cover

རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།

ཨ་འཛོམ་པར་མ་གླེགས་བམ། ད༽

རིག་འཛིན་འཇིགས་མེད་གླིང་པ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུག་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ལ་ལྷག་བློ་མཆོག་ཏུ་དཀར་བ་ཉག་རོང་བླ་མ་ཀུན་བཟང་རིག་འཛིན་མཆོག་གིས་རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ་ཆ་ཚང་ཞུ་དག་ཟིན་པ་ཞིག་འདིར་གནང་འབྱོར་བྱུང་བ་ལགས་ན། སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་། ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ། གཞན་ཡང་གཞི་རྒྱ་ཆེ་བའི་ལས་རིམ་འདིའི་ཐོག་ཏུ་དངོས་སུ་ཕྱག་རོགས་པ་ཚོང་དཔོན་པདྨ་དོན་ཡོད་ལགས་དང་། ཕྱི་གླིང་པ་ Gerry Wiener གྷེ་རེའི་ཝི་ནེར། Jeff Furlong རྗེཕུ༹་ལཱོང་རྣམ་པ་གསུམ་ནས་བརྩོན་པ་ཐང་ལྷོད་མེད་པ་གནང་བ་དང་། གཞན་ཡང་ལས་གཞི་འདིའི་ཐོག་དངོས་དང་བརྒྱུད་ནས་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལསཿ རོལ་པ་ཆེན་པོའི་གཏོར་བཟློག


JLAZ011_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལསཿ རོལ་པ་ཆེན་པོའི་གཏོར་བཟློག་བཞུགས༔


JLAZ011_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་འདུས་པའི་ལྷ་ལ་འདུདཿ མ་འོངས་དུས་ཀྱི་སྙིགས་མ་ལཿརྒྱ་འདྲེ་འཚུབས་ཤིང་མཐའ་དམག་རྡོལཿ ཀླ་ཀློས་རྒོལ་ཞིང་ཆོས་འཁོར་འཇིགཿ ཆོས་པའི་ཚུལ་ཅན་དུག་ལྔ་རགསཿ ཁྱིམ་པ་སུན་འབྱིན་བསྟན་ཞབས་སྡུདཿ མངོན་གྱུར་མི་ཤེས་ལྐོག་གྱུར་སྒྲོགཿ དེ་ཚེ་ཕྱི་ནང་མ་ངེས་པའིཿ ལོག་འདྲེན་ཐམས་ཅད་ཧེ་རི་ཀའིཿ གདུལ་བྱར་འགྱུར་བས་ཡི་དམ་འདིཿ བསྙེན་ཅིང་སྒྲུབ་ནས་ལས་ལ་སྦྱོརཿ དེ་ལ་རོལ་བ་ཆེན་པོ་ཡིཿ གཏོར་མས་བཟློག་པའི་ཕྲིན་ལས་ལཿ སྤྱི་དོན་རྣམ་པ་གསུམ་ཡིན་ཏེཿ སྦྱོར་བ་དངོས་གཞི་རྗེས་གསུམ་མོཿ དང་པོ་མ་དུལ་གཞི་ཡིན་ནཿ ས་ནི་བླང་དང་བཟུང་བ་གཅེསཿ སྐྱང་ནུལ་ཁྲག་ཆེན་གྱིས་བྱུགས་ལཿ བདུད་རྩི་ལྔ་ཡིས་ཆག་ཆག་གདབཿ སྲིད་པ་རུ་ལོག་མཚོན་པ་ཡིཿ མ་ཏྲཾ་མགོ་བོ་ལྷོ་ནུབ་དངཿ རྐང་པ་བྱང་ཤར་བསྟན་པའི་སྟེངཿ


JLAZ011_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁྱུད་རིམ་པ་བདུན་བསྐོར་རྩིབས་ཤུན་ཏཱེ་བའིཿ ལྟེ་བ་གྲུ་གསུམ་མཐིང་ནག་ལཿ ཟླ་གམ་དམར་པོ་གསུམ་དང་ལྡནཿ དེའི་ཕྱིར་རྩིབས་བརྒྱད་ཕྱི་རོལ་དུཿ ཐོད་རྭ་གློ་འབུར་བཞི་ལྡན་གྱིཿ ཕྱི་མ་ཁྲག་མཚོ་རྡོ་རྭ་དངཿ མེས་རིས་བསྐོར་བའི་དབུས་ལྡིང་ཁྲརཿ དུག་ཁྲག་གིས་སྦྲུས་དཔལ་ཆེན་པོའིཿ གཏོར་ཆེན་འཁོར་བརྒྱད་མཐེབ་ཀྱུ་དངཿ ཤ་དུམ་རྒྱུ་མའི་དྲ་ཕྱེད་དཔྱངསཿ མཚེ་ཡུངས་རྩང་གིས་བརྒྱན་པའི་རྩེརཿ བག་ཟན་ལ་བཟོས་བྱ་ཁྱུང་ནིཿ རོ་ཉེ་འདྲེན་པའི་གནས་ལྔ་རུཿ ཁྲོཾ་བུདྡྷ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ བྱད་ཕུར་དང་བཀྲ་མི་ཤེས་པ་དགྲ་ལ་བྷྱོ་བཟློགཿ དེ་བཞིན་པདྨ་བཛྲ་དངཿ རཏྣ་ཀརྨའི་གནས་ཡིག་ནིཿ སྤྱི་བོ་ནས་བཟུང་རིམ་བཞིན་བཅུགཿ གཤོག་པར་བཟློག་པའི་སྔགས་བྱང་དངཿ མཇུག་མར་དྲག་སྔགས་སོ་ལྔ་པཿ བྲིས་པ་དུག་ཁྲག་གིས་བྱུགས་བརྒྱནཿ སྲུང་


JLAZ011_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་འཁོར་ལོ་གཡས་གཡོན་དཔྱངསཿ དེ་ལ་སྲུང་བའི་འཁོར་ལོ་ནིཿ མུ་ཁྱུད་བརྒྱད་པའི་ལྟོ་བ་རུཿ འབྲུ་གསུམ་བརྩེགས་པའི་མཐའ་བསྐོར་ནསཿ ཡིག་མགོ་ཕྱིར་བསྟན་གཙོ་བོའི་སྔགསཿ དེའི་ཕྱི་པདྨ་འདབ་བཞི་ལཿ མདུན་ནས་བརྩམས་ཏེ་གཡས་བསྐོར་དུཿ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀཿ བཛྲ་ཀྲོ་དྷི་ཤྭ་རཱི་སྟྭཾཿ དེ་བཞིན་རཏྣ་པདྨ་དངཿ ཀརྨ་ཤྲཱིར་འདོད་གསོལ་སྦྱརཿ དེའི་ཕྱི་མཚོན་འཁོར་རྩིབས་བརྒྱད་ལཿ མདུན་ནས་བརྩམས་པའི་གཡས་བསྐོར་དུཿ ཨོཾ་བཛྲ་ཙནྜ་རུ་ལུ་རུ་ལུ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ དེ་བཞིན་དུ་ཤར་ལྷོར་ཨོཾ་བཛྲ་ཙནྜ་མམ་ཡོ་གི་ནི་སརྦ་དུཥྚཾ་སོགསཿ ལྷོར་ཡ་མཱནྟ་ཀཿ ལྷོ་ནུབ་ཏུ་མ་ཧཱ་གུ་རུཿ ནུབ་ཏུ་ཧྱ་གྷྲཱི་ཝཿ ནུབ་བྱང་དུ་བི་ཤྭ་ཀྭ་ལཿ བྱང་དུ་ཀཱི་ལི་ཀཱི་ལ་ཡཿ བྱང་དུ་ཤར་དུ་རུ་དྲ་ཏནྟྲ་ཞེས་དང་རྩིབས་མཆན་སྲུང་བའི་སྔགསཿ དེའི་ཕྱི་ལིང་ཚེར་ཁྱུང་ལྔའི་སྔགསཿ དེའི་ཕྱི་རིན་ཆེན་ཟུར་བརྒྱད་སྟེངཿ སོ་སོའི་རྩིབས་དང་ཕྱག་མཚན་སྤྲདཿ ཤར་ནས་རིམ་པར་རྡོ་རྗེ་དངཿ བྱ་ཁྱུང་བེ་ཅོན་ཐོད་དབྱུག་དངཿ རལ་གྲི་ཐོ་བ་ཕུར་པ་དངཿ ལྕགས་ཀྱུ་རྩེ་མོ་ཕྱིར་བསྟན་བྲིཿ དེའི་ཕྱི་དབྱངས་གསལ་རྟེན་སྙིང་སྦྲེལཿ རྡོ་རྭ་མེ་ཕྲེང་སྤྱི་ལྟར་རོཿ ཀུན་ལ་སྲུང་བའི་འདོད་གསོལ་ཞལ་ཤེས་བཞིན་སྦྱརཿ གི་ཝཾ་གླ་རྩི་བུ་གུལ་དངཿ བདུད་རྩི་ཨ་མྲྀ་ཏ་ཡིས་བྱུགསཿ བཟློག་འཁོར་ཁྱད་པར་ས་བོན་ཁྲོཾཿ པདྨའི་ཚབ་ཏུའང་རྩིབས་བཞི་དངཿ ཟུར་བརྒྱད་སྤངས་པའི་ཕྱག་མཚན་


JLAZ011_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

འཆོལཿ དབྱངས་རྟེན་བཞག་ལ་སོ་ལྔ་ཤམ་བུ་ཞལ་ཤེས་བཞིན་བྲིཿ ས་བོན་ཁྲོཾ་གྱི་མདུན་དག་ནསཿ ཡིག་མགོ་ནང་བསྟན་རྩིབས་མཆན་རྣམསཿ ཁྲོཾ་མཱ་ར་ཡརྦད་བྷྱོ་བཟློག་ཁྱདཿ གྲི་ལྕགས་དམེ་མནོལ་མཛེ་ཁྲག་བྱུགཿ ས་མ་ཡཿ དཀྱིལ་འཁོར་རྩིབས་ལ་དཔལ་གཏོར་བརྒྱདཿ ཁྲག་མཚོར་དབང་ཕྱུག་ཉེར་བརྒྱད་ཀྱིཿ གཏོར་མ་རང་མདོག་བདུན་བདུན་བཀོདཿ མཐའ་མར་རི་རུད་འདྲེ་ཅན་དངཿ ཕུངས་བསྲེས་པའི་ཀོང་ཟོར་ནིཿ བརྒྱད་ཅུ་རྩ་གཅིག་གྲངས་ལྡན་ལཿ བྲག་ནག་མཚེ་དང་ཐོག་ལྕགས་ཕྱེཿ དུར་ཁྲོད་ཡུངས་དཀར་མི་བསད་རྡོཿ སྐྱེར་མ་དང་ལྟས་ངན་སྒྲོ་སྡེབས་ལཿ གྲི་ལྕགས་མདེའུ་གནམ་བསྟན་གཟུགཿ མདོར་ན་ཟོར་རྫས་བྱེ་བྲག་རྣམསཿ ཟོར་གྱི་གྱེར་བཞིན་ཚོགས་པར་བྱཿ འཇིག་རྟེན་སྡེ་གསུམ་གཙོར་གྱུར་ལཿ དོན་གྱི་བཀའ་ལུང་ཚང་ན་ཡངཿ ཁྲག་མཚོ་ནས་བཟུང་ཟོན་རྫས་རྣམསཿ བཀའ་སྡོད་དཀྱིལ་འཁོར་ངོ་བོར་གྲུབཿ ལས་སྦྱོར་དམིགས་བསལ་དང་འབྲེལ་ནཿ ཧོམ་ཁུང་ནང་དུ་ཟག་རྫས་དངཿ ལྡན་པའི་ལིངྒ་བྱད་དུ་གཞུགཿ དེ་ཡང་སློབ་དཔོན་ཞལ་ལས་ཤེསཿ ཀུན་གྱི་མཐའ་མར་སྒབ་དཀྲིས་བྱཿ དྲག་པོའི་མཆོད་གཏོར་ཉེར་སྤྱོད་བཤམཿ སྤྱི་དོན་གཉིས་པ་དངོས་གཞི་ལཿ གཉིས་ཀྱི་དང་པོ་བདག་མདུན་གཉིསཿ འཇུག་པ་གཅིག་པས་དཔལ་ཆེན་གྱིཿ ལས་གཞུང་བསྲང་ལ་བསྙེན་སྔགས་བཟླསཿ


JLAZ011_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕཊ་ཛཿ ཞེས་བརྗོད་པའིཿ རྐྱེན་གྱིས་བདག་མདུན་སོ་སོར་ཕྱེཿ ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སྔགསཿ ཞེས་པའི་དམིགས་གནད་དང་ལྡན་པསཿ ཁྲོ་བོ་སྤྱི་སྔགས་གཙོ་བོར་བཟླཿ གཉིས་པ་སྲུང་འཁོར་ནིཿ གཙོ་བོའི་ཐུགས་སྲོག་གི་ཀླད་ཀོར་དུ་བླ་མཿ ཧའི་ཁོག་པར་སྲུང་བྱཿ ཞབས་ཀྱུར་ཡུལ་མཁར་ནོར་ཕྱུགས་གསལ་བཿ སྲུང་དམིགས་ནིཿ ཐུགས་སྲོག་ལས་འོད་ཟེར་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་འོད་ཟེར་སེར་པོའི་རྣམ་པར་བསྡུས་པ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ངོ་བོ་ཉིད་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པས་སྲུང་བྱེད་རྡོ་རྗེའི་གུར་ལ་ཐིམ་པས་རྡོ་རྗེའི་བཞུ་བླུགས་སུ་གྱུར་པས་ཅིས་ཀྱང་མི་ཚུགས་པར་བསྒོམ་ལཿ རྩ་བའི་བསྙེན་སྔགས་དང་སྲུང་སྔགས་རྣམས་སྟོང་ཕྲག་ཙམ་སྟེཿ ཨོཾ་ཨཱཿ ཨུཥྞི་ཥ་བཛྲ་ཙཀྲ་ཝརྟི་བྷཱུཾ་སརྦ་ལོ་ཀི་སཱ་ཧཱཿ ཞེས་སྲུང་འཁོར་བསྒོམཿ གསུམ་པ་ལས་སྦྱོར་ཁྱད་པར་ནིཿ སྐད་ཅིག་གནམ་ལྕགས་རྡོ་རྗེ་ནིཿ རྩེ་དགུ་སྟོང་གསུམ་གང་བའི་ཁྱོནཿ སྦུབས་སྟོང་འབར་བའི་ལྟོ་བ་རུཿ དཔལ་དགུ་རྔམ་པའི་དྲག་སྔགས་སྒྲོགསཿ ཡར་རྩེ་བརྒྱད་ཀྱི་སྲོག་ཤིང་ལཿ ཐུབ་དབང་བདུད་འདུལ་ཆ་བྱད་ཅནཿ རྣམ་པ་བཞི་ཡི་འཁོར་གྱིས་བསྐོརཿ རྭ་ལ་རིག་འཛིན་གྲུབ་ཐོབ་བརྒྱདཿ མཉེན་ཞུ་ཕོད་ཆེན་སྡིགས་


JLAZ011_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་ཅནཿ དྲང་སྲོང་དམོད་པ་ལས་ཀྱི་ཆསཿ ཀུན་ཀྱང་ཛཿབྷྱོ་ཕཊ་ཀྱི་སྒྲཿ དགུག་བསྒྲལ་སྤར་བའི་ལས་ལ་བརྩོནཿ མར་རྩེ་དགུ་ཡིས་འགོང་པོ་དགུའིཿ སྙིང་ག་དབང་ཆེན་གཞི་ལ་ཕུགཿ འཆང་བཟུང་ཙཀྲ་རྩིབས་བརྒྱད་པའིཿ མཆན་ལ་སྤྲུལ་པའི་ལྕགས་སྡིག་འཕྱོཿ སྤུ་གྲི་གཡོན་དུ་འཁོར་བ་ཡིསཿ གནོད་བྱེད་དགྲ་གདོན་ཉལ་ཉལ་གཏུབསཿ སྡིག་པའི་ཧབ་ཧབ་ཟོས་པ་ཡིསཿ ལོག་པར་འདྲེན་པའི་དགྲ་འདྲེ་དངཿ ཁྱད་པར་འགོང་པོ་སྤུན་དགུའི་སྡེཿ རྫས་ལ་མེ་མཆེད་ལྟ་བུར་བསམཿ ཨོཾ་ཨཱཿཧཱུཾ་བཛྲ་ཡཀྴ་ཀྲོཏ་སརྦ་དུཥྚཾ་ཧ་ན་ཧ་ན་ཧཱུཾ་ཕཊཿ ཅེས་ཏིང་ངེ་འཛིན་གྱི་གནད་ལས་མ་ཡེངས་པར་བརྒྱ་རྩ་ཙམ་བཟླའོཿ བཞི་བ་ཐུན་རྫས་སྒྲུབ་པ་ནིཿ དྲག་སྔགས་སོ་ལྔ་པ་ཅི་ནུས་བཟླས་པས་ཟོར་རྫས་དང་ཐུན་རྫས་རྣམས་ནད་མཚོན་མེ་དཔུང་གི་ཚ་ཚྭར་སྒོམ་མོཿ ལྔ་པ་སྦྱོར་སྒྲོལ་ཚོགས་ཀྱི་སྐོང་ནིཿ ཚོགས་བྱིན་རློབ་ནས་བཟུང་ལྷག་མའི་བར་ལས་གཞུང་ལྟར་བྱའོཿ གལ་ཏེ་སྐོང་བརྒྱ་སོགས་གསོག་ན་སྐོང་བཤགས་རྡོ་རྗེའི་ཐོལ་གླུའམ་ཉེར་བསྡུས་ལ་ནི། བདེ་སྟོང་ཀློང་ཡངས་ཏིང་འཛིན་གསུམ་གྱི་སྦུབསཿ ཞེས་པ་ནསཿ ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལཿ ཞེས་པའི་བར་གྱི་ཡོ་ག་གསུམ་པོ་ལྡབ་བོཿ དྲུག་པ་བཟློག་པ་དངོས་ལ་སྤྱི་དོན་རྣམ་པ་བཅུ་གཅིག་ལསཿ དང་པོ་གཟུ་དཔང་ནིཿ ཧཱུཾཿ


JLAZ011_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་གདོད་མའི་མགོན་པོ་ནས་བཟུང་སྟེཿ མངོན་པར་བྱང་ཆུབ་དཔལ་མགོན་བླ་མའི་བརཿ དགོངས་བརྡ་སྙན་བརྒྱུད་རྡོ་རྗེའི་སློབ་དཔོན་དངཿ དཔལ་ཆེན་འདུས་པའི་ལྷ་ཚོགས་གཟུ་དང་དཔངཿ འགྲོ་ཀུན་བདེ་གཤེགས་སྙིང་པོའི་རང་བཞིན་ལཿ དགྲ་གཉེན་ཕྱོགས་ཆའི་སྡང་ཞེན་མ་དམིགས་ཀྱངཿ གཟུང་འཛིན་གདོན་གྱིས་བརླམས་པའི་ཉམས་པ་བདུནཿ བྱང་ཆུབ་སེམས་གཉིས་སྒོམ་པའི་དགྲ་རུ་ལངསཿ དམ་ལས་ཉམས་པས་སློབ་དཔོན་མཆེད་ལ་བརྙསཿ བཀའ་ལས་ཉམས་པས་ལས་འབྲས་ཁྱད་དུ་བསདཿ དོན་ལས་ཉམས་པས་བདེན་གཉིས་ཆད་པར་ལྟཿ ལས་ཀྱིས་ཉམས་པས་ཉེས་མེད་རྣམས་ལ་འཛུགསཿ མཚན་མས་ཉམས་པས་ཆོས་ལ་ཕྱོགས་རིས་བཟུངཿ འདོད་པས་ཉམས་པས་ཁྲེལ་མེད་འཕྲོག་བཅོམ་བྱེདཿ ལོག་པས་ཉམས་པས་སེམས་ཅན་སྡུག་ལ་སྦྱོརཿ འདི་ལ་མངོན་སྤྱོད་ཕྲིན་ལས་མི་མཛད་ནཿ མཐར་གྱིས་འཆི་བ་སེམས་ཅན་ཀུན་ལ་ཡོདཿ དུས་ལ་བབས་ན་དཔག་བསམ་ཤིང་ཡང་འགྱེལཿ བསམ་སྦྱོར་དན་པའི་འབྲས་བུ་མཐར་ཕྱིན་ནཿ ཚར་གཅོད་རྗེས་འཛིན་མཐུ་སྟོབས་རྫུན་དུ་ཟདཿ ཆོས་ཉིད་བདེན་པ་བསླུ་བ་མེད་པ་དངཿ སྔགས་ཀྱིས་སྒྲོལ་བ་སངས་རྒྱས་རྣམས་ཀྱི་མཐུསཿ ཨ་བྷི་ཙརྱའི་དུས་ལ་དབབ་


JLAZ011_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ནཿ བརྣག་པའི་ལས་ལ་བཏང་སྙོམས་མ་མཛད་ཅིགཿ དུས་གསུམ་སངས་རྒྱས་རྣམས་ནི་དབྱིངས་ནས་གཟིགསཿ བདེན་གཉིས་རྒྱུ་འབྲས་བསླུ་མེད་གཟུ་དང་དཔངཿ དཔལ་མགོན་ཆོས་སྐྱོང་རྣམས་ནི་མཐུ་རྩལ་བསྐྱེདཿ ཉེས་ཅན་འདི་ལ་མངོན་སྤྱོད་ཕྲིན་ལས་མཛོདཿ ཅེས་བརྗོད་ཅིང་ཡུས་གདབཿ གསེར་སྐྱེམས་ཕྱོགས་བཅུར་གཏོར་རོཿ གཉིས་པ་སྤྱིར་ཐུགས་དམ་བསྐུལ་བ་ནིཿ ཧཱུཾཿམི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནསཿ ལོངས་སྤྱོད་རྫོགས་པ་ཞི་དང་ཁྲོ་བོའི་ལྷཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡངཿ མ་རིག་འཛིན་པའི་ཀུན་གཞི་ལུང་མ་བསྟནཿ སྒོ་ལྔའི་ཡུལ་དང་རྟེན་ཅིང་འབྲེལ་པ་ལསཿ རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམསཿ ལས་དང་ཉོན་མོངས་མཐུ་ཡིས་གཟིར་བའི་མཐུཿ ཕྱི་རོལ་ཡུལ་ལ་སྨིན་པའི་སྡུག་བསྔལ་དངཿ ནད་མཚོན་མུ་གེ་དགྲ་བགེགས་འབྱུང་པོའི་གདོནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུནཿ མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་ནསཿ ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམསཿ རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བསཿ རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོདཿ གསུམ་པ་འཇམ་དཔལ་སྐུས་ལྷ་དང་དབྱེ་བ་


JLAZ011_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ནིཿ ཉ་བོའི་སྟེང་དུ་དབྱེ་སྒྲོག་གཉིས་བསྣོལ་ནསཿ ཧཱུཾཿ བསྐལ་པ་བརྒྱད་ཁྲི་བཞི་སྟོང་འབར་བའི་གཞལ་ཡས་ནསཿ ལྕགས་མཁར་སྒོ་མེད་བཅུ་དྲུག་དབར་བའི་ནང་ཤེད་ནཿ འོབས་ཆེན་བཅུ་གཉིས་འབར་བའི་དཀྱིལ་འཁོར་ནསཿ ཐོད་མཁར་འབར་བའི་དབུས་ཕྱོགས་ནསཿ ཕོ་བྲང་ལྕགས་མཁར་སྤུ་གྲིས་གཏམས་པ་ནསཿ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདནཿ ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲིཿ ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ནསཿ སྲོག་བདུད་འཇམ་དཔལ་ཚེ་བདག་ནག་པོ་བཞེངསཿ རྔམས་པའི་ཚུལ་གྱིས་བླ་རྐུན་དག་ལ་ཁྱེཿ ཚེ་བདག་ལས་ཀྱི་སྤྲུལ་པ་མངོན་ཕྱུངས་ཤིགཿ ཧཱུཾཿ ཤར་གྱི་ཕྱོགས་ནས་བླ་འགུགས་པཿ དུང་གི་མོན་པ་སེངྒེའི་མགོཿ དབུ་དགུ་སྤྱན་དགུ་ཞལ་དགུ་གདངསཿ ཕྱག་དགུ་ཞབས་དགུ་ཙིཏྟ་དགུཿ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུགཿ སྤྱན་དགུས་དགྲ་བོར་བལྟས་ནས་འཛིནཿ སྙིང་དགུས་དགྲ་བོ་ཡིད་ལ་འཛིནཿ ཕྱག་དགུས་ཁོང་ནས་ཙིཏྟ་འབྱིནཿ ཞལ་དགུས་ཁ་མངར་མེད་པར་གསོལཿ ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུངསཿ དགྲ་བོ་ལྷ་དང་ཕྲོལ་ལ་ཤོགཿ ཀ་ལ་དུན་ཏི་ཙིཏྟ་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོཿ ཧཱུཾཿ ལྷོ་ཡི་


JLAZ011_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་བླ་འགུགས་པཿ ལྕགས་ཀྱི་མོན་པ་སྟག་གི་མགོཿ དབུ་དགུ་སྤྱན་དགུ་ཞལ་དགུ་གདངསཿ ཕྱག་དགུ་ཞབས་དགུ་ཙིཏྟ་དགུཿ ཞབས་དགུ་སྟོང་གསུམ་བླ་ལ་རྒྱུགཿ སྤྱན་དགུས་དགྲ་བོར་བལྟས་ནས་འཛིནཿ སྙིང་དགུས་དགྲ་བོ་ཡིད་ལ་འཛིནཿ ཕྱག་དགུས་ཁོང་ནས་ཙིཏྟ་འབྱིནཿ ཞལ་དགུས་ཁ་མངར་མེད་པར་གསོལཿ ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུངསཿ དགྲ་བོ་ལྷ་དང་ཕྲོལ་ལ་ཤོགཿ ཧ་ལ་ཧ་ལ་དུན་ཏིང་ཙིཏྟ་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོཿ ཧཱུཾཿ ནུབ་ཀྱི་ཕྱོགས་ནས་བླ་འགུགས་པཿ བསེ་ཡི་མོན་པ་དྲེད་ཀྱི་མགོཿ དབུ་དགུ་སྤྱན་དགུ་ཞལ་དགུ་གདངསཿ ཕྱག་དགུ་ཞབས་དགུ་ཙིཏྟ་དགུཿ ཞབས་དགུ་སྟོང་གསུམ་བླ་ལ་རྒྱུགཿ སྤྱན་དགུས་དགྲ་བོར་བལྟས་ནས་འཛིནཿ སྙིང་དགུས་དགྲ་བོ་ཡིད་ལ་འཛིནཿ ཕྱག་དགུས་ཁོང་ནས་ཙིཏྟ་འབྱིནཿ ཞལ་དགུས་ཁ་མངར་མེད་པར་གསོལཿ ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུངསཿ དགྲ་བོ་ལྷ་དང་ཕྲོལ་ལ་ཤོགཿ ར་ག་ཧོ་ཧེ་དུན་ཏིག་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོཿ ཧཱུཾཿ བྱང་གི་ཕྱོགས་ནས་བླ་འགུགས་པཿ གསེར་གྱི་མོན་པ་ཁྱུང་ཆེན་མགོཿ དབུ་དགུ་སྤྱན་


JLAZ011_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཞལ་དགུ་གདངསཿ ཕྱག་དགུ་ཞབས་དགུ་ཙིཏྟ་དགུཿ ཞབས་དགུ་སྟོང་གསུམ་བླ་ལ་རྒྱུགཿ སྤྱན་དགུས་དགྲ་བོར་བལྟས་ནས་འཛིནཿ སྙིང་དགུས་དགྲ་བོ་ཡིད་ལ་འཛིནཿ ཕྱག་དགུས་ཁོང་ནས་ཙིཏྟ་འབྱིནཿ ཞལ་དགུས་ཁ་མངར་མེད་པར་གསོལཿ ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུངསཿ དགྲ་བོ་ལྷ་དང་ཕྲོལ་ལ་ཤོགཿ ཀརྨ་བྷ་ཏིང་དུན་ཏིང་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོཿ ཞེས་དངཿ དབྲལ་བའི་སྔགསཿ ནྲི་ཏྲི་ཤ་ཏྲཱུཾ་ཧ་ས་ཡ་ར་ཧྲི་ཏ་ན་ཧཱུཾ་ཕཊཿ ཅེས་བཟླ་ཞིང་དབྱེ་སྒྲོ་གཉིས་ཉ་བོ་གདབཿགུ་གུལ་གྱིས་བདུག་གོཿ བཞི་པ་པདྨ་གསུང་གིས་གཟུགས་ལ་དབབ་ཅིང་བྱད་དུ་གཞུག་པ་ནིཿ ཉ་བོ་ཁྲག་ཆེན་བྲན་ལཿ ཧཱུཾཿ དམར་ནག་ཟླ་གམ་དཀྱིལ་འཁོར་ནསཿ མཁའ་འགྲོ་མི་བཟད་བླ་འགུགས་མཿ སྐུ་ནི་ལེ་བརྒན་འབར་བ་ལཿ བྱུ་རུ་དམར་པོ་མདངས་རལ་ཅནཿ མཁའ་འགྲོའི་གདོང་ལ་རྔམ་བག་ཆེཿ རྒྱུག་པའི་སྟབས་ནི་སྤྱང་མོ་འདྲཿ ཁ་ནས་ཁྲག་མདའ་ཏ་ལ་ལཿ མིག་ནས་མེ་འབར་ལམས་སེ་ལམཿ སྣ་ནས་དུད་འཐུལ་ཐུ་ལུ་ལུཿ རྣ་བའི་གཙུག་ཏོར་གཡས་གཡོན་ལཿ ལྕགས་ཀྱི་བྱ་ཁྱུང་རེ་རེ་ཡོདཿ རྟ་མགྲིན་དབང་གི་སྒྲ་ཐོས་པསཿ དཔག་ཚད་དག་ཏུ་རྒྱུག་པའི་ཚེཿ གདུག་པའི་


JLAZ011_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སྐ་ཙེ་རེ་རེཿ ཚངས་རིས་ལྷ་ཡང་འདུན་མར་སྡུདཿ རྒྱ་མཚོའི་སྟེང་དུ་རྒྱུག་པའི་ཚེཿ ཀླུ་རྣམས་ཀུན་ལ་རྦད་ཁམས་གཏོངཿ ཉམས་པའི་བླ་ཚེ་འགུགས་ཤིང་སྒྲོལཿ དམ་ཉམས་སྲོག་རྩ་གཡས་གཡོན་ནསཿ ལྕགས་ཀྱུས་བཟུང་ཞིང་ཁྲིད་ནས་འོངཿ དཔལ་ཆེན་འབར་བའི་ཕོ་ཉ་སྟེཿ དབང་གི་ཞིང་ཁམས་ཆེན་པོ་སྐྱོངཿ དྲག་ཏུ་རྒྱུག་ལ་དགྲ་བགེགས་ཁུགཿ ནྲྀ་ཏྲི་ཤ་ཏྲུཾ་ཙ་ཙ་བ་ལ་ཤ་ནི་ཀུ་རཾརྦད་ཁཾཿ ཨཱ་བེ་ཤ་ཡ་ཧཱུཾ་ཕཊཿ དེ་ནས་བྱད་དུ་འཇུག་པ་ནིཿ ཕྱག་རྒྱ་བཞི་དང་ཕྱག་མཚན་བཞིས་གདབ་ཅིངཿ ཛཿཧཱུཾ་བཾ་ཧོཿནྲྀ་ཏྲི་ཤ་ཏྲུཾ་ཤི་ཏྲི་ཨ་ན་ཡ་ཤི་ཀྲི་ཨ་ན་ཡ་ཧཱུཾ་ཕཊཿ ཅེས་བཟློའོཿ ལྔ་པ་ཡང་དག་ཐུགས་ཀྱིས་ཚེ་དང་དབང་ཐང་འཕྲོག་ཅིང་གནས་ལུང་བྱ་བ་ནིཿ ཕུར་རྩེ་སྙིང་ཁར་གཏད་པས་གཟས་པོའི་བླ་ཚེ་འོད་དཀར་པོའི་རྣམ་པས་བླངས་པ་རང་ཉིད་ལ་བསྟིམཿ ཕུར་པ་ལས་བྱུང་བའི་ཡེ་ཤེས་ཀྱིས་མེས་རིགས་དྲུག་གི་ས་བོན་བསྲེགས་ཤིང་སྦྱངས་པར་བལྟས་ལཿ ཧཱུཾཿ སྒྲོལ་བ་གནས་ཀྱི་ཏིང་ངེ་འཛིན་ཆེན་པོ་ནིཿ དཔའ་བོ་འབྲུ་ལྔ་རླུང་ལྔའི་རྟ་ལ་ཞོནཿ ཨ་ནྲྀ་སུ་ཏྲི་པྲེ་དུ་དྲུག་རྣམས་བསྲེགསཿ གནས་སྦྱོང་ཏིང་འཛིན་རྒྱུ་རྣམས་བྱིན་གྱིས་རླབསཿ སྡུག་བསྔལ་མང་པོས་གཟིར་བའི་འགྲོ་བ་ལཿ སྙིང་རྗེའི་ཤུགས་ཀྱིས་སྡུག་བསྔལ་བཟློག་པའི་


JLAZ011_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིརཿ ཉོན་མོངས་ཀུན་བསལ་རྒྱུད་དྲུག་ལམ་བཀག་ནསཿ བྱང་ཆུབ་བགྲོད་ཕྱིར་འཕགས་ལམ་རྣམ་ཐར་བསྟནཿ ཨ་ཨ་ཨཱཿ ཞེས་དངཿ ཕུར་བསྐོར་སྔོན་དུ་འགྲོ་བས་ལོག་རྡུགས་འབྱམས་གསུམ་གྱི་ཉེས་སྐྱོན་བསལཿ རུ་ལུའི་འཛབ་དབྱངས་བཟླ་བཞིན་དུ་ཕུར་རྩེས་རྣམ་པར་ཤེས་པ་ཨ་ཡི་རང་བཞིན་དུ་གྱུར་པ་ཡང་དག་ཐུགས་ཀྱི་ཀློང་དུ་སྤར་རོཿ དྲུག་པ་ཕུར་པ་ཕྲིན་ལས་ཀྱིས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཚར་བཅད་ནས་རྣམ་སྨིན་གྱི་ལུས་རྟེན་དང་འབྲེལ་གཅད་བ་ནིཿ ཧཱུཾཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོསཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིངཿ དུས་གསུམ་རྒྱལ་བའི་གདུང་འཚོབ་པའིཿ རིག་འཛིན་བདག་ཅག་རྣམས་ལ་ནིཿ གནོད་ཅིང་གདུག་པའི་དགྲ་དང་བགེགསཿ བདུད་དང་བར་དུ་གཅོད་པ་དངཿ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམསཿ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིསཿ ཡུད་ཙམ་གྱིས་ནི་འདིར་ཁུག་ལཿ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དངཿ ལུས་ངག་རྡུལ་དུ་བཤིག་ནས་ཀྱངཿ སྡུག་བསྔལ་ཉམས་སུ་མྱོང་བར་མཛོདཿ ལས་སྔགས་དང་བསྟུན་ནས་མིག་གཡས་གཡོནཿ རྣ་བ་གཡས་གཡོནཿ སྣ་བུག་གཡས་གཡོནཿ ལྕེ་དག་མགྲིན་པཿ སྙིང་ག་གསང་གནས་བཅུར་གདབ་ཅིངཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཧ་ན་ཧ་ནཿ ད་ཧ་ད་ཧཿ པ་


JLAZ011_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་པ་ཙཿ མ་ཐཱ་མ་ཐཱཿ ཛྭ་ལ་ཛྭ་ལཿ སུ་རུ་སུ་རུཿ མུ་རུ་མུ་རུཿ ཀ་ཏཾ་ཀ་ཏེཿ ཛ་ཡེ་བི་ཛ་ཡེཿ ཨ་ཙིཏྟེ་ཨ་པ་ར་ཙིཏྟ་སརྦ་བིག་ནན་བཾ་ཧཱུཾ་ཕཊཿ བདུན་པ་མ་མོས་ཁྲ་ཐུན་དབབ་ནས་མྱོས་སུ་འཇུག་པ་ནིཿ ཧཱུཾཿ བྲན་དང་བཀའ་ཉན་ཕོ་ཉའི་ཚོགསཿ ཁྱོད་ཀྱི་དམ་ཚིག་དུས་ལ་བབཿ སྔོན་ཆད་ཇི་ལྟ་དམ་བཅས་པའིཿ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོདཿ རྩ་སྔགས་མཐརཿ ནྲྀ་ཏྲི་ཤ་ཏྲུཾ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊཿ བརྒྱད་པ་དྲེགས་འདུལ་ཀྱིས་གཏུན་དུ་བརྡུང་བ་ནིཿ ཧཱུཾཿ བརྡུངས་ཤིག་རྡོ་རྗེ་འབར་བའི་གཏུནཿ བཀའ་ལས་འདའ་བྱེད་སྡིག་ཅན་རྣམསཿ རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནསཿ ལུས་ངག་རྡུལ་ཕྲན་བཞིན་དུ་རློགསཿ ཁྲོ་མོ་འབར་བའི་གཏུན་ཁུང་དུཿ རྡོ་རྗེ་ཐོ་བས་བརྡུང་བྱས་པསཿ ལྷ་ཡང་རུང་སྟེ་བརླག་པར་གྱིསཿ ནྲྀ་ཏྲི་ཤ་ཏྲུཾ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊཿ དགུ་པ་དྲག་སྔགས་ཀྱིས་ཞལ་དུ་སྟོབ་པ་ནིཿ ལིང་རོ་གཏོར་མར་བྲན་ཞིངཿ ཧཱུཾཿ རྡོ་རྗེ་གསང་བའི་བཀའ་ལས་ནིཿ སྡིག་ཅན་གང་ཞིག་འདའ་བྱེད་པཿ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིསཿ ཀླད་པ་ཚལ་བ་བརྒྱ་རུ་ཁོསཿ གདུག་ཅིང་སྡང་སེམས་ལྡན་པ་རྣམསཿ ཞལ་ཏུ་སྟོབ་པོ་ཁ་རཾ་ཁཱ་ཧིཿ ནྲྀ་ཏྲི་ཤ་ཏྲཾ་བྷནྡྷ་ཡ་བྷནྡྷ་ཡ་ཧཱུཾ་ཕཊཿ བཅུ་པ་ཟློག་པའི་ཕྲིན་ལས་གཞུང་བསྲང་བ་ནིཿ ཧཱུཾཿ


JLAZ011_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་དབྱིངསཿ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནསཿ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀཿ འཁོར་འདས་ཀུན་གྱི་སྤྱི་དཔལ་དབྱིངས་ནས་བཞེངསཿ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབཿ ཧཱུཾཿ དབུ་རྒྱན་བྷནྡྷ་འབར་བའི་ཕོ་བྲང་ནསཿ ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནིཿ གདན་གསུམ་ཡོངས་རྫོགས་རོལ་པ་ཆེན་པོའི་ལྷཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱ་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོར་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་སྒྱུར་པའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ཆོས་སྐུ་འགྱུར་བ་མེད་པའི་ངང་ཉིད་ལསཿ གར་དགུའི་རྣམ་རོལ་ཆེ་མཆོག་ཧེ་རུ་ཀཿ སྒེག་པ་དཔའ་བ་འཇིགས་སུ་རུང་བའི་སྐུརཿ རྔམ་དང་བརྗིད་པའི་ཡོན་ཏན་ཟད་མི་ཤེསཿ རྩ་ཞལ་འཇིགས་རུང་རྡོ་རྗེ་ཁྲོས་པའི་དབུསཿ གཏི་མུག་གདོན་ཚོགས་ཆོས་ཀྱི་དབྱིངས་སུ་ཟློགཿ གཡས་དཀར་སྒྲ་སྒྲོག་ད་ཧ་པ་ཙའི་ཞལཿ ཧ་ཧར་དགོད་


JLAZ011_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རུ་ལུའི་གད་རྒྱངས་སྒྲོགཿ སྡང་བ་ཐམས་ཅད་རྣམ་པར་རྟོག་ཅིག་དངཿ ཆོམས་ཤིག་སྒྲ་ཡིས་མོ་གདོན་སྲིན་མོ་འཇོམསཿ འདོད་ཆགས་གདོན་ཚོགས་ལོངས་སྐུའི་དབྱིངས་སུ་ཟློགཿ གཡོན་དམར་ཨཾ་གཙིགས་གཤེ་བར་སྟོན་པ་ནིཿ རྡོ་རྗེ་ཁྲོ་བོ་འཆོལ་བ་ཆེན་པོ་སྟེཿ འགོང་བོ་སྤུན་དགུའི་སྡེ་རིས་སྲོག་ལ་རྔམསཿ རྒྱལ་འགོང་དམ་སྲི་གློ་བུར་ལྷགས་པའི་གདོནཿ ཞེ་སྡང་གདོན་ཚོགས་སྤྲུལ་སྐུའི་དབྱིངས་སུ་ཟློགཿ ཞི་བ་ཆེན་པོའི་ངང་ལས་མ་གཡོས་ཀྱངཿ སྙིང་རྗེ་ཁྲོས་པའི་ཐུགས་ནི་འབར་ཞིང་རྔམསཿ བརྗིད་པ་ཆུ་སྲིན་ཐབས་ཤེས་ཉི་ཟླ་འབརཿ རྡོ་རྗེའི་གཤོག་པས་བར་སྣང་དབྱིངས་ཀུན་གཅོདཿ དབང་གི་བསེ་ཁྲབ་རྡོ་རྗེའི་སློག་པ་དངཿ གནོད་གདུག་བཟློག་བྱེད་རྒྱ་གྲམ་བྱེའུའི་ཆསཿ སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་དངཿ ཡེ་ཤེས་མེ་དཔུང་འབར་བས་ལོག་འདྲེན་བསྲེགསཿ རིག་པ་རང་སྣང་དཔལ་གྱི་ཆས་བརྒྱད་བརྒྱནཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་


JLAZ011_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བརྒྱ་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ཞིང་ཆེན་གཡག་བཞི་ཕྲིན་ལས་ཐབས་ལ་མཁསཿ གླང་ཆེན་ཀོ་རློན་ཁྱབ་པ་ཐུགས་རྗེའི་གོསཿ སྟག་གི་ཤམ་ཐབས་ཕྱི་ནང་གསང་གསུམ་སྡུདཿ རྒྱལ་རིགས་དཀར་ཁྲའི་དབུ་རྒྱན་བརྗིད་པ་ལཿ རྗེ་རིགས་སེར་ཁྲའི་སྙན་ཐུར་དུ་འཕྱངཿ བྲམ་ཟེ་དམར་ཁྲའི་མགུལ་ཆུ་དམངས་རིགས་ནིཿ ནག་ཁྲའི་སྐུ་རགས་གདོལ་བ་ལྗང་ཁྲ་སྟེཿ ལྟོ་འགྲོའི་དབང་པོས་ཕྱག་ཞབས་གདུ་བུ་བྱསཿ ཐོད་པ་སྐམ་པོའི་དབུ་རྒྱན་རིགས་ལྔ་དངཿ རློན་པའི་སེ་རལ་འདུ་བྱེད་ལྔ་བཅུ་སྦྱོངཿ ཚལ་བའི་དབུ་རྒྱན་སྐྱེ་མཆེད་གནས་སུ་དགཿ རཀྟ་ཞག་དང་ཐལ་ཆེན་ཚོམ་བུ་སྟེཿ རྒྱལ་བྱེད་དཔའ་རྟགས་དུར་ཁྲོད་རོལ་བའི་ཆསཿ བདག་འཛིན་རུ་ཏྲའི་གཤེད་དུ་བརྒྱན་པ་ཡིསཿ ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་གདོནཿ མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་སོགསཿ གདོན་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པ་ཟློགཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་


JLAZ011_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱ་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ཕ་རོལ་ཕྱིན་དྲུག་རྫོགས་པའི་ཕྱག་ཆ་ནིཿ གཡས་ཀྱི་དང་པོ་རྡོ་རྗེ་རྩེ་ལྔ་པསཿ དུག་ལྔ་ཡེ་ཤེས་ལྔ་རུ་སྒྲོལ་མཛད་ཅིངཿ ཤེས་རབ་ཕ་རོལ་ཕྱིན་དང་གཉིས་མེད་སྦྱོརཿ ཅིས་ཀྱང་མི་ཤིགས་རྡོ་རྗེའི་ཆོས་བདུན་གྱིསཿ རྟག་ཆད་ལྟ་དང་བདག་ཏུ་ལྟ་བ་ལསཿ བྱུང་བའི་མི་སྟེགས་ཕྲ་མེན་རིག་སྔགས་བྱདཿ བྷྱོཿབཟློག་དྲག་པོའི་ཕྲིན་ལས་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱ་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ བར་པ་ཁ་ཊྭཱཾ་རྩེ་གསུམ་བསྣས་པ་ཡིསཿ ཡིད་དང་ཆོས་སུ་འཛིན་པའི་བྱ་བྱེད་འབིགསཿ བསམ་གཏན་ཕ་རོལ་ཕྱིན་དང་གཉིས་མེད་སྦྱོརཿ སྐུ་གསུམ་མཚོན་ཆས་དུག་གསུམ་ཚར་བཅད་ནསཿ


JLAZ011_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་བཅུ་གཉིས་རྒྱུན་ལ་འཁོར་བ་ཡིཿ གཟུང་འཛིན་བག་ཆགས་དགྲ་གདོན་ཐལ་བར་རློགཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱ་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཐ་མ་ཡེ་ཤེས་མེ་དཔུང་བསྣམས་པ་ཡིསཿ འཇིག་ཚོགས་ལྟ་བ་བསྲེགས་ཅིང་ལེ་ལོའི་གདོནཿ བརྩོན་འགྲུས་ཕ་རོལ་ཕྱིན་དང་གཉིས་མེད་སྦྱོརཿ ཡུལ་ལ་མངོན་པར་ཞེན་པ་ལས་བྱུང་བའིཿ ཕྱོགས་རིས་སྡེ་འཁྲུགས་མཚོན་གྱི་བསྐལ་བ་ཟློགཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱ་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ


JLAZ011_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱི་དང་པོ་བྷནྡྷ་བསྣམས་པ་ཡིསཿ ཆགས་སྡང་བཟོད་པའི་ཕ་རོལ་ཕྱིན་དང་སྦྱོརཿ དུག་ལྔ་རང་རྒྱུད་ཞེན་པ་རུ་ཏྲའི་དངོསཿ རྣམ་རོལ་ཡེ་ཤེས་ལྔ་ཡི་ངོ་བོར་སྡུདཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ བར་པ་ཐོང་གཤོལ་སེར་སྣའི་ཐ་རྒོད་འཇོམསཿ སྦྱིན་པའི་ཕ་རོལ་ཕྱིན་དང་གཉིས་མེད་སྦྱོརཿ གཞན་འབྱོར་དཔལ་ལ་སྡང་བའི་རྒྱུ་འབྲས་ལསཿ བྱུང་བའི་ལོ་ཉེས་སད་སེར་བཙའ་ཐན་དངཿ མུ་གེའི་བསྐལ་པ་དམ་ཉམས་དགྲ་ལ་སྒྱུརཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ


JLAZ011_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ གཡོན་གྱི་ཐ་མ་སྡིག་པ་བསྣམས་པ་ཡིསཿ ཉེས་སྤྱོད་གནས་ལ་ཞེན་པའི་དངོས་པོ་སྦྱོངཿ ཚུལ་ཁྲིམས་ཕ་རོལ་ཕྱིན་དང་གཉིས་མེད་སྦྱོརཿ ཁྲིམས་འཆལ་རྒྱུ་འབྲས་ལས་བྱུང་རྒྱལ་འགོང་དངཿ སྨྱོ་འབོགས་གདོན་ཚོགས་ཆོས་ཀྱི་དབྱིངས་སུ་ཟློགཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ རྫུ་འཕྲུལ་ཞབས་བཞི་སྟངས་སྟབས་བགྲད་པ་ལསཿ ཚད་མེད་རྣམ་བཞིས་འགྲོ་ཀུན་ཐར་ལམ་འགོདཿ དུག་ལྔ་མ་སྤངས་དབྱིངས་སུ་དག་པའི་བརྡརཿ འཇིགས་བྱེད་སེང་གེ་དཔའ་གཏུམ་སྟག་དང་དོམཿ གདུག་པ་གཟིག་དང་སྟོབས་ལྡན་གླང་བོ་ཆེཿ བརྗིད་པའི་མ་ཧེ་འཛིན་པ་ཆུ་སྲིན་དངཿ ཞེ་སྡང་སྦྲུལ་གྱིས་དྲེགས་པ་ཕོ་མོ་བརྫུསཿ ལྷ་བརྒྱད་ཀླུ་བརྒྱད་དབང་དུ་སྡུད་པ་དངཿ དེ་དག་ལས་བྱུང་སོ་སོའི་གདོན་དང་བྱདཿ རྣམ་པར་ཐར་པ་


JLAZ011_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དང་གཉིས་མེད་སྦྱོརཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ པདྨ་ཉི་ཟླའི་གདན་ལ་རོལ་བ་ནིཿ འཁོར་བའི་སྐྱོན་གྱིས་མ་གོས་ཐབས་ཤེས་འབྲེལཿ སྐྱེ་གནས་བཞི་བོ་གནས་སུ་དག་པ་ལསཿ རྣམ་བྱང་ཡོན་ཏན་རྫོགས་པའི་སྐུ་མཆོག་ལཿ ས་བཅུ་ལམ་ལྔའི་སྤངས་རྟོགས་རྫོགས་པ་ཡིསཿ རྒྱུད་དྲུག་འཁོར་བའི་སེམས་ཅན་དབྱིངས་སུ་འདྲེནཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ རལ་པ་ཁམ་ནག་རྡོ་རྗེའི་ཏོག་གིས་


JLAZ011_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མཛེསཿ ཉི་ཟླ་གཟའ་སྐར་ཐམས་ཅད་ཟིལ་གྱིས་གནོནཿ ཁྱིམ་དང་དུས་སྦྱོར་འདུ་འཕྲོད་ངན་པ་ལསཿ ཐོག་དང་ས་གཡོས་སྐར་མདའ་ལྟུང་བ་སོགསཿ གནམ་དགྲ་ངན་པའི་བཀྲ་མི་ཤེས་པ་བཟློགཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ དབུ་ལ་རྡོ་རྗེའི་བྱ་ཁྱུང་ལྡིང་བ་ཡིསཿ གདོང་པས་གདོང་ཅན་གཤོག་པས་འདབ་ཆགས་དངཿ སྡེར་མོས་སྡེར་ཆགས་མཆུ་ཡིས་མཆུ་ཅན་དངཿ རྭ་ཡིས་རྭ་ཅན་ལྟས་ངན་བརྒྱད་ཅུ་གཅིགཿ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་གློ་བུར་གདོནཿ བདུན་བརྒྱ་ཉི་ཤུ་བྱིས་གདོན་བཅོ་ལྔ་དངཿ ཀེག་སྲི་མོ་ངན་རྨི་ལམ་ངན་པ་སོགསཿ མི་བརྫུ་དགུ་རུ་བརྫུ་ཞིང་འཕྲུལ་བ་ཟློགཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་


JLAZ011_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས་མཆོག་བཞིཿ ཁྲོ་བོ་ཡབ་ཡུམ་བཅུ་དང་ཅེ་སྤྱང་བརྒྱདཿ སྒོ་སྐྱོང་ཕྱག་རྒྱ་བཞི་ལྡན་ལ་སོགས་པཿ ཆེ་མཆོག་ཡོན་ཏན་ལྷ་ཚོགས་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པ་ལསཿ སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ཚོམ་བུར་ཤརཿ ཤར་ཕྱོགས་ཟླ་གམ་འབར་བའི་དཀྱིལ་འཁོར་ནསཿ མེ་ལོང་ཡེ་ཤེས་བཛྲ་ཧེ་རུ་ཀཿ ཞེ་སྡང་འཇོམས་པའི་དཔའ་བོ་ཆེན་པོ་སྟེཿ ཡང་དག་ཐུགས་ཀྱི་ལྷ་ཚོགས་དབྱིངས་ནས་བཞེངསཿ དགྲ་


JLAZ011_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་དབུསཿ ཀེང་རུས་ཆེན་པོའི་རི་རབ་བརྩེགས་པའི་སྟེངཿ རྡོ་རྗེའི་བྲག་ཆེན་གཏམས་པའི་ས་གཞི་ལཿ རབ་འཇིགས་རྡོ་རྗེ་འབར་བའི་གཞལ་ཡས་ཁངཿ བསྐལ་བའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནཿ དཔལ་ཆེན་འཁོར་ཚོགས་མཐའ་ཡས་བཞུགས་པ་ནིཿ ཡེ་ཤེས་ཚད་མེད་སྤྲུལ་བའི་ཐབས་མངའ་བསཿ གང་མོས་བདག་ལ་དེ་བཞིན་སྐུར་སྣང་ཞིངཿ ཅི་ལ་ཅི་འདུལ་བཞིན་དུ་ཆ་ལུགས་སྟོནཿ ཐུགས་མཚན་སྣ་ཚོགས་མཚོན་ཆའི་ཆར་འབེབས་ཤིངཿ རུ་ལུའི་སྔགས་ཀྱི་སྒྲ་སྒྲོག་འབྲུག་སྟོང་ལྡིརཿ གཟི་བརྗིད་སྤྱན་ལྡོག་མེ་སྟག་ཚ་ཚ་འཕྲོཿ ཞལ་གདངས་མཆེ་གཙིགས་དུག་གསུམ་ཞལ་དུ་རྔུབཿ མངགས་པའི་ཕོ་ཉ་མགྱོགས་བྱེད་གློག་སྟོང་འགྱུཿ བདུད་རྩི་དམར་གྱི་ཨརྒྷཾ་རྒྱུན་གྱིས་མཆོདཿ འཛབ་དབྱངས་སྔགས་ཀྱི་ཕྲེང་བས་རྒྱུད་


JLAZ011_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ནཿ འདུལ་འོས་བསྒྲལ་བའི་ཞིང་དུ་གྱུར་ཏོ་འཚལཿ བྱིན་རླབས་ཚམ་རྔམས་དྲག་པོས་རྡུལ་དུ་རློགཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ལོག་རྟོག་འཁོར་བ་རྡུལ་དུ་བརླག་སླད་དུཿ དུར་ཁྲོད་ཞིང་གི་དབྱུག་པ་ཕྱག་ཏུ་བསྣམསཿ སྲིད་གསུམ་དབང་མཛད་སྔོན་མོ་གཽ་རཱི་མཿ བསིལ་བའི་ཚལ་གྱི་མ་མོའི་དུས་ལ་བབཿ ཧཱུཾཿ ལོག་རྟོག་ལས་ཀྱི་སྐྱོན་རྣམས་འབུག་སླད་དུཿ ཐབས་དང་ཤེས་རབ་ལྡན་པའི་མདའ་འཕེན་ཞིངཿ དབྱིངས་དང་ཡེ་ཤེས་སྦྱོར་བའི་ཙཽ་རཱི་མཿ ལི་ཡུལ་ཚལ་གྱི་མ་མོའི་དུས་ལ་བབཿ ཧཱུཾཿ འཁོར་བ་མཐའ་དག་ཐུགས་རྗེས་བསྒྲལ་སླད་དུཿ མི་ནུབ་ཆུ་སྲིན་རྒྱལ་མཚན་ཕྱག་ན་བསྣམསཿ སངས་རྒྱས་སྲིད་གཙོ་དམར་མོ་པྲ་མོ་ཧཱཿ བལ་ཡུལ་ཚལ་གྱི་མ་མོའི་དུས་ལ་བབཿ ཧཱུཾཿ ས་དགུ་རྟོག་འཇོམས་རྡོ་རྗེ་རྩེ་དགུ་འཕྱརཿ རུ་ཏྲ་སྒྲོལ་མཛད་ཡེ་ཤེས་དབྱིངས་ལ་སྦྱོརཿ ནག་མོ་འཇིགས་ཚུལ་


JLAZ011_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་མཛད་བཻ་ཏ་ལཱིཿ ཐོ་གར་ཚལ་གྱི་མ་མོའི་དུས་ལ་བབཿ ཧཱུཾཿ རྒྱུད་དྲུག་འཁོར་བ་གནས་ནས་དྲང་སླད་དུཿ དུར་ཁྲོད་ཞིང་གི་རྒྱུ་ཞགས་ཕྱག་ན་བསྣམསཿ ཆོས་ཀྱི་དབྱངས་སྦྱོར་དམར་སེར་པུཀྐ་སཱིཿ ཟ་ཧོར་ཚལ་གྱི་མ་མོའི་དུས་ལ་བབཿ ཧཱུཾཿ ཡེ་ཤེས་ལྔ་དང་ལྡན་པའི་དུང་ཆེན་དུཿ དབང་ལྔའི་ཐོད་ཁྲག་ཡེ་ཤེས་རྡོ་རྗེས་དཀྲུགསཿ ཐུགས་རྗེ་ཐབས་མཁས་སྔོ་ལྗང་གྷསྨ་རཱིཿ ཨོ་རྒྱན་ཚལ་གྱི་མ་མོའི་དུས་ལ་བབཿ ཧཱུཾཿ ཞེ་སྡང་ཆེན་པོ་གཏན་ནས་འཇོམས་སླད་དུཿ ཞིང་མཆོག་ཙིཏྟ་དམར་པོ་ཚེམས་ཀྱིས་འདྲེནཿ ང་རྒྱལ་སེར་སྣ་སྦྱོང་མཐིང་སྨེ་ཤ་ནཱི། སིདྷའི་ཚལ་གྱི་མ་མོའི་དུས་ལ་བབཿ ཧཱུཾཿ ལོག་རྟོག་སྐྱོན་རྣམས་སོ་སོར་བསྒྲལ་སླད་དུཿ ཐུགས་རྗེའི་ཐབས་ཀྱིས་མགོ་ལུས་སོ་སོར་འདྲལཿ སེར་སྐྱ་འཇིགས་པའི་ཚུལ་ཅན་ཙཎྜ་ལཱིཿ གླིང་དགུའི་ཚལ་གྱི་མ་མོའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ ཟློག་ཅིང་བསྒྱུར་བའི་


JLAZ011_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ཐུགས་ལས་སྤྲུལ་པའི་ཁྲག་འཐུང་རིགས་ལྔ་དངཿ གནས་དང་ཡུལ་གྱི་མ་མོ་མཁའ་འགྲོའི་ཚོགསཿ དབང་མོ་ཉེར་བརྒྱད་སྒོ་སྲུང་གདོང་ཅན་བཞིཿ ཡང་དག་ཐུགས་ཀྱི་ལྷ་ཚོགས་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ལྷོ་ཕྱོགས་ཐོད་མཁར་ལྕགས་ཀྱི་ཕོ་བྲང་ནསཿ མཉམ་ཉིད་ཡེ་ཤེས་རཏྣ་ཧེ་རུ་ཀཿ ང་རྒྱལ་འཇོམས་པའི་དཔའ་བོ་ཆེན་པོ་སྟེཿ འཇམ་དཔལ་སྐུ་ཡི་ལྷ་ཚོགས་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ


JLAZ011_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ཆོས་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་ནསཿ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདནཿ ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲིཿ ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ནསཿ སྲོག་བདུད་ཚེ་བདག་ནག་པོ་སྐུ་བཞེངས་ཤིགཿ ཧཱུཾཿ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲདཿ གཡས་དཀར་ཀླུ་བརྒྱད་ཞལ་དུ་གསོལཿ གཡོན་དམར་ཀླུ་འབུམ་གཉན་ཁྲི་གསོལཿ དབུས་ཞལ་མཐིང་ནག་རྔམ་པ་ཡིསཿ སྐུ་དགྲར་གྱུར་བའི་ལས་ངན་དངཿ ས་བདག་ཀླུ་སྲིན་སྡེ་བརྒྱད་ཀྱིཿ དབང་པོ་ལྔ་དང་ཙིཏྟ་གསོལཿ ཕྱག་དྲུག་མཚོན་ཆ་འབར་བ་ཡིསཿ ཞེ་སྡང་ཀླུ་གཉན་ས་བདག་དངཿ དགྲ་བགེགས་མགོ་ལུས་ཚལ་པར་གཤོགསཿ སྐུ་ལ་དུར་ཁྲོད་རྒྱན་ཆས་དངཿ ཀླུ་ཆེན་བརྒྱད་ཀྱི་མགོ་བཅད་ནསཿ དོ་ཤལ་སྙིང་གི་ཕྲེང་བས་བརྒྱནཿ མཆེ་བ་དགུ་ཁྲི་རྩང་ཕུར་གཏམསཿ སྤྱན་ནས་དུག་གི་ཚྭ་ཚྭ་འཕྲོཿ དབུ་སྐྲ་དམར་སེར་བ་སྤུ་ལསཿ གདུག་རྩུབ་དམར་ནག་མེ་ཆེན་འབརཿ དམ་ཉམས་དགྲ་སྡིག་ཅན་དངཿ གདུག་པའི་ཀླུ་གཉན་ས་བདག་བསྲེགསཿ གང་ལ་བྱ་བ་ཁྱོད་ཤེས་ཀྱིསཿ དམིགས་པ་གང་ཡིན་


JLAZ011_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་སྒྲོལཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ གཡོན་གྱི་ཕྱོགས་ནས་ཡུམ་གཅིག་མཿ བདུད་མོ་གསོད་བྱེད་རྒྱལ་མོ་ནིཿ སྐུ་མདོག་མཐིང་ནག་འཇིག་པ་ལཿ དབུ་ལ་སྦྲུལ་ནག་རལ་པས་གཏིབསཿ ཞལ་ནས་མི་རོ་རྟ་རོ་བྲུལཿ སྤྱན་ནས་ཁྲག་འཛག་ཐུ་ལུ་ལུཿ ཤངས་ནས་རླུང་ནག་འཚུབས་མར་འཁྱིལཿ གཡས་པ་དགྲ་བོའི་སྙིང་ཕྱུང་འཁྱུདཿ གཡོན་པ་དུང་དམར་སྙིང་ཁྲག་སྟོབཿ དྲག་ཏུ་བསྐུལ་ཞིང་རྦད་ཙ་ནཿ མ་མོའི་ཀི་ཀང་དགྲ་ལ་འདེབསཿ མོ་གདོན་འབུམ་སྡེ་གཟིར་ཞིང་འཇོམསཿ གང་ལ་བྱ་བ་ཁྱོད་ཤེས་ཀྱིསཿ དམིགས་པ་གང་ཡིན་མྱུར་དུ་སྒྲོལཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཚེ་བདག་ཐུགས་ཀྱི་དཀྱིལ་འཁོར་ནསཿ གསོད་བྱེད་ཡ་མ་རཱ་ཙ་ནིཿ སྐུ་མདོག་སྨུག་ནག་འཇིགས་ཚུལ་ཅནཿ རྔམ་ཞིང་དྲེགས་པའི་ཆ་བྱད་ཀྱིསཿ སྡེ་བརྒྱད་ཀུན་གྱི་སྦྱོར་བ་འདོམསཿ བསྐུལ་ཞིང་དྲག་ཏུ་རྦད་ཙ་ནཿ ས་བདག་ཀླུ་གཉན་གཟིར་ཞིང་གནོནཿ གང་ལ་བྱ་བ་ཁྱོད་ཤེས་ཀྱིསཿ དམིགས་པ་གང་ཡིན་མྱུར་དུ་སྒྲོལཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་


JLAZ011_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛོདཿ ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནསཿ དྲེགས་པ་ཕྱག་ན་རྡོ་རྗེ་ནིཿ ལྗག་ནག་ཕྲིན་ལས་སྣ་ཚོགས་སྟོནཿ གང་ལ་བྱ་བ་ཁྱོད་ཤེས་ཀྱིསཿ དམིགས་པ་གང་ཡིན་མྱུར་དུ་སྒྲོལཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནསཿ རུས་སྦལ་རྔམ་པ་མི་ཟན་ནིཿ ཆགས་སྡག་ལྔ་ཡི་རྩ་བ་གཅོདཿ དཀོན་མཆོག་དབུ་འཕང་སྨད་པ་དངཿ རྒྱལ་བའི་བཀའ་གཅོག་དམ་ལས་འགལཿ སྡང་བའི་དགྲ་དང་གནོད་པའི་བགེགསཿ གཤེད་ཀྱི་གསང་མཛོད་རྭ་བར་ཆུགཿཚེ་བདག་ནག་པོའི་སྤྱི་གཙུག་ནཿ བྱ་ཁྱུང་རྒྱལ་པོ་མཐུ་བོ་ཆེཿ འཁོར་ལོའབར་བའི་གཤོག་རྩེ་ཡིསཿ ཉམས་པའི་མགོ་ལུས་ཚལ་པར་གཤོགསཿ སྟག་དང་སེང་གེ་རྔམ་པ་དངཿ ཞེ་སྡང་དུག་སྦྲུལ་ནག་པོ་གཉིསཿ ཁ་ནས་མེ་འབར་དུག་ལྔ་བསྲེགསཿ དམིགས་པ་གང་ཡིན་མངོན་དུ་སྒྲོལཿ ཧེ་ལེ་ཁྱབ་པ་ཤར་གྱི་བདུདཿ བདུད་མོ་མཁའ་འགྲོ་རལ་གཅིག་མཿ སོ་འདར་འཁྲིག་པ་ལྷོ་ཡི་བདུདཿ བདུད་མོ་ཁྲག་འཐོར་མྱོས་བྱེད་མཿ ནག་པོ་འཛུམ་མེད་ནུབ་ཀྱི་བདུདཿ བདུད་མོ་རྡོ་རྗེ་མཆེ་གཙིག་མཿ རལ་པ་སྤྱི་བཅིངས་བྱང་གི་བདུདཿ བདུད་མོ་ལས་ཀྱི་ཁྲོ་གཉེར་མཿ རྒྱ་


JLAZ011_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཆེན་པོའི་གཏིང་རུམ་དངཿ ལྕགས་མཁར་སྒོ་མེད་འོབས་ནང་ནཿ གཤིན་རྗེ་བྱེ་བ་དགུ་ཁྲི་བཞུགསཿ དྲག་ཏུ་བསྐུལ་ཞིང་རྦད་ཙ་ནཿ སྟོག་གསུམ་ཤ་ལ་རོལ་ཞིང་གསོལཿ དགྲ་བོའི་ཤ་ལ་ད་རོལ་ཅིགཿ སྟོང་གསུམ་ཁྲག་ལ་མྱོས་ཤིང་འཐུངསཿ དགྲ་བོའི་ཁྲག་ལ་ད་རོལ་ཅིགཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ གནམ་ས་རི་ཀླུང་ལྡོག་ཅིང་འོངཿ རི་རབ་སྒོང་རྡོར་འཕེན་ཞིང་འོངཿ དམ་ཉམས་དགྲ་ལ་ཟོར་ཐུན་རྒྱོབཿ དགྲ་བོའི་ཁོངས་ནས་ཙིཏྟ་ཕྱུངསཿ སྟོང་གསུམ་ནད་ཀྱི་དྲ་བར་ཆུགཿ དམ་ཉམས་དགྲ་ལ་རིམས་ནད་ཕོབཿ སྣང་སྲིད་བྷྱོ་བཟློག་མེ་ཡིས་སྲེགསཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ ནུབ་ཕྱོགས་ཟླ་གམ་དབང་གི་དཀྱིལ་འཁོར་ནསཿ སོར་རྟོགས་ཡེ་ཤེས་པདྨ་ཧེ་རུ་ཀཿ འདོད་ཆགས་འཇོམས་པའི་དཔའ་བོ་ཆེན་པོ་སྟེཿ པདྨ་གསུང་གི་ལྷ་ཚོགས་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་


JLAZ011_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ དམར་ནག་ཟླ་གམ་འབར་བའི་དཀྱིལ་འཁོར་ནསཿ རྟ་མགྲིན་རྒྱལ་པོ་དྲེགས་པ་འདུལ་བའི་ལྷཿ སྐུ་མདོག་དམར་པོ་མེ་དཔུང་འབར་བ་འདྲཿ འབར་བའི་ཕྱག་ན་གདུག་པའི་ཕྱག་མཚན་འཛིནཿ གདུག་བྱེད་ཞབས་ཀྱིས་ཀླུ་ཚོགས་གདན་དུ་བཏིངཿ ན་བཟའ་འབར་བ་སྐུ་ཡི་རྒྱན་དུ་སྟོནཿ གླང་ཆེན་ཀོ་རློན་བརྗིད་པ་སྐུ་ཡི་ཆསཿ ཞིང་ལྤགས་གཡང་གཞི་དག་པ་གསུང་གི་ཆསཿ སྟག་ལྤགས་དཔའ་བར་འགྲོ་བ་ཐུགས་ཀྱི་ཆསཿ གདུ་བུ་དཔུང་རྒྱན་སྦྲུལ་ནག་ཟིལ་གནོན་ཆསཿ རྡོ་རྗེ་གཤོག་པ་གདུག་པ་ཟིལ་གནོན་ཆསཿ བྱ་ཁྲུང་འབར་བས་ཀླུ་གཉན་སྤུམ་བུར་འཐུཿ མཆེ་གཙིག་རྐན་སྒྲས་བདུད་དཔུང་ཟིལ་ཀྱིས་གནོནཿ དབུ་གཙུག་རྟ་སྐད་ལྷང་ལྷང་འཚེར་བ་ཡིསཿ ངན་སོང་གནས་སྟོང་ཡེ་ཤེས་དོན་ལ་བསྐུལཿ ཡེ་ཤེས་མ་མོ་མཁའ་འགྲོ་ཕོ་ཉར་འགྱེདཿ ཁྲོ་ཆུག་འབར་བས་བ་སྤུའི་བུ་ག་གཏམསཿ མཆེ་བ་རྣོན་པོས་སྐྱེ་ཤི་རྩད་ནས་གཅོདཿ སྤྱན་མིག་ལྡོག་བས་ཁམས་གསུམ་བྲན་དུ་བཀོལཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་


JLAZ011_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ དམུས་ལོང་སུམ་ཅུ་རྩ་གཉིས་ནིཿ རིགས་ཀྱི་སངས་རྒྱས་ཀུན་ལ་བསྐོརཿ ཞིང་ཁམས་ཆེན་པོ་ཡོངས་སུ་སྐྱོངཿ འབར་བའི་ལས་ཀུན་སྒྲུབ་པར་བྱེདཿ དཔལ་གྱི་དགྱེས་པ་རབ་ཏུ་སྐོངཿ མི་བཟད་འབར་བའི་སྐུ་ལུས་ནིཿ ར་རི་གདོང་ལ་ཀེང་ཐོད་འཛིནཿ རིག་པ་ཆོས་ཉིད་དང་དུ་ཤརཿ འཕྲོ་འདུའི་དགོངས་པས་འགྲོ་དོན་མཛདཿ གར་སྟབས་བྱེད་ཅིང་གདུག་རྩུབ་འཇོམསཿ སྒྲ་མེད་ཁོང་ནས་འབྲུག་སྟོང་ལྡིརཿ སྙན་མེད་ཡེ་ཤེས་ཁོང་ནས་གསལཿ མིག་མེད་ཡེ་ཤེས་ཁོང་ནས་བལྟཿ མངོན་ཤེས་བྱང་ཆུབ་དོན་དུ་གསལཿ སྣ་མེད་དྲི་ཡང་ཁོང་ནས་མྱོངཿ ལྕེ་མེད་རོ་ནི་བདེ་བར་ལྡནཿ ཧཱུཾཿ ཤར་ནས་ལོང་བ་བརྒྱད་དུ་བྱུངཿ ཆིབས་སུ་སྟག་གུ་རི་བཀྲ་ཆིབསཿ གང་དུ་མངགས་པའི་ས་ཕྱོགས་དེརཿ གཟའ་རྒོད་མིག་དམར་ཆར་དུ་འབེབསཿ རྡོ་རྗེ་རིགས་ཀྱི་ཞིང་ཁམས་སྐྱོངཿ ཧཱུཾཿ ལྷོ་ནས་ལོང་བ་བརྒྱད་དུ་བྱུངཿ ཆིབས་སུ་གཟིག་མོ་ཐིག་ལེ་ཆིབསཿ གང་དུ་


JLAZ011_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མངགས་པའི་ས་ཕྱོགས་དེརཿ སྐར་མདའ་མང་པོ་ཆར་དུ་འབེབསཿ རིན་ཆེན་རིགས་ཀྱི་ཞིང་ཁམས་སྐྱོངཿ ཧཱུཾཿ ནུབ་ནས་ལོང་བ་བརྒྱད་དུ་བྱུངཿ ཆིབས་སུ་ཆུ་གླང་སྔོན་པོ་ཆིབསཿ གང་དུ་མངགས་པའི་ས་ཕྱོགས་དེརཿ ཐོག་ཆེན་བར་སྣང་ཐིག་ཏུ་འདྲེནཿ པདྨ་རིགས་ཀྱི་ཞིང་ཁམས་སྐྱོངཿ ཧཱུཾཿ བྱང་ནས་ལོང་བ་བརྒྱད་དུ་བྱུངཿ ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབསཿ གང་དུ་མངགས་པའི་ས་ཕྱོགས་དེརཿ ལྕགས་ཀྱི་ཚྭ་ཚྭ་སྐར་ལྟར་འཁྲུགསཿ ལས་ཀྱི་རིགས་ཀྱི་ཞིང་ཁམས་སྐྱོངཿ དམུས་ལོང་འཁོར་བའི་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧུཾཿ སྲིད་གསུམ་གདུག་པ་བསྒྲལ་བའི་ཕྱིརཿ དཔལ་གྱི་ཁྱི་བརྒྱད་ལས་ལ་ཁྱིཿ ཟས་སུ་གཙང་དམེ་མེད་པར་ཟཿ ཁྱད་པར་མཾ་ས་ཤ་ཆེན་ཞིམཿ སྐོམ་དུ་ཁ་མངར་མེད་པར་འཐུངསཿ ཁྱད་པར་ཁྲག་དང་དྲི་ཆུས་ངོམསཿ བང་ནི་ངལ་དུབ་མེད་པར་རྒྱུགཿ ཁྱད་པར་གསང་བའི་དཀྱིལ་འཁོར་སྐྱོངཿ ཧཱུཾཿ ཤར་གྱི་ཕྱོགས་ནས་རྒྱུག་པའི་ཁྱིཿ དྲི་ཟ་འདུལ་ཕྱིར་འབྲུག་སྒྲ་ལྡིརཿ འབྲུག་སྒྲ་ལྡིར་ཞིང་ལྷ་ཆེན་འདུལཿ ལྷོ་ཡི་ཕྱོགས་ནས་རྒྱུག་པའི་ཁྱིཿ གློག་དམར་ལྗིབས་ཤིང་གཤིན་


JLAZ011_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གནོནཿ གཤིན་རྗེའི་རྒྱལ་མོའི་ཤ་ཟ་མོཿ ནུབ་ཀྱི་ཕྱོགས་ནས་རྒྱུག་པའི་ཁྱིཿ རྡོ་རྗེ་ཁྱུང་འབྲུག་ཀླུ་གདོན་འདུལཿ ཀླུ་ཕྲུག་སྟོང་གི་སྙིང་འབྱིན་པོཿ བྱང་གི་ཕྱོགས་ནས་རྒྱུག་པའི་ཁྱིཿ གནོད་སྦྱིན་རྒལ་ཚིགས་དྲ་བ་འཇོམསཿ གནོད་སྦྱིན་སྟོང་གི་སྙིང་འབྱིན་པོཿ ཤར་ལྷོ་མཚམས་ནས་རྒྱུག་པའི་ཁྱིཿ དྲང་སྲོང་མེ་ལྷ་དཔུང་སྒྲོན་ཅིངཿ མེ་ལྷའི་གདོན་གྱི་སྙིང་འབྱིན་མཿ ལྷོ་ནུབ་མཚམས་ནས་རྒྱུག་པའི་ཁྱིཿ སྲིན་པོའི་ཐོད་རུས་ཟས་སུ་ཟཿ སྲིན་མོའི་ཁྲག་འཐུང་དབང་མོ་ཆེཿ ནུབ་བྱང་མཚམས་ནས་རྒྱུག་པའི་ཁྱིཿ རླུང་ལྷའི་གདོན་གྱི་བ་དན་གཅོདཿ རླུང་ལྷ་སྟོང་གི་སྙིང་འབྱིན་མཿ བྱང་ཤར་མཚམས་ནས་རྒྱུག་པའི་ཁྱིཿ ཉི་ཟླ་གཟའ་སྐར་ཁ་རཾ་ཁཱཿ དབང་ལྡན་སྟོང་གི་སྙིང་འབྱིན་མོཿ ཀུན་ཀྱང་མི་བཟད་ཅི་འདྲ་ནཿ རལ་པ་སེར་སྤྲིན་འཁྲིགས་པ་འདྲཿ མིག་ནས་ཁྲག་འཛགས་ཐུ་ལུ་ལུཿ སྣ་ནས་འཐོར་རླུང་བུ་ཡུག་འཚུབསཿ སྙན་ཆ་ཨ་ལོང་ཁྲ་ལ་ལཿ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུའིཿ གདུག་པའི་དགྲ་གེགས་རྡུལ་དུ་རློགཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ ཡེ་ཤེས་རྟགས་ཀྱི་ཕོ་ཉ་


JLAZ011_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མོཿ འབར་བ་ཐུགས་ཀྱི་དཀྱིལ་འཁོར་ནསཿ སྤྱང་མོ་མི་བཟད་རྔམ་སྟབས་ཅནཿ སྐུ་ནི་སྤྱང་མོ་འབར་བ་ལཿ རལ་པ་སྔོན་པོ་སི་ལི་ལིཿ བ་སྤུ་རྩང་ཕུར་ཏ་ལ་ལཿ མཇུག་མ་ལྕགས་ཀྱི་སོག་ལེ་འདྲཿ མཆི་མ་ཁྲག་ཏུ་འཐིགས་པ་ལསཿ སྤྱང་མོ་རྔམས་པ་བརྒྱད་བྱུང་སྟེཿ དྲག་པོའི་ང་རོ་སྒྲོགས་པ་ཡིསཿ སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐུལཿ འགྲོ་བ་ཀུན་ལ་སྙན་པར་སྒྲོགསཿ ངན་སོང་གནས་རྣམས་འཇོམསཔར་བྱེདཿ སྲིད་པའི་རོལ་རྣམས་གཤོལ་བས་གཤའཿ དཔལ་གྱི་ཞིང་ཁམས་ཆེན་པོ་སྐྱོངཿ སངས་རྒྱས་རྣམས་ཀྱི་ཐུགས་དམ་སྐོངཿ ཏ་ན་ག་ནའི་ཕྲིན་ལས་བྱེདཿ སྐྱེ་ཤི་མེད་པའི་ལས་ལ་སྦྱོརཿ འཆིང་གྲོལ་མེད་པའི་འབྲས་བུ་འགྲུབཿ ཤར་གྱི་ཕྱོགས་སུ་རྒྱུག་པའི་ཚེཿ དྲི་ཟའི་གྲོང་ཁྱེར་གཏན་ནས་འཇོམསཿ ལྷོ་ཡི་ཕྱོགས་སུ་རྒྱུག་པའི་ཚེཿ གཤིན་རྗེའི་སྲོག་ཀྱང་འཕྲོག་པར་བྱེདཿ ནུབ་ཀྱི་ཕྱོགས་སུ་རྒྱུག་པའི་ཚེཿ ཀླུ་དབང་གདོན་རྣམས་གཏན་ནས་རློགཿ བྱང་གི་ཕྱོགས་ནས་རྒྱུག་པའི་ཚེཿ གནོད་སྦྱིན་མ་རུངས་གདུག་རྩུབ་འཇོམསཿ ཤར་ལྷོ་མཚམས་སུ་རྒྱུག་པའི་ཚེཿ དྲང་སྲོང་མེ་ལྷ་གནས་སུ་སྒྲོལཿ ལྷོ་ནུབ་མཚམས་སུ་རྒྱུག་པའི་ཚེཿ སྲིན་པོའི་


JLAZ011_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་རྣམས་ཚར་གཅོད་འཇོམསཿ ནུབ་བྱང་མཚམས་སུ་རྒྱུག་པའི་ཚེཿ རླུང་ལྷ་འི་གདོན་རྣམས་ཉལ་ཐག་གཅོདཿ བྱང་ཤར་མཚམས་སུ་རྒྱུག་པའི་ཚེཿ དབང་ལྡན་འབྱུང་བོ་ཚུལ་བཞིན་སྒྲོལཿ ཡེ་ཤེས་སྤྱང་བརྒྱད་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ བྱ་ཡི་བརྟུལ་ཞུགས་ཆེན་པོ་ནིཿ རྡོ་རྗེའི་གཤོག་པ་གདེངས་པ་ཡིསཿ ཁམས་གསུམ་མ་ལུས་ཟིལ་གྱིས་གནོནཿ རྡོ་རྗེའི་སྡེར་མི་བཅུམས་པ་ཡིསཿ སྲིད་གསུམ་མ་ལུས་ཟས་སུ་རྔམསཿ གཅན་གྱི་མཆོག་སྟེ་ཀླུ་རྣམས་ཟཿ དེ་ཕྱིར་ཁྱུང་ཆེན་གཟན་ལ་རོལཿ རྒྱུད་དྲུག་ཅིག་ཅར་ཁྱུད་མིད་བྱེདཿ གནམ་རུ་སྟོན་པའི་བྱིན་རླབས་ལསཿ ཁ་དོག་ལྔལྡན་ཁྱུང་གི་ཚོགསཿ ལ་ལ་འཇོལ་ཞིང་ལ་ལ་ལྡིངཿ ལ་ལ་འབབ་ཅིང་ལ་ལ་རོལཿ ཤ་ཆེན་ལ་སོགས་བཞེས་ནས་ཀྱངཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ སྒོ་བཞི་ཡེ་ཤེས་འབར་བའི་ཚོགསཿ གཞལ་ཡས་དབང་གི་ཤར་སྒོ་ནསཿ པདྨ་ཞིང་ཆུང་གདན་སྟེང་ནཿ ཁྲོ་བོ་མགོ་དགུ་རྐང་གཅིག་པཿ གཡས་གཡོན་ལྕགས་ཀྱུ་དགྲ་སྟ་བསྣམསཿ ཤར་ནས་ཞི་


JLAZ011_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་མཛོད་ཅིགཿ གཞལ་ཡས་དབང་གི་ལྷོ་སྒོ་ནསཿ པདྨ་ཞིང་ཆུང་གདན་སྟེང་ནཿ ཁྲོ་བོ་མགོ་བདུན་རྐང་གཅིག་པཿ གཡས་པ་ཞགས་པ་གཡོན་པ་མདའཿ རྒྱས་པའི་ཕྲིན་ལས་གྲུབ་པར་མཛོདཿ གཞལ་ཡས་དབང་གི་ནུབ་སྒོ་ནསཿ པདྨ་ཞིང་ཆུང་གདན་སྟེང་ནཿ ཁྲོ་བོ་མགོ་ལྔ་རྐང་གཅིག་པཿ གཡས་པ་ལྕགས་སྒྲོག་གཡོན་རང་རྟགསཿ དབང་གི་ཕྲིན་ལས་གྲུབ་པར་མཛོདཿ གཞལ་ཡས་དབང་གི་བྱང་སྒོ་ནསཿ པདྨ་ཞིང་ཆུང་གདན་སྟེང་ནཿ ཁྲོ་བོ་མགོ་གསུམ་རྐང་གཅིག་པཿ གཡས་པ་དྲིལ་བུ་གཡོན་ཐོ་བཿ དྲག་པོའི་ཕྲིན་ལས་གྲུབ་པར་མཛོདཿ ཧཱུཾཿ བྱང་ཕྱོགས་ལྗང་ནག་གྲུབ་གསུམ་དཀྱིལ་འཁོར་ནསཿ བྱ་གྲུབ་ཡེ་ཤེས་ཀརྨ་ཧེ་རུ་ཀཿ ཕྲག་དོག་འཇོམས་པའི་དཔའ་བོ་ཆེན་པོ་སྟེཿ ཕུར་པ་ཕྲིན་ལས་ལྷ་ཚོགས་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་


JLAZ011_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནསཿ ཕྲིན་ལས་དྲག་པོའི་རོལ་པ་ཅིར་ཡང་སྣངཿ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དངཿ དགོད་དང་གཤེ་དང་འཇིགས་པར་སྟོན་པ་དངཿ སྙིང་རྗེ་རྔམ་ཞི་རྡོ་རྗེ་གཞོན་ནུའི་ལྷཿ བདུད་བཞིའི་སྟན་ལ་འགྱིང་བས་དཔའ་བའི་ཉམསཿ དུར་ཁྲོད་ཆས་བརྒྱད་ལྡན་པས་ཤིན་ཏུ་སྒེགཿ སྐུ་ཆས་ཡན་ལག་རགས་པས་འཇིགས་སུ་རུངཿ གཡས་ཞལ་དཀར་ལ་རྔམ་པ་ཧ་ཧར་དགོདཿ གཡོན་ཞལ་དམར་ལ་གདངས་པ་དགྲ་ལ་གཤེཿ དབུས་ཞལ་མཐིང་ལ་རྔམ་པས་ལོག་འདྲེན་ཟཿ རྡོ་རྗེ་ཁྲོས་པའི་ཐུགས་ནི་ཞེ་སྡང་གཅོདཿ རྒྱུད་དྲུག་སྙིང་རྗེས་འདུལ་བས་ཤིན་ཏུ་ཞིཿ གར་དགུས་གདུག་པ་འདུལ་ཕྱིར་དབྱིངས་ནས་བཞེངསཿ བདེ་བའི་སྐུ་ལ་ཆོས་ཉིད་བསྐྱེད་པའི་ཡུལཿ འཁོར་ལོ་རྒྱས་འདེབས་སྲིད་པའི་འདོད་ཆགས་འཇོམསཿ ཞེ་སྡང་ཚུལ་གྱིས་རུ་ཏྲ་ཚར་གཅོད་པའིཿ སྒྲོལ་ཡུམ་ཨེ་ཀ་ཙ་ཏིའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་


JLAZ011_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ བདེ་སྟོང་གཉིས་མེད་སྦྱོར་བའི་མཁའ་ཀློང་ལསཿ རྟོག་ཚོགས་སྤྲུལ་པར་ཤར་བའི་སྲས་མཆོག་ནིཿ རྡོ་རྗེ་རིན་ཆེན་པདྨ་དེ་བཞིན་གཤེགསཿ ལས་ཀྱི་རིགས་ཆེན་དཀྱིལ་འཁོར་ཡོངས་རྫོགས་བདགཿ སྲིད་པ་རྡོ་རྗེ་ཕུར་བུར་སྒྲུབ་པའི་དབྱིབསཿ ཟུར་གསུམ་དབལ་གྱིས་དུག་གསུམ་རྩ་བ་གཅོདཿ སྦལ་སྦྲུལ་སྡོམ་སྡིག་མང་པོ་ཀླུ་གཤེད་འབེབསཿ འགྲོ་བ་རྒྱུད་ལྔའི་རྟོག་པ་དབྱིངས་སུ་གཅོདཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ མི་དགེ་བཅུ་པོ་གནས་སུ་དག་པ་ལསཿ ཕྱོགས་མཚམས་སྟེང་འོག་འདུལ་བའི་ཁྲོ་བོ་བཅུཿ དགེ་བ་བཅུ་ཡི་ཡུམ་དང་གཉིས་མེད་སྦྱོརཿ ཀུན་གཞི་


JLAZ011_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བརྒྱད་འདུལ་ཕྱིར་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ སྟེང་གི་ཕྱོགས་ནས་ཚངས་པ་འདུལ་བའི་ལྷཿ ཡེ་ཤེས་ལྔ་ལྡན་ཁྲོ་རྒྱལ་ཧཱུཾ་ཀཱ་རཿ བྲག་ཅ་ལྟ་བུའི་སྒྲ་འབྱིན་ཡུམ་དང་རོལཿ མ་རིག་ཐ་རྒོད་སློག་པའི་ཕག་གི་མགོཿ འཁོར་བའི་འདམ་རྫབ་སྐེམ་བྱེད་སྨྲིག་བུའི་གདོངཿ སྟེང་ཕྱོགས་ལྷ་གདོན་འདུལ་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ


JLAZ011_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་གྱི་ཕྱོགས་ན་དྲི་ཟ་འདུལ་བའི་ལྷཿ འོད་གསལ་བདུད་འཇིགས་ཁྲོ་བོ་རྣམ་པར་རྒྱལཿ སྣང་བྱེད་ཆེན་པོ་རྡོ་རྗེ་སྙེམས་མ་འཁྲིལཿ སྣང་བ་དབང་བསྒྱུར་ཕྲ་མེན་སྟག་མགོ་ཅནཿ ཐོགས་མེད་ནམ་མཁའ་ལྟ་བུའི་བྱ་རྒོད་གདོངཿ ཤར་གྱི་གདོན་ཚོགས་འདུལ་བའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ཤར་ལྷོ་མཚམས་ནས་མེ་ལྷ་འདུལ་བའི་ལྷཿ ལོག་རྟོག་འཇོམས་བྱེད་དབྱུག་པ་སྔོན་པོ་སྟེཿ གཉིས་མེད་ཟུང་འཇུག་རྡོ་རྗེ་སྡེར་མོས་འཁྲིལཿ རྣམ་པར་མི་རྟོག་ཕྲ་མེན་གཡག་མགོ་ཅནཿ ཆོས་དབྱིངས་རྣམ་དག་ཕྱག་བརྙན་བྱ་རོག་གདོངཿ ཤར་ལྷོའི་གདོན་ཚོགས་འདུལ་བའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་


JLAZ011_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ལྷོ་ཡི་ཕྱོགས་ནས་ཡི་དྭགས་འདུལ་བའི་ལྷཿ གཟུང་འཛིན་གཉིས་མེད་ཁྲོ་རྒྱལ་གཤིན་རྗེའི་གཤེདཿ མཁའ་དབྱིངས་རྣམ་དག་དུར་ཁྲོད་བདག་མོ་འཁྲིལཿ སྐྱེ་འགག་གཉིས་མེད་ཕྲ་མེན་ཤ་བའི་མགོཿ མི་ཤེས་མུན་པ་ལ་གཟིགས་འུག་པའི་གདོངཿ ལྷོ་ཡི་གདོན་ཚོགས་འདུལ་བའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ལྷོ་ནུབ་མཚམས་ནས་བདེན་བྲལ་འདུལ་བའི་ལྷཿ རྡོ་རྗེ་ལྟ་བུར་བརྟན་པའི་མི་གཡོ་བཿ ཐབས་ཤེས་ཟུང་འཇུག་གཏུན་ཁུང་ཡུམ་དང་


JLAZ011_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིལཿ ཐིག་ལེ་ཉག་གཅིག་ཕྲ་མེན་གཟིག་གི་མགོཿ སྡུག་བསྔལ་མཚང་བརྟོལ་གསོད་བྱེད་ཁ་ཏྭའི་གདོངཿ ལྷོ་ནུབ་གདོན་ཚོགས་འདུལ་བའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ནུབ་ཀྱི་ཕྱོགས་ནས་ཆུ་བདག་འདུལ་བའི་ལྷཿ སྒྲ་སྙན་ལྟ་བུར་འཚེར་བའི་རྟ་མཆོག་དཔལཿ ཐིག་ལེ་སྟོང་པའི་བདག་ཉིད་གཏུམ་མོ་འཁྲིལཿ རྩོལ་སྒྲུབ་ཟིལ་གནོན་ཕྲ་མེན་བྱི་ལའི་མགོཿ འཇབ་འཕུར་ཐབས་ཤེས་འབྲེལ་བའི་པུ་ཤུད་གདོངཿ ནུབ་ཀྱི་གདོན་ཚོགས་འདུལ་བའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་


JLAZ011_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ནུབ་བྱང་མཚམས་ནས་རླུང་ལྷ་འདུལ་བའི་ལྷཿ ཉོན་མོངས་ཉེ་བའི་ཉོན་མོངས་གཞན་ལས་རྒྱལཿ མཚན་མའི་རྣམ་རྟོག་འབིགས་བྱེད་མདའ་སྙེམས་འཁྲིལཿ སྦྱོར་སྒྲོལ་དབྱིངས་སུ་དག་པའི་སྤྱང་ཀི་དངཿ ཡང་དག་ཉིད་ལྟ་གསོད་བྱེད་ཁྲ་ཡི་གདོངཿ ནུབ་བྱང་གདོན་ཚོགས་འདུལ་བའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ བྱང་གི་ཕྱོགས་ནས་གནོད་སྦྱིན་འདུལ་བའི་ལྷཿ བདེ་བ་ཆེན་པོ་བདུད་རྩི་དབྱིངས་སུ་འཁྱིལཿ གཅིག་དང་དུ་བྲལ་རླུང་འབྱིན་ཡུམ་དང་འཁྲིལཿ ཞེ་སྡང་སྐྱོན་གྱིས་མི་འཇིགས་སེངྒེའི་མགོཿ


JLAZ011_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་མཐའ་ལ་མི་གནས་ཕ་ཝང་གདོངཿ བྱང་གི་གདོན་ཚོགས་འདུལ་བའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ བྱང་ཤར་མཚམས་ནས་དབང་ལྡན་འདུལ་བའི་ལྷཿ དུས་གསུམ་ཁམས་གསུམ་ཀུན་ལས་རྣམ་པར་རྒྱལཿ གཟུང་འཛིན་གཉིས་རྟོགས་གསོད་བྱེད་ཡུམ་དང་འཁྲིལཿ ཕྲ་མེན་སྤྱོད་པ་བརླང་པོ་དོམ་གྱི་མགོཿ གང་དུ་མི་གནས་དུག་གཤོག་སྲེ་མོང་གདོངཿ བྱང་ཤར་གདོན་ཚོགས་འདུལ་བའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་


JLAZ011_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ འོག་གི་ཕྱོགས་ནས་ས་བདག་འདུལ་བའི་ལྷཿ དོན་དམ་བདེན་པ་ལ་གནས་སྟོབས་པོ་ཆེཿ མཁའ་དབྱིངས་ཀློང་དུ་བསྐྱོད་བྱེད་ཡུམ་དང་འཁྲིལཿ མཐའ་ལ་མི་གནས་ཡེ་ཤེས་ཐོགས་མེད་དྲེདཿཆོམ་རྐུན་ལས་ཀྱི་གཤོག་ཅན་བྱི་བའི་གདོངཿ འོག་ཕྱོགས་གདོན་ཚོགས་འདུལ་བའི་དུས་ལ་བབཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཛཿརྟོགས་པས་སྣང་བ་དབང་སྡུད་ལྕགས་ཀྱུ་མཿ བྱམས་པ་ཆེན་པོས་དགྲ་བགེགས་གནད་ནས་འགུགསཿ བསོད་ནམས་ཡེ་ཤེས་ཚོགས་ལྡན་པུ་ཤུད་མགོསཿ ཡུལ་ལ་མངོན་པར་རྟོག་པ་དགུག་ཏུ་གསོལཿ ཧཱུཾ། སྟོང་པ་བཅོ་བརྒྱད་ལྡན་པའི་ཞགས་པ་མཿ སྙིང་རྗེ་ཆེན་པོས་ལོག་འདྲེན་རྣམ་ཤེས་འཆིངཿ རྟོག་མེད་དོན་ལ་སྦྱོར་བ་སྐྱ་ཀའི་མགོསཿ ཆགས་སྡང་ཉོན་མོངས་


JLAZ011_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་སྡེ་འཆིང་དུ་གསོལཿ བཾཿ ཡོད་མེད་རྟག་ཆད་སྤངས་པའི་ལྕགས་སྒྲོག་མཿ དགའ་བ་ཆེན་པོས་ཤེས་སྒྲིབ་དབྱིངས་སུ་སྡོམསཿ ཆོས་ཉིད་མངོན་སུམ་མཐོང་བ་སྲིན་བྱའི་མགོསཿ གཟུག་འཛིན་ཡེ་ཤེས་དབྱིངས་སུ་སྡོམ་དུ་གསོལཿ ཧོཿ ཤེས་རབ་ཕ་རོལ་ཕྱིན་མཛད་དྲིལ་བུ་མཿ བཏང་སྙོམས་ཆེན་པོས་གྲགས་སྟོང་ཆོས་སྐུར་སྦྱོངསཿ སྒོམ་པའི་ལམ་ལས་མི་ལྡོག་ཁྲ་ཡི་མགོསཿ འགྱུར་མེད་ཆོས་སྐུའི་དབྱིངས་ལ་མྱོས་པར་གསོལཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ དཔལ་གྱི་ཕུར་སྲུང་དུས་ལ་བབཿ ལྕགས་ཀྱི་སྤྱང་མོ་མགོ་དགུ་ནིཿ ཕྱོགས་བཞིར་རྒྱུག་ཅིང་ཆོ་ངེ་འདོནཿ རྟག་ཏུ་ཤ་དང་ཁྲག་ལ་རྔམསཿ ནང་ནུབ་སེམས་ཅན་འབུམ་འབུམ་ཟཿ གང་དུ་མནོས་སར་ཡུད་ཀྱིས་སླེབསཿ དེ་འདྲའི་ལྕགས་ཀྱི་སྤྱང་མོ་ལཿ ལྕགས་ཀྱི་ཤྭ་ན་མུ་ཁ་ཞོནཿ ཤར་ལྷོ་ནུབ་བྱང་ཀུན་ཏུ་རྒྱུགཿ དྲི་ཟ་


JLAZ011_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཀླུ་དབང་དངཿ གནོད་སྦྱིན་འཁོར་བཅས་ཉལ་ཐག་གཅོདཿ མཚམས་བཞི་སྟེང་འོག་རྒྱུག་ཙ་ནཿ སོ་སོའི་དམག་དཔུང་དབང་དུ་བྱེདཿ བསྟན་པ་འཇིག་པའི་དགྲ་བོ་དངཿ ཀུན་ལ་འཚེ་བའི་གདོན་ཚོགས་ཀྱིཿ སྲོག་དབུགས་ཟ་བའི་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ དཔལ་ཆེན་ཕུར་བའི་སྲུང་མ་ནིཿ ལྕགས་ཀྱི་ཁྱི་མོ་རྐང་གསུམ་མཿ མགྱོགས་པའི་བང་གིས་སྟོང་གསུམ་བསྐོརཿ རླུང་གི་ཤུགས་ཀྱིས་ཐམས་ཅད་གནོནཿ རྫུ་འཕྲུལ་རི་རབ་ཐལ་བར་རློགཿ དེ་འདྲའི་ལྕགས་ཀྱི་ཁྱི་མོ་ལཿ ལྕགས་ཀྱི་ཤྭ་ན་མུ་ཀ་ཞོནཿ དབུ་ལ་གཡག་མགོ་ཐོད་དུ་བཅིངསཿ རྫི་རྣོ་སྲིད་གསུམ་ཀུན་ལ་གཟིགསཿ སུམ་ཅུ་རྩ་གསུམ་དབང་དུ་སྡུདཿ ཕྱོགས་བཞིའི་རྒྱལ་ཆེན་བྲན་དུ་ཁོལཿ བསྟན་པ་བཤིག་པའི་དགྲ་བོ་དངཿ ལྷ་ཀླུ་གནོད་སྦྱིན་དྲི་ཟའི་གདོནཿ གང་ལ་དམིགས་པ་ཁྱོད་ཤེས་ཀྱིསཿ མྱུར་དུ་གསོད་པའི་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ དཔལ་ཆེན་ཕུར་པའི་སྲུང་མ་ནིཿ ཟངས་ཀྱི་ཝ་མོ་རྐང་གསུམ་མཿ ཉི་མ་ཟླ་བ་དབང་དུ་སྡུདཿ སྲིན་པོའི་དོན་སྙིང་སྤར་


JLAZ011_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འདེབསཿ དེ་འདྲའི་ཟངས་ཀྱི་ཝ་མོ་ལཿ ཟངས་ཀྱི་སྲི་ལ་མུ་ཁ་ཞོནཿ སྐུ་ནི་ཟངས་ཞུན་མེ་སྟག་འཕྲོཿ འཇོལ་བེར་དམར་ནག་ལྷབ་ལྷབ་གཡོཿ དུར་ཁྲོད་ཀུན་ཏུ་རྒྱུག་ཅིང་བརྒྱལཿ དགྲ་བོའི་ཤ་དང་ཁྲག་ལ་རྔམསཿ བགེགས་རྣམས་དུས་མ་ཡིན་པར་གསོདཿ ཐུན་དམར་འབེབས་ཤིང་དལ་ཡམས་གཏོངཿ ཁྱོད་ཀྱིས་མི་སྒྲོལ་ཅི་ཡང་མེདཿ སྒྲོལ་བྱེད་ཆེན་མོའི་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ དཔལ་ཆེན་ཕུར་བའི་སྲུང་མ་ནིཿ གསེར་གྱི་འཕར་བ་ལྕེ་བརྒྱད་དེཿ ཕྱོགས་མཚམས་བརྒྱད་དུ་བརྐྱངས་པའི་ལྕེཿ རྡོ་རྗེ་རིན་ཆེན་པདྨ་དངཿ རྒྱ་གྲམ་མེ་དང་རལ་གྲི་དངཿ མདའ་མདུང་དྲག་པོ་མཚོན་གྱི་ལྕེསཿ ཕྱོགས་མཚམས་གདོན་ཚོགས་ཟིལ་གྱིས་གནོནཿ དེ་འདྲའི་གསེར་གྱི་འཕར་བ་ལཿ གསེར་གྱི་སྲི་ལ་མུ་ཁ་ཞོནཿ ཤར་ལྷོ་ནུབ་བྱང་ཁུས་བཏབ་ནསཿ སྲིད་གསུམ་སྲོག་ལ་ངུ་ཞིང་ཟུགཿ དམ་ཉམས་དགྲ་བོ་ལས་ངན་གྱིཿ ནང་ཁྲོལ་འབྱིན་པའི་དུས་ལ་བབཿ བཞི་ཀའང་སྤྲུལ་པ་ཡང་སྤྲུལ་དངཿ ཉིང་སྤྲུལ་རང་རང་གཟུགས་ཅན་འགྱེདཿ སྟོང་གསུམ་འགེངས་ཤིང་དམིགས་པ་སྒྲོལཿ ལག་པ་གཡས་ན་ཕུར་པ་དངཿ གཡོན་པ་


JLAZ011_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུས་དགྲ་སྙིང་འབྱིནཿ རོལ་ཏུ་ཁྱི་སྤྱང་འཕར་བ་ཁྲིདཿ ཉམས་པ་གང་ཡིན་སྙིང་རྩ་ཆོདཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ རང་རྒྱུད་ཅན་དུ་སྟོན་པའི་ཚེཿ ས་བདག་ཆེན་མོ་བཞི་རུ་སྟོནཿ དེ་བྱིན་གཟའ་ཡི་བུ་མོ་ནིཿ སྐུ་མདོག་སེར་ནག་བེར་ནག་གསོལཿ རལ་པ་ཉིལ་ཞིང་གཟའ་རྣམས་སྡུདཿ གཟའ་འདུལ་ཀེ་ཀང་ཟིལ་གྱིས་གནོནཿ ཆིབས་སུ་གཟའ་རྟ་ཞུར་པོ་ཆིབསཿ གཟའ་རྒོད་འདུལ་བའི་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ བསེ་བྱིན་བཙན་གྱི་བུ་མོ་ནིཿ ཆིབས་སུ་བཙན་རྟ་དམར་པོ་ཆིབསཿ དམར་ནག་བེར་ཆེན་སྐུ་ལ་གསོལཿ བཙན་རྣམས་དབང་སྡུད་ཟིལ་གྱིས་གནོནཿ སྙན་ཆ་རིན་ཆེན་གསེར་དུ་འཁྲོལཿ བ་སྤུ་ལྕགས་ཀྱུ་ལྟར་འཛིངས་པསཿ ཉམས་པ་བཟུང་ནས་འཆོར་མི་སྲིདཿ བཙན་རྣམས་འདུལ་བའི་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ ཡ་བྱིན་བདུད་ཀྱི་བུ་མོ་ནིཿ མཐིང་ནག་བདུད་རྟ་སྔོན་པོ་ཆིབསཿ རང་མདོག་བེར་ཆེན་སྐུ་ལ་གསོལཿ རལ་པ་ཕུར་པའི་ལན་ཚར་ཅནཿ གཡས་ན་གྲི་ཐོགས་དམ་ཉམས་བཤའཿ


JLAZ011_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་མི་སྙིང་རྩེ་ནས་ཟཿ ཤན་པ་ཆེན་མོའི་དུས་ལ་བབཿ བདུད་ཀྱི་དཔུང་ཚོགས་ཆམ་ལ་ཕོབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ ཕག་བྱིན་ཀླུ་ཡི་བུ་མོ་ལྗངཿ ཀླུ་རྟ་རང་མདོག་ཆིབས་སུ་བཅིབསཿ ལྗང་ནག་བེར་དང་རལ་པས་བརྒྱནཿ བ་སྤུ་འཛིངས་ཤིང་ཅོད་པཎ་འཕུརཿ ཀླུ་རྣམས་དབང་སྡུད་ཟིལ་གྱིས་གནོནཿ གསུམ་ཀའང་ཕུར་པ་ལྕགས་ཀྱུ་བསྣམསཿ རང་རང་རིགས་ཀྱི་གདོན་ཚོགས་འདུལཿ དམ་ཉམས་སྒྲོལ་བའི་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ བདག་ཉིད་ཆེན་མོ་རེ་མ་ཏིཿ ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབསཿ ཞལ་གདངས་མཆེ་གཙིགས་གདུག་པ་སྒྲོལཿ ཁྱུང་ལ་མངའ་མཛད་སྤྲུལ་པ་འགྱེདཿ སྲིད་པ་གསུམ་ཡང་སྡེར་མོས་གནོནཿ མ་རུངས་འབྱུང་པོ་ཐལ་བར་རློགཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ བདག་ཉིད་ཆེན་མོ་རེ་མ་ཛཿ ཆིབས་སུ་ཤྭ་བ་ཡུ་མོ་ཆིབསཿ ཞིང་ལྤགས་རློན་པའི་གཡང་གཞི་གསོལཿ གདུག་པ་རྩད་གཅོད་སྲིན་མོའི་ཆསཿ སྤྲུལ་པ་རླུང་ནག་འཚུབས་མ་འགྱེདཿ དམ་ཉམས་བསྒྲལ་བའི་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་


JLAZ011_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཛོདཿ ཧཱུཾཿ བདག་ཉིད་ཆེན་མོ་རེ་མ་ཛུཿ ཆིབས་སུ་ཆུ་གླང་སྔོན་པོ་ཆིབསཿ ནད་དོ་ཅོག་གི་སྣ་འདྲེན་ཅིངཿ འབྱུང་པོ་ཐམས་ཅད་ཟིལ་གྱིས་གནོནཿ ཉི་མ་ཟླ་བ་དབང་དུ་སྡུདཿ ཁ་རླངས་ཐམས་ཅད་ནད་དུ་འབརཿ དགྲ་བགེགས་སྒྲོལ་བའི་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ བདག་ཉིད་ཆེན་མོ་རེ་མ་དུཿ ཆིབས་སུ་དྲིལ་རྟ་རྐང་གསུམ་ཆིབསཿ སྐུ་མདོག་ནག་མོ་འཇིགས་པ་ལཿ སྐུ་ལ་གློག་གི་མེ་སྟག་འཕྲོཿ སྤྱན་མིག་དམར་པོ་ཟངས་སུ་འབརཿ གང་དུ་བལྟས་པ་མེ་རུ་འབརཿ རཀྴ་སྲིན་པོའི་དོན་སྙིང་འབྱིནཿ རལ་པ་བསིགས་པས་སྟོང་ཁམས་འཁྲུགསཿ ཀུན་ཀྱང་ཕུར་བ་ཁྲམ་ཤིང་འཛིནཿ ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལཿ མཚོན་དྲུ་ནད་རྐྱལ་ཤོ་རྡེའུ་བཀལཿ སྤྲུལ་པས་སྟོང་གསུམ་ཁྱབ་པར་འགྱེདཿ དམ་ཉམས་བསྒྲལ་བའི་དུས་ལ་བབཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ རང་རང་རིགས་ཀྱི་མང་པོ་ནིཿ རྒྱལ་པོ་དཀར་པོ་གིང་དཀར་ཕུརཿ བསེ་ཡི་སྐྱེས་བུ་དམར་པོ་འཇིགསཿ བསེ་མདའ་བསེ་གཞུ་ཕུར་པ་འདྲིལཿ མ་ཧཱ་ཀ་ལ་མདོག་ནག་སྟེཿ བེ་ཅོན་ཕུར་པ་བརྒྱན་དང་ལྡནཿ ཆིབས་སམ་ཡང་ན་རྐྱང་པར་སྟོནཿ སངས་རྒྱས་བསྟན་


JLAZ011_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཤིག་པ་དངཿ དཀོན་མཆོག་སྐུ་དགྲ་དབེན་རྩ་འཇོམསཿ ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲཿ རྣལ་འབྱོར་འཇོམས་པ་ལ་སོགས་པཿ བསད་དང་དབབ་དང་ནད་ངན་གྱིསཿ ཅི་ནས་བརླག་པར་ཁྱོད་ཀྱིས་གྱིསཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུཾཿ ཤར་ལྷོ་སྲིད་པ་བདེ་འགྲོའི་དཀྱིལ་འཁོར་ནསཿ ཀློང་འགྱུར་ཡེ་ཤེས་བླ་མེད་ཧེ་རུ་ཀཿ ཡུལ་དྲུག་དབྱིངས་ལ་སྦྱོར་བའི་མ་ལྔ་དངཿ རྗེ་མོ་བཅུ་བཞི་སྨན་མོ་ལྔ་བཅུ་བརྒྱདཿ སྲིང་མོ་སྒོ་མའི་ཚོགས་རྣམས་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ས་ཡི་རང་བཞིན་སངས་རྒྱས་སྤྱན་མའི་ཁམསཿ ཆུ་ནི་མཱ་མ་ཀཱི་དང་མེ་གོས་དཀརཿ རླུང་ནི་གཡོ་བའི་དབྱིངས་ཏེ་དམ་ཚིག་སྒྲོལཿ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་ཆེན་པོ་སྟེཿ སྲིད་པ་གསུམ་ནི་སྣང་སྲིད་མ་མོའི་དལཿ མ་ནི་རྒྱལ་བ་ཀུན་གྱི་བྱང་ཆུབ་


JLAZ011_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སེམསཿ མོ་ནི་རང་བྱུང་ཡེ་ཤེས་ཀློང་ལྔའི་དབྱིངསཿ དེ་ཕྱིར་སྲིད་པ་མ་མོའི་དཀྱིལ་འཁོར་ནིཿ སྣང་སྲིད་ཐམས་ཅད་བསྐྱེད་ཅིང་སྡུད་པའི་གཞིཿ ཡབ་དང་ཡུམ་དུ་རྟོག་པ་མི་མངའ་ཡངཿ ཐབས་དང་ཤེས་རབ་འབྲེལ་བར་བསྟན་ནས་ཀྱངཿ བྱད་དང་རྦོད་གཏོང་ཀུན་གྱི་བདག་པོར་བཞེངསཿ དགྲ་བགེགས་ཁྲམ་ལ་འདེབས་པའི་དུས་ལ་བབཿ འབྱུང་བ་དགྲ་གཤེད་འཁྲུག་པའི་ནད་དལ་རིམསཿ བརྟན་གཡོའི་རྟེན་འབྲེལ་ལོག་པའི་མི་མཐུན་རྐྱེནཿ ལོ་དགྲ་སད་སེར་ཐོག་དང་ས་གཡོས་སོགསཿ བྱུར་དང་བསྐལ་པ་ངན་པ་མཐའ་དག་ཀུནཿ དམ་ཉམས་དགྲ་བོའི་སྟེང་དུ་བྷྱོ་བཟློག་སྒྱུརཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ བཅོམ་ལྡན་བླ་མེད་ཧེ་རུ་ཀཿ གཡས་དཀར་གཡོན་དམར་དབུས་མཐིང་ཞལཿ རྡོ་རྗེ་ཁྱུང་དང་སྦྲུལ་ཞག་གཡསཿ བྷནྡྷ་ཞིང་དང་གའུ་གཡོནཿ སྲིད་


JLAZ011_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མ་མོ་ཞབས་བཞིས་གཟིརཿ བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོནཿ མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྱིལཿ དབུ་གཅིག་ཞལ་ལྔ་སྲིད་པ་གསལཿ རྡོ་རྗེ་དྲིལ་བུ་དྲིལ་ཞག་དངཿ བྷནྡྷ་བདུད་རྩི་གཡང་གཞི་བསྣམསཿ སྣ་ཚོགས་འགྱུར་བའི་སྐུ་མདོག་ལཿ གཉིས་མེད་བདེ་བས་ཡབ་གཅིག་སྦྱོརཿ ཧཱུཾཿ སྣ་ཚོགས་མདོག་ཅན་སྲིད་པའི་བུ་མོ་ནིཿ རྟག་པའི་རྒྱལ་མོ་དཔལ་ལྡན་དབུ་དགུ་མཿ གླིང་ཆེན་བཞི་དང་ས་གཞིའི་དབང་མོ་ཆེཿ རི་རབ་རྒྱ་མཚོ་ལ་དབང་གློག་མ་སྤྲིནཿ གནམ་གྱི་ཡེ་རྡར་ས་ཡི་ཕུང་བྱེད་ནགཿ རྣམ་འགྱུར་སྣ་ཚོགས་མ་ངེས་ཕྱག་མཚན་འཛིནཿ ལ་ལ་མེ་ལོང་བྷནྡྷ་སྐམ་རློན་ཐོགསཿ རྩིས་ཀྱི་མ་བདུན་གསང་བའི་མ་མོ་གསུམཿ ཝ་དང་ཁྱི་སྤྱང་འུར་པ་རོལ་དུ་ཁྲིདཿ ཙནྟི་ཀ་དང་མ་མོ་ཙ་མུནྜིཿ རོ་ཁ་མཆེད་གསུམ་བྷནྡྷ་ཁྲག་བཀང་ཐོགསཿ རོག་ཏིའི་སྲིང་མོ་མནོལ་གྱི་བདག་མོ་བཞིཿ ཤར་གྱི་ཕྱོགས་ནས་སྟག་སྲིན་ཟོར་བའི་གདོངཿ དཀར་མོ་ཟོར་བས་དགྲ་བོའི་སྐྱེ་རྒྱུན་གཅོདཿ ལྷོ་ཡི་ཕྱོགས་ནས་བམ་སྲིན་དྲེད་མོའི་གདོངཿ སེར་མོ་སྤུ་གྲིས་དགྲ་བོའི་དོན་སྙིང་འབྱིནཿ ནུབ་ཀྱི་ཕྱོགས་ནས་ཀོང་སྲིན་བ་ལང་གདོངཿ དམར་མོ་ལག་ན་དབྱུག་ཏོས་ཀླད་པ་འགེམསཿ


JLAZ011_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གི་ཕྱོགས་ནས་འབྲོག་སྲིན་ཆུ་སྲིན་གདོངཿ སྔོན་མོ་དགྲ་སྟས་དགྲ་བོའི་མགོ་ལུས་གཤོགསཿ གདོང་མོ་བཞི་དང་མ་བདུན་སྲིང་བཞི་སོགསཿ བྱད་དང་རྦོད་གཏོང་བདག་མོ་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ལྷོ་ནུབ་རིག་འཛིན་ཐོད་པའི་ཕོ་བྲང་ནསཿ འདའ་ཀ་ཡེ་ཤེས་རིག་འཛིན་དྲག་པོ་རྩལཿ རྣམ་པར་སྨིན་དང་ཚེ་དབང་ཕྱག་རྒྱ་ཆེཿ ལྷུན་གྲུབ་རིག་འཛིན་གྲུབ་པའི་རིག་འཛིན་བརྒྱདཿ སྒོ་སྐྱོང་དཔའ་བོ་མཁའ་འགྲོ་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿརྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་


JLAZ011_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ དྲན་པ་ཉེར་བཞག་ལ་སོགས་རྣམ་བྱང་ཆོསཿ ལམ་ལྔ་ས་བཅུའི་སྤངས་རྟོགས་མཐའ་དག་ཀུནཿ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིཿརིགས་བཞིར་མངོན་བྱང་ཆུབ་པའི་རྣམ་བཅས་གཟུགསཿ ཧཱུཾ་ཀཱར་བཤེས་གཉེན་ནཱ་གཱརྫུ་ན་དངཿ པྲ་བྷ་ཧ་སྟི་དྷ་ན་སཾ་སྐྲྀ་ཏཿ བི་མ་མི་ཏྲ་རོམྦུ་གུ་ཧྱ་དངཿ ཤཱནྟཾ་གརྦྷ་གྲུབ་པའི་རིག་འཛིན་བརྒྱདཿ མཉེན་ཞུ་ཕོད་ཆེན་རིན་ཆེན་རུས་རྒྱན་བརྗིདཿ དམོད་པ་ལས་ཆས་དྲང་སྲོང་ཁྲོས་པའི་སྐུཿ ཐལ་མོ་རྡེབ་ཅིང་ཛཿབྷྱོ་ཕཊཿཀྱི་སྒྲསཿ དམ་ཉམས་དགྲ་བགེགས་དགུག་ཅིང་བསྒྲལ་བ་དངཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར་བར་མཛདཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ སྐུ་གསུང་ཐུགས་ལས་སྤྲུལ་པའི་པོ་ཉ་ནིཿ རིགས་བཞིའི་དཔའ་བོ་མཁའ་འགྲོ་ལས་མདོག་ཅནཿ གཡས་པ་རང་རྟགས་གཡོན་པ་ཐོད་ཁྲག་


JLAZ011_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འཛིནཿ ཉི་ཤུ་རྩ་བཞིའི་ཡུལ་ལ་དབང་བྱེད་པའིཿ ཞིང་སྐྱོང་མཁའ་འགྲོ་སྔགས་ལས་སྐྱེས་པ་དངཿ རང་བཞིན་ལྷན་ཅིག་སྐྱེས་མ་ཡང་འཁོར་བཅསཿ རིན་ཆེན་རུས་རྒྱན་དར་གྱི་ཅོད་པན་འཕུརཿ ཅང་ཏེའུ་དྲིལ་བུའི་སྒྲ་སྐད་ཀྱུ་རུ་རུཿ མཁའ་འགྲོའི་བརྡ་ཡིས་སྣང་སྲིད་དབང་དུ་སྡུདཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ ནུབ་བྱང་དྲེགས་པ་འདུལ་བའི་དཀྱིལ་འཁོར་ནསཿ དབྱིངས་གྲོལ་ཡེ་ཤེས་བཛྲ་ཧེ་རུ་ཀཿ ང་རྒྱལ་འཇོམས་པའི་དཔའ་བོ་ཆེན་པོ་ནིཿ བཅོམ་ལྡན་དཔལ་ཆེན་པ་ཀུན་འདུལ་དངཿ སྲིད་པ་སྤྱི་འདུལ་སྡེ་དཔོན་སུམ་ཅུར་བཅསཿ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་


JLAZ011_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ བཅོམ་ལྡན་དྲེགས་པ་ཀུན་འདུལ་ནིཿ སྐུ་མདོག་མཐིག་ནག་ཁྲོ་ཞིང་རྔམསཿ གཡས་ཀྱི་ཞལ་གསུམ་སྨུག་ནག་བགྲདཿ གཡོན་གྱི་ཞལ་གསུམ་ཁམ་ནག་གཙིགསཿ དབུ་སྐྲ་རལ་པ་མེ་དཔུང་འབརཿ སྤྱན་དགུ་སྡང་མིག་ལྡོག་ཅིང་བགྲདཿ ཤངས་ནས་སྲིད་པའི་རླུང་ནག་འཐོརཿ སྙན་ནས་སྟོང་གསུམ་འབྲུག་སྒྲ་ལྡིརཿ སྨ་ར་ཨག་ཚོམ་མེ་ལྟར་འབརཿ མཆེ་གཙིགས་སྲིད་གསུམ་རྩ་བ་གཅོདཿ ཕྱག་དགུའི་གཡས་གཡོན་དང་པོ་ཡིསཿ རྡོ་རྗེས་ཐོད་ཁྲག་དཀྲུགས་ཅིང་གསོལཿ གཡས་ཀྱི་ཕྱག་བརྒྱད་འོག་མ་ནཿ དྲེགས་པའི་ལྷ་བརྒྱད་བསྒྲལ་བ་ཡིཿ གཡང་གཞི་མགོ་བོར་བཅས་ཏེ་བསྣམསཿ གཡོན་གྱི་ཕྱག་བརྒྱག་འོག་མ་ནཿ ཀླུ་ཆེན་བརྒྱད་ཀྱི་བྷནྡྷ་རུཿ དྲེགས་པའི་སྙིང་ཁྲག་བཀང་ནས་གསོལཿ དཔའ་བོ་ཆས་བརྒྱད་སྐུ་ལ་རྫོགསཿ ཞབས་བརྒྱད་བརྐྱང་བསྐུམས་དོར་སྟབས་ཀྱིསཿ ཁམས་གསུམ་བདག་པོ་སྡེ་བཞི་མནནཿ ཡུམ་ཆེན་ཁམས་གསུམ་


JLAZ011_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་འདུལ་མཿ ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུཿ རྡོ་རྗེ་འཕྱར་ཞིང་ཐོད་ཁྲག་སྟོབཿ གཉིས་མེད་ཐུགས་ཀྱི་ཕྲིན་ལས་ཀྱིསཿ འཇིག་རྟེན་དྲེགས་པ་བྲན་དུ་འཁོལཿ ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེདཿ དགྲ་བགེགས་གདུག་པ་རྩད་ནས་གཅོདཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ དཔལ་གྱི་བཀའ་བཞིན་ལས་མཛད་པའིཿ ལྷ་ཆེན་དབང་ཕྱུག་ཆེན་པོ་ནིཿ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིངཿ ཕྱག་གཡས་གྲི་གུག་ཙིཏྟ་གཡོནཿ ལྷ་མོ་ཨུ་མ་དེཝི་ནིཿ སྐུ་མདོག་མཐིང་ནག་གཙོ་ལ་འདུདཿ ཕྱག་གཡས་རྩེ་གསུམ་ཐོད་ཁྲག་གཡོནཿ སེང་གེ་གླང་ཆེན་གདན་ལ་བཞུགསཿ སྡེ་དཔོན་དྲེགས་པ་ཀུན་ཀྱི་གཙོསཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ བདུད་ཀྱི་རྒྱལ་པོའི་སྡེ་དཔོན་ནིཿ ཁྲམ་ཤིང་གཡས་ལ་དགྲ་སྟ་གཡོནཿ བདུད་རྟ་ནག་པོའི་ཁྲི་ལ་བཞུགསཿ སྦྱོར་ཡུམ་བདུད་མོ་རེ་མ་ཏིཿ ཁྲམ་བམ་གཡས་ལ་ནད་རྐྱལ་གཡོནཿ བོང་བུ་གྭ་དམར་གདན་ལ་བཞུགསཿ གཤིན་རྗེའི་སྡེ་དཔོན་ཆེན་པོ་ནིཿ བེ་ཅོན་གཡས་ལ་ཐོད་དབྱུག་གཡོནཿ སྦྱོར་ཡུམ་གཤིན་རྗེ་ཟ་བྱེད་མོཿ


JLAZ011_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་སྲིད་པའི་འཁོར་ལོ་བསྐོརཿ ཡབ་ཡུམ་མ་ཧེ་ཆུ་གླང་གནོནཿ སྲིན་པོའི་སྡེ་དཔོན་གློག་ཕྲེང་ཅནཿ ཕྱག་གཉིས་ཐོག་སེར་འདྲིལ་ཞིང་འཕེནཿ སྲིན་མོ་སྦལ་མགོ་ཁྲག་མིག་མཿ ཕྱག་གཡས་ཕུར་པ་ཁྲག་ཕོར་གཡོནཿ ཡབ་ཡུམ་འབྲུག་དང་རྔ་མོ་གནོནཿ གནོད་སྦྱིན་སྡེ་དཔོན་མེ་དབལ་ནིཿ ཕྱག་གཡས་རིན་ཆེན་གཡོན་རལ་གྲིཿ སྦྱོར་ཡུམ་གནོད་སྦྱིན་ནག་མོ་ནིཿ ཕྱག་གཡས་སྤུ་གྲི་གཡོན་སྤྱང་མོཿ སྟག་སེང་ཕོ་མོ་ཞབས་ཀྱིས་མནནཿ གཟའ་བདུད་སྡེ་དཔོན་ཆེན་པོ་ནིཿ ཕྱག་གཡས་མདའ་གཞུ་གཡོན་སྦྲུལ་ཞགསཿ སྐུ་སྨད་སྦྲུལ་འཁྱིལ་འབྲུག་ཆེན་གནོནཿ སྦྱོར་ཡུམ་ཐག་གི་བུ་ཡུག་ཅནཿ གཡས་གཡོན་ཕྱག་གིས་སེར་ཐོག་འབེབསཿ ཀླུ་རྒྱལ་སྡེ་དཔོན་ཆེན་པོ་ནིཿ ཕྱག་གཡས་སྦྲུལ་ཞགས་གཡོན་ནད་རྐྱལཿ སྦྱོར་ཡུམ་ཀླུ་མོ་ནག་མོ་ནིཿ སྦྲུལ་མགོ་ཕྱག་མཚན་ཡབ་ཀྱི་ཚུལཿ ཡབ་ཡུམ་ཆུ་སྲིན་རུས་སྦལ་གནོནཿ ཀུན་ཀྱང་སྐུ་མདོག་མཐིང་ནག་ལཿ ཁྲོས་པའི་ཆ་བྱད་འཇིགས་ཚུལ་ཅནཿ དུར་ཁྲོད་གཡང་གཞིའི་ཆས་ཀྱིས་བརྒྱནཿ རང་གི་ཚོགས་འདུལ་ཕྲིན་ལས་མཛོདཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ གནོད་སྦྱིན་ལྷ་ཡི་


JLAZ011_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ནིཿ ཤེལ་གྲི་བ་དན་དཀར་པོ་འཛིནཿ རྒོད་དཀར་རུ་བཟང་ཞབས་ཀྱིས་མནནཿ གནམ་རྒྱལ་ཆེན་པོ་སྡེ་དཔོན་ནིཿ ཕྱག་གཡས་ལྡན་དཀར་གཡོན་ཤེལ་གྲིཿ རྟ་དཀར་རྔོག་དམར་ཞབས་ཀྱིས་མནནཿ སྤྱི་བདུད་རྒྱལ་པོ་གུ་རུམ་ཙེཿ ཕྱག་གཡས་བ་དན་གཡོན་ཤེལ་གྲིཿ ཞབས་གཉིས་རྡོ་རྟ་གྲོ་བོ་གནོནཿ དཀར་པོའི་སྡེ་དཔོན་ཆེན་པོ་གསུམཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ སྲིད་པའི་མ་མོའི་སྡེ་དཔོན་མོཿ འཁོར་ལོ་གཡས་ལ་མེ་ལོང་གཡོནཿ ཞབས་གཉིས་འབྲུག་མོ་མགོ་དགུ་གནོནཿ སྔགས་ཀྱི་སྲུང་མ་ཆེན་མོ་ནིཿ ཙིཏྟ་གཡས་ལ་སྤྱང་མོ་གཡོནཿ དྲིལ་རྟ་ནག་མོ་ཞབས་ཀྱིས་གནོནཿ མཁའ་འགྲོ་ནག་མོ་མགྱོགས་བྱེད་མཿ རྒྱུ་ཞགས་གཡས་ལ་ཚོན་དྲུ་གཡོནཿ སོ་བྱ་ནག་པོ་ཞབས་ཀྱིས་གནོནཿ ནག་མོའི་སྡེ་དཔོན་མ་མོ་གསུམཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ རྡོ་རྗེ་བདུད་འདུལ་ནག་པོ་ནིཿ གཡས་གཡོན་ཕྱག་གིས་ཐོད་ཁྲག་འཕེནཿ བྲག་བཙན་སྲོག་ཟན་དམར་པོ་ནིཿ མདའ་གཞུ་འགེངས་ཤིང་དར་དམར་འཕྱརཿ ཆེ་བཙན་འགོང་རྒྱལ་ཆེན་པོ་ནིཿ ཤག་ལང་དང་ནི་


JLAZ011_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་འཛིནཿ དམར་པོའི་སྡེ་དཔོན་རྒྱལ་པོ་གསུམཿ ཀུན་ཀྱང་རྟ་དམར་ཞབས་ཀྱིས་གནོནཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ བི་ན་ཡ་ག་བགེགས་ཀྱི་རྒྱལཿ ཕྱག་གཡས་ཁ་ཊྭཱཾ་གཡོན་ཐོད་ཁྲགཿ ཕྱི་རོལ་སྐྱོང་བའི་མུ་སྟེགས་གཙོཿ ཏྲི་ཤུལ་གཡས་ལ་ཐོད་ཁྲག་གཡོནཿ དམུ་བདུད་ཆེན་པོ་བཀྲག་མེད་ནིཿ མདའ་གཞུ་དང་ནི་ཤག་ལང་འཛིནཿ ནག་པོའི་ཚོགས་ཀྱི་དེད་དཔོན་གསུམཿ བདུད་རྟ་ནག་པོ་ཞབས་ཀྱིས་གནོནཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ ཚངས་པའི་རྒྱལ་པོ་སྲོག་གི་བདགཿ སྤུ་གྲི་གཡས་ལ་ཉི་ཞགས་གཡོནཿ སེངྒེ་དཀར་མོ་ཞབས་ཀྱིས་གནོནཿ བདུད་ཀྱི་རྒྱལ་པོ་ནོར་གྱི་བདགཿ བདུད་ཞགས་གཡས་ལ་སྤུ་གྲི་གཡོནཿ བན་གླང་སྣ་རིང་ཞབས་ཀྱིས་གནོནཿ སྐུ་ལྷའི་རྒྱལ་པོ་ཡུལ་གྱི་བདགཿ ཕྱག་གཡས་རྡོ་རྗེ་གཡོན་བ་དནཿ ར་དཀར་གནམ་རུ་ཞབས་ཀྱིས་གནོནཿ ནག་པོ་ཆེན་པོ་ཚོགས་ཀྱི་བདགཿ ཕྱག་གཡས་བེ་ཅོན་གཡོན་ཐོད་ཁྲགཿ རྟ་ནག་མགྱོགས་པ་ཞབས་ཀྱིས་གནོནཿ ཕྱོགས་ཀྱི་སྡེ་དཔོན་ཆེན་པོ་ནིཿ སྐུ་མདོག་དཀར་སེར་དམར་ནག་མཛེསཿ ཀུན་ཀྱང་ཁྲོ་ཞིང་གཏུམ་པའི་ཚུལཿ ན་བཟའ་གཡང་


JLAZ011_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་འཇིགས་པའི་ཆསཿ སྣ་ཚོགས་མཛེས་པའི་རྒྱན་དང་ལྡནཿ རང་རང་འཁོར་གཡོག་ཚོགས་ཀྱིས་བསྐོརཿ སྤྲུལ་པའི་ཆོ་འཕྲུལ་བསམ་མི་ཁྱབཿ མཆོད་བསྟོད་ཆེན་པོས་ཁྱེད་བསྒྲུབས་ནཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཧཱུཾཿ བྱང་ཤར་དྲག་སྔགས་རོལ་བའི་དཀྱིལ་འཁོར་ནསཿ མཐའ་གྲོལ་ཡེ་ཤེས་ཀརྨ་ཧེ་རུ་ཀཿ གཏི་མུག་འཇོམས་པའི་དཔའ་བོ་ཆེན་པོ་སྟེཿ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནིཿ ཡུམ་ཆེན་འབྱུང་བ་ལྔ་ཡི་བདག་མོ་དངཿ སྔགས་བདག་དྲེགས་པ་བཅོ་བརྒྱད་ལྷ་སྲིན་བཅསཿ དམོད་པ་དྲག་སྔགས་ལྷ་ཚོགས་དབྱིངས་ནས་བཞེངསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིཿ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལསཿ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དངཿ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལཿ ཧཱུཾཿ དུར་ཁྲོད་ཆེན་པོ་རོལ་བའི་དཀྱིལ་འཁོར་ནསཿ གཏུམ་དྲག་མེ་ལྟར་འབར་བའི་གཞལ་ཡས་ནསཿ གདུག་བྱེད་རུ་ཏྲ་ཏི་རའི་ཁྲི་སྟེང་ནཿ མདངས་


JLAZ011_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པདྨ་ཉི་ཟླའི་གདན་སྟེང་ནསཿ དྲེགས་པའི་བདག་པོ་རྡོ་རྗེ་འཛིན་པའི་གཙོཿ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་བཞེངསཿ ཧཱུཾཿ སྐུ་མདོག་མཐིང་ནག་རབ་ཏུ་འབརཿ ས་དགུ་རྫོགས་པས་དབུ་དགུ་བསྟནཿ སྟོང་པ་བཅོ་བརྒྱད་ལྡན་པའི་ཕྱགཿ ཞབས་ཀྱིས་བརྗིད་པའི་བདུད་བཞི་གནོནཿ དབུས་མཐིང་གཡས་དཀར་གཡོན་དམར་བཿ ཁྲོ་ཞིང་བཞད་དང་གཙིགས་པའི་ཞལཿ རལ་པ་ཁམ་ནག་སྲིད་རྩེར་འབརཿ ཁམས་གསུམ་མ་ལུས་སྤྱན་གྱིས་གཟིགསཿ ཤངས་ཀྱིས་སྲིད་གསུམ་མ་ལུས་རྔུབཿ སྙན་གྱིས་སྟོང་གསུམ་འབྲུག་སྒྲས་འགེངསཿ ཚེམས་ཀྱིས་གནོད་གདུག་མ་ལུས་སྒྲོལཿ ལྗགས་ཀྱིས་གློག་དམར་འཇིག་རྟེན་ཁྱབཿ ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུདཿ ཕྲིན་ལས་རིགས་ཀྱིས་དབུ་ལ་བརྒྱནཿ བཅོ་བརྒྱད་ཕྱག་གི་དང་པོ་གཉིསཿ དབང་སྡུད་རྡོ་རྗེ་དྲིལ་བུ་འཛིནཿ གཡས་གཡོན་འོག་མའི་ཕྱག་བརྒྱད་ནཿ དྲེགས་པའི་ལྷ་བརྒྱད་བྷནྡྷ་གཡསཿ ཙིཏྟ་སྲོག་རྩ་གཡོན་ན་བསྣམསཿ འབར་བའི་ཆས་ཀྱིས་སྐུ་ལ་བརྒྱནཿ སྲུང་བའི་ལྷ་བརྒྱད་སྐུ་ལ་རྫོགསཿ གཡས་གཡོན་ཞབས་ཀྱིས་དྲེགས་པ་གཟིརཿ མ་རུངས་གདུལ་དཀའ་རྣམས་ཀྱི་གཤེདཿ ལོག་ལྟ་རུ་ཏྲ་འདུལ་བའི་དཔལཿ འབྱུང་ལྔའི་བདག་མོ་གཉིས་


JLAZ011_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡུམཿ དབུ་གསུམ་ཕྱག་དྲུག་ཞབས་བཞིར་སྦྱོརཿ གྲི་གུག་ཏྲི་ཤུལ་བདུད་རྩི་གཡསཿ བྷནྡྷ་ཞིང་ཆེན་གཡང་གཞི་གཡོནཿ མཐིང་ནག་འོད་ཀྱིས་ཀུན་ཏུ་ཁྱབཿ ཆེད་འགའ་རིགས་ཀྱི་སྤྲུལ་པ་ནིཿ དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲདཿ སྐུ་མདོག་མཐིང་ནག་ཁྲོས་ཤིང་རྔམསཿ ཕྱག་དྲུག་གཡས་གཡོན་དང་པོ་ཡིསཿ རྡོ་རྗེས་དུང་ཁྲག་དཀྲུགས་ཞིང་གསོལཿ གཡས་གཡོན་གཉིས་ཀྱི་ཕྱག་བཞི་ཡིསཿ ལྷ་བརྒྱད་ཀླུ་བརྒྱད་ཙིཏྟ་རོལཿ ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མཿ སྐུ་མདོག་མཐིང་ནག་ཞབས་གཉིས་སྦྱོརཿ གཡས་ཀྱིས་ནམ་མཁའ་སྟོང་ཁམས་འདེགསཿ གཡོན་གྱི་འཇིག་རྟེན་ས་གཞི་གནོནཿ ཞལ་ནས་འབྱུང་བ་ལྔ་འཆང་མཿ དཔལ་ཆེན་ཡབ་ཡུམ་བྱིན་རླབས་ལསཿ སྤྲུལ་པའི་དྲེགས་པ་ཕོ་མོའི་གཙོཿ བདུད་མོ་ནག་མོ་ཁ་རླངས་ཅནཿ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིངཿ ཁྲམ་ཤིང་ཏྲི་ཤུལ་གཡས་ན་བསྣམསཿ གཡོན་གྱིས་ཁ་ཊྭཱཾ་ཞགས་པ་འཕེནཿ ན་བཟའ་ཞིང་ལྤགས་རློན་པ་གསོལཿ ཞབས་གཉིས་གདུག་པའི་སྙིང་གར་གཟིརཿ བདུད་མོ་ནག་མོ་ཁྲག་འཛག་མཿ ཁྲམ་བམ་ཐོད་རློན་ཕྱག་ན་བསྣམསཿ སྐུ་ལ་ཞིང་


JLAZ011_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་གསར་པ་བགོསཿ བདུད་རྟ་ནག་པོ་ཆིབས་སུ་བཅིབསཿ ཞབས་ཀྱིས་དགྲ་བགེགས་ཤུགས་ཀྱིས་སྒྲོལཿ འཆི་བདག་གཤིན་རྗེ་ནག་པོ་ནིཿ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནགཿ ཕྱག་གཡས་ཐོད་ཁྲག་གྲི་གུག་གཡོནཿ བཙུན་མོ་ཡུམ་ཆེན་ཟ་བྱེད་མཿ གྲི་གུག་ཐོད་པ་ཕྱག་ན་བསྣམསཿ ཡབ་ཡུམ་ཞིང་ལྤགས་རློན་པ་གསོལཿ མ་ཧེ་ཁྲོས་དང་ཆུ་གླང་བཅིབསཿ ཞབས་ཀྱིས་དགྲ་བགེགས་ཕོ་མོ་གཟིརཿ སྲིན་པོ་གསོད་བྱེད་སྐུ་མདོག་ནགཿ ཕྱག་ན་རལ་གྲི་ཐོད་ཁྲག་བསྣམསཿ ཡུམ་ཆེན་གསོད་པར་བྱེད་མ་ཡངཿ གྲི་གུག་མི་ཐོད་ཕྱག་ན་བསྣམསཿ ན་བཟའ་ཞིང་ལྤགས་རློན་པ་གསོལཿ སྟག་སེང་རོལ་པ་ཆིབས་སུ་ཆིབསཿ གནོད་སྦྱིན་གང་བ་བཟང་པོ་ཡངཿ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོཿ དར་ནག་འཕྱར་ཞིང་ཞིང་ལྤགས་རྡེབཿ ཡུམ་ཆེན་ཤ་ཟ་རལ་གཅིག་མཿ ཡབ་ཀྱི་ཚུལ་འཛིན་སྤྲུལ་པ་མོཿ ཞིང་ལྤགས་གྱོན་ཏེ་གྱི་ལིང་བཅིབསཿ དྲག་སྔགས་བདག་པོ་ཆེན་པོ་ནིཿ དབང་ཕྱུག་ཆེན་པོ་ལྷ་ཡི་གཙོཿ མདོག་དཀར་ཤེལ་གྲི་བ་དན་འཕྱརཿ ན་བཟའ་དར་དཀར་བེར་ཆེན་གསོལཿ ཆིབས་སུ་གནམ་རུ་དཀར་པོ་བཅིབསཿ ཐར་པ་ནག་པོ་རུ་ཏྲའི་གཙོཿ མཆོད་གཏོར་དུག་ཐུན་ཕྱག་ན་བསྣམསཿ


JLAZ011_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྤགས་གྱོན་ཞིང་དོམ་ནག་ཆིབསཿ ཀླུ་བདུད་རྗེ་དཔོན་ནག་པོ་ནིཿ དར་ནག་འཕྱར་ཞིང་ཏི་ར་འདྲེདཿ བེར་ནག་གསོལ་ཞིང་དམུ་རྟ་ཆིབསཿ མུ་སྟེགས་ཀ་ལ་ཡཀྴ་ནིཿ མཐིང་ནག་ཁ་ཊྭཱཾ་ཏྲི་ཤུལ་འཛིནཿ ཞིང་ལྤགས་བགོས་ཏེ་མ་ཧེ་ཆིབསཿ ཁྱབ་འཇུག་རོག་ཏི་ནག་པོ་ཡངཿ ཁྲམ་ཤིང་དགྲ་སྟ་ཕྱག་གིས་འཛིནཿ སྤྲིན་ནག་བགོས་ཏེ་འབྲུག་སྔོན་ཆིབསཿ ཀླུ་རྒྱལ་ཝ་རུ་ཎ་ཡི་རྗེཿ སེར་ནག་སྦྲུལ་གྱི་ན་བཟའ་གསོལཿ བུམ་པ་རུས་སྦལ་ཕྱག་གིས་འཛིནཿ ཆིབས་སུ་ཆུ་སྲིན་མགོ་དགུ་བཅིབསཿ རྒྱལ་པོ་ཧར་མཛེས་ཞེས་བྱ་བཿ མདོག་དཀར་ཤེལ་གྲི་དར་དཀར་འཛིནཿ སྲས་མཆོག་འབར་བ་དམར་པོ་ནིཿ མདུང་རིང་གཡས་ལ་ཤེལ་གྲི་གཡོནཿ རྡོ་རྗེ་མཛེས་པ་མདོག་དཀར་པོཿ རུ་མཚོན་དགྲ་སྟ་ཕྱག་གིས་འཛིནཿ ཁུ་ལེ་ལག་དགུ་འབར་བ་ཡངཿ མདོག་སེར་སྤྲུལ་པའི་ལག་དགུ་འགྱེདཿ ཞིང་ལྤགས་བགོས་ཤིང་ཏི་ར་གནོནཿ དྲག་སྔགས་བདག་པོ་གཙོ་འཁོར་ཡངཿ རང་རང་རིགས་ཀྱི་འཁོར་འདུལ་ཞིངཿ སོ་སོའི་སྤྲུལ་པ་བསམ་མི་ཁྱབཿ གཅོད་པར་བྱེད་པ་བདུད་ཀྱི་སྡེཿ འཆི་བར་བྱེད་པ་གཤིན་རྗེའི་སྡེཿ གསོད་བྱེད་ཤན་པ་སྲིན་པོའི་སྡེཿ གདུག་རྩུབ་འཆང་བ་གནོད་སྦྱིན་སྡེཿ དྲག་རྩལ་ལྡན་པ་ལྷ་ཡི་སྡེཿ


JLAZ011_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་འབེབས་པ་མ་མོའི་སྡེཿ ནམ་མཁར་དབང་སྒྱུར་གཟའ་ཡི་སྡེཿ གླེན་ལྐུགས་གདུག་པ་ཀླུ་ཡི་སྡེཿ སྡེ་བརྒྱད་དམོད་པའི་དྲག་སྔགས་ཅནཿ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབཿ འཁོར་དང་སྡེ་རིས་བརྗོད་མི་ལངཿ ཕྲིན་ལས་ལོངས་སྤྱོད་མི་ཟད་གཏེརཿ ཡོན་ཏན་ནུས་པ་དཔག་ཏུ་མེདཿ ཞེ་སྡང་ཅན་ལ་ཁྲོས་པར་སྟོནཿ ང་རྒྱལ་ཅན་ལ་ལྷག་པར་སྟོནཿ འདོད་ཆགས་ཅན་ལ་མི་སྡུག་སྟོནཿ གཏི་མུག་ཅན་ལ་མྱོས་པར་སྟོནཿ སེར་སྣ་ཅན་ལ་འཕྲོག་པར་བྱེདཿ ཕྲག་དོག་ཅན་ལ་འཇིགས་པར་སྟོནཿ ཁྱོད་ཀྱིས་མི་འདུལ་གཅིག་མེད་ཀྱིཿ མཆོད་ཅིང་བསྐང་བའི་མཐུན་རྫས་བཞེསཿ བཅོལ་ཞིང་གཉེར་བའི་ལས་མཛོད་ཅིགཿ བསྟོད་ཅིང་བསྒྲུབས་པས་དགྱེས་མཛོད་ལཿ ཆག་ཆེ་ཉམ་ང་བྱད་ཕུར་དངཿ རྦོད་གཏོང་བཟློག་པའི་ལས་མཛོད་ཅིགཿ ཨོཾ་བཛྲ་ཙནྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊཿཕཊཿ དགྲ་བོའི་སྲོག་ལ་བཾ་རིལ་ཐུན་ཛཿ བཾ་མྱགས་མཱ་ར་ཡ་རྦདཿ ཙ་ཚ་དཡན་རིལ་བཾ་ལཾ་སྲོག་ལ་མྱགསཿ མཱ་ར་ཡ་མྱགསཿཙ་ཛཿ དུན་རིལ་བཾ་སྲོག་ལ་རྦདཿ སྲོག་དུན་བཾ་མྱགསཿ ཙ་ལ་དུན་རྦདཿ མཱ་ར་ཡ་ཛཿ སྲོག་ཐུན་བྷྱོཿ བྲིང་ཤག་རྦདཿ དོ་གལ་ཆེ་ན་དྲགས་སྔགས་འདིརཿ ནན་ཏན་བསྐྱེད་ལ་དམིགས་པས་གཟིརཿ བཅུ་གཅིག་པ་ཐུན་གཏོར་ནིཿ ཧཱུཾཿ ཟློག་བྱེད་


JLAZ011_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རོལ་པའི་ལྷཿ བཟློག་བསྒྱུར་ལས་མཛད་དུད་ལ་བབཿ བདག་དང་རྒྱུ་སྦྱོར་ཡོན་བདག་ལཿ སྔོན་ལས་འཕྲལ་རྐྱེན་བར་ཆད་བགེགསཿ འཇིགས་པ་བརྒྱད་དང་བཅུ་དྲུག་སོགསཿ བཀྲ་མི་ཤེས་པའི་དངོས་པོ་དངཿ ཕྱི་ནང་པ་དྲང་སྲོང་དམོད་པའི་མཚོནཿ བན་བོན་མུ་སྟེགས་རིགས་སྔགས་བྱདཿ གཤིན་རྗེའི་འཁོར་ལོ་མ་མོའི་ཁྲམཿ ཕུར་པའི་དབལ་ཁ་བོན་པོའི་བཙོཿ ཀླ་ཀློའི་གཡུལ་དང་ངན་སྔགས་སྦྱོརཿ ལྷ་སྲིན་ཁྲོས་དང་གདོན་ཆེན་ཟུགཿ སྡེབས་གཤོར་ཧོམ་དང་ཐུན་ཟོར་མནནཿ གཏད་ཁྲམ་རྦོད་གཏོང་རྦད་འདྲེ་དངཿ མི་ཁ་གླེང་གཞི་འཐབ་རྩོད་མཆུཿ ཀེག་སྲིན་ཐན་ལྟས་ངན་པ་ཀུནཿ བསྟན་པ་བཤིག་པའི་དགྲ་བོ་དངཿ ཡོངས་ལ་གནོད་པའི་བགེགས་གདོན་སོགསཿ བསམ་སྦྱོར་ངན་པའི་སྟེང་དུ་བྷྱོཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ཟ་ཁ་དགྲ་ལ་སྒྱུརཿ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོདཿ དྲག་སྔགས་མེ་དཔུང་བཟླ་བཞིན་དུཿ ཐེབས་དང་དགྲ་ཕྱོགས་ཟོང་ཁ་གཏདཿ ས་མ་ཡཿ ལས་སྦྱོར་དམིགས་བསལ་དང་འབྲེལ་ནཿ སྔ་ཐུན་ཐམས་ཅད་དཔལ་ཆེན་གྱི་ལས་གཞུང་བསྲང་ནས་བཟླས་པའི་རིམ་པ་དང་། སྲུང་འཁོར། ལས་སྦྱོར། ཐུན་རྫས་སྒྲུབ་པ་ཡན་བྱ་ཞིངཿ གུང་ཐུན་ལ། ཉིན་དང་པོར་གཤིན་རྗེའི་སྒོས་


JLAZ011_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དང་འབྲེལ་བར་ལྷ་དབྱེ། གཉིས་པ་དང་གསུམ་པར་རྟ་མགྲིན་གྱི་སྒོས་སྒྲུབ་པ་དང་འབྲེལ་བར་གཟུགས་ལ་དབབ་པ་དང༌། བྱད་དུ་གཞུག བཞི་པར་ཡང་དག་དང་འབྲེལ་བར་གནས་སྤར་ཁྲུས་ལུང༌། ལྔ་པ་དང་དྲུག་པར་ཕུར་པ་དང་འབྲེལ་བར་གདབ་ལས་གཙོ་བོར་འདོན། དེ་ཀུན་ལ་སོ་སོའི་ཐུན་མཐར་སྟབ་པའི་ཚང་བའི་བསྒྲལ་ལས་ཀྱིས་མཇུག་བསྡུས་ནས། ཕྱི་དྲོ་བཟློག་གཞུང་གྱེར། སྐབས་ཅི་རིགས་པར་མ་མགོན་གྱི་གསོལ་ཁ་དང༌། ཐུན་ཐ་མར་ཆད་མདོ་ནས་རྗེས་ཆོག་རྣམས་ཚང་བར་བྱ་ཞིང༌། མཚན་མོའི་རྣལ་འབྱོར་ལ་འཇུག་པའི་ཁྱད་པར་སློབ་དཔོན་རྒྱུན་ལྡན་གྱི་ལག་ཁྲིད་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཟེར་ཁ་ཡོད་མེད་གཉིས་ལས། དང་པོ་ནི་རྦོད་གཏོང་དང་ལྟས་ངན་དམིགས་བསལ་བཟློག་པའི་དོན་དུ་ཡིན་པས་དཀྱུས་ལ་མི་བྱེད་ལ། གལ་ཏེ་དགོས་ན་རྒྱལ་མཚན་རྣམ་དགུ། རྔ་ཁྱུང༌། སྲིན་མོའི་ཟ་ལམ་བསྟན་པ་རྣམས་ལོགས་སུ་ཤེས་པར་བྱའོ། །གཉིས་པ་དཀྱུས་སུ་འཇུག་པ་ལ་དགུ་ལས། དང་པོ་དབང་ཕྱུག་མའི་བཟློག་བྱད་གྱེར་བ་ནིཿ ཧཱུཾཿ ཁྲག་མཚོ་འབར་བའི་ཁྱམས་ཤེད་ནཿ འདོད་ཆགས་དབའ་ཀློང་འཁྲུགས་པ་ནསཿ ལེགས་ཉེས་སྟགས་འཛིན་འཇིག་རྟེན་བདགཿ དོན་དམ་དབྱིངས་ལས་མ་གཡོས་ཀྱངཿ ཀུན་རྫོབ་སྤྲུལ་པར་ཤར་བའི་ཚེཿ སྲིན་མོ་དབང་ཕྱུག་ཉི་ཤུ་བརྒྱདཿ མ་མོའི་གཟུགས་ལ་ཕྲ་མེན་གདོངཿ མགོ་དང་ལུས་སུ་མི་མཚུངས་པསཿ


JLAZ011_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་བཟློག་པའི་མངའ་བདག་ཡིནཿ ཕྱག་མཚན་རྣམ་པ་སྣ་ཚོགས་པསཿ ཐན་ལྟས་མི་མངོན་དབྱིངས་སུ་ཟློགཿ ཧཱུཾཿ ཤར་ན་བཞུགས་པའི་མ་མོ་བདུནཿ ཚངས་པ་སེར་མོ་ལྷ་ཆེན་དཀརཿ སྲིན་མོ་སྨུག་ནག་རྟོགས་འདོད་སྔོཿ གཞོན་ནུ་དམར་མོ་བརྒྱ་བྱིན་དཀརཿ ནག་མོ་དམར་ནག་བཅས་པ་ཡིསཿ འདབ་ཆགས་ལྟས་ངན་ཉི་ཤུ་པོཿ དམིགས་ཀྱིས་བཟློག་པའི་ཕྲིན་ལས་མཛོདཿ གླག་དང་ནེ་ལེ་རྒྱ་ཁྲ་ཡིསཿ སྦྲུལ་བཟུང་ཀླུ་ཡི་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ དུར་བྱས་ཉ་ཁྱེར་མ་མོའི་ཐནཿ བྱ་རོག་ལྕུང་ཀ་སྐྱ་ཀ་གསུམཿ སྡེར་འཛིངས་དགྲ་སྲི་ལངས་པའི་ལྟསཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ བྱ་རྒོད་མཁའ་ལ་གཤོག་འཛིངས་བྱེདཿ གནམ་ཐེ་ཁྲོས་པའི་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ རྨ་བྱ་ཤ་ཆེན་ཟ་བ་དངཿ རིགས་མི་མཐུན་གཉིས་ས་རྐོ་བཿ སྲིད་པ་མ་བདུད་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ ཁྱིམ་ལ་བྱ་མ་བྱི་འཛེགས་དངཿ སྲོད་ལ་བྱ་གག་འཚེར་བ་དངཿ སྲིན་བྱ་ཐོག་ཏུ་


