་གསོག་བྱས་པ་མེད། མཛོད་རྒྱབ་ཁུར་མ་ཡིན་པ་ངེད་

(༡༢༩༠)རང་ལ་བཅར་བ་རྣམས་ཞེ་མི་ཁྲེལ་བ་ཡིན་མོད། འཆི་བ་ཀུན་ལ་ཡོད་པས་ཐུགས་ལ་དགོངས་པར་མཛོད། །ཆོས་ལ་ཕྱོགས་རིས་མེད་པས་ཐམས་ཅད་ལ་དག་སྣང་སྦྱངས་ཅི་ཐོབ་ཞུས། ལྟད་མོ་ཀུན་ལ་བལྟས་པས་རང་ས་རང་ས་ན་ཟབ་བ་འདྲ་བ་རྐྱང་པ་འདུག་སྟེ་ལྟ་བ་རྫོགས་པ་ཆེན་པོས་ཆོག་པར་བྱུང་། རྩ་ལྟུང་དབྱིངས་ལ་བཞག་པ་ཡིན། །ད་ཉམས་ལེན་གྱི་སྔོན་འགྲོ་དེ་དག་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་བའི་སྟོང་སྐད་ཀྱིས་ཁྱད་དུ་མི་གསོང་བ་གཞིར་བཞག་ནས། དངོས་གཞིའི་སྐབས་དོན་ལ། མི་མེད་ཀྱི་ལུང་པར་བཤེས་མེད་རིག་པའི་གྲོགས་དང་འགྲོགས་ནས་གནས་ལུགས་མ་བཅོས་པའི་རྒྱུན་སྐྱོང་བར་དམ་བཅའ་བཟུང་། བཟང་ངན་དང་རེ་དོགས་ཀྱི་གཏམ་ལ་བདེན་འཛིན་དགག་བསྒྲུབ་མི་བྱེད་པར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་ལབ་དུ་བཅུག །མི་ལུས་ཐོབ་པའི་དཀའ་ལུགས། ཆོས་དང་མཇལ་བའི་ཁག་ལུགས། མཚན་ལྡན་གྱི་བླ་མ་དཀོན་ལུགས་

(༡༢༩༡)བདུད་ཀྱི་འཇུག་སྒོ་མང་ལུགས། ཚེ་ལ་ནམ་འཆི་མེད་ལུགས། འཇིག་རྟེན་ཁྱིམ་པའི་མནར་སྤྱོད་དང་སྡུག་བསྔལ་རྣམས་ལེགས་པར་བསམ་ནས་འཁོར་བ་ལ་སྐྱུགས་ལོག་པ་མཁྲིས་ནད་ཀྱིས་གདུངས་པ་ལ་བཙོ་ཟན་བྱིན་པ་ལྟ་བུ་ཞིག་དགོས། དེ་ལྟར་མ་ཡིན་པའི་གཏོ་འབོལ་བ། སྦྱིན་བདག་ལེགས་པ། གོས་དྲོ་བ། སྡོད་གནས་སྐྱིད་པ། གཏམ་སྙན་པ། མི་ཆོས་དང་མཐུན་པ་ཞིག་གི་སྟ་གོན་བྱེད་ཕན་ཆད་ཆོས་མ་བྱས་གོང་དུ་བདུད་འགྲུབ་ཚར་བ་ཡིན། ལར་མིག་རུ་ཟང་ཟང་དང་། རྟོགས་པ་མཐོ་མཐོ་མོའི་ཆོས་སྐད་བྱས་ཀྱང་བདག་འཛིན་དང་སྐྱིད་འདོད་ཀྱི་འགོང་པོ་མ་ཐུལ་ན་རྟོགས་སྤྱོད་པས་སྟོན། ཚད་རྨི་ལམ་གྱིས་བཟུང་ཟེར་བ་ཡིན་པས་གོ་དགོས། སྡེ་དཔོན་ཆེན་པོའི་ཕོག་ཟ་བ་འདི་ཡང་། གང་ལ་དབང་ཡོད་དེ་ལ་སྡིག་པ་ཡོད། ཟེར་བ་ལྟར་དེ་ཚོའི་ནོར་དང་ཟད་ཟིང་གི་འབྱུང་ཁུངས་ལ་བསམ་མནོ་ལེགས་པར་བཏང་ན་རང་གི་དགེ་སྦྱོར་ལ་ཡར་སྐྱེད་

(༡༢༩༢)འཕེལ་བ་ལྟ་ཞོག །དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟོས་དྲག་ན་ཐར་བའི་སྲོག་རྩ་གཅོད། །ཅེས་པ་ལྟར་མཐར་དམྱལ་བའི་གཏིང་རྡོ་ཆེན་པོར་མི་འགྱུར་བའི་ངེས་པ་མི་འདུག་པ་ལ་ལེགས་པར་གཞིག་ཏེ་འཚོ་བ་བསོད་སྙོམས་ཙམ་ལ་བརྟེན་ནས་མིའི་ངོས་བཟུང་སྤང་། རྒྱལ་བ་གོང་མས་ལྟོ་ཚད་ལ་ཕབ། གཉིད་སྲང་ལ་བཅུར། རིག་པ་ཞུར་ལ་དྲོངས། གསུངས་པ་ལྟར་ལྟོ་ཆས་འདི་ཡང་བཟའ་ཆེ་ན་ཉོན་མོངས་པ་ཤུགས་ཀྱིས་ལྡང་། ལྡེངས་ཚོད་ཀྱིས་མ་ལྡེངས་པས། རྔ་བརྡུང་། གླུད་གྱེར། གཏོ་ཡས་ལ་མགོ་འཁོར། འདི་མ་བྱས་ན་ལྟོ་མི་འདུག་ཟེར། སྲང་ཁའི་ཁྱི་ལས་ཀྱང་བྲེལ་ཚུབས་ཆེ་བར་སོང་གིས་དོགས་པས་ཚོད་ཟིན་པར་བྱ། ཆད་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། ཕོར་པ་གང་ལས་མང་བར་མི་འཐུང་། ཤ་སྤོང་མ་ནུས་ན་རན་པར་བཟའ་ཞིང་ཟས་ཀྱི་རྣལ་འབྱོར་ལ་སྤྱོད་ཚུལ་ཁོ་བོའི་སྤྱོད་ཡུལ་ལམ་ཁྱེར་ལྟར་བྱ། གཏན་གྱི་དགེ་སྦྱོར་བྱེད་ལུགས་ལ་མཚོན་ན། གང་ཟག་དབང་པོ་རབ་འབྲིང་

(༡༢༩༣)དང་། སོ་སོའི་འཁོས་བབས་ཀྱིས་གཅིག་ལ་ཚད་བཟུང་དཀའ་ཡང་། ཧ་ལམ་ངེད་ཀྱིས་དཔལ་གྱི་རི་པོར་ལོ་གསུམ་དང་ཟླ་བ་ལྔའི་བར་ལ་དཔེ་བྱས་ན། ཐོ་རེངས་ཕྱི་མཐའ་བྱས་པའི་གཉིད་ནམ་སད་ལ་མལ་ནས་ཧར་གྱིས་ལངས། རླུང་རོ་དགུ་ཕྲུགས་སུ་བུས་པས་རླུང་ཁམས་དྭངས་སྙིགས་ཕྱེད་པར་ཡོད། དེ་ནས་སྔོན་འགྲོ་ཐོན་རྗེས་གསོལ་འདེབས་དྲག་པོ་གདུང་ཤུགས་མཆི་མ་ཐོན་པ་རེ་བྱས། ཐུན་མོང་མ་ཡིན་པའི་གྲོལ་ཐིག་སྙན་རྒྱུད་རླུང་གི་རྫོགས་རིམ་ཚ་རྟིང་བར་ཐུན་གཅིག་ཏུ་བསྒོམ་པས་དང་པོ་རླུང་གི་ཟུག་གཟེར་ལ་སྙིང་རུས་བསྐྱེད་དགོས་པ་བྱུང་སྟེ། རེ་ཞིག་ནས་གེགས་རྣམས་ངང་གིས་སངས། རླུང་རང་མལ་དུ་ཚུད། གཡས་གཡོན་གྱི་འཕོ་བ་དང་ཕྱེད་བཅས་སོ་གཉིས་ཀྱི་གནད་ཐིངས། ཉི་མ་རིང་ཐུང་གི་ལྡོག་པ་ཤེས། སྲོག་ཐུར་གཅིག་ཏུ་འདྲེས། བུམ་ཆེན་རིལ་བ་ཞབས་ཚོགས་ཅན་མིག་གིས་བལྟར་ཡོད་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་

(༡༢༩༤)རྟགས་ཀྱང་མངོན་དུ་གྱུར་པ་འབྱུང་བ་འདི་ཡིན་པས་རླུང་ཡུན་ཐུང་ལ་དམིགས་པ་མི་གསལ་བ་ཞིག་བསྒོམས་པ་ལ་བྱས་ཡུས་མི་ཆེ་བ་གལ་ཆེ། དེ་ནས་ཚ་རྟིང་གི་ཆར་ཛའམ་ཐུག་པ་གང་རིགས་བཏུང་། གསུར་བསྔོ་བྱས། དེ་མ་ཐག་བསྙེན་བསྒྲུབ་གྱི་ཐུན་ལ་ཞུགས། དེ་ཡང་བསྐྱེད་རིམ་གྱི་ངོ་བོ་ཞེན་པ་མེད་པ། རང་བཞིན་ཞལ་ཕྱག་གསལ་བ། ཐུགས་རྗེ་འོད་ཟེར་སྤྲོ་བསྡུའི་དམིགས་པ་གསལ་པ་ལ་དྲན་པ་གཅིག་ཏུ་གཞུར་བས་བསྐྱེད་རྫོགས་ཀྱི་རྩལ་འབྱོངས་པ་མ་གཏོགས། དེང་སང་ཁ་ཅིག་ལྟར་མོས་པ་ལམ་ཁྱེར་ཉ་ར་ཉོ་ར་རང་གི་ཁམས་ཀྱིས་གང་ལྕོགས། རྒན་བུ་མ་ཎི་འདྲེན་འདྲེན་བྱས་པས་ཡོད་པ་མེད། དེ་ལྟ་བུའི་ཐུན་དེ་ཉིད་གུང་ཡོལ་བ་ཙམ་ལ་གྲོལ། ཆུ་གཏོར་གཏོང་། ལྟུང་བཤགས། བསམ་ལྷུན། གཙུག་ཏོར་རྣམ་རྒྱལ། ཡེ་ཤེས་སྐུ་མཆོག་སོགས་ཆོས་སྤྱོད་གཟུངས་སྔགས་སྨོན་ལམ་གྱིས་མཐའ་བརྟེན་དང་བཅས་པ་སོང་རྗེས། དཔེ་ཆ་ཤོག་བུ་བརྒྱད་ཙམ་རེ་མྱུར་པོར་འབྲི་རྒྱུ་ཡོད་ན་དང་། དམིགས་བསལ་

(༡༢༩༥)མེད་སྐབས་ཐོད་རྒལ་སྒོམ། དེ་ནས་གུང་ཚིགས་ཟ་བའི་ཚེ། ཤ་ལ་གཟུངས་སྔགས་ཁྱད་པར་ཅན་མང་པོ་བཏབ། སྙིང་རྗེ་བསྐྱེད། སྨོན་ལམ་བཏབ་རྗེས་ཕུང་ཁམས་ལྷར་གསལ་བས་ཟས་ཀྱི་རྣལ་འབྱོར་ལ་སྤྱད། ཡོན་སྦྱོང་གི་མདོ་འདོན། དེ་ནས་ཕྱག་བརྒྱ་ཕྲག་གཉིས་གསུམ་རེ་བཙལ་བ་དང་སྦྲགས། མདོ་སྔགས་ཀྱི་སྨོན་ལམ་སོགས་བཏབ་བོ། །དེ་མ་ཐག་མལ་དུ་ཞུགས་ཡི་དམ་གྱི་སྒོམ་བཟླས་ཁོ་ན་ལ་བརྩོན་པས། ཡི་དམ་རིགས་མི་འདྲ་བ་མང་པོའི་བསྙེན་པ་ཚད་དུ་ལོངས་པ་བསམ་ལས་འདས་པར་སོང་། སྲོད་ཚོགས་རེ་གཏོང་། གཏོར་བསྔོ་བྱས། རྗེས་ཆོ་ག་རྣམས་དང་། རྫོགས་རིམ་བསྡུས། འོད་གསལ་ཟིན་པའི་གསོལ་འདེབས་གདུང་ཤུགས་ཆེ་བར་དང་། བསམ་པ་ལྷུན་འགྲུབ་མ་རང་གཞན་ཀུན་ལ་ཕྱོགས་རིས་མེད་པའི་སྨོན་ལམ་དོས་དྲག་པ་རེ་བྱས། རླུང་ཐུན་འཚམས་པ་གཅིག་བསྒོམ་རྗེས་གཉིད་ཀྱི་རྣལ་འབྱོར་ལ་ཞུགས།

(༡༢༩༦)སད་རེས་འཁྲུལ་བ་རྒྱ་འབྱམས་སུ་མ་བཏང་བར་རྩེ་གཅིག་འདུན་པའི་ཞུར་ལ་དྲངས་བས་བོགས་ཤིན་ཏུ་ཐོན་པ་བྱུང་། མདོར་ན་ལོ་གསུམ་འདིའི་རིང་ཟས་ལ་མང་ཉུང་མེད། གོས་རས་གཟན་གཅིག་ཁོ་ནས་འཁྱོལ་བ་བྱས། བུག་སྒོར་ངག་ཚིག་གཅིག་ཀྱང་བཏང་བ་མེད། ནང་ན་མཚམས་གཡོག་ཡོད་སྐབས་ཀྱང་ཤོག་སྒོ་ཕྱི་ནང་གིས་མཚམས་ཆོད་པའི་བུག་སྒོ་ནང་མ་ལས་འདས་པ་མེད། འཁོར་བ་ལ་ངེས་འབྱུང་དང་། སྐྱོ་ཤས། ནམ་འཆི་ཆ་མེད་ཀྱི་བློ་དུང་ངེ་སྐྱེས་པས། ངག་འཁྱལ་དང་རང་བཞིན་གྱི་འཕྲོས་གཏམ་སོགས་ཕྲན་བུ་ཙམ་ཡང་ལབ་པ་མེད་པས། ངོས་ཀྱི་རྗེས་སུ་འཇུག་པ་རྣམས་མཚམས་ཀྱི་མིང་བཏགས། སྒོ་དྲུང་དུ་ཐོ་བརྩིགས། རྣམ་རྟོག་རྒྱ་འབྱམས་སུ་བཏང་། ཕྱི་རོལ་ཏུ་ཐག་ཟེར་ན་བྱ་ར། ཅ་ཅོ་སྒྲོགས་ན་རྣ་ཉན། བུག་སྒོར་མི་དང་འཕྲད་ན་རྒྱ་བོད་ཧོར་གསུམ་གྱི་གཏམ་བརྗོད་གླེང་བ་སོགས་ཚོགས་དྲུག་ཡུལ་ཕྱིར་སོང་བ། མཚམས་ཀྱི་གཡང་ཤོར་བ། སྣང་བ་ཡུལ་

(༡༢༩༧)ཕྱིར་འབྲེངས་བ། དངོས་གྲུབ་ཕྱི་ལ་ཡལ་བ། བར་ཆོད་ནང་དུ་འགུགས་པ། བློ་ལང་ཤོར་དུ་ཐལ་བའི་ངང་ལ་ལོ་མཚམས་ཟླ་མཚམས་ཀྱི་ཞག་གྲངས་རྫོགས། ཤེས་རྒྱུད་སྔར་ལས་སྤུ་གང་གིས་བཟང་དུ་མ་སོང་བར། མཚམས་ཐ་མལ་དུ་གྲོལ་བ་དེ་ནམ་ཡང་མ་བྱེད་པར། སྙིང་ལ་རུས་པ་བསྐྱེད་ལ། ན་རུང་། ཚ་རུང་། ཤི་རུང་། མཚམས་བྱས་རུང་། བསྐྱེད་རིམ་སྒོམ་རུང་། རྫོགས་རིམ་སྒོམ་རུང་། ཡི་གེ་འདྲི་རུང་། ཆོས་སྤྱོད་འདོན་རུང་། ཅི་བྱེད་ཀྱང་། རང་སེམས་ཀྱི་ངོ་བོ་བརྗོད་དུ་མེད་པ། བློས་བཏང་མ་ཡིན། ཧ་ཅང་བཅུར་བ་མ་ཡིན། ཧ་ཅང་གློད་པ་མ་ཡིན་པ། སྒོམ་རྒྱུ་མེད་ལ་ཡེངས་སུ་སྤུ་ཙམ་མེད་པ། ད་ལྟའི་ཤེས་པ་ལ་བསྒྱུར་བཀོད་དང་བཅོས་སླད་མ་བྱས་བར་འདི་དང་མ་བྲལ་བར་གྱིས་ཤིག །འདི་དང་བྲལ་ན་རྣམ་རྟོག་ལ་ཅི་ཤར་ཆ་མེད་པ་ལ་བདག་སྤྲད་པས་སྒོམ་ཆེན་བ་བློ་རྒྱ་ཆེ་རུ་སོང་། ཆོས་ལ་

(༡༢༩༨)རྒྱུས་ཡོད། བླ་མ་ལ་ངོས་འཛིན། མཆེད་གྲོགས་ལ་སྐྱོན་བརྗོད། ཕྱུག་བསྲེལ་འདུ་ལོངས་སྒྲུབ། མི་བྱེད་དགུ་བྱེད་ཅིག་གི་སྟེང་དུ་འཁྱོལ་བའི་ཚེ། སྐྱེ་བོ་ཀླང་མེད་ཚོས་སྐུ་བསོད་ཆེ་ཟེར། འགྲོ་དོན་རྒྱས་ཟེར། རྩེ་གཏོར་འགམ་པ་ནི་བར་ཆོད་ཀྱི་བདུད་ཞུགས་པའི་རྟགས་མཐར་ཕྱིན་པ་ཡིན་པས། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྦྲང་ལ་གཏད། སྦྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོག་སྟོངས་ལ་གཏད་ཅེས། ཇོ་བོ་བཀའ་གདམས་པའི་གཏད་པ་བཞི་པོ་འདི་ཆོས་པ་ཀུན་གྱིས་སྤྱི་ནོར་དུ་བྱས་པས་བདུད་ཀྱིས་གླགས་མི་ཁེལ་བ་ཡིན་ལ། གཞན་ཡང་ཉམས་རྟོགས་དང་རྨི་ལམ་གཞན་ལ་བཤད་པ་ཆོས་གཏམ་དང་མཚམས་སྒྲུབ་ཀྱིས་སྡུག་ཡུས་འདྲེན་པ། དམ་ཚིག་མི་གཅིག་པ་ལ་གྲུབ་མཐའ་ཆོས་རྒྱུད་ཀྱི་མཚད་བརྗོད་པ་སོགས་དངོས་གྲུབ་ཡལ་ཞིང་རང་མཚང་སྟོན་པའི་རྒྱུ་ཡིན་པས་དམའ་མོའི་ས་བཟུང་། ཀུན་དང་མཐུན་པར་བྱ། ཧྲུལ་པོའི་གོས་གྱོན། སྣང་བ་གཏད་མེད་དུ་བཏང་། གཏིང་ནས་འཆི་བདག་

(༡༢༩༩)གཤིན་རྗེའི་རྒྱལ་པོ་ལ་ཡང་མི་འཇིགས་པ་ལ། །ལྟར་སྣང་ངང་པའི་རྒྱལ་པོ་ཡུལ་འཁོར་སྲུང་ལས་ཀྱང་དུལ་བས་གཞན་སྣང་དགེ་ལ་འགྱུར་ནུས་པ་ཞིག་དགོས། མདོར་ན་ཆོས་རྣམ་དག་བྱེད་པ་ལ་མཚན་ལྡན་གྱི་བླ་མ་མ་གཏོགས། བསླབ་བྱ་དྲང་པོར་བཤང་མཁན་ཕ་མ་ཡིན་ཀྱང་མི་ཡོང་བས་རང་ཚོད་རང་གིས་བཟུང་། སུའི་ཁ་ལ་ཡང་མི་ཉན་པར་རི་དྭགས་རྒྱ་ནང་ནས་ཤོར་བ་ལྟ་བུ་ཞིག་དགོས། མཚམས་དང་སྒྲུབ་པ་ལ་གནས་པའི་ཚེ་དམ་བཅའ་རས་སུ་མ་བོར་བ་སྤང་ལ་བེ་ཕུར་བཏབ་པ་བཞིན་ལྷན་ནེར་སྡོད་ཚུགས་པ་ཞིག་དགོས། གཏམ་ངན་དང་རྐྱེན་ངན་བྱུང་ཚེ་སེམས་ལ་འཕྲིག་མི་ཚུད་པ་སྨྱོན་པ་འུར་ལངས་པ་ལྟ་བུ་ཞིག་དགོས། མི་མང་དང་ལྷན་ཅིག་གནས་པའི་ཚེ་དྲན་པ་ཐ་མལ་དུ་མ་ཡེངས་པར་མ་གསར་གཅེས་ཕྲུག་དང་བྲལ་བ་ལྟ་བུ་ཞིག་དགོས། ལྷ་སྐུ་དང་དག་དྲན་སྒོམ་པའི་ཚེ་སྣང་སྲིད་དག་པ་རབ་འབྱམས་

(༡༣༠༠)སུ་བསླབ་པ་ཞིག་དགོས། རླུང་དང་རྫོགས་རིམ་སྒོམ་པའི་ཚེ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་གྲིམས་ཆ་བག་ཡངས་སུ་མ་སོང་བ་དགོས། འཆི་བ་ཐོག་བབས་སུ་བྱུང་ཡང་སྐྱོ་སུན་དང་བློ་ལྷག་མེད་པ་བྱ་རྒོད་གནམ་འཕང་གཅོད་པ་ལྟ་བུ་ཞིག་དགོས། དགོས་པ་བདུན་དང་ལྡན་པ་ཞིག་བྱུང་ན་རྒྱ་ལབ་གོང་མའི་གྲུབ་མཐའ་སྙོགས་ཤིང་བདག་གི་བསམ་པ་རྫོགས་པ་ལགས་སོ། ཁྱོད་ཀྱིས་མི་ལུས་ཐོབ་པ་དོན་དང་ལྡན་ནོ། །དམ་པའི་ཆོས་སྒོར་ཞུགས་པ་ལ་འབྲས་བུ་བྱུང་ངོ་། །ཨ་ལ་ལ་ཧོ། །ཞེས་པ་འདི་ཡང་དད་པ་མོས་གུས་ཀྱི་སྒོ་ནས་གསང་སྔགས་ཀྱི་སྣོད་མཆོག་ཏུ་གྱུར་པ་གཅོད་པའི་དབང་ཕྱུག་འཇའ་ལུས་རྡོ་རྗེའི་ངོར་རྫོགས་ཆེན་པོ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སྙིང་གཏམ་ཉམས་མྱོང་གི་སྒོ་ནས་བཤད་པ་ཀུན་གྱིས་དབུ་སྔས་སུ་གླན་པར་ཞུ། མངྒ་ལཾ།། །།

(༡༣༠༡)ཀློང་ཆེན་སྙིང་ཐིག་གི་གཏར་མའི་རེ་གཟིག་གསལ་བ་བཞུགས། །

(༡༣༠༢)མཆོག་ཏུ་མི་འགྱུར་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། ཟུང་འཇུག་རང་བྱུང་རྡོ་རྗེའི་སྐུ། །དཀྱིལ་འཁོར་ཀུན་བདག་བླ་མར་འདུད། །དེ་ལ་འདིར་རང་གཞུང་དུ་མི་གསལ་བའི་རིགས་ཞལ་ཤེས་སུ་སྩལ་བ་ཇི་བཞིན་གཏོར་མའི་རེ་གཟིག་ཅུང་ཟད་ཅིག་སྤེལ་བླ་གཉིས་ལས། དང་པོ་བླ་མ་མཆོད་པ་དང་ཡང་གསང་བླ་སྒྲུབ་འདྲ་བར་ཟླུམ་གཏོར་དམར་པོ་པད་འདབ་བཞི་པ། ༈ ནང་སྒྲུབ་རིག་འཛིན་འདུས་པ་ལ། བང་རིམ་དམར་པོ་གསུམ་གྱི་འོག་མ་ལ་འཁོར་ཚོགས་སྤྱི་བསྡུས་སུ་ཐེབ་ཀྱུ་ཅི་མང་། བར་མ་ལ་རྗེ་འབངས་ཉེར་ལྔ་མཚོན་བྱེད་མར་གྱི་ནོར་བུ་ཉེར་ལྔ། སྟེང་མ་ལ་རིག་འཛིན་བརྒྱད་མཚོན་བྱེད་རིན་པོ་ཆེ་ཟུར་བརྒྱད་པ་སེར་པོ། དེ་སྟེང་བདེ་སྟོང་ཡེ་ཤེས་བསྐྱེད་པ་མཚོན་བྱེད་ཉི་ཟླ་གཉིས་ཀྱི་སྟེང་འཁོར་བའི་སྐྱོན་གྱིས་མགོས་

(༡༣༠༣)པའི་རྟགས་པདྨ་འདབ་བཞི་མཛེས་ཚོན་ཅན་གྱི་དབུས་སུ་ཟླུམ་གཏོར་དམར་པོ་བརྗིད་ལྡན། ༈ ཡུམ་ཀ་བདེ་ཆེན་རྒྱལ་མོ་ལ། ཆོས་འབྱུང་གཉིས་བསྣོལ་སྟེང་མའི་རྩེ་མོ་མདུན་བསྟན་གྱི་ཐོག་ཏུ་དཔལ་གཏོར་དམར་པོ་པདྨ་འདབ་བཞི་མཛེས་ཚོན་ཅན་གྱི་བར་མཚམས་རྣམས་སུ་ཐེབ་ཀྱུ་རིལ་བུས་མཚན་པ། ༈ གསང་སྒྲུབ་སེང་གདོད་མ་ལ། ཆོས་འབྱུང་སྔ་མ་ལྟར་གྱི་དབུས་སུ་དཔལ་གཏོར་དང་། །ཟུར་དྲུག་ལ་འཁོར་ཕྲ་མེན་མ་དྲུག་རང་འདྲ་དམར་པོ་རེ་མཐའ་བསྐོར་དུ་མཁའ་འགྲོ་སོ་གཉིས་སོགས་ལ་ཐོབ་ཀྱུ་གྲངས་མཉམ། ༈ ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལ། ཁམས་གསུམ་ཟིལ་གྱིས་གནོན་པ་མཚོན་བྱེད་བང་རིམ་དམར་པོ་གསུམ་གྱི་འོག་མ་གཉིས་ལ་འདུན་བརྒྱ་དང་ཉེར་ལྔའི་ལྷ་ཚོགས་མཚོན་པའི་ཐེབ་ཀྱུ་གང་མང་། སྟེང་མར་དཔལ་གྱི་འཁོར་བརྒྱད་

