Nitartha Digital Library
Tibetan
 
previousབླ་མ་ཐུགས་ཀྱི་སྙིང་པོའི་ཀ་དག་ཕྱག་རྒྱ་ཆེན་པོའི་ཁྲིད་ཟིག་ཟིན་བྲིས་སུ་ཤེས་རབ་བསུམ་གྱིས་གཏན་ལ་ཕབས་པ་སྣང་གསལ་སྒྲོན་མེ།no next

བླ་མ་ཐུགས་ཀྱི་སྙིང་པོའི་ཀ་དག་ཕྱག་རྒྱ་ཆེན་པོའི་ཁྲིད་ཟིག་ཟིན་བྲིས་སུ་ཤེས་རབ་བསུམ་གྱིས་གཏན་ལ་ཕབས་པ་སྣང་གསལ་སྒྲོན་མེ།


JLAZ004_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཐུགས་ཀྱི་སྙིང་པོའི་ཀ་དག་ཕྱག་རྒྱ་ཆེན་པོའི་ཁྲིད་ཟིག་ཟིན་བྲིས་སུ་ཤེས་རབ་བསུམ་གྱིས་གཏན་ལ་ཕབས་པ་སྣང་གསལ་སྒྲོན་མེ་བཞུགས།


JLAZ004_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་དམ་པའི་ཞབས་ཀྱི་པདྨའོ་དྲི་མ་དང་བྲལ་བ་ལ་ཕྱག་འཚལ་ཞིངས་སྐྱབས་སུ་མཆིའོ། བྱིན་གྱིས་བརླབས་ཏུ་གསོལ། ཡེ་ནས་རྣམ་དག་ཀུན་ཏུ་བཟང་པོའི་ཐུགས། རྒྱ་ཆད་ཕྱོགས་ལྷུང་བྲལ་ཏེ་འགྲོ་ཀུན་གྱི། རྒྱུད་ལ་གནས་ཀྱང་མ་རིགས་གསུམ་གྱིས་བསྒྲིབས། དེ་ཡི་གསལ་བྱེད་སྣང་གསལ་སྒྲོན་མེ་འདིགས། དེ་ལ་འདིར་བཀའ་གཏེར་དག་སྣང་ཆུ་བོ་གཅིག་འདྲེས་ཀྱི་གདམས་པ་བླ་མ་ཐུགས་ཀྱི་སྙིང་པོའི་ཀ་དག་དག་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཆེན་པོའི་རྒྱས་བཤད་ཚིག་གི་ན་ཡམ་སྦངས་ཏེ་སྨར་ཆང་དུ་འཆད་པར་བྱེད་པ་ལ། སྔོན་འགྲོ་


JLAZ004_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་རྗེས་སོ། དང་པོ་ལ་གསུམ། ཐུན་མོང་དང་། ཐུན་མིན། ཁྱད་པར་གྱི་སྔོན་འགྲོའོ། དང་པོ་ནི། རྩ་བར། ཐུང་མོང་དལ་འབྱོར་རྙེད་དཀར་འཆི་མི་རྟག ལས་འབྲས་དྲང་ཞིང་འཁོར་བའི་ཉེས་དམིགས་བསམ། ཅེས་བས། དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། སློབ་མ་མདིན་དུ་འཁོད་པ་ལ་འདི་སྐད་ཅེས་གདམས་ཏེ། ཀྱེ་རིགས་ཀྱི་བུ། དེ་ཡང་དམ་པའི་ཆོས་གཤའ་མ་ཞིག་བྱེད་པ་ལ་སྣོད་དམ་རྟེན་ཕུན་སུམ་ཐསོགས་པ་ཞིག་དགོས། རྟེན་ཕུན་གསུམ་ཚོགས་པ་དེ་གང་ཡིན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཁོ་ན་ལས་གཞན་ཅི་ཡང་མ་ཡིན། དལ་མ་འདི་ལྟ་བུའི་མི་ལམ་རིན་པོ་རྙེད་པ་ནི་ཁྱད་


JLAZ004_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྐྱེ་བ་མང་པོར་ཚོགས་བསགས། མི་དགེ་བཅུ་སྲོག་དང་བསྡོས་ཏེ་སྤངས། དགེ་བ་བཅུ་ལེ་ལོ་དང་བྲལ་ཏེ་དང་དུ་བླངས་པའི་མཐུ་ཁོ་ན་མ་གཏོགས་སྟབས་ཀ་ལེགས་ཉེས་ཀྱིས་རྙེད་པ་ནི་མ་ཡིན་པས་ཆུའི་སྒོ་ནས་རྙེད་པ་ཤིན་ཏུ་དཀའ། དེ་ཡང་དཔེར་ན་གྱང་ལོངས་ལ་སྲན་མ་གཏོར་བ་ཆགས་པ་སྲིད་མཐའ་མ་བཀག་པ་ཙམ་མ་གཏོགས་ཤིན་ཏུ་དཀོན་པ་དེ་བཞིན་དུ་དཔེའི་སྒོ་ནས་རྙེད་དཀའ། ངན་སོང་གསུམ་ནི་ས་ཆེན་པོའི་རྡུལ་ཙམ་ཡོད། མི་ལུས་ཙམ་པོ་པ་ནི་སེན་མོའི་སྟེང་གི་རྡུལ་ཙམ། དཔལ་འབྱོར་ཚང་བའི་ལུ་ལུས་རིན་པོ་ཆེ་ནི་རྡུལ་ཕྲན་གྱི་ཚད་ཙམ་ཡིན། དེ་ཡང་ཕལ་ཆེར་ལས་མཐལ་ལོག་པ་འབའ་ཞིག་གིས་ངན་སོང་གི་རྒྱུ་ཁོ་ན་ལས་ཆོས་བཞིན་སྤྱོད་པ་ཉིན་སྣང་བས་ཀྱང་དཀོན་པ་གྲངས་ཀྱི་སྒོ་ནས་རྙེད་དཀའ། འོ་ན་མི་འད་ཙམ་འདུག་པ་སྙམ་ན་སྦྱིར་མི་ལུས་ཐམས་ཅད་ཡང་དག་མིན་ཞིང་། ཁྱད་པར་ངན་འགྲོ་ལ་ལྟོས་ན་མི་ལུས་ཐོབ་པ་སྲིད་པའི་ཚོད་དུ་གདའ་སྟེ། རྡོག་ཅིག་གི་འོག་གི་གྲོག་སྦུར་དང་། རྔ་གི་ལུས་ཀྱི་ཕྱི་ནང་དུ་སྲིན་བུ་ལྗི་ཤིག་རྣམས་ཀྱི་གྲངས་ལ་རྟོགས་པ་བཅུག་པས་ཤེས་ནུས་ལ། དེས་ན་འདི་ལྟ་བུའི་རྙེད་པ་ལེགས་པར་རྙེད་དུས་མི་ཚེ་སྟོང་ཟད་རྒས་ན་ཤིན་ཏུ་ཕོངས་པས། ད་ལྟ་ཕན་མི་ཚེ་


JLAZ004_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་དང་ངན་སོང་བསྒྲུབས་པས་ཟད་པ་ཨ་རེ་འགྱོད། ང་རེ་འཇིགས། ཞེས་ངག་ཏུ་བརྗོད་ལ་བློ་སྣ་ཐུང་སྦུད་སྦུད་མ་སོའི་བར་བསྒོམ་མོ། གཉིས་པ་ཆོས་བརྒྱད་ཀྱི་གཉེན་པོར་མི་རྟག་པ་སྒོམ་པ་ནི། ཀྱཻ་རིགས་ཀྱི་བུ། དེ་ལྟར་བུའི་དེ་ལ་འབྱོར་རྙེད་པར་དཀའ་ལ་རྙེད་ཀྱང་ཤིན་ཏུ་མི་རྟགས་སྟེ་འཆི་དགོས། འཆི་བ་ལ་སྔ་ཕྱི་གོ་རིམ་རྒན་གཞོན་མ་ངེས་ཏེ་གོ་ནུབ་ཙམ་ཡང་མི་འཆི་བའི་ངེས་པ་ཅི་ཡོད། ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ལ་སྟོས་དང་། ད་ནང་ཁྱོད་རང་ཞོག་པ་གཉིད་སངས་ནས་ད་ལྟ་ཚུན་གྱི་བྱ་བྱེད་ཐམས་ཅད་དང་དུས་ཚོད་ཉི་གྲིབ་སོགས་ལ་ལྟོས་དང་། ན་ནིང་ནས་ད་ལོའི་བར་ལ་རང་གིས་མཐོང་ཐོས་ཚོར་བའི་མི་རྒན་གཞོན་མ་ངེས་པ་ཅི་ཙམ་ཤི་སོང་། དེ་དག་རྣམས་རོད་མེད་པ་དང་གར་སོང་ཆ་མེད་ཁྲོན་པའི་ནང་དུ་རྡོ་འཕངས་བ་བཞིན་མ་སོང་ངམ། ཚེ་ཇི་ལྟར་རིང་ཡང་ལོ་བརྒྱ་ཙམ་ལས་མི་ཐུབ། དེ་ཡང་དེང་སངས་ནི་ཉི་ཤུ་ཁ་རལ་དམར་ཐག་ལ་ཐུགས་པས་རང་རེའི་ཚེ་ཕལ་མོ་ཆེ་སོང་ཚར་བས་འཆི་བ་ལ་དུས་གཏུགས་སོ་བྱས་འདུག །དེ་ལ་ཕན་པ་ནི་དམ་པའི་ཆོས་ཁོ་ན་ལས་གཞན་མེད། སྔ་ཕན་ཚེ་འདིའི་འདུན་མ་བསྒྲུབ་པ་སྨྱོན་པ་གྲགས་ཅན་ཡིན་འདུག །ཚེ་འདིའི་གཏམ་