JLAZ011_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འཁུན་པ་དངཿ མཁའ་ལ་འདབ་ཆགས་བརྩེགས་པ་རྣམསཿ ཕུང་སྲི་ལངས་པའི་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ འུག་པ་ཐོག་ཏུ་དགོད་པ་དངཿ རི་བྱ་ཁྱིམ་དུ་ཞུགས་པ་དངཿ ནེ་ཙོ་ཐལ་ནས་བབས་པ་རྣམསཿ དུར་སྲི་ལངས་པའི་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ ཧཱུཾཿ ལྷོ་ན་བཞུགས་པའི་མ་མོ་བདུནཿ རྡོ་རྗེ་སེར་མོ་བདུད་རྩི་དམརཿ ཟླ་བ་དཀར་མོ་བེ་ཅོན་ནགཿ སྲིན་མོ་དམར་མོ་སྟོབས་ཆེན་དཀརཿ བེ་ཅོན་ནག་མོ་ཁྲོས་པ་ཡིསཿ སྡེར་ཆགས་ལྟས་ངན་ཉི་ཤུ་པོཿ དམིགས་ཀྱིས་བཟློག་པའི་ཕྲིན་ལས་མཛོདཿ དོམ་གསུམ་མི་རོ་བམ་པོ་ཁྱེརཿ ཝ་གསུམ་དུར་ཁྲོད་བརྒྱལ་བ་དངཿ སྤྱང་གསུམ་འོ་དོད་འབོད་པ་ནིཿ མ་གཤིན་བཙན་གསུམ་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ ཐོ་རངས་སྒོ་ཁྱི་སྤྲད་ནས་ངུཿ བྱི་བས་སྐྲ་ལ་ཟ་བ་དངཿ སྲེ་མོང་བྱི་ཁྱེར་ལམ་སྲང་བཅདཿ བྱི་ལ་ཁྱིམ་དུ་སྦྱོར་བ་དངཿ མལ་དུ་སྲོག་ཆགས་རངས་པོ་ཁྱེརཿ སྟག་གཟིག་དོམ་དྲེད་སྤྱང་ཀི་དངཿ འཕར་བ་ཁྱིམ་དུ་ཞུགས་པ་རྣམསཿ ཆག་ཆེ་ཉམ་ངའི་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་


JLAZ011_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ ཧཱུཾཿ ནུབ་ན་བཞུགས་པའི་མ་མོ་བདུནཿ དགའ་བ་དམར་མོ་སྟོབས་ཆེན་དཀརཿ རྡོ་རྗེ་སེར་མོ་འདོད་པ་དམརཿ ནོར་སྲུང་དམར་མོ་རླུང་ལྷ་སྔོཿ རྡོ་རྗེ་དམར་མོ་ཁྲོས་པ་ཡིསཿ རྨིག་ཟླུམ་ལྟས་ངན་ཉི་ཤུ་པོཿ དམིགས་ཀྱིས་བཟློག་པའི་ཕྲིན་ལས་མཛོདཿ རྟ་ནོར་ར་ལུག་བ་ལང་ལཿ སྲོག་ཆགས་རིགས་མི་མཐུན་སྐྱེས་དངཿ སྲོད་ལ་རྟ་ཕོ་འཚེར་བ་དངཿ བོང་བུ་སྐོར་འདེད་ནུབ་མོ་འུརཿ སྒོ་ཕྱུགས་སྨྱོ་དང་བྱ་བབས་སོགསཿ གོད་སྲི་ལངས་པའི་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ ཧཱུཾཿ བྱང་ན་བཞུགས་པའི་མ་མོ་བདུནཿ གསོད་བྱེད་དམར་མོ་མི་མོ་སེརཿ ཕག་མོ་ནག་མོ་པུན་འཛིན་སེརཿ དགའ་བྱེད་དམར་མོ་རྣ་ཆ་དཀརཿ ཆུ་ལྷ་སྔོན་མོ་ཁྲོས་པ་ཡིསཿ གདོང་ཅན་ལྟས་ངན་ཉི་ཤུ་པོཿ དམིགས་ཀྱིས་བཟློག་པའི་ཕྲིན་ལས་མཛོདཿ སྤྲེའུ་གསུམ་ཁྲམ་ཁྱེར་འོ་དོད་འབོདཿ ཐེའུ་རང་ཁྲོས་པའི་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ སྤྲེའུས་རྟ་དྲེལ་མ་ཧེ་ཞོནཿ རྒྱལ་བློན་འཕུང་བའི་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་


JLAZ011_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྱུརཿ མཛོ་ལ་དུར་བྱ་ཞོན་པ་དངཿ འཕར་བ་གྲོང་ལ་སྙེགས་པ་དངཿ སྦལ་སྦྲུལ་ཉ་གསུམ་འཐབ་ཅིང་མནོལཿ དྲེད་མོ་རྔ་འབྲལ་བྲད་བརྡུང་རྣམསཿ སྡེ་བརྒྱད་ཁྲོས་པའི་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ བུད་མེད་ལྔ་ཚོགས་སྦར་འཛིངས་བྱེདཿ ཤེས་བཞིན་ངོ་ཚ་མེད་པར་མནོལཿ འོ་དོད་དྲག་པོ་འབོད་པ་ནིཿ མ་ཡམས་དམ་སྲིའི་ལྟས་ངན་ཡིནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུརཿ གཉིས་པ་སྒོ་དབྱེ་ནིཿ སྒབ་དཀྲིས་བསལ་ནས་ཟོར་ལམ་བཏོད་ལཿཧཱུཾཿ ཚོམ་བུ་དགུ་ཡི་དཀྱིལ་འཁོར་ནཿ ཕྱག་རྒྱ་བཞི་ལྡན་སྒོ་སྲུང་རྣམསཿ ཐུགས་རྗེའི་ཐབས་ཀྱི་ཕྱག་རྒྱ་དངཿ སྟོང་ཉིད་ཤེས་རབ་དགོངས་བ་ཡིསཿ ཕོ་བྲང་རྣམས་ཀྱི་སྒོ་དབྱེ་ཞིགཿ དཔལ་ཆེན་རོལ་བའི་ལྷ་ཚོགས་རྣམསཿ དབྱིངས་ལ་རྩོལ་རྟོག་མི་མངའ་ཡངཿ བྱམས་པ་ཆེན་པོས་གདུལ་དཀའ་རྣམསཿ སྙིང་རྗེའི་མཐུ་ཡིས་སྒྲོལ་བའི་ཕྱིརཿ དགའ་ཆེན་རོལ་པ་གར་དགུའི་ཉམསཿ བཏང་སྙོམས་ཆེན་པོའི་ཀློང་ནས་བསྐྱོདཿ བསྐྱོད་དང་སྐྱོད་བྱེད་མི་མངའ་ཡངཿ དམར་ཆེན་གཏོར་མ་ཆེན་པོ་དངཿ གཉིས་མེད་རོལ་བའི་དམག་དཔུང་འདིཿ བརྒྱ་བྱིན་གཡུལ་ངོར་ཆས་པ་འདྲཿ རི་རབ་


JLAZ011_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་མགོ་མཇུག་ལྡོགཿ རྒྱ་མཚོ་འཆོལ་ཞིང་སྐར་ཚོགས་འཁྲུགསཿ ལྷ་མིན་མགོ་བོ་འགས་བྱེད་ནཿ སྡང་བའི་དགྲ་ལ་སྨོས་ཅི་འཚལཿ དེ་ཕྱིར་ཕོ་བྲང་སྒོ་ཕྱེ་ལཿ ཤུལ་ལམ་དགྲ་བོའི་ཕྱོགས་སུ་སྟོནཿ བཟློག་བསྒྱུར་ཕྲིན་ལས་དུས་ལ་བབཿ གསུམ་པ་གཞི་བདག་ལ་ཕོག་ཐུག་སེལ་ཕྱིར་བརྔན་སྦྱིན་གསེར་སྐྱེམས་ནི་བླ་གབ་མེད་པའི་ས་ནསཿ ཧཱུཾཿ ཕྱོགས་བཞིར་མཚམས་བརྒྱད་སྟེང་འོག་བཅུརཿ གནས་པའི་ཆེ་དགུ་གཉན་དགུ་རྣམསཿ དབང་ཕྱུག་ང་ཡི་ཟོར་ལམ་ལཿ རུ་ང་ཕྲག་དོག་མ་མཛད་ཅིགཿ སྟེང་གི་ཉི་ཟླ་སྒྲ་གཅན་ནསཿ འོག་གི་ས་བདག་ལྟོ་འཕྱེའི་བརཿ རྟག་ཆགས་ལྷ་སྲིན་གཉེན་པོ་ལཿ ཟོར་སྣ་གཏད་པའི་གནས་མེད་ཀྱིཿ སྟེང་ན་བཞུགས་པ་ཞབས་སྡུས་ཤིགཿ བརྔན་དུ་དཀར་གཏོར་གསེར་སྐྱེམས་འབུལཿ བར་ན་བཞུགས་པ་ལོགས་སུ་བྱོལཿ བརྔན་དུ་གཡུ་སྔོན་ཕུད་ཀྱིས་བྲནཿ འོག་ན་བཞུགས་པ་དབུ་ཆུམ་ཤིགཿ བརྔན་དུ་དམར་གཏོར་གསེར་སྐྱེམས་འབུལཿ བདག་གི་ཟོར་སྣ་གཉན་པོའི་ལམཿ ཕྱོགས་རྣམས་རང་བཞིན་མེད་པའི་དབྱིངསཿ བརྒྱུད་ནས་དམ་ཉམས་དགྲ་བོ་དངཿ རྒྱལ་བའི་བཀའ་ལ་མི་ཉན་པའིཿ འབྱུང་པོའི་ཚོགས་ལ་འཕངས་པའི་ཕྱིརཿ ལས་ཀྱི་སྟོང་གྲོགས་གཉན་པོ་མཛོདཿ


JLAZ011_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཅེས་གཏོར་མ་འབུལ་ཞིང་གསེར་སྐྱེམས་ཕྱོགས་བཞིར་གཏོརཿ བཞི་བ་ཟོར་བསྐུལ་ནིཿ ཧཱུཾཿ དཔལ་ཆེན་རོལ་བའི་ཕོ་ཉ་རྣམསཿ མིག་ནས་ཁྲག་གི་ཚྭ་ཚྭ་འཕྲོཿ ཁ་ནས་བྷྱོ་བཟློག་ཕཊ་སྒྲ་སྒྲོགསཿ རལ་པ་སྤྲུགས་པའི་སྐྲ་གསེབ་ནསཿ ཁྲོ་ཆུ་ཁོལ་མའི་སྐྱིན་ཐང་འབེབསཿ རྐང་ལག་ལྕགས་ཀྱི་སྡེར་མོ་ཡིསཿ གནམ་ས་མེད་པར་སྤར་གྱིས་འདེབསཿ རི་ཀླུང་མེད་པར་རྗེས་ཀྱིས་འགེངསཿ ཟས་སུ་སེམས་ཅན་གསོན་པོ་ཟཿ བརྣག་པའི་གནས་སུ་ཡུད་ཀྱིས་ཕྱིནཿ གང་ལ་བྱ་བའི་དགྲ་བགེགས་གཉིསཿ མ་ཐོགས་མྱུར་དུ་ཁྲིད་ལ་ཤོགཿ དང་པོར་ཞེ་སྡང་ཕ་ཡིས་བསྐྱེདཿ བར་དུ་འདོད་ཆགས་མ་ཡིས་མངལཿ དེ་ནས་དྲི་ཟ་ཉེ་བར་འཁོརཿ ཐ་མ་ཉོན་མོངས་དུག་ལྔའི་རྟེནཿ ཕུང་པོ་ཁམས་དང་སྐྱེ་མཆེད་དངཿ ཚོགས་བརྒྱད་རྩད་ནས་གཅད་པའི་ཕྱིརཿ ཀླད་པའི་དཀྱིལ་དུ་རྡོ་ཟོར་ཡཿ ཉན་པའི་རྣ་ལ་མཚེ་ཟོར་ཡཿ ལྟ་བའི་མིག་ལ་མདའ་ཟོར་ཡཿ སྣོམ་པའི་སྣ་ལ་ཁྲག་ཟོར་ཡཿ སྨྲ་བའི་ལྕེ་ལ་ཕུར་ཟོར་ཡཿ དྲན་པའི་སྙིང་ལ་དུག་ཟོར་ཡཿ འགྲོ་བའི་རྐང་ལ་མཚོན་ཟོར་ཡཿ ཡུལ་མཁར་ཁྱིམ་ལ་མེ་ཟོར་ཡཿ ནོར་གྱི་དབྱིག་ལ་སྒོང་ཟོར་ཡཿ འོག་གི་རྟ་ལ་རྩང་ཟོར་ཡཿ མཆན་གྱི་བུ་ལ་ཡུངས་


JLAZ011_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་ཡཿ རབས་ཆད་དུད་པས་སྐྱེས་རྒྱུད་ཆོདཿ རི་རུད་ཕུངས་ས་ཡུལ་མཁར་བསྒྱེལཿ ཀོང་ཟོར་འབར་བས་ཆམ་ལ་ཕོབཿ ཚོན་སྐུད་སྣ་ལྔས་བྱད་དུ་ཆུགཿ ཚེར་མའི་ཤིང་གིས་གནོད་གདུག་སློངསཿ མདའ་ཁྲས་སྐྱེས་པ་གྲི་འཐབ་སྦྱོརཿ འཕང་ཁྲས་བུད་མེད་དུག་སྦྱོར་གཡོསཿ ལྕགས་ཟངས་དུག་ཁྲག་མྱོས་སུ་ཆུགཿ ཁྲམ་ཤིང་གཤིན་རྗེའི་ཁ་རུ་རྫོངསཿ ལོ་ཟླ་ཞག་དང་ཏུ་མ་འགྱངས་པརཿ མིང་ཙམ་མེད་པར་ཕུང་དུ་ཆུགཿ ཙིཏྟ་ཀུ་ལུ་ནནཿ ཙཀྲ་རཾཿ ཤག་ཤག་རཾཿ ཁཱ་ཧི་རཾཿ སུ་ཏྲི་ནིཿ ཛ་ཏྲི་ཛཿ ཡ་ཡཿ ལྔ་པ་ཆད་མདོ་ནི་ལས་གཞུང་བཞིན་བྱཿ དྲུག་པ་རླུང་ལ་བསྐུར་བ་ནིཿ ཟོར་རྫས་རྣམས་དྲག་སྔགས་མེ་དཔུང་བཟླ་བཞིན་པས་བཏེག་ལཿ ཆོས་སྐྱོང་རྣམས་ཀྱི་བསྐུལ་དངཿ གོང་གི་ཐུན་གཏོར་གྱི་ཚིག་གིས་འཕངས་པར་བྱའོཿ བདུན་པ་ཟོར་རྗེས་གཅོད་པའི་སྲུང་ཁོར་བསྒོམཿ བརྒྱད་པ་བསྟན་མ་བསྐྱངཿ དགུ་པ་གཏོར་མནན་ནིཿ སྒོ་དྲུང་དུས་ལ་བྲུབ་ཁུང་བྲུས་པ་ནྲྀ་ཏྲིས་མཚན་པ་ལ་དགྲ་བགེགས་དགུག་གཞུག་བྱས་ལ་གཏོར་གཞོང་རི་རབ་ཏུ་དམིགས་པ་སྦུབ་ལ་མེ་ཆུའི་རྒྱས་འདེབས་དང་བཅསཿ ཧཱུཾཿ དམ་སྲི་བྱ་བའི་སྡིག་ཅན་ཁྱོདཿ སོགས་ཀྱིས་མནནཿ ནང་དུ་ལོག་ལ་དངོས་གྲུབ་བླང་བ་སོགས་རྗེས་ཆོག་རྣམས་ཚང་བར་བྱའོཿ རྒྱུད་སྡེའི་གཞུང་དང་སྒྲུབ་སྡེའི་མན་ངག་གནདཿ ཚང་ལ་དོན་འདྲིལ་


JLAZ011_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འཕངས་པ་ཟོར་གྱི་ལསཿ རྒྱལ་རིགས་གང་ཟག་ཌཱཀྐིའི་གཏད་རྒྱལཿ དབང་བསྒྱུར་རིག་འཛིན་དེ་ལ་རྗེས་གདམས་པསཿ བསྟན་འགྲོར་འཚེ་བའི་གདུག་པ་ཚར་གཅོད་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དྷ་ཐིམཿ

ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལསཿ རོལ་པ་ཆེན་པོའི་གཏོར་ཟློག་གི་གཟེར་ཁ་ཟབ་མོ་གུད་དུ་ཕྱུང་བ།


JLAZ011_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འུཾཿ ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལསཿ རོལ་པ་ཆེན་པོའི་གཏོར་ཟློག་གི་གཟེར་ཁ་ཟབ་མོ་གུད་དུ་ཕྱུང་བ་བཞུགསཿ


JLAZ011_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་ཆེན་པོའི་གཏོར་ཟློག་ལསཿ གཟེར་ཁ་རྣམ་པ་གསུམ་སྟོན་ཏེཿ རྒྱལ་མཚན་རྔ་ཁྱུང་ཟ་ལམ་མོཿ ཀུན་ལ་སོ་སོའི་བཅའ་ག་རྣམསཿ འོག་གི་གྱེར་དང་མཐུན་པར་སྒྲིགསཿ དང་པོ་རྒྱ་མཚན་རྣམ་དགུ་ཡིསཿ བགེགས་ཆེན་ཟློག་པའི་གཟེར་ཁ་ནིཿ ཧཱུཾཿ དཔལ་ཆེན་ཐུགས་ལས་སྤྲུལ་བའི་ཁྱུངཿ མཐུ་སྟོབས་རྫུ་འཕྲུལ་སྟོབས་པོ་ཆེཿ ཁྱོད་ཀྱིས་མི་འདུལ་གཅིག་ཀྱང་མེདཿ ཆེ་མཆོག་སྐུ་དང་གཉིས་སུ་མེདཿ དབུ་ལ་རིན་ཆེན་འབར་བ་ཡིསཿ མུ་གེའི་བསྐལ་པ་ངན་པ་ཟློགཿ གཤོག་པ་མེ་རུ་འབར་བ་ཡིསཿ ཀླུ་བདུད་ཧུ་ལུ་ཧུ་ལུ་དངཿ ཐག་བཟངས་རིས་ཀྱི་དམག་དཔུང་ཟློགཿ གདོང་པས་གཞན་འཕྲུལ་དབང་བྱེད་དངཿ མཆུ་ཡིས་ཚངས་


JLAZ011_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམག་དཔུང་ཟློགཿ རྭ་ཡིས་སྒྲ་གཅན་གདོང་ཐུག་དངཿ སྡེར་མོས་དུས་མཚན་གཟའ་སྐར་བྱདཿ མཇུག་མས་ལྟོ་འཕྱེའི་གནོད་པ་ཟློགཿ ཧཱུཾཿ ཤར་ཕྱོགས་ཡང་དག་གཏོར་མའི་སྟེངཿ ཤེལ་གྱི་བྱ་ཁྱུང་ཟངས་མཆུ་ཅནཿ རྟ་མགོ་ཅན་གྱི་གདོན་བརྫིས་ནསཿ ལག་པ་བཞི་པས་ནོར་སྙིང་འབྱིནཿ ཤར་གྱི་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ ལྷོ་ཕྱོགས་གཤིན་རྗེའི་གཏོར་མའི་སྟེངཿ གསེར་གྱི་བྱ་ཁྱུང་ལྕགས་མཆུ་ཅནཿ གྲུལ་བུམ་སྤྱིའུ་ཚུགས་གདོན་བརྫིས་ནསཿ ཆུ་སྲིན་གཟུགས་ཅན་མིག་ཚིལ་འདྲུཿ ལྷོ་ཡི་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ ནུབ་ཕྱོགས་རྟ་མགྲིན་གཏོར་མའི་སྟེངཿ མེ་ཡི་བྱ་ཁྱུང་གསེར་


JLAZ011_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་ཅནཿ འདབ་བཟང་ལྦ་བ་གསུམ་པ་བརྫིསཿ སུས་ཕྱེད་ལྡན་པའི་གདོན་ལ་ཟཿ ནུབ་ཀྱི་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ བྱང་ཕྱོགས་ཕུར་པའི་གཏོར་མའི་སྟེངཿ གཡུ་ཡི་བྱ་ཁྱུང་རྡོ་རྗེའི་མཆུཿ གནོད་སྦྱིན་འཕྲོག་མ་བརྫིས་ནས་ཀྱངཿ སྟག་གི་གཟུགས་ཅན་གདོན་ལ་ཟཿ བྱང་གི་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ ཤར་ལྷོ་མ་མོའི་གཏོར་མའི་སྟེངཿ དུང་གི་བྱ་ཁྱུང་གསེར་མིག་ཅནཿ རྣ་བོ་ཆེ་ཡི་གདོན་བརྫིས་ནསཿ ཝ་ཡི་གཟུགས་ཅན་བརྗེད་བྱེད་ཟཿ ཤར་ལྷོའི་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ ལྷོ་ནུབ་རིག་འཛིན་གཏོར་མའི་སྟེངཿ ར་གན་བྱ་ཁྱུང་དངུལ་མཆུ་ཅནཿ རྐང་པ་གཅིག་པའི་གདོན་བརྫིས་ནསཿ མ་ཧེའི་གཟུགས་ཅན་རྒྱུ་མ་འདྲེནཿ ལྷོ་ནུབ་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ ནུབ་བྱང་མཆོད་བསྟོད་གཏོར་མའི་སྟེངཿ བྱུ་རུའི་བྱ་ཁྱུང་ལྕགས་མཆུ་ཅནཿ མགྲིན་བཅུའི་གདོན་ལ་བརྫིས་ནས་ཀྱངཿ རྔ་བོང་གཟུགས་ཅན་མགོ་ལུས་འདྲལཿ ནུབ་བྱང་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ བྱང་ཤར་དྲག་སྔགས་གཏོར་མའི་སྟེངཿ ལྕགས་ཀྱི་བྱ་ཁྱུང་ཟངས་མཆུ་ཅནཿ མིག་མང་གདོན་ལ་བརྫིས་ནས་ཀྱངཿ སྨྱོ་བྱེད་རྐང་མང་ནང་ཁྲོལ་འབྱིནཿ བྱང་ཤར་གདོན་ཚོགས་བཟློག་ཏུ་གསོལཿ


JLAZ011_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་གྱིས་གནོད་པ་ཆེས་ཆེ་ནཿ འདི་ཉིད་བྱ་ཡིས་གཞན་དུ་གཉནཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གཉིས་པ་རྔ་བོང་ཟློག་པ་ནིཿ ཧཱུཾཿ བཅོམ་ལྡན་དཔལ་ཆེན་རོལ་བ་ཡིཿ ལྟས་ངན་བཟློག་པའི་ཕྱི་མི་ནིཿ ཅི་མི་འདྲ་བའི་རྔ་བོང་ཡིནཿ རྨིག་པས་གླང་པོའི་འཇིགས་པ་ཟློགཿ རྐང་བཞིས་རྟ་དྲེའུ་གོད་ཁ་ཟློགཿ མཇུག་མས་ཕྱུགས་ལུག་གོད་ཁ་ཟློགཿ ལྟོ་པས་ས་ནད་གློ་གོར་ཟློགཿ མགྲིན་པས་དུག་སྦྲུལ་འཇིགས་པ་ཟློགཿ གདོང་པས་གདོང་ཅན་ལྟས་ངན་ཟློགཿ ཟློག་བྱེད་རྔ་བོང་དཔྲལ་བ་ནཿ གླང་ཆེན་མགོ་དགུ་སྣ་ཞགས་རྩིབ་འཁོར་བཏགས་པ་མན་ངག་ཡིན།རྡེབཿ དམག་དཔུང་གཡུལ་ངོ་ལངས་པ་ཟློགཿ དཔུང་གཡས་བྱི་ལ་དཀར་པོ་བརྒྱདཿ ནམ་རྒྱང་མདའ་དཀར་པོ།འཕང་བརྒྱད་བརྒྱད་ཀྱིསཿ རྒྱལ་པོའི་གདོན་དང་འགོང་པོ་ཟློགཿ དཔུང་གཡོན་དམུ་བྱ་ཕུག་རོག་བརྒྱདཿ ནམ་རྒྱང་མདའ་སྔོན་པོ།འཕང་བརྒྱད་བརྒྱད་ཀྱིསཿ དམུ་ཡི་གནམ་རྡོ་ཕབས་པ་ཟློགཿ དཔྱི་གཡས་སྟག་མོ་ཕྲུག་གུ་ཟཿ སྔགས་པ་ནང་དམེ་བྱེད་པ་ཟློགཿ དཔྱི་གཡོན་བྱ་མིག་ཐོད་ནག་འཁུནཿ ཡ་རབས་རིགས་བརྒྱུད་ཆད་པ་ཟློགཿ རྩིབས་ལོགས་གཉིས་ཀྱི་གཡས་པ་ནཿ མི་དམར་རྟ་དམར་ཞོན་པ་བརྒྱདཿ ནམ་རྒྱང་མདའ་འཕང་བརྒྱད་བརྒྱད་དམར་པོ། ཀྱིསཿ


JLAZ011_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་གྱི་ཁྲག་མདའ་འཕེན་པ་ཟློགཿ གཡོན་ལ་སྤྲེའུ་གར་བྱེད་བརྒྱདཿ ནམ་རྒྱང་མདའ་འཕང་སེར་པོ།བརྒྱད་བརྒྱད་ཀྱིསཿ གཉན་ནད་ཅིར་ཡང་བརྫུ་བ་ཟློགཿ ཧཱུཾཿ དེ་ལ་ཞོན་པའི་ཐན་ཁྱུང་གིསཿ རལ་པ་ལན་གསུམ་སྤྲུགས་པ་ལསཿ ལྷག་པའི་དམ་ཚིག་ཉི་ཤུ་དངཿ འགལ་བའི་ལྟས་ངན་དགྲ་ལ་བཟློགཿ རལ་པའི་ལན་ཕྲན་དང་པོ་ལཿ སྤྱང་ཀིས་སེངྒེར་རྒོལ་བ་བླ་མ་ལ་རྒོལ་བ།དངཿ ཟ་མ་ཏོག་ཏུ་དུག་སྦྱར་ཡུམ་ལ་བརྟེན་པ།གཡོསཿ གཉིས་པ་རིན་ཆེན་ལྕུག་མ་རྡོ་རྗེའི་སྤུན་ལ་ཁྲོས་པ།བཅདཿ གངས་རི་ཞུ་བའི་ཞུན་ཆུ་བླ་མ་དང་དཀོན་མཆོག་གི་དཀོར་ལ་འབག་པ།བཏུངསཿ གསུམ་པར་པདྨའི་ཟེའུ་འབྲུ་ཚངས་སྤྱོད་ཅན་ལ་སྤྱོད་པ།དབྲལཿ བུག་རྡོལ་སྣོད་དུ་བདུད་རྩི་སྣོད་མིན་ལ་གདམས་ངག་སྟོན་པ།བླུགསཿ བཞི་པར་མ་བརྟགས་འདྲེ་ཅན་བྱིན་གྱིས་མ་བརླབས་པར་ཆང་འཐུངས་པ།བསྲེལཿ ཤེལ་དཀར་འདམ་རྫབ་ཁྲོད་དུ་གཞན་དོན་སྤངས་བ།བསྐྱུརཿ ལྔ་པར་སེངྒེའི་འོ་མ་བྱང་ཆུབ་ཀྱི་སེམས་སྤངས་བ།ཕོཿ ཡིད་བཞིན་ནོར་བུ་ཐབ་ཏུ་ཆོས་དང་གང་ཟག་བཟང་པོ་ལ་སྐུར་པ།བསྲེགསཿ དྲུག་པ་ཁྱུང་གི་གཤོག་པ་ཐབས་ཤེས་ཡ་བྲལ་གྱི་ཉམས་ལེན།བཅགཿ གནམ་ལྕགས་སྡེར་མོ་ས་ལ་བཀའ་ལ་གཟུ་ལུམས་རས་ཆོད།བྲདཿ བདུན་པར་གཅན་གཟན་ལྷག་ལ་ཚོགས་གཏོར་ལ་འབགས་རྩོག་དང་ཕུད་ཉམས་པ།ཟོསཿ


JLAZ011_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེས་གཏམས་པའི་བྲག་ཆེན་བསྐྱེད་རིམ་མི་སྒོམ་པ།བཤིགཿ བརྒྱད་པར་རྡོ་རྗེའི་གོ་ཆ་དམ་བཅའ་རལ་དུ་འཇུག་པ།དབྲལཿ སྒྲོན་མེ་འབར་བ་རླུང་གིས་ཏིང་འཛིན་མི་གསལ་བ།བསདཿ དགུ་པར་འབབ་ཆུའི་འོལ་ཀ་བཟླས་བརྗོད་རྒྱུན་ཆད་པ།བཅདཿ རིགས་ལྔའི་ཕྱག་རྒྱ་འདམ་དུ་ཕུང་ཁམས་ལ་བརྙས་པ་བྱེད་པ།བཅུགཿ བཅུ་པ་རྡོ་རྗེའི་མཁར་རྫོང་རྟོག་གེ་པ་ལ་སྔགས་ཀྱི་ལྟ་སྤྱོད་སྟོན་པ།བཤིགཿ རྒྱལ་མཚན་རྩེ་ཡི་ནོར་བུ་བླ་མ་ལ་མོས་གུས་ཡལ་བ། དབོགཿ འདི་དག་སྔགས་པ་ཐུར་ལྷུང་བའིཿ ལྟས་ངན་ཆེན་པོ་དགྲ་ལ་ཟློགཿ ཧཱུཾཿ གཤོག་རུ་གཡས་ཀྱི་དང་པོ་ལཿ སེང་གེ་གངས་ཀྱི་སྟོངས་སུ་ལྷུངཿ རྒྱལ་པོ་དམངས་སུ་བབས་པ་ཟློགཿ གཉིས་པར་ཁྱུང་དང་གཡུ་འབྲུག་འཐབསཿ བློན་པོ་ནང་འཐབས་བྱེད་པ་ཟློགཿ གསུམ་པར་རྨ་བྱ་སྒོ་ང་བཅོགཿ རྗེ་མོ་བྱིན་ལ་བྱེད་པ་ཟློགཿ བཞི་པར་ལོ་ཐོག་སེར་བས་འཇོམསཿ རྗེས་བོས་འབངས་ལ་མནར་བ་ཟློགཿ ལྔ་པར་བྲག་ལ་སྒོ་ང་བརྡབསཿ རྒྱལ་ཁྲིམས་ཞིག་པའི་ལྟས་ངན་རྣམསཿ བཟློག་གོ་བསྒྱུར་རོ་ཁྱུང་གིས་ཟློགཿ གཤོག་རུ་གཡོན་གྱི་དང་པོ་ལཿ དགེ་སྦྱོང་འཁར་གསིལ་ཐུར་དུ་སྦུབསཿ བསླབ་པ་ཁྱད་དུ་གསོད་པ་ཟློགཿ གཉིས་པར་མི་རིང་གཅེར་རྒྱུག་བྱེདཿ ཕན་


JLAZ011_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་ངོ་ཚ་ཁྲེལ་ཉམས་ཟློགཿ གསུམ་པར་དུག་སྦྲུལ་རྒྱ་མཚོར་འཁྱིལཿ བསམ་སྦྱོར་ངན་པའི་གཡོ་འཁྲུགས་ཟློགཿ བཞི་པར་བུད་མེད་བྱད་ལ་འགེབསཿ ཕུང་སྦྱོར་དུག་གཡོས་བྱེད་པ་ཟློགཿ ལྔ་པར་ཤྭ་བུད་ཁྱིམ་དུ་འཇུགཿ ཆག་ཆེ་ཉམ་ང་ཐོག་ཏུ་བབསཿ འཇིག་རྟེན་མི་དགེར་བྱེད་པ་ཡིཿ ཐན་ལྟས་ངན་པ་དགྲ་ལ་ཟློགཿ ཧཱུཾཿ ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ཡིསཿ སྤྲིན་ལ་མེ་ཆེན་མཆེད་པ་ཟློགཿ ཉ་ཆེན་མཇུག་མ་གཡོ་བ་ཟློགཿ ཉི་ཟླ་གཟའ་ཡིས་བཟུང་བ་ཟློགཿ ཁྲག་གི་སེར་བ་འབབ་པ་ཟློགཿ རླུང་ནག་འཚུབས་མ་འཁྱིལ་བ་ཟློགཿ ཤིང་རྟ་གཤོག་པ་ཆག་པ་ཟློགཿ རི་ཆེན་གྲོད་པ་བརྡོལ་བ་ཟློགཿ ཕན་ཚུན་རྒྱབ་ཀྱིས་ཕྱོགས་པ་ཡིསཿ བདེ་སྐྱིད་འཇོམས་པའི་ལྟས་ངན་ཀུནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ཐན་ཁྱུང་འབར་བས་སྒྱུརཿ ཞེས་བརྗོད་ཐན་ཁྱུང་ཞལ་ཁ་བསྒྱུརཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གསུམ་པ་སྲིན་མོའི་སྡེ་དཔོན་ནིཿ ལྕགས་ཐག་མགོ་དགུའི་ཟ་ལམ་བསྟནཿ ཡས་རྣམས་གཞུང་བཞིན་ཚོགས་བགྱིས་ལཿ ཧཱུཾཿ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམཿ དམ་ཉམས་སྒྲོལ་བའི་ཕྲ་མེན་མཿ སྒྱུར་བྱེད་ཆེན་མོ་སྤྱན་འདྲེན་ནོཿ སྲིན་མོ་ལྕགས་ཐག་མགོ་དགུ་ཡིཿ མིིང་ནས་ཕྱུང་གིས་གཤེགས་


JLAZ011_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལཿ དབུ་དགུ་སྟེང་ཞལ་བྱ་ཡི་དབུཿ དུར་བྱ་ཁྲ་དང་བཞད་ཀྱི་མགོཿ ནང་ཁྲོལ་གློ་སྙིང་ཟ་ཞིང་རྔམསཿ བར་གྱི་དབུ་གསུམ་དུད་འགྲོའི་མགོཿ དོམ་དང་དྲེད་དང་ཆུ་སྲིན་གདོངཿ རྩ་བཅད་ཁྲག་དང་ནང་ཁྲོལ་ཟཿ རྩ་བའི་དབུ་གསུམ་ཁྲོ་མོ་སྟེཿ གཡས་དཀར་གཡོན་དམར་དབུས་མཐིང་ནགཿ མཆེ་བ་ཟང་ཡག་མི་རོ་ཟཿ སྐུ་སྟོད་ཞིང་ལྤགས་ཐོད་སྦྲུལ་བརྒྱནཿ སྐུ་སྨད་རེ་ལྡེའི་ཤམ་ཐབས་ཅནཿ གཡས་དགུ་གཡོན་བསྒྲལ་སྙིང་འདྲད་འཛིནཿ གཡོན་པ་དགུ་ན་ཐོད་ཟོར་བསྣམསཿ སྟག་དང་སྤྱང་ཀི་གླ་བ་མོནཿ དྲེད་མོ་མནོལ་གྲི་ཁྱི་ནག་གཡགཿ ཞབས་བརྒྱད་དྲེགས་པའི་སྙིང་གར་བརྫིསཿ འགྲོ་བ་འདུལ་ཕྱིར་གར་སྟབས་འགྱིངཿ སྐྲ་དང་ཁ་སྤུ་མེ་རུ་འབརཿ བྷྱོཿ ཁྱོད་ཀྱི་སྤྲུལ་པ་བཤད་ཙ་ནཿ སེམས་ཉིད་མ་བཅོས་མུ་ཁ་ལེཿ སེམས་ལས་སྐྱེས་པའི་བུ་མོ་བཅུ་གསུམ་དངཿ དབྱིངས་ལས་སྐྱེས་པའི་མ་མོ་བཅུ་བཞི་དངཿ ཡེ་ཤེས་མ་མོ་ཉི་ཤུའོཿ སྣང་སྲིད་ཀུན་ཁྱབ་ཤྭ་རཱི་མཿ ཐམས་ཅད་དགྱེས་སྐོང་ཡུམ་ཆེན་ལྔཿ དགྲ་རྣམས་སྒྲོལ་བའི་ཤུགས་སྒྲོལ་དྲུགཿ དྲག་ཤུལ་དབང་ཆེན་མ་མོ་བདུནཿ གནོད་སྦྱིན་སྙིང་གཅོད་སྲིན་མོ་བརྒྱདཿ བཀའ་སྡོད་བློན་མོ་ཆེན་མོ་དགུཿ ཡང་གབ་དབང་གི་


JLAZ011_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོ་བཞིཿ སེམས་ལས་སྐྱེས་པའི་མ་མོ་བཞིཿ ཡིད་ལ་གདུང་བའི་མཛའ་ན་བཞིཿ ལུས་ལས་བསྐྱེད་པའི་བུ་མོ་བཞིཿ མ་མོ་ཀུན་གྱི་གཙོ་མོ་བཞིཿ བདུད་རྩི་སྒྲུབ་པའི་རྒྱལ་མོ་བཞིཿ ཕུར་བུ་སྒྲུབ་པའི་བློན་མོ་བཞིཿ མ་མོ་ཐུན་གྱི་བདག་མོ་བཞིཿ ལས་ལ་གཤིན་པའི་བྲན་མོ་བཞིཿ དར་དབུགས་འཕྲོག་པའི་ལྷ་མོ་བཞིཿ མ་མོ་རྩ་ཁྲོ་བདག་མོ་བཞིཿ དགྲ་བོའི་སྙིང་འབྱིན་ལྷ་མོ་བཞིཿ ཀུན་གཞི་གནས་འགྱུར་བུ་གཅིག་མཿ གླིང་བཞིར་དབང་བསྒྱུར་དྲག་མོ་རྒྱལཿ སྟོང་གསུམ་དབང་བསྒྱུར་ཛ་ཛ་ཤྭ་རཱི་མཿ དགྲ་ལ་དབང་བསྒྱུར་དཔལ་ལྡན་རེ་མ་ཏིཿ འཇིག་རྟེན་དབང་ཅན་སྨན་མོའི་ཚོགསཿ གཤིན་རྗེའི་ལྕམ་མོ་ཉི་ཤུ་གཅིགཿ ལས་མཁན་མ་མོ་བརྒྱད་ཅུ་གཅིགཿ བྱང་ཤར་མཚམས་ཀྱི་སྲིང་གཅིག་མཿ ཐུགས་ཀྱི་སྤྲུལ་པ་རག་མོ་བདུནཿ ཚོགས་ཀྱི་ནག་མོ་ཉི་ཁྲིའི་ཚོགསཿ སྐུ་ཡི་སྤྲུལ་པ་དཀར་མོ་བདུནཿ ཚོགས་ཀྱི་དཀར་མོ་ཉི་ཁྲིའི་ཚོགསཿ གསུང་གི་སྤྲུལ་པ་དམར་མོ་བདུནཿ ཚོགས་ཀྱི་དམར་མོ་ཉི་ཁྲིའི་ཚོགསཿ ཡོན་ཏན་མ་མོ་སེར་ནག་བདུནཿ ཚོགས་ཀྱི་སེར་མོ་ཉི་ཁྲིའི་ཚོགསཿ ཕྲིན་ལས་སྤྲུལ་པ་ལྗང་ནག་བདུནཿ ཚོགས་ཀྱི་ལྗང་ནག་ཉི་ཁྲིའི་ཚོགསཿ ཤ་ཁྲག་གཏོར་མ་


JLAZ011_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལཿ བྱད་ཕུར་རང་གི་གཤེད་མ་ཕོབཿ ལྟས་ངན་དམ་ཉམས་དགྲ་ལ་སྒྱུརཿ ནད་དལ་ཆག་ཆེ་ཉམ་ང་ཀུནཿ ཟོར་ཁ་འདི་དང་ལྷན་ཅིག་ཏུཿ བཟློག་བསྒྱུར་ཕྲིན་ལས་འགྲུབ་པར་མཛོདཿ ཅེས་ཤ་ཁྲག་དང་གཏོར་མ་འབུལཿ གལ་ཏེ་ལྟ་དགོངས་དང་ལྡན་པས་བསྟན་དགྲ་དམིགས་བསལ་ལ་ལ་རྦད་ནཿ སྔོན་ལ་སྤུ་གྲིའི་སྔགས་འདི་བཟླའོཿ ཨེ་བཾ་རཾ་ཁཾ་ཤིག་ཙིཏྟ་གཏུབསཿ དགྲ་བོའི་སྲོག་ལ་ཐུནཿ རྨུག་ལིང་ཤག་རྦདཿ བཾ་རཾ་ཁཾ་ཤགཿ ཙིཏྟ་རྔུབསཿ དགྲ་བོའི་སྲོག་ལ་བྲེང་བྲེངཿ ཡབ་ཡམ་ཐུམ་རི་ལི་ལི་བྷྱོཿ ཙིཏྟ་གཟེར་ཐུནཿ སྟྭམ་བྷ་ཡ་ནནཿ ཞེས་བཟླ་ཞིང་མཆིལ་མ་ཕྱིར་བསྒྱུར་རོཿ དེ་ནས་བསྐུལ་ནིཿ ཧཱུཾཿ གཤིན་རྗེ་ཀུན་གྱི་ལྕམ་མོ་ནིཿ ཐུགས་ཀྱི་སྤྲུལ་པ་མགོ་དགུ་མཿ ཡང་སྤྲུལ་མ་བདུན་ཤ་ཟའི་ཚོགསཿ མ་ལུས་འཇོམས་པའི་མཐུ་མོ་ཆེཿ ཁྲག་དང་དུག་གི་མཚོ་དཀྱིལ་ནསཿ དུག་རླངས་མུན་ནག་འཐིབས་པ་ལསཿ སྲིན་མོ་ཁ་འདར་མགོ་དགུ་མཿ བདུད་དང་མུ་སྟེགས་བྲན་དུ་འཁོལཿ སྲིན་མོ་ཆེན་མོ་ལས་ལ་བསྐུལཿ དོམ་དང་ཁྱི་མོ་བླ་ལ་ཁྱེཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ སྟོང་གསུམ་ཤ་ལ་རོལ་ཞིང་གསོལཿ ང་ཡི་ཤ་སྐལ་


JLAZ011_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན་ཡོདཿ སྟོང་གསུམ་ཁྲག་ལ་མོས་ཤིང་འཐུངསཿ ང་ཡི་ཁྲག་སྐལ་གང་ན་ཡོདཿ སྟོང་གསུམ་ཟོས་ཀྱང་ཁྱོད་མ་འགྲངསཿ དགྲ་བོའི་ཤ་དང་ཁྲག་ལ་རོལཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ རི་རབ་རྩེ་ནས་སྙིལ་ཀྱིན་འོངཿ རྒྱ་མཚོའི་གཏིང་ནས་རླབས་ཀྱིན་འོངཿ དམ་ཉམས་ཤ་ལ་རོལ་ལས་ཤོགཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ རང་ཤ་རང་གིས་ཟ་ཡིན་འོངཿ རང་ཁྲག་རང་གིས་འཐུང་གིན་འོངཿ རང་ཤ་ཟོས་ཀྱང་ཁྱོད་མ་འགྲངསཿ རང་ཁྲག་བཏུངས་ཀྱང་ཁྱོད་མ་ངོམསཿ དགྲ་བོའི་ཤ་དང་ཁྲག་ལ་རོལཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ གནམ་ས་རི་ཀླུང་བཟློག་ཅིང་འོངཿ རྒྱ་མཚོ་ཟོར་དུ་འཕེན་གྱིན་འོངཿ དམ་ཉམས་དགྲ་ལ་ཟོར་དུ་རྒྱོབཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ ལུས་ཅན་མ་ལུས་བྲན་དུ་འཁོལཿ དམ་ལས་འདས་པའི་ཙིཏྟ་འབྱིནཿ དགྲ་བོའི་ཁོང་ནས་ཙིཏྟ་ཕྱུངསཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ སྣང་སྲིད་བྷྱོ་བཟློག་མེ་ཡིས་བསྲེགསཿ དགྲ་བོའི་ལུས་སྲོག་བག་ཆགས་བསྲེགསཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ ལུས་ཅན་བླ་ལ་རྒྱུག་ཅིང་འོངཿ སྤྲུལ་པའི་ཁྱི་མོ་ནག་མོ་དགུཿ དགྲ་ལ་རྦོད་ལ་བླ་དང་ཕྲོལཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ


JLAZ011_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་ནད་ཀྱི་དྲ་བར་འཆངཿ དམ་ཉམས་དགྲ་ལ་རིམས་དལ་ཕོབཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ སྣང་སྲིད་ལུས་སྲོག་དྭངས་སྙིགས་འབྱེདཿ ཚེ་སྲོག་བསྡུས་ལ་རྩ་རྒྱུད་ཆོདཿ སྲིན་མོ་ལྕགས་ཐག་མགོ་དགུ་མཿ སྤྱན་ནས་ཁྲག་འཛག་ཟུ་ལུ་ལུཿ ཤངས་ནས་དུག་རླངས་བུན་ནེ་བུནཿ སྙན་ནས་འབྲུག་སྒྲ་དི་རི་རིཿ ཞལ་གྱི་རྔམ་སྒྲས་སྟོང་གསུམ་ཕུངཿ གཡས་པ་དགུ་ན་སྙིང་སྦྲམ་དགུཿ ཐོགས་ནས་དགྲ་བོའི་ཙིཏྟ་འབྱིནཿ གཡོན་པ་དགུ་ན་ཐོད་པ་དགུཿ དགྲ་ལ་ཁྲག་མདའ་དུག་གཟེར་འཕེནཿ དགྲ་བོའི་ཁོང་དུ་དུག་མདའ་རྒྱོབཿ ཀླད་གཤོགས་ལ་ཀླད་ཁྲག་འཐུངཿ ལུས་ཀྱི་སྲོག་ཕྲོལ་ཙིཏྟ་གཏུབསཿ ཁྲག་མདའ་དུག་ཕུར་ཐུན་ཟོར་རྒྱོབཿ སྔགས་པའི་སྐུ་དགྲ་སྒྲོལ་ལ་ཤོགཿ མ་མོའི་ཁྲམ་སྣ་དགྲ་ལ་སྒྱུརཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཅེས་བརྗོད་དགྲ་ཡུལ་མཐོང་སར་བསྐྱལཿ གཤིན་རྗེ་གཤེད་ཀྱི་སྤྲུལ་པ་སྟེཿ གྲོང་ཡུལ་གྱེར་ན་ཤིན་ཏུ་གཉནཿ ཏནྟྲའི་བཅུད་དང་མན་ངག་གནདཿ དགོངས་པར་ལྡན་པའི་རྣལ་འབྱོར་གྱིསཿ བསྟན་འགྲོའི་ཆེད་དུ་བྱ་བ་ལསཿ བོན་གྱེར་བྱས་ན་རང་ལ་སྡིགསཿ དེ་ཕྱིར་གུད་དུ་སྦས་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུ་ཧྱཿ དྷ་ཐིམཿ

དཔལ་ཆེན་སྲུང་བཟློག་འཁོར་ལོ་ཡི། ཞལ་ཤེས་གནད་དོན་གསལ་བྱེད།


JLAZ011_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་སྲུང་བཟློག་འཁོར་ལོ་ཡི། ཞལ་ཤེས་གནད་དོན་གསལ་བྱེད་བཞུགས། །


JLAZ011_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་པདྨ་ཀཱ་ར་ཡི། །གསང་གསུམ་མི་ཟད་ནོར་བུའི་མཛོད། །དབང་བསྒྱུར་ཀུན་མཁྱེན་འཇིགས་མེད་གླིང༌། །རྣམ་ཀུན་བདེ་ཆེན་འཁོར་ལོར་སྦ། །འདི་ན་རོལ་པ་ཆེན་པོ་ཡི། །སྲུང་དང་བཟློག་པའི་ཙཀྲ་ཉིད། །ཇི་ལྟར་འབྲི་བའི་རིམ་པ་ཡི། །ཞལ་ཤེས་གནད་དོན་གསལ་བྱེད་སྤེལ། །དེ་ཡང་རས་ཤོག་གང་ཡང་རུང༌། །ཆེ་ཆུང་འཚམས་པའི་གཞི་ངོས་སུ། །དང་པོ་བསྲུང་བའི་འཁོར་ལོ་ལ། །དབུས་དང་པདྨ་པད་ཤུན་དང༌། །འཁོར་ལོ་རྩིབས་བརྒྱད་ལིང་ཚེ་ལྔ། །རིན་ཆེན་ཟུར་བརྒྱད་དབྱངས་རྟེན་སྙིང༌། །རྡོ་ར་མེ་རིའི་ས་ཆོད་དེ། །མུ་ཁྱུད་དགུ་པའི་ལྟོ་བ་རུ། །འབྲུ་གསུམ་བརྩེགས་པའི་སྟེང་ནས་བརྩམས། །ཡིག་མགོ་ཕྱིར་བསྟན་སྔགས་ཤམ་བཅས། །གཡས་བསྐོར་འགྲོས་ཀྱིས་མཐའ་ནང་འཇུག།།ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོཏ་ཙིཏྟ་ཧཱུཾ། མ་མ་ཀྲོ་ཏི་ཤྭ་


JLAZ011_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རཱི་སྟྭཾ། བདེ་གཤེགས་བཀའ་བརྒྱད་རོལ་པའི་བྱིན་རླབས་ཀྱིས་བདག་ཅག་རྒྱུ་སྦྱོར་དང་བཅས་པར་ནད་གདོན་བར་གཅོད་ཆག་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ལོ་ཟླའི་ཀེག་ཆག་ངན་པ་སརྦ་རཀྵཿ དེའི་ཕྱིར་འདབ་བཞི་ཕྱོགས་མདོག་ལ། །ཤར་ནས་བརྩམས་ཏེ་གཡས་བསྐོར་དུ། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀཿ བཛྲ་ཀྲོ་ཏི་ཤཱ་རཱི་སྟྭཾཿ མ་མ་སརྦ་རཀྵཿ དེ་བཞིན་དུ་ལྷོར། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀཿ རཏྣ་ཀྲོ་ཏི་ཤྭ་རཱི་སྟྭཾཿ མ་མ་སརྦ་རཀྵཿ ནུབ་ཏུ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀཿ པདྨ་ཀྲོ་ཏི་ཤྭ་རཱི་སྟྭཾཿ མ་མ་སརྦ་རཀྵཿ བྱང་དུ། ཨོཾ་ཀརྨཱ་ཤྲཱི་ཧེ་རུ་ཀཿ ཀརྨཱ་ཀྲོ་ཏི་ཤྭ་རཱི་སྟྭཾཿ མ་མ་སརྦ་རཀྵཿ རེ་ཁཱ་དམར་སེར་པད་ཤུན་དཀར། །དེའི་ཕྱི་མཚོན་འཁོར་རྩིབས་བརྒྱད་སྔོ། །ཤར་ནས་བརྩམས་པས་གཡས་བསྐོར་དུ། ཨོཾ་


JLAZ011_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཙཎྜ་རུ་ལུ་རུ་ལུ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ དེ་བཞིན་དུ་ཤར་ལྷོར། ཨོཾ་བཛྲ་ཙཎྜ་མ་མ་ཡོ་གི་ནི་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ལྷོར། ཨོཾ་བཛྲ་ཙཎྜ་ཡ་མཱནྟ་ཀ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ལྷོ་ནུབ་དུ། ཨོཾ་བཛྲ་ཙཎྜ་མ་ཧཱ་གུ་རུ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ནུབ་ཏུ། ཨོཾ་བཛྲ་ཙཎྜ་ཧྱ་གྷྲི་ཝ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ནུབ་བྱང་དུ། ཨོཾ་བཛྲ་ཙཎྜ་བི་ཤྭ་ཀཱ་ལ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ བྱང་དུ། ཨོཾ་བཛྲ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ བྱང་ཤར་དུ། ཨོཾ་བཛྲ་ཙཎྜ་རཱུ་ཏྲ་ཏནྟྲ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ཅེས་དང་རྩིབས་མཚན་བརྒྱད་དམར་པོར། །སྲུང་བའི་སྔགས་ནི་ཚར་བརྒྱད་བཀོད། །ཨོཾ་ཨཿཨུཥྞི་ཥ་བཛྲ་ཙཀྲ་ཝཱརྟི་བྷྲཱཾ་སརྦ་ལོ་ཀི་སྭཱ་ཧཱཿ དེའི་ཕྱི་ལིང་ཚེ་ལྗང་གུ་ལྔར། །མདུན་ནས་བརྩམས་ཏེ་རིམ་པ་བཞིན། །ཁྲོཾ་བུདྡྷ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ འཆང་བ་ལ་རཀྵཿ མདུན་གཡས་སུ། ཁྲོཾ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ འཆང་བ་ལ་རཀྵཿ རྒྱབ་གཡས་སུ། ཁྲོཾ་རཏྣ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ འཆང་བ་ལ་རཀྵཿ རྒྱབ་གཡོན་དུ། ཁྲོཾ་པདྨ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ འཆང་བ་ལ་རཀྵཿ མདུན་གཡོན་དུ། ཁྲོཾ་ཀརྨཱ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ འཆང་བ་ལ་རཀྵཿ དེ་ཡི་ཕྱི་རིམ་རིན་པོ་ཆེ། །ཟུར་


JLAZ011_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གསེར་མདོག་མཆན་དམར་སེར། །སོ་སོའི་རྩིབས་དང་ཕྱག་མཚན་སྤྲད། །ཤར་ནས་རིམ་པར་རྡོ་རྗེ་མཐིང༌། །བྱ་ཁྱུང་དམར་པོ་གཤོག་སྔོན་དང༌། །བེ་ཅོན་དམར་པོ་ཐོད་དབྱུག་དཀར། །རལ་གྲི་ཐོ་བ་ཕུར་བུ་དང། །ལྕགས་ཀྱུ་རྣམས་སྔོན་རྩེ་ཕྱིར་བསྟན། །ཁྱུང་གི་ཁ་ན་རོ་ཉེ་འདྲེན། །གཞན་རྣམས་དར་འཕྱངས་སྔོན་པོས་བརྒྱན། །དེའི་ཕྱི་མུ་ཁྱུད་ལྗང་གུ་ལ། །མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཿ ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ཎཿ བ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་དུནྟེ་ཥཱནྟ་ཐཱ་ག་ཏཱ་ཧྱ་ཝ་དཏཿ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎཿ བདེ་གཤེགས་བཀའ་བརྒྱད་རོལ་པའི་བྱིན་རླབས་ཀྱིས་བདག་ཅག་རྒྱུ་སྦྱོར་དང་བཅས་པར་ནད་གདོན་བར་གཅོད་ཆག་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ལོ་ཟླའི་ཀེག་ཆགས་ངན་པ་སརྦ་རཀྵཿ དེ་རྒྱབ་རྡོ་རྗེའི་ཕྲེང་བ་སེར། །ཕྱི་རིམ་མེ་རི་ཆོས་བསྐོར་བྲི། །གི་ཧཾ་གླ་རྩི་གུ་གུལ་དང༌། །བདུད་རྩི་ཨ་མྲྀ་ཏ་ཡིས་བྱུག །གཏོར་ཆེན་ཕྲག་པ་གཡས་སུ་འཕྱར། །གྲོལ་ནས་བསྲུང་བྱའི་མགུལ་དུ་བཏག །༈ གཉིས་པ་བཟློག་པའི་འཁོར་ལོ་ནི། །མུ་ཁྱུད་རིམ་པ་སྔར་བཞིན་ལས། །པདྨའི་ཚབ་ཏུ་རྩིབས་


JLAZ011_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང༌། །ཟུར་བརྒྱད་སྤངས་ལ་ཕྱགས་མཚན་བཀོད། །ལྟེ་བ་མཐིང་གར་ས་བོན་ཁྲོཾ། །དེ་མདུན་ནས་བརྩམས་གཡོན་བསྐོར་དུ། །ཡིག་མགོ་ནང་བསྟན་མཐའ་ཕྱིར་འཇུག །ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་ཏི་ཙིཏྟ་ཧཱུཾཿ མ་མ་ཀྲོ་ཏི་ཤྭ་རཱི་ཧཱུཾ་ཕཊཿ བདག་ཅག་དཔོན་སློབ་ཡོན་མཆོད་ལ་ནད་གདོན་ཆག་ཆེ་ཉམ་ང་བཀྲ་མི་ཤིས་པའི་རིགས་དང་ཕ་རོལ་གྱི་བྱད་ཕུར་རྦོད་གཏོང་ཧོམ་པར་བསྡེབས་གཤོར་རླུང་འཁོར་དབྱེ་བསྐྲད་རྨོངས་རེངས་མནན་གཏད་མདོ་སྒྲུབ་བཙོ་ཐན་མི་ཁ་དམོད་མཆུ་ངན་པ་ཐམས་ཅད་དམ་ཉམས་དགྲ་བོའི་སྟེང་དུ་བྷྱོ་བྷྱོ་བཟློགཿ དེའི་ཕྱི་རྩིབས་བཞི་ཕྱོགས་ཀྱི་མདོག །མདུན་ནས་གཡས་བསྐོར་མགོ་ནང་བསྟན། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀཿ བཛྲ་ཀྲོ་ཏི་ཤྭ་རཱི་ཧཱུཾ་ཕཊཿ དེ་བཞིན་དུ་ལྷོར། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀཿ རཏྣ་ཀྲོ་ཏི་ཤྭ་རཱི་ཧཱུཾ་ཕཊཿ ནུབ་ཏུ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀཿ པདྨ་ཀྲོ་ཏི་ཤྭ་རཱི་ཧཱུཾ་ཕཊཿ བྱང་དུ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀཿ ཨོཾ་ཀརྨཱ་ཀྲོ་ཏི་ཤྭ་རཱི་ཧཱུཾ་ཕཊཿ རྩིབས་མཆན་དམར་པོར་མགོ་ནང་བསྟན། །བྷྱོ་ཁྲོཾ་རྦད་བྲི་རྩིབས་ཤུན་སྨུག །དེའི་ཕྱི་རྩིབས་བརྒྱད་མཐིང་ཀ་ཡི། །ཤར་ནས་གཡས་བསྐོར་མགོ་ནང་བསྟན། །ཨོཾ་བཛྲ་རུ་ལུ་རུ་ལུ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ནང་པ་སངས་རྒྱས་བའི་བདེན་མཐུ་དགྲ་ལ་བྷྱོ་བཟློགཿ དེ་བཞིན་དུ་ཤར་ལྷོར། ཨོཾ་བཛྲ་ཙནྜ་


JLAZ011_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་ཡོ་གི་ནི་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ མ་མོའི་ནད་དལ་དགྲ་ལ་བྷྱོ་བཟློག །ལྷོར། ཨོཾ་བཛྲ་ཙནྜ་ཡ་མཱནྟ་ཀ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ གཤིན་རྗེའི་གཏད་ཁྲམ་དགྲ་ལ་བྷྱོ་ཟློག །ལྷོ་ནུབ་ཏུ། ཨོཾ་བཛྲ་ཙནྜ་མ་ཧཱ་གུ་རུ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ཉན་ཐོས་ཀྱི་མདོ་སྒྲུབ་དགྲ་ལ་བྷྱོ་བཟློག །ནུབ་ཏུ། ཨོཾ་བཛྲ་ཙནྜ་ཧྱ་གྷྲི་ཝ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ གཟའ་ཀླུའི་གདོན་ཚོགས་དགྲ་ལ་བྷྱོ་བཟློག །ནུབ་བྱང་དུ། ཨོཾ་བཛྲ་ཙནྜ་བི་ཤྭ་ཀཱ་ལ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ དྲང་སྲོང་གི་དམོད་པ་དགྲ་ལ་བྷྱོ་བཟློགཿ བྱང་དུ། ཨོཾ་བཛྲ་ཙནྜ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ཕུར་བའི་གདབ་ཁ་དགྲ་ལ་བྷྱོ་བཟློག །བྱང་ཤར་དུ། ཨོཾ་བཛྲ་ཙནྜ་རཱུ་ཏྲ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ཕ་རོལ་བན་བོན་གྱི་དམོད་སྔགས་དགྲ་ལ་བྷྱོ་བཟློག །རྩིབས་མཆན་དམར་སེར་བརྒྱད་དག་ལ། །རིམ་བཞིན་སྔགས་འདི་ཚར་བརྒྱད་བཀོད། །ཁྲོཾ་མཱ་ར་ཡ་བྷྱོ་བྷྱོ་བཟློག །དེ་ཕྱི་ལིང་ཚེ་ལྗང་གུ་ལྔར། །མདུན་ནས་བརྩམས་ཏེ་རིམ་པ་བཞིན། །ཁྲོཾ་བུདྡྷ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་དགྲ་ལ་བྷྱོ་བཟློག །མདུན་གཡས་སུ། ཁྲོཾ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ བྱད་ཕུར་རྦོད་གཏོང་ཐན་ལྟས་


JLAZ011_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་དགྲ་ལ་བྷྱོ་བཟློག །རྒྱབ་གཡས་སུ།ཁྲོཾ་རཏྣ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་དགྲ་ལ་བྷྱོ་བཟློག །རྒྱབ་གཡོན་དུ།ཁྲོཾ་པདྨ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་དགྲ་ལ་བྷྱོ་བཟློག །མདུན་གཡོན་དུ། ཁྲོཾ་ཀརྨ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་དགྲ་ལ་བྷྱོ་བཟློག །དེའི་ཕྱི་ཟླུམ་འཁྱིལ་དམར་པོ་རུ། །ཕྱག་མཚན་སྔ་མའི་འགྲོས་ལྟར་ལ། །ཁྱུང་གི་གདོང་དང་ཕུར་བའི་དབལ། །ཕྱི་ངོས་བསྟན་པ་ཁྱད་པར་ཡིན། །དེ་རྒྱབ་མུ་ཁྱུད་ལྗང་གུ་ལ། །མདུན་ནས་བརྩམས་ཏེ་གཡོན་བསྐོར་དུ། །ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུཾ་ཕཊཿ གནོད་བྱེད་གདོན་བགེགས་འབྱུང་པོའི་སྙིང་རྩ་ལ་དུཥྚཾ་ཧཱུཾ་ཕཊཿ ནང་པ་སངས་རྒྱས་པའི་བདེན་མཐུ་དགྲ་ལ་བཟློག །ཕྱི་པ་མུ་སྟེགས་པའི་ངན་སྔགས་དགྲ་ལ་བཟློག །གཉིས་ཀའི་དྲང་སྲོང་གི་དམོད་པ་དགྲ་ལ་བཟློག །སྔགས་པའི་བྱད་ཕུར་རྦོད་གཏོང་དགྲ་ལ་བཟློག །བནྡེའི་མདོ་སྒྲུབ་བདེན་བདར་དགྲ་ལ་བཟློག །བོན་པོ་དབྱེ་བསྐྲད་བཙོ་ཟོར་དགྲ་ལ་བཟློག །ཕྲ་མེན་ཀླ་ཀློའི་ངན་སྦྱོར་དགྲ་ལ་བཟློག །སྡེ་བརྒྱད་ཟ་ཁ་ཟུག་པ་དགྲ་ལ་བཟློག །བུད་མེད་ཚོགས་པའི་སྨྲ་མཆུ་དགྲ་ལ་བཟློག །


JLAZ011_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག །དེ་རྒྱབ་རྡོ་རྗེའི་ཕྲེང་བ་སྔོ། །ཕྱི་རིམ་དམར་ནག་མེ་བོན་བསྐོར། །གྲི་ལྕགས་དམེ་བསྣོལ་མཛེ་ཁྲག་བྱུག །གཏོར་ཆེན་ཕྲག་པ་གཡོན་དུ་འཕྱར། །གྲོལ་དུས་ཟོར་དང་ལྷན་གཅིག་བརྡེག །གང་གི་གསུང་ཟབ་ནམ་མཁའི་ཁམས། །བློ་ཆུང་འདོམ་གྱིས་གཞལ་མིན་ཀྱང༌། །ནན་གྱིས་ཞལ་ཁྲིད་ཉི་གཞོན་ལས། །ཐོབ་པའི་ཕྲ་ཟེར་འདིར་བསགས་པས། །འདྲ་མིན་སྨག་ཏུ་མི་འཕྱན་པར། །གཅིག་ཏུ་ངེས་པའི་ལམ་གྲོགས་སུ། །སེམས་ཏེ་ཨ་བྷཱ་ཡ་མ་ཏིས། །བཀོད་ལ་ཉེས་པས་མི་ནོངས་ཤིང༌། །དགེ་བས་མཐའ་ཡས་འགྲོ་བ་ཀུན། །རྣམ་བྱང་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ།། །།

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཆེ་མཆོག་བདུད་རྩི་འཁྱིལ་བ་ཡོན་ཏན་འདུས་པའི་དཀྱིལ་འཁོར།


JLAZ011_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཆེ་མཆོག་བདུད་རྩི་འཁྱིལ་བ་ཡོན་ཏན་འདུས་པའི་དཀྱིལ་འཁོར་བཞུགསཿ


JLAZ011_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་གདོད་ནས་བདུད་རྩི་ལྔཿ མ་བཅོས་རང་བཞིན་ལྷུན་གྲུབ་དངཿ དེ་ཉིད་རྒྱལ་བའི་སྐུ་གསུང་ཐུགསཿ འབད་རྩོལ་མེད་པར་ཡེ་སངས་རྒྱསཿ འཇིག་རྟེན་ལོག་རྟོག་ཅན་རྣམས་དངཿ ཐེག་དམན་སྐལ་པ་ཆུང་རྣམས་ནིཿ ང་དང་བདག་ཏུ་འཛིན་པས་འཁྲུལཿ གཙང་དང་དམེ་བའི་རྟོག་པས་བཅིངསཿ རྡོ་རྗེ་འཆང་གི་ཐབས་ཚུལ་ནིཿ སྒྱུ་མ་མཁན་གྱི་བདེ་བླག་བཞིནཿ འདུལ་བའི་ཕྲིན་ལས་ཚད་མེད་པསཿ གཉིས་སུ་འཛིན་པའི་རྣམ་རྟོག་བདུདཿ ཡེ་ཤེས་རྩི་ཡིས་འཇོམས་པའི་ཐབསཿ རྨད་དུ་བྱུང་བ་འདི་བསྟན་ཏོཿ ས་མ་ཡཿ དབང་ཐོབ་དམ་ཚིག་མཆོག་ལ་གནསཿ བསྙེན་རྫོགས་ཏིང་འཛིན་དྲོད་ཚད་བརྙེསཿ དེ་ལས་གཞན་གྱི་བདུད་རྩི་དངཿ བམ་གྱི་སྒྲུབ་པ་མ་ཡིན་ནོཿ དེ་ལ་བྱ་བའི་རིམ་པ་ནིཿ སྒྲུབ་པ་ཆེན་པོ་ཁོག་ནས་དབྱུངཿ དཀྱིལ་འཁོར་ཆེན་པའི་ཕྱོགས་དང་དབུསཿ མཚན་ལྡན་ཐོད་


JLAZ011_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁ་སྦྱར་ལྔཿ འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡནཿ བཅུད་ནི་སྔོན་ཚེ་དཔལ་ཆེན་པོསཿ ཛྭ་ལ་རཀྴ་བསྒྲལ་བ་ལསཿ བྱུང་བའི་རྩ་བརྒྱད་ཡན་ལག་སྟོངཿ མངོན་པ་ཕྱི་དང་སྦས་པ་ནངཿ རྒྱལ་བློན་སྐྱོབ་དང་བཅས་པ་ཡིཿ གྲངས་དང་དབྱེ་བ་བསམ་ཡས་ཀྱངཿ འདི་ནི་རྒྱ་གར་རིག་འཛིན་ལུགསཿ དྲི་ཆེན་དྲི་ཆུ་རཀྟ་དངཿ མཱཾ་ས་བྱང་སེམས་ཆང་དང་ཆུཿ འོ་མ་རྣམ་པ་བརྒྱད་དག་ལཿ སྒྲོན་མ་ལྔ་ཡི་སྐྱོབ་སྦྱར་ཏེཿ ཡན་ལག་སྟོང་གིས་བུངས་བསྐྱེད་དོཿ དྲི་ཆེན་གླང་ཤ་ཛཱ་ཏི་ཤརཿ ཤ་ཆེན་རྟ་ཤ་ཀ་ཀོ་བྷོཿ རྔུལ་དང་རྨ་བྱ་ལི་ཤི་ནུབཿ དྲི་ཆུ་ཁྱུང་ཤ་གུར་གུམ་བྱངཿ བྱང་སེམས་སེང་ཤ་བཟང་དྲུག་དབུསཿ བདེ་གཤེགས་རྣམས་ཀྱི་བྱིན་རླབས་ལསཿ ས་གཞི་ཡུམ་གྱི་རང་བཞིན་ལཿ བྱང་ཆུབ་སེམས་ཀྱི་ཆར་བབ་པསཿ རྩི་དང་བཅུད་དུ་སྨིན་པར་བྱསཿ ཆུ་བོ་བཅུ་ལས་གྱེས་པ་ཡིསཿ


JLAZ011_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིར་གྱུར་ཏེ་རང་བཞིན་རྒྱསཿ རྩ་བ་སྡོང་བུ་ཡལ་ག་དངཿ ལོ་མ་མེ་ཏོག་ཤུན་པ་དངཿ ཁུ་བ་འབྲས་བུ་སྙིང་པོར་བཅསཿ རོ་ནུས་དྲི་དང་ཁ་དོག་བཅསཿ རྩ་བ་གཅིག་ལ་ཡིན་ལག་བརྒྱདཿ ཡོན་ཏན་སྟོང་དང་བཅས་པ་ཡིསཿ བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིངཿ འགྲོ་བ་ཀུན་གྱི་གསོས་སུ་འགྱུརཿ དེ་ཡི་ཕྱིར་ན་སྣང་སྲིད་ཀྱིཿ རྩི་དང་བཅུད་དང་རིན་པོ་ཆེཿ མ་ལུས་ལུས་པ་མེད་པ་ཀུནཿ དུག་ལྔ་སྨན་དུ་བསྒྱུར་བས་ནཿ དགག་བྱ་གང་ཡང་ཡོད་མ་ཡིནཿམཐུན་པའི་རིགས་ཀྱི་སོ་སོར་དབྱེཿ སྨན་གྱི་རྒྱལ་པོ་ཨ་རུ་རཿ གཙོ་གྱུར་འབྲས་བུ་གསུམ་དང་ནིཿ ཙན་དན་དཀར་དམར་ཨ་ཀ་རུཿ མུ་ལ་པ་ཏི་བ་ལེ་ཀཿ ག་བུར་ཐང་ཆུ་ཤིང་ཚྭ་དངཿ གྷནྡྷ་པ་ཏྲ་ལིག་དུརཿ དུ་རུ་ཀ་དང་ཞོ་ཤ་གསུམཿ སྟར་བུ་རྒུན་འབྲུ་ཐལ་ཀ་རྡོཿ རུ་རྟ་ཉེ་ཤིང་བུ་རམ་དངཿ སྦྲང་རྩི་སེང་སྡེང་སེ་འབྲུ་སོགསཿ རོ་དང་ནུས་པ་ཁ་དོག་གིསཿ སྐྱོན་དུ་མི་འགྱུར་དུག་བྲལ་སྨནཿ རྙེད་ཚད་ཀུན་གྱིས་གཅེར་ཞིང་གཏམསཿ ཚེ་དང་ཡོན་ཏན་རྒྱས་སྦུབ་ཕྱིརཿ ཡུང་བ་ཆུ་རྩ་ལུག་རུ་སེརཿ གི་ཝང་དྲི་བཟང་བུངས་ཆེར་བསྐྱེདཿ ཀུན་ལ་བདུད་རྩི་འཁྱིལ་བའམཿ རྨེ་བརྩེགས་ལ་བརྟེན་སྤྱངས་ཁྲུས་གཅེསཿ སྟེང་ནས་དར་ཚོན་སྣ་ལྔས་དགབཿ ཚོན་སྐུད་རྒྱུས་བཅིངས་གཟུངས་ཐག་དྲངསཿ ལས་གཞུང་སྤངས་ལ་བཟླས་པ་བྱཿ དེ་ནས་ཁྲོལ་བུ་སྦྱངས་བའི་ཕྱིརཿ སྤྲོས་པ་ཅན་ལ་རིགས་བརྒྱད་དངཿ རིགས་ལྔ་སོགས་སུ་བསྟན་པ་ཡངཿ གང་ལ་བརྟེན་པའི་དཀྱིལ་འཁོར་དེའིཿ ཞི་ཁྲོའི་རྣམ་པ་མ་ལུས་པཿ ཡོངས་སུ་རྫོགས་པར་བྱ་ཕྱིར་དངཿ


JLAZ011_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་རྟོག་ཚོགས་བརྒྱ་ཕྲག་གིཿ གཉེན་པོར་དམ་པ་རིགས་བརྒྱ་དངཿ རྟོག་ཚོགས་དེ་དག་ཉོན་མོངས་ལྔཿ དེ་ཉིད་རིགས་ལྔས་སྦྱོང་བ་དངཿ རིགས་ལ་ཐ་དད་ཞེན་པ་ཡིཿགཉེན་པོར་གསང་ཆེན་རིགས་གཅིག་གིསཿ སྦྱོང་བར་བསྟན་མོད་དེ་ལས་འདིརཿ ལྷར་འཛིན་རྣམ་པ་ཐ་དད་དངཿ སྨན་གྱི་དངོས་པོ་རང་རྒྱུད་པརཿ འཛིན་པའི་རྟོག་པ་བསམ་ཡས་ཀུནཿ བདུད་རྩི་ཡོན་ཏན་དཀྱིལ་འཁོར་འདིརཿ དུ་མར་སྣང་ཡང་གཅིག་ཏུ་བརྟགཿ ཨཱཿ རང་བྱུང་སྤྲུལ་པའི་ཕོ་བྲང་དབུསཿ ཡཾ་ལས་རླུང་གི་དཀྱིལ་འཁོར་ནིཿ འགྱུ་བྱེད་སྟོབས་ལྡན་གཞུ་ཡི་དབྱིབསཿ དེ་སྟེང་རཾ་ལས་བསྐལ་པའི་མེཿ གྲུ་གསུམ་རྣམ་ཐར་གསུམ་དུ་འབརཿ ཀཾ་ལས་མི་མགོའི་སྒྱེད་པུ་ནིཿ སྐུ་གསུམ་མཚོན་པའི་སྟེང་ཉིད་དུཿ ཨ་ལས་བྷནྡྷའི་ཕོ་བྲང་ཆེཿ ཕྱི་དཀར་བྱང་ཆུབ་སེམས་ཉིད་མདངསཿ ནང་དམར་བདེ་སྟོང་ཡེ་ཤེས་མཚོནཿ དེ་ནང་རང་བྱུང་ལྷུན་གྲུབ་རྫསཿ གྷོ་ཀུ་དྷ་ཧ་ན་ལས་ཤཿ བི་མུ་མ་ར་ཤུ་ལས་སྒྲོནཿ ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ་དང་ནིཿ མཱུ་ལཱཾ་མཱཾ་པཱཾ་ཏཱཾ་ཡིག་མཚནཿ འོག་ནས་རླུང་གཡོས་མེ་སྦར་བསཿ གདོད་ནས་དག་པའི་བདུད་རྩིར་གྱུརཿ དེ་དབུས་རིགས་རྣམས་ཀུན་བདག་ཉིདཿ ཆེ་མཆོག་བདུད་རྩི་འཁྱིལ་བའི་སྐུཿ ལྗང་སེར་ཞལ་གཅིག་ཕྱག་གཉིས་པཿ ཡུམ་ལ་འཁྱུད་ནས་ཐལ་མོ་བཟདཿ


JLAZ011_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་བཀང་བའི་བུམ་པ་འཛིནཿ རྫས་དང་སྨན་གྱི་རྟོག་པ་སྦྱངསཿ བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལསཿ བདེ་གཤེགས་མཆོད་ཅིང་གནས་ངན་སྤྱངསཿ འཁོར་འདས་ཀུན་གྱི་དྭངས་མའི་བཅུདཿ བྷནྡྷའི་ནང་དུ་རོ་གཅིག་འཁྱིལཿ གདོད་ནས་དམ་ཡེ་དབྱེར་མེད་དུཿ གནས་པ་དེ་ལྟར་ཞལ་བསྒྱུར་རྗེསཿ དྲང་སྲོང་སྨན་སྲུང་སྤྱན་ཡང་དྲོངསཿ ཧཱུྃཿ ཚངས་པ་དག་གི་གཙོ་བོ་མཆོགཿ དུང་གི་ཐོར་ཚུགས་ཁོང་སེང་ཅནཿ ཚངས་པ་ཀུན་སྒྲོལ་ཆེན་པོ་དངཿ དྲང་སྲོང་ཆེན་པོ་ལྗང་སྔོན་དངཿ ཙ་ར་ཀ་དང་ནབས་སོ་སྐྱེསཿ ཐ་སྐར་བུ་དང་ལྷ་སྐྱབས་དངཿ རྒྱུན་ཤེས་དང་ནི་གཡོན་ཕྱོགས་ལྷཿ ཐང་ལ་གནས་དང་མེ་བཞིན་འཇུགཿ རྐང་གཉིས་སྤྱོད་དང་ཀ་ཡ་ནཿ ཤིང་ཁྱེར་དང་ནི་ལྗང་སྔོན་བུཿ ཉི་མ་ཟླ་བ་ཀླུ་རུ་བཅསཿ བྲམ་ཟེ་གཞོན་ནུ་སྤྲིན་དང་ནིཿ རིན་པོ་ཆེ་དང་གྷོ་ཏ་ཤནཿགཞོན་ནུ་སྲེད་དང་མགྲོན་སྐྱབས་དངཿ རྩིབས་ཀྱི་མུ་ཁྱུད་འཛིན་ལ་སོགསཿ ཁྱེད་ཅག་འཁོར་དང་བཅས་པ་ཡིསཿ སྔོན་ཆད་བསྒྲུབས་ནས་གྲུབ་པ་བཞིནཿ འདིར་སྤྱོན་བདུད་རྩིའི་དངོས་གྲུབ་སྩོལཿ དེ་དག་གཙང་སྦྲ་ལ་གནས་པས་རྟོག་པ་བསལ་བའི་ཆོས་བཤད་ནིཿ ནང་མཆོད་འཐོར་ཞིངཿ ཀྱཻཿ སྟོང་གསུམ་འཇིག་རྟེན་ཁམས་འདི་ནཿ ཚངས་དང་དྲང་སྲོང་གཙང་མ་ཟཿ དེ་དག་གྲོལ་བར་ངས་མ་


JLAZ011_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཤདཿ ཀླུ་དང་བྲམ་ཟེ་གཙང་མ་སྤྱོདཿ དེ་དག་གྲོལ་བར་ངས་མ་བཤདཿ བྱོལ་སོང་རྩྭ་མཆོག་ཟ་བ་ཡངཿ ཇི་སྲིད་འཚོ་ཡི་བར་དུ་སྤྱོདཿ དེ་དག་གྲོལ་བར་ངས་མ་བཤདཿ རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲཿ ཐམས་ཅད་བདུད་རྩིའི་རང་བཞིན་ཏེཿ དོན་དམ་ངེས་པའི་ལུང་འདི་ཉོནཿ ཐབས་དང་ལྡན་པས་རིག་ཅིང་རྟོགསཿ ཆོས་ཉིད་གཅིག་ལ་ཐ་དད་པསཿ རིགས་ལྔའི་མཚན་ཉིད་ཡོན་ཏན་རྫོགསཿ འདི་ལྟར་རྟོགས་ན་གྲོལ་བར་འགྱུརཿ རང་བཞིན་གདོད་ནས་དག་པ་ཡིཿ མཉམ་ཉིད་དབྱིངས་སུ་རབ་རྟོགས་ཤིངཿ གཉིས་མེད་དོན་གྱིས་ཟིན་པ་ནཿཇི་ལྟར་དམིགས་པ་བཞིན་དུ་འགྲུབཿ གཙང་དང་མི་གཙང་རྟོག་པ་ཡིནཿ མཁས་པས་གཉིས་སུ་བྱ་མི་སྤྱོདཿ སྐུ་ལྔ་ཡེ་ཤེས་རྫོགས་པའི་ཕྱིརཿདྲི་ཆེན་གསེར་མདོག་རྣམ་སྣང་མཛདཿ མངོན་འབྱུང་སྤྲུལ་པ་ཆོས་ཀྱི་སྐུཿ བྱང་ཆུབ་སེམས་ནི་དཀར་པོའི་མདོགཿ དྲི་མ་དག་པའི་ཡེ་ཤེས་སྐུཿ མཾ་ས་ཡིད་བཞིན་རིན་ཆེན་འབྱུངཿ སྣ་ཚོགས་འབྱུང་ལྡན་མཉམ་ཉིད་སྐུཿ རཀྟ་ཆགས་མེད་དམར་བ་ནིཿ དྲི་མེད་རྣམ་དག་པདྨའི་སྐུཿ དྲི་ཆེན་དག་བྱེད་ལྗང་ཁུའི་མདོགཿ ཀུན་ཏུ་དོན་གྲུབ་ལས་རབས་སྐུཿ སྐུ་ལྔ་ལྷུན་གྲུབ་བདུད་རྩི་ལྔཿ རང་གི་ལུས་ལ་ངང་


JLAZ011_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནསཿ དྲི་ཆེན་དྲི་ཆུ་རཀྟ་དངཿ མཱཾ་ས་བྱང་ཆུབ་སེམས་འདི་རྣམསཿ སེམས་ཅན་རྟོག་པ་ལྡོག་པའི་ཕྱིརཿ གཙོ་བོར་དང་དུ་བླང་ཞིང་སྒྲུབཿ མ་རྟོག་གཙང་དམེ་མེད་པར་སྤྱོདཿ ཅེས་བརྗོད་སྣོད་བཅུད་ལ་དབང་བའིཿ སྨན་གྱི་དྲང་སྲོང་རིག་འཛིན་སོགསཿ གཙང་དམེའི་གཉིས་འཛིན་ཀུན་སྤངས་ནསཿ ཕོ་བྲང་དབྱིངས་ལ་བཞུགས་པ་དེསཿ འདོད་པའི་དངོས་གྲུབ་སྩོལ་བར་བསམཿ དེ་ནས་སྨན་གྱི་འཛབ་ལ་འཇུགཿ བདག་ཉིད་རང་བཞིན་དཀྱིལ་འཁོར་ནསཿ སྔགས་ཀྱི་འོད་ཟེར་གཟུངས་ཐག་ལཿ འཁྲིལ་ཏེ་མདུན་བསྐྱེད་ཐུགས་ཀར་ཞུགསཿ དེ་ལས་འོད་འཕྲོས་འཁོར་འདས་ཀྱིཿ དྭངས་བཅུད་ཕྱག་གི་བུམ་པར་འཁྱིལཿ ཁོལ་ཞིང་ལུད་ནས་ཞལ་དུ་ཞུགསཿ བྱང་ཆུབ་སེམས་ཀྱི་ངོ་བོར་ཞུབསཿཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནསཿ བདུད་རྩིའི་ཆར་རྒྱུན་འབེབས་པར་གྱུརཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཀུན་དྷ་ལི་ར་ས་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིད་དྷི་ཧཱུྃ་ཧྲཱིཿཋཱཿ སྟོང་མཆོད་དབལ་གྱི་ཕོ་ཉ་བསྐུལཿ བུན་གྱིས་བརྡེག་ཅིང་བྲོ་ཡིས་གཟིརཿ བར་གཅོད་ཉུལ་ལེ་བཟློག་ལ་བརྩོནཿ དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་བྱཿ ཚོགས་ཀྱི་འཁོར་ལོས་དགྱེས་པ་སྐོངཿ ཁྲོལ་གུ་ཞག་གསུམ་ཚར་བའི་རྗེསཿ ལྷ་ཡང་འོད་ཞུ་བདུད་རྩིར་བསྟིམཿ ཐམས་ཅད་མཉམ་པ་ཉིད་དུ་སྦྱངསཿ སྨན་ལ་ཆེ་བའི་ཡོན་ཏན་བརྗོདཿ མཚན་དོན་སྦྱར་ནས་


JLAZ011_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ནིཿ ལས་གཞུང་བཞིན་དུ་ཤེས་པར་བྱཿ དེ་ནས་དངོས་གྲུབ་བསྡུ་བ་ནིཿ ཡུམ་གྱི་སྨན་གཞོང་ཁྱོགས་ལས་བཏེགཿ ཨེ་མ་ཐབས་ཆེན་ཁྱད་པར་ཆེཿ ཨེ་མ་ཐབས་ཆེན་བླ་ན་མེདཿ ཨེ་མ་ངོ་མཚར་རྨད་དུ་བྱུངཿ ལྟ་བ་རྨད་བྱུང་ངོ་མཚར་ཆེཿ སྤྱོད་པ་རྨད་བྱུང་ངོ་མཚར་ཆེཿཉོན་མོངས་མ་སྤངས་ངོ་མཚར་ཆེཿ ཡེ་ཤེས་ལྔ་རྫོགས་ངོ་མཚར་ཆེཿ སྐུ་ལྔ་ལྷུན་གྲུབ་ངོ་མཚར་ཆེཿ ཆོས་སྐུ་གཅིག་ལ་ཐ་དད་པཿ རིགས་ལྔའི་དངོས་གྲུབ་འདི་ཐོབ་བོཿ ཡང་དག་འཆི་མེད་དོན་བརྙེས་སོཿ ཞེས་བརྗོད་རྡོ་རྗེ་རྒྱལ་པོ་ཡིསཿ ཨེ་མ་ཧོཿ དམ་རྫས་བདུད་རྩིའི་བཅུད་འདི་ནིཿ མཐོང་ངམ་ཐོས་སམ་རེག་པས་ཀྱངཿ ཐམས་ཅད་དབང་ཕྱུག་བདག་གིས་ཐོབཿ ཐེ་ཚོམ་མི་འཚལ་ཨ་ལ་ལཿ ཞེས་བརྗོད་གུ་ཧྱ་ལག་གིས་བླངཿ སྒྲུབ་དཀྱིལ་ཤར་དུ་ཞིང་ལྤགས་སྟེངཿ ཐབས་ཤེས་མཚོན་པའི་སྟན་གཏུན་བཞགཿ ཡབ་ཡུམ་བདུད་རྩི་འཁྱིལ་བ་ནིཿ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀརཿ རྡོ་རྗེ་ཐོད་པ་གཡས་གཡོན་བསྣམསཿ ཟུང་འཇུག་སྦྱོར་བའི་མཁའ་ཀློང་དུཿ སྒྲོལ་བ་ཞེ་སྡང་རྡོ་རྗེའི་ལསཿ གནས་ངན་སྦྱངས་ཤིང་ས་ལ་བཀོདཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཀུན་དྷ་ལི་ཧ་ན་ཧ་ན་རཾཿ ཞེས་འཐག་ངོ་བོ་བདེ་བའི་སྨནཿ དཀར་དམར་བྱང་ཆུབ་སེམས་ཀྱི་སྤྲིནཿ ཉལ་ཉལ་ལྷུད་ལྷུད་འབབ་པར་བསམཿ ལྷོ་ཡི་ཕྱོགས་


JLAZ011_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཙགས་བྱ་སྟེཿ རིག་པ་ཡེ་གྲོལ་རྡོ་རྗེ་དངཿ རྟོག་ཚོགས་ཐ་དད་དབྱེ་བར་བསམཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་མུ་ས་ལ་ཀྲི་ཧ་ན་ཨ་པ་ན་ཧོ་ས་མ་ཡ་ཧཱུྃ་ཕཊཿ ནུབ་ཏུ་གཉིས་སུ་འཛིན་པའི་སེམསཿ ཐ་དད་མེད་པ་མཚོན་ཕྱིར་སྦྱརཿ ཆང་ཆུ་འོ་མ་རིན་ཆེན་སྦྲེངཿ ཨོཾ་ཨ་མྲྀ་ཏ་ཛ་གད་བྱི་ཏ་བ་ཤྭོ་དྷ་ཡ་རཏྣ་ཙིཏྟ་བི་ཤུངྔྷེ་ཀུནྡྷ་ལི་སྭཱ་ཧཱཿ དབྱིངས་དང་ཡེ་ཤེས་གཅིག་ཏུ་མཚོནཿ མཉམ་པ་ཉིད་དུ་འདྲེས་པར་སྩལཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་མུ་ས་ལ་ཧཱུྃ་ཧྲཱིཿཋཿ བྱང་དུ་ཆོས་མ་རྡོ་རྗེ་ཡིསཿ དངོས་གྲུབ་སྤེལ་ཕྱིར་ཕབས་ཀྱིས་བྲནཿ མཆོག་ཆེན་རྐང་གིས་དཀྲུགས་ཤིང་བཅལཿཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཿཋཿ རང་བཞིན་བདེ་བ་ཆེན་པོའི་སྣོདཿ ལྷ་རྫས་དམར་པོའི་སྣོད་དུ་སྩལཿ བྷནྡྷའི་བར་བཅུག་རྒྱ་ཆིངས་གདབཿ དྲོད་ཀྱི་ཐབས་ལ་མཁས་བྱས་ཏེཿ སྣ་ཚོགས་དར་གྱི་ན་བཟའ་བཀླུབསཿ དབུ་བརྒྱན་བཅིངས་ཤིང་རྡོ་དྲིལ་བསྣོལཿ ཕོ་བྲང་ཆེན་པོར་མངའ་གསོལ་བྱཿ སྟེང་ནས་གཟུངས་ཐག་དྲང་བྱ་ཞིངཿ འོག་ཏུ་དྲོད་འབེབས་མར་མེ་སྦརཿ དེ་ཡང་དུར་ཁྲོད་རྫས་ལའོཿ དེ་ནས་མཆོད་པ་བཟང་དུ་བཤམསཿ བདག་དང་མདུན་བསྐྱེད་སྒྲུབ་རྫས་གསུམཿ རོལ་པ་གཅིག་ཏུ་ཤེས་པ་ཡིཿ དཔལ་ཆེན་འདུས་པའི་ལས་གཞུང་བསྲངཿ རྩ་བའི་བཟླས་པ་ཐོན་པ་དངཿ འཛབ་ཁང་དབྱེ་སྟེ་མདུན་བསྐྱེད་ནིཿ དཀྱིལ་འཁོར་དྲུག་དང་སྦྱོར་བ་བརྒྱདཿ འདུས་པའི་རྣམ་པ་ཞལ་སྒྱུར་ནིཿ ཕཊ་ཛཿ གཞལ་ཡས་ཕོ་བྲང་ཆེན་པོའི་དབུསཿ ཡཾ་ལས་རླུང་དཀྱིལ་


JLAZ011_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་དབྱིབས་ཅནཿ རཾ་ལས་མེ་དཀྱིལ་གྲུ་གསུམ་འབརཿ ཨ་ལས་ནོར་བུ་རིན་པོ་ཆེཿ སྲུབས་མེད་བྷནྡྷ་འབར་བའི་སྣོདཿ བདུད་རྩི་རང་བྱུང་གཞལ་ཡས་ཁངཿ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམཿ དེ་དབུས་པདྨོའི་གེ་སར་ལཿ བདེ་སྟོང་ཐབས་ཤེས་ཉི་ཟླའི་གདནཿ འོད་ཟེར་ཀུན་ནས་འབར་བའི་སྟེངཿ དངོས་གྲུབ་ཆེན་པོའི་རང་བཞིན་ནིཿཤ་ལྔ་བདུད་རྩི་ཡི་སྟེངཿ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་ནིཿ རྡོ་རྗེ་འཁོར་ལོ་རིན་པོ་ཆེཿ པདྨ་རྒྱ་གྲམ་ཡིག་འབྲུ་ལྔསཿ མཚན་པ་ཡོངས་གྱུར་སངས་རྒྱས་ལྔཿ ཡབ་ཡུམ་མཉམ་སྦྱོར་བདུད་རྩིར་ཞུཿ དེ་སྟེང་དཔའ་བོ་འབྲུ་ལྔས་མཚནཿ བདུད་རྩི་རང་བྱུང་དཀྱིལ་འཁོར་ནིཿ སྣང་ལ་རང་བཞིན་མེད་པར་གསལཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ དཀྱིལ་འཁོར་བདག་པོ་ཡབ་ཡུམ་གྱིཿ བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལསཿ སྟོང་གསུམ་འཇིག་རྟེན་ཁྲོ་བཅུས་གངཿ བགེགས་རྣམས་སྟོངས་ཤིང་ཟད་སར་བསྒྲལཿ སླར་འདུས་བདུད་རྩིའི་ཕོ་བྲང་གིཿ ཕྱོགས་མཚམས་སྟེང་འོག་བཅུར་བཞུགས་ནསཿ བགེགས་འདུལ་བསྲུང་བའི་ལས་མཛད་གྱུརཿ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃཿ ཞེས་ཕོ་བྲང་གི་ནམ་མཁར་ཧཱུྃ་མཛད་དངཿ དེ་བཞིན་དུཿ བི་ཛ་ཡཿ ནཱི་ལ་དནྟཿ ཡ་མཱནྟ་ཀཿ ཨཱརྱ་


JLAZ011_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཙ་ལཿ ཧྱ་གྷྲི་ཝཿཨ་མྲྀ་ཏ་ཀུནྜ་ལིཿ ཏྲཻ་ལོཀྱ་བཱི་ཛ་ཡཿ མ་ཧཱ་བཱ་ལ་ཧཱུྃཿ ཞེས་འོག་གི་མེ་དཀྱིལ་ཀློང་ན་སྟོབས་པོ་ཆེ་བཞུགས་པར་གསལ་ལོཿ རང་བྱུང་བདུད་རྩིའི་ཕོ་བྲང་སྟེངཿ འགྲོ་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱིསཿབསྟེན་པའི་ཚུལ་དུ་ཁྲག་འཐུང་བཞིཿ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལཿ ལས་མདོག་རང་རྟགས་ཐོད་པ་བསྣམསཿ གཡས་གཡོན་ཞབས་ཀྱིས་ཕྱོགས་མཚམས་ཀྱིཿ ཏ་ཀྲིཏ་བརྒྱད་པོའི་དབུ་ནས་བརྫིསཿཁྲོ་བོ་བཞི་ཡི་སྟེང་ཉིད་དུཿ བཛྲ་ཧེ་རུ་ཀ་ཡབ་ཡུམཿམཐིང་ནག་ཞལ་གསུམ་ཕྱག་དྲུག་པཿ གཡས་གསུམ་རྩེ་དགུ་རྩེ་ལྔ་ཞིངཿ གཡོན་གསུམ་དྲིལ་བྷན་ཁ་ཊཱཾ་བསྣམསཿ ཞབས་བཞིས་རིགས་བཞིའི་ཁྲག་འཐུང་མནནཿ སྐུ་གདོང་འབར་བའི་དཀྱིལ་འཁོར་ནིཿ བདེ་ཆེན་ངང་དུ་དགྱེས་པར་བཞུགསཿ དེ་སྟེང་དབྱིངས་མ་བདེ་རོལ་ཉམསཿ གེལ་པའི་འདུག་སྟངས་ཞབས་བརྒྱད་ཀྱིསཿ བཛྲ་ཁྲག་འཐུང་དབུ་གཉིས་བརྫིསཿ རྩ་ཞལ་ཡུམ་གྱི་མཁའ་ལ་རྫོགསཿ ཡེ་ཤེས་སྤྱན་གྱི་ཕྱེད་ནུབ་ཚུལཿ ནམ་མཁའི་མདོག་ཅན་བཅོ་བརྒྱད་ཕྱགཿ རྩ་ཕྱག་རྡོར་དྲིལ་ཐུགས་ཀར་བསྣོལཿ གཡས་བརྒྱད་གནས་ཀྱི་མ་མོ་བརྒྱདཿ གཡོན་བརྒྱད་


JLAZ011_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་ཕྲ་མེན་བརྒྱདཿ ཕྱོགས་མཚམས་བརྒྱད་དུ་གཟིགས་པའི་ཞལཿ བདེ་བའི་ཉམས་བརྒྱད་ཀུན་ཏུ་མཚོནཿ དབུ་མའི་ཞལ་ལ་གསང་མཆོད་རྫོགསཿ མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནིཿ གསལ་ལ་མ་འདྲེས་ལྷུན་གྱིས་གྲུབཿ མ་མ་ཀྲོ་ཏི་ཤྭཱ་རི་སྟྭཾཿ དེ་སྟེང་ཆེ་མཆོག་ཧེ་རུ་ཀཿ སྐུ་ནི་སྨུག་ནག་དབུ་ཉེར་གཅིགཿ བཞི་བཅུ་རྩ་གཉིས་ཕྱག་མཐིལ་ནཿ ཐབས་ཤེས་ཞི་བའི་ལྷ་ཚོགས་བསྣམསཿ ཞབས་བརྒྱད་ཡུམ་གྱི་དབུ་བརྒྱད་སྦྱོརཿ ཡུམ་ཞལ་དབུ་མའི་སྨིན་མཚམས་མཁརཿ རྡོ་རྗེ་ནོར་བུའི་སྦྱོར་བ་རྫོགསཿ རྩ་ཞལ་ལྗགས་སྟེང་ཉི་ཟླའི་སྟེངཿསྲས་མཆོག་ས་ནུ་ཧེ་རུ་ཀཿ མདོག་དཀར་གསང་བ་ཡུམ་དང་བཅསཿ ཞལ་གཅིག་ཕྱག་གཉིས་ཚོན་གང་བཿ ཕྱག་གཉིས་ཉི་ཟླའི་གའུ་སྦྱོརཿ ལྗགས་སྟེང་འབྲུ་དགུའི་སྔགས་ཀྱིས་བསྐོརཿ འཆི་མེད་རྡོ་རྗེ་དཀྱིལ་འཁོར་ནིཿ གསལ་བརྟན་གཟི་བྱེད་འོད་དུ་འབརཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཿཋཱཿ སྐུ་གདུང་འབར་བའི་ལྡིང་གུར་འོགཿབདུད་རྩི་རང་བྱུང་དཀྱིལ་འཁོར་དབུསཿ རྒྱ་གྲམ་འབར་བའི་ལྟེ་བ་རུཿ ཧྲཱིཿལས་དབང་ཆེན་རྟ་གདོང་ཞལཿ མདོག་དམར་ཞལ་གསུམ་ཕྱག་བཞི་པཿ གཡས་གཉིས་པདྨ་བྷཉྫ་དངཿ གཡོན་གཉིས་རྒྱ་


JLAZ011_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གྲམ་སྡིགས་མཛུབ་མཛདཿ གྲྭ་བཞིའི་ཡུམ་གྱི་མགུལ་ནས་འཁྱུདཿ མི་ཕམ་ཁྲོ་གཉེར་རལ་གཅིག་མཿ རོ་ལངས་མ་བཞི་ལས་མདོག་ཅནཿ སྐུ་སྨད་བདུད་རྩིའི་ནང་དུ་ནུབཿ གྲི་གུག་ཐོད་འཛིན་བདེ་སྟོང་ཕྱགཿ ཡབ་ཀྱི་བརླ་བཞིར་དགྱེས་པར་འཁྲིལཿ ལྷུམས་དང་ཞབས་བཞི་མཉམ་པར་སྦྱོརཿ ཀུན་ཀྱང་བདེ་བ་ཆེན་པོའི་ཉམསཿ སྦྱོར་བ་བརྒྱད་དུ་འབར་བ་ཡིཿ སྒྲ་དང་འོད་ཀྱི་བརྟུལ་ཞུགས་ཀྱིསཿ བདེ་གཤེགས་མ་ལུས་སྤྱན་དྲངས་ནསཿ ཡེ་ཤེས་ལྔ་ཡི་དབང་བསྐུར་ཞིངཿ རྡོ་རྗེ་གསུམ་དུ་རྒྱས་གདབ་བོཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ དེ་བཞིན་དུཿ ཝཱཀྐ་བཛྲཿ ཙིཏྟཿ ཨ་ནུ་ར་གཿ ཀརྨ་བཛྲཿ ཞེས་སྦྱརཿ སྤྱན་འདྲེན་མཆོད་བསྟོད་རྣམས་ཡེ་ཤེས་སྐུ་མཆོག་མའི་ཚིག་ཕྱིར་སེམས་གཞོལ་ཏེཿ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུདཿ ཀྱི་བར་བརྗོདཿ སྨན་སྲུང་སྤྱན་དྲངས་རྟོག་པ་བསལཿཛ྄བ་བསྐུལ་དམིགས་པའི་ཏིང་འཛིན་ནིཿ མེ་དང་འདྲ་ལ་བཟླས་བརྗོད་ཀྱིཿ རླུང་གིས་བར་མཚམས་མེད་པར་བསྐུལཿ དཀྱིལ་འཁོར་བདག་པོ་ཧེ་རུ་ཀའིཿ ཐུགས་ཀར་ཉི་དཀྱིལ་ཨ་ཡིག་ལཿ དགུ་པའི་སྔགས་ཕྲེང་གཡས་སུ་འཁོརཿ དེ་ལས་འཕྲོས་པའི་འོད་ཟེར་གྱིསཿ རླུང་གཡོས་མེ་སྦར་བདུད་རྩི་ཁོལཿ སྒྲ་དང་བཅས་པའི་ཟེགས་རླངས་ལསཿ བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོསཿ ཆེ་


JLAZ011_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྩ་བའི་དཀྱིལ་འཁོར་ལྔཿ མཉེས་བྱས་ཐུགས་དམ་གནད་ནས་བསྐུལཿ ཡོངས་རྫོགས་སྐུ་ཡི་དབྱིབས་བརྒྱུད་དེཿ སྲས་མཆོག་ས་ནུ་ཧེ་རུ་ཀའིཿ ལྗགས་ཀྱི་སྔགས་འཁོར་རབ་ཏུ་བསྐུལཿ དེ་ཡི་འོད་ཀྱིས་ཞིང་ཀུན་གཡོསཿ བདེ་གཤེགས་མ་ལུས་མཆོད་པས་མཉེསཿ མཁྱེན་བརྩེ་ནུས་པའི་ཡོན་ཏན་དངཿ ཡེ་ཤེས་ལྔ་ཡི་བདུད་རྩིའི་བཅུདཿ འོད་ཀྱི་རྣམ་པར་ཚུར་བསྡུས་ནསཿ ལྗགས་ཀྱི་འཁོར་ལོ་ལ་བརྒྱུད་དེཿ དཀྱིལ་འཁོར་ལྔ་ཡི་སྐུའི་དབྱིབས་བརྒྱུདཿ སྦྱོར་བའི་ལམ་ནས་བདུད་རྩིར་བབསཿ དབང་བསྐུར་བྱིན་བརླབས་གསལ་བརྟན་འབརཿ སྦྱོར་བ་བརྒྱད་དུ་རྣམ་པར་རོལཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ རཱ་ག་ཧོཿ རཱ་ག་ཡཱ་མིཿ ཨ་ལ་ལ་ཧོཿ བྷོ་དྷི་ཙིཏྟ་སྥ་ར་ཎ་ཕཊཿ བརྡ་དང་བརྡ་ལན་གྱིས་བསྐུལ་ཏེཿ སྟོང་པ་ཤིན་ཏུ་ཡོད་མེད་མཐུསཿ སྲིད་པའི་འདོད་པ་རྣམ་དག་པཿ བདེ་མཆོག་བདེ་བའི་རོལ་མོར་འཁྲོལཿསྦྱོར་མཚམས་བརྒྱད་ནས་བྱང་ཆུབ་སེམསཿ ཞིང་ཁམས་ཀུན་ཏུ་ཁྱབ་པར་འཕྲོསཿ འཕགས་པ་མཆོད་ཅིང་གཞན་དོན་བྱསཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིགཿ འབྱུང་བས་བསྡུས་པའི་དྭངས་མའི་བཅུདཿ ཀུན་ཀྱང་བདུད་རྩིའི་རང་བཞིན་ཏེཿ མུ་ཏིག་དཀར་པོ་


JLAZ011_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་ལྟརཿ རང་བཞིན་དཀྱིལ་འཁོར་ལ་ཐིམ་ཞིངཿ སྤྲུལ་པའི་འཁོར་ལོར་འཁྱིལ་བར་གྱུརཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཿཋཱཿ ཆིག་སྒྲིལ་བརྩོན་ཞིང་སྟོང་ཚིག་བརྗོདཿ ཁོར་ཡུག་གསུང་མི་ཆད་དུ་བཟླཿ ཉུལ་ལེ་འོང་བའི་དུས་དྲུག་ལཿ ཕོ་ཉ་བསྐུལ་ཞིང་གཉེན་པོས་བསྐྲདཿ སྤོས་རོལ་དང་བཅས་བྱིན་ཡང་དབབཿ བཞིའམ་དྲུག་ཏུ་ཚོགས་འཁོར་བསྐོརཿ ཐེ་ཚོམ་མེད་ན་ངེས་པར་འགྲུབཿ བསྐྱེད་རིམ་གསལ་ལས་ལྷ་མོར་སྟོནཿ བཟླས་བརྗོད་དག་པས་ཡ་མཚན་སྒྲཿ ཏིང་འཛིན་གསལ་ལ་འོད་དུ་འབརཿ སྨན་ཆ་སྙོམས་ལས་དྲི་དང་རླངསཿདམ་ཚིག་དག་ལས་མང་དུ་འཕེལཿ རྟགས་ལ་རློམ་སེམས་མི་བསྐྱེད་ཅིངཿ མ་གྲུབ་སྤོགས་པའི་ཆོ་ག་བྱཿ གཡེལ་དང་ཞུད་པ་དམ་པོས་བཅདཿ ཉམས་དང་འདྲེས་པ་ཐབས་ཀྱིས་བསལཿ ཞིག་རལ་གསོ་བ་ཤིན་ཏུ་གཅེསཿ དེ་ནས་གནད་བསྐུལ་སྔགས་ཀྱི་སྒོཿ ཨ་ར་ལི་དང་ཕཻཾ་རྒྱ་མདེའུཿ སྒྲུབ་པའི་སྔགས་ཀྱི་མདའ་ལ་བསྐྱོནཿ སྐལ་པ་རབ་ཀྱིས་ཐང་དང་ཞགཿ འབྲིང་གིས་བདུན་ལ་ཐ་མས་ཀྱངཿ ཉི་ཤུ་གཅིག་ལ་རྟགས་མཚན་རྣམསཿ མཐོང་འགྱུར་འདི་ལ་ཐེ་ཚོམ་མེདཿ དེ་ལྟར་མཐོང་ནས་ཨཱ་བེ་ཤསཿ སྦྱོར་བ་བསྐུལ་ཏེ་བྱང་སེམས་དབབཿ པྲ་བེ་ཤ་ཡིས་གསང་སྒོ་དབྱེཿ ཀུནྡྷ་ལི་ཡིས་སྣོད་དུ་བསྐྱིལཿ ཧོཿ ཆེ་མཆོག་བདུད་རྩིའི་དཀྱིལ་འཁོར་འདིརཿ ཡབ་ཡུམ་སྦྱོར་བའི་སྐུའི་དབྱིངས་ལསཿ གཉིས་མེད་བྱང་ཆུབ་སེམས་ཀྱི་སྤྲིནཿ མུ་ཏིག་འཇུ་བའི་


JLAZ011_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་པ་བཞིནཿ འཕོ་ཞིང་གཡོ་བར་འབབ་པ་ཡངཿ འཛག་བདེའི་སྲིད་པ་རྣམ་དག་པསཿ རང་བཞིན་མེད་པར་འཁྱིལ་ཞིང་གནསཿ ཨེ་མ་ཧོཿ འདི་ནི་རྡོ་རྗེའི་དམ་ཚིག་སྟེཿ སྣང་སྲིད་བདུད་རྩིར་སྨིན་པའི་ཕྱིརཿ པདྨོ་ནོར་བུའི་གྲོང་ཁྱེར་ལསཿ དངུལ་ཆུ་བཞིན་དུ་འདར་འཕྲིག་བཅསཿ སྲིད་གསུམ་བྷནྡྷའི་སྣོད་དུ་བསྐྱིལཿ ཆགས་པ་ཀུན་བྲལ་སྐྱེ་མེད་དབྱིངསཿ གཉིས་མེད་དོན་ལ་སྣ་ཚོགས་སྟོནཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་བེ་ཤ་ཡཿ པྲ་བེ་ཤ་ཡ་ཕཻཾ་ཕཻཾཿ ཀུནྡྷ་ལི་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླ་སྐབས་སུ་འདི་ལྟར་བསྐུལཿ ཧཱུྃཿ ང་ནི་དཀྱིལ་འཁོར་ཀུན་བདག་ཉིདཿ རྒྱལ་ཀུན་གསང་བའི་གཏེར་ལ་དབངཿ ཁྲག་འཐུང་དཀྱིལ་འཁོར་ལྷ་ཚོགས་རྣམསཿ ཐུགས་དམ་དབང་གིས་སྤྱན་འདྲེན་གཤེགསཿ བླ་ན་མེད་པ་རྡོ་རྗེ་ཡིཿ དམ་ཚིག་མཆོག་དེ་བདག་བསྒྲུབ་ནཿ ཐུགས་ཀྱི་དགོངས་པར་མི་མཛད་ཅིངཿ སྒྲུབ་པའི་འབྲས་བུ་གང་ཡིན་པཿ འདི་རུ་སྩོལ་བར་མི་མཛད་ནཿ རྡོ་རྗེ་ཕྱག་རྒྱ་གང་དུ་གཉནཿ སྐུ་གསུང་ཐུགས་ཀྱི་ཡལ་གམ་ལཿ དགོངས་ནས་མཆོག་དང་ཐུན་མོང་གིཿ དངོས་གྲུབ་མ་ལུས་སྩལ་དུ་གསོལཿ ཅེས་པས་གནད་དབབ་སྦྱར་སྤོས་སྲེགཿ དེ་ནས་བདུད་རྩི་དབང་དུ་བྱཿ ལྷ་


JLAZ011_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཏིང་འཛིན་ནུས་པས་བསྡུཿ ཧཱུྃཿ རྟ་མགྲིན་དབང་གི་དཀྱིལ་འཁོར་ནསཿ རིགས་ཀྱི་ལྷ་མོ་བཞི་དང་བཅསཿ བདུད་རྩི་ལྔ་དང་འབྱུང་ལྔའི་བཅུདཿ མཉམ་སྦྱོར་བྱང་ཆུབ་སེམས་སུ་སྡུདཿ དེ་ཉིད་སྨན་དང་རོ་གཅིག་པཿ འཆི་མེད་བདུད་རྩིའི་དངོས་པོ་ཅནཿ དྭངས་མ་འོད་ཟེར་ལྔའི་རྣམ་པསཿ བདག་གི་སྙིང་དབུས་ཞུགས་པར་གྱུརཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཿཋཱཿ བརྒྱ་རྩ་བརྒྱད་བཟླ་དངོས་གྲུབ་ནིཿ གཞན་གྱིས་མི་འཕྲོག་བདག་ཐོབ་བསམཿ དེ་ལྟར་སྒྲུབ་པ་ཐོན་པ་ཡིཿ ནངས་པར་ཚོགས་འཁོར་བཟང་དུ་བཤམསཿ ཆོ་ག་ལ་སོགས་དངོས་གྲུབ་རྫསཿ ཇི་ལྟར་ཚོགས་པ་བཞིན་དུ་བསྡུཿ ཕྲིན་ལས་གཞུང་བསྲང་བཟླས་པའི་རྗེསཿ དངོས་གྲུབ་བསྐུལ་བའི་འཛབ་ལ་འཇུགཿ རྡོ་རྗེ་སློབ་མར་བཅས་པ་ཡིསཿ ཞུན་ཆེན་མར་མེ་ལག་ཏུ་བཏེགཿ ཧཱུྃཿ བདག་ཅག་རིག་འཛིན་སྒྲུབ་པ་པོསཿ ལོངས་སྤྱོད་དུར་ཁྲོད་རྫས་ལ་བརྟེནཿ སྡོང་བུ་དུར་ཁྲོད་རས་ལ་གཏམསཿ ཚིལ་ཆེན་མར་མེ་སྐར་ལྟར་བཀྲཿ བསྐྱེད་རིམ་བཟླས་བརྗོད་རྒྱུན་མ་བཅདཿ གདུང་བ་དྲག་པོའི་ངར་དང་ལྡནཿ དཔལ་ཆེན་ལྷ་ཚོགས་ཐུགས་དམ་བསྐངསཿ དམ་ཅན་རྣམས་ཀྱང་དམ་ལ་འདུཿ རྡོ་རྗེའི་དམ་ཚིག་ཆེན་པོ་འདིའིཿ བཀའ་ཡི་སྡུད་པོ་འཇམ་དཔལ་དངཿ ས་ཡི་སྙིང་པོ་ལ་སོགས་ཀྱངཿ ཐུགས་དམ་བསྐུལ་ལོ་བརྟུལ་


JLAZ011_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་བསྐྱེདཿ དངོས་གྲུབ་བསྐུལ་བའི་དུས་ལ་བབཿ སྐུ་གསུང་ཐུགས་དང་ཡོན་ཏན་དངཿ ཕྲིན་ལས་འདུས་པའི་དབྱིག་ཆེན་པོཿ བདུད་རྩིའི་རྫས་ལ་བརྟེན་ནས་སྩོལཿ ཨོཾ་ཨཿཧཱུྃཿ སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲི་བྷྱཱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཋཱཿ ཨ་ཧོ་སུ་ཁ་དྷརྨཱ་ཀཱ་ཡ་ན་ཨ་མྲྀ་ཏ་སིདྡྷི་ཧཱུྃ་ཧྲཱིཿཋཿ བརྒྱ་རྩ་བཟླས་ཏེ་དངོས་གྲུབ་བསྐུལཿ ཚོགས་འཁོར་བསྐོར་ཞིང་བྲོ་བཤགས་བྱཿ དེ་ནས་དངོས་གྲུབ་བླང་བ་ནིཿ དཀྱིལ་འཁོར་བསྐོར་ཞིང་སློབ་དཔོན་གྱིསཿ གཡོན་པའི་མཐེབ་སྲིན་སྦྱར་བྱས་པའིཿ སྙིམ་པ་བདུད་རྩིའི་སྟེང་ནས་དགབཿ ཧོཿ དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལཿ བདུད་རྩི་སྒྲུབ་པའི་ཞག་གྲངས་ད་ནངས་ཐེམཿ བདུད་རྩི་སྒྲུབ་པའི་དམ་ཚིག་དེ་རིང་རྫོགསཿ རྡོ་རྗེའི་ནམ་ལངས་དངོས་གྲུབ་ཉི་ཟླ་ཤརཿ ཐུགས་དམ་དུས་ལ་བབ་པོ་ཐུགས་རྗེ་བསྐྱེདཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔའིཿ གསང་བ་བསམ་གྱིས་མི་ཁྱབ་བདུད་རྩིའི་ཆོསཿ སྐྱེ་འཆི་མེད་པའི་དངོས་གྲུབ་ཆེན་པོའི་དབྱིགཿ རིག་འཛིན་སྒྲུབ་པའི་རྫས་ལ་བརྟེན་ནས་སྩོལཿ གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞིཿ འདུ་བ་གསུམ་དང་འབར་བ་རྣམ་པ་གསུམཿ དཔལ་བཅུའི་ཡོན་ཏན་མངོན་ཤེས་རྫུ་འཕྲུལ་སྟོབསཿ མི་བརྗེད་གཟུངས་དང་གཡུང་དྲུང་ལྟ་བུའི་ཚེཿ རིག་འཛིན་


JLAZ011_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་སྐུ་ལྔ་ལྷུན་རྫོགས་པཿ མ་ལུས་ལུས་པ་མེད་པའི་དངོས་གྲུབ་ཀུནཿ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལཿ ཅེས་བརྗོད་བདུད་རྩིའི་ཕོ་བྲང་ལཿ དངོས་སུ་སྤྱད་ཕྱིར་གསང་སྔགས་འདིསཿ རིག་པའི་མེ་ཏོག་དོར་བར་བྱཿ ཨོཾ་བྷོ་དྷི་ཙིཏྟ་ཀཱ་ཡ་ཝཱཀྐ་ཙིཏྟ་མ་ཧཱ་ས་མ་ཡ་ཧོཿ དེ་ནས་བདུད་རྩིའི་ཕོ་བྲང་དེཿ དངོས་གྲུབ་རིག་མ་རྟེན་གྱིས་སྤྱན་དྲངས་ལཿ རྡོ་རྗེའི་བདེ་ཆེན་རྒྱལ་པོའི་སྤྱི་གཙུག་གནས་སུ་བཀོདཿ བདག་ཉིད་རང་བཞིན་དཀྱིལ་འཁོར་ལཿ སྤྲུལ་པའི་དཀྱིལ་འཁོར་མདུན་བསྐྱེད་ཐིམ་པར་བསམཿ བདུད་རྩི་དཀྱིལ་འཁོར་ལྷ་ཚོགས་རྣམསཿ བདག་ཉིད་རང་བཞིན་འཁོར་ལོ་ལཿ ཆུ་ལ་ཆུ་བཞག་ལྟ་བུའི་ངངཿ གཉིས་མེད་ཡེ་ཤེས་རང་དབང་བསྐུརཿ དབང་གི་ནང་ནས་དབང་ཆེན་པོཿ སྒོ་གསུམ་སྐུ་གསུམ་ཐུགས་དང་འདྲེསཿ བསྐུར་ཐོབ་གཉིས་མེད་བདེ་ཆེན་ངངཿ རང་རིག་དཔལ་ཆེན་རོལ་པར་རྫོགསཿ ཨོཾ་ཨཿཧཱུཾཿ སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱ་ཡུ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཏུ་མཱཾཿ ཞེས་ནོད་དཀྱིལ་འཁོར་གཙོ་མཆོག་དངཿ གཉིས་སུ་མེད་པའི་ཐིག་ལེར་བསྒོམསཿ དེ་ནས་བདུད་རྩིའི་ཕོ་བྲང་དབངཿ སློབ་མའི་སྤྱི་བོར་བཞག་སྟེ་བསྐུརཿ ཧཱུྃཿ སྣང་སྲིད་རྣམ་དག་དུང་ཆེན་སྣོདཿ རྒྱུ་གཉིས་རྐྱེན་གསུམ་ལས་བྱུང་བའིཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདིཿ བདེ་ཆེན་མཉམ་ཉིད་ཐུགས་ཀྱི་ངངཿ ཆགས་འཛིན་རྣམ་དག་ཤེས་རབ་


JLAZ011_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྐུཿ གཉིས་མེད་དོན་ལ་སྣ་ཚོགས་སྟོནཿའདི་ནི་དོན་གྱི་བདུད་རྩིའོཿ མ་སྐྱེས་ཀུན་བཟང་ཆེ་བའི་མཆོགཿ བདེ་ཆེན་ཀློང་ན་དབྱིངས་ཕྱུག་མཿ ཉོན་མོངས་རྣམ་དག་རིགས་ཀྱི་གཙོཿ ཡེ་ཤེས་ལྔར་རྫོགས་སྐུ་ལྔར་གྲུབཿ དུག་ལྔའི་རྟག་པ་རང་སར་གྲོལཿ འདི་ནི་མིང་གི་བདུད་རྩིའོཿ ཕྱི་སྣོད་ནང་བཅུད་ཐམས་ཅད་ཀུནཿ བདུད་རྩི་རྣམ་པ་ལྔ་ཉིད་དེཿ སོ་སོར་རང་རིག་རྩ་བ་བརྒྱདཿ དབྱིབས་དང་ཁ་དོག་ཕྱི་དང་ནངཿ ཐབས་དང་ཤེས་རབ་རོ་དང་མཐུཿ སྐུ་དང་གསུང་དང་ཐུགས་ཉིད་དངཿ ཡོན་ཏན་ཕྲིན་ལས་ཡན་ལག་སྟོངཿ རང་དང་རང་བཞིན་བདག་ཉིད་སྐུཿ དུས་གསུམ་དེ་ཉིད་ཤེས་པ་སྤྱོདཿ དབང་གི་ནང་ནས་ཆེ་བའི་མཆོགཿ སྐལ་ལྡན་བུ་ལ་སྦྱིན་པ་ཡིསཿ བདུད་བཞི་ཉོན་མོངས་ནད་འཇོམས་སེལཿ ལྟ་སྤྱོད་ཕྲིན་ལས་དམ་ཚིག་དངཿ ཡེ་ཤེས་དཀྱིལ་འཁོར་སྒྲུབ་པའི་ལུངཿ འཁོར་འདས་ཆོས་དང་གཙང་མི་གཙངཿ ལོག་རྟོག་སྤང་ལེན་སེམས་སུ་རྫོགསཿ དུག་ལྔ་མ་སྤངས་ཡེ་ཤེས་ལྔཿ སྐུ་ལྔ་མ་བསྒྲུབས་རང་བཞིན་དངཿ སྐྱེ་འཆི་མེད་པའི་གནས་ཐོབ་ཤོགཿ ཨོཾ་ཨཱཿཧཱུྃ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རཱི་སྟྭཾཿ སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བསྐུར་དེ་ནས་དཀྱིལ་འཁོར་པསཿ སྡུད་པོ་འཇམ་དཔལ་རྣོན་པོ་ལཿ གནང་བ་སྩལ་ཏེ་གཏད་


JLAZ011_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམཿ ཡུམ་དང་ལས་ཀྱི་རྡོ་རྗེ་ཡིསཿ སྔར་བཞིན་ཕོ་བྲང་ཡབ་ལ་དབུལཿ ངེས་ཀྱང་རིངས་པའི་ཚུལ་གྱིས་བླངསཿ ཨ་ཧོ་མ་ཧཱ་སུ་ཁ་ཧོཿ དམ་རྫས་བདུད་རྩིའི་བཅུད་འདི་ནིཿ ལོགས་ཀྱི་བརྡ་ལན་སྔར་བཞིན་གདབཿ རྒྱ་རྣམས་བཀྲོལ་ཞིང་འདི་སྐད་བརྗོདཿ མཁའ་དབྱིངས་ཕྱག་རྒྱ་གཉན་པོ་མཆོགཿ དཔལ་གྱི་ཐ་ཚིག་དམ་པར་དགྲོལཿ པདྨ་ས་མ་ཡ་པྲ་བེ་ཤ་ཡ་ཕཊཿ སྣོད་ཞལ་ཕྱེ་བའི་དེ་མ་ཐགཿ བདུད་རྩི་སྨན་གྱི་དྭངས་མ་ནིཿ དཀར་དམར་སྔོ་བའི་འོད་ཟེར་གྱིཿ རྣམ་པས་བདག་གིས་གནས་གསུམ་དུཿ ཐིམ་པར་བསམ་ཞིང་འདི་སྐད་དོཿ སྲོག་གི་རྒྱུན་གསུམ་ངོ་བོ་གཅིགཿ གནས་གསུམ་བྱང་ཆུབ་སེམས་ལ་ཐིམཿ དོན་དམ་གཉིས་མེད་ཐིག་ལེ་ལསཿ སྐུ་གསུངས་ཐུགས་ཀྱི་རྡོ་རྗེར་གྱུརཿ མ་ཧཱ་གུ་ཧྱ་ཀཱ་ཡ་ཝཱཀྐ་ཙིཏྟ་སིད་དྷི་ཧྲཱིཿཧ་ཧཱུྃཿ འདི་ནི་སངས་རྒྱས་ཐམས་ཅད་ཀྱིཿ དབང་བསྐུར་སྦྱོང་ཡུལ་དམ་པའོཿ ས་ནས་སུ་རུ་འཕར་བར་མཆོདཿ སྨན་གྱི་འཕེར་རྟགས་དྲིལ་བུར་གཞལཿ བདེ་སྐྱོང་མ་ཧཱ་ན་ཡིས་བཀངཿ དེ་ལ་བདུད་རྩིའི་ཕུར་མ་ཟདཿ གཞུང་བཞིན་མཚན་དོན་སྦྱར་བས་མཆོདཿ ལྕེ་ཡི་དམ་ཚིག་རྡོ་རྗེས་མྱངཿ དབང་པོའི་སྒོ་དང་ཡན་ལག་ལའངཿ མཐེ་སྲིན་སྦྱར་བས་ཐིག་ལེ་བྱཿ དེ་ནས་བདུད་རྩིའི་ཆ་ཤས་ནིཿ རཏྣའི་གའུར་གཏེར་དུ་སྩལཿ ཆེ་མཆོག་བདུད་རྩི་འཁྱིལ་བའི་སྐུཿ ཕོ་བྲང་ནང་དུ་བཞུགས་པར་བསྒོམསཿ སྤྱི་བོའི་གཙུག་གམ་མགུལ་དུ་གདགསཿ རྩ་གསུམ་དམ་ཅན་སྤྲིན་བཞིན་འདུཿ ཀུན་གྱིས་བསྐུར་ཞིང་


JLAZ011_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གང་འབྲེལ་འཆོངསཿ སྨན་ནི་ཆ་གསུམ་དག་ཏུ་བཅདཿ དང་པོ་རྩ་གསུམ་ལྷ་ལ་བསྔོཿ དེ་ནས་གཉན་གྱི་དོན་ཡང་བྱཿ གཉིས་པ་དཔའ་བོ་རྡོ་རྗེས་བཟུངཿ ཐ་མ་འདུས་པའི་ཚོམ་བུར་སྤེལཿ ཐུན་བཞི་ཀུན་ལ་རྟག་ཏུ་མྱོངཿ མ་གྲུབ་ནངས་པར་རེ་རེ་བཞིནཿ ཐ་མའང་དུས་བཟང་ཚོགས་འཁོར་དངཿ བཟླ་བའི་དུས་ན་ངེས་པར་སྤྱདཿ ཚེ་རིང་ནད་མེད་བདེ་བ་དངཿ ལང་ཚོ་ཁ་དོག་སྟོབས་གཟི་བརྗིདཿ འཕེལ་ཞིང་དབང་པོ་རྣམ་རིག་གསལཿ མཁའ་ལ་འགྲོ་ཞིང་སྦྱོར་ངན་གྱིཿ ནུས་པའི་མི་ཚུགས་ཏིང་འཛིན་གསལཿ ཁྱད་པར་ཡོན་ཏན་བསམ་མི་ཁྱབཿ ལུས་ལ་གནས་པའི་བདུད་རྩི་ལྔཿ དྭངས་མར་གྱུར་ནས་འཆི་མེད་འགྲུབཿ འདུ་བའི་ནད་སེལ་བདུད་བཞི་འཇོམསཿ བཅུད་ལེན་ཀུན་གྱི་རྒྱལ་པོ་ཡིནཿ སྤངས་རྟོགས་ཡོན་ཏན་ངང་གི་འཕེལཿ འདི་སྒྲུབ་རྒྱལ་བའི་སྲས་སུ་དགོངསཿ རྟོག་ལ་ཡེ་ཤེས་སྨན་སྦྱར་བསཿདུག་ལྔ་ཡེ་ཤེས་ལྔ་རུ་རྫོགསཿ གང་དུ་སྒྲུབ་པའི་གནས་མཆོག་དེཿ ཉི་ཤུ་རྩ་བཞིའི་ཡུལ་དང་མཉམཿ དཔའ་བོ་མཁའ་འགྲོ་ཤུགས་ལ་འདུཿ བཀྲ་ཤིས་བྱིན་ཆགས་ཏིང་འཛིན་འཕེལཿ ས་དགྲ་ཞི་ཞིང་ཆར་ཆུ་འབེབསཿ ལྷ་ཀླུ་དགའ་བས་སྣོད་བཅུད་རྒྱསཿ རྩི་དང་ལོ་ཏོག་ཕུན་སུམ་ཚོགསཿ དེ་བས་རྣལ་འབྱོར་ཆེ་རྣམས་ཀྱིསཿ སེམས་བསྐྱེད་ཏིང་འཛིན་དངོས་རྫས་ཀྱིཿ ཆོ་གར་ལྡན་པ་འདི་སྒྲུབས་ཤིགཿ དེ་ཡི་བསོད་ནམས་བརྗོད་མི་ལངསཿ རྡོ་རྗེའི་དམ་ཚིག་གནས་ལ་ཡངཿ རང་བཞིན་སྤྱོད་པའི་ཡོན་ཏན་ལསཿ བསྒྲུབས་པའི་ཡོན་ཏན་


JLAZ011_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟའོཿ རྗེས་ཀྱི་ལས་ཁྲིགས་སྒྲུབ་ཆེན་བཞིནཿ ས་མ་ཡཿ ཀླུ་དང་བྲམ་ཟེ་དྲང་སྲོང་རིགསཿ གཙང་སྦྲ་དཀའ་ཐུབ་བརྟུལ་ཞུགས་ཀྱིཿ རྟོགས་པས་ཀུན་ནས་གཟིར་བ་རྣམསཿ འོག་མིན་གནས་སུ་ཧེ་རུ་ཀསཿ རྡོ་རྗེའི་དམ་ཚིག་ཆེན་པོ་གནསཿ ལགས་པར་བསྟན་པའི་བདུད་རྩིས་བརྟུལཿ དེ་བཞིན་ཀུན་དཀྲིས་ཉོན་མོངས་ཅནཿ རྡོ་རྗེའི་ལམ་དང་བྲལ་གྱི་དོགསཿ ཕུན་སུམ་ཚོགས་པ་ལྔའི་ཡན་ལགཿ ལྡན་པའི་ལུས་ཀྱི་སྣང་སྲིད་ཀུནཿ ར་ས་ཡ་ནའི་འཁོར་ལོ་རུཿ སྦྱངས་རྟོགས་སྤར་བའི་མན་ངག་བཅུདཿ འཇམ་དཔལ་རྣོན་པོས་རྒྱུད་དུ་བསྡུསཿ དེ་ཡི་བྱ་བའི་རང་བཞིན་རྣམསཿ རྣམ་ཤེས་བྲལ་བའི་སེང་གེ་བཞིནཿ འདྲ་མིན་འཆོལ་བར་དར་བའི་ཚེཿ འཇམ་དཔལ་རྣོན་པོའི་ཐུགས་བསྐྱེད་དངཿ བདག་ཉིད་ཆེན་པོ་པདྨ་ཡིསཿ ཀློང་བྱང་ཌཱཀྐིའི་བརྡ་རིས་ཀྱིསཿ རྒྱུད་དོན་ཇི་བཞིན་གཏན་ལ་འབེབསཿ རྟེན་འབྲེལ་གསུམ་གྱི་འཁོར་ལོ་ལསཿ ཚིག་བརྒྱུད་རྡོ་རྗེའི་རོལ་མོར་འཁྲོལཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཿ

སྨན་སྒྲུབ་ལག་ལེན་ཟིན་ཐོ།


JLAZ011_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་སྒྲུབ་ལག་ལེན་ཟིན་ཐོ་བཞུགསཿ བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་ལ་ན་མཿ སྤྱིར་སྨན་སྒྲུབ་ཀྱི་ལག་ལེན་ལ། ཤ་ལྔ་བདུད་རྩི་ལྔ་ལ་བརྟེན་པ་རྒྱ་གར་རིག་འཛིན་གྱི་ལུགས། རྩ་བརྒྱད་ཡན་ལག་སྟོང་ལ་བརྟེན་པ་དྲང་སྲོང་སྨན་པའི་ལུགས། སྨན་སྣ་བརྒྱ་དང་རྩ་བརྒྱད་ལ་བརྟེན་པ་ཚངས་པ་ལྷའི་ལུགས་ཞེས་གྲགས་ཀྱང་གླེང་གཞི་ཙམ་དུ་ཟད་ལ། དེ་ལ་རྒྱུད་འབུམ་ནང་གི་བདུད་རྩི་བམ་པོ་བརྒྱད་པ་དང༌། བཀའ་བརྒྱད་བདེ་གཤེགས་འདུས་པ་ཁུངས་དང་རྩ་བ་ཉིད་ཀྱང༌། དེ་གཉིས་ནས་བཤད་པའི་བྱ་བ་དང་བྱེད་པ་པོ་གཉིས་ཀའི་རྒྱུ་རྐྱེན་ཚོགས་པར་དཀའ་མོད། སྨན་ལ་འབྲུ་རྩམ་བསྲེ་བའི་གཟུ་ལུམས་དང༌། སྦྱང་རྟོགས་སྦར་བའི་ནུས་པ་མ་མཆིས་བཞིན་དུ་ཐ་མལ་གྱི་ཟག་རྫས་སྦྱོར་བ་སོགས། རྨེ་བ་བརྩེགས་པའི་ཉམས་གྲིབ་སྒྲུབ་པ་སྤངས་ལ། རིམ་གཉིས་ལ་ནུས་པ་ཐོབ་ངེས་ཀྱི་བདུད་རྩི་ལྔ་དང༌། དེ་བཞིན་དུ་སྒྲུབ་པ་པོ་རང་ཉིད་རྟོགས་པས་རང་རྒྱུད་གྲོལ་ནས་གཙང་རྨེའི་བླང་དོར་ཟད་ཅིང་སྦྱང་རྟོགས་སྦར་བའི་ནུས་པ་ཐོབ་པ་ཡིན་ཚེ་ཤ་ལྔ་དངོས་བསྟན་སྦྱར་དུ་རུང་ལ། གཞན་དུ་གོང་མ་ཁྱད་པར་ཅན་གྱིས་བསྒྲུབས་པའི་ཕབས་ལ་གཙོ་བོར་བརྟེན་པ་གཅེས་སོ། །དེ་དག་གི་སྐྱོབ་ཏུ་སྦྱར་བའི་སྨན་ནི་བཟང་དྲུག་གཙོ་བོར་གྱུར་བའི་སྨན་དུག་རིགས་མེད་པ་


JLAZ011_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་སྦྱར་དུ་རུང་ཡང་རོ་དང༌། ཁ་དོག་དང༌། ནུས་པའི་སྤྱང་ཀིར་གྱུར་པ་སྤང་བའི་ཕྱིར་གཞི་མ་ཨ་རུ་ར་གསེར་མདོག་འབྱོར་ན་རབ། དེ་མིན་ཤ་ཆེན་འཕེལ་བྱེད་ལ་སོགས་ཤ་རུས་བྲལ་བའི་ཤ་རྐྱང་ཇི་ཙམ་འབྱོར་པ་དང༌། སྐྱུ་རུ་ར་དེའི་ཕྱེད་ཆ་ཙམ། བ་རུ་ར་དེའི་ཡང་གསུམ་ཆ་ཙམ་ལ། ཤིང་ཚྭ། སེང་ལྡེང་གི་སྙིང་ཁུ། ཤིང་མངར། ཁ་ཆེ་གུར་གུམ། སུག་སྨེལ། རུ་རྟ། ཙནྡན་དཀར་དམར། སེ་འབྲུ། ལི་ཤི་སོགས་ཇི་ཙམ་མང་བ་ལེགས་ཤིང༌། ཀ་ར། བུ་རམ། སྦྲང་རྩི་སོགས་ཀྱང་དེ་མཚུངས། རོ་ཚ་བ་དང་ཁ་དོག་གནག་པའི་རིགས་མང་པོ་མི་གཏོང༌། དེ་ལྟར་སྨན་རྣམས་ཚོགས་པ་དང༌། སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྒྲུབ་ཁོག་ལྟར། རྒྱལ་ཐོ་གཟུགས་པ་ནས་བཟུང་མ་ཏྲཾ་བསྒྲལ་བ་ཡན་ཟིན་རྗེས། དཀྱིལ་འཁོར་གྱི་གཞི་དེར་མུ་ཁྱུད་རིམ་པ་གཉིས་བསྐོར་བའི་ལྟེ་བར་ཆོས་འབྱུང༌། ཟླ་གམ་གསུམ་ལ་རླུང་དཀྱིལ་གཞུའི་དབྱིབས་བ་དན་ཅན། མུ་ཁྱུད་ཕྱི་མ་ལ་ཆོས་འབྱུང་གི་ཟུར་དང་བསྟུན་པའི་ཐོད་སྐམ་གསུམ་དང༌། བར་མཚམས་ཐམས་ཅད་མེ་རིས་བསྐོར། ཆོས་འབྱུང་གི་ནང་མར་མེ་རོ་རས་ཀྱི་སྡོང་བུ་ཅན་དགུ་དང༌། མེ་རིའི་ཕྱིར་ཁྲོ་བཅུའི་ཕུར་པ་བཀོད། དེའི་སྟེང་དུ་སྒྲོམ་ཁྲི་སྟེང་ཤོད་དང༌། ཉིས་བརྩེགས་ཀྱི་འོག་མ་


JLAZ011_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་འགོད་ཡུལ་ལ་རློན་སྒྲུབ་ལ་མར་མེ་སྦར་དགོས་པས་མེ་ལྕེས་གནོད་པ་བསྲུང་ཕྱིར་རྒྱ་ཁྲ་མིག་མང་རིས་དང༌། སྟེང་མའི་ཐོག་སྟེང་རྡུལ་མཚོན་ནམ། རས་བྲིས་འདིང་བ་གང་འོས་བྱ། དཀྱིལ་འཁོར་ལ་དབང་རྫས་བཀོད། དེ་ནས་སྨན་ཁྲོལ་བུར་བསྒྲུབ་ཕྱིར། རྒྱ་ཁྲ་མིག་མང་རིས་ཀྱི་སྟེང་ཐོད་པ་ལྔ་ཚོམ་མམ། སྨན་མང་པོ་ཡོད་ན་སྨན་གཞོང་ཆེན་པོར་མཚོན་པ་ཙམ་དུ་ཐོད་པ་ལྔ་ཚོམ་དང་བཅས་ནང་ཁོངས་ཐམས་ཅད་ཁྲོལ་བུས་བཀང༌། དེ་ཡང་ཤ་ལྔ་བདུད་རྩི་ལྔ་སོ་སོའི་སྐྱོབ་དང་བཅས་རིགས་དང་མཐུན་པར་འགོད་ཚུལ་སྒྲུབ་གཞུང་ལྟར་ཏེ། དྲི་ཆེན་གླང་ཤ་ཛཱ་ཏི་ཤར། །ཞེས་པའི་མཚོན་ནོ། །དེ་ལྟ་མོད་ཀྱི་ཕྱིས་འབྱུང་སྨན་འབོར་ཆེན་པོ་སྒྲུབ་པའི་སྲོལ་དར་བས་དེ་ལྟར་ན་བཏགས་བཙག་གི་བྱ་བ་ལ་ཡུན་རིང་དུ་འགོར་བས་སྒྲུབ་པ་ཞུད་པའི་ཉེས་པ་འགེགས་ཕྱིར་སྨན་བྱིངས་ནི་ཐོག་མ་ནས་འཐག་པ་ཤས་ཆེ་ཡང༌། གཞུང་གི་དགོངས་པ་མི་ཉམས་ཕྱིར་ཤ་ལྔ་བདུད་རྩི་ལྔ་འབྲས་བུ་གསུམ་འོས་རིགས་ཕབ་རྒྱུན་བཟང་དྲུག་དང་བཅས་པ་འགོད་ལུགས་དེ་ལྟར་བྱས་ནས་སྐབས་ལ་བབས་པ་ན་བཏགས་བཙག་གི་བྱ་བ་ལ་འཇུག་གོ །དེ་ལྟར་ཁྲོལ་བུ་དང་ཕྱེ་མ་ཇི་ལྟར་ཡིན་ཀྱང་སྨན་གཞོང་ལ་དར་དམར་པོའི་ཁེབས་བཀབ། དར་ཚོན་ལྔས་རྒྱ་ཆིངས་གདག །


JLAZ011_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཐོར་ཚུགས་དང་པྲོག་ཞུ་གསོལ། རྡོར་དྲིལ་བསྣོལ་མར་འཆིང༌། གུ་གུལ་གྱིས་བདུག་སྟེ་སྨན་ཁང་དུ་བཞུགས་སུ་གསོལ། དེ་ནས་མཚམས་དམ་པར་བཅད། སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལས་གཞུང་བསྲངས་ནས་བདག་བསྐྱེད་ཀྱི་གཙོ་བོའི་བཟླས་པ་སྟོང་ཕྲག་ཙམ་དང༌། གཞན་རྣམས་འོས་རིགས་བཟླས་རྗེས་མདུན་བསྐྱེེད་ཆེ་མཆོག་བདུད་རྩི་འཁྱིལ་བ་ཡོན་ཏན་འདུས་པའི་སྐམ་སྒྲུབ་ཀྱི་ངག་རེ་དོན་དང༌། སྒོམ་བཟླས་ཟུང་དུ་འབྲེལ་བ་ལ་ཡིད་གཞུངས་ན་འཇུག་པ་བདེ་ཞིང་བཀའ་བརྒྱད་བདེ་གསང་གཉིས་དང༌། བམ་བརྒྱད་ཀྱི་དགོངས་པ་དངོས་བསྟན་ལ་འབྱོར་བ་ཡིན་ནོ། །དེ་ལྟར་ཁྲོལ་སྒྲུབ་ཞག་གསུམ་ནས་ལྔའི་བར་གང་རིགས་ཐུན་བཞིར་བཅད་ནས་བསྒྲུབས་རྗེས། དངོས་གྲུབ་ལེན་ཆོག་གཞུང་བཞིན་དང༌། དཀྱིལ་འཁོར་གྱི་ཕྱོགས་སོ་སོར་བཏགས་བཙག་གི་ས་བཅད་གཞུང་ལྟར་བྱ། དེ་ནས་སྨན་ཕྱེ་མ་རྣམས་འདྲེས་པར་སྦོལ། སེང་ལྡེང་དང་རྒྱ་ཇའི་ཁུ་བ་གར་མོ་དྲོད་དང་ལྡན་པ་ལ་ཕབ་རྒྱུན་བཏབ་སྟེ་ཁུ་བར་བཏང་ནས་སྦོལ། བུ་རམ་དང་སྦྲང་རྩི་ལ་སོགས་པའང་ཆང་གར་ལ་སྦྱངས་ཏེ་མཚམས་གཏོང༌། ཐགས་ཆེས་ན་ལྡེ་གུར་འདྲིལ་ཞིང་ཆུང་ན་ལྟོ་མི་རླན་པས་རན་པར་བྱེད། ཧ་ལམ་སྦོལ་ཚར་བ་ལ་དྲི་བཟང༌། གུར་གུམ། བཟང་དྲུག་གི་ཕྱེ་མ་རྣམས་


JLAZ011_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ནས་འདྲེས་པར་བྱེད། སྨན་མང་ཉུང་དང་བསྟུན་པའི་ཕབ་རྩི་ཞིབ་མོ་ཚགས་ཀྱིས་བཙགས་པ་བཏབ། ནམ་དུས་དང་བསྟུན་པའི་དྲོད་བཏང༌། དྲོད་ཆེས་ན་རུལ་སྐྱོན་དང་། ཆུང་ན་མི་ལངས་པའི་སྐྱོན་ཡོད། གོས་ཆེན་དམར་སེར་ཀྱི་ཁུགས་མར་བླུགས། དར་སྣའི་རྒྱ་ཆིངས་བཏབ། ན་བཟའ་དང་དབུ་རྒྱན་པྲོག་ཞུ་གསོལ། རྡོར་དྲིལ་བསྣོལ་ནས་འཆིང༌། གུ་གུལ་བདུག་པ་སྔར་བཞིན་སྨན་ཁང་དུ། གཟུངས་ཐག་དང་རྨུ་ཐག་བཏགས། འོག་ནས་དྲོད་འབེབས་སམ་ཐུགས་དམ་རྒྱུད་བསྐུལ་གྱི་མར་མེ་རྒྱུན་མི་ཆད་དུ་སྦར། བཀའ་བརྒྱད་ཀྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔར་དང་འདྲ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ཀྱི་བདག་ཉིད་དུ་ཞལ་བསྒྱུར་བ་ནི། ཨཱཿརང་བྱུང་སྤྲུལ་པའི་ཕོ་བྲང་དབུས། །ཞེས་སོགས་ལ་འཇུག་པ་ནི་ཆེ་མཆོག་བདུད་རྩི་འཁྱིལ་བ་ཡོན་ཏན་འདུས་པའི་དཀྱིལ་འཁོར་ལྟར་རོ།།ཡང་དུས་དྲུག་ཏུ་ཉུལ་ལེ་བསྐྲད་པ་དང༌། དེ་ཁའི་རྗེས་འབྲེལ་དུ་བྱིན་འབེབས་བྱེད་པ་རྡོ་རྗེ་སློབ་དཔོན་ཆོ་ག་རགས་དང་བཅས་ཉུང་ཟད་ཀྱིས་བྱ་ལ། བྱིངས་རྣམས་ནི་བཟླས་པ་ཁོ་ན་ལ་གཙོར་འདོན་དུ་བྱས་ནས་ཉིན་མཚན་གསུང་མི་ཆག་ཏུ་བསྐྱེད་རྫོགས་བཟླས་གསུམ་གྱི་གདེང་དང་མ་བྲལ་བ་མ་བྱུང་ན་རོལ་


JLAZ011_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་གཙོ་བོར་བྱེད་པ་སྒྲུབ་པའི་གཟུགས་བརྙན་དུ་འཁྱམས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ནི་གཞུང་ལས་ཤེས་སོ། །ཞེས་པའང་འབྲི་གུང་ཟུར་སྤྲུལ་རིན་པོ་ཆེའི་དགོངས་བཞེད་བཞིན་ཕྱག་ལེན་གྱི་ཟིན་བྲིས་ཙམ་དུ་འཇིགས་མེད་གླིང་པས་སོ། །

བསྐྱེད་རིམ་ལྷའི་ཁྲིད་ཀྱི་རྣམ་པར་གཞག་པ་འོག་མིན་བགྲོད་པའི་ཐེམ་སྐས།


JLAZ011_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་ལྷའི་ཁྲིད་ཀྱི་རྣམ་པར་གཞག་པ་འོག་མིན་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས།།


JLAZ011_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་བཞིན་རྣམ་དག་སྒྲིབ་བྲལ་དྭངས་མའི་ཁམས། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་འཕྲུལ། །སྐུ་གསུམ་གོ་འཕང་བདེ་བླག་བརྙེས་པའི་ཕྱིར། །ལྷ་ཡི་རྣལ་འབྱོར་སྒོམ་པའི་འཁྲིད་ཚུལ་འཆད། །དེ་ལ་འདིར་སེམས་ཅན་གྱི་ཁམས་གློ་བུར་དུ་མ་དག་པ་ལས་ཀྱང་འཁྲུལ་བའི་འཁོར་ལོར་འཕྱན་པ་ཉིད། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་འགོད་པའི་བསྐྱེད་རིམ་ལྷའི་ཁྲིད་ཀྱི་རྣམ་པར་གཞག་པ་འོག་མིན་


JLAZ011_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བརྗོད་པར་དམ་བཅའོ། །དེ་ལ་སྤྱི་དོན་རྣམ་པ་གསུམ། རྒྱུ་མ་ནོར་བ་བསྐྱེད་རིམ་ལ་འཇུག་པའི་གཞི། རྐྱེན་མ་འཁྲུལ་བ་ཇི་ལྟར་སྒོམ་པའི་ལམ། འབྲས་བུ་རྣམ་པར་དག་པ་ཟུང་འཇུག་གི་གོ་འཕང་ལ་སྦྱོར་བའི་ཚུལ་དང་གསུམ་ལས། དང་པོ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །ཞེས་རང་བཞིན་བརྒྱད་དང་ལྡན་པའི་རྡོ་རྗེའི་སློབ་དཔོན་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ནས། ཕྱི་ཕན་པ། ནང་ནུས་པ། གསང་བ་ཟབ་མོའི་དབང་གི་རིམ་པ་ཡོངས་སུ་རྫོགས་པས་རྒྱུད་ལེགས་པར་སྨིན་ཅིང༌། དམ་ཚིག་དང་སྡོམ་པ་ལ་གནས་པ་དག་གིས་བསྐྱེད་རིམ་ལྷའི་


JLAZ011_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལ་འཇུག་པའི་ཚུལ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པ་ལྟར། དབང་པོ་ཡང་རབ་རྣམས་ཀྱིས་རང་བཞིན་ཐེག་མཆོག་རྒྱལ་པོ་ལྟ་བ་སྤྱི་འབྱམས་ཀྱི་རྩལ་སེམས་བསྐྱེད་ཀྱི་འཕེན་པའི་དབང་གིས་ཤིན་ཏུ་སྤྲོས་པ་མེད་པའི་བསྐྱེད་རིམ་ཆོ་ག་དང༌། ཚིག་གི་བྱ་བ་ལ་མ་ལྟོས་པར་སེམས་ཀྱི་རང་བཞིན་གདོད་ནས་ལྷའི་ཕྱག་རྒྱར་གསལ་ཞིང་རྫོགས་པ་དཔེར་ན་མེ་ལོང་ལ་གཟུགས་བརྙན་བཙན་ཐབས་སུ་ཤར་བ་ལྟར་བསྐྱེད་རྫོགས་དབྱེར་མེད་དུ་སྒོམ་པ་སྟེ་འདི་ལྟར། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་སྟེ།།དམ་ཚིག་ཡེ་ཤེས་གཉིས་མེད་པས། །སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས། །རང་ལས་སྤྲུལ་ཞིང་རང་དབང་བསྐུར། །རང་རིག་རྩ་བ་གསུམ་དུ་གནས། །ཞེས་པ་སྟེ། གདོད་ནས་ལྷའི་རང་བཞིན་ཡེ་ཤེས་སྒྱུ་མར་རྫོགས་པ་རྫུས་སྐྱེས་སྦྱོང་བའི་བསྐྱེད་རིམ་སྟེ། ཀུན་མཁྱེན་གྱིས། ཇི་ལྟར་རྫུས་སྐྱེས་སྐད་ཅིག་སྣང་བ་བཞིན། །མེད་ལས་རིམ་བཞིན་བསྐྱེད་རྫོགས་སྒོམ་མི་དགོས། །ཞེས་སོ། །དབང་པོ་རབ་ཏུ་གྱུར་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདེན་པས་སྤྲོས་པ་དང་བྲལ་


JLAZ011_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྐྱེད་རིམ་ལ་ཅིག་ཆར་དུ་འཇུག་པ་ལྷ་རྣམས་ཚིག་གིས་མ་བསྐྱེད་ཀྱང་སྙིང་པོ་དྲན་པས་རྫོགས་པ་དང༌། རིམ་གྱིས་འཇུག་པ་ཤེས་རབ་ཀྱི་དབྱིངས་སྟོང་ཆེན་ཀུན་ཏུ་བཟང་མོའི་ཀློང་དུ་སྣང་བ་ལྷའི་ཕྱག་རྒྱར་རང་ཤར་བ་གཉིས་མེད་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་སྟེ། རང་ཤར་ལས། ཅིག་ཆར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་གྱིས་ཞུགས་ནས་ནི།།ཞེས་པ་ལྟར། རྟེན་གཞལ་ཡས་བརྟེན་པ་ལྷའི་རང་བཞིན་སོ་སོའི་མཚན་བརྗོད་པའམ་སྙིང་པོ་དྲན་པ་ཙམ་གྱིས་ཡོངས་སུ་རྫོགས་པར་གསལ་བ་ནི་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བའི་བསྐྱེད་རིམ་བདེ་སྟོང་དབྱེར་མེད་དུ་ངོས་བཟུང་ངོ༌། །རྟོག་བཅས་རྣམས་ལ་སྒོང་སྐྱེས་སྦྱོང་བ་ཤིན་ཏུ་སྤྲོས་པ་ཅན་རྒྱས་པ་ཆེན་པོའི་བསྐྱེད་རིམ་རྒྱུའི་ཧེ་རུ་ཀ་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་ནས་བདག་སྲས་གཞན་སྲས་ཀྱི་རྣམ་པར་སྒོམ་པ་སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད་དེ། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། རྒྱུའི་ས་བོན་ལས་སྤྲོ་བསྡུས་གཙོ་བོ་ཡབ་ཡུམ་བསྐྱེད་པ་དང༌། ཕྱོགས་བཅུའི་བུདྡྷ་བཀུག་ནས་


JLAZ011_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་རུ་བསྟིམ་པ་དང༌། སེམས་ཅན་རྣམས་བཀུག་ལ་སྒྲིབ་པ་སྦྱང་བ་དང༌། གཉིས་སུ་མེད་པ་ལ་ཆེ་བ་བརྗོད་པ་དང༌། མཁའ་ནས་བཏོན་ལ་དཀྱིལ་འཁོར་དུ་དགོད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད་དེ་ཡབ་ཡུམ་བཞུ་སྟེ་རྒྱུའི་ས་བོན་དུ་གྱུར་པ་དང༌། དེ་ལས་ཡབ་ཡུམ་དུ་བསྐྱེད་པ་དང༌། ཡབ་ཀྱི་རྟོག་ཚོགས་ལས་ཡི་གེ་བསྐྱེད་པ་དང༌། ཡུམ་ལས་འོད་སྤྲོ་ཞིང་ལྷ་ལ་གསོལ་བ་གདབ་པ་དང༌། དཀྱིལ་འཁོར་ཐམས་ཅད་བདག་ཡབ་ཡུམ་ལ་བསྟིམས་པས་ཡེ་ཤེས་པར་ང་རྒྱལ་བསྐྱེད་པ་དང༌། ཡབ་ཡུམ་སྦྱོར་བ་བྱ་ཞིང་མཁའ་རུ་དཀྱིལ་འཁོར་བསྐྱེད་པ་དང༌། བདག་གི་རྟོག་པ་ཞེ་གཉིས་ལྷར་གྱུར་ཏེ་ཕྱིར་གདོན་པ་དང༌། ཡེ་ཤེས་པ་སྤྱན་དྲང་ཞིང་རྒྱས་གདབ་པ་ལ་སོགས་པའོ།།འདིར་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་དང་བསྟུན་ན། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་རྗེས། འདི་ལྟར་སྒོ་ང་ལས་སྐྱེ་བ་རྣམས་ལན་གཉིས་སུ་སྐྱེ་བ་ལྟར་རང་ཉིད་སྐད་ཅིག་གིས་གཙོ་བོ་ཡབ་ཡུམ་དུ་གསལ་བཏབ་ལ། མདུན་མཁར་བསྒོམ་བྱའི་དཀྱིལ་འཁོར་སྤྱན་དྲངས། མཆོད་པ་སྟོད་གསོལ་གདབ། རྒྱུན་བཤགས་ལ་སོགས་བྱས་རྗེས་སླར་ཡང་བཛྲ་མུས་སྟོང་པའི་ངང་