(༡༣༠༤)མཚོན་པའི་རྩིབས་བརྒྱད་སྔོན་པོ། དེ་སྟེང་ཐབས་ཤེས་གཉིས་མེད་མཚོན་པའི་ཉི་མ་དང་ཟླ་བ། དེ་སྟེང་ཡུམ་གནམ་ཞལ་མ་མཚོན་བྱེད་པདྨ་འདབ་བཞི་མཛེས་ཚོན་གྱི་དབུས་དཔལ་གཏོར་བརྗིད་ལྡན། ༈ གཤིན་རྗེ་འཆི་བདག་ཟིལ་གནོན་ལ། དཔལ་གཏོར་དམར་པོ་བྲང་སྟེང་ཁྲམ་རིས་ཅན་ལ་འཁོར་གུད་གནོན་སྤྲུལ་པའི་ལྷ་བརྒྱད་མཚོན་པའི་ཟུར་གསུམ་དམར་པོ་བརྒྱད་དང་ཐབ་ཀྱུ་ལྷ་གྲངས་དང་མཉམ་པ། ༈ རྟ་མགྲིན་ཁམས་གསུམ་རོལ་པ་ལ། དཔལ་གཏོར་དམར་པོ་འཁོར་གོ་ལམ་དྲུག་མཚོན་པའི་རང་འདྲ་དྲུག་དང་ཐེབ་ཀྱུ་གང་མང་གིས་བསྐོར་བ། ༈ ཡང་དག་སངས་རྒྱས་མཉམ་སྦྱོར་ལ། །དཔལ་གཏོར་དམར་པོ་བྲང་རིས་ཟླ་གམ་ཅན་ལ་འཁོར་ཀོ་རི་མ་བརྒྱུད་མཚོན་པའི་རང་འདྲ་བརྒྱད་དང་ཐེབ་ཀྱུ་གང་མང་། ༈ ཕུར་པ་བདུད་དཔུང་ཟིལ་གནོན་ལ། དཔལ་གཏོར་དམར་པོ་འཁོར་སྲས་མཆོག་ལྔ་དང་ཁྲོ་བཅུ་མཚོན་པའི་རང་འདྲ་བཅོ་ལྔ་དང་ཐེབ་ཀྱུས་བསྐོར་བ། ༈ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་

(༡༣༠༥)མོ་མཚོན་བྱེད་པདྨ་འདབ་བཞི་མཛེས་ཚོན་ཅན་ཟེའུ་འབྲུ་སེར་པོ་དང་བཅས་པའི་ཁར་འོད་ཟེར་ཅན་མ་མཚོན་བྱེད་དམར་ཆ་ཉི་མ། དེ་སྟེང་ནོར་རྒྱུན་མ་མཚོན་བྱེད་གཏེར་བུ་མ་ལྗང་ཁུ། དེ་སྟེང་རྗེ་བཙུན་སྒྲོལ་མ་མཚོན་བྱེད་དཀར་ཆ་ཟླ་བ། དེ་སྟེང་ཟླུམ་གཏོར་དཀར་པོ་པདྨའི་རྒྱན་ལྡན། ༈ དྲག་པོ་རྟ་ཁྱུང་འབར་བ་ལ། དཔལ་གཏོར་དམར་པོ་པད་འདབ་བཞི་པ། ༈ ཞི་ཁྲོ་ངན་སོང་སྦྱོང་བ་ལ། འོག་གཞི་བང་རིམ་དམར་པོ་གསུམ་གྱི་རྨིང་ལ་དབང་མོ་ཉེར་བརྒྱད་མཚོན་པའི་ཕྱོགས་རེར་དཔལ་གཏོར་དམར་པོ་གྲི་རིས་ཅན་བདུན་རེ། བང་རིམ་འོག་མའི་སྟེང་ལ་ཞི་བ་ལྷག་མ་རྣམས་མཚོན་བྱེད་ཐེབ་ཀྱུ་དང་རིལ་བུ་དཀར་པོ། །བར་མའི་སྟེང་ལ་ཐེབ་ཀྱུ་དམར་པོ། སྟེང་མའི་ཁར་སེམས་དཔའ་རྣམ་བརྒྱད་མཚོན་པའི་རིན་པོ་ཆེ་ཟུར་བརྒྱད་པ་སེར་པོ། དེ་སྟེང་ཧེ་རུ་ཀའི་དཀྱིལ་འཁོར་མཚོན་པའི་རྩིབས་བརྒྱད་སྔོན་པོ། །དེ་སྟེང་སྣང་སྟོང་གཉིས་མེད་མཚོན་པའི་ཉི་མ་དང་ཟླ་བ། དེ་སྟེང་རྒྱལ་བ་རིགས་བཞི་མཚོན་

(༡༣༠༦)པའི་པདྨ་འདབ་བཞི་མཛེས་ཚོན་ཅན་གྱི་དབུས་སུ་དབྱིངས་དང་ཡེ་ཤེས་མཚོན་པའི་གཙོ་བོ་གཉིས་ལ་ཟླུམ་གཏོར་དམར་པོ་འཁོར་ལོས་བརྒྱན་པ་སྟེ། རྩ་བ་གསུམ་གྱི་གཏོར་མ་དེ་དག་ལ་རྒྱན་ཡང་། ཞི་བ་རྣམས་ལ་པ་ཏྲ་དང་། དྲག་པོར་མེ་རི་གཉིས་ཀར་པད་སྤུངས་སོགས་ཀྱི་དབུས་སུ་རང་རྟགས་ཕྱག་མཚན་དང་བཅས་པས་ཀུན་ནས་མཛེས་པར་བྱ་བའོ། །གཉིས་པ་ཆོས་སྐྱོང་གི་སྐོར། མ་མགོན་ལྕམ་དྲལ་ལ། གཙོ་མོ་ཨེ་ཀ་ཙ་ཊི་དཔལ་གཏོར་དམར་པོ། དེའི་གཡས་སུ་མགོན་པོ་ཟུར་གསུམ་གྲི་རིས་ཅན། གཡོན་དུ་དམ་ཅན་ཟུར་གསུམ་ར་མགོས་མཚན་པ། རྒྱབ་ཏུ་དྲང་སྲོང་ཟུར་གསུམ་གཡས་གཅུས། །མདུན་དུ་དུར་ཁྲོད་ལྷ་མོ་ཟུར་གསུམ་མཐའ་བསྐོར་དུ་དཔལ་མགོན་བདུན་ཅུ་རྩ་ལྔར་ཐེབ་ཀྱུ་དེ་གྲངས་ཐམས་ཅད་དམར་པོ། ༈ གཟའ་བདུད་ཆེན་པོ་ལ། གཙོ་བོ་ཟུར་གསུམ་དམར་པོ་གཡས་གཅུས། དེ་ལ་འཁོར་གཟའ་བརྒྱད་རང་འདྲ་བརྒྱད་དང་ཐེབ་ཀྱུ། རྩེ་མོར་མི་རོ་དང་ཤ་དར་གཏོར་མ་སོ་སོར་མེ་རི་དང་དཀར་རྒྱན་མིག་གི་རྣམ་པས་བརྒྱན་པ། ༈ ཚེ་རིང་མའི་རྟེན་གཏོང་

(༡༣༠༧)ལ། །ཁང་བཟང་ལྗང་གུ་ལ་ཁ་བད་དམར་པོས་མཛེས་པའི་སྟེང་གི་དབུས་སུ་གཙོ་མོར་ནོར་བུ་འབར་བ་དང་ཟུར་བཞིར་མཆེད་བཞི་བུམ་སྟེང་འབྲང་རྒྱས་དཀར་པོ་ནོར་བུས་མཚན་པ་བཞི། རྨིང་མཐའ་གངས་རིས་བསྐོར་བའི་ནང་ཁོངས་སུ་སྐྱེད་མོས་ཚལ། མཐུན་རྫས་དང་གཟུགས་འགྲོས་སྣ་ཚོགས་བྲིས་འབུར་ཅི་རིགས་པ། རྒྱབ་ཏུ་མདའ་དར་སོགས་དང་། མཆོད་གཏོར་ལ། བུམ་སྟེང་ཟླུམ་གཏོར་དཀར་པོ་དང་། ཕྱོགས་བཞིར་དཀར་ཟླུམ་བཞི། བར་མཚམས་སུ་ཐེབ་ཀྱུ་རིལ་བུ་ཅན། ༈ ཆད་ཐོ་ལ། ཟུར་གསུམ་དམར་པོ་གྲི་རིས་ཅན་གྱི་པོགས་གསུམ་ལ་ཐེབ་ཀྱུ་སུམ་བརྩེགས་རེ། ༈ བསྟན་མ་ལ། ཟུར་གསུམ་གསུམ་གྱི་དབུས་མ་ནག་པོ། །གཡས་དམར་པོ་གཡོན་དཀར་པོ་སོ་སོའི་མདུན་དུ་རང་མདོག་གི་ཐིབ་ཀྱུ་སུམ་བརྩེགས་རེ། ༈ སྔོན་གཏོར་ལ། དཀར་ཟླུམ་འདབ་བཞི། །མཐའ་ཆང་བུས་དཀྲིས་པའི་མདུན་དུ་ཐེབ་ཀྱུ་རིལ་བུ་ཅན་ཏེ། དེ་ལྟར་མཐའ་གཅིག་ཏུ་ངས་པའི་ཁ་ཚོན་

(༡༣༠༨)གཅོད་པར་དཀའ་ཡང་འཇིག་རྟེན་མིག་གཅིག་སྐྱབས་མགོན་མཆོག་གི་གསུང་རྡོ་རྗེའི་སྒྲ་གདངས་ཆེན་པོ་རྣ་བའི་བདུད་རྩིར་སོན་པ་ཇི་བཞིན་གང་ཞབས་སྤྱི་བོའི་ཅོད་པཎ་དུ་ཐོབ་པ་འབངས་ཨ་བྷཱ་ཡ་དྷཱི་ཀཱ་ཤས་རེ་གཟིག་ཏུ་སྤེལ་བས་གཞན་ལ་ཕན་པར་གྱུར་ཅིག་གུ།། བཀྲ་ཤིས།།

(༡༣༠༩)རྗེ་གྲུབ་ཐོབ་ཆེན་པོས་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་དག་སྣང་དུ་སྩལ་བ་ཐུགས་རྗེ་བྱམས་པའི་མན་ངག་འགྲོ་བའི་སྲོག་འཛིན་བཞུགས། དཔལ་མཆིམས་ཕུའི་མེ་ཏོག་ཕུག་ཉང་ཕུག་འོག་མར་ལོ་གསུམ་གྱི་དུས་རེ་ཞིག་ན། ལུས་ཀྱི་འདུ་བཤིན་ཏུ་འཁྲུགས་ཏེ་ཚ་གྲང་ཁོད་མི་སྙོམས་པའི་ཟུག་རྡུས་མནར་བའི་ཚེ་ན་ཚ་རྐྱེན་ཐོག་ཏུ་རོ་སྙོམས། དམ་ཚིག་ཅན་འདྲས་ཚོགས་སྐོང་བགྱིས་པའི་ཚེ། །མདུན་གྱི་ནམ་མཁར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སྐུ་སྨད་བལྟར་མི་མངོན་པ་ལ། སྐུ་སྟོད་ཧེ་རུ་ཀ་པ་གཟི་བརྗིད་ཅན། །དབུ་སྐྲའི་ཐོར་ཚུགས་སྦ་ལྷས་ཀྱིས་བསྡམས་པ་ཞིག་མཇལ་བ་ལ་མོས་གུས་ཆེན་པོ་སྐྱེས་པའི་མོད་ལས་འདི་སྐད་གསུངས་པའི་སྣང་བ་ཤར་རོ། །ཐང་སྟོང་རྒྱལ་པོ་ལྟ་བ་ངོས་གཟུང་དང་བྲལ་བའི་རྒྱུད་ཅེས་བྱ་བ། ཐང་ནི་སྣ་ཚོགས་ཀུན་གཞིའི་ཐང་། །སྟོང་ནི་རྒྱུ་འབྲས་ངོ་བོས་སྟོང་། །རྒྱལ་ནི་འཁོར་བའི་གཡུལ་ལས་རྒྱལ། །རྒྱལ་ཁབ་སྤངས་པའི་རྒྱལ་པོ་ངས། །ཅི་ཡང་མ་ཡིན་གཞི་ཐོག་ནས། །སེམས་ཅན་འཁོར་བར་འཁྱམས་པ་མཐོང་། །ཐང་སྟོང་རྒྱལ་པོ་རང་ངོར་གྲོལ། །གྲོལ་རྩིས་བྱ་བའང་བློས་བཏགས་ཙམ། །རྒྱུ་འབྲས་འདི་ལ་ཡིད་མ་ཆེས། །རྒྱུ་

(༡༣༡༠)འབྲས་འདི་ལ་ཡིད་ཆེས་ན། །གཏད་མེད་ནམ་མཁའ་སྟོང་པ་ནས། །བདེན་མེད་འཇའ་ཚོན་གང་ནས་བྱུང་། །འཁོར་འདས་འདི་ལ་ཡིད་མ་ཆེས། །འཁོར་འདས་འདི་ལ་ཡིད་ཆེས་ན། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་ག་ལ་ཞིག །ལྟ་བ་འདི་ལ་ཡིད་མ་ཆེས། །ལྟ་བ་འདི་ལ་ཡིད་ཆེས་ན། །ལྟ་བ་ཐམས་ཅད་བཅོས་མ་སྟེ། །མ་བཅོས་ངོ་བོ་ཇི་ལྟར་མཐོང་། །སྒོམ་པ་འདི་ལ་ཡིད་མ་ཆེས། །སྒོམ་པ་འདི་ལ་ཡིད་ཆེས་ན། །སྒོམ་དུ་མེད་པའི་ཆོས་ཉིད་ལ། །འཇུར་བུས་བཅིངས་པ་ཐང་རེ་ཆད། །སྤྱོད་པ་འདི་ལ་ཡིད་མ་ཆེས། །སྤྱོད་པ་འདི་ལ་ཡིད་ཆེད་ན། །ཐང་སྟོང་རྒྱལ་པོའི་སྨྱོ་སྤྱོད་ཀྱིས། །གྲུབ་པ་ཐོབ་པ་ག་ལ་སྲིད། །རྒྱུ་འབྲས་ཉན་ཐོས་བྱིས་པའི་ཆོས། །འཁོར་འདས་ལག་པའི་ཕྱི་ནང་འདྲ། །ལྟ་སྒོམ་སྤྱོད་འབྲས་བློས་བཏགས་ཙམ། །ཡིད་ཆེས་ཡོད་ན་གཏད་སོ་ཡིན། །ཡིད་མ་ཆེས་ན་དངོས་གྲུབ་བསྐལ། །དེ་ཕྱིར་ཆོས་ཀུན་རང་ངོ་ནས། །དེར་འཛིན་བྲལ་བའི་གཤིས་ལུགས་ལ། །ལྷུག་པར་ཞོག་དང་སྙིང་གི་བུ། །ཞེས་གསུངས་པའི་མོད་ལ་གདམས་ངག་འདི་བཀའ་རྒྱས་བཏབ་ནས་གནང་བྱུང་ངོ་། ༈ ཆུ་བོ་འཁོར་བའི་རྒྱ་མཚོ་ཡིན། །གྲུ་གཟིངས་ཐར་པའི་ལམ་ཆེན་ཡིན། །སེམས་ཅན་སྲོག་

(༡༣༡༡)ལ་སྐྱོབ་པའི་ཕྱིར། །བརྟན་བྱེད་ལྷུན་པོའི་འཁོར་ལོ་དང་། །འཇིགས་སྐྱོབ་ཐུགས་རྗེའི་འཁོར་ལོ་ཡིས། །འགྲོ་བའི་སྡུག་བསྔལ་སོལ་ཅིག་བུ། །དེ་ལ་ལྷུན་པོའི་འཁོར་ལོ་ནི། །ཙཀྲ་མུ་ཁྱུད་བཞི་སྐོར་བཞི། །ལྟེ་བར་རི་རབ་བང་རིམ་བཞིར། །འོག་ནས་རིམ་བཞིན་འབྱུང་བཞིའི་སྔགས། །དེའི་ཕྱི་བསྟན་མའི་སྙིང་པོ་ནི། །ཙི་ར་ཙི་རི་ལ་སོགས་མཐར། ས་འཛིན་ལག་པ་ཆེན་པོའི་སྔགས། ལཾ་ལཾ་ཧ་སྟ་མ་ཧཱ་རཏྣ་སྥོ་ཊ་བཾ་སྭཱ་ཧཱ། །ཞེས་དང་དེའི་ཕྱི་མུ་ཁྱུད་ལ། །སངས་རྒྱས་ཀྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །ཆོས་ཀྱི་བ་དེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །དགེ་འདུན་གྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །ལྷ་དང་དྲང་སྲོང་གི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །ཐང་སྟོང་རྒྱལ་པོའི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །སྟོང་ཉིད་ཀྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །དེའི་ཕྱིར་ཡེ་དྷར་ཅི་མང་བཀོད། །གཙུག་ལག་གསུམ་གྱི་ཐམ་ཤིང་དང་། །བཀྲ་ཤིས་རི་ཆེན་དགུའི་རྨིངས། །གསེར་གཡུ་པ་ཝང་ལོང་བུ་རྣམས། །ཞེ་ཉེའི་བར་བུའི་ནང་དུ་བཅུག །བདེན་ཚིག་གྲུབ་པས་རབ་ཏུ་གནས། །རྟ་མགོའི་ཚུགས་ཤིང་འོག་ཏུ་བཏགས། །བརླན་དང་མ་བྲལ་དམ་ཚིག་ཡིན། །ཨེ་

(༡༣༡༢)ཝཾཉྙཾ། འཇིགས་སྐྱོབས་ཐུགས་རྗེའི་འཁོར་ལོ་ནི། ཐང་སྟོང་རྒྱལ་པོ་ང་ཡི་གཟུགས། །གཡོན་པ་བདེ་སྦྱིན་བྷནྡྷ་དང་། །གཡས་པ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །རླུང་ལྷའི་སྟེང་ན་བརྗིད་པ་ཡི། །ཐུགས་ཁར་འཁོར་ལོ་མུ་ཁྱུད་བཞིའི། །དབུས་ན་གསེར་གྱི་རྣམ་བཅུ་དབང་། །དེ་ཡི་མུ་ཁྱུད་ཕྱི་མ་ལ། །མཚལ་དང་ཅུ་གང་བསྲེས་པ་ཡིས། །ཀླུ་དབང་རྒྱལ་པོའི་སྔགས་ཤམ་དུ། །ཏདྱ་ཐཱ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་དང་རིགས་གསུམ་མགོན་པོའི་གཟུངས། །དེ་ཡི་མུ་ཁྱུད་ཐ་མ་ལ། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ ཨཱརྱ་ཏཱ་རེ་དུ ཁ་ཤཱནྟི༚་ཀུ་རུ་ཧོ། ཨོཾ་པདྨ་ཏ་ཀྲི་ཏ་ཧ་ཡ་གྲཱྀ་ཝ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་དྲ་ལ་རཾ་ཧཱུྃ་ཕཊ གནོད་བྱེད་ཐམས་ཅད་མཱ་ར་ཡ་ཆིངས་ནན། ཞེས་དང་ཕྱི་ལ་དབྱངས་གསལ་བཀོད། །དྲི་བཟང་བདུད་རྩིའི་སྨན་གྱིས་བྱུགས། །རབ་གནས་བདེ་གཤེགས་རིང་བསྲེལ་དང་། །ཁྲིམས་ལྡན་དགེ་སློང་གཙུག་གི་སྒྲ། །གྲུབ་ཐོབ་དབུ་ལོ་ཕྱག་སེན་བཅས། །སེལ་མེད་གཙོར་བཏོན་རིན་ཆེན་གྱི། །ཟ་མ་ཏོག་གི་ནང་དུ་བཅུག །གྲུ་ཤན་རྟ་མགོའི་གཙུག་ཏུ་བསྐྱོད། །མི་ལག་མི་རེག་འགོམ་ཡུགས་སྤོངས། །གྲུ་གཟིངས་མགོ་མཇུག་ལྡོག་མི་སྲིད། །ཤིན་ཏུ་གསང་ཞིང་གདམས་ངག་ཏུ། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པས། །འབུ་སྲིན་སྦྲང་མ་ཡན་ཆད་ཀྱི། །ཆུ་ནང་

(༡༣༡༣)བྱིངས་པའི་སྲོག་ཆགས་སྟོང་། །ལོ་ལོ་བཞིན་དུ་ཚེ་ཐར་དང་། །ཁ་འབར་གཏོར་གླུད་བརྒྱ་རྩ་བརྒྱད། །ཆུ་ལ་གཤེགས་ཤིང་ཐེ་ཚོམ་སྤོངས། །ཆོས་ཉིད་བདེན་པ་མཐུ་ཆེ་བའི། །རྟེན་འབྲེལ་ནུས་པ་མངོན་བྱུང་ནས། །མ་སྦས་མ་གབ་བུ་ལ་གདམས། །གཞན་དོན་སྒྲུབ་པ་སྙིང་བསྟོབས་བསྐྱེད། །ཅེས་གསུངས་ནས་རང་སྣང་འོད་གསལ་ཆེན་པོའི་ཀློང་དུ་ཐིམ་པར་གྱུར་ཏོ།། །།

(༡༣༡༤)

(༡༣༡༥)མདོ་སྔགས་ཟུང་དུ་འཇུག་པའི་སྤྱོད་ཡུལ་ལམ་ཁྱེར་སངས་རྒྱས་ལམ་ཞུགས་ཞེས་བྱ་བ་བཞུགས། །

(༡༣༡༦)ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་གང་ཟག་དེས་ཚོགས་བསག་སྒྲིབ་སྦྱང་ཐབས་དུ་མའི་སྒོ་ནས་བྱ་དགོས་ལ། དེའི་བྱ་ཐབས་ནི་ཐམས་ཅད་མཁྱེན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་ཕྱིར་སྤྱོད་ལམ་ཀྱི་ཞོར་ཙམ་ལའང་དགེ་བ་དཔག་ཏུ་མེད་པ་བསག་ཐབས་བསྟན་པས་འདིར་འདུམས་ཏེ་བློ་དམན་ལ་ཕན་པའི་ཕྱིར་བསྟན་པར་བྱའོ། །དེ་ལ་དང་པོར་སྔ་ཞོག་གཉིད་ཁྲ་ལྷག་གིས་སད་ཙན་སེམས་ཅན་ཐམས་ཅད་མ་རིག་པ་ལས་སད་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད། མལ་ནས་ལྡང་བ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཐོབ་པར་ཤོག་ཅིག་སྙམ་པ་དང་། གོས་གྱོན་པའི་ཚེ་སེམས་ཅན་ཐམས་ཅད་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར་ཤོག་ཅིག །སྐ་རགས་འཆིང་བ་ན་དགེ་བའི་རྩ་བ་ཟུང་དུ་འབྲེལ་བར་ཤོག་ཅིག །སྟན་ལ་འདུག་པ་ན་

(༡༣༡༧)རྡོ་རྗེའི་སྟན་ཐོབ་པར་ཤོག །ཁང་པའི་ནང་དུ་འཇུག་པ་ནས་སེམས་ཅན་ཐམས་ཅད་ཐར་པའི་གྲོང་ཁྱེར་དུ་འཇུག་པར་ཤོག་ཅིག །ཉལ་བའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་ཆོས་སྐུ་ཐོབ་པར་ཤོག་ཅིག །རྨི་ལམ་རྨིས་པ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བདེན་མེད་དུ་རྟོགས་པར་ཤོག་ཅིག །སྐྱོ་ཚ་གཡོ་སྐོལ་གྱི་ཚེ་མེ་ལྷབ་ཀྱིས་འབར་བ་དང་། མེ་དེ་ཉིད་གདོད་ནས་ཡུམ་གོས་དཀར་མོའི་ངོ་བོ་ཡིན་ལ་ཡིན་པར་ངེས་ཤེས་བསྐྱེད། །དེའི་ཀློང་དུ་རྣམ་པ་ཧཱུྃ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་འཛིན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲོས་ཤིང་ཞལ་གདངས་པའི་ལྗགས་རཾ་ཡིག་གིས་མཚན་པ་ལ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་ལྗགས་ཀྱང་འདུས་པའི་ངོ་བོར་བསམ། མདུན་དུ་ཏིལ་ཅུང་ཟད་འདུ་

(༡༣༡༨)བགྱིས་པ་དེར་རང་གི་སྙིང་ཁར་སྡིག་སྒྲིབ་རྣམས་པཾ་ཡིག་ནག་པོའི་རྣམ་པར་གནས་པ་ལ་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས་པར་གསལ་གདབ། དེ་བཞིན་དུ་ལྟེ་བར་རཾ་དང་རྐང་མཐིལ་དུ་ཡཾ་ལས་རླུང་དཀྱིལ་གསལ་བས་རླུང་གཡོས་ལྟེ་བའི་མེ་འབར་གྱེན་ལ་སོང་ནས་སྙིང་ཁའི་པཾ་ཡིག་རྔོན་པས་རི་དྭགས་དེད་པ་ལྟར། སྣ་བུག་ནས་ཐོན་མདུན་གྱི་ཏིལ་ལ་སྡིག་པ་རྭ་ཅན་གྱི་རྣམ་པས་ཐིམ་པར་བསམ་ལ། ཨོཾ་ཨཱཧཱུྃ་ལན་ཅི་རིགས་ཀྱིས་བདུད་རྩིར་བསྒྱུར། དེ་ནས་ཨོཾ་བཛྲ་ཊཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷ་སྨི་ཀུ་རུ་ཡ་སྭཱ་ཧཱ། ཞེས་བཟླ་བ་དང་སྒྲགས་མཐེབ་མཛུབ་ཀྱིས་ཏིལ་ཐབ་ནང་དུ་འབུལ། རྫས་རྫོགས་པ་དང་ཡི་གེ་བརྒྱ་པ་ཚར་གསུམ་བརྗོད་ནས་ནོངས་པ་བཤགས། བཛྲ་མུས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་མེ་དང་དབྱེར་མེད་དུ་འདྲེས་པར་བསམ་ལ། དགེ་བ་སེམས་ཅན་ཐམས་ཅད་ལ་བསྔོ། །འགྲོ་བའི་ཚེ་སངས་རྒྱས་ཀྱི་ཞིང་ཁམས་རྡུལ་ཕྲ་རབས་ལ་སྐོར་བ་བྱེད་པར་བསམ། གོས་གསར་པ་ལྟ་བུ་གྱོན་རྒྱུ་བྱུང་ན་གོས་དེ་