JLAZ004_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཁེ་གྲགས། སྒྱུ་ཤེད་དཔའ་རྩལ་གྱིས་ཤི་ཙན་མི་ཕན། མར་གྱི་ཁྲོད་ནས་སྦུ་བཏོན་པ་བཞིན་དུ་ལས་དང་བག་ཆགས་དང་འགྲོགས་ཏེ་འགྲོ་དགོས་པར་འདུག །ཨ་ཙམ། ཉི་མ་ད་རིས་ནས་བཟུང་རྒྱུན་རིང་སྡོད་གྲབ་དང་ཆོས་བརྒྱད་ཀྱི་དབང་དུ་བཏང་ནང་ལས་སྙིང་རུལ་བ་མེད་པས་ཅི་རེད་རེད་ཀྱིས་ཚེ་ཕྱི་མའི་དོན་གཅིག་མི་སྒྲུབ་རེ། ཞིས་ཚིག་ཏུའང་བརྗོད་ཅིང་། ཤན་རྔ་བཅུག་པའི་སེམས་ཅན་གསོད་ལ་ཁད་པ་ལྟ་བུའི་སྡུག་བསྔལ་ལ་བློ་བཞག་སྟེ་འདར་ཡིད་ཡིད་སྒོམ་ལ་བླ་སྣ་ཐུང་སྦུད་དེ་བཏང་ངོ་། ༈ གསུམ་པ་ལས་རྒྱུ་འབྲས་བསམ་པ་ནི། ཀྱཻ་རིགས་ཀྱི་བུ། དེ་ལྟར་ཤི་ནས་གཅེར་བུ་རྒྱང་འཕེན་པའི་ལུགས་བཞན་མེ་སྒྲོན་ཤི་བ་ལྟར་སེམས་ཀྱང་ཤི་བར་འདོད་པ་འམ། འདི་ནས་འཕེལ་ནས་འདིར་འགྲོ་བའི་རང་དབང་ཅན་ཞིག་ཡིན་དེ་གས་ཆོག་ཀྱང་། ལས་བཟང་ན་ཐམས་ཅད་ཕྱི་བཞིན་འབྲས་ནས་སྐྱེ་བ་མ་ངེས་པ་ལེན་དགོས། དེ་ཡང་ཞེ་སྡང་གིས་ཀུན་ནས་བསླངས་ཏེ་སྲོག་གཅོད་པས་མཚོན་མི་དགེ་བ་བཅུ་སྤྱད་པ་དང་། ཡུལ་ཁྱད་པར་ཅན་ལ་ལས་ངན་བསགས་པས་དམྱལ་བར་སྦེ། འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ་སྡིག་པ་བསགས་པས་དུད་འགྲོར་སྐྱེ། ཟག་བཅས་ཀྱི་དགེ་བ་ཆ་མཐུན་བསགས་པས་མཐོ་རིས་སུ་སྐྱེ། དེའི་ཕྱིར་ན་རང་གི་བྱས་ལ་མ་བསགས་


JLAZ004_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། བསགས་ལམ་བྱས་པའི་ལས་འབྲས་བུ་གང་ཡིན་པ་དེ་བར་དོར་ཆུད་མི་ཟ་བར་རྒྱུ་རྐྱེན་ཚོགས་ཤིང་དུས་ལ་བབས་ཚེ། སུས་ཀྱང་མི་མྱོང་བར་རང་ཐོག་ཁོ་ནར་གནམ་ཐིག་དྲང་པོ་བཏབ་པ་བཞིན་འཕྱུགས་མེད་དུ་འབབ་པས་དེ་ལ་རྟག་པར་རང་གི་སྒོ་གསུམ་གྱི་དགེ་སྡིག་སྐྱོན་ཡོན་ལ་རྟོག་པ་བཅུག་ནས། དགེ་བར་གྱུར་འདུག་ན་ཐར་བའི་རྒྱུར་བསྨ་ལ་དགའ་བ་བསྒོམ། དེ་ཆུང་མི་ཟ་བའི་ཕྱིར་ལུང་མ་བསྟན་དུ་མི་བཞག་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་མེད་ཀྱི་བསྔོ་བས་རྒྱས་བཏབ། མི་དགེ་བ་རྣམས་ལ་གནོང་འགྱོད་དྲག་པོས་བཤགས་འོས་བཤགས། སྡོམ་འོས་སྟོམ། ཨ་ཏི་ཤས་ཀྱི་སྐད་གསུངས་པ་ལྟར་སྡིག་ལྟུང་དང་ཞག་གཅིག་ཀྱང་མི་འགྲོགས་པར་ཕྱིར་བཅོས་ལ་འབད། ད་ནས་བཟུང་མི་དགེ་བའི་བསམ་པ་ནམ་སྐྱེས་འབུར་འཇོམས་ཁུངས་མེད་དུ་བཏང་ནས་ཞེས་བྱས་ཀྱི་དབང་དུ་གཏོང་རེ་སྙམ་པའི་ཞེ་དམ་ཤུགས་དྲག་བྱ་ཞིང་ལས་འབྲས་ཆ་ཕྲ་མོ་ལ་ཡང་རྩིས་གྲུབ་མེད་པར་མི་བྱའོ། ༈ བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ནི། ཀྱཻ་རིགས་ཀྱི་བུ། དེ་ལྟར་ལས་འབྲས་ཀྱི་འཕེན་སྡུད་ཤིན་ཏུ་བཙན་པས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་བླངས་ཕྱིན་ཆད་ད་ལྟའི་སྡུག་བསྔལ་ལ་སྦྱོང་


JLAZ004_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཕྱི་མའི་སྡུག་བསྔལ་འདྲེན་པ་ལས་འོས་མེད། དེ་ཡང་ངན་སོང་དུ་སྐྱེས་ན་ཚང་རྒྱལ་བརྒྱད། གྲང་དམྱལ་བརྒྱད། ཉེ་ཚེ་ཉེ་འཁོར་གཉིས་ཏེ་རྣམ་གྲངས་བཅོ་བརྒྱད་ཡོད་པས། དེ་དག་གི་སྡུག་བསྔལ་མངོན་སུམ་བྱུང་ན་ལྟ་ཅི། ད་ལྟ་གཟུགས་བརྙེན་རི་མོར་བྲིས་པ་མཐོང་ན་ཡང་སྙིང་རྩ་ཤུམ་ཤུམ་ཡོང་གིན་མི་གདའ་འམ། ཚད་རྒྱལ་དུ་སྐྱེས་ན་ཁྲོ་ཆུ་ཁོལ་མ་ཁ་ནང་དུ་བླུགས་ནས་ནང་ཁྲོལ་ཐམས་ཅད་བསྲེགས་པ་དང་། ཟང་ཆེན་གྱི་ནང་དུ་འཚོད་པ་དང་། ལྟ་གྲིབ་དང་སོག་ལེ་འབར་བས་ལུས་ཚལ་བར་གཏུབ་པ་སོགས་བཟོད་ཐབས་ཇི་ལྟར་ཡོད། ད་ལྟ་ཚེར་མ་ཟུག་པ་དང་སོ་ན་བ་ཙམ་ལ་ན་ཙ་ཟུག་ཟེར་ཅི་ལྟར་འདུག །གྲང་དམྱལ་དུ་སྐྱེས་ན་གངས་སྟོང་དང་འཁྱག་སྦུབས་ཆར་རླུང་མི་བཟོད་པའི་ཟབས་སུ་ཚུད་ནས་ལུས་དུམ་བུར་འགས་པ་སོགས་ཚད་མེད་པའི་སྡུག་བསྔལ་ཡོད་ན་ལྟ་ཞོག་ཆུ་བརྒལ་བཙམ་ལ་ཡང་བརྐང་པ་འགས་པ་སྙམས་པའི་ཟུག་རྔུའི་འདུག་གམ། ཡི་དྭགས་སུ་སྐྱེས་ན་མིའི་ཟླ་བར་ཞག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱའི་བར་དུ་ཆུ་ཐིག་ཙམ་ཡང་མི་རྙེད་པའི་སྐབས་ཀྱང་ཡོད། གལ་ཏེ་རྙེད་ཀྱང་མགྲིན་པར་མི་འགྲོ་བ་དང་། ནང་དུ་མེ་འབར་བས་བསྲེག་པ། རྐང་པས་ལུས་མི་ཐེག་པ་སོགས་ཀྱི་སྡུག་བསྔལ་མི་བཟང་པ་ཡོད་ན་