JLAZ011_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཉམ་པར་གཞག་པ་ཙམ་ཁྱད་པར་གྱི་ཆོས་སུ་ངེས་པར་བྱས་ནས། ཐུན་མོང་དུ་མངལ་སྐྱེས་སྦྱོང་བ་རྒྱས་པ་འབྲིང་གི་བསྐྱེད་རིམ་དང་སྦྱར་ན། འདི་དག་ནི་ཐབས་བསྐྱེད་པའི་རིམ་པ་གཙོ་ཆེ་བས། གླང་ཆེན་སྨྱོན་པ་རྒུན་ཆང་གིས་མྱོས་པ་ལ་འདུལ་ཐབས་རྒྱན་འདུལ་དང་ཁྲོམ་འདུལ་གཉིས་སུ་ཡོད་པ་ལྟར། བག་ཆགས་སྣ་ཚོགས་ལས་གྲུབ་པའི་རྟེན་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལུས་ཀྱི་མངོན་ཞེན་ལྷའི་རྣམ་པས་སྦྱོང་ཞིང་སེམས་ཉིད་ཡུལ་ལ་འཕྲོ་བ་དེ་བཞག་པའི་ཐབས་ཏིང་ངེ་འཛིན་ཟབ་མོའི་བརྟོད་ལ་བཟུང་ནས་དག་རྫོགས་སྨིན་གསུམ་གྱི་ངོ་བོར་སྦྱོར་བའང་འཁོར་བ་དང་རྣམ་པ་མཐུན་པས་སྲིད་པ་སྦྱོང་ཞིང་དག །མྱང་འདས་དང་བཞུགས་ཚུལ་མཐུན་པས་འབྲས་བུ་གཞི་ལ་རྫོགས། གཉིས་ཀ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ནི་སྤྱིའི་གོ་དོན་ལྷོངས་པ་ལ་གཅེས་པ་ཡིན་ནོ། །དེ་ལ་ཐོག་མར་འཇུག་པའི་སྒོ་ཏིང་ངེ་འཛིན་རྣམ་པ་གསུམ་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་ངོ་བོ་ནི། བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་སེམས་ཉིད་ཕོ་མོ་མ་ནིང་ཁ་དོག་བྱད་དབྱིབས་སོགས་དངོས་པོའི་མཐའ་ལ་མི་གནས་ཤིང༌། གཏན་


JLAZ011_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ཕྱོགས་སུ་མ་ལྷུང་བའི་རང་བཞིན་གྱི་འོད་གསལ་ཆོས་ཉིད་ཇི་ལྟར་ཡེ་ཤེས་དྲན་པར་བྱས་པས་འཆི་སྲིད་ཆོས་སྐུར་སྦྱོང་ཞིང་རྟག་པར་ལྟ་བ་དང་གཟུགས་མེད་ཁམས་དག་པར་བྱེད་པས་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ།། འོད་གསལ་སྟོང་པ་ཆེན་པོའི་དེའི་རང་མདངས་འགྲོ་བ་ཀུན་ལ་སྙོམས་པའི་སྙིང་རྗེ་ཆེན་པོར་ཟུང་དུ་འཇུག་པས་ཆད་པར་ལྟ་བ་དང་གཟུགས་ཀྱི་ཁམས་ལས་རྣམ་པར་གྲོལ་ཞིང༌། མཆེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རོལ་རྩལ་གྱིས་བར་དོའི་སྲིད་པ་ལོངས་སྐུར་རྫོགས་པའི་གཞི་འདིང་བས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཅེས་བྱའོ།།དེ་ལས་ཡི་གེ་ཨཿདང་ཧཱུྃ་དང་ཧྲཱིཿལ་སོགས་པ་རིག་པ་ཉིད་ཡི་གེར་སྣང་བས་རྒྱུའམ་རྩ་བའི་ཐབས་ཞེས་བྱ་སྟེ།གནས་སུ་འཇུག་ཀ་མའི་སྲིད་བཅས་ཀྱི་ཤེས་པ་དང་འདོད་ཁམས་སྦྱོང་ཞིང༌། སྐྱེ་བ་སྤྲུལ་པའི་སྐུ་ལྷ་སྐུར་སྨིན་བྱེད་རྒྱུའི་ཏིང་ངེ་འཛིན་ནོ།།དེ་ལྟ་བུའི་ཏིང་ངེ་འཛིན་གསུམ་གྱིས་བསྐྱེད་གཞིའི་ཁོག་ཕུབ་ནས་རྟེན་དང་བརྟེན་པའི་རང་བཞིན་ཇི་ལྟར་བསྐྱེད་པའི་ཚུལ་ལ་དཔལ་གསང་བའི་སྙིང་པོ་ལ་སོགས་པ་སྔ་འགྱུར་བསྐྱེད་རྫོགས་གསུམ་གྱི་རྒྱུད་སྡེ་ཆེན་པོ་དག་ཏུ་རྒྱུའམ་རྩ་བའི་ཐབས་དེ་ཉིད་ལས་གཞལ་ཡས་ཁང་


JLAZ011_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དང་བཅས་པ་གསལ་བ་གཞིའི་ཐབས། དེ་ལས་བརྟེན་པའི་དཀྱིལ་འཁོར་རྫོགས་པར་སྒོམ་པ་ཐབས་བསམ་ཡས་པ་ལ་སོགས་པའི་རྣམ་གཞག་ཡོད་པའང༌། རང་བཞིན་མ་དག་པའི་སྣོད་འོག་མིན་དུ་བྱིན་གྱིས་བརླབ་ཕྱིར་རྟེན་གཞལ་ཡས་ཁང་གི་རྣམ་པ་ནམ་མཁའ་མཐའ་ཀླས་སུ་སྒོམ་པར་མཐུན་ལ། དེའང་གཞི་ལམ་འབྲས་གསུམ་དང་དག་པ་སྦྱོར་བའི་ཇོ་བོ་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིན་པས། དེའི་རང་བཞིན་ཤིང་རྟ་ཆེན་པོར་ལེའུ་དགུ་པའི་འགྲེལ་པས་སྟོན་ཏོ། །འདིར་བརྟེན་པ་བསྐྱེད་པའི་རིམ་པ་གཙོ་ཆེ་བར་སྟོན་པས་རྡོ་རྗེའི་ལུས་གྲུབ་པའི་ཚུལ་དང་སྦྱང་གཞི་སྦྱོང་བྱེད་ཀྱི་བསྐྱེད་རིམ་སྦྱོར་ན། ཧེ་རུ་ཀ་གལ་པོར། དང་པོར་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་འགོད། །ཅེས་འཆི་སྲིད་བར་དོ་དང་བཅས་པ་སྟོང་ཉིད་བྱང་ཆུབ། དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་ཞུགས་པས་ས་བོན་བསྡུ་བ། རླུང་བཅུས་ལུས་རིམ་གྱིས་བསྐྱེད་ནས་གཟུགས་རྫོགས་པ། བཙས་ནས་དབང་པོ་ཡུལ་ལས་སད་པ་ནི་ཡི་གེ་འགོད་པ་ལ་སོགས་མངོན་བྱང་བཞིའི་བརྡ་ཁྱད་འཆད་ཀྱང༌། རིམ་


JLAZ011_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་པའི་དབང་དུ་རྒྱུད་སྡེ་སྤྱི་ཁྱབ་དང་བསྟུན་ནས་ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་གྱིས་བསྐྱེད་པ། མ་རྒྱུད་ལྟར་མངོན་བྱང་ལྔས་བསྐྱེད་པ། གཉིས་ཀ་ལ་སྦྱང་གཞི་སྦྱོང་བྱེད་ཀྱི་དག་པ་སྦྱར་ནས་འཆད་པའི་དང་པོ་ཆོ་ག་གསུམ་ནི། སྦྱོང་བྱེད་རྡོ་རྗེ་རྩེ་ལྔ་པ་ལ་སོགས་པའི་ཕྱག་མཚན་གྱི་རྣམ་པ་མངོན་དུ་བསྒོམས་པས་སྦྱང་བྱའི་ཡིད་ཐུགས་རྡོ་རྗེར་དག །ཕྱག་མཚན་དེ་ཉིད་སྦྱོང་བྱེད་ཡན་མན་གནས་འགྱུར་གྱི་ཚུལ་ལམ་ཧཱུྃ་ཡིག་ལ་སོགས་པས་མཚན་པར་བསྒོམས་པས་སྦྱང་གཞིའི་ངག་གསུང་རྡོ་རྗེར་རྫོགས། དེ་སྦྱོང་བྱེད་འོད་ཟེར་སྤྲོ་བསྡུའི་ཚོགས་དོན་གཉིས་བྱས་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་རྒྱན་དང་ཆ་ལུགས་རྣམ་པ་ཐམས་ཅད་རྫོགས་པར་བསྒོམས་པས་སྦྱང་གཞིའི་ལུས་རྡོ་རྗེར་སྨིན་པ་སྟེ་རྡོ་རྗེའི་ཆོ་ག་གསུམ། མངལ་སྐྱེས་དང་སྦྱར་ན་དང་པོས་མངལ་དུ་དཀར་དམར་ཚོགས་པ་ལ་བར་དོའི་རྣམ་ཤེས་ཞུགས་པ། གཉིས་པས་ཁུ་ཁྲག་སེམས་གསུམ་འདྲེས་ནས་མེར་མེར་པོ་ལ་སོགས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་བ། གསུམ་པས་འབྱུང་བ་བྱེར་སྡུད་ཀྱིས་ལུས་ཡོངས་སུ་གྲུབ་ཅིང་དབང་པོ་རྣམས་རྫོགས་ནས་ཕྱིར་བཙས་པ་སྦྱོང་ལ་འབྲས་བུའི་དུས་དེ་བཞིན་


JLAZ011_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམས་གང་འདུལ་གྱི་སྤྲུལ་པའི་སྐུར་བཞེངས་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པར་ལྷུམས་སུ་ཞུགས་པ་དང༌། བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་སྒྲིག་པ་ཡིན་ནོ། །གཉིས་པ་ལ། རྣལ་འབྱོར་རྒྱུད་དང་བསྟུན་ནས་ཕྱིའི་མངོན་བྱང་ལྔ། རྣལ་འབྱོར་ཆེན་པོ་དང་བསྟུན་ནས་ནང་གི་མངོན་བྱང་ལྔའི་རང་བཞིན་རྒྱུ་ལ་འབྲས་བུ་གྲུབ་པའི་ཚུལ་གྱིས་ལྟོ་སྦྱར་ནས་བཤད་ན། ཀློང་གསལ་ལས། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་བཅུ་ནི་ས་ཆུའི་ཚུལ། །སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་བར་དོ་ནས་ལུས་འཆོལ་བ་ཚོགས་ལམ། མངལ་དུ་ལུས་ལེན་པ་དངོས་ལ་སྦྱོར་བས་སྦྱོར་ལམ། མངལ་དུ་ཞུགས་པ་ནས་བཟུང་བྱང་ཆུབ་ལྔའི་རིམ་པ་མཐོང་སྒོམ་གྱི་ལམ་དུ་བཞག་སྟེ། ཟླ་བ་བཅུའི་ངོ་བོ་ས་བཅུར་མཚོན་ནས་མི་སློབ་པའི་ཟུང་འཇུག་རང་བཞིན་སྤྲུལ་པའི་སྐུར་འགྲུབ་ཚུལ་ལས། འདིར་སྐྱེ་གནས་རྣམ་པ་བཞིའི་རིམ་པ་དང་རྗེས་སུ་མཐུན་པར་དག་རྫོགས་སྨིན་གསུམ་གྱི་ངེས་པ་དང་སྦྱར་ན། མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི། སྦྱང་གཞི་གཟུགས་ཀྱི་ཕུང་པོ། ནམ་མཁའི་ཁམས། ལུས་


JLAZ011_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞིའི་རྣམ་ཤེས། ཉོམ་མོངས་པ་གཏི་མུག །མངལ་སྐྱེས་ཀྱི་ཕའི་ཁམས། དྲོད་གཤེར་སྐྱེས་ཀྱི་གཤེར། སྒོང་སྐྱེས་ཀྱི་ཕ། རྫུས་སྐྱེས་ཀྱི་སྟོང་པའི་ཆ་ལ་སོགས་པ་རྣམས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་དགའ་བ་བཅུ་དྲུག་ཡས་བབས་ཐབས་ཀྱི་རང་བཞིན་དུ་ཤར་བའི་ཡེ་ཤེས་དང་པོ་སེམས་སོ་སོར་རྟོགས་པའི་ངོ་བོར་རྫོགས་པའི་རྣམ་པ་ལམ་བྱེད་ཟླ་བའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་སྨིན་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་བོ།། མངོན་བྱང་གཉིས་པ་ཉི་མའི་དཀྱིལ་འཁོར་ནི། སྦྱང་གཞི་ཚོར་བའི་ཕུང་པོ་སའི་ཁམས། ཉོན་མོང་པ་ཅན་གྱི་ཡིད་དེ་སེར་སྣ་ང་རྒྱལ། མངལ་སྐྱེས་ཀྱི་མའི་ཁམས་དམར་པོ། སྒོང་སྐྱེས་ཀྱི་མའི་ཆ། དྲོད་གཤེར་སྐྱེས་ཀྱི་དྲོད། རྫུས་སྐྱེས་ཀྱི་གསལ་བའི་ཆ་རྣམས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་རྣམ་པར་བྱང་བའི་བདེ་སྟོང༌། ལྷན་ཅིག་སྐྱེས་པའི་ངོ་བོ་མས་བརྟན་ཤེས་རབ་ཀྱི་རང་བཞིན་གཟུགས་ལ་སོགས་པའི་ཕུང་པོ་ལྔ། འབྱུང་བཞིས་ཕྱེ་བའི་ཁམས་ཉི་ཤུ་པོ་ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔ་ཚད་མེད་


JLAZ011_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་ཕྱེ་བའི་ལམ་སྟོང་པ་ཉིད་ཉི་ཤུར་ཤར་བའི་ཡེ་ཤེས་གཉིས་པ་བྱང་ཆུབ་ཀྱི་སེམས་སུ་རྫོགས་པའི་རྣམ་པ་ལམ་བྱེད་ཉི་མའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམས་པས་འབྲས་བུའི་དུས་ན་དཔེ་བྱད་བཟང་པོ་བརྒྱད་ཅུའི་རང་བཞིན་དུ་སྨིན་ཞིང་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་གསུམ་པ་ས་བོན་ཕྱག་མཚན་དང་བཅས་པ་ནི། ཁུ་རྡུལ་གཉིས་ཀྱི་བར་དུ་དྲི་ཟ་ནེ་བར་ལེན་པའི་སེམས་བར་དོའི་རྣམ་ཤེས་ཞུགས་པ་དང༌། འདུ་ཤེས་ཀྱི་ཕུང་པོ་མེའི་ཁམས། ངག་ཡིད་ཀྱི་རྣམ་པར་ཤེས་པ། ཉོན་མོངས་པ་འདོད་ཆགས། སྐྱེ་གནས་བཞིར་འཇུག་པའི་བར་དོའི་རྣམ་ཤེས་རྣམས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་ལུགས་ལྡོག་ཏུ་དག་པའི་རྗེས་སུ་ལས་རླུང་དུས་སྦྱོར་དང་བཅས་པ་འགགས་པས་ཡེ་ཤེས་གསུམ་པ་བསྟན་པའི་རྡོ་རྗེར་རྫོགས་པའི་རྣམ་པ་ལམ་བྱེད་ས་བོན་ཕྱག་མཚན་ཀྱི་ཚུལ་དུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་ཆོས་ཐམས་ཅད་མ་འདྲེས་པར་རྟོགས་པའི་རང་བཞིན་དུ་སྨིན་ཞིང་སོ་སོར་རྟོག་པའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་བཞི་པ་ས་བོན་ཕྱག་མཚན་དང་བཅས་པ་རོ་གཅིག་


JLAZ011_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འདྲེས་པ་ནི་ཁུ་རྡུལ་སེམས་གསུམ་རོ་གཅིག་ཏུ་འདྲེས་པ་དང༌། འདུ་བྱེད་ཀྱི་ཕུང་པོ་རླུང་གི་ཁམས། བྱ་བ་སྒོ་ལྔའི་རྣམ་ཤེས། ཉོན་མོངས་པ་ཕྲག་དོག །སྐྱེ་གནས་བཞིར་འཇུག་པའི་མངལ་སྐྱེས་དང༌། སྒོང་སྐྱེས་ཀྱི་བར་དོའི་རྣམ་ཤེས་དང་ཁུ་ཁྲག་འདྲེས་པ། དྲོད་གཤེར་སྐྱེས་ཀྱི་རྣམ་ཤེས་དང་དྲོད་གཤེར་འདྲེས་པ། རྫུས་སྐྱེས་ཀྱི་གསལ་ལ་སྟོང་པ་ཙམ་དང་བར་སྲིད་འདྲེས་པའི་ཆ་རྣམས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་རླུང་གསུམ་གྱི་བྱེད་ལས་རྣམ་པར་དག་པ་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་དང༌། ཇི་སྙེད་པའི་ཡེ་ཤེས་བཞི་པ་ཤེས་བྱ་ཀུན་ལ་ཁྱབ་པ་རྡོ་རྗེའི་བདག་ཉིད་དུ་རྫོགས་པའི་རྣམ་པ་ལམ་བྱེད་འདྲེས་པའི་ངོ་བོ་འོད་ཀྱི་ཐིག་ལེའམ་གོང་བུ་གཅིག་ཏུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རོ་གཅིག་ཏུ་འདྲེས་པའི་བདག་ཉིད་དུ་སྨིན་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་ལྔ་པ་དེ་ལས་སྐུ་ཡོངས་སུ་རྫོགས་པ་ནི། མངལ་གྱི་གནས་སྐབས་ཡོངས་སུ་རྫོགས་ནས་ཕྱིར་བཙས་པ་དང༌། རྣམ་ཤེས་ཀྱི་ཕུང་པོ། ཆུའི་ཁམས། ཡིད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཉིད་དུ་འཛིན་པའི་ཆ།


JLAZ011_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ཞེ་སྡང༌། སྐྱེ་གནས་བཞིར་སྐྱེ་བ་ལེན་པའི་ལུས་ཀྱི་སྐྱེ་མཆེད་རྫོགས་པའི་གནས་སྐབས་རང་བཞིན་སྤྲུལ་པའི་སྐུར་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ཁུ་རྡུལ་རླུང་གསུམ་སེམས་དང་བཅས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་འབྲས་བུའི་རྡོ་རྗེ་འཛིན་པ་དང༌། རང་བཞིན་སངས་རྒྱས་རྣམས་ཀྱི་ཇི་ལྟ་བའི་ཡེ་ཤེས་རྣམ་པར་གྲོལ་བའི་འབྲས་བུ་ལྔ་པ་དེ་བཞིན་གཤེགས་པའི་བདག་ཉིད་རང་རྒྱུད་ལ་རྫོགས་པའི་རྣམ་པ་ལམ་བྱེད་ལྷའི་སྐུ་རྒྱན་དང་ཆ་ལུགས་རྫོགས་པར་བསྒོམས་པས། འབྲས་བུའི་དུས་ན་སྒྲིབ་པ་ཐམས་ཅད་བྲལ་བའི་ཡེ་ཤེས་དབྱིངས་དང་རང་བཞིན་དབྱེར་མེད་པའི་བདག་ཉིད་དུ་སྨིན་ཞིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པ་སྟེ། རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཅེས་སོ། །དེ་ལྟར་སྐྱེ་གནས་བཞིའི་རིམ་པ་དང་སྦྱར་ནས་བསྐྱེད་རིམ་སྒོམ་ཚུལ་བཞིར་བྱ་བ་ཡང་རང་རང་གི་བག་ཆགས་དང་གོམས་སྟོབས་ཆེ་


JLAZ011_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་གཙོ་བོར་སྦྱར་བར་བྱ་སྟེ། རྒྱལ་བའི་དབང་པོ་ཀློང་ཆེན་པས། དེ་ལྟར་སྒོམ་ཚུལ་རྣམ་པ་བཞི་ཉིད་ཀྱང༌། །གཙོ་བོར་སྐྱེ་བ་གང་བསྡུས་དེས་བསྒོམ་ལ། །བག་ཆགས་སྦྱོང་ཕྱིར་ཀུན་གྱིས་དེ་བཞིན་སྒོམ། །ཁྱད་པར་ལས་དང་པོ་ཡིས་སྒོང་སྐྱེས་བཞིན། །ཅུང་ཟད་བརྟན་པས་མངལ་སྐྱེས་བཞིན་སྒོམ་ལ།།བརྟན་པ་ཆེ་བས་དྲོད་གཤེར་སྐྱེས་བཞིན་སྒོམ། །ཤིན་ཏུ་གོམས་པས་ཡང་དག་བརྟན་པ་ཡིས། །རྫུས་སྐྱེས་བཞིན་དུ་སྐད་ཅིག་དཀྲོང་བསྐྱེད་བྱ། ། ཅེས་གསུངས་པ་བཞིན་ནོ།།གཉིས་པ་རྐྱེན་མ་འཁྲུལ་པ་ཇི་ལྟར་སྒོམ་པའི་ལམ་ལ་གཉིས། དབང་པོའི་རིམ་པ་དང་བསྟུན་ནས་ལམ་མས་སྦྱངས་ཀྱི་ཚུལ་དུ་རྒྱས་པར་བཀྲལ་ཏེ་བཤད་པ་དང༌། བསྙེན་སྒྲུབ་ཡན་ལག་བཞིའི་ཁོག་ཏུ་ལམ་གྱི་འབྲས་བུས་རིག་འཛིན་བཞིའི་གོ་འཕང་ལ་སྦྱོར་ཚུལ་ས་ཆོད་ལྟར་བཤད་པའོ། །དང་པོ་ལ་བདུན།ལྷ་ལ་སེམས་བཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དབྲལ་བ། ལྷ་ལམ་དུ་བླང་ཚུལ། ལྷ་རང་སེམས་དང་བསྲེ་བ། ལྷ་དོན་ལ་སྦྱར་བ། སྤྱོད་ཡུལ་ལམ་དུ་ཁྱེར་བའོ།།དང་པོ་ལྷ་ལ་སེམས་བཟུང་བ་ནི། བློ་ཆེན་པོས་ཐོག་མ་ཉིད་ནས་སྐུའི་རྣམ་འགྱུར་རྒྱན་དང་བཅས་པ་མ་འདྲེས་ཡོངས་སུ་རྫོགས་པར་བཀྲ་


JLAZ011_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱིས་གསལ་ལ། དེ་ཡང་རང་བཞིན་ཇི་ལྟ་བུའི་དངོས་པོ་ངོས་བཟུང་ལས་འདས་པའི་བསྐྱེད་རྫོགས་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ་རྣམ་པ་གསལ་བཞིན་དུ་ངོ་བོས་སྟོང། ཆོས་ཉིད་སྟོང་བཞིན་དུ་རང་བཞིན་སྤྱན་གྱི་དཀར་ནག་ཚུན་ཕྱེད་པའི་གསལ་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་འཛིན་ཞེན་དང་བྲལ་བར་རྩལ་སྦྱང༌། བློ་འབྲིང་རྣམས་ཀྱིས་དང་པོར་སྐུ་ཡོངས་སུ་རྫོགས་པའི་རྣམ་འགྱུར་ཝལ་གྱིས་སྒོམ། དེ་ནས་དབུའི་རྣམ་པ་གསལ་བར་སྒོམ། དེ་བརྟན་ནས་རིམ་བཞིན་ཕྱག་གཡས། ཕྱག་གཡོན། སྐུ་སྐེད་ཡན། ཞབས་གཡས་གཡོན། སྐུ་ཡོངས་རྫོགས་གདན་དང་བཅས་པ་རྫོགས་པར་བསྒོམས་ལ། དེ་ཡང་རྣམ་པ་གསལ་བ་སྒྱུ་མ་ལྟ་བུའི་བསྐྱེད་རིམ་ལ་སློབ་པས་ཆད་ལྟར་མི་གོལ་ཞིང༌། སྐྱོ་བའི་ཚེ་རྣམ་དག་དྲན་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོར་རྩལ་སྦྱངས་པས་རྟག་ལྟར་མི་གོལ་བའི་གནད་དོ། །དེ་ལྟར་གསལ་དཀའ་བའི་བློ་ཆུང་ལས་དང་པོ་པ་རྣམས་ཀྱིས་མ་གོམས་བར་ལ་རྟག་པའི་སྐུར་རྩལ་སྦྱང་བ་སྟེ། བཟོ་བོ་མཁས་པས་ཡི་དམ་གྱི་སྐུ་རས་བྲིས་སམ། ལྡེར་བཟོ་ལ་སོགས་པ་སྐྱེ་མཆེད་དོད་པར་བྱས་ཤིང་རབ་གནས་དང་


JLAZ011_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་མདུན་དུ་བཞག་པ་ལ། དྲན་པ་རྒྱུ་བའི་ཡན་ལག་ཅེས་ཆེད་དུ་མི་སྒོམ་པར་དབུ་ནས་ཞབས་ཀྱི་བར་ལ་མིག་མི་འཛུམ་པར་ཅེ་རེ་བལྟས་པས། དང་པོར་འདུ་བྱེད་ཀྱི་རྟོག་ཚོགས་མང་པོ་ལང་ལོང་དུ་འགྱུ་སྟེ་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་ཞེས་བྱའོ། །དེ་ལས་ཅི་ཞིག་ན་རྣམ་འགྱུར་ཇི་ལྟ་བའི་བག་ཆགས་བརྟས་པ་ལས་མིག་བཙུམ་ཡང་ཡིད་ཡུལ་དུ་བཀྲ་གསལ་གྱིས་འཆར་བར་འབྱུང་ངོ༌། །དེ་ནི་ཐོབ་པའི་ཉམས་ཞེས་བྱ་སྟེ་དཔེར་ན་རྐུན་པོས་སྣོད་ཀྱིས་བསྟུམས་པའི་བདོག་པ་ཐོབ་པ་དང་མཚུངས་ཏེ། རང་བཞིན་ཇི་བཞིན་པ་མངོན་དུ་མི་ཤེས་པ་དང་འདྲའོ། །དེ་ལྟར་གསལ་བ་དེས་ཐ་མལ་གྱི་སྣང་ཞེན་ལ་རྒྱས་བཏབ་སྟེ་བྲིས་སྐུ་ལྟ་བུའི་ལེབ་ལ་བཅར་བཅར་བ་དང་འབུར་མ་ལྟ་བུའི་ལྡིར་ལྡིར་བོ་ཐོགས་བཅས་ཅན་མ་ཡིན་ལ། ཤ་རུས་དང་ནང་ཁྲོལ་ལ་སོགས་པའི་རྡོས་པ་ཐམས་ཅད་དང་བྲལ་བའི་སྣང་སྟོང་སྒྱུ་མའི་སྐུ་ཤེལ་བུམ་དྲི་མེད་དམ། འཇའ་ཚོན་ལྟ་བུ་ཕྱི་ནང་ཟང་ཐལ་གསལ་འཚེར་བཀྲག་མདངས་དང་ལྡན་པ་མེ་ལོང་ལ་གཟུགས་བརྙན་ཤར་བའི་དཔེས་མཚོན་པར་རྩལ་སྦྱོང་ཞིང༌། དེ་ཡང་དང་པོར་དམིགས་རྟེན་གྱི་སྐུ་ལ་བལྟ་ཡུན་རིང་བར་བྱ།


JLAZ011_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཡུན་ཐུང་བར་བྱེད། ཅུང་ཟད་གསལ་ནས་བལྟ་ཡུན་ཇེ་ཐུང༌། སྒོམ་ཡུན་ཇེ་རིང་ལ་བསླབ་བོ། །གཉིས་པ་ནི། དེའི་ཚེ་དམིགས་པ་བརྗེད་པ་དང༌། ལེ་ལོ་དང༌། མ་གྲུབ་ཀྱིས་དོགས་པ་དང༌། བྱིང་བ་དང༌། རྒོད་པ་དང༌། ལྷ་གསལ་བཞིན་དུ་ཆོག་མི་ཤེས་པའི་རྩོལ་བ་དང༌། མི་གསལ་ཀྱང་བཏང་སྙོམས་སུ་འཇོག་པའི་མི་རྩོལ་བ་སྟེ་སྤྱིའི་སྐྱོན་བདུན།རབ་རིབ་དང༌། མོག་མོག་དང༌། གྲིབ་མ་ལྟ་བུའམ་མུན་པ་ཅན། སྐུའི་ཚད་འགྱུར་བ། ཆ་ལུགས་འགྱུར་བ། དབྱིབས་འགྱུར་བ། གྲངས་འགྱུར་བ། བཞུགས་ཚུལ་འགྱུར་བ། ཁ་དོག་འབའ་ཞིག་སྣང་བ། དབྱིབས་འབའ་ཞིག་སྣང་བ། རིམ་པར་ནུབ་པ། རྣམ་འགྱུར་མ་རྫོགས་པ་སྟེ་འགྱུར་བའི་སྐྱོན་བཅུ་གཉིས་རྣམས་ཀྱི་གཉེན་པོར། བརྗེད་པ་ལ་དྲན་པ་བརྟེན། ལེ་ལོར་དད་པ་དང་བརྩོན་འགྲུས་བརྩམ། དོགས་པར་དབྱིངས་ལ་གཏད། བྱིང་ན་སེང་ཞིང་བསིལ་བ་བརྟེན། རྒོད་ན་སྐྱོ་ཤས་བསྐྱེད་ཅིང་ལྟ་སྟངས་སྨད། རྩོལ་བ་ལ་བློ་ལྷོད། མི་རྩོལ་ན་བརྩོན་འགྲུས་བརྩམ། དེ་བཞིན་དུ་རབ་རིབ་དང༌། མོག་མོག་གྲིབ་མ་ཅན་གསུམ་ལ་འཇའ་ཤེལ་ལ་སོགས་པ་མིག་ལ་བཀབ་


JLAZ011_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དམིགས་རྟེན་ལ་བལྟ་ཞིང་དབྱིབས་ལ་དཔྱད། སེམས་ལ་སྒོམ། སྐུའི་ཚད། ཆ་ལུགས། བཞུགས་ཚུལ། དབྱིབས་འགྱུར་བ་བཞི་ལ་སྐུ་དེ་རྡོས་པའི་རྣམ་པ་ཤིན་ཏུ་ཆེ་བ། ཡན་ལག་དང་ཉིང་ལག་ལ་རི་དྭགས་རྩེ་ཞིང༌། སྣ་བུག་ནས་ཕུག་རོན་འབྱུང་འཇུག་བྱེད་པ་ལ་སོགས་པར་སྒོམ་ཞིང་ཁྱད་པར་དུ་ཞི་བ་ལ་ཚུལ་དགུ་དང་ལྡན་པའི་རང་བཞིན་གསལ་བས་ལྡོག་སྟེ། རྔམ་གློག་ལས། དེ་ལྟའི་སྐུ་མཆོག་རེ་རེ་ལ། །ཚུལ་དགུ་དག་དང་ལྡན་པ་སྟེ། །མཉེན་དང་ལྕུག་དང་འཁྲིལ་བག་དང༌། །ལྡེམ་བག་ཆགས་དང་གཞོན་ཆུལ་ཅན། །གསལ་དང་འཚེར་དང་ལྷུན་སྡུག་དང༌།།གཟི་བྱིན་འབར་བར་རབ་ཏུ་གནས། །ཞེས་པ་ལྟར་རོ། །ཁྲོ་བོ་ལ་གར་གྱི་ཉམས་དགུ་དང་ལྡན་པར་སྒོམ་སྟེ། གལ་པོ་ལས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཚུལ་གྱིས་བསྒྱིངས་པའོ། །ཞེས་སོ། །གྲངས་འགྱུར་བ་ལ་སྒྱུ་འཕྲུལ་བླ་མ་ལས། ལྷ་ཚོགས་འཕྲོ་འདུ་མང་པོ་ཡང༌། །སེམས་ཀྱི་ཆོ་འཕྲུལ་ཆེན་པོའི་ངང༌། །ཞེས་པས་གཙོ་བོ་གཅིག་པུའི་ཆོ་འཕྲུལ་ལས་འཁོར་གྱི་རྣམ་པར་ཤར་བའི་རང་བཞིན་དྲན་པས་


JLAZ011_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་སྦྱང༌། ཁ་དོག་འབའ་ཞིག་ཏུ་སྣང་བ་ལ་དབྱིབས་གསལ། དབྱིབས་འབའ་ཞིག་ཏུ་སྣང་བ་ལ་ཁ་དོག་སྣ་ཚོགས་པར་སྤྲོ། རིམ་པར་ནུབ་པ་ལ་ཞལ་ཕྱག་ཤིན་ཏུ་རགས་པར་སྒོམ། མ་རྫོགས་པ་ལ་གང་མ་རྫོགས་པའི་ཆ་ནས་ཆེད་དུ་གསལ་ལོ། །གསུམ་པ་ནི་དེ་དག་གི་བར་སྐབས་སུ་ལྷ་དབྲལ་བ་ཞེས་བྱ་སྟེ་ངལ་གསོའི་དབུགས་འབྱིན་པའི་ཕྱིར་མི་རྟོག་པ་ལ་མཉམ་པར་འཇོག་པ་དང་ལྷ་སྒོམ་པ་སྤེལ་མར་བྱ། ལྷ་སྐྱོན་མེད་དུ་གསལ་ནས་ལྷ་དང་མི་རྟོག་པ་ཕྲལ་ནས་ལྷ་ཁོ་ན་སྒོམ་མོ། །བཞི་པ་ནི། དེ་ལྟར་འབྱོངས་ནས་ལྷ་ལམ་དུ་སློང་བའམ་རྩལ་སྦྱང་ཐབས་ནི། ལྷ་དེ་ལངས་པར་སྒོམ། འདུག་པར་སྒོམ། ཉལ་བར་སྒོམ། སྤྱི་ཚུགས་སུ་སྒོམ། གན་རྐྱལ་དུ་སྒོམ། ཁ་བུབ་ཏུ་སྒོམ། ཐག་རིང་པོར་སྒོམ། ཉེ་བར་སྒོམ། རི་བོའི་ཁོང་སེང་དུ་སྒོམ། རྒྱ་མཚོའི་གཏིང་དུ་སྒོམ། ཤིན་ཏུ་ཆེ་བ་རི་རབ་ཙམ་དུ་སྒོམ། ཤིན་ཏུ་ཆུང་བ་རྡུལ་ཕྲན་ཙམ་དུ་སྒོམ། དེ་ལྟར་གང་དུ་སྒོམ་ཡང་བཏུབ་ན་གོམས་པའི་ཉམས་ཆུ་ཀླུང་ལྟ་བུ་ཞེས་བྱ་སྟེ་ལྷ་ལམ་དུ་བསླངས་པའོ། །ལྔ་པ་ནི། དེ་ནས་ལྷ་ལ་བསྲེ་བ་ཞེས་བྱ་སྟེ་བསྒོམ་བྱ་དང་སྒོམ་བྱེད་ཀྱི་གཉིས་སུ་འཛིན་པ་སྤང་ཕྱིར་ལྷའི་


JLAZ011_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རང་སེམས་དང་དབྱེར་མེད་དུ་བསྲེས་ཏེ་བསྒོམས་པས་རྟོག་པ་གང་གིས་ཀྱང་བར་དུ་མ་ཆོད་པར་སྐུ་ཡོངས་སུ་རྫོགས་པ་ལ་ཇི་ཙམ་གནས་འདོད་པ་དེ་སྲིད་དུ་སྡོད་པ་ནི་བརྟན་པའི་ཉམས་རི་རབ་ལྟ་བུ་ཞེས་བྱའོ། །དེ་ལས་ཀྱང་བ་སྤུའི་བུ་ག་དང་སྤྱན་གྱི་དཀར་ནག་ཚུན་ཆོད་གསལ་ཞིང༌། ཡུལ་རྐྱེན་གང་གིས་ཀྱང་མི་འཕྲོག་པར་ཉིན་མཚན་ཀུན་ཏུ་དཀྱིལ་འཁོར་གང་གི་དབང་ཕྱུག་ཆེན་པོར་རྩལ་རྫོགས་ནས་གསལ་བའི་ཚད། གསལ་ལེ། སང་ངེ༌། ལྷག་གེ །ལྷང་ངེ་བ་བཞི་དང༌། བརྟན་པའི་ཚད་མི་གཡོ།མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་བཞི་སྟེ། གསལ་བརྟན་གྱི་ཚད་བརྒྱད་ཐོབ་ནས་མཐར་ཕྱིན་པའི་ཉམས་ཞེས་བྱ་སྟེ་སྣང་བ་ལྷའི་དཀྱིལ་འཁོར་དང་འདྲེས་པ་ཡིན་ནོ། །དྲུག་པ་ནི། དེ་ལྟར་འདྲེས་པ་གཅིག་པུས་ཀྱང་མི་ཆོག་པར་ལྷ་དོན་ལ་སྦྱར་བའི་ཕྱིར་རང་གི་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་དང་བཅས་པ་ལྷའི་སྐུ་དང་ཡེ་ཤེས་སུ་ཤར་བ་ལ། དེ་ཡང་རིག་པ་བྱང་ཆུབ་ཀྱི་སེམས་ལྷ་སྐུའི་འབྲས་བུར་གདོད་ནས་དུ་མ་རོ་གཅིག་ཏུ་སྨིན་པའི་བསྐྱེད་རྫོགས་དབྱེར་མེད་ཡེ་ཤེས་ཆེན་པོའི་སྐུར་ལ་མ་ཟློས་ན་བསྐྱེད་རིམ་རང་རྒྱུད་དུ་སྤྱད་པའི་བག་ཆགས་བརྟས་པ་


JLAZ011_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ནི་རུ་ཏྲ་དང་སྲིན་པོའི་གོ་འཕང་ཙམ་ལས་རྣམ་པར་གྲོལ་བའི་ལམ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་སྲོག་སྡོམ་གཟེར་བཞིའི་མན་ངག་གཅེས་པར་བསྟན་ཏེ་གསང་རྫོགས་ཀྱི་རྒྱུད་ལེའུ་སོ་དགུ་པ་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང༌། །སྲོག་སྡོམ་གཟེར་བཞིའི་མ་ཐེབས་ན། །ནམ་ཡང་དོན་མེད་ཡུགས་ས་རྐྱང༌། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས།། གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དེ་ཕྱིར་སྲོག་སྡོམ་གཟེར་བཞི་གཅེས། །ཞེས་པ་ལྟར་ལས། ཏིང་ངེ་འཛིན་གྱི་གཟེར་ནི་དམིགས་རྟེན་སོགས་ལྟའི་རྣམ་པ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས་ལུས་ཐ་མལ་དུ་འཛིན་པའི་མངོན་ཞེན་ལྷའི་སྐུར་རྫོགས་པ་སྟེ། རྒྱུད་ལས། ཏིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་བཟུང་ཡེངས་མི་བྱ། །ཡུལ་གསུམ་གྱད་དུ་གྱུར་པ་དང༌། །དཔལ་ཆེན་ཧེ་རུ་དངོས་དང་མཇལ། །ལྡོག་པ་ཧེ་རུ་ཀས་མི་སྤྱོད། །ཏིང་འཛིན་མི་འགྱུར་གཟེར་མེད་ན། །སྐུ་ནི་ནམ་ཡང་མཐོང་མི་འགྱུར། །ཞེས་སོ། །


JLAZ011_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡུལ་གསུམ་གྱད་དུ་གྱུར་ཚུལ་ནི། །དང་པོ་བསམ་པའི་ཡུལ་ལ་གསལ། །དེ་ནས་མཐོང་བའི་ཡུལ་ལ་གསལ། །དེ་ནས་རེག་པའི་ཡུལ་ལ་གསལ་བས་སེམས་ལྷ་སྐུར་སྨིན་པའི་ལྷ་དང་ལྷ་ཕྲད་པ་ལ་གསལ་བ་གྱད་དུ་གྱུར་པ་ཞེས་བྱ་བ་སྟེ་དཔལ་ཆེན་ཞལ་ལུང་ལས། ཡེཤེས་ལྷ་ཡི་ཕྱག་རྒྱ་ཀུན། །དང་པོ་ཡིད་ཀྱི་ཡུལ་དུ་གསལ། །དེ་ཡི་དངོས་སྣང་མཐུ་བརྟས་ཤིང༌། །སེམས་ཉིད་ཤིན་ཏུ་སྦྱངས་པའི་མཐུས། །རང་བཞིན་དབང་པོའི་ཡུལ་དུ་གསལ། །མཐར་ནི་བདེན་གཉིས་དབྱེར་མེད་ཀྱི། །ལུས་སེམས་ཤིན་སྦྱངས་ཐོབ་པའི་ལྷ། །ལུས་ཀྱི་ཡུལ་དུ་མངོན་སུམ་གསལ། །ཡུལ་གསུམ་གྱད་དུ་གྱུར་པ་ལས། །མ་དག་ལུས་ཀྱི་དངོས་སྣང་ཆོམས། །ཞེས་སོ། །དེ་བཞིན་དུ་སྙིང་པོ་སྔགས་ཀྱི་གཟེར་ནི་ཐུགས་སྲོག་ལ་རྩ་སྔགས་འཁོར་བ་དང་དོ་ལི་ལ་འདུན་པ་གཅིག་ཏུ་གཞུར་ཏེ་རིག་པ་བགྲངས་བས་འབྱུང་འཇུག་གནས་གསུམ་གསུང་གི་ངོ་བོར་དག་པ་སྟེ། རྒྱུད་ལས། སྙིང་པོ་སྔགས་གཟེར་ཡོངས་རྫོགས་ཀྱི། །གཙོ་བོའི་སྔགས་དག་སེལ་མེད་བཟླས། །ཐུགས་སྲོག་ཧཱུྃ་ལ་རྩ་སྔགས་འཁོར། །གསལ་བའི་འཕྲོ་འདུ་སྲོག་སྔགས་བགྲངས། །དེ་ཚེ་དཔལ་འབྱོར་ལུང་ཡང་སྟོན། །ནུས་པའི་རྩལ་རྫོགས་ལྷ་རྣམས་


JLAZ011_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། །སྲོག་སྙིང་བསྙེན་རྫོགས་གཟེར་མེད་ན། །ལྷ་དང་དམ་ཅན་ཁུག་མི་སྲིད། །ཅེས་སོ། །དགོངས་པ་མི་འགྱུར་བའི་གཟེར་ནི་དཔལ་ཆེན་པོ་ལ་སོགས་པ་ཞི་ཁྲོའི་ལྷ་ཅི་ལྟར་སྒྲུབ་ཀྱང་དེ་ཉིད་རང་སེམས་ལས་གུད་ན་མེད་པར་རྟོགས་པས་ལྷ་དང་ཆོས་ཉིད་རོ་མཉམ་ཆེན་པོར་བཅུད་དུ་སྨིན་པ་སྟེ། རྒྱུད་ལས། དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ། །ཡོངས་རྫོགས་དཔལ་ཆེན་རང་སེམས་ལས། །གུད་ན་མེད་ཅིང་རུ་ཏྲ་ཡང༌། །ལོགས་ན་མེད་དོ་རང་གི་སེམས། །སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ། །གསལ་ལ་མ་འདྲེས་ལོངས་སྤྱོད་རྫོགས། །སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ། །སྣང་བ་ཡབ་ལ་སྟོང་པ་ཡུམ། །སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ། །འགྱུ་དྲན་རྣམ་རྟོག་བསམ་ཡས་ཀྱང༌། །ཡོངས་སུ་རྫོགས་པ་དཔལ་གྱི་འཁོར། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །རང་བཞིན་ཉིད་ལས་གཡོས་པ་མེད། །དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་འགྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རུ་ཏྲར་གོལ། །ཞེས་སོ། །འཕྲོ་འདུའི་གཟེར་ནི་རྣམ་བཞིའི་ཕྲིན་ལས་ཐམས་ཅད་ལ་རང་དབང་དུ་བྱེད་པའི་ཆོ་འཕྲུལ་ཆེན་པོ་བཞུ་བརྟུལ་གྱི་ལས་ལ་ཚལ་དཀར་གཅེས་པ་


JLAZ011_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཡིན་ཏེ། རྒྱུད་ལས། འཕྲོ་འདུའི་གཟེར་ནི་དམིགས་པ་ཡིས། །བསྒྱུར་ཁ་ཤེས་ན་འདོད་དགུར་འགྱུར།།ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས། །སེམས་ཀྱི་ནུས་པ་རྩལ་རྫོགས་ཏེ། །གང་ལྟར་བསམ་པ་དེ་ལྟར་སྣང༌། །སྔགས་དང་ཕྱག་རྒྱ་བྱིན་རླབས་མཐུས། །ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །ཕན་གནོད་ལས་ཀ་གང་ཡང་འགྲུབ། །དཔེར་ན་ནོར་བུ་གཅིག་ཉིད་ལ། །གསོལ་མཆོད་རྐྱེན་གྱི་བྱེ་བྲག་ཏུ། ཇི་ལྟར་འདོད་པས་སོ་སོར་བསྐངས། །འཕྲོ་འདུ་སྣ་ཚོགས་གཟེར་མེད་ན། །དམིགས་གཏད་གཅིག་ལས་དོན་མི་འགྲུབ། །འཕྲོ་འདུ་ལས་ཁ་བསྒྱུར་ཤེས་ན། །ཐེ་བྲང་ཐ་ཆུང་གཅིག་གིས་ཀྱང་། །ཕྲིན་ལས་ཐོགས་མེད་ལས་ཀུན་འགྲུབ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །ཞེས་གསུངས་པ་ལྟར་གཟེར་བཞིའི་མན་ངག་གནད་དུ་ཚུད་པས་སྐུ་དངོས་སུ་མཐོང་སྟེ་སྐུའི་སྲོག་འཕྲོག །ངག་ལ་བདེན་པ་འགྲུབ་པས་གསུང་གི་སྲོག་འཕྲོག །ཆོས་ཉིད་ལ་རང་དབང་ཐོབ་པས་ཐུགས་ཀྱི་སྲོག་འཕྲོག །བདེ་གཤེགས་ཞི་ཁྲོའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དུ་མ་རོ་གཅིག་ཏུ་འདྲེས་པས་འཁོར་འདས་ཀུན་ལ་སྟོང་སྲོག་ཐོབ། ཡེ་ཤེས་ཀྱི་རྩལ་འབྱོངས་ཤིང་ཕྲིན་ལས་སྣ་ཚོགས་ལ་


JLAZ011_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་བསྒྱུར་བ་ཡིན་ནོ། །བདུན་པ་ལ་གཉིས། ཤེས་པར་བྱ་བ་བཅུ་དང་དམ་ཚིག་གི་གནས་དྲུག་ལས། དང་པོ་ནི། འདི་སྐད་སྒྱུ་མ་སྨིག་རྒྱུ་ཞེས་པ་ནས། ཤེས་བྱ་བཅུ་ཚུལ་གསང་སྔགས་ཉམས་སུ་བླངས། །ཞེས་མཉམ་གཞག་ཏུ་ལྷའི་འཁོར་ལོ་དང༌། རྗེས་ཐོབ་ཐམས་ཅད་གསང་སྔགས་ཤེས་བྱ་བཅུའི་སྒོ་ནས་ཉམས་སུ་བླང་བར་བསྟན་ཏེ། འདི་ལྟར་སྒྲུབ་ཐབས་ཐམས་ཅད་སྒྱུ་མ་ལྟར་ཤེས་པར་བྱའོ། །མིང་ཚིག་ཐམས་ཅད་སྨིག་རྒྱུས་རི་དྭགས་འབྲིད་པ་ལྟར་སྙིང་བོ་མེད་པར་ཤེས་པར་བྱའོ། །སྦྱོར་ལམ་ཐམས་ཅད་རྨི་ལམ་ལྟར་ཤེས་པར་བྱའོ།།དངོས་པོ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་རང་བཞིན་མེད་པར་ཤེས་པར་བྱའོ། །གནས་ཡུལ་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟར་ཤེས་པར་བྱའོ། །སྒྲ་ཐམས་ཅད་བྲག་ཆ་ལྟར་ངོ་བོས་སྟོང་པར་ཤེས་པར་བྱའོ། །ལྷ་སྐུ་ཐམས་ཅད་ཆུ་ནང་གི་ཟླ་བ་ལྟར་སྣང་ལ་རང་བཞིན་དུ་མ་གྲུབ་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་རྣམས་ཆུ་ལས་ཆུ་བུར་རྡོལ་བ་ལྟར་ཤེས་པར་བྱའོ། །འཕྲོ་འདུ་ཐམས་ཅད་མིག་ཡོར་ལྟར་སྣ་ཚོགས་སུ་འགྱུར་བར་ཤེས་པར་བྱའོ། །ཆོ་འཕྲུལ་ཐམས་ཅད་སྤྲུལ་པ་ལྟར་རྣམ་པ་སྣ་ཚོགས་མཚན་ཉིད་མེད་པར་


JLAZ011_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་སྟེ་ཤེས་བྱ་བཅུའོ། །གཉིས་པ་ནི། མན་ངག་སྟོན་པའི་བླ་མ་ལ་གདུང་བ་མི་བཅད་པ་དང༌།ཏིང་ངེ་འཛིན་གྱི་མཐུན་ཕྱོགས་རྣམས་བསྒྲུབ་པ་དང༌། མི་མཐུན་ཕྱོགས་འདོར་བ་དང་། སྤྱོད་ལམ་ཀུན་ཏུ་ཏིང་ངེ་འཛིན་ཡལ་བར་མི་བཏང་བ་དང༌། ཡི་དམ་མི་སྤང་བ་དང༌། སྒོམ་པའི་དོན་དང་སྤྱོད་པ་སྣོད་མ་ཡིན་པ་ལ་གསང་བ་དང་དྲུག་གོ །གཉིས་པ་བསྙེན་སྒྲུབ་ཡན་ལག་བཞིའི་སྒྲོམ་དུ་རིག་འཛིན་རྣམ་པ་བཞིའི་གོ་འཕང་ལ་སྦྱོར་བའི་ལམ་ཐུན་མོང་མ་ཡིན་པ་ལྟར་བཤད་པ་ལ་བཞི་ལས། དང་པོ་ནི། དེ་ལྟར་བཤད་མ་ཐག་པ་བསྙེན་པའི་ཡན་ལག་ཏུ་ཕྲ་མོའི་ཏིང་ངེ་འཛིན་ཕྱག་རྒྱ་གཅིག་པ་ལ་སོགས་ཡུལ་གསུམ་གསལ་བ་ལ་བློ་བཞག་སྟེ་བསྒོམས་པས་ཚོགས་དང་སྦྱོར་བའི་ལམ་གྱི་ཡོན་ཏན་མངོན་དུ་སྣང་བ་སྟེ། འདི་ལྟར་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས། ཤེས་བྱའི་ཉམས་སུ་འབྱུང་བ་ལྔའི་རླུང་རྣམས་རིམ་གྱིས་དབུ་མར་ཞུགས་པའི་རྟགས་དུ་བ་དང༌། སྲིན་བུ་མེ་ཁྱེར་དང༌། སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་སྟེ། འདི་དག་ནི་ཉམས་ཀྱི་སྣང་བ་མཆེད་པའི་རྟགས་སུ་ཤེས་པར་བྱའོ། །དེ་བཞིན་དུ་རྨི་ལྟས་ལ། རྟག་པར་གཅེར་བུར་ཕྱུང་པ་བག་ཆགས་བྱང་བའི་


JLAZ011_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང༌། ནམ་མཁའི་སྐས་ལ་འཛེགས་པས་ཐོབ་པའི་རྟགས་དང༌། སེང་གེ་དང༌། གླང་པོ་ཆེ་ལ་ཞོན་པས་ནོན་པའི་རྟགས་དང༌། གཟུགས་བརྙན་ཞལ་འཛུམ་པ་སོགས་ལུང་བསྟན་ཐོབ་པའི་རྟགས་ཏེ། མདོར་ན་རྡོ་རྗེ་བཀོད་པ་ལས་གསུངས་པ་བཞིན་ལམ་རྟགས་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ་ལྷག་པའི་དགའ་བྲོད་སྐྱེས་ན་བདུད་ཀྱིས་གླགས་བལྟ་བས་བཟང་པོ་ལ་རེ་བ་མེད་པར་བྱའོ། །དེ་བཞིན་དུ་ཕྱིའི་དྲོད་སྒོམ་པའི་ཚེ་རྡུལ་ཕྲན་དང༌། ཡི་གེ་དང༌། ཕྱག་མཚན་དང༌། སྐུ་ཕྲ་མོ་ལ་སོགས་པ་དང༌། མེ་དང་ཆུ་དང༌། རླུང་ལ་སོགས་པའི་ཁ་དོག་དང་སྐྱེ་མཆེད་མཐོང་བའོ། །ནང་གི་དྲོད་ལྷ་བསྒོམ་པས་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་འབྱུང་ངོ༌། །གསང་བའི་དྲོད་སྤྱོད་ཡུལ་ཐམས་ཅད་སྒྱུ་མ་ལྟར་ཤེས་པ་དང༌། རྩོལ་བསྒྲུབ་རྒྱུ་རྐྱེན་ལ་མི་ལྟོས་པར་ཆོས་ཐམས་ཅད་དབྱིངས་ནས་སངས་རྒྱས་པར་རྟོགས་པས་སྤྱོད་ཡུལ་ཡེ་ཤེས་སུ་གསལ་བར་འབྱུང་ངོ༌། །ཕྱིའི་རྟགས་འོད་དང༌། སྒྲ་དང༌། དྲི་དང༌། གཟུགས་བརྙན་ཞལ་འཛུམ་པ་དང༌། མར་མེ་རང་འབར་བ་དང༌། བྷནྡྷ་ནམ་མཁའ་ལ་འཕར་བ་དང༌། ཁམས་བདེ་བ་དང༌། དང་བ་འདྲེན་པ་ལ་སོགས་


JLAZ011_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ནང་གི་རྟགས་སྔར་ལས་སྙིང་རྗེ་ཆེ་བ་དང༌། ཆགས་པ་ཆུང་བ་དང༌། ཕྱོགས་རིས་དང་བྲལ་བ་དང༌། དམ་ཚིག་ལ་རྩིས་ཆེ་བ་དང༌། བླ་མ་དང་མཆེད་གྲོགས་ལ་གདུང་བ་དང༌། འབྲས་བུ་བཟང་པོ་ལ་མི་རེ་བ་དང༌། འཁོར་བ་ལ་མི་དོགས་པ་དང༌། བདུད་ལ་ཉམ་མི་ང་བ་ལ་སོགས་པ་མང་དུ་འབྱུང་སྟེ། དེ་དག་ལའང་དགའ་བྲོད་མེད་པར་བྱའོ། །དེ་བཞིན་དུ་རྩེ་མོ་ལ་དབང་བས་ནང་གི་ཉོན་མོངས་པ་ལྔ་ཕྱིའི་ཡུལ་ལ་མི་སྐྱེ་ཞིང༌། ཕྱིའི་འབྱུང་བ་ལྔའི་གནོད་པས་ལུས་ལ་མི་ཚུགས་པ་ལ་སོགས་སེམས་དང་སྣང་བ་འདྲེས་པའི་རྟགས། བཟོད་པ་སྣང་བ་རྣམས་འབྱེད་ལས་སུ་རུང་བས་བྱེ་མ་ལས་གསེར། སྐམ་ས་ནས་ཆུ། སོལ་བ་ལས་ལྗོན་ཤིང་བསྐྱེད་པ་སོགས་སྣང་བ་དང་སེམས་ལ་དབང་ཐོབ་པའི་རྟགས་རྣམས་མངོན་ཞིང༌། ལུས་ཐ་མལ་ལས་མ་འགྱུར་ཀྱང་སེམས་ལྷའི་སྐུར་སྨིན་པས་ན་རྣམ་པར་སྨིན་པའི་རིགས་འཛིན་ཅེས་བྱ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། རྒྱ་མིག་རྒྱ་ས་ཇི་ལྟ་བར། །ཕྱག་རྒྱ་ཐོབ་ལ་མ་རེག་པའི། །གཟུགས་རྫོགས་སྟོབས་ཅན་དེ་ཁོ་ན། །ཞེས་རྒྱ་མིག་ནི་ལུས། རྒྱ་ས་ནི་སེམས་ཕྱག་རྒྱ་ཐོབ་པའི་དོན་ཏོ། །འདི་ཉིད་ཆོས་མཆོག་མ་ཐོབ་པར་འདས་ན། །བར་དོར་ཕྱག་རྒྱ་


JLAZ011_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཐོབ་སྟེ། བརྐོས་ཕོར་དང༌། སཱཙྪ་ལྟར་རོ། །རྣམ་སྨིན་གྱི་ལུས་དོར་བ་དང་སེམས་ལྷའི་སྐུར་སྨིན་ཟིན་པའི་ཕྱིར་ཏེ། ལས་རིམ་ལས། ཟླ་བ་བཅུ་དྲུག་བསྙེན་སྒྲུབ་ཚེ། །རྡོ་རྗེའི་ལུས་སུ་མ་གྱུར་བར། །སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །རྡོ་རྗེ་འཆང་སར་རིག་པས་འགྲོ། །ཞེས་སོ། །ཏིང་འཛིན་སྟོབས་ཆེན་ཆོས་མཆོག་ཐོབ་ནས་ཚེ་ལ་དབང་བར་དངོས་སུ་སྦྱོར་ཏེ། རྒྱུད་ལས། ཚེ་ལ་དབང་བའི་རིག་འཛིན་ཐོབ། །ཟླ་དྲུག་བཅུ་གཉིས་བཅུ་དྲུག་གི །དབང་བསྒྱུར་རིགས་ཀྱི་དམ་པ་ཐོབ། །ཅེས་འབྱུང་ངོ༌། །གཉིས་པ་ཉེ་བར་བསྙེན་པའི་ཡན་ལག་ཏུ་མཐོང་བའི་ལམ་བསྟན་པ་ནི། རྒྱུད་ལས། འཁོར་བཅས་མཆོད་པ་རྫོགས་པ་དང༌། །བསྙེན་པའི་ལུགས་བཞིན་བརྩོན་པར་འབད། །ཅེས་པས་གསང་ཆེན་རིགས་གཅིག་ནས་ཕྱག་རྒྱ་སྤྲོས་པའི་བར་ཇི་ལྟར་སྒོམ་ཡང་གསལ་བརྟན་ཆོས་ཉིད་བདེ་བ་ཆེན་པོའི་དོན་དང་འདྲེས་པར་ཉམས་སུ་བླངས་པས་བྱང་ཆུབ་ཡན་ལག་བདུན་གྱི་ཡོན་ཏན་མངོན་དུ་སྣང་ཞིང༌། སེམས་མཐོང་ལམ་སྐྱེས་པས་མངོན་པར་ཤེས་པ་ལྔ་དང་ཆོ་འཕྲུལ་བཞི་ལ་སོགས་པ་ཐོབ་ཅིང༌།


JLAZ011_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་ལ་དངོས་སུ་ཆོས་ཉན་པ་དང༌། དོན་རང་གི་མཚན་ཉིད་མངོན་དུ་བྱས་པས་ཆོས་མཆོག་ཆེན་པོ་མཐར་ཕྱིན་ཞིང༌། སྙིགས་མའི་ལུས་རྡོ་རྗེའི་སྐུར་གྲུབ་ནས་སྐྱེ་ཤི་མེད་པའི་ཕྱིར་ཚེ་ལ་དབང་བའི་རིགས་འཛིན་ཅེས་བྱ་སྟེ། ལས་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་བརྒྱད་བསྒྲུབས་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བར་རྒྱལ་བའི་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་པ་སྟེ་རྣམ་པ་མཚུངས་པ་ལྟར་བྱས་ན་སློབ་དཔོན་ཆེན་པོ་པདྨས་བྲག་ཕུག་མ་ར་ཏི་ཀར་མནྡ་ར་བས་སྒྲུབ་སྡེ་མོ་བྱས་ཏེ་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་སྐྱེ་ཤི་མེད་པར་བྱས་པ་ལྟ་བུའོ། །གསུམ་པ་སྒྲུབ་པའི་ཡན་ལག་ཏུ་སྒོམ་པའི་ལམ་རྫོགས་པར་བསྟན་པ་ནི། རྒྱུད་ལས། སྒྲུབ་པས་སྒོམ་པའི་ལམ་ལ་འབད། །ལྷ་སྐུ་འཇའ་ཚོན་ཕྱག་རྒྱ་ཆེ། །ཞེས་རང་གི་མཚན་ཉིད་འཁྲུལ་པ་དང་བྲལ་བའི་མཉམ་གཞག་གི་ངོ་བོ་སངས་རྒྱས་རྣམས་དང་ཆོས་མཚུངས་ཀྱང་རྗེས་ཐོབ་ལ་ཁྱད་པར་ཡོད་པ་ཆོས་ཉིད་མཉམ་པར་རྩལ་སྦྱོང་ཞིང༌། ལུས་དཀྱིལ་གྱི་རྟེན་ལ་མི་གཡོ་བའི་ཏིང་ངེ་འཛིན་


JLAZ011_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངང་ནས་ཆོ་འཕྲུལ་སྣ་ཚོགས་གྲུབ་པས། ལུས་དཀྱིལ་འཁོར་གྱི་རང་བཞིན་འཇའ་ཚོན་ལྟ་བུར་སྣང་ཞིང༌། སེམས་ས་དགུའི་དྲི་མ་སྦྱོངས་བ་ལ་མཚན་མ་དང་བྲལ་བའི་ཡེ་ཤེས་འོད་གསལ་གྱི་སྐུར་འཕགས་ལམ་ཡན་ལག་བརྒྱད་ཀྱི་ཆོས་ཡོངས་སུ་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་ལ་དགོངས་པ་དང་བརྡའི་ཆོས་ཉན་པའང་གྲུབ་སྟེ། རྒྱུད་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་སྟེ། །གོམས་པ་མངོན་དུ་གྱུར་པའི་ལྷ། །མཚན་དང་དཔེ་བྱད་རྒྱན་དང་ལྡན། །ཕྱག་རྒྱ་ཆེན་པོའི་རིགས་འཛིན་ནོ། །ཅེས་སོ། །དེའང་ནང་གསེས་སུ་ས་གཉིས་པ་ནས་ལྔ་པའི་བར་ལ་རྡོ་རྗེའི་རིགས་འཛིན་ཅེས་བྱ་སྟེ། རྟོགས་པ་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་འཇིག་པའི་ཕྱིར་རོ།།དྲུག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་སྤྱོད་ཅིང༌། ཆོས་ཀྱི་འཁོར་ལོ་བསྐོར་བས་ན་འཁོར་ལོའི་རིགས་འཛིན་ནོ། །བདུན་པ་ལའང་ཐབས་ལ་མཁས་པས་འཁོར་ལོ་ལྟར་འཕྲུལ་སངས་ཆེ་བའི་ཕྱིར་དེ་ཉིད་དུ་རིག་གོ། །བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་རིན་པོ་ཆེ་ལྟར་རང་གི་ཁམས་རྣམ་པར་དག་པ་ལ་དབང་ཐོབ་པས་རིན་པོ་ཆེའི་རིགས་འཛིན་ནོ། །དགུ་པར་ཆགས་པ་མེད་


JLAZ011_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཞིང་སྦྱོང་ཞིང་དོན་བྱེད་པས་པདྨའི་རིགས་འཛིན་ནོ། །བཅུ་པ་ནི་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པས་རལ་གྲིའི་རིགས་འཛིན་ཅེས་བྱ་སྟེ། ལས་རིམ་ལས། ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང༌། །པདྨ་རལ་གྲིའི་རིགས་འཛིན་འགྱུར། །ཞེས་པ་སྟེ། དཔེར་ན་སློབ་དཔོན་ཆེན་པོ་པདྨས་བལ་ཡུལ་ཡང་ལེ་ཤོད་དུ་དཔལ་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་ན་སྤར་བའི་ཚུལ་བསྟན་ཏེ་ཕྲིན་ལས་རྣམ་པ་བཞི་ལ་རང་དབང་བསྒྱུར་བ་ལྟ་བུའོ། །བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཏུ་མི་སློབ་པའི་ལམ་རྫོགས་པར་བསྟན་པ་ནི། འདི་སྐད་དུ། མཚན་མ་བརྟན་པོ་བྱུང་བ་དང༌། །སྒྲུབ་པ་ཆེན་པོ་བསྟན་པར་བྱ། །ཞེས་པས། ལམ་གོང་མའི་གནས་རྣམས་མཐར་ཕྱིན་ནས། འདིར་ཚོམ་བུ་འབུམ་དང་བཅས་པ་བྱང་ཆུབ་ལ་སྦྱོར་བའི་ཕྱིར་ཚོགས་ཀྱི་སྒྲུབ་པ་གཙོ་ཆེ་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་རིགས་སངས་རྒྱས་དང་ཆེ་བའི་ཡོན་ཏན་ཕལ་ཆེར་མཉམ་ཡང་སྔགས་སུ་སྐད་ཅིག་གིས་བྱེ་བྲག་ཕྱེད་པའི་བོགས་དབྱུང་དུ་ཡོད་པས་སློབ་བྱ་མཐར་ཐུག་


JLAZ011_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་ཏུ་མེད་པའི་སངས་རྒྱས་ཆོས་སྐུའི་ཞལ་མཐོང་བ་ནི་སྤངས་རྟོགས་མཐར་ཕྱིན་པའི་ལྷུན་གྲུབ་རིགས་འཛིན་དུ་རྒྱལ་དབང་པདྨས་བཤད་པ་ཡིན་ནོ། །འོ་ན་ལས་རིམ་ལས། སྔ་མའི་རིགས་ལ་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱངས། །སངས་རྒྱས་ས་ཡི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིགས་སུ་འགྱུར། །ཞེས་བཤད་པས་ལྷུན་གྱིས་གྲུབ་པའི་རིགས་སངས་རྒྱས་ཀྱིས་སྒྲ་ཇི་བཞིན་པར་བཞག་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་མདོའི་ལམ་ལྔ་སྔགས་ཀྱི་རིག་འཛིན་བཞིས་ས་བཅད་པའི་དགོངས་པ་ཡིན་ཏེ། མཐའ་དྲུག་དང་ཚུལ་བཞིན་རྒྱུད་ཀྱི་དགོངས་པ་འགྲེལ་པ་ཡང་དག་པའི་གནས་ཡིན་པའི་ཕྱིར། འདི་ལྟར་བསྙེན་སྒྲུབ་ཡན་ལག་བཞིའི་འགྲོས་ལྟར་བཤད་པའི་སྒྲུབ་པ་ཆེན་པོ་ལ་སྤངས་ཐོབ་མེད་བཞིན་བསྒྲུབ་བྱར་བཤད་པའི་འགལ་བ་སྤོང་ཕྱིར་དགོངས་པ་ཅན་དང༌། ལྷུན་གྲུབ་རིགས་འཛིན་སངས་རྒྱས་ཀྱི་སས་རྩིས་མགོ་བསྡུས་ཀྱང་ད་དུང་དེའི་རང་བཞིན་ཅི་ཡིན་པ་སྟོབས་སུ་གྱུར་ནས་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཇི་ལྟར་དཔྱད་ཀྱང་ཉེས་པའི་སྐྱོན་གྱིས་མི་གོས་པའི་སའི་


JLAZ011_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མ་ཆགས་པདྨ་ཅན་དང་ཐུན་མོང་མ་ཡིན་ཡིན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་ཡོན་ཏན་བསམ་ཡས་པ་དང་ལྡན་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པ་བཅུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ལ་སྦྱོར་དུ་ཡོད་དེ། རྒྱན་སྟུག་པོ་བཀོད་པ་ལས། ཡང་དག་སངས་རྒྱས་བྱང་ཆུབ་ཏུ། །འཚང་རྒྱ་འོག་མིན་གནས་མཆོག་ཏུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་གསུངས་པའི་ཕྱིར་སྔགས་ཀྱི་ས་ཁྱད་པར་བ་རྣམས་སྤྱོད་ཡུལ་སྐད་ཅིག་མས་བགྲོད་ནས་འོག་མིན་དུ་འཚང་རྒྱ་བར་སྟོན་ཅིང་ཐབས་མ་འགགས་པའི་མཛད་པ་བཅུ་གཉིས་ལ་སོགས་པའི་ཕྲིན་ལས་ཚད་མེད་པ་ལ་རང་གིར་བྱེད་པའི་རྟེན་འབྲེལ་བསྒྲིག་པའི་ཆ་ནས་དེ་སྐད་དུ་བཏགས་པ་ཉིད་ཡིན་དོན་ལྟར་བཀྲལ་བ་སྟེ། རྒྱུད་ལས། མཐར་ཐུག་ལྷུན་གྱིས་གྲུབ་པ་ཡི། །གྲུབ་པ་རྒྱལ་ཚབ་སྐྱེས་བུས་མཛད། །གསང་བའི་འཁོར་ལོ་ཡང་དག་འཁོར། །ཀུན་ལ་མཐུན་པའི་ཆོས་སྟོན་ཅིང༌། །མཛད་པ་བཅུ་གཉིས་ཆོས་ཀྱང་སྟོན། །


JLAZ011_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །དེའི་དཔེ་ནི་སློབ་དཔོན་ཆེན་པོ་ད་ལྟའི་གནས་སྐབས་ནས་འཁོར་བ་མཐའ་ཅན་གྱི་བར་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ལྷུན་གྲུབ་རིགས་འཛིན་གྱི་ས་ལ་བཞུགས་ནས་འོག་མིན་པདྨ་འོད་དུ་དག་པའི་འཁོར་ལ་ཆོས་སྟོན་ཅིང་ཐུགས་རྗེས་སེམས་ཅན་གྱི་དོན་ལ་མི་གཡེལ་བ་ལྟ་བུའོ། །འདི་དག་གིས་སློབ་དཔོན་ཆེན་པོ་ཚེ་དབང་དང་ཕྱག་རྒྱའི་རིག་འཛིན་གཉིས་ཀར་ཞལ་གྱིས་བཞེས་པས་རྗེས་འཇུག་ཕལ་གྱིས་དེའི་སོ་མཚམས་ཕྱེད་པ་སྔོན་ཆད་མ་བྱུང་བ་ཡང་འདིར་སངས་རྒྱས་གཉིས་པ་དེའི་ཐུགས་རྗེའི་འོད་ཟེར་གྱིས་བློའི་པདྨོ་ཁ་ཕྱེ་བ་ལས་ཇི་ལྟར་རྟོགས་པ་བཞིན་བཤད་པ་ཡིན་ནོ། །དེ་ཡང་ཁ་ཅིག་ཕྱག་རྒྱ་ཆེན་པོས་ས་དང་པོ་ནས་བདུན་པས་བར་དང༌། ལྷུན་གྲུབ་དག་པ་ས་གསུམ་དུ་འདོད་པ་ནི་ནོར་བ་ཡིན་ཏེ། ལས་རིམ་གྱི་ལུང་བཤད་མ་ཐག་པའི་རྒྱབ་སྐྱོར་དུ་ཀུན་མཁྱེན་གྱིས་སློབ་དཔོན་ཁ་ཅིག་ཕྱག་རྒྱ་ཆེན་པོ་ས་དང་པོ་ནས་བདུན་པའི་བར་དང༌། ལྷུན་གྲུབ་དག་པ་ས་གསུམ་དུ་བཞེད་པ་ནི་དགོངས་པ་མ་ལོན་པར་སྣང་ངོ༌། །ཅིའི་ཕྱིར་ན་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་རིགས་འཛིན་བཞིས་བགྲོད་ཅིང་བསྡུས་པའི་ཕྱིར་རོ། །ཞེས་གསུངས་སོ། །


JLAZ011_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚོགས་གཉིས་རླབས་པོ་ཆེ་ལ་སྔོན་དུ་གོམས་ཤིང་ཤེས་རབ་དང་ཏིང་ངེ་འཛིན་གྱི་མཐུ་ཆེན་པོ་ཐོབ་པའི་ལམ་ཐོད་རྒལ་བ་ཁ་ཅིག །སྦྱོར་ལམ་ནས་མཐོང་སྒོམ་གྱི་བར་ཆིག་ཆོད་དུ་ཁྱེར་ནས་མཐར་ཕྱིན་པའི་ལམ་དུ་འགྲོ་བ་དང༌། སེམས་སྟོབས་ཤིན་ཏུ་ཆེན་པོ་དག་ནི་མཐོང་ལམ་ནས་སངས་རྒྱས་ཀྱི་སར་འགྲོ་བའང་ཡོད་དེ། རྒྱུད་ལས། ཁ་ཅིག་དབང་སྒྱུར་རིགས་ཉིད་ལས། །བཅུ་དྲུག་དོན་གྱི་སྐུ་ལྔ་རྫོགས། །ཁ་ཅིག་ཕྱག་རྒྱ་ཆེན་པོ་ནས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ཞེས་སོ། །འདི་ལྟར་ན་སློབ་དཔོན་སངས་རྒྱས་གཉིས་པའང་རིམ་གྱིས་བར་དོགས་པ་སྐྱེ་ན་གོང་དུ་རྣམ་པ་མཚུངས་པ། ཞེས་བཤད་པས་གོ་བར་འགྱུར་ལ་དེར་མ་ལྟོས་པ། འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཅིག་འདིར་འཚང་རྒྱ། །ཞེས་རྣམ་སྣང་མངོན་བྱང་དང༌། །ཟླ་གསང་ཐིག་ལེར་གསུངས་པ་བཞིན། །ཤཱཀྱ་ཐུབ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྤངས་རྟོགས་མཐར་ཕྱིན་པར་སངས་རྒྱས་བཞིན་དུ་ཞིང་འདིར་མཛད་པ་བཅུ་གཉིས་བསྟན་པ་དང་ཆོས་མཚུངས་པར་ཤེས་པར་བྱའོ།། །།སྤྱི་དོན་གསུམ་པ་འབྲས་བུ་རྣམ་པར་དག་པ་ཟུང་འཇུག་གི་གོ་འཕང་བརྙེས་ཚུལ་ལ་གཉིས། འབྲས་


JLAZ011_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ངོ་བོ་སྤྱིར་བསྟན་པ་དང༌། སྔགས་ཀྱི་ཁྱད་པར་ལ་ཆེད་དུ་བརྗོད་པའོ། །དང་པོ་ནི། ད་ལྟར་དག་པའི་ཡེ་ཤེས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཟབ་མོས་སྦྱངས་ཤིང༌། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྷར་གསལ་བས་སྲིད་པར་འཇུག་པའི་དྲི་མ་སྦྱངས། ལྷ་ཡེ་ཤེས་རང་སྣང་སྤྱོད་ཡུལ་དང་བྲལ་བར་རྟོགས་པས་ཀུན་ཏུ་རྟོག་པའི་བག་ཆགས་སྟོངས། ཀུན་གཞི་གནས་འགྱུར་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། དེ་བཞིན་དུ་སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་པ་ལྟར། ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་དབྱིངས་སུ་ནུབ་པས་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའི་ཚེ་ཕྱི་སྣང་བ་ཞིང་ཁམས་སུ་གནས་འགྱུར། ནང་ཕུང་པོ་ལྷ་སྐུར་གནས་འགྱུར། གསང་བ་ཚོགས་བརྒྱད་ཡེ་ཤེས་སུ་གནས་འགྱུར་བས་རྣམ་པ་ཀུན་ཏུ་སངས་རྒྱས་པ་ཞེས་བྱ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། །ཞེས་


JLAZ011_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་འདིར་མ་ཆགས་པདྨ་ཅན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་མངོན་དུ་བྱས་པ་དེའི་ཚེ་དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལུགས་ཀྱི་སྐུ་ལྔ་པོ་དུས་གཅིག་ལ་རྫོགས་པས་དེ་དག་གི་རང་བཞིན་ཅུང་ཟད་རྣམ་པར་གཞག་ན། དང་པོ་མི་འགྱུར་རྡོ་རྗེའི་སྐུ་ནི། ཡེ་ཤེས་དྲྭ་བ་ལས། དབྱིངས་ཀྱི་དག་པ་རྡོ་རྗེའི་སྐུ། །མི་འགྱུར་མི་ཤིགས་བསམ་ལས་འདས། །ཞེས་པས་གདོད་མའི་དབྱིངས་རང་བཞིན་གྱི་འོད་གསལ་བ་སངས་རྒྱས་ཐམས་ཅད་ཀྱིས་ལམ་བགྲོད་པའི་མཐར་ཐུག་པ་དེའི་ཆོས་ཉིད་ལ་འཕོ་འགྱུར་མེད་ཅིང་རྡོ་རྗེའི་རང་བཞིན་དུ་འདུས་མ་བྱས་པར་རྟག་པས་ན་དེ་སྐད་དུ་བཏགས་ལ། ཡང་ཡེ་ནས་དྲི་མ་དང་བྲལ་བས་རང་བཞིན་གྱི་རྣམ་པར་དག་པ་དང༌། གློ་བུར་གྱི་དྲི་མ་ཆ་དང་བཅས་པའང་ཤིན་ཏུ་རྣམ་པར་དག་པས་ན་དག་པ་གཉིས་ལྡན་གྱི་སང་རྒྱས་ཞེས་ཀྱང་བྱའོ། །གཉིས་པ་མངོན་པར་བྱང་ཆུབ་པའི་སྐུ་ནི། དེ་ཉིད་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར། །མངོན་པར་བྱང་ཆུབ་སྐུར་བརྗོད་དོ། །ཞེས་པས་སེམས་ཉིད་འོད་དུ་གསལ་བ་མཐར་ཐུག་གི་ཚེ་དག་པ་གཉིས་ལྡན་གྱི་ཆ་ལ་གཏོགས་ཤིང་སྣང་ཆ་ལ་མ་


JLAZ011_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཐུགས་རྗེ་ཆེན་པོ། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་མདོར་ན་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཆ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཞེས་བྱ་སྟེ། མ་འདྲེས་པའི་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གནས་པའོ། །གསུམ་པ་ནི་ཞི་བ་ཆོས་ཀྱི་སྐུ་ནི་སྟོང་རྐྱང་ལ་མི་འདོད་དེ་རིག་པའི་ཡེ་ཤེས་མ་ཡིན་པའི་ཕྱིར་རོ། །ཆོས་ཉིད་ལ་ཆོས་སྐུར་འདོད་པ་ལྟར་ན་རྡོ་རྗེའི་ཡིན་ཏེ་བཤད་ཟིན་ཏོ། །དུ་མར་སྣང་ཞིང་ངོ་བོ་ལ་མ་འདྲེས་པའི་ཆ་ནས་ཆོས་སྐུར་འདོད་པ་ལྟར་ན་མངོན་པར་བྱང་ཆུབ་པའི་སྐུ་ཡིན་ཏེ་བཤད་མ་ཐག་པས་ཁྱབ་བོ། །འདིར་གང་ལ་ངོས་བཟུང་ན་རྟག་པ་མ་ཡིན་ཏེ་དམིགས་བསལ་ལས་འདས་པའི་ཕྱིར་དང༌། ཆད་པ་མ་ཡིན་ཏེ་སོ་སོར་རང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་ལ་མ་ཐུག་སྟེ་རྟག་ཆད་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་དབྱིངས་ཀྱི་རང་བཞིན་མཐའ་དབུས་དང་བྲལ་བ་ནམ་མཁའ་ལྟ་བུའི་ཀློང་དུ་ཤིན་ཏུ་ཕྲ་བའི་ཡེ་ཤེས་རོ་གཅིག་ཏུ་འདྲེས་པ་གནམ་


JLAZ011_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཟླ་བ་ལྟར་མི་མངོན་པ་དང་ཆོས་དང་ཆོས་མཚུངས་པར་བཞུགས་ཀྱང༌། མཁྱེན་ཆ་མ་འགགས་པའི་ཡེ་ཤེས་ཀྱི་ནང་གསལ་མཉམ་བཞག་གི་ཆ་ལས་ཕྱིར་གསལ་གྱི་ཡེ་ཤེས་མཆེད་པའི་སྙིང་པོར་བྱེད་པས་རྒྱལ་སྲས་སར་གནས་རྣམས་དང༌། སེམས་ཅན་གྱི་ཚོགས་ལ་གཟུགས་སྐུ་མིག་ལ་སྣང་བ་དང༌། རྣ་བར་གསུང་ཐོས་པ་དང༌། འཕགས་པའི་ཚུལ་ཁྲིམས་ཀྱི་དྲི་བསྣོམས་པ་དང༌། ཆོས་ཀྱི་རོ་མྱང་བ་དང༌། ཏིང་ངེ་འཛིན་བདེ་བའི་རེག་སྣང་བ་དང༌། རྟོག་དཔྱོད་ཀྱི་ཤེས་རབ་ཀྱིས་ཆོས་ལ་འཇལ་བ་རྣམས་ཀྱི་རྒྱུ་བྱེད་པས་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ལྟ་ནའང་ཡུལ་དང་ཡུལ་ཅན་གཉིས་སུ་འཛིན་པ་ནི་མེད་དེ་བསམ་མི་ཁྱབ་པའི་ཡེ་ཤེས་སངས་རྒྱས་ཁོ་ན་ལས་གཞན་གྱིས་སྤྱོད་ཡུལ་མ་ཡིན་ནོ། །དེ་སྐད་དུ་སྒྱུ་འཕྲུལ་བླ་མ་ལས། ཆེས་ཕྲའི་ཡེ་ཤེས་ནང་དུ་གསལ། །དམིགས་མེད་འཆར་གཞི་ཆོས་ཀྱི་སྐུ། །ཞེས་སོ། །དེ་ལྟར་དབྱིངས་ནང་གསལ་དུ་གསལ་བའི་སྐུ་འདི་གསུམ་ནི་ཤིན་ཏུ་རྟོགས་པར་དཀའ་བའི་གནས་ཡིན་ནོ། །བཞི་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། སྒྱུ་འཕྲུལ་ལས་རིམ་ལས། ལྷུན་རྫོགས་རིག་པ་རང་སྣང་བའི། །ཞིང་དང་གཞལ་ཡས་གདན་ཁྲི་


JLAZ011_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན། །འོད་ཟེར་དུ་མར་སྣང་བ་སྟེ། །ཞེས་པས་དབྱིངས་ནང་གསལ་ཆོས་ཉིད་ཀྱི་ངང་ལས་མན་ཤེལ་གྱི་འོད་ལ་ཉི་ཟེར་གྱི་རྐྱེན་གྱིས་གསལ་བ་ལྟར་ངེས་པ་ལྔ་ལྡན་གྱི་སྐུ་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་དུ་རང་སྣང་བའི་རྒྱལ་ཚབ་རིགས་ལྔའི་སྟོན་པ་རྣམས་སངས་རྒྱས་ཉིད་ཀྱི་སྣང་བ་ལ་སྟོང་གཟུགས་ལྟར་སྣང་ཞིང་རྟག་པ་རྒྱུན་གྱི་འཁོར་ལོར་སྤྱོད་ལ། གཞན་དང་ཐུན་མོང་མ་ཡིན་པས་ས་བཅུའི་དབང་ཕྱུག་གིས་ཀྱང་མི་མཐོང་སྟེ། ཅིའི་ཕྱིར་ན་སྒྲིབ་པ་མཐའ་དག་མ་སྤངས་ཤིང་ཇི་ལྟ་བ་དང་ཇི་སྙེད་པའི་ཡོན་ཏན་མཐའ་དག་ལ་གཟིགས་པའི་བློ་མིག་མ་ཐོབ་པའི་ཕྱིར་རོ། །དེ་སྐད་དུ་རྒྱུད་བླ་མ་ལས། ངག་ཡུལ་མིན་ཕྱིར་དོན་དམ་གྱི་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་པ་སྟེ། དེའི་གཞལ་ཡས་ཁང་པ་ལ་སོགས་ཕུན་སུམ་ཚོགས་པའི་གནས་རྣམས་ཀྱང་རང་སྣང་གཞིའི་འོད་གསལ་ལས་གྲུབ་ཀྱི་དཔེ་རྨི་ལམ་དག་པར་ཤར་བ་དང་ཆོས་མཚུངས་པར་གང་དུ་སྒྲིབ་པ་མཐའ་དག་སྤངས་པ་དེར་སྣང་བ་ལས་ཕྱོགས་ག་ཤེད་ན་


JLAZ011_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རང་མཚན་དུ་ཡོད་པར་ཡང་མི་བལྟའོ། །འདི་ལྟར་རླུང་དབུ་མར་ཚུད་པའི་རྣལ་འབྱོར་པ་རྣམས་ཀྱི་སྣང་བའི་སྟོང་གཟུགས་གནས་ཁང་གཅིག་ཏུ་ཚོགས་པ་གཞན་དག་གིས་ཀྱང་ལྷན་ཅིག་ཏུ་མཐོང་བར་མི་ནུས་པ་བཞིན་ནོ། །འདི་དང་ནང་གསལ་གྱི་སྐུ་གསུམ་པོའི་ཁྱད་པར་ཤེལ་འོད་ནང་དུ་ནུབ་ནས་འོད་ལྔའི་འཆར་གཞིར་གནས་པ་ཕྲ་བའི་ཡེ་ཤེས་དབྱིངས་ལ་བཞུགས་པ་དང༌། ཉི་མའི་རྐྱེན་གྱིས་མན་ཤེལ་གྱི་འོད་ལྔ་ཕྱིར་གསལ་བ་ནི་རང་སྣང་ཡུལ་ལ་ཤར་ནས་ཕྱིར་གསལ་གྱི་ཡེ་ཤེས་མཚན་དང་དཔེ་བྱད་ཀྱི་སྐུར་འབར་བའི་དཔེས་ཤེས་པར་སླ་བ་ཡིན་ནོ། །ལྔ་པ་ཅིར་ཡང་སྤྲུལ་པའི་སྐུ་ནི། རྒྱལ་སྲས་འཕགས་པ་ལ་སོགས་པ་ཞི་བའི་གླིང་དུ་འཁྲིད་པར་བྱེད་པའི་དེད་དཔོན་དམ་པའི་སྟོན་པ་ཞེས་གྲགས་ཏེ། དེ་ཡང་གདུལ་བྱ་མཆོག་ལ་སྣང་བ་གཟུགས་བརྙན་ལོངས་སྐུའི་སྟོན་པ་ནི། རང་སྣང་དབྱིངས་ཀྱི་ལོངས་སྐུུ་ཆེན་པོ་དང་མཚུངས་པར་སྣང་ཡང༌། དངོས་མ་ཡིན་པའི་དཔེ་བཞིན་དངོས་དང་དེའི་གཟུགས་བརྙན་མེ་ལོང་ལ་ཤར་བ་ལྟ་བུའི་ཁྱད་དེ། གཟུགས་བརྙན་དུ་མཚན་དཔེ་ལ་སོགས་པའི་ལོངས་སྤྱོད་རྫོགས་པ་ལྟར་སྣང་ཡང༌། ཞིང་ཁམས་དང་འཁོར་ལོ་ལ་སོགས་པ་གཞན་དུ་སྣང་ཞིང་ས་བཅུ་པའི་སྣང་བས་བསྡུས་པ་ཡིན་ཕྱིར་ཕྱེད་སྤྲུལ་ལོངས་སྐུ་ཞེས་ཉི་ཟླ་ཁ་སྦྱོར་ནས་དབྱེ་


JLAZ011_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ལ་འདི་ལྟར་རང་སྣང་གི་རང་བཞིན་འཕྲུལ་བས་ན་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་གྲགས་པ་འོག་མིན་དང༌། མངོན་དགའ་དང༌། དཔལ་ལྡན་དང༌། པདྨ་བརྩེགས་པའམ་བདེ་བ་ཅན་དང༌། ལས་རབ་གྲུབ་པའི་འཇིག་རྟེན་ལྔར་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་སངས་རྒྱས་རྣམས་དག་པའི་འཁོར་ལས་བཅུ་པོར་རིགས་ལྔ་ཆོས་ལྔ་གནས་འགྱུར་ལྔའི་རང་བཞིན་མངོན་དུ་བསྟན་ནས་འོད་ཟེར་ཆེན་པོས་དབང་བསྐུར་ཏེ་སངས་རྒྱས་ཀྱི་མཛད་པ་ཆེན་པོ་རྫོགས་པ་ཉིད་དེ། སྒྱུ་འཕྲུལ་མངོན་བྱང་ལས། དག་པ་ས་ཡི་དབང་ཉིད་ཕྱིར། །སྟོན་པ་ལྔ་དང་ཆོས་རབ་ལྔ། །ཡེ་ཤེས་ལྔ་ཡོངས་རྫོགས་པ་ལས། །རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ། །ཞེས་སོ། །དེའི་ངང་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུར་བཞེངས་པ་ནི། སེམས་ཅན་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་ས་བོན་ལས་བྱུང་བ་སྟེ། ཆུ་དང་ཟླ་གཟུགས་དང་ཟླ་བའི་དཀྱིལ་འཁོར་དངོས་གསུམ་དང་ཆོས་མཚུངས་པར་སྣང་ཞིང༌། ཟླ་བ་གཟུགས་བརྙན་འཇོག་པའི་ནུས་པ་ཡོད་པ་ལྟར། ཟླ་བ་ལྟ་བུའི་ལོངས་སྐུ་ལ་གདུལ་བྱའི་ངོར་སྤྲུལ་པ་འགྱེད་པའི་ནུས་པ་ཡོད་ལ། ཆུ་ལ་གཟུགས་བརྙན་འཛིན་པའི་རྟེན་


JLAZ011_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་གནས་པ་བཞིན། གདུལ་བྱ་ལ་སྤྲུལ་པ་སྣང་བའི་བསོད་ནམས་ཡོད་པས། དེ་གཉིས་འཛོམས་དུས་ཆུ་ནང་དུ་ཟླ་གཟུགས་རྩོལ་མེད་དུ་འཆར་བ་ལྟར་སྤྲུལ་པའི་སྣང་བརྙན་གང་ལ་གང་འདུལ་དུ་འབྱུང་བ་སྟེ། དེའང་འགྲོ་བ་རང་རང་གི་ལས་དབང་གིས་མགོ་གྱེན་ལ་སྟོན་པའི་མཐོ་རིས། འཕྲེད་ལ་སྟོན་པའི་དུད་འགྲོ། ཐུར་ལ་བསྟན་པའི་དམྱལ་བ་དང་ཡི་དྭགས་ཏེ་སྣ་ཚོགས་པའི་སྡུག་བསྔལ་ལ་སྤྱོད་པའི་འགྲོ་བ་རིགས་དྲུག་ཏུ་སྣང་བ་དང་མཐུན་པའི་དོན་མཛད་ཕྱིར། རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྤྲུལ་ནས་དོན་མཛད་དེ། དེའང་ལ་ལར་སྐུ་བསོད་ནམས་ཆེན་པོ་མཛད་པ་བཅུ་གཉིས་ལ་སོགས་པའི་འདུལ། ལ་ལར་གསུང་སྒྲ་ཚིག་རང་ཚན་ལས་འདས་པའི་ཐེག་པ་སྣ་ཚོགས་པས་འདུལ། ལ་ལར་ཐུགས་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་རྫོགས་པ་ལ་སོགས་པའི་མངོན་ཤེས་དྲུག་གིས་འདུལ། ལ་ལར་དངོས་བརྒྱུད་ཐམས་ཅད་ནས་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འདུལ་བ་སྟེ། ཕལ་མོ་ཆེ་ལས་ཀྱི་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་བཤད་དོ། །དེ་


JLAZ011_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་མཛད་པ་བཅུ་གཉིས་སྟོན་པ་ལ་མཆོག་གི་སྤྲུལ་པའི་སྐུ་ཞེས་བརྗོད་ལ། ཐུགས་རྗེས་གདུལ་བ་གཞན་དག་ལ་སྣ་ཚོགས་སྤྲུལ་པའི་སྐུ་ཞེས་བྱ་སྟེ། འདི་ལྟར་སྐྱེ་བ་ནི་སེམས་ཅན་ལ་དངོས་སུ་ཕན་པ་དེའི་ལུས་སུ་སྤྲུལ་པ་སྟེ། མུ་གེའི་ཚེ་ཉ་བོ་ཆེ་དང་ནད་ཀྱི་ཚེ་སྲོག་ཆགས་དེས་པ་དང༌། སྲིན་མོའི་གླིང་དུ་ཅང་ཤེས་པ་ལ་ཧ་སོགས་པར་སྤྲུལ་ནས་དོན་མཛད་པའོ། །བཟོ་ནི་བེམ་པོ་ལྟར་སྣང་བ་རིས་སུ་བྲིས་པ་དང༌། འབུར་དུ་བྱོན་པ་དང༌། པདྨ་དང༌། དཔག་བསམ་གྱི་ཤིང་དང༌། སྐྱེད་མོས་ཚལ་དང༌། ཀུན་དགའ་ར་བ་དང༌། ཁང་བཟང་དང༌། ནོར་བུ་དང༌། གྲུ་གཟིངས་དང་། ཟམ་པ་དང༌། སྒྲོན་མེ་ལ་སོགས་ཏེ། མདོར་ན་སེམས་ཅན་ལ་ཕན་པའི་དངོས་པོ་སྟེར་བ་ཐམས་ཅད་བྱིན་རླབས་ཀྱི་སྤྲུལ་པ་སྟེ། དེ་དག་ཀྱང་དབྱིངས་ལས་བྱུང་ཞིང་། དབྱིངས་ལ་ཐིམ་པའི་ཚུལ་ཤིན་ཏུ་དཔྱད་བཟོད་པ་ཀུན་མཁྱེན་གྱིས། གདུལ་བྱ་མེད་ན་འདུལ་བྱེད་དབྱིངས་སུ་ནུབ། །རང་སྣང་ལོངས་སྐུ་ཆོས་སྐུའི་ངང་དུ་ཐིམ། །ཆུ་སྣོད་མེད་ན་ཟླ་གཟུགས་མཁའ་ལ་འཁྱིལ། །ཚེས་ཀྱི་དབང་གིས་ཟླ་བ་དབྱིངས་སུ་ནུབ། །གནམ་གང་ཟླ་བ་འཕེལ་འགྲིབ་མེད་པ་བཞིན། །གདུལ་བྱ་ཡོད་ན་སྔོན་བཞིན་རིམ་གྱིས་


JLAZ011_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྣང༌། །འདི་ནི་འབྲས་བུ་ལྷུན་གྱིས་གྲུབ་པ་ཡིན། །ཞེས་ཆུ་སྣོད་མེད་དུས་ཆུ་ཟླའི་གཟུགས་བརྙན་ཟླ་བའི་དབྱིངས་སུ་རང་ནུབ་པ་ལྟར། གདུལ་བྱ་མེད་ན་དེའི་ངོ་བོར་སྣང་བའི་སངས་རྒྱས་སྤྲུལ་སྐུའི་ཟླ་གཟུགས་རང་སྣང་ལོངས་སྐུའི་ངང་དུ་ཞི་བ་ཙམ་ལ་ཐིམ་པའི་དཔེས་བཏགས་ཀྱང༌། གཅིག་ནས་འོངས་པ་ཅིག་ཤོས་སུ་ཐིམ་པ་ནི་ཅི་ཡང་མེད་དོ། །དེ་བཞིན་དུ་ལོངས་སྐུའང་ནང་གསལ་ཆོས་སྐུའི་དབྱིངས་སུ་ཐིམ་པས་ཡེ་ཤེས་དབྱིངས་སུ་འཁྱིལ་བ་ཞེས་བྱ་སྟེ། གནམ་གང་གི་ཟླ་བ་ནང་གསལ་དུ་གནས་པ་ལྟ་བུའོ། །དབུ་མ་པ་རྣམས་དེའི་ཚེ་འཇུག་པ་ཆོས་དབྱིངས་སུ་ཞི་བས་འགོག་པ་དམ་པའི་ངང་ལ་མཉམ་པར་གཞག་པར་འདོད་ཅིང༌། གཞན་སྣང་དུ་སྔོན་གྱི་སྨོན་ལམ་ལས་དོན་མཛད་དོ། །ཞེས་གླེང་ལ། རྒྱུད་བླ་མར་མཉམ་གཞག་གི་ཡེ་ཤེས་གཡོ་བ་མེད་ཀྱང་རྗེས་ཐོབ་ཀྱིས་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པར་འདོད་དེ། མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་སོ། །གཉིས་པ་ནི། དེ་ལྟར་སྤངས་རྟོགས་མཐར་ཕྱིན་པའི་གནས་སྐབས་དག་པ་གཉིས་ལྡན་ཆེན་པོའི་ངང་དུ་མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་མི་བཞེད་པ་ཁོ་བོའི་བླ་


JLAZ011_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཀུན་མཁྱེན་ངག་གི་དབང་པོའི་དགོངས་པ་ཡིན་ཡང༌། འདིར་སྐྱེས་བུ་དམ་པ་རྣམས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུའི་དགོངས་སྤྱོད་ཟབ་མོས་དབྱིངས་ཀྱི་ཡོན་ཏན་གཞལ་བ་ན་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་རང་བཞིན་ཅིར་ཡང་འཇུག་པ་ཆོས་ཉིད་ཡིན་ཕྱིར་བཤད་པའི་གནས་ལ་འགྲན་གྱིས་དོ་མེད་གཡུང་སྟོན་རྡོ་རྗེ་དཔལ་བས། ཟུར་གྱི་བླ་མ་དཔལ་ཆེན་གྲུབ་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱེ་བའི་བསྟན་བཅོས་མཛད་པ་ལ། སྨྲ་བའི་དབང་ཕྱུག་ཆེན་པོར་བསྙོན་དུ་མེད་པ་དག་ཀྱང་ཁེངས་པའི་རུ་མཚོན་དབྱིངས་སུ་མནལ་ཏེ་ཆེད་དུ་བརྗོད་པར་གྲགས་ན། འདིར་རྣམ་པར་ཤེས་བྱ་འབྱེད་པའི་བློ་གྲོས་དཔྱད་བཟོད་པ་ཉིད་དུ་མཐོང་ནས། དེ་ཉིད་ཀྱི་རྒྱུད་འགྲེལ་ལྟར་བཤད་པ་ནི་དང་པོ་ཆོས་སྐུ་ལ་ངོ་བོའི་ཁྱད་པར། མཚན་ཉིད་ཀྱི་ཁྱད་པར། བྱིན་རླབས་ཀྱི་ཁྱད་པར་གསུམ་གྱིས་དབྱེ་བ་ལས། དང་པོ་ནི། རྒྱུ་མཚན་ཉིད་ཀྱི་ཆོས་སྐུ་སྟོང་ཉིད་སྤྲོས་པ་དང་བྲལ་བ་ཡིན་ལ། སྔགས་ཀྱི་ཆོས་སྐུ་སྣང་སྟོང་ཟུང་འཇུག་ཡིན་ཏེ། རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་


JLAZ011_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །ཅེས་གསུངས་སོ། །གཉིས་པ་ནི། རྒྱུའི་ཆོས་སྐུ་སྟོང་པའི་མཐར་ལྷུང་ལ། སྔགས་ཀྱི་ཆོས་སྐུ་སྣང་སྟོང་གཉིས་སུ་མེད་པས་མཐར་མ་ལྟུང་ངོ༌། །གསུམ་པ་ནི། རྒྱུའི་ཆོས་སྐུ་ལ་བྱིན་རླབས་གཟུགས་སྐུ་གཉིས་ལས་མི་འཆར་ལ། སྔགས་ཀྱི་ཆོས་སྐུ་སྣང་སྟོང་དབྱེར་མེད་ཀྱི་བྱིན་རླབས་སྐུ་ལྔ་ལ་སོགས་པ་ཅིར་ཡང་འཆར་རོ། །ཞེས་བཤད་དོ། །དཔྱད་ན་ངོ་བོའི་སྒོ་ནས་དབྱེ་བ་ལ་འཐད་པ་ཡོད་པར་མ་མཐོང་སྟེ། ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཤིན་ཏུ་ཕྲ་བ་ལ་སྣང་སྟོང་གི་ངོས་བཟུང་མེད་པའི་ཕྱིར་རོ། །རྒྱས་པའི་ལུང་དེ་ནི་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་ལ་ཤིན་ཏུ་འཇུག་གོ། །གཉིས་པ་གཟུགས་སྐུ་གཉིས་ཀྱི་ཁྱད་པར་ལའང་གསུམ་དུ་ཕྱེ་སྟེ། དང་པོ་རྒྱུ་མཚན་ཉིད་ཀྱི་གཟུགས་སྐུ་གཉིས་རྒྱུ་རྐྱེན་ལས་བྱུང་ལ། སྔགས་ཀྱི་གཟུགས་སྐུ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་ཡིན་ཏེ། རྒྱས་པ་ལས། རྒྱུ་རྐྱེན་དག་ལུས་མེད་ལུས་མེད་པའི་ཕྱིར། །ཞེས་སོ། །གསུམ་པ་ལ་ཡང་གཉིས་ཏེ། ལོངས་སྐུའི་ཁྱད་པར་དང༌། སྤྲུལ་སྐུའི་ཁྱད་པར་རོ། །ལོངས་སྐུའི་ཁྱད་པར་ལ་ཡང་གཉིས་ལས། ལོངས་སྤྱད་བྱ་ཡུལ་གྱི་ཁྱད་པར་ནི། མཚན་ཉིད་ཀྱིས་དཀར་པོའི་ཕྱོགས་


JLAZ011_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོངས་སྤྱོད་པ་ལས། ནག་པོའི་ཕྱོགས་ལ་ལོངས་མི་སྤྱོད་ལ། སྔགས་ཀྱི་གཉིས་ཀ་ལ་ལོངས་སྤྱོད་དོ། །ལོངས་སྤྱོད་བྱེད་ཐབས་ཀྱི་ཁྱད་ནི། མཚན་ཉིད་ལ་ནག་པོའི་ཕྱོགས་ལ་སྤྱོད་པའི་ཐབས་མེད། སྔགས་ལ་དཀར་ནག་གཉིས་ཀ་ལ་སྤྱོད་པའི་ཐབས་ཡོད་པས་སོ། །སྤྲུལ་སྐུ་གཉིས་ཀྱི་ཁྱད་པར་ལའང་གཉིས་ལས། གདུལ་བྱ་ཡུལ་གྱི་ཁྱད་པར་ནི། རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུས་དཀར་ཕྱོགས་ཀྱི་གདུལ་བྱ་ལས། ནག་ཕྱོགས་ཀྱི་གདུལ་བྱ་མི་འདུལ་ལ། སྔགས་ཀྱི་སྤྲུལ་སྐུས་གདུལ་བྱ་ལ་ཕྱོགས་རིས་མེད་པས་སོ། །འདུལ་བྱེད་ཐབས་ཀྱི་ཁྱད་པར་ནི། རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུ་ལ་ནག་ཕྱོགས་འདུལ་བའི་ཐབས་མེད་ལ། སྔགས་ཀྱི་སྤྲུལ་སྐུས་དཀར་ཕྱོགས་དང་ནག་ཕྱོགས་གཉིས་ཀ་འདུལ་བའི་ཐབས་དང་ལྡན་པའོ། །དེའི་ཕྱིར་དབྱེར་མེད་རྡོ་རྗེ་དང་མངོན་པར་བྱང་ཆུབ་པའི་སྐུ་གཉིས་ཀྱིས་ཀྱང་འཕགས་པར་ཤེས་པར་བྱའོ། །ཞེས་འདོམས་སོ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་དབྱིངས་དང་བཤེས་པའི་གོམ་ཚུགས་བརླིང༌། །རྒྱུད་དོན་མན་ངག་ཞིབ་མོར་འཐག་པའི་གསེར་གྱི་རྣ་ཆ་དྲྭ་བས་བརྒྱན། །ཐེག་པའི་ནང་ནས་ཐེག་པའི་མཆོག་རབ་ཀུན་གྱི་ཚིག་


JLAZ011_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཁུར་བཟོད་པའི། །ལེགས་པར་བཤད་པའི་སྤྲིན་གྱི་དུམ་བུ་འོག་མིན་བགྲོད་ལ་རིངས་པ་བཞིན། །རྒྱལ་བ་ཀུན་དངོས་ཨོ་རྒྱན་རྗེ་དང་པཎ་ཆེན་དྲི་མེད་བཤེས་གཉེན་ཞབས། །ཀུན་མཁྱེན་ཆོས་རྗེ་སྔ་འགྱུར་བསྟན་སྲོག་རྒྱལ་སྲས་ཟུར་ཆེན་ཟུར་ཆུང་གི །བཤད་སྲོལ་ཕལ་ཆེར་སྙིགས་མར་སྤྱོད་པའི་དུས་ཀྱི་ཁང་བུར་དབུགས་འབྱིན་ཚེ། །རང་བྱུང་རྡོ་རྗེ་མཁྱེན་བརྩེའི་ཉིན་བྱེད་འོད་ཟེར་འབར་བས་སྣང་བར་བྱས། །རྒྱུད་དང་སྒྲུབ་སྡེའི་མན་ངག་བཅུད་འདྲིལ་ཞིང༌། །ཚང་ལ་མ་ནོར་ཡིད་བཞིན་རིན་ཆེན་མཛོད། །སྐུ་ལྔའི་ས་ལམ་བགྲོད་པའི་ཐེམ་སྐས་འདིར། །འཛེགས་རྣམས་སྐལ་བཟང་མགྲོན་པོར་བསྙོན་མེད་དུ་མེད། །རྙོག་པ་མེད་པའི་དགེ་ཚོགས་ཞི་བའི་ཀླུང༌། །དམ་པ་གསུམ་གྱི་རླབས་ཕྲེང་དང་འགྲོགས་པས། །འཇམ་པའི་གཞོན་ནུས་མཁྱེན་པའི་ཡོངས་བསྔོར་གྲུབ། །ཀུན་ཏུ་བཟང་པོའི་ས་ལ་ཕྱིན་པར་ཤོག །ཅེས་བསྐྱེད་རིམ་གྱི་རྣམ་པར་གཞག་པ་འོག་མིན་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་ཚུལ་གྱི་གནས་རྣམས་ལ་རྒྱ་ཆེར་གཟིགས་པའི་བློ་མིག་བཟང་པོ་ཐོབ་ཅིང༌། བསྟན་པ་དང་དེ་འཛིན་ལ་སྙེམས་པ་མེད་པའི་གཅེས་སྤྲས་ཀྱིས་རང་གིར་མཛད་པ་ལྕགས་


JLAZ011_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཟམ་རིག་འཛིན་སྤྲུལ་པའི་སྐུ་མཆོག་ཡེ་ཤེས་ལྷུན་གྲུབ་དཔལ་བཟང་པོའི་ཞལ་སྔ་ནས། ལེ་བརྒན་གྱི་ཝསྟྲ་གསེར་གྱི་དོང་ཙེ་བཀྲ་བའི་ལྷ་རྫས་ཟུང་དང་བཅས་ཏེ་ནན་ཏན་ཆེན་པོས་བསྐུལ་འདེབས་ཕེབས་པ་ལས། དཔལ་ཨོ་རྒྱན་ཡབ་ཡུམ་གྱི་མཁྱེན་པ་དང་བརྩེ་བའི་འོད་ཟེར་གྱི་ཆོ་འཕྲུལ་ཆེན་པོས་བློའི་པདྨོ་ཅིག་ཆར་དུ་ཁ་ཕྱེ་བ་ལས་ཆོས་ཐམས་ཅད་རང་བྱུང་དུ་ཤེས་ཤིང་ཡང་དག་པའི་གནས་ལ་འཇིགས་པ་མེད་པར་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པའམ། མིང་གཞན་ཀློང་ཆེན་ནམ་མཁའི་རྣལ་འབྱོར་དུ་གྲགས་པའི་རྫོགས་ཆེན་པས་ཚེ་རིང་ལྗོངས་བྱང་ཆུབ་ཤིང་གི་ནགས་ཁྲོད་ན་མཛེས་པའི་སྒྲུབ་གནས་པདྨ་འོད་གསལ་ཐེག་མཆོག་གླིང༌། དེ་བཞིན་གཤེགས་པ་རིགས་ལྔས་བསྲུངས་པའི་དྲི་གཙང་ཁང་དུ་རང་ལོ་སོ་དགུ་བ་འཁོར་ལོའི་སྣ་ཅན་གྱིའོ། ། གར་མཁན་གྱི་ཁྱིམ་ཟླར་དྲང་སྲོང་ལྷའི་བླ་མ་འོད་ཟེར་འབར་ཞིང༌། སེངྒེའི་ཏཱཏྐལ་ལ་འཆར་བའི་ཚེ་ལེགས་པར་བཤད་པ་རྫོགས་སོ།། དགེའོ།། དགེའོ།།

རིག་འཛིན་ཞི་དྲག་གི་སྒོ་ནས། ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ།


JLAZ011_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཞི་དྲག་གི་སྒོ་ནས། ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ་བཞུགས།།


JLAZ011_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཧེ་རུ་ཀ །རོལ་རྩལ་འགག་མེད་ཡེ་ཤེས་ཀློང་དགུའི་གར། །སྒྱུར་ལ་ཞི་དང་ཁྲོ་བོའི་རྣམ་རོལ་པ། །གདོད་ནས་ཡོངས་གྲོལ་རིག་འཛིན་བླ་མར་འདུད། །དེ་ཡང་རིག་འཛིན་ཞི་དྲག་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་ཁ་སྐོང་དང༌། དགོས་པ་ཁྱད་པར་བ་སོགས་ཀྱི་སླད་དུ་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། དང་པོ་སྔོན་འགྲོ་ནི། གང་དུ་བྱ་བའི་གཞི་དེའི་ས་མ་དུལ་བ་ཡིན་ན། བདག་གི་རྣལ་འབྱོར་ལ་སྙེམས་པས་གཞི་བདག་ལ་གཏོར་མ་བསྔོ། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ། ཧེ་རུ་ཀའི་སྔགས་ཀྱིས་ཀུན་རྫོབ་ཙམ་དུ་སྦྱང་ཞིང༌། ཆོས་ཐམས་ཅད་གདོད་མ་ནས་སྟོང་ཞིང་བདག་མེད་པར་རྟོགས་པའི་ངེས་ཤེས་ཀྱི་དོན་དམ་པའི་སྦྱོང་བ་ཙམ་བྱས་རྗེས། ཞི་བྱེད་དམིགས་བསལ་ལམ། ཡང་ན་བཀྲ་ཤིས་པའི་


JLAZ011_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་སྟེགས་བུ་གྲུ་བཞི་པའི་དབུས་སུ་མུ་ཁྱུད་གསུམ་གྱིས་བསྐོར་བའི། ཞི་བ་ལ་པདྨ་དང༌། དྲག་པོར་རྡོ་རྗེ། མུ་ཁྱུད་གཉིས་པར་པདྨ་འདབ་བརྒྱད་དམ། དྲག་པོར་རྩིབས། གསུམ་པར་རྡོ་རྗེའི་ཕྲེང་བ། ཐབས་སྟེགས་ཀྱི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པའི་སྟེང་དུ་ལྕི་བ་སེ་ཁ་མ་སྲོག་ཆགས་མེད་པ་བརྩིག །རང་གི་གཡས་ཕྱོགས་སུ་ཁེབས་དཀར་པོས་བཀབ་པའི་སྟེགས་ཀྱི་ཁར་རིམ་པ་བཞིན་དུ་འོ་མ་ཅན་གྱི་ཤིང་ཚད་ལྡན་བོད་དུ་མེད་མོད་ཀྱང་རིགས་མཐུན་ཙམ་དུ་བལ་བུ་ལ་སོགས་སྤྱི་མཐུན་གྱི་ཡམ་ཤིང་མཐོ་གང་བ། མངར་གསུམ་དང༌། མར་ཁུས་ཉུགས་པ། མར་དཀར་གྱི་ཁུ་བ་མངར་གསུམ་དང་སྦྱར་བའི་ཞུན་མར། ཏིལ་དཀར་པོ། གུར་གུམ། འོ་མ། དཀར་གསུམ་དང་བཅས་པའི་ཞོ་ཟན། འབྲས་མ་བྲུབས་པ། སོ་བ་ཤུབ་ལྡན་གྲ་མ་མེད་པ། ནས། སྲན།


JLAZ011_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ། དུར་ཝ། ཀུ་ཤ་རྣམས་རང་རང་གི་ལྷད་དང་མ་འདྲེས་པ་གཞན་ཡང་དུག་རིགས་བཤལ་སྨན་སོགས་མ་འདྲེས་པའི་སྨན་སྣ། རིན་པོ་ཆེ། ཤིང་ཏོག །ཙམ་པ་ཀའི་མེ་ཏོག །སྤོས་དཀར། དར་སྣ་ལ་སོགས་ཁྱད་པར་ཀྱི་རྫས་རྣམས་མེ་ལྷ་དང་དཀྱིལ་འཁོར་སོ་སོའི་རིམ་པས་ཚར་གཉིས་སུ་མང་ཉུང་དང་བཅས་བཤམ་ཞིང་ཐབས་རྫས་ཐམས་ཅད་དཀར་པོ་བསྒྱུར། གཡོན་ངོས་སུ་གཏོར་སྟེགས་ཀྱི་ཁར་འཇིག་རྟེན་ལས་འདས་མ་འདས་ཀྱི་གཏོར་མ་དང༌། སྨན་རག་ཆུ་གཉིས་སོགས་ཉེར་སྤྱོད། ལས་བུམ། སྤྲོ་ན་ཚོགས་ཀྱི་ཡོ་བྱད་དང་བཅས་འདུ་བྱའོ། ། ༈ གཉིས་པ་དངོས་གཞི་ལ་གསུམ། སྲེག་བྱེད་མེའི་ལས་ལ་གནང་བ་ཞུ་བའི་ཕྱིར་དེའི་བདག་པོ་འཇིག་རྟེན་པའི་མེ་ལྷ་མཆོད་པ། དགོས་དོན་དཀྱིལ་འཁོར་གྱི་འཁོར་ལོ་དངོས་ལ་མཆོད་པ། མེ་ལྷར་གཏང་རག་གཏོང་བ་གསུམ་ལས། དང་པོ་ནི། ཡར་ངོའི་བཀྲ་ཤིས་ཀྱི་གཟའ་སྐར་ཕུན་སུམ་ཚོགས་པའི་སྲོད་ཀྱི་ཆའམ། སྔ་དྲོའི་ཀུ་ཤ་སོགས་གཙང་མའི་སྟན་ལ་ཞི་དུལ་ཀྱི་སེམས་དང་བཅས་ཤིང་ཆས་གོས་དཀར་པོ་དང་ལྡན་པས་སེམས་དཔའི་སྐྱིལ་ཀྲུང་གིས་གདོང་ཤར་དུ་ཕྱོགས་ནས་རྡོར་དྲིལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང༌། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་


JLAZ011_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷནྜེ་ཨཿ ཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷ་ཨཱཏྨ་ཀོ྅ཧཾཿ ཞེས་ཐུགས་ཀར་འཁྱུད་རྒྱ་བྱ། དགང་བླུགས་བསང་སྦྱངས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམས་པས་དངོས་གྲུབ་ཐམས་ཅད་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར། མཆོད་སྲེག་གི་རྫས་རྣམས་བསང་སྦྱངས། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྟའི་བར་བརྗོད། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མནྜལ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་ལིངྟ་ཏེ་ཛྭ་ལིངྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབ། སྲེད་རྫས་རྣམས་ལ་བདུད་རྩི་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ཅིང༌། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱི་ཡམ་ཤིང་ལ། ཨོཾ་ཤྲཱི་སྭཱ་ཧཱ། ཞུན་མར་ལ། ཨོཾ་ཛིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་


JLAZ011_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ། ཨོཾ་བི་མ་ལ་ཨག་ནེ་ཡེ་སྭཱ་ཧཱཿ ཨོཾ་བེ་ཤེ་ཧསྟ་བཛྲ་ཡེ་སྭཱ་ཧཱཿ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱཿ ཨོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱཿ ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱཿ ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱཿ ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱཿ ཨོཾ་བཛྲ་གསྨརི་སྭཱ་ཧཱཿ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱཿ རྫས་གཞན་རྣམས་ལཿ ཨོཾ་ཨ་ཧ་ར་ཨ་ཧ་ར་ཕུ་ལེ་མཧཱ་ད་ར་བེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་གཙུབ་ཤིང་ལས་བྱུང་བའམ། དགོན་པ་ལས་བྱུང་བའི་མེ་དུ་བ་མེད་པས་སྦར་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཀྱིས་གཡོབ་ཅིང༌། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། དེ་ནས་ཀུ་ཤ་སྔོ་ལྗང་དྲི་མེད་ལ་ལས་ཆུས་བསངས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་བི་ག་ནཾ་ནཱ་ཤ་ཡ་ཧཱུྃ་ཕཊཿ ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། སྭཱ་ཧཱ། ཞེས་ཀུ་ཤ་རྣམས་ཐབ་ཀྱི་ཁ་ཁྱེར་ལ་རྒྱབ་


JLAZ011_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྩེ་མོ་མདུན་མའི་རྩ་བས་ནོན་པར་བྱ་ཞིང་ཆུན་པོ་ཆེ་བ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་སྟེང་ནས་བཀབ་བོ། །དེ་ནས་ལས་ཆུ་འཐོར་ཞིང་མེ་ཐབ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་ལ་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔང་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དབྱུག་ཏོ་དཀར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང༌། གཡོན་དང་པོ་ན་རིལ་པ་སྦྱི་བླུགས། གཡོན་གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན།དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་


JLAZ011_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྤྱན་དྲངས་པར་གྱུར། ལག་གཡས་མི་འཇིགས་པའི་རྒྱ་དང་མཐེ་བོང་གཡབ་ཅིང༌། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷ་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལཿ ཨོཾ་བ་བཱ་ག་ཨགྷེ་ཨཱ་གཙྪ་ཡ། མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་ཆུ་དང་སྔགས་ཀྱིས་བགེགས་བསྐྲད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ལྕགས་ཀྱུའི་ཕྱག་རྒྱས་དགུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། ཞགས་པའི་ཕྱག་རྒྱས་གཞུག །ཨོཾ་བཛྲ་སྥོ་ཊ་བཾ། ལྕགས་སྒྲོགས་གི་ཕྱག་རྒྱས་གཉིས་མེད་བྱ། ཨོཾ་བཛྲ་གྷཎྜེ་ཧོཿ དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་སྭ་བྷ་ཝ་ཤུངྔྷེ་སྭ་ཧཱ། བདག་ཅག་མེ་ཏོག་སྤོས་རབ་དང༌། །སྦྱིན་སྲེག་མཆོད་པ་འདི་འབུལ་གྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་ཤཔྟའི་བར་གྱིས་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་སྒྲུབ་པ་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །མེ་ལྷ་ཞལ་འཛུམ་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་


JLAZ011_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས། སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་གྱུར། ལག་གཉིས་དེ་བཞིན་གཤེགས་པའི་དགང་བླུགས་བཟུང་ནས། ཨོཾ་བི་མ་ལ་ཨགྣེ་ཡེ་སྭཱ་ཧཱ། ཞེས་བླུགས་གཟར་བདུན་གྱིས་ཕུལ་རྗེས་ཁ་སྦྱར་ལ་གཡས་སུ་བསྐོར་ཞིང༌། ཨོཾ་བ་བཱ་ག་ཨགྣེ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱོན་སྐྱེམས་ཕུལ། མེ་པྲ་བརྟག །དེ་ནས་རྫས་རྣམས་ཞུ་བའི་རང་བཞིན་ཅན་ཞལ་དང༌། ཡམ་ཤིང༌། དུར་ཝ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང༌། ཞོ་ཟན་དང་རིལ་བུ་སོགས་ཕྱག་གི་མཚོན་པར་ཕུལ་བར་མོས་ཟེར་ཏེ་བདུད་རྩིའི་རང་བཞིན་དུ་ཤེས་ན་རྣམ་པའི་རྟོག་དཔྱོད་ལ་མི་ལྟོས་མོད། ཇི་ལྟར་ཡང༌། ལག་ཏུ་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང༌། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་ཕུལ་ཞིང་འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང༌། ཨོཾ་པེ་ཤེ་ཧསྟ་བཛྲ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞོ་ཟན་དང༌། ཟས་མཆོག །ཨོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། གྲོ། ཨོཾ་


JLAZ011_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གྷསྨ་རི་སྭཱ་ཧཱ། དུར་ཝ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། རྫས་གཞན་རྣམས། ཨོཾ་ཨ་ཧ་ར་ཨ་ཧ་ར་ཕུ་ལེ་མ་ཧཱ་དར་ཕེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བདུན་ལ་སོགས་པས་ཕུལ་བའི་མཐར་བྱེ་བྲག་གི་སྤེལ་ཚིག་གཞན་ལས་བྱུང་བ་ལྟར་སྤྱི་ཁྱབ་ཏུ། བདག་ཅག་དཔོན་སློབ་ཡོན་མཆོད་གོང་བཞིན་སྤེལ། དེའི་ཚེ་དམིགས་པ་ནི། མེ་ལྷའི་འོད་ཀྱིས་རང་ངམ་བསྒྲུབ་བྱའི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བ་སྤུའི་བུ་ག་ནས་བཏོན་ཏེ་སྲེག་རྫས་ལ་བསྟིམ། ཡེ་ཤེས་བདུད་རྩིའི་ངོ་བོར་མཆོད་པ་ནི་མན་ངག་ཡིན་ལ། དེ་བཞིན་དུ་ནད་གདོན་དགྲ་བགེགས་འབྱུང་པོའི་འཚེ་བ་ཞི་བ་སོགས་ལ་ཡང་རིག་པས་འཕྲུལ་ཤེས་པར་བྱའོ། །དེ་ནས་ཨ་ཀཱ་རོའི་སྔགས་གསུམ་གྱིས་གཏོར་མ་བསྔོ། །བསྟོད་པ་ནི། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང༌། །བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས། །ཆོས་ཀྱི་བདུད་རྩིའི་ཡོངས་ལ་བསིལ། །ཉེས་


JLAZ011_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདའ། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཡིག་བརྒྱས་ནོངས་པ་བཤགས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་མུཾཿ ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་གྱུར། གཉིས་པ། དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ་ནི། དྲག་པོ་དཔལ་ཆེན་འདུལ་པ་ལས། བྱིན་ཟའི་ལྟོ་བ་འབར་ཞིང་བསྲེགས་པའི་ཀློངཿ ཧཱུྃ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁངཿ སོགས། ལྷ་བསྐྱེད་བསྒྱུར་ཞིང༌། ཁྲོ་བོའི་སྤྱི་སྔགས་སམ། གཙོ་སྔགས་ཁོ་ན་ལ་རྫས་སྔགས་གདགས་པ་སོགས་ཞལ་རྒྱུན་ལྟར་བྱ། ཞི་བ་ལ། ཧཱུྃ། མེ་ལྟར་འབར་ཞིང་སྲེག་པའི་ཀློང༌། །ཕོ་བྲང་གཞལ་མེད་ཉམས་དགའ་བ། །གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན། །སོགས་ནས་ཕྱག་འཚལ་གྱི་བར་སོང་རྗེས། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལས་འོད་ཟེར་དཀར་པོའི་རང་


JLAZ011_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཞིང་ཁམས་ཀུན་ཏུ་ཁྱབ་པར་ཤར་བས་ཞི་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པ་ལ་ཆེས་དཔའ་ཞིང༌། དེ་ཐམས་ཅད་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བ་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་གྱུར། ན་མཿས་མནྟ་བུདྡྷ་ནཱཾ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་པ་ལན་བདུན་གྱིས་དགང་བླུགས་ཕུལ་ཞིང༌། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ནད་གདོན་སྡིག་སྒྲིབ་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་པུས་མོའི་བར་དུ་བསྐོར་ཞིང་འབུལ་བའམ། ཡང་ན་སྔགས་ལ་འདོད་གསོལ་དམིགས་བསལ་སྦྱར་བས་ཕུལ། སྤྱི་ལ་རྫས་སྔགས་སྦྲེལ། བསྙེན་སྒྲུབ་ཁ་སྐོང་ལ་རྩ་སྔགས་ཁོ་ནས་འབུལ་བའི་བྱེ་བྲག་ཕྱེད་པར་བྱའོ། །རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་འབུལ། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་གོས་གསར་པ་དང༌། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ།


JLAZ011_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྡོ་ཐལ་མེད་པའི་སོ་རྩི་དབུལ། དེ་ནས་ལས་གཞུང་གི་མཆོད་པ་དང༌། བསྟོད་པའི་གཟི་བྱིན་བསྐྱེད། སྤྲོ་ན་ཚོགས་འཁོར་བྱ་ཞིང་མ་ནུས་ནའང་ཆད་སྐྱོན་མེད། མ་འབྱོར་པ་དང་ཉམས་པ་དང༌། །སོགས་ཀྱི་མཐར་ཡི་གེ་བརྒྱ་པས་ནོངས་པ་འཆགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་བསམ། གསུམ་པ་རྗེས་ཀྱི་རིམ་པ་ནི། བཛྲ་ཨ་མྲྀ་ཏས་བསངས། བཛྲ་ས་མ་ཡ་ཛཿ མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དགང་བླུགས་ཕུལ་ཤིང༌། ཨོཾ་བ་བཱ་ག་ཨག་ན་ཡེ་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་པས་གོས་ཟུང་དང༌། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། སོ་རྩི་ཕུལ། རྫས་ལྷག་རྣམས་སོ་སོའི་སྔགས་མཐར། ཨོཾ་བ་བཱ་ག་ཨག་ན་ཡེ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་མཆོད་སྦྱིན་རྫས་དང་ཡོ་བྱད་མ་ཚོགས་པ་དང༌། ཏིང་ངེ་འཛིན་མ་གསལ་བ་དང༌། ཆོ་ག་ལྷག་པ་དང༌། ཉམས་པ་དང༌། ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཨ་ཀཱ་རོ་མུ་ཁཾ་སོགས་ཀྱིས་གཏོར་མ་བསྔོས་ནས་ཐབ་ཏུ་དབུལ་


JLAZ011_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཕྲིན་བཅོལ་ནི། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་ཀུན་འགྲུབ་མཛོད། བར་བརྗོད། མ་འབྱོར་བ་དང་སོགས་ཀྱི་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་སྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་བཛྲ་མུ། ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་ལྟེ་བའི་ཨ་ཐུང་ལ་ཐིམ་པར་བསམ་ཞིང༌། དགེ་བ་བསྔོ། ཤིས་པ་བརྗོད། དེ་ལྟར་བྱས་པའི་སྦྱིན་སྲེག་གི་མེ་ལ་དཀྲུགས་བརྡལ་མི་བྱེད་བར་རང་ཞིར་འཇོག །ལོང་མེད་ན་འོ་མ་དང་དྲི་བཟང་གི་ཆུས་གཞིལ་ལ་ཐལ་སོལ་རྣམས་རྒྱ་མཚོར་འབབས་པའི་ཆུ་ཀླུང་ཆེན་པོར་འདོར་བའམ། ཡང་ན་ཞི་བྱེད་ཀྱི་གཉེན་པོར་ལོངས་སྤྱད་པས་བཀྲ་ཤིས་པར་འགྱུར་རོ། །ཞེས་པའང་གཅོད་པའི་དབང་ཕྱུག་གིས་ནན་གྱིས་བསྐུལ་བ་ལས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྦྱིན་སྲེག་ལ་ཚིག་ཕྲད་བསྒྱུར་ནས་བརྗོད་པ་པོ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེས་སོ།། །།

དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། ལས་བཞི་མཆོག་དང་ལྔའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་ཟ་མ་ཏོག


JLAZ011_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། ལས་བཞི་མཆོག་དང་ལྔའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་ཟ་མ་ཏོག་བཞུགས། །


JLAZ011_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞིས་སྒོས་སྒྲུབ་བཀའ་འདུས་རྒྱ་མཚོ་ལ་བརྟེན་པའི་ལས་བཞི་མཆོག་དང་ལྔའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་ཟ་མ་ཏོག་ཅེས་བྱ་བ། ཁྲག་འཐུང་འདུས་པའི་ལྷ་ལ་ཕྱག་འཚལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པའི་མཆོག་ལྡན་ནི། །སྐུ་གསུམ་ཡན་ལག་བདུན་གྱི་བདག་ཉིད་ཅན། །ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོའི་གཟུགས། །གར་དགུའི་ཉམས་བརྒྱས་དཔའ་བ་དེ་ལ་འདུད། །གང་ཞིག་བསྲེག་བྱ་བཟའ་ལ་སྟོབ་པ་དང༌། །གདན་གསུམ་ལུས་དཀྱིལ་ཚིམ་པ་དྲུག་ཏུ་མཆོད། །རྩ་ཁམས་རྣལ་འབྱོར་ཞུ་བདེས་མཉེས་པ་ལ། །ཕྱི་ནང་གསང་བའི་སྦྱིན་སྲེག་ཞེས་སུ་གྲགས། །དེ་ལ་ཕྱི་དོན་གཙོ་བོར་འཛིན་པ་རྣམས། །ཕྲིན་ལས་རྣམ་བཞི་མཆོག་དང་བཅས་པ་ཡི། །གོ་འཕང་ལ་བསྙེན་དེ་ཡི་བྱ་བའི་མཆོག །དམ་ཚིག་རྫས་དང་ཡིད་བྱེད་རྣལ་འབྱོར་བཤད། །ཇི་སྐད་དུ། སྙིང་པོ་རྒྱུད་ལས། དབྱིབས་དང་


JLAZ011_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བ་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པ་ལྟར། དེ་ལ་སྤྱི་དོན་རྣམ་པ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། ལས་ལྔ་ཚར་གྱི་སྔོན་འགྲོར་སའི་ཆོ་ག་བྱ་བ་སྟེ། སོ་སོའི་དུས་སྐབས་ལ་བབས་པ་དང་གང་བྱ་བའི་གནས་ལ་རུང་ཞིང་ཤིས་པ་དེར་ལྷའི་རྣལ་འབྱོར་ལ་བསྙེམས་བཞིན་པས་གཞི་བདག་ལ་ཆ་གསུམ་པ་སོགས་པའི་གཏོར་མ་བཏང༌། སའི་ལྷ་མོ་ལ་དཀར་གཏོར་དང་ཉེར་སྤྱོད་བཤམས་ལ། ཨ་ཀཱ་རོས་བརླབས། རྒྱལ་བ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་མངོན་པར་བཅོམ་པའི་ཚེ། །དབང་གྱུར་ས་ཡི་ལྷ་མོ་ཁྱོད། །གཏོར་མ་བཞེས་ལ་ས་འདི་བླང༌། །རྣལ་འབྱོར་བདག་ཅག་འཁོར་


JLAZ011_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ། །ནད་མེད་ཚེ་དང་དབང་འབྱོར་དང༌། །སོགས་ཀྱིས་ཕུལ་རྗེས། བཛྲ་མུཿས་གཤེགས། རྡོ་རྗེ་དང་བཅས་པའི་ཐལ་མོ་ས་ལ་བཀྲམ་སྟེ་ཡི་དམ་གྱི་ང་རྒྱལ་དང༌། རྩ་སྔགས་ཀྱི་སྦྱོང་བ་ལན་གསུམ་གྱིས་བཟུང་རྗེས། ས་གཞི་ཡང་རང་བཞིན་མེད་པར་ཤེས་པའི་ཆོས་ཉིད་ལ་དྲན་པ་མངོན་དུ་གཞག་ནས། ཤཱུནྱ་ཏའི་སྔགས་བརྗོད་པ་ནི་བདེན་པ་གཉིས་ཀྱིས་སྦྱོང་བའོ།། །།གཉིས་པ་དངོས་གཞི་ལ་ལས་བཞི་མཆོག་དང་ལྔ་སོ་སོའི་སྦྱོར་ཆོས་དང་ཕྲིན་ལས་ཐ་དད་དུ་བསྟན་པ་ལ་རིམ་པ་ལྔ་ལས། དང་པོ་ནི། རྡོ་རྗེ་ཕུར་པ་ལ་བརྟེན་ནས་ཞི་བའི་སྦྱིན་སྲེག་གི་རིམ་པ་ལ་སྦྱོར་དངོས་གཉིས་ལས། དང་པོ་ནི། ཞི་བ་ལ་བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞིར་བྱས་པའི་སྟེང་ཐབ་ཁུང་ཟླུམ་པོ་རྒྱར་ཁྲི་གང༌། དཔངས་སུ་ཁྲི་ཕྱེད་ལོངས་པ་ནས་ཕྱིར་འཕྱང་མུ་རན་རྒྱ་དཔངས་སོར་བཞི་པ་རེའི་ཁ་ཁྱེར་ནང་དུ་བགས་ཀྱི་གཞོལ་བ་ལ་རྡོ་རྗེའི་ཕྲེང་བ་དང༌། མུ་རན་ལ་མེ་རིས་བསྐོར། ཐབ་ཀྱི་དབུས་རྩེ་མོ་ཤར་བསྟན་ཀྱི་རྡོ་རྗེ་དཀར་པོ་སོར་བརྒྱད་པ་དང༌། སྟེགས་བུའི་སྟེང་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྱ། བྲུས་ཐབ་བྱེད་ན་རྒྱ་དཔངས་དང་རྣམ་པ་དེས་མཚོན་ནས་རིག་པས་དཔག་པ་སླ། བྲིས་ཐབ་ནི། སྟེགས་བུའི་སྟེང་དྲི་བཟང་དང་འབྱུང་ལྔ་དང་བདུད་རྩི་ལྔ་རྣམས་ཆང་དང་སྦྱར་བའི་ཆག་ཆག་བཏབ། དེའི་སྟེང་དུ་ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བས་རྒྱ་ཁྲུ་གང་འོང་བའི་ཕྱི་རོལ་སོར་བཞི་རེ་སྐོར་བས་མཆུ་དང་ཁ་ཁྱེར་གཉིས་ཀྱི་ནང་མ་མེ་རི་དང་ཕྱི་མ་རྡོ་རྗེའི་ཕྲེང་བ་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ། ལྟེ་བར་རྡོ་རྗེ་


JLAZ011_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་རྩེ་ལྔ་བྲི། འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆའམ་དགོན་པའི་བ་གླང་གི་གཅི་བ་སྲོག་ཆགས་མེད་པས་ཐབ་ཀྱི་དཔངས་ཚད་ཙམ་དུ་ཟླུམ་པོར་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། ཐབ་སྟེགས་ཀྱི་གྲྭ་བཞིར་མདའ་བཞིར་བཙུགས་པ་སྲད་བུ་དཀར་པོས་བསྣོལ་མར་སྦྲེལ་བ་ལ་དར་དཀར་པོས་དགབ། དེའི་ཤར་ལྷོའི་ཟུར་དུ་མདའ་དར་དམར་པོ་གཟུགས། ཐབ་ཀྱི་མདུན་དུ་རང་ཉིད་འདུག་པའི་སྟན་དཀར་ཞིང་འཇམ་པ་དང༌། དེའི་གཡས་གཡོན་དུ་སྟེགས་བུ་ཁེབས་དཀར་པོ་དང་ལྡན་པ་རེའི་གཡས་ཀྱི་སྟེང་ལོགས་སུ་བ་ལས་བྱུང་བའི་མར་ཁུ་དང༌འོ་མ་ཅན་ནམ་བལ་བུ་ལྕང་མ་ལ་སོགས་པའི་རུང་མཐུན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བའི་རྩེ་མོ་མར་ཁུར་ཉུགས་པ་དང༌། ཏིལ་དཀར། ནས་འབྲས་དཀར་པོ་ལས་བྱུང་བའི་ཆན་སོགས་ཁ་ཟས་དཀར་པོ་དང༌། ཙན་དན་དཀར་པོ་སོགས་དྲི་དཀར་པོའི་རིགས་དང༌། ཙམ་པ་ཀ་སོགས་མེ་ཏོག་དཀར་པོའི་རིགས་རང་བཞིན་ནམ་བཅོས་པས་ཁ་དོག་དཀར་བ་རྣམས་འཇིག་རྟེན་པ་དང་ཡེ་ཤེས་པ་ཐ་དད་དུ་ཕྱི་ནང་ཉིས་རིམ་དུ་བཀོད། སྟེགས་བུ་ཅིག་ཤོས་ལ། བདག་བསྐྱེད་ཀྱི་མཆོད་གཏོར་སྤྱི་འགྲེ་དང་བྱེ་བྲག་སྦྱིན་སྲེག་ལ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་བསྲེས་པའི་མར་དཀར་གྱི་གཏོར་ཟླུམ་རིལ་བུ་གང་མང་གིས་བསྐོར་བ་དང༌། འཇིག་རྟེན་པར་ཡང་རྒྱུ་གོང་འདྲའི་གཏོར་མ་ཟླུམ་པོ་གཅིག་དང་གཞན་ཡང་ཞབས་བསིལ་ལ་སོགས་བའི་ཉེར་སྤྱོད་རྣམས་རང་བཞིན་ནམ་བཅོས་བུས་དཀར་པོ་དང༌། ཉེ་ལོགས་ཅི་བདེར་ལས་


JLAZ011_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བུམ། རྡོར་དྲིལ། ཐོད་རྔ། དགང་བླུགས་དང་ཐུགས་དམ་བསྐུལ་བའི་རྫས་ཡུངས་དཀར་རིན་པོ་ཆེ་དཀར་པོའི་སྣོད་དུ་བླུགས་པ་རྣམས་མ་ཚང་བ་མེད་པར་བཤམ་མོ། །གཉིས་པ་དངོས་གཞི་ལ་གཉིས། དང་པོ་བདག་བསྐྱེད་སྔོན་འགྲོ་ནས་བཟུང་བཟླས་པའི་བར་དུ་བྱ་བ་ལས་གཞུང་ལྟར་ཤེས། རབ་གནས་སམ་སྒྲུབ་མཆོད་དང་འབྲེལ་ཚེ་བདག་བསྐྱེད་ལོགས་སུ་བྱ་མི་དགོས་པ་འོག་མ་རྣམས་ལའང་འགྲེ། ཧཱུྃ་བིགྷྣཾ་ཏ་ཀྲིཏ་ཕཊ་ཀྱིས་ལས་བུམ་བསྒྲུབ། གཉིས་པ་སྦྱིན་སྲེག་གི་ལས་ལ་འཇུག་པ་ནི། རང་ཉིད་ཆོས་གོས་དཀར་པོ་དང་ལྡན་པ་ལྷའི་རྣལ་འབྱོར་ལ་གནས་བཞིན་པས་སྟན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་སྟེ་ཞི་ཞིང་དེས་པའི་སེམས་དང་ལྡན་པས་རྡོར་དྲིལ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང༌། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷནྜེ་ཨ། ཞེས་ལག་གཡོན་གྱིས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ཐབས་ཤེས་གཉིས་སུ་མེད་པའི་དོན་དྲན་པས་ཐུགས་ཀར་འཁྱུད་རྒྱ་བྱ། དེ་ནས་མཆོད་རྫས་བརླབ་པ་ནི། ཧཱུྃ། དབྱིངས་ནས་ཡེ་ཤེས་འབྲུ་གསུམ་ཆར་དུ་


JLAZ011_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བབསཿ མཆོད་རྫས་དངོས་འཛིན་མ་དག་བསྲེགས་གཏོར་བཀྲུསཿ བྷཱུྃ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནངཿ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུརཿ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུྃ་དང་སྨན་གཏོར་རཀྵའི་སྔགས་ཀྱིས་བརླབ། སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང༌། ཧཱུྃ་བིགྷྣན་ཏ་ཀྲིཏ་ཕཊ་དང་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱཾ། ཞེས་ལན་བདུན་བཟླས་པས་བྱིན་གྱིས་བརླབས། ཐབ་བསངས་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ལྟེ་བ་ལ་གནས་པའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་འོད་ཟེར་དཀར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བར་བསམས་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་དགེ་འདུན་གྱི་ཚང་མང་ངམ་གཙུབ་ཤིང་ལས་བྱུང་བའི་མེ་དུ་བ་མེད་པས་སྤར་ལ། ཐབ་ཀྱི་མེའི་དབུས་སུ་མ་དང་དེ་ལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨོཾ་ཡིག་དཀར་


JLAZ011_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣི་ངྷེ་བ་རྀ་ཥི་ཧཱུྃ། ཞི་བའི་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་དྲང་སྲོང་གི་ཆོས་ཅན་གུནྡྷེ་དང་བགྲང་ཕྲེང་འཛིན་པའི་སྐུར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ། ཨགྣི་དེ་བ་ས་མ་ཡ་ཧཱུྃ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོ་གཡབ་ཅིང༌། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དེ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཨགྣི་དེ་བ་རྀ་ཥི་ཛཿཛཿས་སྤྱན་དྲངསཿ ཛཿཧཱུྃ་བཾ་ཧོཿ ས་བསྟིམ། ཨོཾ་བཛྲ་ཨརྒྷཾ་པུཥྤེ་སོགས་ཉེར་སྤྱོད་ཀྱིས་མཆོད། ཇི་ལྟར་བལྟམས་པ་སོགས་གྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བུམ་ཆུ་གཏོར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀ་ར་སྭཱ་ཧཱཿ ཞེས་བརྒྱན་བཏགས་པར་བསམ། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་གྱུར་པར་བསམས་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པས་དགང་བླུགས་བཟུང་ནས། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་


JLAZ011_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པའི་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་སུ་བསྐོར་བཞིན་པར་ཨོཾ་ཨགྣི་དེ་བ་རྀ་ཥི་ཧ་བྱ་ག་བྱ་དེ་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱི་དགང་བླུགས་ཕུལ་ནས་སྔགས་དེ་ཉིད་ཀྱིས། ཡམ་ཤིང༌། མར་ཁུ། སྲེག་རྫས་རྣམས་སོ་སོ་ནས་ལྔའམ་བདུན་སོགས་ཇི་ལྟར་རིགས་པ་ཕུལ་ལ། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པས་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་བ་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུངས། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ལ་ཡུངས་ཀར་ཐབ་ཏུ་འཐོར་ཞིང༌། ན་མོ། རིག་


JLAZ011_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་རྣམས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་འདོད་དོན་གསོལ་ལ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་མཆོད་པ་ནི། སྭཱ་བྷཱ་ཝས་སྦྱངས་ནས། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུསཿ བྷྲཱུྃ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁངཿ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁརཿ གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ལྡནཿ གུ་ཎ་ཏྭ་ར་རྟ་བབས་བང་རིམ་བརྒྱདཿ ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོགཿ ཕྱི་རོལ་རིན་ཆེན་རྩིག་པའི་རྨིང་གི་གཞིཿ འདོད་སྣམ་དམར་པོར་ལྷ་མོ་བཅུ་དྲུག་འཁོདཿ ཕ་གུ་སེར་པོ་དྲྭ་བ་དྲྭ་ཕྱེད་མཛེསཿ ཤར་བུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོགཿ ནང་ནི་དུར་ཁྲོད་རོལ་པའི་གཞལ་མེད་ཁངཿ ཕྱི་འཁོར་རི་གླིང་བརྒྱད་དང་རྡོ་རྗེའི་གུརཿ བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློངཿ འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེཿ རབ་འཇིགས་གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུསཿ བདེ་ཆེན་ཀུན་ཏུ་བཟང་མོའི་ཨེ་ཀློང་དབྱིངསཿ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁརཿ མ་ཆགས་


JLAZ011_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཐབས་ཤེས་ཉི་ཟླའི་སྟེངཿ རུ་ཏྲ་ཕོ་མོ་བདུད་བཞི་བྱི་ཆིངས་བསྣོལཿ པཾ་པདྨ་མཎྜལཿ མ་སཱུར་ཡ་མཎྜལཿ ཨ་ཙཎྜ་མཎྜལཿ ཛཿཧཱུྃ་བྃ་ཧོཿ ཏི་ར་བཾཿ ཨོཾ་བཛྲ་སཏྭ་ཧཱུྃཿ རྡོ་རྗེ་ཧཱུྃ་ཡིག་ཡོངས་གྱུར་ལསཿ རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནིཿ ཞེས་པ་ནསཿ ས་མ་ཡ་ཏིཥྛ་ལྷནཿ ཞེས་པའི་བར་བྱཿ སྐབས་འདིར་སྒྲུབ་འཇུག་གི་ཁ་སྐོང་སྦྱིན་སྲེག་དང་རབ་གནས་ཞལ་བསྲོའི་རྒྱས་པའི་སྲེག་བླུགས་སོགས་ཀྱི་དུས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས་ལྷ་བསྐྱེད་པ་དོར་ཏེ་དཀྱིལ་འཁོར་གྱི་ལྷ་མཚོན་པ་མེ་ཏོག་གི་ཚོམ་བུའི་དབུ་རྒྱན་གྱི་རྣམ་པར་སྤྱན་དྲངས་པ་ལས་སློབ་དཔོན་གྱིས་མེ་ཏོག་ཐབ་ཏུ་དོར་བ་དང་ལྷན་ཅིག་ལྷ་ཚོགས་རྣམས་རང་རང་གི་གདན་ལ་བཞུགས་པར་བསམ་ཏེ་བསྐྱེད་སྔགས་ཙམ་གྱིས་གསལ་གདབ་པའམ་ཡང་ན་བསྐྱེད་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནིཿ སྙིང་རྗེ་རྔམས་ཞིའི་ངང་ཉིད་ལསཿ ཞེས་པ་ནསཿ མ་མོ་དྲུག་ཅུ་ཕོ་ཉར་འགྱེདཿ ཅེས་པའི་བར་གྱིས་གཙོ་བོའི་མངོན་རྟོགས་དང༌། ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊཿ སྲས་མཆོག་ཀཱི་ལ་རིགས་ལྔ་ནིཿ སོགས་ནས། དུག་ལྔ་རྩད་ནས་གཅོད་པར་བྱེདཿ ཅེས་སྲས་མཆོག་ལྔ་དང༌། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃཿ གརྫ་ཧཱུྃ་ཕཊཿ


JLAZ011_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གརྫ་ཧཱུྃ་ཕཊཿ སྟེང་ཕྱོགས་ཉི་ཟླའི་གདན་སྟེངས་སུཿ ཁྲོ་བོ་རྡོ་རྗེ་ཧཱུྃ་མཛད་ནི་སོགས་ནས། ཞེ་ལ་བརྣག་པའི་སྟོབས་ཀྱིས་སྒྲོལཿ ཞེས་སྒོ་མ་བཞི་བསྐྱེད་པའི་བར་གྱི་མངོན་རྟོགས་གསལ་གདབ་པ་སྟེ་འདིས་མཚོན་ནས་སླད་ཀྱི་སྦྱིན་སྲེག་གཞན་རྣམས་ལའང་འགྲེས་ཤེས་པར་བྱ་བ་ནི་དུས་སྐབས་ཁྱད་པར་བའི་ཆོ་གའི་ལག་ལེན་ཡིན་ཏེ་དེའི་ཚེ་བདག་བསྐྱེད་ཀྱང་སྒོས་སུ་མི་དགོས་མོད། སྦྱིན་སྲེག་དཀྱུས་མ་གློ་བུར་དུ་བྱེད་པ་ལ་དཀྱུས་བཞིན་ནོ། །དེ་ནས། བླ་མེད་མཆོག་གི་མཆོད་པ་དམ་པ་ནིཿ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོཿ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེཿ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལཿ ཞེས་པའི་མཐར། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་བིགྣན་བཾ་ཧཱུྃ་ཕཊཿ ཅེས་པ་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་བཛྲ་ཨགྣི་ཛྭ་ལ་རཾ་སྥ་ར་ཎ་མ་ཧཱ་པཱུ་ཛ་ཁཱ་ཧིཿ ཞེས་པ་ལན་གསུམ་གྱིས་བསྐོར་བཞིན་ཕུལ་རྗེས། ཧཱུྃ། གཏི་མུག་རྡོ་རྗེ་འཁོར་བཅས་པསཿ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུནཿ ཡུད་ཙམ་གྱིས་ནི་ཞི་མཛད་ནསཿ ཞི་མཛད་མཆོད་


JLAZ011_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞེས་སུ་གསོལཿ ཞེས་བརྗོད་ནས་སྲེག་རྫས་རྣམས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིག་ནན་བྃ་ཧཱུྃ་ཧཱུྃ་ཕཊཿ ཤཱནྟིང་ཀུ་རུ་སྭཱ་ཧཱཿ ཞེས་པ་ཁོ་ནས་འབུལ་བ་ནི་རྒྱུད་སྡེའི་དགོངས་པར་འབྲེལ་བ་ཡིན། འོན་ཀྱང་བསྙེན་སྒྲུབ་ཁ་སྐོང་གི་སྦྱིན་སྲེག་ལ་བཟླ་བྱའི་རྩ་སྔགས་ཁོ་ན་དབུལ། སྔགས་བཅུ་ཚན་ནམ་བདུན་སོགས་དང་རྫས་རེ་རེའི་རྫོགས་མཚམས་སུ་འདོད་གསོལ་ནི། བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །བྱད་ཕུར་གདོན་བགེགས་རིམས་ནད་དང༌། །རྨིས་ལྟས་མཚན་ངན་དུས་མིན་འཆི། །འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མྱུར་དུ་ཞི་ཞིང་མེད་པར་མཛོད། །ཅེས་འདོད་གསོལ་སྦྱར། རྫས་རྣམས་རྫོགས་པ་དང༌། དགང་བླུགས་གསུམ་ཕུལ་ནས། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡིས། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །སྲེག་བླུགས་བདུད་རྩིའི་མཆོད་པའི་མྱོས་གྱུར་ནས། །ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བསྐུལ་ནས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས་བསྒྲུབ་བྱ་ལ་རེག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ་མོ། །དེ་ནས་དེ་ལ་སོགས་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་དང༌། བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱས་སོ་རྩེ་དབུལ། སྨན་མཆོད་འབུལ་


JLAZ011_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། རྡོ་རྗེའི་དམ་ཚིག་རྨད་པོ་ཆེ། །རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད། །རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩི། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ གཏོར་མ་འབུལ་བ་ནི། ཧཱུྃཿ བྷ་ག་ཡངས་པའི་གཏོར་གཞོང་དུཿ ལིངྒ་འདོད་ཡོན་གཏོར་མར་འབརཿ རྡོ་རྗེ་བཟའ་བའི་དམ་ཚིག་རྫསཿ ཨ་ལ་ལ་སྟེ་དགྱེས་པར་རོལཿ མ་ཧཱ་བ་ལིངྟ་ཁཱ་ཧིཿ ཞེས་གཏོར་མ་ཐབ་ཏུ་དབུལ། རཀྟ་མཆོད་པ་ཚར་གསུམ་ནི། ཧཱུྃཿ དངོས་གྲུབ་བར་ཆད་བྱེད་པའི་བགེགསཿ གདུག་ཅིང་སྡང་སེམས་ལྡན་པ་རྣམསཿ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངསཿ གཏོགས་ཤིག་གྲོགས་དང་བྲལ་བར་གྱིསཿ རེངས་པར་ཁུག་ལ་སྨྲར་ཆུག་ཅིགཿ ཕོབ་ཅིག་རྣམ་པར་གཟིར་བར་གྱིསཿ ང་ཡི་དབང་དུ་གྱུར་ནས་ཀྱང༌། བསྒོ་བའི་བཀའ་ལ་ཉན་པར་གྱིསཿ མ་ཧཱ་རཀྟ་ཁཱ་ཧིཿ ཧཱུྃཿ བྲན་དང་བཀའ་ཉན་ཕོ་ཉའི་ཚོགསཿ ཁྱེད་ཀྱི་དམ་ཚིག་དུས་ལ་བབཿ སྔོན་ཆད་ཇི་ལྟར་དམ་བཅས་པའིཿ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོདཿ མ་ཧཱ་རཀྟ་ཁཱ་ཧིཿ ཧཱུྃཿ དངོས་གྲུབ་བར་ཆད་བྱེད་པའི་བགེགསཿ གདུག་ཅིང་སྡང་སེམས་ལྡན་པ་རྣམསཿ ལྷའམ་འོན་ཏེ་བདུད་ཀྱང་རུངཿ ང་ལ་བར་ཆད་བྱེད་པ་རྣམསཿ མཐུ་དང་རྫུ་འཕྲུལ་