(༡༣༡༩)སྭ་བྷཱའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཏྲཱཾ་ལས་ལྷའི་གོས་རིན་ཐང་དང་བྲལ་བར་བསམ་ལ། རང་གི་རྩ་བའི་བླ་མ་བཞུགས་ཕྱོགས་སུ་འབུལ་བའི་འདུ་ཤེས་ཀྱི་དང་ཙམ་བྱ། དེ་ནས་རང་ཡི་དམ་གང་བྱེད་དུ་གསལ་ལ་གྱོན། ཁྲུས་བྱེད་པ་དང་ཆུ་ལ་འཇུག་པ་སོགས་ཀྱི་ཚེ་ཆུ་དེ་ཡང་གདོད་མ་ཉིད་ནས་མཱ་མ་ཀཱིའི་ངོ་བོ་ཡིན་ལ་ཡིན་པར་ངེས་ཤེས་བསྐྱེད། རྣམ་པ་པཾ་ལས་ཆུའི་ལྷ་མོ་རྡོ་རྗེ་ཌཱཀྐིའི་སྐུར་གསལ་བཛྲ་ཌཱཀྐི་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་བཟླ་ཞིང་ནད་གདོན་སྡིག་སྒྲིབ་ཞི་བའི་གསོལ་བ་བཏབ། མཐར་དེ་ཉིད་འོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ་ཁྲུས་དང་ཆུ་རྒལ་བ་ལ་སོགས་པ་བྱ། །གུང་ཚིགས་ཟ་བ་ན། ཡོ་བྱད་རྣམས་མདུན་དུ་བརྡར་ལ་དེ་ཡང་ཇི་ལྟར་འདོད་པའི་ཡོན་ཏན་ལམ་དུ་ཁྱེར་བ་གསང་སྔགས་ཀྱི་འཕགས་ཆོས་ཡིན་ཀྱང་། ཇི་སྲིད་བསྐྱེད་རྫོགས་ཀྱི་ནུས་པ་མངོན་དུ་གྱུར་པའམ། དྲོད་ཐོབ་པ་ཙམ་མ་བྱུང་བར་ལ་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་

(༡༣༢༠)བའི་དགེ་སྟོང་སྡིག་སྟོང་དང་། སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་བའི་ཨ་འཐས་མངོན་ཞེན་དུ་གོལ་བའི་ལས་མི་བྱེད་པ་ཨོ་རྒྱན་སངས་རྒྱས་གཉིས་པའི་དགོངས་པ་ཐུན་མོང་མ་ཡིན་པས་འདི་ལྟ་ཤ་ཆང་ལ་སོགས་པ་ཟ་རྒྱུ་ཡོད་ན། ག་རེ་སྟོན་པ་སངས་རྒྱས་ཀྱི་བཀའ་ལས། ངས་ཤའི་ཟས་ནི་སུ་ལའང་མ་གནང་མི་གནང་གནང་བར་མི་འགྱུར་རོ། ཞེས་དང་། དེང་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་བཟའ་བར་མི་རུང་ངོ་། །ཞེས་ཁྲིམས་བསྒྲགས་པ་ཡིན་ནོ། །རྡོ་རྗེ་ཐེག་པའི་སྐབས་སུའང་ཏིང་ངེ་འཛིན་གྱི་ནུས་པ་མངོན་དུ་གྱུར་ནས་རང་ལ་སྒྲིབ་པས་མི་གོས་ཤིང་། སེམས་ཅན་དེ་ལ་ཤ་ཁྲག་གི་འབྲེལ་བས་ཕན་ཐོག་ནུས་པ་ཡིན་ན་དང་གོ་བཅད། བདག་ལ་དེ་ལྟར་གྱི་གདེང་མི་འདུག །སེམས་ཅན་ཐམས་ཅད་ཀྱིས་པ་མ་མ་བ་ཡས་པ་མེད། ཤ་འདིའི་བདག་པོ་སྲོག་ཆགས་དེ་འཕགས་པ་ཀཱ་དྱཱ་ཡ་ནས་བསོད་སྙོམས་ལ་གཤེགས་པའི་ལོ་རྒྱུས་ལྟར་སྐྱེ་བ་སྔ་མའི་ཕ་མ་ནི་ཡིན་ན་ད་ལྟའི་ཕ་མ་ལ་ཤན་པས་སྲོག་ལས་བྱས་པའི་ཤ་བྱིན་ན་བཟའ་བར་འདོད་

(༡༣༢༡)དམ་སྙིང་རེ་རྗེ་སྙམ་དུ་བསམ་མ་ནོ་ཞིག་བཏང་ན་བློ་གཟུར་གནས་ཤིག་ཡིན་ཕྱིན་ཆད་སྙིང་རྩི་ཤུམ་ཤུམ་པ་དེང་སེམས་ཅན་དེ་ལ་སྙིང་རྗེ་དབང་མེད་དུ་མི་སྐྱེ་བའི་ཐབས་མེད། དེའི་ཚེ་བྱང་ཆུབ་ཀྱི་སེམས་མཚན་ཉིད་དང་ལྡན་པ་མ་བྱུང་མང་རྗེས་མཐུན་ཞིག་ངེས་པ་སྐྱེ་བས་དེ་ཁའི་ཤེས་པ་ངར་མ་ཉམས་པས་ཀཾ་ཀ་ནི་དང་། གཙུག་ཏོར་མའི་གཟུངས། བཏགས་གྲོལ་གྱིས་ཡང་སྙིང་སོགས་ཅི་ནུས་བཟླ། ཤ་ལ་ཕུས་འདེབས། དེ་ལ་དམིགས་ནས་སྨོན་ལམ་དྲག་པོ་གདབ་འདི་ལ་སྟོང་ཉིད་ལས་འབྲས་སུ་ཤར་བ་ཟེར། དེ་མ་གོ་ན་སྔགས་པར་ཁས་བླངས་ནས་ཤ་ཆང་བག་མེད་དུ་ཟ་བ་དགེ། ཁྲ་སྤྱང་ལས་ཁྱད་པར་ག་ལ་ཡོད། དེ་བཞིན་དུ་ཆང་ལ་རྡོ་རྗེ་ཐེག་པའི་དམ་ཚིག་ཙམ་དུ་རོལ་པ་ལའང་། ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱི ཞེས་པས་བྱིན་གྱིས་མ་བརླབས་པར་སྐྱེ་བོ་མི་ནག་བ་ལྟར་འཐུངས་ན་དམ་ཚིག་དང་དངོས་གྲུབ་གཉིས་ཀ་ཉམས་པར་བཤད་དེ་སྡོམ་བྱུང་ལས། ཧ་གསུམ་ལ་སོགས་དང་བྲལ་བར། །ཅི་སྟེ་དམ་ཚིག་ཅན་གྱིས་

(༡༣༢༢)འཐུངས། །དེ་ནི་དུག་འགྱུར་ཐེ་ཚོམ་མེད། །སྔགས་ཀྱི་དངོས་གྲུབ་མི་འབྱུང་ངོ་། །ཞེས་གསུངས། མང་ཉུང་ཀྱང་ཟ་ཐོད་གང་ལས་མང་བར་མི་འཐུངས། །གལ་ཏེ་དེ་བས་མང་བ་འཐུངས་ནས་མྱོས་ན་དམྱལ་བ་དུ་འབོད་ཀྱི་གནས་སུ་སྐྱེས་ཏེ། རྒྱུད་ལས། སུ་ཞིག་ཆང་གིས་མྱོས་གྱུར་བ། །དེ་ལ་གེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་མྱོས་འགྱུར་གང་། །དུ་འབོད་གནས་སུ་འཚོད་པར་འགྱུར། །ཞེས་སོ། །འོ་ན་སློབ་དཔོན་པདྨ་དང་གྲུབ་ཐོབ་བི་ར།།།པ་སོགས་ཀྱིས་ཆང་ཁལ་ལྔ་བརྒྱ་དུས་གཅིག་ལ་བཞེས་པ་མ་ཡིན་ནམ་སྙམ་ན། དེ་དག་ཆང་ཁལ་ལྔ་བརྒྱས་གཟི་བ་དང་ལྟ་ཅི་ངོམ་པ་ཙམ་ཡང་མ་བྱུང་བས་ཆད་རིན་མ་འཁྱོངས་པར་ཉི་མ་རྟོད་ལ་མནན་པའི་ལོ་རྒྱུས་འདུག་པ་ལྟར་ཁྱེད་ཀྱང་དུག་ལ་རྗེན་ཟས་ཀྱིས། ཉི་ཟླ་བཙོན་དུ་བཟུང་། རི་བོ་ཕན་ཚུན་བརྗེས། ནམ་མཁར་འཕུར་ནས་སོང་། སྤྱིར་བསྟན་པ་ལ་ཕན། སྒོས་རྡོ་རྗེ་ཐེག་པ་ལ་ཕན། དད་ལོག་སྣང་བ་བསྒྱུར་ནུས་པ་ཞིག་འོང་བར་གདའ་སྟེ་བཀའ་དྲིན་ཆེ། དེ་ལྟ་མ་ཡིན་པར་སྐད་ཅིག་ལ་

(༡༣༢༣)འདུ་ཤེས་འཁྲུལ། སྲོག་རྩལ་རླུང་ཞུགས་པའི་སྨྱོན་པ་ལྟར་ཅི་ཟེར་མེད། ཅི་བྱེད་མེད་པ་དེ་འདྲ་གྲུབ་རྟགས་ཡིན་ན་ངོ་མཚར་ཆེའོ། །དེ་སྐད་དུ་ལུང་ལས། སྙིགས་མ་ལྔ་བདོར་གྱུར་པའི་དུས། །གསང་སྔགས་དམ་རྫས་ཤ་ཆང་ལ། །སྤྱོད་དུ་རུང་བའི་ཁུངས་སྨོས་ཏེ། །ཏིང་འཛིན་ཉམས་ཀྱི་དྲོད་མེད་པར། །ཤ་ཁྲག་ཆང་ལ་ཐམས་ཅད་སྦྱོར། །འདི་ཡང་དམ་ཚིག་མེད་དོ་ཞེས། །ཆོས་བཞིན་སྤྱོད་རྣམས་ཐབས་ཀྱིས་སྨོད། །དེ་འདྲ་བསྟན་པའི་མཐའ་རུ་འབྱུང་། །ཀྱཻ་མ་ཀྱེ་ཧུད་དམྱལ་བ་ལས། འགྲོ་ས་མེད་དོ་སྙིང་རེ་རྗེ། །ཞེས་བཤད་དོ། །དེའི་ཕྱིར་བླང་དོར་དེ་དག་ངེས་པར་བྱས་ལ་བྱང་ཆུབ་བསྒྲུབ་པའི་ལུས་རྟེན་ཆུད་མི་ཟ་བ་དང་རྡོ་རྗེ་ཐེག་པའི་དམ་ཚིག་ཚོགས་ཀྱི་འཁོར་ལོས་ལུས་དཀྱིལ་ཀྱི་འཁོར་ལོར་མཆོད་པའི་འདུན་པ་ལས་རྒྱགས་པ་དང་གཟི་བརྗིད་འཕེལ་བ་ལ་སོགས་པའི་ཆེད་དུ་མ་ཡིན་པར་དཀྱིལ་འཁོར་གསུམ་ལྡན་གྱི་ངང་། །ཧོ་བཟའ་བཅའ་བཏུང་བ་ཡང་དག་རྫས། །གདོད་ནས་

(༡༣༢༤)ཚོགས་ཀྱི་འཁོར་ལོ་ཆེ། ཨོཾ་ཨཱཧཱུྃ་དང་ཧ་ཧོ་ཧྲཱིས། ཟག་མེད་བདེ་ཆེན་བདུད་རྩིར་གྱུར། །བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱི་སྒྲིབ་པར་མི་འགྱུར་ཞིང་། །གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུང་སྤྱོད་པར་ཤོག །ཅེས་བརྗོད་ནས་རྡོ་རྗེ་ལུས་ཀྱི་དག་དྲན་འདི་ལྟར་ངེས་པར་བྱ་སྟེ། རྐང་མཐིལ་རླུང་། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ཁ་ས། སྒལ་ཚིག་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཆ། ལུས་ཀྱི་དཀྱིལ་འཁོར་མི་མཉམ་པ་མེད་པ་གྲུ་བཞི། རྐང་བརྒྱད་ཀ་བ་བརྒྱད། མིག་པཉྩ་རཱ་བ། སྣ་ཕ་གུ། སོ་དྲ་བ་དྲ་ཕྱེད། ལྕ་མཆུ་འདོད་སྣམ། རྣ་བ་རྟ་བབས། སྙིང་གའི་རླུང་རྒྱུ་བའི་རྩ་བཞི་སྒོ་བཞི། རྣམ་པར་ཤེས་པ་ཧེ་རུ་ཀ། ཚོགས་བརྒྱད་ཀེའུ་རི་མ་བརྒྱད། ཡུལ་བརྒྱད་བྲ་མེན་མ་

(༡༣༢༥)བརྒྱད། རྟག་ཆད་མུ་བཞི་སྒོ་མ་བཞི། སྒལ་ཚིགས་ཉེར་བརྒྱད་དབང་ཕྱུག་ཉི་ཤུ་རྩ་བརྒྱད། མི་དགེ་བ་བཅུ་ཁྲཽ་བཅུ། དགེ་བ་བཅུ་ཁྲོ་མོ་བཅུ། རྩི་བམ་བཅོ་བརྒྱད་གིང་ཆེན་བཅོ་བརྒྱད། རུས་མགོ་སུམ་བརྒྱ་དྲུག་ཅུ་ཕོ་ཉ་སུམ་བརྒྱ་དྲུག་ཅུ། དབང་པོའི་སྒོ་བདུན་མ་མོ་བདུན། ལྷུ་ཚིགས་བཅུ་གཉིས་བསྟན་མ་བཅུ་གཉིས། མདོར་ན་ལུས་རྩའི་དཀྱིལ་འཁོར། རྩ་ཡི་གེའི་དཀྱིལ་འཁོར། ཁམས་བདུད་རྩིའི་དཀྱིལ་འཁོར། རླུང་ཡེ་ཤེས་ཀྱི་དཀྱིལ་འཁོར། རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་རྣམ་པ་ལྔའི་རང་བཞིན་དུ་ཡེ་ནས་ལྷུན་གྲུབ་ཏུ་མཆིས་པ་ལ། ལག་པའི་སོར་མོ་ལྔ་འདོད་ཡོན་གྱི་ལྷ་མོ་ལྔར་ཤེས་པས་བཟའ་བཏུང་རྣམས་དབང་བཞིའི་དམ་ཚིག་དང་བསྟུན་པའམ། ཡང་ན་ཐབས་ལམ་པ་ཡིན་ན་བདེ་སྟོང་གི་བདུད་རྩི། གྲོལ་ལམ་བ་ཡིན་ན་ཟག་མེད་ཀྱི་བདུད་རྩིར་བསམས་ལ་མཆོད་པ་འབུལ་བའི་ཚུལ་དུ་སྐད་ཅིག་ཀྱང་མ་ཡེངས་པར་ལོངས་སྤྱོད་པར་བྱ་ཞིང་། རོ་ལ་ཁ་མངར་

(༡༣༢༦)གྱ་རྟོག་པའང་མེད་པར་སྟོང་ཉིད་གསལ་ཁྱབ་ཅན་དུ་ཤེས་པར་བྱ། ཚུལ་འདིའི་རིགས་པ་ནི་བཟའ་བཏུང་ཐམས་ཅད་ལ་བརྩི་བར་བྱའོ། །འོན་ཏེ་དེ་ཙམ་གོ་བའི་སྐལ་བ་དང་མི་ལྡན་པའམ། གལ་ཏེ་ལྡན་ཀྱང་སྡེ་སྣོད་འཛིན་པ་དང་བསྟུན་ནས་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་གུང་ཚིགས་ཀྱི་སྔ་རོལ་དུ་ཕུད་མཆོད་བྱེད་པར་སྤྲོ་ན། ཁ་ཟས་དེ་ཉིད་ཨོཾ་ཨཱ༔ཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས། ཕུད་དང་པོ་བཤོས་བུའི་ཚུལ་དུ་བྱས་ལ་གུ་རུ་བཛྲ་ནཻ་ཝི་ཏྱ་ཨཱཧཱུྃ། ཞེས་བླ་མ་ལ་དབུལ། རཏྣ་བཛྲ་ནཻ་ཝི་།།།ཨཱ༔ཧཱུྃ། དཀོན་མཆོག་སྤྱི་ལ་དབུལ། ལོ་ཀི་ཤྭ་ར་བཛྲ་ནཻ་ཝི་ཏྱ་ཨཱཧཱུྃ། ཐུགས་རྗེ་ཆེན་པོ་ལ་དབུལ། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་དེ་ཝ་་ཌཱཀྐི་ནི་བཛྲ་ནཻ་ཝི་དྱ་ཨཱཧཱུྃ་གིས་རྩ་གསུམ་སྤྱི་ལ་དབུལ། ཨོཾ་ཧ་རི་ཏི་པཎྚི་ཨ་ཁཾ་སྭཱ་ཧཱ། ཞེས་པས་འཕྲོག་མ་ལ་ཆང་བུ་གཅིག་བྱིན། ཨོཾ་ཧ་རི་ཏི་པཎྚི་ནི་ཁཾ་སྭཱ་ཧཱ། ཞེས་འཕྲོག་མའི་བུ་ལྔ་བརྒྱ་ལ་ཆང་བུ་གཅིག་བྱིན། ཨོཾ་ཨ་གྲ་པཎྚི་ཨ་སིབྷྱ་་སྭཱ་ཧཱ། ཞེས་འབྱུང་པོ་ཕུད་ལ་དབང་བདག་ལ་ཆང་བུ་གཅིག་བྱིན། དེ་ནས་

(༡༣༢༧)བཟའ་བའི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱོད་པའམ། མི་ནུས་ན་རང་ལུས་ལ་གནས་པའི་སྲིན་བུ་རྣམས་ལ་སྙིང་རྗེའི་བསམས་པས་ད་ལྟ་ཟས་ཀྱིས་བསྐྱང་། མཐར་སངས་རྒྱས་ནས་ཆོས་ཀྱིས་བསྐྱང་བའི་འདུན་པས་རོལ་རྗེས། ཨོཾ་ཨུཙྪིཥྚ་པཎྚི་ཨ་ཤི་བྷྱ་སྭཱ་ཧཱ། ཞེས་འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ལ་ཆང་བུ་གཅིག་བྱིན་པར་བྱའོ། །དེ་ནས་ཁ་བཤལ་ཏེ། ཡོན་ཡོངས་སུ་སྦྱོང་བའི་གཟུངས་འདོན་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །ན་མ ས་མནྟ་པྲ་བྷ་རཱ་ཛ་ཡ་ཏ་ཐ་ག་ཏ་ཡ་ཨརྷ་ཏེ་སཾ་མྱཀ་སཾ་བྷུདྡྷ་ཡ། ཏདྱ་ཐཱ། ན་མོ་མཉྫུ་ཤྲཱི་ཡེ་ཀུ་མ་ར་བྷུ་ཏ་ཡ་བོ་དྷི་སཏྭ་ཡ་མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ་ཏདྱ་ཐཱ་ཨོཾ་ནི་ར་ལཾ་བེ་ནི་ར་བྷ་སེ་ཛ་ཡེ་ཛ་ཡ་ལ་བ་དྷེ། མ་ཧཱ་མ་ཏེ། དཀྵཻ་དཀྵཻ་ཎཱཾ་པཱ་རི་ཤྭ་དྷ་ཡ་སྭཱ་ཧཱ། གང་གིས་སྦྱིན་པ་གང་ལ་བཏད། །སྦྱིན་

(༡༣༢༨)པ་ཇི་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག །ཅེས་དང་ཤ་ཟོས་པའི་ཉེས་པ་བསལ་ཕྱིར་འཇམ་དཔལ་རྩ་རྒྱུད་ལས་བཤད་པའི་རིག་སྔགས་ཨོཾ་ཨཱབྷི་ར་ཧཱུྃ་ཥེ་ཙ་ར་མཾ། ཞེས་ཚར་བརྒྱ་ཙམ་བརྗོད་ཅིང་རུས་པ་ལ་ཧུས་གདབ། ངན་སོང་སྡུག་བསྔལ་མི་འབྱུང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་ལས་ལྷག་པའི་ལུས་ཐོབ་ནས། །དེ་ཡང་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སྨོན་ལམ་གདབ། ཟག་པ་འདོར་བའི་ཚེ་མི་གཡོ་བ་དཀར་པོའི་རྒྱུད་ནས་གསུངས་པའི་ཟག་པ་ལུས་སྦྱིན་བྱ་བ་ནི། མཆི་ལ་མ་ལ་ཨོཾ་ཨཱ་ཤུ་ཨ་ཧ་རི་བྷྱ་སྭཱ་ཧཱ། །སྣབས་ལ་ཨོཾ་སིང་ག་ན་ཨ་ཧ་ར་བྷྱ་སྭཱ་ཧཱ། ལུས་ཀྱི་དྲི་མ་སྤྱིར་ཨོཾ་མ་ལ་ཨ་ཧ་རི་བྷྱ་སྭཱ་ཧཱ། དྲི་ཆེན་ལ་ཨོཾ་བྷི་ཏ་ཧ་རི་བྷྱ་སྭཱ་ཧཱ། དྲི་ཆུ་ལ་ཨོཾ་ནུཉྩ་ཨ་ཧ་རི་བྷྱ་སྭཱ་ཧཱ། ལྷག་མའི་རིགས་སྤྱི་ལ། ཨོཾ་ཨུཙྪིཥྚ་ཨ་ཧ་རི་བྷྱ་སྭཱ་ཧཱ། ཞེས་སོ་སོའི་དུས་གནད་དང་མཐུན་པར་བརྗོད་པས་ཡི་དྭགས་རྣམས་ལ་ཞར་བྱུང་གི་སྦྱིན་པ་རྒྱ་ཆེན་པོར་འགྱུར་རོ། །གཞན་ཡང་འགྱུར་སྔགས་

(༡༣༢༩)ཁྱད་པར་ཅན་ནི་མཆོད་རྟེན་ལ་སོགས་པར་སྐོར་བ་བྱེད་པའི་ཚེ། ན་མོ་བྷ་ག་ཝཱ་ཏེ་རཏྣ་ཀེ་ཏུ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སཾ་མྱཀ་སཾ་བྷུདྡྷ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བྷི་ཛ་ཡ་སྭཱ་ཧཱ། ཞེས་བརྗོད་པས་སྐོར་བ་གཅིག་བྱེ་བའི་གྲངས་སུ་འགྱུར། གལ་ཏེ་ཉི་ཟླའི་བགྲོད་སྟོབས་ཀྱིས་མཆོད་རྟེན་ལ་སོགས་པའི་གྲིབ་མར་འགོམ་དགོས་ན་གྲིབ་མའི་འོག་ཏུ་འཛུལ་ནས་དེ་ཉིད་བཏེག་པར་བསམ་ཞིང་། བཛྲ་བེ་ག་ཨ་ཀྲ་མ་ཧཱུྃ། ཞེས་བརྗོད་པས་ཉེས་པ་སེལ་ལོ། ཕྱག་བྱེད་པའི་ཚེ། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། ན་མསུ་ཤྲཱི་ཡེ། ན་མཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་བརྗོད་པས་འགྱུར་སྔགས་གོང་དང་འདྲ། དེ་བཞིན་དུ་མེ་ཏོག་འབུལ་ན། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་ར་ཛཱ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སཾ་མྱཀ་སཾ་བྷུདྡྷ་ཡ་ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ་པུཥྤེ་སུ་པུཥྤེ་ཨུརྦྷ་ཝེ་པུཥྤེ་སཾ་བྷ་ཝེ། པུཥྤེ་ཨ་ཝ་ཀི་ར་ཎི་སྭཱ་ཧཱ། ཞེས་བདུན་བཟླས་ཏེ་སྔགས་ནས་ཕུལ་ན་མེ་ཏོག་ཇི་སྙེད་ཕུལ།

(༡༣༣༠)པ་དེ་སྙེད་ཀྱི་མེ་ཏོག་བྱེ་བ་ཕུལ་བར་འགྱུར་རོ། །གཞན་ཡང་སྐུ་གཉེར་བ་ལྟར་ལྷ་བཤོས་ལ་འབག་དགོས་ན་ཨོཾ་དེ་ཝ་ཡ་ན་མ་ནི་དྷས་སྭཱ་ཧཱ། ཞེས་བརྗོད་པས་ཉེས་པ་མི་འབྱུར་ཞིང་། དངོས་གྲུབ་ཏུ་འགྱུར་བར་བཤད་དོ། །དགེ་སྦྱོར་སྤྱིའི་འགྱུར་སྔགས། ཨོཾ་སཾ་བྷ་ར་སཾ་བྷ་ར་བི་མ་ནས་ར་མ་ཧཱ་ཛཾ་བྷ་ཧཱུྃ་ཕཊ། ཅེས་དང་། ཨོཾ་རུ་ཙི་ར་མ་ཎི་པྲ་ཝ་རྟ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་དེ་ཐམས་ཅད་ལ་དམིགས་པ་མེད་པའི་སེམས་བསྐྱེད་དང་། རྗེས་བསྔོ་བ་སྨོན་ལམ་གྱིས་རྩིས་ཟིན་པར་གཅེས་སོ། །ཞས་པའང་རྫོགས་ཆེན་བ་རང་བྱུང་རྡོ་རྗེས་གོ་བདེ་བར་བརྗོད་པའོ།། །།རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་ཤེལ་བྲག་སྒོམ་ཆེན་པ་དབང་ཆེན་ནས་བར་ཏུ་བསྐྲུན་པའི་དགེ་བས་འགྲོ་ཀུན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །ཛ་ཡནྟུ།།

(༡༣༣༡)བདག་ཉིད་ཆེན་པོ་བཻ་རོའི་སྒྲུབ་ཐབས་དང་། འཇིགས་མེད་གླིང་པའི་བླ་མའི་རྣལ་འབྱོར་རྒྱལ་གདོན་ཞི་བའི་བསྒོམ་བཟླས། བསྙེན་གནས་ཆོ་ག་བཅས་ལེ་མཚན་བཞི་བཞུགས་སོ། །