JLAZ004_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་རང་རེ་ཟ་སྔ་ཕྱི་ཙམ་ལ་ཇི་འདྲ་འདུག དུད་འགྲོར་སྐྱེས་ན་དུད་འགྲོ་རིགས་གཉིས་སུ་ཡོང་པའི་བྱིངས་གནས་ནི་ཕྱིའི་རྒྱ་མཚོ་ན་ཡོད་ཅིང་གཅིག་གིས་གཅིག་ཟ་བ་དང་། ཁ་མཐོར་བ་ལ་ཡང་། ཁལ་འགེལ་ཞིང་རྨོང་སྣ་འབིགས་ཤ་གཅོད་གསོད་པ་སོགས་མདོར་ན་ནམ་མཁར་རྒྱུ་བའི་བྱ་བྱེ། ས་ལ་འཛུལ་བའི་སྲོག་ཆགས་ཡང་ཆང་ཀྱང་དབང་ཆེབས་ཆུང་བ་བསོད་ཅིང་། མི་སོགས་མཐོང་ཚེ་གཤེད་མ་མཐོང་བ་སོགས་ཀྱིས་བསད་བཟུང་བརྡུང་དོགས་ཀྱི་སྡུག་བསྔལ་ནི་མི་ལས་བརྒྱ་འགྱུར་གྱིས་ཆེ་བར་བཤད། དེ་བཞིན་ལྷ་ལ་ཚེ་རིང་འཕོ་ལྟུང་གི་སྡུག་བསྔལ། ལྷ་མིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ། མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཀུན་གྱི་མཐུན་སྣང་དུ་གྲུབ་པར་འཆར་བ་སོགས་འདོར་ན་ཚངས་པ་དང་བརྒྱ་བྱིན། འཁོར་ལོས་སྒྱུར་བར་སྐྱེས་ཀྱང་གནས་སྐབས་ཀྱི་བདེ་བ་སྡུག་བསྔལ་དང་འདྲེས་མ་ཞིག་ཅུང་ཟད་མྱོང་ནས་སླར་ལྡོག་སྟེ་འཁོར་བའི་བྲན་གཡོག་ལྟ་བུའི་སྡུག་བསྔལ་ལ་སྤྱོད་དགོས་པས། དེ་དག་གི་སྡུག་བསྔལ་རེ་རེ་ནས་བསམ་སྟེ། མེ་འོབས་སམ། བཙོན་དོང་བས། གཤང་གཅིའི་འདམ་ཁྲོད་དུ་ཚུད་པའི་བསམ་པ་བཞིན་འདི་ལས་ད་ལྟ་ཉིད་དུ་མྱུར་བར་ཐོན་ན་སྙམས་པའི་ཞེ་དམ་རྒྱུད་ལ་འདྲེས་ངེས་པར་


JLAZ004_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིམ་ཤིག ཅེས་གདབས་སོ། ༈ གཉིས་པ་ཐུན་མིན་གྱི་སྔོན་འགྲོ་ནི། རྩ་བར། ཐུན་མིན་སྐྱབས་སེམས་རྡོར་སེམས་སྒོམ་བཟླས་དང་། མཎྜལ་བླ་མའི་རྣལ་འབྱོར་ཡང་དག་སྒོམ། ཞེས་པའི། དང་པོ་སྐྱབས་སེམས་ནི། ཀྱཻ་རིགས་ཀྱི་བུ། དེ་ལྟ་བུའི་འཁོར་བ་ལས་སྐྱོབས་པའི་ཐུགས་རྗེ་དང་ནུས་པ་མངའ་བ་ནི་དཀོན་མཆོག་གསུམ་ཁོ་ན་ཡིན་ཏེ། སངས་རྒྱས་ལ་སྟོན་པ་ཆོས་ལ་ལམ། དགེ་འདུལ་ལ་ལམ་གྱི་གྲོགས་སུ་བཟུང་ནས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་དགོས་ལ། དེ་ཡང་སྐྱབས་ཀྱི་མཐར་ཐུག་ནི་སངས་རྒྱས་ཁོ་ན་ལས་གཞན་མ་ཡིན། དེ་ཐམས་ཅད་ཀྱང་ཨོ་རྒྱན་རིན་པོ་ཆེ་ཁོ་ན་ལ་ཧྲིལ་གྱིས་འདུ་བས། དེ་ཉིད་ཀྱི་ཡོན་ཏན་ལ་དད་པ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང་། སེམས་ཅན་ལ་སྙིང་རྗེ་བ་གསུམ་གྱི་སྒོ་ནས་སྐྱབས་སུ་འགྲོ་དགོས། དེ་དང་ལྷན་ཅིག་པར་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཕ་སམ་བྱས་པ་ནི་གཅིག་ཀྱང་མེད། དེའི་དྲིན་ལན་དུ་འདི་དག་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་བའི་ཆེད་དུ་སྡོན་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་སྦྱོར་དུ་སྦོབ་ལམ་གྱིས་བསྡུས་པའི་ཐུགས་བསྐྱེད་སྨོན་ལམ་ཚོགས་གཉིས་རྫོགས་པར་མཛད་ནས། སེམས་ཅན་གྱི་དོན་མཛད་


JLAZ004_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ་བདག་གི་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱའོ། སྙམ་པའི་སེམས་བསྐྱེད་ནས། མདུན་གྱི་ནམ་མཁའ་འཇའ་འོད་ཐིག་ལེའི་གུར་ཁྱིམ་གསལ་འཚེར་དྭངས་པའི་ནང་དུ་པདྨའི་སྡོང་པོ་འདབ་བསྟོང་ཟེའུ་འབྲུ་དང་བཅས་པའི་སྟེང་དུ་ཉི་ཟླའི་གདན་ལ་དུས་གསུམ་སངས་རྒྱས་ཀུན་ལས་ལྷག་པའི་ཐུགས་རྗེའི་མངའ་བདག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སྣང་སྲིད་ཟིན་གནོན་ཉི་འཛུམ་ཆགས་པའི་ཉམས་ཅན་བལྟ་བས་ཆོག་མི་ཤེས་པ་དྲན་པ་ཙམ་གྱིས་ཚེ་འདིའི་སྣང་བ་འགག་པར་ནུས་པ། མཐོང་བཙམ་ཀྱིས་མོས་གུས་དང་དད་པས་འཆི་མ་རང་དབང་མེད་པར་འཆོ་རབ། གསལ་འཆོར་དྭངས་པ་ཉི་མ་སྟོང་གི་གཟི་བྱིན་དང་ལྡན་པ། འཇའ་དང་འོད་ཀྱི་ཕུང་པོར་ཟེར་ཕྲེང་ཤིག་གི། ཡེ་རེ་གྱི་ལེར་བཞུགས་ནས་བདག་དང་སེམས་ཅན་ལ་ཐུགས་རྗེའི་གཟིགས་པ་དབྱེར་མེད་དུ་འཇུག་པར་བསམ། བདག་གི་གཡས་གཡོན་དུ་ཕ་མས་གཙོས་པའི་སེམས་ཅན་ཐམས་ཅད་འཁོད་ནས་འདུན་པ་རྩེ་གཅིག་གི་སེམས་ཀྱིས་སྐྱབས་སུ་འགྲོ་བར་མོས་ལ། དེ་ནས་ཐལ་མོ་སྙིང་གར་སྦྱར་ཏེ་སློབ་དཔོན་ཆེན་པོ་སངས་རྒྱས་ཀུན་འདུས། དམ་ཆོས་ཀུན་འདུས་དགེ་འདུན་ཀུན་འདུས། རྩ་གསུམ་ཀུན་འདུས་སྐྱབས་


JLAZ004_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀུན་འདུས་ཡིན་པ་ལ་ངེས་ཤེས་ཀྱི་བློ་ཐག་རྦད་ཀྱིས་བཅད་ནས་རང་ཉིད་ཀྱི་བྱང་དྲངས་ཏེ་ཐམས་ཅད་ཀྱི་འུར་གྱིས་འདོན་པར་མོས་ལ་ཁྱེད་ཤེས་ཀྱི་དཔས། ན་མོཿ སྐུ་གསུམ་ཀུན་འདུས་རྗེ་བཙུན་ཨོ་རྒྱན་རྗེར༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་ཆི༔ དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར༔ མ་གྱུར་འགྲོ་རྣམས་སྒྲོལ་བར་སེམས་བསྐྱེད་དོ༔ ཅེས་གྲངས་མེད་བརྗོད༔ མཐར་ཐུག་བསྡུ་བ་ན༔ སྐྱབས་ཡུལ་གྱི་ཐུགས་ཀར་རང་ཉིད་འཕོ་བ་ཁང་ཁང་སྐྱབས་ཡུལ་རྔ་ལ་དགྱིས་པར་ཚུལ་ཐིམ་ལ་ཁད་ཀྱི་ངང་དུ་མོས་གུས་ཤུགས་དྲག་པོས་བསྐྱེད་ནས་འོད་དུ་ལྟེམ་གྱིས་ཞུ་ནས་རབ་དང་དབྱེར་མེད་དུ་འདྲེས་པར་བསམ་ལ་སེམས་ལ་བཅོས་བསླད་ཅི་ཡང་མི་བྱ་བར་རང་བབས་སུ་ཅི་གནས་བཞག་གོ ༈ གཉིས་པ་རྡོར་སེམས་སྒོམ་བཟླས་ནི། ཀྱཻ་རིགས་ཀྱི་བུ། མངོན་མཐོ་དང་ངེས་སེམས་གཉིས་ཀའི་ལམ་གྱིས་གེགས་ཆེ་ཤོས་ནི་སྡིག་སྒྲིག་ཁོ་ན་ལས་གཞན་མ་ཡིན་དེ་སྦྱོང་བའི་གཉེན་པོའི་གཙོ་བོ་ཡང་རྡོར་སེམས་སྒོམ་བཟླས་ཡིན་པས། ཁྱེད་རང་ཐ་མ་ལ་འདུ་གནས་པའི་སྤྱི་བོར་ངོ་བོ་བཱི་མ་ལ་མི་ཏྲ་ལ་རྣམ་པ་རྡོ་རྗེ་སེམས་དཔའི་ཆ་ལུགས་དཀར་གསལ་ཞི་འཛུམ་བྱེད་སྐྱིལ་ཅན་གྱི་བཅུ་གསུམ་གྱིས་འཛེར་ཤིང་ཕྱག་གཉིས་རྡོ་དྲིལ་འཛིན་