JLAZ011_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་མཛོདཿ མ་ཧཱ་རཀྟ་ཁཱ་ཧིཿ ཞེས་ཕུད་དང་རཀྟ་བསྲེས་ནས་དང་པོས་ཕོ་ཉ་ལ་བཀའ་བསྒོ་བ་དང༌། གཉིས་པས་དམ་ཅན་ལ་ཐ་ཚིག་བསྒྲགས་པ་དང༌། གསུམ་པས་གནོད་བྱེད་ཀྱི་རྫུ་འཕྲུལ་འཕྲོག་པའི་ཕྱིར་འབུལ་བ་ཕུར་པ་རང་གི་སྒོས་ཆོས་སོཿ ཧཱུྃ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དངཿ དགོད་དང་གཤེ་དང་འཇིགས་པར་སྟོན་པ་དངཿ སྙིང་རྗེ་རྔམས་ཞི་རྡོ་རྗེ་གཞོན་ནུའི་སྐུཿ ཞེ་སྡང་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོདཿ ཡབ་ཀྱི་ཐུགས་དམ་དགྱེས་པ་སྐོང་བའི་ཡུམཿ འཁོར་ལོ་རྒྱས་འདེབས་འདོད་ཆགས་འཇོམས་མ་དངཿ ཨེ་ཀ་ཛ་ཊཱི་ཞེ་སྡང་འཇོམས་མཛད་མཿ འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་ལ་བསྟོདཿ ཡེ་ཤེས་ལྔ་ལྡན་ཕུར་བུས་དུག་ལྔ་འཇོམསཿ ཕྲིན་ལས་ལྔ་ཡིས་དྲེགས་པ་སྒྲོལ་བ་ལཿ ཐོགས་པ་མེད་པའི་ལས་མཛད་འདུས་པ་ལྔཿ སྲས་མཆོག་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོདཿ ཡེ་ཤེས་རོལ་པའི་སྟོབས་བཅུས་མི་དགེ་འཇོམསཿ སྐུ་གསུང་ཐུགས་ཀྱིས་གདུག་པ་སྒྲོལ་བར་མཛདཿ ཡང་དག་དོན་གྱིས་ལོག་འདྲེན་འཇོམས་མཛད་པཿ ཁྲོ་བོ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་བསྟོདཿ བྱང་ཆུབ་བདེ་ལ་རོལ་པའི་ཕོ་ཉ་མོཿ གདུལ་བྱའི་དོན་ལ་ཕྲ་ཐབས་གཟུགས་འཛིན་ཅིངཿ དྲེགས་པའི་ཚོགས་རྣམས་མ་ལུས་འདུལ་


JLAZ011_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པཿ ཕྲ་མེན་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོདཿ ཅེས་བསྟོདཿ སྦྱིན་སྲེག་གི་ཆོ་གའི་དུས་འདིར་སྦགས་དང་བསྟུན་ཏེ་རྫས་བསྲེག་ཅིང་མཆོད་པ་འབུལ་བ་བཟླས་པའི་ངོ་བོ་ཉིད་ཡིན་ཕྱིར་བཟླས་པ་སྒེར་དུ་མི་དགོས་མོད་ཀྱངཿ སྤྲོས་པ་ལ་དགའ་བ་རྣམས་བཟླས་པ་བྱ་བར་འདོད་ན་སྐབས་འདིར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་པད་ཉིའི་གདན་ལ་སྔགས་ཕྲེང་ས་བོན་དང་བཅས་པའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སངས་རྒྱས་ཐམས་ཅད་མཆོད་པས་དགྱེས་པ་བསྐྱེད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཁྱད་པར་དུ་དམིགས་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་ཅན་གྱིས་སྦྱངས་ཏེ་དག་ཅིང་ཞི་བར་གྱུར་པར་བསམས་ལ་རྩ་སྔགས་དང་དེའི་མཐར་ནད་གདོན་སྡིག་སྒྲིབ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཅི་རིགས་བཟླའོ། །ཨརྒྷཾ་སོགས་ཀྱིས་མཆོད་ཅིང་བསྟོད་ནས། མ་རྙེད་ཡོངས་སུ་མ་ཚང་དང༌།། གཙོ་བོ་ནུས་པ་མ་མཆིས་པས། །འདིར་ནི་བྱ་མིན་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། དེ་ནས་སྒྲུབ་དཀྱིལ་དང་འབྲེལ་ན་སྔར་བཞིན་སྤྱན་དྲངས་ཏེ་ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་རབ་གནས་དུས་རྟེན་གྱི་ཐུགས་ཀར་གཤེགས།


JLAZ011_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་གདན་དང་བཅས་པ་རང་ཉིད་ལ་ཐིམ་པར་བསམ། གློ་བུར་བའི་ཚེ། བཛྲ་མུཾ་གྱིས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྟིམ། སླར་ཡང་ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ། འཇིག་རྟེན་པ་སྔར་ལྟར་གསལ་བ་ལ་ཨོཾ་ཨགྣེ་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དེ་བྱ་བདག་ཅག་དཔོན་སློབ་སོགས་ཀྱིས་སྲེག་རྫས་ལྷག་མ་དང༌། ཨོཾ་བཛྲ་ཝསྟྲས་གོས་ཟུང་དང༌། བཛྲ་ཏམྦུ་ལས་སོ་རྩི་འབུལ། ཨོཾ་ཨགྣེ་དེ་བ་རྀ་ཥི་མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་གཏོར་མ་དང༌། མ་ཧཱ་པཉྩ་ཨ་མྲི་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ལས་སྨན་རཀ་ཕུལ། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །ཞེས་ཤླཽ་ཀས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས་ལ། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམས་ལ་དགེ་བ་བསྔོ་ཞིང་ཤིས་བརྗོད་བྱའོ།། །། ༈ གཉིས་པ་དཔལ་ཆེན་ཕྱག་རྒྱ་རྒྱས་པ་ལ་བརྟེན་ནས་རྒྱས་པའི་སྦྱིན་སྲེག་གི་རིམ་པ་ལ་གཉིས་ལས། དང་པོ་སྦྱོར་བ་ནི། ཚོང་དུས་དང་རྒྱལ་པོའི་བང་མཛོད་ཀྱི་ས་ལ་ཐབས་སྟེགས་གྲུ་བཞི་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་ཕྱེད་པའི་སྟེང༌། བ་བྱུང་དང་དྲི་སེར་པོས་ཆག་ཆག་བཏབ་ནས་ཐབ་ཁྲུང་གྲུ་བཞི་རྒྱར་ཁྲུ་གང་བ་དང་དཔངས་སུ་ཁྲུ་ཕྱེད་པ་སོར་བཞི་པའི་མཆུ་དང་མུ་རན་བང་རིམ་ཅན་ལ་མེ་རི་དང་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ་བྲི། ཐབ་ཀྱི་དབུས་སུ་རིན་པོ་ཆེ་ཧྲཱཾ་གིས་མཚན་པ་འབྲི། བརྐོས་ཐབས་དང་བྲིས་


JLAZ011_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་ཀྱང་དེས་མཚོན་པར་བབ་ཀྱི་ནང་རྒྱ་ཁྲུ་གང་གི་ཕྱི་རོལ་སོར་བཞི་རེའི་ཚད་ཀྱི་མཆུ་དང་ཁ་ཁྱེར་ཕྱིར་འབྱེད་པ་ཡིན་ནོ། །འབྲས་བུ་ཅན་ནམ་མདོག་སེར་བ་དང་འོ་མ་ཅན་གྱི་བུད་ཤིང༌། རྒྱ་དཔངས་ཐབས་ལས་ཅུང་ཟད་དམན་པར་བརྩིག །སྟེགས་བུའི་གྲྭ་བཞིར་མདའ་གཞི་སྲད་བུ་སེར་པོས་སྤྲེལ་བ་དར་སེར་གྱིས་དགབ། ཤར་ལྷོའི་གྲར་མདའ་དར་དམར་པོ་གཟུགས། མདུན་དུ་སློབ་དཔོན་གྱི་སྟན་དང་མེ་ཡོལ། དེའི་གཡས་གཡོན་དུ་མཆོད་རྫས་དང་སྲེག་རྫས་ཀྱི་སྟེགས་བུ་ཁེབས་སེར་པོས་གཡོགས་པའི་སྟེང་མར་ཁུ་དང༌། རྒྱུ་བུད་ཤིང་དང་འདྲ་བའི་ཡམ་ཤིང་མཐོ་གང་བའི་རྩེ་མོར་མར་ཁུས་ཉུགས་པ། མངར་གསུམ་དང་ཞོ་འོ་མ་མར་ཁུ་སོགས་བསྲེས་པའི་ཞོ་ཟན། སྟར་ཁ་རྒུན་འབྲུམ་ལ་སོགས་པའི་ཤིང་འབྲས། ནས་འབྲས་ལ་སོགས་པའི་འབྲུ། གུར་གུམ་ལ་སོགས་པའི་མེ་ཏོག་སེར་པོའི་རིགས། དཱུར་ཝ་དང་རིན་པོ་ཆེ་རྣམས་ཁ་དོག་རང་བཞིན་གྱི་སེར་པོ་མི་གནས་པ་དག་བཅོས་བུས་སེར་པོར་བྱས་པ་དང༌། སྟེགས་བུ་ཅིག་ཤོས་ལ་བདག་བསྐྱེད་ཆོས་སྲུང་དང་བཅས་པའི་མཆོད་གཏོར་དང་བྱེ་བྲག་ཏུ་གསེར་ཕྱེ་དང་མེ་ཏོག་སེར་པོ་བསྲེས་པའི་ལྷ་བཤོས་གྲུ་བཞི་པད་འདབ་བཞི་པ་ཡེ་ཤེས་པ་དང་འཇིག་རྟེན་པ་སོ་སོར་བཤམས་པ་དང༌། སོ་རྩི་དང་མེ་དར་སེར་པོ། གཞན་ཡང་སྨན་རཀ་ཉེར་སྤྱོད་རྣམས་དང༌། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ཐོད་རྔ། དགངས་བླུགས་སོགས་འོག་ཏུ་དགོས་པ་ཐམས་ཅད་མ་ཚང་བ་མེད་པར་བཤམ་མོ།། །།གཉིས་པ་དངོས་གཞིའི་རིམ་པ་ནི། བདག་བསྐྱེད་ཀྱི་རྣལ་འབྱོར་ལ་བསྙེམས་


JLAZ011_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པས། རང་ཉིད་ཆས་གོས་སེར་པོ་གྱོན་ཞིང་རིན་པོ་ཆེའི་རྒྱན་དང་ལྡན་པ་མཉམ་པའི་སྐྱིལ་ཀྲུང་གིས་སྟན་ལ་འཁོད་ནས། ཞི་ཞིང་དཔའ་བའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས། རྡོར་དྲིལ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ཨོཾ་མཧཱ་བཛྲ་ཧཱུྃ་གིས་རྡོ་རྗེ་གསོར། ཨོཾ་བཛྲ་གཎྜེ་ཨཿས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ ཞེས་འཁྱུད་རྒྱ་བྱ། དེ་ནས་མཆོད་པ་བརླབ་པ་ནི། ཧཱུྃཿ དབྱིངས་ནས་ཡེ་ཤེས་འབྲུ་གསུམ་ཆར་དུ་བབསཿ མཆོད་རྫས་དངོས་འཛིན་མ་དག་བསྲེག་གཏོར་བཀྲུསཿ བྷཱུྃ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནངཿ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུརཿ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུྃ་དང༌། སྨན་གཏོར་རཀྟའི་སྔགས་ཀྱིས་བརླབ། སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང༌། ཧཱུྃ་བིགྣན་ཏ་ཀྲིཏ་ཕཊཿ སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་རྒྱས་པའི་ལས་སྒྲུབ་པ་


JLAZ011_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱཾཿ ཞེས་བདུན་བཟླས་པས་བྱིན་གྱིས་བརླབས་ནས། ཐབ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཞེས་བརྗོད་པས་མདུན་དུ་རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ་མུ་རན་ཁ་ཁྱེར་དང་ལྡན་པ་འོད་ཟེར་སེར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་སེར་པོར་འབར་འབར་བསམས་ལ། ཨོཾ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊཿ ཅེས་རྗེའུའི་རིགས་ཀྱི་ཁྱིམ་ལས་བྱུང་བའམ་ནོར་བུ་ལས་བྱུང་བའི་མེ་སྦར་ལ། ཐབ་ཀྱི་མེའི་དབུས་སུ་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨགྣེ་དེ་བ་རྀ་ཥྀ་ཧཱུྃ་ཞེས་བརྗོད་པས་རྒྱས་པའི་མེ་ལྷ་སེར་པོ་སྒེག་ཅིང་གཟི་འབར་དྲང་སྲོང་གི་ཆ་ཅན་རིན་པོ་ཆེའི་སྒྲོམ་བུ་དང་བགྲང་ཕྲེང་འཛིན་པ་གསལ་བར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཨགྣེ་དེ་བ་ས་མ་ཡ་ཧཱུྃ་ཛཿ ཅེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོ་གཡབ་ཅིང༌། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས། ཨགྣེ་དེ་ཝ་རྀ་ཥྀ་ཛཿཛཿས་སྤྱན་དྲངས།


JLAZ011_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བྃ་ཧོཿས་བསྟིམ། ཨོཾ་ཨགྣེ་དེ་ཝ་རྀ་ཥི་ཨརྒྷཾ་པུཥྤེ་སོགས་ཀྱིས་ཉེར་སྤྱོད་ཕུལ། ཧཱུྃ། རིན་ཆེན་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཕྲིན་ལས་ཀུན་གྱི་དཔང་པོ་མཛད། །སྟངས་འཛིན་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པའི་བསྟོད། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་ཆུ་གཏོར་ཞིང༌། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨཱ་ལངྐ་ར་སྭཱ་ཧཱ། ཞེས་རྒྱན་བཏགས་པར་བསམ། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་གྱུར་པར་བསམས་ལ། རཏྣའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་མར་ཁུ་ལན་བདུན་གྱིས་དགང་གཟར་བཀང་སྟེ་དགང་བླུགས་ཁ་སྦྱར་བ་གཡས་སུ་བསྐོར་ཞིང༌། ཨོཾ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དེ་བྱ་མ་ཧཱ་ཡེ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ། ཞེས་ལན་གསུམ་གྱིས་ཐབ་ཏུ་ཕུལ། དེ་རྗེས་སྔགས་དེ་ཉིད་ཀྱིས་ཡམ་ཤིང༌། མར་ཁུ། ཟས་མཆོག་ལ་སོགས་པའི་སྲེག་རྫས་རྣམས་རེ་རེ་ནས་ཇི་ལྟར་རིགས་པ་ཕུལ་རྗེས། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་


JLAZ011_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རྒྱལ་པོ་དྲང་སྲོག་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པས་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུངས། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ནས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་རྣམས་ལྷའི་ཞལ་དུ་འབུལ་བ་དང་མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། དེ་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མཆོད་པ་ནི། སྭ་བྷཱ་ཝས་སྦྱངས། མེ་ལྷའི་ལྟོ་བ་འབར་ཞིང་བསྲེགས་པའི་ཀློངཿ བྷྲཱུྃ་ཡིག་གནས་གྱུར་སྤྲུལ་པའི་གཞལ་མེད་ཁངཿ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁརཿ གྲུ་བཞི་སྒོ་བཞི་ཚད་


JLAZ011_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚན་ཉིད་ལྡནཿ གུ་ཎ་ཏྭ་ར་རྟ་བབས་བང་རིམ་བརྒྱདཿ ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོགཿ ཕྱི་རོལ་རིན་ཆེན་རྩིག་པའི་རྨིང་གི་གཞིརཿ འདོད་སྣམ་དམར་པོར་ལྷ་མོ་བཅུ་དྲུག་འཁོརཿ ཕ་གུ་སེར་པོ་དྲྭ་བ་དྲྭ་ཕྱེད་མཛེསཿ ཤར་བུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོགཿ ནང་ནི་དུར་ཁྲོད་རོལ་པའི་གཞལ་མེད་ཁངཿ ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུརཿ བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློངཿ འོག་མིན་གསང་ཆེན་རོལ་བའི་ཕོ་བྲང་ཆེཿ རབ་འཇིགས་གནམ་ལྕགས་ཙཀྲ་རྩིབས་བརྒྱད་དབུསཿ བདེ་ཆེན་ཀུན་ཏུ་བཟང་མོའི་ཨེ་ཀློང་དུཿ བྱོལ་སོང་གཙོ་རྣམས་དྲེགས་པ་ཆེ་དགུར་བརྫིསཿ མ་ཆགས་པདྨ་ཐབས་ཤེས་ཉི་ཟླ་འབརཿ རུ་ཏྲ་ཀྲོ་ཏི་ཏི་ར་བཾཿ པཾ་པདྨ་མཎྜལཿ མ་སཱུར་ཡ་མཎྜལཿ ཨ་ཙནྡྲ་མཎྜལཿ དེ་སྟེང་ཧཱུྃ་ཡིག་ཡོངས་གྱུར་ལསཿ ཆེ་མཆོག་བཛྲ་ཐོད་ཕྲེང་རྩལཿ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱདཿ ཞེས་པ་ནས། ས་མ་ཡ་ཨ་བེ་ཤ་ཡ་ཏིཥྛ་ལྷནཿ ཞེས་པའི་བར་བྱ།། །།སྐབས་འདིར་སྒྲུབ་འཇུག་དང་འབྲེལ་བ་སོགས་ཡིན་ན་གདན་བསྐྱེད་པའི་རྗེས་དེ་མ་ཐག་པར་སྤྱན་འདྲེན་བྱ་དགོས་པས་མཎྜལ་མེ་ཏོག་གི་ཚོམ་ཅན་སོགས་ཀྱི་བརྡས་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་སློབ་དཔོན་གྱིས་


JLAZ011_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཐབ་ནང་ཏུ་དོར་བ་དང་ཆབས་ཅིག །ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃཿ ཆེ་མཆོག་བཛྲ་ཐོད་ཕྲེང་རྩལཿ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱདཿ ཅེས་སོགས་ནས། མ་འདྲེས་ཡོངས་རྫོགས་ཆེན་པོར་གསལཿ ཞེས་པའི་བར་གྱིས་གསལ་གདབ་ཉིད་ཁྱད་པར་རོ། །དེ་ནས། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནིཿ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོཿ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེཿ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལཿ ཨོཾ་ཤྲཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ནས་ཤཔྟའི་བར་གྱིས་མཆོད་ནས།དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ།ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃཿ ཞེས་པ་བདུན་གྱིས་དགང་གཟར་བཀང་རྗེས། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊཿ ཅེས་པ་ལན་གསུམ་གྱིས་བསྐོར་བཞིན་འབུལ་བ་དང༌། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡི། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །སྲེག་བླུགས་བདུད་རྩིའི་མཆོད་པས་མཉེས་བྱས་ནས། །རྒྱས་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་ནས་སྲེག་རྫས་རྣམས་ཡམ་ཤིང་མར་ཁུ་སོགས་རིམ་པར་གཙོ་སྔགས་འབའ་ཞིག་གི་མཐར་ཚེ་དཔལ་


JLAZ011_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་པུཥྚིཾ་ཀུ་རུ་ཨོཾ་ཞེས་བཏགས་པས་འབུལ་བའམ་ཡང་ན་རིགས་བཞིའི་རྩ་སྔགས་དང་ཁྲོ་བོ་སྤྱི་སྔགས་ལ་གཤམ་བུ་བཏགས་པ་གཙོ་འཁོར་གྱི་འགྲོས་སྦྱར་བས་འབུལ་ཞིང༌། བཅུ་བཅུའམ་བརྒྱ་བརྒྱའི་མཚམས་སུ་སྤེལ་ཚིག་ཅི་རིགས་པའི་མཐར་པུཥྟིཾ་ཀུ་རུ་ཨོཾ་ཞེས་སྦྱར་བའམ། ཡང་ན། ཡེ་ཤེས་མེ་དང་ཞེས་པས་འདོད་དོན་གསོལ། རྫས་ཀྱི་གོ་རིམ་ཀྱང་མར་ཁུ་ཡམ་ཤིང་གི་རྗེས་ཞི་བར་ཏིལ་དང་རྒྱས་པར་ཟས་མཆོག་སྔོན་དུ་འགྲོ་བ་ཙམ་ཕྱག་བཞེས་སུ་སྣང་བ་ལས་གཞན་དུ་གོ་རིམ་གྱི་ངེས་པ་ཆེར་མི་འབྱུང་ངོ༌། །རྫས་རྫོགས་ནས་དགང་བླུགས་ལན་གསུམ་མམ་བདུན་ཅི་རིགས་པ་ཕུལ་ལ། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་གསེར་མདོག་ཉི་འོད་ལྟ་བུ་འཕྲོས་པས་བསྒྲུབ་བྱའི་ཚེ་དང་བསོད་ནམས་རྒྱས་པར་བསམ་མོ། །དེ་ནས་དེ་ལ་ཞེས་པས་གོས་ཟུང་དང༌། བཛྲ་ཏ་མཱུ་ལས་སོ་རྩི་ཕུལ། དེ་ནས་སྨན་མཆོད་ནིཿ ཧཱུྃཿ རྡོ་རྗེའི་དམ་ཚིག་རྨད་པོ་ཆེཿ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུདཿ རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩིཿ རིགས་ལྔ་དམ་ཚིག་ལྔ་ཡི་དངོསཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ གཏོར་མ་འབུལ་བ་ནི། ཧཱུྃཿ བྷ་ག་ཡངས་པའི་གཏོར་གཞོངས་དུཿ ལིངྒ་འདོད་ཡོན་གཏོར་མར་འབརཿ རྡོ་རྗེ་བཟའ་བའི་དམ་ཚིག་རྫསཿ ཨ་ལ་ལ་ཏེ་དགྱེས་པར་རོལཿ མ་ཧཱ་བ་ལིངྟ་ཁཱ་ཧིཿ ཞེས་གཏོར་མ་ཐབ་


JLAZ011_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབུལ། ཧཱུྃཿ ལྕང་ལོར་བཅས་པའི་དུང་ཆེན་དུཿ ཆགས་སྡང་དབྱིངས་སུ་བསྒྲལ་བའི་ཁྲགཿ འཁོར་བ་གནས་སུ་དག་བྱའི་ཕྱིརཿ བླང་དོར་མེད་པར་བཞེས་སུ་གསོལཿ མ་ཧཱ་རཀྟ་ཁཱ་ཧིཿ ཞེས་རཀྟ་ཕུལ། སྤྲོ་ན་མཆོད་པ་རྣམས་ལས་གཞུང་གི་དཀྱུས་བཞིན་བྱ། ཧཱུྃཿ མི་སྡུག་སྲིན་པོའི་སྐུ་ནི་སྒེག་ཅིང་དཔའཿ དྲག་ཤུལ་རྡོ་རྗེའི་གད་མོ་གཤེ་བའི་སྒྲཿ མཆོག་ཏུ་ཞི་བའི་ཐུགས་ནི་སྙིང་རྗེ་རྔམསཿ གར་དགུས་ས་གསུམ་རྣམ་གནོན་ཁྱོད་ལ་བསྟོདཿ སྐུ་གསུམ་དབུ་ནི་སྟོབས་བཅུའི་དབྱིངས་ལ་རྫོགསཿ མ་འདྲེས་བཅོ་བརྒྱད་རྫོགས་པའི་ཕྱག་ཆ་ཡིསཿ ཡུལ་དང་ཡུལ་ཅན་ལྟར་སྣང་ཕྱག་རྒྱ་ཆེཿ བདེ་སྟོང་སྒྱུ་འཕྲུལ་དྲྭ་བར་སྦྱོར་ལ་བསྟོདཿ ཀུན་གཞི་ཡིད་ཆོས་ཕུང་ཁམས་སྐྱེ་མཆེད་ཚོགསཿ སྐུ་གསུམ་ཡན་ལག་བདུན་ལྡན་རྣམ་བྱང་གིཿ བཞིན་ལག་མཚན་དཔེར་ཤར་བའི་ཧེ་རུ་ཀཿ རྣམ་པ་ཀུན་གྱི་མཆོག་ལྡན་ཁྱོད་ལ་བསྟོདཿ ཆོས་ཉིད་གཅིག་ལ་ཡེ་ཤེས་ཀློང་དགུའི་རྩལཿ གདུལ་བྱའི་ཁམས་ལ་དགྱེས་ཆགས་ཁྲོ་བའི་ཉམསཿ རོལ་པའི་ཆོ་འཕྲུལ་མི་བཟད་འབར་བའི་སྐུཿ བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ལྷ་ལ་བསྟོདཿ ཅེས་བསྟོད། སྐབས་འདིར་བཟླས་པ་བྱ་འདོད་ནཿ ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་པད་ཉིའི་གདན་ལ་


JLAZ011_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སེར་པོ་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་རྒྱལ་བ་ཐམས་ཅད་མཆོད་པས་མཉེས་བསྒྲུབ་བྱའི་ཚེ་དང་ཡེ་ཤེས་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ་བར་བསམས་ལ་རྩ་སྔགས་དང་དེའི་མཐར་སརྦ་སིདྡྷི་པུཥྚིཾ་ཀུ་རུ་སྭཱ་ཧཱཿ བཏགས་པ་ཅུང་ཟད་བཟླ། མཐར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ཉེར་བསྡུས་ཀྱང་བྱའོ། །དེ་ནས་མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ་དང་ཡིག་བརྒྱ་བཟླ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛདཿ ཅེས་སོགས་ཀྱིས་སྒྲུབ་དཀྱིལ་དང་འབྲེལ་ན་སྔར་བཞིན་སྤྱན་དྲངས་ནས་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ཉིད་ལ་ཐིམ་པར་བསམ་མོ། གློ་བུར་བའི་ཚེ། བཛྲ་མུཿས་ཆོས་དབྱིངས་སུ་གཤེགས། དེ་རྗེས། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊཿ ཞེས་བླུགས་གཟར་གྱིས་མེ་གསོས་ཏེ་འཇིག་རྟེན་པ་སྔར་བཞིན་གསལ་བ་ལ། ཨོཾ་ཨགྣེ་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དེ་བྱ་མ་ཧཱ་ན་ཡེ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་རྫས་ལྷག་མ་རྣམས་ཕུལ། བཛྲ་ཏམྦུ་ལས་སོ་རྩི་དང༌། བཛྲ་ཝསྟྲས་མེ་དར་དབུལ། ཨོཾ་ཨགྣི་དེ་ཝ་རྀ་ཥི་ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་དང༌། མེ་སྟེ་བསྲེགས་བྱས་


JLAZ011_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། ཨོཾ་ཨགྣི་དེ་ཝ་རྀ་ཥི་མ་ཧཱ་བ་ལིངྟ་ཁཱ་ཧིཿ ཞེས་པའི་གཏོར་མ་འབུལ་ཤིང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་འདོད་དོན་གསོལ། མ་རྙེད་ཡོངས་སུ་མ་ཚང་དང༌། །སོགས་ཀྱིས་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམས་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་སོགས་མཐའ་རྒྱས་སུ་བྱའོ།། ༈ གསུམ་པ་རྟ་མགྲིན་ལ་བརྟེན་ནས་དབང་གི་སྦྱིན་སྲེག་བྱ་བའི་རིམ་པ་ལ་གཉིས་ལས། དང་པོ་སྦྱོར་བ་ནི། ཚོང་འདུས་དང་སྨད་འཚོང་མའི་གནས་ཀྱི་ས་ལས་ཐབ་སྟེགས་གྲུ་བཞི་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་ཕྱེད་པའི་སྟེང༌། དྲི་དམར་པོ་དང་བ་བྱུང་གིས་ཆག་ཆག་བཏབ་པའི་ཁར་སྟེགས་བུའི་དཀྱིལ་ནས་རྒྱབ་ཏུ་མཐོ་གང་ཚད་པའི་བཞི་ཆ་མདུན་དུ་ཉེ་བ་ནས་ཟླུམ་པོར་བསྐོར་ཏེ་མདུན་ཐད་ཀར་བཅད་པའི་ཐབ་ཁུང་ཟླ་གམ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་གྱེན་དུ་བསླང་བ་ལ་སོར་བཞི་པའི་ཚད་ཀྱི་མཆུ་དང་ཁ་ཁྱེར་ལྡན་པ་བྱ། བྲིས་ཐབས་བྱེད་ནའང་ཐབ་ཀྱི་ལྟེ་བ་ཟླ་གམ་ཁྲུ་གང་བའི་ཕྱི་རོལ་དུ་སོར་བཞི་རེ་བསྐོར་བའི་མཆུ་དང་ཁ་ཁྱེར་རིམ་པ་གཉིས་ལས། བྲི་རྩིག་གང་བྱེད་ཀྱང་ཐབ་ཀྱི་ལྟེ་བར་ལྷ་མཚན་པདྨ་དམར་པོའི་ལྟེ་བར་རྡོ་རྗེས་མཚན་པ་དང༌། མུ་རན་ནམ་མཆུ་ལ་པད་འདབ་དང་ཁ་ཁྱེར་ལ་རྡོ་རྗེ་དམར་པོའི་ཕྲེང་བ། ཟུར་བཞི་ལྕགས་ཀྱུ་བྲི། ཙན་དན་དམར་པོ་དང་མཛོ་མོ་ཤིང་སོགས་ཁ་དོག་དམར་ཞིང་རོ་སྐྱུར་བའི་ཤིང་གིས་གཅེར་ཞིང་ག་ཐབ་ཀྱི་ཚད་དང་


JLAZ011_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བརྩིག །མདུན་དུ་སློབ་དཔོན་གྱི་སྟན་དང་དེའི་གཡས་སུ་སྟེགས་བུ་ཁེབས་དམར་པོས་གཡོགས་པ་ལ་རྒྱུ་བུད་ཤིང་དང་འདྲ་བའི་ཡམ་ཤིང་མཐོ་གང་བའི་རྩེ་མོ་ཏིལ་མར་རམ་མར་ཁུ་ལ་མངར་གསུམ་བཏབ་པས་བྱུག་པ་དང༌། འདིར་དབང་ལ་ཏིལ་ལས་བྱུང་བའི་མར་ཁུའི་དགང་བླུགས་འབུལ་བར་བཤད་ཀྱང་བོད་དུ་མི་འབྱུང་བས་པད་ཁའི་སྣུམ་དང་ཨུཏྤལ་གླང་སྣ་ལ་སོགས་མེ་ཏོག་དམར་པོའི་རིགས། ཙན་དན་དམར་པོ་སོགས་དྲི་བསུབ་ཅན་དང་རྒུན་འབྲུས་མཚོན། རོ་མངར་ཞིང་སྐྱུར་བ་ལ་སོགས་པའི་བཟའ་བཅའི་རིགས་རྣམས་ཁ་དོག་དམར་པོ་དང༌། དམིགས་བསལ་ལ་དོ་གལ་ཆེ་ན་ཙན་དན་དམར་པོའམ་ཟངས་ཀྱི་བྱང་བུར་གསེར་རམ་མཚལ་གྱིས་རྩ་སྔགས་གཤམ་ཨ་ཏྲཱི་ནྲྀ་དུང་དུང་ཛཿཛཿཆེ་གེ་ཝ་ཤཾ་ཀུ་རུ་ཧོཿ ཞེས་བྲིས་པ་གང་མང་བསགས། གཞན་ཡང་ནས་འབྲས་ལ་སོགས་འབྲུ་རྣམས་ཀྱང་ཚོན་རྩིས་ཁ་དོག་དམར་པོར་བསྒྱུར་བ་རྣམས་འཇིག་འདས་ཀྱི་དབྱེ་བས་ཕྲེང་ཚར་དུ་བཀོད་པ་དང༌། སོ་རྩི་དང༌། མེ་དར་དམར་པོ་སོགས་ཀྱང་བཤམ། གཡོན་ལོགས་སུ་སྟེགས་བུ་ཁེབས་དམར་པོ་དང་ལྡན་པ་ལ་བདག་བསྐྱེད་ཆོས་སྲུང་སོགས་ཀྱི་མཆོད་པ་དང༌། ཁྱད་པར་དུ་ཟངས་ཕྱེ། བུ་རམ། པད་རག །རམ་བུའི་ཕྱེ་རྣམས་བསྲེས་པའི་དབང་བཤོས་ཟླ་གམ་དམར་པོ་པད་འདབ་བཞིས་བརྒྱན་པ་ཡེ་ཤེས་པ་དང་འཇིག་རྟེན་ལས་གཏོར་གཉིས་སུ་བྱས་པ་དང༌། སྨན་རག་ཉེར་སྤྱོད་སོགས་དེ་ཐམས་ཅད་ཀྱང་ཁ་


JLAZ011_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དོག་དམར་པོར་རང་བཞིན་གྱི་མི་གནས་པ་རྣམས་རྒྱན་སོགས་ཚོས་ཀྱིས་བསྒྱུར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ཐོད་རྔ་དགང་བླུགས་སོགས་འོག་ཏུ་དགོས་པ་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ།། །།གཉིས་པ་དངོས་གཞིའི་རིམ་པ་དངོས་ལ་འཇུག་པ་ནི། རང་ཉིད་ཆས་གོས་དམར་པོ་དང་ལྡན་པ་པདྨའི་འདུག་སྟངས་ཀྱིས་སྟན་ལ་འཁོད་ནས་བྱང་ཆུབ་ཀྱི་སེམས་བསྡུ་བྱའི་ཡུལ་ལ་རྗེས་སུ་ཆགས་པ་དང་ལྡན་པས་རྡོར་དྲིལ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང༌། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃཿཞེས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གཎྜེ་ཨཿ ཞེས་དྲིལ་བུ་འཁོར་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འཁྱུད་རྒྱ་བྱ། ཧཱུྃཿ དབྱིངས་ནས་ཡེ་ཤེས་འབྲུ་གསུམ་ཆར་དུ་བབསཿ མཆོད་རྫས་དངོས་འཛིན་མ་དག་བསྲེག་གཏོར་བཀྲུསཿ བྷྲུྃ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནངཿ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུརཿ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུྃ་དང་། སྨན་གཏོར་རཀྟའི་སྔགས་ཀྱི་བརླབ། སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང༌། ཧཱུྃ་བིགྣནྟ་ཀྲིཏ་ཕཊཿ སྟོང་པའི་ངང་ལས་མ་དང་ཨ་


JLAZ011_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་ཉི་ཟླའི་གའུའི་སྣོད་དུ་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་དབང་གི་ལས་བསྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱཾཿ ཞེས་ལན་བདུན་བཟླས་པས་སྲེག་རྫས་བརླབ། མེ་ཐབ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་མུ་རན་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དམར་པོ་འབར་བར་བསམས་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊཿ ཅེས་སྨད་འཚོང་མའི་ཁྱིམ་ལས་བྱུང་བའི་མེ་དུ་བ་མེད་པས་སྦར། ཐབས་ཀྱི་མེའི་དབུས་སུ་ཟངས་ཀྱི་ར་སྐྱེས་ལ་གནས་པའི་དབང་གི་མེ་ལྷ་དམར་པོ་ཞལ་བཞི་ཁྲོ་འཛུམ་ཆགས་པ་དྲང་སྲོང་གི་ཆ་བྱས་ཅན་ཕྱག་བཞིའི་གཡས་གཉིས་ལྕགས་ཀྱུ་དང་བགྲང་ཕྲེང་གཡོན་གཉིས་དབྱུག་པ་དང་གུནྡྷེ་བསྣམས་པའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཧཱུྃ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །མེ་ལྷ་དྲང་སྲོང་འཁོར་དང་བཅས། །དད་པ་


JLAZ011_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མེ་ལྷའི་གཙོ། །སེམས་ཅན་དོན་ལ་དམ་ཚིག་དགོངས། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཨགྣེ་ཛྙཱ་ན་སཏྭ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀུ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས། ཨོཾ་ཨགྣ་ཡེ་ས་མ་ཡ་ཏིཥྛ་ལྷན་གྱིས་གཉིས་མེད་དུ་བསྟིམ། ཨོཾ་ཨགྣེ་ཡེ་ཨ་ལ་ལ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏི་པཱུ་ཧོཿས་ཕྱག་བྱས་ལ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ར་སྐྱེས་བཅིབས་ཤིང་གློག་ལས་མགྱོགས། །སྲེག་རྫས་ཀུན་གྱི་ཕྱག་ཚང་མཛད། །ཚིམ་བྱེད་ཁྱོད་ལ་མཆོད་པ་འབུལ། །ཨོཾ་ཨགྣ་ཡེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤཔྟ་པྲ་ཏིཙྪ་ཧོཿ ཞེས་ཉེར་སྤྱོད་ཕུལ་ནས། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། པདྨའི་ཁུ་ཚུར་ཀྱིས་དགང་བླུགས་བཟུང་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཏིལ་མར་གྱིས་དགང་གཟར་བཀང་ནས། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་བི་མ་ལ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཁམས་གསུམ་སྐྱེ་དགུའི་དཔལ་འབྱོར་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་ལན་གསུམ་གྱིས་དགང་བླུགས་ཁ་སྦྱར་བ་བསྐོར་བཞིན་དབུལ། དེ་ནས་ཨོཾ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱས། ཡམ་ཤིང་དང་། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར་ནག །ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་བི་མ་ལ་ཨོཾ་ཨགྣེ་ཡེ་


JLAZ011_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཞེས་པ་ཁོ་ནས་སྲེག་རྫས་གཞམ་རྣམས་གྲངས་ཇི་འོས་ཞུལ་ནས། ཧཱུྃ། མེ་ལྷའི་རྒྱལ་པོར་དྲང་སྲོང་མཆོག །བདུད་བཞི་འཇོམས་པའི་ཕྱག་བཞི་པ། །ཞལ་བཞིས་ལས་བཞི་གྲུབ་པར་བྱེད། །ལས་ཀུན་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དེ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་རྣམས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རང་བཞིན་གྱི་སྣང་བ་དབང་དུ་འདུས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་ནས་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཆོད་པ་ནི། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས་ལ། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །བྷྲཱུྃ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁངཿ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁརཿ གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ལྡནཿ གུ་ཎ་ཏྭ་ར་རྟ་བབས་བང་རིམ་བརྒྱདཿ ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོགཿ ཕྱི་རོལ་རིན་ཆེན་རྩིག་པའི་རྨིང་གི་གཞིརཿ འདོད་སྣམ་དམར་པོར་གཟུང་མ་བཅུ་དྲུག་འཁོདཿ ཕ་གུ་སེར་པོ་དྲྭ་བ་དྲྭ་ཕྱེད་མཛེསཿ ཤར་བུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོགཿ ནང་ནི་དུར་ཁྲོད་རོལ་བའི་གཞལ་མེད་


JLAZ011_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཁངཿ ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུརཿ བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློངཿ འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེཿ རྩིབས་འཁར་བཅུ་དྲུག་པད་འདབ་སོ་གཉིས་པའིཿ ལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་དབུསཿ པཾ་ལས་པདྨ་མཾ་ལས་ཉི་ཟླའི་གདནཿ རུ་དང་ནཱ་ལས་ཀླུ་སྲིན་བསྣོལ་བའི་སྟེངཿ ཧཱུྃཿ རང་བྱུང་རྒྱུ་ཡི་ཡི་གེ་ཧྲཱིཿ འཕྲོ་འདུས་ཡོངས་སུ་གྱུར་པ་ལསཿ དཔལ་ཆེན་རྟ་མཆོག་རོལ་པ་ནིཿ སྐུ་མདོག་དུས་མཐའི་མེ་ལྟར་འབརཿ ཞེས་པ་ནས། བཛྲ་ས་མ་ཡ་ཛཿཛཿཏིཥྛ་ལྷན་ཞེས་བྱ་བའི་བར་བྱ། སྒྲུབ་དཀྱིལ་སོགས་དང་འབྲེལ་ན་གདན་བསྐྱེད་པའི་རྗེས་དེ་མ་ཐག་པར་ཡེ་ཤེས་ཀྱི་ལྷ་ཚོགས་སྲེག་བླུགས་ཀྱི་ཐབ་ཏུ་སྤྱན་དྲངས་པ་ལ་སྦྱིན་སྲེག་གི་མཆོད་པ་འབུལ་བ་རྒྱུད་སྡེ་ལས་བཤད་པའི་ཕྱིར་ལྷ་བསྐྱེད་པ་དངོས་བསྟན་བཞག་ཀྱང་རུང་ལ། སྤྲོ་ན་སྔར་ཞི་རྒྱས་ཀྱི་སྐབས་སུ་བཤད་བཞིན་འབྱིན་འཇུག་གི་སྐབས་ཐོབ་ཤེས་པར་བྱའོ། །དེ་ནས་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འགྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཧྲཱིཿཔདྨ་ཏ་ཀྲིཏ་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧྭས་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་


JLAZ011_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་གསོལ་བར་བསམས་ལ། ཨོཾ་ཧུ་ལུ་ཧུ་ལུ་ཕཊ་ཨེ་ཨ་ར་ལི་ཧཱུྃ་ཧྲཱིཿཛཿ ཞེས་པ་བདུན་གྱིས་དགང་གཟར་བཀང་བ་སྔགས་དེའི་མཐར་ཨ་ཏྲི་ནྲི་དུང་དུང་ཛཿཛཿ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་པ་ལན་གསུམ་གྱིས་བསྐོར་བཞིན་ཕུལ་ནས། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡི། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །སྲེག་བླུགས་བདུད་རྩིའི་མཆོད་པས་མཉེས་གྱུར་ནས། །དབང་གི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་ནས་རྫས་རྣམས་ཡམ་ཤིང་ནས་རིམ་པར་རྩ་སྔགས་མཐར་ཨ་ཏྲི་ནྲྀ་དུང་དུང་ཛཿཛཿཝཱ་ཤཾ་ཀུ་རུ་ཧོཿ ཞེས་ཁོ་ནས་འབུལ་ཞིང༌། བཅུ་ཚན་ནམ་བརྒྱ་བརྒྱའི་མཚམས་སུ། ཡེ་ཤེས་མེ་དང་སོགས་ཀྱིས་འདོད་དོན་གསོལ། རྫས་རྫོགས་ནས་དགང་བླུགས་སྔར་བཞིན་ཕུལ་བ། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བསྒྲུབ་བྱ་རྣམས་རང་དབང་མེད་པར་དབང་དུ་འདུས་པར་བསམས་མོ། །དེ་ནས་གོས་ཟུང༌། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །སོགས་ཀྱིས་ཕུལ། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། ཞེས་སོ་རྩི་ཕུལ་ནས། ཧཱུྃ། རྡོ་རྗེའི་དམ་ཚིག་རྨད་པོ་ཆེཿ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུདཿ རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩིཿ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོསཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ ཞེས་སྨན་མཆོད་དང༌། ཧཱུྃ། བྷ་ག་


JLAZ011_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་གཏོར་གཞོང་དུཿ ལིང་ག་འདོད་ཡོན་གཏོར་མ་འབརཿ རྡོ་རྗེ་བཟའ་བའི་དམ་ཚིག་རྫསཿ ཨ་ལ་ལ་སྟེ་དགྱེས་པར་རོལཿ མ་ཧཱ་བ་ལིངྟ་ཁཱ་ཧིཿ ཞེས་གཏོར་མ་ཐབ་ཏུ་འབུལཿ ཧཱུྃཿ ལྕང་ལོར་བཅས་པའི་དུང་ཆེན་དུཿ ཆགས་སྡང་དབྱིངས་སུ་བསྒྲལ་བའི་ཁྲགཿ འཁོར་བ་གནས་སུ་དག་བྱའི་ཕྱིརཿ བླང་དོར་མེད་པར་བཞེས་སུ་གསོལཿ མ་ཧཱ་རཀྟ་ཁཱ་ཧིཿཞེས་རཀྟ་ཕུལ། སྤྲོ་ན་ལས་གཞུང་གི་དཀྱུས་ལྟར་བྱ། ཧཱུྃཿ མི་སྡུག་སྲིན་པོའི་སྐུ་ནི་སྒེག་ཅིང་དཔའཿ དྲག་ཤུལ་རྡོ་རྗེའི་གད་མོ་གཤེ་བའི་སྒྲཿ མཆོག་ཏུ་ཞི་བའི་ཐུགས་ནི་སྙིང་རྗེ་རྔམསཿ གར་དགུས་ས་གསུམ་རྣམ་གནོན་ཁྱོད་ལ་བསྟོདཿ བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལཿ ཉི་མ་སྟོང་གི་འོད་ཟེར་བརྡལ་བ་ལྟརཿ སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅནཿ དཔལ་དང་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོདཿ འོད་ཕུང་སྟུག་པོ་སྤྲིན་ལྟར་འཐིབས་པ་ཡིཿ འཇིགས་བྱེད་རྔམ་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགསཿ ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་ཡིསཿ གདུག་པ་ཞལ་དུ་འདྲེན་ལ་ཕྱག་འཚལ་བསྟོདཿ མི་བཟད་མཆེ་བས་བརྒྱན་པའི་ཞལ་གདངས་ཤིངཿ ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅནཿ ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིསཿ བགེགས་དཔུང་


JLAZ011_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པར་མཛད་ལ་ཕྱག་འཚལ་བསྟོདཿ ཅེས་བསྟོད། བཟླས་པ་བྱ་བར་སྤྲོ་ན། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་པད་ཉིའི་སྟེང་རང་རང་གིས་ས་བོན་སྔགས་ཕྲེང་དང་བཅས་པའི་འོད་ཟེར་དམར་པོ་སྣོད་བཅུད་ཐམས་ཅད་ཁྱབ་པར་འཕྲོས། རྒྱལ་བ་ཐམས་ཅད་མཉེས། གཟི་བྱིན་རྣམས་ཚུར་བསྡུས་ཏེ་བདག་ལ་ཐིམ་པས་དབང་གི་དངོས་གྲུབ་ཐོབ། ཡང་འཕྲོས་དམིགས་ཡུལ་ཐམས་ཅད་བཀུག་འོད་དུ་ཞུ་ཞིང་བདག་ལ་ཐིམ་པས་དབང་དུ་གྱུར་པར་བསམ་ལ་རྩ་སྔགས་དང་དེའི་མཐར་སརྦ་པཱ་ཤཾ་ཀུ་རུ་སྭཱ་ཧཱ། བཏགས་པ་ཅུང་ཟད་བཟླ། མཐར་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་བསྟོད་ནས། མ་འབྱོར་བ་དང་སོགས་ཀྱི་རྗེས་ཡི་གེ་བརྒྱ་པས་བཟོད་གསོལ་བྱས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ཀྱིས་བསྒྲུབ་དཀྱིལ་དང་འབྲེལ་ན་མེ་ཏོག་གི་ཚོམས་བུས་སྔར་ལྟར་སྤྱན་དྲངས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པར་རང་ལ་ཐིམ་པར་བསམ། གློ་བུར་བའི་ཚེ་བཛྲ་མུཾ་གྱིས་ཆོས་དབྱིངས་སུ་གཤེགས། སླར་ཡང༌། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊཿ ཅེས་བླུགས་གཟར་གྱིས་མེ་གསོས་ལ། འཇིག་རྟེན་པ་སྔར་བཞིན་གསལ་བ་ལ། མར་ཁུ་ཡམ་ཤིང་སོགས་རྫས་ལྷག་མ་རྣམས་ཕུལ། བཛྲ་ཏམྦུ་ལས་སོ་རྩི་དང༌། བཛྲ་ཝསྟྲས་གོས་ཟུང་ཕུལ།


JLAZ011_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨགྣེ་དེ་ཝ་རྀ་ཥི་ཨརྒྷཾ་སོགས་ཀྱི་ཉེར་སྤྱོད་ཕུལ། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །སོགས་ཀྱིས་བསྟོད། ནམཿས་མནྟ་བུདྡྷ་ནཱཾ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིངྟ་ཨགྣ་ཡེ་སྭཱ་ཧཱས་ལས་གཏོར་ཕུལ་ཏེ་མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་གསོལ། མ་རྙེད་ཡོངས་སུ་མ་ཚང་དང༌། །གཙོ་བོ་ནུས་པ་མ་མཆིས་པས། །འདིར་ནི་བྱ་མིན་གང་བགྱིད་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། བཛྲ་མུཿས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་འབར་བའི་རྣམ་པར་གྱུར་པར་བསམས་ལ་དགེ་བ་བསྔོ། ༈ བཞི་པ་འཇམ་དཔལ་གཤིན་རྗེ་ལ་བརྟེན་ནས་དྲག་པོའི་སྦྱིན་སྲེག་གི་རིམ་པ་ལ་གཉིས་ལས། དང་པོ་སྦྱོར་བ་ནི། དུར་ཁྲོད་དང་ཕུང་ཤུལ་གྱི་ས་ལ་ཐབ་སྟེགས་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་ཕྱེད་པའི་སྟེང་དུག་ཁྲག་གིས་ཆག་ཆག་བཏབ་ནས་ཟླུམ་པོར་བསྐོར་བའི་མུ་ཁྱུད་ནག་པོ་ལ་ཧཱུྃ་ཡིག་དང་ཐོད་སྐམ་སྤེལ་བའི་ནང་རྡོ་རྗེ་རྒྱ་གྲམ་སྔོན་པོ་རྭ་གདེངས་པ་ཟུར་བསྟན་གྱི་ལྟེ་བར་ལོགས་རེ་རེའི་ཞིང་དུ་ཁྲུ་གང་བའི་ཐབ་ཁུང་གྲུ་གསུམ་པ་དཔངས་སུ་ཁྲུ་ཕྱེད་བསླང་བའི་སྟེང་ནས་སོར་བཞི་རེའི་ཚད་ཀྱི་མཆུ་དང་ཁ་ཁྱེར་ལྡན་པའམ། བྲིས་ཐབ་བྱེད་ན་མཆུ་དང་ཁ་ཁྱེར་གཉིས་སོར་བཞི་རེའི་ཚད་ཀྱི་རེ་ཁ་ཕྱི་རོལ་དུ་འགྱེད་པ་སྟེ་བྲི་རྩིག་གང་བྱེད་ཀྱང་ཐབ་མཚན་རྡོ་རྗེ་རྭ་གདེངས་ཧཱུྃ་གིས་མཚན་པ། མཆུ་དང་ཁ་ཁྱེར་ལ་མེ་རི་དང་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བ་བྲིས་པ་རོ་སོལ་གྱི་མདོག་


JLAZ011_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོར་བྱས་པ་ལ་ནིམ་པ་སོགས་དུག་ཤིང་དང་ཚེར་མ་ཅན་གྱི་ཤིང་གིས་ཟུར་གསུམ་དུ་གཅེར་ཞིང་བརྩིག །སྟེགས་བུའི་གྲྭ་བཞིར་མདའ་བཞི་བཙུགས་པ་སྲད་བུ་ནག་པོས་སྦྲེལ་བ་ལ་དར་སྔོ་ནག་གང་རིགས་ཀྱིས་དགབ། ཤར་ལྷོར་མདའ་དར་དམར་པོ་གཟུག །མདུན་དུ་སློབ་དཔོན་གྱི་སྟན་ནག་པོ་དང༌། གཡས་སུ་སྟེགས་བུ་ཁེལ་ནག་པོས་གཡོགས་པ་ལ། སྐྱེ་ཚེའམ་ཡུངས་ནག་ལས་བྱུང་བའི་སྣུམ་དང༌། ཚིལ་ཞུན་བསྲེས་པ། བུད་ཤིང་གི་རྒྱུ་དང་འདྲ་བའི་ཡམ་ཤིང་རྩང་ཕུར་གྱི་རྣམ་པ་མཐོ་གང་བའི་རྩེ་མོ་དུག་ཁྲག་གིས་བྱུགས་པ་དང༌། དུག་སྣ། སྲན་ནག་གི་ཆན། ཁྲག་སྣ། བ་གླང་ལ་སོགས་པའི་ཤ་སྣ་ཚོགས་ཚད། སྐེ་ཚེ། ཤངས་ཚེ། ནིམ་པའི་ལོ་མ་སོགས་དུག་ཤིང་དང་ཚེར་མ་ཅན་གྱི་ཤིང་གི་འདབ་མའམ་འབྲས་བུ་ལ་སོགས། རོ་ཚ་ཞིང་རྩུབ་པའི་རིགས་རང་བཞིན་གྱི་ཁ་དོག་ནག་པོར་གནས་པའམ། ཡང་ན་བཅོས་བུས་བསྒྱུར་བ་རྣམས་འཇིག་འདས་ཀྱི་རིམ་པས་ཕྱི་ནང་ཉིས་རིམ་མམ་ཕྲེང་ཚར་དུ་བཀོད། ལྕགས་སམ་ཐོད་པའི་སྣོད་དུ་དུག་སྣ། ལྕགས་ཕྱེ། རྡོ་ཕྱེ། ར་ཁྱིའི་ཁྲག །ཤ་ཆེན། སྲན་ཆེན་རྣམས་རོ་སོལ་བསྒྱུར་བའི་མར་ནག་པོ་དང་བསྲེས་པའི་གཏོར་མ་གྲུ་གསུམ་མཐེབ་ཀྱུས་བསྐོར་བ་འདས་གཏོར་དང་འཇིག་རྟེན་ལས་གཏོར་སོ་སོར་བྱས་པ་དང༌། རྡོ་ཤོའི་སོ་རྩི། མེ་དར་ནག་པོ་སོགས་ཀྱང་བཤམ། ཁྱད་པར་དུ་སྒྲུབ་མཆོད་དང་འབྲེལ་ཚེ་ནུབ་རེ་བཞིན་ཚོགས་ཐ་མའི་དུས་ཀྱི་བསྒྲལ་བའི་ལིང་རོ་ཟུར་དུ་


JLAZ011_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པ་དང༌། གཏོར་བཟློག་གི་མཐའ་སྡུད་ལྟ་བུར་བྱ་ནའང་བསྒྲལ་བའི་དུས་ཀྱི་ལིང་རོ་རྣམས་ལྕགས་སྣོད་དམ་འབྲུབ་ཁུང་དུ་བཤམ་སྲེག་ཀྱང་གློ་བུར་དུ་བྱ་ན་འབྲུབ་ཁུང་ནང་དུ་ཤ་ཆེན་ནམ་འབྲུ་ནག་གི་ཕྱེ་ལ་གནད་རྫས་ཁྱད་པར་བ་བསྲེས་པའི་རླུ་པ་དབང་པོ་དོད་པར་བཅོས་པའི་ལིང་ཁེབས་ཀྱིས་གཡོགས། ཉེ་ལོགས་ཅི་བདེར་ལས་བུམ་དང༌། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་སོགས་འོག་ཏུ་དགོས་པ་ཐམས་ཅད་མ་ཚང་བ་མེད་པར་བཤམ་མོ།། །།གཉིས་པ་དངོས་གཞིའི་རིམ་པ་ནི་གློ་བུར་དུ་བྱ་བའི་ཚེ་སྐབས་འདིར་བདག་བསྐྱེད་ཚོགས་མཆོད་ཀྱི་བར་བཏང༌། མངོན་སྤྱོད་དཀྱུས་མ་ཙམ་ལ་ཚོགས་ཐ་མལ་སྔར་འབྲུབ་ཁུང་བཤམས་པའི་ལིང་ག་བསྒྲལ་ལས་དམིགས་གནད་དང་ལྡན་པ་ཚར་ཇི་ཙམ་རིགས་པ་བྱས་ལ་ལིང་རོ་སྲེག་རྫས་སུ་འབུལ་རྒྱུར་བཞག །དོ་གལ་ཆེ་ན་རོལ་ཆེན་གཏོར་བཟློག་གི་གཟུ་དཔང་ནས་བསྒྲལ་ལས་གཏུན་དུ་བརྡུང་བའི་བར་བྱས་ལ་ལིང་རོ་སྲེག་རྫས་ཀྱི་གཙོ་བོར་གཞག་གོ །དེ་ནས་སྦྱིན་སྲེག་དངོས་ལ་འཇུག་པ་ནི་རང་ཉིད་ཆས་ནག་པོ་གྱོན་ཞིང་བྱང་ཆུབ་ཀྱི་སེམས་ཞེ་སྡང་དྲག་པོའི་ཀུན་སློང་དུ་ཤར་བས་སྟན་ལ་དོར་སྟབས་ཀྱིས་འཁོད་དེ་རྡོར་དྲིལ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང༌། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་


JLAZ011_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་གསོར། བཛྲ་གྷནྜེ་ཨཿ ཞེས་དྲིལ་བུ་འཁྲོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ ཞེས་འཁྱུད་རྒྱ་བྱ། ཧཱུྃ། དབྱིངས་ནས་ཡེ་ཤེས་འབྲུ་གསུམ་ཆར་དུ་བབསཿ མཆོད་རྫས་དངོས་འཛིན་མ་དག་བསྲེག་གཏོར་བཀྲུསཿ བྷྲཱུཾ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནངཿ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུརཿ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུྃ་དང༌། སྨན་གཏོར་རཀྟའི་སྔགས་ཀྱིས་བརླབ། སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང༌། ཧཱུྃ་བིགྣནྟ་ཀྲིཏ་ཕཊཿ སྟོང་པའི་ངང་ལས་ཀཾ་ལས་བྷནྡྷའི་སྣོད་དུ་ཧཱུྃ་ཡིག་ལྔ་སྤྲོས་ཏེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་སྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲའམ་བགེགས་ཀྱི་ཤ་ཁྲག་རུས་ཕུང་གི་མཆོད་རྫས། དྲག་པོའི་ལས་བསྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་དང་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བཟླས་པས་བྱིན་གྱིས་བརླབ། མེ་ཐབ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུྃ་ཡིག་འཕྲོ་དུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྒྱ་གྲམ་རྭ་གདེངས་པ་ཅན་གྱི་ལྟེ་བ་ལ་གནས་པའི་དྲག་པོའི་ཐབ་ཁུང་ནག་པོ་གྲུ་གསུམ་པ་ཁ་ཁྱེར་བང་རིམ་དང་ལྡན་པ་འོད་ཟེར་ནག་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་


JLAZ011_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་ནག་པོ་འབར་བར་བསམ་ཞིང༌། ཨོཾ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊཿ ཅེས་གདོལ་བཤན་ནམ་དུར་ཁྲོད་ལས་བྱུང་བའི་མེ་དུ་བ་ཅན་གྱིས་སྦར་ལ། ཐབ་ཀྱི་མེའི་དབུས་སུ་མ་དང་དིཿལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཧཱུྃ་ཡིག་ནག་པོར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣེ་དེ་བ་རྀ་ཥི་ཧཱུྃ། དྲག་པོའི་མེ་ལྷ་མཐིང་ནག་ཁྲོ་ཞིང་གཏུམ་པ་དྲང་སྲོང་གི་ཆ་བྱད་ཅན་ཏྲི་ཤུ་ལ་དང་བགྲང་ཕྲེང་འཛིན་པའི་སྐུར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཨགྣེ་དེ་ཝ་ས་མ་ཡ་ཧཱུྃ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་ནག་པོ་གཡབ་ཅིང༌། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེའི་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཨགྣེ་དེ་བ་རྀ་ཥི་ཛཿཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་བསྙིམ། ཨོཾ་ཨགྣེ་དེ་ཝ་རྀ་ཥི་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་ཤཔྟའི་བར་གྱིས་མཆོད། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བུམ་ཆུ་འཐོར་ཞིང༌། ཕྱོགས་བཅུའི་སངས་རྒྱས་


JLAZ011_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར་བར་གྱུར། ཨོཾ་རཏྣ་ཨ་ལངྐ་ར་སྭཱ་ཧཱ། ཞེས་རྒྱན་བཏགས་པར་བསམ། མེ་ལྷ་ཤིན་ཏུ་གདངས་པས་སྲེགས་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས་ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡོན་པའི་བླུགས་གཟར་བདུན་གྱིས་གཡས་པའི་དགང་གཟར་བཀང་བ་ཁ་སྦྱར་ཏེ་པུས་མོའི་ཕྱིར་གཡོན་དུ་བསྐོར་བཞིན། ཨོཾ་ཨགྣི་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དེ་བྱ་མ་ཧཱ་ན་ཡེ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མཱ་ར་ཡ་ཕཊཿ ཅེས་ལན་གསུམ་གྱིས་དགང་བླུགས་ཕུལ། དེ་རྗེས་སྔགས་དེ་ཉིད་ཀྱིས་ཡམ་ཤིང་མར་ནག་སོགས་སྲེག་རྫས་རྣམས་གྲངས་ཅི་རིགས་ཕུལ་ནས། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེས་དབང་གིས་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པས་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་ཆིབས། །


JLAZ011_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་ཕྲེང་འཛིན་ཅིང་རིགས་སྔགས་གསུང༌། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ལ། ཡུངས་ནག་ཐབ་ཏུ་འཐོར་བས། ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱི་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཐལ་བའི་རྡུལ་དུ་རློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ནས་མེ་ལྷ་དེ་ཉིད་ཡེ་ཤེས་ལྷའི་ཕོ་བྲང་དུ་ཤེས་པར་བྱས་ནས། སྭ་བྷཱ་ཝས་སྦྱངས་ལ། ཧཱུྃ། མེ་ལྷ་འབར་ཞིང་བསྲེགས་པའི་ཀློངཿ ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁངཿ རིན་ཆེན་དུར་ཁྲོད་བརྟན་པར་གནསཿ ཞེས་པ་ནས། ཨ་ཏི་པཱུ་ཧོཿན་མ་ཡ་དྷིཿ ཞེས་པའི་བར་དང༌། མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏིཙྪ་ཧོཿ དེ་བཞིན་དུ་ཤཔྟའི་བར་གྱིས་མཆོད་ནས།


JLAZ011_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ལྷ་རྣམས་ཁྲོས་པའི་ཞལ་རབ་ཏུ་གདངས་བའི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་གྱུར་པར་བསམས་ལ། ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊཿ ཅེས་བདུན་གྱིས་དགང་གཟར་བཀང་བ། ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊཿ ཅེས་པ་ལན་གསུམ་གྱིས་ཕུལ་ལ། འདོད་གསོལ་ནི། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡི། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །སྲེག་བླུགས་བདུད་རྩིའི་མཆོད་པས་མཉེས་གྱུར་ནས། །དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །དེ་རྗེས་གོང་ལྟར་རྩ་སྔགས་ཤམ་བུ་ཅན་དེ་ཁོ་ནས་སྲེག་རྫས་རྣམས་ཕུལ། བཅུ་བཅུའམ། བརྒྱ་བརྒྱའི་མཚམས་སུ་ཡེ་ཤེས་མེ་དང་ཞེས་གོང་བཞིན་འདོད་དོན་གསོལ། རྫས་རྫོགས་པ་དང༌། དགང་བླུགས་གསུམ་ཕུལ་ནས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ནག་པོ་མེ་ལྕེ་ལྟ་བུར་འཕྲོ་བ་ལས་མཚོན་ཆའི་ཆར་བབས་པས་དགྲ་བགེགས་ཐམས་ཅད་བརླག་པར་བསམ་མོ། །དེ་ནས་དེ་ལ་སོགས་ཀྱིས་མེ་དར་ནག་པོ་དང༌། བཛྲ་ཏམ་བུ་ལས་སོ་རྩི་འབུལ། དེ་ནས་སྨན་མཆོད་ནི། ཧཱུྃ། རྡོ་རྗེའི་དམ་ཚིག་རྨད་པོ་ཆེཿ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུདཿ རྒྱུད་དྲུག་སྡུག་བསྔལ་


JLAZ011_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པའི་རྩིཿ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོསཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ གཏོར་མ་འབུལ་བ་ནི། ཧཱུྃ་བྷ་ག་ཡངས་པའི་གཏོར་གཞོང་དུཿ ལིངྒ་འདོད་ཡོན་གཏོར་མ་འབརཿ རྡོ་རྗེ་བཟའ་བའི་དམ་ཚིག་རྫསཿ ཨ་ལ་ལ་སྟེ་དགྱེས་པར་རོལཿ མ་ཧཱ་བ་ལིངྟ་ཁཱ་ཧིཿ ཞེས་གཏོར་མ་ཐབ་ཏུ་འབུལཿ རཀྟ་འབུལ་བ་ནི། ཧཱུྃ་ལྕང་ལོར་བཅས་པའི་དུང་ཆེན་དུཿ ཆགས་སྡང་དབྱིངས་སུ་བསྒྲལ་བའི་ཁྲགཿ འཁོར་བ་གནས་སུ་དག་བྱའི་ཕྱིརཿ བླང་དོར་མེད་པར་བཞེས་སུ་གསོལཿ མ་ཧཱ་རཀྟ་ཁཱ་ཧིཿ བསྟོད་པ་ནི། ཧཱུྃ། མི་གནས་མི་དམིགས་ཆོས་སྐུར་དག་པ་ལསཿ བདུད་འདུལ་ཁྲོ་བོ་མཆོག་ཏུ་སྐུར་སྤྲུལ་ཏེཿ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལཿ ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོདཿ གཏུམ་ཁྲོ་མི་བཟད་རྩུབ་པའི་སྒྲར་ལྡན་པསཿ ཁྱེད་ཀྱི་མཚན་ཐོས་ཙམ་གྱིས་བགེགས་རྣམས་ཕུངཿ འབར་བའི་སྐུ་མཐོང་གསུང་སྒྲ་ཐོས་པ་ཡིསཿ དགྲ་བགེགས་ཞི་བྱེད་ཁྱེད་ལ་ཕྱག་འཚལ་བསྟོདཿ ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ཞིངཿ དད་པ་རབ་ཀྱིས་འཕགས་མགོན་མི་གཏོང་བརཿ འགྲོ་ལ་ཕན་ཕྱིར་ཁྲོ་རྒྱལ་ཁྱོད་བསྒོམ་ནཿ མི་མཐུན་ཕྱོགས་རྣམས་རྡུལ་དུ་བརླག་ཏུ་གསོལཿ ཞེས་བསྟོད་ལ།


JLAZ011_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབྱོར་པ་དང་སོགས་ཀྱི་མཐར་ཡིག་བརྒྱ་བཟླས་པས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱི་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཨོཾ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊཿ ཅེས་མེ་གསོས་ལ་མེ་ལྷ་སྔར་བཞིན་གསལ་བས། ཨོཾ་ཨགྣེ་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དེ་བྱ་མ་ཧཱ་ན་ཡེ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊཿ ཅེས་རྫས་ལྷག་རྣམས་ཕུལ། བཛྲ་ཏམྦུ་ལས་སོ་རྩི་དང༌། བཛྲ་ཝསྟྲས་མེ་དར་འབུལ། ཨོཾ་ཨགྣི་དེ་ཝ་རྀ་ཥི་ཨརྒྷཾ་པུཥྤེ་སོགས་དང༌། ཨོཾ་ཨགྣེ་དེ་ཝ་རྀ་ཥི་མ་ཧཱ་བ་ལིང་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧིཿ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ ཞེས་གཏོར་མ་དང་རཀྟ་སྨན་རྣམས་ཕུལ། མེ་སྟེ་བསྲེག་བྱས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། དུག་ཁྲག་གི་ཆུས་མེ་ཅིག་ཅར་དུ་གཞིལ། དགེ་བ་བསྔོ་ཞིང་ཤིས་བརྗོད་སོགས་མཐའ་རྒྱས་བྱ། ༈ ལྔ་པ་ཡང་དག་ལ་བརྟེན་ནས་མཆོག་གི་སྦྱིན་སྲེག་ནི། ལུང་ཁུངས་ཉུང་བས་ལག་ལེན་ལ་འདེབས་པ་དག་ཀྱང་ལས་བཞི་སྤྱི་དྲིལ་གྱི་གཟུགས་བརྙན་ལ་བྱེད་པ་དང༌། དེ་ལས་གཅིག་ཤོས་ཤིག་འདོད་རྒྱལ་དུ་བྱེད་པར་སྣང་ཡང༌། དང་པོ་ལྟར་མཆོག་གི་ཐ་སྙད་མི་རུང་ལ། ལས་བཞི་ནི་ཐུན་མོང་གི་དངོས་གྲུབ་ཡིན་པས་སོ། །


JLAZ011_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་མཆོག་ནི་བྱང་ཆུབ་ཞི་བ་དམ་པའི་གོ་འཕང་ལ་དམིགས་པའི་ཕྱིར་ཡི་དམ་ཀྱང་ཡང་དག་ལ་བརྟེན་པ་ལེགས་ཏེ་ལྷ་དང་སྔགས་ཀྱི་དེ་ཉིད་ཐམས་ཅད་ཆོས་སྐུ་ལ་སྦྱོར་བའི་ཕྱིར་རོ། །དེ་ལ་ཐབ་དང་མཆོད་པ་སྔར་ཞི་བར་བཤད་པ་ལྟར་དང༌། སྲེག་རྫས་ནི་ཞི་རྒྱས་གཉིས་ཀ་ལྟར་ཚོགས་པའི་སྟེང༌། ཁྱད་པར་གྱི་རྫས་མར་ཁུ་ལ་མངར་གསུམ་བཏབ་པ་དང༌། འབྲུ་མར། ཉམས་རྟོགས་བསྐྱེད་ཕྱིར་ཆང་རག་གི་ཉིང་ཁུ་ལ་ཆོས་སྨན་བཏབ་པ་དང༌། ཚོགས་འཁོར་ཀྱང་བཤམ། གཞན་ཡང་སྦྱོར་ཆོས་ཡོ་བྱད་ཐམས་ཅད་སྔར་ཞི་བའི་སྐབས་ལྟར་མ་ཚང་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞིའི་རིམ་པ་ནི། རང་ཉིད་ཆས་གོས་དཀར་པོ་དང་ལྡན་པ་སྟན་ལ་རྫོགས་པའི་སྐྱིལ་མོ་ཀྲུང་གིས་འདུག་ནས། བྱང་ཆུབ་ཀྱི་སེམས་མཆོག་བསྒྲུབ་པའི་བློ་དང་ལྡན་པས། རྡོར་དྲིལ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང༌། ཨཿལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་གསོར། ཨོཾ་བཛྲ་གྷཎྜེ་ཨཿ ཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ཐུགས་ཀར་འཁྱུད་རྒྱ་བྱ། ཧཱུྃ། དབྱིངས་ནས་ཡེ་ཤེས་འབྲུ་


JLAZ011_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་ཆར་དུ་བབསཿ མཆོད་རྫས་དངོས་འཛིན་མ་དག་བསྲེགས་གཏོར་བཀྲུསཿ བྷྲཱུྃ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནངཿ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུྃ་དང་སྨན་གཏོར་རཀྟའི་སྔགས་ཀྱིས་བརླབས། སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང༌། ཧཱུྃ་བིག་ནན་ཏ་ཀྲྀཏ་ཕཊཿ སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་སྲེག་རྫས་རྣམས་སོ་སོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱཾ་ཨཱཾཿཧཱཾ། ཞེས་ལན་བདུན་གྱིས་བྱིན་བརླབ། ཐབ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ལྟེ་བ་ལ་གནས་པའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཁ་ཁྱེར་བང་རིམ་དང་ལྡན་པ་འོད་ཟེར་དཀར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བར་བསམས་ལ། ཨོཾ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊཿ ཅེས་རྒྱུན་བཞག་གམ་གཙུབ་ཤིང་ལས་བྱུང་བའི་མེ་སྦར། ཐབ་ཀྱི་མེ་ཡི་དབུས་སུ་མ་དང་དིཿ ལས་བྱུང་བའི་ཉི་མ་


JLAZ011_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དང་ར་སྐྱེས་ཀྱི་གདན་ལ་ཨོཾ་ཡིག་དཀར་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣེ་དེ་ཝ་རྀ་ཥི་ཧཱུྃ་ཞི་བའི་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་དྲང་སྲོང་གི་ཆ་བྱད་ཅན་གུནྡྷེ་དང་བགྲང་ཕྲེང་འཛིན་པའི་སྐུར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཨགྣེ་དེ་ཝ་ས་མ་ཡ་ཧཱུྃ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོ་གཡབ་ཅིང༌། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨགྣེ་དེ་བ་རི་ཥི་ཛཿཛཿ ཞེས་ལྕགས་ཀྱུའི་རྒྱ་དང་བཅས་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་ཨགྣི་དེ་བ་རྀ་ཥི་ཨརྒྷཾ་པྲ་ཏིཙྪ་ཧོཿ དེ་བཞིན་དུ་པུཥྤེ་སོགས་ཀྱིས་མཆོད་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་ཆུ་གཏོར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལངྐ་ར་སྭཱ་ཧཱ། ཞེས་རྒྱན་བཏགས་པར་བསམས་ལ། མེ་ལྷ་ཞལ་འཛུམ་པ་དང་བཅས་


JLAZ011_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ལག་གཉིས་བྱང་ཆུབ་མཆོག་གི་རྒྱས་དགང་བླུགས་བཟུང་ནས་ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་བདུན་གྱིས་དགང་གཟར་བཀང་ལ། ཨོཾ་ཨགྣེ་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་བདག་ཅག་དཔོན་སློབ་རྣམས་ཀྱི་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དགང་བླུགས་འབུལ། སྔགས་དེ་ཉིད་ཀྱིས་ཡམ་ཤིང་སོགས་རྫས་གཞན་རྣམས་གྲངས་ཅི་རིགས་པ་ཕུལ་རྗེས། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་ཚུལ། །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པས་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཅིང་རིགས་སྔགས་གསུང། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་


JLAZ011_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ་ཞེས་བསྟོད་ནས། ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་བྱང་ཆུབ་བསྒྲུབ་པའི་ལམ་གྱི་བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། སྭ་བྷཱ་ཝས་སྦྱངས་ལ། ཧཱུྃ། མེ་ལྷའི་ལྟོ་བ་འབར་ཞིང་བསྲེགས་པའི་ཀློངཿ བྷྲུྃ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁངཿ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁརཿ གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ལྡནཿ གུ་ཎ་ཏྭ་ར་རྟ་བབས་བང་རིམ་བརྒྱདཿ ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོགཿ ཕྱི་རོལ་རིན་ཆེན་རྩིག་པའི་རྨིང་གི་གཞིརཿ འདོད་སྣམ་དམར་པོར་ལྷ་མོ་བཅུ་དྲུག་འཁོདཿ ཕ་གུ་སེར་པོ་དྲ་བ་དྲྭ་ཕྱེད་མཛེསཿ ཤར་བུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོགཿ ནང་ནི་དུར་ཁྲོད་རོལ་པའི་གཞལ་མེད་ཁངཿ ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུརཿ བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློངཿ


JLAZ011_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེཿ ལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་ནངཿ གསེར་འཁོར་རྩིབས་བརྒྱད་ཐབས་ཤེས་ཟླ་གམ་སྟེངཿ ཞེས་པ་ནས། ཨ་ཏི་པཱུ་ཧོཿན་མ་ཡ་དྷིཿ ཞེས་པའི་བར་དང་། མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཤྲཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོ། དེ་བཞིན་ཤཔྟའི་བར་གྱིས་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་གྱུར་པར་བསམས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿཞེས་རྩ་སྔགས་ལན་བདུན་གྱིས་དགང་བླུགས་བཀང་ལ། རྩ་སྔགས་དེའི་མཐར། སརྦ་ཏ་ཐཱ་ག་ཏ་མ་ཧཱ་མུ་དྲ་པཱུཙྪ་ཧོ། །ཞེས་ལན་གསུམ་གྱིས་བསྐོར་བཞིན་ཕུལ་ནས། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་པ་གཉིས་བྱང་ཚོགས་གཉིས་མྱུར་དུ་རྫོགས། །ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ། །ཞེས་འདོད་གསོལ་སྦྱར་ལ། རྩ་སྔགས་འབའ་ཞིག་གིས་སྲེག་རྫས་འབུལ། སྐབས་ཅི་རིགས་པར་འདོད་དོན་གོང་བཞིན་གསོལ། རྫས་རྫོགས་ནས་ལྷ་ཚོགས་རྣམས་ཀྱི་སྐུ་


JLAZ011_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་བྱུང་བར་ང་ལ་ཕོག་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྦྱང༌། ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནས་དེ་ལ་ཞེས་གོས་ཟུང་དང་བཛྲ་ཏམ་བུ་ལས་སོ་རྩི་ཕུལ། དེ་རྗེས། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་པུཥྤེ་སོགས་ཀྱིས་མཆོད། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པཱ་རི་ཝ་ར་མ་ཧཱ་བ་ལིངྟ་ཁཱ་ཧིས་གཏོར་མ་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ ཞེས་སྨན་དང་མ་ཧཱ་རཀྟ་ཁཱ་ཧིཿ ཞེས་རཀྟ་འབུལ། ཧཱུྃ། མི་གནས་མི་དམིགས་ཆོས་སྐུར་དག་པ་ལསཿ བདུད་འདུལ།ཁྲོ་བོ་མཆོག་གི་སྐུར་སྤྲུལ་པཿ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལཿ སངས་རྒྱས་ཀུན་དང་མཉམ་པར་སྦྱོར་ལ་བསྟོདཿ ཅེས་བསྟོད། སྤྲོ་ན་ལས་གཞུང་གི་དཀྱུས་ལྟར་མཆོད་བསྟོད་བྱ། དེ་རྗེས་ལས་གཞུང་ལྟ་ཚོགས་ཕུལ་རྗེས། དགང་བླུགས་གསུམ་ཕུལ་ནས། ཧཱུྃ། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནིཿ དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷཿ རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནསཿ རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོསཿ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལཿ ས་བཅུ་ལམ་ལྔའི་དབང་བཅུ་ཕྱི་ནང་གཉིསཿ རིག་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔཿ


JLAZ011_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞིཿ འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིསཿ ཀུན་གཞིའི་ཁམས་ལ་བག་ལ་ཉལ་གྱི་ཚུལཿ ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱིཿ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལཿ རྩ་སྔགས་མཐར། དྷརྨཱ་ཀཱ་ཡཿ སམྦྷོ་ཀཱ་ཡཿ ནིརྨ་ཀཱ་ཡཿ ཙིཏྟ་སིདྡྷི་ཕ་ལ་ཧཱུྃཿ ཞེས་དངོས་གྲུབ་བླང༌། བཟླས་པ་བྱེད་ན། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་གྱུར་པར་བསམས་ལ། རྩ་སྔགས་མཐར། དྷརྨཱ་ཀཱ་ཡཿ སམྦྷོ་ཀཱ་ཡཿ ནིརྨ་ཀཱ་ཡཿ ཙིཏྟ་སིདྡྷི་ཕ་ལ་ཧཱུྃཿ ཅེས་ཅི་རིགས་བཟླ། སླར་ཡང་གཏང་རག་གི་མཆོད་བསྟོད་བགྱིས་ནསཿ མ་འབྱོར་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་གསོལ་དང༌། དམ་ཚིག་པ་རང་ལ་བསྟིམ། སླར་ཡང་ཨོཾ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊཿ ཅེས་བླུགས་གཟར་གྱིས་མེ་གསོས་ནས། ཨོཾ་ཨགྣེ་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་བདག་ཅག་དཔོན་སློབ་རྣམས་ཀྱི་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱས་རྫས་ལྷག་མ་རྣམས་ཕུལ། བཛྲ་ཏམྦུ་ལས་སོ་རྩི་དང༌།


JLAZ011_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཝསྟྲས་མེ་དར་ཕུལ། ཨོཾ་ཨགྣེ་དེ་བ་རྀ་ཥི་ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་དང༌། ཨོཾ་ཨགྣེ་དེ་བ་རྀ་ཥི་མ་ཧཱ་བ་ལིངྟ་ཁཱ་ཧིས་གཏོར་མ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་སྨན་དང༌། མ་ཧཱ་རཀྟས་རཀྟ་ཕུལ། མེ་སྟེ་སྲེག་བྱས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང༌། །སོགས་ཀྱིས་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་མཇུག་བསྡུ་བ་ནི། ལས་བཞི་མཆོག་དང་ལྔ་གང་ཡིན་ཡང་རུང་སྟེ་སྦྱིན་སྲེག་གི་ཆོ་ག་ཟིན་ནས་སྒྲུབ་དཀྱིལ་སོགས་དང་འབྲེལ་ཚེ་སྦྱིན་སྲེག་དེ་གའི་ཐུན་མཇུག་གི་བསྔོ་སྨོན་ཤིས་བརྗོད་དང༌། གློ་བུར་དུ་བྱ་བའི་ཚེ་བདག་བསྐྱེད་ཀྱི་མཇུག་ཆོག་ཀྱང་བྱ། ཞི་རྒྱས་དབང་མཆོག་བཞིའི་མེ་རང་ཞིར་གཞག །དྲག་པོའི་སྦྱིན་སྲེག་ལ་དུག་ཁྲག་གི་ཆུས་ཅིག་ཆར་དུ་གཞིལ། ལས་གཞན་ལའང་ལོང་ཁྱབ་ཀྱིས་མ་ཁོམ་ན། ཞི་བ་དང་མཆོག་ལ་འོ་མ་དང་དྲི་དཀར་པོ། རྒྱས་པར་དྲི་སེར་པོ། དབང་ལ་ཆང་དང་བསྲེས་པའི་ཆུས་གཞིལ་ནས། ཐལ་བ་མཆོག་དང་ཞི་བ་དབང་གསུམ་འབབ་ཆུའམ་རི་མཐོན་པོའི་རྩེར་བསྐྱལ། རྒྱས་པར་མཛོད་དུ་སྦ། དྲག་པོའི་ཐལ་བ་བཞི་མདོར་མནན་ཏེ། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །རྒྱ་གར་ཀ་མ་རུ་པ་དང་ཉེ་བར་རྗེ་བཙུན་བླ་མ་མཆོག་གི་བསྟན་པ་སྤེལ་བའི་ཕྲིན་ལས་སློབ་དཔོན་འཇིགས་མེད་ཀུན་གྲོལ་གྱི་ཞུས་ངོར། རྗེས་སུ་གནང་བའི་ཞལ་ལུང་དང་མི་འགལ་བར་འོད་ཟེར་མིང་ཅན་གྱིས་བཀླག་མར་བཀྲལ་བའོ།། །།

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ སྐོང་བཤགས་རྡོ་རྗེའི་ཐོལ་གླུ།


JLAZ011_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ སྐོང་བཤགས་རྡོ་རྗེའི་ཐོལ་གླུ་བཞུགསཿ


JLAZ011_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོཿ བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབཿ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིངཿ འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུཿ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེདཿ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷཿ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནཿ སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམཿ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུཿ རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལཿ བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾཿ ཞེས་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པའི་ཚིག་རྐང་རྣམས་ཀྱིས་ཚོགས་ཞིང་སྒྲུབ་རྗེས་


JLAZ011_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱར་ཟབ་གསལ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་བརླབ་པ་ནིཿ ཨོཾཿ ཀུན་བརྟགས་སྣང་བ་སྣོད་ཀྱི་གཏོར་གཞོང་དུཿ གཞན་དབང་སྲིད་པ་བཅུད་ཀྱི་གཏོར་མར་སྦྱངསཿ ཡོངས་གྲུབ་ཆོས་དབྱིངས་ཀློང་ཆེན་དགོངས་པ་ཡིསཿ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིནཿ འཕོ་མེད་ནམ་མཁའ་མཛོད་དུ་མངའ་དབང་བསྒྱུརཿ ནམཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏྑཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ ལན་བདུན་བརྗོདཿ ཨཱཿ རང་བྱུང་ལྷུན་གྲུབ་འཇའ་ཟེར་ལུས་ཀྱི་སྦུབསཿ སྒྱུ་འཕྲུལ་ཚོགས་བརྒྱད་རོལ་པ་སྲིན་པོའི་གྲོངཿ སྙིང་དབུས་ཟངས་


JLAZ011_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཔལ་རིའི་ཕོ་བྲང་ནསཿ རིགས་འདུས་མ་ཧཱ་གུ་རུའི་ཐུགས་དམ་བསྐངཿ གཞི་དབྱིངས་སྟོང་གསལ་ཀུན་ཏུ་བཟང་པོ་ཡིཿ གཞི་སྣང་ལོངས་སྐུའི་རྩལ་ལས་དགོངས་པ་འཕོསཿ བརྡ་ཚིག་བློ་ལ་འདས་པའི་དཀྱིལ་འཁོར་ནསཿ དགོངས་བརྒྱུད་དག་པ་གཉིས་ལྡན་ཐུགས་དམ་བསྐངཿ ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་རྩལཿ རིག་འཛིན་རིག་པའི་འཁོར་ལ་བརྡ་སྟོན་ཅིངཿ དགོངས་བརྡའི་དོན་བརྒྱུད་ཅིག་རྫོགས་སྤྲུལ་པའི་གརཿ སྙན་བརྒྱུད་ཐོས་གྲོལ་ཆེན་པོའི་ཐུགས་དམ་བསྐངཿ མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཆེན་པོའི་དབངཿ ལས་ཅན་སྐྱེས་བུའི་སྙིང་ལ་བསྐུར་བ་ལསཿ མཚོན་བྱེད་དོན་གྱི་དགོངས་པའི་གསང་མཛོད་རྡོལཿ གཏད་རྒྱ་སྨོན་ལམ་དབང་བརྒྱུད་ཐུགས་དམ་བསྐངཿ གདོད་ནས་ཀུན་ཏུ་བཟང་པོར་རང་རིག་ལཿ ཁྱབ་བརྡལ་དགོངས་པ་གུད་དུ་བཅད་པ་དངཿ སངས་རྒྱས་གཞན་དུ་བཅལ་བའི་ནོངས་པ་ཀུནཿ དག་ནས་བྱ་རྩོལ་བྲལ་བའི་ས་ལ་སྐྱོལཿ ཐེག་པ་རིམ་དགུ་སྤྱིར་སྐོང་བཿ ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལཿ བགྲང་བྱའི་ཐེག་པ་ཐ་དད་མ་གྲུབ་ཀྱངཿ ཀུན་རྟོགས་གདུལ་བྱའི་ཁམས་དབང་བསམ་


JLAZ011_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིརཿ ཐེག་པ་རིམ་དགུར་ཤར་བའི་ཐུགས་དམ་བསྐངཿ དེ་ལ་ནང་གསེས་ཀྱི་སྡེ་སྣོད་གསུམ་ལསཿ ཉན་ཐོས་འདུལ་བའི་དཀྱིལ་འཁོརཿ འཁོར་བ་སྡུག་བསྔལ་ཆེན་པོར་ཤེས་པ་ཡིསཿ ཀུན་རྫོབ་བདེན་བཞིའི་ལམ་ལ་རབ་ཞུགས་ནསཿ བདག་འཛིན་འཆིང་བ་གཅོད་པ་ཉན་ཐོས་ཀྱིཿ ཚོམ་བུའི་དཀྱིལ་འཁོར་ལྔ་ཡི་ཐུགས་དམ་བསྐངཿ སོ་ཐར་འདུལ་བའི་སྡེ་སྣོད་ཆེན་པོ་ཡིཿ བཅས་དང་རང་བཞིན་འགལ་བའི་ཉེས་པ་ཀུནཿ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱིཿ བདག་ལ་འཕགས་པ་དགྲ་བཅོམ་བྱིན་གྱིས་རློབསཿ རང་རྒྱལ་མདོ་སྡེའི་དཀྱིལ་འཁོརཿ ལྷག་པའི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིངཿ ཕུང་སོགས་རང་བཞིན་མེད་པར་རྟོགས་པ་དངཿ རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་ཡིཿ རང་རྒྱལ་དཀྱིལ་འཁོར་བཞི་ཡི་ཐུགས་དམ་བསྐངཿ རྣམ་དག་ཚུལ་ཁྲིམས་མི་གཡོ་ཏིང་འཛིན་གྱིསཿ བསླབ་པ་མདོ་སྡེའི་སྲུང་མཚམས་ཉམས་པ་ཀུནཿ འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དངཿ ཚོགས་དང་བསེ་རུའི་རང་རྒྱལ་དངོས་གྲུབ་སྩོལཿ བྱང་སེམས་མངོན་པའི་དཀྱིལ་འཁོརཿ ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པའི་ངངཿ སྙིང་རྗེས་གཞན་


JLAZ011_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྒྲུབ་ལ་ཆེས་དཔའ་ཞིངཿ བདེན་གཉིས་ལམ་ཁྱེར་མངོན་པའི་སྡེ་སྣོད་ཀྱིཿ དཀྱིལ་འཁོར་ཕྱོགས་ཀྱི་གྲངས་ལྡན་ཐུགས་དམ་བསྐངཿ སོ་སོར་རྟོགས་པའི་ཤེས་རབ་ཏིང་ངེ་འཛིནཿ རྟག་ཆད་མུ་བཞིའི་ལམ་དུ་གོལ་བ་དངཿ སྙིང་རྗེའི་མྱུ་གུ་བསྐམས་པའི་ནོངས་པ་ཀུནཿ དག་ནས་ཀུན་ཏུ་འོད་ཀྱི་ས་ལ་སྐྱོལཿ གསང་སྔགས་ཕྱི་པའི་རྒྱུད་གསུམ་ལས་བྱ་སྤྱོད་གཉིསཿ དག་པ་གསུམ་དང་གཙང་སྦྲ་གསུམ་སྤྱོད་ཅིངཿ དམ་ཡེ་ཐ་དད་རྗེ་ཁོལ་རྣམ་པར་བསྒྲུབཿ བལྟས་པས་བདེ་བ་ལམ་བྱེད་བྱ་རྒྱུད་ཀྱིཿ དཀྱིལ་འཁོར་དྲུག་གི་ལྷ་ཚོགས་ཐུགས་དམ་བསྐངཿ ཀྲི་ཡའི་ཐབས་དང་ཡོ་གའི་རྣལ་འབྱོར་ལཿ ཆ་མཉམ་སྤྱོད་པས་མ་ནིང་ཐེག་པ་སྟེཿ མངོན་བྱང་ལྔ་ཡི་དཀྱིལ་འཁོར་རྒྱལ་མཆོག་བསྒྲུབཿ སྤྱོད་རྒྱུད་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐངཿ བྱ་སྤྱོད་རྒྱུད་སྡེའི་ལྷ་སྔགས་ཏིང་འཛིན་དངཿ ཕྲ་རགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ མཁའ་སྤྱོད་ལ་སོགས་གྲུབ་ཆེན་རྣམ་བརྒྱད་ཀྱིཿ ཐུན་མོང་དངོས་གྲུབ་འཛད་མེད་ཆར་ལྟར་སྙིལཿ ཡོ་ག་རྣལ་འབྱོར་རྒྱུདཿ ཕྱི་ནང་གསང་གསུམ་རྣམ་དག་བདེན་པ་ཡིཿ ལྷ་དང་རྣལ་འབྱོར་གཉིས་མེད་ཆེན་པོར་རྟོགསཿ ཕྱག་རྒྱ་བཞི་དང་ཟབ་གསལ་ཏིང་འཛིན་བརྙེསཿ


JLAZ011_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཚེ་དགུ་ལྡན་ཡོ་གའི་ཐུགས་དམ་བསྐངཿ བདག་དང་ལྷ་ལ་བཟང་ངན་བལྟས་པ་དངཿ བསྙེན་སྒྲུབ་མཆོད་པ་སྦྱིན་སྲེག་ཆག་པ་དངཿ དཀྱིལ་འཁོར་སྒྲུབ་པའི་ཡན་ལག་ཉམས་པ་ཀུནཿ བཟོད་པར་བཞེས་ནས་མཆོག་གི་དངོས་གྲུབ་སྩོལཿ བླ་མེད་གསང་སྔགས་ནང་པའི་རྒྱུད་གསུམ་ལས་མ་ཧཱ་ཡོ་གཿ བདེ་སྟོང་ཀློང་ཡངས་ཏིང་འཛིན་གསུམ་གྱི་སྦུབསཿ བསྐྱེད་རིམ་སྣོད་བཅུད་དག་པ་རབ་འབྱམས་སུཿ ཡོངས་ཤར་སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་སོགསཿ ཚོམ་བུའི་དཀྱིལ་འཁོར་བཅུ་གཉིས་ཐུགས་དམ་བསྐངཿ ཤེས་བྱ་ལྔ་དང་མི་སྤང་དང་དུ་བླངཿ སྒྲུབ་དང་སྤྱད་བྱའི་དམ་ཚིག་ཉི་ཤུ་ལྔཿ གསང་བཅུ་ལ་སོགས་ཉམས་ཆག་སྡིག་སྒྲིབ་ཀུནཿ བཤགས་སོ་རིག་འཛིན་རྣམ་བཞིའི་ས་ལ་སྐྱོལཿ ལུང་ཨ་ནུ་ཡོ་གཿ བཀོད་པ་ལུས་ཀྱི་གཞལ་མེད་ཁང་ཆེན་ནངཿ རྩ་གསུམ་འཁོར་ལོ་ལྔ་ཡི་འཇའ་ཟེར་སྦུབསཿ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རིག་པའི་རྩལཿ ཨ་ནུ་ཡོ་གའི་དཀྱིལ་འཁོར་ཐུགས་དམ་བསྐངཿ རྣམ་ཤེས་ཚོགས་བརྒྱད་ཉེ་ཉོན་ཉི་ཤུ་དངཿ སེམས་བྱུང་ལྔ་བཅུ་བརྒྱད་ཁྲི་བཞི་སྟོང་གིཿ རྟོག་ཚོགས་དག་ནས་དྲན་རྫོགས་ཕྱག་རྒྱའི་སྐུཿ ལྷན་སྐྱེས་


JLAZ011_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་ས་ལ་སྐྱོལཿ འོད་གསལ་རྫོགས་པ་ཆེན་པོཿ ཤེས་རིག་ཟང་ཐལ་གཉུག་མའི་གཞལ་ཡས་སུཿ ཡེ་གདངས་སྒྲོན་དྲུག་སྒྲོན་བཞིའི་སྟེང་བར་དོའི་དུས་ཀྱི་སྒྲོན་མ་ནི་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་ཤར་བ་ངོ་ཤེས་པས་གདོད་མའི་སར་སྐྱེལ་བའོ་མཐར་ཐུག་འབྲས་བུའི་སྒྲོན་མ་ནི་དབྱིངས་སུ་འཁྱིལ་བ་གཞོན་ནུའི་བུམ་པའི་སྐུའི་ཞིང་ན་བཙན་ས་ཟིན་པའོ།། འཇའ་ཟེར་ཐིག་ལེའི་ཀློངཿ རིག་པ་བཅུད་དུ་སྨིན་པ་ཨ་ཏིའི་ལྷཿ ཞལ་ཕྱག་འཛིན་པ་དག་པའི་ཐུགས་དམ་བསྐངཿ རང་གྲོལ་རིག་པ་རྡོ་རྗེ་ལུ་གུ་རྒྱུདཿ བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིསཿ གཅུན་དེ་སྣང་བཞི་ཆོས་ཟད་གདོད་མའི་དབྱིངསཿ ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལཿ རྩ་གསུམ་ཌཱཀྐི་དམ་ཅན་སྤྱིར་སྒོས་སུཿ མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཀློངཿ ཐ་དད་རིག་པས་བཏགས་པའི་སྲི་ཞུའི་མགྲོནཿ རྡུལ་སྙེད་མ་ཚང་མེད་པ་ཐམས་ཅད་དངཿ སྣང་བ་ཡབ་ཀྱི་རང་བཞིན་རཱ་ཧུ་ལཿ སྟོང་པ་ཡུམ་གྱི་ངོ་བོ་ཨེ་ཀ་ཙཿ ཟུང་འཇུག་ཐུགས་རྗེ་བཛྲ་ས་ངྷུ་སོགསཿ སྙིང་ཐིག་གཉེན་པོའི་བཀའ་སྲུང་ཐམས་ཅད་དངཿ ཨོ་རྒྱན་རྒྱ་གར་བལ་ཡུལ་ཁ་ཆེའི་གླིངཿ འ་ཞའི་ཡུལ་དང་བྲུ་ཤ་ཟངས་གླིང་ཡུལཿ གསེར་གླིང་རྔ་ཡབ་ལངྐའི་གླིང་ཕྲན་དངཿ རྒྱ་ནག་ལྗོངས་ཡུལ་གེ་སར་


JLAZ011_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དམག་གི་གླིངཿ ཙ་རི་ཏྲ་དང་ལྷོ་མོན་འབྲས་མོའི་གཤོངསཿ མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དངཿ མདོ་ཁམས་སྒང་དྲུག་སྦས་གནས་གཉེན་པོའི་ཡུལཿ ལྗོངས་ལྔ་གླིང་དྲུག་གསེར་རི་ལྷུན་པོའི་སྤོཿ སུམ་ཅུ་རྩ་གསུམ་གནས་ཡུལ་དུར་ཁྲོད་གཉནཿ ཆོས་འཁོར་གཙུག་ལག་སྒྲུབ་གནས་དབེན་གནས་ཀྱིཿ ཁོར་ཡུག་ལྗོན་ཤིང་བྲག་རི་མཚོ་གླིང་ལཿ གནས་པའི་དཔའ་བོ་ཌཱཀྐི་ཆོས་སྲུང་ཚོགསཿ ཞལ་ནས་གསུངས་དང་རྗེས་སུ་གནང་བ་དངཿ བྱིན་བརླབས་ལུང་བསྟན་དག་སྣང་བསྟན་བཅོས་དངཿ ཐུགས་གཏེར་དགོངས་གཏེར་ཟབ་གཏེར་རྫས་གཏེར་སོགསཿ གཏེར་རིགས་བཅོ་བརྒྱད་ཆོས་ཀྱི་བཀའ་གཏད་ཅིངཿ དཀྱིལ་འཁོར་རྒྱ་མཚོའི་མུ་རན་ལ་གནས་པའིཿ དམ་ཅན་་ཌཱཀྐི་བསྟན་སྲུང་རྒྱ་མཚོ་ཡིཿ ཐུགས་དང་འགལ་གྱུར་ནོངས་པ་ཅི་མཆིས་པཿ སྙིང་ནས་བཤགས་སོ་ཚངས་པའི་ཞལ་རས་སྟོནཿ རྟག་ཆད་མཐའ་བྲལ་དབུ་མ་ཆེན་པོའི་སྦུབསཿ འཁོར་འདས་རོ་རྐྱང་ཟུང་འཇུག་ཕྱག་རྒྱ་ཆེརཿ སྦྱར་བས་སྣང་སེམས་ཞེན་གྲོལ་རྫོགས་པ་ཆེའིཿ ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལསཿ གཟུང་འཛིན་ཕཊ་ཀྱི་གཏོར་བའི་རྗེས་གཞིག་ཆེརཿ བློ་བྲལ་ཐུགས་ཕྲད་


JLAZ011_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ངོ་བོ་རུཿ ཚོགས་བརྒྱད་ཀ་ནས་དག་པའི་བཀྲ་ཤིས་རྟགསཿ སྣང་བ་རྒྱན་དུ་ཤར་བའི་རྒྱལ་སྲིད་བདུནཿ རིག་སྟོང་རྗེན་པར་གྲོལ་བའི་འདོད་ཡོན་ལྔཿ རྐྱེན་ངན་ལམ་དུ་ལོངས་པའི་ཕྱག་རྒྱ་གརཿ འབུལ་ལོ་མཆོག་ཐུན་དངོས་གྲུབ་རྒྱ་མཚོ་བསྐྱིལཿ ཀློང་ཆེན་གཞོན་ནུ་བུམ་སྐུའི་ཀ་པཱ་ལརཿ དུག་གསུམ་རྣམ་རྟོག་དྲེགས་པ་བཏུལ་བའི་ཁྲགཿ སྐུ་གསུམ་ཡོངས་གྲོལ་ཆེན་པོའི་བ་ལིང་ཏཿ རེ་དོགས་ཚར་གཅོད་ཤ་ལྔ་བདུད་རྩི་ལྔཿ ཉི་ཟླའི་དྭངས་མ་རྩ་བརྒྱད་ཡན་ལག་སྟོངཿ རང་བྱུང་ལྷུན་གྲུབ་ནང་གི་དམ་རྫས་ཀུནཿ འབུལ་ལོ་བརྟུལ་ཞུགས་མཐར་ཕྱིན་དངོས་གྲུབ་སྩོལཿ གདོད་མའི་སྟོང་ཆེན་དབྱིངས་ཀྱི་བྷ་གའི་ཀློངཿ རྣམ་ཀུན་མཆོག་ལྡན་རིག་པའི་རྡོ་རྗེ་ཡིསཿ རྟེན་འབྲེལ་ལུགས་ལྡོག་འཁོར་བའི་བག་ཆགས་བསྒྲལཿ བདེ་སྟོང་དགའ་བཞིའི་ཉམས་རྩལ་རྫོགས་པའི་གརཿ སྦྱོར་སྒྲོལ་བརྟུལ་ཞུགས་མཐར་ཕྱིན་གསང་བའི་རྫསཿ འབུལ་ལོ་གཞན་སྣང་དབང་འདུས་དངོས་གྲུབ་སྩོལཿ མཚན་མ་རྫས་དང་མཚན་མེད་ཏིང་འཛིན་གྱིསཿ ལས་བཞིའི་ཕྲིན་ལས་སྒྲུབ་པའི་ཕྱག་རྒྱ་དངཿ ཤུགས་སྒྲོལ་དམོད་པའི་མཚོན་ཆ་ཁྱོད་ལ་འབུལཿ སྨོན་འཇུག་


JLAZ011_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་བྲག་ཕུག་ཞྭ་ལྟར་གྱོནཿ ཆགས་མེད་འཁོར་བ་སྤངས་པའི་རྣལ་འབྱོར་ལཿ མ་ཉེས་ཁ་ཡོགས་ཅལ་སྒྲོག་ངན་སྦྱོར་གཤོམཿ སྒྲུབ་ལ་བར་གཅོད་ཐུགས་རྒྱུད་དཀྲུགས་པ་ཡིཿ སྨོན་ལམ་ལོག་པའི་དགྲ་འདྲེའི་སྙིང་ཁྲག་འཐུངཿ མཐོན་མཐིང་རལ་པའི་གླེགས་བམ་མན་ཆད་ནསཿ བདོག་པའི་ཉེར་སྤྱད་ཕྲ་མོ་ཡན་ཆོད་དུཿ མདོར་ན་རྣལ་འབྱོར་ཡིད་ལ་མཛའ་བའི་རྫསཿ རྩ་གསུམ་དམ་ཅན་ཌཱཀྐི་བླ་རྡོར་འབུལཿ ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགསཿ ངེས་མེད་གནས་སུ་བྱང་ཆུབ་བསྒྲུབ་པའི་ཕྱིརཿ སྟག་མོ་རི་སུལ་འགྲིམ་ལྟར་རྒྱུ་བའི་ཚེཿ རྣལ་འབྱོར་ལུས་ལ་གྲིབ་མ་བཞིན་དུ་འགྲོགསཿ བརྟན་གཡོ་སྣང་སེམས་ཞེན་པས་བཅིངས་པ་ཡིཿ ཕྲ་རགས་རྣམ་རྟོག་གྱ་གྱུའི་སྒྱུ་འཕྲུལ་ཅནཿ སྲིད་ཞི་གཉིས་མེད་ཤར་གྲོལ་དུས་མཉམ་ཀློངཿ འབུལ་ལོ་ཆོས་ཉིད་ཟད་སར་འཁྱོལ་བར་ཤོགཿ ཀུན་གཞིའི་ངང་ནས་ལས་རླུང་གཡོས་པའི་འཕྲུལཿ བག་ཆགས་སེམས་ཉིད་མངལ་རྒྱར་འཐུམས་པ་ལསཿ འབྱུང་བའི་ཤ་ཁྲག་དྲོད་དབུགས་ཕུང་པོའི་ཁམསཿ འབུལ་ལོ་བདག་གིས་འཇའ་ལུས་འགྲུབ་པར་ཤོགཿ འདིས་མཚོན་དུས་གསུམ་བསགས་པའི་


JLAZ011_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྩ་ཀུནཿ དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱིཿ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བཏབ་ནསཿ གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨཱཿ གུཧྱཿ དྷ་ཐིམཿ གང་འདི་འོག་མིན་དཔལ་གྱི་འཆིམས་ཕུ་ཡི༔ མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་པ་རུ༔ བྷུ་སུ་ཀུ་བ་མཁྱེན་བརྩེའི་འོད་ཟེར་དེ༔ གཅིག་བུར་སྙིང་པའི་སྒྲུབ་ལ་གཞོལ་བའི་སྐབས༔ རྣམ་གནོན་ལྕགས་འབྲུག་ཟླ་བ་ཤར་བའི་མགོར༔ བདག་གི་སྟོན་པ་གྲོང་ཁྱེར་སྒྲ་སྒྲོབས་ཀྱི༔ རྒྱལ་པོ་ཨུ་ཏྲ་ཡ་ནས་སྤྱན་དྲངས་ཏེ༔ མཆོད་ཅིང་བསྙེན་བསྐུར་ཞུས་པའི་དུས་ཆེན་ཉིན༔ སྒྲུབ་པ་སྙིང་པོར་བྱེད་པའི་ཆ་སྐྱེན་དུ༔ ཡུལ་གྱི་རྟེན་འབྲེལ་དག་པས་མཚམ་སྦྱར་ཏེ༔ དག་པ་ཡེ་ཤེས་རིག་པའི་ངོར་ཤས་བཞིན༔ ཀློང་ཆེན་དགོངས་པའི་གསང་མཛོད་ནས་ཕྱུངས་ཏེ༔ བརྡ་ཚིག་ཡེ་གེའི་ལམ་དུ་སྣང་བར་བྱས༔ བྱ་སླ་ཁྱེར་བདེ་ཟབ་མོའི་གནད་ཀུན་ཚངས༔ ཉམས་ཆག་སྡིག་སྒྲིབ་དག་ཅིང་ཐུགས་དབ་བསྐང་། འཕྲལ་རྐྱེན་རྟེན་འབྲེལ་ངན་པ་བཟློག་པར་ནུས༔ བསམ་དོན་ཡིད་བཞིན་འགྲུབ་ཅིང་དངོས་གྲུབ་ཐོབ༔ དེ་ཕྱིར་འདི་ཉིད་ཨུ་དེ་ཤ་སྟེ༔ བདག་རྗེས་འབྲངས་བ་རྣམས་ཀྱིས་དྭངས་སུ་ལོངས༔ སྙིང་ཏིག་གཉན་པོའི་བཀའ་སྲུང་རྣམས་གཏད༔ སྐལ་མེ་ལོག་ལྟ་ཅན་ལ་ཨ་ཐམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ།


JLAZ011_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་བཞུགསཿ


JLAZ011_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀཱི་ཤྭ་རཱ་ཡཿ གསང་བ་ལྟར་དུ་སྒྲུབ་པ་ནིཿ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུཿ སྡུག་བསྔལ་རང་གྲོལ་ངོ་བོ་སྟེཿ ཤིན་ཏུ་ཟབ་པའི་ཏི་ལ་ཀཿ འདི་ཉིད་སྒྲུབ་པའི་གནས་མཆོག་ནིཿ འཇམ་ཞིང་ཁོད་སྙོམས་ཁ་དོག་དཀརཿ དཀར་ཕྱོགས་དགེ་བསྙེན་གནས་པའི་སཿ དགྲ་འདྲེས་དབང་དུ་མ་བྱས་པརཿ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེངཿ སྒྲུབ་རྫས་པྲ་ཁྲིད་བཞིན་དུ་བཀོདཿ ཡང་ན་སྨན་ངག་གཏོར་མར་བརྟེནཿ དེ་ལ་སྔོན་འགྲོ་དངོས་གཞི་རྗེསཿ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནིཿ ན་མོཿ མཐའ་མེད་འཁོར་བ་སྡུག་བསྔལ་རང་བཞིན་ལཿ དབང་མེད་སྤྱོད་པའི་བདག་སོགས་སེམས་ཅན་ཀུནཿ མཆོག་གསུམ་ངོ་བོ་འཕགས་མཆོག་


JLAZ011_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་ལྷརཿ སྙིང་ནས་གདུང་ཤུགས་དྲག་པོས་སྐྱབས་སུ་མཆིཿ ལན་གསུམཿ གཉིས་པ་སེམས་བསྐྱེད་ནིཿ ཧོཿ ཕ་མ་རིགས་དྲུག་སྙིང་རྗེའི་ཡུལ་གྱུར་ཀུནཿ རང་ངོ་མ་ཤེས་འཁྲུལ་པའི་ལས་ལ་སྤྱོདཿ ཚད་མེད་སྙིང་རྗེས་བྱང་ཆུབ་ལམ་འགོད་ཕྱིརཿ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱིཿ ལན་གསུམཿ གསུམ་པ་ཡན་ལག་བདུན་པ་ནིཿ ཧོཿ དུས་གསུམ་བཞུགས་པའི་སྐྱབས་གནས་ཐམས་ཅད་ལཿ གུས་པས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལཿ མི་དགེ་སྡིག་པའི་ལས་ཀུན་མཐོལ་ལོ་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ བཞུགས་གསོལ་འདེབས་སོ་དགེ་རྩ་བྱང་ཆུབ་བསྔོཿ ཀུན་ཀྱང་འཕགས་པའི་གོ་འཕང་ཐོབ་པར་ཤོགཿ བཞི་པ་བགེགས་གཏོར་


JLAZ011_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿ་ཧཱུྃ་གིས་བརླབས་ནསཿ ཧྲཱིཿ ང་ནི་པདྨ་དབང་གི་སྐུཿ ལོག་འདྲེན་འདུལ་བའི་གཤེད་པོ་ཆེཿ ཉོན་ཅིག་བགེགས་དང་ལོག་འདྲེན་ཀུནཿ འདོད་ཡོན་གཏོར་མ་འདི་ལོངས་ལཿ རྒྱ་མཚོ་ཆེན་པོའི་ཕ་མཐར་དེངསཿ གལ་ཏེ་བཀའ་ལས་འདའ་བྱེད་ནཿ རྡོ་རྗེའི་ཐོ་བས་ཀླད་ནས་གཞོམཿ དེ་བས་བཀའ་ལས་མ་འདའ་ཞིགཿ ཧཱུྃ་བཞིའི་སྔགས་བརྗོདཿ ལྔ་པ་སྲུང་འཁོར་ནིཿ ཧྲཱིཿ སྣང་སྲིད་ཐམས་ཅད་རྡོ་རྗེའི་གུརཿ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངངཿ བག་ཆགས་འཁྲུལ་བའི་གདོན་བགེགས་རྣམསཿ སྐུ་གསུམ་ངང་དུ་མཚམས་བཅད་དོཿ བཛྲ་རཀྵ་རཀྵ་ཛྭ་ལ་ཧཱུྃ་ཕཊཿ དྲུག་པ་བྱིན་འབེབས་ནིཿ ཧཱུྃཿ སྟོང་ཉིད་དབྱིངས་ལས་ཐུགས་རྗེ་རོལ་པའི་རྩལཿ འགག་མེད་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིནཿ ཀུན་རྫོབ་མཚན་མའི་རྫས་ཀུན་བྱིན་བརླབས་པསཿ གདོད་ནས་དག་པའི་དཀྱིལ་འཁོར་ཆེན་པོར་གྱུརཿ ཨོཾ་ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾ་སརྦ་ས་མ་ཡ་ཛཿ བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནིཿ ཨོཾ་ཨཱཿཧཱུྃཿ ཕྱི་ནང་གསང་བའི་མཆོད་རྫས་མ་ལུས་པཿ རྣམ་པ་རྫས་ལ་ངོ་བོ་ཡེ་ཤེས་ཀྱིཿ བདུད་རྩི་ཆེན་པོ་རོ་བརྒྱའི་དཔལ་འཛིན་པསཿ དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་དཔྱིད་དུ་གྱུརཿ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་དངཿ སརྦ་


JLAZ011_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཿཧཱུྃཿ ལན་གསུམ་གྱིས་བརླབཿ གཉིས་པ་དངོས་གཞི་ལ་རྣམ་གྲངས་བདུན་ལསཿ དང་པོ་རྟེན་དང་བརྟེན་པ་བསྐྱེད་པ་ནིཿ ཧྲཱིཿ ཆོས་ཀུན་མི་དམིགས་གཞི་མེད་རྩ་བྲལ་ངངཿ དབྱིངས་རིག་ཟུང་འཇུག་དག་པ་ཆེན་པོའི་ཞིངཿ རང་སྣང་ལྷུན་གྲུབ་རི་བོ་པོ་ཏཱ་ལཿ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུསཿ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེངཿ ཧྲཱིཿལས་རང་ཉིད་འཕགས་མཆོག་སྙིང་རྗེའི་ལྷཿ སྡུག་བསྔལ་རང་གྲོལ་སྤྱ་རས་གཟིགས་དབང་སྐུཿ ཞལ་གཅིག་ཕྱག་བཞི་མཉམ་པའི་སྟབས་ཀྱིས་བཞེངསཿ རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ཚུལཿ ལྷག་མ་རྣམ་གཉིས་ ཁ་སར་པ་ཎི་དང་ཕྱག་སྟབས་གཅིགཿ བགྲང་ཕྲེང་པད་དཀར་འཆངཿ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་མཛེསཿ དཀར་དམར་མདངས་ལྡན་རུས་པའི་རྒྱན་གྱིས་སྤྲསཿ ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེསཿ དབུ་གཙུག་རིགས་བདག་འོད་དཔག་མེད་པས་མཚནཿཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུཿ ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀརཿ ལྷོ་རུ་འོད་ཟེར་ཅན་མ་གསེར་གྱི་མདོགཿ ནུབ་ཏུ་ཀུ་རུ་ཀུལླེ་པད་རག་མདངསཿ བྱང་དུ་ནོར་རྒྱུན་ལྷ་མོ་སྐུ་


JLAZ011_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ལྗངཿ ཀུན་ཀྱང་རང་རང་རྒྱན་དང་ཆ་ལུགས་རྫོགསཿ སྒོ་བཞིར་དབང་ཆེན་སྡེ་བཞི་ལས་མདོག་ཅནཿ གྲི་གུག་ཐོད་འཛིན་དོར་སྟབས་འཇིགས་ཚུལ་རྔམསཿ ཁྲོ་བོའི་ཆས་རྫོགས་མེ་དཔུང་ཀློང་ན་འགྱིངསཿ བར་མཚམས་སངས་རྒྱས་བྱང་སེམས་རིག་འཛིན་དངཿ དཔའ་བོ་ཌཱཀྐི་དམ་ཅན་སྤྲིན་ལྟར་གཏིབསཿ སྣང་སྟོང་སྒྲིབ་གཡོགས་བྲལ་བའི་དབྱིངས་ན་གསལཿ ཀུན་ཀྱང་གནས་ལུགས་ཡིག་འབྲུ་གསུམ་གྱིས་མཚནཿ དེ་ལས་འོད་འཕྲོས་རང་བཞིན་གནས་མཆོག་དངཿ ཁྱད་པར་སྤྲུལ་པའི་ཞིང་ཁམས་པོ་ཏཱ་ལཿ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་སོགས་ནསཿ ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛཿ གཉིས་པ་སྤྱན་འདྲེན་པ་ནིཿ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནསཿ མགོན་པོ་འོད་དཔག་མེད་པ་གཤེགས་སུ་གསོལཿ སྤྲུལ་པའི་ཞིང་ཁམས་རི་བོ་ཏ་ལ་ནསཿ འགྲོ་འདུལ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལཿ ཐུགས་རྗེས་འགྲོ་བ་འདུལ་བའི་ཕོ་བྲང་ནསཿ དཀྱིལ་འཁོར་ལྷ་ཚོགས་མ་ལུས་གཤེགས་སུ་གསོལཿ བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་ལོ་ཀཱི་ཤྭ་ར་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཛཿཛཿ གསུམ་


JLAZ011_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞུགས་སུ་གསོལ་བ་ནིཿ ཧྲཱིཿ དམིགས་མེད་རང་གྲོལ་ཐུགས་རྗེའི་དཀྱིལ་འཁོར་ལྷརཿ གཤེགས་བྱོན་བཞུགས་སུ་གསོལ་བར་མི་དམིགས་ཀྱངཿ གཉིས་སྣང་གློ་བུར་དྲི་མ་སྦྱངས་བའི་ཕྱིརཿ དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགསཿ བཛྲ་ས་མ་ཡ་ཏིཥྛ་ཧོཿ བཞི་པ་ཕྱག་འཚལ་བ་ནིཿ ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལཿ རང་ཤེས་འཁྲུལ་པ་བྲལ་བའི་བརྡ་ཕྱག་གརཿ ལྷ་ཆེན་འཕྲུལ་དགའི་རྣམ་འགྱུར་ཇི་བཞིན་དུཿ སྤང་བླང་མེད་པའི་ངང་ནས་བཙལ་བར་བགྱིཿ ན་མོ་པུ་རུ་ཤ་ཡ་ཧོཿ ལྔ་པ་མཆོད་པ་ནི། ཧྲཱིཿ ཀུན་ཏུ་བཟང་པོའི་རྣམ་རོལ་མཆོད་པའི་སྤྲིནཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དངཿ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔཿ ལྷ་མིའི་དཔལ་འབྱོར་མ་ལུས་འབུལ་ལོ་བཞེསཿ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་རཱུ་པ་ཤཔྟ་གྷནྡྷེ་རཱ་ས་པར་ཤེ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧིཿ དྲུག་པ་ཁྱད་པར་གྱི་མཆོད་པ་ནིཿ ཧྲཱིཿ ཁྱད་པར་རྨད་བྱུང་བདེ་བ་ཆེན་པོའི་རྫསཿ སྨན་གཏོར་རཀྟ་ཚོགས་མཆོད་དང་རེ་སྤྲོཿ ཤེས་རབ་རིག་མ་བློ་འདས་གཉུག་མའི་གཤིསཿ འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་སྩོལཿ སརྦ་པཉྩ་རཀྟ་བ་ལིང་ཏ་མ་ཧཱ་སུ་ཁ་དྷརྨ་དྷ་ཏུ་པཱུ་ཛ་ཧོཿ བདུན་པ་བསྟོད་པ་


JLAZ011_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ནིཿ ཧྲཱིཿ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནསཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་མངའ་དབང་ཅནཿ ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགསཿ སྡུག་བསྔལ་རང་གྲོལ་སྐུ་ལ་ཕྱག་འཚལ་བསྟོདཿ ཚད་མེད་བཞི་ཡིས་འགྲོ་ཀུན་ཐར་ལམ་འདྲེནཿ གང་ལ་གང་འདུལ་ཐུགས་རྗེ་རོལ་པའི་གརཿ ཅིར་ཡང་སྒྱུར་བའི་མཐུ་སྟོབས་རྫུ་འཕྲུལ་ཅནཿ རིགས་བཞིའི་སེམས་མ་རྣམས་ལ་ཕྱག་འཚལ་བསྟོདཿ རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་བསྒྱུར་ཞིངཿ ལོག་འདྲེན་འདུལ་ཕྱིར་ཁྲོ་གཏུམ་རོལ་པའི་སྟབསཿ ཐོགས་མེད་བསྒྱུར་བའི་རིགས་བཞིའི་ཧྱ་གྷྲིཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ བརྒྱད་པ་འཛབ་ནིཿ རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་རུཿ ཉི་ཟླའི་གའུ་ཁ་སྦྱོར་ལངས་པའི་དབུསཿ ཟླ་བའི་སྟེང་ན་ཐུགས་སྲོག་ཧྲཱིཿདཀར་པོཿ དེ་མཐར་ཡི་གེ་བདུན་པས་བསྐོར་བ་ལསཿ འོད་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་དངཿ ཁྱད་པར་ཐུགས་རྗེ་ཆེན་པོའི་ཐུགས་རྒྱུད་བསྐུལཿ འགྲོ་དྲུག་སེམས་ཅན་ཀུན་གྱི་ལས་ཉོན་སྦྱངསཿ འོད་ཟེར་ཚུར་འདུས་བདག་ལ་ཐིམ་པ་ཡིསཿ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་དམིགསཿ འགྲོ་ལ་སྙིང་རྗེའི་ངང་


JLAZ011_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟླས་པར་བྱཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གྲངས་ཀྱི་བསྙེན་པ་བྱེ་བ་གཅིགཿ དུས་ཀྱི་བསྙེན་པ་དེའི་བཞི་འགྱུརཿ མཚན་མའི་བསྙེན་པ་རྟགས་དང་སྦྱརཿ རྟགས་ནི་མེ་ཏོག་དཀར་པོ་འཐུཿ གངས་རིར་འཛེགས་དང་ཕྱག་མཚན་རྙེདཿ རོལ་མོ་འཁྲོལ་དང་ཁྲུས་བྱེད་སོགསཿ དངོས་ཉམས་རྨི་ལམ་མ་ངེས་འབྱུངཿ ཁྱད་པར་ཚེ་ཡི་སྒྲུབ་བྱེད་ནཿ འཕགས་པའི་ཐུགས་ལས་འོད་འཕྲོས་པསཿ རྗེ་བཙུན་སྒྲོལ་མའི་ཐུགས་རྒྱུད་བསྐུལཿ བརྟན་གཡོའི་ཁམས་ནས་ཚེ་བཅུད་དངཿ བླ་ཚེ་སྲོག་དབུགས་ཡར་བ་བཀུགཿ སྒྲུབ་བྱ་གཙོ་བོའི་ཐུགས་སྲོག་དབུསཿ གསལ་བ་ལ་བསྟིམ་རྩ་སྔགས་གཤམཿ ཏཱ་རེ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ནྲི་ཛ་སྭཱ་ཧཱཿ ཞེས་བཏགས་བསྙེན་པས་ཚེ་གེགས་ཞིཿ བགེགས་འདུལ་བསོད་ནམས་རྒྱས་བྱེད་ནཿ འོད་ཟེར་ཅན་མའི་ཐུགས་རྒྱུད་བསྐུལཿ ལོག་པར་འདྲེན་པའི་བཀྲག་དངས་བཅུདཿ སྒྲུབ་ཆུས་བླངས་བཞིན་བདག་ལ་བསྟིམཿ གཟི་བྱིན་ཉི་ཟླ་ལྟ་བུར་བསམཿ རྩ་སྔགས་ཤམ་བུར་འདི་བཏགས་བསྙེནཿ ཨཱར་ཡ་མ་རི་ཙྱཻ་མཱཾ་སྭཱཧཱཿ ལོག་འདྲེན་འདུལ་ཞིང་ཚེ་བསོད་རྒྱསཿ ཁམས་གསུམ་མ་ལུས་དབང་སྡུད་ནཿ རིག་བྱེད་དབང་མོའི་ཐུགས་རྒྱུད་བསྐུལཿ བརྟན་གཡོའི་དངས་བཅུད་མ་ལུས་དངཿ ཁྱད་པར་དམིགས་བྱའི་ཚེ་བསོད་དབངཿ འོད་དམར་རྣམ་པར་མེར་གྱིས་བསྡུསཿ བདག་


JLAZ011_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་གཟི་བྱིན་འབར་བར་དམིགསཿ ཀུ་རུ་ཀུལླེ་ཧྲིཾ་ཧྲིཾ་ཝཱ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཏགས་བཟླས་པས་རང་དབང་འགྱུརཿ ནོར་གྱིས་བང་མཛོད་གང་བྱེད་ནཿ ནོར་རྒྱུན་མ་ཡི་ཐུགས་རྒྱུད་བསྐུལཿ ལྷ་ཀླུ་དྲང་སྲོང་མིའི་ནོར་བུཿ ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིསཿ བཀུགས་ནས་བདག་ལ་སྩོལ་བར་དམིགསཿ མ་མ་བཱ་སུ་དྷ་རི་སྭཱ་ཧཱཿ ཞེས་བཏགས་བཟླས་པས་དངོས་གྲུབ་ཐོབཿ ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམཿ སྒྲུབ་རྫས་བླ་རྡོ་སྲོག་འཁོར་དངཿ དམིགས་གནད་དམར་བྱང་གནད་ཡིག་ལསཿ རྟོགས་པར་བྱ་བ་ཁོ་ནའོཿ ས་མ་ཡཿ འདི་ལྟར་ཤིན་ཏུ་ཟབ་པའི་གནདཿ འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱིཿ སྒྲུབ་ཐབས་རྗེ་བཙུན་མ་ཧཱ་གུ་རུསཿ མངའ་བདག་ཆོས་རྒྱལ་ཡབ་སྲས་ལཿ བར་ཁང་གཡུ་ཞལ་འབར་བ་རུཿ གདམས་ཏེ་སྙིང་མཛོད་སྒྲོམ་བུར་སྩལཿ སྨོན་ལམ་གཏད་རྒྱའི་མཐུ་བཙན་པོཿ དུས་ལ་བབ་བོ་སྟག་གི་ལོརཿ ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིངཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མསཿ འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ཀློངཿ ཀློང་གསལ་བརྡ་རིས་ཤོག་དྲིལ་སྤྲོདཿ བརྡ་དོན་གབ་སྦས་མེད་པར་བཀོདཿ བཀའ་སྲུང་གཟའ་བདུད་ཆེན་པོ་ཡིསཿ ཤིན་ཏུ་ཟབ་པའི་གཏེར་གྱི་བཅུདཿ གཡེལ་མེད་སྐྱོངས་ཤིག་ས་མ་ཡཿ ལོ་བདུན་གསང་རྒྱ་བྱས་ནས་གཏན་ལ་ཕབཿ སྙིང་ལས་གཅེས་པའི་གདམས་པའོཿ ཿ

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ཆོ་གའི་དཀའ་འགྲེལ་དབྱར་གྱི་རྔ་གསང་།


JLAZ011_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ཆོ་གའི་དཀའ་འགྲེལ་དབྱར་གྱི་རྔ་གསང་ཞེས་བྱ་བ་བཞུགས། །


JLAZ011_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཁམས་ལ་ནམ་དུ་ཡང༌། །གཟིགས་པའི་ཕུལ་དང་སྤྱན་རས་ཀྱི། །བཙའ་བ་མི་འགོག་གང་ཞིག་ལ། །དངོས་པོ་ཀུན་གྱིས་བཏུད་ཕྱག་འཚལ། །འདིར་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ཆོ་གའི་དཀའ་འགྲེལ་ལ། སྔོན་འགྲོའི་དང་པོ་སྐྱབས་འགྲོའི་དོན། སྤྱིར་ཐོག་མཐའ་མི་མངོན་པའི་འཁོར་བ་འདིར་འཁྱམས་ཕྱིན་ཆད་སྡུག་བསྔལ་བདེན་པའི་ཆོས་ཉིད་ལ་རང་དབང་བྲལ་བར་སྤྱོད་དགོས་པས་ན། བདག་སོགས་ཀྱི་སྒྲས་རང་དོན་ཞི་བདེར་གཉེར་བའི་སྐྱབས་འགྲོ་ཉི་ཚེ་པ་ཙམ་མ་ཡིན་པར་སེམས་ཅན་གཞན་དང་གཞན་དག་ཀུན་ཀྱང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་སྐྱེས་བུ་ཆེན་པོའི་བློས། དཀོན་མཆོག་གསུམ་ཀའི་ངོ་བོ་ཐུགས་


JLAZ011_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོར་ངེས་ཚུལ་ཡང༌། དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་འཕགས་པ་སྟེ་ཚོགས་རྣམས་ཀྱི་མཆོག་རབ་གྱ་ནོམ་པ་ལྟར་ངེས་པ་བརྟན་པོས་སྙིང་ཐག་པ་ནས་ཁྱེད་ཤེས་ཀྱི་བློ་དང་གདུང་ཤུགས་དྲག་པོ་བསྐྱེད་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ། །གཉིས་པ་སེམས་བསྐྱེད་ཀྱི་དོན་ནི། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་ཆོས་མཐུན་ལ། འདི་ལྟར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་ཅིང༌། ཕ་མ་དེ་དག་འགྲོ་དྲུག་གི་གནས་རིགས་ཐ་དད་པར་ད་ལྟའི་སྡུག་བསྔལ་ལ་སྤྱོད། ཕྱི་མའི་སྡུག་བསྔལ་གྱི་རྒྱུ་བསྒྲུབས་པས་ཤིན་ཏུའང་སྙིང་རྗེའི་ཡུལ་དུ་གྱུར་ལ། ད་དུང་རང་རྒྱུད་ཀྱི་


JLAZ011_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྙིང་པོ་ངོ་མ་ཤེས་ན་ནམ་ཡང་ཐར་པའི་སྐབས་མེད་ཅིང་འཁྲུལ་པའི་ལས་ལ་སྤྱོད་པས་ན། དེ་དག་ལ་ཕན་པར་འདོད་པའི་བྱམས་པ་དང༌། སྡུག་བསྔལ་ལས་བྲལ་འདོད་ཀྱི་སྙིང་རྗེ་དང། བདེ་བ་འཁོད་ན་སྙམ་པའི་དགའ་བ་དང༌། སྙོམས་པར་ཕན་འདོགས་པའི་བཏང་སྙོམས་ཏེ་ཚད་མེད་བཞི་དང་ལྡན་པའི་སེམས་ལ་སྙིང་རྗེ་ཆེན་པོའི་ཁུར་ལྷག་པར་དུའང་བཀལ་ནས་ཚངས་པའི་གནས་པ་བཞིས་དབེན་པའི་སེམས་བྱང་ཆུབ་ཆེན་པོའི་ལམ་ལ་འགོད་འདོད་ལ་རྩེ་གཅིག་ཏུ་སྨོན་པ་དང༌། དངོས་སུ་ཕན་འདོགས་པའི་འཇུག་པ་སྟེ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་གཉིས་ཤུགས་དྲག་ཏུ་བསྒོམས་པའི་རྗེས་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇོག་པ་ལ་དོན་དམ་པའི་སེམས་བསྐྱེད་ཀྱི་ཐ་སྙད་བཏགས་པའོ། །གསུམ་པ་ཡན་ལག་བདུན་པའི་དོན་ནི་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་མཐུན། དེ་ལ་འདས་མ་འོངས་ད་ལྟ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སྐྱབས་གནས་ཐམས་ཅད་ལ། རང་གི་ལུས་བྱེ་བ་ཐེར་འབུམ་དུ་སྤྲུལ་ནས་གུས་པ་ཆེན་པོས་ཕྱག་འཚལ་བ་དང༌། བླ་ན་ཡོད་མེད་ཀྱི་མཆོད་པ་ཕྱི་ནང་གསང་གསུམ་དུ་བསྡུས་ནས་འབུལ་བ་དང༌། ལུས་ཀྱི་ལས་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་སྟེ་མི་དགེ་བ་བཅུ་པོའི་སྟེང༌། རང་བཞིན་གྱི་ཁ་ན་


JLAZ011_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོ་བ་དང༌། བཅས་པའི་ལྟུང་བ་བྱུང་བ་ཐམས་ཅད་འགྱོད་སེམས་དྲག་པོ་ལ་སོགས་ཏེ་གཉེན་པོ་སྟོབས་བཞིས་མཐོལ་ཞིང་བཤགས་པ་དང༌། རང་བཞིན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཆོས་འཁོར་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་དང༌། དགེ་རྩ་བྱང་ཆུབ་དུ་བསྔོ་བའང་གཞན་དོན་ལ་དམིགས་པ་ཉིད་ཀྱི་ཕྱིར་ཀུན་ཀྱང་འཕགས་པའི་གོ་འཕང་ཐོབ་པར་ཤོག་ཅེས་སྨོན་པའོ། །བཞི་པ་བགེགས་གཏོར་གྱི་དོན་ནི། སྲོད་ལ་བདུད་བཏུལ་བ་དང་མཚུངས་ཏེ། འདོད་ཁམས་ཀྱི་དབང་ཕྱུག་དང༌། དེའི་འཁོར་དང་སྡེ་རིགས་སུ་གཏོགས་ཚད་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པ་ཡིན་པས། དེ་འདུལ་བའི་གཉེན་པོར་ཧྲཱིཿལས་རང་ཉིད་རྟ་མགྲིན་པདྨ་དབང་གི་སྐུ་ལོག་འདྲེན་རྣམས་ཀྱི་བལྟར་མི་བཟོད་ཅིང༌། གདོན་བགེགས་འདུལ་བའི་གཤེད་པོ་ཆེར་སྐད་ཅིག་དྲན་རྫོགས་སུ་གསལ་ལ། ཉོན་ཅིག་ལ་སོགས་པའི་རྐང་པ་གསུམ་གྱིས་བཀའ་བསྒོས། གལ་ཏེ་ལ་སོགས་པའི་རྐང་པ་གསུམ་གྱིས་བསྡིགས་ཤིང་གཟིར་བར་བྱས་ནས་ཧཱུྃ་བཞིའི་སྔགས་ཀྱིས་རྒྱ་མཚོའི་མཐར་བསྐྲད་པའོ། །ལྔ་པ་སྲུང་འཁོར་ནི། ཀུན་རྫོབ་


JLAZ011_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་ངོར་སྣང་ཞིང་སྲིད་པའི་འཁྲུལ་འཛིན་ཐམས་ཅད་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། གུར། བླ་བྲེའི་རང་བཞིན་ཅན། དེ་དག་གི་བར་མཚམས་ཕྲ་མོ་ཚུན་ཆད་ཆོད་ཀྱང་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་གཏམས་པས་རླུང་ཡང་མི་ཐར་བའི་ཏིང་ངེ་འཛིན་གྱིས་སྲུང་གུར་དང༌། སྣོད་དུ་འཛིན་པ་གཞལ་ཡས་ཁང༌། བཅུད་དུ་རྟོག་པ་ལྷའི་ཕྱག་རྒྱ། དེ་ཡང་ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་དུ་རྟོགས་པའི་དཀྱིལ་འཁོར་གསུམ་གྱི་ངང་ན་ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ལྟར་བག་ཆགས་དང༌། འཁྲུལ་ངོ་ལ་སྣང་བའི་གདོན་བགེགས་རྣམས་ཡོད་མི་སྲིད་པས། དོན་དམ་བདེན་པའི་ངོ་བོ་ཉིད་སྐྱེ་མེད་དུ་རྟོགས་པ་ཆོས་སྐུ། འགགས་མེད་དུ་གསལ་བ་ལོངས་སྐུ། རྩལ་སྣང་མ་འགགས་པ་སྤྲུལ་སྐུ་སྟེ། སྐུ་གསུམ་གྱི་ཆོས་ཉིད་ལས་མི་གཡོ་བའི་ངང་དུ་དོན་དམ་པའི་མཚམས་གཅད་དོ། །དྲུག་པ་བྱིན་འབེབས་ཀྱི་དོན། སྟོང་པ་ཉིད་ཀྱི་དབྱིངས་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་ཁང་ཆེན་པོ་དེ་ཡང་ཏིང་ངེ་འཛིན་གྱི་བསྐུལ་བས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོར་རོལ་པའི་རྩལ་གདུལ་བྱའི་བསོད་ནམས་དང་སྨོན་ལམ་གྱི་མཁའ་ལ་ནམ་ཡང་འགག་པ་མེད་པའི་བྱིན་རླབས་ཀྱི་རང་བཞིན་ནམ་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིན་བལྟར་མི་


JLAZ011_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བབས་པས། ཀུན་རྫོབ་ཀྱི་ཆོ་གས་མངོན་པར་འདུ་བྱས་པའི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་འཛིན་པ་དེ་ཉིད་ཀྱི་དངོས་སྣང་སྦྱངས་ནས། གདོད་ནས་རང་བཞིན་གྱི་རྣམ་པར་དག་པ་ཡོངས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པར་བལྟ་བའོ། །བདུན་པ་མཆོད་རྫས་བརླབ་པའི་དོན། ཕྱི་ཉེར་སྤྱོད་ལྔ། ནང་སྨན་གཏོར་རཀྟ། གསང་བ་བདེ་སྟོང་ཆེན་པོའི་མཆོད་རྫས་མ་ལུས་ཤིང་ལུས་པ་མེད་པ་དེ་དག །རྣམ་པ་ཙམ་དུ་དམ་ཚིག་གི་རྫས་ཀུན་རྫོབ་པར་སྣང་ཡང༌། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རོ་ནུས་ཕུན་སུམ་ཚོགས་ཤིང་ཡོན་ཏན་བརྒྱ་ཕྲག་དུ་མའི་དཔལ་སྟུག་འཛིན་པས། དཀྱིལ་འཁོར་བ་རྣམས་མཉེས་བྱེད་ཀྱི་དཔྱིད་དུ་གྱུར་པར་བསམས་ལ་རང་སྔགས་ཀྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ་བདུན་གྱིས་དང་པོ་རྟེན་གཞལ་ཡས་ཁང་དང༌། བརྟེན་པ་ལྷ་བསྐྱེད་པ་ནི། འཁྲུལ་སྣང་གིས་བསྡུས་པའི་ཆོས་སོ་ཅོག་ཀུན་རང་བཞིན་གྱིས་མི་དམིགས་ཤིང༌། གཞི་དང་རྩ་བ་བྲལ་བའི་དེ་ཁོ་ན་ཉིད་ཀྱི་ངང་ལས། དབྱིངས་དག་མཉམ་སྟོང་པ་ཉིད་དང་རིག་པའི་ཆོས་ཉིད་ཟུང་དུ་འཇུག་པའི་རྩལ་དག་ཆེན་ཡེ་ཤེས་ཀྱི་ཞིང༌། ས་བོན་དང་འབྱུང་བ་རིམ་བརྩེགས་ལ་སོགས་པ་ཀུན་


JLAZ011_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ཀྱི་བློས་བྱས་ཤིང་བཅོས་པ་མ་ཡིན་པར། གདོད་ནས་རང་སྣང་ལྷུན་གྱིས་གྲུབ་པའི་རི་བོ་པོ་ཏ་ལ་ཡེ་ཤེས་ཀྱི་རྩལ་སྣང་དམ་པའི་གསེར་གྱི་ས་གཞིའི་དབུས་ན་ནོར་བུ་རིན་པོ་ཆེས་གང་བའི་ཡན་ལག་བརྒྱད་ལྡན་གྱི་མཚོ་དྭངས་ཤིང་རྙོག་པ་མེད་པ་ཀུན་ནས་ཡིད་དུ་འོང་བ་ལ། ཆུ་བྱ་སྣ་ཚོགས་པ་དང༌། མེ་ཏོག་པདྨ་དང༌། ཀུ་མུ་ད་དང༌། པུནྜ་རི་ཀ་ལ་སོགས་པས་མཛེས་པར་གྱུར་ཅིང་། རིན་པོ་ཆེ་བུང་བ་ཁ་དོག་སྣ་ཚོགས་པ་འཕུར་ལྡིང་གཡོ་བས་ཐེག་གསུམ་གྱི་ཆོས་སྒྲ་སྒྲོགས་པ། མཐའ་བསྐོར་རིན་པོ་ཆེའི་བྲག་རི་བལྟ་ན་སྡུག་པ་ལ་དྲང་སྲོང་དང་རིག་པ་འཛིན་པའི་ཚོགས་ཏིང་ངེ་འཛིན་གྱི་སྒོ་དུ་མས་འབྱོར་བ། དེ་ལྟ་བུའི་ཞིང་ཁམས་ཀྱི་བླ་ལ་བྱང་ཆུབ་ཕྱོགས་ཀྱི་ཆོས་མ་ལུས་ཤིང་ལུས་པ་མེད་པར་བརྡ་དང༌། རྟགས་ཀྱིས་མཚོན་པར་བྱས་པའི་གཞལ་མེད་ཁང་གི་བཀོད་པ་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་དག་རྫོགས་སྨིན་གསུམ་གྱིས་རྣམ་པར་བྱང་བའི་ཁམས་སྲིད་ཞི་གཉིས་ཀ་ལ་མི་གནས་པའམ། འཁོར་བ་ན་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་གདན་སྣ་ཚོགས་པདྨ་སྟོང་ལྡན། སྲིད་བཅས་ཀྱི་བག་ཆགས་སྐྱེ་གནས་བཞིའི་སྦྱོར་ཚུལ་ལ་ལྟོས་


JLAZ011_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། དྲོད་གཤེར་སྐྱེས་སྦྱོང་བ་ཉི་མའི་གདན་གྱིས་དྲོད། ཟླ་བའི་གདན་གྱིས་གཤེར། ས་བོན་ཧྲཱིཿ ཡིག་གིས་དྲི་ཟའི་རྣམ་ཤེས་ཀྱི་ཉེར་ལེན་སྦྱངས་ནས་ཕུང་ཁམས་སྐྱེ་མཆེད་རྫོགས་པའི་སྐབས་གང་ཡིན་པ་ཐབས་སྙིང་རྗེ་ཆེན་པོའི་བདག་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་ཁམས་གསུམ་དང་རྒྱུད་དྲུག་གི་སྡུག་བསྔལ་གསུམ་གྱི་འཇིགས་པ་མཐའ་དག་རང་སར་གྲོལ་བའི་ལྷ། སེམས་ཅན་ཀུན་ལ་ཐུགས་རྗེའི་སྤྱན་རས་ཀྱི་གཟིགས་སྟངས་མི་འགོག་པས་འགྲོ་དོན་ལ་རྟག་པ་རྒྱུན་གྱི་འཁོར་ལོར་གཤེགས་པའི་བརྡར་སྐུ་བཞེངས་སྟབས་ཀྱི་རྩ་ཕྱག་ཐུགས་ཀར་སྦྱར་ཞིང༌། ལྷག་མ་རྣམ་གཉིས་ཇོ་བོ་ཁ་སརྤ་ཎི་དང་ཕྱག་སྟབས་གཅིག་པས་བགྲང་ཕྲེང་དང་པད་དཀར་འཛིན་པ། ལོངས་སྤྱོད་རྫོགས་པའི་སྐུའི་རྒྱན་དང་ཆ་ལུགས་ནི་གོ་སླ་མོད། འོན་ཀྱང་སྐུ་མདོག་དཀར་ལ་དམར་བའི་མདངས་ལྷག་པར་ཆགས་པ་དང༌། རུས་པའི་རྒྱན་དྲུག །རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ་གསུམ་ནི་དམིགས་བསལ་ཡིན་ལ། དེ་ལས་གཞན་པ་ཞི་ཚུལ་དགུ་ནི། རྔམ་གློག་ལས། མཉེན་དང་ལྕུག་དང་འཁྲིལ་བ་དང༌། །སྒེག་བག་ཆགས་དང་གཞོན་ཚུལ་ཅན། །གསལ་དང་འཚེར་དང་ལྷུན་སྡུག་དང༌། །གཟི་བྱིན་འབར་བར་རབ་ཏུ་གནས། །ཞེས་སོ། །རྒྱན་ཆ་བཅུ་གསུམ་ནི། རིན་པོ་


JLAZ011_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་རྒྱན་བདུན་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྒྱན་བསྣན་པ་སྟེ། དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང༌། །ཕྱག་གདུབ་ཞབས་གདུབ་སེ་མོ་དོ། །དོ་ཤལ་ཉིད་དེ་རིན་ཆེན་བདུན། །སྐུ་ཡི་སྟོད་གཡོགས་དར་དཀར་དང༌། །གསུང་གི་ཆོས་གོས་ལེ་བརྒན་དམར། །ཐུགས་ཀྱི་ཟི་ལྡིར་མཐིང་འོད་ཅན། །ཡོན་ཏན་སྐུ་རགས་གསེར་གྱི་མདོག །ཕྲིན་ལས་གསང་གོས་མརྒད་མདངས། །ཞེས་སོ། །དེ་ལྟར་ཐབས་སྙིང་རྗེ་ཆེན་པོའི་རྩལ་སྣང་གཟུགས་ཀྱི་སྐུར་བཞེངས་པ་དེ་ནི་ཤེས་རབ་སྟོང་པ་ཉིད་དང་མི་འབྲལ་བའི་བརྡར་པདྨ་འདབ་བཞི་ལ་གསང་བའི་ཡུམ་བཞིར་བསྟན་པ་ནི། ཤར་དུ་རྗེ་བཙུན་སྒྲོལ་དཀར་གཡས་མཆོག་སྦྱིན་གྱིས་ཨུཏྤལ་དང༌། གཡོན་མཉམ་གཞག་གི་སྟེང་ན་ཚེ་བུམ་ཅན་སེམས་སྐྱིལ་གྱིས་ཟླ་གདན་ལ་བཞུགས་པ། ལྷོར་ལྷ་མོ་འོད་ཟེར་ཅན་སྐུ་མདོག་སེར་མོ་ཟུར་ཞལ་ཞི་མ་ཁྲོ་གཙོ་བོ་ལ་གྱེན་དུ་ཕྱོགས་པ། གཡས་ནོར་བུ་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་གཡོན་ཉི་ཟླའི་ཞགས་པ་གདེངས་པ། ཞབས་གཡོན་བསྐུམ་ཞིང་གཡས་བརྐྱངས་པའི་དོར་སྟབས་ཅན། ནུབ་ཏུ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞིའི་ཕྱག་པདྨའི་མདའ་གཞུ་བཀང་ཞིང༌། གཡས་འོག་པདྨའི་ལྕགས་ཀྱུ། གཡོན་འོག་པདྨའི་ཞགས་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་


JLAZ011_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གཡོན་པས་ཨུ་མའི་ནུ་མ་བརྫིས་པ། སྟག་ཤམ་དང་རུས་པའི་རྒྱན་དྲུག །པདྨའི་ཕྲེང་བ་ལུས་ཚད་དང་མཉམ་པའི་རྒྱན། བྱང་དུ་ནོར་རྒྱུན་མ་ལྗང་གུ་གཏེར་བུམ་ལུད་པའི་སྟེང་ན་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་རིན་པོ་ཆེའི་རྒྱན་ཅན། ཕྱག་གཡས་ཡིད་བཞིན་ནོར་བུ་དང༌། གཡོན་འདོད་འབྱུང་གི་ནེའུ་ལེ་དཀུར་བརྟེན་པ། སྒོ་བཞི་པད་ཉི་རུ་ཏྲའི་གདན་ལ་ལས་བཞིའི་ཁ་དོག་དང་མཐུན་པའི་རྟ་མགྲིན་སྔ་བཞི་གྲི་གུག་དང་ཐོད་པ་འཛིན་པ་གར་དགུའི་རོལ་པས་འཇིགས་ཚུལ་རྔམས་པ་ལས་དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པ། ཁྱམས་ཀྱི་ཆ་ལ་སངས་རྒྱས་དང་བྱང་སེམས་རིག་པ་འཛིན་པ་དང་དཔའ་བོ་ཌཱཀྐི་དམ་ཅན་རྒྱ་མཚོའི་ཚོགས་ཏེ་མདོར་ན་ས་དང་ལམ་གྱི་ཡོན་ཏན་རྫོགས་པའི་ཐེག་པ་ཆེན་པོའི་དགེ་འདུན་དཀོན་མཆོག་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པ། དེ་ལྟར་དམ་ཚིག་གི་དཀྱིལ་འཁོར་ཐམས་ཅད་ཀྱང་སྐུ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་བཞིན་དུ་སྣང༌། སྣང་བཞིན་དུ་སྟོང༌། སྟོང་བཞིན་དུ་གསལ་ལ་སྒྲིབ་གཡོགས་དང་བྲལ་བའི་སྤྱི་མགྲིན་སྙིང་ག་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་ཨོཾ་ཨཱཿཧཱུྃ་གི་རྣམ་པས་མཚན་པ་ནི་ཐ་མལ་གྱི་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒྲུབ་ཅིང་གཞི་ལམ་འབྲས་བུའི་ཡོན་ཏན་


JLAZ011_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པའི་རྟེན་ཅིང་འབྲེལ་འབྱུང་ཟབ་མོ་སྟེ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་ཟབ་ཞི་སྤྲོས་པ་དང་བྲལ་བའི་དབྱིངས་དམ་པ་མཆོག་དང༌། སྤྲུལ་པ་སྒྱུ་མ་ལྟ་བུས་འདུལ་བའི་ཞིང་གི་མཆོག་རི་བོ་པོ་ཏ་ལ། ས་དང་ལམ་དང་རྣམ་པར་ཐར་པའི་སྒོ་རྣམས་ཀྱི་མཚོན་དོན་གནས་སུམ་ཅུ་རྩ་གཉིས། ཡུལ་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེའི་དམ་ཚིག་ཆེན་པོའི་སྒྲས་སྤྱན་འདྲེན་པར་བསྐུལ་བའོ། །གཉིས་པ་སྤྱན་དྲང་བའི་དོན། སྤྱན་འདྲེན་ཡུལ་གྱི་ཞིང་ཁམས་དེ་དག་རང་རྒྱུད་དུ་གྲུབ་པ་མེད་ཀྱང༌། སོ་སོ་སྐྱེ་བོ་རྣམས་ནི་དངོས་པོར་བལྟ་བ་ལ་གོམས་པས་ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་རྐྱེན་དང་འདུན་པའི་རྗེས་སུ་འགྲོ་བ་ལ་བརྟེན་ནས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱ་བའི་སླད་དུ་འཇིག་རྟེན་པའི་སྲི་ཞུ་དང་སྒོ་བསྟུན་ནས་སྤྱན་འདྲེན་པ་ནི། ཧྲཱིཿ ནུབ་ཕྱོགས་བདེ་ཆེན་སོགས་སྤོས་རོལ་གདུང་དབྱངས་དང་བསྟུན་ཏེ་དྲངས་པས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ནམ་མཁའ་ཁེངས་པར་བྱོན་ནས་དམ་ཚིག་གི་དཀྱིལ་འཁོར་དང་འདྲེས་པར་བལྟའོ། །གསུམ་པ་བཞུགས་གསོལ་གྱི་དོན། ཆོས་ཉིད་ཟབ་མོའི་བདེན་


JLAZ011_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཟིགས་པའི་འཕགས་པ་རྣམས་ལ་ནི་སྤྱན་འདྲེན་ལ་སོགས་པའང་ཐ་སྙད་དུ་བཏགས་པ་ཙམ་ཞིག་ལས་ཆོས་ཅན་གྱི་དམིགས་པ་མེད་ཅིང༌། ཆོས་ཉིད་རང་བཞིན་གྱི་གྲོལ་བའི་ཐུགས་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གཤེགས་བྱོན་བཞུགས་གསོལ་གྱི་ཉེ་བར་ལེན་པ་མི་མངའ་ཡང༌། བདེ་གཤེགས་སྙིང་པོའི་ཁམས་ཀྱི་དག་བྱ་གཉིས་སྣང་གློ་བུར་བ་ལས་བྱུང་བའི་གཟུང་འཛིན་གྱི་དྲི་མ་སྦྱང་ཕྱིར་གདོད་ནས་དམ་ཡེ་གཉིས་མེད་རྣམ་བྱང་ཡེ་ཤེས་ཀྱི་ངོ་བོར་ངེས་པ་རྙེད་པའི་བློ་བརྟན་པར་བྱེད་པ་ལ་བཞུགས་གསོལ་གྱི་སྒྲས་བསྙད་པའོ། །བཞི་པ་ཕྱག་འཚལ་གྱི་དོན། ཉོན་ཤེས་ཀྱི་སྒྲིབ་གཉིས་ཟད་པར་བཅོམ་ཞིང་དག་པ་གཉིས་ལྡན་གྱི་སངས་རྒྱས་འཕགས་པ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་གྱི་ལྷ་ཚོགས་རྣམས་ཀྱང་རང་བྱུང་ཡེ་ཤེས་འཁྲུལ་པ་དང་བྲལ་བར་རྟོགས་པའི་རྟགས་ཀྱི་བརྡ་ཕྱག་སྙིང་རྗེའི་གར་གྱི་རྣམ་འགྱུར་དང་ལྡན་པ་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་རང་གིས་སྤྱོད་པ་བཞིན་དུ་འཚལ་ཡུལ་དང་འཚལ་བྱ་ལ་བཟང་ངན་དུ་བལྟ་བའི་བླང་དོར་ལས་འདས་ཤིང༌། ལྷ་དང་རང་ཉིད་ལྷན་ཅིག་སྐྱེས་པར་རྟོགས་པའི་ངེས་ཤེས་བསྐྱེད་པ་ལ་ཕྱག་གི་ངེས་ཚིག་བྱས་པའོ། །ལྔ་པ་མཆོད་པའི་དོན། དངོས་བཤམས་ཀྱི་


JLAZ011_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་རྟེན་ཙམ་དུ་བྱས་ནས་ཡིད་སྤྲུལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་རོལ་ཉེར་སྤྱོད་རྣམ་པ་ལྔ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་འདོད་ཡོན་གྱི་ལྷ་མོ་ལྔ། ལྷ་དང་མི་ཡི་ཡུལ་ལྗོངས་དང་སྐྱེས་ཚལ་ཁང་བཟང་དང་རྒྱན་གོས་ལ་སོགས་པའི་འཇིག་རྟེན་གྱི་དཔལ་འབྱོར་དང་ལོངས་སྤྱོད་མ་ཚང་བ་མེད་པ་འབུལ་བའི་དོན་ནོ། །དྲུག་པ་ཁྱད་པར་གྱི་མཆོད་པའི་དོན། རྒྱུད་སྡེ་འོག་མ་རྣམས་ལས་ཁྱད་པར་དུ་བྱས་པས་རྨད་དུ་བྱུང་ཞིང༌། བདེ་ཆེན་ཡེ་ཤེས་བསྐྱེད་པའི་དམ་རྫས་རྩ་བ་བརྒྱད་ལ་ཡན་ལག་སྟོང་དུ་སྦྱར་བའི་བདུད་རྩི་སྨན་དང༌། གཏོར་མའི་ཚོགས་རྒྱ་ཆེན་པོ། འཁོར་བ་ལུགས་ལྡོག་ཏུ་དག་བྱེད་ཀྱི་རཀྟ་སུམ་ཅུ་རྩ་ལྔ། ག་ན་ཙཀྲའི་ལོངས་སྤྱོད། དགའ་བ་བཞིའི་ཡེ་ཤེས་བསྐྱེད་བྱེད་རྡོ་རྗེ་བཙུན་མོའི་སྒྱུ་མའམ། འབྲས་བུའི་མིང་རྒྱུ་ལ་ཆགས་པ་ཤེས་རབ་རིག་མའི་སྒྱུ་རྩལ་ལས་མཆོད་བྱ་མཆོད་བྱེད་ཀྱི་རྟོགས་ཚོགས་བློ་འདས་གཉུག་མར་གྲོལ་བ་མཆོད་པའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད། དབང་བཞི་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་གསུམ་པའི་དཔེའི་ཡེ་ཤེས་ལ་བརྟེན་པའི་དངོས་གྲུབ་དམ་པ་སྩོལ་ཅིག་པའོ། །བདུན་པ་བསྟོད་པའི་དོན། ཆོས་དབྱིངས་ཟབ་ཞི་སྤྲོས་པ་དང་བྲལ་བའི་ཀློང་ལ་ཕོ་བྲང་གི་ཐ་སྙད་སྨོས་ནས། གང་ལས་རྣམ་པར་རིག་བྱེད་ཀྱི་ཕྱོགས་