(༡༣༣༢)ཨེ་མ་ཧོ། འཁོར་བའི་འཇིགས་པ་སྐྱོབས་པའི་དམ་ཆོས་དང་། །རིགས་གྲོལ་སྦོབས་བའི་འབྱུང་གནས་རྫོགས་སངས་རྒྱས། །གསུམ་ཀའི་བདག་ཉིད་རྩ་བ་གསུམ་གྱི་དངོས། །བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆི། །ལན་གསུམ། སེམས་ཅན་ཁམས་ནི་ནམ་མཁའི་མཐའ་བཞིན་ཏེ། །གང་ཕྱིར་དམིགས་པ་མེད་པའི་བྱང་ཆུབ་སེམས། །སྨོན་འཇུག་དོན་དམ་སེམས་ལ་རབ་སྦྱར་ནས་མཐའ་ཡས་འགྲོ་བ་བསྒྲོལ་བར་དམ་བཅའོ། །གསུམ། ཨཱ ཤེས་རབ་རང་བྱུང་སྒྲོན་མའི་དེ་བཞིན་ཉིད། །ཀུན་སྣང་རྒྱང་ཞགས་སྒྲོན་མའི་དག་ཆེན་དབྱིངས། །བྲལ་ཐོབ་མེད་པའི་ཐིག་ལེ་སྟོང་སྒྲོན་ཀློང་། །ཆོས་ཉིད་མངོན་སུམ་རྣམ་སྣང་གང་ཆེན་མཚོ། །ཉམས་སྣང་གོང་འཕེལ་བཻ་རོ་ཙ་ནའི་ཞལ། །རིགས་པ་ཚད་ཕེབ་ཀུན་མཁྱེན་ཡེ་ཤེས་ལུས། །ཆོས་ཟད་བློ་འདས་མཉམ་གཞག་ཆེན་པོར་བཞུགས། །རྡོ་རྗེ་སྐྱིལ་ཀྲུང་གདོད་ནས་རྫོགས་

(༡༣༣༣)སངས་རྒྱས། །ཐེག་པ་ཡོངས་རྫོགས་ཆོས་གོས་རྣམས་གསུམ་དང་། །གནས་ལུགས་རྫོགས་པ་ཆེན་པོའི་པཎ་ཞུས་མཛེས། །གཡས་གཡོན་རྨ་བན་རིན་ཆེན་གཉགས་ལོ་མཆོག །ཆོས་རབ་འབྱེད་པའི་རྣམ་དཔྱོད་ཟད་མི་ཤེས། །གཙོ་འཁོར་གསུམ་གྱི་སྤྱི་མགྲིན་སྙིང་ཁ་རུ། བདེ་གཤེགས་ཀུན་གྱི་ཐུགས་གསུང་སྐུའི་བཀོད་པ། །ཡི་གེ་གསུམ་གྱི་བདག་ཉིད་ཆེན་པོས་མཚན། །གདན་གསུམ་ཡོངས་རྫོགས་སྐུ་ལས་འོད་འཕྲོས་པས། །རང་བཞིན་ཆོས་དབྱིངས་བདེ་བ་ཆེན་པོ་ནས། །ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛ ཧཱུྃ་རྣམ་སྣང་གང་ཆེན་མཚོ་ཡི་ཐུགས་ཀ་ནས། །སྒྲ་བསྒྱུར་བཻ་རོ་ཙ་ན་གཤེགས་སུ་གསོལ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །རྨ་བན་རིན་ཆེན་འོད་མཆོག་གཤེགས་སུ་གསོལ། །མཁྱེན་རབ་རལ་གྲི་གནོན་པོའི་ཟུར་ཕུང་ནས། །གཉགས་ཆེན་ཡེ་ཤེས་གཞོན་ནུ་གཤེགས་སུ་གསོལ། །རྣམ་གསུམ་

(༡༣༣༤)།ཐུགས་དང་བདག་ཡིད་མ་འདྲེས་པར། །བརྟན་པར་བཞུགས་ལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ལུས་དང་ལོངས་སྤྱོད་ལྷོས་པར་མེད་པར་འབུལ། །གསང་བ་གསུམ་གྱི་ཡོན་ཏན་དྲན་པས་བསྟོད། །ཁྱེད་ཤེས་དད་པས་སྙིང་ནས་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་དངོས་གྲུབ་སྩོལ། །ཨོཾ་ཨཱགུ་རུ་བཻ་རོ་ཙ་ན་རཏྣ་ཛྙཱ་ན་ཧཱུྃ་སྭ་ཧཱ། །ཞེས་ཆུ་བོའི་རྒྱུན་བཞིན་བཟླ་ཞིང་སྤྱད་མཚམས་ཀྱི་ཉེར་བསྡུ་སྤྱི་དང་འདྲ་ལ། དགེ་བ་རྫོགས་བྱང་དུ་བསྔོའོ། །རྒྱ་རོང་སྐུ་ཆུང་གི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ།། །།༈ རིག་འཛིན་འཇིགས་མེད་གླིང་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ནི། ༈ ཨེ་མ་ཧོ། བདག་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། གདན་གསུམ་ཡོངས་རྫོགས་ངོ་བོར་ལྷུན་གྲུབ་པའི། སྙིང་དབུས་དད་པའི་གེ་སར་རྒྱས་པའི་ཀློང་། །ཁུ་རྡུལ་རྣམ་པར་བྱང་བ་ཉི་ཟླའི་སྟེང་། །རྒྱལ་ཀུན་འདུས་ཞལ་རིག་འཛིན་འཇིགས་མེད་གླིང་། །རྣམ་པ་ཀུན་གྱིས་མཆོག་ལྡན་ཞལ་སྐྱིན་ནི། །གོས་དཀར་མཐོན་མཐིང་ཟུར་ཕུད་ལྡན་པའི་རྩོར། །འབུམ་ཕྲག་དྲུག་ཅུའི་ངོ་བོར་གླེག་བམ་མཛེས། །དཀར་དམར་མདངས་ལྡན་ཞི་འཛུམ་མཛེས་པའི་སྐུ། །སྲིད་ལམ་

(༡༣༣༥)དུབ་པའི་འགྲོན་པོ་དབུགས་འབྱིན་ཞིང་། །བདེན་པ་དབྱེར་མེད་དོན་ལ་རྟག་གཟིགས་ཕྱིར། །སེམས་ཉིད་ངལ་བསོའི་བཞུགས་སྟངས་ཕྱག་རྒྱ་ཅན། །སྣང་ལ་རང་བཞིན་མེད་པར་ལམ་གྱིས་གསལ། བདེ་གཤེགས་ཀུན་གྱིས་བགྲོད་པ་གཅིག་པའི་ལམ། །མོས་གུས་འདུ་འབྲལ་མེད་པར་ཕྱག་འཚལ་ལོ། །དྲན་པ་ཡེངས་མེད་མཆོད་པའི་ཕྱག་རྒྱར་འབུལ། །སྟོང་འཛིན་ཤེས་བྱའི་སྒྲིབ་པ་དབྱིངས་སུ་བཤགས། །མཉམ་པར་མ་བཞག་མེད་ལ་རྗེས་ཡི་རང་། །ལྷག་མཐོང་ཡེ་ཤེས་གསལ་བའི་ཆོས་འཁོར་བསྐུལ། །ས་ལམ་གཅིག་ཆོས་ངང་དུ་བཞུགས་གསོལ་འདེབས། །དགེ་ཚོགས་ཆོས་དབྱིངས་གཞོན་ནུ་བུམ་སྐུར་བསྔོ། །ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །བདག་གིས་འབད་པར་ཐམས་ཅད་ཀྱང་། །རེ་དོགས་རྣམ་གཡེངས་འདུ་འཛི་དང་། །ཆོས་བརྒྱད་ཉོན་མོངས་ཀྱི་ནར་འཕྱན། །སྙིགས་མ་ལྔ་ཡི་མཐར་སྐྱེས་ཤིང་། །བྱིས་དང་སྡིག་གྲོགས་གཞན་དབང་གིས། །ཟིལ་གྱིས་ནོན་པའི་དུས་འདི་རུ། །ངེས་འབྱུང་རྒྱུད་ལ་སྐྱེ་བྱིན་རློབས། །དེ་ཡང་ཞི་བདེའི་དབང་གྱུར་ནས། །ཐེག་དམན་ལམ་དུ་མི་འཕྱན་པར། །བྱང་ཆུབ་

(༡༣༣༦)སྤྱོད་པ་རྒྱ་མཚོ་ཀུན། །སེམས་ཅན་དོན་དུ་འགྱུར་བར་ཤོག །བླ་མ་སངས་རྒྱས་འདུས་པའི་སྐུར། །ཐེ་ཚོམ་ལོག་ལྟ་བྲལ་གྱུར་ནས། །སློབ་པ་ལམ་གྱི་ཡོན་ཏན་ཀུན། །ཚེ་འདི་ཉིད་ལ་རྫོགས་པར་ཤོག །བདག་གིས་འབད་ཀྱང་ཐར་པར་དཀའ། །བླ་མའི་ཐུགས་རྗེས་གྲོལ་བ་ནི། །མོས་གུས་ཁོ་ནའི་རྒྱུ་འབྲས་ཕྱིར། །ཐུགས་ཡིད་གཅིག་ཏུ་འདྲེས་གྱུར་ཅིག །ཨོཾ་ཨཱགུ་རུ་ཨ་བྷ་ཡ་དྭི་པ་སིདྡྷི་ཧཱུྃ ཞེས་བཟླ་ཞིང་། མོས་གུས་བསྙེན་པས་བླ་མའི་ཐུགས་རྒྱུད་བསྐུལ། །གནས་གསུམ་ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་ལས། །རང་རང་འོད་བྱུང་བདག་གི་གནས་གསུམ་ཐིམ། །སྒོ་གསུམ་ཤེས་བྱའི་སྒྲིབ་པར་བཅས་པ་སྦྱངས། །དབང་བཞི་ཐོབ་ནས་ཐུགས་ཡིད་གཅིག་ཏུ་འདྲེས། །སྐུ་བཞི་ལྷུན་རྫོགས་ལྷན་སྐྱེས་བདེ་ཆེན་དང་། །དྲན་པ་རང་སྟོང་བླ་མའི་ཞལ་མཐོང་གྱུར། །ཅེས་དབང་བཞི་བླང་བར་བྱའོ། །ཞེས་པའང་མདོ་ཁམས་ནས་རྒྱ་རོང་སྐུ་སྐྱེ་རྣམས་ གཉིས་དང་། སྒྲུབ་བརྩོན་ཀརྨ་བསམ་འགྲུབ་ཀྱིས་ནན་ཏན་ཆེན་པོས་བསྐུལ་ངོར་རྫོགས་ཆེན་པོ་རང་བྱུང་རྡོ་རྗེས་སྨྲས་པའོ།། །རྒྱལ་གདོན་ཞི་བའི་སྒོམ་བཟླས་བཞུགས། །སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ། །རང་གི་སྙིང་ཁར་རྟ་མགྲིན་དམར་

(༡༣༣༧)ཕྱག་གཡས་ཐོད་དབྱུག་གཡོན་སྡིགས་མཛུབ། །ཞལ་རྔམ་དབུ་གཙུག་རྟ་མགོ་མཚེར། །བད་ཉིའི་གདན་ལ་དོར་སྟབས་བཞུགས། །སྤྱི་བོར་ཀརྨ་ཐོད་ཕྲེང་རྩལ། །ཁྲོ་འཛུམ་རྡོ་རྗེ་ཕུར་བུ་བསྣམས། །བླ་མ་ཡི་དམ་གཉིས་མེད་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་ཞི་བར་བྱིན་གྱིས་རློབས། །ཞེས་བརྗོད་ལ། ཨོཾ་ཨཱཧཱུྃ། མ་ཧཱ་གུ་རུ་ཧྱ་གྷྲི་ཝ་ཧཱུྃ་ཕཊ ཅེས་མོས་གུས་རྩེ་གཅིག་པས་བརྒྱ་སྟོང་ཁྲི་འབུམ་ཅི་ནུས་བཟླའོ། ༈ བསྙེན་གནས་ཀྱི་ཆོ་ག་བྱ་རྒྱུད་བདེ་ལམ་བཞུགས། ༈ བསྙེན་གནས་ཀྱི་ཆོ་ག་ཤིན་ཏུ་བསྡུ་ན། ཐོ་རང་ལངས་ལ་ཁྲུས་བྱ་སྐྱབས་སེམས་ནི། འཕགས་པའི་ཐུགས་ནི་སངས་རྒྱས་ཏེ། །གསུང་ནི་དམ་ཆོས་སྐུ་དགེ་འདུན། །གང་ལ་སྐྱབས་མཆི་སེམས་ཅན་དོན། །ཚད་མེད་བཞི་བསྒོམ་ཁྱོད་བསྒྲུབ་བྱ། །ཤེས་ན། སེམས་ཅན་ཐམས་ཅད་བདེ་བ་དང་། སོགས་བརྗོད། དེ་ནས་སྡོམ་པ་བླང་བ་ནི། སངས་རྒྱས་འཕགས་པ་དགོངས་སུ་གསོལ། །དེང་ནས་ཉ་སྟོང་བརྒྱད་རྣམས་སུ། །སྲོག་གཅོད་བསྐུ་དང་མི་ཚངས་སྤྱོད། །རྫུན་དང་ཚང་དང་གླུ་གར་རྒྱན། །ཁྲི་སྟན་མཐོ་དང་ཕྱི་

(༡༣༣༨)དྲོད་ཟས། །སྤངས་ཏེ་ཡན་ལག་བརྒྱད་པ་བསྲུང་། །ཉོན་མོངས་དགྲ་སྡེ་འཇོམས་པར་ཤོག །ལན་གསུམ། དེ་ནས་མདུན་བསྐྱེད་གསལ་གདབ་པ་ནི། །སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རི་བོ་ཏ་ལའི་ཞིང་། །འོད་སྣང་དཀྱིལ་འཁོར་ཆུ་སྐྱེས་ཟླ་གདན་སྟེང་། ཧྲཱི ཡིག་ཡོངས་གྱུར་འཕགས་པ་འཇིག་རྟེན་དབང་། །སྐུ་མདོག་དཀར་གསལ་མཉམ་པའི་སྟབས་ཀྱིས་བཞེངས། །གཡས་པ་མཆོག་སྦྱིན་གཡོན་པ་པད་དཀར་འཆང་། །དབུ་སྐྲ་ཐོར་ཚུགས་ཟུར་ཕུད་ནོར་བུས་སྤྲས། །རི་དྭགས་ཀྲྀཥྞའི་ཤུན་པས་ནུ་མ་བཀབ། །ཀ་ཤིའི་ཤམ་ཐབས་སྟ་ཟུར་གཡོན་དུ་དཀྲིས། ཞི་ཚུལ་དགུ་ལྡན་སྙན་ཆག་དུ་བུས་མཛེས། །བྱང་ཆུབ་སེམས་དཔའི་འོད་ཟེར་ཀུན་ནས་འཕྲོ། །སངས་རྒྱས་བྱང་སེམས་རིག་འཛིན་དྲང་སྲོང་བསྐོར། །དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུ་ལས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དེ་ནས་སྤྱན་འདྲེན་ནི། མ་ལུས་སེམས་ཅན་སོགས་དང་། མཆོད་པ་ནི། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་དང་། མཎྜལ་རྒྱས་བསྡུས་ཅི་རིགས་འབུལ། དེ་ནས་བྱང་སྡོམ་བླང་བ་ནི། །རྫོགས་པའི་སངས་རྒྱས་གང་

(༡༣༣༩)བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང་། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་མཐར་བགྱིད་ཤོག །ཅེས་ལན་གསུམ་བརྗོད་ཅིང་ཡི་གེ་དྲུག་མ་ལ་འབད། ཐུན་མཚམས་སུ་ཨོཾ་འཇིག་རྟེན་མགོན་པོ་སོགས་ཀྱིས་ཕྱག་གང་འགྲུབ་བྱའོ། །ལྟུང་བཤགས་དང་། བཟང་སྤྱོད་ལ་སོགས་པའི་བཤགས་བསྔོ་སྨོན་ལམ་བྱའོ། །ཞེས་པའང་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ། ༈ དབུས་མདའ་དཔོན་ཟུར་ཁང་པའི་ཡུམ་ལྷ་དབང་སྒྲོལ་མ་ཞིང་གཤེགས་གྱི་དགེ་རྩར། བདག་ཉིད་ཆེན་པོ་བཻ་རོའི་སྒྲུབ་ཐབས་སོགས་ཆོས་མཚན་བཞི་ཡོད་འདི་དང་། སྐུ་གསུམ་བདུད་རྩིའི་བཅུད་ལེན། དཔའ་བོ་དཔའ་མོའི་བསུ་ན་བཟློག །བསུ་ན་བཟློག་བྱད་མ་སྟོབས་འཇོམས། གཏོར་བཟློག་བྱད་གདོན་གཡུལ་འཇོམས། གཅའ་གཞི་གནད་ཀྱི་ཡིག་ཆུང་། ཆེ་མཆོག་བདུད་རྩི་འཁྱིལ་བ། །སྨན་སྒྲུབ་ལག་ལེན་ཟིན་ཐོ། དམ་པ་རིགས་བརྒྱའི་ལྷ་དབང་གི་བཀོལ་བྱང་། གཏད་དཀར་མའི་ཕྱུག་གཏའ། འཕོ་བའི་ངོ་འཕྲོད། གྲུང་ཐོབ་ཐང་སྟོང་རྒྱལ་པོའི་སྒྲུབ་ཐབས་ཀོ་གྲུའི་འཇིགས་སྐྱོབས་བཅས་པར་ཏུ་བསྐྲུན་ངས་སྒྲིབ་གཉིས་སྦྱངས་ཞིང་། མྱུར་དུ་བླ་མེད་རྫོགས་བྱང་ཐོབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས།

(༡༣༤༠)

(༡༣༤༡)ཚེས་བཅུའི་གསོལ་འདེབས་དང་གུ་རུ་རིན་པོ་ཆེའི་གསོལ་འདེབས་བཞུགས་སོ། །

(༡༣༤༢)སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ལ་རྣམ་པ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བསྐལ་པ་དྲང་འདིར་བྱོན་སངས་རྒྱས་སྟོང་རྩ་ཀུན། །སྤངས་རྟོགས་མཉམ་ཞིང་འགྲོ་ལ་ཐུགས་བརྩེ་ཡང་། །གངས་རིའི་ཁྲོད་འདིར་ཁྱོད་དང་མཚུངས་པ་ཡི། །བཀའ་དྲིན་བརྗོད་དུ་མེད་པར་བསམ་ཀྱིན་དང་། ཁ་བཅན་འདི་ལག་ན་པདྨ་ཡིས། །གདུལ་བྱར་རྒྱལ་བས་ལུང་བསྟན་མཛད་པའི་དོན། །མེས་དབོན་གསུམ་དང་ཨོ་རྒྱན་ཆེན་པོ་ཡིས། །མཛད་པའི་རྣམ་ཐར་ལས་གཞན་དམིགས་སུ་མེད། གུ་རུ་ང་སྒོམས་བསྒྲུབས་ང་རྗེས་སྙོགས། ང་མཐོང་སངས་རྒྱས་ཀུན་མཐོང་ང་ཉིད་ནི། བདེ་གཤེགས་འདུས་པའི་ངོ་བོ་

(༡༣༤༣)ཉིད་ཡིན་པས། །ཚེས་བཅུ་བྱུང་རེས་བོད་དུ་འབྱོན་ཞེས་གསུངས། །དེ་ཕྱིར་རྣམ་ཐར་དྲན་པས་གསོལ་བ་འདེབས། །ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ། །དྷ་ན་ཀོ་ཤར་པདྨའི་སྦུབས་ལ་བྱོན། །རྒྱལ་ཟླར་ཨིནྟྲ་བོ་དྷི་ས་སྤྱན་དྲངས་ཏེ། །རྒྱལ་བུར་མངའ་གསོལ་རྡོ་རྗེའི་ལམ་མཆོག་བསྙེན། །མཆུ་ཟླར་རྒྱལ་སྲིད་སྤངས་ནས་བསིལ་ཚལ་དུ། །བརྟུལ་ཞུགས་སྤྱོད་པས་མཁའ་འགྲོ་དབང་དུ་བསྡུས། །དབོ་ཟླར་བསྟན་ལ་རིམ་བཞིན་བཀྲི་བའི་སླད། །སློབ་དཔོན་པྲ་བྷ་ཧ་སྟིར་རབ་ཏུ་བྱུང་། །ནག་ཟླར་ཟ་ཧོར་རྒྱལ་པོས་གསོན་བསྲེགས་ཚེ། །མེ་ཡང་ཆུར་བསྒྱུར་སུམ་རྩེན་ལྷ་ཡིས་བསྟོད། །ས་ཟླར་ཨོ་རྒྱན་རྒྱལ་པོས་ཡང་

(༡༣༤༤)ཡུམ་གཉིས། །ལྷན་ཅིག་མེར་བསྲེགས་ལོག་སྲེད་ཅན་དག་ཀྱང་། །རང་དབང་མེད་པར་དད་པའི་གནས་ལ་བཀོད། །སྣོྲན་ཟླར་ལྷོ་ཕྱོགས་མཐར་སྐྱེས་རྒྱལ་ཁམས་སུ། །བསྟན་ལ་འཁུ་བའི་མུ་སྟེགས་ཐོག་གིས་བསྒྲལ། །གྲོ་བཞིན་ཟླ་བར་མཐའ་འཁོབ་ཟངས་གླིང་གི། མུ་སྟེགས་རྒྱལ་པོས་ཟངས་ཆེན་ཁ་སྦྱར་ནང་། །བཅུག་ནས་ཆུ་ཀླུང་བསྐྱུར་ཀྱང་རྫུ་འཕྲུལ་གྱིས། །ནམ་མཁར་གཤེགས་པའི་མོད་ལ་ཆུ་ཀླུང་ཡང་། །གྱེན་ལྡོག་སྡིག་སྤྱོད་རྒྱལ་པོའི་གནས་འཇིག་ལ། །ཉེ་བས་སྤ་བཀོངས་བཟོད་གསོལ་སྐྱབས་སུ་བསྟེན། །ཁྲུམས་ཟླར་མུ་སྟེགས་ངན་པའི་ཟས་དུག་གིས། །བཀྲོངས་པར་སེམས་ཀྱང་གནོད་པ་མེད་ཀྱི་སྟེང་། །གཟི་མདངས་ལྷག་པར་རྒྱས་པའི་ངང་ཚུལ་བསྟན། །ཐ་སྐར་ཟླ་ལ་ཡང་ལེ་ཤོད་དུ་ཕེབས། །བལ་བོད་གཉིས་ཀའི་ལྷ་འདྲེས་མཐོ་མཚམས་ཀྱང་། །རྡོ་རྗེ་གཞོན་ནུའི་སྐུར་བཞེངས་དམ་ལ་བཞག །སྨིན་དྲུག་ཟླ་བར་བོད་ཡུལ་དབུས་སུ་བྱོན། །ཧས་པོ་རི་རྩེར་ལྷ་སྲིན་དམ་ལ་བཞག །རྒྱལ་བསྟན་བོད་དུ་དར་བ་ཁྱོད་གཅིག་པུའི། །དྲིན་ལ་གཞན་དྲིན་མི་འཇོག་བསམ་

(༡༣༤༥)ཀྱིན་དད། །མགོ་ཟླར་སྲིན་ཡུལ་གཤེགས་པ་ལ་དགོངས་ནས། །མཆིམས་ཕུར་ཡོན་མཆོད་བཀའ་བགྲོས་བོད་ཡུལ་ཀུན། །གཏེར་གྱིས་གཏམས་པའི་སྟ་གོན་དང་འབྲེལ་བར། །གཞི་བདག་དབང་བསྡུས་གཏེར་གྱི་གཉེར་བྱུང་གཏད། །དེ་ཕྱིར་བྱུང་ངོ་ཅོག་གི་ཚེས་བཅུ་རྣམས། །ཁྱོད་ཀྱིས་མཛད་པ་ཕྲིན་ལས་དུས་ཆེན་དང་། །མ་དང་མཁའ་འགྲོ་འདུ་བའི་སྐབས་ཡིན་པས། །ནང་དུ་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་། །འདུ་བ་ངོ་མཚར་ཅན་གྱི་རྟེན་འབྲེལ་ལས། །རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཞིང་། །ཆར་ཆུ་འབེབས་ཤིང་མི་ཕྱུགས་ནད་རིམས་ཞི། །སད་སེར་དབུལ་ཕོངས་དམག་འཁྲུགས་གོད་ཁ་སོགས། །འཇིག་རྟེན་དུས་ཀྱི་རྒུད་པ་ཇི་སྙེད་ཀུན། །ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་འདེབས་ཀྱི། །བྱིན་རླབས་ཁོ་ནས་ཞི་བ་མངོན་སུམ་ཕྱིར། །ཞལ་བཞེས་དུས་ལ་བབ་པོ་ཐུགས་རྗེས་གཟིགས། །བོད་འབངས་བསམ་ཡོད་ཐམས་ཅད་ཁྱོད་ལ་དད། །བསམ་མེད་དྲིན་ཅན་ཕ་མ་དག་ལ་ཡང་། །འཁུ་བར་བྱེད་ན་

(༡༣༤༦)ཁྱེད་ཀྱི་ཐུགས་རྗེ་ལ། །ཉེ་རིང་མ་མཆིས་ཐུགས་དམ་རྒྱུད་བསྐུལ་ལོ། །བོད་འབངས་ནམ་ཡང་ཡལ་བར་མི་འདོར་བའི། །ཞལ་བཞེས་དུས་ལ་བབ་པོ་ཐུགས་རྗེས་གཟིགས། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་བསམ་ཡས་རབ་བྱུང་བ་དབྱངས་ཡིག་དང་པོའི་མིང་ཅན་གྱི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ།། ༈ ཨེ་མ་ཧོ། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་རྗེའི་གཏེར། །ཁམས་གསུམ་མ་ལུས་སྒྲོལ་བའི་དེད་དཔོན་མཆོག །བོད་ཁམས་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ། །བཀའ་དྲིན་མཚུངས་མེད་ཨོ་རྒྱན་ཆེན་པོ་ལ། །ལུས་དང་ལོངས་སྤྱོད་བློ་སྙིང་བྲང་གསུམ་འབུལ། །ཁ་ཞེ་ངོ་ལྐོག་མེད་པར་གསོལ་བ་འདེབས། །འཁོར་ཚེ་ཐོག་མ་མེད་ནས་ད་ལྟའི་བར། །མ་རིག་ལས་དང་ཉོན་མོངས་དབང་གྱུར་ནས། །ཁམས་གསུམ་རྒྱུད་དྲུག་གནས་སུ་འཁྱམས་པ་བདག །སྡུག་བསྔལ་གསུམ་གྱི་ཞགས་པས་བཅིངས་པ་ལས། །མྱུར་དུ་ཐུགས་རྗེས་སྒྲོལ་ཅིག་གུ་རུ་རྗེ། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་