JLAZ004_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་སྔོན་པོའི་མཐའ་སྐོར་དུ་ཡང་སྙིང་ཡིག་འབྲུ་བཅུ་གཉིས་པས་ཧྲིལ་གྱིས་འཁོར་བར་བསམ་པའི་འོད་ཟེར་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། རང་གི་སྤྱི་བོ་ཚངས་བུག་ནས་ཞུགས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་འདུར་གྱིས་དེད་ནས་འོག་སྒོ་བརྒྱུད་ས་རིམ་པ་དགུའི་འོག་སོང་ཏེ། རང་ལུས་ཤེལ་གོང་དྲི་མེད་ལྟར་འགྱུར་པར་བསམ་ལ། ཧཱུྃཿ བདག་ཉིད་ཐ་མར་སྤྱི་གཙུག་པད་ཟླའི་སྟེང་༔ ངོ་བོ་བཱི་མ་རྣམས་པ་རྡོ་རྗེ་སེམས༔ དཀར་གསལ་ཞི་འཛུམ་ཞི་རྒྱན་བཅུ་གསུམ་མཛེས༔ ཕྱེད་སྐྱིལ་རྡོ་རྗེ་དྲིལ་འཛིན་འགྱིང་སྟབས་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་མཐིང་ཡང་སྙིང་བསྐོར༔ དེ་ལས་འོད་ཟེར་འཕྲོ་འདུས་བདུད་རྩི་བབས༔ ནད་གདོན་སྡིག་སྒྲིབ་ཉམས་ཅག་མ་ལུས་ཀུན༔ ཆུ་སྣས་སྡུར་མདེད་ལྟར་སངས་ཀྱིས་དག༔ ཅེས་བརྗོད་ལ་སྟོབས་བཞིའི་གནད་དང་ལྡན་པས། ཨོཾ་གུ་རུ་བཛྲ་ས་ཏྭ་ས་མ་ཡ་ཧཱུྃ་ཨཿ ཞེས་སྡིག་པ་དག་པའི་རྟགས་མ་བྱུང་བར་དུ་བཟླ་ཞིང་ཐུན་མཚམས་སུ༔ བདག་ནི་མི་ཤེས་རྨོངས་པ་ཡིས། སོགས་ཀྱི་བཤགས་སྡོམས་བྱས་ནས་དེ་བཞིན་ཞལ་གྱིས་བཞེངས་པར་བསམ་ལ་རྡོར་སེམས་འོང་དུ་ཞུ་ནས་རང་ཉིད་ལ་


JLAZ004_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་མོས་པའི་ངང་ལ་བཅོས་བསླད་མེད་པར་མཉམ་པར་བཞག་གོ། ༈ གསུམ་པ་མཎྜལ་ནི། ཀྱཻ་རིགས་ཀྱི་བུ། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྙེན་པ་ལ་ཚོགས་རླབ་པོ་ཆེ་བས་བསགས་དགོས༔ ཚོགས་བསགས་པ་མཎྜལ་འབུལ་བ་ལས་སྟོབས་ཆེ་བ་མེད་པས༔ རྒྱུ་ཕུན་སུམ་ཚོགས་པ་མ་འགྲུབ་ཀྱང་། རྡོ་ས་ཁོང་སྙོམས་འཇམས་པ་ཐུ་གང་ལས་མི་ཆུང་བ་ཞིག་གི་སྟེང་དུ་འབྲུ་གཙང་མའི་ཚོམ་བུ་སོ་བདུན་ནམ། ཉེར་བདུན་ནམ༔ ལྔ་ལ་སོགས་པ་ཆོ་ག་བཞིན་དུ་བཀོད་ལ། ནམ་མཁའི་ཁྱོན་ཐམས་ཅད་ཚོགས་ཞིང་གིས་གོ་མཚམས་མེད་པར་བལྟས་ལ། དམིགས་འདོན་ཟུང་དུ་ཆུད་པས། ན་མོཿ སྐུ་གསུམ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ༔ རི་རག་གླིང་བཞི་གསེར་རི་རོལ་མཚོ་བདུན༔ ཞི་ཟླ་ལྷ་མིའི་དཔལ་འཁོར་ལོངས་སྤྱོད་བཅས༔ འབུལ་ལོ་བཞེས་ལ་མཆོད་ཐུན་དངོས་གྲུབ་སྩོལ༔ ཨོ་གུ་རུ་མཎྜལ་པུ་ཙ་ཧོ༔ ཅེས་ཅི་ཙམ་མང་བ་གྲགས་གསོག༔ ༈ བཞི་པ་བླ་མའི་རྣལ་འབྱོར་ནི། གཞུང་རྩ་བ་རིན་པོ་ཆེའི་རྒྱ་ཅན་ལྟར་དམིགས་ཁྲིད་ཕོགས་ལ་གཙོ་བོར་མོས་གུས་ལ་རྩལ་འདོན་དགོས་སོ། ༈ གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ནི། རྩ་བར་ཁྱད་པར་སྔོན་འགྲོ་རླུང་སྦྱོར་ཁོ་ན་


JLAZ004_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་། ཅེས་པས། སྐབས་འདིར་རླུང་སྦྱོར་བ་དེ་དྲོད་རབ་འབར་འཁོར་ལོའི་རྒྱ་ཅན་གྱི་དམིགས་ཁྲིད་ཕོབ། དེ་ཡང་ཐུན་དམིགས་ཆུང་བ་ལ་གོམས་འདྲིས་ཆེ་བར་འབབས་པ་ལས་ཧར་མཆོངས་ཆོད་གང་ཆེ་མི་མཛད། རིག་པ་བཙན་ཐབས་སུ་ངོ་སྤྲོད་པ་ལ་འདི་ལས་གནད་ཟབ་པ་མེད། དེ་ཅེའི་ཕྱིར་སྙམ་ནས། རྒྱུད་དང་མན་ངག་རྣམས་ལ། རླུང་རྟ་རྒོད་འདྲ། སེམས་མི་འཕྱེ་བོ་འདྲ། རྩ་སྲང་ཁ་འདྲ། ཞེས་འདྲ་དཔེ་གསུངས་ནས་དེ་ཉིད་བྱེད་པ་བཅིང་བའི་གནད་ལ་བརྟེན་པས་གཉུག་མ་མངོན་སུམ་དུ་མཐོང་བར་ཁྱད་ཆོས་ཡོན་ཏན་རྗེ་མི་ལས་ཀྱང་དྭགས་པོ་ལྷ་རྗེལ། ངའི་གཏུམ་མོ་ཨ་ཐུང་གི་སྲོག་རྩོལ་འདི་བསྒོམས་དང་། ད་གཟོད་སེམས་ཀྱི་ངོ་བོ་མཐོང་ནས་ཡོད་གི་ཞེས་གསུངས་པ་ལྟར་དང་། འདི་དག་གྲུབ་མཐའ་རང་རྐང་མཚུགས་པར་གར་འདོད་ཀྱི་རྗེས་སུ་ཞུགས་པ་མ་ཡིན་ཏེ། སྔ་འགྱུར་གྱི་བཀའ་གཏེར་རྣམས་ཟབ་ལ་འཇུག་སྐོར་རྣམ་གྲངས་མང་བའི་ཕྱིར་གསུར་མའི་སྦྱོར་དྲུག ལམ་འབྲས་རིམ་ལྔ་སོགས་ཀྱི་མན་ངག་དང་ཁྱད་པར་རྡུལ་ཙམ་མེད་པའི་ལམ་ཁྲིད་ཀྱང་ཡོད་པས་མཐའ་གཅིག་ཏུ་བཀར་བའམ། ཡང་རྫོགས་ཆེན་ཀྱི་ལམ་ཁྱད་པར་བ་རྣམས་འདི་དག་དང་


JLAZ004_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོལ་བཤད་བྱེད་པ་ན་ཐོས་པ་ཆུང་བའི་སྐྱོན་ཡིན་ནོ། ༈ གཉིས་པ་དངོས་གཞི་ལ་ལྔ། གཡོ་ཉམས་ལ་ཚངས་དཔེར་བཙལ་བ། ཐོབ་ཉམས་ལ་ངོ་སྤྲད་ཅིང་གདར་ཤ་གཅོད་པ། གོམས་ཉམས་ལ་བོགས་འདོན་བྱེད་པ། བརྟན་ཉམས་ལ་གོལ་མ་གཅོད་པ། མཐར་ཕྱིན་ལ་རྩད་ཆོད་ནས་བཟླ་བའོ། དང་པོ་ནི། རྩ་བར། དེ་ལ་གཡོ་ཉམས་རིག་རིག་ཏུར་ཏུར་འཆང་། བྱུང་གནས་འགྲོ་གསུམ་སེམས་ཀྱི་མཚངས་བཙལ་ཏེ༔ ཞེས་པས། སྔར་རླུང་སྦྱོར་ལ་བསྲབ་པའི་ཐུན་མཚམས་ཐམས་ཅད་དུ་དམིགས་རྐང་རེ་རེ་རྫོགས་པའི་རྗེས་སུ་རླུང་བཟུང་བཞིན་པའི་ངང་ནས་འདས་པ་མི་མ་ནོ། ད་ལྟ་བར་མི་དཔྱད། མ་འོངས་པ་མ་བཀུག་པའི་ངང་དུ་ལྷོད་དེ་བཞག་པས་རྣམ་རྟོག་གཅིག་རྟིང་ལ་གཉིས་ཕྲེང་མ་ཆད་པར་རྒྱུ་ཤུགས་དྲག་ལ་བློས་ཚད་བཟུང་མེད་པ་ཞིག་སྐྱེ། ད་སྒོམས་པས་རྣམ་རྟོག་མང་དུ་འགྲོ་ཐང་། སྒོམ་གྱི་ལས་འཕྲོ་མེད་ལས་ཆེ་སྙམས་པ་འབྱུང་སྟེ། དེ་ནི་ཉམས་དང་པོ་རི་གཟར་གྱི་འབབ་ཆུ་འདྲ་བ་ཞེས་པ་ཡིན་པས་ན་སྔ་ཕན་བཏང་སྙོམས་ལུང་མ་བསྟན་དུ་སོང་བ་མ་རིག་པ་ཡིན། དེའི་ཚེ་འདི་ལྟར་གདམས་ཏེ། ཀྱཻ་རིགས་ཀྱི་བུ། ཁྱོད་ཀྱི་སེམས་དེ་ལྟར་ལྷན་ནེར་བཅོས་མེད་དུ་བཞག་པས་ཅི་