JLAZ011_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་ལྷུང་བཞིན་དུ། རང་བཞིན་ལྷུན་གྲུབ་ཀྱི་མཁྱེན་ཆ་ཕྱིར་གསལ་ངེས་པ་ལྔ་དང་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་མཚན་དཔེ་རྒྱ་མཚོའི་མངའ་དབང་ཅན་དེ་ཉིད། སླར་ཡང་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་སྤྲུལ་ནས་འགྲོ་བ་ཀུན་ལ་ཚད་དང་མཐའ་མེད་པའི་སྙིང་རྗེའི་གཏེར་ཆེན་པོ་དང་ལྡན་པའི་ཡོན་ཏན་གྱི་དབྱིངས་གཞལ་ནས་བསྟོད་པའོ། །དེ་ལྟ་བུའི་འཕགས་པ་སྤྱན་རས་གཟིགས་ནི་ཚད་མེད་བཞིའི་ཕྲིན་ལས་ལ་མངའ་བརྙེས་པས་འགྲོ་བ་ཀུན་ཐར་པ་དང་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་དུ་འདྲེན་པ་ལ་མཁས་ཤིང༌། གང་ལ་གང་འདུལ་གྱི་ཐུགས་རྗེ་དང་སྤྲུལ་པའི་རོལ་གར་ཅིར་ཡང་བསྒྱུར་བའི་མཐུ་སྟོབས་དང་རྫུ་འཕྲུལ་གྱི་ཕྲིན་ལས་པ་ནི་རིགས་བཞིའི་སེམས་མ་རྣམས་ཀྱི་མཛད་པའི་ཚུལ་ཡང་སྒྲོལ་མས་ཚེ་སྤེལ་བ་དང༌། འོད་ཟེར་ཅན་མས་བགེགས་འདུལ་བ་དང༌། ཀུ་རུ་ཀུལླེས་དབང་དུ་བྱེད་པ་དང༌། ནོར་རྒྱུན་མས་ལོངས་སྤྱོད་སྤེལ་བའི་ཕྱིར་སྤྲུལ་པའི་ལྷ་མོ་བཞི་ལ་བསྟོད་ཅིང༌། དེ་བཞིན་དུ་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་ཤུལ་གྱི་ཕྲིན་ལས་རྣམ་པ་བཞི་ལ་དབང་བསྒྱུར་ཞིང༌། ལོག་པར་འདྲེན་པའི་གདུལ་བྱ་འདུལ་ཕྱིར་ཁྲོ་ཞིང་གཏུམ་པའི་ཕྲིན་ལས་མི་བཟད་པ་ཅན་སྒོ་སྲུང་རྟ་མགྲིན་


JLAZ011_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་དང་བཅས་པའི་རྩ་བའི་ལྷ་དགུ། མགྲོན་ཐབས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ལྷ་ལ་བསྟོད་པའི་ཐ་སྙད་ཆགས་པའོ། །བརྒྱད་པ་ཛབ་དགོངས་དང་འོད་ཟེར་སྤྲོ་བསྡུ་ལ་སོགས་པ་ནི། གཞུང་རང་གི་ངོ་བོས་སྟོན་ཅིང༌། མྱོང་གྲོལ་རིལ་བུའི་སྒྲུབ་པ་སོགས་ནི་པྲ་ཁྲིད་ལས་ཤེས་པར་བྱའོ། །ཞེས་པ་འདི་ལ་ལྷག་པའི་ལྷ་མཆོག་གཅིག་ཏུ་འཛིན་པའི་རྒྱང་རྩེ་དཔལ་འཁོར་ཆོས་སྡེའི་དགེ་སློང་རིན་སྟེང་པས་རིན་ཆེན་གཉིས་པའི་དོང་རྩེ་བཅུ་ཕྲག་གཉིས་དང་བཅས་ནན་ཏན་ཆེན་པོའི་ངོར་རྫོགས་ཆེན་པར་རང་བྱུང་རྡོ་རྗེས་སོ།། །།

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལསཿ དབང་དོན་བདག་འཇུག་གསལ་བ།


JLAZ011_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལསཿ དབང་དོན་བདག་འཇུག་གསལ་བ་བཞུགསཿ འཕགས་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོཿ སྤྱན་རས་གཟིགས་སྡུག་བསྔལ་རང་གྲོལ་གྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའི་ཆོ་ག་ལ་གསུམ་ལས། དང་པོ་ནི། མ་ད་ལ་པདྨ་འདབ་བཞི་སྒོ་རྫོགས་ཅན་གྱི་གནས་སོ་སོར་ལྷ་མཚན་དགུ་དང༌། བུམ་པ། བསང་རྫས། རིག་ཙཀ ། མེ་ལོང་ཤེལ་རྡོ། གཏོར་མ། ཉེར་སྤྱོད་སོགས་བཤམ་མོ། །གཉིས་པ་ལ། དཀྱིལ་འཁོར་བསྒྲུབ་མཆོད་སྔོན་དུ་བཏང་ནས་བཟླས་པ་ཅི་ནུས་དང༌། རྣམ་བུམ་ལ་དམིགས་ནས་རྩ་སྔགས་ལ་དབྱངས་གསལ་བཏགས་པ་དང༌། ལས་བུམ་དུ་རྟ་མགྲིན་གྱི་ལས་སྔགས་བཟླའོ། །དེ་ནས་བདག་འཇུག་ནི། ཁྲུས་བྱ། བགེགས་བསྐྲད། ཨ་ཁཾ་ཝཱི་རས་མེ་ཏོག་བཟུང༌། ཨོཾ་ཨཱཿཧཱུྃ་གིས་མིག་དར་འཆིང༌། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱངས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ་གྱི་གསོལ་བ་གདབ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །ནས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ་གྱིས་རྒྱུན་བཤགས་བྱ། དེ་ནས་སྡོམ་བཟུང་ནི། ཐུགས་རྗེ་ཆེན་པོ་སྐྱབས་ཀྱི་མཆོག་ཏུ་འཛིན། །འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་ཅིང། །སྐུ་གསུང་ཐུགས་དང་ཉམས་སྦྱོར་གསང་


JLAZ011_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི། །དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི། །ལན་གསུམ། ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པའི་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་བསམ། སྙིང་རྗེ་ཆེན་པོའི་སྒོ་ནས་རིམ་པར་སྐུ་གསུང་ཐུགས་ཕྱག་བྱེད་བཞིན་པར། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ལན་བཞིའི་མཐར། དཀྱིལ་འཁོར་གྱི་ཤར་སྒོ་དབང་སྟེགས་པདྨ་འདབ་བརྒྱད་འཁོད་པས། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་རྣམ་སྨིན་གྱི་ལུས་རྟེན་སྦྱངས། རྣམ་པར་ཤེས་པ་ཧྲཱིཿཡིག་དཀར་པོར་གྱུར་པ་ཞལ་ནས་དྲངས་སྐུའི་དབྱིབས་བརྒྱུད། མདུན་གྱི་སྒྲོལ་མའི་མཁའ་གསང་དུ་བབས་བདེ་སྟོང་ལས་བསྐྱེད་པའི་སྲས་ཀྱི་རྣམ་པར་གྱུར་པ་སྔར་གྱི་གདན་ལ་འཁོད། དེ་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་གནས་གསུམ་དུ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་སྤྱན་དྲངས་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར་པར་བསམས་ལ་རྩ་སྔགས་ལ་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་བཏགས་པས་བྱིན་ཕབ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་ཕུལ། པྲ་ཏི་གྷྲིཧྣ་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ་ཞེས་པས་ལྷག་ལྷ་སྤྱི་བོ་ནས་ཐིམ་པར་བསམ། ཧོཿ བདེ་གཤེགས་སྙིང་པོ་ཚོགས་བརྒྱད་ཀྱིས། །ལྡོངས་པའི་མ་རིག་ལིང་ཏོག་ནི། །ཡེ་ཤེས་ཐུར་མས་བསལ་ནས་ཀྱང༌། །རྣམ་ཐར་སྒོ་གསུམ་བསྟན་དུ་གསོལ། ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་པས་ཆོས་ཉིད་ཀྱི་བདེན་པ་མཐོང་


JLAZ011_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམ། དེ་ནས་དབང་བསྐུར་བ་ནི། གཙོ་བོའི་ཐུགས་ཀ་ནས་དབང་རྫས་རྣམས་རིམ་པར་བྱུང་བར་བསམས་ལ། ཧཱུྃ་བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས། །ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང༌། །ཀུན་ཏུ་འོད་ཀྱིས་ས་ནོན་ཤོག །རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་མུཾ། དེས་ལུས་དང་རྩའི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཟུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ །གསང་རྫས་བྱིན་ལཿ ཧཱུྃ། ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །དཀར་དམར་བྷནྡྷའི་ནང་དུ་བསྐྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་ཁམས་ཡི་གེའི་རྣམ་པར་སྨིན། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །པདྨ་ཅན་གྱི་ས་ནོན་ཤོག །རྩ་སྔགས་དང་ཝཱཀྐ་ཨབྷི་ཥིཉྩ་མུཾ། དེས་ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ །རིག་ཙཀ་བཟུང་ལ། ཧཱུྃ་ཆོས་རྣམས་


JLAZ011_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་འབྱུང་གནས་ཏེ། བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང༌། ཙིཏྟ་ཨ་བྷི་ཥིཉྩ་མུཾ། དེ་ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙནྜ་ལིའི་སྣོད་དུ་གྱུར། །ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐོབ། །ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ །མེ་ལོང་ཤེལ་རྡོ་བརྔས་མཚོན་པར་བྱས་ཏེ། ཧོཿ ཀ་དག་མེ་ལོང་གཙང་མའི་ངོགས།། ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ། །བརྡ་རྟགས་རྫོགས་པའི་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང༌། དྷརྨཱ་དྷརྟུ་ཨ་བྷི་ཥིཉྩ་མུཾ། དེས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པའི་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག་


JLAZ011_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གོ། །གསུམ་པ་རྗེས་ལ་དམ་ཚིག་ཁས་བླང་བ་ནི། རྩ་བ་སྐུ་གསུང་ཐུགས་མཆོག་དང༌། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་བསྲུང་བར་བགྱི། །ལན་གསུམ་གཏང་རག་གི་མཎྜལ་ཕུལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གི་བགྱི། །ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །བསྔོ་སྨོན་རྣམས་སྤྱི་ལྟར་བྱ་ཞིང༌། ཆོ་གའི་རྗེས་ཆོ་ག་རྣམས་ཀྱང་དཀྱུས་བཞིན་ནོ། །ཞེས་པའང་རིན་ཆེན་རྡོ་རྗེའི་ངོར་ལྕགས་ཟམ་བླ་བྲང་དུ་བྲིས་པའོ།། །།

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལསཿ པྲ་ཁྲིད་དམར་བྱང་གནད་ཡིག


JLAZ011_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལསཿ པྲ་ཁྲིད་དམར་བྱང་གནད་ཡིག་བཞུགསཿ


JLAZ011_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་རང་གྲོལ་ལྷ་ལ་འདུདཿ བོད་ཡུལ་ཐུགས་རྗེ་ཆེན་པོ་ཡིསཿ གདུལ་བྱར་གྱུར་པའི་རྟེན་འབྲེལ་ལསཿ སེམས་བསྐྱེད་ལྡན་པས་ཕྲིན་ལས་མཐའཿ གང་བརྩམས་ཐུགས་རྗེ་བྱིན་རླབས་མྱུརཿ དེ་ཕྱིར་པྲ་ཁྲིད་དམར་བྱང་གནདཿ ཆོས་རྒྱལ་ཁྱོད་ལ་བརྩེ་བས་གདམསཿ མང་དུ་སྤེལ་ན་དམ་ཚིག་ཉམསཿ ས་མ་ཡཿ འདི་ལ་སྤྱི་དོན་ལྔ་ཡིན་ཏེཿ སྒྲུབ་རྫས་བླ་རྡོ་སྲོག་འཁོར་དངཿ དཀྱིལ་ཆོག་དམིགས་གནད་ཁ་བསྒྱུར་རོཿ དང་པོ་བསྒྲུབ་རྫས་བསག་པ་ནིཿ ཡར་ངོའི་གཟའ་སྐར་བཟང་པོ་ལཿ མཆོག་སྒྲུབ་རྩ་བའི་མྱོང་གྲོལ་དངཿ ཐུན་མོང་ལས་བཞིའི་ཁ་ཚར་གདབཿ དང་པོ་རྩ་བའི་རྫས་མཆོག་


JLAZ011_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ནིཿ འབྲས་བུ་གསུམ་དང་གེ་སར་གསུམཿ ཅུ་གང་གི་ཝཾ་སིནྡྷུ་རཿ ཙན་དན་དཀར་པོ་དབང་པོ་ལགཿ བྲག་ཞུན་རུ་རྟ་བཟང་པོ་དྲུགཿ ཅོང་ཞི་སྤང་རྒྱན་དཀར་པོ་དངཿ རྒྱལ་བའི་སྤྱན་ལྡན་ཤུག་པའི་འབྲུཿ སྦྲང་རྩི་ཤིང་མངར་ག་བུར་སྟེངཿ སྐྱེ་བདུན་བྱང་སེམས་དཀར་དམར་དངཿ དམ་རྫས་ཤ་ལྔ་བདུད་རྩི་ལྔཿ བདེ་གཤེགས་རིང་བསྲེལ་ལ་སོགས་པཿ ཁྱད་པར་རྨད་བྱུང་དམ་རྫས་རིགསཿ དངོས་གྲུབ་འགུགས་པའི་ཐབས་ཀྱི་ཚུལཿ གྲོང་པའི་ཆོས་ཀྱིས་མ་གོས་པའིཿ ཟུང་འཇུག་ཁྱེའུ་གཙང་མ་ཡིསཿ རྩི་བཞིན་བཏགས་ལ་རིལ་བུར་དྲིལཿ རང་བྱུང་ལི་ཁྲིའི་ན་བཟའ་གསོལཿ དེ་ཡང་


JLAZ011_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་རྣམ་པ་བཞིའིཿ ལས་ཚོགས་སྦྲགས་ནས་བྱ་འདོད་ནཿ ཀུན་ལ་སྔ་མའི་རྫས་ཀྱི་སྟེངཿ ཚེ་བསྲིང་ཞི་ལས་སྒྲུབ་པ་ལཿ དཱུརྦ་ཉེ་ཤིང་ར་མཉེ་གསེརཿ ཨུཏྤལ་ངང་པའི་ཀླད་པ་བསྣནཿ དེ་བཞིན་རྒྱས་པའི་ལས་ཚོགས་ལཿ གུ་གུལ་གླ་རྩི་རྨ་བྱའི་མདོངསཿ བྱ་རྒོད་ཀླད་པ་གླང་ཆེན་ཤཿ དཔའ་བོའི་རིགས་ཀྱི་བྱང་ཆུབ་སེམསཿ ཚེ་ཤུག་སེང་ལྡེང་ཁནྜ་སྦྱརཿ སྣང་བ་དབང་སྡུད་སིནྡྷུ་རཿ ཁུག་ཆོས་གླང་སྣ་ཧ་ལོ་མཚལཿ པདྨའི་ཟིལ་པ་ཁབ་ལེན་རྡོཿ ནོར་སྒྲུབ་རིན་ཆེན་སྣ་ལྔ་དངཿ ཤིང་ཏོག་འབྲུ་བཅུད་ལན་ཚྭ་བསྣནཿ ཀུན་ལ་རང་རང་ལས་མདོག་དངཿ མཐུན་པའི་ན་བཟའ་བཀྲག་ཅན་གསོལཿ རཏྣའི་བུམ་པའི་ནང་དུ་སྩལཿ གཉིས་པ་བླ་རྡོ་སྲོག་འཁོར་ནིཿ རྒྱ་ཤོག་གམ་ནི་དར་དམར་ལཿ འཁོར་ལོ་མུ་ཁྱུད་བཞི་བཞིར་བསྐོརཿ དང་པོར་ཚེ་སྤེལ་འཁོར་ལོ་ནིཿ ལྟེ་བར་བུམ་པའི་ཁོང་སེང་དུཿ ཟླ་བའི་གདན་ལ་སྲོག་ཡིག་ཏཱྃཿ མདུན་ནས་བརྩམས་པའི་གཡས་བསྐོར་དུཿ གཙོ་སྔགས་ཡི་གེ་བདུན་པའི་མཐརཿ རང་སྔགས་ཤམ་བུར་འདི་ཉིད་བྲིཿ བདག་འཆང་བ་པོ་ལ་ཚེ་ཉི་ཟླ་དང་མཉམ་པའི་དངོས་གྲུབ་སྩོལ་ཅིགཿསྭཱ་ཧཱཿ ཞེས་དང་དེའི་ཕྱི་པད་འདབ་


JLAZ011_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཞིརཿ ཚེ་འཛིན་བརྟན་པའི་གཡུང་དྲུང་བཞིའིཿ གྲྭ་བཞིར་རྒྱས་གདབ་གསང་སྔགས་འདིཿ ཚན་པ་བཞི་རུ་བགོས་ནས་བྲིཿ མ་མ་ཨཱ་ཡུར་ཛྙཱ་ན་ཚེ་བྷཱུྃ་ཧཱུྃཿ ཞེས་དང་དེའི་ཕྱིར་དབྱངས་གསལ་ལཿ རྟེན་འབྲེལ་སྙིང་པོས་མཐའ་བརྟེན་བྱཿ ཕྱི་འཁོར་ནོར་འཛིན་པ་ཏྲའོཿ གཉིས་པ་རྒྱས་བྱེད་འཁོར་ལོ་ནིཿ ལྟེ་བར་ཉི་དཀྱིལ་མཱཾ་གྱི་མཐརཿ གཙོ་སྔགས་རྗེས་སུ་རང་སྲོག་སྔགསཿ ཤམ་བུར་བདག་འཆང་བ་པོའི་བསོད་ནམས་དང་རླུང་རྟའི་དཔལ་བསྐྱེད་དུ་གསོལ་སྭཱ་ཧཱཿ ཞེས་དང་དེའི་ཕྱིར་པད་འདབ་བཞིརཿ རྒྱས་བྱེས་ནོར་བུ་འབར་བའི་ནངཿ ཨཱ་ཡུ་ཛྙཱ་ན་པུཎྱཻ་པུཥྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་དང་དེའི་ཕྱིར་སྔ་མར་མཚུངསཿ ཕྱི་འཁོར་བགེགས་འདུལ་མེ་རིས་བསྐོརཿ གསུམ་པ་ཁམས་གསུམ་དབང་བྱེད་ནིཿ ལྟེ་བར་ལྕགས་ཀྱུའི་དབུས་ན་བྃཿ མཐའ་བསྐོར་གཙོ་དང་རང་སྔགས་ཤམཿ ཁམས་གསུམ་སྲིད་པའི་དྭངས་བཅུད་བཀྲག་མདངས་དང་བཅས་པ་ཛཿཧཱུྃ་བཾ་ཧོཿ བརྟན་གཡོའི་དངོས་པོ་ཝཱ་ཤང་ཀུ་རུ་སྭཱ་ཧཱཿ ཞེས་དང་དེའི་ཕྱིར་པད་འདབ་བཞིརཿ པདྨའི་མདའ་གཞུ་བཀང་བའི་ནངཿ མ་མ་ཧྲིཾ་ཧྲིཾ་ཨ་ཏྲི་ནྲི་ཛཿ ཡིད་གཡོས་སེམས་སྒུལ་རང་དབང་མེད་པར་དུང་དུང་ཛཿ ཞེས་དང་ཁྱད་པར་


JLAZ011_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བྱ་ཡིཿ མིང་སྤེལ་གཞུག་པ་མན་ངག་གོཿ ཞལ་ཤེས་ཡོད། ཕྱི་ལ་དབྱངས་གསལ་རྟེན་སྙིང་འདྲིཿ ཁོར་ཡུག་འོད་ཟེར་ལྕགས་ཀྱུ་ལཿ ཛཿཡིག་མཚན་པའི་དྲྭ་བས་སྦྲེལཿ བཞི་པ་ནོར་སྒྲུབ་ཙཀྲ་ནིཿ ལྟེ་བར་རཏྣའི་ཟ་མ་ཏོགཿ བྷྲཱུྃ་ཡིག་གིས་མཚན་མཐའ་བསྐོར་དུཿ གཙོ་སྔགས་རང་སྔགས་སྦྲེལ་བའི་ཤམཿ བདག་འཆང་བ་པོ་ལ་འཇིག་རྟེན་སྲིད་པའི་ལོངས་སྤྱོད་འདོད་ཡོན་མི་ཟད་པའི་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལཿ སྭཱ་ཧཱཿ ཞེས་དང་པད་འདབ་རྣམ་པ་བཞིརཿ རཏྣའི་གཏེར་བུམ་ལུད་པའི་ཚུལཿ དེ་ཡི་ལྟོ་བར་སྔགས་འདི་བྲིསཿ མ་ཎི་རཏྣའི་སརྦ་སིདྡྷི་ཧཱུྃ་ཧཱུྃ་སྭཱ་ཧཱཿ ཞེས་དང་དེའི་ཕྱི་སྤྱི་དང་འགྲེཿ ཁོར་ཡུག་ནོར་འཛིན་པ་ཏྲས་བསྐོརཿ ཀུན་ལ་རང་རང་གསང་བའི་རྫསཿ ཞལ་ཤེས་གནད་དང་ལྡན་པར་བྱུགཿ སོ་སོའི་དབུས་ཀྱི་བླ་རྡོ་ནིཿ ཚེ་འཁོར་གཡུ་བྱང་མིག་མེད་ལཿ འོད་ཟེར་ཅན་ལ་ས་སྙིང་སྦྲམཿ དབང་མོར་རྒྱལ་མོ་ལག་གཡས་སམཿ མ་གྲུབ་བྱུ་རུ་ནོར་མིག་ཅནཿ ནོར་རྒྱུན་མ་རྒད་བཻ་ཌཱུརྱཿ ཀུན་ལ་རང་བྱུང་ཤེལ་དཀར་པོཿ གས་གྲུམ་མེད་པའི་ཟུར་ལྡན་བཅསཿ དྲིལ་ཏེ་ཟ་འོག་ན་བཟའ་གསོལཿ དར་སྣ་ལྔ་ཡིས་རྒྱ་ཆིངས་གདབཿ རིན་པོ་ཆེ་ཡི་གའུའམཿ ཙན་དན་


JLAZ011_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ལྡེང་སྒྲོམ་བུར་བཅུགཿ མི་ལག་མི་གཏད་གྲིབ་ལ་གཟབཿ སྒྲུབ་དུས་རང་རང་བུམ་སྟེང་འགོདཿ རིགས་དང་མཐུན་པའི་དར་གྱིས་དགབཿ གཙོ་བུམ་མཐོང་གྲོལ་ཙཀྲས་གཡོགཿ དར་སྣ་ལྔ་ཡི་ན་བཟས་བཀླུབསཿ མྱོང་གྲོལ་རྐྱང་པར་བསྒྲུབ་པ་ལཿ རྫས་གཞན་དམིགས་ཀྱིས་མ་བསལ་ལསཿ རྒྱས་བསྡུས་བྱེ་བྲག་ཕྱེད་པར་བྱཿ སྒྲུབ་རྫས་བླ་རྡོ་སྲོག་འཁོར་གྱིཿ མན་ངག་གུད་དུ་སྦས་པའོཿ གསུམ་པ་དཀྱིལ་འཁོར་བཅའ་གཞི་ནིཿ ས་ཡི་ཆོ་ག་ནས་བཟུང་སྟེཿ སྒྲུབ་པ་ཆེན་པོའི་ཁོག་དབུབ་བམཿ སྤྲོས་པ་དམན་པས་ཕྱི་ནང་གིཿ མཚམས་གཅོད་ཙམ་དང་གཞི་བདག་ལཿ དཀར་གཏོར་སྦྱིན་ལ་བདེན་པ་བདརཿ ཆོས་ཉིད་བསམ་གྱིས་མི་ཁྱབ་པའིཿ ཏིང་འཛིན་བདེན་པས་དཀྱིལ་འཁོར་བཞེངསཿ སྟེགས་བུ་མདའ་གང་གྲུ་བཞི་པའིཿ ངོས་ལ་ཆང་དང་སིནྡྷུ་རཿ བ་བྱུང་ལྔ་ཡིས་ཆག་ཆག་གདབཿ ཕོ་བྲང་པདྨ་འདབ་བཞི་ལཿ སྒོ་ཁྱམས་རྟ་བབས་མུ་ཁྱུད་དངཿ པད་རྡོར་མེ་རི་ལ་སོགས་པཿ སྤྱི་མཐུན་བྲིས་པའི་སྟེང་ཉིད་དུཿ ལྡིང་ཁྲིའི་སྟེང་དུ་རང་རང་བུམཿ ལྷ་གནས་མ་འཆོལ་ཚུལ་བཞིན་བཤམསཿ སྟེང་ནས་དར་གྱི་ལྡིང་གུར་ཕུབཿ ཕྱི་ནང་གསང་བའི་མཆོད་པས་བསྐོརཿ གནས་


JLAZ011_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་རྒྱན་གྱིས་མཛེས་པར་བྱསཿ བགེགས་བསྐྲད་གུ་གུལ་དུད་པས་བདུགཿ བདེ་བའི་སྟན་ལ་བག་ཕོབ་ལཿ ལས་ཀྱི་གཞུང་བསྲང་དེ་ཡང་ནིཿ རྩ་བསྙེན་བྱེ་བ་མ་ཐོན་པརཿ བདག་དང་དཀྱིལ་འཁོར་སྒྲུབ་རྟེན་གསུམཿ དབྱེར་མེད་གཅིག་ཏུ་གསལ་བཏབ་སྟེཿ བསྒོམས་པས་སྒྲུབ་པའི་དྲོད་རྟགས་མྱུརཿ བཞི་པ་སྒྲུབ་པའི་དམིགས་གནད་ནིཿ བདག་མདུན་ཐ་དད་འཛབ་ཁང་དབྱེཿ བུམ་པ་ལྷ་ཡི་གཞལ་མེད་ལཿ རིལ་བུ་ལྷ་ཡི་ཕྱག་རྒྱར་གསལཿ འགྲོ་ཀུན་འཕགས་པའི་གོ་འཕང་ལཿ འགོད་འདོད་བཅོས་མིན་བྱང་ཆུབ་སེམསཿ དཔའ་བར་འགྲོ་བའི་ཏིང་འཛིན་གྱིསཿ བདག་བསྐྱེད་ཐུགས་ལས་འོད་ཟེར་དཀརཿ བ་ཐག་འཛིངས་པ་ལྟ་བུར་འཕྲོསཿ མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་ཕོགཿ བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་བསྐུལཿ ཀུན་ཀྱང་ཡི་གེ་དྲུག་མའི་སྒྲཿ བུང་བའི་ཚང་ལྟར་སྒྲོགས་པ་ལཿ འོད་ཟེར་དྲ་བས་སྟོང་གསུམ་ཁེངསཿ སྲིད་རྩེ་མནར་མེད་ཡན་ཆད་ཀྱིཿ རང་རང་ལས་དང་སྡུག་བསྔལ་ཀུནཿ ཉི་མས་བ་མོ་ཞུ་བཞིན་སྦྱངསཿ སྣོད་བཅུད་འབྱུང་ལྔའི་དུག་གཞིལ་ཏེཿ སྣོད་ཀྱི་འཇིག་རྟེན་གཞལ་མེད་ཁངཿ བཅུད་ཀྱི་སེམས་ཅན་སྲིན་བུ་ཡནཿ འཔགས་པའི་སྐུ་རུ་དཀྲོང་གིས་གྱུརཿ སྒྲར་གྲགས་ཡི་གེ་དྲུག་མའི་གདངསཿ དྲན་


JLAZ011_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་འོད་གསལ་བྱང་ཆུབ་སེམསཿ འཁོར་འདས་མཉམ་པ་ཉིད་ཀྱི་ཀློངཿ གསལ་འགྲིབ་མེད་པའི་ངང་ནས་བཟླཿ སྐྱོ་ན་དབྱངས་ཀྱི་རྟ་ལ་བསྐྱོནཿ བྱིང་རྒོད་གཉིད་དང་ལེ་ལོ་སོགསཿ ཏིང་འཛིན་གེགས་དང་མ་འདྲེས་པརཿ རིག་པ་གཟེངས་བསྟོད་ཐུན་བཞིར་འབདཿ དར་དྲག་ཡུན་ཐུང་སྒྲུབ་པའི་གནདཿ བདུན་ཕྲག་གཅིག་གིས་དངོས་གྲུབ་ཐོབཿ དེ་ཚེ་སྒོ་གསུམ་སྒྲིབ་དག་རྟགསཿ ཁྲུས་བྱས་གོས་གསར་དྲི་མེད་གྱོནཿ གྱེན་འཛེགས་གངས་ཀྱི་རི་བོ་མཐོངཿ ལུས་ལས་རྣག་ཁྲག་མི་གཙང་འབབསཿ ནམ་ལངས་ཉི་ཟླ་ཤར་བ་དངཿ ཁྱེའུ་དཀར་པོ་དར་གོས་ཅནཿ མཐོང་ཞིང་དུས་གསུམ་ལུང་སྟོན་དངཿ གྲེ་ལྕེ་བདེ་ཞིང་རིག་པ་དྭངསཿ སྒྲུབ་ཁང་འོད་ཀྱིས་ཁེངས་པ་དངཿ རིལ་བུ་རླངས་འཐུལ་དྲི་ཞིམ་སྣོམཿ བག་དྲོ་ཉམས་དགའ་ཏིང་འཛིན་གསལཿ དེ་སོགས་རྣམ་པ་ཅིར་བྱུང་ཡངཿ སྤྲོ་བ་མི་བསྐྱེད་བཟང་ངན་ཀུནཿ ཆོས་ཉིད་མཉམ་པ་ཉིད་དུ་བརྡལཿ རང་སྣང་འགྱུར་ཚེ་གཞན་སྣང་འགྱུརཿ ཀུན་ལ་བྱམས་དང་སྙིང་རྗེ་སྐྱེཿ འཇིག་རྟེན་འདི་ཡི་འཁྲི་བ་ཆོདཿ སྣང་བ་བན་བུན་ཆད་ཆོད་འགྲོཿ གཟའ་གཏད་མེད་པའི་རྟོགས་པ་འཆརཿ བྱང་ཆུབ་སེམས་ཀྱི་ནུས་སྨིན་པསཿ གཞན་ཕན་རྩོལ་བ་


JLAZ011_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འབྱུངཿ དེ་ལྟར་རྟགས་ཀྱི་རིམ་པ་ནིཿ བསྙེན་སྒྲུབ་ལས་སྦྱོར་ཀུན་ལ་འབྱུངཿ རང་གི་ཉམས་དང་སྦྱར་ཏེ་དཔྱདཿ མཆོག་སྒྲུབ་རྩ་བའི་སྒྲུབ་པའོཿ ཁྱད་པར་ལས་ལ་སྦྱར་འདོད་ནཿ ཚེ་སྤེལ་ཞི་བའི་ལས་ཚོགས་ཏེཿ རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀརཿ ཕྱག་གཡས་མཆོག་སྦྱིན་ཨུཏྤལ་འཛིནཿ གཡོན་པས་མཉམ་གཞག་ཚེ་བུམ་ཅནཿ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགསཿ གསལ་བརྟན་འོད་ཟེར་འབར་བ་ཡིསཿ ཐུགས་དམ་རྒྱུད་བསྐུལ་འོད་ཟེར་འཕྲོསཿ བདེ་གཤེགས་ཀུན་གྱི་དྭངས་མའི་སྲོགཿ བརྟན་གཡོའི་ཚེ་བཅུད་འགུགས་པ་སོགསཿ རྩ་བའི་གཞུང་ལྟར་ཤེས་པར་བྱཿ རྒྱས་ཁྱེད་འོད་ཟེར་ཅན་མ་ནིཿ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེརཿ ཞབས་གཉིས་དོར་སྟབས་ གཡོན་བསྐུམས་གཡས་བཏུད་ཟུར་ཞལ་གྱེན་ལ་གཟིགས། ཞི་མ་ཁྲོཿ ཕྱག་གཡས་རཏྣའི་ནོར་བུ་དངཿགཡོན་པ་ཉི་ཟླའི་ཞགས་པ་གདེངསཿ དར་དང་རིན་ཆེན་རྒྱན་གྱིས་མཛེསཿ འཕྲོ་འདུའི་དམིགས་པ་གཞུང་ལྟར་ལཿ ཁྱད་པར་ཞགས་པ་གཡུགས་པ་ཡིསཿ ལོག་འདྲེན་དབང་བསྡུས་ཉི་ཟླ་གཉིསཿ ཆ་ལང་བརྡབས་པའི་བར་དུ་འཚིརཿ དེ་ཡི་བཀྲག་མདངས་ཚེའི་ལྷག་མཿ བརྟན་གཡོའི་གཟི་བྱིན་


JLAZ011_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དཔལ་ཀུནཿ བདག་ཐིམ་གཟི་བྱིན་འབར་བར་དམིགསཿ དབང་མཛད་ཀུ་རུ་ཀུལླེ་ནིཿ ཞལ་གཅིག་ཕྱག་བཞི་བརྐྱང་བསྐུམས་ཞབསཿ རྩ་ཕྱག་པདྨའི་མདའ་གཞུ་བཀངཿ ལྷག་མ་རྣམ་གཉིས་ལྕགས་ཀྱུ་ཞགསཿ སྟག་ཤམ་རུས་རྒྱན་པད་ཕྲེང་ལྡནཿ འཕྲོ་འདུའི་དམིགས་པ་གཞུང་ལྟར་ལཿ ཁྱད་པར་མཁའ་འགྲོ་ཆོམ་རྐུན་མའིཿ གནད་ཀྱི་མན་ངག་འདི་ལྟ་སྟེཿ བདག་བདུན་གཙོ་ལས་འོད་འཕྲོས་པསཿ དབང་མོའི་ཐུགས་ཀར་ཕོག་པའི་མོདཿ ཟག་མེད་བདེ་བ་ཆེན་པོའི་ཉམསཿ དཔག་ཏུ་མེད་པ་འབར་ན་ལསཿ ཐུགས་དམ་རྒྱུད་བསྐུལ་དེའི་ཐུགས་ནསཿ མཁའ་འགྲོ་ཡིད་ཀྱི་ཆོམ་རྐུན་མཿ དམར་གསལ་བཀྲག་དང་ལྡན་པ་ལཿ ཧྲཱིཾཿསྒྲ་སྒྲོག་པ་ཏལ་གྱིས་འཐོནཿ པད་མདའ་འོད་ཀྱི་སྦུ་གུ་ཅནཿ དེ་ཡི་ནང་ཞུགས་ཤར་གྱིས་ཐོནཿ ཕོ་ཡི་སྤྱི་བོ་མོའི་གསང་གནསཿ ལམ་བརྒྱུད་སྙིང་གི་དབུས་སུ་ཞུགསཿབཀྲག་མདངས་བཅུད་ལ་འཇིབས་པ་ཡིསཿ འདོད་པ་གཡོས་ཤིང་བརྟན་པ་ཕྲོགཿ ཤོག་སྐྱ་རླུང་གིས་བཏེགས་པ་བཞིནཿ རང་དབང་བྲལ་ཏེ་འདུད་པར་བསམཿ མཁའ་འགྲོ་ཚུར་འདུས་འོད་དུ་ཞུཿ རང་ལ་བསྟིམ་སྟེ་སྟོང་ཉིད་


JLAZ011_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམཿ དེ་ལྟར་ཡང་ཡང་འབད་པ་ཡིསཿ འཁོར་ལོས་སྒྱུར་རྒྱལ་ཡིན་ཡང་འདུཿ ཕ་རོལ་བརྟན་པ་བྲལ་གྱུར་ནཿ ཞི་རྒྱས་གཉིས་ཀྱི་རིལ་བུས་གསོཿ རང་དབང་གྱུར་ནས་ཆོས་ལ་འགོདཿ རང་གར་སྤྱད་ན་རྣམ་སྨིན་ཆེཿ འབྲེལ་ཚད་དོན་དང་ལྡན་པར་བྱཿ ནོར་སྒྲུབ་མན་ངག་འདི་ལྟ་སྟེཿ འདོད་པ་འཇོ་བའི་གཏེར་བུམ་སྟེངཿ འཕགས་མ་ནོར་རྒྱུན་ལྷ་མོ་ནིཿ ཞལ་གཅིག་ཕྱག་གཉིས་མཉམ་སྟབས་བཞེངསཿ དར་དང་རིན་ཆེན་རྒྱན་ཕྲེང་མཛེསཿ ཕྱག་གཡས་ཡིད་བཞིན་ནོར་བུ་དངཿ གཡོན་པ་དགོས་འབྱུང་ནེའུ་ལེ་འཛིནཿ ལྗང་གསལ་སེམས་མའི་ཆ་བྱད་ཅནཿ འོད་ཟེར་སྤྲོ་བསྡུ་གཞུང་ལྟར་ལཿ ཟས་ནོར་ཆར་དུ་བབ་པར་སྒོམཿ དེ་རྣམས་ཀུན་གྱི་དམ་ཚིག་ཏུཿ དཀོན་མཆོག་མཆོད་དང་སྲོག་བསླུ་འདོནཿ མཆོད་རྟེན་གསོ་ཞིང་མཎྜལ་འབུལཿ ལན་ལ་མི་རེའི་སྦྱིན་གཏོང་སོགསཿ རྣམ་དཀར་དགེ་བའི་ལས་ལ་འབདཿ ཁྱད་པར་སྙིང་རྗེ་ཆེན་པོའི་བློསཿ གཞན་དོན་སྒྲུབ་པའི་བློ་མེད་ནཿ བསྒྲུབས་ཀྱང་ནུས་པ་མི་འབྱིན་ཏེཿ ཕྲ་མེན་དབང་ཕྱུག་རིག་སྔགས་ལྟརཿ རྫས་སྔགས་རྟེན་འབྲེལ་ཙམ་གྱི་མཐུསཿ གནས་སྐབས་དོན་འགྲུབ་འདི་མ་ཡིནཿ དགོས་འབྲེལ་ལྡན་པའི་བརྟུལ་ཞུགས་ཀྱིསཿ དོན་གཉིས་ལྷུན་གྲུབ་ལ་


JLAZ011_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པཿ སངས་རྒྱས་པ་ཡི་ཁྱད་ཆོས་ཕྱིརཿ བྱང་ཆུབ་སེམས་དང་འབྲལ་མི་བྱཿ ལྔ་པ་ལས་ཀྱི་མཐའ་སྒྱུར་ནིཿ གང་གི་ཚེ་ཡང་རྟགས་བྱུང་ནསཿ དངོས་གྲུབ་བླང་ཞིང་གཏང་རག་འབུལཿ ལྷ་རྣམས་ཡེ་ཤེས་སྙིང་གར་བསྡུཿ དམ་ཚིག་རིལ་བུ་དག་ལ་བསྟིམཿ ལས་གང་སྒྲུབ་པའི་མཐུ་ལྡན་བསམཿ རིལ་བུ་མི་ལག་མི་བརྒྱུད་ཅིངཿ དེ་ཡང་མཆོག་སྒྲུབ་མྱོང་གྲོལ་རྫསཿ འགྲོ་བ་ཀུན་ལ་སྙོམས་པར་སྦྱིནཿ ཡུལ་གྱི་ཆུ་མགོ་དག་ཏུའང་སྦཿ ཟོས་ཚད་འཕགས་པའི་ཐུགས་རྗེ་ཡིསཿ རྗེས་བཟུང་ལས་ངན་སྲབ་ནས་ཀྱངཿ ཞིང་མཆོག་པོ་ཏ་ལ་རུ་སྐྱེཿ ཁ་སྐོང་ཞི་བའི་སྦྱིན་སྲེག་བྱཿ སྨན་གཏོར་རཀྟ་རྫས་སུ་འབུལཿ ཁྱད་པར་དབང་གི་མཐའ་སྡུད་ལཿ རྟ་མགྲིན་འདུས་པའི་དཀྱིལ་འཁོར་དུཿ མན་ངག་གནད་དང་ལྡན་པ་ཡིཿ བསྲེག་རྫས་རིལ་བུ་གཙོར་གྱུར་གྱིཿ དབང་གི་སྦྱིན་སྲེག་མྱུར་བར་བྱཿ ཐལ་སོལ་རི་རྩེར་རླུང་ལ་བསྐུརཿ ལས་ཚོགས་རིལ་བུ་ཁུག་མར་བླུགསཿ ཀུན་ལ་མི་སྟོན་མ་ཉམས་བྱཿ དེ་ཡང་ཐོ་རེངས་ཚེའི་རིལ་བུཿ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་རློབཿ རང་ཉིད་ཚེ་ལྷའི་ཏིང་འཛིན་དངཿ གསུམ་མམ་ལྔ་སོགས་རྟག་པར་བསྟེནཿ དེ་བཞིན་རྒྱས་པ་ཉིན་གུང་དངཿ དབང་ལ་དམིགས་པའི་ཁ་སྒྱུར་ཅིངཿ སྔགས་ཀྱི་ངར་བཏགས་དགོངས་ཁའི་དུསཿ


JLAZ011_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཞལ་ཤེས་ཡོད། བཟའ་ཞིང་གཞན་ལ་བྱིནཿ དེ་ཉིད་ངེས་པར་དབང་དུ་འགྱུརཿ ནོར་སྒྲུབ་རཏྣའི་བུམ་པར་སྩལཿ མཛོད་ཕུགས་གཞུག་ཅིང་ས་བཅུད་གསོཿ བུམ་གཏེར་རྫས་ལ་ཁྱད་པར་འཕགསཿ ཡང་ན་རང་གིས་ཟོས་ཀྱང་རུངཿ བཅུད་ལེན་ཀུན་གྱི་མཆོག་ཏུ་འགྱུརཿ སྒྲུབ་པའི་རྗེས་ཀྱི་བྱ་བ་རྣམསཿ སྤྱི་དང་མཐུན་པ་ཉིད་དུ་སྤྱདཿ ས་མ་ཡཿ པྲ་ཁྲིད་སྙིང་གི་དུམ་བུ་འདིཿ མ་འོངས་གདུལ་དཀའི་འགྲོ་བ་རྣམསཿ ཐབས་མཁས་ཐུགས་རྗེའི་རྩལ་ཤུགས་ཀྱིསཿ འདུལ་ཕྱིར་སྣང་ཆའི་ཤོག་སེར་ལཿ ཡེ་ཤེས་མཁའ་འགྲོས་བརྡར་བཀོད་དེཿ འགྱུར་མེད་འོད་གསལ་སྒྲོམ་བུར་སྩལཿ ནམ་ཞིག་འགྲོ་དོན་དུས་བབས་ཚེཿ ཚེ་ཡི་ཐུགས་བསྐྱེད་སྨོན་ལམ་མཐུསཿ རྒྱལ་སྲས་ཚངས་པའི་མེ་ཏོག་ལཿ རང་བྱུང་ཌཱཀྐིས་བརྡ་བཀྲོལ་ཏེཿ འབྲེལ་ཚད་དོན་དང་ལྡན་པར་ཤོགཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ སྦས་རྒྱཿ གསང་རྒྱཿ དྷ་ཐིམཿ

འཕགས་པའི་གསོལ་འདེབས་ཞལ་མཐོང་མ།


JLAZ011_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་གསོལ་འདེབས་ཞལ་མཐོང་མ་བཞུགས།། ན་མོ་ལོ་ཀི་ཤྭ་ར་ཡ། རིག་སྟོང་ཟུང་འཇུག་འོད་གསལ་ཆེན་པོའི་སྦུབས། །ལྷན་སྐྱེས་གཉུག་མ་བདེ་གཤེགས་སྙིང་པོའི་ཐུགས། །མཐོང་བ་དོན་ལྡན་ལོངས་སྐུ་སྤྱན་རས་གཟིགས། །ཁམས་གསུམ་འགྲོ་བའི་འདྲེན་པ་ཁྱོད་ཕྱག་འཚལ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གང་སྐུ་སྟོན་ཀའི་ཟླ་གཞོན་གསར་པ་ལ། །མཚན་དཔེ་ཡོན་ཏན་རི་དྭགས་གཞོན་ནུས་འཁྱུད། །འཁོར་འདས་མཉམ་སྦྱོར་ཕྱག་རྒྱ་ཐུགས་ཀར་མཛེས། །བགྲང་ཕྲེང་པད་དཀར་འཛིན་ཅིང་འགྲེང་བུར་བཞུགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གང་གསུང་ཡན་ལག་དྲུག་ཅུའི་ཏམ་བུ་ར། །ཀ་ལ་པིངྐའི་རྒྱུད་རྫོགས་མཉེན་ལྕུག་འཁྲིལ། །ཐེག་པ་ཀུན་གྱི་དོན་སྡུས་ཆོས་སྒྲ་སྒྲོགས། །སྨིན་གྲོལ་ལམ་གྱི་བདག་པོ་ཁྱོད་ཕྱག་འཚལ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གང་ཐུགས་འཕོ་མེད་སྤྲོས་ཀུན་ཉེར་ཞིའི་ཀློང༌། །མཁྱེན་གཉིས་ཡོན་ཏན་ཆ་རྫོགས་ཐུགས་རྗེའི་རྩལ། །ལུས་ཅན་སྤྱི་དང་ཁ་བ་རི་པ་ལ། །སྤྲོ་བའི་ཕྲིན་ལས་རྨད་བྱུང་ཁྱོད་ཕྱག་འཚལ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །མཚན་ཙམ་ཐོས་པས་མི་མཐུན་རྒུད་པ་སེལ། །


JLAZ011_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཙམ་གྱིས་ངན་འགྲོའི་འཇིགས་ལས་སྒྲོལ། །འགྲོ་དྲུག་ཡིད་ཅན་ཀུན་གྱི་གཉེན་གཅིག་པོ། །ལྷག་པའི་ལྷ་མཆོག་མགོན་པོ་ཁྱོད་ཕྱག་འཚལ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྤང་བྱའི་དྲི་མ་མཐའ་དག་རིང་དུ་དོར། །བསྒྲུབ་བྱའི་ཡོན་ཏན་མ་ལུས་མངོན་དུ་མཛད། །མཐོང་ན་མི་མཐུན་མེད་པའི་རྫུ་འཕྲུལ་ཅན། །འཕགས་པ་འཇིག་རྟེན་དབང་ཕྱུག་ཁྱོད་ཕྱག་འཚལ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཨེ་མ་ཁྱེད་ནི་སྨོན་ལམ་མཐུ་བཙན་པས། །བདག་ལ་སྐྱབས་གནས་རེ་ལྟོས་གཞན་མེད་དོ། །ཐུགས་རྗེའི་ལྕགས་ཀྱུས་བཟུང་བའི་དུས་ལ་བབ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བདག་སོགས་སྙིགས་མ་ལྔ་བདོའི་སེམས་ཅན་ཀུན། །བཟོད་མེད་ལས་ཀྱི་དུཿཁས་རྟག་ཏུ་མནར། །འཁོར་བ་ལུ་གུ་རྒྱུད་དུ་ཁ་འབྱམས་ན། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བདག་ནི་བག་མེད་ལས་ལ་གོམས་པའི་མཐུས། །མགོན་ཁྱོད་དགྱེས་པའི་སྤྱན་རས་རིང་དུ་སོང༌། །སྡུག་བསྔལ་ཆུ་བོའི་གཉེར་མར་སྤྱོད་པའི་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་


JLAZ011_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །འཁོར་འདས་གཉིས་ཀྱི་བླང་དོར་ཚུལ་ལ་རྨོངས། །རྣམ་གཡེང་དགའ་མའི་བཞིན་ལ་རྟག་པར་ཆགས། །ཉིན་མཚན་ལོག་པའི་སྤྱོད་པས་ལ་བཟླ་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ལང་ཚོའི་མཛེས་པ་ལོ་ཟླའི་དམག་གིས་བཅོམ། །བླ་ཚེའི་ལྗོན་པ་གཤིན་རྗེའི་སྟ་རེས་བསུས། །ཐར་པའི་སྲོག་རྩ་ཕྲ་མོར་བྱས་པའི་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཕར་ཕྱིན་དྲུག་གི་ལང་ཚོའི་གོམ་པ་འཁྱོར། །ཐོས་བསམ་སྒོམ་པའི་ན་ཚོད་ཆེས་ཆེར་ཕྲ། །ངལ་བ་དོན་མེད་སྤྱོད་པ་ལྷུར་ལེན་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཡེ་ཤེས་རྣམ་ལྔའི་བཞིན་རས་དུག་ལྔས་བསྒྲིབས། །རང་བྱུང་ཡེ་ཤེས་ལྟ་བའི་འདྲེན་བྱེད་ལོང༌། །ལས་དང་བག་ཆགས་མུན་པར་འཐུམས་པའི་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཁྱབ་པ་འདུ་བྱེད་སྡུག་བསྔལ་གྱིས་མནར་བའི། །བྱིས་པ་སོ་སོའི་སྐྱེ་བོའི་


JLAZ011_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་ཀུན། །ལས་ངན་འབྲས་བུའི་མཚོ་ཆེན་རྡོལ་བའི་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྨོན་འཇུག་བྱང་ཆུབ་སེམས་ལ་བློ་འབྱོངས་ནས། །ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ཏེ། །སྟོབས་བཅུ་མངའ་བའི་གོ་འཕང་བསྙེས་ནས་ཀྱང༌། །འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག །གང་གི་བདག་ལ་ལེགས་བཤད་ཐོས་བའམ། །མཐོང་ཐོས་དྲན་རེག་གཏམ་གྱིས་འབྲེལ་བ་ཚུན། །མཚམས་མེད་ལས་བྱང་ངན་སོང་སྒོ་ཁེགས་ནས། །ཞིང་མཆོག་པོ་ཏ་ལ་རུ་སྐྱེ་བར་ཤོག །ཅེས་པའང་ས་ཁམས་སྟག་གི་ལོ་ཟླ་ཚེས༡༠ཐོ་རེངས་ཁ་ན། འཕགས་པ་འཇིག་རྟེན་དབང་ཕྱུག་ཞལ་གཟིགས་ཤིང༌། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བརྡ་རྟགས་ཤར་བའི་ཚེ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སོ།། །།དགེའོ། །དགེའོ། །དགེའོ།།

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྟ་མགྲིན་འདུས་པའི་སྒྲུབ་ཐབས།


JLAZ011_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྟ་མགྲིན་འདུས་པའི་སྒྲུབ་ཐབས་བཞུགསཿ སྡུག་བསྔལ་རང་གྲོལ་སྐུ་ལ་འདུདཿ དེ་ཉིད་ཁྲོ་རྒྱལ་ལྟར་སྒྲུབ་པཿ མངའ་བདག་རྒྱལ་པོའི་ཐུགས་དམ་ཡིནཿ སྔོན་འགྲོ་ཞི་བའི་གཞུང་ལྟར་ལཿ ཧྲཱིཿ དབྱིངས་རིག་ཟུང་འཇུག་དག་པ་ཆེན་པོའི་དབྱིངསཿ རང་སྣང་ལྷུན་གྲུབ་རི་བོ་པོ་ཏ་ལཿ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུསཿ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེངཿ ཧྲཱིཿལས་རང་ཉིད་འཕགས་མཆོག་ཐུགས་རྗེའི་ལྷཿ ཡོངས་གྱུར་ཁྲོ་རྒྱལ་རྟ་མགྲིན་འདུས་པ་ནིཿ ཀླུ་དང་རྒྱལ་བསེན་བསྣོལ་བའི་གདན་གྱི་སྟེངཿ སྐུ་མདོག་དམར་པོ་དུས་མཐའི་མེ་ལྟར་འབརཿ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགསཿ ཕྱག་གཡས་དབྱུག་ཏོས་སྣང་སྲིད་ཟིལ་གྱིས་གནོནཿ གཡོན་པས་སྡིགས་མཛུབ་ཀླུ་གཉན་སྡེ་བརྒྱད་གཟིརཿ རལ་པ་ཁམ་ནག་ཐོད་སྐམ་ལྔ་ཡིས་བརྒྱནཿ རྟ་མགོ་ལྡང་ཞུར་འཚེར་པའི་རྔོག་པ་ནསཿ རྡོ་རྗེའི་ཚྭ་ཚྭས་དྲེགས་པ་བརྒྱལ་ཞིང་སྔངསཿ སྐུ་ཆེ་ཡན་ལག་རགས་པའི་བ་སྤུ་ཀུནཿ ཁྲོ་ཆུང་གོ་མཚམས་མེད་པའི་སྲུང་བས་གཏམསཿ ཞིང་གི་གཡང་གཞི་སྟག་གི་ཤམ་ཐབས་དངཿ ཐོད་ཕྲེང་ཚར་གསུམ་སྦྲུལ་གྱི་ཚངས་སྐུད་དཔྱངསཿ རིགས་བཞིའི་ལྟོ་འགྲོས་ཕྱག་ཞབས་གདུ་བུ་བྱསཿ རང་འདྲའི་རིག་མ་གྲི་ཐོད་འཛིན་མས་


JLAZ011_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུདཿ དོར་སྟབས་མེ་དཔུང་འབར་བའི་ཀློང་ན་འགྱིངསཿ རྩིབས་བཞིར་དབང་ཆེན་སྡེ་བཞི་ལས་མདོག་ཡུམཿ གཡས་པ་རང་རྟགས་གཡོན་པ་ཁྱུང་ཁྲ་འགྱེདཿ ཁྱམས་ལ་ཟིལ་གནོན་སྒོ་བཞིར་ཤར་སྒོ་ནསཿ རྟ་གདོང་ལྕགས་ཀྱུ་ཕག་གདོང་ཞགས་པ་མཿ སེང་གདོང་ལྕགས་སྒྲོག་ཁྱི་གདོང་དྲིལ་བུ་འཛིནཿ གཡོན་པ་རང་རྟགས་དཀར་སེར་དམར་ལྗང་མདོགཿ སྣང་སྟོང་སྒྲིབ་གཡོགས་བྲལ་བའི་དབྱིངས་ནས་གསལཿ ཀུན་ཀྱང་གནས་ལུགས་ཡིག་འབྲུ་གསུམ་གྱིས་མཚནཿ སོགས་ཞི་བ་ལྟར་ལཿ བསྟོད་པའི་སྐབསཿ སྡུག་བསྔལ་རང་གྲོལ་གྱི་མཚནཿ ཧྱ་གྲཱི་བའི་སྐུརཿ ཞེས་དངཿ རིགས་བཞིའི་སེམས་མ་ཞེས་པརཿ དབང་ཆེན་སྡེ་བཞིཿ ཞེས་བསྒྱུརཿདེ་ནས་བསྙེན་པ་བྱ་བ་ནིཿཡེ་ཤེས་སེམས་དཔའ་སེམས་ཉིད་ངལ་བསོར་གསལ་བའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐརཿ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿཞེས་པས་བསྐོར་བ་ལ་དམིགས་པ་གཏད་ནས་འབྲུ་འབུམ་ལས་རུང་གི་ཚད་དོཿ ལས་ལ་སྦྱོར་ནཿ རྩ་སྔགས་ཀྱི་མགོརཿཨེ་ཨ་ར་ལི་དངཿཞབས་ལ་བཛྲ་དུན་བྷྱོཿ ཏྲིག་ནན་ཛཿཛཿས་མ་ཡ་སྟཱཾཿཞེས་བཏགས་ལ་སྣང་སྲིད་ཐམས་ཅད་མེའི་ཚྭ་ཚྭས་བསྲེགས་ཤིང་སྟོང་པར་སྦྱངས་བའི་ངང་ལ་ཆོས་ཉིད་ཀྱི་རང་མདངས་བསྐྱངས་བས་སྡེ་བརྒྱད་དབང་དུ་འདུ་བར་འགྱུར་རོཿ ཐུན་མཐར་ཚོགས་ཀྱི་འཁོར་ལོ་སོགས་རྗེས་ཆོག་རྣམས་རིག་འཛིན་གཞུང་ལ་ཚིག་ཕྲད་བསྒྱུར་བར་བྱའོཿ བྱ་སླ་ཁྱེར་བདེ་བྱིན་རླབས་ཆེཿ འདི་ལ་བརྟེན་ནས་བཙན་པོ་ཡིསཿ རྟ་སྐད་སྟོང་གསུམ་གང་བ་བསྒྲགསཿ དེ་ཕྱིར་འདི་ལ་རྟ་མགྲིན་ནིཿ རྒྱལ་པོའི་ལུགས་ཞེས་གནག་པའི་ཆོསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དྷ་ཐིམཿ

ཀློང་ཆེན་སྙིང་གི་ཏིག་ལེ་ལསཿ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན།


JLAZ011_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཏིག་ལེ་ལསཿ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་བཞུགསཿ


JLAZ011_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཨ་གྲ་ཧེ་ན་མཿ ཡང་གསང་བླ་མའི་སྒྲུབ་པ་ནིཿ ཤིན་ཏུ་དབེན་ཞིང་ཡིད་མཐུན་པརཿ མནྜལ་ཚོམ་བུ་ལྔ་པའི་སྟེངཿ བྷནྡྷ་དུམ་བུ་གསུམ་པའི་ནངཿ རིག་འཛིན་འདུས་པའི་སྲོག་འཁོར་དངཿ སེལ་མེད་དམ་རྫས་ཨ་མྲྀ་ཏཿ རིན་ཆེན་སྨན་དང་འབྲུ་སྣས་བཀངཿ སྟེང་ནས་དར་དམར་ལྡིང་གུར་དབུབཿ མདུན་དུ་གཏོར་ཚོགས་སྤྱི་མཐུན་བཤམཿ བདེ་བའི་སྟན་ལ་བག་ཕབ་སྟེཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ ཧཱུྃཿ ངོ་བོ་རང་བཞིན་ཐུགས་རྗེའི་རྩལཿ སྐུ་གསུམ་ཆེན་པོར་ལྷུན་རྫོགས་པའིཿ རང་རིག་དོན་གྱི་བླ་མ་ལཿ འཛིན་མེད་ངང་ནས་སྐྱབས་སུ་མཆིཿ ལན་


JLAZ011_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། གཉིས་པ་སེམས་བསྐྱེད་ནིཿ ཧོཿ སངས་རྒྱས་མེད་ལ་སེམས་ཅན་མེདཿ ཡིན་པ་མེད་ལ་མིན་པ་མེདཿ སོ་མ་རང་གདངས་ལྷུག་པའི་གདངསཿ རང་གྲོལ་ཆེན་པོར་སེམས་བསྐྱེད་དོཿ ལན་གསུམ། གསུམ་པ་མཚམས་གཅོད་ནིཿ ཧྲཱིཿ གདོད་ནས་འཁོར་འདས་གཉིས་མེད་ལཿ བགེགས་དང་བར་ཆད་མིང་ཡང་མེདཿ འོད་གསལ་སྒྱུ་འཕྲུལ་དྲ་བའི་ངངཿ རྣམ་རྟོག་བག་ཆགས་མཚམས་གཅད་དོཿ ཛྙཱ་ན་བཛྲ་རཀྵ་ཧཱུྃཿ བཞི་པ་བྱིན་དབབ་མཆོད་རློབ་ནིཿ ཧཱུྃཿ སྟོང་ཉིད་དབྱིངས་ལས་ཐུགས་རྗེའི་རྩལཿ མཁའ་ལ་འཇའ་ཚོན་ལྟ་བུར་ཤརཿ དཀྱིལ་འཁོར་མཆོད་པའི་རྫས་རྣམས་ཀུནཿ རང་གྲོལ་ཆེན་པོར་བྱིན་


JLAZ011_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབསཿ ཛྙཱ་ན་བཛྲ་ས་མ་ཡ་ཕེཾ་ཕེཾཿ ཨོཾ་ཨཱཿཧཱུྃཿ ལན་གསུམ་བརྗོད་པས་མཆོད་རྫས་རློབཿ ལྔ་པ་དཀྱིལ་འཁོར་བསྐྱེད་པ་ནིཿ ཧཱུྃཿ རིག་སྟོང་ཆོས་ཉིད་མངོན་སུམ་དབྱིངསཿ དྲན་རྫོགས་ཉམས་སྣང་གོང་འཕེལ་སྐུཿ རིག་པ་ཚད་ཕེབས་དོན་གྱི་ལྷཿ ཆོས་ཟད་མ་བཅོས་ཀློང་ཆེན་པཿ བི་མ་ལཿཞེས་ཀྱང་བསྒྱུར་ཆོག་པ་རྩ་བའི་མན་ངགཿ ཞི་འཛུམ་པཎྜི་ཏ་ཡི་ཆསཿ སེམས་ཉིད་ངལ་བསོའི་ཕྱག་རྒྱ་ཅནཿ སྣང་ལ་རང་བཞིན་མེད་པའི་ངངཿ སྐུ་གསུམ་ཞིང་ཁམས་ཐམས་ཅད་རྫོགསཿ གནས་གསུམ་ཡི་གེ་གསུམ་གྱིས་མཚནཿ དེ་ལས་འཕྲོས་པའི་འོད་ཟེར་གྱིསཿ དུས་གསུམ་བདེ་གཤེགས་རྩ་བ་གསུམཿ རིག་འཛིན་མཁའ་འགྲོ་རྒྱ་མཚོ་བཅསཿ མ་ལུས་སྤྱན་དྲངས་དབྱེར་མེད་བསྟིམཿ དྲུག་པ་སྤྱན་འདྲེན་བྱ་བ་ནིཿ ཧཱུྃཿ རྣམ་རྟོག་བྲལ་བའི་ཕོ་བྲང་ནསཿ གདོད་མའི་མགོན་པོ་གཤེགས་སུ་གསོལཿ ཕྱོགས་ལྷུང་མེད་པའི་ཕོ་བྲང་ནསཿ དུས་གསུམ་བདེ་གཤེགས་གཤེགས་སུ་གསོལཿ འཇའ་ལུས་ཟང་ཐལ་ཕོ་བྲང་ནསཿ དཔལ་མགོན་བླ་མ་གཤེགས་སུ་གསོལཿ རིག་པ་སྐུ་རུ་སྨིན་པ་དངཿ འོད་ལུས་འགྲུབ་པར་བྱིན་གྱིས་རློབསཿ མ་ཧཱ་གུ་རུ་ཛྙཱ་ན་ས་མ་ཡ་ཛཿཛཿ བདུན་པ་བརྡ་ཕྱག་འཚལ་བ་ནིཿ ཧོཿ ལྷ་དང་རང་སེམས་དབྱེར་མེད་དངཿ དམ་ཡེའི་


JLAZ011_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དག་པའི་ཕྱིརཿ བསམ་བརྗོད་བྲལ་བའི་བླ་མ་ལཿ སྤང་བླང་མེད་པར་ཕྱག་འཚལ་ལོཿ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ བརྒྱད་པ་མཆོད་པ་བྱ་བ་ནིཿ ཧཱུྃཿ ཚོགས་དྲུག་ཡུལ་གྱི་རྩལ་སྣང་ཀུནཿ ཕྱི་ནང་གསང་བའི་མཆོད་སྤྲིན་དུཿ ཕུལ་བས་ཞེན་འཛིན་རྣམ་རྟོག་ཀུནཿ འོད་གསལ་ཆེན་པོར་དག་པར་སྩོལཿ ཨོཾ་བཛྲ་ཨརྒྷཾ་ནས། རཱུ་པ་ཤཔྟ་གྷནྡྷེ་རཱ་ས་པརྴེ་མ་ཧཱ་པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧིཿ མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཙ་ཧོཿ དགུ་པ་དོན་དམ་བསྟོད་པ་ནིཿ ཧྲཱིཿ མ་བཅོས་སྤྲོས་བྲལ་འོད་གསལ་ཆོས་སྐུའི་ངངཿ རྣམ་མང་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་རྫོགསཿ སྐུ་གསུམ་འདུ་འབྲལ་མེད་པའི་བླ་མ་ལཿ ཀུན་རྫོབ་སྒྱུ་མ་ཙམ་དུ་བསྟོད་པར་བགྱིཿ བཅུ་པ་འཛབ་ཀྱི་དགོངས་པ་ནིཿ ཐུགས་ཀར་ཐིག་ལེ་འོད་ལྔའི་ཀློངཿ ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟངཿ མཐིང་གསལ་མཉམ་གཞག་ཕྱག་རྒྱ་ཅནཿ དེ་ཡི་ཙིཏྟའི་གུར་ཁང་དབུསཿ པདྨ་ཉི་ཟླའི་གདན་གྱི་སྟེངཿ ཧཱུྃ་ཡིག་མཐིང་གའི་མཐའ་བསྐོར་དུཿ རིག་འཛིན་འདུས་པའི་སྲོག་སྔགས་ཀྱིསཿ བསྐོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོསཿ དུས་གསུམ་བདེ་གཤེགས་ཐམས་ཅད་དངཿ ཁྱད་པར་འོད་གསལ་རྫོགས་ཆེན་གྱིཿ རིག་འཛིན་བརྒྱུད་པའི་ཐུགས་རྗེ་བསྐུལཿ ཚུར་འདུས་བདག་ལ་ཐིམ་པ་ཡིཿ མཆོག་


JLAZ011_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་དངོས་གྲུབ་ཐོབ་པར་དམིགསཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃཿ རྩ་སྔགས་ཡིག་འབྲུ་བཅུ་གཉིས་པཿ འབྲུ་འབུམ་དག་ཏུ་བསྙེན་པར་བྱཿ བསྙེན་སྒྲུབ་འོད་ཟེར་འཕྲོས་པས་བདེ་གཤེགས་མཆོད་པ་བསྙེན་པ། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཤིང་ལྷར་གྱུར་པ་སྒྲུབ་པ། ཚུར་འདུས་ནས་བདག་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བྱང་ཞིང་དངོས་གྲུབ་ཐོབ་པ་སྒྲུབ་ཆེན། དགོངས་པ་མཉམ་པ་ཉིད་དུ་བཞག་པ་ལས་སྦྱོར་རོ། །ལས་གསུམ་ཆིག་ཆོད་ཡིནཿ ཉམས་དངོས་རྨི་ལམ་ངེས་པརཿ ཞལ་མཐོང་ཐོས་རིག་རྩལ་འབརཿ གླེགས་བམ་ཆར་རྒྱུན་འབབ་པ་དངཿ སེང་གེ་གླང་ཆེན་ཞོན་སོགས་རྨིཿ ཁྱད་པར་ཉམས་རྟོགས་རྩོལ་མེད་འཆརཿ མ་བསླབས་ཆོས་ཀྱི་གཏེར་མཛོད་རྡོལཿ དེ་ཚེ་དགོས་གྲུབ་བླང་བར་བྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཨེ་མཿ ཤིན་ཏུ་ཡང་ཟབ་དགོངས་པའི་གཏེརཿ ཡང་གསང་ཐིག་ལེའི་རྒྱ་རྟགས་ཅནཿ གདོད་མའི་མགོན་པོ་ཀློང་ཆེན་པསཿ དཔལ་གྱིས་བསམ་ཡས་ཆིམས་ཕུ་རུཿ ངོ་བོའི་སྙིང་གི་དབུས་སུ་སྦསཿ ལོ་ལྔའི་བར་དུ་གསང་རྒྱ་བྱསཿ ད་ལྟ་དུས་ངན་སྙིགས་མའི་ཚེཿ ཟབ་རྒྱ་སྤེལ་བའི་སྣོད་དཀོན་ཡངཿ གདུག་པ་ཞེ་སྡང་སྦྲུལ་གྱི་ལོརཿ ལྭ་བ་དཀར་པོའི་ལྡིང་གུར་ནངཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ འདི་ནས་ལོ་གསུམ་འདས་པ་ནཿ ཐུགས་ཀྱི་སྲས་མཆོག་གསུམ་ཡང་འབྱུངཿ བཛྲའི་མིང་ཅན་སྙིང་སྟོབས་ཆེཿ ཛྙ་ནའི་མིང་


JLAZ011_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྲུབ་པའི་གཙོཿ རིགས་ལྔའི་མིང་འཛིན་སྙན་ངག་མཁནཿ དེ་དག་རྣམས་ལ་ཆོས་སྒོ་འབྱེདཿ ཅེས་པའི་ལུང་བསྟན་ཇི་བཞིན་དུཿ བརྒྱུད་འཛིན་སྙིང་གི་བུ་རྣམས་དངཿ ཀོང་སྐྱོན་སྦས་པའི་རྣལ་འབྱོར་གྱིསཿ བསྐུལ་ངོར་ཟབ་དོན་བཀའ་རྒྱ་བཀྲོལཿ སྨན་བཙུན་ཚེ་རིང་མཆེད་ལྔ་དངཿ གཟའ་རྒོད་སྲོག་གི་སྤུ་གྲི་ཡིསཿ ཐུབ་པ་སྲུངས་ཤིག་དམ་ཚིག་རྒྱཿ ལས་ཅན་རྣམས་ཀྱི་དཔལ་དུ་ཤོགཿ


JLAZ011_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཏོང་།

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བླ་མ་དྲག་པོ་རྟ་ཁྱུང་འབར་བ།


JLAZ011_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བླ་མ་དྲག་པོ་རྟ་ཁྱུང་འབར་བ་བཞུགསཿ


JLAZ011_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་དབང་པོ་ཐོད་ཕྲེང་རྩལཿ ཆོས་ཉིད་ཞི་ལས་མ་གཡོས་ཀྱངཿ སེམས་ཅན་འདུལ་ཕྱིར་སྤྲུལ་པའི་སྐུཿ རྣམ་འགྱུར་ཅིར་ཡང་སྟོན་ལ་འདུདཿ སློབ་དཔོན་ཆེན་པོ་ཉིད་ཀྱིས་ལུང་བསྟན་ལྟརཿ རང་ལོ་བྲོ་དུས་ཀྱི་འཕྲང་ཤར་བའི་ཚེ་དམ་སྲི་རས་གོས་ཅན་ཞིག་གིས་སྐེད་པ་རལ་གྲིས་འདྲེག་ཉེ་ཚོར་བས་ཁོ་ཤིན་ཏུ་སྐྱེངས་པའི་ཚུལ་གྱིས་འགྱོད་ཚངས་དང་ཞུ་འབུལ་བྱེད་པའི་མུརཿ སློབ་དཔོན་ཆེན་པོའི་སྐུ་ལྟ་བས་ཆོག་མི་ཤེས་པ་ཞིག་ལ་མོས་གུས་དང་བྱིན་རླབས་ཞུ་བའི་སྣང་བ་ལ་མངོན་རྟོགས་འདི་འདྲར་སོང་ནས་གདམས་ངག་རྗེས་གདམས་ཐོབ་བ་ནིཿ ཧྲཱིཿ རྣམ་ཐར་གསུམ་ལྡན་སྟོང་པ་ཉིདཿ མ་རྟོགས་འཁྲུལ་པའི་སེམས་ཅན་


JLAZ011_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལཿ དམིགས་མེད་སྙིང་རྗེ་ཆེན་པོའི་གདངསཿ ནམ་མཁས་གར་ཁྱབ་པདྨ་འོདཿ དུར་ཁྲོད་རོལ་པའི་གཞལ་མེད་ཁངཿ རྣམ་པར་བྱང་བའི་ཆོས་རྣམས་རྫོགསཿ དེ་དབུས་པདྨའི་ཉི་ཟླ་དངཿ མ་རིག་ལས་གྱུར་རྟེན་འབྲེལ་གདོནཿ དུག་སྦྲུལ་བཅུ་གཉིས་བསྣོལ་བའི་སྟེངཿ རང་རིག་ཧྲཱིཿདམར་ཡོངས་གྱུར་ལསཿ འཇིགས་བྱེད་རྡོ་རྗེ་གྲོ་བོ་ལོདཿ ཞལ་གདངས་མཆེ་གཙིགས་ཞབས་གཉིས་བགྲདཿ སྐུ་མདོག་དམར་པོ་གསང་ཕོད་མཐིངཿ སྟག་ཤམ་རུས་རྒྱན་ཐོད་ཕྲེང་བརྗིདཿ ཐོད་སྐམ་དབུ་རྒྱན་རལ་པའི་གསེབཿ རྟ་མགོ་ལྗང་ཞུར་ཁྱུང་གདོང་དམརཿ ཕྱག་གཡས་རྡོ་རྗེ་གཡོན་མེ་ཁྱུངཿ བ་སྤུའི་བུ་ག་ཐམས་ཅད་ཀྱངཿ ཁྱུང་


JLAZ011_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚ་ཚྭས་གཏམས་ཤིང་འཕྲོཿ གནོད་བྱེད་སྡེ་བརྒྱད་ཐལ་བར་བརླགཿ ཡེ་ཤེས་མེ་དཔུང་ཀློང་ན་བརྗིདཿ ཚོགས་བརྒྱད་ལས་གྱུར་མ་རིག་གདོནཿ ཀླུ་ཆེན་བརྒྱད་པོ་འདར་བཞིན་འདུདཿ གཙོ་བོའི་སྤྱི་མགྲིན་སྙིང་ག་རུཿ འཇམ་དཔལ་སྐུ་དང་པདྨ་གསུངཿ ཡང་དག་རྡོ་རྗེ་ཐོད་ཁྲག་འཛིནཿ སྐུ་གསུང་ཐུགས་ཀྱི་ཡི་གེས་མཚནཿ ཆོས་ཀྱི་ཕྱག་རྒྱའི་འོད་ཟེར་ལསཿ ལྷར་སྣང་ཡེ་ཤེས་ཕྱག་རྒྱ་ཆེཿ ལས་ཀྱི་ཕྱག་རྒྱ་བཞིས་དྲངས་ནསཿ དམ་ཚིག་ཕྱག་རྒྱར་དབྱེར་མེད་བསྟིམཿ ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ བཞུགས་གསོལ་ནིཿ ཧཱུྃཿ ཐུགས་རྗེའི་ལྕགས་ཀྱུས་དབྱིངས་ནས་སྤྱན་དྲང་ངོཿ བྱམས་པའི་ཞགས་པས་རྟེན་དང་རོ་གཅིག་བསྲེཿ དགའ་བའི་སྒྲོག་གིས་ཐབས་ཤེས་མཉམ་པར་སྦྱོརཿ བཏང་སྙོམས་དྲིལ་བུས་ཤིན་ཏུ་བརྟན་པར་བྱཿ ཛཿཧཱུྃ་བྃ་ཧོཿ བཛྲ་ཏིཥྛཿ རིག་པའི་མེ་ཏོག་གི་ཕྱག་ནིཿ ཧཱུྃཿ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེཿ རང་ཉིད་དེ་བཞིན་ཉིད་དང་སྦྱོརཿ ལྷ་དང་ལྟ་བ་མཇལ་བའི་ཕྱགཿ བླང་དོར་མེད་པའི་དབྱིངས་ལ་འདུདཿ ན་མོ་ན་མ་ཧོཿ མཆོད་པ་ནིཿ ཧཱུྃཿ དབང་པོ་དྲུག་ལ་ཉེར་སྤྱོད་རྫསཿ ཡུལ་དང་བདེ་ཆེན་མཉམ་པར་རོལཿ སྨན་གཏོར་རཀྟ་བྱང་ཆུབ་སེམསཿ སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོས་མཆོདཿ རཱུ་པ་ཤཔྟ་གྷནྡྷེ་


JLAZ011_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ས་པར་ཤེ་དྷརྨཱ་དྷརྟུ་མཧཱ་པཉྩ་རཀྟ་བྷ་ལིང་ཏ་བྷོ་དྷི་ཙིཏྟ་གྷ་ན་ཙཀྲ་པཱུ་ཛ་ཧོཿ བསྟོད་པ་ནིཿ ཧཱུྃཿ སྒེག་དཔའ་འཇིགས་རུང་བླ་མ་དྲག་པོའི་སྐུཿ དགོད་གཤེ་དྲག་ཤུལ་རྟ་མཆོག་རོལ་པའི་གསུངཿ སྙིང་རྗེ་རྔ་མ་ཡེ་ཤེས་ཁྱུང་གི་ཐུགསཿ ལོག་འདྲེན་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོདཿ བཟླས་དམིགས་ནིཿ ཐུགས་ཀར་ཉི་དཀྱིལ་ཧཱུྃ་གི་མཐརཿ སྔགས་ཕྲེང་མགལ་མེ་བཞིན་དུ་འཁོརཿ འོད་ཟེར་མེ་སྟག་ལྟ་བུ་དངཿ ཁྱུང་གི་ཚ་ཚྭས་ལོག་འདྲེན་བསྲེགསཿ རྟ་སྐད་འཚེར་བས་སྟོང་གསུམ་གཡོཿ སྣོད་བཅུད་སྦྱངས་ནས་རང་ལ་བསྟིམཿ ལྷར་སྣང་ཕྱག་རྒྱ་ཆེན་པོའི་ངངཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨརྩི་ཀ་ནིརྩི་ཀ་ཧྲཱིཿཧཱུྃ་ཁྲོཾཿཕཊཿ གྲངས་བསྙེན་འབུམ་ཕྲག་ཉི་ཤུ་ལཿ དུས་བསྙེན་རིག་པས་དཔག་པར་བྱཿ ཐུན་མཐའ་ཀུན་ལ་རྫོགས་རིམ་བསྡུཿ སྔོན་རྗེས་རིག་འཛིན་གཞུང་ལྟར་བྱཿ ཤིན་ཏུ་ཡང་ཟབ་ཐུགས་ཀྱི་གཏེརཿ སྙིང་གི་བུ་ལ་གཏད་དོ་རྒྱཿ དྷ་ཐིམཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཿ

བླ་མ་དྲག་པོ་རྟ་ཁྱུང་འབར་བ་ལསཿ དབང་དང་བསྙེན་པའི་གནད་ཡིག།


JLAZ011_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ བླ་མ་དྲག་པོ་རྟ་ཁྱུང་འབར་བ་ལསཿ དབང་དང་བསྙེན་པའི་གནད་ཡིག་བཞུགསཿ དྲག་པོ་རྟ་ཁྱུང་འབར་བ་ཡིཿ དབང་དང་བསྙེན་པའི་གནད་ཡིག་ནིཿ ཚོམ་བུའི་སྟེང་དུ་དཔལ་གཏོར་བཀོདཿ ཙཀླི་བཙུགས་ལ་སྨན་གཏོར་དངཿ ཆོས་སྲུང་སྔོན་གཏོར་བཅས་པ་བཤམཿ བདག་མདུན་རོ་གཅིག་བསྐྱེད་བཟླས་བྱཿ ལས་བུམ་བསྒྲུབ་ཅིང་སློབ་མ་བཀྲུཿ བགེགས་བསྐྲད་བསྲུང་འཁོར་བསྒོམས་པའི་རྗེསཿ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆིཿ སོགས་ཀྱི་རྒྱུན་བཤགས་སྡོམ་བཟུང་རྗེསཿ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབཿ ཏིཥྛ་བཛྲས་བརྟན་པར་བྱཿ གཏོར་མ་ལྷར་བསྐྱེད་སྤྱི་བོར་བཞགཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ སོགས་ཀྱི་མཐརཿ ལུས་ལ་སྐུ་ཡིས་བྱིན་གྱིས་རློབསཿ སྐུ་ཡི་དངོས་གྲུབ་ཐོབ་པར་ཤོགཿ རྩ་སྔགས་མཐརཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾཿ དེ་བཞིན་དུ་མགྲིན་པར་བཞག་ལཿ ངག་ལ་གསུང་གིས་བྱིན་གྱིས་རློབསཿ གསུང་གི་དངོས་གྲུབ་ཐོབ་པར་ཤོགཿ རྩ་སྔགས་མཐརཿ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ སྙིང་གར་བཞག་ལཿ ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབསཿ ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོགཿ རྩ་སྔགས་མཐརཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ གཏོར་མ་འོད་


JLAZ011_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་སློབ་མར་བསྟིམཿ བཟླས་ལུང་སྦྱིན་ཞིང་དམ་ཚིག་བསྒྲགཿ བྱིན་བརླབས་དབང་གི་རིམ་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ བསྙེན་པ་མཚམས་བཅད་དམ་དུ་བྱཿ སྟོང་ཉིད་རྩལ་ལས་གསལ་སྣང་ལྟརཿ སྒྲུབ་གཞུང་ལྟར་མངོན་རྟོགས་གསལ། རྫོགས་ནས་སྙིང་གའི་སྔགས་ཕྲེང་ལསཿ ཐུགས་ཀར་ཉི་མའི་གདན་ཡུངས་འབྲུ་ཙམ་གྱི་སྟེང་ཧཱུྃ་དམར་གྱི་མཐར་རྩ་སྔགས་མདོག་དམར་གཡས་སུ་འཁོར་བ་ལ་དམིགས་པ་སྐད་གཅིག་ཀྱང་མ་ཡེངས་པ་གནད། འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱསཿ སྔགས་ཕྲེང་ལས་བྱུང་མེ་སྟག་དངཿ ཁྱུང་གི་སྐུའི་ཆ་ཐམས་ཅད་ནས་ཁྱུང་གི་ཚོགས་འཕྲོས་པའི་འོད་དུང་མེ་ཡི་ཟེར་གྱིས་གནོད་བྱེད་ཐམས་ཅད་ཀྱི་ལུས་རྫས་ལ་མེ་མཆེད་པ་བཞིན་དུ་ཚིག་པར་བསམ། ཚ་ཚས་ལོག་འདྲེན་བསྲེགསཿ རྟ་སྐད་རྔམས་འཚེར་སྲིད་གསུམ་གཡོཿ ཕྱོགས་བཅུའི་གདོན་ཚོགས་གཟིར་ཞིང་གནོནཿ་་་ཕྱོགས་སྐྱོང་བཅུ་རང་རང་གི་འཁོར་དང་བཅས་པའི་གདོན་རྣམས་འོད་ཟེར་གྱིས་བཀུག་སྟེ་ཞབས་འོག་ཏུ་མནན་པར་བསམ། སྟེང་གདོན་འདུལ་ན་ཁྱུང་གདོང་ལསཿ འོད་ཟེར་འཕྲོ་ཕྱག་གཡོན་གྱི་མེ་ཁྱུང་དམར་པོ་ལས་རང་འདྲའི་སྤྲུལ་བ་གྲངས་མེད་འཕྲོ་ཞིང་སྐུའི་བ་སྤུ་ལས་ཀྱང་ཁྱུང་དེ་འདྲ་འཕྲོ་བ་རྣམས་ཀྱི་གདངས་ལས་འོད་ཟེར་མེའི་རེག་བྱ་ལྟ་བུར་འཕྲོས་ཤིང་གཟའ་ཀླུའི་གདོན་རྣམས་ཚར་


JLAZ011_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་བསམ། བ་མན་ངག་ཡིནཿ གདོན་ཀྱང་རང་སེམས་འཁྲུལ་པའི་རྩལཿ གནོད་བྱ་གནོད་བྱེད་གཉེན་པོ་གསུམཿ ཆོས་ཉིད་མཉམ་པའི་ངང་རིག་ནཿ ལྷུན་གྲུབ་རིགས་འཛིན་ས་ལ་ཕྱིནཿ ཤིན་ཏུ་ཡང་ཟབ་ཐུགས་ཀྱི་གཏེརཿ སྣོད་མིན་ལོག་ལྟ་ཅན་ལ་རྒྱཿ ས་མ་ཡཿ དྷ་ཐིམཿ ཞེས་དྲག་པོ་རྟ་ཁྱུང་གི་བསྙེན་ཡིག་རྩ་བ་ཉིད་ལཿ གོ་དཀའ་བ་མཆན་བུས་བཀྲོལ་བ་ལྟར་དང༌། མཚམས་ཇི་ཙམ་བྱེད་རིང་ངག་སྨྲ་བཅད་དམ་པ་དང་དམིགས་པ་སེམས་མ་ཡེངས་པ་ཁོ་ན་གཙོ་ཆེ་ཞིང༌། འོད་ཟེར་སྤྲོ་བསྡུ་སོགས་མང་པོ་མ་བྱུང་ཡང་སྐྱོན་མེད་ལ། གཙོ་བོར་ཐུགས་ཀའི་ཧཱུྃ་དམར་སྤུས་བྲིས་པ་ལྟ་བུ་ལ་སྔགས་ཕྲེང་གཡས་བསྐོར་སྒྲད་དང་བཅས་འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བཟླས་པ་བྱ། མཚམས་ཀྱི་བྱ་ལུགས་དངོས་གཞི་སེང་གདོང་སོགས་ཀྱི་བསྙེན་ཡིག་དང་ཁྱད་མེད་དོ།། །།

བླ་མ་དྲག་པོ་རྟ་ཁྱུང་འབར་ལསཿ ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད།


JLAZ011_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ བླ་མ་དྲག་པོ་རྟ་ཁྱུང་འབར་ལསཿ ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད་བཞུགསཿ


JLAZ011_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོ་གཉེན་པོ་གསུམ་ལྡན་ལ་ན་མཿ རྟ་ཁྱུང་འབར་བའི་སྒོ་ནས་ཀླུའི་གདོན་འགྲོལ་ཟབ་མོ་ལ་སྦྱོར་དངོས་རྗེས་གསུམ་ལསཿ དང་པོ་ནིཿ སྟེགས་གཙང་མར་བུམ་གདན་པདྨ་འདབ་བརྒྱད་དམཿ འབྲུ་ཚོམ་གྱི་ཁར་ལས་བུམ་བཅུད་ལྡན་དངཿ བདག་བུམ་གཉིས་འཐུས་ཀྱི་སྨན་གཏོར་རཀྟ་ཉེར་སྤྱོད་དང་བཅས་བཤམཿ ཅི་བདེར་འབྱུང་པོ་རྣམས་གནས་ལ་ཆགས་པས་དོགས་གནས་ཀྱིས་བཀྲམ་པའི་སྟེང་ནེའུ་སེང་ཀླུ་ཤིང་ཕྲ་མ་ལ་སོགས་པས་བསྐོར་བའི་ནང་ཁོངས་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཀླུ་གཟུགས་ཐལ་སྦྱར་སྦྲུལ་མཇུག་ཅནཿ མགོ་སྦྲུལ་གྱི་གདེངས་ཀས་མཚན་པ་དངཿ འདབ་མ་བརྒྱད་ལ་གདོན་གཟུགས་སྦྲུལ་འཁྱིལ་བའི་རྣམ་པ་ཅན་རེ་བཀོདཿ ཀླུ་གཟུགས་ཀྱི་ལྷུག་མའི་ཁྲིའུའི་ཁར་རྫ་བུམ་འོ་ཆབ་ཀྱིས་བཀང་བར་ཀླུ་སྨན་དངཿ


JLAZ011_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ་མངར་གསུམ་བཏབ་པ་བཞགཿ ནེའུ་སིང་གི་ཕྱོགས་མཚམས་སུ་ཀླུ་གཏོར་སྦྲུལ་དཀྲིས་བརྒྱད་དངཿ ཀླུ་ནོར་ཉེར་གཅིག་སོགས་མཐུན་པའི་ཡས་རྫས་བཀོདཿ ལོགས་གཅིག་ཏུ་ནད་པའི་གླུད་དཀོར་རྒྱས་པ་དངཿ འོ་ཆོལཿ ཆབ་གཏོརཿ སྣས་སྐུད་ནག་པོཿ རྨ་བྱའི་མདོངས་དང་གླག་གི་སྒྲོ་སོགས་འདུ་བྱའོཿ གཉིས་པ་དངོས་གཞི་ལ་བདུན་ལསཿ དང་པོ་བདག་བསྐྱེདཿ རྟ་ཁྱུང་འབར་བའི་ལས་གཞུང་བསྲངས་ལ་བཟླས་པའི་ཚེ་ཀླུ་དབང་དུ་བསྡུ་བ་དང་གཟིར་གནན་གྱི་དམིགས་པ་ལ་གནད་དུ་བསྣུན་ནོཿ གཉིས་པ་ལས་བུམ་སྒྲུབ་ནིཿ བསང་སྦྱངསཿ སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་རྫོགས་པའི་ནང་དུ་ཆུ་སྲིན་ཉ་སྦྲུལ་ལ་སོགས་པ་གདོན་གཟུགས་འབའ་ཞིག་ལས་གྲུབ་པའི་གཞལ་


JLAZ011_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཁང་གི་དབུས་སུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན་ལ་པདྨ་ཉི་ཟླའི་སྟེང་དུ་ཕེ་ནག་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱསཿ ཡོངས་སུ་གྱུར་པ་ལསཿ བཅོམ་ལྡན་འདས་འཇམ་དཔལ་ཁྲོ་བོའི་རྒྱལ་པོ་ནཱ་ག་རཀྴ་སྐུ་མདོག་ཆར་སྤྲིན་ལྟར་གནག་པ་ལ་དབུ་དགུ་སྲིན་ཞལ་ཁྲོས་པའི་ཉམས་ཅན་སྦྲུལ་མགོའི་གདེངས་ཀ་དགུས་བརྗིད་པའི་སྦྲུལ་མགོ་དབུས་མ་ལ་རིན་པོ་ཆེའི་པྲོག་ཞུས་མཚན་པ་ཕྱག་བཅོ་བརྒྱད་ན་གྲི་གུག་དང་སྦྲུལ་ཞགས་འཛིན་པའི་རྩ་ཕྱག་གཉིས་ཐུགས་ཀར་སྟེང་འོག་དངཿ གཞན་རྣམས་གདེངས་སྟབས་འཇིགས་པའི་སྐུ་ལ་ཁྲོ་བོའི་རྒྱན་ཐམས་ཅད་རྫོགས་པའི་སྤྱི་བོར་ཨོཾཿ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་པ་སྤྱན་དྲངསཿ ཛཿཧཱུྃཿབཾ་ཧོས་གཉིས་མེད་བསྟིམཿ ཨརྒྷཾ་ནས་ཤབྟའི་བར་དང་སརྦ་པཉྩ་བྷ་ལིང་ཏ་ཁཱ་ཧིས་མཆོདཿ སྐུ་མཆོག་ཁྲོས་པ་སྲིན་པོའི་གདོངཿ ཀླུ་གཉན་ས་བདག་འདར་ཞིང་སྐྲགཿ བདུད་རྣམས་ཡུན་གྱི་བདུད་ཆེན་པོཿ ཁྱོད་ལ་སྐྱབས་མཆི་ཕྱག་འཚལ་བསྟོདཿ བཟླས་དམིགས་ནིཿ སྙིང་རྗེ་ཁྲོས་པའི་དྲག་ཤུལ་གྱིསཿ ཀླུ་གདོན་གདུག་པ་ཚར་གཅོད་ཕྱིརཿ ཐུགས་ཀར་འཇམ་དཔལ་ཞི་བ་བསྒོམཿ སྲིན་ཞལ་རྣམས་ནས་སྔགས་ཀྱི་སྒྲཿ མེ་སྟག་


JLAZ011_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་བ་ལྟ་བུ་ཡིསཿ ལོག་འདྲེན་གནོད་བྱེད་ཚར་བཅད་གྱུརཿ ཨོཾ་ཕེ་ལང་ཧཱུྃཿ ཞེས་བཟླ་གལ་ཏེ་གདོན་སྟོབས་ཆེ་ཞིང་རང་ཉིད་གཉེན་པོ་སྟོབས་ཀྱི་ལྷ་གྱད་དུ་གྱུར་པ་ཡིན་ནཿ ནག་པོ་ཏི་པ་ཙ་ཡ་ནཱ་ག་རཱ་ཙ་ཧཱུྃ་ཕཊཿ ཅེས་བཟླ་བའི་གནད་མ་ཤེས་ན་དྲག་སྔགས་ཐུབ་ཆོད་དུ་བགྲངས་བས་རང་སྲོག་གཅོད་པ་མཐོང་ངོཿ འཇམ་དྲག་གང་བཟླ་ཡངཿ ཤམ་བུརཿ ཨོཾ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་སརྦ་བི་ཥ་ཏ་ར་ཕཊཿ ཅེས་འདོགས་སྟོང་ཚོ་ལས་མི་ཉུང་བར་བཟླས་རྗེསཿ ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ནས་བུམ་ལྷ་འོད་ཞུ་བྱའོཿ གསུམ་པ་ཀླུ་བུམ་སྒྲུབ་ཅིང་ཀླུ་དགུག་པ་ནིཿ རང་ཡི་དམ་དུ་གསལ་བའི་མདུན་དུ་ནེའུ་སེང་དང་ལྗོན་ཤིང་མེ་ཏོག་བཀྲ་བའི་སྐྱེད་མོས་ཚལ་གྱི་ནང་དུ་འཛམ་བུའི་གླིང་གི་ཀླུ་གཉན་ས་བདག་ཐམས་ཅད་འཁོད་པའི་སྟེང་གི་ནམ་མཁའ་ལ་འོད་སྣང་ལས་གྲུབ་པའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་འོ་ཆབ་དང་ཀླུ་སྨན་གྱིས་གང་བའི་སྟེང་ན་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་སྔོན་པོ་མགྲིན་པ་པ་ཡན་ཆད་དཀར་པོ་ལ་ཕྱག་གཉིས་ཀར་ཀླུ་ཐམས་ཅད་ངན་སོང་ལས་སྒྲོལ་བའི་ཕྱག་རྒྱ་ཅན་གསལ་བ་ལས་འོད་ཟེར་དྭངས་ཤིང་བསིལ་བར་འཕྲོས་པས་ཀླུ་གཉན་ས་བདག་ཐམས་ཅད་རླུང་གིས་བསྐྱོད་པ་བཞིན་རང་དབང་མེད་པར་བཀུག་ནས་གཟུགས་བརྙན་དང་འདྲེསཿ རང་རང་གི་ནད་དང་སྡུག་


JLAZ011_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཐམས་ཅད་བསལཿ སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་གང་ཞིང་ཀླུ་གསོ་བའི་ནུས་པ་དང་ལྡན་པར་བསམ་ལཿ ཨོཾ་ན་མོ་བྷ་ག་ཝ་ཏེ་ཤྭ་ར་རཱ་ཛ་ག་སརྦ་དུརྒ་ཏེ་ཤཱནྟིང་ཀུ་རུ་སྭཱ་ཧཱཿ ཅི་ནུས་བཟླས་རྗེས་ཀླུ་ལ་བདེ་བ་སྦྱིན་པའི་གཟུངསཿ ཏདྱ་ཐཱཿ དྷ་ར་ནིཿ ཨུད་ཏ་རི་ནིཿ སཾ་པྲ་ཏིཥྛ་ཏེཿ བི་ཛ་ཡ་ཝརྣ་པད་ཏྱཿ པྲ་ཏིཀ་པ་རཧཿ གཉན་ན་བ་ཏིཿ ཨུད་དྷི་སདྷ་ནིཿ བི་ན་མ་ནིཿ ཨ་བི་ཤེ་ཙ་ནིཿ ཨ་བི་བྱ་ཧ་རཿ ཤུ་བྷ་ཧ་བ་ཏིཿ ཨ་ཛཱི་མ་ངྷུཿ ཨེ་ཧི་ཀུཾ་ས་ལ་ནིཿ བཧ་ཧ་རོ་ཀཱ་ཤཱ་ནཱཿ ངྷུ་ན་པཱ་པཾཿ ཤོ་དྷ་ཡཿ མརྒ་ན་ནིཿ རི་ཧ་ཀཿ དྷརྨ་ཏ་ཤུདྡྷཿ ལོ་ག་པི་ཏི་མ་རིཿ ར་ཙས་དུ་ཁ་ཤ་མ་ནཿ སརྦ་ཤུདྡྷ་ཨ་ཝ་ལོ་ཀ་ནཿ ཨ་དྷིཥྛ་རིཿ པྲད་ཉ་གཉའ་ན་པེ་སྭཱ་ཧཱཿ ཅི་རིགས་བརྗོད་ནས་བུམ་ལྷ་འོད་ཞུ་བྱའོཿ བཞི་པ་ཀླུ་དང་འཁོན་སྐྱོང་ཞིང་ལུས་སེམས་གསོ་བ་ནིཿ གཏོར་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གམཿ བསྡུ་ན་ནམ་མཁའ་མཛོད་ཀྱིས་བརླབཿ རང་ཉིད་ཇོ་བོ་ཁ་སར་པ་ཎིར་བསྐྱེདཿ བྱང་ཆུབ་ཀྱི་སེམས་དང་ལྡན་པསཿ ཧྲཱིཿ ང་ནི་སྤྱན་རས་གཟིགས་དབང་ཡིནཿ ཁྱོད་ནི་འབྱུང་པོ་རང་རྒྱུད་ཅནཿ བྱོལ་སོང་གདུག་པ་ཀླུ་ཡི་རིགསཿ འབྱུང་བ་ཀུན་ལ་གནས་བཅས་ཤིངཿ རྒྱལ་རིགས་རང་བཞིན་འཇམ་པ་དངཿ ལེགས་ཉེས་སྟངས་འཛིན་རྗེ་བྲམ་རིགསཿ གནོད་པའི་བདག་ཉིད་རྨོངས་གདོལ་


JLAZ011_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སོགསཿ གཙོ་བོ་ནོར་རྒྱས་དུང་སྐྱོང་དངཿ འཇོག་པོ་པདྨ་པདྨ་ཆེཿ རིགས་ལྡན་མཐའ་ཡས་སྟོབས་རྒྱུ་དངཿ ནམ་མཁར་གནས་པའི་གཉན་གྱི་རིགསཿ ས་ལ་དབང་བྱེད་ས་བདག་སོགསཿ ཁྱོ་ཤུག་མཛའ་གཅུགས་བྲན་ཁོལ་ཀུནཿ ཞི་བའི་སེམས་ཀྱིས་ད་ཚུར་སྤྱོནཿ དེང་གི་རྒྱུ་སྦྱོར་ཡོན་བདག་ལཿ ཁྱོད་རྣམས་འཁོན་གཅུགས་སྦྱང་བའི་ཕྱིརཿ གནས་རྟེན་ལོངས་སྤྱོད་སྐྱེད་མོས་ཚལཿ དཀར་གསུམ་མངར་གསུམ་འོ་ཆོལ་དངཿ གཏོར་ཚོགས་རྩི་སྨན་རྒྱ་མཚོས་བརྔནཿ རྨོངས་དང་འདོད་པའི་དབང་གྱུར་པསཿ ས་གཉན་བརྐོས་དང་བྲག་གཉན་གཤགསཿ ཤིང་གཉན་བཅད་དང་ཆུ་གཉན་དཀྲུགསཿ རི་གཉན་དཀྲོགས་དང་གནས་རྟེན་བཤིགཿ ཐབ་གཞོབ་འཁོན་དང་གྲིབ་ལ་སོགསཿ མདོར་ན་སྣོད་ཀྱི་འཇིག་རྟེན་ཀུནཿ ཁྱོད་དང་མ་འབྲེལ་གང་ཡང་མེདཿ དེ་དག་ཀུན་ལ་ཕོག་ཐུག་དངཿ ནོངས་པ་གང་བགྱིས་མཐོལ་ལོ་བཤགསཿ བཟུང་བ་ཐོང་ལ་བཅིང་པ་ཁྲོལཿ བསྡམས་པ་གློད་ལ་མནན་པ་ཐེགཿ མཐོང་རེག་ཁ་རླངས་དུག་ལ་སོགསཿ རང་བཞིན་མེད་པའི་དབྱིངས་སུ་སྡུསཿ ལས་དང་རྐྱེན་ལས་ཀླུ་རྣམས་ཀྱིཿ དབང་པོ་ཡན་ལག་ཉམས་པ་དངཿ མཁའ་ལྡིང་མེ་དང་བྱེ་ཚན་དངཿ རིག་སྔགས་གནོད་པ་མཐའ་


JLAZ011_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀུནཿ བྱང་ཆུབ་སེམས་དང་རྟེན་འབྲེལ་རྫསཿ སྔགས་ཀྱི་ནུས་པས་གསོས་གྱུར་ཅིགཿ ཅེས་བརྗོད་ལ་ཀླུ་བུམ་ནས་ཀླུ་རྟེན་རྣམས་ས་ལ་འཐོར་ཞིངཿ སཾ་བྷ་ར་བདུན་རེའི་མཐརཿ དེ་བཞིན་གཤེགས་པ་བཞིའི་མཚན་དངཿ ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་བསྟན་ལཿ ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱཿ ཞེས་བདུན་བརྗོདཿ དེ་ལྟར་གྱེར་སྔགས་སྤྲེལ་བ་ཅི་ནུས་བྱཿ དོ་གལ་ཆེ་ན་བག་ཕྱེ་ལ་ཀླུ་སྨན་བཏབ་པའི་ཤོ་གཅིག་དངཿ ནད་པའི་དྲི་མ་བསྲེས་པའི་ཤོ་བཅོས་ལ་ནད་པ་མ་རྒྱལ་བར་དུ་གསོ་ཆོག་བསྐྱར་རོཿ ལྔ་པ་དམ་ཚིག་བསྒྲག་པ་ནིཿ ཧྲཱིཿ ང་ནི་འཕགས་པ་སྤྱན་རས་གཟིགསཿ སེམས་ཅན་ཀུན་ལ་བུ་ལྟར་བྱམསཿ སྙིང་རྗེ་ཆེན་པོའི་བདག་ཉིད་ཡིནཿ སེམས་ཅན་ཐམས་ཅད་ཕ་དང་མཿ མཛའ་བཤེས་མ་གྱུར་གཅིག་ཀྱང་མེདཿ དགེ་བ་ལས་ནི་མཐོ་རིས་དངཿ སྡིག་པ་ལས་ནི་ངན་སོང་བྱུངཿ དེ་ཕྱིར་ཕ་མར་གནོད་བྱེད་ནཿ དེ་འདྲའི་འབྲས་བུ་སུ་ཡིས་བཟོདཿ དེང་གི་རྒྱུ་སྦྱོར་ཆེ་གེ་མོསཿ ཁྱོད་ལ་ཕོག་ཐུག་བྱུང་བ་ཀུནཿ ཚིག་གིས་བཀྲོལ་ལ་བརྔན་གྱིས་བཅལཿ ཤ་མཁོན་མེད་པར་བྱས་ཟིན་ནསཿ ད་དུང་གནོད་སེམས་མི་གཏོང་ནཿ རྒྱལ་བའི་བཀའ་ལ་མི་ཉན་ཞིངཿ ལས་དང་རྒྱུ་འབྲས་ཁྱས་བསད་པསཿ ཀླུ་སྲིན་ཁྲོས་ནས་སྙིང་ཁྲག་འཐུངསཿ གསོ་བའི་སྨན་ཀྱང་དུག་ཏུ་འགྱུརཿ རིག་སྔགས་དྲག་པོའི་མེ་ཆར་འབེབསཿ བྱ་ཁྱུང་ནག་པོའི་ཁྲག་


JLAZ011_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གཏོངཿ དེ་བས་དམ་ལས་མ་འདའ་བརཿ ཞི་བའི་སེམས་ཀྱིས་གནས་པར་གྱིསཿ ཞེས་བརྗོད་གདོན་དང་ནད་པ་གཉིས་ཀ་ལ་སྙིང་རྗེ་ཆེན་པོ་བསྒོམས་པས་ཕན་པ་ཆེའོཿ དྲུག་པ་དུག་དབྱུང་བ་ནིཿསྣས་སྐུད་ནག་པོས་ནད་པའི་རྐང་མཐེབ་དང་ཀླུ་གཟུགས་སྦྲེལཿ བདག་ཉིད་རྟ་ཁྱུང་འབར་བའི་བསྐྱེད་རིམ་གསལ་བས་ལས་བུམ་གྱི་ཆུས་ནད་པ་བཀྲུ་ཞིང་ནད་གདོན་ཐམས་ཅད་དྲི་ལམ་ནས་ཐོན་ཏེ་ནད་རང་བཞིན་མེད་པར་ཡལཿ གདོན་གཟུགས་བརྙན་རྣམས་ཀྱིས་བླངས་བར་བསམས་ནསཿ ཧཱུྃཿ ང་ནི་དཔལ་ཆེན་ཧེ་རུ་ཀཿ རྟ་སྐད་རྔམས་སྒྲས་སྟོང་གསུམ་གཡོཿ ཁྱུང་གི་ཚ་ཚྭས་ལོག་འདྲེན་བསྲེགཿ འབྱུང་བ་ཆེན་པོ་རྣམ་པ་བཞི་ནིཿ ལུས་ཅན་ཀུན་གྱི་རྟེན་ཡིན་ཏེཿ རླུང་མཁྲིས་བད་ཀན་འདུས་པའི་ནདཿ གདོན་རྣམས་ཀུན་གྱི་ཉེར་ལེན་ཡིནཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ ཁྲོ་རྒྱལ་ཆེན་པོའི་བྱིན་རླབས་ཀྱིསཿ ཀླུ་གཉན་ས་བདག་གདུག་པའི་གདོནཿ རང་དབང་མེད་པར་ཕྱིར་ཕྱུངས་ཤིགཿ ནད་ཀྱི་རྒྱུ་ནི་མ་རིག་པཿ རིག་པ་ཡེ་ཤེས་སྨན་ཆེན་གྱིསཿ རླུང་མཁྲིས་བད་ཀན་འདུས་མའི་ནདཿ རང་བཞིན་མེད་པའི་དབྱིངས་སུ་ཡལཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་སརྦ་བི་ཥ་ཏཱ་ར་ཕཊཿ ཅེས་པ་བརྒྱ་སྟོང་ཇི་ཙམ་ནུས་པས་


JLAZ011_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུ་ཞིང་ཁོང་དུ་མིདཿ དེ་ནས་རྨ་བྱའི་མདོངས་ཀྱི་དབུས་ནས་ཟླ་གདན་ལ་ཕེ་ལཾ་ཧཱུྃ་གསལ་བའི་འོད་ཟེར་གྱིས་ནད་ཐམས་ཅད་རླུང་དང་རྣག་ཁྲག་ཆུ་སེརཿ ཀླུ་གདོན་ཐམས་ཅད་སྦྲུལ་ནགཿ གཉན་རྣམས་སྡིག་པཿ ས་བདག་སྦལ་ལྕོངཿ གདོན་ཕྲ་མོ་རྣམས་ཀུ་རྩིའི་རྣམ་པར་འཐོན་ནས་གདོན་གཟུགས་རྣམས་ལ་ཐིམ་པར་བསམཿ བྱབ་ཅིངཿ བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གཉེན་པོ་སྟོབས་ཀྱི་ལྷ་ལ་ཕྱག་འཚལ་ལོཿ བསྒྲུབ་བྱ་ཆེ་གེ་མོ་ལ་རྣམ་པར་གྱུར་བའི་ནད་རླུང་དངཿ མཁྲིས་པ་དངཿ བད་ཀན་དངཿ ལྡན་འདུས་ལ་སོགས་པའི་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཁྱད་པར་དུ་ཀུན་བརྟགས་གདོན་གྱི་ནད་དངཿ གཞན་དབང་རྐྱེན་གྱི་ནད་དངཿ ཡོངས་གྲུབ་ཚེའི་ནད་དངཿ སྔོན་ལས་འབྲས་བུའི་ནད་ལ་སོགས་པ་བཞི་བརྒྱ་རྩ་བཞིའི་ནད་རིགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ གདོན་གྱི་རིགས་སུ་གྱུར་པ་ལྷའི་གདོན་དངཿ ལྷ་མ་ཡིན་གྱི་གདོན་དངཿ རླུང་ལྷའི་གདོན་དངཿ ནམ་མཁའ་ལྡིང་གི་གདོན་དངཿ དྲི་ཟའི་གདོན་དངཿ མིའམ་ཅིའི་གདོན་དངཿ ལྟོ་འཕྱེ་ཆེན་པོའི་གདོན་དངཿ གནོད་སྦྱིན་གྱི་གདོན་དངཿ སྲིན་པོའི་གདོན་དངཿ ཡི་དྭགས་ཀྱི་གདོན་དངཿ ཤ་ཟའི་གདོན་དངཿ འབྱུང་པོའི་གདོན་དངཿ


JLAZ011_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གྲུལ་བུམ་གྱི་གདོན་དངཿ སྲུལ་པོའི་གདོན་དངཿ ལུས་སྲུལ་པོའི་གདོན་དངཿ སྐེམ་བྱེད་ཀྱི་གདོན་དངཿ སྨྱོ་བྱེད་ཀྱི་གདོན་དངཿ བརྗེད་བྱེད་ཀྱི་གདོན་དངཿ དྲི་ཟའི་གདོན་དངཿ གནོན་པོའི་གདོན་དངཿ མཁའ་འགྲོའི་གདོན་དངཿ གྲིབ་གནོན་གྱི་གདོན་དངཿ ནམ་གྲུའི་གདོན་དངཿ གཤིན་རྗེའི་གདོན་དངཿ བྱའི་གདོན་དངཿ མ་མོ་དགའ་བྱེད་ཀྱི་གདོན་དངཿ ཀུན་ཏུ་འགྲོ་བའི་གདོན་དངཿ ཚེར་མ་དང་རེ་ལྡེ་འདོན་པ་ལ་སོགསཿ གདོན་རིགས་སུམ་བརྒྱ་དྲུག་ཅུའི་བྱད་དངཿ གདོན་དངཿ རིག་སྔགས་དངཿ གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ མདངས་དང་གཟི་བྱིན་ལ་སོགས་པ་ཁ་ཟས་རྣམ་པ་སྣ་ཚོགས་བཟའ་ཞིང་སྲོག་འཕྲོག་པ་ལ་དགའ་བའི་གདོན་གྱི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཁྱད་པར་དུ་ཞ་རེངས་འཁུམསགསུམ་དངཿ མཛེ་ཤུ་ཕོལ་འབྲས་གཡའ་ཟ་གཡན་པ་ལ་སོགས་པའི་བདག་པོ་གཟའ་ཀླུ་ས་བདག་རྗེ་བློན་གཉན་རྒོད་ལ་སོགས་པའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ས་ཀྲ་སརྦ་སྭཱ་ཧཱཿ ཀླུ་རྒྱལ་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་རྗེ་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་བྲམ་ཟེའི་རིགས་ཀྱི་


JLAZ011_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་དམངས་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་གདོལ་པའི་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ཏྲག་རཀྴ་སྤྱི་ཏི་སྭཱ་ཧཱཿ ཀླུའི་རྒྱལ་པོ་དགའ་བོ་དངཿ ཉེ་དགའ་བོའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀུན་དགའ་དང་གཙུག་ན་རིན་ཆེན་གྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ མཐའ་ཡས་དང་དུང་སྐྱོང་གི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ནོར་རྒྱས་དང་གཟི་ཆེན་གྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ཏྲག་རཀྴ་སྤྱི་ཏི་སྭཱ་ཧཱཿ གཞན་ཡང་སྟོབས་བཟང་དངཿ ཨེ་ལེའི་འདབ་མ་དངཿ གེལ་པ་དངཿ མ་དྲོས་དངཿ མི་ཞུམ་དངཿ རིགས་ལྡན་དངཿ སྐྱ་རེངས་དང་ལྡན་ལ་སོགས་པ་བློན་པོའི་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ནཱ་ག་སརྦ་སྭཱ་ཧཱཿ གཅན་གཟན་དངཿ རི་དྭགས་དངཿ བ་ལང་དངཿ སྦྲུལ་ལ་སོགས་པའི་གདོང་ཅན་རྣམས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ནག་པོ་ཤུ་ཤུ་སརྦ་སྭཱ་


JLAZ011_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱཿ མདོར་ན་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལཿ མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ཀླུང་ཆུ་བྲན་ནེའུ་སེང་གྲོང་དང་གྲོང་ཁྱེར་ལ་སོགས་ཏེ་གནས་ལ་ངེས་པ་མེད་པའི་ཀླུ་ཐམས་ཅད་ཀྱི་མཐོང་བའི་དུག་དང་རེག་པའི་དུག་དངཿ ཁ་རླངས་ཀྱི་དུག་དངཿ བསམ་སྦྱོར་ངན་པའི་དུག་ལ་སོགས་པ་ཐམས་ཅད་ཞི་བར་གྱུར་ཅིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ཡ་མ་ཤུ་ཤུ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ནམ་མཁའ་ལ་གནས་པའི་ས་བདག་ཐེ་སེ་ལ་སོགས་པ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་ཀྱི་ནད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་སུ་མེ་སརྦ་སྭཱ་ཧཱཿ གསུམ་པ་རྗེས་ཀྱི་རིམ་པ་ལ་ཡས་བསྐྱལ་བ་དངཿ བསྲུང་བ་བྱ་བ་གཉིས་ལསཿ དང་པོ་སྣས་སྐུད་གདོན་ལ་དཀྲིས་ཏེ་ལས་རྣམས་ཁ་བསྒྱུརཿའོ་ཆོལ་གྱིས་བྲན་ལ་ནམ་མཁའ་མཛོད་ཀྱིས་བརླབཿ ཧཱུྃཿ ང་ནི་དབང་དྲག་ཧེ་རུ་ཀཿ ཁམས་གསུམ་ཀུན་གྱི་རྗེ་བཙན་ཡིནཿ རྒྱལ་བའི་བཀའ་ལ་མི་ཉན་མེདཿ བདེན་པའི་ཚིག་ལ་མི་བརྟེན་མེདཿ ཀླུ་གཉན་ས་བདག་དྲེགས་པའི་ཚོགསཿ མི་ལས་དགའ་བའི་གླུད་གཏོར་ཁྱེརཿ རི་རྒྱལ་ལྷུན་པོ་


JLAZ011_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་རེ་ཆེཿ རྒྱ་མཚོ་ཆེན་པོ་གཏིང་རེ་ཟབཿ རོལ་མཚོ་བདུན་པོ་ཀླུ་ཡི་གནསཿ གསེར་གྱི་རི་བདུན་བག་རེ་བྲོཿ ཀླུ་ནོར་འདོད་ཡོན་བསམ་མི་ཁྱབཿ དེ་རུ་གཤེགས་ཤིག་ཤ་ར་རཿ རྒྱུ་སྦྱོར་ཡོན་གྱི་བདག་པོ་དངཿ ཁྱེད་རྣམས་འཁོན་བཅུགས་སྦྱངས་ཟིན་གྱིསཿ བཟུང་བ་ཐོང་ལ་བཅིང་པ་ཁྲོལཿ བསྡམས་པ་གློད་ལ་ཟོས་པ་སྐྱུགསཿ མནན་པ་ཐེག་ལ་དུག་རྣམས་ཕྱུངསཿ འདི་རུ་ཆགས་པའི་གནས་མེད་ཀྱིསཿ འཇིགས་བྱེད་ཆེན་པོ་རྟ་ཁྱུང་ཞལཿ རྟ་སྐད་རྔམས་སྒྲས་སྲིད་གསུམ་གཡོཿ ཁྱུང་གི་ཚྭ་ཚྭས་ལོག་འདྲེན་བསྲེགསཿ རིག་སྔགས་དྲག་པོའི་མེ་ཆར་འབེབསཿ རྡོ་རྗེ་སྲུང་བའི་གུར་གྱིས་དཀྲིགསཿ དམ་ལས་འདས་ན་ཁྱོད་རྣམས་མགོཿ ཚལ་པ་སྟོང་དུ་འགས་པར་བྱེདཿ བྱ་ཁྱུང་གི་ཕྱག་རྒྱས་གླག་གི་སྒྲོ་བཟུང་ལ་ནད་པ་ལ་བསྡིགས་ཤིངཿ ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ནཱ་ག་རཱ་ཙ་ཨེ་ཧུར་ཐུཾ་རྦདཿ ཅེས་བརྗོདཿ ཡས་རྣམས་ཀླུ་གནས་སར་དོར་རོཿ གཉིས་པ་ནིཿ གླ་རྩིཿ གུ་གུལཿ མུ་ཟིཿ རྟ་བོནཿ ཤུ་དགཿ རཱ་གཞོབཿ ཕག་ཚིལ་རྣམས་ཀྱིས་ནད་པ་ལ་བྱུགཿ ཨཱཿ ཕྱག་རྒྱ་སྔགས་དང་རྟེན་འབྲེལ་རྫསཿ ཞི་བས་གསོ་དང་དྲག་པོས་གཟིརཿ གནད་ལས་གནད་བསྡུས་མན་ངག་འདིསཿ འོག་གདོན་འདུལ་བར་ཐེ་ཚོམ་མེདཿ ས་མ་ཡཿ ཿ

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཞི་ལམ་འབྲས་བུའི་སྨོན་ལམ།


JLAZ011_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཞི་ལམ་འབྲས་བུའི་སྨོན་ལམ་བཞུགསཿ འུྃཿ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿ གདོད་མའི་གནས་ལུགས་རང་བཞིན་སྤྲོས་དང་བྲལཿ ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགསཿ མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞིཿ འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདསཿ རྫོགས་ཆེན་བཞི་ཡི་གནས་ལུགས་རྟོགས་པར་ཤོགཿ ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལཿ རང་བཞིན་གསལ་བས་ཆད་པའི་མུ་དང་བྲལཿ ཐུགས་རྗེ་འགག་མེད་སྣ་ཚོགས་སྤྲུལ་པའི་གཞིཿ གསུམ་དུ་དབྱེ་ཡང་དོན་ལ་ཐ་མི་དདཿ རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོགཿ བསམ་གྱིས་མི་ཁྱབ་སྒྲོ་འདོགས་ཀུན་དང་བྲལཿ ཡོད་དང་མེད་པའི་ཕྱོགས་འཛིན་རྣམ་པར་ཞིགཿ འདི་དོན་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་རྡུགསཿ ཐོག་མཐའ་བར་མེད་གཏིང་གསལ་ཆེན་པོའི་དབྱིངསཿ རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོགཿ རང་ངོ་རྣམ་དག་སྐྱེ་མེད་ཀ་དག་ལཿ ལྷུན་གྲུབ་འདུས་མ་བྱས་པའི་གདངས་ཤར་བཿ གུད་དུ་མ་བཟུང་རིག་སྟོང་ཟུང་འཇུག་ཆེརཿ རྟོགས་པས་གཞི་ཡི་དགོངས་པ་ཚད་དུ་ཕྱིནཿ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོགཿ ཡེ་ནས་དག་པས་


JLAZ011_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་མིང་ཡང་མེདཿ རང་ངོ་རིག་པས་སྒོམ་རྒྱུའི་ཤུབས་ནས་དོནཿ གཟའ་གཏད་མེད་པས་སྤྱོད་པའི་སྒྲོག་དང་བྲལཿ རང་བཞིན་ལྷུམ་ཞུགས་སྤྲོས་བྲལ་རྗེན་པའི་ངངཿ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོགཿ བཟང་ངན་རྣམ་རྟོག་ཕྱོགས་སུ་མ་ལྷུང་ཞིངཿ བཏང་སྙོམས་ལུང་མ་བསྟན་དུ་མ་འབྱམས་པརཿ ཤར་གྲོལ་རིས་མེད་རྒྱ་ཡན་ལྷུན་འབྱམས་ཀློངཿ སྤང་བླང་ཡེ་ཟད་རང་བཞིན་ཡོངས་ཤེས་ངངཿ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོགཿ ཐོག་མའི་སྤྱི་གཞི་ནམ་མཁའ་ལྟ་བུ་དངཿ གཞི་སྣང་རིག་པ་མཁའ་ལ་སྤྲིན་དེངས་བཞིནཿ ཕྱི་གསལ་ཤེས་པ་ནང་དུ་ལྡོག་པ་ལསཿ ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུའི་སྦུབསཿ འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོགཿ ཡེ་ནས་རང་རིག་ཀུན་ཏུ་བཟང་པོ་ལཿ ཐོབ་བྱའི་ཞེ་འདོད་མཐའ་དག་དབྱིངས་སུ་ཡལཿ བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་གཤིསཿ དབྱིངས་རིག་ཀུན་ཏུ་བཟང་མོའི་མཁའ་ཀློང་སྦུབསཿ འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོགཿ ཡེ་ནས་རང་རིག་ཀུན་ཏུ་བཟང་པོ་ལཿ ཐོབ་བྱའི་ཞི་འདོད་མཐའ་དག་དབྱིངས་སུ་ཡལཿ བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་གཤིསཿ དབྱིངས་རིག་ཀུན་ཏུ་བཟང་མོའི་མཁའ་ཀློང་སྦུབསཿ འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོགཿ རབ་ཏུ་མི་གནས་དབུ་མ་ཆེན་པོའི་དོནཿ ཁྱབ་གདལ་ལྷུན་འབྱམས་ཕྱག་རྒྱ་ཆེན་པོའི་ངངཿ མཐའ་གྲོལ་ཀློང་ཡངས་


JLAZ011_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོའི་གནདཿ ས་ལམ་ཡོན་ཏན་གཞིར་རྫོགས་ལྷུན་གྲུབ་སྦུབསཿ འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོགཿ ཐུགས་བཅུད་ཀློང་ཆེན་ཟབ་རྒྱ་ཡིཿ མཐའ་སྡུད་སྨོན་ལམ་ཟབ་མོ་འདིཿ བཀའ་སྲུང་དྲང་སྲོང་རཱ་ཧུ་ལཿ བནྡེའི་ཚུལ་གྱིས་བསྐུལ་ནས་བཀོདཿ ཟབ་དོན་སྤེལ་བ་དོན་ཡོད་ཅིངཿ རྟེན་འབྲེལ་སྨོན་ལམ་མཐར་ཕྱིན་ཕྱིརཿ ནམ་མཁའི་སྙིང་པོས་བྱིན་བརླབས་པའིཿ ཀོང་སྨྱོན་སྦས་པའི་རིག་འཛིན་ལཿ ཟབ་རྒྱ་བཀྲོལ་ཏེ་གཏད་རྒྱ་བྱསཿ འགྲོ་དོན་ནམ་མཁའ་མཉམ་པར་ཤོགཿ ཿ

སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ།


JLAZ011_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་བཞུགས། ཀྱེ་མ་ཀྱེ་ཧུད་རིག་འཛིན་པདྨ་འབྱུང༌། །བདག་འདྲ་ལས་ངན་སྙིགས་མའི་སེམས་ཅན་རྣམས། །བདེ་བ་འདོད་ཀྱང་སྡུག་བསྔལ་དོན་དུ་གཉེར། །སྙིང་རུས་ཕྱིན་ཅི་ལོག་རྣམས་སུ་ལ་རེ། །ཐུགས་རྗེ་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཐུགས་རྗེ་ལྡན་པའི་རྒྱལ་བ་ཁྱེད་ལྟ་བུས། །བོད་འབངས་བོར་ནས་རྔ་ཡབ་གླིང་དུ་གཤེགས། །གདོང་དམར་བོད་ཕྲུག་སྤྲེའུའི་ཚ་བོ་རྣམས། །འདི་ཕྱིའི་རེ་ལྟོས་སྐྱབས་གནས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཚེ་སྲོག་མི་རྟག་གཡང་ཁའི་བྱེའུ་འདྲ། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་ནི་མེད། །རྟག་ཏུ་སྡོད་གྲབ་བྱེད་པ་བདུད་ཀྱིས་བསླུས། །གཤིན་རྗེའི་ཕོ་ཉ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །འཁོར་བའི་སེམས་ཅན་སྡུག་བསྔལ་ལས་ལ་གཡེངས། །དམ་ཆོས་བྱེད་བློ་ནམ་ལངས་སྐར་ལྟར་ཡལ། །དོན་ཆུང་གཡེང་བའི་ཁོལ་པོ་མི་ཚེ་ཟད། །དགྲ་ཆེན་འཆི་བ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་


JLAZ011_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །བྱིས་པའི་རང་བཞིན་སོ་སོའི་སྐྱེ་བོ་ཀུན། །ཐོས་བསམ་སྒོམ་པའི་ན་ཚོད་ཆེས་ཆེར་རྒུད། །ཕར་ཕྱིན་དྲུག་གི་འདྲེན་བྱེད་ཅེ་རེ་ལོང༌། །འབྱུང་བ་ཐིམ་རིམ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །དགེ་བཅུའི་ལམ་ལ་མོས་པས་ཞུགས་ན་ཡང༌། །རྣམ་པར་དཔྱད་ན་ཆོས་བརྒྱད་ཟོལ་དང་འདྲེས། །མི་དགེའི་རྣམ་སྨིན་མ་ཚོར་ཤུགས་ཀྱིས་འགོ །བར་དོར་དམྱལ་ཐག་གཅོད་དུས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཀྱེ་མ་ནམ་ཞིག་ཚེ་ཡི་འཕེན་པ་ཟད། །ལུས་ཀྱི་མདངས་ཤོར་དབུགས་ཀྱི་ངར་སྒྲ་བརྩེགས། །འདེགས་བྱེད་རླུང་བྲོས་ངར་སྐད་ཅན་གྱིས་རོས། །ཉེ་འབྲེལ་གདུང་སེམས་འབྲེལ་ཐག་གཅོད་པའི་ཚེ། །གནད་གཅོད་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང༌། །མཁའ་འགྲོས་བསུ་བའི་སྣང་བ་ཤར་བར་ཤོག །ཀྱི་ཧུད་ས་ཆུ་མེ་རླུང་ནམ་མཁའ་སྟེ། །འབྱུང་ལྔའི་ཐིམ་རིམ་དུ་བ་སྨིག་རྒྱུ་དང༌། །མེ་ཁྱེར་མར་མེའི་སྣང་བ་གསལ་བའི་རྗེས། །ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་སྟེ། །འདི་ལྟར་རྣམ་ཤེས་སྣང་


JLAZ011_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཐིམ་པས། །སྤྲིན་མེད་མཁའ་ལ་ཉི་ཟླ་གཟས་ཟིན་ལྟར། །དམར་ལམ་འཆར་ཞིང་དམར་ཆ་སྙིང་ཁར་ལྡོག །དེ་རྗེས་སྣང་བ་མཆེད་པ་ལ་ཐིམ་པས། །སྐར་ཁུང་ནང་དུ་ཟླ་ཟེར་ཤར་བ་ལྟར། །དཀར་ལམ་འཆར་ཞིང་དཀར་ཆ་ཐུར་དུ་བབས། །དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས། །སྤྲིན་མེད་ནམ་མཁར་སྲོད་མུན་འཁྲིགས་པ་ལྟར། །ནག་ལམ་ཤར་ནས་ཀུན་གཞིའི་ངང་དུ་བརྒྱལ། །སླར་ཡང་སྲོག་འཛིན་རླུང་བརྒྱད་གྱེས་པ་ཡིས། །ཅུང་ཟད་བརྒྱལ་སངས་གདོད་མའི་ཡེ་གདངས་ཤར། །གསལ་ལ་མ་འགག་སྟོན་གྱི་ནམ་མཁའ་བཞིན། །སྟོང་གསལ་སྒྲིབ་གཡོགས་བྲལ་བའི་ངང་ལ་གནས། །དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས། །ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ལ། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞིའི་དབྱིངས་ནང་གསལ་གསང་བའི་སྦུབས། །ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་ཀློང༌། །སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག །གལ་ཏེ་བར་དོ་དང་པོར་མ་གྲོལ་ན། །དབྱིངས་སྣང་ལྷུན་གྲུབ་འོད་གསལ་ལ་ཐིམ་ནས། །སྒྲ་འོད་ཟེར་དང་ཚོམ་བུའི་དཀྱིལ་འཁོར་སོགས། །ཐིམ་ལུགས་བརྒྱད་ཀྱི་སྣང་བ་འཆར་


JLAZ011_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ། །ཆོས་ཉིད་དབང་དོར་རང་སྣང་ངོ་ཤེས་ནས། །མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག །དེ་ཚེ་སྒྲ་ཡིས་འཇིགས་ཏེ་ཟེར་གྱིས་གདངས། །སྐུ་ཡི་སྣང་བས་སྐྲག་སྟེ་མ་གྲོལ་ན། །ཆོས་ཉིད་བདེན་པ་བླ་མའི་བྱིན་རླབས་ཀྱིས། །འཁྲུལ་པ་རྨི་ལམ་སད་པའི་ཆ་ཙམ་ལས། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་པདྨའི་སྦུབས། །རྫུས་ཏེ་སྐྱེས་ནས་དབུགས་དབྱུང་གྲོལ་བར་ཤོག །རིམ་དགུའི་ཐེག་པ་ཀུན་ལས་འདས་པའི་དོན། །འོད་གསལ་རྫོགས་ཆེན་ལམ་ལ་ཞུགས་དེའི་མཐུས། །ནམ་ཞིག་གདོད་མའི་ལྷུམས་སུ་ཞུགས་པའི་ཚེ། །གང་གི་གྲོལ་ཚད་སྒྲ་འོད་ས་གཡོས་དང༌། །རིགས་ལྔའི་གདུང་དང་ཞི་ཁྲོའི་སྣང་བསྙན་སོགས། །ཀུན་གྱི་མཐུན་སྣང་གྲུབ་ཏུ་མངོན་པར་ཤོག །རིག་འཛིན་བདག་གི་ལྷག་བསམ་རྣམ་དག་དང༌། །ཆོས་ཉིད་རང་བཞིན་ཅི་ཡང་མ་ཡིན་པའི། །བདེན་པའི་མཐུ་ཡིས་ཁམས་གསུམ་ཡིད་ཅན་དང༌། །ཁྱད་པར་འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། །སྐུ་བཞིའི་ཞིང་ཁམས་རྨད་བྱུང་ཉམས་དགའ་བར། །ཚོམ་བུ་གཅིག་བུ་ཆམ་གཅིག་གྲོལ་བར་ཤོག །དེ་ལྟར་སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་འདི་ནི་རང་བྱུང་པདྨའི་གསུང་གི་དབེན་གནས་འོག་


JLAZ011_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མིན་རྡོ་རྗེའི་ཀེའུ་ཚང་དུ་རང་ཉིད་གཅིག་པུར་དབེན་པ་བསྟེན་པའི་སྐབས་སྔ་ཞོགས་ཞིག་གི་ཆ་ན་མིག་ལམ་དུ་ཧས་པོ་རི་མཐོང་བས་རྐྱེན་བྱས་སྣང་བ་ལ་ག་རེ་རི་མ་གིའི་རྩེར་མཁན་སློབ་རྗེ་འབངས་རྣམས་ཀྱི་ཞབས་ཀྱིས་བཅགས། ལྷ་འདྲེ་བཏུལ། སྐྱོ་སངས་བཛད་པ་སོགས་ཀྱི་ལོ་རྒྱུས་རྒྱ་ཆེར་སྣང་མོད། དེ་དག་ཐམས་ཅད་ད་ལྟ་མིང་ཙམ་མེད། འདི་ལྟ་བུའི་འདུས་བྱས་ཐམས་ཅད་མི་རྟག་པར་ཡིད་ཆེས། རང་ཉིད་ཀྱང་ལོ་ཤས་ཙམ་མི་འཆི་བའི་འཚོ་རྩིས་བྱས་ཀྱང་སང་ཙམ་ནས་འཇིག་རྟེན་ཕ་རོལ་ཏུ་མི་འགྲོ་བའི་ངེས་པ་ཅི་ཆ་སྙམ་ནས་སྐྱོ་ཤས་ངེས་འབྱུང་ཚད་མེད་སྐྱེས། ཨོ་རྒྱན་རྗེ་འབངས་རྣམས་དྲན་པ་ལ་ཚད་མེད་ཀྱི་མཆི་མ་འཁྲུགས་པ་ཞིག་བྱུང་བས་རྐྱེན་བྱས། དེའི་ཚེ་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་དང་འབྲེལ་བར་དོ་ལམ་སྣང་གི་གྲོལ་ཚུལ་རྩ་ཚིག་ཏུ་བྱས་ནས་ཁ་ཏོན་དུ་བགྱིས་ཆོག་པའི་སྨོན་པ་འདི་ཡང་བྱ་བྲལ་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པའོ། །

བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ།


JLAZ011_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ་ཞེས་བྱ་བ་བཞུགས།།


JLAZ011_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདག་ཉིད་བླ་མ་རིན་པོ་ཆེ། །མགོན་མེད་བདག་ལ་ཐུགས་རྗེ་གཟིགས། །མ་རིག་འཐིབས་པོས་ནོན་པ་བདག །འཁོར་ཚེ་ཐོག་མ་མེད་པ་ནས། །ལས་ཉོན་སྡིག་པས་ཟིལ་གྱིས་ནོན། །བླ་མ་བརྙས་ཤིང་སྤུན་ལ་ཁྲོས། །དམ་ཚིག་སྡོམ་པའི་གནས་ཀུན་ཡང༌། །ཉེས་སྤྱོད་ཆེན་པོའི་གཡང་སར་ལྷུང༌། །མ་འཚལ་བཞིན་དུ་ནོངས་པ་ཀུན། །དེ་རིང་གནོང་འགྱོད་དྲག་པོས་བཤགས། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །དེ་ལྟའི་སྡིག་ལྟུང་མ་བྱང་བར། །འཇིག་རྟེན་ཕ་རོལ་སོང་གྱུར་ན། །དམྱལ་མེ་བཟོད་དཀས་ངེས་པར་བསྲེག །དེ་


JLAZ011_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བདག་ཉིད་འདོར་ཕོད་དམ། །ཐོག་མཐའ་མེད་པའི་འཁྲུལ་གཞི་ནི། །ལུང་མ་བསྟན་གྱི་ཆོས་ཉིད་ནས། །ཀུན་འབྱུང་མ་རིག་གདོན་ཆེན་དང༌། །འགྲོགས་པའི་རང་བཞིན་སྐྱེ་གནས་ཀྱི། །བར་དོར་ཆོས་ལྡན་དལ་འབྱོར་ལུས། །ཐོབ་ནས་བླ་མ་མཉེས་བྱེད་ཅིང༌། །ཐོས་བསམ་སྒོམ་པའི་ཤེས་རབ་ལ། །བརྟེན་ནས་ངེས་འབྱུང་བྱུང་ཆུབ་སེམས། །ཕྱིན་དྲུག་ལམ་མཆོག་བསྙེན་པར་ཤོག །དུས་ཀྱིས་ཉེན་ཏེ་འགྲོ་བ་ལ། །འཆི་ཀའི་བར་དོ་ཞེས་བྱ་སྟེ། །དེ་ཚེ་འཆི་རྐྱེན་ངན་པ་དང༌། །གནད་གཅོད་དྲག་པོ་མི་འབྱུང་ཞིང༌། །དབྱིངས་དང་རིག་པ་བསྲེ་བ་ཡིས། །འོད་གསལ་སྦུབས་འཇུག་མངོན་གྱུར་ནས། །གདོད་


JLAZ011_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཞི་ལ་གྲོལ་བར་ཤོག །གལ་ཏེ་གོམས་པའི་སྟོབས་ཆུང་ན། །སྒོ་བརྒྱད་བཀག་ནས་ཚང་ཕུག་དབྱེ། །རྣམ་ཤེས་རླུང་ཞོན་གདམས་པ་ཡིས། །གྲོང་འཕོ་གྲོང་འཇུག་ལ་བརྟེན་ནས། །མཁའ་སྤྱོད་རིག་འཛིན་གནས་ཐོབ་ཤོག །དེ་ལྟར་བྱང་ཆུབ་སེམས་དཔའ་ཡི། །འཕོ་ལུགས་མངོན་དུ་མ་གྱུར་ན། །ས་ལ་ས་ཐིམ་ལྡང་མི་ནུས། །ཆུ་ལ་ཆུ་ཐིམ་ཁ་སྣར་ཆུ། །མེ་ལ་མེ་ཐིམ་ཁ་སྣ་སྐམ། །རླུང་ཐིམ་དབུགས་ངར་ཡན་ལག་ཕྲ། །མིག་སྤྲིན་གྱེན་ལྡོག་དུ་བ་དང༌། །སྨིག་རྒྱུ་མེ་ཁྱེར་མར་མེ་འབར། །རླུང་ལྔ་བྲོས་པའི་བྱེད་ལས་ཀྱིས། །ཁྱབ་བྱ་འབྱུང་བའི་ཁམས་ལྔ་དང༌། །ཁྱབ་བྱེད་ཡེ་ཤེས་ཐིག་ལེའི་དཔྱིད། །རྒྱབ་གྱེས་ཡུལ་ལྔ་ཡིད་ཤེས་ལ། །ཐིམ་པར་ཕྱོགས་ཚེ་འདི་སྣང་ལ། །ཞེན་ཆགས་གདུང་བ་མི་སྐྱེ་ཞིང༌། །བླ་མའི་གདམས་ངག་དྲན་པར་ཤོག །རིགས་པ་རྩ་ཐིག་རླུང་གསུམ་གྱི། །ཚོགས་པ་གྱེས་པའི་རྟེན་འབྲེལ་ལས། །ཕྲ་བ་སྣང་མཆེད་ཐོབ་གསུམ་གྱི། །ཐིམ་ཚུལ་དཀར་ཆ་ཐུར་བབས་ཏེ། །སྙིང་སྟོབས་བདེ་བ། རྡུལ་སྡུག་བསྔལ། མུན་པ་གཏི་མུག་ཏུ་བཤད་པས་བཅོས་བསླད་མ་བྱེད་ཅིག །སྙིང་སྟོབས་ལས་བྱུང་འདོད་ཆགས་ཀྱི། །རྟོག་པ་འགག་དང་ལྷན་ཅིག་པར། །རྣམ་ཤེས་སྣང་བ་ལ་ཐིམ་པས། །སྟོན་གནམ་ཟླ་འོད་ཀྱིས་སློང་བ་


JLAZ011_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའི། །དཀར་ལམ་རང་ངོ་ཤེས་པར་ཤོག །དེ་བཞིན་དམར་ཆ་གྱེན་དུ་ལྡོག །རྡུལ་ལས་བྱུང་བའི་ཞེ་སྡང་འགག །སྣང་བ་མཆེད་པ་ལ་ཐིམ་པས། །སྐར་ཁུང་ཉི་ཞུར་གྱིས་སློང་ལྟའི། །དམར་ལམ་རང་ངོ་ཤེས་པར་ཤོག །ཁུ་རྡུལ་སྙིང་གར་ཕྲད་པ་ལས། །མུན་ཅན་ལས་བྱུང་གཏི་མུག་འགག །མཆེད་པ་ཉེར་ཐོབ་ལ་ཐིམ་པས། །སྟོན་གནམ་སྨག་གིས་སློང་བ་ལྟའི། །ནག་ལམ་ཤར་ནས་བརྒྱལ་བ་ལ། །ཕྱོགས་ཚེ་དྲན་པའི་སྒྲོན་མེ་ཡིས། །ཉེར་ཐོབ་འོད་གསལ་ལ་འདྲེས་ནས། །གདོད་མའི་དབྱིངས་སུ་སངས་རྒྱས་ཤོག །གལ་ཏེ་དྲན་པའི་སྟོབས་ཞན་པས། །བརྒྱལ་ཏེ་སེམས་མེད་སྐབས་གྱུར་ན། །ཀུན་གཞི་ཆོས་དབྱིངས་ལ་སད་ནས། །དྭངས་གསལ་རྟོག་པ་མེད་པ་ཡི། །འཆི་བ་འོད་གསལ་མངོན་གྱུར་ཤོག །དེ་ལྟར་ཆོས་སྐུའི་བསྲེ་བ་ཡིས། །གདོད་མའི་ནང་དབྱིངས་མ་ཟིན་ན། །ཤིན་ཏུ་ཕྲ་བའི་རླུང་སེམས་ཆ། །ལུགས་ལྡོག་ཉེ་བར་ཐོབ་པ་ལས། །མཆེད་པའི་སྣང་བ་ཆོས་ཉིད་ཀྱི། །བར་དོ་གཞི་དབྱིངས་ཀ་དག་ཀློང༌། །ཁྲེགས་ཆོད་ལྟ་བས་མངོན་གྱུར་ཅིང༌། །གཞི་སྣང་ཡིན་ལུགས་འོད་གསལ་ནི། །སྣང་བ་ཐམས་ཅད་འོད་ལྔ་རུ། །ཟ་འོག་བཀྲམ་པ་ལྟར་ཤར་ཚེ། །ཐོད་རྒལ་


JLAZ011_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པའི་ཉེ་རྒྱུ་ལས། །རང་སྣང་རང་བཞིན་མེད་པར་ཤེས། །ཆོས་ཉིད་ཅིག་ཆར་ཟད་པར་ཤོག །གལ་ཏེ་འོད་གསལ་ཟུང་འཇུག་ལ། །ཐིམ་ནས་རིགས་བརྒྱའི་སྣང་བ་ཤར། །སྒྲ་ཡིས་འཇིགས་ཤིང་ཟེར་གྱིས་སྔངས། །སྐུ་ཡི་སྣང་བས་སྐྲག་གྱུར་ནས། །སེང་གེའི་གསོབ་ལྟར་མཚང་རིག་ནས། །བག་མི་ཚ་བའི་གདེང་ཐོབ་ཤོག །བསམ་གཏན་གྱིས་ནི་ཞག་ལྔ་ལ། །རྒྱལ་བ་རིགས་ལྔའི་ཞལ་མཐོང་ཚེ། །སྐུ་དང་རང་འོད་འབྲེལ་བ་ཡིས། །རིག་པ་འོད་གསལ་ལ་འཇུག་དང༌། །སྐུ་ཡང་རང་ལ་ཐིམ་པ་ཡིས། །འོད་གསལ་རིག་པ་ལ་འཇུག་ཚེ། །མ་པང་བུ་འཇུག་ལྟར་གྲོལ་ཤོག །དེ་བཞིན་ཟུང་འཇུག་ཡེ་ཤེས་ལ། །ཐིམ་པས་འོད་སྣང་ཐིག་ལེ་ཅན། །ཡེ་ཤེས་བཞི་སྦྱོར་སྣང་བ་ནི། །རྡོ་རྗེ་སེམས་དཔའི་ཁོང་སེང་ལམ། །སྣང་ཚེ་རིག་པ་རང་ས་ཟིན། །ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས། །སྐུ་དང་ཡེ་ཤེས་ཐུགས་རྗེ་འོད། །མཐའ་གྲོལ་གཉིས་མེད་དག་མ་དག །ལྷུན་གྲུབ་ཡེ་ཤེས་ཆེན་པོའི་སྒོ། །བརྒྱད་དུ་ཤར་ཡང་འཁོར་འདས་ཀྱི། །འཇུག་ལྡོག་རིག་པའི་རང་རྩལ་དུ། །ཤར་བ་གཞི་ལས་མ་གཡོས་པའི། །གཞི་སྣང་ཆེན་པོར་ཡིད་ཆེས་ཤོག །དེ་ཡང་བསྐྱེད་རིམ་ལ་གོམས་ན། །རླུང་སེམས་ཙམ་གྱིས་ལུས་དེ་ཉིད། །མཚན་དཔེ་རྫོགས་པའི་ཡི་དམ་གྱི། །ལྷ་སྐུར་


JLAZ011_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་བྱང་ལྔས་ཆུབ་པ། །བར་དོར་ལོངས་སྐུའི་བསྲེ་བ་ཡིས། །སྒྱུ་མའི་སྐུ་ལྔ་ལྡང་བར་ཤོག །གང་ཞིང་མོས་པས་སྤྱོད་རྣམས་ཀྱང༌། །རྗེས་དྲན་ལྔ་དང་མངོན་ཤེས་དྲུག །མི་བརྗེད་གཟུངས་ཀྱིས་དབུགས་འབྱིན་ནས། །བླ་མ་དྲན་ནས་རྗེས་འཛིན་ཤོག །ཡི་དམ་དྲན་ནས་ཞལ་མཐོང་ཞིང༌། །ལྟ་བ་དང་ནི་བསམ་གཏན་དང༌། །སྐྱེ་གནས་མན་ངག་དྲན་པར་ཤོག །དེ་བཞིན་སྔོན་གནས་ཤེས་པ་དང༌། །འཆི་འཕོ་དང་ནི་སྐྱེ་བ་ཤེས། །ཕ་རོལ་གྱི་ནི་སེམས་ཤེས་དང༌། །སྣང་བ་ལྐོག་གྱུར་ཤེས་པ་དང༌། །རིགས་དྲུག་གནས་རིགས་མཐོང་ཞིང་ཤེས། །དབང་པོ་རྣམ་དག་མངོན་ཤེས་དང༌། །སྔོན་ཆད་ཐོས་སོ་ཅོག་གིས་མཚོན། །ཆོས་ཀྱི་རྣམ་གྲངས་ཚད་མེད་པ། །རྒྱུད་ལ་འཆར་བའི་མི་བརྗེད་གཟུངས། །ཐོབ་ཚེ་ངེས་པར་གྲོལ་བའི་གནད། །སྟོང་ཉིད་སྤྲོས་བྲལ་ཀ་དག་གི །རིག་པ་ཅེར་མཐོང་རང་ཐོག་ཏུ། །ངོ་ཤེས་ཐག་ཆོད་གདེང་ཐོབ་ཤོག །མདོར་ན་ཆོས་ཉིད་བར་མ་དོའི། །རྣམ་པར་དཔྱད་ནས་མཐའ་མེད་ཀྱང༌། །དཔྱོད་མཁན་ཉིད་ལ་ཚུར་བརྟགས་ན། །གང་དུའང་གྲུབ་པ་མེད་པ་ལ། །མེད་དོ་སྙམ་པའང་རང་གྲོལ་བ། །འདི་ནི་གདོད་མའི་གྲོལ་ས་སྟེ། །གཞོན་ནུ་བུམ་པའི་སྐུ་ཐོབ་ནས། །ལྷུན་གྲུབ་རྩལ་ལས་སྤྲུལ་པ་ཡིས། །འགྲོ་དོན་འཁོར་བ་དོང་སྤྲུགས་ཤོག །གལ་ཏེ་


JLAZ011_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་བར་དོ་ལ། །ཁ་འཁྱལ་མིང་བཞི་འདུས་པ་ཅན། །དབང་པོ་ཀུན་ཚང་ཡིད་ཀྱི་ལུས། །ཤི་བར་ངོ་ཤེས་དྲན་པ་གསལ། །རྣམ་གྲོལ་ས་དང་སྐྱེ་གནས་ལ། །ཐོགས་པའི་བྱ་སྒྲོ་རླུང་ཁྱེར་ལྟར། །ལས་རླུང་རྗེས་འགྲོ་ཉམ་ཐག་ཅིང༌། །བྲེད་སྔངས་ཀྱིས་གདུངས་བདུན་ཚན་རེའི། །མཚམས་སུ་འཆི་བའི་སྡུག་བསྔལ་གྱི། །ཚོར་བ་ཉམས་མྱོང་སྐྱེ་གནས་འཚོལ། །དེ་ཚེ་རང་བཞིན་སྤྲུལ་པའི་ཞིང༌། །མངོན་པར་དགའ་དང་དཔལ་ལྡན་དང༌། །པདྨ་བརྩེགས་དང་ལས་རབ་གྲུབ། །དབུས་ཕྱོགས་མེ་རི་འབར་བ་སྟེ། །རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔའི། །དག་ཞིང་ཡིད་ལ་གོམས་བྱས་ནས། །གདོན་མི་ཟ་བར་བགྲོད་པར་ཤོག །གལ་ཏེ་རིག་པའི་རྩལ་དབང་གིས། །མ་སྨིན་བདེན་པ་མ་མཐོང་ན། །སོ་སོའི་གནས་རིགས་མངོན་གྱུར་རམ། །དམྱལ་བ་སྡོང་དུམ་ཡི་དྭགས་སུ། །མགོ་བོ་ཐུར་ལྟ་བྱོལ་སོང་ཁྲག །ལྷ་མིན་ཁ་ཆར་མགོ་ཡང་འཕྲེད། །ལྷ་མིན་དཀར་ཞིང་གྱེན་དུ་འགྲེང༌། །འདོད་ལྷ་ཡུལ་ལ་དགའ་གདུང་དང༌། །གཟུགས་ཁམས་འོད་ལ་གཟུགས་མེད་ནི། །ཅི་ཡང་མེད་པའི་སྟོང་ཕྱག་ལ། །དགའ་གདུང་འཆར་ཞིང་ཁྱད་པར་དུ། །ཕ་མའི་འདུ་འཕྲོད་མཐོང་བའི་ཚེ། །ཆགས་སྡང་བདེན་མེད་སྦྱོང་བའམ། །གསུམ་པའི་དབང་དོན་ཉམས་མྱོང་ཞིང༌། །སྐྱེ་གནས་བཞི་ཡི་སྦྱང་གཞི་དང༌། །སྦྱོང་བྱེད་གོམས་པའི་


JLAZ011_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་གྱིས། །སྔགས་ལ་སྤྱོད་པའི་རྟེན་ཅན་དུ། །སྐྱེ་བ་སྤྲུལ་སྐུའི་བསྲེ་བ་ཡིས། །ཉིང་མཚམས་སྦྱོར་བའི་མཐུ་ཐོབ་ཤོག །སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། །བསྲུང་བྱ་དམ་ཚིག་ཐོབ་བྱ་འབྲས། །རྣམ་པ་བཞི་རུ་བསྲེ་བ་དང༌། །སྒོ་གསུམ་ལྷ་སྔགས་ཆོས་ཉིད་དུ། །འཕོ་བའི་གནད་ལ་མ་གོམས་ན། །འབྱུང་བཞི་རླུང་གི་བྱེད་ལས་ཀྱིས། །ཤིན་ཏུ་འཇིགས་པའི་སྒྲ་བཞི་དང༌། །དུག་གསུམ་ལས་སྐྱེས་གཅོང་རོང་གསུམ། །བག་ཆགས་ལས་སྐྱེས་གཤེད་མའི་གཟུགས། །མེ་ཆུ་གཅན་གཟན་འཇིགས་པའི་ཚོགས། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང༌། །དགེ་བའི་རམ་ཟླས་དབུགས་འབྱིན་ཤོག །དལ་འབྱོར་ཚང་བའི་ལུས་རྟེན་གྱི། །མངལ་སྒོ་བཟང་པོ་འདམ་པ་དང༌། །སྨོན་ལམ་དག་པས་མཚམས་སྦྱར་ནས། །མཐོ་རིས་ཡོན་ཏན་བདུན་ལྡན་གྱི། །རྟེན་ལ་བླ་མ་མཉེས་བྱས་ནས། །ཚུལ་བཞིན་སྤྱོད་པའི་རང་དབང་དང༌། །ཅི་གསུང་བཀའ་བཞིན་བསྒྲུབ་པ་ཡིས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག ། །།ཅེས་པའང་རིག་འཛིན་འཇིགས་མེད་གླིང་པས་སོ།། །།དགེའོ།།

བདེན་ཚིག་འགྲུབ་པའི་པྲ་ཎི་དྷ་རྣམ་མཁྱེན་གྲོང་འཇུག


JLAZ011_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཚིག་འགྲུབ་པའི་པྲ་ཎི་དྷ་རྣམ་མཁྱེན་གྲོང་འཇུག་ཅེས་བྱ་བ་བཞུགས། །དངོས་གྲུབ་རྒྱ་མཚོའི་འབྱུང་གནས་བླ་མ་དང་མཆོག་གསུམ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །མི་ངའི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་ཆེན་ཐོབ་སྟེ་རྗེ་བཙུན་བླ་མ་མཚན་ཉིད་དང་ལྡན་པའི་གདུལ་བྱར་འགྱུར་བར་ཤོག་ཅིག ། མངོན་མཐོ་དང་ངེས་ལེགས་མཐའ་དག་གི་འབྱུང་ཁུངས་ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་བཏུལ་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྗེས་སུ་སློབ་པར་ཤོག་ཅིག།།ཆོས་ལ་འཇུག་པའི་རྩ་བ་ངེས་འབྱུང་དང་བློ་ལྡོག་རྣམ་པ་བཞི་རྒྱུད་ལ་ངང་ངམ་ཤུགས་ཀྱིས་སྐྱེས་ནས་འཁོར་བ་མཐའ་མེད་ཀྱི་བྱ་བ་ལ་བཙོན་དོང་དང་མེ་འོབས་ལྟ་བུར་མཐོང་བར་ཤོག །ལས་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་རྙེད་ནས་དགེ་སྡིག་གི་ལས་ཕྲ་མོ་ཙམ་ལ་ཡང་འཇུག་ལྡོག་བྱེད་པར་ཤོག་ཅིག །གནས་གྲོགས་འདུ་འཛི་རྐྱེན་ངན་ལ་སོགས་པ་བྱང་ཆུབ་བསྒྲུབ་པའི་བར་ཆད་ཀྱི་དབང་དུ་མི་འགྲོ་བར་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་དེ་སྐྱེས་བུ་གསུམ་གྱི་ལམ་ལ་སློབ་པར་ཤོག་ཅིག།། བདེ་གཤེགས་ཀུན་འདུས་ཀྱི་ངོ་བོ་བཀའ་དྲིན་ཅན་གྱི་བླ་མ་དམ་པ་ལ་ཐེ་ཚོམ་དང་