(༡༣༤༧)བར། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། །རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་མཁྱེན། །གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལ། །ཐུགས་རྗེ་རྒྱུན་ཆད་མེད་པར་ཞལ་བཞེས་པའི། །ཐོས་གྲོལ་གསུང་གི་དོན་འབྲས་མ་ལུས་པ། །མངོན་སུམ་མིག་གི་བདུད་རྩིར་སྩལ་དུ་གསོལ། །ཁྱད་པར་ནམ་ཞིག་ཚེ་ཡི་དུས་བྱས་ཏེ། །བེམ་རིག་འབྲལ་བའི་དུས་ལ་བབ་པ་ན། །སྐྱེ་འཆི་བར་དོ་གནད་གཅོད་སྡུག་བསྔལ་འཕྲང་། །ཤིན་ཏུ་འཇིགས་པ་ཆེན་པོའི་གཡང་ས་ལས། །སྐྱོབས་ཏེ་ངན་སོང་གསུམ་དུ་མ་བཏང་བར། །རང་སྣང་རྣམ་དག་ཟངས་མདོག་དཔལ་རིའི་ཞིང་། །སྐུ་གསུམ་བདེ་བ་ཆེན་པོའི་ཕོ་བྲང་ཆེར། །མགོན་པོ་ཁྱེད་ཀྱི་ཐུགས་དང་དབྱེར་མེད་དུ། །འདྲེན་པའི་དེད་དཔོན་མཛོད་ཅིག་མ་ཧཱ་གུ་རུ། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །སངས་རྒྱས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །དམ་ཆོས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །དགེ་འདུན་ཀུན་འདུས་ཨོ་

(༡༣༤༨)རྒྱན་ཆེན་པོ་མཁྱེན། །རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །ད་ནི་དུས་ངན་སྙིགས་མའི་མཐའ་ལ་།ཐུག །དམ་ཆོས་ཚུལ་བཞིན་བྱེད་པའི་ལོང་མ་ཁོམ། །སད་སེར་བཙའ་ཐན་ནད་ཡམས་མུ་གེ་དང་། །འཁྲུགས་རྩོད་དུས་ཀྱི་རྒུད་པས་ཀུན་ཏུ་མནར། །འབྱུང་བ་སྒང་གཤོངས་སྣོད་བཅུད་རྟེན་འབྲེལ་འཕྱུགས། །བོད་ཁམས་སེམས་ཅན་སྡུག་བསྔལ་དྲག་པོ་ལ། །སྤྱོད་ཚེ་རྗེ་བཙུན་གུ་རུའི་ཐུགས་རྗེ་ཡིས། །གནས་སྐབས་རྫོགས་ལྡན་གསར་པའི་སྒོ་འཕར་ཕྱེད། །མཐར་ཐུག་འོད་གསལ་ཆོས་སྐུའི་ཕོ་བྲང་དུ། །ཁམས་གསུམ་ལུས་ཅན་མཐའ་དག་དབུགས་དབྱུང་ནས། །འཁོར་བ་དོང་ནས་སྤྲུགས་པར་མཛད་དུ་གསོལ།། །།ཞེས་མིག་ནས་མཆི་མ་ཐོན་པའི་མོས་གུས་ཀྱིས་གསོལ་བ་གདབ་པར་བྱའོ། །ཞེས་པའང་ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ་ཚོགས་ཀྱི་འཁོར་ལོ་དཔག་ཏུ་མེད་པར་བསྐོར་བའི་ཚེ། །གྲོགས་མཆེད་རྣམས་ཀྱི་ནན་གྱིས་བསྐུལ་ངོར་བྲག་ཉག་གུར་ཅོག་འོག་ཏུ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སྨྲས་པའོ། །རྒྱུ་སྦྱོར་

(༡༣༤༩)སྦྱིན་པའི་བདག་པོ་ཟུར་གཉེར་དོན་འགྲུབ་ཆོས་འཕེལ་ནས་ཚེས་བཅུའི་གསོལ་འདེབས་དང་གུ་རུ་རིན་པོ་ཆེའི་གསོལ་འདེབས་གཉིས་པར་དུ་བསྐྲུན་པའི་དགེ་བས་འགྲོ་ཀུན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས།། །།

(༡༣༥༠)

(༡༣༥༡)མཐུན་མོངས་ཕྱིའི་སྔོན་འགྲོ་ངག་འདོན་ནི། བླ་མ་རྒྱང་འབོད་ཡན་སྔོན་འགྲོ་རྣམ་མཁྱེན་ལམ་བཟང་ལ་གསལ་བ་དང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བརྟན་པར་བཞུགས། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡེ་སྟཾྭ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པར། །ཤེལ་གྱིས་གཞི་གསལ་ཞིང་འཚེར་བ་བལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཇི་ལྟར་བལྟམས་

(༡༣༥༢)བ་ཙམ་གྱིས་ནི་། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨ། ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱིས། །ཨོཾ་བཛྲ་ཝཥྚ་ཡེ་སྭཱ་ཧཱ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་དབུལ་བར་བགྱི། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །མཉེས་ཕྱིར་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །མཁའ་དང་མཉམ་པའི་འགྲོ་

(༡༣༥༣)རྣམས་སྒྲོལ་བར་ཤོག །ཏྲཱཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཧཱུྃ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ལན་གསུམ་གྱིས་ཚད་མེད་བཞི་སྒོམ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། དེང་དུ་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །

(༡༣༥༤)དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལམ་གྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་བགྱི། ༈ མཛད་བཅུ་ནི། དགའ་བ་བརྒྱ་ལྡན་འཆི་མེད་གྲོང་ཁྱེར་ནས། །བྱང་ཆུབ་སེམས་ཀྱི་དམ་པ་ཏོག་དཀར་པོ། །ཤཱཀྱའི་རིགས་ཀྱི་ཐིག་ལེར་འཛིན་པའི་སྣོད། །སྒྱུ་འཕྲུལ་ལྷ་མོ་རི་དྭགས་མིག་ཅན་ཡིན། །འོད་སྟོང་ཤར་གྱི་རི་ལ་ཆས་པ་བཞིན། །ལྷུམས་ཀྱི་གེ་སར་བཞད་པ་ལུམྦིའི་ཚལ། །ཚངས་དང་དབང་པོའི་སྲི་ཞུས་མཛེས་བྱས་ཤིང་། །བྱང་ཆུབ་རིགས་སུ་ལུང་བསྟན་ལ་ཕྱག་འཚལ། །ལང་ཚོས་དྲེགས་པའི་ཤཱཀྱ་གཞོན་ནུའི་དབུས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་རོལ་རྩེད་མཐུ། །ཀུན་གྱིས་ཁྱོད་ལ་བཏུད་ཅིང་གྲགས་པ་ཡི། །སྐྱེ་དགུའི་རྣམ་ཤེས་མིག་དང་རྣ་བར་རྫོགས། །འདོད་སྲེད་ཞགས་པས་གཞན་དབང་མ་གྱུར་བཞིན། །ཡབ་ཅིག་དགྱེས་སླད་བཙུན་མོའི་སྒྱུ་མ་ལ། །སྒྱུ་མའི་ལྟ་བས་བལྟས་ནས་རྒྱལ་པོའི་ཁབ། །བསྐྱངས་པས་དོན་ཀུན་གྲུབ་པ་ལ་ཕྱག་འཚལ། །ཤིན་ཏུ་གཡོ་ཞིང་འཇིག་པ་རྒྱལ་སྲིད་ཀྱི། །ལྕགས་

(༡༣༥༥)ཀྱུའི་དབང་དུ་མ་གྱུར་འགའ་མེད་ཀྱང་། །ངེས་པར་འབྱུང་བའི་རྐྱེན་བཞིས་ཁྱོད་ཀྱི་ཐུགས། །འཕྲོག་ནས་རང་བྱུང་དགེ་སློང་ཉིད་དུ་བསྟན། །བརྩོན་འགྲུས་རླབས་ཀྱིས་མི་དལ་ནཻ་རཉྫར། །དཀའ་ཐུབ་གདུང་བ་བཟོད་པའི་སྙིང་སྟོབས་དང་། །ཀུན་རྟོག་འདུལ་བ་འཛིན་པའི་བསམ་གཏན་ལ། །ཕྱོགས་བཅུའི་བདེ་གཤེགས་དགྱེས་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་གྱི་སྲིད་དུ་རྣམ་རིག་ཀུན། །ཚོགས་གཉིས་ཐ་གུས་བཅིངས་པ་དོན་ཡོད་ཕྱིར། །བྱང་ཆུབ་ཤིང་དྲུང་བདུད་རྣམས་སྐྲག་བྱས་ནས། །མངོན་པར་རྫོགས་སངས་རྒྱ་བ་རྒྱལ་ཀུན་གཤིས། །འཁོར་བ་གཏིང་མཐའ་མེད་པའི་གཡང་ས་ལ། །རྒྱུག་བའི་འགྲོ་བ་འཁོར་ལོ་གསུམ་གྱི་གྲུས། །བསྒྲལ་ནས་ཐར་པ་དང་ནི་རྣམ་མཁྱེན་གྱི། །གོ་འཕང་བཀྲི་བ་ཁྱོད་ལ་ཕྱག་འཚལ་ལོ། །རྟོག་ཅིང་དཔྱོད་ཀྱང་སྡོམ་པ་མིན་པའི་ཆང་། །འཐུང་བས་ཆེས་བཟིར་མུ་སྟེགས་སྟོན་པའི་ལྕེ། །མཉན་དུ་ཡོད་པའི་ཆོ་འཕྲུལ་མཐུས་བཅད་པས། །སྐྱེས་ས་དང་གཟི་བརྗིད་ཉམས་པའི་ཆོ་ག་རྫོགས། །རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཁྱོད། །སྐྱེ་རྒན་འཆིའི་ཚོར་བ་མི་མྱོང་ཡང་། །ངེས་པར་ཕ་རོལ་འགྲོ་འདི་

(༡༣༥༦)མི་སེམས་རྣམས། །སྐྱོ་སླད་མྱ་ངན་འདའ་སྟོན་དེར་ཕྱག་འཚལ། །བསོད་ནམས་ཉམ་ཆུང་གྱུར་པའི་འགྲོ་བ་རྣམས། །དཀར་པོའི་ཆོས་རང་འཕེལ་བའི་ཚོང་ཟོང་ནི། །འཛད་པ་མེད་པའི་རིང་བསྲེལ་ཆ་བརྒྱད་དུ། །བཞག་སྟེ་ཆོས་ཀྱི་དབྱིངས་སུ་གཟིམས་པ་ལྟར། །བདག་ཀྱང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། ཁམས་གསུམ་ལས་འདས་འོག་མིན་ཆེན་པོ་རུ། །མངོན་པར་སངས་རྒྱས་སྤྲུལ་པའི་མངད་པ་བཅུས། །ཀུན་མཁྱེན་ཁྱེད་དང་འགྲོ་དོན་མཉམ་པར་ཤོག །དེ་བཞིན་གཤེགས་པ་ཁྱོད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཁྱོད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །མཐར་ལྷུང་བཤགས་འདོན། །སྤུང་གཏོར་ བསུར་དཀར་ བསུར། དམར་བསུར། ཤི་བསོན་བསྔོ་བ། དུས་མཐའི་སྨོན་ལམ་བཅས་ལེའུ་ཚན་ཟུར་གསལ།། །།

(༡༣༥༧)རབ་གནས་ཀྱི་རྒྱུད་ལས་གསུངས་པའི་མཆོད་ཕྲེང་ཀུན་ཏུ་རྒྱུ། ༈ མཆོག་གི་མེ་ཏོག་འདི་དག་ནི། །ཆུ་དང་ཐང་ལས་དེ་བཞིན་སྐྱེས། །མཆོག་ཏུ་དད་པས་ཁྱེད་ལ་དབུལ། །ཅི་བདེ་བར་ནི་སོ་སོར་བཞེས། །ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་། །མཆོག་གི་བདུག་པ་འདི་དག་ནི། །བདག་གིས་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་། །མཆོག་ཏུ་གྱུར་པའི་དྲི་འདི་ནི། །མཆོག་གི་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་སོ་སོར་བཞེས། །མུན་པ་འཇོམས་བྱེད་སྣང་བའི་མཆོག །མར་དང་ཏིལ་གྱི་མར་མེ་འདི། །ཡང་དག་ཡེ་ཤེས་སྤྱན་དབྱེ་ཕྱིར། །དད་པས་བདག་གིས་དབུལ་བར་བགྱི། བཟའ་དང་བཅའ་བ་ཕུན་སུམ་ཚོགས། །ཁ་དོག་དྲི་རོ་རྣམས་དང་ལྡན། །ཐམས་ཅད་ལྡན་པར་ལྷ་ཡི་བཤོས། །བདག་གིས་དབུལ་གྱིས་སོ་སོར་བཞེས། །༈ ཞར་ལ་རབ་གནས་ཀྱི་ཡན་ལག་བཤད་པ་ནི། ༄༅། །དེ་ཡང་སྐུ་གཟུགས་དེང་མཆོད་རྟེན་གཙུག་ལག་ཁང་ལ་སོགས་ཆག་གྲུམས་སུ་གྱུར་པ། གསོ་བ་དང་། རྒྱུ་བཟོ་དམན་པ་རྣམས་

(༡༣༥༨)བཟང་དུ་བཏང་བ་དང་། འོ་བརྒྱལ་སར་བཞུགས་པ་རྣམས་གནས་ཕུན་སུམ་ཚོགས་པར་སྤོ་བ་སོགས། མདོར་ན་སྔར་ལས་ལེགས་པ་དང་ཆེ་རུ་བཏང་བ་སོགས་ལ་ཨརྒའི་ཆོ་ག་བྱར་རུང་ཞིང་བྱས་ནས་གསོ་བ་ཡང་གསུངས་པས་དེའི་ལག་ལེན་ནི། ཡི་དམ་གང་ལ་བརྟེན་པའི་ལྷའི་རྣལ་འབྱོར་བཟླས་པ་དང་བཅས་རྫོགས་པར་བྱ། རྟེན་དེའི་མདུན་དུ་མཆོད་པ་དང་ཆོས་སྐྱོང་གཞི་བདག་སོགས་ལ་གཏོར་མ་རྒྱས་བར་ཕུལ། རང་གི་མདུན་དུ་མེ་ལོང་།།།གཡའ་དག་པ་གཅིག་སྟེགས་ཀྱི་ཁར་བཞག་ལ་རྟེན་དེའི་སྣང་བརྙན་འཆར་དུ་བཅུག་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟེན་འདིའི་རབ་གནས་སྤོས་ལ་སྐུ་རྒྱུ་ངན་པ་བཟང་པོར་བྱའོ། །སྙམ་པའི་བསམ་པས་རྡོར་དྲིལ་དང་བཅས། ན་མོ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་ན། །བཞུགས་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །བདེ་གཤེགས་རྒྱལ་བ་སྲས་བཅས་མ་ལུས་འཁོར་དང་བཅས། །འདུས་པ་རྒྱ་མཚོའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། །ཁྱེད་རྣམས་མཆོད་ཕྱིར་རབ་ཏུ་གནས་པ་སྤོ་འཚལ་ན། །འདུས་པ་རྒྱ་མཚོའི་ཚོགས་རྣམས་བྱིན་གྱིས་བརླབ་པ་

(༡༣༥༩)དང་། །སྣང་བརྙན་ཤར་བ་འདི་ལ་འབྱོན་པར་མཛད་དུ་གསོལ། །ཞེས་ཚར་གསུམ་བརྗོད་རྗེས། རང་གི་།ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པས་རྟེན་གྱི་ཡེ་ཤེས་པ་ཡི་གེ་གསུམ་གྱི་རྣམ་པར་སྤྱན་དྲངས་ནས་མེ་ལོང་ནང་གི་སྣང་བརྙན་ལ་གཉིས་སུ་མེད་པར་བཞུགས་ཤིང་། ཛཧཱུྃ་བཾ་ཧོ ཞེས་ཕྱག་རྒྱས་བཅིངས། ཡི་གེ་བརྒྱ་པ་དང་སུ་པྲ་ཏིཥྠས་བརྟན་པར་བྱ། ཨརྒྷཾ་སོགས་ཀྱིས་མཆོད། །བསྟོད་པར་འོས་བས་བསྟོད། ཤིས་པ་བརྗོད་ཅིང་མེ་ཏོག་གཏོར། དེ་ནས་མེ་ལོང་དབུ་ཞབས་མ་ལོག་པ་བྱས་ལ་དར་དམར་སེར་ཇི་ལྟར་རིགས་པས་གཡོགས། རྒྱབ་ཏུ་རྒྱས་བཏབ། བཀུར་སྟི་དང་བཅས་མཆོད་གྲལ་དུ་བཞུགས་གསོལ་བྱ། རྟེན་གསར་པ་བཞེངས་གྲུབ་ནས་རབ་གནས་དངོས་གཞིའི་ཚེ་མེ་ལོང་རྟེན་དྲུང་དུ་སྤྱན་དྲངས་ཁེབས་པ་སེལ། ཡེ་ཤེས་པ་དགུག་གཞུག་རན་པ་ན་སྔར་ལྟར་འོད་ཟེར་སྤྲོ་བསྡུ་དང་ཚད་མེད་བཞིའི་སྔགས་རྒྱས་རྟེན་གསང་བའི་དམ་ཚིག་པ་དང་དབྱེར་མེད་དུ་བསྲེ་ཞིང་། དེ་རྗེས་སྤྱན་འདྲན་ལ་སོགས་རབ་ནས་ཀྱི་དཀྱུས་བཞིན་བྱས་བས་འགྲུབ་བོ། །སྐུ་རྒྱུ་རྙིང་པ་ནི་གསར་པ་ལ་ཅི་འདྲེས་དང་། རྒྱུ་ཐ་དད་དུ་གྱུར་བདག་ཕལ་པ་དང་མ་འདྲེས་པར་བྱས་ལ་མཆོད་རྟེན་དང་སཙྪ་ལྟ་བུ་བཞེངས་ནས་རབ་གནས་བྱའོ། །

(༡༣༦༠)

(༡༣༦༡)རྟེན་གསུམ་རབ་ཏུ་གནས་བའི་ཆོག་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ་བཞུགས།

(༡༣༦༢)རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ། དཀོན་མཆོག་བཞི་པ་བླ་མ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཤིན་ཏུ་དག་བ་གདོད་མའི་ཡེ་ཤེས་ཀྱི། །གཟུགས་བརྙན་སྤྲུལ་པ་ཕྱག་རྒྱ་བཞི་ཡི་གྲོང་། །གཅིག་ཆར་འཇུག་པ་བདེ་ཆེན་རྡོ་རྗེའི་དངོས། །ཁྱད་ཆོས་བདུན་དང་ལྡན་པ་དེ་ལ་འདུད། །འདིར་གང་བཤད་བྱའི་གཞི་སྐུ་གསུང་ཐུགས་ཀྱི་རྟེན་རབ་གནས་ཀྱི་ཆོ་ག་ནི། ཧེ་རུ་ཀ་ག་ལ་བོར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པ་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་ནས་ཤིན་ཏུ་གཅེས་པར་བསྟན་ཅིང་། དེ་ཉིད་ཀྱང་ཆོ་ག་རྣམ་དག་ལ་བརྟེན་དགོས་པའི་ཆུལ། རྒྱུད་ལས་ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་དང་། །དེ་བས་འབད་པ་ཐམས་ཅད་ཀྱི། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་གསུངས་པས་དེ་ཉིད་བཅུའམ། རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེའི་

(༡༣༦༣)སློབ་དཔོན་དག་གིས་བསྙེན་པ་ཞལ་གས་དང་བཅས་ཉི་མ་བྱང་བགྲོད་ཀྱི་དུས་ཚེས་དགེ་བ་ལ་བརྩམ་མོ། །གཉིས་པ་བཤད་བྱ་ཇི་ལྟར་བྱ་བའི་ཆོ་ག་དངོས་ལ་གསུམ། སྦྱར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། ཐོག་མར་དཀྱིལ་འཁོར་གྱི་བྱ་བ་ནི་ཚོན་དཀྱིལ་གཉིས་གང་ལ་བརྟེན་ཀྱང་ས་ཆོག་ནས་བཟུང་རྡུལ་ཚོན་ལ་བྲི་ཐིག་ལ་སོགས་པ་དང་ཐུན་མོང་དུ་ལྷའི་སྟ་གོན་སོགས་རང་རང་གི་སྒོས་ཆེས་འབྱིན་འཇུག་དཀྱིལ་འཁོར་གྱི་ལས་རིམ་གང་ལ་བརྟེན་པ་བཞིན་ཤེས་པར་བྱས་ནས་རྒྱན་དགྲམ་དང་དབང་རྫས་མཆོད་གཏོར་ལ་སོགས་འདུ་བྱའོ། །གཉིས་པ་རབ་གནས་ཀྱི་ཡོ་བྱད་ནི། རྟེན་གྱི་མདུན་ལ་སོགས་སྐབས་བྱེད་པར་མངའ་དབུལ་གྱི་མཎྜལ་རི་རབ་གླིང་བཞིའི་བཀོད་པ་ཅན་གྱི་དབུས་སུ་དཀར་གསུམ་མངར་གསུམ་གཙོ་བོར་གྱུར་པའི་ཙཱ་རུའི་བཟའ་བ་དཔལ་བཤོས་ཀྱི་དབྱིབས་ཅན་ཁ་ཟས་བཟང་པོས་བསྐོར་བ་དང་། དཀྱིལ་འཁོར་གྱི་མདུན་ནམ་གཡས་ལོགས་སོགས་སྐབས་བཅལ་ནས་ཁྲུས་སྟེགས་གྲུ་བཞི་པ་དྲི་དང་བ་བྱུང་གིས་ཆག་ཆག་བཏབ་པའི་སྟེང་པདྨ་འདབ་བརྒྱད། སྤོ་ན་བཀྲ་ཤིས་རྫས་བརྒྱད་བྲིས་པ་དར་

(༡༣༦༤)དཀར་པོས་གཡོགས། སྟེང་དུ་རྟེན་རྙིང་པ་བྱིན་ཅན་ཞིག་དང་སརྦ་བཻདྱཱ་སྭཱ་ཧཱ་ཞེས་བྲིས་པའང་བཞུགས་སུ་གསོལ་ལོ། རེ་ཁཱ་ཅན་གྱི་དབུས་སུ་མཉྫི་ལ་ཁྲུས་གཞོང་མེ་ལོང་དང་བཅས་པ་གཞག །འདབ་མ་བརྒྱད་ལ་ཁྲུས་བུམ་བརྒྱད་བཀོད་པའི་ཤར་ནས་བརྩམས་ཏེ་དྲི་ལྔ། མངར་གསུམ། ཞོ་གསར། ཤིང་འབྲས། འབྲུ་ལྔ། འབྲས་ཡོས། སྨན་ལྔ། རིན་པོ་ཆེ་ལྔ་སོ་སོར་བླུགས་པའམ། མ་འབྱོར་ན་བུམ་པ་ལྡའམ་གཅིག །ཐམས་ཅད་ལ་རྫས་ཉེར་ལྔ་ཁོ་ནས་ཀྱང་རུང་། ཁ་ཚར་མ་ཉམས་པའི་རས་དྲི་མེད་ལ་དྲིའི་ཐིག་ལེ་ལྔ་བྱས་པའི་སྐུ་ཕྱིས། གོས་ཟུང་དང་རྒྱན་ཆའི་རིགས། རིན་པོ་ཆེ་དང་འཁོར་བ་ལ་སོགས་པའི་སྣོད་དུ་ཁྲུས་ཆལ་སྡེ་ཚན་བཞིའི་དང་པོ་ལ་ཆོ་ག་དག་པས་སྦྱར་བའི་བ་བྱུང་ལྔ། གཉིས་པ་ལ་ཞོ། འོ་མ། མར། ཀ་ར། སྦྲང་རྩི་སྟེ་ཕྱིའི་བདུད་རྩི་ལྔ། གསུམ་པ་ལ་དྲི་བཟང་དང་ཉེ་ཤིང་ཤུ་ཏི། བཞི་པ་ལ་ཀྱུ་རུ་ར་དང་ཡུང་བའི་ཕྱི་མ་རྣམས་བླུག །སིལླ་སོགས་དྲི་ཞིམ་པོས་བགས་པའི་ཏོལ་མར་རམ་འབྲུ་མར་གྱི་བསྐུ་མཉེ། དྲིལ་ཕྱིའི་རྫས་ཤིང་ཤུན་ལྔ་ནི་སངས་རྒྱས་ཐོད་པར། ཨ་ཤྭཏྠ་དང་ནྱ་གྲོ་དྷ། ཨུ་དུམ་ཝཱ་ར་བརྐ་ཏི། པ་ལ་ཤ་སྟེ་ཤིང་ལྔ་ལས། ཞེས་བཤད་ཀྱང་ཇི་བཞིན་མི་རྙེད་པས། ཙན་དན་དཀར་དམར་ལ་འོ་མ་ཅན་གྱི་ཤིང་ཤུན་རུང་མཐུན་བསྲེས་པའི་ཕྱི་མ། དུང་ཞལ་དུ་ཙན་དན་དཀར་པོ། གུར་གུམ། ཨ་ཀ་རུ། གླ་རྩི། ག་པུར་ཏེ་དྲི་ལྔའི་བྱུག་པ་སོ་སོར་དུ་།།།ཕོན་པར་བྱས་པའི་