JLAZ004_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་འདུག །སྣང་བར་འདུག་གམ། སྟོང་པར་འདུག །སྣང་བར་འདུག་ན་བཟོ་དབྱིབས་ཁ་དོག་ཆེ་ཆུང་སྣང་ཚུལ་ཅི་འདྲ་ཞིག་འདུག །སྟོང་པར་འདུག་ན་སྟོང་པ་ཅང་མེད་ལ་དྲན་པ་རིག་རིག་ཏུར་ཉར་ན་ཚ་བ་དེ་སྡུག་སོགས་གང་ལ་འཆར། ཟེས་སོགས་ཀྱིས་དྲིས་ལེན་གནད་ཐེབས་ཀྱི་ངང་ནས་གསལ་སྟོང་གི་མཚང་མ་རིག་པར་གདར་ཤ་གཅོད། དེ་ནས་ཕོ་ཚོང་དང་སྟོང་ཉམས་སོགས་མ་ཡིན་པར་ཅུང་ཟད་སྟོང་པའི་ངང་ལས་རིག་པའི་རྩལ་འཆར་བར་གོ་བའི་ཚེ་འདི་ལྟར་གདམས། ཀྱཻ་རིགས་ཀྱི་བུ། འོ་ན་དེ་དུས་སེམས་ངོས་བཟུང་མེད་ལགས་ཀྱིས་ཤར་ནས་ཡལ་གྱིས་སྟོང་པ་རྗེས་མེད་དུ་འགྲོ་མཁན་དེ་དང་པོ་དང་ནས་བྱུང་སྣང་ཆ་ས་རྡོ་རི་བྲག་ཆུ་རླུང་རྩི་ཤིང་ལྶ་བྱུང་ངམ། སྟོང་ཆ་ནམ་མཁའ་འམ་ཕྱོགས་བཞི་མཚམས་དང་སྟེང་འོག་གང་ནས་བྱུང་། བྱུང་ཁུངས་རྙེད་ན་བཟོ་དབྱིབས་ཁ་དོག་སོགས་མེད་མི་སྲིད་པས་ཉི་ལྟར་འདུག །བར་དུ་གང་ན་གནས། ཕྱི་སྣང་བ་ལྔ་གནས་སམ། ནང་ཕུན་པོ་ལ་གནས། ཕྱི་སྣང་བར་གནས་ནས་རྡོ་རི་བྲག་སོགས་ཀྱང་གཡོ་འགུལ་འགྲོ་ལྡོག་བྱེད་ཅིང་མཐར་འཆི་ཐང་། ནང་ཕུང་པོར་གནས་ན་སྤྱི་བོ་ནས་རྐང་འཐིལ་གྱི་བར་གང་ན་གནས། མཐར་གང་དུ་འགྲོ། ལུས་ཤི་


JLAZ004_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་མཉམ་དུ་སེམས་ཀྱང་འཆི་འམ། ཞེས་པ་སོགས་སོ་སོར་དཔྱད་པ་བྱེད་དུ་བཅུག་ནས་གཏད་མེད་ཁུངས་མེད་དུ་མ་སོང་བར་བསྐྱར་རོ། ༈ གཉིས་པ་ནི། རྩ་བར། ཐོབ་ཉམས་རང་ངོ་རང་ཤེས་རིག་པ་ལ༔ གནས་འགྱུ་རིག་གསུམ་སེམས་ཀྱི་གདར་ཤ་གཅོདཿ ཅེས་པས། ཡང་སྔར་ལྟར་ལུས་གནད་བཅས་དཔྱད་པ་གང་ཡང་མ་བྱས་པར་རིག་ཙམ་དུ་བཅོས་བསླད་མེད་པར་འཇོག་བཅུག་པས། རྣམ་རྟོག་གཅིག་རྟིང་ལ་གཉིས་ཕྲེང་མཆད་པར་རྒྱུ་འཕྲོ་ལ་མཚོར་བར་ཞི་ལམ་མེར་སོང་བ་སྙམ་བྱེད། ཝ་ལེར་སྡོད་པ་སྙམ་ཡང་བྱེད་པའི་འགྲོ་ལ་རྟོག་པ་རྒྱུད་མང་རྒྱུ་ཞིང་རེས་ཡུད་ཙམ་གནས་པ་འབྱུང་སྟེ། དེ་ནི་གཉིས་པ་ཐོབ་པའི་ཉམས། རོང་ཁུངས་དོག་མོའི་ཆུ་འདྲ་བ་ཞེས་པ་ཡིན་ལ། དེའི་ཚེ་འདི་ལྟར་གདམས། ཀྱཻ་རིགས་ཀྱི་བུ། དེ་ལྟ་བུའི་སེམས་རེས་འགའ་གནས་སྙམ་བྱེད། རེས་འགྱུ་སྙམས་བྱེད། དེ་གཉིས་རིག་མཁན་གྱི་ཤེས་པ་ངོས་བཟུང་མེད་པ་དང་གསུམ་གཅིག་གམ་ཐ་དད། གཅིག་ན་གནས་པ་དང་འགྱུ་བའི་མཁན་པོ་སོ་སོར་ག་ལ་ཡོད། མི་གཅིག་ན་རྣམ་གྲངས་གསུམ་དུ་ཡོང་བ་ཅི་ཡིན། ཞེས་དྲིས་པས་གནས་འགྱུ་རིག་གསུམ་ངོ་བོ་གཅིག་ཅིང་གཅིག་པོ་དེ་ཡང་མཐའ་ལས་འདས་པའི་བརྗོད་བྲལ་དཔེས་


JLAZ004_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་དུ་མེད་པ། སྣང་དུས་ན་སྟོང་། སྟོང་དུས་ན་གསལ། གསལ་དུས་ན་གཞི་མེད་རྩ་བྲལ་དུ་བུན་ནེ། ཕྱལ་ལེ། ཧྲིག་གེ་བར་ཐག་ཆོད་པའི་ཚེ་བླ་མའི་རྣལ་འབྱོར་གྱི་དམིགས་ཁྲིད་མཐར་ཆགས་སུ་གྱིས། རྗེས་སུ་ཅུང་ཟད་མཉམ་པར་འཇོག་བཅུག །དེའི་ངང་ལ་ཕཊཿདྲག་པོ་ཞིག་བརྒྱབ་པས། བྱུང་ཚོར་གྱི་རྣམ་རྟོག་དང་གཉེན་པོའི་སྒྲིབ་པ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་གཏད་མེད་ལེ་གྲོལ་རྒྱ་ཆད་ཕྱོགས་ལྷུན་དང་བྲལ་བ་ཞིག་མི་འཆར་བའི་དབང་མེད་པས་དེ་ཉིད་ཐ་མལ་རང་བབས་ཀྱི་བསམ་གཏན་ཡིན་པ་ངོ་སྤྲད། ཁྲིད་ཡིག་ཕལ་ཆེར་དུ་འདས་པའི་རྣམ་རྟོག་དང་མ་འོངས་པའི་རྣམ་རྟོག་གི་བར་ན་ཡོད་པའི་ཤེས་པ་གསལ་ལེ་ཧྲིག་གེ་ཞེས་དྲན་པས་ཚེར་གྱིས་བཟུང་བ་ལ་ངོ་སྤྲོད་བྱེད་པ་ཅུང་མི་ལེགས་སོ། དེ་བཞིན་དུ་སྣང་བ་སེམས། སེམས་སྟོང་བ། སྟོང་བ་ཟུང་འཇུག །ཟུང་འཇུག་སྤྲོས་བྲལ་ཞེས་ངོ་སྤྲོད་བྱེད་པ་གདམ་ངག་མང་པོར་རླུང་ལྟར་གྲགས་ཀྱང་། རྫོགས་པ་ཆེན་པོའི་ཀ་དག་གི་སྐབས་འདིར་ཡིད་དཔྱོད་པའི་ལྟ་སྒོམ་དང་འདྲེས་པའི་ཉེས་པས་མི་ལེགས་པས། ཀུན་མཁྱེན་ཀློང་ཆེན་པས་མན་ངག་སྡེའི་དགོངས་པ་མཐར་ཐུག་འཆད་པའི་སྐབས་སུ་འདི་དག་ལ་བཀའ་བཀྱོན་མཛད་པ་ཐུགས་ཤིན་ཏུ་མད་དོ། འདི་ཡན་