JLAZ011_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་འགྲོགས་ཀྱི་མི་རུ་བཟུང་བའི་ལོག་ལྟ་སྤངས་ཏེ་སངས་རྒྱས་དངོས་སུ་མཐོང་བར་ཤོག་ཅིག །དེའི་མཐུ་ལས་མཚོན་བྱེད་དཔེའི་དབང་བཞིས་སྒོ་གསུམ་སྨིན་པར་བྱས་ཏེ་རྨད་བྱུང་རྡོ་རྗེ་ཐེག་པའི་གསང་ལམ་ལ་འཇུག་པར་ཤོག་ཅིག །གསོལ་འདེབས་དང་མོས་གུས་ཀྱི་མཚམས་སྦྱོར་ལམ་དུ་ལོངས་ནས་མཚོན་བྱ་དོན་གྱི་དགོངས་རྒྱུད་བདག་ལ་འཕོས་ཏེ་རྟོགས་པ་ནམ་མཁའ་དང་མཉམ་པར་ཤོག་ཅིག །བསྐྱེད་པ་མ་ཧཱ་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤེས་ཤིང་རིགས་འཛིན་རྣམ་པ་བཞིའི་ས་ལ་བགྲོད་པ་རྒྱལ་སྲས་པདྨ་དང་བི་མ་ལ་ལྟ་བུར་འགྱུར་བར་ཤོག་ཅིག །ལུང་ཨ་ནུ་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་འཁོར་འདས་ཀྱི་འཛིན་རྟོག་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་སངས་རྒྱས་ཏེ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ལ་དབང་སྒྱུར་བར་ཤོག་ཅིག །རྫོགས་ཆེན་ཨ་ཏི་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་ནས་གཞོན་ནུ་བུམ་སྐུར་གྲོལ་བ་རིག་འཛིན་དགའ་རབ་རྡོ་རྗེ་ལྟ་བུར་འགྱུར་བར་ཤོག་ཅིག །མདོར་ན་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པ་ནས་བཟུང་སྟེ་སྒོ་གསུམ་གྱིས་བྱ་བ་ཅི་བགྱིས་ཐམས་ཅད་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར་


JLAZ011_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག་ཅིག །དུས་དང་རྣམ་པ་ཐམས་ཅད་དུ་དམ་པའི་ཆོས་མ་ཡིན་པའི་འཇིག་རྟེན་མཐུན་འཇུག་གི་བསམ་པ་སྐད་ཅིག་མ་ཙམ་ཡང་སེམས་ལ་མི་སྐྱེ་བར་ཤོག་ཅིག།། གལ་ཏེ་ལས་དང་བག་ཆགས་དབང་བཙན་པར་གྱུར་ནས་ཕྱིན་ཅི་ལོག་གི་བློ་སྐྱེས་ནའང་དེ་ཉིད་མི་འགྲུབ་པར་ཤོག་ཅིག།། གཞན་དོན་དུ་འགྱུར་ན་ལུས་སྲོག་འདོར་བ་ལ་ཡང་ཉམ་ང་མེད་པར་གཞོན་ནུ་དོན་གྲུབ་ལྟ་བུར་འགྱུར་བར་ཤོག་ཅིག །དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་ཕྱིན་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་ནུས་པ་སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ་ཅན་དུ་གྱུར་ཅིག །འདོད་པ་དང་བྲལ་བའི་སྨོན་ལམ་དེ་ལྟ་བུ་ཡོངས་སུ་འགྲུབ་པའི་མཐུན་འགྱུར་མཛད་པར་རྒྱལ་བ་སྲས་བཅས་རྣམས་ཀྱིས་ཞལ་གྱིས་བཞེས་པ་ཡིན་ནོ། །དྲང་སྲོང་བདེན་པར་སྨྲ་བ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་དྷ་རེ་དྷ་རེ་བྷནྡྷ་རེ་བྷནྡྟ་རེ་སྭཱ་ཧཱ། །དགེ་བ་སྟོབས་ཆེ་བར་གྱུར་ཅིག །སྨོན་ལམ་མཐུ་བཙན་པར་གྱུར་ཅིག ། སྡིག་པ་འདག་སྐྱེན་པར་གྱུར་ཅིག །ཛ་ཡ་ཛ་ཡ་སིདྡྷི་སིདྡྷི་ཕ་ལ་ཕ་ལ་འ་ཨ་ཧ་ཤ་ས་མ། མ་མ་ཀོ་ལིང་ས་མནྟ། སརྦ་མངྒ་ལཾ།། །།

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྒྱལ་བ་རིག་འཛིན་གྱི་སྲོག་འཁོར་དཔལ་གྱི་གདུ་བུ།


JLAZ011_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྒྱལ་བ་རིག་འཛིན་གྱི་སྲོག་འཁོར་དཔལ་གྱི་གདུ་བུ་བཞུགསཿ བཏགས་གྲོལཿ


JLAZ011_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་ཡིག་ཡོད། དབྱིངས་རིག་རྒྱལ་པོ་སྟང་དཔྱལ་ངསཿ དུས་གསུམ་དུས་མེད་ཆེན་པོར་རྒྱསཿ རྡོ་རྗེ་ཅན་གྱི་ཕྲིན་ལས་དངཿ སྔགས་ལམ་ཐབས་ཀྱིས་རྟེན་ཅིང་འབྲེལཿ བསམ་གྱིས་མི་ཁྱབ་བརྗོད་མི་ལངཿ མཐོང་ཐོས་རེག་གམ་རྫི་ཕྱོགས་ཕོགཿ བཏགས་པས་གྲོལ་བ་རིག་འཛིན་གྱིཿ སྲོག་གི་འཁོར་ལོ་བཤད་ཀྱིས་ཉོནཿ བྲི་གཞི་བཟང་པོར་རིན་པོ་ཆེསཿ མུ་ཁྱུད་རིམ་པ་བཅུ་གཅིག་དབུསཿ ཀུན་བཟང་ཡབ་ཡུམ་ཐུགས་ཀ་རུཿ འོད་ལྔའི་འཁོར་ལོ་འབྲུ་ལྔས་མཚནཿ དེའི་ཕྱི་མུ་ཁྱུད་གཉིས་ཀ་ལཿ རིག་པ་ཡབ་ཀྱི་སྙིང་པོ་ ༼མན་ངག་སྙིང་ཐིགཿ༽ ནིཿ ཨེ་མ་ཀི་རི་ཀི་རིཿ མས་ཏ་བྷ་ལི་བྷ་ལིཿ ས་མི་ཏ་སུ་རུ་སུ་རུཿ ཀུནྡྷ་ལི་མ་སུ་མ་སུཿ ཨ་ཀ་ར་སུ་ལཱི་བྷ་ས་ཏ་ཡེཿ ཙ་ཀི་ར་བྷུ་ལི་ཏ་ལྕེ་


JLAZ011_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡེཿ ས་མུན་ཏ་ཙརྱ་སུ་གྷ་ཡེཿ བྷི་ཏི་ས་ན་བྷྱ་གུ་ལེ་ཡེཿ ས་ཀ་རི་ངྷུ་ཀ་ནཿ མ་ཏ་རི་བྷེ་ཏ་ནཿ པ་ར་ཧི་ལི་ས་ནཿ མ་ཁར་ཏེ་ཀེ་ལ་ནཿ སཾ་བྷུ་ར་ཏ་མེ་ཀ་ཙ་ར་ཏང་པཿ སུརྱ་གྷ་ཏ་ར་ཨེ་པ་ཤ་ནཿ ར་ན་བྷེ་དྷི་ས་གྷུ་ཏི་པ་ཡཿ གྷུ་ར་གྷུ་ར་ས་ག་ཁ་ར་ན་ལཾཿ ན་ར་ན་ར་ཨི་ཐ་པ་ཊ་ལཾཿ སི་ར་ན་སི་ར་ན་བྷེ་ས་བྷེ་ས་ར་ས་བཾ་ལཾཿ བྷུན་དྷ་བྷུན་ངྷཿ ཚི་ཥ་ས་ཀེ་ལཾཿ ས་སཱ་རི་རཱི་ཁེ་ཁེ་ཨི་ཨཱི་མ་མཱ་རི་རཱི་ལ་ཧཱ་ཨཱཿ དེའི་ཕྱི་པདྨ་འདབ་བརྒྱད་ལཿ མདུན་ནས་བརྩམས་པའི་གཡ་བསྐོར་དུཿ ཨཱོཾ་མ་ཧཱཿ རིག་འཛིན་བརྒྱད་ཀྱི་སྙིང་པོཿ གུ་རུ་ཤ་རཱི་རཾ་ཧཱུྃ་ཀཱ་ར་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་དྷ་ན་སཾ་སྐྲྀ་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་མཉྫུ་ཤྲཱི་


JLAZ011_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཏྲ་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་བི་མ་ལ་མི་ཏྲ་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་ནཱ་གཱ་རྫུ་ན་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་གུ་ཧྱ་ཙནྡྲ་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་ཨཱ་ཙར་ཡ་པདྨ་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་ཤཱནྟིཾ་གརྦྷ་ཨཱཿཧཱུྃཿ དེའི་ཕྱི་མུ་ཁྱུད་བཞི་པ་ལཿ སྟོང་པ་ཡུམ་གྱི་སྙིང་པོ་ནིཿ མས་ཏ་བྷ་ལི་བྷ་ལིཿ ས་མུ་ཏ་སུ་རུ་སུ་རུཿ ཀུན་དྷ་ལི་མ་སུ་མ་སུཿ ཨེ་ཀ་རི་ལི་བྷ་ཏ་ཡེཿ ཙ་ཀ་ར་བྷུ་ལི་ཏཿ ལྕེ་ཡེ་ས་མནྟཿ ཙརྱ་སུ་གྷ་བྷི་ཏིཿ ས་ན་བྷྱ་གུ་ཡེཿ ཀེ་རི་དྷ་ཀེ་རིཿ དྷ་ཧ་ཀ་མ་ཧ་རི་བྷེཿ ཧ་ནས་རི་བི་ཧིཿ ས་ན་མ་ཁ་ར་ཏ་ཀྴེ་ལ་ནཿ སཾ་བྷུ་ད་ར་ཏ་མེ་ཀྴ་ཙ་ར་སྟཾཿ དྷ་བ་སུ་ཏྱ་གྷ་ཏ་ར་ཨཿ མ་ཤ་ན་པ་རཿ བྷི་ཧིཿ ཏི་ས་གྷི་ར་ལཿ མ་སྨིས་ཡ་གྷུ་སྟི་ལ་ཏཿ ཡ་གྷུ་ར་གྷུ་རཿ བརླང་ག་ཁ་ཀ་ལ་ར་ན་ལ་མ་སཿ ན་ར་ན་ར་མཿ ཨི་ཐ་ར་པ་ཏ་ལཾཿ སི་ར་ན་བྷེ་ས་ར་ལ་བ་གྷེ་ལཾཿ མ་མཱཿ ས་སཱ་རི་རཱི་ལི་ལཱི་མ་མཱཿ ར་རཱཿ མུ་ཁྱུད་ལྔ་པར་རྩིབས་བཅུ་ལཿ ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་ཏུ་ཀ་མ་ཧཱ་ཙནྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ རྒྱུད་སྡེ་སྒྱུ་འཕྲུལ་གྱི་སྙིང་པོའོཿ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཨཱོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཨཱོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་


JLAZ011_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཙནྜ་སརྦ་དུཥྟནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཨཱོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་་དུཥྚཾ་ཧཱུྃ་ཕཊཿ ཨཱོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊཿ ཨཱོཾ་མ་ཧཱ་སུརྱ་རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་དམ་ཧཱུཾ་ཕཊཿ ཨཱོཾ་ཧྲཱིཿཤཏྟ་ས་མནྟ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཁཱ་ཧི་ཧཱུྃ་ཕཊཿ ཨཱོཾ་སརྦ་ཨ་མོ་གྷཱ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ཤྭ་ཧཱུྃ་ཕཊཿ རྩིབས་མཆན་ལཿ ཨཱོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷི་ཙིཏྟ་ཧཱུྃཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རཱི་སྟྭཾཿ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྷ་ཀ་ཧ་ན་མ་ཐ་ སྒྲུབ་སྡེ་བཀའ་བརྒྱུད་ཀྱི་སྙིང་པོཿ བྷཉྫ་ཧཱུྃ་ཕཊཿ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ཨཱོཾ་ཧྲཱིཿ པདྨ་ཏ་ཀྲི་ཏ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཨོཾ་བཛྲ་ཙནྜ་སརྦ་དུཥྚཾ་ཧཱུྃ་ཕཊཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊཿ ཨཱོཾ་བཛྲ་སརྦ་དུཥྚཾ་ཧཱུྃ་ཕཊཿ ཁྲོཾ་ག་རུ་ཊ་སརྦ་ཌཱཀྐི་ནི་ཧཱུྃ་ཕཊཿ དྲུག་པ་ཐིག་ལེ་ཉི་ཤུ་ལྔརཿ ཀརྨཱ་རཀྴ་གྷི་ཧཾ་ཏིཿ བྷེ་གྷ་ར་ན་སོ་གད་གླིངཿ བྷུ་ཀ་རི་ལ་བྷ་དུ་ཏྲིཿ རཾ་པ་ཀ་ལ་ས་མི་ཁྱེཿ མ་ཏང་བས་ཕེར་རས་མི་ཏཿ ཁ་ཊ་རེ་ཀ་ས་མིག་རླུངཿ ཨ་ཀཻ་ར་ན་བྷེ་ཙག་ཤཿ ཡ་རི་མུ་ཏ་ས་གྷ་ལིཿ ཡ་ས་ད་ར་


JLAZ011_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་པ་ཡཱཿ མ་མ་ཀོ་ལིངས་མནྟཿ གྷ་ར་ཡཾ་པ་ར་མི་ཏཾཿ བུག་སིང་ཧ་པ་གྷ་ལཿ ར་མི་སེ་སེ་ཁེ་ཏ་པཿ བིག་ཁུ་མ་ལ་པ་ཏཾ་ཀིཿ ས་མ་ཉེ་ཝ་དྷེ་ར་པཿ བཛྲ་ས་ཏྭ་ཏྲི་ཏྲོ་མེཿ གྷེ་ཝ་སུ་གྷ་ར་རྣམ་ཡེཿ དྷརྨ་པ་ཏི་ས་གྷུ་ལིཿ རས་མི་ས་མ་ཁས་རྒད་ཙེཿ རུ་པ་ས་མི་མི་ཏ་ལིཿ ང་ཏིག་པ་ཡཾ་ཀ་ལིསཿ ག་ཙ་པ་ཡཾ་ས་ཨཾ་ཏཾཿ ཀརྨ་ཨེ་ཨ་ཨ་ནུ་སཿ སཾ་ཀྲི་མ་མ་ཀརྨ་ཏཿ ང་ལ་ཁེ་པ་ཀི་ལིསཿ བར་མཚམས་ལོངས་སྐུའི་སྙིང་པོ་དངཿ རིགས་དྲུག་ཀློང་གྲོལ་ཡི་གེ་སྤེལཿ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ འ་ཨ་ཧ་ཤ་ས་མཿ ཞི་བའི་ལྷ་ཚོགས་ཀྱི་སྙིང་པོཿ བདུན་པར་པད་འདབ་ཞེ་གཉིས་ལཿ ཧཱུྃ་ཧཱུྃ་ཧཱུྃཿ བཛྲ་ཙིཏྟ་ཨཱོཾཿ ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟཿ ཧཱུྃ་བཛྲ་དྷི་ཀཿ མུཾ་དྷཱ་ཏེ་ཤྭ་རཱིཿ ཨཱོཾ་ཛི་ན་ཛི་ཀཿ ལཱཾ་དེ་ཥ་རསྟིཿ སྭཱ་རཏྣ་དྷི་ཀཿ མཱཾ་མོ་ཧ་ར་ཏིཿཨཱཾ་ཨཱ་རོ་ལི་ཀཿ པཱཾ་རཱ་ག་ར་ཏིཿ ཧཱ་པྲ་ཛྙཱ་ངྷྲ་ཀཿ ཏཱཾ་བཛྲ་ར་ཏིཿ ཀྵཱི་ཧི་རཱ་ཛ་ཡཿ ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾཿ ཏྲཱཾ་ཨཱ་གརྒྷ་ཡཿ ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོཿ ཧྲཱི་ཧ་ཧཱུྃ་པདྨ་པྲ་དམཿ ཧྲཱིཾ་གཱི་ཏི་རཱ་གོ་ཧཾཿ ཛྲིཾ་ཀུ་རུ་པཱ་ཎིཿ ཨཱཾ་ནིརྟི་རཱ་ག་ར་ཡ་མེཿ མེ་དྷ་ར་ཎི་སྭཱ་ཧཱཿ ཛཿངྷུ་པེ་པྲ་བེ་ཤཿ ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱཿ ཧཱུྃ་པུཥྤེ་ཨཱ་བེ་ཤཿ ཧཱུྃ་སྭཱ་རཱ་ཛཱ་ཡ་སྭཱ་ཧཱཿ པཾ་དི་དཱི་པ་སུ་གི་རིཿ མཱུཾ་ཤྲཱི་ཨཱཾ་རཱ་ག་ཡ་སྭཱ་ཧཱཿ ཧོཿགྷནྡྷེ་ཙིཏྟཿ


JLAZ011_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་མུ་ནེ་ཀྲེཾ་སྭཱ་ཧཱཿ ཨཱོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱཿ ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱཿ ཨཱོཾ་མུ་ནེ་བྲཾ་སྭཱ་ཧཱཿ ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱཿ ཨཱོཾ་མུ་ནེ་ཡེ་སྭཱ་ཧཱཿ ཨཱོཾ་ཡ་མནྟ་ཀྲྀཏ་ཕཊཿ ཨཱོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱྀ་ཛྭ་ལ་ནཱི་ཧཱུྃ་ཕཊཿ ཧཱུྃ་པྲ་ཛྙཱནྟ་ཀྲིཏ་ཕཊཿ ཨཱོཾ་རཏྣ་དྷ་ར་མ་ཧཱ་ཕཊཿ ཧཱུྃ་པདྨནྟ་ཀྲྀཏ་ཕཊཿ ཨཱོཾ་པདྨ་དྷ་ར་མ་ཧཱ་ཕཊཿ ཨཱོཾ་བིགྷཱན་ཏ་ཀྲྀཏ་ཕཊཿ ཨཱོཾ་ཀརྨཱ་དྷ་ར་མ་ཧཱ་ཕཊཿ བརྒྱད་པར་ཁྲག་འཐུང་ཡབ་ཡུམ་ནིཿ ཨཱོཾ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃཿ འདུས་པ་མདོའི་སྙིང་པོའོཿ ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུྃ་ཕཊཿ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃཿ སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃཿ བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃཿ བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃཿ རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃཿ པདྨ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་ཀརྨཱ་ཤྲཱི་ཧེ་རུ་ཀ་ཧཱུྃཿ ཀརྨཱ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་རཀྴ་ཤྲཱི་ཧེ་རུ་ཀ་ཧཱུྃཿ རཀྴ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་ས་ནུ་ཤྲཱི་ཧེ་རུ་ཀ་ཧཱུྃཿ ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་གུ་ཧྱ་ཤྲཱི་ཧེ་རུ་ཀ་ཧཱུྃཿ གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་ཡཀྴ་ཤྲཱི་ཧེ་རུ་ཀ་ཧཱུྃཿ ཡཀྴ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་བཛྲ་གཽ་རི་ཧཿ གོ་རི་མ་བརྒྱདཿ ཨཱོཾ་བཛྲ་ཙཽ་རི་ཧཿ ཨཱོཾ་བཛྲ་པྲ་མོ་ཧེ་ཧཿ ཨཱོཾ་བཛྲ་བཻ་ཧ་ལཱི་ཧཿ ཨཱོཾ་བཛྲ་པུཀྐ་སཱི་ཧཿ ཨཱོཾ་བཛྲ་གྷསྨ་རཱི་


JLAZ011_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཧཿ ཨཱོཾ་བཛྲ་སྨ་ཤ་ནི་ཧཿ ཨཱོཾ་བཛྲ་ཙཎྜ་ལཱི་ཧཿ ཨཱོཾ་བཛྲ་སིངྷ་མུ་ཁཱི་ཧེཿ ཨཱོཾ་བཛྲ་བྱ་གྷི་མུ་ཁཱི་ཧེཿ ཨཱོཾ་བཛྲ་སིདྡྷ་ལ་མུ་ཁཱི་ཧེཿ ཨཱོཾ་བཛྲ་ཤྭ་ན་མུ་ཁཱི་ཧེཿ ཨཱོཾ་བཛྲ་གྲྀདྡྷ་མུ་ཁཱི་ཧེཿ ཨཱོཾ་བཛྲ་ཀངྐ་མུ་ཁཱི་ཧེཿ ཨཱོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧེཿ ཨཱོཾ་བཛྲ་ཨུ་ལུ་ཀཱ་མུ་ཁཱི་ཧེཿ དགུ་པར་དབང་མོ་ཉེར་བརྒྱད་དངཿ བསྟན་པ་སྤྱི་ཡི་སྙིང་པོ་བཀོདཿ ཨ་ནུ་རཀྴ་སཱི་བྷྱོཿ པྲ་ཧྨ་ནི་བྷྱོཿ རཽ་ཏྲཱི་བྷྱོཿ བེཥྞ་བཻ་བྷྱོཿ ཀུ་མཱ་རཱི་བྷྱོཿ ཨིནྡྲ་རཱི་བྷྱོཿ བཛྲ་པིངྒ་ལཾ་བྷྱོཿ ཨ་མྲྀ་ཏཾ་བྷྱོཿ སཽ་མྱ་བྷྱོཿ དཎྜ་དཾ་བྷྱོཿ རཀྵ་སཱི་བྷྱོཿ བྷཀྵ་སཱི་བྷྱོཿ ར་ཏི་བཛྲ་བྷྱོཿ རུ་ཏི་ར་མཏྟ་བྷྱོཿ ཨེ་ཀ་ཙ་རིཎཱི་བྷྱོཿ མ་ནོ་ཧ་རཾ་བྷྱོཿ སིདྡྷི་ཀཾ་བྷྱོཿ པཱ་ཡ་བཱི་བྷྱོཿ མ་ཧཱ་མཱ་ར་ཎ་བཛྲ་བྷྱོཿ ཨགྣཱི་བྷྱོཿ བྷ་ར་ཧི་བྷྱོཿ ཙ་མུནྜི་བྷྱོཿ སུ་ཏ་ནི་བྷྱོཿ ཝ་རུ་ཎཱི་བྷྱོཿ བཛྲ་མ་ཧཱ་ཀཱ་ལི་བྷྱོཿ བཛྲ་ཙ་ཀཱ་ལ་བྷྱོཿ བཛྲ་ཀུམྦྷ་ཀརྞ་བྷྱོཿ བཛྲ་ལམྦོད་ར་བྷྱོཿ ཨོཾ་བཛྲ་ཨཱར་ཡ་ཏེ་ཛ་ཏེང་ཛཿ ཨོཾ་བཛྲ་ཨ་མུ་ཁཱི་ཧཱུྃཿ ཨོཾ་བཛྲ་ལོ་ཀ་བཾཿ ཨོཾ་བཛྲ་བྷསྨི་པ་ལ་ཡ་བ་དུ་ཧོཿ ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཿ ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྙ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུ་ནྟེཿ ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏཿ ཧེ་ཥཱཉྩ་ཡོ་


JLAZ011_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་ན་ཎཿ ཆེ་གེ་མོའི་ནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་ཐམས་ཅད་རིག་པའི་ཀློང་དུ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཚེ་དང་བསོད་ནམས་ཞིང་ཁམས་ཐམས་ཅད་རིག་པའི་ངང་དུ་པུཥྟིཾ་ཀུ་རུ་སྭཱ་ཧཱཿ འཁོར་འདས་ཐམས་ཅད་རིག་པའི་ངང་དུ་པུཥྚིཾ་ཀུ་རུ་སྭཱ་ཧཱཿ འཁོར་འདས་ཐམས་ཅད་རིག་པའི་ངང་དུ་པཱ་ཤཾ་ཀུ་རུ་སྭཱ་ཧཱཿ དགྲ་བགེགས་དུག་ལྔ་དུག་གསུམ་ཐམས་ཅད་རིག་པའི་ངང་དུ་མཱ་ར་ཡ་ཕཊཿ བཅུ་པར་འོད་ལྔའི་མུ་ཁྱུད་བསྐོརཿ བཅུ་གཅིག་འོད་ལྔའི་ཕཊ་རིསཿ དེ་ནས་རབ་ཏུ་གནས་པ་ནིཿ ཡང་གསང་སྒྲུབ་པའི་གཞུང་བཞིན་ལཿ ཐིག་ལེ་ཆེན་པོའི་སྙིང་པོ་རྣམསཿ རྩ་སྔགས་ཉིད་དང་སྦྲེལ་བ་བཟླཿ ཤིས་པ་བརྗོད་ཅིང་མེ་ཏོག་གཏོརཿ རྟེན་འབྲེལ་སྙིང་པོས་རབ་ཏུ་གནསཿ དབང་བསྐུར་བྱེད་ན་སྡོམ་པ་གསུམཿ ཆོ་ག་བཞིན་དུ་བཟུང་བྱས་ལཿ བསྟན་བུར་བརྒྱ་ཕྲག་མཎྜལ་དབུལཿ ཚར་གཅིག་བཀླགས་ལ་སྤྱི་བོར་བཞགཿ ཧོཿ རྒྱལ་བ་རིག་འཛིན་ཞི་ཁྲོའི་ལྷཿ བཏགས་གྲོལ་སྲོག་གི་འཁོར་ལོ་འདིསཿ སྐལ་ལྡན་སློབ་མ་ཆེ་གེ་མོའིཿ སྒོ་གསུམ་སྨིན་པར་མཛད་དུ་གསོལཿ གྲོལ་ཞིང་གང་བར་མཛད་དུ་གསོལཿ རྒྱས་དང་འཕེལ་བར་མཛད་དུ་གསོལཿ ཀཱ་ཡ་ཝཱཀྐ་ཙིཏྟ་རཏྣ་ཀརྨཱ་ཨབྷི་ཥིཉྩ་སྭཱ་ཧཱཿ ཞེས་བརྗོད་གནས་ལྔར་གཏུགས་བྱིན་རློབསཿ འདི་ནི་ཆོས་སྐུའི་རིང་བསྲེལ་དངོསཿ སྡེ་གསུམ་རྒྱུད་ལུང་མན་ངག་དངཿ རྒྱལ་བ་ཡོངས་རྫོགས་སྲོག་འཁོར་ཡིནཿ སྤྱི་བོ་


JLAZ011_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་མཆན་ཁུང་དུཿ སུམ་བཅང་སྡིག་པ་ཀུན་ལས་གྲོལཿ དུས་གསུམ་རྒྱལ་བསྙེན་དང་མཚུངསཿ འདས་དུས་གདུང་དང་རང་བསྲེལ་དངཿ ས་གཡོ་སྒྲ་འོད་འཇའ་ཚོན་འབྱུངཿ ཉི་ཟླ་གཟས་ཟིན་ས་གཡོས་དངཿ འོད་དང་སྒྲ་དང་སད་སེར་རིམསཿ མུ་གེ་ཕྱུག་ནད་བྱུང་བའི་ཚེཿ བྱང་ཆུབ་སེམས་དང་ལྡན་པ་ཡིསཿ རིམ་བཞིན་རྣམ་སྣང་མི་བསྐྱོད་པཿ རིན་འབྱུང་དཔག་མེད་དོན་གྲུབ་དངཿ བཟང་མོ་རང་རང་རིགས་ཀྱི་ལྗགསཿ ཡིག་འབྲུས་མཚན་པར་བསྒོམ་སྟེ་བཀླགཿ ཚོགས་དང་མཆོད་པ་སྲོག་འདོན་དངཿ མཆོག་དམན་དུད་འགྲོ་ཡན་ཆད་ལཿ སྦྱིན་པ་གཏོང་ཞིག་རྣལ་འབྱོར་བསྒོམཿ ཉིན་ཞག་གཅིག་ལ་མཚོན་པ་ནཿ སྔ་ཞོག་བྱེར་དག་དྲོས་གཏིང་ཟུགཿ ཉིན་གུང་སྙོམས་ལ་དགོངས་ཁ་འཁྲུགཿ སྲོད་བྱེར་སྲོ་ཡོལ་ཟུག་པ་དངཿ ཕྱེད་སྙོམས་ཐོ་རེངས་འཁྲུག་པའི་ཚེཿ སོ་སོའི་དུས་གནད་ངེས་པ་བཞིནཿ བཀླག་དང་ཚོགས་བསག་རྒྱ་ཆེར་བྱཿ གསུང་སྔགས་མོས་པ་ཅན་ལ་གསུངསཿ དད་པ་ཅན་ལ་སྨོས་ཅི་དགོསཿ རྨོངས་པའི་དུད་འགྲོ་ལ་བཏགས་ཀྱངཿ ཐུགས་རྗེའི་དཔྱད་ཐག་ཆད་པ་མེདཿ ཐེ་ཚོམ་ལོག་ལྟ་ཅན་དག་ནིཿ རྡོ་རྗེ་གྱི་ཕྲིན་ལས་དངཿ འདུལ་ཚུལ་ཐབས་ཀྱིས་སྤངས་པའི་ཕྱིརཿ གསང་ཚིག་རིག་སྔགས་སྨན་དང་དཔྱདཿ རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུཿ ཀུན་ལ་བསྐུར་བས་བསླུ་འགྱུར་ཞིངཿ སྐལ་བ་ཆད་པ་སྙིང་རེ་རྗེཿ འདི་དང་མཇལ་ཞིང་མོས་པ་རྣམསཿ ལས་འཕྲོ་ཅན་དུ་གདོན་མི་ཟཿ སྙིང་ཏིག་བསྟན་པ་ཉམས་པའི་ཚེཿ ཀུན་ཏུ་བཟང་པོས་བྱིན་བརླབས་པཿ རང་བྱུང་རྡོ་རྗེ་དང་འཕྲད་ནསཿ མཐོང་ཐོས་དྲན་རེག་གྲོལ་བར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཿ

ཞི་ཁྲོ་ངན་སོང་སྦྱོང་བའི་ཆོག་སྒྲིགས་ཁྲོམ་དཀྲུགས་གསལ་བའི་རྒྱན་ཞེས་བྱ་བ་བཀླགས་ཆོག་མར་བཀོད་པ།


JLAZ011_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ངན་སོང་སྦྱོང་བའི་ཆོག་སྒྲིགས་ཁྲོམ་དཀྲུགས་གསལ་བའི་རྒྱན་ཞེས་བྱ་བ་བཀླགས་ཆོག་མར་བཀོད་པ་བཞུགས།


JLAZ011_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །བཀའ་གཏེར་ཟུང་དུ་འཇུག་པའི་ཞི་ཁྲོ་སྐོང་བཤགས་འདི་ལ་སྔོན་འགྲོ་དངོས་གཞི། རྗེས་གསུམ་གྱི། དང་པོ་ལའང་བཞི་ལས། དང་པོ་ཕྱི་རོལ་བསྐྲད་པ་ནི། སྔོན་གཏོར་ཨ་ཀཱ་རོས་བརླབསཿ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ལུས་ངག་ཡིད་ལ་གནོད་པའི་བགེགས། །བར་ཆད་འབྱུང་པོ་ཐམས་ཅད་ཀུན། །འདི་རུ་མ་འདུག་གཞན་དུ་དེངས། །ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ། །རྡོ་རྗེ་འཛིན་བྱེད་འབར་བའི་སྐུ། །ང་ཡི་བཀའ་ལས་འདས་གྱུར་ན། །ཐལ་


JLAZ011_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྡུལ་བཞིན་བརླག་པར་འགྱུར། །ཨོཾ་ཤྲཱི་བཛྲ་ཧྱ་གྷྲྀ་ཝ་རཱ་ཙ་ཧྲི་ཡ་ཧ་རི་ནི་ས་རཀྵ་ཨུ་ཙ་ཏ་ཡ་ཕཊཿ བགེགས་རྣམས་རྒྱ་མཚོའི་ཕ་མཐར་བྱེར་ནས་ཡེ་ཤེས་ཀྱི་མེ་དཔུང་གཅིག་ཏུ་འབར་བར་གྱུར། གཉིས་པ་མཆོད་རྫས་རྣམས་ལ་བསང་ཆུས་འཐོར་ཞིང༌། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཨརྒྷཾ་པཱ་དྱཾ་ པུཥྤེ་ ངྷུ་པེ་ ཨཱ་ལོ་ཀེ་ གྷནྡྷེ་ ནཻ་ཝི་དྱཱ་ ཤཔྟ་ཨོཾ་ཨཱཿཧཱུྃ། ཡོངས་སུ་གྱུར་པ་ལས་ཕྱི་ནང་གི་མཆོད་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་གང་བར་གྱུར། སྨན་གཏོར་རཀྟའི་སྔགས་ཀྱང་བརྗོད། གསུམ་པ་སྐྱབས་འགྲོ་ནི། ཕ་མས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་


JLAZ011_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བཞི་པ་སེམས་བསྐྱེད་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་སྒོམ། ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །དགའ་བ་ཆེན་པོ་དེ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ལན་གསུམ། གཉིས་པ་དངོས་གཞི་ལ་བདག་མདུན་གཉིས་ལས། དང་པོ་བདག་བསྐྱེད་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་མཐའ་དབུས་ལས་འདས་པའི་དག་ཆེན་ཡེ་ཤེས་ཀྱི་ཀློང་ཆེན་པོར་འོག་མིན་ལྷུན་གྱིས་གྲུབ་པའི་གཞལ་མེད་ཁང་ཤིན་ཏུ་ཉམས་དགའ་བ་ཕྱི་མཆོད་རྟེན་གྱི་རང་བཞིན་རྩེ་ལྔ་པ་ནང་རང་བྱུང་རྡོ་རྗེའི་གཞལ་ཡས་ཁང༌། མནན་ན་ནེམ་


JLAZ011_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། བཏེག་ན་འཕར་བ། ཕྱི་གསལ་ནང་གསལ། ཡེ་ཤེས་རིན་པོ་ཆེའི་ངོ་བོ་ལས་གྲུབ་པ། རྒྱ་ཁྱོན་དང་བཀོད་པ་བསམ་གྱིས་མི་ཁྱབ་པའི་མཐའ་བསྐོར་དུ་མཆོད་རྟེན་ཤིང་མེ་ཆུ་སྤྲིན་གྲུབ་པའི་རིག་འཛིན་ཞིང་སྐྱོང་གི་མཁའ་འགྲོ་མ་ལ་སོགས་པ་རྣམ་པ་བརྒྱད་ཀྱིས་མཚན་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་རང་བཞིན་འཇིགས་སུ་རུང་ཞིང་སྐྱི་གཡའ་བ། དེའི་མཐའ་བསྐོར་རྡོ་རྗེའི་རྭ་བ་དང་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་འཁྲིགས་པའི་གཞལ་མེད་ཁང་ཆེན་པོ་དེའི་དབུས་སུ། རང་བཞིན་གཞིའི་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཁ་ཡབ་ཡུམ་མཉམ་སྦྱོར་རྡོ་རྗེ་སྐྱིལ་ཀྲུང་མཉམ་གཞག་གིས་མཚན་པའི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དུ། མི་འཇིགས་སེང་གེའི་ཁྲི་སྟེང་པད་ཟླའི་གདན་ལ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཞལ་བཞིའི་རྩ་ཞལ་དཀར་པོ། གཡས་ཞལ་སེར་བ། གཡོན་ཞལ་དམར་བ། རྒྱབ་ཞལ་ལྗང་ཁུ། འཁོར་ལོ་འཛིན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་སྐྱིལ་ཀྲུང་དུ་བཞུགས་པའི་ཤར་དུ་གླང་པོ་ཆེ། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་གི་ཁྲི་སྟེགས་རྣམས་སུ་པདྨ་དང་ཟླ་བའི་དབུས་སུ་དེ་བཞིན་གཤེགས་པ་རིགས་བཞི་ཞལ་གཅིག་ཕྱག་གཉིས་གཡས་སོ་སོའི་རིགས་


JLAZ011_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡུ་བ་བྱས་པའི་རྡོ་རྗེ་དང༌། གཡོན་རྣམས་དྲིལ་བུ་འཛིན་པ། ལྔ་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་ཤིང་གྲི་ཐོད་འཛིན་པའི་རང་འོད་ཀྱི་ཡུམ་དང་འཁྲིལ་བ། དེ་དག་གི་ཕྱི་ནང་གི་གྲྭ་ཟུར་བཞིར་ནམ་མཁའི་སྙིང་པོ་ལ་སོགས་པ་ཕྱི་ནང་གི་སེམས་དཔའ་བརྒྱད་ལ་རྡོ་རྗེ་སྒེག་མོ་མ་ལ་སོགས་པའི་ཕྱི་ནང་གི་སེམས་མ་བརྒྱད་ཀྱིས་འཁྲིལ་བ་ཀུན་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་དག་གི་ཐུགས་རྗེའི་རྩལ་ལས་ཕྱོགས་བཞིའི་སྣམ་བུ་དང་སྟེང་འོག་གཉིས་སུ་ཐག་བཟངས་རིས་ལ་སོགས་པའི་སྤྲུལ་སྐུ་ཐུབ་པ་དྲུག་འགྲོ་བའི་དོན་ལ་གཤེགས་པའི་བརྡར་འགྲེང་བུར་བཞུགས་པ། སྒོ་བཞིར་སྒོ་བ་ཡབ་ཡུམ་རྣམས་ཁྲོ་བོ་ཆེན་པོའི་སྟངས་སྟབས་ཀྱིས་རོལ་ཞིང་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །དེ་དག་གི་སྐུའི་གསལ་སྣང་ལས་སྟེང་གི་ཆར་ཡེ་ཤེས་བསྐལ་པའི་མེ་དཔུང་རབ་ཏུ་འཁྲུགས་པའི་ཀློང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཚོམ་བུའི་དཀྱིལ་འཁོར་ཤིན་ཏུ་འཇིགས་སུ་རུང་བ། ཐམས་ཅད་ཀྱང་སྐུ་མདོག་དང་ཕྱག་མཚན་གཅིག་ཏུ་མ་ངེས་ཤིང་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་སྐད་ཅིག་དྲན་རྫོགས་སུ་གསལ་བར་གྱུར། །ཅེས་པས་གསལ་གདབ་བོ། །གལ་ཏེ་སློབ་མ་རྗེས་འཛིན་ནམ། ཚེ་འདས་ཀྱི་སྦྱོར་བ་ལ་སོགས་


JLAZ011_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དུ་ཡིན་ན་དབང་དོན་བུམ་པའི་དཀྱིལ་འཁོར་སྤྲུལ་པའང་ཆོ་ག་གཅིག་པོ་དེའི་སྒྲོམ་ནས་བསྐྱེད་པའི་ཚུལ་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ཚོགས་བསག་པའི་སླད་དུ་མདུན་བསྐྱེད་བསྒྲུབ་པ་ལ་སྦྱོར་བ་སེམས་བསྐྱེད་དང༌། དངོས་གཞིའི་རིམ་པ་གཉིས་ལས། དང་པོ་ལ་ཀུན་རྫོབ་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང༌། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དོན་དམ་ནི། ཨེ་མ་འོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་འོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསང༌། །འགག་པ་མེད་ལས་ཐམས་ཅད་འགགས། །འགགས་པ་ཉིད་ན་འགགས་པ་མེད། །ཨེ་མ་འོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་འོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསང༌། །དམིགས་པ་མེད་ལས་ཐམས་ཅད་དམིགས། །ཨེ་མ་འོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །གཉིས་པ་ལ་ཏིང་འཛིན་རྣམ་གསུམ། རྟེན་གཞལ་ཡས་བརྟེན་པ་ལྷ་བསྒོམ་པ། ཚོགས་བསག་པ་དང་བཞིའི། དང་པོ་ལའང་


JLAZ011_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས། དེ་བཞིན་ཉིད་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་མེད་པའོ། །ཀུན་སྣང་ནི། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང༌། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །རྒྱུའི་ཏིང་འཛིན་ནི། དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེར་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །གཉིས་པ་རྟེན་གཞལ་ཡས་ཁང་བསྒོམ་པ་ནི། སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་རྣམས་ཆད། །སྥ་ར་ཎ་ཕཊཿ སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་ཡོངས་སུ་གྱུར་ལས། །ནམ་མཁའ་ཡིད་ཀྱི་ནམ་མཁའ་ལ། །འབྱུང་ཆེན་བརྩེགས་པར་ལྷུན་གྱིས་གྲུབ། །དེ་སྟེང་རིན་ཆེན་སྣ་བཞི་ལས། །ལྷུན་གྱིས་གྲུབ་པ་ཚད་དཔག་མེད། །དེ་ལ་བརྟེན་པའི་ས་གཞི་ནི། །རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ། །མནན་ནེམ་བཏེག་འཕར་མཛེས་པའི་གཞི། །དེ་ལ་ཕོ་བྲང་གཞལ་ཡས་ཁང༌། །གྲུ་བཞི་ལྷམ་པ་མཛེས་པར་སྣང༌། །རིན་ཆེན་སྣ་བཞིའི་རྒྱུ་ལས་


JLAZ011_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །གློ་འབུར་བཞི་ཡང་མཁར་ཐབས་ཚུལ། །རིན་ཆེན་བཞི་ལས་གྲུབ་པའོ། །བུམ་པའི་རྩེ་མོ་ཆོས་ཀྱི་ཏོག །རྨ་བྱའི་མདོངས་ལྟར་བཀྲ་བའོ། །སྒོ་བཞི་སྒོ་ཁྱུད་རྣམས་ཀྱིས་བརྒྱན། །རྟ་བབས་བརྒྱད་དང་ཡང་དག་ལྡན། །དབུས་ན་འཁོརལོ་རྩིབས་བཞི་པ། །ལྟེ་བར་བཅས་ཤིང་རྩིབས་རྟེན་ལྡན། །གྲུ་ཆད་བར་ཁྱམས་མཛེས་པར་འབར། །རིན་ཆེན་འོད་ཟེར་འབར་བས་འཁྱིལ། །སེམས་ཅན་པདྨ་ཉི་ཟླ་དང༌། །རིན་ཆེན་འབར་བའི་གདན་མཆོག་དང༌། །རིན་ཆེན་ཁྲི་རྐང་རྣམ་བརྟེན་མཛེས། །ཕོ་བྲང་དེ་ཡི་རྒྱན་མཆོག་ཀྱང༌། །ཉི་ཟླ་ནོར་བུ་རིན་ཆེན་འབར། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དར་དང་དོ་ཤལ་མུ་ཏིག་ཕྲེང༌། །དྲིལ་བུ་དང་ནི་རྔ་ཡབ་ཚོགས། །རོལ་མོའི་ཆ་བྱད་སྣ་ཚོགས་བརྒྱན། །འཇིག་རྟེན་ལྷ་ཚོགས་མཛེས་པ་དང༌། །དེ་ལ་སོགས་ཏེ་རྒྱན་རྣམས་དང༌། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །གཞལ་ཡས་དེ་ཡི་སྒོ་བཞི་ན། །གླང་ཆེན་རྣམས་ཀྱིས་མཛེས་པར་བྱས། །རྟ་བབས་རྣམས་ཀྱིས་ཙོང་ཙོང་ལ། །གསེར་གྱི་དྲིལ་བུ་འབར་བ་དང༌། །དཀོན་མཆོག་གསུམ་གྱི་མཚན་ཡང་སྒྲོག །སྒོ་དྲུང་དེ་དག་རེ་རེ་ན། །ཏཱ་ལའི་སྐྱེ་ཤིང་ཙོང་ཙོང་བྲེས། །དྲི་དང་གཟུགས་དང་འོད་དུ་ལྡན། །


JLAZ011_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱ་ལའི་སྐྱེ་ཤིང་དེ་དག་ལ། །ཁུ་བྱུག་ལ་སོགས་བཀྲ་ཤིས་པའི། །བྱ་རྣམས་སྙན་པའི་སྐད་ཀྱང་སྒྲོག །སྒོ་དྲུང་དེ་དག་རེ་རེ་ན། །ཁྲུས་ཀྱི་རྫིང་བུ་དབྱིབས་ལེགས་པ། །བྲོ་མཆོག་ཡན་ལག་བརྒྱད་ལྡན་ཆུ། །གྲངས་མེད་དེ་དག་རེ་རེ་ན། །ལྷ་དང་ལྷ་མོ་བསམ་མི་ཁྱབ། །ཕྱི་རོལ་ཁོ་ར་ཁོར་ཡུག་ན། །རྩེ་ས་འཆགས་ས་བརྗོད་མི་ལོང༌། །དེ་ལ་སོགས་ཏེ་བསམ་ཡས་མཆོག །མ་བཙལ་ཡས་ནས་ལྷུན་གྱིས་གྲུབ། །དེ་ལྟའི་གཞལ་མེད་ཁང་ཆེན་དབུས། །སེང་གེ་བརྒྱད་ཀྱིས་རྣམ་བཏེག་ཅིང༌། །ཤར་ལྷོ་ནུབ་བྱང་གླང་ཆེན་རྟ། །ཁྱུང་དང་མཁའ་ལྡིང་གིས་བཏེག་པའི། །རིན་ཆེན་ཁྲི་རྐང་མཛེས་པའི་སྟེང༌། །པཾ་པདྨ་མཎྜ་ལ། མ་སཱུར་ཡ་མཎྜ་ལ། ཨ་ཙཎྜ་མཎྜ་ལ། གཙོ་བོ་ལྔ་ལ་ལྔ་བརྩེགས་གདན། །བྱ་བྱེད་གཉིས་ལ་བཞི་བརྩེགས་དང༌། །སེམས་དཔའ་སུམ་བརྩེགས་ཉི་རྐྱང་སྒོ། །ཐུབ་པ་དྲུག་པ་ལ་པད་རྐྱང་ངོ༌། །གསུམ་པ་བརྟེན་པ་ལྷའི་འཁོར་ལོ་སྒྲུབ་པའི་རིམ་པ་བཅུ་གསུམ་ལས། དང་པོ་མངོན་རྟོགས་སྒོམ་པ་ནི། རང་གི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པ་ལས་རིགས་བརྒྱའི་རང་བཞིན་ཡི་གེའི་སྤྲིན་ཕྱུང་ནས་མདུན་བསྐྱེད་ཀྱི་གཙོ་བོའི་གནས་པདྨའི་ལྟེ་བ་ལ་ཡིག་འབྲུ་དང་པོ་གཉིས་གནས་ཤིང༌། དེའི་ཕྱི་རོལ་ནས་པདྨ་འདབ་བཞི། འདབ་བརྒྱད། བཅུ་དྲུག །སུམ་ཅུ་རྩ་གཉིས། བཞི་བཅུ་པ་


JLAZ011_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཤར་ས་རིམ་པས་གཡས་བསྐོར་གྱིས། ཨོཾ། བ། ཛྲ། ས། ཏྭ། ས། མ། ཡ། མ། ནུ། པཱ། ལ། ཡ། བ། ཛྲ། ས། ཏྭ། ཏྭེ། ནོ། པ། ཏིཥ། ཋ། དྲྀ། ཌྷོ། མེ། བྷ། ཝ། སུ། ཏྭོ། ཥྱོ། མེ། བྷ། ཝ། སུ། པོ། ཥྱོ། མེ། བྷ། ཝ། ཨ། ནུ། རཀ། ཏོ། མེ། བྷ། ཝ། སར། བ། སིད། ངྷི། མྨེ། པྲ། ཡཙ། ཚ། སར། བ། ཀར། མ། སུ། ཙ། མེ། ཙིཏ། ཏཾ། ཤྲེ། ཡ། ཀུ། རུ། ཧཱུྃ། ཧ། ཧ། ཧ། ཧ། ཧོ། བྷ། ག། ཝཱན། སར། བ། ཏ། ཐཱ། ག། ཏ། བ། ཛྲ། མཱ། མེ། མུན། ཙ། བ། ཛྲཱི། བྷ། ཝ། མ། ཧཱ། ས། མ། ཡ། ས། ཏྭ། ཨཱ། ཧཱུྃ། ཕཊ། ཅེས་མུ་ཏིག་གི་ཕྲེང་བ་ལྟ་བུར་གསལ་བར་གྱུར་པ་ལ། ཨ་ཞེས་བརྗོད་པས་གཞིའི་ཨ་དེ་འོད་དུ་ཞུ་ནས་ཡིག་འབྲུ་རྣམས་ལ་ཁྱབ་པར་ཐིམ་པས་ཤིན་ཏུ་གསལ་ཞིང་འབར་བར་གྱུར། སྥ་ར་ཎ་ཕཊ། ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་ནས་ཡིག་འབྲུ་རྣམས་ལ་ཐིམ་པ་འོད་དུ་ཞུ་བ་ལས་ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་གྱི་འཁོར་ལོར་གྱུར་པ་ནི། ཧཱུྃ་བཛྲ་ས་ཏྭ། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་


JLAZ011_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་གཡས་དང་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་དང་པོ་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་འཁོར་ལོ་དང་རིན་པོ་ཆེ། ཐ་མ་གཉིས་ཀྱིས་པདྨ་དང་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །མཱུྃ་དྷཱ་ཏྭ་ཤྭ་རྭི། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་འཕང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་ཕྱག་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང༌། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན་ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ་ཞི་བའི་ཉམས་དགུས་བརྒྱན་པ། སངས་རྒྱས་ཀྱི་སྤྲིན་ཕུང་མཐའ་ཡས་པར་འཆར་བའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་


JLAZ011_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །དེའི་ཕྱི་རོལ་གྱི་འདབ་མ་བཞི་ལ། ཧཱུྃ་བཛྲ་ངྷྲིཀ །ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། མུཾ་དྷ་ཏྭེ་ཤྭ་རཱི། ལྷོར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ནུབ་ཏུ་ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་གི་ཕྱག་རྒྱ་ཅན། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨཾ། བྱང་དུ་ཀུན་ཏུ་བཟང་མོ་མཐིང་ག་ཐལ་མོ་ཐུགས་ཀར་སྦྱར་བའོ། །དེའི་ཕྱི་རོལ་གྱི་འདབ་མ་བརྒྱད་ལ་ཤར་ནས་རིམ་པ་བཞིན། ཨོཾ་ཛི་ན་ཛིཀ །རྣམ་སྣང་དཀར་པོ་གཡས་འཁོར་ལོ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ལྭཾ་དེ་ཥ་ཏི། སྤྱན་མ་དཀར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང༌། གཡོན་འཁོར་ལོ་ཐུགས་ཀར་འཛིན་པ། སྭཱཾ་རཏྣ་དྷྲིཀ །རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། མཾ་མོ་ཧ་ར་ཏི། མཱ་མ་ཀཱི་སེར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང༌། གཡོན་རིན་པོ་ཆེ་ཐུགས་ཀར་འཛིན་པ། ཨཱཾ་ཨ་རོ་ལྀཀ །སྣང་མཐའ་དམར་པོ་གཡས་པདྨ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། པཱཾ་རཱ་ག་ར་ཏི།


JLAZ011_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དཀར་མོ་དམར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང༌། གཡོན་པདྨ་ཐུགས་ཀར་འཛིན་པ། ཧཱཾ་པྲཛྙཱ་དྷྲིཀ །དོན་གྲུབ་ལྗང་གུ་གཡས་རྒྱ་གྲམ་ཐུགས་ཀར་འཛིན་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཏཱཾ་བཛྲ་ར་ཏི། དམ་ཚིག་སྒྲོལ་མ་ལྗང་གུ་གཡས་དྲིལ་བུ་དཀུར་བརྟེན་ཅིང༌། གཡོན་རྒྱ་གྲམ་ཐུགས་ཀར་འཛིན་པ། རིགས་ལྔ་ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་དང༌། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་ཀུན་དུ་བཟང་པོ་རྡོ་རྗེའི་སྐྱིལ་ཀྲུང་དང་བཟང་མོ་པདྨའི་སྐྱིལ་ཀྲུང་གིས་བཞུགས་ལ། ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་པའོ། །དེའི་ཕྱི་རོལ་གྱི་འདབ་མ་བཅུ་དྲུག་ལ། ཀྵིཾ་ཧི་རྭ་ཛ་ཡ། ས་སྙིང་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་དང༌། གཡོན་དྲིལ་བུ་འཛིན་པ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ། སྒེག་མོ་དཀར་མོ་ཁུ་ཚུར་གྱི་རྒྱས་མེ་ལོང་བསྣམས་པ། ཏྲཱྃ་ཨཱ་གརྦྷ་ཡ། ནམ་སྙིང་སེར་པོ་གཡས་རལ་གྲི་དང་གཡོན་དྲིལ་བུ་འཛིན་པ། ཏྲཱྃ་མཱ་ལྱེ་ས་མ་ཡ་ཧོ། ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་བསྣམས་པ། ཧྲཱིཿཧཱ་ཧཱུྃ་པདྨ་པྲ་དམ། སྤྱན་རས་གཟིགས་དམར་པོ་གཡས་པདྨ་གཡོན་དྲིལ་བུ་འཛིན་པ། ཧྲཱིཾ་གཱི་ཏི་རཱ་ཀོ྅ཧཾ། གླུ་མ་དམར་མོ་པི་ཝཾ་བསྣམས་པ། ཛྲིཾ་ཀུ་རུ་པཱ་ཎི། ཕྱག་རྡོར་མཐིང་ག་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པ། ཨོཾ་ནིརྟི་རཱ་ག་ཡ་མེ།


JLAZ011_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གར་མ་ལྗང་གུ་གར་རྒྱ་མཛད་པ། མཻ་དྷ་ར་ནི་སྭཱ་ཧཱ། བྱམས་པ་དཀར་སེར་གཡས་ཀླུ་ཤིང་དང་གཡོན་དྲིལ་བུ་འཛིན་པ། ཛཿདྷུ་པེ་པྲ་བེ་ཤ །སྤོས་མ་དཀར་སེར་སྤོས་ཁང་བསྣམས་པ། ཐླྷིཾ་ནིས་རཾ་བྷ་ཡ་སྭཱ་ཧཱ། སྒྲིབ་སེལ་དམར་སེར་གཡས་གླེགས་བམ་དང་གཡོན་དྲིལ་བུ་འཛིན་པ། ཧཱུྃ་པུཥྤེ་ཨཱ་བེ་ཤ །མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ་བསྣམས་པ། ཧཱུྃ་སྭཱ་རཱ་ཛ་ཡ་སྭཱ་ཧཱ། ཀུན་བཟང་དམར་ལྗང་གཡས་རིན་པོ་ཆེའི་སྙེ་མ་དང་གཡོན་དྲིལ་བུ་འཛིན་པ། བཾ་དཱི་པ་སུ་ཀི་རཱི། མར་མེ་མ་དམར་ལྗང་མར་མེ་བསྣམས་པ། མཱུཾ་ཤྲཱི་ཨཾ་རཱཾ་ག་ཡ་སྭཱ་ཧཱ། འཇམ་དཔལ་དཀར་ལྗང་གཡས་ཨུཏྤལ་དང་གཡོན་དྲིལ་བུ་འཛིན་པ། ཧོཿགནྡྷེ་ཙིཏྟ། དྲི་ཆབ་ལྗང་དཀར་དྲིའི་དུང་ཕོར་བསྣམས་པ་སྟེ་ཡབ་རྣམས་གཡས་བརྐྱངས་པའི་ཕྱེད་སྐྱིལ་དང༌། ཡུམ་རྣམས་གཡོན་བརྐྱངས་པའི་ཕྱེད་སྐྱིལ་གྱིས་བཞུགས་པ། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །དེའི་ཕྱི་རོལ་གྱི་འདབ་མ་སོ་གཉིས་ལ། ཧཱུྃ་ཡ་མཱནྟ་ཀྲིཏ་ཕཊ། གཤིན་རྗེ་གཤེད་སྨུག་ནག་རྣྲི་མགོ་གདེངས་པ་འཛིན་པ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པ། ཧཱུྃ་པྲ་ཛྙཱནྟ་ཀྲིཏ་ཕ྄ཊ། སྟོབས་པོ་ཆེ་སེར་ནག་


JLAZ011_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་པ། ཨོཾ་མ་ཧཱ་རཏྣ་དྷ་ར་ཕ྄ཊ། ཞགས་པ་མ་སེར་ནག་ཞགས་པ་འཛིན་པ། ཧཱུྃ་པདྨནྣ་ཀྲིཏ་ཕ྄ཊ། རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་འཛིན་པ། ཨོཾ་མ་ཧཱ་པདྨ་དྷ་ར་ཕ྄ཊ། ལྕགས་སྒྲོག་མ་དམར་ནག་ལྕགས་སྒྲོག་འཛིན་པ། ཧཱུྃ་བིགྷྣནྟ་ཀྲིཏ་ཕ྄ཊ། བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་འཛིན་པ། ཨོཾ་མ་ཧཱ་ཀརྨ་ཏ་ཀྲིཏ་ཕཊ། དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ཁྲོ་གཏུམ་མི་བཟད་པའི་ཉམས་ཅན་གྱད་ཀྱི་འདོར་སྟབས་སུ་བཞུགས་པའོ། །ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ། ལྷའི་ཐུབ་པ་དཀར་པོ་པི་ཝཾ་འཛིན་པ། ཨོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། ལྷ་མིན་གྱི་ཐུབ་པ་མཐིང་ག་གོ་ཆ་འཛིན་པ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། མིའི་ཐུབ་པ་སེར་པོ་གསེག་པར་འཛིན་པ། ཨོཾ་མུ་ནེ་བྲཾ་སྭཱ་ཧཱ། བྱོལ་སོང་གི་ཐུབ་པ་དམར་ནག་པུསྟི་འཛིན་པ། ཨོཾ་མུ་ནེ་ཀྴཾ་སྭཱ་ཧཱ། ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པ། ཐམས་ཅད་ཀྱང་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་འགྲོ་བའི་དོན་ལ་བཞེངས་སྟབས་ཀྱིས་གནས་པའོ། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧོཾ་ཧཱུྃ་ཧཱུྃ་ཕཊ། རྡོ་རྗེ་ཁྲག་འཐུང་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་


JLAZ011_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་དགུ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྩེ་ལྔ་དང་ཏི་ར། གཡོན་གཉིས་དུང་དམར་དང་འཇིག་རྟེན། ཞབས་གཉིས་རུ་ཏྲ་ཕོ་མོའི་གདན་ལ་རོལ་པ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། རྡོ་རྗེ་ཁྲག་འཐུང་མ་སྔོན་མོ་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྟནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། སངས་རྒྱས་ཁྲག་འཐུང་སྨུག་ནག་སྨུག་ལྗང་སེར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར། གཡོན་གཉིས་དུང་དམར་དང་ཁ་ཊྭཾ་ཀ །ཞབས་བཞི་དྲི་ཟ་ཕོ་མོའི་གདན་ལ་རོལ་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་ཏི་ཤྭ་རཱི་སརྦ་དུཥྚནྟ་ཧཱུྃ་ཕཊ། སངས་རྒྱས་ཁྲག་འཐུང་མ་སྨུག་ནག་གཡས་དྲིལ་བུ་དང༌། གཡོན་དུང་དམར་དམར་སྟོབ་པ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། རིན་ཆེན་ཁྲག་འཐུང་སེང་ནག་སེར་སྨུག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རིན་པོ་ཆེ་དང་དྲིལ་བུ། ལྷག་མ་གཉིས་རྡོ་རྗེ་དང་ཏི་ར། གཡོན་གཉིས་དུང་དམར་དང་དགྲ་སྟྭ། ཞབས་བཞི་གཤིན་རྗེ་ཕོ་མོའི་གདན་ལ་རོལ་པ། ཨོཾ་མ་ཧཱ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་དམ་ཧཱུྃ་ཕཊ། རིན་ཆེན་ཁྲག་


JLAZ011_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་སེར་ནག་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཾནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། པདྨ་ཁྲག་འཐུང་མ་དམར་ནག་དམར་སེར་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་པདྨ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར། གཡོན་གཉིས་དུང་དམར་དང་རྔེའུ་ཆུང་།ཞབས་བཞི་ཀླུ་དབང་ཕོ་མོའི་གདན་ལ་རོལ་པ། ཨོཾ་ཧྲཱི་ཧུ་ཏ་ས་མ་ཏ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཁཱ་ཧི་ཧཱུྃ་ཕཊ། པདྨ་ཁྲག་འཐུང་མ་དམར་ནག་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ལས་ཀྱི་ཁྲག་འཐུང་ལྗང་ནག་ལྗང་དམར་སྨུག་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྒྱ་གྲམ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར་གཡོན་གཉིས་དུང་དམར་དང་མཐོང་གཤོལ། ཞབས་བཞི་གནོད་སྦྱིན་ཕོ་མོའི་གདན་ལ་རོལ་པ། ཨོཾ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ཤྭ་ཧཱུྃ་ཕཊ། ལས་ཀྱི་ཁྲག་འཐུང་མ་ལྗང་ནག་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ཡབ་རྣམས་ཞབས་གཡས་བརྐྱངས་དང་ཡུམ་རྣམས་གཡོན་བརྐྱངས་པའི་དོར་སྟབས་ཀྱི་ཚུལ་ཅན། ཐམས་ཅད་ཀྱང་གར་དགུའི་རོས་སྒེག་ཅིང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པའོ། །ཨོཾ་བཛྲ་གཽ་རཱི་ཧ། གཽ་རཱི་སྔོན་མོ་གཡས་ཞིང་དབྱུག་དང་


JLAZ011_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བྷན་དམར་འཛིན་པ། ཨོཾ་བཛྲ་ཙཽ་རཱི་ཧ། ཙཽ་རཱི་མ་སེར་མོ་མདའ་གཞུ་འགེངས་པ། ཨོཾ་བཛྲ་པྲ་མོ་ཧེ་ཧ། པྲ་མོ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་ཕྱར་བ། ཨོཾ་བཛྲ་བཻ་ཏ་ལཱི་ཧ། བེ་ཏ་ལི་ནག་མོ་རྡོ་རྗེ་དང་ཞིང་ཆུང་འཛིན་པ། ཨོཾ་བཛྲ་པུཀྐ་སཱི་ཧ། པུཀྐ་སཱི་དམར་སེར་ཞིང་ཆུང་གི་རྒྱུ་མ་འདྲེན་པ། ཨོཾ་བཛྲ་གྷསྨ་རི་ཧ། གྷསྨ་རཱི་ལྗང་གུ་གཡོན་དུང་ཁྲག་གཡས་པའི་རྡོ་རྗེས་དཀྲུགས་པ། ཨོཾ་བཛྲ་སྨ་ཤ་ནཱི་ཧ། སྨ་ཤ་མཐིང་ནག་བྱིས་པའི་རོ་བཟུང་ནས་སྙིང་ཟ་བ། ཨོཾ་བཛྲ་ཙཎྜ་ལཱི་ཧ། ཙཎྜ་ལཱི་སེར་སྐྱ་ཞིང་ཆུང་གི་མགོ་ལུས་འདྲལ་བ། ཐམས་ཅད་ཀྱང་གཅེར་བུ་ལང་ཚོས་སྒེག་ཅིང་ཁྲོ་འཛུམ་བཞད་པ་དུར་ཁྲོད་རོལ་པའི་ཆས་ཅན་གཡོན་བརྐྱངས་པའི་སྟབས་ཀྱིས་གནས་པའོ། །དེའི་ཕྱི་རོལ་གྱི་འདབ་མ་བཞི་བཅུ་ལ། ཨོཾ་བཛྲ་སིངྷ་མུ་ཁཱི་ཧེ། སེང་གདོང་མ་སེར་མོ་རོ་ཟ་ཞིང་ལག་གཉིས་ཐུགས་ཀར་བསྣོལ་བ། ཨོཾ་བཛྲ་བྱ་གྷྲི་མུ་ཁཱི་ཧེ། སྟག་གདོང་མ་དམར་མོ་ལག་གཉིས་ཐུར་དུ་བསྣོལ་བས་རོ་བཟུང་བ། ཨོཾ་བཛྲ་ཤྲཱི་གཱ་ལ་མུ་ཁཱི་ཧེ། ཝ་གདོང་མ་ནག་མོ་ཞིང་ཆུང་ལྕེས་ལྡག་པ། ཨོཾ་བཛྲ་ཤྭ་ན་མུ་ཁཱི་ཧེ། སྤྱང་གདོང་མ་དམར་ནག་ཞིང་ཆུང་གི་ཁོག་པ་འདྲལ་བ་སྟེ། མཆེ་བ་ཅན་བཞི། ཨོཾ་བཛྲ་ཀྲྀ་ཌྷ་མུ་ཁཱི་ཧེ། རྒོད་གདོང་མ་དམར་མོ་ཞིང་གི་རྒྱུ་མ་འདྲེན་པ། ཨོཾ་


JLAZ011_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཀངྐ་མུ་ཁཱི་ཧེ། ཀངྐའི་གདོང་མ་དམར་སྐྱ་བའམ་རོ་ཕྲག་པར་ཁུར་བ། ཨོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། བྱ་རོག་གདོང་ཅན་ནག་མོར་རལ་གྲི་དང་བྷན་དམར་འཛིན་པ། ཨོཾ་བཛྲ་ཨུ་ལུ་ཀ་མུ་ཁཱི་ཧེ། འུག་གདོང་མ་མཐིང་ནག་རྡོ་རྗེའི་དབྱུག་པ་འཛིན་པ་སྟེ་གཤོག་པ་ཅན་བཞིའོ། །ཨོཾ་བཛྲ་ཨཱར་ཡ་ཏེ་ཛ་ཏེ་ར་ཛ། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན་པ། ཨོཾ་བཛྲ་ཨ་མུ་ཁཱི་ཧེ་ཧཱུྃ། ཕག་གདོང་མ་ནག་མོ་ཞགས་པ་འཛིན་པ། ཨོཾ་བཛྲ་ལོ་ཀ་བཾ། སེང་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ། ཨོཾ་བཛྲ་བྷསྨི་བཱ་ལ་ཡ་བ་ཏུ་ཧོ། སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་གཅེར་བུ་རང་རང་ཁྲོས་པའི་ཞལ་ཅན་དུར་ཁྲོད་འབར་བའི་ཆས་དང་ལྡན་པའོ། །མ་ནུ་རཀྵ་སཱི་བྷྱོ། བྲ་ཧྨ་ཎཱི་བྷྱོ། རཽ་ཏྲི་བྷྱོ། ཀུ་མ་རཱི་བྷྱོ། བེཥྞ་བཻ་བྷྱོ། ཨིནྡྲ་ཎི་བྷྱོ། སྲི་མོ་དམར་སེར་གཡག་གདོང་ཏྲི་ཤུལ་འཛིན་པ། ཚངས་པ་དམར་སྐྱ་སྦྲུལ་གདོང་རྡོ་རྗེ་རྩེ་ལྔ་འཛིན་པ། འཁྲུག་མོ་སེར་ནག་གཟིག་གདོང་དབྱུག་ཏོ་དང་སྡིགས་མཛུབ། བརྒྱ་བྱིན་མ་དཀར་དམར་སྲེ་མོང་མགོ་ཅན། དུང་དམར་འཛིན་པ། ཁྱབ་འཇུག་སེར་མོ་ཕ་ཝང་མགོ་ཅན་འཁོར་ལོ་འཛིན་པ། དབང་མོ་དམར་སྐྱ་དྲེད་གདོང་བམ་དབྱུག་འཛིན་པའོ། །ཨོཾ་བཛྲ་པིངྒ་ལཾ་བྷྱོ། ཨ་མྲྀ་བྷྱོ། སཽ་མྱ་བྷྱོ། དཎྜ་དམ་བྷྱོ། རཀྵ་སཱི་བྷྱོ། བྷཀྵ་སཱི་བྷྱོ། ཞི་བ་དམར་མོ་


JLAZ011_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དོམ་མགོ་ཅན་རྒྱུ་ཞགས་འཛིན་པ། བདུད་རྩི་སྔོན་མོ་ཆུ་སྲིན་མགོ་ཅན་བུམ་པ་འཛིན་པ། ཞི་བ་མ་སྔོ་སྐྱ་སྡིགས་པའི་མགོ་ཅན་པུཎྜ་རི་ཀ་འཛིན་པ། བེ་ཅོན་མ་ནག་མོ་ཁྲ་མགོ་ཅན་ཐོད་རློན་འཛིན་པ། སྲིན་མོ་དམར་ནག་ཝ་གདོང་ཅན་རྒྱུ་ཞགས་འཛིན་པ། ཟ་བྱེད་ནག་མོ་སྟག་མགོ་བམ་ཆེན་འཛིན་པའོ། །ར་ཏི་བཛྲ་བྷྱོ། རུ་དྷི་ར་མཱཏྟ་བྷྱོ། ཨེ་ཀ་ཙ་རི་ཎི་བྷྱོ། མ་ནོ་ཧ་ར་མ་བྷྱོ། སིདྡྷི་ཀ་མ་བྷྱོ། ཝ་ཡ་ཝི་བྷྱོ། དགའ་བྱེད་དམར་མོ་རྒོད་གདོང་ཁོག་ཆེན་འཛིན་པ། ཁྲག་འཐུང་མ་དམར་ནག་རྟ་གདོང་རྡོ་རྗེའི་དབྱུག་པ་འཛིན་པ། གཅིག་སྤྱོད་མ་དཀར་དམར་ཁྱུང་གདོང་བྷན་དམར་འཛིན་པ། འདོད་པ་དམར་སེར་ཁྱི་གདོང་བྱིས་བམ་འཛིན་པ། ནོར་སྲུང་དཀར་དམར་པུ་ཤུད་མགོ་ཅན་པདྨ་འཛིན་པ། རླུང་མོ་དམར་སྐྱ་ཤ་བའི་མགོ་ཅན་བ་དན་འཛིན་པའོ། །མ་ཧཱ་མ་ར་ཎ་བཛྲ་བྷྱོ། ཨགྣི་བྷྱོ། ཝ་ར་ཧི་བྷྱོ། ཙ་མུཎྜི་བྷྱོ། སུ་ཏ་ནི་བྷྱོ།ཝ་རུ་ཎི་བྷྱོ། གསོད་བྱེད་མ་ལྗང་ནག་སྤྱང་གདོང་རྔེའུ་ཆུང་འཛིན་པ། མེ་མོ་དམར་སེར་སྐྱིན་གདོང་མེ་སྒྲོན་འཛིན་པ། ཕག་མོ་ལྗང་སེར་ཕག་གདོང་མཆེ་བ་འཛིན་པ། རྒན་བྱེད་ལྗང་སྔོན་ཁྭ་ཏའི་མགོ་ཅན་དུང་ཁྲག་འཛིན་པ། སྣ་ཆེན་ལྗང་དམར་བ་ལང་མགོ་ཅན་བམ་ཆེན་འཛིན་པ། ཆུ་ལྷ་མ་ལྗང་ནག་


JLAZ011_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གདོང་བདུད་རྩིའི་ཐོད་པ་འཛིན་པའོ། །བཛྲ་མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀཱ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལམྦྷོ་དྷ་ར་བྷྱོ། ནག་མོ་ཆེན་པོ་ཁུ་བྱུག་མགོ་ཅན་ལྕགས་ཀྱུ་འཛིན་པ། རྡོ་རྗེ་སྔོན་མོ་ར་གདོང་རྒྱུ་ཞགས་འཛིན་པ། བུམ་རྣམ་དམར་མོ་སེང་གདོང་ལྕགས་སྒྲོག་འཛིན་པ། བསུས་འཛིན་མ་ལྗང་ནག་སྐྱ་ཀའི་མགོ་ཅན་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་དྲག་མོའི་གཟུགས་ཅན་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་ཏེ་ཞིང་གི་གདན་ལ་རོལ་པའོ། །གཞན་ཡང་དཀྱིལ་འཁོར་ཆེན་པོའི་ཕྱིའི་ཁོར་ཡུག་ལ་སྤྲུལ་པ་དང་ཡང་སྤྲུལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་རྐྱང་རང་རང་གི་རྒྱན་དང་ཆ་ལུགས་དང་ལྡན་ཞིང་སོ་སོའི་འཁོར་གྱིས་བསྐོར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་མངོན་པར་སྣང་བའི་སྒྱུ་འཕྲུལ་གྱི་རོལ་མོ་བསམ་གྱིས་མི་ཁྱབ་པ་དམ་ཚིག་གི་འཁོར་ལོར་རྫོགས་པར་གྱུར། དེ་ལྟར་དུ་གསལ་བའི་ལྷ་ཚོགས་རྣམས་ཀྱི་སྲོག་གི་གོར་རང་དང་རྣམ་པ་མཐུན་པའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་སོ་སོའི་ས་བོན་གྱིས་མཚན་པར་གྱུར། གཉིས་པ་བྱིན་གྱིས་བརླབ་པ་ནི། ལྷ་རྣམས་སོ་སོའི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་གནས་པའི་ཨཱཿདམར་པོ། སྙིང་ར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་སོ་སོའི་འོད་ཟེར་གྱིས་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་


JLAZ011_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱོན། ཡི་གེ་གསུམ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྤྱི་བོར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། མགྲིན་པ་སྣང་མཐའ་དམར་པོ་པདྨ་འཛིན་པ། སྙིང་ཁར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གྱུར། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་སོ་སོར་གཏུགས་པ་དང་བསྟུན་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མགྲིན་པར་ཀཱ་ཡའི་གནས་སུ་ཝཱཀྐ་དང་སྙིང་ཀར་ཙིཏྟ་སྦྱར་རོ། །གསུམ་པ་དབང་བསྐུར་བ་ནི། ལྷ་ཚོགས་དེ་རྣམས་སོ་སོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རབ་འབྱམས་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷའི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་བསྐུལ་བས་དེ་རྣམས་གཉིས་མེད་དུ་མཉམ་པར་རོལ། རྗེས་ཆགས་ཀྱི་མེས་ཞུ་བས་ཡེ་ཤེས་ལྔའི་ཆུ་རྒྱུན་ལྷ་སོ་སོའི་དབུའི་གནས་ལྔར་བབས་ཏེ་དབང་བསྐུར་བར་གྱུར། རྡོ་རྗེ་སྤྱི་བསྡམས་ལས་གུང་མོ་གཉིས་བརྐྱངས་པ་སྤྱི་བོར་བཞག་སྟེ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ་མཛུབ་མོ་བརྐྱངས་པ་དཔྲལ་བར། ཨོཾ་མ་ཧཱ་ཨ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྲིན་ལག་བརྐྱངས་པ་རྣ་ལྟག་གཡས་པར། ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མཐེ་བོང་བརྐྱངས་པ་ལྟག་པར། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མཐེའུ་ཆུང་བརྐྱངས་པ་རྣ་ལྟག་གཡོན་པར། ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་དབང་


JLAZ011_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར། ཆུ་ལྷག་མ་སྤྱི་བོར་བརྟེན་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། བཞི་པ་སྤྱན་འདྲེན་ནི། ཨོཾ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་མ་ཡ་ཛཿ ལྔ་པ་བཞུགས་གསོལ་ནི། ཨཱཿ ཡེ་ཤེས་སྤྲུལ་པའི་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༌། །ཐུགས་རྗེའི་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་བཞིན་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་ལྔ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། བདུན་པ་སྣང་བ་ཡབ་ཀྱི་མཆོད་སྤྲིན་ནི། ཨོཾ་དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མའི་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། ཕྱི་ནང་གསང་བའི་མཆོད་པ་


JLAZ011_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོས་མཆོད། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་རཱུ་པ་ཤཔྟ་གྷནྡྷེ་རཱ་ས་པར་ཤེ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིང་ཏ་པཱུ་ཙ་ཨཱཿཧཱུྃཿ བརྒྱད་པ་སྟོང་པ་ཡུན་གྱི་མཆོད་པ་ནི། ཨཱཿ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས། །གཉིས་མེད་བྱང་ཆུབ་སེམས་ཀྱི་མཉེས་གྱུར་ཅིག །ཛཿཧཱུྃ་བཾ་ཧོཿ མ་ཧཱ་སུ་ཁཱ་ཨ་ནུ་རཱ་ག་ཡ་མི། དགུ་པ་ཟུང་འཇུག་ཆོས་སྐུའི་མཆོད་པ་ནི། ཧཱུྃ། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང༌། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་བརྗོད་ལས་འདས། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །བྷོ་དྷི་ཙིཏྟ་ཨ་ལ་ལ་ཧོ། བཅུ་པ་བསྟོད་པ་ནི། ཧཱུྃ། ཆོས་དབྱིངས་ཡེ་ཤེས་མཉམ་པའི་ངང༌། །རང་བཞིན་ཡོན་ཏན་ལྷུན་གྱིས་གྲུབ། །ཐུགས་རྗེ་ཡིད་བཞིན་ནོར་བུ་འདྲ། །ཕྱག་འཚལ་གདོད་མའི་མགོན་པོ་ལ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཉོན་མོངས་དུག་ལྔ་རྣམས་སྦྱོར་ཞིང༌། །འབྱུང་ལྔའི་ཁམས་ནི་རྣམ་དག་པ། །ཕྱག་འཚལ་རྒྱལ་བ་རིགས་ལྔ་ལ། །བཅུ་དྲུག་ཡེ་ཤེས་ངོ་བོ་ཉིད། །གཟུང་འཛིན་དྲི་མ་རྣམ་སྤྱོང་ཞིང༌། །རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །ཕྱག་འཚལ་སེམས་དཔའ་ཡབ་ཡུམ་ལ། །ཚད་


JLAZ011_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡེ་ཤེས་ངོ་བོ་ཉིད། །སྐྱེ་གནས་དྲི་མ་རྣམ་སྦྱོང་ཞིང༌། །འབྱུང་ལྔའི་ཁམས་ནི་རྣམ་དག་པ། །ཕྱག་འཚལ་སྒོ་བ་ཡབ་ཡུམ་ལ། །ཕ་རོལ་ཕྱིན་དྲུག་ངོ་བོ་ཉིད། །ཁམས་དྲུག་དྲི་མ་རྣམ་སྦྱོང་ཞིང༌། །ཚོགས་དྲུག་རྣམ་ཤེས་རྣམ་པར་དག །ཕྱག་འཚལ་ཐུབ་པ་དྲུག་ལའོ། །ཞི་ལས་ཡེ་ཤེས་རྣམ་འཕྲོས་པས། །འཇིགས་གཟུགས་ཁྲོ་བོའི་དཀྱིལ་འཁོར་ནི། །ལྔ་བཅུ་རྩ་བརྒྱད་འབར་བའི་སྐུ། །ཕྱག་འཚལ་དབྱིངས་ཀྱི་དཀྱིལ་འཁོར་ལ། །ས་དང་ཡེ་ཤེས་ཞིང་ཁམས་ལ། །འཇིག་རྟེན་འདས་དང་མ་འདས་ཚུལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ན། །བཞུགས་པའི་འགྲོ་བ་ཀུན་ལ་འདུད། །བཅུ་གཅིག་པ་ཛབ་ལ་བདག་མདུན་བུམ་གསུམ་ལས། དང་པོ་ནི། རྣམ་སྣང་ཐུགས་ཀྱི་དཀྱིལ་འཁོར་དུ། །གསེར་གྱི་རྡོ་རྗེ་རྩེ་ལྔ་པའི། །ལྟེ་བར་ཉི་ཟླ་ཁ་སྦྱོར་དབུས། །སྲོག་གི་སྙིང་པོ་ཡི་གེ་ཨོཾ། །དེ་མཐར་སྔགས་ཕྲེང་གཡས་སུ་འཁོར། །འོད་ཟེར་འཕྲོས་པས་འཕགས་པ་མཆོད། །རིགས་དྲུག་སྡུག་བསྔལ་གཏན་ནས་སྦྱངས། །སྣོད་བཅུད་འོག་མིན་ཞིང་དུ་བསྒྱུར། །ཚུར་འདུས་བདག་ལ་ཐིམ་པ་ཡིས། །མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགས། །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿཧཱུྃ། ཞི་བ་ཡོངས་རྫོགས་སྙིང་པོ་སྟེ། །བསྙེན་པའི་ཚུལ་དུ་བཟླས་པ་བྱ། །འབུམ་ཕྲག་བཅོ་ལྔ་ཐོན་རྗེས་སུ། །དྲག་པོར་སྒྲུབ་པ་འདི་ལྟ་སྟེ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། རུ་ལུ་བཟླ་སྐབས་རྣམ་སྣང་


JLAZ011_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། །རྡོ་རྗེ་རྩེ་གསུམ་དམར་པོ་ཡི། །ལྟེ་བར་ཨཱཿདམར་རུ་ལུས་བསྐོར། །དེ་ལས་འོད་འཕྲོས་སྟེང་ཕྱོགས་ཀྱི། །ཁྲོ་བོའི་དཀྱིལ་འཁོར་གསལ་བར་བྱས། །དེ་དག་ཐུགས་དམ་རྒྱུད་བསྐུལ་ཏེ། །རུ་ལུ་གྲགས་སྟང་སྐྱེ་མེད་སྒྲ། །འབྲུག་སྟོང་བཞིན་དུ་སྒྲོགས་པར་བསམ། །བྱེ་བ་གསུམ་དུ་བཟླས་གྱུར་ན། །བྲིས་སྐུ་བཞག་ཅིང་བདུད་རྩི་ཁོལ། །སྣང་བ་ཞི་ཁྲོའི་སྐུ་རུ་འཆར། །གྲགས་པ་གསུང་དུ་ལྷང་གིས་འགྱུར། །རིག་པ་ཆོས་ཉིད་དོན་དང་མཇལ། །མཆོག་མཐུན་དངོས་གྲུབ་འབད་མེད་འབྱུང༌། །དེ་ནས་ལས་ལ་སྦྱོར་བ་ནི། །སྦྱང་གཞི་ང་རུ་འཛིན་པའི་བདུད། །ལས་ངན་སྒྲིབ་པའི་ཕུང་པོ་ལ། །སྦྱོང་བྱེད་རྩ་རིག་ཟབ་མོ་ནི། ཨོཾ་ན་མོ་ཕྱག་འཚལ་ལོ།བྷ་ག་ཝ་ཏེ་བཅོམ་ལྡན་འདས་སརྦ་དུརྒ་ཏེ་ངན་སོང་ཐམས་ཅད་པཱ་རི་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཤྭ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། དེ་བཞིན་གཤེགས་པ། ཨརྷ་ཏེ། དགྲ་བཅོམ་པ། སཾ་མྱག་སཾ་བུདྡྷ་ཡ། ཡང་དག་པར་རྫོགས་པའི་སངས་རྒྱས་ཏདྱ་ཐཱ། འདི་ལྟ་སྟེ།ཨོཾ་ ཤྭ་ དྷ་ནེ་སྦྱོང་ཤྭ་དྷ་ནེ་སྦྱོང་སརྦ་པཱ་པཾ་བི་ཤྭ་དྷ་ལས་སྒྲིབ་ཐམས་ཅད་རྣམ་པར་སྦྱོང༌ནེ་སྭཱ་ཧཱ། བཟླས་དམིགས་ཐུགས་ཀར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་བུན་བུན་འཕྲོས། ཞལ་ཕྱོགས་བཞིར་གཟིགས་པའི་སྨིན་མཚམས་ལས་ཐོན་ངན་སོང་ན་གནས་པ་དང་དམིགས་བྱའི་དོན་བྱས། སྡིག་སྒྲིབ་ཐམས་ཅད་སྦྱངས། དེ་དག་གི་རྣམ་ཤེས་འོད་ཀྱི་རྣམ་པར་གྱུར་བ་དང༌། ལྷན་ཅིག་ཐུགས་ཀར་བསྡུས་ཏེ་མཉམ་པར་འཇོག་པ་མན་ངག་ཡིན། འབུམ་ཕྲག་གཅིག་ནི་སུས་བཟླས་པ། །


JLAZ011_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་ལྔ་ཡི་ལས་ཀྱང་བྱང༌། །བླ་མེད་ཐེག་པའི་སྤྱི་ཁྲུས་དང༌། །ཡོ་ག་ངན་སོང་སྦྱོང་བའི་རྒྱུད། །གཉིས་མེད་ཟུང་འཇུག་མན་ངག་སྟེ། །ཡེ་ཤེས་ལྷ་ལ་རང་རྒྱུད་དང༌། །ཐེག་པ་མཐོ་དམན་རྩིས་གདབ་མེད། །བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང༌། །འདི་ནི་ངེས་གསང་ཐེག་པ་ཡིན། །ཁྱད་ཆོས་བླ་ན་མེད་པའོ། །ས་མ་ཡ། གཉིས་པ་ནི། དབང་དོན་བུམ་པའི་དཀྱིལ་འཀོར་སྤྲུལ་པ་ཡིན་ན་གཟུངས་ཐག་ལ་འཇུས་ནས། བདག་གི་ཐུགས་ཁ་ནས་སྤྲོས་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང༌། རྣམ་རྒྱལ་བུམ་པ་མཚན་ཉིད་ཚང་བའི་ནང་གཞལ་མེད་ཁང་གི་རྣམ་པར་རྫོགས་པའི་བརྟེན་པའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་སོ་སོའི་ཐུགས་ཀེར་ཨཱཿཡིག་རེ་རེ་དང༌། གཙོ་བོ་རྣམ་སྣང་གི་ཐུགས་ཀར་ཟླ་གདན་ལ་ཨཱ་ལི་ཀཱ་ལིའི་ཕྲེང་བ་གཡས་སུ་འཁོར་བ་ལས་འཕྲོས་པའི་འོས་ཟེར་གྱི་དམིགས་བྱའི་སྡིག་སྒྲིབ་སྦྱངས་པར་བསམ་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་དྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། སརྦ་པཱ་པཾ་ཤཱཾནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་བཟླས་མཐར་ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་མཆོད་ཡོན་ཕུལ་ལ་ལྷ་འོད་ཞུ་བྱ། གསུམ་པ་མདུན་བསྐྱེད་ཀྱི་བཟླས་པ་ནི། མདུན་བསྐྱེད་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པའི་དམ་པ་རིགས་བརྒྱ་ཐམས་ཅད་ཀྱང་རང་འདྲའི་ཡེ་


JLAZ011_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་དཔའ་དང་ལྡན་པའི་ཐུགས་ཀར་རང་རང་གི་ཏིང་འཛིན་སེམས་དཔའི་ངོ་བོ་ཡི་གེ་བརྒྱ་པའི་ཡིག་འབྲུ་རེ་རེ་གསལ་བ་ལས་བདག་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ། སྥ་ར་ཎ་ཕཊ། ཅེས་བརྗོད་པས་ཡིག་འབྲུ་སོ་སོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། བདེ་སྟོང་གི་མཆོད་པས་དགྱེས་པ་བསྐྱེད། སཾ་ཧ་ར་ཎ་ཧཱུྃ། ཞེས་བརྗོད་པས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ལ་ཐིམ་པས་གསལ་བརྟན་གྱི་གཟི་བྱིན་འབར། ལྷ་ཚོགས་རྣམས་ཀྱི་ཞལ་ནས་གསང་སྔགས་ཀྱི་སྒྲ་དང༌། ཐུགས་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་དང་འཁོར་བའི་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་སྦྱངས། མ་དག་པའི་བརྟན་གཡོ་དག་པའི་སྣོད་བཅུད་དུ་གནས་བསྒྱུར། དམིགས་ཡུལ་གཙོ་བོར་གྱུར་པའི་ལམ་ལྔའི་རྒྱུད་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱི་གློ་བུར་གྱི་དྲི་མ་ཆ་དང་བཅས་པ་སྐད་ཅིག་ལ་སྦྱངས་ནས་བདེ་ཆེན་གྱི་ས་ལ་བཀོད་པར་བསམ་ལ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་


JLAZ011_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩཿ བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ། ཅི་ནུས་བཟླས། བཅུ་གཉིས་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་དྲི་ཟའི་རྒྱུད་མངས་ནི། པདྨ་རྒྱས་པ་ལྟ་བུའི་ལང་ཚོ་ཅན། །རེག་ན་བདེ་བའི་མཆོག་སྟེར་ཨུཏྤལ་མིག །གཟུགས་ཀྱི་རྣམ་འགྱུར་ངོམ་པའི་ཡིད་འཕྲོག་མ། །རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་ལཱ་སྱེ་ཧཱུྃ་པྲ་ཏཱིཙྪ་ཧོ། སྲིད་ན་རྣམ་པར་མཛེས་པའི་ཟླ་བས་ཀྱང༌། །བལྟ་ན་སྡུག་པའི་གཟུགས་ཀྱི་ཆར་མི་ཉེ། །ནོར་བུའི་དོ་ཤལ་འཛིན་པའི་ཡིད་འོང་མ། །རྡོ་རྗེ་ཕྲེང་བ་མ་ཡིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་མཱ་ལྱེ་ཏྲཱྃ། འཇམ་མཉེན་པུནྡྷ་རི་ཀའི་ལང་ཚོ་ལ། །རེག་འཇམ་དབང་པོའི་གཞུ་ཡི་འཁྲི་ཤིང་ཅན། །སྐད་སྙན་འགྱུར་ཁུག་སྟོང་གི་གླུ་ལེན་མ། །རྡོ་རྗེ་གླུ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །བཛྲ་གིརྟི་ཧྲཱིཿ བུང་བ་པདྨའི་ཚལ་ན་གཡོ་བ་བཞིན། །ཕྱག་ཞབས་གསེར་གཡུའི་གདུ་བུས་མཛེས་པའི་གར། །མིག་འཕྲུལ་ལྟ་བུར་སྒྱུར་བའི་གཡོ་ལྡན་མ། །རྡོ་རྗེ་གར་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །བཛྲ་ནཱིརྟི་ཨཱཿ བཅུ་དྲུག་ལང་ཚོས་མྱོས་པའི་རྣམ་འགྱུར་དེས། །སྙིང་ལ་དགའ་བའི་ཡ་མཚན་ཅིར་ཡང་


JLAZ011_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར། །དྲི་ཞིམ་སྤོས་ཕོར་ཐོགས་པའི་སྨིན་ལེགས་མ། །རྡོ་རྗེ་བདུག་སྤོས་མ་ཡིས་མཉེས་གྱུར་ཅིག །བཛྲ་དྷཱུ་པེ་ཧཱུྃ། ཚངས་དབང་འཆི་མེད་བུ་མོའི་འཇོ་སྒེག་ཀྱང༌། །ཤིན་ཏུ་མཛེས་པའི་ལང་ཚོས་བརྟན་པ་འཕྲོག །ཨུ་དུམ་ཝཱ་རའི་ཆུན་འཕྱང་ཡིད་འཕྲོག་མ། །རྡོ་རྗེ་མེ་ཏོག་མ་ཡིས་མཉེས་གྱུར་ཅིག །བཛྲ་པུཥྤེ་ཏྲཱྃ། །ཡིད་འོང་ལྟ་ན་སྡུག་པའི་མཁུར་ཚོས་ལ། །ལི་ཁྲིའི་ཐིག་ལེས་བསྐུས་པའི་རི་དྭགས་མིག །ཉི་ཟླའི་སྒྲོན་མེ་ཐོགས་པའི་བཞིན་བཟང་མ། །རྡོ་རྗེ་སྣང་གསལ་མ་ཡིས་མཉེས་གྱུར་ཅིག །བཛྲ་ཨ་ལོ་ཀེ་ཧྲཱིཿ འཆི་མེད་བུ་མོའི་དཔལ་འཛིན་སྨིན་ལེགས་གཟུགས། །ཞལ་ནས་ཨུཏྤལ་ཡི་དྲི་འཐུལ་ཞིང༌། །བཟང་དྲུག་སྨན་གྱི་བྱུག་པས་དགྱེས་པ་སྐོང༌། །རྡོ་རྗེ་དྲི་ཆབ་མ་ཡིས་མཉེས་གྱུར་ཅིག །བཛྲ་གྷནྡྷེ་ཨཱཿལང་ཚོའི་ཆ་ཤས་རྫོགས་པའི་པདྨ་དང༌། །རྣམ་འགྱུར་ཅིར་ཡང་འཆར་བའི་ཨ་དར་ཤ །ཕན་ཚུན་འགྲན་པ་ལྟ་བུའི་གཟུགས་མཛེས་མ། །རྡོ་རྗེ་མེ་ལོང་མ་ཡིས་མཉེས་གྱུར་ཅིག །བཛྲ་རཱུ་པ་ཨོཾ། ཏིང་འཛིན་རི་མོ་མཁན་གྱིས་བྲིས་པའི་གཟུགས། །བཞིན་མཛེས་མནྡ་ར་བའི་ཐོད་བཅིངས་ཅན། །ཟླུམ་པོའི་རྔ་ལས་བདེ་སྟོང་སྒྲ་འབྱིན་མ། །རྡོ་རྗེ་རྔ་ཟླུམ་མ་ཡིས་མཉེས་གྱུར་ཅིག །བཛྲ་མྲྀ་ཏཾ་གི་ཧྲཱིཿ རཏྣའི་སོར་གདུབ་འཁྲོལ་བའི་ཁུ་ཚུར་གྱིས། །


JLAZ011_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཟའི་བུ་མོར་འགྲན་པའི་ཏཾ་བུ་ར། །རྣ་བའི་དཔྱིད་དུ་སྦྲེངས་པའི་ཡིད་འཕྲོག་མ། །རྡོ་རྗེ་པི་ཝཾ་མ་ཡིས་མཉེས་གྱུར་ཅིག །བཛྲ་ཝི་ནི་ཧཱུྃ། དགའ་བ་བཅུ་དྲུག་རླུང་གི་རྟར་བསྐྱོན་ནས། །ཐིག་ལེ་བཅུ་དྲུག་གནས་སུ་དག་པ་ལས། །སྟོང་ཉིད་བཅུ་དྲུག་གླིང་བུའི་སྒྲར་སྟོན་པའི། །རྡོ་རྗེ་གླིང་བུ་མ་ཡིས་མཉེས་གྱུར་ཅིག །བཛྲ་ཝཾ་སེ་ཏྲཱཾ། ཟླ་གཞོན་པད་དཀར་ལྟ་བུའི་ལང་ཚོའི་དཔལ། །མིག་གི་བདུད་རྩིར་སྦྱིན་དང་ཆབས་ཅིག་པར། །སྙན་འགྱུར་རྫ་རྔའི་སྒྲ་སྒྲོགས་ན་ཆུང་མ། །རྡོ་རྗེ་རྫ་རྔ་མ་ཡིས་མཉེས་གྱུར་ཅིག །བཛྲ་མུ་རནྡེ་ཨཱཿ སྟོང་ཉིད་ནམ་མཁའི་རྒྱན་གྱུར་ལྷ་ཡི་གོས། །རིན་ཐང་བརྗོད་དུ་མེད་པའི་པཉྩ་ལི། །འཕྲུལ་ལྡན་སོར་རྩེས་སྒྲོན་པའི་མཛའ་ན་མོ། །རྡོ་རྗེ་རེག་བྱ་མ་ཡིས་མཉེས་གྱུར་ཅིག །བཛྲ་པར་ཤེ་ཏྲཱཾ། ཆགས་མེད་ཆགས་པ་ཆེན་པོའི་ཟུར་མིག་གིས། །དཔའ་བོ་ཡིད་ལ་མྱོས་པའི་ཆོམ་རྐུན་འཇུག །ལག་ན་རོ་བརྒྱའི་དཔལ་འཛིན་ཞལ་ཟས་ཐོགས། །རྡོ་རྗེ་རོ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །བཛྲ་རཱ་ས་ཧྲིཿ བདེ་བས་བདེ་བའི་མཐར་སོན་སྟོང་པ་ཉིད། །བདེ་ཆེན་ཆོས་ཀྱི་འབྱུང་གནས་མངལ་ཁུར་ཅན། །བདེ་སྟོང་ངང་ལས་རྒྱལ་ཀུན་བསྐྱེད་པའི་ཡུམ། །ཆོས་ཀྱི་རྡོ་རྗེ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་


JLAZ011_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ར་བཛྲ་དྷརྨཱ་དྷརྟུ་ཨཱཿཔྲ་ཏཱིཙྪ་ཧོཿ བཅུ་གསུམ་པ་བསྟོད་པ་ནི། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །བཞི་པ་ཚོགས་བསགས་པ་ལ་གཉིས། སྒྲིབ་པ་སྦྱོང་བ་དང༌། སྐོང་གི་རིམ་པའོ། །དང་པོའི་ལས་རིམ་ནི། གཞུང་ལས། དེ་ནས་དམ་སྐོང་དོང་སྤྲུགས་ཀྱི། གཞུང་ལ་འཇུག་པའི་དང་པོ་ནི། ལུས་ཀྱི་མ་ལྔ་ས་ལ་བརྡེབ། །གདུང་ཤུགས་དྲག་པོས་བརྐྱངས་ཕྱག་འཚལ། །ཨ་ལ་ལ་ཧོཿ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༌། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དགཿ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱངཿ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལཿ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའིཿ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམཿ དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་མཿ རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པ་སྐུ་གསུང་ཐུགསཿ བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེཿ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅནཿ ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོདཿ


JLAZ011_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མཿ རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མཿ མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པཿ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུངཿ ཏ་ཀྲི་ཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོཿ རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངངཿ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མཿ སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་མཛད་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོངཿ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ།། འཇིགས་བྱེད་འདས་པའི་དུས་ན་མངོན་བྱུང་བཿ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའིཿ དཔལ་ཆེན་ཧེ་རུ་ཀ་རྣམས་ལ་ཕྱག་འཚལ་ལོཿ ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིངཿ མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མཿ གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོཿ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནསཿ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགསཿ ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོཿ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིངཿ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེཿ ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་


JLAZ011_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོཿ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞིཿ ཤར་ལྷོ་ནུབ་བྱང་སྒ་བཞི་ཐུབ་པར་སྲུངཿ སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོཿ དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལིཿ མཁའ་ལ་ཤུགས་འགྲོ་མཚོགས་དབང་ཕྱུག་མཿ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོཿ ཕྱོགས་བཅུའི་དྲེགས་པ་བསྣོལ་བའི་གདན་སྟེངས་སུཿ ཡེ་ཤེས་བསྐལ་པའི་མེ་དཔུང་འབར་བའི་སྐུཿ བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོཿ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོཿ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོཿཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོཿ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོཿ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོཿ དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡིཿ ཚོགས་གཉིས་རྫོགས་པའི་ཡོན་ཏན་མཐར་ཕྱིན་པཿ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོཿ ཞེས་བརྗོད་མཚན་དོན་ཡིད་ལ་བསམཿ དེས་ནི་ལུས་ཀྱི་སྡིག་སྒྲིབ་དགཿ སྐུ་ཡི་དམ་ཚིག་ཉམས་པ་བསྐངཿ གཉིས་པ་རྡོ་རྗེ་སེམས་དཔའ་བསྒོམཿ ཨཱཿ བདག་ཉིད་ཐ་མལ་སྤྱི་བོ་རུཿ པད་དཀར་ཟླ་བའི་གདན་གྱི་དབུསཿ ཧཱུྃ་ལས་བླ་མ་རྡོ་རྗེ་སེམསཿ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུཿ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལཿ ཁྱོད་ལ་སྐྱབས་


JLAZ011_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་སྡིག་པ་སྦྱོངཿ འགྱོད་སེམས་དྲག་པོས་མཐོལ་བཤགསཿ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམཿ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེངཿ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོརཿ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བསཿ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནསཿ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིནཿ ག་བུར་རྡུལ་ལྟར་འཛགས་པ་ཡིསཿ བདག་དང་ཁམས་གསུམ་སེམས་ཅན་གྱིཿ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུཿ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབཿ མ་ལུས་བྱང་བར་མཛད་དུ་གསོལཿ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས། ཡི་གེ་བརྒྱ་པ་དུས་གཅིག་ལཿ བརྒྱ་རྩ་བརྒྱད་དུ་བཟླས་པ་ཡིསཿ ངག་གི་སྒྲིབ་པ་རྣམ་སྦྱོང་ཞིངཿ གསུང་གི་དམ་ཚིག་ཉམས་པ་བསྐངཿ དེ་རྗེས་རྡོ་རྗེ་སེམས་དཔའ་ལཿ མོས་གུས་གདུང་ཞིང་མཆི་མ་སྟོངཿ རཱུ་ཏྲའི་སྨྲེ་སྔགས་འདི་ཡིས་བཤགསཿ ཧོཿ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམསཿ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བཿ རྣམ་དག་འོད་གསལ་ཉི་ཟླ་འབུམ་བརྡལ་ཞིངཿ དཔའ་བོ་འོད་ཟེར་སྟོང་ཁམས་ལམ་མེ་བཿ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགསཿ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུཿ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལཿ བདག་ནི་ཐོག་མ་མེད་པའི་དུས་མཐའ་ནསཿ


JLAZ011_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལོག་ལམ་སྟོར་སྲིད་པའི་གོ་རར་འཁྱམསཿ སྔོན་ཚེ་ལམ་ལོག་སྡིག་པ་བྱས་པས་ནོངསཿ སྡིག་པའི་ལས་རྣམས་ཅི་སྤྱད་གནོང་ཞིང་འགྱོདཿ དར་ཅིག་དྲག་པོའི་ལས་དབང་དེ་བཙན་པསཿ འཁོར་བ་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེཿ ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགསཿ གཏི་མུག་མུན་པ་འཐིབས་པས་ཤེས་རབ་རྨོངསཿ འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིངཿ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནནཿ ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་བྱིངཿ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངསཿ འདོད་པ་མེ་དོང་འདྲ་བའི་འོབས་སུ་ལྷུངཿ སྡུག་བསྔལ་མི་བཟོད་དྲག་པོ་ཆར་ལྟར་བབཿ འདི་འདྲའི་སྡུག་བསྔལ་ཤིན་ཏུ་མི་བཟོད་ཅིངཿ སྡིག་པའི་ལས་དབང་དྲག་པོ་མེ་འབར་བསཿ རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེཿ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ནཿ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམཿ བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེཿ ལས་ཀྱི་དབང་གིས་ཁམས་གསུམ་འཁོར་བར་སྐྱེསཿ སྐྱེས་པས་འགྱོད་དེ་ལས་ལ་ཡི་རེ་ཆདཿ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེདཿ ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲཿ ལས་དབང་


JLAZ011_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཀླུང་འཕྲལ་དུ་ག་ལ་ཟློགཿ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུངཿ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པསཿ བདག་ནི་སྔོན་དུས་བསྐལ་པ་གྲངས་མེད་དུཿ འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལཿ བྱམས་མགོན་ཁྱོད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིསཿ ལས་དང་ཉོན་མོངས་སྒྲིབ་པ་ཀུན་སྦྱངས་ནསཿ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོདཿ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའིཿ ཐུགས་རྗེའི་ཞལ་ཉིད་བལྟ་བས་མི་ངོམས་པཿ ཐོག་མ་མེད་ནས་མ་རིག་ལིང་ཏོག་གིསཿ ལྡོངས་ཏེ་ཆུ་བུར་མིག་གིས་མ་མཐོང་ནཿ འགྲོ་བའི་མགོན་ཁྱོད་ད་ལྟ་གང་ལ་བཞུགསཿ ལས་ངན་དྲག་པོ་ཤིན་ཏུ་མི་བཟོད་པསཿ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནསཿ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཞིངཿ ཉམ་ཐག་ཕོངས་པའི་ང་རོ་འདོན་ལགས་ནཿ བྱམས་མགོན་ཐུགས་རྗེས་དུས་འདིར་མི་དགོངས་སམཿ ནམ་ཞིག་འཆི་འཕོས་ལུས་སེམས་འབྲལ་བའི་ཚེཿ མཛའ་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་ཁྲིདཿ དེ་ཚེ་འཇིག་རྟེན་ཉེ་དུས་མི་བསྟོངས་ཏེཿ ལས་ཀྱི་དབང་གིས་བདག་ཉིད་གཅིག་པོར་ཁྲིདཿ དུས་དེར་བདག་ལ་མགོན་


JLAZ011_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མ་མཆིས་ཀྱིཿ གང་གིས་ཕྱི་བཤོལ་དུས་ལ་མ་བཞེས་པརཿ ད་ལྟ་ཉིད་དུ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བཿ ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པསཿ ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེཿ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུཿ གདོས་བཅས་ལུས་ནི་གྲངས་མེད་ཞིག་གྱུར་སྟེཿ ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམཿ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམཿ ལས་འཕྲོས་བསགས་ན་བསམ་འདས་བརྗོད་མི་ལངཿ ཁམས་གསུམ་བསྒྲངས་ཤིང་སྐྱེ་ཤིའི་ཁ་རྒྱུད་ཀྱངཿ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོསཿ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལཿ སྐྱེ་བ་གཅིག་གཅིག་ཁོ་ན་ཙམ་གྱིས་ལསཿ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ནཿ དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པསཿ དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ནཿ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བསཿ ཤ་ཁྲག་དྲ་བའི་ལུས་བླངས་འཁོར་བར་འཁྱམསཿ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཚུདཿ མི་བཟོད་དྲག་པོའི་སྡུག་བསྔལ་འདི་ལྟ་བུཿ ཉེས་བྱས་ཐམས་ཅད་རང་གིས་ལས་ལས་བྱུངཿ ཐུགས་རྗེ་ཆེན་


JLAZ011_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ལས་ཀྱི་རྒྱུན་བཅད་དེཿ ཉོན་མོངས་ལས་ཀྱི་རླུང་ནི་བཟློག་ཏུ་གསོལཿ མ་རིག་ལོག་པའི་ལས་འདི་དབང་བཙན་ནསཿ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ནཿ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་གཏོང་ངམཿ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ནཿ ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམཿ ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ནཿ ཐུགས་རྗེས་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམཿ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུང་ལགས་ནཿ ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོའམཿ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ནཿ ཐུགས་རྗེ་བསིལ་བའི་ཆར་རྒྱུན་མི་འབེབས་སམཿ སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ནཿ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམཿ ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་བྱས་ནསཿ ནམ་ཞིག་རང་གི་འབྲས་བུ་ཐོབ་པའི་ཚེཿ འཕགས་པའི་ཐུགས་རྗེ་ཅི་འཚལ་དོན་མ་མཆིསཿ བདག་ཉིད་ལས་འཕྲོ་དབང་བཙན་བཞག་ན་ལྟཿ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱིཿ དཔའ་བོ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ཞིངཿ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ནཿ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པརཿ སྙིང་ནས་


JLAZ011_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷཿ ཞེས་བརྗོད་སེམས་དཔའ་ཡིསཿ ཚངས་པར་སྩོལ་བ་ཞལ་བཞེས་ནསཿ བདག་དང་རོ་གཅིག་འདྲེས་པའི་ངངཿ མཉམ་པར་གཞག་ལ་སྒྲིབ་སྦྱོང་གནདཿ འདིས་ནི་ཉེས་ཚོགས་རྣམ་དག་ཅིངཿ མཚམས་མེད་ལས་ཀྱང་དོང་ནས་དཀྲུགསཿ ས་མ་ཡཿ གསུམ་པ་ལྟ་བའི་ཀློང་བཤགས་སྒོམཿ ཨཱཿ འཁོར་འདས་བྱེད་པོ་བྱང་ཆུབ་སེམསཿ གཞི་མེད་རྩ་བྲལ་རྫོགས་ཆེན་དོནཿ བརྗོད་བྲལ་བློ་འདས་ཆེན་པོ་ལཿ ཉམས་དང་བཤགས་པའི་མཁན་པོ་མེདཿ ཡེ་བསྲུངས་ཐིག་ལེ་ཉག་གཅིག་པུཿ སྤང་བླང་ཡོངས་གྲོལ་ཕྱལ་བ་ཆེཿ རང་ཤར་ལྷུན་གྲུབ་ཆོས་ཀྱི་སྐུཿ དེ་ལྟར་རྟོགས་ན་བཤགས་པའི་རྒྱལཿ ཞེས་བརྗོད་དགོངས་པ་དབྱིངས་ལ་གཏདཿ འ་ཨ་ཧ་ཤ་ས་མཿ སྟོང་ཉིད་ངང་ནས་ཡིག་དྲུག་བཟླཿ ཉེས་རྣམས་མ་ལུས་ཀུན་རྫོབ་ཕྱིརཿ མེ་ལོང་བག་རྡུལ་ཕྱིས་བཞིན་བྱཿ ཡིད་སྒྲིབ་དག་ཅིང་ཐུགས་དམ་བསྐངསཿ ས་མ་ཡཿ བཞི་པ་དོང་སྤྲུགས་སྤྱི་བཤགས་ནིཿ ཧོཿ དགོངས་ཤིག་སྟོན་པ་རྡོ་རྗེ་འཆངཿ གཟིགས་ཤིག་རིགས་ལྔ་བདེ་བར་གཤེགསཿ སྒྱུ་འཕྲུལ་ཞི་ཁྲོར་རབ་འབྱམས་ལྷཿ བདག་ལ་གསན་ཅིང་དགོངས་སུ་གསོལཿ བདག་ཅག་གསང་སྔགས་སྒོར་ཞུགས་ཀྱངཿ ལས་དང་ཉོན་མོངས་སྟོབས་ཆེ་བསཿ ལྟ་སྒོམ་གདེངས་སུ་མ་གྱུར་ཅིངཿ མཛད་སྤྱོད་ཀླུངས་སུ་མ་ཆུད་པསཿ གསང་སྔགས་ཟབ་མོ་


JLAZ011_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ཉེས་ཏེཿ རྩ་བ་ཡན་ལག་དམ་ཚིག་རྣམསཿ ཉམས་འགལ་རལ་དང་འདས་པ་སོགསཿ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་བཤགསཿ དངོས་གྲུབ་ཀུན་གྱི་འབྱུང་གནས་ཆེཿ རྡོ་རྗེ་སློབ་དཔོན་མི་རུ་བཟུངཿ སྐུ་མཆོག་བརྙས་ཤིང་བཀའ་གསང་བརྐུསཿ གཤེ་སྐུར་བཏབ་ཅིང་ཡ་བོ་བཟུངཿ སྐུ་ལ་བརྡོ་བའི་སྔགས་བཟློག་བྱསཿ གཟུངས་མ་སྲས་ལ་ཆགས་སྡང་ཤོརཿ ཐུགས་དཀྲུགས་ཐུགས་སུན་ཕྱུང་བའི་ལསཿ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་བཤགསཿ ལྷ་དང་སྔགས་ཀྱི་དེ་ཉིད་སོགསཿ བཀའ་དྲིན་ནོད་ཀྱང་དོན་ལ་གཡེལཿ ཏིང་འཛིན་མ་བསྒོམས་བཟླས་བརྗོད་ཆགཿ བསྙེན་སྒྲུབ་གཡེལ་ཞིང་ཚོགས་མཆོད་ཆུངཿ དུས་མཆོད་ཆག་དང་ལོ་ཟླར་འདསཿ ཟབ་མོའི་ལྟ་སྤྱོད་མངོན་དུ་ཕྱུངཿ སྤྱིར་གསང་བཞི་དང་བར་གསང་བཞིཿ གསང་བར་འོས་དང་གཉེར་གཏད་པའིཿ གསང་སྒོ་ཡལ་བར་འདོར་བ་སོགསཿ སྐུ་གསུང་ཐུགས་ཀྱི་དམ་ཉམས་པསཿ མནར་མེད་དམྱལ་བའི་རྒྱུ་བསགས་པཿ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་བཤགསཿ གཞན་ཡང་བདུད་ཀྱི་དབང་གྱུར་ནསཿ རང་ལ་དབང་མེད་བླ་མའི་སཿ བཟུང་ནས་ཟབ་མོའི་དབང་ཟོས་ཤིངཿ བཀའ་ལ་གཟུ་ལུམས་རས་ཆོད་བྱསཿ གབ་པའི་གསང་བ་མ་རྟོགས་པརཿ སྦས་པའི་


JLAZ011_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བར་མངོན་འཆེལ་ཏེཿ གསང་སྔགས་ཟབ་མོའི་སྤྱོད་པ་རྣམསཿ བབ་ཆོལ་རུ་ཏྲ་ལྟ་བུར་སྤྱདཿ སྤྱི་སྒོས་ཉེ་བའི་མཆེད་རྣམས་དངཿ ཁྱད་པར་རྡོ་རྗེའི་སྤུན་གྲོགས་ལཿ ངན་སེམས་དཔྱ་སེམས་བརྐུ་འཕྲོག་དངཿ རྡེག་བཙོག་ངན་སྨྲས་གནོད་པ་ཤོརཿ འདོད་ལ་སྲེད་ཅིང་བརྐམ་པ་ཡིསཿ དཀོན་མཆོག་གསུམ་གྱི་དཀོར་འཕྲོགས་ཤིངཿ སྒྲུབ་མཆོད་ཚོགས་ཀྱི་སྤྱང་ཀི་བྱསཿ གཙང་སྦྲ་ཉམས་དང་དམ་ཉམས་འདྲེསཿ ཕ་མ་དབུལ་ཕོངས་ནད་པའི་ཟསཿ དཀའ་ཐུབ་དབེན་པའི་སྒྲུབ་རྒྱགས་ལཿ ཚོད་ཡོད་པྲེ་ཏའི་རྒྱུ་བསགས་པཿ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་བཤགསཿ ཡན་ལག་དམ་ཚིག་ཉི་ཤུ་ལྔའིཿ སྤྱད་པར་བྱ་བའི་དམ་ཚིག་ནིཿ ཞིང་བཅུ་སྒྲོལ་དང་བདེ་སྟོང་སྦྱོརཿ འཇུར་གེགས་ཅན་གྱི་ཟས་དང་ནོརཿ མཆོད་སྦྱིན་སླད་དུ་མ་བྱིན་བླངཿ ཟབ་མོ་གསང་ཕྱིར་རྫུན་དུ་སྨྲཿ དོན་ཆེན་སྒྲུབ་པའི་ངག་འཁྱལ་རྣམསཿ བརྟུལ་ཞུགས་ཆུང་བས་ལམ་མ་ལོངསཿ སྤྱོད་པ་རྩིངས་པས་ཐ་མལ་གོལཿ དེ་ཡང་ཞི་ཁྲོའི་སྤྱན་སྔར་བཤགསཿ མི་སྤང་བ་ཡི་དམ་ཚིག་ལྔཿ འདོད་ཆགས་ཞེ་སྡང་གཏི་མུག་དངཿ ང་རྒྱལ་ཕྲག་དོག་རྣམ་པ་ལྔཿ ཡེ་ཤེས་རིགས་ལྔའི་རང་བཞིན་ལཿ ཐེག་དམན་བློ་ཡིས་སྤངས་པ་དངཿ ངོ་བོར་མ་གྲོལ་རང་རྒྱུད་ཤོརཿ


JLAZ011_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཞི་ཁྲོའི་སྤྱན་སྔར་བཤགསཿ དང་དུ་བླང་བའི་དམ་ཚིག་ལྔཿ དྲི་ཆེན་དྲི་ཆུ་མཱཾ་ས་དངཿ རཀྟ་རྡོ་རྗེའི་ཟིལ་པ་ལྔཿ དངོས་གྲུབ་ཆེན་པོ་སྒྲུབ་པའི་རྫསཿ ཡེ་ནས་བདུད་རྩིའི་རང་བཞིན་ལཿ གཙང་དམེའི་བློ་ཡིས་བྲམ་ཟེར་གོལཿ ཡང་ན་བག་མེད་སྨྱོ་ཐབས་སྤྱདཿ ཆོས་ཉིད་མཉམ་པར་མ་རྟོགས་པཿ དེ་ཡང་ཞི་ཁྲོའི་སྤྱན་སྔར་བཤགསཿ ཤེས་པར་བྱ་བའི་དམ་ཚིག་ལྔཿ ཕུང་པོ་རྒྱལ་བ་ལྔར་མ་ཤེསཿ འབྱུང་ལྔ་རིགས་ཀྱི་ཡུམ་དང་ལྔཿ དབང་ཡུལ་སེམས་དཔའ་སེམས་མ་སོགསཿ གནས་འགྱུར་རང་བཞིན་མ་ཤེས་པསཿ རང་གར་བལྟས་ཤིང་བརྙས་པ་ཤོརཿ དེ་ཡང་ཞི་ཁྲོའི་སྤྱན་སྔར་བཤགསཿ བསྒྲུབ་པར་བྱ་བའི་དམ་ཚིག་ལྔཿ རྡོ་རྗེ་རིན་ཆེན་པདྨ་དངཿ ཕྲིན་ལས་དེ་བཞིན་གཤེགས་པའི་རིགསཿ སྣོད་བཅུད་ཆེན་པོར་ཡེ་སངས་རྒྱསཿ ཀུན་གཞིའི་དབྱིངས་ལ་དངོས་གྲུབ་རྒྱུནཿ བཞུགས་ཀྱང་སྒྲུབ་པ་རྔོ་མ་ཐོགསཿ ཀློང་དུ་མ་གྱུར་རྩལ་ཤུགས་ཆུངཿ དེ་ཡང་ཞི་ཁྲོའི་སྤྱན་སྔར་བཤགསཿ གཞན་ཡང་ངེས་གསང་ཐེག་པ་ཡིཿ ཁྱད་པར་དམ་ཚིག་ཉི་ཤུ་དངཿ སྤྱོད་པ་རྒྱུན་གྱི་དམ་ཚིག་བཞིཿ རང་བཞིན་ལྟ་བའི་དམ་ཚིག་བཞིཿ གལ་མདོ་ངེས་པའི་དན་ཚིག་གསུམཿ ལྷག་པའི་དམ་ཚིག་ཉམས་པ་སོགསཿ གསང་སྔགས་སྤྱི་ཡི་དམ་ཚིག་དངཿ མདོར་ན་ཁ་ན་མ་ཐོའི་ལསཿ


JLAZ011_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཁྲེལ་དང་ངོ་ཚ་ཉམསཿ ཉན་ཐོས་རང་རྒྱལ་བྱང་སེམས་ཀྱིཿ བཅས་དང་རང་བཞིན་ལས་ཉམས་པསཿ ངན་སོང་འཁོར་བའི་རྒྱུ་བསགས་པཿ མ་ལུས་མཐོལ་ཞིང་བཤགས་ལགས་ནཿ འཕགས་པ་ལགས་པས་གནང་བར་མཛོདཿ སེམས་ཅན་ལགས་པས་ནོར་འཁྲུལ་མཆིསཿ སྒྱུ་མ་ལགས་པས་ཚངས་པར་སྩོལཿ ཐབས་ལ་མཁས་པས་བྱང་བར་མཛོདཿ ཧོཿ དམ་ཚིག་ཉམས་པའི་ཆད་པ་མི་བཟོད་པསཿ རྡོ་རྗེ་མཁའ་འགྲོས་སྙིང་ཁྲག་འཐུངས་བ་དངཿ ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དངཿ མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བརཿ སྡུག་བསྔལ་མི་བཟོད་ཡུན་རིང་གནས་པ་རྣམསཿ བདག་གི་དམ་ཚིག་བཤགས་པར་བགྱིས་པ་ཡིསཿ ཉམས་ཤིང་ཆག་པ་ཐམས་ཅད་སོར་ཆུད་དེཿ གོ་འཕང་ཆེན་པོའི་འབྲས་བུ་ཐོབ་པར་ཤོགཿ གཉིས་པ་སྐོང་ལ་རྣམ་གྲངས་བདུནཿ དང་པོ་ཀུན་བཟང་མཆོད་སྤྲིན་ནིཿ ཧོཿ སྣང་སྲིད་ཡོངས་རྫོགས་དམ་པ་རིགས་བརྒྱའི་ལྷཿ སྣོད་བཅུད་མ་ལུས་འདོད་ཡོན་རོལ་པའི་རྒྱནཿ ཀུན་བཟང་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་པཿ ཆོས་ཉིད་མངོན་སུམ་དོན་གྱི་ལྷ་ལ་འབུལཿ ཉམས་སྣང་གོང་འཕེལ་ངང་དུ་བཞེས་ནས་ཀྱངཿ རིག་པ་ཚད་ཕེབས་ཀློང་དུ་ཚོགས་རྫོགས་ཤིངཿ ཆོས་ཟད་


JLAZ011_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བློ་འདས་ཆེན་པོར་སངས་རྒྱས་ཏེཿ འཁོར་བ་དོང་ནས་སྤྲུགས་པའི་དངོས་གྲུབ་སྩོལཿ ནམ་མཁར་མཛོད་ཀྱི་སྔགས་རྒྱ་བརྗོདཿ གཉིས་པ་སྦྱོར་བ་སྨན་གྱི་སྐོངཿ མཐེབ་སྲིན་ཉི་ཟླའི་གའུས་འབུལཿ ཧཱུྃཿ བདེ་ཆེན་འཁོར་ལོའི་བྷནྡྷྲ་རུཿ ཧཾ་ཡིག་རང་བྱུང་བདུད་རྩིར་བསྐྱིལཿ སྲོག་འཛིན་ཡེ་ཤེས་ཤིག་ལེ་འདིསཿ སྤྲུལ་སྐུའི་ལྷ་ཚོགས་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿལོངས་སྤྱོད་འཁོར་ལོའི་བྷནྡྷྲ་རུཿ བཟའ་བཏུང་ལྷུན་གྲུབ་བདུད་རྩིར་བསྐྱིལཿ རྩ་མདུད་རང་གྲོལ་ཐིག་ལེ་འདིསཿ ལོངས་སྐུའི་ལྷ་ཚོགས་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ ཆོས་ཀྱི་འཁོར་ལོའི་བྷནྡྷྲ་རུཿ དྲན་བསམ་རྣམ་རྟོག་བདུད་རྩིར་བསྐྱིལཿ དུག་གསུམ་རྣམ་གྲོལ་ཐིག་ལེ་འདིསཿ ཆོས་སྐུའི་ལྷ་ཚོགས་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ སྤྲུལ་པའི་འཁོར་ལོའི་བྷནྡྷ་རུཿ འབར་འཛག་བཅུད་ཀྱི་བདུད་རྩིར་བསྐྱིལཿ བདེ་བ་ཆེན་པོའི་ཐིག་ལེ་འདིསཿ མི་འགྱུར་རྡོ་རྗེའི་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ བདེ་སྐྱོང་འཁོར་ལོའི་བྷནྡྷྲ་རུཿ བྱང་ཆུབ་སེམས་མཆོག་བདུད་རྩིར་བསྐྱིལཿ དགའ་བཞི་དབྱིངས་གྲོལ་ཐིག་ལེ་འདིསཿ མངོན་པར་བྱང་ཆུབ་ཐུགས་དམ་སྐོངཿ བསྐངས་གྱུར་དབང་


JLAZ011_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དང་དངོས་གྲུབ་སྩོལཿ གསུམ་པ་སྒྲོལ་པ་རཀྟའི་སྐོངཿ ཧཱུྃཿ ཀློང་ལྔ་དབྱིངས་ཀྱི་ཀ་པཱ་ལརཿ སྣང་སྲིད་ཡུམ་གྱི་རཀྟར་བསྐྱིལཿ ཀུན་ཏུ་བཟང་པོའི་རྫས་མཆོག་འདིསཿ ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ སྟོང་ཆེན་ཡུམ་གྱི་ཀ་པཱ་ལརཿ སྣང་སྲིད་བཅུད་ཀྱི་རཀྟར་བསྐྱིལཿ གཙང་དམེ་བྲལ་བའི་རྫས་མཆོག་འདིསཿ ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ ཨེ་དབྱིངས་ཆོས་འབྱུང་ཀ་པཱ་ལརཿ ཞིང་བཅུའི་སྙིང་ཁྲག་རཀྟར་བསྐྱིལཿ འཁོར་བ་ལུགས་ལྡོག་རྫས་མཆོག་འདིསཿ ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ དབུ་མ་རྩ་ཡི་ཀ་པཱ་ལརཿ དུག་གསུམ་རྣམ་རྟོག་རཀྟར་བསྐྱིལཿ རྒྱུད་དྲུག་ཀུན་གྲོལ་རྫས་མཆོག་འདིསཿ ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ སྒྲ་གཅན་རླུང་གི་ཀ་པཱ་ལརཿ ཙཎྜ་ལཱི་ཡི་རཀྟར་བསྐྱིལཿ དགའ་བཞི་བདེ་སྟོང་རྫས་མཆོག་འདིསཿ ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ བཞི་པ་ཟུང་འཇུག་གཏོར་མའི་སྐོངཿ ཧཱུྃ་ཧྲཱིཿ མ་བཅོས་ཀློང་ཡངས་གཏོར་གཞོང་དུཿ སྣང་སྲིད་ཡོངས་


JLAZ011_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གཏོར་མར་བཤམསཿ དངོས་འཛིན་བྲལ་བའི་དམ་རྫས་འདིསཿ རང་སྣང་ཞི་ཁྲོའི་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ བདེན་མེད་སྒྱུ་མའི་གཏོར་གཞོང་དུཿ གཏད་མེད་ཆོས་སྐུའི་གཏོར་མར་བཤམསཿ ཚོགས་དྲུག་རང་ཡན་དམ་རྫས་འདིསཿ རང་སྣང་ཞི་ཁྲོའི་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ ལྷུན་གྲུབ་ཕུང་པོའི་གཏོར་གཞོང་དུཿ དོན་སྣོད་རང་བྱུང་གཏོར་མར་བཤམསཿ ཁྱད་པར་རྨད་བྱུང་དམ་རྫས་འདིསཿ རང་སྣང་ཞི་ཁྲོའི་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ ལྔ་ཕུང་སྒྱུ་མའི་གཏོར་གཞོང་དུཿ བདུད་རྩི་ལྔ་ཡི་གཏོར་མར་བཤམསཿ རིགས་ལྔ་བཅུད་ཀྱི་དམ་རྫས་འདིསཿ རང་སྣང་ཞི་ཁྲོའི་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ བྷ་ག་དབྱིངས་ཀྱི་གཏོར་གཞོང་དུཿ ལིང་ག་རིག་པའི་གཏོར་མར་བཤམསཿ ཟུང་འཇུག་བདེ་ཆེན་དམ་རྫས་འདིསཿ རང་སྣང་ཞི་ཁྲོའི་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ ལྔ་པ་སྦྱོར་སྒྲོལ་ཚོགས་ཀྱི་སྐོངཿ དང་པོ་བྱིན་གྱིས་བརླབས་པ་ནིཿ ཧཱུྃཿ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾཿ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུརཿ འདོད་


JLAZ011_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ནམ་མཁའ་མཉམ་པར་སྤེལཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནིཿ ཧཱུྃཿ འོག་མིན་བདེ་ཆེན་ཞིང་ཁམས་དངཿ ནུབ་ཕྱོགས་ཨུ་རྒྱན་སྤྲུལ་པའི་གླིངཿ ཁྱད་པར་རྔ་ཡབ་དཔལ་གྱི་རིཿ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནསཿ རིག་འཛིན་འདུས་པའི་ལྷ་ཚོགས་རྣམསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ དུར་ཁྲོད་ཚོགས་ཁང་ཉམས་རེ་དགའཿ མཁའ་འགྲོ་འདུ་བ་བག་རེ་བྲོཿ རྣལ་འབྱོར་ཕོ་མོ་དམ་རེ་གཙངཿ འདོད་ཡོན་ཚོགས་མཆོད་མདངས་དང་ལྡནཿ འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ གསུམ་པ་ཚོས་ཕུད་ཕུལ་བ་ནིཿ ཧཱུྃཿ རྩ་གསུམ་རིག་འཛིན་རྒྱ་མཚོ་དངཿ ཌཱཀྐི་ཆོས་སྲུང་དམ་ཅན་ལཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧིཿ བཞི་པ་བར་པ་བཤགས་པ་ནིཿ ཧཱུྃཿ བདག་གིས་ཚེ་རབས་ཐོག་མེད་ནསཿ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེཿ རྩ་བ་ཡན་ལག་དམ་ཉམས་པཿ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགསཿ བཛྲ་ས་མ་ཡ་ཨཱཿ ལྔ་པ་བསྒྲལ་ཞིང་བསྟབ་པ་ནིཿ ཧཱུྃཿ མ་རིག་ལས་ཉོན་གཟུང་འཛིན་གྱིསཿ བསྐྱེད་པའི་བདག་འཛིན་རཱུ་ཏྲ་ཀུནཿ གཟུགས་ལ་ཕོབ་ཅིག་རྣྲི་ཏྲི་ཛཿ རྣམ་


JLAZ011_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཆོས་དབྱིངས་ཀློང་དུ་ཕཊཿ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལཿ རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཁཱ་ཧིཿ དྲུག་པ་ལྷག་མ་བསྔོ་བ་ནིཿ ཧཱུྃཿདཀྱིལ་འཁོར་ཆེན་པོའི་མུ་རན་ལཿ གནས་པའི་དབང་ཕྱུག་གིང་ལངྐཿ ལྷག་མ་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངསཿ ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧིཿ དྲུག་པ་སྣང་གསལ་མར་མེའི་སྐོངཿ ཨཱཿ ཀུན་གཞིར་རང་བྱུང་ཀོང་བུ་རུཿ རྣམ་ཤེས་རྣམ་དག་སྡོང་བུ་བཙུགསཿ ཆོས་དབྱིངས་ཡེ་ཤེས་མར་ཁུས་གཏམསཿ རིག་པ་རང་གསལ་སྒྲོན་མེ་སྦརཿ ཀ་དག་གཞི་ཡི་སྣང་བ་འདིསཿ མི་བསྐྱོད་རིགས་མཆོག་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ དབྱིངས་རིག་སྟོང་པའི་ཀོང་བུ་རུཿ ལྷུན་གྲུབ་གཟུགས་སྣང་སྡོང་བུ་བཙུགསཿ མེ་ལོང་ཡེ་ཤེས་མར་ཁུས་གཏམསཿ ཤེས་རབ་རང་བྱུང་སྒྲོན་མེ་སྦརཿ ཆོས་ཉིད་མངོན་སུམ་སྣང་བ་འདིསཿ རྣམ་སྣང་རིགས་མཆོག་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ ཀ་ཏི་ཤེལ་གྱི་ཀོང་བུ་རུཿ ཚོར་བ་རྣམ་དག་སྡོང་བུ་བཙུགསཿ མཉམ་ཉིད་ཡེ་ཤེས་མར་ཁུས་གཏམསཿ རྒྱངས་ཞགས་འོད་གསལ་སྒྲོན་མེ་སྦརཿ ཉམས་སྣང་གོང་འཕེལ་སྣང་བ་འདིསཿ རིན་ཆེན་རིགས་མཆོག་ཐུགས་དམ་སྐོངཿ


JLAZ011_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ འཇའ་ཟེར་ཐིག་ལེའི་ཀོང་བུ་རུཿ འདུ་ཤེས་རྣམ་དག་སྡོང་བུ་བཙུགསཿ སོར་རྟོག་ཡེ་ཤེས་མར་ཁུས་གཏམསཿ དག་པ་དབྱིངས་ཀྱི་སྒྲོན་མེ་སྦརཿ རིག་པ་ཚད་ཕེབས་སྣང་བ་འདིསཿ སྣང་མཐའི་རིགས་མཆོག་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ གཞོན་ནུ་བུམ་སྐུའི་ཀོང་བུ་རུཿ འདུ་བྱེད་རྣམ་དག་སྡོང་བུ་བཙུགསཿ བྱ་གྲུབ་ཡེ་ཤེས་མར་ཁུས་གཏམསཿ ཐིག་ལེ་སྟོང་པའི་སྒྲོན་མེ་སྦརཿ བློ་བྲལ་ཆོས་ཟད་སྣང་བ་འདིསཿ དོན་གྲུབ་རིགས་མཆོག་ཐུགས་དམ་སྐོངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལཿ མར་མེའི་སྨོན་ལམ་ནིཿ ཧཱུྃཿ རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུཿ རིག་གདངས་སློབ་དཔོན་གཉེན་གྱིས་དབུ་བཟུང་ནསཿ རིག་རྩལ་ལུ་གུ་རྒྱུད་ཀྱི་མཆེད་ལྕམ་རྣམསཿ རིག་སྟོང་རྗེན་པའི་གཤིས་ལ་མི་འདའ་ཤོགཿ ནམ་ཞིག་གདོད་མའི་ལྷུས་སུ་ཞུགས་པའི་ཚེཿ མ་རིག་འཁྲུལ་པའི་གཡང་སར་མི་བཏང་ཞིངཿ འཁོར་བ་ལུ་གུ་རྒྱུད་དུ་མི་ལྷུང་བརཿ འཁོར་བ་ཀ་ནས་དག་པ་གཞི་དབྱིངས་ཆེརཿ གཞི་སྣང་གཞོན་ནུ་བུམ་སྐུར་གྲོལ་བར་ཤོགཿ གལ་ཏེ་གདོད་མའི་ས་ལ་མ་གྲོལ་ནཿ ལྷུན་གྲུབ་ཞི་ཁྲོའི་སྣང་བ་འཆར་བའི་ཚེཿ


JLAZ011_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྣང་ཡེ་ཤེས་ཆེན་པོར་ངོ་འཕྲོད་ནསཿ བར་དོ་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་ཤོགཿ ཡེ་གདངས་གསལ་སྟོང་དག་པ་གཉིས་ལྡན་ཆེཿ སྟོང་གཟུགས་དྭངས་མ་ལྔ་ལྡན་རིགས་ལྔའི་ཞིངཿ རང་སྣང་རྣམ་དག་ལོངས་སྐུའི་ཞིངས་ཁམས་སུཿ དག་པ་གསུམ་གྱི་འཁོར་ལ་ཆོས་སྟོན་ཤོགཿ གལ་ཏེ་ལོངས་སྐུའི་ཞིང་དུ་མ་གྲོལ་ནཿ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ལྔ་ཚོམ་དངཿ རིགས་འདུས་རྔ་ཡབ་དཔལ་རིའི་ཕོ་བྲང་ཆེརཿ སྐད་ཅིག་ཉིད་ལ་བརྫུས་ཏེ་སྐྱེས་ནས་ཀྱངཿ རིག་འཛིན་རྣམ་བཞིའི་གྲལ་དུ་སྨིན་པར་ཤོགཿ ཐེག་པ་རིན་དགུའི་ཡངས་རྩེ་ཡོ་ག་གསུམཿ དེ་ལས་རྣམ་པར་འདས་པ་མན་ངག་སྡེའིཿ དགོངས་ཀློང་བྱ་རྩོལ་བྲལ་བའི་གཤིས་ལུགས་སུཿ བློས་བྱས་བདེན་ཞེན་དྲི་མ་དག་པར་ཤོགཿ རང་རིག་གདོད་ནས་དག་པའི་རང་མདངས་སུཿ རང་རྩལ་དམ་པ་རིགས་བརྒྱ་ཞི་ཁྲོའི་སྐུཿ སྣང་ལ་རང་བཞིན་མེད་པའི་དལ་བཀྲམ་སྟེཿ ཡེ་ཤེས་མཐོང་བ་དག་པའི་མར་མེ་འབུལཿ ཉོན་མོངས་འཁོར་བའི་ཆོས་ཀྱི་མུན་པ་སངསཿ བཟང་ཞེན་ཤེས་བྱའི་སྨག་རུམ་བསལ་ནས་ཀྱངཿ བརྗོད་མེད་ལྷག་མཐོང་ཡེ་ཤེས་ཆེན་པོའི་ཀློངཿ ཉམས་རྟོགས་རིག་པའི་རྩལ་ཆེན་རྫོགས་པར་ཤོགཿ ཕུང་པོ་ལྔ་དག་རིགས་ལྔའི་ཞིང་དུ་གྲོལཿ


JLAZ011_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལྔ་གནས་དག་རིགས་ཀྱི་ཡུམ་ལྔར་སྨིནཿ རྣམ་ཤེས་དབང་དག་སེམས་དཔའ་བརྒྱད་དུ་གྲོལཿ སྣང་བཞི་ཟད་ནས་འཇའ་ལུས་འགྲུབ་པར་ཤོགཿ དྲན་རིག་འོད་གསལ་ཆེན་པོའི་མར་མེ་འདིཿ རྒྱུན་ཆད་མེད་པར་སྦར་བའི་བསོད་ནམས་མཐུསཿ ལས་རླུང་བག་ཆགས་མུན་པ་དྲུངས་ཕྱུང་ནསཿ ཀུན་བཟང་དགོངས་ཀློང་ཆམ་གཅིག་གྲོལ་བར་ཤོགཿ བདུན་པ་དབྱིངས་གྲོལ་ལྟ་བའི་སྐོངཿ ཧོཿ མཆོད་དུ་མེད་དེ་ལྟ་བའི་ཀློངཿ རྟག་ལྟ་ཆོས་སྐུའི་ཀློང་དུ་བསྐངཿ བསྐང་དུ་མེད་དེ་སྒོམ་པའི་ངངཿ ཆད་ལྟ་གཟུགས་སྐུའི་ཀློང་དུ་བསྐངཿ སྤྱོད་དུ་མེད་དེ་ཆོས་ཉིད་གཤིསཿ མ་བཅོས་རྫོགས་པ་ཆེན་པོར་བསྐངཿ སྦྱོར་དུ་མེད་དེ་ཟུང་འཇུག་ཀློངཿ སྡུག་བསྔལ་བདེ་བ་ཆེན་པོར་བསྐངཿ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངསཿ ཡེ་སྒྲོལ་ཡེ་སྦྱོར་ཆེན་པོར་བསྐངཿ མདོར་ན་ཉམས་ཆག་ཉེས་ལྟུང་དངཿ ཁམས་གསུམ་རྒྱུད་དྲུག་སྡུག་བསྔལ་གྱིཿ རྒྱུ་དང་འབྲས་བུར་བཅས་པ་རྣམསཿ ཀུན་བཟང་ཡངས་པ་ཆེན་པོའི་ཀློངཿ བྱང་ཞིང་དག་ནས་སོར་ཆུད་དེཿ བདེ་བ་ཆེན་པོའི་ཀློང་དུ་ཨཱཿ གསུམ་པ་རྗེས་ཀྱི་རིམ་པ་དགུ་ལསཿ དང་པོ་ཐུགས་དམ་བསྐུལ་བ་ནིཿ ཧཱུྃ་བཞེངས་ཤིག་རིག་འཛིན་འདུས་པའི་ལྷཿ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ


JLAZ011_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ གཉིས་པ་ཆད་ཐོ་བྱ་བ་ནིཿ ཧཱུྃཿ སྔོན་ཚེ་འོག་མིན་བདེ་ཆེན་ཞིངཿ ལྷ་གནས་གསུམ་སོགས་ཉམས་དགའ་བརཿ གསང་ཆེན་རྒྱུད་སྡེའི་གནས་བསྟན་ཚེཿ རྡོ་རྗེ་ཐེག་པའི་བཀའ་སྲུང་རྣམསཿ དམ་ཚིག་གཉན་པོའི་གྲལ་དུ་བཞུགསཿ བར་དུ་གངས་ཅན་བོད་ཀྱི་ཡུལཿ ཨོ་རྒྱན་པདྨ་ཐོད་ཕྲེང་གིསཿ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེཿ སྲིད་པའི་ལྷ་འདྲེ་ཆེ་དགུ་ཡིསཿ སྲོག་སྙིང་ཕུལ་ཏེ་རྩིས་སུ་ཕབཿ ཐ་མ་འོད་གསལ་དག་པའི་ཞིངཿ བདེ་བ་ཆེན་པོའི་ཕོ་བྲང་དུཿ རིག་འཛིན་པདྨ་དབང་ཆེན་ལཿ པད་འབྱུང་དྲི་མེད་འོད་ཟེར་གྱིསཿ ཀློང་ཆེན་ཟབ་རྒྱའི་དབུགས་དབྱུང་ཞིངཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ ཀློང་གསལ་བརྡ་རིས་སྤྲད་པའི་ཚེཿ གཟའ་རྒོད་སྲོག་གི་སྤུ་གྲི་སོགསཿ བཀའ་སྲུང་གཉན་པོས་ཁས་བླངས་བཞིནཿ མཆོད་གཏོར་རྒྱན་ལྡན་འདི་བཞེས་ལཿ ལས་བཞིའི་ཕྲིན་ལས་སྒྲུབ་པར་མཛོདཿ གསུམ་པ་བསྟན་མ་སྐྱོང་བ་ནིཿ ཧཱུྃཿ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོངཿ མ་སྲིང་བརྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་བའི་ཕྲིན་ལས་གྲུབ་པར་


JLAZ011_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མཛོདཿ མ་མ་ཧྲིཾ་ཧྲིཾ་བྷ་ལིངྟ་ཁཱ་ཧིཿ བཞི་པ་རྟ་བྲོ་བྱ་བ་ནིཿ ཧཱུྃཿ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿ ནམ་ཡང་ལྡང་བར་མ་གྱུར་ཅིགཿ སྟྭཾ་བྷ་ཡ་ནནཿ ལྔ་པ་དངོས་གྲུབ་བླང་བ་ནིཿ ཧོཿ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམསཿ བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམསཿ རྡོ་རྗེ་སྲིན་པོའི་ནམ་ཡང་ལངསཿ དངོས་གྲུབ་སྩོལ་བའི་དུས་ལ་བབཿ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནསཿ མི་གནས་ཡེ་ཤེས་གསང་བ་མཆོགཿ རྡོ་རྗེ་གསུམ་གྱིས་བྱིན་རློབས་ལཿ མཆོག་དང་ཐུན་མོང་དངོས་གྲུབ་ཀུནཿ ད་ལྟ་ཉིད་དུ་ཐོབ་པར་སྩོལཿ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿཧཱུྃཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ལ་ལཿ སིདྡྷི་ཕ་ལ་ཧཱུྃཿ དྲུག་པ་ནོངས་བཤགས་པ་ནིཿ ཧཱུྃཿ རིག་འཛིན་འདུས་པའི་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབས་པ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ ཨོཾ་བཛྲ་ས་ཏྭ་སོགས་བརྗོདཿ བདུན་པ་རྫོགས་རིམ་བསྡུ་བ་ནིཿ ཧོཿ ཆུ་ལས་ཆུ་བུར་ཐིམ་བཞིན་དུཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡངཿ བརྒྱད་པ་བསྔོ་སྨོན་མཚམས་སྦྱོར་ནིཿ ཧོཿ དུས་


JLAZ011_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསགས་པའི་དགེ་རྩ་ཀུནཿ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོཿ བདག་སོགས་འདུས་པར་བཅས་པ་རྣམསཿ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོགཿ དགུ་པ་བཀྲ་ཤིས་བརྗོད་པ་ནིཿ ཧོཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིསཿ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲར་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོགས་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་


JLAZ011_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བཀྲ་ཤིས་ཤོགཿ བི་མ་ལ་དང་གསང་ཞབས་སོགསཿ པཎ་གྲུབ་རྣམས་ལ་གྲགས་པ་ཡིཿ ཞི་ཁྲོ་ཁྲོམས་དཀྲུགས་ཞེས་བྱ་བའིཿ སྔ་འགྱུར་བཀའ་མའི་གཞུང་བཟང་པོཿ དངོས་ལ་མིང་བཏགས་མཐུ་ཆེ་བསཿ ནུབ་ལ་ཉེ་བ་མ་བཟོད་དེཿ ན་རག་གདོང་སྤྲུགས་གང་ཡིན་པའིཿ དངོས་དོན་འཁྲུལ་པ་མེད་པར་བསྡེབསཿ བཀའ་གཏེར་ཟུང་དུ་འཇུག་པ་ལཿ པདྨའི་རིང་ལུགས་ཞེས་སུ་གྲགསཿ འགྲོ་ཀུན་ཆོས་ཀྱི་མིག་ལྡན་པསཿ ཡང་དག་ལམ་ལ་འཇུག་པར་ཤོགཿ ཅེས་པའང་རང་བྱུང་རྡོ་རྗེས་སོཿ ཿ

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཞི་ཁྲོ་ངན་སོངས་སྦྱོང་བ།


JLAZ011_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཞི་ཁྲོ་ངན་སོངས་སྦྱོང་བ་བཞུགས༔ ཀུན་ཏུ་བཟང་ལ་རྡོ་རྗེ་དབྱིངས་ཀྱི་ལྷ༔ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་འདུད༔ ཉོན་མོངས་རྒྱུད་དྲག་གཉེན་པོ་སྟོབས་ཆུང་བའི༔ སེམས་ཅན་ཕལ་ཆེར་ངན་འགྲོའི་དུ༔ཁ་སྦྱོང༔ དམ་པ་ཆོས་ཀྱི་སྒོ་ཏུ་ཞུགས་རྣམས་ཀྱང་༔ སྡོམ་གསུམ་རླུང་ལ་བསྐུར་ནས་སྡིག་རྔམས་དྲག༔ ཆོས་བྱེད་ཕལ་ཆེར་མྱལ་འབི་གནས་སུ་འགྲོ༔ གསང་སྔགས་ལམ་ཞུགས་མོས་པས་སྤྱོད་རྣམས་ཀྱང་༔ བླ་མའི་བཀའ་ལྕོག་ཚུལ་མིན་ལོང་སྦྱོད་དར༔ དེ་ཡིས་རྐྱེན་གྱིས་ཕྱི་ནང་འབྱུང་བ་འཁྲུགས༔ ནང་དུ་སྙིང་རླུང་གདོན་དུ་སྨྱོ་འབོགས་བསྡང་༔ དུས་མ་ཡིན་པར་སྲོག་ལ་ཧུར་ཐུམ་བྱེད༔ དེ་ཕྱིར་འགྱོད་སེམས་དགྲ་བོའི་བསམ་པ་ཡིས༔ མཚམས་མེད་ལས་ཀྱང་ཐབས་ལ་བརྟེན་སྤྱོད་པའི༔ རྣལ་འབྱོར་སྤྱི་ཁྲུས་ངན་སོང་སྦྱོང་བའི་བཅུད༔ རྒྱུད་ཀྱི་ཁོག་སྙིང་གདམས་པར་ཕྱུང་བ་འདི༔ དུས་ལ་ངེས་མེད་ནམ་དྲན་ལམ་དུ་ཁྱེར༔ དཀྱིལ་འཁོར་མ་ངེས་སྣོད་བཅུད་ཡེ་སངས་རྒྱས༔ སྒྲུབ་རྫས་མ་ངེས་རང་ལུས་ཆགས་མེད་གཏོང་༔ འོན་ཀྱང་འབྱོར་པས་ཁྱོག་བཞིན་མ་བཤགས་ན༔ ཡེ་ཤེས་ལྷས་ཁྲེ་ལ་དམ་ཅན་ཀོ་ལོང་བསྡམ༔ དེ་ཕྱིར་དཀྱིལ་འཁོར་རྒྱས་བསྡུས་བློ་ཡིས་པག༔ སྤྲོས་དང་འབྲེལ་ཆེ་རིགས་ལྔའི་དབང་རྫས་འགོད༔ ཁྱད་པར་མེ་ལོང་ཤེས་རྡོ་མེད་མི་རུང་༔ མཐའ་སྐོར་སྨན་གཏོར་རཀྟ་བརྒྱ་རྩ་་འམ༔ གྲངས་ཀྱིས་མ་ལྕོག་མཚན་ལྡན་བྷནྡྷརྭ་སྡུ༔ ཞུན་གྱི་མར་མེ་བརྒྱ་དང་ཚོགས་འཁོར་བཤམས༔ བདག་བསྐྱེད་བཟླས་པར་བཅས་པ་སྔོན་སོང་ནས༔ མདུན་རྟེན་ཞི་བའི་བླ་རྡོ་མེ་ལོང་དང་༔ ཁྲོ་བོའི་བླ་རྡོ་ཤེལ་རྡོ་ཟུར་བརྒྱད་པ༔ དབྱིངས་དང་ཡེ་ཤེས་ཟུང་འཇུག་དཀྱིལ་འཁོར་


JLAZ011_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༔ མ་བསྐྱེད་འབྱུང་ལྷུན་གྲུབ་ཆེན་པོའོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧྃཿ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི༴ སྐད་ཅིག་དྲན་རྫོགས་སུ་གསལ་བར་གྱུར༴ སྤྱན་འདྲེན་པ་ནི༴ ཨོཾཿ མ་ལུས་སེམས་ཅན༴ ས་མ་ཡ་ཛཿ བཞུགས་གསོལ་ནིཿ ཨཱཿ ཡེ་ཤེས་སྤྲུལ༴ ལྷཿ ཕྱག་འཚལ་ནི༔ ཧཱུྃཿ བརྗོད་མེད༴ ཧོཿ སྣང་བ་ཡབ་ཀྱི་མཆོད་སྤྲིན་ནིཿ ཨོཾཿ དངོས་སུ་འབྱོར་དང༴ པཱུ་ཛ་ཨཱཿ སྟོང་པ་ཡུམ་གྱི་མཆོད་པ་ནིཿ ཨཱཿ ཀུན་ཏུ་བཟང་པོ༴ ཡཱ་མིཿ ཟུང་འཇུག་ཆོས་སྐུའི་མཆོད་པ་ནིཿ ཧཱུྃཿ སེམས་ཀྱི་རང་བཞིན༴ ལ་ཧོཿ བསྟོད་པ་ནིཿ ཧཱུྃཿ ཆོས་དབྱིངས་ཡེ་ཤེས༴ ཀུན་ལ་འདུདཿ ཛ་བྲ་དགོངས་ནིཿ རྣམ་སྣང་ཐུགས་ཀྱི་དཀྱིལ་འཁོར་དུཿ སྦྱོང་བྱེད་རྩ་རིགས་ཟབ་མོ་ནིཿ ན་མོ་བྷ་ག་ཝཱ་ཏེ༴ བླ་ན་མེད་པའོཿ ས་མ་ལཿ དེ་ནས་དམ་སྒྲོང་དོང་སྤྲུགས་ཀྱིཿ ཐོབ་པར་ཤོགཿ ལྔ་པ་སྐོང་ལ་རྣམ་གྲངས་བདུནཿ ལྔ་པ་སྦྱོང་གྲོལ་ཚོགས་ཀྱི་བསྐང་ཿ ལས་གཞུང་བཞིན་ཤེས་པར་བྱཿ ཐུགས་ཀར་སྔགས་ཕྲེང་འཁོར༔ མན་ངག་ཡིན༔ མཆན༔ དྲུག་པ་སྣང་གསལ་མར་མེའི་སྐོང་༔ ཨཱཿ ཀུན་གཞིན་རང་བྱུང་༴ དངོས་གྲུབ་སྩོལཿ བྱང་ཆུབ་རྡོ་རྗེ་སློབ་དཔོན་དང་ཿ ལྕམ་བྲལ་སུ་གུ་རྒྱུད་དུ་སྦྲེལཿ གདུང་བ་དྲག་པོས་སློབ་དཔོན་གྱིཿ རྗེས་བཟླས་མར་མེའི་སྨོན་ལམ་གདབ༔ བདུན་པ་དབྱིངས་གྲོལ་ལྟ་བའི་སྐོར༔ ཧོཿ མཆོད་དུ་མེད་དེ༴ ཀློང་དུ་


JLAZ011_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཨཿ ཞེས་བརྗོད་རྗེས་ཀྱི་ཆོ་ག་རྣམསཿ རིག་འཛིན་གཞུ་ལ་ཚིག་འཕྲད་བསྒྱུར༔ ས་མ་ཡཿ གུ་ཧྱཿ བརྡ་ཐིམཿ འདིའི་ཆོ་ག་གཏོང་ཚུལ རྒྱས་པར་ཆོས་སྐྱོད་སྔོན་དུ་འགྲོ་བས། རིག་འཛིན་གྱི་སྐྱབས་འགྲོ་ནས་བཟླས་པ་མཆོད་བསྟོད་བར་གྱིས་བདག་བསྐྱེད་གསལ་བཏབ༔ མདུན་བསྐྱེད་ཡུམ་ཀའི་སྐྱབས་སེམས་ནས་བཟླས་པ་མཆོད་བསྟོད་བར། དེ་ཉིད་གནས་བསྒྱུར་བའི་ཚུལ་དུ་ཞི་ཁྲོའི་བསྐྱེད་ཆོག་ནས་བཟླས་པའི་བར། ཐུགས་རྗེའི་དྲྭ་བ་ལྟར་བུམ་པ་བསྒྲུབ། མཆོད་བསྟོད་ཡིག་བརྒྱ། ཨ་ཨཿ བུམ་ལྷ་འོད་ཞུ་བར་བྱཿ ཕྱག་འཚལ་ནས་ཚོགས་ལྷག་མ་ཡན་བཏབ༔ གནས་ལུང་དཀྱུས་ལྟར༔ རྗེས་མར་མེའི་སྐོང་དང་སྨོན་ལམ་བྱ། རྗེས་ཆོག་རིག་འདུས་ལྟར་རོ། འབྲིང་པོ་བདག་བསྐྱེད་རིག་འཛིན་དང་། མདུན་བསྐྱེད་ཞི་ཁྲོ། བསྡུས་པ་དཀྱུས་ལྟར་ལ་སྦྱོར་རྗེས་རིག་འཛིན་ཁྲོཾ་དཀྲུགས་ནས་བླང་ངོ་། །