(༡༣༦༥)བིར་དང་བཅས་གོ་རིམ་མ་འཆོལ་བར་བཞག་པའི་མཐའ་མཆོད་པས་བསྐོར། སྟེང་ནས་གདུགས་དབུབ། ཅི་བདེ་བར་རིན་པོ་ཆེའི་སྣོད་མེ་ཏོག་དཀར་པོས་བཀང་བའི་དབུས་སུ་གཟུངས་བུམ་དྲིའི་ཆུས་སུམ་གཉིས་གང་བའི་སྟེང་མེ་ལོང་ལ་ཙན་དན་དཀར་པོ། གི་ཝམ། གུར་གུམ། ཨ་རུ་ར་རྣམས་འོ་མར་སྦྱར་བས་བརྟེན་འབྲེལ་སྙིང་པོ་ཚར་བདུན་བྲིས་པ་དང་། དྲི་ཆུས་གང་བའི་དུང་ཞལ་ཀྱང་བསྡེགས། གཞན་ཡང་སྦྱོང་ཆས། དབང་པོ་གསལ་བྱེད་ཀྱི་མིག་ཐུར་སོགས་ལྔ། གུ་གུལ། ཡུངས་ཀར། རོལ་མོའི་བྱེ་བྲག་སོགས་འོག་ནས་འབྱུང་བ་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་ག་ལ། སྟ་གོན་དང་དངོས་གཞི་གཉིས་ལས། དང་པོ་སྟ་གོན་ལའང་ནང་གསེས་བཅུ་གསུམ་ལས། དང་པོ་དཀྱིལ་འཁོར་སྒྲུབ་མཆོད་ནི། མདོ་སྒྱུ་སེམས་གསུམ། ཞི་ཁྲོ་བཀའ་བརྒྱད། ཡང་ཕུར་ལ་སོགས་སྔ་འགྱུར་གྱི་རྒྱུད་སྡེ་ཆེན་པོ་གང་ཡང་རྟེན་པ་དེ་ཉིད་ཀྱི་སྒྲུབ་ཐབས་དཀྱིལ་ཆོག་བཞིན་ནོ། །བཟླས་པའི་མཇུག་ཏུ་རྣམ་བུམ་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་དམིགས་ཕྱེད་པར་གསལ་བཏབ་ནས་གཟུངས་ཐག་ལ་འཇུས་ཏེ། རྩ་སྔགས་ཀྱི་ཤམ་བུར་དབྱངས་གསལ་དང་སུ་པྲ་ཏིཥྛ་སྤྲེལ་བ་བཟླ་ཞིང་། ལྷ་ཚོགས་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་མཐར་

(༡༣༦༦)མཆོད་བསྟོད་དང་། ལྷ་ཚོགས་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ཞེས་འོད་ཞུ་བྱ། ཞར་ལ་ལས་བུམ་སྒྲུབ་པ་ནི། ལས་ཐམས་ཅད་པའི་བུམ་པར་པད་ཉིའི་གདན་ལ་ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དབྱུག་པ་དང་། གཡོན་སྡིགས་མཛུབ་མཛད་པ་ཁྲོ་བོའི་རྒྱན་དང་ཆ་ལུགས་རྫོགས་པར་གསལ་བར་གྱུར། ཨོཾ་བཛྲ་ས་མཱ་ཛ ཡེ་ཤེས་པ་བྱོན། ཛཧཱུྃ་བཾ་ཧོ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི། སོགས། ཇི་ལྟར་རིགས་པར་བཟླས་རྗེས་མཆོད་ཅིང་བསྟོད་ལ། བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ཁྲོ་བོའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། གཉིས་པ་གཟུངས་ཁྲུས་ཀྱི་དུམ་པ་སྒྲུབ་པ་ནི། གཟུངས་བུམ་ཐོག་མར་བསྒྲུབ་པ་གལ་པོའི་དགོངས་པ་ཡིན་ཀྱང་བུམ་པའི་བསྐྱེད་ཆོག་ཆོ་ག་གཅིག་གིས་འགྲུབ་སྟེ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མེ་ཏོག་ལ་གནས་པའི་གཟུངས་བུམ་དང་། འདབ་མ་བརྒྱད་ལ་གནས་པའི་ཁྲུས་བུམ་རྣམས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ།

(༡༣༦༧)ཁ་གཡེལ་ཞིང་མཆུ་འཕྱང་བ། ལྷའི་གོས་པཉྩ་ལི་ཀའི་མགུལ་ཆིངས་དང་། དཔག་བསམ་ཤིང་གིས་ཁ་རྒྱན་ཅན་ཤ་སྟག་གི་གཟུངས་བུམ་ནང་དུ་ཟླ་བ་ལ་གནས་པའི་རྟེན་འབྲེལ་སྙིང་པོའི་སྔགས་ཕྲེང་འོད་དང་ཟེར་དུ་འབར་བས་འཁོར་འདས་ཀྱི་དངས་བཅུད་བསྡུ་བ་དང་། ཁྲུས་བུམ་རྣམས་སུའང་ཟླ་བའི་སྟེང་ན་རང་རང་གི་སྔགས་རྣམས་འོད་ཟེར་འཕྲོ་ཞིང་། དྲི་མ་སྦྱོང་བའི་མཐུ་ལྡན་གྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་བར་བསམ་ཞིང་སོ་སོའི་གཟུངས་ཐག་སྤོ་བཞིན་པར། ཐོག་མར་གཟུངས་བུམ་ལ་དམིགས་རྟེན་འབྲེལ་སྙིང་པོ་ཅི་ནུས་བཟླས་མཐར་དུང་ཞལ་གྱི་ཆུས་མེ་ལོང་གི་ཡི་གེ་རྣམས་གཟུངས་བུམ་དུ་སྦྱངས་ནས་གཙོ་ལས་ཁྲུས་བུམ་མེ་ཏོག་ཐམས་ཅད་ལ་ཅུང་ཟད་རེ་བྲན། དེ་ནས་ཁྲུས་བུམ་དང་པོར་དམིགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་གྷནྡྷེ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། དེ་བཞིན་དུ་གཉིས་པར། ཐོག་མཐའ་འདྲ་བ་ལ་གནྡྷེའི་གནས་སུ། ཏྲི་མ་དྷུ་སྣཱ་ན། གསུམ་པར་ད་དྷི། བཞི་པར་ཕ་ལ། ལྔ་པར་པྲཱུ་ཏི། དྲུག་པར་ལཱ་ཛཱ། བདུན་པར་ཨེ་ཥ་དྷི། བརྒྱད་པར་མ་ཎི་ཞེས་

(༡༣༦༨)སྦྱར་ལ། ཚར་བདུན་རེ་ཙམ་དང་། སྤྱིར་ཁྲུས་སྔགས་ཨ་བྷི་ཥེ་ཀ་དང་། སྤྱན་མའི་སྔགས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྠ་སིད་དྷི་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་ཅི་ནུས་རེ་བཟླ། བུམ་རྫས་སོ་སོར་མ་ཕྱེ་ཞིང་། བུམ་པ་གྲངས་གསལ་མ་འཛོམ་ན་ཁྲུས་སྔགས་ཀྱིས་ཆོ་ཀ། ཞར་བྱུང་དུ་སྤྱོད་པའི་རྫས་གུ་གུལ་དང་། ཡུངས་ཐུན་ལ་ཨོཾ་ཨཱ་བགྣི༚་ཏ་ཀྲིཏ་ཧཱུྃ་ཕཊ་དང་། ཧཱུྃ་བཞི་པ། ཁྲུས་ཀྱི་རྗེས་སུ་བདུག་པའི་སྤོས་མར་ལ་བདུད་རྩི་འཁྱིལ་པའི་སྔགས་དང་ཧཱུྃ་བཟླ་བས་བརླབ་པོ། །གསུམ་པ་བདག་ལ་འཇུག་ནི། དབང་དོན་གྱིས་གསལ་བ་བཞིན་ནོ། །བཞི་པ་སྤྱོད་པ་ལ་གསུམ་གྱི་དང་པོ་གེགས་སྦྱོང་བ་ནི་ཞི་བས་སྤྱོད་པ་གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐར་ཚུལ་གྱིས། ཨོཾ་སརྦ་བིགྷྲྣཾན་མ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏཏྑ་ཨུངྒ་ཏེ་སྥ་ར་ཎ་ཧི་མི་ག་ག་ན་ཁཾ་གྲྀཧྞ་ཨི་དམ་བྷ་ལི་ཏ་སཱ་ཧཱ། ལན་གསུམ་གྱིས་བཟེད་ཞལ་དུ་དོར། ཕྱེད་མས་སྤྱོད་པ་རྫས་ཞིབ་ཏིང་ལོ་དད་ཆང་བུས་སྔར་ལྟར་བསྐོར་ཞིང་། སྔགས་དྲག་པོ། སུཾ་བྷ་ནི་གསུམ་གྱིས་བཟད་ཞལ་དུ་དོར། དྲག་པོས་སྤྱོད་པ་ནི། ཨོཾ་བཛྲ་ཀྲོ་ཏཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་ར་བ་གུར་བླ་བྲེ་ཡེ་

(༡༣༦༩)ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་ནང་དུ་རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་འཇིགས་སུ་རུང་བའི་སྐུར་གྱུར་པའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་བགེགས་ཀྱི་དགྲ་བོ་ཁྲོ་བོའི་སྤྲིན་རབ་འབྱམས་བཛྲ་ས་མཱ་ཛཧཱུྃ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིག་རྟེན་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྟེང་གི་ནམ་མཁར་ཁྲོ་བོ་དབང་ཆེན་དཔག་ཏུ་མེད་པ་བྱོན། ཨོཾ་བཛྲ་ཀྲོ་ཏ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་

(༡༣༧༠)ལ་ཕྱག་འཚལ་བསྟོད། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། །རྡོ་རྗེ་འཛིན་པ་བདག་གིས་སེམས་རྣམ་པ་གཉིས་བསྐྱེད་ནས་གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་དང་མཐར་ཐུག་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བགྱི་བ་ལ་བར་དུ་གཅོད་ཅིང་། གླགས་བལྟ་བའི་འབྱུང་པོ་གཏུམ་པོ་གཟུ་ལུམས་ཅན་གང་སུ་ཡང་རུང་བ་དང་གཡོག་དང་འཁོར་དུ་བཅས་པ་ཐམས་ཅད་འདི་རུ་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་སངས་རྒྱས་རྣམས་ཀྱི་མངོན་སྤྱོད་ཀྱི་ཕྲིན་ལས་ཁྲོ་བོ་འཆོལ་བའི་ཚོགས་དང་། རྡོ་རྗེ་མེའི་

(༡༣༧༡)མཚོན་ཆས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཏ་རེ། ཧཱུྃ་བཞིའི་སྔགས་དང་བཅས་ཡུངས་ཐུན་གྱིས་བྲབ། གུ་གུལ་དང་བདུད་རྩི་ལྔ་བདུག །རོལ་མོའི་ཚམ་རྔམས་དང་བཅས་ཕྱི་རོལ་དུ་བསྐྲད། གཉིས་པ་བྱུར་དང་སྐལ་ངན་སྦྱོང་བ་ནི། འབྲས་ཆན་ནམ་གྲོ་ཟན་ཀྱིས་རྟེན་ལ་དྲིལ་ཕྱིས་བྱས་པའི་ཆང་བུས་ཀྱང་བསྐོར་ཞིང་། ལས་སྔགས་བཟླ་བཞིན་པས་བཟེད་ཞལ་དུ་དོར། དེ་ནས་ལག་གཉིས་ཀས་ཡུངས་ཀར་བཟུང་བ་ཧཱུྃ་བཟླ་བས་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞེས་མེར་སྲེག་ཅིང་ཆུ་ནང་དུ་དོར། དེ་བཞིན་ཆུ་སྣོད་བཟུང་བ་ཨོཾ་བཟླ་ཞིང་གཡས་སུ་བསྐོར་ནས་སརྦ་པཱ་བཾ་གྱིས་མེ་ཆུར་བླུགས། མེ་ཆུ་གཉིས་ཀྱང་སྔ་མའི་བཟེད་ཞལ་ལ་བླུགས་ཏེ། དཀོན་མཆོག་གསུམ་གྱི་བདེན་པས་རབ་ཏུ་གནས་བྱའི་རྟེན་དང་བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ལ་མི་ཤིས་པར་བྱེད་པའི་བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་རོལ་མོ་དང་བཅས་ཕྱིར་དོར། གསུམ་པ་སྡིག་པ་སྦྱོང་བ་ནི། བདག་དང་སྦྱིན་པའི་བདག་པོས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རང་རང་གི་སྙིང་གར་

(༡༣༧༢)ཀཾ་ནག་པོའི་རྣམ་པར་གྱུར་པ་ལྟེ་བའི་ཡེ་ཤེས་ཀྱི་མེས་དེད་སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་འཐོན་ནས་ཏིལ་ལ་ཐིམ་པ་དེ་ཉིད་གཡས་སུ་ཡེ་ཤེས་ཀྱི་མེས་བསྲེགས་གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་བསམ་ལ། ཨོཾ་སརྦ་པཱ་བཾ་ད་ཧ་ན་བྷ་སྨི་ཀུ་རུ་སྭཱ་ཧཱ། ཞེས་ལན་གྲངས་ཅི་རིགས་པས་མ་ཆུར་དོར། བདག་དང་སྦྱིན་པའི་བདག་པོས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་མེ་ཡང་ཆུ་ནང་དུ་བླུགས་ནས་ཕྱིར་དོར་རོ། །ལྔ་པ་རྟེན་དང་བཟོ་པོ་ལ་སོགས་པའི་དག་བྱ་དག་བྱེད་ཁྲུས་ཀྱི་བྱ་བ་ནི། རྟེན་དངོས་སུ་བཀྲུ་བར་འོས་པ་རྣམས་དྲི་དང་སུལ་བུལ་གྱི་འདག་ཆལ་དང་བཅས་བཀྲུ། འོག་ནས་འབྱུང་བའི་བསྐུ་མཉེ་དང་དྲིལ་ཕྱིས་ཀྱང་བྱ། ཕལ་ཆེར་མེ་ལོང་དུ་གཟུགས་བརྙན་བཀྲུ་བ་ལས་ཁྲུས་ཚལ་ཚར་བཞི། བསྐུ་མཉེ། དྲིལ་ཕྱིས། མེ་ལོང་། ཁྲུས་བུམ། ཁྲུས་རས། སྤོས་མར། དྲི་ལྔའི་བྱུག་པ་རྣམས་བསྡོགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་

(༡༣༧༣)དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འདོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཞེས་ཕྱིད་རོལ་དང་བཅས་སྙན་གསན་བྱས་ལ། སློབ་དཔོན་གྱིས་ཁྲུས་ཆལ་དང་པོ་བ་བྱུང་ལྔ་དུར་ཝའི་པིར་གྱིས་ཨ་མྲྀ་ཏའི་ལས་སྔགས་བཟླ་བཞིན་དུ་མེ་ལོང་ལ་བྱུག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱི ཨཱཞེས་འབྲུ་མར་གྱིས་བསྐུ་མཉེ་བྱ། །སྣུམ་བསལ་བའི་ཕྱིར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནེ་སྭཱ་ཧཱ། ཞེས་ཤིང་ཤུན་ལྔའི་ཕྱེ་མས་དྲིལ་ཕྱིས་བྱ། བུམ་པ་དང་པོར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་

(༡༣༧༤)ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨ་ཀཱ་ཡ་བི་ཤྭ་དྷ་ནེ་སྭཱ་ཧཱ། ཁྲུས་དང་པོ་དྲིའི་བུམ་པ་འདི་མདུན་དུ་བཟུང་ལ་འོག་མ་འོག་མ་རྣམས་ནས་ཐིགས་པ་རེ་བླུགས་སོ། །ཡང་ཁྲུས་ཆལ་སྔ་མ་ལྟར་ལ་བསྐུ་མཉེ་དང་དྲིལ་ཕྱིས། རང་སྔགས་བཅས་ཀུན་ལ་འགྲེ། བུམ་པ་གཉིས་པས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆལ་གཉིས་པ་ཕྱིའི་བདུད་རྩི་ལྔ་བྱུག་ཅིང་། བསྐུ་མཉེ། དྲིལ་ཕྱི་འགྲེ། བུམ་པ་གསུམ་པས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས་ཁྲུས་ཆལ་ལྔབ་ཅིང་། བསྐུ་མཉེ་དང་། དྲིལ་ཕྱི་འགྲོ་བུམ་པ་བཞི་པས། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་

(༡༣༧༥)བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆལ་གསུམ་པ་དྲི་བཟང་དང་ཉེ་ཤིང་བྱུག་ཅིང་། བསྐུ་མཉེ་དང་། དྲིལ་ཕྱེ་འགྲེ། བུམ་པ་ལྔ་པས། འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆལ་ལྔ་པ། བསྐུ་མཉེ། དྲིལ་ཕྱི་འགྲེ་བུམ་པ་དྲུག་པས། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆལ་བཞི་པ་སྒྱུ་རུ་ར་སོགས་བྱུག་ཅིང་། བསྐུ་མཉེ། དྲིལ་ཕྱི་འགྲེ། བུམ་པ་བདུན་པས། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦ་ཡོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆལ་ལྔབ་ཅིང་། བསྐུ་མཉེ། དྲིལ་

(༡༣༧༦)ཕྱི་འགྲེ། བུམ་པ་བརྒྱད་པས། འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཡུལ་དུས་ཀྱིས་མ་ལྕོགས་ན་ཁྲུས་ཆལ་རྣམས་གཅིག་ཏུ་བསྡུས་པས་ཀྱང་རུང་ངོ་། །སྔར་མདུན་དུ་བཟུང་བའི་བུམ་པ་བརྒྱད་ཀའི་ཆུ་གཅིག་ཏུ་བྱས་པས་བཀྲུ་ཞིང་། སྐུ་མཆོག་རྣམ་དག་བལྟ་བས་མི་ངོམ་ལ། །ངོ་མཚར་སྐྱོན་བྲལ་མཁའ་དབྱིངས་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་བགྲེས་པ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཙན་དན་སོགས་དྲི་ལྔ་དུང་ཞལ་དུ་གནས་པས་ཉེ་རེག་དང་ཐུགས་ཀར་བྱུགས་ལ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་གཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །

(༡༣༧༧)ཨོཾ་བཛྲ་བྷནྡྷེ་སྭཱ་ཧཱ། ན་བཟའ་དང་རྒྱན་འབུལ་ཞིང་། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝསྟྲ་ཡེ་པྲ་ཏིཙྪ་སྭཱ་ཧཱ། སྤོས་མར་གྱིས་བདུག །རྗེས་འབྲེལ་དུ་བཀྲ་ཤིས་ཀྱི་གླུ་གར་བྱ་བ་ནི། མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་སྣ་ཚོགས་དང་དབྱངས་སྙན་པོས། ༈ སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །རྐང་གཉིས་གཙོ་བོ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཚོགས་ཀྱི་མཆོག་རབ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །དྲུག་པ་རྟེན་བསྐྱེད་པ་ནི། ཨོཾ་ཤུ་ནྱ་ཏཱས་མཚན་མའི་རྟོག་

(༡༣༧༨)པ་བསལ། སྤྱི་ཁྱབ་ཏུ། སྒྲུབ་དཀྱིལ་གྱི་མདུན་བསྐྱེད་ལྟར་རམ། བྱེ་བྲག་ཏུ་བསྐྱེད་ན། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོའི་ངང་ལས་རབ་ཏུ་གནས་བྱའི་རྟེན་སྐུ་གཟུགས་དང་མཆོད་རྟེན་གཙུག་ལག་ཁང་དང་སྐྱེད་མོས་ཚལ་ལ་སོགས་པ་ཨོཾ་སཾ་ཨོཾ་ལས་སེང་གེས་བཏགས་པའི་རིན་པོ་ཆེའི་ཁྲི་པཾ་ཨ་རཾ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོཾ་ཛི་ན་ཛི་ཀ །ལཾ་དྭེ་ཁ་ར་ཏི་རྣམ་སྣང་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རྡོ་རྗེ་རིན་ཆེན། གཡོན་གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དགོངས་འགྲེལ་དང་བཅས་པའི་གླེགས་བམ་གྱི་རྣམ་པ་ཅན་རྣམས་ཧྲཱི་མཾ་ཧྲཱི་ལས་རྨ་བྱའི་ཁྲི་ལ་ཨ་བཾ་རཾ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨཾ་ཨཱ་རོ་ལི་ཀ །པཱཾ་རཱ་ག་ར་ཏི། སྣང་བ་མཐའ་ཡས་དམར་པོ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། གཡོན་གསུམ་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། གོས་དཀར་མོ་པདྨ་དང་དྲིལ་

(༡༣༧༩)བུ་འཛིན་པས་འཁྱུད་པའོ། །རྟོགས་པའི་ཆོས་ས་དང་འབྲས་བུའི་ཡེ་ཤེས་ཐུགས་ཕྱག་མཚན་གྱི་བརྡ་དང་རྣམ་པར་གྲུབ་པ་ཧཱུྃ་གཾ་ཧཱུྃ་ལས་གླང་པོ་ཆེའི་ཁྲི་བཾ་ཨ་རཾ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་བཛྲ་དྷྲི་ཀ་མཱུཾ་དྷཱ་ཏེ་ཤྭ་རཱི། མི་བསྐྱོད་པ་སྔོན་པོ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས། གཡས་གསུམ་རྡོ་རྗེ་འཁོར་ལོ་རིན་ཆེན། གཡོན་གསུམ་དྲིལ་བུ་པདྨ་རལ་གྲི། དབྱིངས་ཕྱུག་མ་སྔོན་མོ་རྡོར་དྲིལ་འཛིན་པས་འཁྱུད་པའོ། །དེ་བཞིན་དུ་རིན་པོ་ཆེའི་རྒྱན་ཆ་སོགས་ལ་རིན་འབྱུང་དང་། གོ་ཆ་སོགས་ལ་དོན་གྲུབ་ཏུ་སྦྱར་བ་ཡོད་ཀྱང་སྐུ་གསུང་ཐུགས་རྟེན་ལ་འདིས་ཆོག་གོ། དེ་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དང་རིན་པོ་ཆའི་རྒྱན་ཆ་བཅུ་གསུམ་གྱིས་མཛེས་པའི་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་ཤིང་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་ཆེན་པོར་བཞུགས་པའོ། །དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ ཐུགས་ཀར་ཧཱུྃ། བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་ཤིང་ལུས་པ་མེད་པའི་ཡེ་

(༡༣༨༠)ཤེས་ཀྱི་འཁོར་ལོར་བཛྲ་ས་མཱ་ཛ བདུན་པ་སྤྱན་དྲང་བ་ནི། རྡོ་རྗེ་བསྡུ་བའི་རྒྱ་དང་རྡོར་དྲིལ་སྤོས་བཅས། ན་མོ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རང་བསྐྱེད་ཅིང་། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདིར་གཤེགས། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་དཀར་ལྟར་གཤེགས་ལྷུམས་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །ན་མ

(༡༣༨༡)སརྦ་ཏ་ཐཱ་ག་ཏ་གུ་རུ་དེ་ཝ་ཌཱཀྐི་ནི། བཛྲ་ས་མ་ཡ་ཛ ཅེས་དང་། སྙན་མནན་པ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གསར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡེ་སྟྭ་གྱིས་གདན་དང་། ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་ཕུལ། བརྒྱད་པ་དགུག་གཞུག་བྱ་བ་ནི། རང་རང་གི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་ཨངྐུ་ཤ་ཛ རྟེན་དམ་ཚིག་པའི་སྤྱི་བོར་དགུག ཨོཾ་བཛྲ་པཱ་ཤ་ཧཱུྃ། རྟེན་ལ་བཅུག །ཨོཾ་བཛྲ་སྥོ་ཊ་བཾ་གྱིས་དབྱེར་མེད་དུ་བཅིངས། ཨོཾ་བཛྲ་ཨཱ་བེ་ཤ་ཧོ དགྱེས་པ་བསྐྱེད་དོ། །དགུ་པ་རྒྱས་གདབ་པ་ནི། རང་རང་གི་ཕྱག་རྒྱ་རྟེན་གྱི་གནས་གསུམ་དུ་བཞག་ལ། གནས་བྱའི་རྟེན་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཨཱས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩ་ལྔ་པ་ཧཱུྃ་གིས་མཚན་པས་རྒྱས་

(༡༣༨༢)བཏབ་པར་གྱུར། ཧཱུྃ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་རྒྱས་གདབ་པོ། །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་གཏུབ་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཀཱ་ཡའི་གནས་སུ་ཝཱཀྐ་དང་། ཙིཏྟ་ཡང་སྦྱར་རོ། བཅུ་པ་དབང་བསྐུར་བ་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་མཆོད་ཅིང་བསྟོད་ལ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། །གཤེགས་མ་རྣམས་ཀྱི་བུམ་པའི་ཆུས་དབང་བསྐུར། །སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། །ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེངས་ཤིང་མཆོད་རྫས་ཀྱི་ཆར་འབེབས། །ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་ནས་རྒྱལ་ཚབ་གྱི་ས་ལ་

(༡༣༨༣)མངོན་པར་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །རྣམ་བུམ་བཟུང་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་དཔའ་རླབས་སྤྱི་བོར་བརྟན་པ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། རིགས་དབང་ཐམས་ཅད་ཀྱི་བདག་ཉིད་དབུ་རྒྱན་བཟུང་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨཱ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། ཨོཾ་ཏྲུཾ། ཞེས་རྡོ་རྗེ་བཀའ་ནན་གྱིས་གོ་བགོ། ཨོཾ་བཛྲ་ཏུ་ཥྱ་ཧ ཞེས་ཐལ་མོས་མཉེས་པར་བྱས། བཅུ་གཅིག་པ་མཆོད་བསྟོད་ནི། ལྷ་མོ་བཅུ་དྲུག་གིས་

(༡༣༨༤)མཆོད། དེ་དག་བསྔགས་པ་མི་ཟད་སོགས་ཀྱིས་བསྟོད། །བཅུ་གཉིས་པ་སྙན་གསན་དབབ་ཅིང་གཤེགས་གསོལ་བྱ་བ་ནི། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་རྡོ་རྗེ་དང་བཅས་པས་སྔོས་ཕོར་བཟུང་། དྲིལ་བུ་བསལ་བས། ཨོཾ་བཛྲ་ཛི་ཧཱ། ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་མོས་ལ། ཨོཾ་ས་མ་ཡ་སྟྭཾ། ས་མ་ཡ་ཧོ ས་མ་ཡ་ཧཾ། ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་མོས་ལ། ཨོཾ་ས་མ་ཡ་སྟྭཾ། ས་མ་ཡ་ཧོ ས་མ་ཡ་ཧཾ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམ་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་བཞུགས་ཤིག །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བས་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབས་ཤིང་། །དེ་ཉིད་དུ་ནི་བཞུགས་པར་རིགས། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། མཆོད་ཕྲེང་ཀུན་ཏུ་རྒྱུ་བ་དང་། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་། སེམས་མ་རྡོ་རྗེ་མའི་