JLAZ004_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་དམིགས་ཐུན་རིམ་པར་ཕབ་ནས་སེམས་ངོ་སྤྲོད་པའི་ཐབས་ཡིན་ལ། འདི་ནས་དབེན་པ་བརྟེན་ནས་གནད་ཐོག་ཏུ་སྒོམ་རུང་ངོ་སྤྲོད་ལ་ཐོག་མ་ནས་བཤད་ཡམ་དང་། དཔེ་ལ་ལྟ་བ་སོགས་ཀྱི་བྱ་ཤོར་ན་གོ་ཉམས་དྲེད་པོར་ཤོར་བ་མང་ངོ་། གསུམ་པ་ནི། རྩ་བར། གོམས་ཉམས་ཞི་ལྷག་གཉིས་ཀྱི་བདེན་པ་འཆར། ཉམས་དང་རྟོག་པ་གཉིས་ཀྱི་བོགས་འདོན་བྱེདཿ ཅེས་པས། དེ་ལྟར་སྔོན་དུ་ངོ་སྤྲད་པའི་རྗེས་ཐོག་ཏུ་དབེན་པ་བརྟེན་ཏེ་ཚེ་འདི་ལ་ཞེན་པའི་བློ་རིས་མང་པོ་མཚམས་རྦད་གྱིས་བཅད་ནས་རྩེ་གཅིག་ཏུ་སྒོམ། དེ་ཡང་གནས་འགྱུ་ལ་འདམ་ཀ་མི་བྱེད་ཅིང་རྟོག་པ་ལམ་དུ་མ་བྱེད་པ་ཁྱད་ཆོས་ཡིན་ཀྱང་རེ་ཞིག་གནས་པ་གཏན་ལ་མ་ཕེབ་བར་དེ་ལྟར་བྱས་ན་ལྷག་མཐོང་གི་རྩལ་མཐོན་པས་རྟོག་པ་ནག་པོ་ཁ་འབྱམས་སུ་སོང་། ལས་རླུང་གི་མགོ་མ་ནོན་པས་གནས་པ་ངོ་མི་ཤེས་ཤིང་། འདི་ཡིན་མེད་པའི་ཚེ་ཟད་པ་ཡོང་གི་སྣང་བས་དེས་ན་ལས་དང་པོའི་རིང་རྣམ་རྟོག་གང་ཤར་ལ་ཅེ་རེ་བ་བལྟས་ཏེ། དེའི་ངང་ནས་རྣམ་རྟོག་དེའི་རྗེས་སུ་འབྲང་བ་དང་སྤང་བ་སོགས་གང་མ་བྱས་པར་ངོ་ཤེས་མཁན་དེ་ཀའི་ཐོག་ཏུ་རང་སོ་བཟུང་ནས་སྡོད་པ་ལ་ཐུན་ཡུན་ཐུང་གྲངས་མང་བ་སྦྱངས་པས་མཐར་ཅི་ཞིག་རྣམ་རྟོག་གི་རྒྱུ་འཕྲོ་ཆད་ནས་ལྐུག་པ་ལྟར་མི་


JLAZ004_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ལ་འགྲོ། འདི་ལ་ཉམས་གསུམ་པ་ཕུ་གསུམ་པ་ཕུ་གསུམ་གྱི་རྫིང་ཆུ་འདྲ་ཟེར། དོན་དུ་འདི་ཞིག་ནས་སྒྲུབ་པའི་རྒྱུ་ཙམ་ལས་རྐྱེན་མི་ཐུབ་ཅིང་ཤེས་པའི་ངར་ཆ་མ་ཤར་བས་ཞི་གནས་ཚད་ལྡན་མ་ཡིན། འོ་ན་གང་ཟག་སྦྱངས་པ་ཅན་ཅིག་ཅར་བ་རེ་རེ་ཙམ་ནི་ཚུལ་འདིར་མི་ལྟོས་ཀྱང་། རིམ་གྱིས་པ་ཡིན་ཕྱིན་སྐས་གདངས་དང་པོ་མ་འཛེགས་པར་གཉིས་པའི་ཐོག་ཏུ་མེ་སླེབ་པ་ལྟར་འདི་ཀ་མི་འབྱུང་བའི་དབང་མེད་པས་སྐབས་འདིར་དེ་ལ་སྐྱེན་དུ་ལྟ་མི་དགོས་ལ། འདིའི་ཚེ་གནས་ཉམས་ཐོམ་ཡེ་རེ་བ་དེས་སྒོམ་གོ་མི་ཆོད་པས་ཤེས་པ་ལ་ངར་བཏགས་ཏེ་གཟེངས་བསྟོད་ནས་བླ་གབ་མེད་པ་དང་བསིལ་བ་སོགས་སུ་བསྒོམས་པས། སེམས་ཉོན་མོངས་པ་དང་མཚན་འཛིན་རྣམ་གཡེངས་གི་སྤྲོས་པ་ཕལ་ཆེར་ཉལ་གྱིས་ཞི། ཤེས་པ་བྱིང་རྒོད་དང་བྲལ་བར་དྭངས་སིང་ངེས་གནས། འབད་རྩོལ་གྲིམ་པོ་ལ་མ་ལྟོས་པར་སྐྱོང་སླ་ལ་གུ་ཡངས་ཕྱལ་ལེ་སྤྱོད་ལམ་སྐྱོང་དུས་ཀྱང་རྐོར་རེ་བསྟོད་པ་ཡུལ་སྣང་གི་འཛིན་པ་བཀྲག་མེད་བུན་ལོང་དེ་སོང་ནས་བདེ་གསལ་མི་རྟོག་པའི་ཉམས་ཅི་རིགས་པ་དང་། སྟོང་གཟུགས་ཀྱི་སྣང་བ་ངེས་པར་འཆར་ཞིང་མངོན་ཤེས་ཀྱང་འཆར་བར་བཤད་པ་རྩ་གཟུགས་ཀྱི་ཁྱད་པར་ཡོད་དེ་ཇི་ལྟར་ཡང་འདི་ལྟ་བུའི་ཞི་གནས་


JLAZ004_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཆོག་གི་ཞི་གནས་ཡོན་ཏན་ཐམས་ཅད་སྐྱེ་བའི་རྒྱུ་ཡིན། དེའི་ཚེ་བདེ་གསལ་མི་ཏོག་པའི་ཉམས་ཅི་འདྲ་ཞིག་སྐྱེས་ཀྱང་མ་ཆགས་མ་ཞིན་པར་བསྐྱངས་པས་ལྷག་མཐོང་གི་རྩལ་ཐོན་ནས་གནས་འགྱུ་མཉམ་གྲོལ་དུ་གྲོལ་བ་ཡིན་ནོ། སྒོམ་གྱི་ཚང་འདི་ན་ཡོད་པ་ཡིན་པས་བདེ་ཉམས་དགའ་བྲོད་ཅན་དང་། གསལ་ཉམས་ཡི་གར་འོང་བ་དང་། མི་རྟོག་པ་བཤིགས་མི་འདོད་པ་སོགས་ལ་ཆགས་ན་བདེ་བས་འདོད་ཁམས། གསལ་བས་གཟུགས། མི་རྟོག་པས་གཟུགས་མེད་ཁམས་སུ་འཕེན་བྱེད་ལ་བྱང་ཆུབ་གྱི་ལམ་དུ་མི་འགྲོ། དེ་བཞིན་ལྷག་མཐོང་གི་རྩལ་ཐོན་པའི་སྐབས་སུ་ཡང་སྣང་བ་སེམས་ལས་མ་འདས་སྙམ་པའི་རྒྱས་འདེབས། སྣང་སེམས་དབྱེར་མེད་དོ་སྙམ་པའི་གཤིས་ཤོར། སྟོང་པ་ཉིན་ཡིན་སྙམ་པའི་གོ་ཡུལ་ཤེས་བྱས་གཏན་ལ་ཕབ་པའི་གོ་དྲེད་དང་། ལྷག་དོན་རྣམ་རྟོག་ངོ་ཤེས་ཡིན་སྐད་པ་མཁས་པ་མང་པོའི་ཡི་གེར་གྲགས་ཀྱང་། དེས་ཅུང་མི་འོང་བར་འདུག ངོ་ཤེས་ཐོག་ཏུ་ངོས་བཟུང་མེད་པར་གྲོལ་བ་ཞིག་མ་བྱུང་ན་རྗེས་ཐོབ་ཙམ་ལས་རྣམ་རྟོག་ཆོས་སྐུར་འགྲོ་བར་དཀའ་བས་འདི་གནད་གལ་པོ་ཆེ་ཞིག་ཡིན། གཞན་ཡང་ལྷག་མཐོང་དེའི་རྩལ་ལ་ཤར་བའི་མོས་གུས་ལ་ཆགས་པ་དང་། སྙིན་རྗེ་ལ་ཆགས་པ་དང་། སྟོང་ཉིད་ཀྱི་རྩི་ལ་


JLAZ004_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་དང་། སོ་སོར་རྟོག་པའི་ཤེས་རབ་གྱི་རལ་ཁ་ཕྱེ་བ་སོགས་ལ་ཆགས་ན། དེ་དག་ལམ་དུ་མ་ལོངས་པ་ཡིན་པས་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྲོ། མདོར་ན་གནས་པ་ལ་མ་ཆགས། འགྱུར་བ་ལ་མ་ཞེན། ཡུལ་དང་ཡུལ་ཅན་གྱི་ཞེན་པ་ཁོང་གྲོལ་དུ་སོང་བ་དེ་ལ་ཞི་ལྷག་ཟུང་འཇུག་གི་བདེན་པ་མཐོང་བ་ཟེར། སྤྱིར་མདོ་བསྟན་ཆེན་པོ་རྣམས་ནས་ཞི་ལྷག་སོ་སོའི་དངོས་འཛིན་རྣམ་གྲངས་མང་པོ་གསུངས་ཀྱང་སྤོང་བ་བསམ་གཏན་པའི་རྒྱུད་ཐོག་ཏུ་འགེལ་དུས་བཤད་མ་ཐག་པ་ཁོ་ན་ལས་གཞན་མི་དགོས། གནད་ཐམས་ཅད་འདི་ཁོ་ནར་འདུ་བ་ཡིན་མདོར་ན་སྒོམ་བདག་པོའི་ལག་ཏུ་འཕྲོད་ནས་རྣམ་ཀུན་མཆོག་ལྡན་གྱི་སར་འགྲོ་བ་ལ་སྒྲུབ་རྐྱེན་བཞི་དང་ལྡན་དགོས། མི་རྟག་པས་རྒྱུད་བསྐུལ་ནས་འཁོར་བའི་ཆོས་ལ་ཞེན་པ་གཏིང་ནས་ལོག་སྟེ་ཚེ་འདིའི་བྱ་བ་ཁབ་སྐུད་ཙམ་གྱི་རྗེས་སུ་ཡང་ཆགས་ཞེན་མེད་པར་གནས་དབེན་པར་འཕོངས་སར་བསྒྲགས་པ་བཞིན་ལྷན་ནེར་སྡོད་ཚུགས་ཞིག་དགོངས་པ་རྒྱུའི་རྐྱེན། བདུད་ཀྱི་བཤེས་གཉེན་གྱིས་མ་བསླུས་པར་བླ་མ་དམ་པ་མདོ་རྒྱུད་ནས་གསུངས་པའི་མཚན་ཉིད་ཀུན་ཚང་བའམ། མིན་ཀྱང་ལེགས་པའི་ཡོན་ཏན་ཤས་ཆེ་བ་བརྒྱུད་པའི་བྱིན་རླབས་དང་ལྡན་ཞིང་། གདམས་ངག་གི་གནད་