ཞི་ཁྲོ་ངན་སོང་སྦྱོང་བ་ལ་བརྟེན་པའི་ཞིབ་དཔྱོད་ལྷན་ཐབས།


JLAZ011_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ངན་སོང་སྦྱོང་བ་ལ་བརྟེན་པའི་ཞིབ་དཔྱོད་ལྷན་ཐབས་བཞུགས། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར་དེང་སང་འདི་ན་ལྔ་བརྒྱའི་ཐ་མ་ཡང་དག་དང་ལྟར་སྣང་འབྱེད་པའི་བློ་གྲོས་རྨོངས་དུས་སོ་སོར་རྟོགས་པའི་ཤེས་རབ་ཀྱི་རོལ་རྩལ་འགག་པ་མེད་པའི་རྟོག་དཔྱོད་ཀྱིས་དོན་ལ་འདྲི་ཞིང་ལན་ལྡོན་པ་སྔ་ཕྱི་གཉིས་ཤིག་བྱུང་སྟེ་སྔ་མ་ནི། ཕྱི་འགྱུར་ཀུན་རིག་ཡོངས་གྲགས་སུ་རྩ་རིག །སརྦ་བིད་སརྦ་ཨ་ཝ་ར་ཎ་བི་ཤྭ་དྷ་ན་ཧ་ན་ཧ་ན་ཧཱུྃ་ཕཊཿ སོགས་ཀྱི་གཤམ་འདོགས་ཡོད་མོད་ཀྱི། འདི་ནི་ཀུན་རིག་མགྲོན་ཐབས་ཀྱི་ལྷ་མ་དགོས་པས་རང་རྐྱང་བསྡུས་པ་ཆད་ལྷག་མེད་པ་ཡིན་པའི་དོན་སྔགས་འགྲེལ་གྱིས་སྟོན་ཅིང༌། དེར་མ་ཚད་ཀུན་མཁྱེན་ཆེན་པོའི་དགེ་བ་གསུམ་གྱི་དོན་ཁྲིད་ནས་རྣལ་འབྱོར་རྒྱུད་ཀྱི་སྒོམ་རིམ་བསྡུས་པ་སྟོན་པའི་རྩ་རིག་གིས་ཀྱང་ལུང་གི་དབང་པོ་བཏུབ་པ་ལགས་སོ། །རིགས་ལྔ་མ་གཏོགས་ལྷ་བྱིངས་ཕྱག་རྒྱ་བསྡུས་པའི་བསྐྱེད་རིམ། སྐུ་མདོག་ཕྱག་མཚན་རྣམ་འགྱུར་དུ་མ་སྟེ། །གཅིག་ཏུ་མ་ངེས་ཆོ་འཕྲུལ་སྣ་ཚོགས་སྟོན། །ཞེས་པ་ལྟར་ལགས་ཀྱང༌། མངོན་རྟོགས་


JLAZ011_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ལ་སྤྲོ་བ་དག བྲིས་སྐུ་འབྲི་བ་ལ་ན་རག་དོང་སྤྲུགས་བཀའ་མའི་གཞུང་སོར་བཞག་ཡིན། ཨོཾ་ན་མོ།ཕྱག་འཚལ་ལོ། བྷ་ག་ཝཱ་ཏེ། བཅོམ་ལྡན་འདས། སརྦ་དུརྒ་ཏེ།ངན་སོང་ཐམས་ཅད། པ་རི་ཤོ་དྷ་ནི་རཱ་ཛ་ཡ།ཡོངས་སུ་སྦྱོང་བའི་རྒྱལ་པོ། ཏ་ཐཱ་ག་ཏ་ཡ།དེ་བཞིན་གཤེགས་པ། ཨརྷ་ཏེ་སཾ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། མྱག་སཾ་བུདྡྷ་ཡ། ཏདྱ་ཐཱ།འདི་ལྟ་སྟེ། ཨོཾ་ཤོ་དྷ་ནེ་ སྦྱོང༌། ཤོ་དྷ་ནི་ སྦྱོང༌། སརྦ་པཱ་པཾ་བི་ སྡིག་པ་ཐམས་ཅད་རྣམ་པར་སྦྱོང༌།ཤོ་དྷ་ན་སྭཱ་ཧཱ། བཟླས་དམིགས་ཐུགས་ཀར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་བུན་བུན་འཕྲོས་ཞལ་ཕྱོགས་བཞིར་གཟིགས་པའི་སྨིན་མཚམས་ལས་ཐོན་ངན་སོང་གནས་པ་དང་དམིགས་བྱའི་དོན་བྱས། སྡིག་སྒྲིབ་ཐམས་ཅད་སྦྱངས། དེ་དག་གི་རྣམ་ཤེས་འོད་ཀྱི་རྣམ་པར་གྱུར་པ་དང༌། ལྷན་ཅིག་ཐུགས་ཀར་བསྡུས་ཏེ་མཉམ་པར་འཇོག་པ་མན་ངག་ཡིན། ཕྱི་མའི་ལན། ཞི་ཁྲོའི་སྐོང་གི་སྐབས་རྩ་བ་གསུམ་ཀའི་ཕྲིན་ལས་ཚང་ཕྱིར། ནང་སྒྲུབ་ཡུམ་ཀ །ཞི་ཁྲོ་གསུམ་བྲེང་ཆགས་སུ་གཏོང་བའི་གོ་དོན་ལ། རིག་འཛིན་བདག་བསྐྱེད། ཡུམ་ཀ་མདུན་བསྐྱེད། དེ་ཉིད་ལས་དང་པོ་པས་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་བློར་མ་ཆུད་ཚེ་གནས་འགྱུར་ཞི་ཁྲོའི་དཀྱིལ་འཁོར་དུ་བསྒོམས་པས་


JLAZ011_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ། ཞེས་དེ་ལས་རྒྱལ་བ་ཐམས་ཅད་བསྐྱེད་པའི་དངོས་དོན་ལའང་འབྱོར་ཏེ། སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགསཿ ཞེས་པ། དག་ཆེན་ཡེ་ཤེས་ཀྱི་ཀློང་ཆེན་པོ་ཡུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། བྲེལ་བས་མ་ཁོམ་ན་སྔོན་འགྲོ་རྣམས་དབང་གི་སྤྱི་དོན་ནང་བཞིན་དངོས་བསྟན་ནམ། ཆ་མཐུན་རིག་འཛིན་གང་རུང་ནས་བླངས་རྗེས། ཞི་ཁྲོའི་བསྐྱེད་རིམ་བདག་མདུན་མཉམ་སྒྲུབ་བྱས་ཀྱང་འཐུས། ཆ་མཐུན་གྱི་སྐབས་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་མཚོན་ཚིག་ཕྲད་རིག་འཛིན་ཞེས་པར་ཞི་ཁྲོ་ཞེས་བསྒྱུར་བའང་རྟོག་་་་བརྟགས་གོ་བ་ཆུང་བ་རྣམས་ལ་གོ་དགོངས་པ་སྟེ། དངོས་དོན་ལྷོངས་པའི་བློ་ཆེན་ལ་ལྷུན་གྲུབ་རིགས་འཛིན་སངས་རྒྱས་ཉག་གཅིག་ཡིན་པས། དེ་ལས་གཞན་པའི་རྒྱལ་བ་ཞི་ཁྲོ་མེད་པའི་ཕྱིར། ཚིག་སྒྱུར་ཡང་མི་དགོས་སོ། །འདིར་བསྐྱེད་པའི་རིམ་པ་ལ། འདུས་པ་མདོ། རྒྱུད་ལུགས་སོགས་ལ་སྟེང་མཁར་ཞི་བའི་དཀྱིལ་འཁོར་དང༌། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་དུ་ཡོད་པའི་སྒོམ་ལུགས་ལྟ་བུ་ཡང་མ་ཡིན་ཏེ། འདི་ནི་ལུང་ཨ་ནུའི་དངོས་བསྟན་གཟུགས་བང་ཐམས་ཅད་དབྱིངས་ནས་སངས


JLAZ011_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

་རྒྱས་པའི་བསྐྱེད་རིམ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་རྟེན་གཞལ་ཡས་ཁང་དུ་རང་ཤར་བར་བསྒོམས་པས། སྦྱང་གཞི་སྣོད་ཀྱི་བག་ཆགས་དག་པར་བྱེད་ལ། དེའི་ནང་དུ་བརྟེན་པའི་ལྷ་ནི་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་སེམས་རིགས་བརྒྱའི་ལྷ་ཚོགས་སུ་འཆར་བའི་དག་བྱ་དག་བྱེད་ཀྱང་བཤགས་རྒྱུད་དང་མཐུན་པར་ངེས་ཤེས་བསྐྱེད་པའི་རྣམ་པ་ལམ་བྱེད་ཀུན་གཞི་རྣམ་དག་ཀུན་ཏུ་བཟང་པོའི་ཐུགས་ཀར། ཀུན་གཞིའི་རྣམ་ཤེས་བདེ་སྟོང་གཉིས་སུ་མེད་པའི་རྩལ་སྣང་གི་རྟོག་ཚོགས། སེམས་དང་སེམས་བྱུང་གི་རྣམ་པར་ཤར་བ་མཐའ་དག་གཟུགས་ཕུང་རྣམ་པར་སྣང་མཛད་དུ་དག་པས་མཚོན། ཡུལ་དང་དབང་པོའི་འདུ་འཕྲོད་ཐམས་ཅད་ཀྱི་དག་བྱ་དག་འབྲས་ལས་རིགས་བརྒྱའི་ལྷ་སྐུར་གྲུབ་པའི་ཚུལ་ཤེས་པར་མི་ནུས་པའི་བསྐྱེད་རིམ་དེ་ནི་རི་མོའི་མར་མེ་དང་མཚུངས་ལ། དེ་ཡང་བདག་བསྐྱེད་ལུས་དཀྱིལ་ལ་སྦྱོར་བར་མོས་ན། ཁམས་དྲུག་ལྡན་པའི་སྐྱེ་མཆེད་ལ་ཕོ་བྲང་གི་རྣམ་པ་སྦྱོར་ཚུལ་ཕལ་སྐད་དུ་ལུས་དཀྱིལ་གོ་བདེར་བཀྲལ་བའི་དགོངས་འདུས་རྣམ་ངེས་དང༌། སྤྱོད་ཡུལ་ལམ་འཁྱེར་སོགས་ལའང་རྟོགས་པར་བྱའོ། །དེ་ལྟར་གོ་དོན་འཕྲོད་ན། རང་བཞིན་གཞིའི་ཀུན་བཟང་གི་ཐུགས་ཀར་ཞི་བའི་ལྷ་ཚོགས་བཞུགས་


JLAZ011_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཛབ་དགོངས་རང་གཞུང་གིས་སྟོན་ལ། དེའི་སྟེང་ཕྱོགས་ཀླད་པ་དུང་ཁང་ན་ཧེ་རུ་ཀའི་ལྷ་ཚོགས་བཞུགས་པའི་བཟླས་དམིགས་ལ་བབ་ཚེ། རུ་ལུ་བཟླ་སྐབས་རྣམ་སྣང་ལྗགས། །རྡོ་རྗེ་རྩེ་གསུམ་དམར་པོ་ཡི། །ལྟེ་བར་ཨཱཿདམར་རུ་ལུས་བསྐོར། །དེ་ལས་འོད་འཕྲོས་སྟེང་ཕྱོགས་ཀྱི། །ཁྲོ་བོའི་དཀྱིལ་འཁོར་གསལ་བར་བྱས། །དེ་དག་ཐུགས་དམ་རྒྱུད་བསྐུལ་ཏེ། །རུ་ལུ་གྲགས་སྟོང་སྐྱེ་མེད་སྒྲ། །འབྲུག་སྟོང་བཞིན་དུ་སྒྲོག་པར་བསམ། །ཞེས་པ་ནས་འོད་ཟེར་སྤྲོ་བསྡུ་ནི་ཞི་བ་དང་མཚུངས་པའོ།། །།

ཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་ཡང་ཡིག་དཀའ་གནད་རྒྱ་འགྲོལ།


JLAZ011_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་ཡང་ཡིག་དཀའ་གནད་རྒྱ་འགྲོལ་བཞུགས།། སླར་ཡང་ཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་དོགས་སེལ་ནི། དྲང་དོན་གཟུགས་བརྙན་འཁོར་ལོ་ཀུན་བརྟགས་པ། །ངེས་དོན་ཕུང་ཁམས་གནས་འགྱུར་གཞན་དབང་ཅན། །ཡོངས་གྲུབ་འདུས་མ་བྱས་དབྱིངས་སྦས་པའི་དོན། །རིག་པའི་འོག་མིན་མཐོང་བ་དེ་ལ་སྣང༌། །སྤྱིར་འཁོར་བ་དང་རྣམ་པ་མཐུན་པར་སྦྱོང་བའི་བསྐྱེད་རིམ་མཐའ་དག་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་ཚུལ་ལ་འདུ་བ་ལས། རང་གཞུང་འདིར་དཔལ་ཆེན་འདུས་པས་མངལ་སྒོང་གཉིས། རིག་འཛིན་དང་ཐུགས་རྗེ་ཆེན་པོས་དྲོད་གཤེར་སྐྱེས། ཡུམ་ཀ་དང་ཡང་གསང་བླ་སྒྲུབ་ཀྱིས་རྫུས་སྐྱེས་སྦྱོང་བ་ལས། ཞི་ཁྲོ་ངན་སོང་སྦྱོང་བ་ནི་ཏིང་འཛིན་གསུམ་དང༌། མངོན་བྱང་ལྔ་ལ་སོགས་པས་བསྐྱེད་པ་ལམ་དུས་ཀྱི་དཀྱིལ་འཁོར་ལྟར་མ་ཡིན་པར། རང་སྣང་ལྷུན་གྲུབ་རྣམ་བྱང་ཡེ་ཤེས་ཆེན་པོའི་བཞུགས་ཚུལ་ལྟར་ཡིན་ལ། དེ་ཡང་ཕྱི་ལྟར་ཁམས་གསུམ་དུ་འཛིན་པའི་སྣང་ཞེན་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཉིད་ཆོས་སྐུའི་རྟེན་གྱི་རྣམ་པར་རྫོགས་པའི་ཚུལ་རྡོ་རྗེ་བཀོད་པ་ལས། འདོད་ཁམས་དབང་གི་རི་བོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་


JLAZ011_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོར་རྒྱུན་དུ་གནས། །ཞེས་སོ། །དེ་བས་ན་གཞལ་མེད་ཁང་གི་རང་བཞིན་ཀྱང༌། ཕྱི་མཆོད་རྟེན་ལྔ་པའི་རྣམ་པ་ལ། ནང་རང་བྱུང་ལོངས་སྤྱོད་རྫོགས་པའི་གནས་འོག་མིན་སྟུག་པོ་བཀོད་པའི་དབྱིངས་སུ། བྱ་བྱེད་དང་ཡིད་ཆོས་སུ་འཛིན་པ་རྣམ་པར་དག་པའི་གདངས་ཀྱི་ཀུན་ཏུ་བཟང་པོ་སྣང་སྟོང་མཚོན་པའི་ཡབ་ཡུམ་ལྟར་བསྟན་ནས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ་སྟེ། དེ་ཡང་དབྱིངས་ལས་ཤར་ཞིང་ཀུན་གྱི་བདག་ཉིད་དུ་མཚོན་པའི་ཕྱིར་གཙུག་ཏོར་ནོར་བུ་ཏོག་ལྟར་མི་མངོན་པ་མཆོད་རྟེན་གྱི་ཏོག་ལ་རེག་པ་ནས་བཟུང་གཞལ་མེད་ཁང་གི་བླ་ཡོངས་ལ་སྒྲིབ་པ་མེད་པར་ཁྱབ་པའི་ཐུགས་ཀར་དཔལ་གྱི་བེའུ་ལྟར་དབྱིངས་ཟབ་བའི་ཁྱམས་ལ་རིགས་ལྔ་ཡབ་ཡུམ་དང་སེམས་དཔའ་ཡབ་ཡུམ་བཅུ་དྲུག་བཞུགས་ཤིང༌། རྟེན་དང་བརྟེན་པ་ཐམས་ཅད་སྣོད་ལ་སྣོད་བཅུག་པ་ལྟ་བུའི་སྒྲིབ་གཡོགས་ཅན་མ་ཡིན་པས་ཕྱི་གསལ་ནང་གསལ་ཞེས་བཤད་ལ། གྲངས་ངེས་ཀྱི་སྒོ་ནས་སྟེང་གི་སྒྲས་མཚོན་པའི་དབུའི་དབྱིངས་ལ་ཁྲག་འཐུང་གི་ལྷ་ཚོགས་བཞུགས་ཀྱང་ཕུང་ཁམས་སྐྱེ་མཆེད་ལ་དག་པ་སྦྱར་བའི་ལུས་དཀྱིལ་དངོས་བསྟན་དུ་མི་བཟུང་སྟེ། འདི་ནི་འབྲས་བུའི་དུས་ཀྱི་གདན་གསུམ་ཚང་བའི་ལྷ་གདོད་ནས་ལྷུན་གྲུབ་ཏུ་ཡོད་པའི་གསལ་


JLAZ011_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཙམ་མོ། །དེ་ལ་ཕྱི་མཆོད་རྟེན་གྱི་རྣམ་པར་ཡོད་པའི་དཀྱིལ་འཁོར་འཕགས་ཡུལ་ན་ཡོངས་སུ་གྲགས་ཀྱང་བོད་ལ་ནི་མ་འགྱུར་ཅེས་གྲགས་ཏེ། རང་ལུགས་འཇོག་ཚུལ་ནི་མན་ངག་ཌཱཀྐིའི་ཡང་ཏིག་གིས་ཀྱང་གསལ་བའི་ཕྱིར་རོ། །དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ནི་རྒྱལ་བའི་དགོངས་རྒྱུད་གཅིག་ལས་གཞན་དུ་མི་འགྱུར་བས་རྒྱ་འགྱུར་ཡིན་མིན་གྱི་རྟོག་དཔྱོད་མི་དགོས་སོ། །བརྟེན་པའི་གཙོ་བོ་ནི། ཀུན་ཏུ་བཟང་པོའི་ཐུགས་རིག་པ་རང་སྣང་གི་ངོ་བོ་ཉིད་རྣམ་པར་སྣང་མཛད་དེ། རྔམ་གློག་ལས་ཀྱང༌། དབུས་སུ་རྣམ་པར་སྣང་མཛད་གཙོ། །ཞེས་སོ། །རྣམ་སྣང་གི་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས། ཕྱོགས་བཞིར་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པ་ཡབ་ཡུམ་ནས་རིམ་པར་ཕུང་པོ་དང་ཁམས་ཀྱི་རང་བཞིན་གདོད་ནས་དག་པའི་ངོ་བོ་རིགས་བཞིའི་གཤེགས་པ་གཤེགས་མ། མཚམས་བཞི་པོའི་གྲྭ་སྟེ་ནང༌ཟུར་ཏེ་ཕྱི་རོལ་དུ་གོ་བར་བྱས་པའི་གོས་བརྒྱད་ལ་ཤར་ལྷོ་ནས་བརྩམས་ཏེ། མིག་ལ་སོགས་པའི་རྣམ་ཤེས་བཞི་དག་པའི་ངོ་བོ་ཉིད་ཡིན་པས་ནང་སེམས་སུ་གྲགས་ཤིང་ནང་ལོགས་ཀྱི་གྲྭར་བཞུགས་པ། ནམ་སྙིང་དང༌། སྤྱན་རས་གཟིགས། ས་སྙིང་དང༌། ཕྱག་ན་རྡོ་རྗེ་བཞི་ལ། ཡུལ་བཞི་དག་པའི་ངོ་བོ་ཕྲེང་བ་མ་ལ་སོགས་སེམས་མ་


JLAZ011_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་འཁྲིལ་བ་དང༌། དེ་བཞིན་དུ་དབང་པོ་དག་པའི་ངོ་བོ་ཉིད་ཡིན་པས་ཕྱི་སེམས་སུ་གྲགས་ཤིང་ཕྱི་རོལ་གྱི་ཟུར་ལ་བཞུགས་པ། བྱམས་པ་དང༌། སྒྲིབ་སེལ་དང༌། ཀུན་བཟང༌། འཇམ་དཔལ་བཞི་ལ། དུས་བཞི་དག་པའི་ངོ་བོ་ཉིད་བདུག་སྤོས་མ་ལ་སོགས་བཞིས་འཁྲིལ་བ་རྣམས་ནི་དག་འབྲས་ཀྱི་ངོས་ནས་བཞག་པའི་སངས་རྒྱས་འཕགས་པ་ཉག་གཅིག་ཡིན་པས། ས་བཅུ་པའི་བྱང་སེམས་སུ་འཁྲུལ་བར་མི་བྱའོ། །གདན་གསུམ་གྱི་གྲངས་ངེས་སུ་འདུ་བའི་སྒོ་བ་ཡབ་ཡུམ་ནི་རང་རང་གི་བྱེད་ལས་དང་མིང་གི་མངོན་བརྗོད་དང་མཐུན་པར་མཆོད་རྟེན་གྱི་སེང་ཁྲིའི་ཕྱོགས་བཞིར་གློ་འབུར་གྱིས་དོད་པའི་སྒོ་བཞིར་གནས་ཤིང༌། སྒོ་བཞི་པོའི་སྟེང་དུ་རྟ་བབས་བང་རིམ་བཞི་པའི་སྟེང་ན་བུམ་ཆོས་ཏོག་བཅས་རེ་དང༌། གཞལ་མེད་ཁང་ལྟེ་བའི་ཡ་ཕུབ་མདའ་ཡབ་དང་བཅས་པའི་དོད་མཆོད་རྟེན་གྱི་བང་རིམ་བཞི་དང་བུམ་པ་བྲེ་ཆོས་ཏོག་ལ་སོགས་པས་བརྒྱན་པ་ཡིན་པས། ཕྱི་མཆོད་རྟེན་གྱི་རྣམ་པ་རྩེ་ལྔར་གྲུབ་ལ། མཆོད་རྟེན་གྱི་ས་འཛིན་ནམ་འདོད་པའི་སྣམ་བུའི་ཕྱོགས་བཞི་དང་སྟེང་འོག་གཉིས་ལ་ཐུབ་པ་དྲུག་པོ་རྣམས་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་འགྲོ་བ་དྲུག་གི་ཁམས་ལ་རྒྱུན་མི་ཆད་པའི་འདུལ་བྱེད་


JLAZ011_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པར་བཞུགས་པ་ལྟར་སྣང་ཡང༌། གནས་རིགས་དེ་དང་དེ་འདྲ་བའི་རྣམ་པ་ཅན་གྱི་སངས་རྒྱས་ཡོད་པར་འཁྲུལ་ནས་སྒྲ་ཇི་བཞིན་པར་འདོད་པ་དང༌། རྒྱུད་སྡེ་ཟབ་མོའི་དོན་གྱི་དབྱིངས་འཇལ་བ་ལ་རྨོངས་ནས་མི་ཁོམ་པའི་གནས་རིགས་སུ་མཛད་པ་བཅུ་གཉིས་ཀྱི་རྣམ་གཞག་ཚང་མི་ཚང་ལ་སོགས་པའི་རྟོག་དཔྱོད་ཕྱིན་ཅི་ལོག་གིས་བླ་ན་མེད་པའི་རྒྱུད་སྡེ་སྒྲོ་སྐུར་བྱེད་པ་ནི་རང་མཚང་སྟོན་པའི་མུན་སྤྲུལ་ཆེན་པོ་ཡིན་པས་འདི་དག་གི་གོ་དོན་ཁོ་བོའི་མན་ངག་རྣམ་མཁྱེན་ཤིང་རྟ་ལའང་ལེགས་པར་བཀོད་ཡོད་དོ། །དེ་སྐད་དུ་ཞི་བའི་ལྷ་ཚོགས་ཀྱི་བཞུགས་ཚུལ་ལ་རང་ལུགས་འཇོག་སྐབས། གཉིས་ནི་དབྱིངས་ན་གནས་ཏེ་ཆོས་ཀྱི་སྐུ། །དྲུག་ནི་གཞན་ལ་སྣང་ཕྱིར་སྤྲུལ་པའི་སྐུ། །རང་སྣང་ལོངས་སྐུའི་ཞིང་ན་སུམ་ཅུ་བཞི། །གཙོ་བོ་བཅུ་ལ་ཉེར་བཞི་འཁོར་གྱི་ཚུལ། །ཞེས་བསྟན་ཏོ། །སྤྱིར་ཟབ་མོའི་མདོ་སྡེ་རྣམས་ལས་ཡུལ་དྲུག་དང༌། དབང་པོ་དྲུག་དང༌། དབང་ཤེས་དྲུག་སྟེ་ཁམས་བཅོ་བརྒྱད་པའི་མཚན་ཉིད་ཕྱེ་ནས་སྟོང་པ་ཉིད་ཀྱི་གནས་ལུགས་གཏན་ལ་འབེབས་པ་དང༌། རྒྱུད་སྡེ་རྣམས་ནས་ཕུང་པོ་ལྔ་དང༌། ཁམས་ལྔ་དང༌། གཟུགས་ལ་སོགས་པའི་ཡུལ་དྲུག་ལ། མིག་ལ་སོགས་པའི་དབང་པོ་དང་དབང་ཤེས་དྲུག་སྐྱེ་མཆེད་བྱེད་པ་


JLAZ011_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱང་གཞིར་བྱས་ནས་སྦྱངས་འབྲས་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སངས་རྒྱ་བར་འདོད་པ་ནི་རྒྱུད་སྡེ་སྤྱིའི་རིང་ལུགས་ཡིན་ནོ།། །། ༈ བསྐྱེད་རིམ་རྣམ་བཞག་ཏུ། རྟོག་པ་ཞེ་གཉིས་ལྷར་འགྱུར་བ་ཞེས་པ་ནི། བསྐྱེད་རྫོགས་ཆེན་མོའི་རང་ལུགས་སུ་སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་ལས། དུག་ལྔ་ལ་སོགས་པའི་རྟོག་ཚོགས་ཆེ་ལོང་ཞི་བའི་ལྷ་ཚོགས་དང་གྲངས་ངེས་མཚུངས་ལྡན་དུ་སྦྱར་ནས་དེ་ལྟའི་རྟོག་པ་ཞེ་གཉིས་ལྷར་འགྱུར་ཚུལ་བསྟན་པ་ཡིན་ཏེ། དེ་སྐད་དུ་ཀུན་མཁྱེན་སྙིང་འགྲེལ་ལས་ཀྱང༌། དེའང་རང་བྱུང་གི་ཡེ་ཤེས་ནི་གཡོ་བྱེད་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བས་ན། གཞི་གནས་ཀྱི་ཡེ་ཤེས་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་ལ། དེའི་ངང་ལས་འཕྲོས་པའི་དུག་ལྔ་ལ་སོགས་པའི་རྟོག་ཚོགས་ནི་རྩལ་གྱི་ཡེ་ཤེས་དེ་བཞིན་གཤེགས་པ་ལྔ་ལ་སོགས་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བསྟན་པ་རྣམས་ཡིན་པས། རིག་པ་གནས་པ་དང་འཕྲོ་བ་ཉིད་ཡེ་ནས་དཀྱིལ་འཁོར་དུ་བསྟན་པ་ཡིན་ནོ། །ཞེས་སོ། །དེ་ལྟར་ནའང་རྣམ་བཤད་འདི་ནི་བསྐྱེད་རིམ་སྤྱིའི་ཁོག་འབུབས་ཡིན་པས་ལྷ་གྲངས་ཞེ་གཉིས་ནི་དཔེར་བརྗོད་ཙམ་ལས་དངོས་བསྟན་དུ་མི་རུང་སྟེ། བརྟེན་པའི་ལྷ་སོ་སོའི་གྲངས་ངེས་ལ་ལྟོས་དགོས་པའི་ཕྱིར། ལྡན་པའི་འདུ་བྱེད་ཀུན་ཏུ་འགྲོ་བ་ལྔ་ལ་སོགས་པའི་རིམ་པ་དང་སྐབས་ཐོབ་སྦྱར་ཤེས་པར་བྱའོ། །ཞེས་པའང་ལྕགས་ཟམ་སྤྲུལ་སྐུ་རིན་པོ་ཆེའི་དྲིས་ལན་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །

ཀློང་ཆེན་སྙིང་ཐིག་ལས་དམ་པ་རིགས་བརྒྱའི་ལྷ་དབང་གི་བཀོལ་བྱང་།


JLAZ011_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་ཐིག་ལས་དམ་པ་རིགས་བརྒྱའི་ལྷ་དབང་གི་བཀོལ་བྱང་བཞུགས།། ཧཱུྃ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྱིས་གྲུབ། །བྱ་བ་བྱེད་དང་ཡིས་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ཀྱིས་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ་བཛྲ་བྷ་དྲཱ་ས་མནྟ་ཨ། ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་པས་དབང་བསྐུར་རོ། །ཧཱུྃ་བཛྲ་ངྷྲྀཀ །ཨོཾ་ཛི་ན་ཛིཀ །སྭཱ་རཏྣ་ངྷྲྀཀ །ཨཾ་ཨ་རོ་ལིཀ །ཧཱ་པྲཛྙཱ་ངྷྲྀཀ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་དམ། །རིགས་ཀྱི་ཡུམ་གྱུར་རྣམས་ཀྱིས་དབང་བསྐུར་རོ། །མཱུཾ་དྷཱ་ཏི་ཤྭ་རཱི། ལཱཾ་དྭེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། པྱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། རྣམ་ཤེས་དབང་པོ་དག་པ་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ཀྱིས་དབང་བསྐུར་རོ། །ཀྵི་ཧི་རཱ་ཛ་ལ། ཏྲཱཾ་ཨ་གརྦྷ་ཡ། ཧྲཱི་ཧ་ཧཱུཾ་པདྨ་པྲ་ད་མ། ཛོཾ་ཀུ་རུ་པཱ་ཎ། མཻ་དྷ་ར་ཎི། ཐླྷིཾ་ནིསྶ་རཾ་པ་


JLAZ011_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། ཧཱུྃ་སྭཱ་རཱ་ཛ་ཡ། མཱུཾ་ཤྲཱི་ཨཾ་རཱ་ག་ཡ་སརྦ་ཨ་བྷི་ཥིཉྩ་ཏུ་མཾཿ ཧཱུྃ། སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ཀྱིས་དབང་བསྐུར་རོ། །ཧཱུྃ་ལཱ་སྱེ་ས་མ་ཡ་སྟཱཾ། ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོཿ ཧྲཱི་གཱི་ཏི་ར་གོ་ཧཾ། ཨཾ་ནཱིརྟི་རཱ་ག་ཡ་མེ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་རོ། །ཛཿངྷུ་བེ་པྲ་བེ་ཤ ། ཧཱུྃ་པུཥྤེ་ཨ་བེ་ཤ །པཱཾ་དཱི་པ་སུ་གཱི་ཏི། ཧོཿགྷནྡྷེ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུངས། །ཏ་ཀྲིཏ་སྒོ་བ་བཞི་ཡིས་དབང་བསྐུར་རོ། །ཧཱུཾཿཡ་མཱནྟ་ཀྲྀཏ་ཕཊ། ཧཱུྃ་པྲཛྙཱནྟ་ཀྲྀཏ་ཕཊ། ཧཱུྃ་པདྨནྟ་ཀྲྀཏ་ཕཊ། ཧཱུྃ་བིག་ནན་ཏ་ཀྲྀཏ་ཕཊ། སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང༌། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ཡིས་དབང་བསྐུར་རོ། །ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། ཀརྨ་དྷ་ར། མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་མཛད་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང༌། །བཅོམ་ལྡན་ཐུབ་པ་


JLAZ011_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གིས་དབང་བསྐུར་རོ། །ཨོཾ་མུ་ནེ་ཀྲེཾ། ཨོཾ་མུ་ནེ་ཧཱུྃ་ཏྲུཾ། ཨོཾ་མུ་ནེ་སྲུཾ། ཨོཾ་མུ་ནེ་བྲེཾ། ཨོཾ་མུ་ནེ་ཀྵཾ། ཨོཾ་མུ་ནེ་ཡེ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། འཇིགས་བྱེད་འདས་པའི་དུས་ནས་མངོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཧེ་རུ་ཀ་རྣམས་ཀྱིས་དབང་བསྐུར་རོ། །ཨོཾ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཤྲཱི་ཧེ་རུ་ཀ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༌། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་གྱིས་དབང་བསྐུར་རོ། །ཨོཾ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷི་ཤྭ་རཱི་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས། །ཁྲོ་མོ་ཆེན་མོ་བརྒྱད་ཀྱིས་དབང་བསྐུར་རོ། །ཨོཾ་བཛྲ་གཽ་རཱི་ཧ། བཛྲ་ཙཽ་རཱི་ཧ། བཛྲ་པྲ་མོ་ཧེ་ཧ། བཛྲ་བཻ་ཏ་ལཱི་ཧ། བཛྲ་པུཥྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨེ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༌། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ཀྱིས་དབང་བསྐུར་རོ། །ཨོཾ་བཛྲ་སིངྷ་མུ་ཁ་ཧེ། བཛྲ་བྱ་གྷྲྀ་མུ་ཁ་ཧེ། བཛྲ་ཤྲཱི་གཱ་ལ་མུ་ཁ་ཧེ། བཛྲ་ཤྭ་ན་


JLAZ011_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁ་ཧེ། བཛྲ་གྷྲྀ་དྷ་མུ་ཁ་ཧེ། བཛྲ་ཀངྐ་མུ་ཁ་ཧེ། བཛྲ་ཀ་ཀ་མུ་ཁ་ཧེ། བཛྲ་ཨུ་ལུ་མུ་ཁ་ཧེ་སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུངས། །སྒོ་སྐྱོང་ཁྲོ་མོ་བཞི་ཡིས་དབང་བསྐུར་རོ། །ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛཿ ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ། བཛྲ་ལོ་ཀ་བཾ། བཛྲ་བྷ་མོ་པཱ་ལ་ཡ་བ་རུ་ཧོཿ སརྦ་ཨ་བྷི་ཥིཉྩ་ཏུ་མཾ། ཧཱུྃ། དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ཀྱིས་དབང་བསྐུར་རོ། །བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ སརྦ་ཨ་བྷི་ཥིཉྩ་ཏུ་མཾ།། །།

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཉམས་ཆག་སྐོང་བའི་མན་ངག


JLAZ011_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཉམས་ཆག་སྐོང་བའི་མན་ངག་བཞུགས། །རང་བྱུང་རིག་པའི་ལྷ་ལ་འདུདཿ བསྙེན་སྒྲུབ་ཟབ་མོར་འཇུག་པའི་ཚེཿ དེ་ཡི་དབང་ཐོབ་བླ་མ་དངཿ དམ་ཚིག་ཉམས་ཆག་ཡོད་སྲིད་ནཿ སྒྲུབ་འབྲས་འབྱིན་པ་བུལ་བས་ནཿ གནད་ཀྱི་མན་ངག་འདི་ལྟར་བྱཿ དབང་ལུང་ནོད་པའི་བླ་མ་དེཿ སངས་རྒྱས་ཐམས་ཅད་འདུས་པའི་སྐུརཿ བསམས་ཏེ་རང་གི་སྤྱི་བོར་བསྐྱེདཿ སྟོབས་བཞིའི་གནད་དང་ལྡན་པའི་ངངཿ གླང་པོ་རབ་འབོག་རྒྱུད་ཀྱི་དོནཿ ཡེ་ཤེས་སྐུ་མཆོག་ཚར་གསུམ་དངཿ ཡི་གེ་བརྒྱ་པ་ཅི་ནུས་མཐརཿ དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོདཿ དེ་རྗེས་སྤྱི་བོའི་བླ་མ་དེཿ བདག་ཉིད་ཡི་དམ་གང་བསྙེན་གྱིཿ སྐུ་རུ་ལམ་གྱིས་གནས་བསྒྱུར་ལཿ དབང་བཞི་བླང་ཞིང་རྩ་སྔགས་བཟླཿ ཡི་དམ་འོད་ཞུ་རང་ལ་བསྟིམཿ རང་ཡང་སྣང་སྟོང་བརྗོད་བྲལ་ངངཿ མི་རྟོག་རྗེན་པའི་ངང་དུ་བཞགཿ ཕྱིན་ཆད་ཉམས་ཆག་འཁོན་འཛིན་དེཿ རྒྱུད་ལ་ནམ་ཡང་གནས་མི་བྱཿ གནད་ཀྱི་ནང་ནས་མན་ངག་སྟེ། རིགས་འདུས་སྐུ་གསུམ་བླ་མ་ཡིཿ དགོངས་བརྒྱུད་བྱིན་རླབས་ཚུལ་དུ་བབསཿ སྙིང་ལ་ཕུར་ཅིག་ས་མ་ཡཿ ཿ

རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་དྲི་ཟའི་རྒྱུད་མངས།


JLAZ011_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་དྲི་ཟའི་རྒྱུད་མངས་བཞུགས། །


JLAZ011_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཀུན་ཏུ་བཟང་པོ་དང་བྱང་ཆུབ་མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་དྲི་ཟའི་རྒྱུད་མངས་ནི། མཆོད་རྫས་རྣམས་ལ་བསང་ཆུ་འཐོར་ཞིང༌། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་ཏུ་རྒྱས་པར་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་བརྗོད། སྤྲོན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། དེ་ནས་དབྱངས་ཤིན་ཏུ་སྙན་པ་དང་བཅས། ༈ པདྨ་རྒྱས་པ་ལྟ་བུའི་ལང་ཚོ་ཅན། །རིག་ན་བདེ་བའི་མཆོག་སྟེར་ཨུཏྤལ་མིག །གཟུགས་ཀྱི་རྣམ་འགྱུར་ངོམ་པའི་ཡིད་འཕྲོག་མ། །རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ལཱ་སྱེ་ཧཱུྃ་པྲ་ཏཱིཙྪ་ཧོཿསྲིད་ན་རྣམ་པར་མཛེས་པའི་ཟླ་བས་ཀྱང༌། །བལྟ་ན་སྡུག་པའི་གཟུགས་ཀྱི་ཆར་མི་ཉེ། །ནོར་བུའི་དོ་ཤལ་འཛིན་པའི་ཡིད་འོང་མ། །རྡོ་རྗེ་ཕྲེང་བ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་མཱ་ལེ་ཏྲཱཾ་པྲ་ཏཱིཙྪ་ཧོཿ འཇམ་མཉེན་པུནྜ་རི་ཀའི་ལང་ཚོ་ལ། །རེག་འཇམ་དབང་པོའི་གཞུ་ཡི་འཁྲི་ཤིང་ཅན། །སྐད་སྙན་འགྱུར་ཁུགས་སྟོང་གི་གླུ་ལེན་མ། །རྡོ་རྗེ་གླུ་མའི་


JLAZ011_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་གཱིརྟི་ཧྲཱིཿཔྲ་ཏཱིཙྪ་ཧོཿ བུང་བ་པདྨའི་ཚལ་ན་གཡོ་བ་བཞིན། །ཕྱག་ཞབས་གསེར་གཡུའི་གདུ་བུས་མཛེས་པའི་གར། །མིག་འཕྲུལ་ལྟ་བུར་བསྒྱུར་བའི་གཡོ་ལྡན་མ། །རྡོ་རྗེ་གར་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ནཱིརྟི་ཨཱཿཔྲ་ཏཱིཙྪ་ཧོཿ ༈ བཅུ་དྲུག་ལང་ཚོ་མྱོས་པའི་རྣམ་འགྱུར་དེས། །སྙིང་ལ་དགའ་བའི་ཡ་མཚན་ཅིར་ཡང་སྟེར། །དྲི་ཞིམ་སྤོས་ཕོར་ཐོགས་པའི་སྨིན་ལེགས་མ། །རྡོ་རྗེ་བདུག་སྤོས་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ངྷཱུ་པེ་ཧཱུཾ་པྲ་ཏཱིཙྪ་ཧོཿ ཚངས་དབང་འཆི་མེད་བུ་མོའི་འཇོ་སྒེག་ཀྱང༌། །ཤིན་ཏུ་མཛེས་པའི་ལང་ཚོས་བརྟན་པ་འཕྲོག །ཨུ་དུམ་ཝཱ་རའི་ཆུན་འཕྱང་ཡིད་འཕྲོག་མ། །རྡོ་རྗེ་མེ་ཏོག་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཏྲཱཾ་ཏཱིཙྪ་ཧོཿ །ཡིད་འོང་བལྟ་ན་སྡུག་པའི་མཁུར་ཚོས་ལ། །ལི་ཁྲིའི་ཐིག་ལེས་བསྐུས་པའི་རི་དྭགས་མིག །ཉི་ཟླའི་སྒྲོན་མེ་ཐོགས་པའི་བཞིན་བཟང་མ། །རྡོ་རྗེ་སྣང་གསལ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཨ་ལོ་ཀེ་ཧྲཱིཿ པྲ་ཏཱིཙྪ་ཧོཿ །འཆི་མེད་བུ་མོའི་


JLAZ011_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཛིན་སྨིན་ལེགས་གཟུགས། །ཞལ་ནས་ཨུཏྤལ་ལ་ཡི་དྲི་འཐུལ་ཞིང༌། །བཟང་དྲུག་སྨན་གྱིས་བྱུག་པས་དགྱེས་པ་སྐོང༌། །རྡོ་རྗེ་དྲི་ཆབ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་གྷནྡྷེ་ཨཿ པྲ་ཏཱིཙྪ་ཧོཿ ༈ ལང་ཚོའི་ཆ་ཤས་རྫོགས་པའི་པདྨ་དང༌། །རྣམ་འགྱུར་ཅིར་ཡང་འཆར་བའི་ཨ་དརྴ། །ཕན་ཚུན་འགྲན་པ་ལྟ་བུས་གཟུགས་མཛེས་མ། །རྡོ་རྗེ་མེ་ལོང་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་རཱུ་པ་ཨོཾ་པྲ་ཏཱིཙྪ་ཧོཿ ཏིང་འཛིན་རི་མོ་མཁན་གྱིས་བྲིས་པའི་གཟུགས། །བཞིན་མཛེས་མནྡ་ར་བའི་ཐོད་བཅིངས་ཅན། །ཟླུམ་པོའི་རྔ་ལས་བདེ་སྟོང་སྒྲ་འབྱིན་མ། །རྡོ་རྗེ་རྔ་ཟླུམ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་མྲྀ་ཏཾ་གི་ཧྲཱིཿཔྲ་ཏཱིཙྪ་ཧོཿ རཏྣའི་སོར་གདུབ་འཁྲོལ་བའི་ཁུ་ཚུར་གྱིས། །དྲི་ཟའི་བུ་མོར་འགྲན་པའི་ཏཾ་བུ་ར། །རྣ་བའི་དཔྱིད་དུ་སྦྲེངས་པའི་ཡིད་འཕྲོག་མ། །རྡོ་རྗེ་པི་ཝང་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཝི་ནི་ཧཱུྃ་པྲ་ཏཱིཙྪ་ཧོཿ དགའ་བ་བཅུ་དྲུག་རླུང་གི་རྟར་བསྐྱོན་ནས། །ཐིག་ལེ་བཅུ་དྲུག་གནས་སུ་དག་པ་ལས། །སྟོང་ཉིད་བཅུ་དྲུག་གླིང་བུའི་སྒྲར་སྟོན་པའི། །རྡོ་རྗེ་གླིང་བུ་མ་ཡིས་མཉེས་གྱུར་ཅིག །


JLAZ011_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཝཾ་སེ་ཏྲཱཾ་པྲ་ཏཱིཙྪ་ཧོཿ ཟླ་གཞོན་པད་དཀར་ལྟ་བུའི་ལང་ཚོའི་དཔལ། །མིག་གི་བདུད་རྩིར་སྦྱིན་དང་ཆབས་ཅིག་པར། །སྙན་འགྱུར་རྫ་རྔའི་སྒྲ་སྒྲོགས་ན་ཆུང་མ། །རྡོ་རྗེ་རྫ་རྔ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་མུ་རཉྫེ་ཨཿཔྲ་ཏཱིཙྪ་ཧོཿ སྟོང་ཉིད་ནམ་མཁའི་རྒྱན་གྱུར་ལྷ་ཡི་གོས། །རིན་ཐང་བརྗོད་དུ་མེད་པའི་པཉྩ་ལི། །འཕྲུལ་ལྡན་སོར་རྩེས་སྒྲོན་པའི་མཛའ་ན་མོ། །རྡོ་རྗེ་རེག་བྱ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་པར་ཤེ་ཏྲཱཾ་པྲ་ཏཱིཙྪ་ཧོཿ ཆགས་མེད་ཆགས་པ་ཆེན་པོའི་ཟུར་མིག་གིས། །དཔའ་བོའི་ཡིད་ལ་མྱོས་པའི་ཆོམ་རྐུན་འཇུག །ལག་ན་རོ་བརྒྱའི་དཔལ་འཛིན་ཞལ་ཟས་ཐོགས། །རྡོ་རྗེ་རོ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་རཱ་ས་ཧྲཱིཿཔྲ་ཏཱིཙྪ་ཧོཿ བདེ་བས་བདེ་བའི་མཐར་སོན་སྟོང་པ་ཉིད། །བདེ་ཆེན་ཆོས་ཀྱི་འབྱུང་གནས་མངལ་ཁུར་ཅན། །བདེ་སྟོང་ངང་ལས་རྒྱལ་ཀུན་བསྐྱེད་པའི་ཡུམ། །ཆོས་ཀྱི་རྡོ་རྗེ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་དྷརྨ་དྷཱརྟུ་ཨཿཔྲ་ཏཱིཙྪ་ཧོཿ །དེ་ལྟར་ཤིན་ཏུ་རྨད་དུ་བྱུང་བ་རྡོ་རྗེའི་ལྷ་མོ་བཅུ་དྲུག་ལ་ནང་གསེས་


JLAZ011_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དབྱེ་ན། ཕྱི་སྒེག་བཞི། ནང་སྒེག་བཞི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་གསང་བའི་རིག་མ་ལྔ། ཐུན་མོང་འདོད་ཡོན་གྱི་ལྷ་མོ་གསུམ་སྟེ་དེ་ཉིད་རྣམ་པ་བཅུ་དྲུག་གི་རང་བཞིན་དུ་བསྙད་པ་ལས། དང་པོ་ཕྱི་སྒེག་བཞིའི་ཕྱག་རྒྱ་ནི། བཛྲ་ལཱ་སྱེ་ལ་རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན་ནས་གཡོན་ཅུང་ཟད་འགྱིང་བའོ། །བཛྲ་མཱ་ལྱེ་ལ་རྡོ་རྗེ་ཐལ་མོ་གཉིས་ནང་ནས་ཐུར་ལྡོག་གཡོ་བས་ཕྲེང་བ་འདོགས་པའི་ཚུལ་ལོ། །བཛྲ་གཱིརྟི་ནི་གླུ་མ་སྟེ། གླུ་མའི་ཕྱག་མཚན་པི་ཝང་ཡིན་པས་དེ་ཉིད་སྦྲེང་བའི་ཚུལ་འོག་ནས་འབྱུང་ངོ༌། །བཛྲ་ནཱིརྟི་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྤྱི་བོར་གར་བྱེད་པའི་ཚུལ་ལོ། །གཉིས་པ་ནང་སྒེག་བཞིའི་ཕྱག་རྒྱ་ནི། བཛྲ་དྷཱུ་པེ་ནི་ཐལ་སྦྱར་ཚིགས་པ་བཅག་པ་བདུག་སྤོས་ཀྱི་ཁང་པ་ལྟར་རོ། །བཛྲ་པུཥྤེ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཁ་བཀན་ལ་མེ་ཏོག་འཐོར་བའི་ཚུལ་ལོ། །བཛྲ་ཨ་ལོ་ཀེ་ནི་རྡོ་རྗེ་ཁུ་ཚུར་ལས་མཐེ་བོང་གཉིས་མར་མེ་ལྟར་སྒྲེང་བའོ། །བཛྲ་གནྡྷེ་ནི་གཡོན་པའི་མཐེབ་མཛུབ་སྦྱར་གཞན་རྣམས་བརྐྱང་པ་ཁ་བཀན་ཏེ་དུང་ཆོས་ལྟར་བྱས་པའི་སྙིམ་པ་ནས་གཡས་པའི་མཐེབ་མཛུབ་གྱི་དྲིའི་བྱུག་པ་འགྱེད་པའི་ཚུལ་ལོ། །གསུམ་པ་གསང་བའི་རིག་མ་ལྔ་ལས། སྐུའི་རིག་མ་བཛྲ་རཱུ་པ་ནི་གཡོན་པའི་ཁུ་ཚུར་གྱི་སྟེང་དུ། གཡས་པའི་ཐལ་མོ་སྙིང་ག་ནས་ཕྱིར་བསྟན་པ་མེ་ལོང་ལྟར་བྱའོ། །གསུང་གི་རིག་མ་བཛྲ་མྲྀ་ཏཾ་གི་ནི་རྔ་ཟླུམ་བརྡུང་བ་ལྟར་གཡོན་པ་ཅུང་གྱེན་ལ་ཕྱོགས་གཡས་པའི་སོར་མོ་རྣམས་གཡོབ་པའོ། །ཐུགས་ཀྱི་རིག་མ་བཛྲ་ཝི་ནིའི་ཕྱག་རྒྱ་ནི། པི་ཝང་སྒྲེང་བ་ལྟར་གཡོན་གྱེན་དུ་སྒྲེང་བའི་མཐེ་བོང་གིས་གུང་སྲིན་མནན་ཏེ་མཛུབ་མོ་དང༌། མཐེའུ་ཆུང་བརྐྱང༌། གཡས་པའང་དེ་བཞིན་བྱས་པས་སྒྲེང་པའོ། །ཡོན་ཏན་གྱི་


JLAZ011_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མ་བཛྲ་ཝཾ་སེ་ཏྲཱེ་ནི་གླིང་བུ་འབུད་པའི་ཕྱག་རྒྱ་ཉིད་ཁའི་མདུན་བྱེད་པའོ། །ཕྲིན་ལས་ཀྱི་རིག་མ་བཛྲ་མུ་རཉྫེ་ནི་ལག་པ་གཉིས་ཀ་སྙིང་ཁའི་ཐད་ནས་ཕྱིར་བསྟན་ལ་སོར་མོ་རྣམས་གཡོབ་པས་རྫ་རྔ་བརྡུང་བ་ལྟར་བྱེད་པའོ། །བཞི་པ་ཐུན་མོང་འདོད་ཡོན་གྱི་ལྷ་མོ་གསུམ་ལས། བཛྲ་པར་ཤེ་ནི་ལག་པ་གཉིས་སོ་སོའི་མཐེབ་མཛུབ་གུང་སྲིན་རྣམས་རྩེ་སྤྲད། མཐེའུ་ཆུང་སྒྲེང་ལ་གོས་དབུལ་བའི་ཚུལ་ལོ། །བཛྲ་རཱ་ས་ནི་རྡོ་རྗེ་ཐལ་མོ་ཁ་སྦུབས་ལ། བརྐྱང་པ་སླར་གྱེན་དུ་ལྡོག་པ་བཤོས་འདེགས་པའི་ཚུལ་ལོ། །བཛྲ་དྷརྨཱ་ནི་མཁའ་དབྱིངས་ཆོས་འབྱུང་གི་རྒྱ་སྟེ་མཐེ་བོང་གཉིས་རྩེ་སྤྲད། གཞན་རྣམས་བརྐྱང་པའི་སྲིན་ལག་གཉིས་རྩེ་སྤྲད་པའོ། །ཀུན་ལ་པད་སྐོར་གྱིས་སྔོན་བསུས་ནས་རང་སྔགས་དང་ཕྱག་རྒྱ་བསྟུན་ཞིང༌། རྡོ་རྗེ་སེ་གོལ་གཏོགས་པས་བསྣོལ་ཏེ་ནུ་མ་གཡས་གཡོན་གྱི་སྟེང་དུ་འཇོག་པའོ། །དེ་ལྟར་རྡོ་རྗེའི་རིག་མ་བཅུ་དྲུག་གི །མཆོད་ཕྲེང་དྲི་ཟའི་བུ་མོས་བླངས་པའི་གླུ། །རྒྱུད་མངས་སྟོང་གི་འགྱུར་དང་ལྡན་པ་འདི། །ངག་དབང་དབྱངས་ཅན་ལྷ་མོས་བདག་ལ་བྱིན།། །།

ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བའི་སྒོ་ནས་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲ་བ།


JLAZ011_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བའི་སྒོ་ནས་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲ་བ་ཞེས་བྱ་བ་བཞུགས་སོ། །


JLAZ011_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གཏིང་གསལ་འོད་ཀྱི་ཕུང་པོ་ལ་ཕྱག་འཚལ་ལོ། །རྒྱུད་ཆེན་ཟབ་མོ་ཉི་ཟླ་ཁ་སྦྱོར་གྱི་མན་ངག་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲྭ་བ་ཞེས་བྱ་བ། སྙིང་རྗེ་ཆེན་པོའི་རྩི་དང་ལྡན་ཞིང་རྟོགས་པ་མཆོག་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། ཕུང་པོ་དངོས་སུ་ཡོད་ན་དེས་ཆོག་ལ། མེད་ན་གཟུགས་བརྙན་ ༼འདིར་ལག་ལེན་ལ་ཀོང་བུའི་ནང་དུ་མར་ལ་བྱང་བུ་བཟོས་པའི་སྙིང་གར་མིང་ཡིག་སོགས་མཐོང་བརྒྱུད་བཞིན་དང༌། གདུགས་དང་བ་དན་ལ་སོགས་ཤོག་བུར་བཟོ་བ་ཡིན། ༽ནམ་མིང་བྱང་བྱ། དྲི་རྟེན་ལ་སོགས་པར་ཡང་སྦྱོང་དུ་རུང་ངོ༌། །དེ་ལ་ཞི་ཁྲོ་ངན་སོང་སྦྱོང་བའི་སྐོར་དང་འབྲེལ་བ་ཕན་ཡོན་ཆེ་བས་སྐོང་གི་དཀྱིལ་འཁོར་དང་མཆོད་པའི་ཡོ་བྱད་འབྱོར་ཚོགས་དང་བསྟུན་ནས་བཤམ། ཉེ་ལོགས་སམ་ཅི་བདེ་བར་མཎྜལ་ཁྲུ་གང་སྐྱང་ནུལ་ངོགས་འཇམ་པར་གུར་གུམ་ལ་སོགས་དྲི་བཟང་པོས་ཆག་ཆག་བཏབ། དེའི་ཁར་བུམ་གདན་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྲིས་པའི་སྟེང་དུ་རིན་པོ་ཆེའི་བུམ་


JLAZ011_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པའི་ཕྱི་རོལ་མཚལ་ལམ་ལྡོང་རོས་ཕྱིས་པ་བཞི་བྲིས་པ་བཞག་ཅིང༌། མཐར་མཆོད་པས་བསྐོར། ཞི་ཁྲོའི་ལས་གཞུང་བཟླས་པ་དང་བཅས་པ་རྫོགས་རྗེས་ཁྱད་པར་གྱི་བུམ་པ་སྒྲུབ་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་དང༌། བུམ་པ་འོད་ལྔའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་མ་ལུས་པ་རྫོགས་པའི་དབུས་སུ་བཅོམ་ལྡན་འདས་སྟོན་པ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་མཉམ་གཞག་ཅན་ཡུམ་དང་འཁྲིལ་བའི་ཕྱོགས་བཞིའི། ཤར་དུ་རྡོ་རྗེ་སེམས་དཔའ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་སྣང་བ་མཐའ་ཡས། བྱང་དུ་དོན་ཡོད་དོན་གྲུབ་པ། དཀར་སེར་དམར་དང་ལྗང་གུའི་མདོག་ཅན། གཙོ་བོའི་མདུན་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཀུན་ཀྱང་རང་འོད་ཀྱི་ཡུམ་དང་འཁྲིལ་ནས་


JLAZ011_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཀུན་ཏུ་འཕྲོ་བར་བཞུགས་པའི་སྟེང་གི་ཆ་ལ། བླ་མ་བརྒྱུད་པའི་ལྷ་ཚོགས་དམིགས་ཡུལ་ཚེ་ལས་འདས་པའི་ལམ་སྟོན་ཆེན་པོར་བཞུགས་པར་གྱུར། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། བདུད་སྡེ་སོགས། བཛྲ་ས་མ་ཡ་ཛཿ ཞེས་སྤྱན་དྲངས། བཅོམ་ལྡན་འཁོར་བཅས་བྱོན་པ་ལེགས། སོགས་ཀྱི་བཞུགས་སུ་གསོལ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། སོགས་ནས་བཛྲ་ཨརྒྷཾ་སོགས་ཀྱི་སྔགས་དང་བཅས་པས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་སོགས་ཤློ་ཀས་བསྟོད། གཟུངས་ཐག་ལ་འཇུས་ནས། ཨོཾ་ཨཱཿཧཱུྃ་སྭ་ཧཱ་དང༌། ཨ་འབུམ་ཕྲག་གཅིག་གིས་བསྙེན་པ་བྱ། བར་མཚམས་ཅི་རིགས་པར། ཨོཾ་ཨཿབྷྱ་དྱ་ཏཾ་ཀཾ །ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་ཤམ་བུ་གདགས། འདིར་སློབ་དཔོན་གྱི་ངག་མ་དག་ན་སྦྱང་བྱ་ལ་ཕན་ཐོགས་པར་དཀའ་བས་བཟླས་པ་ཚད་དུ་འཁྱོལ་བ་དང༌། ཏིང་འཛིན་བརྟན་པ་ཁོ་ན་ཁག་ཆེ་བ་ནི་སྣང་ཤས་ཀྱི་སྤྲོས་པ་ལས་འདས་པའི་བདུན་ཚིགས་ཆེས་ཟབ་པའི་སྤྱོད་ལུགས་ཡིན། བཟླས་དམིགས་ནི། རང་ཞི་ཁྲོའི་དཀྱིལ་འཁོར་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བླ་མ་དང་ལྷ་སོ་སོའི་སྐུའི་ཆ་ཤས་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཁེངས་པར་བསམས་ལ་མཐར་མཆོད་བསྟོད་ཇི་ལྟར་རིགས་པ་དང༌། ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། ཨ་ཨ་ཞེས་བརྗོད་


JLAZ011_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡེ་ཤེས་པ་གཤེགས་དམ་ཚིག་པ་ཆུར་ཞུ་བར་མོས། བར་འདིར་བསགས་སྦྱངས་ཕྱིར་དུ་ཞི་ཁྲོའི་ཕྱག་འཚལ་ནས་རིམ་པར་སྐོང་གི་བྱ་བ་རྣམས་ཚོགས་ལྷག་ལ་ཐུག་གི་བར་དཀྱུས་བཞིན་དུ་བྱའོ། །དེ་ནས་ཁྱད་པར་གྱི་སྦྱོང་བ་ནི། ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཤི་བར་གྱུར་པའི་ཚེ། །ཟག་པ་བཅས་པའི་ཕུང་པོ་ལ། ། བུམ་པ་སྤྱི་བོར་བཞག་ནས་ནི། །ཡི་གེ་ཡི་ནི་འབྲུ་ཉིད་དང༌། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དམྱལ་བའི་གནས་རྣམས་སྟོངས་ནས་ནི། །དེ་ཡི་རྟག་ཏུ་དེ་བཞིན་ནོ། །ཞེས་ཕུང་པོ་དངོས་ལ་སྦྱང་བའི་དབང་དུ་བཏང་ནས། དེའི་སྤྱི་བོར་ཨ། མགྲིན་པར་བྷྱཿ གསང་བར་དྱ། མཆན་ཁུང་དུ་ཀཾ །སྤྱི་བོར་ཏཾ་སྟེ་རིམ་པར། དམྱལ་བ། ཡི་དྭགས། བྱོལ་སོང༌། ལྷ་མིན། ལྷའི་གནས་རྣམས་སྦྱང་བའི་ཕྱིར་ཡི་གེའི་མཚན་མ་དེ་དང་དེ་གནས་པས། དེ་རྣམས་སུ་སྦྱོང་བྱེད་ཀྱི་ངོ་བོར་གསལ་ནས་ལོ་གྲངས་བཟླ་བ་དང་ལྷན་ཅིག་བུམ་ཆུས་བཀྲུ་བ་ཡིན་ལ། ཚུལ་འདི་ལྟ་བུའི་སྦྱོང་བ་ནི་གནད་ཤིན་ཏུ་ཟབ་པ་ཡིན་པས་ཕུང་པོ་བསྲེག་པ་དང་གཏོར་བ་ལ་སོགས་པའི་ལས་ལ་སྦྱོར་ཁར་ལག་ལེན་ལ་ཐེབས་པར་བྱའོ། །འདིར་སྤྲོས་པ་ལ་དགའ་བ་དག་གིས་རྫོགས་པ་རང་བྱུང་ནས་གསུང་པའི་རིགས་དྲུག་གནས་འདྲེན་བྱ་བ་ཕྱོགས་གཞན་དུ་ཤེས་ལ། སྤྲོས་པ་ཆུང་ཞིང་རྟོགས་པ་མཆོག་དང་ལྡན་པ་དག་ལ་བྱ་བ་ཉུང་ཞིང་ཏིང་ངེ་འཛིན་ལ་མི་གཡེང་བ་འདི་ཁོ་ན་སྐབས་སུ་བབ་པ་ཡིན་པས། རྟེན་ལ་རྣམ་ཤེས་འགུགས་པ་ནི། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ནྲི་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པ་ཆེ་གེ་མོའི་ཕུང་པོ་དང་སྐྱེ་མཆེད་གསོན་གྱི་གནས་སྐབས་ཇི་ལྟ་བུར་གྱུར། ལྕགས་ཀྱུའི་ཕྱག་རྒྱས། ན་མོ། རྗེ་བཙུན་


JLAZ011_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། དཀོན་མཆོག་གསུམ་གྱི་བདེན་པ་དང༌། གསང་སྔགས་དང་རིགས་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བདེན་པ་དང༌། གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བདེན་པ་དང༌། ཆོས་ཉིད་རང་བཞིན་རྣམ་པར་དག་པའི་བདེན་པ་དང༌། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་བདེན་པ་དང༌། བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ལས་ཀྱི་དབང་གིས་ཁམས་གསུམ་འགྲོ་བ་རིགས་དྲུག །སྐྱེ་གནས་རྣམ་པ་བཞི། སྲིད་པ་བར་མ་དོ་འཁོར་བ་མྱ་ངན་གྱི་ཁུང་བུའི་ཆར་གཏོགས་པ་གང་ན་གནས་ཀྱང་སྐད་ཅིག་ཙམ་གྱིས་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཊཀྐི་རཱ་ཛཿཧཱུྃ་ཞེས་ལན་གསུམ་ལ་སོག་ཁུག་པའི་གསལ་སྣང་མཐོང་གི་བར་བརྗོད། རྣམ་པར་ཤེས་པ་རྟེན་གྱི་བར་སྣང་ལ་འོད་ཀྱི་རང་བཞིན་དུ་བྱུང་བ། ཨོཾ་ཤྭ་དྷ་ནེ་སརྦ་པཱ་པཾ་ཨ་པ་ན་ཡ་ཧཱུྃ། ཞེས་ལན་གསུམ་གྱིས་སྡིག་པ་སྦྱངས་ནས། ཛཿཧཱུྃ་བྃ་ཧོཿ ཞེས་ཕྱག་རྒྱ་བཞིས་རྟེན་ལ་བཅིང་ངོ༌། །གེགས་དང་ལན་ཆགས་སྦྱོང་བ་ནི། གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིག་ནན་ན་མཿ སརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་


JLAZ011_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཥེ་བྷྱཿ སརྦ་ཏཏྑཾ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་གྷྲི་ཧ་ན་བ་ལིངྟ་ཡེ་སྭཱ་ཧཱཿཏིང་ལོ་ཆང་བུར་བཅས་པ་གསུམ་རྟེན་ལ་རེ་རེ་ནས་བསྐོར་ཞིང༌། ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་མཐར། ཚེ་ལས་འདས་པའི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གེགས་རྣམས་གཏོར་མས་བརྔན་དང༌། ཏིང་ལོས་སྣང་བ། ཆང་བུས་ལམ་རྒྱགས་གྱིས་ལ་རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས་ཤིག །ཅེས་གུ་གུལ་གྱིས་བདུག །རྡོ་རྗེས་བསྡིགས་ཤིང་དྲིལ་བུ་གསིལ། དེ་ནས་ཁྱད་པར་གྱི་བུམ་པ་སྤྱི་བོར་བཟུང་ནས། ཚེ་ལས་འདས་པའི་སྤྱི་བོར་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་བར་བསྒོམས་པའི་འོད་ཟེར་དང༌། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་དམྱལ་བར་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་བཟོད་པའི་རང་བཞིན་ཆུ། །ཞེ་སྡང་དྲི་མ་སྦྱོང་མཛད་ཅིང༌། །རླབས་ཆེན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ཨ་ཞེས་སྙན་པའི་དབྱངས་ཀྱིས་དེའི་ལོ་གྲངས་བརྗོད་པའི་བཅུ་ཚན་རེའི་མཚམས་སུ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཀྲུ། བུམ་པ་མགྲིན་པར་བཟུང་ལ། ཚེ་ལས་འདས་པའི་མགྲིན་པར་རང་བྱུང་གསང་བ་ཆེན་པོའི་ཡི་གེ་བྷྱ་གསལ་བར་བསྒོམས་པའི་འོད་ཟེར་དང་བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་ཡི་


JLAZ011_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་སུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ བྷྱ་ཞེས་སྔར་ལྟར་བརྗོད་ཅིང༌། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་བཀྲུ། བུམ་པ་གསང་གནས་སུ་བཟུང་ལ། ཚེ་ལས་འདས་པའི་གསང་གནས་སུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་དྱ་གསལ་བར་བསྒོམས་པའི་འོད་ཟེར་དང༌། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་བྱོལ་སོང་དུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་ཤེས་རབ་རང་བཞིན་གྱི་ཆུ། །རྨོངས་པའི་དྲི་མ་སྦྱོང་མཛད་ཅིང༌། །རྣམ་གསུམ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ དྱ་ཞེས་སྔར་ལྟར་བརྗོད་ཅིང༌། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་བཀྲུ། བུམ་པ་མཆན་ཁུང་གཡས་སུ་བཟུང་ལ། ཚེ་ལས་འདས་པའི་མཆན་ཁུང་གཡས་སུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཀཾ་གསལ་བར་བསྒོམས་པའི་འོད་ཟེར་དང༌། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་ལྷ་མིན་དུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་


JLAZ011_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཞིང་དག་པར་གྱུར་ཅིག །འདི་ནི་བསམ་གཏན་རང་བཞིན་གྱི་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང༌། །མཉམ་ཉིད་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ཀཾ་ཞེས་ཚར་ཉི་ཤུ་བརྗོད་ཅིང༌། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་བཀྲུ། བུམ་པ་སྤྱི་བོར་བཟུང་ལ། ཚེ་འདས་པའི་སྤྱི་གཙུག་ཏུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཏཾཾ་གསལ་བར་བསྒོམ་པའི་འོད་ཟེར་དང༌། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་ལྷར་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་བརྩོན་འགྲུས་རང་བཞིན་གྱི་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །ནན་ཏན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ། ཏཾ་ཞེས་ལོ་གྲངས་བརྗོད་ཅིང༌།ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་བཀྲུ། བུམ་པ་སྙིང་གར་བཟུང་ལ། འདི་ནི་ཚུལ་ཁྲིམས་རང་བཞིན་གྱི་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །སྲུང་བ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ།།ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ བུམ་པ་སྤྱི་བོར་བཀོད་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་


JLAZ011_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་རིགས་ལྔའི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ བ ཛྲ་ ས་ ཏྭ་ ས་ མ་ ཡ་ མ་ ནུ་ པཱ་ ལ་ ཡ་ བ ཛྲ་ ས་ ཏྭ་ ཏེ་ ནོ་ པ་ ཏིཥ་ ཋ་ དྲྀ་ ཌྷོ་ མེ་ བྷ་ ཝ་ སུ་ ཏོ་ ཥྱོ་ མེ་ བྷ་ ཝ་སུ་ པོ་ ཥྱོ་ མེ་ བྷ་ ཝ་ ཨ་ ནུ་ རཀ་ ཏོ་ མེ་ བྷ་ ཝ་ སར་ བ་ སིད་ དྷི་ མྨེ་ པྲ་ ཡཙ་ ཚ་ སར་ བ་ ཀར་ མ་ སུ་ ཙ་ མེ་ ཙིཏ་ ཏཾ་ ཤྲཱི་ ཡཿ ཀུ་ རུ་ ཧཱུྃ་ ཧ་ ཧ་ ཧ་ ཧ་ ཧོ་ བྷ་ ག་ ཝཱན་ སར་ བ་ ཏ་ ཐཱ་ ག་ ཏ་ བ་ ཛྲ་ མཱ་ མེ་ མུཉ་ ཙ་ བ་ ཛྲཱི་ བྷ་ བ་ མ་ ཧཱ་ ས་ མ་ ཡ་ ཏྭ་ ཨཱཿ ཨ་བྷི་ཥིཉྩ་མུཾཿ ཞེས་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་དམ་པ་རིགས་བརྒྱའི་ངོ་བོར་དག་པར་གྱུར། དེ་ནས་འཁོར་བ་དང་འབྲེལ་བཅད་པ་ནི། ཀྱཻ་ཚེ་ལས་འདས་པ་གསོན་ཅིག །རྙེད་པར་དཀའ་བའི་དལ་བ་ཐོབ་ཀྱང༌། །འབྱུང་བཞི་འདུས་པའི་ཕུང་པོ་ཡིན་པས་འཇིགས་པ་ལས་མ་འདས་པས་འདུས་བྱས་ཀྱི་རང་མཚང་ད་རེས་ཁྱོད་ཀྱི་ཐོག་ཏུ་བབ་པར་གདའ། ཤུལ་དུ་ལུས་པ་དག་ཀྱང་དེ་ལས་མི་འདའ་བའི་ཚུལ་རིན་པོ་ཆེ་སྤུངས་པའི་རྒྱུད་ལས། འབྱུང་བ་རགས་པའི་གཟུགས་རྣམས་ལ། །བསྡད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་བརྟན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཞེས་པ་ལ་སོགས་པས་ཤེས་པའི་ཕྱིར་ཉིད་གཅིག་པུ་ཡིད་


JLAZ011_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་པའི་གནས་ཅང་མེད། ང་ནི་གནས་དང་ལོངས་སྤྱོད་གཉེན་བཤེས་ལ་སོགས་པ་གང་གི་ཡུལ་ལ་ཆགས་ཀྱང་དེ་ཉིད་ཁྱེད་ཀྱི་རྗེས་སུ་མི་འབྲང་བའི་ཚུལ་རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དག་ནི་གང་ནས་གང་འགྲོ་ཡང༌། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང༌། །ཞེས་གསུངས་པ་དེ་རང་ཐོག་ཏུ་བྱུང་ནས། ལས་འབའ་ཞིག་ལ་རེ་བ་གདུང་བའི་སྐབས་འདིར་དེ་དག་ལ་ཞེན་ཆགས་ཀྱི་གདུང་བ་བསྐྱེད་ཀྱང་ཁྱེད་ལ་མི་ཕན་གྱི་སྟེང་དུ་ལམ་བསྟན་པའི་གེགས་སུ་ཆེ་བས་མདང་གི་རྨི་ལམ་ན་ལོངས་སྤྱོད་དང་གཉེན་བཤེས་ཡོད་པ། སད་ནས་ཅི་ཡང་མེད་པར་སོང་བ་བཞིན་དུ་འཁོར་བ་བདེན་གྲུབ་མ་ཡིན་པའི་མཚང་ཤེས་པར་བྱས་ནས་འཁྲི་བ་བཙན་ཐབས་སུ་ཆོད་ཅིག །བར་དོའི་རྣམ་པར་ཤེས་པ་ནི་མིང་བཞི་འདུས་པའི་ཕུང་པོ་ཙམ་ལས་རགས་པའི་རྟེན་གྱི་འཆིང་བ་མེད་པས་ཆུ་ནང་གི་ཀོ་བ་བཞིན་རྐྱེན་ཕྲན་བུས་བསྒྱུར་བར་སླ་ན་བདག་ཅག་གིས་གསང་སྔགས་བླ་ན་མེད་པའི་ཆོ་ག་ཟབ་མོས་རྗེས་སུ་བཟུང་བ་ཡིན་པས་བླ་མ་དང་དཀོན་མཆོག་གསུམ་ལ་མོས་གུས་མཆོག་ཏུ་བསྐྱེད་ལ་ཇི་ལྟར་བསྟན་པའི་ལམ་ལ་ཐེ་ཚོམ་མེད་པར་བཞུད་ཅིག །ཅེས་བཤད་ནས། ལམ་སྦྱོང་བ་ནི།


JLAZ011_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་རྫོགས་པ་ཆེན་པོའི་སྒོ་མཐོང་བ་ཡིན་ན། བསྟན་བུ་ཚར་གཅིག་བཀླག །ཐུན་མོང་བ་ལ་སྐྱབས་གསོལ་ར་མདའ་སྦྲན་པའི་ཚུལ་དུ་སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང༌། །འཇིགས་ཆེན་བརྒྱད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །ཚེ་འདས་འཇིགས་པས་རྣམ་སྐྲག་པས། །ཀན་ཏུ་བཟང་ལ་འདི་ཉིད་འབུལ། །འཇམ་དཔལ་དབྱངས་ལའང་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །ཚེ་འདས་འདི་ལ་སྐྱོབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་


JLAZ011_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྔང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་བརྗོད་པས་ཚེ་འདས་པའང་གདུང་བ་དྲག་པོའི་རྐྱེན་གྱིས་རྒྱུད་དག་ནས་ལམ་ལྔའི་ཡོན་ཏན་ཁྱད་པར་ཅན་ཐོབ་པར་བསམས་ལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པ་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །ལམ་ལྔ་དག་ལ་བརྟེན་ནས་ནི། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཅེས་དང༌། ལམ་བསྟན་པ་ནི། བྱང་བུའི་མདུན་དུ་འོད་གསལ་གྱི་སྣང་བ་མཚོན་པའི་མར་མེ་གཅིག་བཏེགས་ནས་རྫོགས་པ་རང་བྱུང་ལས། ཧོ། རིག་པ་དབང་གི་རྒྱལ་པོ་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཚེ་ལས་འདས་པ་འདི་ལ་གཤེད་བྱེད་པ་དང༌། སྒྲིབ་པ་ཐམས་ཅད་བྱང་བར་མཛད་དུ་གསོལ། ཧོ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། མངོན་པར་དགའ་


JLAZ011_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞིང་ཁམས་ན། སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བས་སྐུས་འདུལ་བའི་ཆོས་སྟོན་ཏོ། །རིགས་ཀྱི་བུ་ཁྱོད་དེར་སྐུས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་བཞུད་ཅིག །ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བས་ཡོན་ཏན་གྱི་སྒོ་ནས་འདུལ་བའི་ཆོས་སྟོན་པ་ཞིག་ཡོད་ཀྱིས། དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཡོན་ཏན་གྱིས་འདུལ་བའི་ཆོས་སྟོན་པ་དེ་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །ནུབ་ཕྱོགས་སུ་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་ཀྱིས། དེ་ན་གསུང་གིས་འདུལ་བའི་ཆོས་སྟོན་ཏོ། །དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་གསུང་གིས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་དེར་མ་གནས་པར་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དོན་ཡོད་དོན་གྲུབ་ཞེས་བྱ་བ་ཡོད་ཀྱིས། དེར་


JLAZ011_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཀྱིས་འདུལ་བའི་ཆོས་སྟོན་ཏོ། །དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཕྲིན་ལས་ཀྱིས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །དབུས་ན་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་ཀྱིས། དེ་ཡང་ཤིན་ཏུ་ཡ་ང་བ། འཇིགས་ཤིང་སྐྱི་བུང་བ། སྐྲག་ཅིང་སྔངས་པ་ཞིག་ཡོད་དེ། དེ་ན་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ཅེས་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་མ་འཇིགས་པར་བཅོམ་ལྡན་འདས་དེ་ལ་རིག་པ་རང་གནས་ཀྱི་དབང་ཞེས་བྱ་བ་ཡོད་ཀྱིས། དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་མ་འཇིགས་མ་སྔངས་མ་སྐྲག་པར་སོང་ཞིག །ཅེས་ལམ་བསྟན་ནས་ཞག་གྲངས་མང་པོའི་ཚེ་ནུབ་ཐ་མ་དང༌། ཉིན་ཆོག་ལ་དེ་མ་ཐག་པར་བྱང་བུའི་རྣམ་ཤེས་ཧཱུྃ་གི་རྣམ་པས་ཞིང་ཁམས་དེ་དག་ཏུ་འཕངས་པར་བྱའོ། །རྒྱུད་ལས་ཞིང་བཅུ་ཁྲོད་མེ་རི་འབར་བ་དང་བཅུ་གཅིག་ཏུ་གསུངས་ཀྱང༌། འདིར་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔར་བསྡུས་ལ། ཞིང་ཁམས་འདི་རྣམས་སུ་བདག་སྟོབས་གཞན་སྟོབས་གང་གིས་དབུགས་ཕྱུང་བ་ཡིན་ཡང་རིགས་དང་ལས་འབྲེལ་ཡོད་པའི་ཞིང་གང་ཏུ་སྐྱེས་པ་དེར་རྒྱུད་སྨིན་ནས་དབུས་ཀྱི་ཁྲོ་བོའི་ཞལ་མཐོང་བའི་མོད་ལ་དེའི་བྱིན་རླབས་ཀྱིས་ཤེས་སྒྲིབ་སྤངས་ནས་གདོད་མའི་ས་ལ་བྱང་ཆུབ་པར་བཤད་འགྲེལ་ཆེན་མོའི་དགོངས་པ་ཡིན་ལ། ཁ་ཅིག་ཞིང་ལྔ་ཀ་རིམ་པར་ཉུལ་བར་འདོད་པ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་ལུང་གིས་གནོད་པ་


JLAZ011_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གོ །འདི་ལྟ་བུའི་ལམ་བསྟན་རྫོགས་པ་ཆེན་པོའི་གདུལ་བྱ་ལ་ཁྱད་པར་དུ་གསུངས་པ་ཡིན་ཡང༌། ལམ་འདི་མན་ངག་གིས་རྗེས་སུ་བཟུང་བའི་རྟེན་འབྲེལ་འགྲིགས་པའི་གནས་སྐབས་འདི་ཙམ་ནས་ཀྱང་རྫོགས་པ་ཆེན་པོའི་གདུལ་བྱ་ཡིན་པའི་ཤེས་བྱེད་འགྲུབ་པའི་ཕྱིར་ཐུན་མོང་གི་བདུན་ཚིགས་ལས་ཆེས་འཕགས་པས་སེམས་ཅན་དེ་དག་ལ་ཕན་པའི་བསམ་པ་དང༌། རང་གཞུང་ལ་མན་ངག་འདི་ལྟ་བུ་ཡོད་བཞིན་དུ་འགྱུར་གསར་གྱིས་ཡང་ལྷན་ཀོ་ལྷན་ཕན་ཚུན་སྡེབས་པ་ཆོས་ཀྱི་ཚི་ཆད་པར་ཤེས་ནས་ལག་ལེན་ལ་བཏབ་པའོ། །དེ་ནས་བྱང་བུ་བསྲེག་པ་ནི། སྡོང་བུ་སྦར་ནས། ཨཱཿ ཀུན་གཞི་རང་བྱུང་ཀོང་བུ་རུ། །ཞེས་སོགས་མར་མེའི་སྐོང་གིས་སྙིགས་མའི་རང་བཞིན་ཚོགས་སུ་སྦྱོར་བ་ལ་ཤེས་རབ་ཡོད་ན་དག་བྱ་དག་འབྲས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཡོད་དོ། །རྗེས་འབྲེལ་མར་མེའི་སྨོན་ལམ་དང་ཆོ་ག་དཀྱུས་བཞིན་བྱ་བ་ཉིད་དོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་ཕུང་བོ་མེད་པ་ན། །དེ་ཉིད་ཤི་ནས་ཞགས་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུ་ཡང༌། །བདུན་པའི་ཚེ་ན་ཆོ་གར་འབད། །དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུ་ལྡན་པ། །དེ་ཉིད་ལ་ཡང་ཐེ་ཚོམ་མེད། །ངེས་པར་འབྲས་བུ་ཐོབ་པའོ། །ཞེས་རང་རང་གི་འབྱོར་བ་དང་བསྟུན་ནས་བགྱིས་པས་ཆོ་ག་ཟབ་མོའི་བྱིན་རླབས་ཀྱིས། རེ་ཞིག་གནས་ངན་པར་སྐྱེས་ཟིན་ཀྱང༌། དེའི་ཚེ་ཚད་རྨི་ལམ་ལྟ་བུར་ཟད་ནས་བདེ་འགྲོ་ཁྱད་པར་


JLAZ011_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐོབ་པ་ཡིན་ཏེ། དེ་ཉིད་ལས། དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིམ་པས་གནས་རྣམས་འཕོས་བྱས་ནས། །རིམ་པས་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་ཐོབ། །ཅེས་གསུངས་པས་མཆོག་ཏུ་ཟབ་པའོ། །ལྕགས་ཟམ་བྱང་ཆེན་ཐར་པའི་ལམ། །གང་ན་ཐུགས་བསྐྱེད་ཤིང་རྟའི་འཕྲུལ། །རང་བྱུང་རྡོ་རྗེའི་སྐྱེད་མོས་ཚལ། །འབྱེད་ལ་ཡང་དག་རིངས་པ་བཞིན། །ཚུལ་འདི་བཟོད་མེད་སྙིང་རྗེའི་ཡུལ། །རྣམ་ཤེས་བར་དོའི་གཞན་དབང་ཅན། །འཐོར་རླུང་དབུས་ཀྱི་རྡུལ་ཕྲན་ལྟའི། །དཔུང་དང་གཉེན་དུ་འགྱུར་བར་ཤོག།། །།

ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བར་ཚེ་འདས་ཀྱི་ཕུང་པོ་སྦྱོང་ཐབས་སྒྲིབ་གཉིས་རྣམ་གྲོལ།


JLAZ011_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བར་ཚེ་འདས་ཀྱི་ཕུང་པོ་སྦྱོང་ཐབས་སྒྲིབ་གཉིས་རྣམ་གྲོལ་བཞུགས།


JLAZ011_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་ལ་ཕྱག་འཚལ་ལོ། །འདིར་མན་ངག་གི་རྒྱུད་སྡེ་རྫོགས་པ་རང་བྱུང་གི་དགོངས་པ་གཙོ་བོར་གྱུར་པའི་ཧོམ་ལའི་ཕྲིན་ལས་ཀྱི་གོང་བུ་རྣམས་སྲེག་པ་དང༌། ཞུ་རྫས་བླུགས་པ་སྟེ་སྲེག་བླུགས་སམ། བསྲེག་བྱ་རྣམས་ལྷའི་ཞལ་དུ་སྦྱིན་པ་ལ་ཞེ་སར་སྦྱར་བས་འབུལ་བའི་དོན་གྱིས་སྦྱིན་སྲེག་གི་སྦྱོར་བས་ཚེ་འདས་ཀྱི་ཕུང་པོ་སྦྱོང་བའི་ཆོ་ག་སྒྲིབ་གཉིས་རྣམ་གྲོལ་རྩོམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ཐབ་བརྩིགས་པ། རོ་ཆས་སུ་འཇུག་པ། ཆོད་རྫས་འདུ་བྱ་བའོ། །ཐབ་བརྩིག་པ་ནི། ཕལ་མོ་ཆེ་སྲེག་ཁང་རྙིང་པར་བྱ་བ་མང་བས་འདིར་མ་བཤད་ལ། དམིགས་བསལ་དགོས་ན་མཆོག་དམན་བྱེ་བྲག་ཕྱེད་པར་རྩིག་པའི་ཚུལ་གཞན་དུ་ཤེས་པར་བྱས་ནས། མེ་གདན་རས་སམ་ཤོག་བུ་ལ་ཐིག་ཆེན་བཞི་བཏབ་པའི་དབུས་ནས་མཐོ་གང་ཟླུམ་སྐོར་གྱི་ཕྱི་མ་ཕྱེད་ཕྱེད་ཀྱིས་དམན་པའི་མུ་ཁྱུད་རིམ་པ་གསུམ་བསྐོར། མུ་ཁྱུད་ནང་མའི་གཞི་མཐིང་ཀར་བྱས་པ་ལ་པདྨ་འདབ་བཞི་ལྟེ་བ་དང་བཅས་པའི་འདབ་མ་བཞི་པོར་ཤར་ནས་བརྩམས་ཏེ། གཡས་བསྐོར་གྱིས་རྡོ་རྗེ། རིན་པོ་ཆེ། པདྨ་རྒྱ་གྲམ་རྣམས་བྲི་ཞིང༌། དབུས་ཀྱི་ལྟེ་བ་ལ་འཁོར་ལོའོ། །མུ་ཁྱུད་བར་པ་གཞི་དམར་པོ་ལ་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་གནས་ཐིག་ལེ་ཉིས་བརྩེགས་བརྒྱད། མུ་ཁྱུད་ཕྱི་མ་གཞི་དཀར་པོ་ལ་སྒོ་བ་ཡབ་ཡུམ་གྱི་མཚན་མ་བཀོད། དེའི་སྟེང་དུ་ཕྱི་ཡེ་ཤེས་ལྔའི་མུ་ཁྱུད་ཚོན་སྣ་ཚང་བས་བསྐོར་བའི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་ལ། པུར་ཐབ་ཏུ་བཏིང་། རས་ལ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པ་བྲིས་ཏེ་བུམ་


JLAZ011_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལ་དྲངས་པ་མེ་གདན་གྱི་ཁར་བཀབ་བོ། །གཉིས་པ་རོ་ཆས་སུ་གཞུག་པ་ནི། གནས་ལུང་བཤད་པའི་བུམ་སྒྲུབ་དམིགས་བསལ་དང༌། གཞན་ཡང་ཡི་གེ་བརྒྱ་པ་ཅི་རིགས་འཁྲུགས་པའི་གཟུངས་ལ་སོགས་ཀྱིས་བཞུ་བཏུལ་བྱས་པའི་བུམ་ཆུ་ལ་རོ་ལེགས་པར་འཁྱུད་ཅིང་རས་ཀྱི་ཕྱིས་པ་ག་བུར་སོགས་དྲི་བཟང་དང་སྨན་སྣའི་འདག་པས་ཁྱབ་པར་བྱུག་ཅིང་ཁ་སོགས་དབང་པོའི་སྒོར་ཡང་ལྡུགས། རྒྱ་ཤོག་ལ་གསེར་རམ་དྲི་བཟང་གིས། ཧཱུྃ་བཛྲ་ངྷྲིཀ །མུཾ་དྷཱ་ཏེ་ཤྭ་རཱི། ཨོཾ་ཛི་ན་ཛིཀ །ལྭཾ་དྭེ་ཥར་ཏི། སྭཱ་རཏྣ་དྷྲིཀ །མཾ་མོ་ཧཱ་ར་ཏི། ཨཱཾ་ཨ་རོ་ལིཀ །པཱཾ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲིཀ །ཏཱཾ་བཛྲ་རཏི། ཚེ་ལས་འདས་པ་ཆེ་གེ་མོའི་སརྦ་དུརྒ་ཏེ་སརྦ་པཱ་པཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ། ཅེས་པ་ཚར་གསུམ་ནོར་འཁྲུལ་ལྷག་ཆད་མེད་པར་བྲིས་ཏེ། སྤྱི་བོ། མགྲིན་པ། སྙིང་ཁ་གསུམ་དུ་སྦྲང་རྩིས་སྦྱར། རྡོ་རྗེ་ཁུ་ཚུར་དང་བཅས། ཨོཾ་སརྦ་བིད་བཛྲ་ཨ་དྷིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃཿགིས་བྱིན་གྱིས་བརླབས། སྤྲོ་ན་བདེར་འདུས་ལས། རོ་ཡི་ཕྱི་ཤུན་ཐམས་ཅད་ལ། །འཁོར་བའི་བག་ཆགས་ཀུན་བཀོད་དེ། །ཞེས་པ་ལ་སོགས་པས་གནས་དྲུག་ཏུ་རིགས་དྲུག་གི་ས་བོན་ཡི་གེ་དྲུག་དང་ལྟེ་བ་སྲིད་པ་སྐྱེད་བྱེད་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་བག་ཆགས་བསྲེགས་ཕྱིར་དེའི་བརྡ་ཚུལ་ལམ། མིང་ཡིག་ཅི་བདེ་བའང་བཀོད་ན་ལེགས་མོད། དེ་བཞིན་དུ་སྦྱོང་རྒྱུད་ལས། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང༌། །ཆུ་མཆོག་གིས་ནི་བཀྲུས་ནས་ནི། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་


JLAZ011_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཀླུབས་ནས་ནི། །སྔགས་ཀྱིས་བཏབ་པའི་དུད་པས་བདུག །མེ་ཏོག་ཕྲེང་བ་ལ་སོགས་མཆོད། །ཅེས་གསུངས་པས་རབ་བྱུང་ལ་ཆོས་གོས་དང༌། ཁྱིམ་པ་ལ་གོས་དཀར་པོའམ། དམར་པོས་བླ་ཁེབས་གཡོགས། མགོ་ལ་མེ་ཏོག་གི་ཕྲེང་བ་བཅིངས། རོལ་མོའི་བྱེ་བྲག་དང་བཅས་པས་སྲེགས་ཁང་དུ་བཅུག་ཅིང་བགེགས་བསྐྲད། དེ་ཡང་སྲེག་ཁང་གི་གཡས་གཡོན་དུ་རླུང་སེང་གི་བུག་པ་འཇོག་པ་དང༌། སྙིང་གའི་ཐད་དུ་སྲེག་རྫས་འབུལ་བའི་རྫས་ཁུང་སོགས་ཐབ་བརྩིག་དུས་ནས་ཏེར་བསྡོགས་ཤེས་ཡོད་ཀྱིས། འཇིག་རྟེན་རྣམས་བློ་གྲོས་རྨོངས་པས་རོ་ཐབ་ནང་དུ་ཧ་ཅང་དྲང་པོར་བསྲང་ན་འཚིག་པར་དཀའ་བས། མགོ་ཁུང་དུ་དཔྲལ་བ་གཏུགས་ལ་འཇིང་རྡོ་སྤྲད། ཁོག་པ་ཅུང་ཟད་སྒུར་སྟབས་སུ་བཞག་པའི་སྙིང་ཁའི་ཐད་ལ་མེའི་སྙིང་པོ་བཅར་རྒྱག་ཕོག་པར་བྱ།དེ་བཞིན་དུ་རྐང་པ་གཉིས་ཀྱང་ཤད་དེ་བརྐྱངས་པའི་མཐེ་བོང་ལ་རས་ལྡེ་སྣུམ་ཅན་བསྡམ། ཁྱད་པར་དམུ་ཆུ་ཅན་ལ་འོག་ཏུ་རྫ་སྣོད་མར་ནག་གིས་བཀང་བར་མུ་ཟི་དང་སྤོས་དཀར་བཏབ་པ་བཞག་པས་ཆུ་ཡང་མེ་འབར་བ་སོགས་ཞུགས་སྦྱོང་བདེ་བའི་མན་ངག་གོ། །གསུམ་པ་ནི། སྲེག་རྫས་གཡས་དང་། མཆོད་རྫས་གཡོན་དུ་བཤམ་པའི་སྲེག་རྫས་ནི། ཡམ་ཤིང་གི་རྒྱུ་འོ་མ་ཅན་གྱི་ཤིང་ལྔ་བོད་དུ་མེད་མོད། རུང་མཐུན་བལ་བུ། ལྕང་མ་ལ་སོགས་ཡོགས་ཤུན་བྲལ་སོགས་མ་ཡིན་པ་སོར་བཅུ་གཉིས་པ་མང་བ་དང༌། མར་ཞུན་བཟང་པོ། ཏིལ་དང་ཡུངས་ཀར་གཉིས་ལྷག་པར་ཕོན་ཆེ་བ། ཞོ་ཟན། འབྲས་མ་བྲུབས་པ། སོ་བ་གྲ་མ་མེད་པ། གྲོ་ནས་སྲན་གསུམ་སོགས་རང་རང་གི་བསླད་དང་མ་འདྲེས་


JLAZ011_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྒྱུ་དག་པ། ཀུ་ཤ་ཤིང་ཏོག་ལ་སོགས་པ་ཤིན་ཏུ་གཙང་བར་བཀྲུས་པ་དང༌། གོས་ཟུང༌། འཇིག་རྟེན་པའི་གཏོར་མ་གཉིས། སོ་རྩི་གཉིས། ལས་ཐམས་ཅད་པའི་བུམ་ཆུ་རྣམས་དང༌། མཆོད་རྫས་ཉེར་སྤྱོད་ལྔ། སྨན་རཀ་གཏོར་གསུམ་དང་བཅས་པ་མ་ཚང་བ་མེད་པ་ཆོ་གའི་གཞུང་གི་རྩིས་མགོ་བསྡུས་ལ་བསགས་པར་བྱའོ། །དེ་ཡང་སྦྱོང་རྒྱུད་ལས་ལྟུང་བ་སློང་བའི་ཕྱག་རྒྱ་རྡོ་རྗེའི་ཁུ་ཚུར་གཉིས་ཀྱི་ནང་དུ་མཛུབ་མོ་ལྕགས་སྒྲོགས་ལྟར་བཅིངས་ནས་གྱེན་དུ་འཕངས་ཤིང༌། ཨོཾ་སརྦ་ཨ་པ་ཡ་ཨར་ཥ་ཎ་བི་ཤྭ་དྷ་ན་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཅེས་དང་འདོད་རྒྱལ་གྱི་རྒྱས། ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་ཨ་ན་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་ངན་སོང་གསུམ་དང་སྡིག་སྒྲིབ་ཐམས་ཅད་སྲེག་རྫས་ལ་ཐིམ་པར་བསམས་པ་ཡང་མན་ངག་ཏུ་ཆེའོ། །གཉིས་པ་དངོས་གཞི་ལ། བདག་བསྐྱེད། མདུན་བསྐྱེད། མཇུག་བསྡུ་བ་གསུམ་ལས། དང་པོ་བདག་བསྐྱེད་ནི་ལས་གཞུང་ལྟར་བྱའོ། །གཉིས་པ་ནི། གང་ཟག་མཆོག་ལ་ཛྭ་ལའི་སྔགས་ཙམ་གྱིས་མེ་སྦར། ཕལ་པ་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། ། འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་ཀྱི་མེ་སྦར་རོ། །ཡུལ་རྣམ་དྲུག་གི་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་གཉིས་འགྲུབ་


JLAZ011_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཨོཾ་བཛྲ་ཛྭ་ལ་རཾ་ཛྭ་ལ་རཾ། ཞེས་པས་སྦར། དེ་ནས་མཆོད་སྲེག་གི་རྫས་རྣམས་བྱིན་གྱིས་བརླབ་པ་ནི། བསང་ཆུ་འཐོར་ཞིང༌། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་དང་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་རྫས་སོ་སོའི་དངོས་པོ་བདུད་རྩི་ཆེན་པོའི་རང་བཞིན་ཟད་མི་ཤེས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་དང༌། སརྦ་པཉྩ་རཀྟ་བ་ལིང་ཏ་ག་ན་ཙཀྲ་པཱུ་ཛ་ཨཱཿཧཱུྃ། ལན་བདུན། མ་ཧཱ་བཛྲ་ཧཱུྃ། གཎྜེ་ཧཱུྃ་གིས་རྡོར་དྲིལ་བརླབ། དགང་བླུགས་ཐོགས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་གྱིས་ཁ་སྦྱོར་ཞིང༌། ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་འདུས་པའི་ངོ་བོར་བསམ། ཨོཾ་བོ་དྷི་བྲིཀྵ་ཡེ། ཨགྣ་ཡེ། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ། བཛྲ་སིདྡྷི་ཡེ། སརྦ་སཾ་བྷ་ཏེ། བཛྲ་པུཥྚ་ཡ། ཨ་པྲ་ཏི་ཧ་ཏ་བཛྲ། བཛྲ་གྷསྨ་རི། བཛྲ་བི་ཛ་ཡེ། མ་ཧཱ་བཱ་ལ་ཡ། བཛྲ་ཤྲཱི་བ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱི་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཚེ་འདས་ཀྱི་སྡིག་སྒྲིབ་ཉེས་ལྟུང་བསྲེག་བྱའི་མཆོད་རྫས་སུ་གྱུར། དེ་ནས་མེ་ཐབ་བསྐྱེད་པ་ནི་བསང་ཆུ་འཐོར་ཞིང༌། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་ཐབ་ཡངས་ཤིང་རྒྱ་


JLAZ011_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ར་སྐྱེས་སྟེང་ན་རཾ་ལས་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་པདྨ་དང༌། གཉིས་པ་ནོར་བུའི་ཕྲེང་བ། གཡོན་དང་པོས་དབྱུག་པ་དང༌། གཉིས་པས་རིལ་པ་སྤྱི་བླུགས་འཛིན་པའོ། །དབྱུག་གུའི་ཕྱག་རྒྱ་དང་བཅས། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣེ་མ་ཧཱ་ཏེ་ཛ་ཨེ་ཧྱེ་ཧི་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། ཨོཾ་ཨགྣ་ཡེ་པདྨ་ཀ་མ་ལཱ་ཡེ་སྟྭཾ། ཞེས་གདན་ཕུལ་ཀུ་ཤ་ཐོགས་ཏེ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ཚངས་པའི་ཡང་དག་བྱེད་པ་སྟེ། །དེ་ཡིས་བདག་ཅག་འཁོར་བཅས་ལ། །བགེགས་རྣམས་མེད་ཅིང་ཞི་བར་མཛོད། །ཅེས་བཀྲམ། ཨོཾ་ཨགྣེ་ཡེ་སྭཱ་ཧཱས་མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་འབུལ་ཞིང༌། ཨོཾ་ཨགྣ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་


JLAZ011_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་བྱ་ཀ་བྱ་བྷ་ཧ་ན་ཡ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དབུལ། དེ་ནས། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨགྣེ་ཡེ་མ་ཧཱ་ཏེ་ཛ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ནས་ཤཔྟའི་བར་ཕུལ། དེ་ནས་སྲེག་རྫས་རྣམས། ཨོཾ་ཨགྣ་ཡེ་ཆེ་གེ་མོའི་སྡིག་པ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁོ་ནས་རྫས་སོ་སོ་ནས་ཉི་ཤུ་རྩ་གྲངས་རེ་ཕུལ་མཐར། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀྐིའི་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །དེ་ནས་ཡེ་ཤེས་ཀྱི་ལྷ་ལ་མཆོད་ཅིང་བསྟོད་པ་ནི། གང་ཟག་མཆོག་ལ་རོ་དང་ལྷ་དབྱེར་མེད་དུ་བསྐྱེད་ལ། ཚོགས་བསག་གི་ཕྱིར་དུ་བྱ། ཕལ་པ་ལ་ཕུང་པོ་བུད་ཤིང་ངམ། ཤ་ཁྲག་རུས་པ་རྣམས་བདུད་རྩིར་བསམ་ལ་དབུལ་བ་སྟེ། དེ་ཡང་འདི་ལྟར། ཨོཾ་སྭ་བྷ་ཝ་སོགས་དང༌། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧྲཱིཿལས་དཔའ་བོ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དབྱུག་ཏོ་དང་སྡིགས་མཛུབ་མཛད་པའི་པང་ན་ཡུམ་རྡོ་རྗེ་ཕག་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ།


JLAZ011_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའང་རིན་པོ་ཆེ་དང་རུས་པའི་ཕྲེང་བས་རབ་ཏུ་བརྒྱན་པ། སྤྱན་གསུམ་ཁྲོ་བོའི་ལྟ་སྟངས་ཆེན་པོས་བསྐལ་པའི་མེ་རི་མེ་དཔུང་གི་དབུས་ན་བཞུགས་པར་གྱུར། ཧཱུྃ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁང་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷི་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ས་མ་ཡ་ཛཿ ཞེས་སྤྱན་དྲངས། ཨོཾ་བཛྲ་ཀྲོ་དྷི་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཨརྒྷཾ་སོགས་ཀྱིས་མཆོད། དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །འཇིགས་བྱེད་ཆེན་པོ་རལ་པ་གྱེན་དུ་བརྫེས། །ཁྲོ་བོའི་རྒྱན་རྣམས་མ་ལུས་རབ་རྫོགས་པའི། །ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཅེས་པའི་རྗེས་ལ་སྲེག་རྫས་རྣམས། ཨོཾ་བཛྲ་ཀྲོ་དྷི་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཕུལ་བའི་རྗེས་ལ། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་


JLAZ011_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །བླ་མེད་དཀོན་མཆོག་གསུམ་པོ་གནས་འདིར་གཤེགས། །ཨོཾ་ན་མོ་རཏྣ་ཡཱ་ཡ། བུདྡྷ་དྷརྨཱ་སངྒ་ས་མ་ཡ་ཛཿ ཞེས་བརྗོད་པས། རྒྱལ་བ་སྲས་དང་བཅས་པ་ཁྲོ་བོའི་མདུན་དུ་བཞུགས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་པའི་རྗེས་ལ་སྲེག་རྫས་རྣམས། ན་མོ་རཏྣ་ཏྲ་ཡཱ་ཡ་བུདྡྷ་དྷརྨཱ་སངྒ་དྷྱ། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་པས་ཇི་ལྟར་རིགས་པ་ཕུལ་རྗེས་སྔར་ལྟར་མཆོད་ཅིང་བསྟོད། དེ་ནས་ཞི་ཁྲོའི་དཀྱིལ་འཁོར་མཆོད་པ་ནི། མཆོད་པ་རྣམས་ཁ་གསོས་ལ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡབ་ཡུམ་གྱི་ཐུགས་དག་ཆེན་ཡེ་ཤེས་ཀྱི་ཀློང་ཆེན་པོར་འོག་མིན་ལྷུན་གྱིས་གྲུབ་པའི་གཞལ་མེད་ཁང་ཤིན་ཏུ་ཉམས་དགའ་བ། ཕྱི་མཆོད་རྟེན་གྱི་རང་བཞིན་རྩེ་ལྔ་པ་ལ་ནང་རང་བྱུང་རྡོ་རྗེའི་གཞལ་ཡས་ཁང་། ཞེས་གཞུང་ལྟར་ལས། སྐད་ཅིག་དྲན་


JLAZ011_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སུ་གསལ་བར་གྱུར། སྤོས་རོལ་དང་བཅས། ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང། །ཐུགས་རྗེའི་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་བཞིན་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཨཱཿ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་རཱུ་པ་ཤཔྟ་གྷནྡྷེ་རཱ་ས་པར་ཤེ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བྷ་ལིངྟ་པཱུ་ཙ་ཨཱཿཧཱུྃ། དེ་ནས་སྲེག་རྫས་འབུལ་བ་ནི། དགང་བླུགས་ཀྱི་ཁ་དང་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ལྗགས་ལ་ཧཱུྃ་དང་རཾ་ཡིག་སོ་སོའི་མཚན་པས་སྲེག་རྫས་ཀྱི་བདུད་རྩི་དགྱེས་བཞིན་དུ་བཞེས་པར་གྱུར། ན་མཿས་མནྟ་བུདྡྷ་ནཱཾཿ ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་མར་ཁུ་དང༌། རྫས་གཞན་རྣམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཆེ་གེ་མོའི་སྡིག་སྒྲིབ་ཉེས་ལྟུང་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་པ་ཁོ་ནས་དབུལ་ཞིང༌། སླར་ཡང༌། ཨོཾ་ན་མོ་བྷ་ག་ཝ་ཏེ་


JLAZ011_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛ་ཡཿ ཏ་ཐཱ་ག་ཡཿ ཨརྷ་ཏེ་སཾམྱཀ་སཾ་བུདྡྷ་ཡཿ ཏདྱ་ཐཿ ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་བཾ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པ་ཁོ་ནས་ཏིལ་དང་ཡུངས་ཀར་བུངས་བསྐྱེད་ལ་འབུལ། རྫས་རྫོགས་རྗེས། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ། ཞེས་སོ་རྩི་དང༌། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། གོས་དབུལ། གྲུབ་ན་རྡོ་རྗེའི་ལྷ་མོ་བཅུ་དྲུག་གིས་མཆོད། བསྡུ་ན། ཨརྒྷཾ་སོགས་ཀྱི་མཐར། བསྟོད་པ་ནི། ཧཱུྃ། ཆོས་ཉིད་ཡེ་ཤེས་མཉམ་པའི་ངང༌། །རང་བཞིན་ཡོན་ཏན་ལྷུན་གྱིས་གྲུབ། །ཐུགས་རྗེ་ནོར་ཡིད་བཞིན་ནོར་བུ་འདྲ། །ཕྱག་འཚལ་གདོད་མའི་མགོན་པོ་ལ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཉོན་མོངས་དུག་ལྔ་རྣམ་སྦྱོང་ཞིང༌། །འབྱུང་ལྔའི་ཁམས་ནི་རྣམ་དག་པ། །ཕྱག་འཚལ་རྒྱལ་བ་རིགས་ལྔ་ལ། །བཅུ་དྲུག་ཡེ་ཤེས་ངོ་བོ་ཉིད། །གཟུང་འཛིན་དྲི་མ་རྣམ་སྦྱོང་ཞིང༌། །རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །ཕྱག་འཚལ་སེམས་དཔའ་ཡབ་ཡུམ་ལ། །ཚད་མེད་ཡེ་ཤེས་ངོ་བོ་ཉིད། །ཁམས་


JLAZ011_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དྲི་མ་རྣམ་སྦྱོང་ཞིང༌། །ཚོགས་དྲུག་རྣམ་ཤེས་རྣམ་པར་དག །ཕྱག་འཚལ་ཐུབ་པ་དྲུག་ལའོ། །ཞི་ལས་ཡེ་ཤེས་རྣམ་འཕྲོས་པ། །འཇིགས་གཟུགས་ཁྲོ་བོའི་དཀྱིལ་འཁོར་ནི། །ལྔ་བཅུ་རྩ་བརྒྱད་འབར་བའི་སྐུ། །ཕྱག་འཚལ་དབྱིངས་ཀྱི་དཀྱིལ་འཁོར་ལ། །ས་དང་ཡེ་ཤེས་ཞིང་ཁམས་ལ། །འཇིག་རྟེན་འདས་དང་མ་འདས་ཚུལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ན། །བཞུགས་པའི་འགྲོ་བ་ཀུན་ལ་འདུད། །ཅེས་བསྟོད་ནས་ཕྲིན་ལས་བཅོལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཚད་མེད་པའི་ཐུགས་རྗེ་ཆེན་པོས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་ཆེ་གེ་མོའི་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མ་མེད་པར་བྱང་ཞིང་དག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་འགོད་པར་མཛད་དུ་གསོལ། །ཞེས་ལན་གསུམ། མ་འབྱོར་པ་དང་ཉམས་པ་དང༌། །སོགས་ཀྱི་མཐར་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ནས་བཛྲ་མུས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ། དེ་ནས། མེ་ལྷའི་ལྟོ་བར་མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་གཞི་བདག་དང་བཅས་པ་ཁྲོམ་ཚོགས་སུ་རང་གི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པ་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ཀྱིས་སྲེག་རྫས་གཏོར་མ་ཕུལ། མཆོད་སྦྱིན་


JLAZ011_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདི་ཕུལ་བས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མཐར་བཛྲ་མུས་གཤེགས། དེ་ནས་མར་ཁུ་དང་བཅས། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་པས་མེ་ལྷ་ཤིན་ཏུ་གསལ་བར་བྱས་ཏེ། སྲེག་རྫས་ལྷག་མ་རྣམས། ཨོཾ་ཨགྣ་ཡེ་སྡིག་སྒྲིབ་ཉེས་ལྟུང་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་པས་གཏང་རག་གི་ཚུལ་དུ་ཕུལ། ཨོཾ་ཨགྣ་ཡེ་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧིས་གཏོར་མ་ཕུལ། བཛྲ་ཏམྦུ་ལས་སོ་རྩི་དང༌། གོས་ཟུང་སྔར་བཞིན་དབུལ། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་སྲེག་བྱ་ཟ་བ་གཤེགས། །ཇི་ལྟའི་དུས་སུ་ཚུར་སྤྱོན་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །བཛྲ་མུས། ཡེ་ཤེས་པར་ཤར་ལྷོར་གཤེགས། དམ་ཚིག་པ་མེ་འབར་བའི་ཀློང་དུ་ཐིམ་པར་བསམས་ལ་བསྔོ་སྨོན་གྱིས་རྒྱས་གདབ། ཨོཾ་ཨཱཿཧཱུྃ་གིས་བདག་ཉིད་བསྲུངས་ནས་གསོན་པོའི་དོན་དུ་ཤིས་པ་བརྗོད། གསུམ་པ་མཇུག་བསྡུ་བ་ནི། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ལག་གཉིས་དཔུང་པར་བསྣོལ་བའི་སེ་གོལ་གཏོགས་ཤིང༌། ཨོཾ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོས་རུས་བུ་བསྡུ། རུས་ཆོག་གནད་དུ་འགྲོ་བས་སཱཙྪ་ལ་སོགས་བཞེངས་ཤིང་སྨོན་ལམ་དང་བཅས་པས་རྒྱ་མཚོར་འབབས་པའི་ཆུ་ཀླུང་ལ་དོར་བས་ཕྱོགས་དེར་བདེན་ཚིག་གྲུབ་


JLAZ011_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲང་སྲོང་རྣམས་ཀྱི་མངོན་ཤེས་ཀྱིས་བཏེག་སྟེ་ཇི་ལྟར་བཏབ་པའི་སྨོན་ལམ་གྱི་མཐུན་འགྱུར་བྱེད་པར་བཤད་པ་ཡིན་ནོ། །ཅེས་འོད་གསལ་གྱི་རྒྱུད་སྡེ་རྫོགས་པ་རང་བྱུང་གི་རྒྱུད་དོན་གསལ་བར་བྱས་ཤིང༌། ངན་སོང་སྦྱོང་བའི་མན་ངག་གི་ཟུར་བརྒྱན་པའི། སྲེག་སྦྱངས་ཀྱི་ཆོ་ག་འདི་ནི་ཀུན་ལས་ཁྱད་པར་དུ་འཕགས་པའི་མན་ངག་ཡིན་ནོ། །ས་མ་ཡཿ རྒྱ་རྒྱ་རྒྱཿ ཅེས་རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་ཐུགས་ཀྱི་ཏི་ཀའོ།། །།དགེའོ།།

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བཀའ་སྲུང་མ་མགོན་ལྕམ་དྲལ།


JLAZ011_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བཀའ་སྲུང་མ་མགོན་ལྕམ་དྲལ་བཞུགསཿ


JLAZ011_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཁྲག་འཐུང་སྐུ་ལ་འདུདཿ བླ་རྫོགས་ཐུགས་གསུམ་ཡོངས་རྫོགས་ཀྱིཿ ཐུན་མོང་མ་ཡིན་བཀའ་སྲུང་ཆེཿ ལྕམ་དྲལ་གསུམ་གྱི་ཕྲིན་ལས་བསྟནཿ བྲག་དམར་མཚོ་གླིང་དུར་ཁྲོད་དངཿ སྒྲུབ་གནས་བྱིན་ཆེན་ལ་སོགས་པརཿ རང་རང་མཐུན་རྫས་མཆོད་གཏོར་བཤམཿ ལྟ་བ་གྱབས་ཀྱི་དར་ལྡན་པསཿ རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོསཿ རཾ་ཡཾ་ཁཾ་དུ་གྱུར་པ་མཆོད་རྫས་དང་གཏོར་མ་ལ་ཕོགཿ རཾ་ལས་མེས་མ་དག་པ་ཐམས་ཅད་བསྲེགསཿ ཁཾ་ལས་ཆུ་བྱུང་བ་སྦྱངསཿ ཡཾ་ལས་རླུང་བྱུང་བས་གཏོར་ཏེ་སྟོང་པའི་ངང་ལསཿ ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུཿ ཐོད་པ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་ཙམ་གྱི་ནང་དུ་གཏོར་མ་སོ་སོར་ཨོཾ་ཨཱཿཧཱུྃ་ལས་ཤ་ལྔ་དང་


JLAZ011_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔའི་རང་བཞིན་རི་རབ་དང་རྒྱ་མཚོ་མཉམ་པས་ཁེངསཿ ཡཾ་ལས་རླུང་གཡོསཿ རཾ་ལས་མེ་འབར་བས་ཐོད་པའི་བདུད་རྩི་ཁོལཿ ཟླ་བའི་ཁ་ཆོད་རྡོ་རྗེ་རྩེ་ལྔ་པས་བརྒྱན་པའི་ལྟེ་བ་ལཿ ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོསཿ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངསཿ ཐོད་པའི་བདུད་རྩི་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་འདོད་དགུ་ཐམས་ཅད་འབྱུང་བའི་རང་བཞིན་དུ་གྱུརཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ལན་གསུམཿ མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཿ ལན་གསུམཿ མ་ཧཱ་རཀྟ་ཧཱུྃ་ཧྲཱིཿཋཿ ལན་གསུམཿ རང་གི་མདུན་དུ་སྣང་སྲིད་ཐམས་ཅད་སྲིད་པ་མ་མོའི་དཀྱིལ་འཁོར་ཁྲག་ཞག་གི་


JLAZ011_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དབའ་ཀློང་རབ་ཏུ་འཁྲུགས་པའི་ཀློང་བྷནྡྷ་འབར་བའི་གཞལ་ཡས་ཁངཿ ཕྱོགས་མཚམས་སྐྱོང་བ་བཅུའི་མགོ་བོས་ཕྱོགས་ཕྱོགས་ཀྱི་རྩིག་པ་བྱས་པ་ལ་གནམ་ལྕགས་ཀྱི་གཟེར་བཏབ་ཅིང་ལྷ་ཆེན་པོ་བརྒྱད་ཀྱི་ཀ་བ་ལ་ཀླུ་ཆེན་པོ་བརྒྱད་གདུང་དུ་བྲེས་པཿ ཿ གཟའ་ཆེན་པོ་བརྒྱད་ཀྱི་ཕྱམ་དངཿ རྒྱུ་སྐར་གྱི་བྲལ་ཟིབཿ རུ་ཏྲའི་ཐོག་དང་ཆུ་སྲིན་གྱི་རྟ་བབསཿ ཆོས་འཁོར་སྨུག་ནག་གདུགས་ཕུབ་པའི་གཡས་གཡོན་ནས་ཆུ་སྲིན་གྱི་ཕྲུ་གུ་བལྟ་བཿ སྟག་དོམ་སེང་གེ་ལ་སོགས་པ་གཅན་གཟན་གདུག་པ་ཅན་གྱི་མགོ་བོས་ཁ་བད་བྱས་ཤིངཿ ཞེ་སྡང་སྦྲུལ་གྱི་ཆུན་པོ་ལ་ཐོད་པ་ཚལ་བུར་བརྒྱུས་པའི་དྲ་བ་དང་དྲྭ་ཕྱེད་དཔྱངས་པཿ འདོད་སྣམ་ལ་མཆོད་པའི་ལྷ་མོ་རྣམས་གར་བྱེད་ཅིངཿ བྱང་ཤར་ནས་རིམ་པའི་ཟུར་བཞིར་རྡོ་རྗེ་དངཿ གནམ་ལྕགས་དངཿ དར་ཟབ་དངཿ ཁྲག་གི་རྒྱལ་མཚན་ཆེན་པོ་བཞི་གནས་པའོཿ ཕོ་བྲང་ཆེན་པོ་དེའི་ཕྱི་རིམ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ལ་གཤིན་རྗེ་དངཿ བདུད་དངཿ སྲིན་པོའི་ཚོགས་གནས་ཤིང་མཐའ་ལྕགས་རི་ནག་པོས་བསྐོར་བའི་ནང་ཁོངས་སུ་དུར་ཁྲོད་ཆེན་པོ་བརྒྱད་ལ་རོ་རྣམ་པ་སྣ་ཚོགས་བམ་པ་དངཿ རུལ་བ་དངཿ མྱགས་པ་དངཿ སྟག་དང་གཟིག་དང་དོམ་དྲེད་ལ་སོགས་གཅན་གཟན་དང་དུར་བྱ་ཀངྐ་


JLAZ011_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དངཿ བཞད་ལ་སོགས་པའི་ཤ་ཟན་མང་པོས་གང་བཿ དུར་ཤིང་དངཿ བརྩུབས་ཤིང་དངཿ ཚེར་མ་ཅན་གྱི་ནགས་འདབས་ལ་གནོད་སྦྱིན་དངཿ ཤ་ཟ་དངཿ རོ་ལངས་དངཿ ཕྲ་མེན་དངཿ མ་མོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་མདོར་ན་དུར་ཁྲོད་ཀྱི་ཆོས་མ་ཚང་བ་མེད་པས་འཇིགས་པར་བྱས་པའི་མཐའ་མེ་དཔུང་དང་རྡོ་རྗེའི་ར་བས་རྒྱ་ཡོངས་སུ་མ་ཆད་པ་དེའི་ལྟོ་བ་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པའི་གནསཿ ཐོད་མཁར་གྲུ་གསུམ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་སྣ་ཚོགས་རོའི་གདན་ལཿ དཔལ་སྔགས་ཀྱི་བདག་མོ་ཁྲོས་མའི་རྒྱལ་མོཿ ཀུན་ཏུ་བཟང་མོའི་སྤྲུལ་པཿ འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་ཆེན་མོ་ལ་ཉིད་ལས་མི་གཞན་པའི་འཁོར་དཀར་མོའི་ཚོགས་དངཿ སེར་མོའི་ཚོགས་དངཿ དམར་མོའི་ཚོགས་དངཿ མཐིང་ནག་ལ་སོགས་པ་གྲངས་དང་མཐས་མི་གཏུགས་པཿ ལ་ལ་མཛེས་པའི་ཆ་བྱད་ཅནཿ ལ་ལ་ཁྲོ་ཞིང་གཏུམ་པཿ ལ་ལ་ཆགས་ཤིང་བཞད་པ་ལ་སོགསཿ མདོར་ན་ཡེ་ཤེས་དང་ལས་ལ་གྲུབ་པའི་མ་མོ་མཁའ་འགྲོའི་ཚོགས་རྣམ་འགྱུར་དང་མིང་གིས་ཐ་དད་དུ་གྲུབ་པའི་རིགས་ཐམས་ཅད་དངཿ འཁོར་ལོ་རྒྱས་འདེབས་མའི་སྐུའི་སྤྲུལ་པ་དམ་ཅན་མ་མོ་བཅུ་གཉིསཿ


JLAZ011_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྤྲུལ་མཁའ་འགྲོ་ཆེན་མོ་ལྔཿ ཕྲིན་ལས་ཀྱི་སྤྲུལ་པ་བསྟན་མ་བཅུ་གཉིས་གཡས་སུ་སྦྱོར་བའི་གིང་ཆེནཿ དཔལ་ལྡན་ཡེ་ཤེས་མགོན་པོ་སྤྲུལ་པའི་མགོན་པོ་སྡེ་ལྔཿ དཔལ་མགོན་བདུན་ཅུའི་ཚོགས་སྤྲུལ་པ་ཡང་འཁོར་དང་བཅས་པཿ གཡོན་དུ་སྒྲོལ་བའི་གིང་ཆེན་སྐྱེས་མཆོག་རྡོ་རྗེ་ལེགས་པ་ཐེའུ་བྲང་སྟོང་སྡེ་དང་བཅས་པཿ རྒྱབ་ཏུ་གསང་བའི་སྒྲོལ་གིང་གཟའ་བདུད་སྲོག་གི་སྤུ་གྲི་གཟའ་བརྒྱད་གདོང་མོ་བཞི་དང་བཅས་པཿ མདུན་དུ་སྦས་པའི་དཀོར་སྲུང་དུར་ཁྲོད་ལྷ་མོ་གཙུག་ལག་ཁང་དང་དགོན་གནས་རྣམས་ཀྱི་དཀོར་ཆ་སྲུང་ཞིང་ནོར་ལ་ཀླུཿ རྫས་ལ་གནོད་སྦྱིན་ཟས་ལ་འདྲེ་མོར་རྫུ་ཞིང་ངན་པའི་ངན་ནེ་མ་དམར་མོ་དར་ནག་གི་གོ་ཟུ་ཅན་གཡས་ལྕགས་ཀྱུ་དངཿ གཡོན་མེ་ལོང་བསྣམས་པཿ མིང་སྲིང་བརྒྱད་དང་བཅས་པ་མདོར་ན་སྲིད་པ་མ་མོའི་དཀྱིལ་འཁོར་དུ་དམ་ཚིག་དང་ཐུགས་རྗེས་འཁོད་པའི་སྔགས་སྲུང་དྲེགས་པའི་ཚོགས་དང་བཅས་པ་རང་བཞིན་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས་པར་གྱུརཿ སྲོག་སྔགས་བཟླ་ཞིང་དབྱངས་ཐོབ་དང་བཅས་སྤྱན་དྲངསཿ བྷྱོཿ ཁྲག་མཚོ་ལྕགས་ཀྱི་རྭ་བ་ཅནཿ དུར་ཁྲོད་རོལ་པའི་གཞལ་ཡས་ཁངཿ ཐོད་མཁར་གྲུ་གསུམ་རོ་གདན་དབུསཿ ཁྲོས་མ་ནག་མོ་འབར་བའི་གདོངཿ ཨེ་ཀ་ཙ་ཊི་རལ་གཅིག་མཿ སྤྱན་གཅིག་དུས་གསུམ་ཀུན་ལ་གཟིགསཿ ཚེམས་


JLAZ011_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དགྲ་བོའི་སྲོག་ལ་རྔམསཿ མཐིང་ནག་གཡུ་ཡི་རལ་པ་ཅནཿ གཡས་ན་དགྲ་སྙིང་དྲོན་མོ་འཆངཿ གཡོན་པས་གཡུ་སྤྱང་ཁྲ་ཐབས་འགྱེདཿ ཞབས་གཉིས་གྱད་ཀྱི་དོར་སྟབས་ཅནཿ སྐུ་ཡི་སྤྲུལ་པ་བལ་མོ་འབུམཿ གསུང་སྤྲུལ་མ་སྲིང་མཁའ་འགྲོ་འགྱེདཿ ཐུགས་སྤྲུལ་མོན་མོ་ནག་མོ་དངཿ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབཿ འཁོར་དང་བཅས་པ་གཤེགས་སུ་གསོལཿ གཡས་སུ་སྦྱོར་བའི་གིང་ཆེན་ནིཿ ལྷ་ཆེན་དཔལ་འབར་མ་ནིང་ནགཿ རབ་ཏུ་ཁྲོས་པ་སྲིན་པོའི་གདོངཿ སྤྱན་གསུམ་ཐོད་སྐམ་དབུ་རྒྱན་ཅནཿ སྤྲུལ་ནག་གསོན་མའི་རལ་པ་འཕྱོཿ གཡས་གཡོན་རུ་མཚོན་སྙིང་ཞགས་འཕྱརཿ སྐུ་ཡི་མགོན་པོ་སྟག་ཞོན་དངཿ གསུང་གི་མགོན་པོ་བིང་དམར་པོཿ ཐུགས་ཀྱི་མགོན་པོ་གྲི་གུག་ཅནཿ ཡོན་ཏན་མགོན་པོ་ལེགས་ལྡན་ནགཿ ཕྲིན་ལས་མགོན་པོ་ཏྲག་ཤད་དངཿ ལྷ་ཀླུ་གཟའ་སྐར་ཕྱོགས་སྐྱོང་བཅུཿ འཇིགས་བྱེད་དགུ་དང་རྒྱལ་ཆེན་བཞིཿ དཔལ་མགོན་བདུན་ཅུ་ཡང་འཁོར་བཅསཿ འོག་མིན་གནས་དང་བསིལ་བ་ཚལཿ རི་རབ་ཟོམ་དང་གོ་ལའི་ངོསཿ རང་བཞིན་གནས་ནས་གཤེགས་སུ་གསོལཿ གཡོན་དུ་སྒྲོལ་བའི་གིང་ཆེན་ནིཿ སྐྱེས་མཆོག་བཛྲ་ཐིག་ལེ་རྩལཿ སྐུ་མདོག་མེ་ཡི་ཕུང་པོ་འདྲཿ དར་དཀར་རལ་གུ་


JLAZ011_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཤམ་ཅནཿ གཡས་གཡོན་རྡོ་རྗེ་དགྲ་སྙིང་བསྣམསཿ ཆིབས་སུ་སེང་གེ་དཀར་མོ་བཅིབསཿ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དངཿ ཐེའུ་བྲང་མོན་པ་སྟོང་སྡེའི་ཚོགསཿ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅསཿ སྲིན་ཡུལ་ལངྐ་པུ་རི་དངཿ དབུ་རུ་ཞྭ་ཡི་ལྷ་ཁང་སོགསཿ དབེན་གནས་གཉེན་པོ་གར་བཞུགས་ནསཿ སྐད་ཅིག་ཡུད་ལ་གཤེགས་སུ་གསོལཿ ཏྲག་རཀྴ་ཨེ་ཀ་ཙ་ཏི་མ་མ་བྷྱོཿ མ་ཧཱ་ཀཱ་ལ་ཤཱ་ས་ན་ཛཿ ཏྲི་བཛྲ་ས་དྷུ་ས་མ་ཡ་ཛཿ ཞེས་རོལ་མའི་སྒྲ་དང་གསུར་ཆེན་གྱི་དུད་པས་སྤྱན་དྲངསཿ བཞུགས་གསོལ་ནིཿ བྷྱོཿ ལྕམ་མོ་ཆེན་མོ་བཞུགས་སུ་གསོལཿ དྲལ་པོ་ཆེན་པོ་བཞུགས་སུ་གསོལཿ སྦྱོར་སྒྲོལ་གིང་ཆེན་བཞུགས་སུ་གསོལཿ འཁོར་དང་བཅས་པ་ཏིཥྛ་ལྷནཿ དེ་ནས་མཆོད་པ་འབུལ་བ་ནིཿ བྷྱོཿ ཏིང་འཛིན་སྤྲུལ་པའི་གནས་མཆོག་འདིརཿ ཐུགས་དམ་སྐོང་བའི་དམ་རྫས་ནིཿ དངོས་སུ་བཤམས་དང་ཡིད་ལས་བྱུངཿ བྱང་ཆུབ་སེམས་དང་ཨ་མྲྀ་ཏཿ མྱོས་བྱེད་དབའ་ཀློང་འཁྲུགས་པ་དངཿ སྲོག་ཆགས་མདངས་ཀྱིས་ཐུགས་དམ་བསྐངཿ སྣ་ཚོགས་ཤ་དང་སྙིང་གི་ཁྲགཿ དཀར་གསུམ་མངར་གསུམ་རོ་དྲུག་ཟསཿ ཉེར་སྤྱོད་བྷ་ལིང་གཏོར་མ་དངཿ སྤྱན་གཟིགས་མཆོད་པས་ཐུགས་དམ་བསྐངཿ སྒྲུབ་རྫས་སྦ་དཀར་ཚིགས་གསུམ་དངཿ དུག་ཁྲག་སྦྱར་བ་


JLAZ011_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཀྱི་རྒྱུཿ གསོན་ཁྲག་རླངས་པ་ཕྱུར་བ་ཡིསཿ འདོད་ཆགས་ཅན་གྱི་ཐུགས་དམ་བསྐངཿ ཤེས་རབ་མཚལ་དང་སྤྱི་བླུགས་ཞྭཿ ཤ་ཁྲག་སྙིང་སྣ་རུ་མཚོན་དངཿ རྨ་བྱའི་རྒྱལ་མཚན་ཙིཏྟའི་ཏོགཿ ལེ་བརྒན་དར་དང་མཐིང་ནག་གུརཿ སྣེལ་མོའི་མགོ་དང་གཡང་གཞི་སྙིངཿ ནལ་བུ་ཤ་ཁྲག་ལུག་ནག་གསོབཿ རྐང་གླིང་ཐོད་རྔ་ལྟག་སྤྲོད་སོགསཿ རྟེན་རྫས་རྣམས་ཀྱིས་ཐུགས་དམ་བསྐངཿ བྱ་ནག་ལུག་ནག་ཁྱི་ནག་འབྲིཿ མི་ཁྱི་རྟ་ཡི་བམ་ཆེན་དངཿ མདོས་དང་འབྲས་བུ་སྣ་ཚོགས་པཿ བསྐང་རྫས་རྣམས་ཀྱིས་ཐུགས་དམ་བསྐངཿ རྟ་དང་གཡག་ནག་གྲི་སྙིང་གིསཿ དཔལ་ལྡན་མགོན་པོའི་ཐུགས་དམ་བསྐངཿ ར་ཡི་ཤ་ཁྲག་གསུར་ཆེན་གྱིསཿ སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐངཿ ཤ་ཁྲག་སྙིང་སྣ་ར་མཆིན་གྱིསཿ གཟའ་བདུད་འཁོར་བཅས་ཐུགས་དམ་བསྐངཿ དཀར་དམར་འོ་ཆོལ་རྟ་བོང་ཤསཿ དུར་ཁྲོད་བདག་མོའི་ཐུགས་དམ་བསྐངཿ མདོར་ན་སྣང་སྲིད་སྣོད་བཅུད་ཀུནཿ དབང་པོ་དྲུག་གི་སྤྱོད་ཡུལ་དུཿ རང་རང་མཐུན་པའི་དམ་རྫས་ཀྱིསཿ སྤྲུལ་འཁོར་ཡོངས་རྫོགས་ཐུགས་དམ་བསྐངཿ ཁྱད་པར་དུས་ཀྱི་ཐ་མ་ལཿ སྲིད་པའི་བདེ་སྡུག་མ་མོས་བྱེདཿ འབྱུང་བ་ལྔ་ཡང་ཡུམ་ལྔའི་ཀློངཿ དེ་ཕྱིར་སྲིད་པ་མ་མོར་


JLAZ011_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གྲགསཿ དབྱིངས་ལ་རྣམ་རྟོག་མི་མངའ་ཡངཿ རྩལ་ལས་སྤྲུལ་པར་ཤར་བའི་ཚེཿ ལེགས་ཉེས་སྟངས་འཛིན་མ་མོ་ནིཿ ཀོ་ལོང་རུ་ང་གདུག་རྩུབ་ཆེཿ རྣལ་འབྱོར་ཐབས་ལ་མི་མཁས་ཤིངཿ འཇིག་རྟེན་རྨོངས་པའི་དབང་གྱུར་པསཿ ལྷ་མོའི་དམ་ཚིག་གང་དང་གངཿ དེ་ཀུན་དང་དུ་མ་བླངས་ཤིངཿ དཀར་དམར་ཐབ་དང་གཞོབ་ལ་སོགསཿ ཐུགས་དང་འགལ་བའི་ལས་བགྱིས་པཿ ཁྱོད་ལ་མཐོལ་ལོ་བཟོད་པར་བཞེསཿ དབྱིངས་ནས་བཀའ་ཆད་མ་བཏང་ཅིགཿ ཤོ་དང་རྡེའུ་མ་འགྲེམས་ཤིགཿ ཁྲམ་དང་དལ་ཁ་མ་སྟོན་ཅིགཿ ཚོན་དྲུ་ནད་རྐྱལ་མ་བརྡེག་ཅིགཿ གོད་ཁ་གནས་འགྱུར་མ་བཏང་ཅིགཿ ཐུགས་དམ་གཉན་པོ་བསྐངས་གྱུར་ནསཿ ཞི་རྒྱས་གཉིས་ཀྱིས་གསོ་བ་དངཿ དབང་དྲག་རོལ་པའི་མངོན་སྤྱོད་ཀྱིཿ ལས་བཞིའི་དངོས་གྲུབ་བདག་ལ་སྩོལཿ དོ་གལ་ཆེ་ན་ཕུད་སྐོང་བྱ་སྟེཿ ཕུད་ཉུང་ངུ་ཙམ་ལ་བྱར་མི་རུང་ངོཿ ཧོཿ འོག་མིན་བདེ་བ་ཆེན་པོའི་ཞིང་ནཿ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ་ཆེནཿ ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལ་ནཿ མ་མོ་མཁའ་འགྲོ་ཀུན་གྱི་རྗེ་མོཿ དཔལ་སྔགས་ཀྱི་བདག་མོ་ནག་མོ་ཁྲོས་མ་ལ་གསོལ་ལོཿ ཨེ་ཀ་ཙ་ཊི་སྤུན་དྲུག་ལ་གསོལ་ལོཿ དེའི་བྲན་མོ་བཅུ་བཞི་ལ་གསོལ་ལོཿ གཡོག་མོ་ལྔ་བཅུ་རྩ་བརྒྱད་ལ་གསོལ་ལོཿ ཡང་གཡོག་འབུམ་


JLAZ011_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་འབུམ་སྟོང་ལ་གསོལ་ལོཿ ནམ་གྲུ་རེ་མ་ཏི་ལ་གསོལ་ལོཿ འདོད་ཁམས་ཀྱི་དབང་ཕྱུག་མ་ལ་གསོལ་ལོཿ ཤྭ་ན་མ་བཞི་ལ་གསོལ་ལོཿ ས་བདག་མ་བཞི་ལ་གསོལ་ལོཿ བདག་ཉིད་མ་བཞི་ལ་གསོལ་ལོཿ དུར་ཁྲོད་བདག་མོ་ལྕམ་དྲལ་ལ་གསོལ་ལོཿ དབང་གི་ལྷ་མོ་ཙནྟྲི་ཀ་ལ་གསོལ་ལོཿ ཤན་པ་ནག་མོ་སྲོག་སྒྲུབ་མ་ལ་གསོལ་ལོཿ ལྷ་མོ་དུད་སོལ་མ་ལ་གསོལ་ལོཿ རྡོ་རྗེ་དྲག་མོ་རྒྱལ་ལ་གསོལ་ལོཿ མ་སྲིད་བསྟན་མ་བཅུ་གཉིས་ལ་སོགས་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་རྣམས་ལ་གསོལ་ལོཿ འབུལ་ལོཿ མཆོད་དོཿ གསང་སྔགས་ཀྱི་བསྟན་པ་སྲུངས་ཤིགཿ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིགཿ བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིགཿ དགྲ་བྱུང་ན་སྙིང་ཐོན་ཅིགཿ གེགས་བྱུང་ན་མགོ་བོ་ཁོས་ཤིགཿ དུག་བྱུང་ན་བྱ་ཐོང་ཤིགཿ བྱད་བྱུང་ན་རང་གཤེད་དུ་ཕོབ་ཅིགཿ རྐྱེན་ངན་དང་བར་ཆད་སོལཿ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིགཿ ཧོཿ རྟོགས་པས་བདག་བསྒྲལ་ཀུན་ཏུ་བཟང་པོཿ དུག་གསུམ་རུ་ཏྲའི་གཤེད་དུ་ཁྲོས་པ་ལྷ་ཆེན་དཔལ་འབར་མ་ནིང་ནག་པོ་ལ་གསོལ་ལོཿ སྟག་ཞོན་སྐུའི་མགོན་པོ་ལ་གསོལ་ལོཿ བིང་དམར་གསུང་གི་མགོན་པོ་ལ་གསོལ་ལོཿ


JLAZ011_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་ཐུགས་ཀྱི་མགོན་པོ་ལ་གསོལ་ལོཿ ལེགས་ལྡན་ཡོན་ཏན་གྱི་མགོན་པོ་ལ་གསོལ་ལོཿ ཏྲག་ཤད་ཕྲིན་ལས་ཀྱི་མགོན་པོ་ལ་གསོལ་ལོཿ འབུལ་ལོཿ མཆོད་དོཿ གསང་སྔགས་ཀྱི་བསྟན་པ་སྲུངས་ཤིགཿ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིགཿ བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིགཿ དགྲ་བྱུང་ན་སྙིང་ཐོན་ཅིགཿ གེགས་བྱུང་ན་མགོ་བོ་ཁོས་ཤིགཿ དུག་བྱུང་ན་བྱ་ཐོངས་ཤིགཿ བྱད་བྱུང་ན་རང་གཤེད་དུ་ཕོབ་ཅིགཿ རྐྱེན་ངན་དང་བར་ཆད་སོལཿ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིགཿ ཧོཿ གཙང་རིས་ལྷ་ཡི་མགོན་པོ་དབང་པོ་ཚངས་པ་ལ་གསོལ་ལོཿ དབང་ཕྱུག་དང་ཁྱབ་འཇུག་ལ་གསོལ་ལོཿ གདོང་དྲུག་དང་འདོད་དབང་ལ་གསོལ་ལོཿ ཚོགས་བདག་དང་བྷྲིཾ་གི་ལ་གསོལ་ལོཿ ཀླུའི་མགོན་པོ་མཐའ་ཡས་དང་འཇོག་པོ་ལ་གསོལ་ལོཿ དུང་སྐྱོང་དང་སྟོབས་རྒྱུ་ལ་གསོལ་ལོཿ པདྨ་དང་པདྨ་ཆེན་པོ་ལ་གསོལ་ལོཿ རིགས་ལྡན་དང་ནོར་རྒྱས་ལ་གསོལ་ལོཿ དྲང་སྲོང་གི་མགོན་པོ་ཉི་མ་དང་ཟླ་བ་ལ་གསོལ་ལོཿ མིག་དམར་དང་ལྷག་པ་ལ་གསོལ་ལོཿ ཕུར་བུ་དང་པ་སངས་ལ་གསོལ་ལོཿ སྤེན་པ་དང་སྒྲ་གཅན་ལ་གསོལ་ལོཿ ཁྱད་པར་དུ་ཡང་ཁྱབ་


JLAZ011_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཆེན་པོཿ བི་ནུ་རཱ་ཙཿ རཱ་ཧུ་ལཿ བི་ཊི་པ་ཏྲཿ ལྗང་སྔོན་དྲག་པོཿ དུ་བ་མཇུག་རིངཿ བདུད་པོ་རོག་ཏིཿ བི་ན་ཡ་ཀ་ལ་སོགས་ཏེ་ཐོག་སེར་དང་ལྟས་ངན་གྱི་བདག་པོ་སྤྲུལ་པའི་གཟའ་བརྒྱད་གདོང་མོ་བཞི་དང་བཅས་པ་ལ་གསོལ་ལོཿ འབུལ་ལོཿ མཆོད་དོཿ གསང་སྔགས་ཀྱི་བསྟན་པ་སྲུངས་ཤིགཿ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིགཿ བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིགཿ དགྲ་བྱུང་ན་སྙིང་ཐོན་ཅིགཿ གེགས་བྱུང་ན་མགོ་བོ་ཁོས་ཤིགཿ དུག་བྱུང་ན་བྱ་ཐོང་ཤིགཿ བྱད་བྱུང་ན་རང་གཤེད་དུ་ཕོབ་ཅིགཿ རྐྱེན་ངན་དང་བར་ཆད་སོལཿ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིགཿ ཧོཿ རྒྱུ་སྐར་གྱི་མགོན་པོ་སྨིན་དྲུག་དང་སྣར་མ་ལ་གསོལ་ལོཿ མགོ་དང་ལག་པ་ལ་གསོལ་ལོཿ ནབས་སོ་དང་རྒྱལ་ལ་གསོལ་ལོཿ སྐག་དང་རྟ་པ་ལ་གསོལ་ལོཿ བྲེ་དང་དབོ་ལ་གསོལ་ལོཿ མེ་བཞི་དང་ནག་པ་ལ་གསོལ་ལོཿ ས་རི་དང་ས་ག་ལ་གསོལ་ལོཿ ལྷ་མཚམས་དང་སྣྲོན་ལ་གསོལ་ལོཿ སྣྲུབས་དང་ཆུ་སྟོད་ལ་གསོལ་ལོཿ ཆུ་སྨད་དང་གྲོ་བཞིན་ལ་གསོལ་ལོཿ བྱི་བཞིན་དང་མོན་གྲེ་ལ་གསོལ་ལོཿ མོན་གྲུ་དང་ཁྲུམས་སྟོད་ལ་གསོལ་ལོཿ ཁྲུམས་སྨད་དང་ནམ་གྲུ་ལ་གསོལ་ལོཿ


JLAZ011_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྐར་དང་བྲ་ཉེ་ལ་གསོལ་ལོཿ འབུལ་ལོཿ མཆོད་དོཿ གསང་སྔགས་ཀྱི་བསྟན་པ་སྲུང་ཤིགཿ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིགཿ བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིགཿ དགྲ་བྱུང་ན་སྙིང་ཐོན་ཅིགཿ གེགས་བྱུང་ན་མགོ་བོ་ཁོས་ཤིགཿ དུག་བྱུང་ན་བྱ་ཐོང་ཤིགཿ བྱད་བྱུང་ན་རང་གཤེད་དུ་ཕོབ་ཅིགཿ རྐྱེན་ངན་དང་བར་ཆད་སོལཿ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིགཿ ཧོཿ ཕྱོགས་མཚམས་སྐྱོང་བའི་མགོན་པོ་དབང་པོ་དང་མེ་ལྷ་ལ་གསོལ་ལོཿ གཤིན་རྗེ་དང་སྲིན་པོ་ལ་གསོལ་ལོཿ ཆུ་ལྷ་དང་རླུང་ལྷ་ལ་གསོལ་ལོཿ གནོད་སྦྱིན་དང་དབང་ལྡན་ལ་གསོལ་ལོཿ ཚངས་པ་དང་གཟའ་སྐར་ལ་གསོལ་ལོཿ སའི་ལྷ་མོ་དང་ས་འཛིན་ལག་པ་ཆེན་པོ་ལ་གསོལ་ལོཿ ཁྱད་པར་དུ་འཇིག་རྟེན་སྐྱོང་བའི་མགོན་པོ་ཆེན་པོ་ཡུལ་འཁོར་སྲུང་ལ་གསོལ་ལོཿ འཕགས་སྐྱེས་པོ་ལ་གསོལ་ལོཿ མིག་མི་བཟང་ལ་གསོལ་ལོཿ རྣམ་ཐོས་སྲས་ལ་གསོལ་ལོཿ གཞན་ཡང་འཇིགས་བྱེད་ཆེན་པོ་དགུ་ལ་སོགས་ཏེ་དམ་ཚིག་ཤེས་པ་དང་དཀར་ཕྱོགས་སྐྱོང་བའི་ཚོགས་ཐམས་ཅད་ལ་གསོལ་ལོཿ འབུལ་ལོཿ མཆོད་དོཿ གསང་སྔགས་ཀྱི་བསྟན་པ་སྲུངས་ཤིགཿ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིགཿ བསྟན་


JLAZ011_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་སྐྱེས་བུ་སྤེལ་ཅིགཿ དགྲ་བྱུང་ན་སྙིང་ཐོན་ཅིགཿ གེགས་བྱུང་ན་མགོ་བོ་ཁོས་ཤིགཿ དུག་བྱུང་ན་བྱ་ཐོང་ཤིགཿ བྱད་བྱུང་ན་རང་གཤེད་དུ་ཕོབ་ཅིགཿ རྐྱེན་ངན་དང་བར་ཆད་སོལཿ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིགཿ ཧོཿ རྡོ་རྗེ་འཛིན་པའི་བཀའ་ཉན་ཆེན་པོ་སྒྲོལ་གིང་རྡོ་རྗེ་ལེགས་པ་ལ་གསོལ་ལོཿ རྣལ་འབྱོར་ཡོངས་ཀྱི་སྲུང་མ་ཆེན་པོ་ལ་གསོལ་ལོཿ དཔའ་བོ་ཡོངས་ཀྱི་དགྲ་ལྷ་ཆེན་པོ་ལ་གསོལ་ལོཿ ཚོང་པ་ཡོངས་ཀྱི་དེད་དཔོན་ཆེན་པོ་ལ་ལ་གསོལ་ལོཿ བརྟེན་ན་སྙིང་ཉེ་བ་ལ་གསོལ་ལོཿ རྦད་ན་མཐུ་ཆེ་བ་ལ་གསོལ་ལོཿ བསྐུལ་ན་ལས་མྱུར་བ་ལ་གསོལ་ལོཿ སྤྲུལ་འཁོར་དང་བཀའ་ཉན་ཕུད་དང་གཏོར་མ་ལ་གདུང་བ་ཐམས་ཅད་ལ་གསོལ་ལོཿ འབུལ་ལོཿ མཆོད་དོཿ གསང་སྔགས་ཀྱི་བསྟན་པ་སྲུང་ཤིགཿ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིགཿ བསྟན་འཛིན་གྱི་སྐྱེས་བུ་སྤེལ་ཅིགཿ དགྲ་བྱུང་ན་སྙིང་ཐོན་ཅིགཿ གེགས་བྱུང་ན་མགོ་བོ་ཁོས་ཤིགཿ དུག་བྱུང་ན་བྱ་ཐོང་ཤིགཿ བྱད་བྱུང་ན་རང་གཤེད་དུ་ཕོབ་ཅིགཿ རྐྱེན་ངན་དང་བར་ཆད་སོལཿ བསམ་དོན་གྱི་རེ་བ་གང་ཡིན་པ་སྐད་ཅིག་ཉིད་ལ་གྲུབ་པར་མཛོད་ཅིགཿ ཧོཿ དེ་ལྟར་སྲིད་པ་མ་མོའི་དཀྱིལ་འཁོར་དུ་ཡེ་ཤེས་དང་


JLAZ011_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་གྲུབ་པའི་སྲུང་མ་ཐུགས་དམ་ཅནཿ གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་དང་བཅས་པ་ཁྱེད་རྣམས་སྟོན་པའི་ཞལ་མཐོངཿ བསྟན་པ་དང་དམ་ཚིག་ལ་གུསཿ མཐུ་དང་རྫུ་འཕྲུལ་གྱི་བདག་པོ་སྲིད་ཞིའི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བཿ མངའ་འོག་དང་སྡེ་རིས་སུ་མ་འདུས་པ་གང་ཡང་མེད་པསཿ སངས་རྒྱས་ཀྱི་བསྟན་པ་སྲུངསཿ དཀོན་མཆོག་གི་དབུ་འཕང་བསྟོདཿ རྣལ་འབྱོར་བ་བདག་ཅག་ལ་སྡང་བའི་སེམས་དང་ལྡན་པཿ གདུག་པའི་སེམས་དང་ལྡན་པཿ དྲག་ཤུལ་གྱི་སེམས་དང་ལྡན་པཿ སྦྱོར་བ་རྩུབ་མོ་ལ་མོས་པའི་འབྱུང་པོ་མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཞི་བའི་ཕྲིན་ལས་ཀྱི་དུལ་བར་མཛོད་ཅིགཿ རྒྱས་པའི་ཕྲིན་ལས་ཀྱིས་སྤ་བཀོངས་ཤིགཿ དབང་གི་ཕྲིན་ལས་ཀྱིས་སྣང་བ་སྒྱུར་ཅིགཿ དྲག་པོའི་ཕྲིན་ལས་ཀྱིས་ཚར་ཆོད་ཅིགཿ བདག་དང་འཇིག་རྟེན་ཐམས་ཅད་ལ་ལེགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བའི་ཕྲིན་ལས་མཛོད་ཅིགཿ ཅེས་ཕུད་གཏོར་རོལ་མོ་སྒྲོགས་གླུ་གར་གྱི་མཆོད་པས་ཀྱང་མཉེས་པར་བྱའོཿ དེ་ནས་བསྟོད་པ་ནིཿ བྷྱོཿ དཔལ་ལྡན་རང་བྱུང་རྒྱལ་མོ་ནིཿ མ་མོ་ཡོངས་ཀྱི་སྤྲུལ་གཞི་ཡིནཿ ལྷ་ཡི་ཡུལ་ན་མདངས་ལྡན་མཿ མེ་ཏོག་མནྡཱ་ར་ལ་བསྟོདཿ ཁྲག་འཐུང་དབང་ཐོབ་དཔལ་ལྡན་ཟུངསཿ གཤིན་རྗེའི་ཡུལ་ན་རལ་གཅིག་


JLAZ011_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མཿ མེ་བཟའ་བྲག་གྱོན་ཀླུ་ཡི་མཚནཿ ནག་མོ་ཁྲག་འཛག་མ་ལ་བསྟོདཿ མ་ནི་སྙིང་པོ་བྱང་ཆུབ་སེམསཿ མོ་ནི་རང་བྱུང་ཡེ་ཤེས་ཕྱིརཿ གང་ནས་བོས་ཀྱང་ཁྱོད་ཀྱི་མཚནཿ འདོད་ཁམས་བདག་མོ་ཁྱོད་ལ་བསྟོདཿ བདག་ལྟའི་རུ་ཏྲ་བསྒྲལ་བ་ལསཿ བྱང་ཆུབ་སེམས་ཀྱི་མགོན་པོ་བྱུངཿ ཐེག་དགུ་རྫོགས་པའི་དར་ནག་གིཿ འཇོལ་བེར་དགུ་བརྩེགས་མནབས་ལ་བསྟོདཿ གཟུང་འཛིན་རུ་ཏྲ་ཞབས་ཀྱིས་བརྫིསཿ སྙིང་ཕྲེང་མི་མགོའི་དོ་ཤལ་འཕྱངཿ བིང་ཆེན་སྐེད་བཙུགས་དམག་གསུམ་འགྱེདཿ བདུད་དང་སྲིན་པོ་འདུལ་ལ་བསྟོདཿ གིང་ཆེན་རྡོ་རྗེ་ལེགས་པ་སྐྱོངཿ འཛམ་བུ་གླིང་གི་མངའ་བདག་པོཿ རྣམ་འགྱུར་སྤྲུལ་པ་ཅིར་ཡང་སྟོནཿ རྫུ་འཕྲུལ་བདག་པོ་ཁྱོད་ལ་བསྟོདཿ རེས་འགའ་མགར་ནག་ཁྲོས་པའི་གདོངཿ ཐན་དང་ལྟས་ངན་ཡོངས་ཀྱི་བདགཿ རེས་འགའ་གནོད་སྦྱིན་ནོར་ལྷའི་ཚུལཿ དངོས་གྲུབ་བདག་པོ་ཁྱོད་ལ་བསྟོདཿ ཁྱད་པར་གཙུག་ལག་ཁང་སྲུང་ཞིངཿ དམ་ཉམས་སྲོག་ལ་ཧུར་ཐུམ་དངཿ གྲི་རྒོད་འབེབས་པའི་དྲག་ཤུལ་ཅནཿ གསང་བའི་སྒྲོལ་གིང་གཉིས་ལ་བསྟོདཿ མདོར་ན་མ་མགོན་ལྕམ་དྲལ་གྱིཿ བཀའ་དང་འཁོར་ན་གནས་པ་ཡིཿ ལེགས་ཉེས་སྟངས་འཛིན་འཇིག་རྟེན་གྱིཿ བདག་པོ་ཀུན་ལ་རབ་ཏུ་བསྟོདཿ ཕྲིན་ལས་བཅོལ་བ་ནིཿ


JLAZ011_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོཿ སུམ་ཅུ་རྩ་གསུམ་ལྷ་ཡུལ་ནསཿ སྐྱེ་རྒྱུད་བདག་པོ་ཡབ་ཡུམ་གཉིསཿ མ་མཇལ་ཡིད་ཀྱིས་སྦྱོར་བ་ལསཿ དཔྲལ་བར་ལྕགས་ཀྱི་རྨེན་པ་ཤརཿ ཡུམ་གྱིས་དམོད་པ་སྟོབས་བཙན་པསཿ ནག་མོ་ཁྲོས་མ་རལ་གཅིག་མཿ བཅུ་བདུན་རྒྱུད་ཀྱི་བཀའ་སྲུང་དུཿ གསང་བའི་བདག་པོས་དབང་ཡང་བསྐུརཿ བདག་མེད་ཀུན་ཏུ་བཟང་མོའི་ཀློངཿ བདག་ལྟའི་རུ་ཏྲ་སངས་རྒྱས་པའིཿ དཔལ་ལྡན་མ་མགོན་ལྕམ་དྲལ་ལཿ དམ་ཚིག་ཕྲིན་ལས་གཉེར་དུ་གཏོདཿ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངསཿ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོདཿ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངསཿ སྙིང་ཏིག་གཉན་པོའི་བྱ་ར་མཛོདཿ འཇིག་རྟེན་ཁམས་སུ་ནད་མཚོན་དངཿ མུ་གེའི་བསྐལ་པ་ངན་པ་ཆོདཿ འགོང་པོ་སྤུན་དགུ་སྡེ་རིས་ཀྱིཿ དཔུང་དང་རྒྱ་འདྲེའི་ལམ་སྲང་སྲུངསཿ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིཿ ནད་གདོན་བར་གཅོད་ཀུན་སོལ་ལཿ ཚེ་དཔལ་ལོངས་སྤྱོད་དབང་ཐང་ཀུནཿ ཡར་ངོའི་ཟླ་བ་ལྟ་བུར་མཛོདཿ དཀོར་ཁང་འདི་རུ་རྟག་བཞུགས་ལཿ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལཿ དཀོར་ཆ་ལོངས་སྤྱོད་བཅས་པ་ལཿ བླ་རྡོ་ཆོས་ལ་མེལ་ཚེ་གྱིསཿ སྒྲུབ་པ་མཆོག་ལ་གུས་པ་དངཿ དམ་པ་ཆོས་ཀྱི་རྒྱུད་འཛིན་ཅིངཿ སེམས་ཅན་ཡོངས་ལ་ཕན་བརྩོན་པའིཿ