(༡༣༨༥)རྒྱ་ཐུར་ལྡོག་སྤྱི་བོར་བསྟན་ལ། ཨོཾ་ཨཱཧཱུྃ་མུཾ། བཛྲཻ་ཏིཥྠ། རྟེན་གྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར་པ་ལ། སླར་ཡང་མཆོད་བསྟོད་བྱ། བཅུ་གསུམ་པ་རྟེན་དགབ་བ་ནི། སྐུ་གཟུགས་ཀྱི་གནས་གསུམ་དྲིའི་ཐིག་ལེ་བྱུག་ཅིང་ལས་སྔགས་བཟླ། རྡོ་རྗེས་རེག་ནས། བཛྲ་རཀྵ་ཧཾ། ཞེས་བསྲུང་བ་བྱ། གཙུག་ཏོར་འཁོར་ལོས་བསྒྱུར་བའི་དབྱིངས་སུ་སྲུང་བར་བསམ་ལ། ཨོཾ་བཛྲ་ཙཀྲ་ཝཱརྟི་བྷྲཱུཾ། ཞེས་མཚོན་ཆ་དར་སེར་པོས་དགབ། ཆོ་གའི་རྗེས་ཆོག་རྣམས་དང་ཆོས་སྐྱོང་ལ་གཏོར་མ་བསྔོ། འཇིག་རྟེན་པ་རྣམས་ལ་ཆ་གསུམ་སོགས་བྱ་ཞིང་ཐུན་མཚམས་ཀྱི་རྣལ་འབྱོར་ལ་འཇུག་གོ། གཉིས་པ་དངོས་གཞི་ལ་རྣམ་གྲངས་བཅུ་བདུན་ལས། དང་པོ་དཀྱིལ་འཁོར་སྒྲུབ་མཆོད། གཉིས་པ་བུམ་སྒྲུབ། གསུམ་པ་བདག་འཇུག །བཞི་པ་སྦྱོང་བ། ལྔ་པ་བཀྲུ་ཕྱི་རྣམས་སྟ་གོན་བཞིན་ལས། ཁྲུས་ཀྱི་བྱ་བ་ཉི་མ་འཆར་ཀ་དང་བསྒྲིག་གོ། སྤྲོ་ན་འདིར་རིང་བསྲེལ་གཞུག་པའི་སྲོལ་ཡོད་དེ། དེ་བཞིན་གཤེགས་པའི་རིང་བསྲེལ་དངོས་སམ། ཡང་ན་སརྦ་བིཏྱཱ་སྭཱ་ཧཱ་དང་། རྟེན་འབྲེལ་སྙིང་པོ་གི་ཝང་དང་། གུར་གུམ་བསྲེས་པས་བྲིས་ལ་སྐུ་གཟུགས་ཀྱི་དབུ་དང་མཆོད་རྟེན་གྱི་བྲེ་ལ་གདགས་པའམ། རྒྱབ་ཏུ་བྲིས་གང་བདེ་བྱའོ། །དྲུག་པ་གསོལ་བ་གདབ་པ་ནི། དུལ་ཞིང་གུས་པའི་ཚུལ་གྱིས་ལངས། སྤོས་དང་མེ་ཏོག །དད་པ་ནི་ཆོས་སྣང་བའི་སྒོ་སྟེ་དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་

(༡༣༨༦)བས། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་བཅུས་བརྒྱན་པ། ཡོན་ཏན་ཐམས་ཅད་ཀྱི་མངའ་བདག །རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། །པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་ཕྱིར་རྟེན་འདི་རྣམས་ལ་འབྱོན་པར་མཛད་དུ་གསོལ། །ཞེས་མེ་ཏོག་འཐོར་ཞིང་ཕྱག་འཚལ་བ་ལན་གསུམ། བདུན་པ་སེམས་བསྐྱེད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་

(༡༣༨༧)ཀྱི་དེད་དཔོན་དང་། བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །གནས་མལ་འདོད་ལ་གནས་མལ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་དང་བུམ་པ་བཟང་། །རིག་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །འགྲོ་བ་ནད་པ་ཇི་སྲིད་དུ། །ནད་གསོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲས་དང་སྐོམ་པའི་སྡུག་བསྔལ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །

(༡༣༨༨)བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་དུ་ཉེ་བར་གནས་གྱུར་ཅིག །ལུས་དང་དེ་བཞིན་ལོངས་སྤྱོད་དང་། དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕོངས་བ་མེད་པར་གཏང་བར་བྱ། །ཞེས་མེ་ཏོག་འཐོར། །བརྒྱད་པ་རྟེན་བསྐྱེད་པ་དང་། དགུ་པ་ཡེ་ཤེས་པ་སྤྱན་དྲང་བ་དང་། བཅུ་པ་དགུག་གཞུག་རྣམས་སྟ་གོན་བཞིན་ནོ། །བཅུ་གཅིག་པ་དབང་བསྐུར་བ་ནི། དཀྱིལ་འཁོར་ཆེན་པོ་གང་ལ་བརྟེན་པ་དེའི་དབང་ཆོག་ལས་བྱུང་བ་ལྟར་ཤེས་པར་བྱ་བའམ། མ་ནུས་ན། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་མཆོད་ཅིང་བསྟོད་ལ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་འདི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་

(༡༣༨༩)དང་བ་དན་ལ་སོགས་པ་བསྒྲེངས་ཤིང་མཆོད་རྫས་ཀྱི་ཆར་འབེབས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་ནས་རྒྱལ་ཚབ་གྱིས་ལ་མངོན་པར་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །རྣམ་རྒྱལ་བུམ་པ་བཏེགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱིས་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཧཱུྃ། གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨཱབཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། དབུ་རྒྱན་བཟུང་ལ། ཧཱུྃ། ཚོར་བའི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། རྡོ་རྨེ་བཟུང་ལ། ཧཱུྃ། འདུ་

(༡༣༩༠)ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི དྲིལ་བུ་བཟུང་ལ། ཧཱུྃ། འདུ་བྱེད་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་ཕྲག་དོག་སྦྱོར་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱ རྡོར་དྲིལ་སྤྱི་བོར་འཛིན་པས། ཧཱུྃ། རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བྷུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཞེས་རིག་པའི་དབང་ལྔ་དང་། རྡོ་རྗེ་སློབ་དཔོན་གྱི་དབང་ནི། གནས་བྱའི་ལྷ་ཐམས་ཅད་རང་རང་གི་རིགས་ཀྱི་ཡུམ་དང་འཁྱུད་རྒྱ་བྱས་ནས། དམ་ཚིག་གསུམ་དང་དུ་བཞེས་པར་བསམ་ལ། ཨོཾ་ཨཱཧཱུྃ་ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །སྣང་སྟོང་དབྱེར་མེད་འདི་བཟུང་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་བཟུང་བར་མཛོད། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་གསོལ། ཨོཾ་བཛྲ་གྷཎྜེ་ཨ། ཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྣ་ཀོ྅་ཧཾ།

(༡༣༩༡)ཞེས་འཁྱུད་རྒྱ་བྱ། སླར་ཡང་མཐའ་རྟེན་བུམ་པའི་ཆུས་དཔའ་བསྐུར་བ་ནི། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་དབང་གི་བྱ་བ་ལ་དགྱེས་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བ་ཡོ་བར་བཟུང་སྟེ་དབང་བསྐུར་བར་གྱུར། བཀྲ་ཤིས་ཆེན་པོའི་བུམ་པ་ནི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་མཆོག་བདེ་བར་སྦྱིན་པར་བྱ། ཨོཾ་རཏྣ་ཀརྨ་བྷུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང་དག་བྱ་མ་ལུས་པ་སྦྱངས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན། ནམ་མཁའི་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡེ་ཤེས་སེམས་དཔའི་རང་བཞིན་དུ་རྟེན་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྠ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། །གསང་དབང་ནི། དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཉི་ཟླ་བྱང་ཆུབ་སེམས་ཀྱི་སྤྲིན་རྡོ་རྗེའི་ལྔགས་ལ་སྤྲོ་བར་མོས་ལ། ཧཱུྃ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམས་པར་བྱེད་པ་ཡི། །དཀར་དམར་ལྷག་བའི་བྱང་ཆུབ་སེམས། །དབང་ཐོབ་ཁྱེད་ཀྱི་ལྕེ་ལ་བཞག །ཨ་ཧོ་མ་ཧཱ་སུ་ཁ་ཧོ ཤེས་རབ་ཡེ་ཤེས་ནི། འཁོར་

(༡༣༩༢)ལོའི་དབང་ཕྱུག་གི་ཐུགས་ཀ་ནས་ཐར་བ་བསྟེན་པ་ལ་བསྐུལ་བའི་རིག་མ་གཟུགས་དང་ལང་ཚོའི་དཔལ་གྱིས་འབྱོར་རབ་ཏུ་མ་བྱོན་ནས་གནས་བྱའི་ལྷ་ཚོགས་རྣམས་ཀྱི་བར་དུ་བྱོན་པས་དགང་བཞིའི་ཡེ་ཤེས་ལ་རོལ་བ་མཛད་པར་བསམ་སྟེ། རིག་ཙག་གམ། དྲིལ་བུ་བཟུང་ལ། ཁྱེར་ཅིག་ཁྱེར་ཅིག་བདེ་བ་ཅན། །ཤེས་རབ་དམ་པ་འདི་ཡིན་ནོ། །ཁྱོད་ཀྱིས་ཡེ་ཤེས་བསྐྱེད་པར་བྱེད། །འདི་ལ་རྟག་ཏུ་རོལ་མོ་གྱིས། །ཨོཾ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དབང་བཞི་པ་ནི། རང་བཞིན་མེད་པའི་བདག་ཉིད་ཆེན་པོ་བྱང་ཆུབ་སེམས་ཀྱི་དབང་ལ་བསྐུར་བྱ་སྐུར་བྱེད་ཀྱིས་རྒྱུ་འབྲས་དག་པར་བསམ་ལ། ཆོས་རྣམས་ཐམས་ཅད་ནམ་མཁའི་ཁམས། །དངོས་པོ་མཚན་མ་ཀུན་ལས་འདས། །ནམ་མཁའ་བཞིན་དུ་ཡེ་གནས་ལ། །དེ་ལ་མཁས་པས་བཅོས་སུ་མེད། ཅེས་མཉམ་པར་བཞག །བཅུ་གཉིས་པ་མཆོད་པ་ནི། རྡོ་རྗེ་ལྷ་མོ་བཅུ་དྲུག་གིས་མཆོད། བཅུ་གསུམ་པ་བསྟོད་པ་ནི། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །སོགས་དང་། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །སོགས། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་

(༡༣༩༣)བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་སོ། །བཅུ་གསུམ་པ་དབང་པོའི་སྐྱོན་བསལ་བ་ནི། དངུལ་སྣོད་དུ་མར་དཀར་དང་སྦྲང་རྩི། ཀ་ར། ནིར་མ་ལི་ལ་སོགས་པའི་མིག་སྨན་སྦྱངས་པ་གསེར་ཐུར་གྱིས་བླངས་པ་ཐོགས་ལ། ཇི་ལྟར་མིག་མཁན་རྒྱལ་པོས་འཇིག་རྟེན་གྱི། །རབ་རིབ་གསེར་གྱི་ཐུར་མས་བསལ་བ་ལྟར། །སེམས་ཅན་རྣམས་ལ་གཟིགས་དཀྱིལ་འཁོར་གྱི་རྡུལ་ཚོན་ལས། ཅུང་ཟད་བླང་བར་ཡོད། པ་ལྷུར་མཛད་ཕྱིར། །ཡེ་ཤེས་སྤྱན་མཆོག་སྲི་ཞུས་དབྱེ་བར་བྱ། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ལན་གསུམ། རྣ་དྲུད་ཐོགས་ལ། འོན་པ་ལྟ་བུའི་འགྲོ་བ་རྣམས། །ཆོས་ཀྱི་དུད་སྒྲས་སད་པའི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བགྱིས་པས། །ལྷ་ཡི་རྣ་བ་ཐོབ་པར་ཤོག །ཨོཾ་དྭཱི་བྱ་ཀརྞ་ཡ་སྭཱ་ཧཱ། རྨང་གཟེར་ཐོགས་ལ། གཟུང་འཛིན་དྲི་ཡི་བཞོན་པ་ལ། །བླང་དོར་ཆགས་པའི་འགྲོ་བ་རྣམས། །འཕགས་པའི་ཚུལ་ཁྲིམས་དྲི་བསུང་ལ། །སྤྱོད་ཕྱིར་ཤངས་ནི་དབྱེ་བར་བྱ། ཨོཾ་དྭཱི་བྱ་གྷཱ་ཎཱ་ཡེ་སྭ་ཧཱ། ཐུར་དཔྱད་ཐོགས་ལ། འགྲོ་ཀུན་བརྗོད་པ་རྣམ་དག་པ། །རྡོ་རྗེའི་ལྗགས་ལ་དབང་ཐོབ་ཕྱིར། །ཡེ་ཤེས་ཞལ་མཆོག་དབྱེ་བགྱིས་

(༡༣༩༤)པས། །ཆོས་ཀྱི་རོ་ཡིས་ཚིམ་པར་ཤོག །ཨོཾ་དྭཱི་བྱ་མུ་ཁ་ཡ་སྭཱ་ཧཱ། ཚེམས་ཤིང་ཐོགས་ལ། མཚན་དཔེས་འཁྱུད་པའི་ཐག་བཟང་ཚེམས། །ཉེས་སྐྱོན་དྲི་ཡིས་མ་གོས་ཀྱང་། །མྱུ་གུ་གསར་པའི་ཚེམས་ཤིང་འདིས། །བཀུར་སྟི་མཆོག་ལ་བརྩོན་པར་བགྱི། ཨོཾ་དྭཱི་བ་ཡ་དནྟྲ་ཡ་སྭཱ་ཧཱ། ཞེས་དང་། དེ་ལ་འདོད་ཡོན་ལྔས་མཆོད་པ་ནི། ཨོཾ་རཱུ་པ་པྲ་ཏཱིཙྪ་ཨཱཧཱུྃ། ཤཔྟ། གྷནྡྷེ། རཱ་ས། པརེྴ་པྲ་ཏཱིཙྪ་ཨཱཧཱུྃ། བཅུ་བཞི་པ་རྟེན་བསྒྱུར་བ་ནི། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རྟེན་ལ་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པ་གནས་བྱའི་སྔགས་དང་། ཨོཾ་ཨཱཧཱུྃ་སྭཱ་ཧཱ། ལན་གསུམ་བརྗོད་ལ། རིགས་ཀྱིས་མཚོན་པའི་ལྷ་རྣམས་ཡོངས་སུ་གྱུར་པ་ལས་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོའི་རྣམ་པར་གྱུར། ཅེས་བརྗོད། བཅོ་ལྔ་པ་རབ་ཏུ་གནས་པ་ནི། རྟེན་ལ་གཟུངས་ཐག་བཏགས་པའི་སྣེ་མོ་སློབ་དཔོན་གྱིས་བཟུང་ལ། གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར། སྐུ་གཟུགས་ལ་སུ་པྲ་ཏིཥྛ་དང་། མཚོད་རྟེན་དང་གཙུག་ལག་ཁང་ལ། ཨོཾ་ཧཱུྃ་ཧྲཱི དྷུ་ཁཾ་བཛྲཱི་བྷ་ཝ་དྲྀ་

(༡༣༩༥)།ཌྷ་ཏིཥྛ་བྷུ་ཁཾ་སྭཱ་ཧཱ། གསུང་རྟེན་ལ་གཉིས་ཀ་དང་། ཐུན་མོང་དུ། རྟེན་འདྲེལ་སྙིང་པོ་ཅི་མང་བཟླ། བྲིས་སྐུ་ཡིན་ན། ཨོཾ་སརྦ་བི་དྱཱ་སྭཱ་ཧཱ། ལ་སོགས་པའི་རྒྱ་བ་ཡིག་གདབ། རྗེས་འབྲེལ་དུ་ཤིས་པ་བརྗོད་པ་ནི། སྔར་གཟུངས་བུམ་གྱི་ཆུས་བྲན་པའི་མེ་ཏོག་འཐོར་ཞིང་། ༈ བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་རྣམས་དྲུག་པོ་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དཔང་དུ་མཛད་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཡེ་དྷརྨཱ་ཧེ་ཏུ་སོགས་བཟླ། བཅུ་དྲུག་པ་གསོལ་བ་གདབ་པ་ནི། མེ་ཏོག་དམ་པ་འཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་སོགས་ཤཽླ་ཀ་གཉིས་པོས་མཆོད་དེ། རྟེན་གྱི་ཁྲིའམ། དེ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་བཟུང་སྟེ། ཐལ་མོས་སྦྱར་བས་བཏུད་སྟེ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གིས་

(༡༣༩༦)བསྐལ་པས་འཇིག་པར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཆེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། །ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། བཅུ་བདུན་པ་མངའ་དབུལ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལ་མཆོད་པ་མངའ་དབུལ་བ་ནི། ཐུབ་དབང་མཆོད་གནས་མཆོག་ལ་

(༡༣༩༧)ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་དང་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་ཚིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་དང་དེ་བཞིན་དུ། བླ་ན་ཡོད་པའི་མཆོད་པ་རྣམས་བྲིས་འབུར་གྱི་རྣམ་པར་བཀོད་པ་འབུལ་བ་ལས། མཎྜལ་དབུལ་རྗེས། དེའི་བཀོད་པ་གླིང་བཞི་རི་རབ་བཅས་ཕུལ་ལ། ཁོར་ཡུག་རིར་བཅས་བྱེ་བ་ཕྲག་བརྒྱའི་ཞིང་། །མ་ལུས་ཡོངས་བཀང་འདོད་དགུས་འབྱོར་བ་དང་། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ཇི་སྙེད་ཀུན། །བློ་ཡིས་བླངས་ཏེ་ཐུབ་དབང་སྲས་བཅས་མཆོད། །སྟོན་ཀའི་མཚན་མོ་དཀར་བའི་རི་བོང་འཛིན། །གཟའ་

(༡༣༩༨)བྲལ་རྒྱུ་སྐར་ཕྲེང་བས་བསྐོར་བ་དང་། །ཉིན་བྱེད་འོད་སྟོང་དྲ་བས་མཛེས་འབར་བ། །གླིང་བཞིའི་འཇིག་རྟེན་རྒྱན་གྱུར་རྣམས་ཀྱིས་མཆོད། །ཅེས་དང་། རིན་ཆེན་སྣ་བདུན་རྫས་བརྒྱད། ཉེ་བའི་རིན་ཆེན་བདུན་སོགས་ཕུལ་ལ། ༈ བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་བརྒྱད་དང་། །ཉེ་བའི་རིན་ཆེན་བདུན་སོགས་རྒྱ་ཆེ་བས། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་མཆོད། །རྟགས་བརྒྱད་ཕུལ་ལ། ༈ །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པའི་བཀྲ་ཤིས་རྟགས། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །ཞེས་དང་། ཏིང་ངེ་འཛིན་གྱིས་མཆོད་པ། ༈ །ལྷ་ཚོགས་འཇིག་རྟེན་ཀུན་ན་ཡིད་འོང་བའི། །གཞལ་མེད་ཁང་བརྩེགས་རིན་ཆེན་དྲ་བ་ཅན། །གླུ་གར་སིལ་སྙན་བསྟོད་དབྱངས་ཆར་འབབ་ཅིང་། །རྒྱན་མཆོག་བརྒྱ་ཕྲག་མང་བ་རྣམས་ཀྱིས་མཆོད། །རིན་ཆེན་རི་བོ་ནགས་ཚལ་པདྨོའི་ཚལ། །ངང་མོའི་འགྲོས་ཀྱིས་གཉེར་བ་དེ་དག་དང་། །སྨན་སོགས་དྲི་ཞིམ་དང་ལྡན་དཔག་བསམ་ཤིང་། །མེ་ཏོག་འབྲས་བུས་དུད་པའི་ཚོགས་ཀྱིས་

(༡༣༩༩)མཆོད། །འདབ་སྟོང་གཡོ་བས་བུང་བ་བཟུང་བ་ཡི། །ལག་པའི་གདུ་བུ་ཀུ་མུ་དས་མཚན་ཤིང་། །སྤྲིན་བྲལ་ཉི་ཟླའི་ཟེར་གྱིས་རབ་ཕྱེ་བའི། །ཨཏྤལ་ལ་སོགས་ཡིད་འོང་རྣམས་ཀྱི་མཆོད། །ཙན་དན་བསིལ་བའི་ཁ་ཡི་སྦུབས་བསྐྱོད་པའི། །དྲི་ཞིམ་བསེར་བུ་བདེ་བའི་ངད་རྣམས་དང་། །ཕུག་དང་བྲག་རིའི་སྨན་ལྗོངས་ཉམས་དགའ་བ། །ཆུ་བསིལ་རྫིང་བུས་གང་བ་རྣམས་ཀྱིས་མཆོད། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐའ་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་དབང་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་འབུལ་ལགས་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་འདི་དག་བཞེས་སུ་གསོལ། །ཞེས་སོ། །གཉིས་པ་བྱེ་བྲག་ནི་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོ་ལ་འབུལ་བ་ལས། ཆགས་བྲལ་གྱི་རྣམ་པ་ཅན་ལ། འདྲེག་སྤྱད་ཕུལ་ལ། ༈ གཞོན་ནུ་ལང་ཚོ་གསར་པའི་མཐོན་མཐིང་ཡང་། །མཆོད་རྟེན་རྣམ་དག་དྲུང་དུ་སྤངས་གྱུར་བས། །ཁྱིམ་པའི་རྟགས་ལས་གྲོལ་བའི་འདྲེག་སྤྱད་ནི། །ཕུལ་བས་འགྲོ་ཀུན་ཁྱིམ་ལས་དབུགས་

(༡༤༠༠)འབྱིན་ཤོག །ཨོཾ་སརྦ་ཤོ་དྷ་ན་ཥཙྪེ་ད་ཧཱུྃ། ཆོས་གོས་གསུམ་ཕུལ་ལ། ༈ མཚན་བཟང་སྐུ་ཡི་ལྗོན་པས་དུར་སྨིག་གི །རྒྱལ་མཚན་གསར་པའི་ལྷབ་ལྷུབ་གཡོ་བ་ཅན། །བསླབ་གསུམ་དོན་དང་ལྡན་པའི་ཆོས་གོས་གསུམ། །ཕུལ་བས་འགྲོ་རྣམས་བརྟུལ་ཞུགས་དེར་གནས་ཤོག །ཨོཾ་དྭཱི་བྱ་ཝསྟྲ་བ་ཎཱ་ཡེ་སྭཱ་ཧཱ། ཆུ་ཚགས་དང་ལྷུང་བཟེད་སོགས་ཕུལ་ལ། ༈ །དྲང་སྲོང་མཆོག་ལ་འོས་པའི་ཉེར་སྤྱད་ནི། བཻ་ཌཱུརྱ་ཡི་ལྷུང་བཟེད་དམ་པ་དང་། །ཆུ་ཚགས་ལ་སོགས་ཕུལ་བས་འགྲོ་བ་ཀུན། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ཐོབ་པར་ཤོག །ཨོཾ་ཨུ་པ་ཡོ་ཛྱ་ཏེ་པཱ་རི་སྐཱ་རཱ་ཡ་སྭཱ་ཧཱ། ལོངས་སྐུའི་རྣམ་པ་ཅན་ལ། དུང་གི་སོ་མངས་ཕུལ་ལ། ༈ མཐོན་མཐིང་གཡས་སུ་འཁྱིལ་བའི་ཟུར་ཕུད་ཅན། །རིན་ཆེན་ནོར་བུའི་ཏོག་གིས་ལྷམ་པར་མཛེས། །སྐྱེ་དགུ་ཀུན་གྱིས་བལྟ་བས་མི་ངོམས་དེར། །སྐྱང་ནུལ་ཆོ་ག་གསར་པས་སྲི་ཞུ་བགྱིད། ཨོཾ་ཀཱ་མ་མ་ལ་དྷ་ར་ལི་ཧཱུྃ། ཁ་དོག་སྣ་ཚོགས་པའི་ན་བཟའ་ཕུལ་ལ། ༈ གང་ལ་རེག་ན་འཇམ་པའི་ལྷ་རྫས་ཀྱང་། །དབང་པོའི་ཚོན་གྱིས་འཁྱུད་པའི་སྨིག་སྒྱུ་ཡིས། །བར་སྣང་ཟ་འོག་གཅལ་དུ་བཀྲམ་པ་ལྟར། །

(༡༤༠༡)འབར་བས་འགྲོ་ཀུན་བཟོད་པའི་གོས་ཐོབ་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཕུལ་ལ། ༈ རང་བཞིན་བལྟ་ན་སྡུག་པའི་མཚན་དཔེ་ལ། །བཅོས་མའི་རྒྱན་གྱིས་བརྒྱན་པར་མ་འཚལ་ཡང་། །དོ་ཤལ་དཔུང་རྒྱན་སེ་མོ་དོ་ལ་སོགས། །ཁ་སྦྱོར་བདུན་གྱི་བདག་ཉིད་མཚོན་ཕྱིར་འབུལ། །ཨོཾ་རཏྣ་ཨཱ་ལངྐཱ་རཱ་ཧཱུྃ། དེ་བཞིན་དུ་སོ་མངས། ཁབ་སྙུང་། ཆུ་གྲི་སོགས་ཕུལ་ལ། ༈ བཟོ་གནས་ལ་སོགས་རིག་པའི་འཁྱུད་དཔྱད་ཀྱིས། །འཇིག་རྟེན་རྗེས་སུ་འཛིན་པ་སྟོན་པའི་ཕྱིར། །རྣམ་པ་སྣ་ཚོགས་ཉེར་སྤྱད་འདི་ཕུལ་བས། །སེམས་ཅན་རྨོངས་དང་ནད་ལས་ཐར་བར་ཤོག །ཨོཾ་ཨུ་པ་ཡོ་ཛྱ་ཏ་པཱ་རི་སྐཱ་རཱ་ཡ་སྭཱ་ཧཱ། ཁྲོ་བོའི་སྐུ་རྣམས་ལ་དུར་ཁྲོད་ཆས་བརྒྱད་ཕུལ་ལ། ༈ འཇིག་རྟེན་ན་ནི་དཔའ་བོ་ཡི། །མི་བསྲུན་ཚར་གཅོད་གོས་གྱོན་བཞིན། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །རུ་ཏྲ་བསྒྲལ་བའི་དཔའ་རྟགས་ནི། །ཐབས་མཁས་ཕྲིན་ལས་ཞིང་ཆེན་དང་། །ཁྱབ་པ་ཐུགས་རྗེ་གླང་པོའི་ཀོ །དབང་སྡུད་སྟག་ལྤགས་ཤམ་ཐབས་གོས། །འདི་ཡང་དཔལ་གྱི་དམ་ཚིག་སྟེ། །འདི་