JLAZ004_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པ་མིག་བཞིན་བརྟེན་དགོས་པ་བདག་པོའི་རྐྱེན། བླ་མ་དེས་ཚུལ་བཞིན་གནོ་སྤྲད་པའི་གདམས་པ་གཞི་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གནས་ལུགས་འཁོར་འདས་གང་དུ་ཡང་མ་རེག་ལ་ཡོངས་སུ་ཁྱབ་པ། གཅིག་དང་དུ་མའི་མཐའ་ལས་འདས་པ་ད་ལྟའི་ཤེས་པ་ཝ་ལ་ལེ། རིག་གེ་ཟང་ཐལ་ལེ་བ། རང་བབས་སུ་བཅོས་བསླད་ཀུན་བྲལ་གྱི་བསྒོམ་བྱ་མ་འཁྲུལ་པ་དམིགས་པའི་རྐྱེན། དེ་ཡང་བཅོས་མེད་རང་ལབས་ཞེན་འཛིན་དང་བྲལ་བ་དེ་ཀའི་རྒྱུན་སྐྱོང་བ་ལ་མི་ཚེར་ཚད་བཙུགས་ནས་སྙིང་རུས་བསྐྱེད་པ་མ་གཏོགས། བདག་གི་སྒོམ་བྱེད་དོ། བྱའོ། བྱས་སོ། ཉམས་རྟོགས་སྐྱེས་ན་ལེགས་སོ། མ་སྐྱེས་ན་མི་ལེགས་སོ། གྲུབ་པ་ཨེ་ཐོབ། གྲུབ་རྟགས་ཨེ་ཐོན་སྙམ་པ་ལྟ་བུའི་རེ་དོགས་ཀྱི་མཚན་མ་ཏིལ་གྱི་ཤུན་པ་ཙམ་ཡང་མི་བྱེད་པར་མ་ཡེངས་མི་བསྒོམ་གྱི་གཤིས་ལ་གནས་པ་དེ་མ་ཐག་པའི་རྐྱེན་དུ་ངེས་པར་བྱ། སྒྲུབ་རྐྱེན་བཞི་པོ་འདི་དང་ལྡན་ཕྱིན་ཉམས་རྟོགས་ཀྱི་རྩལ་ཆེན་རྫོགས་པར་གདོན་མི་ཟའོ། བཞི་པ་ནི། རྩ་བར། བརྟེན་པའི་ཉམས་ལ་ཆོས་ཉིད་མངོན་སུམ་རྟོགས༔ རྩེ་གཅིག་སྤྲོས་བྲལ་ལམ་གྱི་གོལ་ས་གཅོད། ཅེས་པས། དེ་ལྟ་བུའི་འགྱུ་བ་གཞི་ཐོག་ཏུ་ཐིམ་ནས་གནས་འགྱུད་བྱེར་མེད་དུ་འདྲེས་པའི་རྒྱུན་ལ་བརྟན་པ་ཐོབ་པས་བཏང་


JLAZ004_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བཞག་སྡོད་ཀྱི་ཤེས་པ་རྩེ་གཅིག་ཏུ་གནས་པ་དེ་ཉིད་ཀྱི་ངོ་བོའམ་འཛིན་སྟངས་རྣམ་པར་མི་རྟོག་པའི་གཤིས་དེ་གཏད་ཡལ་ལ་སོང་ནས། ནམ་མཁའ་ལྟ་བུ་སྤྲོས་པ་དང་བྲལ་བས་ཁམས་གསུམ་དུ་སྐྱེ་བའི་གོལ་ས་ཆོད། དེ་ཡང་ཡིད་དཔྱོད་འཛིན་པ་དག །སྟོང་པ་སྐྱེ་མེད་མཐའ་བྲལ་བློས་སྒྲུབ་པ་ཞིག་ལ་སྤྲོས་བྲལ་དུ་འདོད་ནས། སྤྲོས་བྲལ་ལས་ལྷག་པའི་ལྟ་བ་ཡོད་ན་སྤྲོས་པ་ཅན་ཡིན་ཞེས་བློ་འདས་ཀྱི་སྤྲོས་བྲལ་ལ་སུན་འབྱིན་པ་མང་དུ་བྱུང་མོད་ཀྱི། རྐྱེན་སྡུག་པོ་བཀོད་པའི་མདོ་ལས། སྟོན་པ་ཉིད་ཀྱི་ལྷ་ཐོས་ཀྱང་། དེ་ཉིད་ལྟ་བ་མ་ཞིག་ན། གསོར་མི་རུང་བའི་ལྟ་ཅན་དེ། སྨན་པས་བཏང་བའི་ནད་པ་བཞིན། ཟེཧས་གསུངས་པ་ལས་མ་འདས་མོད། དེས་ན་དེ་འདྲའི་བློས་དཔྱང་དང་པོ་ཚ་དགོ་ཉམས་སོགས་མ་ཡིན་པར་དྲན་འཛིན་གྱི་གཉེན་པོ་དང་ཉམས་རྟོགས་ཀྱི་ཤུབས་ནས་ཐོན་པའི་གནས་ལུགས་གདོད་ནས་རྣམ་དག་ནང་ནས་ཤར་བ་ཡིན་ན། དེ་ཉིད་སངས་རྒྱས་ཀྱི་བདེན་མཐོང་ཡིན་པས་ས་དང་པོ་ནོན་པར་མཁས་གྲུབ་ཚད་ལྡན་ཐམས་ཅད་ཞལ་འཆམ་མོ། འོན་རྗེས་ཐོབ་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མེད་པས་སོ་ཞེ་ན། ཁྱུང་དང་བྱ་བྲན་གཉིས་སྒོང་རྒྱ་ལས་རྩལ་རྫོགས་ཚུལ་མི་གཅིག་པས་ངེས་པ་འདྲེན་དུ་ཡོང་ལ། དེས་ན་


JLAZ004_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གེ་བདག་ཅིང་རེད་རེད་རེད་དུ་ཆུག འདི་ལྟ་བུའི་སྤྲོས་བྲལ་ནམ་མཁའ་ལྟ་བུ་རྟོགས་ཀྱང་བྲལ་ཐོབ་གཉིས་ཀ་ཡོད་པས་ད་དུང་ཕོ་ཚུགས་བསྐྱེད་དགོས། ཇི་སྲིད་དག་པ་ས་གསུམ་ལ་མ་སླེབས་བར་སྣང་རིག་གཉིས་ཀས་སྒོམ་ཆེན་བསླུས་ནས་ལྡོག་པ་ལ་ཚེགས་ཅུང་ཟད་ཀྱང་མེད་པའི་ཕྱིར་དང་། དེ་ཡང་ཐ་མར་གྱི་ཤེས་པ་གཅེར་བུ་ལྟིང་བ་རང་གི་ཐབས་ལ་འཁོར་འདས་དང་བླང་དོར་ཀ་ནས་དག་པ་ཡིན་པས་ལམ་གྱི་རྣམ་པ་བཞག་ཏུ་མེད་ཀྱང་། གནས་ལུགས་ཇི་བཞིན་པའི་གཤིས་ལ་བརྟན་པ་ཐོག་ཇེ་ཆེར་ཡོང་བ་ལ་འདི་ནས་ཀྱང་རོ་གཅིག་སྒོམ་མེད་ལ་སོགས་པའི་རྣལ་འབྱོར་དུ་བཏགས་ནས་ས་ལམ་གྱི་དོད་པོ་རྩི་བར་སྔོན་བྱོན་གྱི་གྲུབ་ཐོབ་རྣམས་མཛད་མོད། དོན་དུ་རང་བཞིན་རྫོགས་པ་ཆེན་པོའི་ངང་སྒོམ་བློ་འདས་ཁ་ཡན་ལྟ་སྒོམ་གྱི་ཞེན་པ་ཁོང་གྲོལ་དུ་སོང་བ་ཞིག་གི་རྒྱུན་ལ་གནས་ན་ཤེས་བྱའི་སྒྲིབ་པ་རང་དག་ལ་འགྲོ་བ་ཡིན། འདི་དུས་བཟང་རྟོག་ངན་རྟོག་ངན་རྟོག་ཉོན་མོངས་གནས་འགྱུ་གང་ཡིན་ཀྱང་དེ་ཀའི་ཤེས་རྒྱུད་རྗེན་བསྦུ་མ་བརྗེས། མདོག་མ་བསྒྱུར། གྲྭ་མ་ཆག །གྲུབ་ཉམས་བདེ་ཀ་ཟང་ཐལ་ཁ་ལན་དུ་ལམ་ཁྱེར་བྱས་བས་བཟང་ཞེན་དང་ཉོན་མོངས་མ་སྤངས་རང་གྲོལ་ཆམ་བསྒྱུར་ཆེན་པོར་སོང་ནས་གོ་ལས་དང་ཤོར་སའི་མིང་ཡང་མེད་དེ། འདི་དག་


JLAZ004_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚེ་རྫོགས་པ་ཆེན་པོའི་རྒྱུད་མན་ངག་རྣམས་ནས། ཐུན་མོང་དང་ཐུན་མིན་དང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ལ་སོགས་པས་བོགས་འདོན་པར་གསུངས་ཀྱང་། སྣང་བ་དྲིད་མཁས། རིག་པ་ཅོལ་ཆུང་། གཉེན་པོ་སྟོབས་ཞན་པས་ཁྱམ་ཁྱམ་མང་པོ་འདི་ཡང་རྣལ་འབྱོར་པ་ལྡོག་པའི་འཕྲང་གཅིག་ཏུ་གདའ་བས་སྡེ་དགོན་ཉམས་གྲིབ་འདུ་འཛི་ཅན་མ་ཡིན་པར། མཆོད་ཤོངས་དང་། ཐབ་ཆའི་འདོད་ཡོན་དོན་དུ་མ་གཉེར་བའི་སྒོ་ནས་ལྷན་ནེར་སྣོད་ཚུགས་པ་ཞིང་ཁོ་ན་བོགས་ཆེན་ཞིང་གྲུབ་རྟགས་ཀྱི་རྒྱལ་པོ་ཡིན་པར་ཤེས་པར་བྱའོ། ལྔ་པ་ནི། བར། མཐར་ཕྱིན་ཉམས་ལ་རྟོག་པའི་གཞི་རྩ་ཆོད༔ གོ་མྱོང་རྟོགས་པ་གསུམ་གྱི་གཞི་སྦྱར་ལ༔ གོ་ཡུལ་ཤེས་སྒྲིབ་དབང་དུ་མ་སོང་ནཿ ཉམས་ལེན་གནད་དུ་སྣུན་ཅིག་སྐལ་ལྡན་གྲོགས༔ ཞེས་པས། རང་ཉིད་ཀྱི་རྟོགས་པའི་སྟེང་ནས་ཅུང་ཟད་མིང་ཚིགས་གིས་དྲང་ཏེ་བཞག་ན། དེ་ལྟ་བུའི་ཕུང་པོ་ལྔ་བྲལ་གྱི་མཉམ་གཞག་ཚོགས་བརྒྱད་ཀྱི་དྲི་མས་མ་གོས་པའི་རྗེས་ཤེས། མཉམ་རྗེས་ཀྱི་བདེན་ཞེ་ན་ལས་གྲོལ་བའི་ཐ་མས་རང་བྱུང་གི་ཤེས་པ་ཟང་ཀ་རྒྱ་ཡན་ཅོག་བཞག་ཆེན་པོར་ལ་བཟླས་ནས་སྒོམ་བྱེད་ཀྱི་ཤེས་པ་གཏད་མེད་ཁུངས་མེད་དུ་སོང་བ་ལ་སྒོམ་པ་མ་རྙེད་དོ། གང་ཤར་སྣང་རིག་


JLAZ004_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྐྱེས་གཉུག་མ། གང་བྱས་ཡེ་ཤེས་ཀྱི་འཁོར་ལོ་སྤངས་བྱ་དང་གཟུང་འཛིན་གདོད་ནས་དག་པ་ཅིག་ལགས་སོ། ལྟ་བ་ཇི་ལྟར་མཐོ་ཡང་རྣམ་རྟོག །རྣམ་རྟོག་ཇི་ལྟར་བཟང་ཡང་འཁོར་བ། འཁོར་བ་སྒྱུ་མར་གོ་ཡང་འཁྲུལ་པ་ལས་མ་འདས་པས་གདོད་ནས་རྣམ་དག་གི་ཡེ་ཤེས་རྗེན་པར་མཐོང་བ་ལགས་སོ། བསྒོམ་ཀྱང་བློས་བྱས། རྟོགས་ཀྱན་ཕོ་ཚོད། ཐོས་ཀྱང་ཚིག་རོ། དྲང་ཀྱང་གཟུང་འཛིན། བསམ་ཀྱང་ཟུག་རྔུ། རྒྱ་ཡན་ལྷུན་འབྱམས་ཀྱི་ཀློང་ནས་གར་ཡང་མ་འཁྲུལ་ཞིང་ཅི་ཡང་མི་བྱེད་ངོ་མཚར། ཨ་ལ་ལ། གནད་ཡིན་ཏེ་གོ་བ་དཀའ། འཁོར་བ་དང་ལག་སྡང་སྦྲེལ་བའི་རྣལ་འབྱོར་པ་ལ་རར་བཞིན་རྫོགས་པ་ཆེན་པོའི་འགྲེལ་པ་ཞིག་ཀ་ལེ། ཚེ་རབ་མང་པོར་ཚོགས་གཉིས་བསགས་པ་གཅིག་ལགས་སོ། བརྒྱུད་པའི་ཡེ་ཤེས་སྙིང་ལ་ཕེབས་པ་གཅིག་ལགས་སོ། མངོན་པའི་ང་རྒྱལ་གྱིས་སྨྲས་པ་ནི་མ་ལགས་སོ། སྣང་བ་གཏད་མེད་ཀྱི་མདངས་ཕྱི་གསལ་དུ་ཟང་ཐལ་ལེ་སོང་ངོ་། སྒྲོ་སྐུར་མནོན་ནི་ཁྱོད་རང་གི་ལས་སུ་ཤེས་པར་གྱིས་ཤིག །མ་མ་ཀོ་ལིཾ་ས་མནྟཿ ༈ གསུམ་པ་རྗེས་འབྲས་བུའི་རིམ་པ་བསྟན་པ་ནི། དེ་ལྟ་བུའི་གནས་སྐབས་ཀྱི་གཞི་སྣང་བློ་འདས་ཕྱོགས་


JLAZ004_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་དང་བྲལ་བ་དེ་ཉིད་ལམ་སྐུ་གསུམ་གྱི་རྩལ་ཆེན་ཡོངས་སུ་རྫོགས་ནས་བུམ་ནང་གི་ནམ་མཁའ་འབུམ་པ་ཆགས་པ་དང་མཉམ་དུ་སྟོང་པ་ཆེན་པོ་དང་འདྲེས་པ་བཞིན་དུ་གདོད་མའི་གཞི་དབྱངས་དང་འདྲེས་ནས་ཆོས་སྐུ་ཀ་དག་གསང་བའི་སྦུབས་དག་པ་གཉིས་ལྡན་མཐར་ཕྱིན་ལྷུན་གྲུབ་ཀྱིས་ལ་གྲོལ། དེ་ཡང་ཀ་དང་གིས་ས་དེ་ཆོས་སྐུ་བྱ་རྩོལ་ལས་འདས་པ་ཡིན་པས་དངོས་སུ་སྤྲུལ་པ་མི་འགྱེད་ཀྱང་། དེའི་ཡོན་ཏན་ལྷུན་གྱི་གྲུབ་པའི་ཐུགས་རྗེས་ཇི་སྲིད་འཁོར་བ་མ་སྟོང་གི་བར་སེམས་ཅན་གྱི་དོན་འབད་མེད་དུ་འབྱུང་བ་ཐེག་པ་འདིའི་ཁྱད་ནོར་ཡིན་ནོ། ཨེ་མ་ཧཿ རྒྱུད་ལུང་དབང་བཞག་རྒྱས་བཤད་ཚིག་རོ་དོར། །སྙན་བརྒྱུད་གནད་དང་ཉམས་མྱོང་ཟུང་དུ་བསྡེབ། རྡོ་རྗེའི་ཚིག་བཀྲལ་བཅུས་དཀྲུགས་གབ་པ་གསལ། །འདི་ནི་མན་ངག་ཁྲིད་ཀྱི་གསང་མཛོད་ཡིན། ༡ །སྨིན་གྲོལ་ལམ་གྱིས་ཤེས་རྒྱུད་མ་དུལ་ཞིང་། །འདོད་པའི་མདའ་ལྔས་རང་གཞན་སྲེག་པ་ཡི། །དྲེགས་ལྡན་སྐྱེ་བོའི་ལག་ཏུ་གཏོང་སྲིད་ན། །རྡོ་རྗེ་གྲགས་ལྡན་གཉེར་དུ་བསྐོས་པ་རྫུན། ༢ །ཐུགས་རྒྱུད་མན་ངག་དྭངས་ཤེལ་གཙང་མ་ལ། དམ་སེལ་ཧ་ཡིས་མ་བཏབ་སྙན་བརྒྱུད་འདིས། ལས་ཅན་འགྲོ་


JLAZ004_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བ་གྲངས་མེད་ཀུན་བཟང་གི། །དགོངས་ཀློང་ཚེ་གཅིག་གྲོལ་བར་སྨོན་ལམ་འདེབས། ༣ །ཅེས་པའང་གཏེར་ཆེན་བླ་མ་མཆོག་གིས་དགོངས་པ་གཏད་ཅིང་བཀའ་རྒྱ་བ་ཀྲོལ་བའི་ཚ་ལམ་འདིལ་མོས་པ་མི་ཕྱེད་པའི་དད་པ་ཅན་རྒྱལ་རྩ་གྲུབ་ཆེན་ཨོ་རྒྱན་བསྟན་འཛིན་ལགས་དྲན་གསོལ་མཛད་པ་ལས་ཐེག་པ་མཆོག་གི་ལམ་གྱི་སྒྲུབ་པ་པོ་མཁྱེན་བརྩེའི་འོད་ཟེར་ཀྱི་དཔལ་རི་གསང་སྔགས་ཕོ་བྲང་དུ་ཟིན་བྲིས་སུ་བཏབ་པའོ།། །།


previousབླ་མ་ཐུགས་ཀྱི་སྙིང་པོའི་ཀ་དག་ཕྱག་རྒྱ་ཆེན་པོའི་ཁྲིད་ཟིག་ཟིན་བྲིས་སུ་ཤེས་རབ་བསུམ་གྱིས་གཏན་ལ་ཕབས་པ་སྣང་གསལ་སྒྲོན་མེ།no next