(༡༤༠༢)ཡང་རྟགས་ཀྱི་ཕྱག་རྒྱར་ལོངས། ༈ རྒྱལ་རིགས་དཀར་ཁྲའི་དབུ་རྒྱན་དང་། །རྗེ་རིགས་སེར་ཁྲའི་སྙན་ཆ་སྟེ། །བྲམ་ཟེ་དམར་སྐྱའི་མགུར་ཆུ་ཅན། །དམངས་རིགས་ནག་ཁྲའི་སྐ་རགས་དང་། །གདོལ་པ་ལྗང་ནག་གདུ་བུའི་རྒྱན། །འདི་ཡང་དཔལ་གྱི་དམ་ཚིག་སྟེ། །འདི་ཡང་རྟགས་ཀྱི་ཕྱག་རྒྱར་ལོངས། །ཐོད་པ་སྐམ་པོའི་དབུ་རྒྱན་དང་། །རློན་པའི་སེ་རལ་ཚལ་བུ་ནི། །དཔུང་རྒྱན་དག་ཏུ་དབྱངས་པའོ། །འདི་ཡང་དཔལ་གྱི་དམ་ཚིག་སྟེ། །འདི་ཡང་རྟགས་ཀྱི་ཕྱག་རྒྱར་ལོངས། །དཔྲལ་བར་ཐལ་ཆེན་ཚོམ་བུ་དང་། །སྨིན་དབྲག་རཀྟའི་ཐིག་ལེ་སྟེ། ཨོ་ཀོར་ཞག་གི་ཟོ་རིས་གདབ། །འདི་ཡང་དཔལ་གྱི་དམ་ཚིག་སྟེ། །འདི་ཡང་རྟགས་ཀྱི་ཕྱག་རྒྱར་ལོངས། །དེ་ནས་གདན་སོགས་ཕུལ་ལ། ༈ པད་ཉི་དྲེགས་པ་ཁྱོ་ཤུག་གདན། །རུས་པའི་རྒྱན་དྲུག་ཕྱག་མཚན་དང་། །དུག་གསུམ་སྲེག་བྱེད་མེ་དཔུང་སོགས། །དྲག་པོའི་འདོད་ཡོན་མཐའ་ཡས་པས། །ཁྲོ་རྒྱལ་ཚོགས་ལ་བསྟི་སྟང་བགྱི། །གསུང་རྟེན་ལ། ཁྲི་དང་གླེགས་ཆབ་ན་བཟའ་སོགས་ཕུལ་ལ། ༈ སྣ་ཚོགས་དར་གྱིས་བཀབ་པའི་སེང་གེའི་ཁྲི། །ཐབས་

(༡༤༠༣)དང་ཤེས་རབ་ལྗོན་པའི་གླེགས་བུ་ཟུང་། །མཐའ་དག་གཅིག་ཏུ་བྱེད་པའི་སྐུ་ཆིངས་དང་། །ལྔ་ཕྲག་བརྩེགས་པའི་ན་བཟའ་དབུལ་བར་བགྱི། །ཨོཾ་བཛྲ་པུ་སྟ་ཀ་ཨཱ་ས་ནཱ་ཝསྟྲ་ཡེ་སྭཱ་ཧཱ། ཐུགས་རྟེན་ལ། སྲོག་ཤིང་དང་ཆོས་འཁོར་ཕུལ་ལ། ༈ ཐུབ་པའི་ལུང་རྟོགས་བསྟན་པ་རིན་པོ་ཆེ། །ཡུན་དུ་གནས་ཕྱིར་སྲོག་ཤིང་དམ་པ་དང་། འཁོར་ལོ་བརྩེགས་མ་ཕུལ་བས་འགྲོ་བ་ཀུན། །སྐུ་གསུམ་ཡེ་ཤེས་ལྔ་ཡི་གནས་ཐོབ་ཤོག །ཨོཾ་སརྦ་བི་དྱ་དྷཱརྨཱ་དྷ་ཏུ་ཙཀྲ་སྭཱ་ཧཱ། ཅོད་པཎ་དང་འཕན་ཕུལ་ལ། ༈ དྲན་པ་ཉེ་བར་གཞག་པ་ལ་སོགས་པ། །བྱང་ཆུབ་ཕྱོགས་ཀྱི་གྲགས་སྙན་མཐའ་དག་ཀུན། །ཡེ་ཤེས་ལྔ་མཚོན་དར་གྱི་ཅོད་པན་དང་། །འཕུར་ལྡིང་གཡོ་བའི་བ་དན་འདིས་ཐོབ་ཤོག །ཨོཾ་པ་ཏཾ་ཀཱ་ལཾ་པཱ་ཡ་ཀུ་མ་བྷི་རྭ་དྷྭ་ཛ་སྭཱ་ཧཱ། གདུགས་དང་མེ་ཏོག་གི་ཕྲེང་བ་ཕུལ་ལ། ༈ འགྲོ་འདི་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི། །གྲིབ་བསིལ་ཉིད་དུ་བསྟི་དང་དབུགས་འབྱིན་ཕྱིར། །གདུགས་དང་མེ་ཏོག་ཕྲེང་བ་འདི་ཕུལ་བས། །འཁོར་བའི་ཚ་གདུང་གཏན་ནས་བཅིལ་བར་ཤོག །ཨོཾ་བྷྲ་མ་ཎཱ་ཡ་རཏྪ་མཱ་ལ་ཏྲཱཾ

(༡༤༠༤)ཁྲི་གདན་ཁྱད་པར་བ་རྣམས་ཕུལ་ལ། ༈ སྟོབས་བཅུ་ལྡན་པ་གླང་པོའི་ཁྲི་མཆོག་དང་། །མི་འཇིགས་བཞི་ལྡན་སེང་གེ་རྫུ་འཕྲུལ་རྟ། །དབང་བཅུ་ལྡན་པའི་རྨ་བྱ་མཁའ་ལྡིང་སྟོབས། འགྲོ་བའི་རེ་སྐོང་རིན་པོ་ཆེ་ཡི་སྟན། །ཆགས་པའི་སྐྱོན་བྲལ་པདྨ་ཉི་ཟླ་ནི། །རང་བཞིན་འོད་གསལ་རྣམ་པ་ཐམས་ཅད་པའི། །གདན་ཁྲི་ཕུལ་བས་འགྲོ་བ་མ་ལུས་ཀུན། །ཐེག་པ་ཆེན་པོའི་ལམ་ལ་གནས་པར་ཤོག །ཅེས་ཕུལ། གསུམ་པ་ཁྱད་པར་ཙཱ་རུའི་བཟའ་བས་མངའ་གསོལ་བ་ནི། ལྷ་བཤོས་གཙང་མ་དེ་ཉིད་ཆུས་བྲན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། རྟེན་གྱི་དྲུང་དུ་ཁྱོགས་ལ་བཏེག་ནས། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ་སོགས་ཀྱིས་ཕུལ། གྲུབ་ན་སྐབས་འདིར་རྒྱས་པའི་སྦྱིན་སྲེག་གི་ཆོ་གས་གནས་བྱའི་ལྷ་རྣམས་ཀྱི་ཡེ་ཤེས་སེམས་དཔའ་ཐབ་ཏུ་སྤྱན་དྲངས་ལ་དཀར་གསུམ་མངར་གསུམ་ཤིང་འབྲས་འོ་ཐུག་འབྲས་ཆན་གཙོ་བོར་གྱུར་བའི་སྲེག་རྫས་དང་ཙཱ་རུའི་ཆ་ཤས་ཀྱང་འབུལ་ཞིང་། གཤེགས་གསོལ་ཀྱི་ཚེ་སླར་ཡང་རྟེན་གྱི་ཐུགས་ཀར་གཞུག་གོ །ཇི་ལྟར་ཡང་། མཐའ་རྟེན་བཀྲ་ཤིས་ཀྱི་མངའ་གསོལ་ནི། ཡེ་དྷརྨཱ་སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །

(༡༤༠༥)འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་འདབ་མ་རྒྱས་པའི་སྤྱན་མངའ་བ། །བཀྲ་ཤིས་དང་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ཡི་ཉེ་བར་བརྟེན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་གཉིས་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་བསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་ཕྱོགས་ལས་གྲོལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཞི་པོ་དེས་ཀྱང་དེང་འདིར་

(༡༤༠༦)བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་ལེགས་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་འགྱུར་བའི། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་བརྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྣམ་པར་སྣང་མཛད་རྒྱལ་བ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་དང་། །དོན་ཡོད་གྲུབ་ཅེས་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདེ་ཆེན་རྣམ་དག་ཆོས་དབྱིངས་གང་ཆེན་མཚོ། །མཁའ་འགྲོ་རིགས་ལྔ་ཡེ་ཤེས་སྤྲིན་འཕྲོ་བ། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་ཞིང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་ལས། དང་པོ་གཏོར་མ་གཏོང་བ་ནི། ཕྱོགས་སྐྱོང་དང་འབྱུང་པོ་སྤྱི་ལ་ཕྱི་རོལ་དུ་ཆ་གསུམ་གྱི་ཚོགས་བསྔོ། འདས་གཏོར་དང་། ཆོས་སྐྱོང་རྣམས་ཀྱི་སྐོང་བཅི་ནུས་བྱའོ། །གཉིས་པ་སྲུང་མ་བསྒོ་བ་ནི། གནས་གཞི་དེའི་སྲུང་མ་དང་། སྒོས་སུ་གཉར་གཏད་དམིགས་བསལ་ཡོད་ན་དེའི་གཏོར་མ་ཟུར་དུ་

(༡༤༠༧)བཤམས་པ་ཕུལ་ལ། རྡོ་རྗེ་བཀའ་ནམ་གྱི་རྒྱ་བཅིངས་ཏེ། བཛྲ་རཀྵ་ཧཾ ཞེས་དང་། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ ཅེས་དམ་ལ་བཞག །རྡོ་རྗེའི་ཆོས་སྐྱོང་ཆེ་གེ་མོ་འཁོར་དང་བཅས་པ་རྣམས་ཀྱིས་རྟེན་འདི་རྣམས་ཀྱི་སྲུང་མ་དང་ཡོན་བདག་གྱིས་ལ་འདི་དག་དངོས་དང་དཀོར་ཆ་ལ་མི་བསྲུན་པར་བགྱིད་པ་རྣམས་ལ་ཆད་མ་མགོན་ལྕམ་དྲལ་བས་གཅོད་ཅིང་སྲུང་བ་དང་སྐྱོང་བའི་ཕྲིན་ལས་རྒྱུན་མི་འཆད་པར་མཛོད་ཅིག །ཅེས་གཉེར་གཏང་བྱའོ། །གསུམ་པ་དཀྱིལ་འཁོར་གྱི་ལྷ་ལ་གཏང་རག་གི་མཆོད་བསྟོད་ནི། ༈ མེ་ཏོག་སྤྲིན་མཛེས་ལྡིང་ཁང་མཛེས་འབར་བ། །སྤོས་དང་སྨན་སྦྱར་བདུད་རྩིའི་སྤྲིན་ཕུང་དང་། །གཟི་ལྡན་སྒྲོན་མེ་ཞལ་ཟས་རོལ་མོའི་སྤྲིན། །བསྟོད་དབྱངས་ཡན་མཆོད་ཕྲེང་རིང་བའམ། ལག་རྒྱ་མཚོའི་སྤྲིན་གྱིས་མཆོད། །ཅེས་དང་། དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་མཆོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་

(༡༤༠༨)ཀུན་ཏུ་འབྱུང་གྱུར་ཅིག །ཅེས་རོལ་མོ་བྱ། བཞི་པ་ནོངས་བཤགས་ནི། བརྗོད་མེད་དོན་བཤགས་དང་། ཁྱད་པར་ཆོ་གའི་བྱ་བ་ནོངས་པ་ལ་དམིགས་ཏེ་ཐལ་མོ་སྦྱར་ནས། ༈ རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་ཀྱིས། །གང་དག་ཆོ་ག་མ་ཚང་བ། །དེ་དག་བཟོད་པར་མཛད་པའི་རིགས། །དབྱངས་གསལ་ལ་ཡིག་བརྒྱ་སྤྲེལ་བ་ཚར་གསུམ་བརྗོད། གྲུབ་ན་ཞི་བའི་སྦྱིན་སྲེག་ཀྱང་བྱའོ། །ལྔ་པ་ཡོན་བདག་བསྒོ་བ་ནི། སློབ་དཔོན་གྱི་མདུན་དུ་བཀྲ་ཤིས་པའི་རྫས་རྣམས་འདུ་བྱ། དེ་དང་ཉེ་བར་སྟན་བཟང་པོ་མེ་ཏོག་གི་ཚོམ་བུ་ཅན་ལ་ཡོན་བདག་གོས་རྒྱན་བཟང་པོ་བྱས་ལ་འཁོད། ཉེ་ལོགས་སུ་རྟེན་ལ་འབུལ་རྒྱུའི་མཆོད་པ་སྣ་ལྔ་ཡང་བསྡོགས། དཔོན་སློབ་ཡོན་བདག་བཅས་པར་ཙཱ་རུའི་བཟའ་བའང་འགྲིམས་ཤིང་། ༈ །བདེ་གཤེགས་ལྷག་མ་འདི་དག་ནི། །གསོལ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་དང་། ཁྱེད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པར་རབ་གནས་པར། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །གུས་དང་སྲི་ཞུ་ཡང་དག་གྱིས། །ཡོན་གནས་མཆོག་

(༡༤༠༩)ལ་བསྙེན་བཀུར་བའི། །བསོད་ནམས་དེ་ནི་བརྗོད་མི་ལངས། །རྣམ་པར་གཟིགས་ལ་སྲན་རྡོག་བདུན། །ཕུལ་བས་གཞེན་ནུ་ང་ལས་ནུ། །འཁོར་ལོས་སྒྱུར་རྒྱལ་གྱུར་ལ་ལྟོས། །དེ་བཞིན་སྟོན་པས་འཇམ་དཔལ་ལ། །ང་ཡི་འཁོར་ནི་རྣམ་བཞི་ཡིས། །ད་ལྟ་ང་ལ་མཆོད་བྱས་དང་། །མ་འོངས་པ་ན་དད་པ་ཡིས། །གཟུགས་བརྙན་རྣམས་ནི་མཆོད་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་གསུངས་སྙིང་ལ་ཡང་དག་ཟུངས། །ཞེས་བསྒོས་པའི་དེ་མ་ཐག་པར་ཡོན་བདག་གིས་ཀྱང་སྔར་བཤམས་པའི་མཆོད་པ་རྣམས་ལག་བསྟར་ཏེ་རྟེན་ལ་དབུལ་ཞིང་ཕྱག་བྱས་ནས་སྟན་ལ་འཁོད། དྲུག་པ་བཀྲ་ཤིས་པར་བྱ་བ་ནི། ལས་བུམ་གྱི་ཆུས་རྫས་དང་ཡོན་བདག་ལ་འཐོར་བས་བགེགས་བསྐྲད། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་བྱེད་ལས་གྲུབ་པའི་རྣམ་པ་དང་ཡོན་བདག་ཀྱང་གནོད་སྦྱིན་གྱི་སྡེ་དཔོན་ཛམ་བྷ་ལར་གྱུར་པར་བསམ་ལ་མེ་ཏོག་འཐོར་ཞིང་། དཔའ་བོ་ཆེན་པོ་གང་སྐྱེས་པར། །ཕུན་ཚོགས་དོན་ཀུན་འབྱོར་གྱུར་

(༡༤༡༠)ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཏེ། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །སངས་རྒྱས་ཁྱོད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པ་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱོད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམ་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པའི། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་གཏོར་ནས་བཀྲ་ཤིས་ཀྱི་རྫས་རེ་རེ་བཞིན་ཡོན་བདག་ལ་གཏོད་ཅིང་། ༈ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །༈ གི་ཝང་དུག་གསུམ་འཛོམ་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྡུ་མེད་པར་གྱུར་བ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག ༈ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་ཡི། །སྙིང་པོ་རྣམ་དག་ཡེ་

(༡༤༡༡)ཤེས་རྣམ་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །༈ དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་འདི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་བར་ཤོག །༈ བི་ཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །༈ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །༈ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་བས། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །༈ ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡིས། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་

(༡༤༡༢)པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་པའི་མཐར་ཡོན་བདག་གིས་རྟེན་ལ་འབུལ་ཚུལ་བྱ་ཞིང་། དེར་འཁོད་ཐམས་ཅད་ཀྱིས་ཀྱང་རེག་ནས་མཐར་ཡོན་བདག་ལ་གཏད་དོ། །འདིར་རྫས་བཤད་ཡོངས་སུ་གྲགས་པ་ལྟར་སྤྲོ་ན་དེ་ལྟར་བགྱིད་ཅིང་། དེ་ལྟ་ནའང་ཁྱེའུ་བཀྲ་ཤིས་ཀྱི་རྩྭ་ནི་དུར་བ་ཡིན་པ་མདོ་ལས་མ་མཐོང་། དེ་བཞིན་དུ་མ་སྐྱེས་དགྲའི་གླང་པོ་ནོར་སྐྱོང་ལྷས་བྱིན་གྱིས་སྟོན་པ་ལ་རྦད་བས་སྟོན་པའི་བྱིན་རླབས་ཀྱིས་དེའི་སེམས་ཉེ་བར་ཞི་བ་ལ་སོགས་པ་བཤད་པ་བྱེ་བྲག་པས་སྐབས་ཕྱེད་པ་སྨྲ་བ་ཡོད་ན་ལེགས་སོ། །བདུན་པ་རྟེན་ལ་མཆོད་པ་ནི། ༈ །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་པ་བླ་མེད་རྒྱ་ཆེན་རྣམས་ཀྱིས་མཆོད། །མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་དེ་དག་མཆོད། །མེ་ཏོག་སྤོས་དང་མར་མེ་ཞལ་ཟས་ཆུ། །བླ་བྲེ་འཕན་ལྡིང་གདུགས་དང་རོལ་མོའི་སྒྲ། །རྒྱལ་མཚན་རྔ་ཡབ་རྫ་རྔ་ལ་སོགས་དང་། །ལུས་དང་ལོངས་སྤྱོད་འཁོ་དགུའི་ཡོ་བྱད་ཀྱིས། །འགྲོ་བའི་བླ་མ་དཀོན་མཆོག་སྲས་

(༡༤༡༣)བཅས་མཆོད། །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པ་འབབ་པར་ཤོག །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་མཆོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་སྨོན་ལམ་ཀྱང་གདབ་བོ། །བརྒྱད་པ་དགའ་སྟོན་བྱ་བ་ནི། ཚོགས་ཀྱི་འཁོར་ལོ་ཚིམས་པ་དྲུག་ལྡན་དུ་བསྐོར་ཞིང་། གཞན་ཡང་ཡོན་གནས་མཆོག་དམན་ཐམས་ཅད་ལ་བཟའ་བཏུང་གི་རྙེད་པས་ཚིམ་པར་བྱ། སློབ་དཔོན་དང་བཟོ་དེའི་གྲོགས་སུ་གྱུར་བ་རྣམས་ལའང་དྲིན་དུ་བཟོ་བའི་བསྟི་སྟང་དང་རོལ་མོར་བགྱིད་པས་མཚོན་དགའ་སྟོན་རྒྱ་ཆེན་པོ་བགྱིད་པར་བཤད་པ་ཡིན་ནོ། །དགུ་པ་བསྔོས་ནི། ནང་པ་སངས་རྒྱས་པའི་ཁྱད་ཆས་ཏེ་ལས་ངན་ཡོད་པར་བྱས་པའི་ཆེད་དུ་བཟང་པ་བཞི་ལྡན་གྱི་བསྔོ་བའང་ཁྲི་བརྒྱད་སྟོང་པར། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དང་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པ་དེའི་ཚེ་ཐར་བའི་གྲོང་ཁྱེར་དུ་འཇུག་པར་འགྱུར་རོ་ཞེས་གསུངས་པས་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་རྒྱས་བཏབ་ཅིང་སླར་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད། བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྣམ་དག་ཀྱང་གདབ་བོ། །བཅུ་པ་ལས་

(༡༤༡༤)ཀྱི་རྗེས་ཆོག་ནི། རྡུལ་ཚོན་གྱི་ཆོ་ག་དང་འབྲེལ་ན་དེའི་བྱ་བ་སོགས་མཐའ་རྒྱས་རྣམས་དཀྱིལ་འཁོར་ཀྱི་ལས་གཞུང་བཞིན་དུ་བྱ་བ་ཡིན་ནོ། །དེ་ལྟར་དངོས་ལྟ་ཉིན་གཉིས་མའི། །རབ་གནས་ཉིན་ཞག་མང་སྦྲེལ་ན། །ཐོག་མའི་ཉི་མ་གཉིས་པ་ཡི། །དངོས་གཞིའི་བརྟན་བཞུགས་གསོལ་གདབ་རྗེས། །ཕྱི་དྲོ་སྟ་གོན་ཆོ་ག་བྱ། །དེ་ལྟར་སྦྲེལ་ནས་ཉིན་ཐ་མར། །སྟ་གོན་གྱི་ནི་མ་ལ་དག་ཏུ། །མངའ་དབུལ་ལ་སོགས་རྗེས་ཆོག་རྣམས། །དཀྱུས་སུ་བྱས་པས་འགྲུབ་པ་ཡིན། །ཉིན་ཆོག་ལ་ནི་བུམ་པ་གསུམ། །བཀོད་ལ་དཀྱིལ་འཁོར་བསྒྲུབ་མཆོད་དང་། །རྟེན་སྦྱོང་བཀྲུ་ཕྱི་བསྐྱེད་སྤྱན་དྲངས། །དགུག་དང་རྒྱས་གདབ་སོང་བའི་རྗེས། །དངོས་གཞིའི་དབང་བསྐུར་མཆོད་བསྟོད་དང་། །སྤྱན་དབྱེ་རྟེན་བསྒྱུར་རབ་གནས་སོགས། །གཙོ་ལས་ཁྲུས། དཀྱུས་བཞིན་བྱས་པས་ཆང་བའོ། །ཤིན་ཏུ་བསྡུ་ན་བསྐྱེད་བཟླས་མཐར། །བགེགས་བསྐྲད་དམ་ཚིག་བསྐྱེད་སྤྱན་དྲངས། །དགུག་གཞུག་རྒྱས་གདབ་དབང་བསྐུར་དང་། །སྤྱན་དབྱེ་མཆོད་བསྟོད་བརྟན་བཞུགས་མཐར། །ཤིས་པ་བརྗོད་པས་འགྲུབ་པ་སྟེ། །མདོ་ལུགས་རྟན་འབྲེལ་རབ་གནས་ལས། །སྔགས་ཀྱི་ཆོ་ག་འདི་ཡང་འཕགས། །སྤྱིར་ནི་རྟེན་བསྐྱེད་དགུག་བསྟིམ་དང་། །དབང་བསྐུར་བརྟན་བཞུགས་བཞི་པོ་འདི། །རབ་གནས་ཉིད་ཀྱི་ངོ་བོ་ཡིན། །དེ་ལ་ཡི་གེ་ནོར་བའི་ཕྲེང་། །མང་དུ་མཐོང་བས་འདི་བྱས་སོ། །ཅིའི་སླད་ཞེ་ན་སྟན་པའི་བཀས། །དེ་ཕྱིར་སངས་རྒྱས་མ་བྱོན་པའི། །ཞིང་ན་སྐུ་གཟུགས་ཡོད་མིན་ཞིང་། །མཐའ་འཁོབ་ཀླ་ཀློ་རྣམས་ན་མེད། །བསྟན་པ་

(༡༤༡༥)ནུབ་ན་ཡོད་མིན་ཞིང་། །མུ་སྟེགས་བྱོལ་སོང་སོགས་མི་མཐོང་། །དེ་ཕྱིར་སྐུ་གཟུགས་སྤྲུལ་པ་ཡིན། །ཞེས་གསུངས་དེ་ལ་རབ་གནས་པའི། །ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང་། །ཆོ་ག་ནོར་ན་ནོངས་པའི་ཚུལ། །རྒྱུད་ལ་བཤད་པ་སྔར་སྨོས་ཤིང་། །ཇི་བཞིན་གྲུབ་པའི་ཕན་ཡོན་ནི། །རྒྱ་ཆེར་བཤད་མེད་གསང་སྙིང་ལས། །ས་ལ་སོགས་ལས་ཕྱག་རྒྱར་བྱས། །རྣམ་གྲོལ་རིག་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉམས་མིན། །ཞེས་གསུངས་སོ། །རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ། རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ནུབ་པར་བྱ་བའི་རྟེན་འབྲེལ་དང་། སེམས་ཅན་རྣམས་ཀྱི་བསོད་ནམས་རྒྱ་ཆེན་པོ་འཕེལ་ཞིང་། འཇིག་རྟེན་བདེ་བའི་ཆེད། བཀྲ་ཤིས་སྲོ་ལ་བཙན་བད་སོར་རྟེན་བཞེངས་ཀྱི་རིམ་པ་བགྱིས་པའི་ཚེ་རིག་པ་འཛིན་པ་མཁྱེན་བརྩེའི་ལྷས་སྦྱར་བའོ།། །། ༈ རྒྱུ་སྦྱོར་དགེ་སློང་མཁྱེན་རབ་མཐར་ཕྱིན་ནས། །སྐུ་གཤེགས་ངག་དབང་འཇིགས་མེད་རྣམ་རྒྱལ་དང་། །ཨ་མ་ཡེ་ཤེས་སྒྲོལ་མས་ཐགས་གྲངས་པའི། །འགྲོ་ཀུན་སངས་རྒྱས་གོ་འཕངས་ཐོད་ཕྱིར་དུ། །ཚེ་སྒྲུབ་དབང་བཤད་རྟ་ཁྱུང་དབང་བསྙེན་དང་། །བྱང་བསྡོམས་རྒྱུན་འཁྱེར་རབ་གནས་ཆ་བག་པར། །བརྐོས་པས་ཚོགས་གཉིས་རྫོགས་ནས་སྒྲིབ་གཉིས་བྱང་། །ཆོས་སྦྱིན་མཛད་མེད་འཕེལ་བའི་རྒྱུར་གྱུར་ཅིག །

(༡༤༡༦)