JLAZ011_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་འདུ་བ་རྒྱས་པར་མཛོདཿ དུས་གསུམ་ཀུན་ན་གདུག་པ་དངཿ སྡང་བའི་སེམས་ལྡན་དགྲ་དང་བགེགསཿ གང་ཡིན་ཁྱེད་ཀྱི་ཟས་སྐལ་དུཿ གཏད་དོ་མངོན་སྤྱོད་ཕྲིན་ལས་མཛོདཿ ཆོས་སྲིད་བསྟན་པའི་ཕྲིན་ལས་རྣམསཿ སྡེ་བཞིའི་དཔལ་གྱིས་མངོན་མཐོ་ཞིངཿ གློ་བུར་ལས་བཅོལ་བ་ལིང་ཀུནཿ བཞེས་ལ་བསམ་དོན་ལྷུན་གྲུབ་མཛོདཿ ཅེས་བརྗོད་ཕུད་གཏོར་གཙང་སར་གཤེགསཿ ལས་དམིགས་བསལ་ཡོད་ན་བསྐུལ་བ་བྱ་བ་ནིཿ དམར་གཏོར་དོན་སྙིང་དང་བསད་ཁྲག་གིས་བརྒྱན་པར་དམིགས་བྱ་དགུག་འདྲེན་དྲག་པོ་བགྱིས་ལཿ མ་མ་ཏྲག་རཀྴ་ཨེ་ཀ་ཙ་ཊི་ཨེ་དཾ་བྷ་ལིངྟ་པཱུ་ཙ་ཧོཿ ཁ་རཾ་ཁཱ་ཧིཿ ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཏྲི་ལིང་གིང་ཀ་ར་ཨེ་དཾ་བྷ་ལིངྟ་པཱུ་ཙ་ཧོཿ ཁ་རཾ་ཁཱ་ཧིཿ ཏྲི་བཛྲ་ས་དྷུ་ས་མ་ཡ་ཨེ་དཾ་བྷ་ལིངྟ་པཱུ་ཙ་ཧོཿ ཁ་རཾ་ཁཱ་ཧིཿ ཞེས་འཁོར་རྣམས་སྡེ་བརྒྱད་དུ་བསྡུས་ཏེཿ ཨ་ཡ་མ་དུ་རུ་ཙ་ཤ་ན་ཀིངྐ་ར་ས་མ་ཡ་བྷ་ལིངྟ་བྷུཉྩ་ཧོཿ ཞེས་ཟས་སྐལ་དུ་བསྔོཿ བྷྱོཿ ཀཱི་ལ་ཡ་ཡི་ཡུམ་གཅིག་ཁྲོས་མ་ནགཿ ཁུ་འཕང་ཐོག་སེར་བདག་པོ་མགར་བ་ནགཿ གེ་སར་དམག་གི་དགྲ་ལྷ་སྲོག་བདུད་ནགཿ ངོ་ནག་ཁྲོས་པའི་ལས་ལ་ད་བཞེངས་ཤིགཿ ཅི་ནས་དཀོན་མཆོག་དབུ་འཕང་སྨད་པའི་དགྲཿ ཆུ་འཁྱགས་སེར་བས་ལོ་ཏོག་བཅོམ་པ་བཞིནཿ ཇི་ཞིག་མ་ཡིན་སྐད་ཅིག་ཡུད་ཙམ་ལཿ ཉོ་ཆར་བགྱིས་པའི་ཟས་བཞིན་རྡུལ་དུ་རློགསཿ ཏི་ལ་


JLAZ011_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་སྙོང་ཏིག་གཤེ་བྱེད་ཅིངཿ ཐུ་མ་རལ་གྱི་བརླང་སྤྱོད་རྩུབ་མོ་ཡིསཿ དེ་ལ་དེར་བསྙད་དོ་བརྡོ་ཕོད་འཛུགས་པའིཿ ཆོ་པི་ཀ་ཡི་དགྲ་འདི་མྱུར་དུ་སྒྲོལཿ པི་ཝང་ལྟ་བུར་སྙན་པའི་ཆོས་ཀྱི་སྒྲསཿ ཕུ་མདའ་ཉེ་འཁོན་མེད་པར་བསྐྱངས་བྱས་ཀྱངཿ བེའུ་ཞོ་ཡིས་ངོམས་ལྟར་ཁྲེལ་སྤངས་པཿ མོ་རྒྱུད་སྔགས་ཀྱི་བདག་མོས་རྔམ་ཟས་ཀྱིསཿ ཙིཏྟ་སྙིང་གི་ཟུངས་ཁྲག་མཁའ་འགྲོའི་ཆོསཿ ཚུ་རོལ་འདུད་པའི་ཟོལ་གྱིས་བླངས་པའི་མཐརཿ ཛ་ལང་སྤྱོད་པ་དམ་ཚིག་ཁྱད་གསོད་པའིཿ ཝ་སྐྱེས་ལྟ་བུའི་དམ་ལོག་ད་ལྟ་སྒྲོལཿ ཞི་བ་བྱང་སེམས་སྒོམ་པའི་ཐུགས་རྒྱུད་བྱིངསཿ ཟེ་ཀ་བྱ་ཡིས་འཁོར་བ་ལྟར་དཀྲུགས་ནསཿ འུ་ཅག་བདེན་པར་སྨྲ་བའི་གཡོ་སྒྱུ་ཅནཿ ཡོ་ལངས་ཐན་ལྟས་འཁྲུགས་པས་སྤ་བཀོངས་ཤིགཿ རི་རྒྱལ་ལྷུན་པོ་ལྟ་བུར་སྒྲུབ་ཚུགས་བཟུངཿ ལུ་མའི་ཆུ་རྒྱུན་བཞིན་ཏུ་བྱང་སེམས་བསྐྱེདཿ ཤི་བ་སྲོག་ལ་བབ་ཀྱང་ཁྱོད་བསྟེན་ནཿ ས་གཞི་ལྟ་བུར་གཡོ་འགུལ་མི་མཛད་དམཿ ཧ་ཅང་དམ་ཚིག་རལ་བའི་དགྲ་བོ་འདིཿ ཨ་ལ་ཧ་ལའི་གད་རྒྱངས་སྒྲོགས་བཞིན་དུཿ ལོ་ཟླ་ཞག་ཏུ་མ་འགྱངས་མི་བསྒྲལ་ནཿ ཁྱོད་ལ་མཐུ་སྟོབས་ཡོད་པ་རྫུན་དུ་ཟདཿ གྲུ་གསུམ་མཐིང་ན་འབར་བའི་ཀློང་དཀྱིལ་ནསཿ འདོད་པ་ཁམས་ཀྱི་དབང་ཕྱུག་རྨོངས་བྱེད་མཿ ཨེ་ཀ་ཛ་ཊི་ནག་


JLAZ011_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཁྲོས་མའི་གདོངཿ དབུ་དགུ་ཟངས་ཁ་ལྕགས་ཀྱི་མཆུ་སྡེར་ཅནཿ མིག་ནས་ཁྲག་རིམས་སྣ་ནས་མཛེ་ནད་གཏོངཿ སྐུ་ལས་འབྲུམ་ནད་ཁོང་ནས་ཤ་ཡ་འབརཿ ལྕགས་ཀྱུ་རྩེ་དགུས་དགྲ་བོའི་སྙིང་ཕྱུང་ལཿ ལྕགས་སྤྱང་མང་པོ་དམ་ཉམས་ཤ་ལ་ཁྱེཿ སྲོག་བདག་བདུད་ཀྱི་མགོན་པོ་བྱ་རོག་གདོངཿ རྟ་ནག་སྟེང་ན་སྟག་རལ་གཟིག་ཤུབས་འཕྱངཿ ལྕགས་མདའ་ནག་པོ་དགྲ་བོའི་སྙིང་ལ་གཟིརཿ དམག་དཔོན་སྡེ་ལྔ་དམ་ཉམས་དགྲ་ལ་འཕྱོཿ ས་འོག་ས་སྟེང་ས་བླའི་འཇིག་རྟེན་ཀུནཿ དཔལ་མགོན་བདུན་ཅུ་སྤྲུལ་པའི་དམག་དཔོན་གིས་ཁོངསཿ སྟག་གཟིག་དོམ་དྲེད་མང་པོ་ང་ར་རཿ གཡག་ནག་ཁྱི་ནག་མང་པོ་འདུ་རུ་རུཿ འདབ་ཆགས་ཁྲ་ཐབས་མང་པོ་ཞ་ལ་ལཿ སྒྲོལ་གིང་མགར་བ་ནག་པོ་དགྲ་ལ་བྷྱོཿ གཡས་པའི་ཐོ་བས་དགྲ་བོའི་ཀླད་ནས་རྡུངསཿ གཡོན་པའི་སྤུད་པས་ཡུལ་ཁམས་རླུང་ལ་སྐུརཿ ལྕགས་སྤྱང་མགོ་དགུས་སྟེང་ནས་ལྟས་ངན་ཐོངསཿ སུམ་བརྒྱ་དྲུག་ཅུའི་དམག་སྣ་དགྲ་ཡུལ་དྲོངསཿ ཐེ་བྲང་མོན་པ་སྟོང་སྡེ་ལས་ལ་ཆོསཿ ཐོགས་སེར་དྲག་པོ་དགྲ་བོའི་ཡུལ་དུ་ཐོངསཿ འདབ་ཆགས་ཤ་ཟན་མང་པོ་བླ་ལ་ཁྱེཿ སྤྱང་ནག་འོ་དོད་འབོད་པས་ལྷ་ལྔ་དཀྲོགསཿ ལྷ་སྲིན་སྡེ་བརྒྱད་དམག་ཚོགས་དགྲ་ལ་དྲོངསཿ


JLAZ011_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ནུབ་ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལཿ བསད་རྟགས་དོན་སྙིང་དམར་པོ་ཁྱེར་ལ་ཤོགཿ བསོད་ནམས་རླུང་རྟའི་དཔལ་ལ་སྙད་མ་འདོགསཿ ཚེ་དང་ལས་ཀྱི་མཐུ་ལ་སྐྱབས་མ་བཅོལཿ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབཿ ཏྲག་རཀྴ་མུན་ཏྲ་ཨེ་ཀ་ཙ་ཏི་སྙིང་ཁ་རག་སྲོག་རྩ་ལ་རྦདཿ ཙིཏྟ་ལོང་རཀྴ་ཐུན་བྷྱོཿ ཞེས་གཏོར་མ་དགྲ་ཕྱོགས་སུ་འཕངས་ཤིང་སྲུང་འཁོར་བསྒོམཿ འདི་ནི་ཤིན་ཏུ་གཉན་པས་གར་ཐོད་ཐོད་དུ་མི་བྱ་ཞིང་འབོད་རྦད་བསད་པའི་ལས་དངོས་བསྟན་ལ་སྦྱོར་ན་གནད་ཡིག་ལ་བརྟེན་པ་གཅེས་སོཿ འདི་ནི་ནང་གི་བཀའ་སྲུང་སྟེཿ སྔོན་ཆད་རྒྱུད་དུ་གནས་པ་ལསཿ གབ་པ་མངོན་དུ་ཕྱུང་བ་མེདཿ གནད་ཡིག་གཅིག་དང་བཀའ་སྲུང་རྒྱུདཿ མ་བུ་ཟུང་དུ་འབྲེལ་བ་ནཿ སྲིད་པ་དཀྲུགས་པ་པདྨས་ཤེསཿ དེ་ཕྱིར་ལྕགས་སྡེ་སོ་སོར་རྒྱཿ སྙིང་ཐིག་འདྲ་མིན་སྤྱོད་པའི་ཚེཿ རང་བྱུང་སྤྲུལ་པའི་རྡོ་རྗེ་དངཿ འཕྲད་ནས་བསྟན་པ་བསྲུང་བར་ཤོགཿ དགེའོཿ

ཀློང་ཆེན་སྙིང་ཐིག་ལསཿ ལྕམ་དྲལ་གསུམ་གྱི་སྲོག་གཏད།


JLAZ011_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་ཐིག་ལསཿ ལྕམ་དྲལ་གསུམ་གྱི་སྲོག་གཏད་ཨི་ཐིཿ ཨཐཾཿ སྟོང་པ་བདག་མེད་ཡུམ་གྱི་དབྱིངསཿ རིག་པ་ངོ་བོ་ཉིད་ཀྱི་ཡབཿ རྟོག་ཚོགས་མགོན་པོ་བདུན་ཅུའི་སྡེཿ འཁོར་འདས་བྱད་དུ་གྱུར་ལ་འདུདཿ འདིར་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་སྲོག་དབང་གཅིག་བརྒྱུད་མ་ལ་སྦྱོར་དངོས་རྗེས་གསུམ་ལསཿ དང་པོ་ནི་སྟེགས་བུ་ཁྲག་ཆང་གིས་སྦགས་པར་ཁྲག་མཚོ་ཐོད་མཁར་གྲུ་གསུམ་གཞུང་ལྟར་བྲིས་པའི་སྟེངཿ མཉྫི་ལ་གོང་གནོན་གྱི་དཔལ་གཏོར་དངཿ མདུན་དུ་མ་མོའི་གཏོར་མ་འཁོར་ལྔ་པ་མཐེབ་ཀྱུ་གང་མང་ཤ་ཁྲག་གིས་བརྒྱནཿ སྦ་ལྕགས་ཚིགས་གསུམཿ མེ་ལོང་ལ་དངུལ་ལམ་སིནྡྷུ་རས་བྲིས་པའི་སྔགས་བྱངཿ ཕྱག་མཚན་ཐ་དད་པཿ ནལ་ཐོད་ནང་དུ་ཐུན་རྫས་དུག་གིས་སྦགས་པཿ ཐོད་པར་མ་ད་ན་ཨ་མྲྀ་ཏས་བྲན་པ་དངཿ ཉེར་སྤྱོད་མཐུན་རྫས་རྣམས་བསག་གོཿ གཉིས་པ་དངོས་གཞི་ནིཿ དཔལ་ཆེན་གྱི་བདག་བསྐྱེད་སྔོན་དུ་འགྲོ་བསཿ མ་མགོན་ལྕམ་དྲལ་གྱི་གསོལ་ཀ་བསྟོད་པའི་བར་བྱས་ནས་གཞུང་ལྟར་དམིགས་གནད་དང་ལྡན་པསཿ ཏྲག་རཀྴ་སོགས་སྔགས་བཟླ་ཞིང་དབང་དུ་བསྡུཿ དེ་ནས་སྲོག་གཏད་ནིཿ ཁྲུས་བྱཿ བགེགས་བསྐྲདཿ མཚམས་སྦྱོར་ནིཿ ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ན་འཁོར་འདས་ཐམས་ཅད་བསྐྱེད་གཞི་དཔལ་ཀུན་ཏུ་བཟང་མོཿ རང་བཞིན་སྤྲུལ་པའི་ཞིང་ལ་དུར་ཁྲོད་མེ་རི་འབར་བ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཨེ་ཀ་ཙ་ཊི་སྤུན་དྲུགཿ བྲན་མོ་བཅུ་བཞིཿ གཡོག་མོ་ལྔ་བཅུ་རྩ་བརྒྱདཿ ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་འདོད་ཁམས་ཀྱི་དབང་ཕྱུག་གཙོ་


JLAZ011_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་སྟོན་པ་དངཿ དྲེགས་པ་གཞན་གྱི་འཁོར་ཅན་དུ་སྟོན་པ་ལསཿ འདིར་ཕྱི་མའི་ལུགས་ལྟར་གྱི་སྲོག་དབང་བྱིན་པ་ལཿ སློབ་མའི་བྱ་བ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོདཿ དོན་དམ་དབྱིངས་ནས་མ་གཡོས་ཀྱངཿ འགྲོ་བ་འདུལ་ཕྱིར་སྤྲུལ་པའི་སྐུཿ བཀའ་སྲུང་མ་མགོན་ལྕམ་དྲལ་གྱིཿ སྲོག་དབང་བདག་ལ་སྩལ་དུ་གསོལཿ ལན་གསུམཿ ཐེག་མཆོག་རྫོགས་པ་ཆེན་པོ་ཡིཿ ལམ་ནས་རང་གཞན་དོན་ནུས་ནཿ དབང་བསྐུར་སྦྱིན་གྱི་གཞན་དུ་མིནཿ མནའ་ཆུ་འདི་འཐུང་དམ་ཚིག་སྲུངསཿ འགལ་ན་སྲོག་ལ་ཧུར་ཐུམ་བྱེདཿ ས་མ་ཡ་ཨི་དན་ན་རཀྐནཿ དེ་ནས་རྒྱུན་བཤགས་ནིཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ སོགས་ལན་གསུམཿ དེ་ནས་ཡེ་ཤེས་པ་དབབ་པ་ནིཿ གནས་ཁང་འདི་ཉིད་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་གསལ་བའི་དབུས་ན་སློབ་མ་བཅོམ་ལྡན་འདས་རྡོ་རྗེ་ཁྲོས་མ་ནག་མོར་གསལ་བའི་གནས་གསུམ་དུ་ཡི་གེ་གསུམ་དང་ཐུགས་ཀར་ཉི་དཀྱིལ་ཏྲག་ཡིག་གིས་མཚན་པ་ལ་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་ཕོག་པས་དེ་ལས་འོད་ཟེར་འཕྲོསཿ རང་བཞིན་གྱི་གནས་དང་དུར་ཁྲོད་མེ་རི་འབར་བ་ནས་དཔལ་ལྡན་མ་མགོན་ལྕམ་དྲལ་འཁོར་དང་བཅས་པ་བྱོན་ནས་ཡེ་ཤེས་པ་རྣམས་སློབ་མ་ལ་ཐིམཿ འཇིག་རྟེན་པ་རྣམས་བཀའ་སྡོད་ཀྱི་ཚུལ་


JLAZ011_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁོད་པར་བསམ་སྟེཿ སྲོག་སྔགས་དྲག་ཏུ་བཟླ་ཞིང་སྤོས་རོལ་གྱིས་བྱིན་དབབཿ སྐུ་རྟེན་རྦ་འཁར་ཚིགས་གསུམ་པ་གཏད་ལཿ ཧཱུྃཿ རྣམ་པ་ཀུན་ཏུ་མཆོག་ལྡན་ནིཿ ཚོགས་བརྒྱད་དག་པའི་མ་མོའི་ཚུལཿ ཀུན་ཏུ་བཟང་མོའི་དམ་ཤིང་འདིཿ སྐུ་ཡི་རྟེན་དུ་ཁྱོད་ལ་གཏདཿ ཏྲག་རཀྴ་མུ་ཏྲ་མུཿ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ རཀྨོ་ཏེ་ཀེཾ་ཙ་ཙཿ རུ་ལུ་རུ་ལུ་མ་ཧིཾ་བྷྱོཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃཿ གསུང་མེ་ལོང་སྔགས་བྱང་ཅན་བརྟན་ལཿ སྲོག་གི་སྙིང་པོ་རླུང་ཡིན་ཏེཿ སྒྲ་ནི་ཡི་གེ་འཁོར་ལོའི་སྤྲིནཿ གྲགས་སྟོང་གསུང་གིས་དབང་བསྐུར་བསཿ ཕྲིན་ལས་རྣམ་བཞི་འགྲུབ་པར་ཤོགཿ རྩ་སྔགས་མཐར་ཝཱཀྐ་སོགས་དངཿ ཆིག་བརྒྱུད་དུ་སྲོག་སྙིང་སྦྱིན་ཚུལ་ཞལ་ལས་ཤེསཿ བཟླས་པའི་རྒྱུན་གྱིས་བཟླ་བྱ་བཀྲུསཿ སྐྱུགས་པ་བསྒྲུབ་བྱའི་ཁལ་སྩལ་དམིགསཿ ཐུགས་མེ་ལོང་ནང་དུ་མ་མོའི་སྣང་བརྙན་འཆར་དུ་བཅུག་ལཿ ཨཱཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿ ཐམས་ཅད་མ་མོ་མཁའ་འགྲོའི་དལཿ དྲན་པ་རང་བྱུང་ཡེ་ཤེས་ནིཿ ཡུལ་དང་དབང་པོ་གཉིས་མེད་སྦྱོརཿ མ་མོ་འབུམ་སྡེའི་སྟོང་སྲོག་ཡིནཿ ཞེས་རྟོགས་པ་བསྐྱེདཿ ཡོན་ཏན་ཕྱག་མཚན་གཉིས་གཏད་ལཿ ཕུང་པོ་ལྔ་ལ་བདག་འཛིན་གྱིཿ རཱུ་ཏྲའི་དོན་སྙིང་ཟ་བ་དངཿ ལྷན་ཅིག་ཚོགས་བརྒྱད་ཚར་གཅོད་པའིཿ ལྕགས་སྤྱང་ཁྲ་ཐབས་ཁྱོད་ཀྱིས་བཟུངཿ རྩ་སྔགས་མཐར་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃཿ ཕྲིན་ལས་ནལ་བུའི་ཐོད་པར་ཐུན་རྫས་དུག་


JLAZ011_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གིས་སྦགས་པ་གཏད་ནསཿ ཧཱུྃཿ མ་ནི་སྙིང་པོ་བྱང་ཆུབ་སེམསཿ མོ་ནི་རང་བྱུང་ཡེ་ཤེས་དཔལཿ གང་ནས་བོས་ཀྱང་ཁྱོད་ཀྱི་མཚནཿ འདོད་ཁམས་བདག་མོས་ཕྲིན་ལས་ཀུནཿ ཐོགས་པ་མེད་པར་སྒྲུབ་པར་ཤོགཿ དམ་བརྡར་ཕྲིན་ལས་རྣམ་བཞིའི་སྔགས་བརྗོདཿ དེ་ནས་སྦྱོར་གིང་དང་མཉམ་པར་རོལ་བའི་བྱང་ཆུབ་སེམས་སྤྲིན་སློབ་བུའི་ལྕེ་ཐོག་ཏུ་བབས་པར་དམིགས་ལཿ ནང་མཆོད་བྱིན་ནསཿ ཧཱུྃཿ བྱ་བྱེད་ཡིད་ཆོས་རྣམ་དག་པའིཿ ཡབ་ཡུམ་མཉམ་པར་རོལ་པའི་སྤྲིནཿ རྒྱུ་དྲུག་རྐྱེན་བཞི་ལས་བྱུང་བའིཿ བྱང་ཆུབ་སེམས་ལ་རྟག་ཏུ་རོལཿ ཨ་ཧོ་མ་ཧཱ་སུ་ཁ་དྷརྨ་དྷཱརྟུ་ཧོཿ དེ་ནས་ཡབ་ཀྱི་སྐུའི་རྗེས་གནང་གི་དོན་དུ་ཙནྡན་གྱི་བིང་གཏད་ནསཿ ཧཱུྃཿ ལྷ་ཆེན་དཔལ་འབར་ཆེན་པོ་ཡིཿ སྤྲུལ་པའི་དམག་དཔུང་འབུམ་སྡེའི་མཛོདཿ གཡུལ་ལས་རྣམ་རྒྱལ་བིང་ཆེན་འདིཿ སྐུ་དང་གཉིས་སུ་མེད་པར་ཟུངསཿ མ་ཧཱ་ཀཱ་ལ་ཤཱ་ས་ན་ཡ་བཛྲ་ཨོཾཿ གསུང་གི་རྗེས་གནང་སྔགས་ཀྱི་བཟླས་ལུང་བྱིནཿ ཐུགས་ཀྱི་དོན་དུ་རུ་མཚོན་ནག་པོ་དང་སྙིང་ཞགས་གཏད་ནསཿ ཧཱུྃཿ ཀུན་ཏུ་བཟང་པོའི་རོལ་པ་ལསཿ བྱང་ཆུབ་སེམས་ཀྱི་རུ་མཚོན་ནིཿ བདག་འཛིན་རཱུ་ཏྲའི་གཤེད་པོ་སྟེཿ ཐུགས་ཀྱི་རྟེན་དུ་གཅེས་པར་ཟུངསཿ རྩ་སྔགས་མཐར་ཙིཏྟ་བཛྲ་ཧཱུྃཿ སྒྲོལ་གིང་གི་རྗེས་གནང་ལས་ཕ་ཝང་ལོང་བུ་ལ་གསེར་གྱིས་སྲོག་སྔགས་བྲིས་པ་དང་ཕྱག་མཚན་གཉིས་གཏད་ལཿ ཧཱུྃཿ ཕ་ཝང་ལོང་བུ་སྐུ་ཡི་རྟེནཿ སྔགས་བྱང་གསུང་ལ་དྲོ་རྗེ་ཐུགསཿ དམ་ཉམས་


JLAZ011_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བའི་དཔའ་རྟགས་སྙིངཿ གཏད་ནས་དམ་ཅན་འཁོར་དང་བཅསཿ ལུས་དང་གྲིབ་བཞིན་འགྲོགས་གྱུར་ཅིགཿ བཛྲ་ས་དྷུ་ཏྲི་ཛཿ ས་མ་ཡ་ཧཱུྃཿ དེ་ནས་གཙོ་འཁོར་ཡོངས་རྫོགས་ཀྱི་ངོ་བོར་བསམ་ནས་གཏོར་མ་གཏད་དེཿ ཧཱུྃཿ སུམ་ཅུ་རྩ་གསུམ་ལྷ་ཡུལ་ནཿ ཞེས་སོགས་ཀྱི་བཀའ་གཏད་བྱའོཿ གཏོར་མའི་ལྷ་ཚོགས་ལས་ལྕམ་དྲལ་གཉིས་འོད་དུ་ཞུ་ནས་སློབ་མ་ལ་བསྟིམཿ རང་རྒྱུད་ཅན་དུ་སྟོན་པ་རྣམས་ལུས་དང་གྲིབ་མ་བཞིན་འགྲོགས་པར་བསམས་ལ་གཏོར་མའི་ཕུད་ཅུང་ཟད་དངོས་གྲུབ་ཀྱི་ཚུལ་དུ་བྱིནཿ ནང་མཆོད་བླུད་ནས་དམ་ཚིག་བསྲེས་པར་བསམ་ལ་རྗེས་ཟློས་ནིཿ གདོད་མའི་མགོན་པོ་ཡབ་ཡུམ་ཀྱངཿ ཁྱོད་ལས་གཞན་དུ་མེད་པའི་ཕྱིརཿ རྟག་ཏུ་རྫོགས་པ་ཆེན་པོར་སྒོམསཿ གཏོར་ཚོགས་མཆོད་པ་རྒྱུན་མི་གཅོདཿ ལྕམ་དྲལ་སྒྲུབ་པའི་དམ་ཚིག་ཀུནཿ དེང་ནས་ཚུལ་བཞིན་གཟུང་བར་བགྱིཿ གསུམ་པ་རྗེས་ཀྱི་རིམ་པ་ནིཿ ཕུད་སྐོང་ཕྲིན་བཅོལ་ཡང་ཡང་བྱཿ བསྙེན་སྒྲུབ་སྔོན་དུ་མ་སོང་བར་སྲོག་དབང་འདི་བྱིན་ན་ཤིན་ཏུ་བཀའ་གཉན་པས་དམ་པར་བྱའོཿ ཿ

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བཀའ་སྲུང་ལྕམ་དྲལ་གནད་ཡིག


JLAZ011_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བཀའ་སྲུང་ལྕམ་དྲལ་གནད་ཡིག་བཞུགསཿ ཡེ་ཤེས་དབྱིངས་ཀྱི་རྗེ་མོར་འདུདཿ སྙིང་ཐིག་གཉན་ལ་དགྲ་དར་ནཿ མ་མོ་སྒྲུབ་པའི་གནད་ཡིག་དགོསཿ དམ་ཉམས་ལག་ཏུ་ཤོར་ར་རེཿ གཅིག་ལས་གཉིས་སུ་མ་སྤེལ་རྒྱཿ དབང་བསྐུར་མ་རྫོགས་ལས་མི་འགྲུབཿ འཁར་བ་སྐུ་ལ་དྲག་སྔགས་གསུངཿ གཉིས་མེད་ཐུགས་ལ་ཡོན་ཏན་དངཿ ཕྲིན་ལས་ཕྱག་མཚན་ཐུན་རྫས་ཏེཿ བྱང་སེམས་ཀར་དམར་སྦྱོར་བའི་དབངཿ མཁའ་འགྲོ་ལྟར་དུ་བསྒྲུབ་ལ་བརྟེནཿ ས་མ་ཡཿ དང་པོ་སྐུ་ཡི་རྟེན་བཅའ་བཿ དར་རས་འབུར་རམ་རུ་དར་ནགཿ བྱང་སེམས་དཀར་དམར་ཨ་མྲྀ་ཏསཿ སྦགས་ལ་ལྕམ་དྲལ་བསྐྱེད་སྟིམ་རྗེསཿ དམ་ཚིག་ལྡན་པས་སྐུུ་གཟུགས་བྱཿ བགེགས་བསྐྲད་མ་དལ་དབུས་སུ་བཞགཿ མཐུན་རྫས་བསགས་ལ་ཕྲིན་ལས་གྱེརཿ གཟུགས་བརྙན་བལྟ་དང་ཡིད་ཡུལ་དུཿ གོམས་པ་ཉིད་ལ་རེ་མོས་བསླབཿ དམིགས་པ་གྱད་དུ་གྱུར་པ་ནཿ ཇི་ལྟར་བཀོལ་བའི་ལས་ལ་ཉནཿ དབེན་པར་བྱ་བ་གཞན་མི་བསྙེནཿ སྔགས་འདི་སེལ་མ་ཞུགས་པར་བཟླ༵ཿ ཐུགས་ཀར་ཉི་དཀྱིལ་ཏྲག་ཡིག་མཐརཿ ཏྲག་རཀྴ་མུ་ཏྲ་མུཿ རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃཿ རག་མོ་ཏེ་ཀེཾ་ཙ་ཙཿ རུ་ལུ་རུ་ལུ་མ་ཧིཾ་བྷྱོཿ མ་ཧཱ་ཀཱ་ལ་ཤཱ་ས་ན་ཧཱུྃཿ བཛྲ་ས་དྷུ་ཏྲིཿ གྲུབ་རྟགས་མོན་དང་བལ་མོ་དངཿ རྨ་བྱ་ལུག་ནག་བྱ་ནག་ཁྱིཿ འབྲི་གཡག་རུ་མཚོན་ནག་པོ་མཐོངཿ ས་མ་ཡཿ གསུང་གི་རྟེན་དུ་འཁོར་ལོ་བཅའཿ དར་རམ་རྒྱ་ཤོག་དམར་པོ་ལཿ ཙིཏྟ་དམར་པོའི་ལྟོ་བ་རུཿ འཁོར་ལོ་མུ་ཁྱུད་གསུམ་པའི་ལྟོརཿ གྲུ་གསུམ་དབུས་སུ་ཏྲག་གི་མཐརཿ རཀྴ་ཁ་མུནྟྲ་སྭཱ་ཧཱཿ


JLAZ011_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གམ་གསུམ་ལ་གནོད་སྦྱིན་ནག་མོའི་སྔགསཿ མུ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃཿ མུ་ཁྱུད་གཉིས་པར་མ་མོའི་སྔགསཿ རག་མོ་ཏེ་ཀེཾ་ཙ་ཙ་ཁ་ལ་བྷྱོཿ ཞེས་དང་བདུད་མོ་ནག་མོའི་སྔགསཿ རུ་ལུ་རུ་ལུ་མ་ཧིཾ་ཧཱུྃ་བྷྱོཿ དམ་བརྡར་ཕྲིན་ལས་རྣམ་བཞིའི་སྔགསཿ ཏྲག་རཀྴ་མ་མ་ཏི་ཏ་ས་མ་ཡ་ཛཿཧཱུྃ་བྃ་ཧོཿ ཏྲག་རཀྴ་ཨེ་ཀ་ཙ་ཊི་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཏྲག་རཀྴ་ཨེ་ཀ་ཙ་ཊི་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཏྲག་རཀྴ་ཨེ་ཀ་ཙ་ཊི་སརྦ་པཱ་ཤཾ་ཀུ་རུ་སྭཱ་ཧཱཿ ཏྲག་རཀྴ་ཨེ་ཀ་ཙ་ཊི་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊཿ དེའི་ཕྱི་དབྱངས་གསལ་རྟེན་སྙིང་བྲིཿ ནལ་བུའི་ཤ་ཁྲག་སྙིང་སྣར་བཅསཿ ལེ་བརྒན་དར་གྱིས་དྲིལ་ལ་བཅངཿ མ་མོ་བརྟོད་ལ་ནོན་བཞིན་འགྱུརཿ ས་མ་ཡཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿ ཐམས་ཅད་མ་མོ་མཁའ་འགྲོའི་དལཿ དྲན་པ་རང་བྱུང་ཡེ་ཤེས་ནིཿ ཡུལ་དང་དབང་པོ་གཉིས་མེད་སྦྱོརཿ མ་མོ་འབུམ་གྱི་སྟོང་སྲོག་ཡིནཿ དམ་ཚིག་རྟེན་དུ་རུ་དར་བཟུངཿ སྣེལ་མོའི་སྙིང་དང་ཐོད་པ་མཆོགཿ དེ་ནི་ཐུགས་ཀྱི་རྟེན་དུ་བཤདཿ ས་མ་ཡཿ རྟེན་མདོས་ཡོངས་རྫོགས་མཆོག་གི་རྟེནཿ སྲོག་འཁོར་སྙིང་ སྣེལ་གྲིའི་སྙིང་མ་རྙེད་ན་གཡུང་མོ་ནག་མོའི་སྙིང་ངམ། བྱ་ནག་གིས་རུང༌། གི་སྦུབས་སུ་གཞུགཿ སྙིང་ནི་ཐོད་པའི་ནང་དུ་སྩལཿ སྦ་ལྕགས་དཀར་པོ་ཚིགས་གསུམ་ལཿ མ་མོའི་སྐུ་གཟུགས་བརྟེན་པ་བཞུགསཿ ཀུན་ཀྱང་ལེ་བརྒན་གུར་གྱིས་དབུབཿ ཤ་ཁྲག་སྙིང་སྣ་རིན་པོ་ཆེཿ བསྲེས་པའི་ས་སྦྱིན་གཅོང་མ་ལཿ མདོས་སྟེགས་གྲུ་བཞི་སེར་པོའི་སྟེངཿམཐུན་རྫས་སྣང་སྲིད་གཟུགས་བརྙན་བཀོདཿ དེ་སྟེང་ཞི་བ་དཀར་ཟླུམ་ལཿ སྤྱན་གཟིགས་རྣམ་པ་སྣ་ཚོགས་བཀྲམཿ དེ་སྟེང་གྲུ་གསུམ་ཁ་ཁྱེར་ལཿ


JLAZ011_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་བྱའི་རྒྱལ་མཚན་རུ་དར་གསུམཿ མི་ཁྱི་རྟ་ཡི་སྙིང་གསུམ་པོཿ སྲོག་པ་རྩ་དང་བཅས་པ་བཀོདཿ ཟླ་གམ་གསུམ་ལ་གཏོར་མ་གསུམཿ མི་ཁྱི་རྟ་ཡི་ཤ་ཁྲག་སྙིངཿ དཀར་གསུམ་མངར་གསུམ་འབྲས་བུས་བརྒྱནཿ གྲུ་གསུམ་དབུས་སུ་ཁྲུ་གང་བྲུཿ སོལ་ཆེན་དག་གིས་ནག་པོར་བྱཿ སྐུ་གསུང་ཐུགས་ཀྱི་བླ་རྡོ་གསུམཿ འཁོར་ལོ་རྒྱས་འདེབས་ཡིན་པའི་ཕྱིརཿ སྲིད་པའི་ཕུར་བུར་རྒྱབ་བརྟེན་གཞུགཿ ཁ་གཅོད་མདོས་ཀྱི་བཅའ་ག་བྱཿ ཁྱུང་ཚང་ཐུགས་ལ་གདུགས་ཆེན་གསུངཿ དཔའ་བེ་མཁར་ནི་སྐུ་ཡི་རྟེནཿ གདུགས་ཆེན་འོག་མ་ཡོན་ཏན་ལཿ ལྕགས་མཁར་ཕྲིན་ལས་རྟེན་དུ་བཤདཿ རྨ་བྱའི་ཕོད་དང་དར་སྣའི་བརྒྱནཿ ལེ་བརྒན་གུར་ཕུབ་ཞིང་ཡོལ་བྲེཿ ལས་བཞི་རྫོགས་པའི་ཕོ་བྲང་དེཿ མ་མོའི་གཞལ་ཡས་ཁང་དུ་སྒོམཿ ཕྲིན་ལས་གཞུང་བསྲང་བསྟེན་པ་དངཿ སྐོང་བའི་ཆོ་ག་རྒྱ་ཆེར་བྱཿ ཚེ་སྲོག་བདག་མོ་ཡིན་པས་ནཿ སྐབས་སུ་ཚེ་ཡི་སྙིང་པོ་བགྲངཿ དེ་ཡིས་འདོད་དོན་ཐམས་ཅད་འགྲུབཿ ས་མ་ཡཿ དེ་ནས་ལས་ལ་སྦྱོར་བ་བཤདཿ ཕུང་སའི་སྟེགས་བུ་ཟུར་གསུམ་པཿ ཁ་ཁྱེར་ཐོད་པ་མེ་རི་ཅནཿ ཐབས་སུ་རབ་ཆད་ཐོད་པའི་ནངཿ དུར་ཁྲོད་རས་སམ་དུག་ཤོག་ལཿ སྐྱེ་མཆེད་ཚང་བའི་ལིངྒ་བྲིཿ སྙིང་གར་སྲིད་པ་བཤིག་པའི་ཐབསཿ དུག་གསུམ་ཡི་གེ་ནྲི་ཡི་མཐརཿ ཏྲག་རཀྴ་ཁ་མུནྟྲ་ཨེ་ཀ་ཙ་ཏི་སྙིང་ཁ་རག་ཆེ་གེ་མོའི་སྲོག་རྩ་ལ་རྦདཿ ཙིཏྟ་ལོང་རཀྟ་ཐུན་བྷྱོཿ བརླ་ལ་བླ་དགས་དཔྲལ་བར་རུསཿ མཐའ་བསྐོར་དུ་པྲ་བེ་ཤ་ཕཊཿ ཙི་བི་ཤག་དེ་མོག་ཤུ་གུཿ ཨ་གྷུ་ཤ་ཛཿ ཙི་ཏ་ཀུ་ལུ་དམར་མ་ཤག་ཏི་ཛཿ ཏྲག་རཀྴ་བཛྲ་


JLAZ011_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཆུམས་རི་ལི་ལི་བྷྱོཿརྦདཿ པྲ་ཏི་ས་ནཾ་ཙསྨ་གྷི་ས་ནཾ་ཙོཿ ནྲྀ་ཁཾ་སྨག་ཁུཾ་ཁུཾ་མག་མག་ཆོདཿ ཨོཾ་མེ་ད་ར་ཧྲིཾ་ཐུམ་རིལ་རྦད་མེ་ད་ར་ལི་ག་སྙིང་ཁ་རག་རྦདཿ ཨོཾ་ར་ཙ་མ་སྙིང་ཁ་རག་ར་ཤད་བཛྲ་དུན་བྷྱོཿ ཞེས་དང་ཛ་ཁྲམ་དག་གིས་བསྐོརཿ རོ་སོལ་ཕྱེ་ཚིག་གུ་ཕུལ་ནགཿ ཤ་ཆེན་རཀྟ་ཀླད་པ་དངཿ དྲི་མ་དྲུག་གིས་རཱུ་པ་བཅའཿ བསད་ཁྲག་དུག་དང་སྦྱར་བས་བྱུགཿ རྒྱ་ཚིལ་གུ་གུལ་དུད་པས་ལྷ་དང་བྲལཿ ཚོན་སྐུད་དག་གིས་བྱད་དུ་གཞུགཿ ཐོད་ངན་བཀབ་ལ་ཕུར་ཁུང་བཏོདཿ གྲི་ལྕགས་ཕུར་པ་སོར་བརྒྱདཿ མ་མོར་བསྒོམས་ཏེ་བྲུབས་ཁུང་ཁརཿ གཙུགས་པ་ལིངྒ་དེ་དང་སྦྲེལཿ ཚེ་ཡི་རྒྱུན་ཐག་གཅོད་པར་བསམཿ སྟེང་དུ་མ་མོའི་ཟོར་གཏོར་བཀོདཿ སྔགས་ཀྱི་མཚོན་ཆ་ཉུངས་ཀར་དངཿ ཉུངས་ནག་སྐྱེ་ཚེ་དུག་རྫས་བཤམཿ དཔལ་གྱི་ཕྲིན་ལས་གཞུང་བསྲང་ལཿ མདུན་དུ་མ་མགོན་ལྕམ་དྲལ་བསྐྱེདཿ རྩ་བ་རྒྱུན་གྱི་སྔགས་ཤམ་དུཿ ཆེ་གེ་མོ་ནྲྀ་ཤ་ཀུ་རུ་ཨངྐུ་ཤ་ཛཿ ཞེས་བཟླ་མ་ཉེས་ཡུས་ཀ་བསྐུལཿ བླ་རྟགས་མཐོན་ནས་རྦད་པར་བྱཿ མ་མ་ཏྲག་རཀྴ་ཁ་མུནྟྲ་སྙིང་ཁ་རག་སྲོག་རྩ་རྦད་ཙིཏྟ་ལོང་རཀྴ་ཐུན་བྷྱོཿ ཐུམ་རི་ལི་ལི་རྦདཿ ཙིཏྟ་ཀུ་ལུ་དམར་མ་ཤག་ཏི་ཛ་ཛཿ ཞེས་དང་བསད་པ་ཉུང་ཐུན་སྔགསཿ སྙིང་བཾ་རིལཿ སྙིང་ཁར་རག་ཚལ་པ་རྦད་འུར་རྦད་ཕཊཿ ཙག་ལེ་མུ་རུ་པཾ་རེ་ཏེ་རྦདཿ ནེ་ཙག་སོད་སོདཿ བུད་མྱོགས་ཐུམ་རིལཿ ཨ་ལོ་ཤ་འུདཿ ཁ་ཐུན་སྙིང་དུམ་བུ་རྦདཿ ལུས་སྲོག་ཁྱེར་ཡག་ཤ་བཾ་རིལ་རྦདཿ ཅེས་


JLAZ011_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བརྡེག་བསད་པའི་རྟགས་མཐོང་མཐོང་ནསཿ ཕུར་པ་དྲིལ་ལ་ལིངྒར་བརྡེགཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊཿ ཙིཏྟ་རྦད་ཁུག་ཁུགཿ མྱོགས་ཐུམ་བཾ་རིལ་ཞུར་ཞུརཿ ཆུཾ་ཆུཾ་རྦ་ན་རྦ་ན་ཀཱི་ལ་ཡཿ རཀྴ་རཀྴ་ཁུམ་ཁུམ་ཀྲོ་ཏ་བཾ་རིལཿ ཞེས་པས་ཟན་གྱི་ལིངྒ་གཏུབཿ སྔགས་འདི་བརྗོད་ལ་གཏོར་མར་འབུལཿ ཏྲག་རཀྴ་ཏྲག་རཀྴ་ཙིཏྟ་ལ་ཁཱ་ཧིཿ སྙིང་ལ་ཏྲག་རཀྴ་ཏྲཾཿ མ་ཧཱ་མཱཾ་ས་ལ་ཡཿ མ་ཧཱ་རཀྟ་ལ་ཏྲཾཿ ཙིཏྟ་ལ་རྦདཿ ཐུམ་རི་ལི་ལི་རྦདཿ ཅེས་ཕུལ་བདུད་ཀྱི་ཉི་མ་ལཿ གཏོར་མ་རླུང་ལ་ཕྱར་བས་ཕུངཿ ལས་མཐའ་བསྲེག་པ་ཉིད་ལ་གཏདཿ མ་དལ་གྲུ་གསུམ་དབུས་ན་རཾཿ ཁ་ཁྱེར་མེ་རིས་བསྐོར་བའི་དཀྱིལཿ རྡོ་སོལ་ཆང་དང་སྦྱར་བ་བཞགཿ དུག་ཤིང་ཚེར་མའི་མེ་སྦར་ལཿ མེ་ལྷ་ཁྲོས་མ་ནག་མོར་བསྐྱེདཿ འབོད་རྦད་སྦྲེལ་མ་བསྐུལ་དང་བཅསཿ ཤོག་ལིང་བྱིན་ཟའི་ཞལ་ཏུ་བསྟབཿ ཐལ་སོལ་ལྕགས་སྤྱང་མགོ་དགུ་པརཿ བྱས་ཏེ་དགྲ་ལ་ཟ་ཁ་བསྟནཿ དགྲ་བོ་ཕུང་ནས་ཡེ་ཤེས་པཿ གཤེགས་ཏེ་ཆུ་ཀླུང་ཆེན་པོར་སྦྱངཿ གནས་སྤར་སྨོན་ལམ་ཟབ་མོ་ཡིསཿ སྒྲོལ་བ་ཚད་དུ་ཕྱིན་པར་བྱཿ རྟོགས་པས་བདག་ཉིད་མ་བསྒྲལ་བའིཿ ཞེ་སྡང་ནག་པོར་རང་རྒྱུད་ཅནཿ དེ་འདྲའི་ལག་ཏུ་ཤོར་ར་རེཿ གངས་ཅན་ཁྲོད་ན་སངས་རྒྱས་ཀྱིཿ བསྟན་པ་དར་བ་པདྨའི་དྲིནཿ འོད་གསལ་རྡོ་རྗེ་སྙིང་པོ་ཡིཿ བསྟན་པར་སྙིང་ནས་དམོད་པ་སོགསཿ ཞིང་བཅུ་ཚང་བའི་དམ་ཉམས་ཀྱིཿ སྲོག་ལ་འཁོར་ལོ་བསྐོར་ཕྱིར་དུཿ མ་མོ་སྲིད་པའི་རྒྱུད་ལས་བསྡུསཿ སྙིང་གི་བུ་ལ་གཏད་དོ་རྒྱཿ གཏེར་རྒྱཿ སྦས་རྒྱཿ དམ་རྒྱཿ ཟབ་རྒྱཿ ཁ་ཐཾཿ ཿ

བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མདོས་སྐོང་སྲིད་པ་གཞི་བཞེངས།


JLAZ011_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མདོས་སྐོང་སྲིད་པ་གཞི་བཞེངས་བཞུགསཿ བྷྱོཿ མ་མོའི་ཀླད་ལ་ལྡིང་བ་ནིཿ བྱ་རྒྱལ་ཁྱུང་ལས་གཞན་མེད་པསཿ རྩེ་ལ་འདབ་ཆགས་ཀ་རུ་ཎའིཿ ཚང་དུ་བཅས་པས་ཐུགས་དམ་བསྐངཿ སྲིད་པ་འདི་ན་ཆེ་བཙན་པཿ ཡིད་བཞིན་གཏེར་འབྱུང་དཔལ་བེ་མཁརཿ གྲུ་བཞི་ཐོད་པའི་ཁ་བད་ཅནཿ འཇའ་ཚོན་ཐགས་སུ་བཏགས་པ་ཡིནཿ གདུགས་ཆེན་ནམ་མཁའ་རྒྱས་འདེབས་ནིཿ བླ་ན་མཐོ་ཞིང་ཀུན་ནས་མཛེསཿ གཞལ་མེད་ཁང་གི་ཡོན་ཏན་ཀུནཿ ཡོངས་སུ་རྫོགས་པའི་ཕོ་བྲང་འདིཿ མ་མོ་བཞུགས་པའི་རྟེན་དུ་འཛུགསཿ རྟག་པ་རྒྱུན་གྱིས་ཐུགས་དམ་བསྐངཿ སྣང་བ་ཐམས་ཅད་ཡེ་ཤེས་ལྔརཿ ཤར་བའི་ཚོན་སྐུད་དྲྭ་བ་ཅནཿ སྟོང་ཆ་སྐྱེ་བ་མེད་པ་དངཿ འདུ་འབྲལ་མེད་པའི་མདོས་ཆེན་ནིཿ མ་མོའི་ལྟ་བ་མཚོན་པའི་རྟེནཿ རྟག་ཆད་མེད་པས་ཐུགས་དམ་བསྐངཿ སྣ་ཚོགས་སྣང་བ་རིག་པའི་རྩལཿ མ་འདྲེས་རྨ་བྱའི་རི་མོ་བཞིནཿ སྣང་ཡང་གཟུང་འཛིན་གཉིས་སྤངས་པའིཿ རྒྱན་གྱིས་ཀུན་ནས་བརྒྱན་པ་ནིཿ མ་མོའི་སྒོམ་པ་མཚོན་པའི་རྟེནཿ གསལ་འགྲིབ་མེད་པས་ཐུགས་དམ་བསྐངཿ ལས་བཞི་རྫོགས་པའི་སྟེགས་བུ་ལཿ


JLAZ011_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་རིམ་བརྩེགས་ལྡན་པའི་སྟེངཿ ལྕགས་མཁར་ཐོད་པའི་ཁ་བད་ཅནཿ བདུད་དང་གཤིན་རྗེའི་བཞུགས་གནས་ཏེཿ དེ་ལ་སྣང་སྲིད་སྣོད་བཅུད་ཀྱིཿ མཐུན་རྫས་མ་ཚང་མེད་པ་དངཿ གཙང་དམེ་བྲལ་བའི་དམ་རྫས་བཀོདཿ ལན་བུ་དར་བྱ་གཟུགས་བརྙན་ཚོགསཿ མ་མོའི་སྤྱོད་པ་མཚོན་པའི་རྟེནཿ བླང་དོར་མེད་པས་ཐུགས་དམ་བསྐངཿ བྷྱོཿ མདོས་ལ་རྣམ་པ་དུ་ཡོད་དེཿ སྒྲུབ་པའི་མདོས་དང་སྐོང་བའི་མདོསཿ གཡུལ་ངོར་བཟློག་དང་གནོད་མདོས་དངཿ ཕོ་མདོས་མོ་ལ་གཏང་བ་དངཿ མོ་མདོས་ཕོ་ལ་གཏང་བ་དངཿ སྤྱི་མདོས་སྒོས་ལ་གཏང་བ་དངཿ སྒོས་མདོས་སྤྱི་ལ་གཏང་བ་ལསཿ དེ་རིང་ཐུགས་དམ་བསྐང་བའི་ཕྱིརཿ སྲིད་པ་མ་མོའི་དཀྱིལ་འཁོར་དུཿ ལྕམ་དྲལ་སྤྱི་ལ་འབུལ་བ་ནིཿ མདའ་ཁྲབ་ཐབས་ཀྱི་ཕྱག་མཚན་ལཿ འཕང་ནི་ཤེས་རབ་ཕྱག་རྒྱར་མཐུནཿ རྒྱང་བུ་སྐུ་གསུང་ཐུགས་ཀྱི་རྟེནཿ རྩེ་ལ་དེ་ནི་རྨ་བྱའི་མདོངསཿ མགུལ་ན་ཡུངས་དཀར་ཤ་ར་རཿ སྐེད་ལ་དར་ཚོན་པུ་རུ་རུཿ ཁྱོད་ཀྱི་ཞལ་དང་གཉིས་སུ་མེདཿ ཕོ་གདོང་དེ་ནི་སྟག་ལས་ངརཿ སྐྱེས་པ་ཕོ་ཡི་གླུད་དུ་འབུལཿ མོ་གདོང་དེ་ནི་སྙིང་དུ་སྡུགཿ ཟ་མ་མོ་ཡི་གླུད་དུ་འབུལཿ ནམ་མཁའ་སྣང་སྟོང་གཉིས་སུ་མེདཿ མ་རིག་སེམས་ཀྱི་


JLAZ011_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་དུ་འབུལཿ སྣང་སྲིད་ཀུན་ལ་ཁྱབ་པ་ནིཿ སྔགས་སྲུང་ཨེ་ཀ་ཙ་ཊི་ཡིནཿ དྲེགས་པ་ཡོངས་ཀྱི་སྡེ་དཔོན་ནིཿ ལྷ་ཆེན་མ་ཧཱ་ཀཱ་ལ་སྟེཿ བསྟན་པ་ཀུན་གྱི་སྲུང་མ་ནིཿ མགོན་པོ་བདུན་ཅུ་རྩ་ལྔ་ཡིནཿ བསྐང་བའི་སྐོང་མདོས་ཆེན་པོ་ནིཿ དངོས་འཛིན་རང་རྒྱུད་མ་ཡིན་ཏེཿ ཏིང་ངེ་འཛིན་གྱིས་སྤྲུལ་པས་ནཿ ཡས་ཆད་སྨྲང་གིས་འཐུད་པ་ཡིནཿ མ་ཚང་མེད་པའི་མཐུན་རྫས་ཀྱིསཿ སྐོང་ངོ་བསྐལ་པར་ཐུགས་དམ་བསྐངཿ ཆག་ཆེ་ཉམ་ང་དགྲ་འདྲེ་དངཿ བྱད་ཁ་ཕུར་ཁ་མི་ཁ་སོགསཿ མི་མཐུན་ནད་དལ་ཞི་བ་དངཿ ཚེ་དཔལ་ལོངས་སྤྱོད་རྒྱས་པ་དངཿ ཁམས་གསུམ་དབང་དུ་འདུ་བ་དངཿ དགྲ་བགེགས་ཐལ་བར་རློག་པ་དངཿ བཀྲ་ཤིས་ཕུན་ཚོགས་བདག་ལ་སྩོལཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཿ

བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མ་མོ་མཁའ་འགྲོའི་འཁྲུགས་སྐོང་།


JLAZ011_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མ་མོ་མཁའ་འགྲོའི་འཁྲུགས་སྐོང་བཞུགསཿ


JLAZ011_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་མ་མོའི་དལ་ལ་འདུདཿ དུས་ངན་སྙིགས་མ་ཤར་བའི་ཚེཿ བསམ་ངན་དར་བས་ལས་ངན་འཚུབསཿ ནད་མཚོན་མུ་གེའི་བསྐལ་པ་དརཿ དེ་ཚེ་མ་མོ་མཁའ་འགྲོ་འཁྲུགསཿ འཁྲུགས་སྐོང་འདི་ལ་འབད་པ་གཅེསཿ ཆོས་འབྱུང་བསྣོལ་མའི་སྟེང་ཉིད་དུཿ མཁའ་འགྲོའི་གཏོར་མ་པད་འདབ་ཅནཿ ཤ་ཁྲག་སྙིང་སྣ་མདོས་ཀྱིས་བརྒྱནཿ སྲོག་ཆགས་མདངས་སམ་དེའི་གཟུགས་བརྙནཿ ནང་མཆོད་བྷནྡྷ་མདའ་དར་ཚོགསཿ ཕྱེ་མར་དཀར་མོ་ལག་གཡས་བཤམསཿ ཡི་དམ་ལྷ་ཡི་ཏིང་འཛིན་དངཿ ལྡན་པས་སྔགས་དྲུག་ཕྱག་རྒྱས་བརླབཿ བྷྱོཿ སྣང་སྲིད་ཀུན་གྱི་ཕྱྭ་ཆེན་མོཿ ནམ་མཁའ་དབྱིངས་ཕྱུག་དཔལ་མོ་བཙནཿ སྲ་བའི་དབྱིངས་དང་མཉེན་པའི་དབྱིངསཿ དྲོ་དང་བསྐྱོད་པའི་དབྱིངས་ཆེན་མོཿ རྒྱལ་བ་ཀུན་གྱི་ཡུམ་ཆེན་ཏེཿ མ་མོ་མཁའ་འགྲོའི་བདག་ཉིད་ཡིནཿ རང་བཞིན་ངང་ལས་མ་གཡོས་ཕྱིརཿ གཤེགས་བྱོན་བཞུགས་པར་མི་དམིགས་ཀྱངཿ གདུལ་བྱའི་དོན་དུ་སྣ་ཚོགས་སྐུརཿ སྟོན་ལ་ཕྱག་འཚལ་མཆོད་པ་འབུལཿ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགསཿ འབྱུང་ལྔས་བསྡུས་པའི་སྣོད་བཅུད་ལཿ རང་རྒྱུ་བལྟས་ཤིང་བརྙས་པ་ཤོརཿ སྲིད་གསུམ་ཡེ་ནས་སངས་རྒྱས་སུཿ གནས་པ་མ་གཏོགས་མཐོལ་ལོ་བཤགསཿ བྷྱོཿ རྡོ་རྗེ་ཕག་མོ་དབྱིངས་ཀྱི་ཡུམཿ ཁྲོས་མ་ནག་མོ་སེང་གེའི་ཞལཿ ཉིད་ཞི་བདེ་མཆོག་མུ་ཁ་ལེཿ ཀུ་རུ་ཀུལླེ་འོད་ཟེར་ཅནཿ


JLAZ011_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཡུམ་དང་ཡུམ་ཆེན་མོཿ ཁྲག་འཐུང་གནས་བཅུ་དུར་ཁྲོད་བརྒྱདཿ ཉི་ཤུ་རྩ་བཞིའི་གནས་ཡུལ་བདགཿ གསང་སྔགས་རིགས་སྔགས་ཅན་རྣམས་ལཿ ཕྱག་འཚལ་ཕྱི་ནང་མཆོད་པ་འབུལཿ བསྟན་པ་རྒྱ་མཚོའི་འདུ་བ་དངཿ བྱང་ཆུབ་སེམས་དཔའི་བསླབ་པ་དངཿ སྔགས་ཀྱི་འདའ་དཀའ་དམ་ཚིག་གཉེརཿ སྤྱི་དང་ཁྱད་པར་ལྷག་པ་ཡིསཿ རྣམ་པར་ཕྱེ་ཞིང་བསྡུས་སོ་ཅོགཿ ཉོན་མོངས་དུག་ལྔའི་དབང་གྱུར་ཏེཿ བག་མེད་འགལ་འཁྲུལ་ཐལ་བ་དངཿ ཀློང་དུ་མ་གྱུར་ནོངས་པ་ཀུནཿ མཐོལ་ལོ་བཤགས་སོ་དག་པར་སྩོལཿ བྷྱོཿ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལཿ ཞི་ལ་གནས་ཀྱང་ཐུགས་རྗེའི་གཟུགསཿ ཨེ་ཀ་ཙ་ཊི་སྤུན་དྲུག་དངཿ བྲན་མོ་བཅུ་བཞི་ཡང་གཡོག་འབུམཿ འདོད་ཁམས་བདག་མོ་རེ་མ་ཏིཿ མིང་བརྒྱ་མ་ལ་མཚན་སྟོང་མཿ སྣ་ཚོགས་གཟུགས་དང་རྫུ་འཕྲུལ་ཅནཿ སྟོང་ཁམས་ཁྱབ་པར་སྤྲུལ་ནས་ཀྱངཿ འབྱུང་བ་གཡོ་དང་འཁྲུག་བྱེད་ཅིངཿ དུས་བཞིའི་དྲོད་འཛིན་བཅུད་ཀྱང་འཕྲོགཿ ནད་དང་རིམས་ཀྱི་བདག་མོ་མཛདཿ དབེན་གནས་ཉུལ་ཞིང་ཚོགས་ཁང་འགྲིམཿ རྣལ་འབྱོར་ཅན་ལ་དངོས་གྲུབ་སྟེརཿ དམ་ཚིག་ཉམས་ལ་ཆད་པ་གཅོདཿ ལེགས་ཉེས་སྟངས་


JLAZ011_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འཇིག་རྟེན་སྐྱོངཿ ཀུན་ལ་ཕྱག་འཚལ་མཆོད་པ་འབུལཿ ཚོགས་ཀྱི་འཁོར་ལོས་ཉམས་ཆག་བཤགསཿ མདོས་དང་མདངས་ཀྱིས་ཐུགས་དམ་བསྐངསཿ མི་ནད་ཕྱུགས་ནད་གཅད་དུ་གསོལཿ ཞིང་ལ་སད་སེར་བཙའ་ཐན་དངཿ མུ་གེ་འཁྲུགས་རྩོད་མེད་པར་མཛོདཿ བྷྱོཿ མ་མོ་འཁྲུག་པའི་རྒྱུ་བསྟན་པཿ དམ་པའི་རྡོ་རྗེ་སློབ་དཔོན་ལཿ མ་དད་ལོག་པར་རྟོགས་པ་བཤགསཿ དབང་བསྐུར་ཟབ་མོ་ཐོབ་བྱས་ནསཿ བསྙེན་སྒྲུབ་ཕྱག་རྒྱ་གཡེལ་བ་བཤགསཿ དམ་ཚིག་གཅིག་པའི་སྤུན་གྲོགས་ལཿ གཤེ་སྐུར་ཁྲོས་དང་འཁོན་པ་བཤགསཿ སེམས་ཅན་ཕ་མའི་རང་བཞིན་ལཿ ངན་སེམས་གནོད་པ་བྱས་པ་བཤགསཿ སྔགས་ཀྱི་ལྟ་སྤྱོད་གསང་སྒྲོགས་དངཿ དམ་རྫས་སྤང་ལེན་བགྱིས་པ་བཤགསཿ བུད་མེད་ཤེས་རབ་རང་བཞིན་ལཿ བརྙས་དང་ལོག་ལྟ་བགྱིས་པ་བཤགསཿ སྣང་སྲིད་ལྷ་དང་ལྷ་མོ་ལཿ དགྲ་གཉེན་ཕྱོགས་རིས་ཕྱེ་བ་བཤགསཿ ལྟ་བ་སྒོམ་གྱི་ལ་མ་ཟློསཿ ཐ་མལ་འོག་འགྱུར་སོང་བ་བཤགསཿ སྤྱོད་པ་ཀུན་ཏུ་བཟང་པོ་ལཿ ཁ་ན་མ་ཐོ་འཕོག་པ་བཤགསཿ བྷྱོཿཁྱད་པར་མ་མོ་འཁྲུགས་པ་ལསཿ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུཿ དགེ་འདུན་སྡེ་འཁྲུགས་ཧོར་ལས་བྱེདཿ ཁྱིམ་པ་སུན་འབྱིན་


JLAZ011_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཤས་ར་འགྲིམཿ སྔགས་པ་དམ་མེད་མཐུ་གཏད་བྱེདཿ བསྐྱེད་རྫོགས་གདེང་བྲལ་ཟོག་ཆོས་འཚོངཿ སྐྱེ་བོ་མནའ་ཟ་དུག་སྦྱོར་བཤོམཿ དགེ་འདུན་ཁྲིམས་ཉམས་ཕ་མ་བསླུཿ རྐུ་ཇག་རྔོན་པའི་ལས་ཀྱིས་འཚོཿ ཕན་ཚུན་འཐབ་ཅིང་མ་རབས་སྤྱོདཿ མིང་སྲིང་མནོལ་ཞིང་ནལ་བུ་གསོདཿ དེ་འདྲའི་ལས་ངན་ཤར་ཙ་ནཿ མཁའ་འགྲོ་གཡེལ་ཞིང་མ་མོ་འཁྲུགསཿ མ་གཡེལ་མ་གཡེལ་ཐུགས་རྗེས་དགོངསཿ ཚོགས་གཏོར་མདངས་ཀྱིས་ཐུགས་དམ་བསྐངཿ སེམས་ཅན་ཉོན་མོངས་རང་བཞིན་ལཿ དགོངས་ཏེ་ཚངས་པའི་དངོས་གྲུབ་སྩོལཿ མི་ཕྱུགས་ནད་རིམས་གོད་ཁ་སོགསཿ ཞི་ནས་འཇིག་རྟེན་བདེ་ལེགས་མཛོདཿ བྷྱོཿ ཡང་ཅིག་མ་མོ་འཁྲུགས་པའི་རྐྱེནཿ བྱིན་ལ་ལྷ་མོའི་སྲས་མཆོག་ལཿ ཁྲོས་དང་བརྔན་སྦྱིན་མ་བྱས་བཤགསཿ བོང་དྲིལ་ལྷ་མོའི་བཞོན་པ་ལཿ སྒྲོག་དང་རྡེག་བཙོག་བྱས་པ་བཤགསཿ ཤ་རྐྱང་ལྷ་མོའི་མཐུན་རྫས་ལཿ རྔོན་བྱས་ཀུ་ཅོས་དཀྲོགས་པ་བཤགསཿ བྱ་ནག་ལྷ་མོའི་ནོར་ཡིན་ཀྱངཿ བསྐྲད་དང་མངོན་སྤྱོད་བྱས་པ་བཤགསཿ ཕག་ཛི་ལྷ་མོའི་མཛའ་གཅུགས་ལཿ ངན་སྨྲས་གནོད་པ་བྱས་པ་བཤགསཿ རྨ་བྱ་ལྷ་མོའི་རྒྱན་ཡིན་ཀྱངཿ སྤྱུགས་དང་ཁྱོ་ཤུགས་དབྲལ་བ་བཤགསཿ མགར་ཡུགས་


JLAZ011_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་གྲིབ་ཡིན་ཀྱངཿ ཉེ་སར་བཀོལ་ཞིང་བརྟེན་པ་བཤགསཿ ཐབ་གཞོབ་ལྷ་མོའི་དུག་ཡིན་ཀྱངཿ དབང་མེད་མ་ཚོར་ཤོར་བ་བཤགསཿ མདོར་ན་དབྱིངས་ཀྱི་རྗེ་མོ་ཡིཿ ཐུགས་ལ་ཁྲོ་བ་མི་མངའ་ཡངཿ འཁོར་གྱི་མ་མོ་མཁའ་འགྲོའི་ཚོགསཿ སྐྱོན་མཐོང་ཙམ་ནས་ཆད་པ་གཅོདཿ དེ་ཕྱིར་འགལ་འཁྲུལ་ནོངས་པ་ཀུནཿ སྦེད་པར་མི་བགྱིད་འཆབ་མ་ལགསཿ བརྔན་གྱི་མཆོག་ཏུ་ཚོགས་གཏེར་དངཿ ཛ་གད་ཕུད་ཀྱིས་ཐུགས་དམ་བསྐངཿ མདངས་ཀྱི་མཆོག་ཏུ་མཆོག་ཕྲན་གྱིཿ ཤ་ཁྲག་དྲོད་བུགས་སྐྱེ་མཆེད་འབུལཿ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ལཿ ཞོ་ཤས་བརྟེན་པའི་ཤ་ཁྲག་དྲོདཿ རང་རྒྱུད་ཅན་དུ་མ་མཆིས་པསཿ ཤ་མེད་ཤ་ཡིས་ཐུགས་དམ་བསྐངཿ ཁྲག་མེད་ཁྲག་གིས་ཐུགས་དམ་བསྐངཿ དྲོད་མེད་དྲོད་ཀྱིས་ཐུགས་དམ་བསྐངཿ སྲོག་གི་རང་བཞིན་རླུང་ཡིན་ཏེཿ དབུགས་མེད་དབུགས་དང་སྲོག་མེད་སྲོགཿ དེ་ལས་བསྐྱེད་པའི་བཀྲག་མདངས་ཀྱིསཿ མ་མོ་མཁའ་འགྲོའི་ཐུགས་དམ་བསྐངཿ ཐུགས་དམ་གཉན་པོ་བསྐང་གྱུར་ནསཿ ཉམས་ཆགས་འཁོན་འཛིན་དག་པ་དངཿ མ་མོ་མཁའ་འགྲོ་འཁྲུག་པ་ཡིཿ རྒྱུ་རྐྱེན་འབྲས་བུ་སོར་ཆུད་ནསཿ མི་ཕྱུགས་དལ་ཡམས་ཞི་བ་དངཿ མུ་གེ་འཁྲུགས་རྩོད་མེད་པ་དངཿ


JLAZ011_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སད་སེར་བཙའ་ཐན་ལས་རྒྱལ་ཏེཿ འཇིག་རྟེན་བདེ་བའི་ཕྲིན་ལས་མཛོདཿ རྗེས་ལ་མཆོད་གཏོར་གཙང་སར་གཤེགསཿ ཕན་པའི་ཡོན་ཏན་བརྗོད་མི་ལངཿ ལག་ཏུ་བླངས་པས་ཡིད་ཆེས་འགྱུརཿ ས་མ་ཡཿ བརྡ་ཐིམཿ འདི་འབེབས་རན་པའི་རྟགས་སུ་རྨི་ལམ་ན་དཀར་ཐབ་ཤོར་བ་མཐོང་བ་ལ་འཁྲུགས་སྐོང་གི་གཏོར་དཔེ་བསྟན་པ་སོགས་བྱུང་བས་བརྡ་རང་གྲོལ་ཏུ་གྱུར་ཏོཿ

བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ གཡུལ་མདོས་བདུད་དཔུང་ཟིལ་གནོན།


JLAZ011_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ གཡུལ་མདོས་བདུད་དཔུང་ཟིལ་གནོན་བཞུགསཿ


JLAZ011_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཧེ་རུ་ཀ་ལ་འདུདཿ ཡིད་ཆོས་ཁྲོས་པའི་སྟང་དཔྱལ་ནིཿ དཔལ་ལྡན་མ་མགོན་ལྕམ་དྲལ་ཏེཿ མདོ་སྔགས་བསྟན་པ་གཟུགས་བརྙན་ཙམཿ དུས་ངན་ལྔ་ཕྲག་ཐ་མའི་ཚེཿ ནད་མཚོན་མུ་གེ་དམག་འཁྲུགས་ལྡངཿ དེ་ཚེ་བྱང་ཆུབ་སེམས་ལྡན་གྱིསཿ སྙིང་རྗེས་བསྒྲལ་བའི་དམ་ཚིག་བརྩོནཿ ལྟ་བ་གྱད་ཀྱི་ལྷར་གྱུར་ཅིངཿ གཉེན་པོ་སྟོབས་ཀྱི་ཕྱག་རྒྱར་ལྡནཿ ཡུལ་གསུམ་གྱད་དུ་གྱུར་པ་ཡིསཿ དམ་བཅའ་གཡུལ་ངོར་འཇིག་བྱེད་པའིཿ གཡུལ་མདོས་ཟབ་པའི་མཐར་ཐུག་བསྟནཿ ས་མ་ཡཿ དེ་ལ་སྦྱོར་དངོས་གསུམ་ལསཿ སྦྱོར་བ་རྫས་དང་བཅའ་གཞི་རྣམསཿ གུད་དུ་ཕྱུང་ལས་ཤེས་པར་བྱཿ གཉིས་པ་དངོས་གཞིའི་རིམ་པ་ལཿ གཉིས་ལས་དང་པོ་བདག་བསྐྱེད་ནིཿ དཔལ་ཆེན་ཕྱག་རྒྱ་རྒྱས་པའམཿ མ་ནུས་བསྐྱེད་རྫོགས་བསྡུས་པ་བསྒོམཿ བཟླས་བརྗོད་འོད་ཟེར་སྤྲོ་བསྡུ་ཡིསཿ དམ་ཅན་དབང་སྡུད་སྤྲོས་མེད་ཀྱིཿ ལས་སྦྱོར་ཕྲིན་ལས་


JLAZ011_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བཞིན་བྱཿ གཡུལ་མདོས་དམག་བཟློག་དམིགས་བསལ་ལཿ མདུན་བསྐྱེད་བདུད་འདུལ་དྲག་མོ་ཡིཿ གཏོར་བཟློག་གཞུང་བཞིན་སྟོད་ལས་བྱཿ དེ་ལས་སྨད་ལས་གཡུལ་མདོས་ནིཿ བཀའ་སྲུང་མ་མགོན་ལྕམ་དྲལ་གྱིཿ དཀྱིལ་འཁོར་ཕྲིན་ལས་གཞུང་བཞིན་བསྐྱེདཿ མཆོད་དང་བསྟོད་པས་འགྲུབ་པ་ནིཿ དྲེགས་པའི་དམ་ཚིག་ཉིད་ཡིན་པསཿ སྐོང་བར་འབད་ཅིང་བསྟོད་པའི་རྗེསཿ སྲོག་སྙིང་ནས་དྲངས་འབོད་པ་གཅེསཿ ཏྲག་རཀྴ་མུ་ཏྲ་མུཿ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ རག་མོ་ཏེ་ཀེམ་ཙ་ཙཿ རུ་ལུ་རུ་ལུ་མ་ཧིཾ་བྷྱོཿ མ་ཧཱ་ཀཱ་ལ་ཤཱ་ས་ན་ཧཱུྃཿ བཛྲ་སཱ་དྷུ་ཏྲིཿ ཞེས་པས་དམ་ཅན་དབང་དུ་བསྡུཿཚོགས་མཆོད་བྱ་ཞིང་ལྷག་མ་བཏངཿ གཉིས་པ་མདོས་ཀྱི་སྟོད་འཕྱོང་གྱེར་བ་ནིཿ མདོས་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ནསཿ ཧཱུྃཿ འབྱུང་བ་ཆེན་པོ་ནམ་མཁའ་ནིཿ འབྱུང་བ་ཆེན་པོ་


JLAZ011_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མཛོདཿ འབྱུང་བ་ལས་ནི་སྣོད་བཅུད་དངཿ བརྟན་གཡོའི་ཡོན་ཏན་འབྱུང་བ་ཡིནཿ ཐམས་ཅད་སེམས་ལས་བྱུང་བས་ནཿ ཏིང་ངེ་འཛིན་གྱི་རྫུ་འཕྲུལ་ནིཿ ཅིར་ཡང་རྫུ་ཞིང་ཅིར་ཡང་འཕྲུལཿ དེ་ཕྱིར་ཏིང་འཛིན་དཀྱིལ་འཁོར་འདིརཿ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ མདོས་ཀྱི་ངོ་བོ་སྟོང་པ་ཉིདཿ ངེས་ཚིག་རྣམ་པ་དུ་མའི་མདོསཿ དབྱེ་བ་རྣམ་པ་བཞི་ཡིན་ཏེཿ བསྐང་བའི་མདོས་དང་བསྒྱུར་བའི་མདོསཿ གསད་པའི་མདོས་དང་བཟློག་པའི་མདོསཿ དེ་རིང་ཡོངས་རྫོགས་དོན་ལ་གཤེགསཿ བཀྲེས་པ་ཟས་ལ་གདུང་སྲིད་ཀྱིསཿ སྐོམ་པ་ཆང་ལ་གདུང་སྲིད་པསཿ མགོན་པོ་ཡོན་ཏན་མགྲོན་རྣམས་ལཿ བཀྲེས་སྐོམ་གདུང་བ་མི་མངའ་ཡངཿ བདེན་པའི་ཚིག་ལ་མི་ཉན་མེདཿ འཆི་བའི་སྲོག་ལ་མི་གཅེས་མེདཿ འབྱུང་བ་བཞི་ལ་མི་བརྟེན་མེདཿ མཆོད་ཡུལ་མགོན་པོ་ཡོན་ཏན་ནསཿ སྦྱིན་ཡུལ་ཐེ་བྲང་ཡན་ཆད་དུཿ མཐུན་པའི་རྫས་ལ་མི་ཆགས་མེདཿ དེ་ཕྱིར་ཐུགས་དམ་བསྐང་བའི་ཕྱིརཿ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ ཕོ་མདོས་མོ་ནས་སྤྱན་འདྲེན་ནོཿ མོ་མདོས་ཕོ་ནས་སྤྱན་འདྲེན་ནོཿ ལྕམ་དྲལ་མཚན་ནས་སྨོས་ཏེ་འབུལཿ དབྱིངས་ལ་རྣམ་རྟོག་མི་མངའ་ཡངཿ སེམས་ཅན་


JLAZ011_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་སྐུར་བཞེངས་ནསཿ འགྲོ་བ་མགོན་མེད་སྐྱོབ་པ་དངཿ ཉེས་ཅན་གཡུལ་དུ་གསད་པའི་ཕྱིརཿ ལེགས་ཉེས་སྟངས་འཛིན་དོན་དུ་བཞེངསཿ མདོས་གླུད་ནམ་མཁའི་མཛོད་དུ་འབུལཿ སྐྱེ་བ་མེད་པའི་ནམ་མཁའ་ལཿ འགགས་མེད་རྡོ་རྗེའི་བྱ་ཁྱུང་ནིཿ རྣམ་ཐར་གསུམ་དུ་གནས་པའི་ཚངཿ ཁྱུང་ཚང་དེ་ནི་པ་ཊ་ཧཿ སྲོག་ལ་བྱ་གླག་སྒྲོ་ཡིས་བརྒྱནཿ མ་མགོན་ལྕམ་དྲལ་ཐུགས་ཀྱི་རྟེནཿ ཉུངས་ཀར་རྒྱལ་པོ་ཤ་རི་རམཿ དྲག་པོ་སྔགས་ཀྱི་མཚོན་ཆ་སྟེཿ ཕྲོམ་ཤར་ཧྲིལ་གྱི་སྒྲ་སྒྲོགས་པཿ མ་མགོན་ལྕམ་དྲལ་གསུང་གི་རྟེནཿ འབྱུང་བ་ལྔ་ཡི་དྭངས་མ་ནིཿ ཚོན་སྣ་ལྔ་རུ་འཕོས་པ་ཡིསཿ གདུགས་ཆེན་དེ་ནི་མིག་མངས་རིསཿ འཁོར་འདས་ལྟག་པ་དབྱིངས་སུ་སྤྲོདཿ ཡེ་ཤེས་ལྔ་ཡི་དྲ་བར་འབྲེལཿ འཁོར་བའི་ཚ་གདུང་སྐྱོབ་པ་འདིཿ མ་མགོན་ལྕམ་དྲལ་སྐུ་ཡི་རྟེནཿ མཐུན་པའི་དམ་རྫས་འདི་བཞེས་ལཿ དམ་ཉམས་དགྲ་བོ་ཆམ་ལ་ཕོབཿ གཡུལ་ངོ་བཟློག་དམག་བཟློག་དམིགས་བསལ་མིན་ན་བྱད་ཕུར་ཞེས་བསྒྱུརཿཔའི་ཕྲིན་ལས་མཛོདཿ དཔལ་བེའུ་སྐུ་གསུང་ཐུགས་ཀྱི་རྟེནཿ ཀུན་ནས་མཛེས་པ་སྐུ་ཡིན་ལཿ མགོ་བརྒྱད་རྣམ་པར་ཤེས་པའི་ཚོགསཿ སྟོང་པའི་རང་བཞིན་ཐུགས་ཀྱི་ངངཿ མདའ་


JLAZ011_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྲོག་སྙིང་དཀྲིས་པ་གསུངཿ མ་མགོན་བཞུགས་པའི་རྟེན་དུ་འབུལཿ མཐུན་པའི་དམ་རྫས་འདི་བཞེས་ལཿ དམ་ཉམས་དགྲ་བོ་ཆམ་ལ་ཕོབཿ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོདཿ ནམ་མཁའ་སྣང་སྟོང་གཉིས་སུ་མེདཿ སྣང་བའི་རང་བཞིན་སྐུ་ཡིན་ཏེཿ གཙོ་དང་འཁོར་དུ་ལྡན་པ་ཡིཿ སྐུ་ཡི་ཐུགས་དམ་བསྐང་བའི་ཕྱིརཿ ནམ་མཁའ་འཇའ་ཚོན་བཞིན་དུ་བཀྲཿ སྟོང་པའི་རང་བཞིན་ཐུགས་ཡིན་ཏེཿ གཙོ་དང་འཁོར་དུ་ལྡན་པ་ཡིཿ ཐུགས་ཀྱི་ཐུགས་དམ་བསྐང་བའི་ཕྱིརཿ ནམ་མཁའི་དབུས་ནི་སྟོང་པ་ཉིདཿ གྲགས་སྟོང་གཉིས་མེད་གསུང་ཡིན་པསཿ གཙོ་དང་འཁོར་དུ་ལྡན་པ་ཡིཿ གསུང་གི་ཐུགས་དམ་བསྐང་བའི་ཕྱིརཿ ཉུངས་ཀར་སྒྲ་སྐད་སི་ལི་ལིཿ དགོས་འདོད་འབྱུང་བ་ཡོན་ཏན་ཏེཿ ཡོན་ཏན་ཐུགས་དམ་བསྐང་བའི་ཕྱིརཿ རྩེ་ལ་བྱ་གླགས་སྒྲོ་ཡིས་བརྒྱནཿ ལས་བཞི་སྒྲུབ་པ་ཕྲིན་ལས་ཏེཿ ཕྲིན་ལས་ཐུགས་དམ་བསྐང་བའི་ཕྱིརཿ དར་ཚོན་ཅོད་པན་པུ་རུ་རུཿ མཐུན་པའི་དམ་རྫས་འདི་བཞེས་ལཿ དམ་ཉམས་དགྲ་བོ་ཆམ་ལ་ཕོབཿ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོདཿ རྒྱང་བུ་འཁོར་འདས་འབྲེལ་བའི་མཚོནཿ རྒྱང་ནི་སྲིད་པའི་ཆོས་ལ་རིངཿ རྣམ་པར་མི་རྟོགས་ཞི་བའི་ཐུགསཿ བུ་ནི་འཁོར་བའི་རྒྱུད་དུ་འབྲེལཿ སེམས་


JLAZ011_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདུལ་ཕྱིར་ཅིར་ཡང་སྟོནཿ རྩེ་ལ་མཐུན་པའི་སྒྲོ་ཡིས་བརྒྱནཿ མགུལ་ན་ཉུངས་ཀར་ཤ་རི་རམཿ ལོགས་ལ་འཇའ་ཚོན་པུ་རུ་རུཿ སྐུ་གསུང་ཐུགས་དང་གཉིས་སུ་མེདཿ མཐུན་པའི་དམ་རྫས་འདི་བཞེས་ལཿ དམ་ཉམས་དགྲ་བོ་ཆམ་ལ་ཕོབཿ གཡུལ་ངོ་བཟློག་པའི་ཕྲིན་ལ་མཛོདཿ མདའ་བཀྲ་ཐབས་ཀྱི་མཚོན་ཆ་ལཿ འཕང་ནི་ཤེས་རབ་ཕྱག་རྒྱ་སྟེཿ ཐབས་ཤེས་འབྲེལ་བའི་ལྕམ་དྲལ་ལཿ ཟུང་འཇུག་དམ་ཚིག་རྫས་སུ་འབུལཿ མཐུན་པའི་དམ་རྫས་འདི་བཞེས་ལཿ དམ་ཉམས་དགྲ་བོ་ཆམ་ལ་ཕོབཿ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོདཿ ཕོ་གདོང་དེ་ནི་དཔའ་བའི་ཞལཿ མོ་གདོང་དེ་ནི་འཛུམ་པའི་བཞིནཿ སྲིད་པ་ཆགས་པའི་ཁྱོ་ཤུག་སྟེཿ ཐབས་ཤེས་འབྲེལ་བའི་ལྕམ་དྲལ་ལཿ ཟུང་འཇུག་དམ་ཚིག་རྫས་སུ་འབུལཿ མཐུན་པའི་དམ་རྫས་འདི་བཞེས་ལཿ དམ་ཉམས་དགྲ་བོ་ཆམ་ལ་ཕོབཿ གཡུལ་ངོ་བཟློག་པའི་ཕྲིན་ལས་མཛོདཿ ཉི་ཟླ་འཇའ་ཁྲམ་རི་རབ་དངཿ གླིང་བཞི་སྲིད་པའི་སྒོ་ང་གཉིསཿ འབྱུང་བ་མེ་ས་ཆུ་རླུང་བྱདཿ སྲིད་པ་གཞིར་བཞེངས་ཤིང་རིས་འདིཿ ཁམས་གསུམ་དབང་བྱེད་རྫས་སུ་འབུལཿ མཐུན་པའི་དམ་རྫས་འདི་བཞེས་ལཿ དམ་ཉམས་དགྲ་བོ་


JLAZ011_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཆམ་ལ་ཕོབཿ གཡུལ་ངོ་བཟློག་པའི་ཕྲིན་ལ་མཛོདཿ གསུམ་པ་མདོས་སྐོང་ནིཿ བྷྱོཿ གསང་སྔགས་གཉན་གྱི་སྲུང་མ་མཐུ་མོ་ཆེཿ སྔགས་སྲུང་ནག་མོ་རལ་གཅིག་མཿ མངོན་པར་བསྟོད་ཀྱིས་མཐུ་མ་ཆུངཿ གྲུ་གསུམ་ཡུམ་གྱི་མཁའ་དབྱིངས་ནསཿ གྲུ་གསུམ་མཐིང་ནག་འབར་བ་དེཿ ཆོས་ཉིད་འགྱུར་བ་མེད་པ་ཡིཿ དོན་དམ་ཐུགས་སུ་ཆུད་པའི་རྟགསཿ རལ་པ་ཐོར་ཚུགས་གཅིག་བཅིངས་པཿ ཁམས་གསུམ་དབང་དུ་སྡུད་པའི་རྟགསཿ ཕྱག་གཡས་ཞིང་ཆེན་ཙིཏྟ་ནིཿ འགྲོ་དྲུག་རྩད་ནས་གཅོད་པའི་རྟགསཿ ཕྱག་གཡོན་གཡུ་ཡི་སྤྱང་མོ་ཁྲ་ཐབས་གཏོང་བ་ནིཿ གདུག་པའི་དགྲ་བགེགས་མྱུར་དུ་འདྲེན་པའི་རྟགསཿ ཐུགས་ལས་སྤྱང་མོ་དགུ་འབུམ་འཕྲོས་པ་ནིཿ སྟོང་ཁམས་དགྲ་བོ་མ་ལུས་སྒྲོལ་བའི་རྟགསཿ ཞབས་གཉིས་གྱད་ཀྱི་དོར་སྟབས་བཞུགས་པ་ནིཿ ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བའི་རྟགསཿ མ་མོ་ནག་མོ་གདུག་པའི་སྲོག་སྒྲོལ་མཿ མངོན་པར་བསྟོད་ཀྱིས་མཐུ་མ་ཆུངཿ བྷྱོཿ ཁྱེད་ཀྱི་སྤྲུལ་པ་བཤད་ཙ་ནཿ སེམས་ཉིད་མ་བཅོས་མུ་ཁ་ལེཿ སེམས་ལས་བསྐྱེད་པའི་བུ་མོ་བཅུ་གསུམ་དངཿ དབྱིངས་ལས་བསྐྱེད་པའི་མ་མོ་བཅུ་བཞི་དངཿ ཡེ་ཤེས་མ་མོ་ཉི་ཤུ་དངཿ སྣང་སྲིད་ཀུན་ཁྱབ་ཤྭ་རཱི་མཿ ཐམས་ཅད་སྐོང་བའི་ཡུམ་


JLAZ011_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལྔཿ དགྲ་རྣམས་སྒྲོལ་བའི་ཤུགས་སྒྲོལ་དྲུགཿ དྲག་ཤུལ་དབང་ཆེན་མ་མོ་བདུནཿ གནོད་བྱེད་སྙིང་གཅོད་སྲིན་མོ་བརྒྱདཿ བཀའ་སྡོད་བློན་མོ་ཆེན་མོ་དགུཿ ཡང་གབ་དབང་གི་རྒྱལ་མོ་བཞིཿ སེམས་ལས་བསྐྱེད་པའི་མ་མོ་བཞིཿ དམ་ལ་གནས་པའི་སྲིང་མོ་བཞིཿ ཡིད་ལ་གདུང་བའི་མཛའ་ན་བཞིཿ ལུས་ལས་བསྐྱེད་པའི་བུ་མོ་བཞིཿ མ་མོ་ཀུན་གྱི་གཙོ་མོ་བཞིཿ བདུད་རྩི་སྒྲུབ་པའི་བློན་མོ་བཞིཿ ཕུར་བུ་སྒྲུབ་པའི་བློན་མོ་བཞིཿ མ་མོ་ཀུན་གྱི་བདག་མོ་བཞིཿ ལས་ལ་གཤིན་པའི་བྲན་མོ་བཞིཿ དར་དབུགས་འཕྲོག་པའི་ལྷ་མོ་བཞིཿ མ་མོ་རྩ་ཁྲོ་བདག་མོ་བཞིཿ དགྲ་བོའི་སྙིང་འཕྲོག་ལྷ་མོ་བཞིཿ ཀུན་གཞི་གནས་སྒྱུར་བུ་གཅིག་མཿ གླིང་བཞི་གནས་སྒྱུར་དྲག་མོ་རྒྱལཿ སྟོང་གསུམ་དབང་སྒྱུར་ཛ་ཛ་ཤྭ་རེ་མཿ དགྲ་བོ་དབང་བསྒྱུར་དཔལ་ལྡན་རེ་མ་ཏིཿ འཇིག་རྟེན་དབང་ཆེན་སྨན་མོའི་ཚོགསཿ གཤིན་རྗེའི་ལྕམ་མོ་ཉི་ཤུ་གཅིགཿ ལས་མཁན་མ་མོ་བརྒྱད་བཅུ་གཅིགཿ བྱང་ཤར་མཚམས་ཀྱི་སྲིང་གཅིག་མཿ ཐུགས་ཀྱི་སྤྲུལ་པ་ནག་མོ་བདུནཿ ཚོགས་ཀྱི་ནག་མོ་ཉི་ཁྲིའི་ཚོགསཿ སྐུ་ཡི་སྤྲུལ་པ་དཀར་མོ་བདུནཿ ཚོགས་ཀྱི་དཀར་མོ་ཉི་ཁྲིའི་ཚོགསཿ གསུང་གི་སྤྲུལ་པ་མ་མོ་བདུནཿ


JLAZ011_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་དམར་མོ་ཉི་ཁྲིའི་ཚོགསཿ ཡོན་ཏན་མ་མོ་སེར་ནག་བདུནཿ ཚོགས་ཀྱི་སེར་མོ་ཉི་ཁྲིའི་ཚོགསཿ ཕྲིན་ལས་མ་མོ་ལྗང་ནག་བདུནཿ ཚོགས་ཀྱི་ལྗང་ནག་ཉི་ཁྲིའི་ཚོགསཿ བྷྱོཿ ཁྱོད་ཀྱི་སྤྲུལ་པ་རེ་མ་ཏིཿ མ་ཡི་ནང་ནས་མ་གཅིག་མཿ དམ་ཉམས་ཀུན་གྱི་བདུད་གཅོད་མཿ དམ་ལ་གནས་པའི་ཚེ་འཛིན་མཿ སྟོང་ཁམས་ཀུན་གྱི་ཉུ་ལེ་མཿ ནད་བདག་ཆེན་མོ་རིམས་བདག་མོཿ ཆིབས་སུ་དྲིལ་རྟ་རྐང་གསུམ་ཆིབཿ དྲྭ་བ་དགུ་ཡི་ལྟེ་ལེན་ཅནཿ བྱི་རུ་དམར་པོའི་རྒྱན་སྲབ་ཅནཿ ཉིན་བཞིན་ཁྱོ་དགུ་བསྐུངས་ནས་སྦེདཿ མཚན་མོ་དུར་ཁྲོད་ཁྱབ་པར་ཉུལཿ རྣལ་འབྱོར་མཐའ་དག་ཚོགས་ཁང་འགྲིམསཿ རྣལ་འབྱོར་དམ་ཚིག་གཙང་མི་གཙངཿ མཆེད་ལྕམ་བརྩེ་གདུང་ཆེའམ་ཆུངཿ སློབ་དཔོན་ཏིང་འཛིན་དྲོད་ཉུལ་མཿ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མཿ ཉིད་ཀྱི་སྐུ་མདོག་མཐིང་ནག་ལཿ རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལཿ ཞལ་ནས་མི་ཁྲག་རྟ་ཁྲག་འཛགཿ མིག་ནས་ཁྲག་འཛག་ཟུ་ལུ་ལུཿ ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་བསྐྱོད་པའི་ཚོཿ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡངཿ མཚན་མོ་གཅིག་ལ་ཁྱབ་པར་གཅོདཿ རྣལ་འབྱོར་ཆེན་མོ་ཨ་ལ་ལཿ ཁྱོད་ཀྱི་ལག་པ་གཡས་པ་ནཿ བདུད་ཀྱི་ཁྲམ་


JLAZ011_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བམ་རེ་རེ་ཐོགསཿ སྐྱེ་འགྲོ་དབུགས་སུ་སྣང་བ་ཀུནཿ སང་ཕོད་དེང་སང་སུ་འཆི་བཿ དོ་གཙིག་ཤྭ་རྡེའུ་ནག་པོ་འགྲིམསཿ ཁྱོད་ཀྱི་མཆན་ཁུང་གཡས་པ་ནཿ བྱང་དམར་དཀྱུས་པའི་བམ་པོ་སྦེདཿ སང་ཕོད་དེང་སང་སུ་འཆི་བཿ དོ་གཙིག་བྱང་དམར་དཀྱུས་ལ་འདེབསཿ ཁྱོད་ཀྱི་མཆན་ཁུང་གཡོན་པ་ནཿ ནད་ཀྱི་རྐྱལ་པ་སྔོ་དམར་ལཿ སྦྲུལ་ནག་བརྒྱ་ཡིས་ཁ་བཅིངས་ཅནཿ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལཿ གསང་སྔགས་བོན་དུ་གྱེར་བའི་ཚེཿ རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུསཿ དེ་ཚེ་སྲིད་པའི་མ་མོ་འཁྲུགསཿ དེ་ཚེ་ཁྱོད་ཀྱི་རྟགས་བསྟན་པཿ ཁྱོད་ཀྱི་ཁ་རླངས་སེར་པོ་ཡིསཿ སྟོང་ཁམས་ཐམས་ཅད་འགེངས་བྱེད་ཅིངཿ བུད་མེད་སེར་མོས་ས་གཞི་འགེངསཿ ཆེ་ཞིང་ཁྲོ་ཆེན་ཤྭ་གཡའ་གཏོངཿ ནམ་མཁའི་མཐོངས་ན་ཁྱོད་གནས་པཿ ནམ་མཁའི་དབྱིངས་ཀྱི་དཔལ་མོ་བཙནཿ སེམས་ཅན་ཀུན་གྱི་ལམ་སྟོན་མཿ བར་སྣང་མཁའ་ལ་བཞུགས་པའི་ཚེཿ བྷ་ག་ཧྲེ་སྟེ་མཁའ་ལ་ཆར་འབེབས་མཿ འབྱུང་བ་ལྔ་ཡི་ཆ་སྙོམས་མཿ འཛམ་གླིང་འབྲུ་ཡི་བཅུད་ལེན་མཿ དེ་ཡང་བྱང་ཤར་རེ་མ་ཏིཿ རི་རབ་རྩེ་ལ་བཞུགས་པའི་ཚེཿ མེ་ཟ་མ་ལ་བྲག་གྱོན་མཿ


JLAZ011_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཀུན་གྱི་ཚེ་འཛིན་མཿ དེ་ཡང་བྱང་ཤར་རེ་མ་ཏིཿ འབར་མ་ཉུང་བྱེད་གཙོ་མོ་ནིཿ འབར་མ་ཉི་མའི་ཞགས་པ་ཅནཿ ཕུད་ལྷག་ཉུལ་ཞིང་སྒྲུབ་མཆོག་སྐྱོངཿ དེ་ཡང་དཔལ་ལྡན་རེ་མ་ཏིཿ ཧཱུྃཿ དབང་ཕྱུག་ཉི་ཤུ་བརྒྱད་ཀྱི་ནང་ན་བཞུགས་པའི་ཚེཿ མིང་སྲིང་གཡག་མགོ་ཐོད་རློན་འཆངཿ ཁ་ཆུ་བསྙག་ཅིང་སྒྲུབ་མཆོག་སྐྱོངཿ དེ་ཡང་དཔལ་ལྡན་རེ་མ་ཏིཿ མ་བརྒྱའི་གཙོ་མོ་མཛད་པའི་ཚེཿ ཨེ་ཀ་ཛ་ཊི་རལ་གཅིག་མཿ རྣལ་འབྱོར་ཏིང་འཛིན་དྲོད་ཉུལ་མཿ དེ་ཡང་དཔལ་ལྡན་རེ་མ་ཏིཿ ཆེ་ཞེ་ཆེན་པོ་མཐུ་མོ་ཆེཿ དབྱར་བཞིན་ནམ་མཁའི་ཁམས་ན་རྒྱུཿ འབྲུག་དང་གློག་གི་བདག་མོ་མཛདཿ དཔྱིད་བཞིན་ཀུན་ལ་དྲོད་མཛད་པཿ ཆུ་བོ་ཀུན་གྱི་གཞུང་འབྱམས་མཿ སྟོན་བཞིན་འབྲས་བུ་སྨིན་མཛད་ཅིངཿ འབྲུ་དང་ལོ་ཡི་བཅུད་ལེན་མཿ དགུན་བཞིན་རྒྱ་མཚོའི་གཏིང་ན་བཞུགསཿ གློག་འགྱུ་ཆེན་མོའི་དུས་ལ་བབཿ བྷྱོཿ མ་མོའི་ཀླད་ལ་ལྡིང་བ་ནིཿ བྱ་རྒྱལ་ཁྱུང་ལས་གཞན་མེད་པསཿ རྩེ་ལ་འདབ་ཆགས་ཀ་རུ་ཎའིཿ ཚང་དུ་བཅས་པས་ཐུགས་དམ་བསྐངཿ སྲིད་པ་འདི་ན་ཆེ་བཙན་པཿ ཡིད་བཞིན་གཏེར་འབྱུང་དཔལ་བེ་མཁརཿ གྲུ་བཞི་ཐོད་པའི་ཁ་བད་ཅནཿ


JLAZ011_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་ཐགས་སུ་བཏགས་པ་ཡིནཿ གདུགས་ཆེན་ནམ་མཁའ་རྒྱས་འདེབས་ནིཿ བླ་ན་མཐོ་ཞིང་ཀུན་ནས་མཛེསཿ གཞལ་མེད་ཁང་གི་ཡོན་ཏན་ཀུནཿ ཡོངས་སུ་རྫོགས་པའི་ཕོ་བྲང་འདིཿ མ་མོ་བཞུགས་པའི་རྟེན་དུ་འཛུགསཿ རྟག་པ་རྒྱུན་གྱིས་ཐུགས་དམ་བསྐངཿ སྣང་བ་ཐམས་ཅད་ཡེ་ཤེས་ལྔརཿ ཤར་བའི་ཚོན་སྐུད་དྲྭ་བ་ཅནཿ སྟོང་ཆ་སྐྱེ་བ་མེད་པ་དངཿ འདུ་འབྲལ་མེད་པའི་མདོས་ཆེན་ནིཿ མ་མོའི་ལྟ་བ་མཚོན་པ་སྟེཿ རྟག་ཆད་མེད་པས་ཐུགས་དམ་བསྐངཿ སྣ་ཚོགས་སྣང་བ་རིག་པའི་རྩལཿ མ་འདྲེས་རྨ་བྱའི་རི་མོ་བཞིནཿ སྣང་ཡང་གཟུང་འཛིན་གཉིས་སྤངས་པའིཿ རྒྱན་གྱི་ཀུན་ནས་བརྒྱན་པ་ནིཿ མ་མོའི་སྒོམ་པ་མཚོན་པ་སྟེཿ གསལ་འགྲིབ་མེད་པས་ཐུགས་དམ་བསྐངཿ ལས་བཞི་རྫོགས་པའི་སྟེགས་བུ་ལཿ འབྱུང་བ་རིམ་བརྩེགས་ལྡན་པའི་སྟེངཿ ལྕགས་མཁར་ཐོད་པས་ཁ་བད་ཅནཿ བདུད་དང་གཤིན་རྗེའི་བཞུགས་གནས་ཏེཿ དེ་ལ་སྣང་སྲིད་སྣོད་བཅུད་ཀྱིཿ མཐུན་རྫས་མ་ཚང་མེད་པ་དངཿ གཙང་དམེ་བྲལ་བའི་དམ་རྫས་བཀོདཿ ལན་བུར་དར་བྱ་གཟུགས་བརྙན་


JLAZ011_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགསཿ མ་མོའི་སྤྱོད་པ་མཚོན་པ་སྟེཿ བླང་དོར་མེད་པས་ཐུགས་དམ་བསྐངཿ བྷྱོཿ མདོས་ལ་རྣམ་པ་དུ་མ་ཡོད་དེཿ སྒྲུབ་པའི་མདོས་དང་སྐོང་བའི་མདོསཿ གཡུལ་ངོ་བཟློག་དང་གནོད་མདོས་དངཿ ཕོ་མདོས་མོ་ལ་གཏང་བ་དངཿ མོ་མདོས་ཕོ་ལ་གཏང་བ་དངཿ སྤྱི་མདོས་སྒོས་ལ་གཏང་བ་དངཿ སྒོས་མདོས་སྤྱི་ལ་གཏང་བ་ལསཿ དེང་འདིར་ཐུགས་དམ་བསྐང་བའི་ཕྱིརཿ སྲིད་པ་མ་མོའི་དཀྱིལ་འཁོར་དུཿ ལྕམ་དྲལ་སྤྱི་ལ་འབུལ་བ་ནིཿ མདའ་ཁྲ་ཐབས་ཀྱི་ཕྱག་མཚན་ལཿ འཕང་ནི་ཤེས་རབ་ཕྱག་རྒྱར་མཐུནཿ རྒྱང་བུ་སྐུ་གསུང་ཐུགས་ཀྱི་རྟེནཿ རྩེ་ལ་དེ་ནི་རྨ་བྱའི་མདོངསཿ མགུལ་ན་ཉུངས་ཀར་ཤ་ར་རཿ སྐེད་ལ་དར་ཚོན་པུ་རུ་རུཿ ཁྱོད་ཀྱི་ཞལ་དང་གཉིས་སུ་མེདཿ མ་རིག་སེམས་ཀྱི་གླུད་དུ་འབུལཿ སྣང་སྲིད་ཀུན་ལ་ཁྱབ་པ་ནིཿ སྔགས་སྲུང་ཨེ་ཀ་ཛ་ཊི་ཡིནཿ དྲེགས་པ་ཡོངས་ཀྱི་སྡེ་དཔོན་ནིཿ ལྷ་ཆེན་མ་ཧཱ་ཀཱ་ལ་སྟེཿ བསྟན་པ་ཀུན་གྱི་སྲུང་མ་ནིཿ མགོན་པོ་བདུན་ཅུ་རྩ་ལྔ་


JLAZ011_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཡིནཿ བསྐང་བའི་སྐོང་མདོས་ཆེན་པོ་ནིཿ དངོས་འཛིན་རང་རྒྱུད་མ་ཡིན་ཏེཿ ཏིང་ངེ་འཛིན་གྱིས་སྤྲུལ་པས་ནཿ ཡས་ཆད་སྨྲང་གིས་འཐུད་པ་ཡིནཿ མ་ཚང་མེད་པས་མཐུན་རྫས་ཀྱིསཿ སྐོང་ངོ་བསྐལ་བར་ཐུགས་དམ་བསྐངཿ ཆག་ཆེ་ཉམ་ང་དགྲ་འདྲེ་དངཿ བྱད་ཁ་ཕུར་ཁ་མི་ཁ་སོགསཿ མི་མཐུན་ནད་དལ་ཞི་བ་དངཿ ཚེ་དཔལ་ལོངས་སྤྱོད་རྒྱས་པ་དངཿ ཁམས་གསུམ་དབང་དུ་འདུ་བ་དངཿ དགྲ་བགེགས་ཐལ་བར་རློག་པ་དངཿ བཀྲ་ཤིས་ཕུན་ཚོགས་བདག་ལ་སྩོལཿ ཧཱུྃཿ རི་རབ་གླིང་བཞིའི་དཀྱིལ་འཁོར་ནསཿ འཇིག་རྟེན་ཡོངས་ཀྱི་མངའ་བདག་མོཿ མ་མོ་ཚོགས་ཀྱི་རྒྱལ་མོ་སྟེཿ སྲིད་གསུམ་ཡོངས་ལ་མངའ་མཛད་མོཿ སྐྱེ་འགྲོ་ཡོངས་ཀྱི་ཟ་བྱེད་མོཿ ན་བཟའ་སྟོང་གསུམ་གཡང་གཞི་ལཿ ཐོད་རློན་མང་པོའི་ཕྲེང་བ་ཅནཿ ལག་ན་སྙིང་གི་ལོངས་སྤྱོད་མཿ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིགཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ ཧཱུྃཿ རྡོ་རྗེ་རིགས་ཀྱི་རྒྱལ་མོ་སྟེཿ ཤར་ཕྱོགས་ཁམས་ཀྱི་མངའ་བདག་མོཿ


JLAZ011_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་སྤྲིན་ཆེན་གོ་ཟུ་ལཿ ལག་ན་གསེར་གྱི་སྤུ་གྲི་ཐོགསཿ སྲིད་པ་གསུམ་གྱི་རུས་འཆའ་མཿ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིགཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ རིན་ཆེན་རིགས་ཀྱི་རྒྱལ་མོ་སྟེཿ ལྷོ་ཕྱོགས་ཁམས་ཀྱི་མངའ་བདག་མོཿ ནག་མོ་གཡུ་ཡི་གོ་ཟུ་ལཿ བསྐལ་པའི་མེ་ཡི་འོད་འབར་ཞིངཿ ཕྱག་ན་མེ་ཡི་དཀྱིལ་འཁོར་ཐོགསཿ སྲིད་པ་གསུམ་གྱི་དྲོད་འབེབས་ཏེཿ སྐྱེ་འགྲོ་ཀུན་གྱི་ཚེ་འཕྲོག་མཿ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིགཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ པདྨ་རིགས་ཀྱི་རྒྱལ་མོ་སྟེཿ ནུབ་ཕྱོགས་ཁམས་ཀྱི་མངའ་བདག་མོཿ དམར་མོ་ཁྲག་གི་གོ་ཟུ་ཅནཿ ལག་ན་ཐོད་པ་ཁྲག་གིས་བཀངཿ སྐྱེ་འགྲོ་ཀུན་གྱིས་ཁྲག་འཐུང་མཿ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིགཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ལས་ཀྱི་རིགས་ཀྱི་རྒྱལ་མོ་སྟེཿ བྱང་ཕྱོགས་


JLAZ011_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་མངའ་བདག་མོཿ ལག་ན་ནེའུ་ལེའི་རྐྱལ་པ་ཐོགསཿ སེར་མོ་རླུང་གི་གོ་ཟུ་ཅནཿ སྐྱེ་འགྲོ་ཀུན་གྱི་དབུགས་འཕྲོག་མཿ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིགཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ནམ་མཁའི་རིགས་ཀྱི་རྒྱལ་མོ་སྟེཿ འཇིག་རྟེན་ཡོངས་ཀྱི་མངའ་བདག་མོཿ མཐིང་ནག་ནམ་མཁའི་གོ་ཟུ་ལཿ གསེར་གྱི་དྲིལ་ཞགས་བརྡེག་ཅིང་འཕེནཿ སྐྱེ་འགྲོ་ཀུན་གྱི་བཀྲག་འཕྲོག་མཿ འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིགཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ རི་རབ་གླིང་བཞིའི་ཟོམ་རྩེ་ནསཿ སྣང་སྲིད་སྲོག་གི་ཕུར་འཕྲོག་བདགཿ སྐུ་མདོག་མཐིང་ཁ་ཆེན་པོ་ལཿ དབུ་དང་སྤྱན་ནི་ཅིར་ཡང་སྟོནཿ རིན་ཆེན་རལ་པ་སྣ་ཚོགས་ཀྱིསཿ སྣང་སྲིད་ཁ་དོག་གསལ་མཛད་མཿ སྤྱན་གཉིས་མཛེས་པའི་མཆི་མ་ཡིཿ གཡས་པས་སྣང་སྲིད་དབང་དུ་སྡུདཿ གཡོན་པས་སྐྱེ་འགྲོ་གསོལ་མཛད་མཿ ལྔ་བཅུ་རྩ་བདུན་གཙོ་མོ་སྟེཿ སྐྱེ་འགྲོ་ཀུན་གྱི་མངའ་མཛད་མཿ མ་མོ་


JLAZ011_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་གཤེགས་ནས་ཀྱངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཆེ་ཞེ་ཆེན་མོ་དཀར་མོ་སྟེཿ ཉི་ཟླ་སྟོང་གི་ཕྲེང་བ་ཅནཿ ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལཿ སྙིང་གི་ཞགས་པ་བརྡེག་ཅིང་འཕེནཿ སྤྲུལ་པ་ཆེན་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཧཱུྃཿ ཆེ་ཞེ་ཆེན་མོ་ཉི་མའི་མདངསཿ སྲིད་པ་གསུམ་ཆར་སྒྲོལ་མཛད་མཿ ལག་ན་ཤེལ་གྱི་སྤུ་གྲི་ཐོགསཿ ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཧཱུྃཿ ཆེ་ཞེ་ནག་མོ་ཁྲག་འཐུང་མཿ སྲིད་པ་གསུམ་ཆར་སྒྲོལ་མཛད་མཿ ལག་ན་ཐོད་པ་ཁྲག་གིས་བཀངཿ ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ ཧཱུྃཿ ཆེ་ཞེ་དམར་མོ་བདུད་རྩིའི་བདགཿ སྲིད་པ་གསུམ་གྱི་གསོས་མཛད་མཿ ལག་ན་བདུད་


JLAZ011_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་བུམ་པ་ཐོགསཿ ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ ཧཱུྃཿ ཆེ་ཞེ་ལྗང་ནག་གནས་སྤྲུལ་མཿ སྲིད་པ་གསུམ་ཆར་གསང་བར་སྦྱོརཿ ལག་ན་ཞིང་ལྤགས་རྒྱལ་མཚན་ཐོགསཿ ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ ཧཱུྃཿ མཚན་ནི་སྲིད་པའི་རྒྱན་བྱེད་མཿ ལག་ན་སྐྲ་ཡི་ཞགས་པ་ཐོགསཿ ཕུང་བྱེད་ཆེན་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ ཧཱུྃཿ མཚན་ནི་དབྱིངས་ཕྱུག་ཆེན་མོ་ལཿ ལག་ན་མེ་ཡི་དབྱུག་པ་ཐོགསཿ ཕུང་བྱེད་ཆེན་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ ཧཱུྃཿ མཚན་ནི་བདག་ཉིད་ཆེན་མོ་སྟེཿ ལག་ན་ཞིང་གི་རྒྱུ་ཞགས་འཕེནཿ ཕུང་བྱེད་ཆེན་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ


JLAZ011_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཧཱུྃཿ མཚན་ནི་གཅིག་པུ་ཆེན་མོ་ལཿ ལག་ན་མི་ཡི་གཡང་གཞི་རྡེབསཿ ཕུང་བྱེད་ཆེན་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཧཱུྃཿ གླིང་བཞི་མགྱོགས་མའི་དཀྱིལ་འཁོར་ནསཿ སྲིད་པ་ཤར་གྱི་བདག་མོ་སྟེཿ དཀར་མོ་ཆེན་མོ་མིག་གཅིག་མཿ ལག་ན་བྷནྡྷ་ཟླུམ་པོ་ཐོགསཿ སྐྱེ་བར་བྱེད་པའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཧཱུྃཿ སྲིད་པ་ལྷོ་ཡི་མངའ་བདག་མོཿ ནག་མོ་ཆེན་མོ་མཆེ་བ་ཅནཿ ལག་ན་བྷནྡྷ་སུལ་མང་ཐོགསཿ སྲིད་པར་བྱེད་པའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཧཱུྃཿ སྲིད་པ་ནུབ་ཀྱི་མངའ་བདག་མོཿ དམར་མོ་དབང་གི་རྒྱལ་མོ་སྟེཿ ལག་ན་བྷནྡྷ་ལྕང་ལོ་ཐོགསཿ འཆི་བར་བྱེད་པའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ


JLAZ011_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ ཧཱུྃཿ སྲིད་པ་བྱང་གི་མངའ་བདག་མོཿ སེར་མོ་ཆེན་མོ་ལས་ཀྱི་གཙོཿ ལག་ན་བྷནྡྷ་རྒྱ་གྲམ་ཐོགསཿ ལེན་པར་བྱེད་པའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ ད་དེའི་ཁོལ་མོ་ལ་བསྔོ་བར་བྱ་སྟེཿ ཧཱུྃཿ སྲིད་པ་ཡོངས་ཀྱི་ཟ་བ་མོཿ ཤན་ཤན་ནེའུ་ཚོགས་ཀྱི་རྗེཿ གོས་སུ་མི་ལྤགས་རློན་པ་ལཿ ཐ་མ་མི་མགོ་སྟོང་གིས་བསྐོརཿ སྲིད་པ་ཀུན་གྱི་བདག་ཉིད་མཿ ཟང་ཀོ་ན་ཚའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཧཱུྃཿ ཧ་ལ་ཧ་ལ་གདོང་བརྒྱ་མཿ སྲིད་པ་ཀུན་གྱི་ཁྱིམ་བདག་མོཿ སྟག་ལྤགས་གཡང་གཞི་གོས་སུ་གྱོནཿ ཧེ་རུ་ཀ་ཡི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ འཇིག་རྟེན་ཀུན་གྱི་བྱམས་མཁན་མོཿ སྤྲིན་དཀར་མཛེས་པ་གོས་སུ་གྱོནཿ ལག་ན་མི་ཡི་པགས་པ་ཐོགསཿ ཨེ་ཀ་ཙ་ཊིའི་མིང་ནས་ཕྱུངཿ མདོས་


JLAZ011_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ ཧཱུྃཿ ཆ་བྱད་སྔོན་མོ་ཆེན་མོ་ལཿ མུ་ཏིག་ཁུ་འཕང་གོ་ཟུ་ཅནཿ ཚེ་དང་གཡང་ལ་རྐུ་འཕྲོག་བྱེདཿ ནམ་མཁའི་རྒྱལ་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ ཆ་བྱད་དཀར་མོ་ཆེན་མོ་ལཿ ལག་ན་ལྕགས་ཀྱུར་འབར་བ་ཐོགསཿ གླིང་བཞི་ཉུལ་བྱེད་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ རི་རབ་གླིང་བཞིའི་གྲུ་འདེགས་མཿ ཆ་བྱད་དཀར་མོ་སྒེག་མ་ལཿ ལག་ན་རྡོ་རྗེ་ཁ་ཊྭཱཾ་ཐོགསཿ ཧར་ཏིང་དཀར་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཆ་བྱད་ནག་མོ་ཆེན་པོ་ལཿ ལག་ན་མེ་ཡི་འཁོར་ལོ་ཐོགསཿ དུན་ཏིང་ནག་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་


JLAZ011_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བསྐངཿ ཧཱུྃཿ ཆ་བྱད་དམར་མོ་སྒེག་མ་ལཿ ལག་ན་ཆུ་ཡི་འཁོར་ལོ་ཐོགསཿ ཤན་ཏིང་དམར་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཆ་བྱད་སེར་མོ་སྒེག་མ་ལཿ ལག་ན་རླུང་གི་འཁོར་ལོ་ཐོགསཿ གྲུབ་ཏིང་སེར་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ དམག་གི་རྒྱལ་མོ་ཆེན་མོ་བཞིཿ རིགས་བཞིའི་དམག་དཔུང་འཁོར་གྱིས་བསྐོརཿ ཁ་རྗེ་ཟ་ཁའི་བདག་མོ་སྟེཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ དངོས་པོ་ཆ་བྱད་ནག་མོ་ལཿ འཇིགས་སུ་རུང་བའི་རལ་པ་ཅནཿ སྐུ་སྟོད་སྟག་ལྤགས་གཡང་གཞི་ལཿ སྐུ་སྨད་ཟངས་ཀྱི་ཞབས་མ་ཅནཿ མི་ཕྱུགས་གསོད་པའི་ཁྲམ་བམ་ཐོགསཿ ཁྱོད་ནི་འདོད་ཁམས་གཙོ་མོ་སྟེཿ གཤིན་རྗེ་འམ་ཆེན་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་


JLAZ011_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐངཿ ལྷ་ཆེན་བརྒྱད་ཀྱི་མ་ཆེན་མོཿ སྲིན་མོ་ཆེན་མོ་བརྐམ་མ་དངཿ སྲིན་མོ་ཆེན་མོ་རབ་ཏུ་བསྐུལ་མ་དངཿ སྲིན་མོ་ཆེན་མོ་ཕོར་ཐོགས་མཿ སྲིན་མོ་ཆེན་མོ་དྲི་འདོད་མཿ སྲིན་མོ་ཆེན་མོ་གཡང་གཞི་མཿ སྲིན་མོ་ཆེན་མོ་གསོད་བྱེད་མཿ སྲིན་མོ་ཆེན་མོ་ཤ་ཟ་མཿ འཇིག་རྟེན་ཁམས་འདིར་འཁྱུག་བྱེད་ཅིངཿ སྲོག་ཆགས་ཀུན་ལ་གནོད་བྱེད་མཿ མཁལ་མ་སྙིང་དང་ནང་ཁྲོལ་གྱིསཿ སྙིམས་པ་ཤིན་ཏུ་བཀང་ནས་སུཿ རང་གིས་རང་ལ་ཐིམ་པར་སྟོནཿ ཟ་ཡིན་རྣམ་པ་ཀུན་ཏུ་རྒྱུགཿ མ་བདུན་ཆེན་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ཤར་ཕྱོགས་ཁམས་ནས་ཀུན་ཏུ་རྒྱུགཿ མི་མགོའི་ཕོར་པ་ཁྲག་གིས་བཀངཿ གྲོང་སྒོར་འཐོར་ཞིང་ནད་འབེབས་མཿ མ་བདུན་ཆེན་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ གླིང་བཞི་ཀུན་ཏུ་རྒྱུག་པ་སྟེཿ ས་འོག་ཀུན་ནས་སྣོམ་བྱེད་ཅིངཿ འཇིག་རྟེན་འཆི་བདག་ཟ་བ་མོཿ ས་བདག་ཆེན་མོའི་མིང་ནས་ཕྱུངཿ མདོས་


JLAZ011_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ ནག་མོ་ཆེན་མོ་ཧལ་ཧལ་མོཿ ཐབ་དང་གཞོབ་ཀྱི་སྡོང་ཟླ་མོཿ མ་ཡམས་ཆེན་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངཿ གླིང་བཞི་ཀུན་ཏུ་རྒྱུག་འགྲོ་མཿ ཕྱོགས་བཞི་དག་ནི་སྲིན་མོར་གྲགསཿ སྲིན་མོ་ཆེན་མོ་ཕོ་ཉའི་ཚུལཿ ཕོ་ཉ་ཆེན་མོའི་མིང་ནས་ཕྱུངཿ མདོས་བདག་ཆེན་མོ་མདོས་ཀྱིས་བསྐངཿ གླུད་བདག་ཆེན་མོ་གླུད་བཞེས་ཤིགཿ ལྕམ་དྲལ་ཡོངས་རྫོགས་མདོས་ཀྱིས་བསྐངསཿ བཞི་པ་གསད་མདོས་ཞལ་བསྒྱུར་བ་ནིཿ རང་ཡི་དམ་གྱི་ཏིང་འཛིན་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཙོ་འཁོར་ཡོངས་རྫོགས་གཟི་བྱིན་བསྐྱེད་ཅིང་དམ་ལ་བཞག་པས་དྲག་པོའི་ཕྲིན་ལས་བསྒྲུབ་པ་ལ་དཔའ་བས་བྱ་གླག་གཟན་ལ་འཛུམ་པ་ལྟར་བསམ་ལཿ ཏྲག་རཀྴ་མ་མ་ཏི་ཏ་ས་མ་ཡ་ཛཿཧཱུཾ་བཾ་ཧོཿ ཏྲག་རཀྴ་ཨེ་ཀ་ཛ་ཊི་མ་ཧཱ་ཀཱ་ལ་ཤཱ་ས་ན་ཛཿ ཧྲི་བཛྲ་སཱ་དྷུ་ས་མ་ཡཿཨཿཡཿམཿདུཿརུཿཙཿཤཿནཿ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊཿ ཅེས་བཟླའོཿ ཧཱུྃཿ དུར་ཁྲོད་འབར་བའི་གཞལ་མེད་ཁངཿ ཐོད་མཁར་གྲུ་གསུམ་ཕོ་བྲང་ནསཿ དཔལ་


JLAZ011_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མ་མགོན་ལྕམ་དྲལ་དངཿ མགོན་པོ་བདུན་ཅུ་ཡང་འཁོར་བཅསཿ བཞེངས་ཤིག་བཞེངས་ཤིག་ང་བཞེངས་ཤིགཿ བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོདཿ ཆོས་ཉིད་ཞི་ལས་མ་གཡོས་ཀྱངཿ གདུལ་དཀའ་འདུལ་ཕྱིར་སྲིན་མོའི་གཟུགསཿ ནག་མོ་ཁྲོས་མ་རལ་གཅིག་མཿ དབུ་དགུ་ཟངས་ཁ་ལྕགས་སྡེར་ཅནཿ གཡས་ན་མདོས་ཟོར་ཐོག་ལྟར་འབེབསཿ གཡོན་ན་ཀོང་ཟོར་རྦབ་ལྟར་འདྲིལཿ མདོས་ཟོར་ཐོག་ལྟར་འབེབ་པ་དེཿ ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ལསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་རྨ་བྱའི་སྒྲོ་ཡིས་བརྒྱནཿ རྨ་བྱས་དགྲ་བོ་གཡེངས་པར་བྱེདཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་སོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་ཟློག་པའི་མཚོན་ཆར་འབུལཿ རྐྱེན་བཟློག་སྤྱིར་བཏང་ལཿ དགྲ་བགེགས་སྒྲོལ་བའི་མཚོན་ཆར་འབུལཿ བྱད་ཕུར་བཟློག་པའི་ཕྲིན་ལས་མཛོདཿ ཅེས་བསྒྱུརཿ དམག་དཔོན་སོད་


JLAZ011_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུང་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ མ་མོའི་གདོན་ཚོགས་དགྲ་ལ་སྒྱུརཿ ཆོས་ཉིད་གཅིག་ལས་མ་གཡོས་ཀྱངཿ ཚོགས་དྲུག་དག་པས་སྤུན་དྲུག་ཤརཿ ཀུན་ཀྱང་རལ་གཅིག་ཕུར་པའི་ཞབསཿ གཡས་གཡོན་ཙིཏྟ་ཐོད་ཁྲག་བསྣམསཿ དམ་ཉམས་དགྲ་ལ་ནད་དལ་བེབསཿ འདོད་པ་ཁམས་ལ་དབང་སྒྱུར་ཚེཿ རེ་མ་ཛ་དང་རེ་མ་ཏིཿ རེ་མ་ཛུ་དང་རེ་མ་དུཿ ཁྱུང་དྲིལ་ཤ་བ་ཆུ་གླང་ཞོནཿ གཡས་གཡོན་ཟངས་གྲི་ཐོད་ཁྲག་ཐོགསཿ བརྣག་པའི་དགེ་ལ་ཤྭ་རྡེལ་ཁྲོམཿ གཡས་པས་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་སྐྱུང་ཀའི་སྒྲོ་ཡིས་བརྒྱནཿ སྐྱུང་ཀས་དགྲ་བོ་ལྕེབ་གྲིར་གསོདཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་སོ་སྒྲ་དི་རི་རིཿ མོ་གདོང་


JLAZ011_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་བཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ མ་མོའི་གདོན་ཚོགས་དགྲ་ལ་སྒྱུརཿ ལྷ་ཡི་ཡུལ་དུ་གཤེགས་ཙ་ནཿ ལྷ་ལ་དབང་བསྒྱུར་མནྡཱ་རཿ ལྷ་དམག་འབུམ་སྡེའི་དམག་དཔོན་མཛདཿ དམ་ཉམས་དགྲ་ལ་ཚོན་དྲུ་སྐྱོངསཿ ཀླུ་ཡི་ཡུལ་དུ་གཤེགས་ཙ་ནཿ མེ་ཟ་བྲག་བྱོན་དཔལ་འབར་མཿ ཀླུ་གདོན་མང་པོའི་སྣ་འདྲེན་མཛདཿ དམ་ཉམས་དགྲ་ལ་མཛེ་ནད་ཐོངཿ བདུད་ཀྱི་ཡུལ་དུ་གཤེགས་ཙ་ནཿ བདུད་ལ་དབང་སྒྱུར་དམུ་བཟའ་ལྕམཿ བདུད་དམག་འབུམ་སྡེའི་དམག་དཔོན་མཛདཿ དམ་ཉམས་དགྲ་བོ་ཁྲམ་ལ་ཐོབཿ གཡས་ན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་སྐྱུང་ཀའི་སྒྲོ་ཡིས་བརྒྱནཿ སྐྱུང་ཀས་དགྲ་བོ་ལྕེབ་གྲིར་གསོདཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་


JLAZ011_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་སོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་བཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ མ་མོའི་གདོན་ཚོགས་དགྲ་ལ་སྒྱུརཿ ཤོ་ནའི་གདོང་ཅན་ལ་སོགས་པཿ བྲན་གཡོག་བདུན་ཅུ་རྩ་གཉིས་རྣམསཿ རྣམ་འགྱུར་ཆ་ལུགས་མ་ངེས་ཤིངཿ མཐུ་དང་རྫུ་འཕྲུལ་གློག་ལས་མྱུརཿ དགྲ་ལ་འབྲུམ་ནད་ཤ་ཡ་ཕོབསཿ བཤན་པ་སྲོག་སྒྲུབ་ཙནྚི་ཀཿ དུད་སོལ་མ་དང་དྲག་མོ་རྒྱལཿ ཚེ་རིང་མཆེད་ལྔ་དུར་ཁྲོད་མཿ བསྟན་མ་བཅུ་གཉིས་འཁོར་དང་བཅསཿ གཡས་ན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་


JLAZ011_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གྲིའི་སོཿ རྩེ་ལ་སྐྱུང་ཀའི་སྒྲོ་ཡིས་བརྒྱནཿ སྐྱུང་ཀས་དགྲ་བོ་ལྕེབ་གྲིར་གསོདཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་བསོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་ཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ མ་མོའི་གདོན་ཚོགས་དགྲ་ལ་སྒྱུརཿ ཧཱུྃཿ མ་མོའི་སྟྭ་ཟུར་གཡས་པ་ནསཿ ལྷ་ཆེན་དཔལ་འབར་སྐུ་བཞེངས་ཤིགཿ དམ་ཉམས་དགྲ་ལ་རྦད་ཙ་ནཿ སྲོག་བདུད་ནག་པོ་བྱ་རོག་གདོངཿ བྲང་ན་ཁྲག་གི་སྤྱན་གསུམ་ཤརཿ སྲིད་པ་གསུམ་པོ་དུས་གཅིག་གཟིགསཿ བདུད་མདས་དགྲ་བོའི་དོན་སྙིང་འབིགསཿ ལྷུ་ཚིགས་བཞི་ལ་སྤྱན་བཞིས་བརྒྱནཿ མཆན་


JLAZ011_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསལ་ཤིང་འབར་བ་བཙུགསཿ ལྷ་བདུད་བཙན་གསུམ་དམག་དཔུང་འགྱེདཿ སྟག་རལ་གཟིགས་ཤུབས་གློ་ལ་འཕྱངཿ རྟ་ནག་ཞོན་ནས་སྟོང་གསུམ་བསྐོརཿ མདུན་དུ་ལེགས་ལྡན་ཚོགས་བདག་ནིཿ དབུ་གསུམ་ཕྱག་དྲུག་འཇིགས་པའི་ཞལཿ ལྗང་ནག་སེར་དང་དམར་བར་སྟོནཿ ཕྱག་དྲུག་འབར་བའི་གསལ་ཤིང་དངཿ རྡོ་རྗེ་ལྕགས་ཕུར་འདྲིལ་ཞིང་འདེབསཿ དམར་གྱི་དུང་ཆེན་རུ་མཚོན་ཕྱརཿ སྦྲུལ་ཞགས་འཛིན་ཅིང་དུར་ཁྲོད་ཆསཿ ཞབས་བཞི་བམ་རོའི་སྟེང་ན་བགྲདཿ ཉེ་གནས་ཀྲོ་དྷི་ཤྭ་རཱི་མཿ རྒྱུ་ཞགས་ཐོད་ཁྲག་འཛིན་པས་འཁྱུདཿ གཡས་སུ་སྟག་ཞོན་ནག་པོ་ནིཿ གཡས་པས་བིང་ཆེན་གཡོན་བདུད་ཞགསཿ རྒྱབ་ཏུ་བིང་དམར་གཡས་བིག་ཆེནཿ གཡོན་པས་བདུད་རྩིའི་ལྕགས་པར་འཛིནཿ གཡོན་དུ་གྲི་གུག་མཐིང་ནག་ནིཿ གཡས་གཡོན་གྲི་གུག་ཐོད་ཁྲག་འཛིནཿ ཚོགས་བདག་མདུན་དུ་ལེགས་ལྡན་ནིཿ གཡས་གཡོན་བིང་ཆེན་དགྲ་སྙིང་འཛིནཿ ཆིབས་སུ་བྲ་ནག་རྟིང་ཀར་ཆིབཿ ཀུན་ཀྱང་ཁྲོ་གཏུམ་རོལ་བའི་ཆསཿ དར་ནག་བེར་གསོལ་བམ་སྟེང་འགྱིངཿ གཡས་ན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤྱ་གྲིའི་སོཿ རྩེ་ལ་བྱ་རོག་སྒྲོ་ཡིས་བརྒྱནཿ བྱ་


JLAZ011_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རོག་ནང་འཐབ་ཆོམ་རྐུན་འགྱེདཿརྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་བསོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་བཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ གཡུལ་ངོ་ཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ མ་མོའི་གདོན་ཚོགས་དགྲ་ལ་སྒྱུརཿ དཔུང་ཚོགས་ཡན་ལག་བཞི་ལྡན་པའིཿ དཔལ་མགོན་བདུན་ཅུ་ལས་ལ་ཁྱེཿ ཧཱུྃཿ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམསཿ རི་རབ་རྩེ་ལ་གཤེགས་པའི་ཚེཿ ལྷ་ཆེན་བརྒྱད་ཀྱི་དམག་དཔོན་མཛདཿ དབང་ཕྱུག་དམར་པོ་ཏྲི་ཤུལ་འཛིནཿ ཚངས་པ་སེར་པོ་རིན་པོ་ཆེཿ བརྒྱ་བྱིན་སེར་པོ་རྡོ་རྗེ་གདེངསཿ ཁྱབ་འཇུག་ལྗང་ཁུ་འཁོར་ལོ་འཛིནཿ


JLAZ011_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དབང་མདའ་ལྔ་འོད་མའི་གཞུཿ ཚོགས་བདག་དཀར་པོ་དགྲ་སྟྭ་དངཿ བྷྲིཾ་གི་དཀར་པོ་རིན་ཆེན་སྒྲོམཿ གདོག་དྲུག་དམར་པོ་ཤག་ཏི་དངཿ མདུང་ཐུང་འཛིན་པ་རྣམ་བརྒྱད་ཀྱངཿ ཀུན་ཀྱང་གླང་ཆེན་སྟེང་ན་འགྱིངཿ ལྷ་དམག་བྱེ་བ་དུང་ཕྱུར་བཅསཿ གཡས་གཡོན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་བྱ་གླག་སྒྲོ་ཡིས་བརྒྱནཿ གླག་གིས་དགྲ་བོའི་དོན་སྙིང་འབྱིནཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་སོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་བཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་


JLAZ011_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཆོམསཿ ལྷ་ཡི་གདོན་ཚོགས་དགྲ་ལ་སྒྱུརཿ ཧཱུྃཿ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམསཿ རྒྱ་མཚོའི་གཏིང་དུ་གཤེགས་པའི་ཚེཿ ཀླུ་ཆེན་བརྒྱད་ཀྱི་དམག་དཔོན་མཛདཿ ལྟོ་འཕྱེ་དཀར་པོ་ཨུཏྤལ་འཛིནཿ འཇོག་པོ་དམར་པོ་རིན་པོ་ཆེཿ སྟོབས་རྒྱུ་ནག་པོ་སྦྲུལ་ཞགས་དངཿ རིགས་ལྡན་ལྗང་གུ་རིན་ཆེན་སྒྲོམཿ ནོར་རྒྱས་སེར་པོ་བུམ་པ་འཛིནཿ དུང་སྐྱོང་ལྗང་གུ་དུང་དཀར་དངཿ པདྨ་དམར་པོ་ཆུ་སྐྱེས་འཛིནཿ པད་ཆེན་དམར་པོ་རིན་ཆེན་སྦྲུལཿ སྦྲུལ་མགོ་གདེངས་ཤིང་སྦྲུལ་མཇུག་ཅནཿ ཀླུ་དམག་བྱེ་བ་དུང་ཕྱུར་རྣམསཿ གཡས་གཡོན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་སོ་བྱའི་སྒྲོ་ཡིས་བརྒྱནཿ སོ་བྱས་ཆུ་བོ་རབས་མེད་འཛུདཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་སོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་བཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་


JLAZ011_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ ཀླུ་ཡི་གདོན་ཚོགས་དགྲ་ལ་སྒྱུརཿ ཧཱུྃཿ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམསཿ བར་སྣང་ཁམས་ལ་གཤེགས་པའི་ཚེཿ གཟའ་ཆེན་བརྒྱད་ཀྱི་དམག་དཔོན་མཛདཿ ཉི་མ་དམར་པོ་པདྨ་དབྱུགཿ ཟླ་བ་དཀར་པོ་ཀུ་མུ་ཏཿ དམག་དཔོན་བུམ་པ་མེ་སྒྲོན་འཕྱརཿ ལྷག་པ་ལྗང་གུ་ཨུཏྤལ་འཛིནཿ ཕུར་བུ་མཐིང་ག་པོ་ཏི་དངཿ དཀར་པོ་ཀུནྡ་ཤིང་ཏོག་འཛིནཿ སྤེན་པ་དུད་ཁ་དབྱུག་ཏོ་འཕྱརཿ སྒྲ་གཅན་དུད་ཁ་པདྨ་དངཿ རལ་གྲི་འཛིན་པ་སྦྲུལ་མཇུག་ཅནཿ ཀུན་ཀྱང་རླུང་གི་ཤིང་རྟར་བརྟེནཿ རང་རང་སྤྲུལ་པ་འགྱེད་ཙ་ནཿ ཁྱབ་འཇུག་ཆེན་པོ་རཱ་ཧུ་ལཿ བིཥྚི་པ་ཏྲ་ལྗང་སྔོན་དྲགཿ དུ་བ་མཇུག་རིང་ཀི་ཀང་དངཿ བདུད་པོ་རོག་ཏི་བྷི་ནུ་རཿ བི་ན་ཡ་ག་གདོང་མོ་བཞིཿ གཟའ་དམག་བྱེ་བ་དུང་ཕྱུར་རྣམསཿ གཡས་ན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་བྱ་ཁྲའི་སྒྲོ་ཡིས་བརྒྱནཿ བྱ་ཁྲས་སྲོག་ལ་ཧུར་ཐུམ་བྱེདཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ


JLAZ011_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་སོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་བཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཟའ་ཡི་གདོན་ཚོགས་དགྲ་ལ་སྒྱུརཿ ཧཱུྃཿ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམསཿ གོ་ལའི་ངོས་ལ་གཤེགས་ཙ་ནཿ རྒྱུ་སྐར་ཉེར་བརྒྱད་དམག་དཔོན་མཛདཿ ཤར་དུ་བུམ་པ་ཁྱུ་མཆོག་དངཿ ཤ་བ་སྦྲུལ་དང་པདྨ་དངཿ བུམ་པ་བྱ་རོག་ཁྲི་སྟེང་དུཿ ཀརྟི་ཀ་དང་སྐྱེ་དགུའི་བདགཿ ཟླ་བ་སྐྱེས་པ་དམག་དཔོན་དགྲཿ རྒྱལ་སྟོད་བླ་མའི་ལྷ་ལྡན་མཿ གདེངས་ཀ་ཅན་ཏེ་ཤར་སྐར་བདུནཿ རིམ་བཞིན་གདུ་བུ་རྣ་ཆ་དངཿ གདུ་བུ་ལག་གདུབ་གདུ་བུ་དངཿ རིན་ཆེན་གདུ་བུ་འཛིན་པའོཿ ལྷོ་ཕྱོགས་མ་ཧེ་རིན་ཆེན་དངཿ མཉམ་


JLAZ011_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པད་དཀར་རྨ་བྱ་དངཿ སྤྱང་མོ་རྟ་ཡི་ཁྲི་སྟེང་ནཿ རྟ་ཆེན་རྟ་ཆུང་ཁྲ་དང་ནིཿ རིག་བྱེད་བརྒྱད་ལྡན་རླུང་ལྷ་མོཿ བཱི་ཤ་ཁཱ་སྟེ་ལྷོ་སྐར་བདུནཿ སྙེ་མ་པདྨ་རིན་ཆེན་དངཿ པད་དཀར་པདྨ་མ་རི་རབ་དངཿ རིན་ཆེན་ཕྲེང་བ་འཛིན་པའོཿ ནུབ་ཏུ་ཁྱིམ་བྱ་འབོལ་སྟན་དངཿ སྦལ་པ་ཕུབ་དང་མི་དང་ནིཿ ཀུར་མ་སྒྲེ་མོང་ཁྲི་སྟེང་དུཿ མཛའ་བོའི་ཆུང་མ་ལྷ་དབང་ལྡནཿ མེ་ལྷ་ཆུ་ལྷ་སྣ་ཚོགས་ལྷཿ འཕྲོག་བྱེད་བྱི་བཞིན་ནུབ་སྐར་བདུནཿ བུམ་པ་པདྨ་དབྱུག་པ་དངཿ པདྨ་མ་དམར་པོ་པདྨ་དངཿ ཆུ་སྐྱེས་བུམ་པ་འཛིན་པའོཿ བྱང་དུ་གླང་པོ་དཀར་པོ་དངཿ འབོལ་སྟན་རྟ་དང་རིན་པོ་ཆེཿ ཅང་ཤེས་མི་ཡི་ཁྲི་སྟེང་དུཿ ཐོབ་ལྡན་མ་དང་ཆུ་ལྷ་མོཿ ར་ཡི་ལྷ་མོ་སྦྲུལ་འཆིངས་ཅནཿ བསམ་པའི་ལྷ་མོ་རྟ་ལྡན་མཿ གཤིན་རྗེ་མོ་འདི་ཁྲི་མེད་སྟེ་བྱང་སྐར་བདུནཿ ཨུཏྤལ་པདྨ་རལ་གྲི་དངཿ དབྱུག་པ་ཆུ་སྐྱེས་གོ་ཆ་དངཿ འཁོར་ལོ་འཛིན་ཅིང་རྒྱུ་སྐར་ཚོགསཿ གཡས་ན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་ཐི་བྱའི་སྒྲོ་ཡིས་བརྒྱནཿ ཐི་བྱས་འགྲོ་ལྡོག་མགོ་བོར་སྐོརཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་


JLAZ011_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་སོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་བཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ རྒྱུ་སྐར་གདོན་ཚོགས་དགྲ་ལ་སྒྱུརཿ ཧཱུྃཿ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམསཿ ཕྱོགས་མཚམས་སྟེང་འོག་གཤེགས་པའི་ཚེཿ ཕྱོགས་སྐྱོང་བཅུ་ཡི་དམག་དཔོན་མཛདཿ བརྒྱ་བྱིན་དཀར་སེར་རྡོ་རྗེ་བསྣམསཿ མེ་ལྷ་དམར་པོ་བགྲང་ཕྲེང་འཛིནཿ གཤིན་རྗེ་སྔོ་ནག་ཐོད་དབྱུག་ཐོགསཿ བདེན་བྲལ་སྨུག་ནག་རལ་གྲི་དབྱུགཿ ཆུ་ལྷ་དཀར་དམར་སྦྲུལ་ཞགས་བསྣམསཿ རླུང་ལྷ་ལྗང་གུ་བ་དན་བསྣམསཿ གནོད་སྦྱིན་ལྗང་གུ་དབྱུག་ཏོ་ཐོགསཿ དབང་ལྡན་ཐལ་སྐྱ་རྩེ་གསུམ་འཛིནཿ ས་འཛིན་ལག་ཆེན་རི་རབ་འཁྱུདཿ ཉི་ཟླ་དཀར་དམར་


JLAZ011_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་འཛིནཿ རིམ་བཞིན་གླང་པོ་ར་སྐྱེས་དངཿ མ་ཧེ་རོ་ལངས་ཆུ་སྲིན་དངཿ ཤ་བ་སེང་གེ་ཆུ་གླང་ཞོནཿ རང་རང་གདོན་གྱི་ཚོགས་དང་བཅསཿ གཡས་ན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་སྲིན་བྱའི་སྒྲོ་ཡིས་བརྒྱནཿ སྲིན་བྱས་ཐན་དང་ལྟས་ངན་འབོདཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་སོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་ཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་བྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ ཕྱོགས་བཅུའི་གདོན་ཚོགས་དགྲ་ལ་སྒྱུརཿ ཧཱུྃཿ དཔལ་ལྡན་མ་མགོན་ལྕམ་དྲལ་


JLAZ011_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྣམསཿ ལྷུན་པོའི་ངོས་ལ་གཤེགས་པའི་ཚེཿ འཇིགས་བྱེད་དགུ་ཡི་དམག་དཔོན་མཛདཿ རྡོ་རྗེ་ཅན་དང་རྡོ་རྗེ་གདེངསཿ རྡོ་རྗེ་འཇོམས་དང་རྡོ་རྗེ་དཔལཿ རྡོ་རྗེ་གནོད་སྦྱིན་རྡོ་རྗེ་འཛིནཿ ཧ་རུ་ཀ་སྔོན་པཉྩ་ཀཿ མརྟི་ཀ་སྟེ་འཇིགས་བྱེད་དགུཿ སྐུ་མདོག་སྔོན་པོ་བེར་དམར་གསོལཿ ཞལ་གཅིག་ཕྱག་གཉིས་གཡོན་ཐོད་ཁྲགཿ ཀུན་ཀྱང་ཅང་ཤེས་བཞོན་པ་ཅནཿ རང་རང་སྤྲུལ་པར་བཅས་པ་རྣམསཿ གཡས་ན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་འུག་པའི་སྒྲོ་ཡིས་བརྒྱནཿ འུག་པས་སྐྱོབ་པའི་ལྷ་དང་ཕྲལཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་བསོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོག༔ གཡུལ་ངོ་བཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་


JLAZ011_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གནོད་སྦྱིན་ཚོགས་རྣམས་དགྲ་ལ་སྒྱུརཿ ཧཱུྃཿ དཔལ་ལྡན་མ་མགོན་ལྕམ་དྲལ་རྣམསཿ ལྷུན་པོའི་ཕྱོགས་བཞིར་གཤེགས་པའི་ཚེཿ རྒྱལ་ཆེན་རིགས་བཞིའི་དམག་དཔོན་མཛདཿ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོཿ སྤྱན་མི་བཟང་དང་རྣམ་ཐོས་བུཿ དཔའ་ཞིང་རྟུལ་ཕོད་དཔལ་དང་ལྡནཿ མཁས་ཤིང་བུ་མངས་དབང་ཕྱུག་ཆེཿ དྲི་ཟ་གྲུལ་བུམ་མི་འམ་ཅིཿ གནོད་སྦྱིན་གདོན་གྱི་དམག་དཔུང་རྣམསཿ གཡས་ན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་བྱ་རྒོད་སྒྲོ་ཡིས་བརྒྱནཿ རྒོད་ཀྱི་གྲིབ་གནོན་གདོན་དང་སྤྲོདཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་བསོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་བཟློག་པའི་མཚོན་ཆར་འབུལཿ


JLAZ011_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ འབྱུང་པོའི་གདོན་ཚོགས་རྣམས་དགྲ་ལ་སྒྱུརཿ ཧཱུྃཿ མ་མོའི་སྟ་ཟུར་གཡོན་པ་ནསཿ སྒྲོལ་གིང་བཛྲ་སཱ་ངྷུ་རྩལཿ མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་སྡེཿ ཕྱི་ནང་གསང་བའི་ལྷ་མ་སྲིནཿ དྲེགས་པ་སྡེ་བརྒྱད་འཁོར་དང་བཅསཿ མོན་པ་སྟོང་སྡེ་ཐེའུ་བྲང་འབུམཿ ལས་མཁན་ཆེན་པོ་སྐུར་བཞེངས་ཤིགཿ གཡུལ་དང་འགྱེད་དང་འཐབ་པའི་ཚེཿ ལྕགས་སྤྱང་མགོ་དགུའི་སྟེང་ཤེད་ནསཿ རུ་དཔོན་ཆེན་པོ་སྐུ་བསྐྱོད་འཚལཿ ཕ་ནི་བདུད་ཀྱི་བུ་ཡིན་པསཿ བདུད་ཀྱི་བདུད་ཆེན་ཁྲོ་གཏུམ་ནགཿ སྟག་ཤམ་མེ་སྟག་ཡ་ལ་ལཿ མ་ནི་སྲིན་མོའི་བུ་ཡིན་པསཿ མི་ཤ་བཟའ་ཞིང་ཁྲག་ལ་འཐུངསཿ སྐུ་ལ་ཞིང་ལྤགས་རློན་པ་དངཿ དབུ་ལ་རུས་སྦལ་གཡང་གཞི་བཅིངསཿ གཡས་པའི་ཐོ་བ་གདེངས་ཙ་ནཿ གཞན་སྡེའི་དམག་དཔོན་ཕྱེ་མར་འཐགཿ གཡོན་པའི་སྦུད་པ་བུས་ཙ་ནཿ དམག་དཔུང་ཡུལ་ཁམས་རླུང་ལ་བསྐུརཿ དམག་དཔོན་སུམ་བརྒྱ་དྲུག་ཅུ་དངཿ ཐེའུ་བྲང་ཐོག་འབེབས་བྱིས་པ་འབུམཿ


JLAZ011_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཁམས་ཀྱི་ལྷ་མ་སྲིནཿ བྱེ་བ་དུང་ཕྱུར་བསམ་ཡས་རྣམསཿ འགྱེད་ལ་དགའ་ཞིང་གཡུལ་ལ་གདུངཿ གཡས་ན་མདོས་ཟོར་ཐོག་ལྟར་འབེབསཿ ནམ་མཁའ་དེ་ནི་སྤུ་གྲིའི་སོཿ རྩེ་ལ་དམུ་བྱའི་སྒྲོ་ཡིས་བརྒྱནཿ དམུ་བྱས་དགྲ་བོ་ལོང་བར་བྱེདཿ རྒྱང་བུ་དེ་ནི་གསལ་ཤིང་འབརཿ མེ་སྟག་ཚ་ཚ་ཡ་ར་རཿ མདའ་ཁྲ་དེ་ནི་སྲིན་པོའི་མཚོནཿ གཅོད་པའི་ཤུ་སྒྲ་དི་རི་རིཿ འཕང་ཁྲ་དེ་ནི་བདུད་མོའི་དཔལཿ འབིགས་པའི་སྤྱུགས་གླུ་ཀྱུ་རུ་རུཿ ཕོ་གདོང་དེ་ནི་གོ་ཤུབས་ཅནཿ རྔམས་པའི་བསོ་སྒྲ་དི་རི་རིཿ མོ་གདོང་དེ་ནི་གསོན་འདྲེའི་གདོངཿ དམོད་ངན་འོ་དོད་ལྷངས་སེ་ལྷངཿ ཤིང་རིས་སྲིད་པ་རུ་ལོག་མཚོནཿ གནམ་ས་གྲུམ་པའི་འུར་ཆེམ་སྒྲོགསཿ གཡུལ་ངོ་བཟློག་པའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ གཡོན་ན་ཀོང་ཟོར་རྦབ་ལྟར་དྲགཿ ཀོང་ཟོར་དེ་ནི་མཚེ་ཉུངས་རྩངཿ ལྕགས་ཟངས་རྡོ་ཕྱེའི་མེ་སྟག་འཕྲོཿ དུག་ཁྲག་ནད་རིམས་ན་བུན་འཐུལཿ དམ་ཉམས་སྒྲོལ་བའི་མཚོན་ཆར་འབུལཿ དམག་དཔོན་སོད་ལ་དམག་མི་ཆོམསཿ སྡེ་བརྒྱད་གདོན་ཚོགས་རྣམས་དགྲ་ལ་སྒྱུརཿ གསུམ་པ་སྨད་འཕྱོངས་ལ་གཉིས་ལསཿ དང་པོར་མདོས་ལམ་དབྱེ་ཞིང་ལམ་མདོས་ལྷ་སྲིན་ལ་བསྔོ་བ་ནིཿ ལམ་གཏོར་


JLAZ011_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་ཧོ་ཅན་དང་གསེར་སྐྱེམས་བཤམཿ མདོས་ལམ་འཐེནཿ མདོས་ཞལ་བསྒྱུར་ལཿ མདོས་ཆེན་ཕོ་བྲང་ནང་བཞུགས་ཚེཿ ཆོས་སྐྱོང་མགོན་པོ་ཡོན་ཏན་གྱིཿ སྐུ་གསུང་ཐུགས་ཀྱི་རྟེན་ཡིན་ཏེཿ མདོས་ཆེན་ལམ་ལ་ཆས་ཙ་ནཿ སྣང་སྲིད་ལྷ་འདྲེ་དགྱེས་པའི་རྫསཿ དེ་ཕྱིར་མདོས་ཀྱི་ལམ་ཕྱེས་ལཿ ཀོ་ལོང་གདུག་སེམས་མ་མཛད་ཅིགཿ ཧཱུྃཿ མདོས་ལམ་ཤར་གྱི་ཕྱོགས་སུ་བསྟནཿ མདོས་ལམ་ཤར་དུ་མི་བསྟན་རྒྱུཿ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུངཿ དྲི་ཟ་འབུམ་སྡེའི་འཁོར་དང་བཅསཿ མདོས་ལ་དགྱེས་ཤིང་གླུད་ལ་གདུངཿ དེ་ཕྱིར་མདོས་གླུད་བཟང་པོ་འདིཿ ལྷ་འདྲེའི་མདུན་སར་ཡིད་དུ་འོངཿ ལྷ་འདྲེའི་མདུན་སར་བཟའ་རེ་ཆེཿ མཐུན་པའི་དམ་རྫས་འདི་བཞེས་ལཿ ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེསཿ དྲི་ཟའི་གདོན་ཚོགས་དགྲ་ལ་སྒྱུརཿ ཧཱུྃཿ མདོས་ལམ་ལྷོ་ཡི་ཕྱོགས་སུ་བསྟནཿ མདོས་ལམ་ལྷོ་རུ་མི་བསྟན་རྒྱུཿ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོཿ གྲུལ་བུམ་འབུམ་སྡེའི་འཁོར་དང་བཅསཿ མདོས་ལ་དགྱེས་ཤིང་གླུད་ལ་གདུངཿ དེ་ཕྱིར་མདོས་གླུད་བཟང་པོ་འདིཿ ལྷ་འདྲེའི་མདུན་སར་ཡིད་དུ་འོངཿ ལྷ་འདྲེའི་མདུན་སར་བཟའ་རེ་ཆེཿ མཐུན་པའི་དམ་རྫས་འདི་བཞེས་ལཿ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེསཿ གྲུལ་བུམ་གདོན་ཚོགས་དགྲ་ལ་བསྒྱུརཿ ཧཱུྃཿ མདོས་ལམ་


JLAZ011_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཀྱི་ཕྱོགས་སུ་བསྟནཿ མདོས་ལམ་ནུབ་ཏུ་མི་བསྟན་རྒྱུཿ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟངཿ ཀླུ་དབང་བདུད་སྡེའི་ཁོར་དང་བཅསཿ མདོས་ལ་དགྱེས་ཤིང་གླུད་ལ་གདུངཿ དེ་ཕྱིར་མདོས་གླུད་བཟང་པོ་འདིཿ ལྷ་འདྲེའི་མདུན་སར་ཡིད་དུ་འོངཿ ལྷ་འདྲེའི་མདུན་སར་བཟའ་རེ་ཆེཿ མཐུན་པའི་དམ་རྫས་འདི་བཞེས་ལཿ ནུབ་ཕྱོགས་མཆོང་སྒོ་དམར་པོ་ཕྱེསཿ ཀླུ་དབང་གདོན་ཚོགས་དགྲ་ལ་བསྒྱུརཿ ཧཱུྃཿ མདོས་ལམ་བྱང་གི་ཕྱོགས་སུ་བསྟནཿ མདོས་ལམ་བྱང་དུ་མི་བསྟན་རྒྱུཿ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲསཿ གདོན་སྦྱིན་འབུམ་སྡེའི་ཚོགས་དང་བཅསཿ མདོས་ལ་དགྱེས་ཤིང་གླུད་ལ་གདུངཿ དེ་ཕྱིར་མདོས་གླུད་བཟང་པོ་འདིཿ ལྷ་འདྲེའི་མདུན་སར་ཡིད་དུ་འོངཿ ལྷ་འདྲེའི་མདུན་སར་བཟའ་རེ་ཆེཿ མཐུན་པའི་དམ་རྫས་འདི་བཞེས་ལཿ བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེསཿ གནོད་སྦྱིན་གདོན་ཚོགས་དགྲ་ལ་སྒྱུརཿ ཧཱུྃཿ མདོས་ལམ་མཚམས་བཞིར་མི་བསྟན་རྒྱུཿ མེ་ལྷ་སྲིན་པོ་རླུང་ལྷ་དངཿ དབང་ལྡན་གདོན་ཚོགས་མདོས་ལ་དགྱེསཿ དེ་ཕྱིར་མདོས་གླུད་བཟང་པོ་འདིཿ ལྷ་འདྲེའི་མདུན་སར་ཡིད་དུ་འོངཿ ལྷ་འདྲེའི་མདུན་སར་བཟའ་རེ་ཆེཿ མཐུན་པའི་ལོངས་སྤྱོད་འདི་བཞེས་ལཿ སོ་སོའི་གདོན་ཚོགས་


JLAZ011_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་སྒྱུརཿ དགྲ་ཁམས་ཐལ་བའི་རྡུལ་དུ་རློགཿ གཉིས་པ་ཟོར་མདོས་སུ་ཞལ་བསྒྱུར་བ་ནིཿ འཕངས་སར་སླེབ་པ་དངཿ སྡེ་བརྒྱད་ལ་གསེར་སྐྱེམས་གཏོངཿ ཕ་རོལ་གྱི་ལྷ་ལ་སྤྱུགས་གཏོར་བྱིན་ནསཿ ཧཱུྃཿ མི་མངོན་དབྱིངས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོ་དངཿ ཡེ་ཤེས་ལས་གྲུབ་དམ་ཅན་སྲུང་མའི་ཚོགསཿ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལཿ མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོདཿ བྷྱོཿ ད་ནི་མདོས་སྣ་དགྲ་ལ་བསྟནཿ མདོས་སྣ་དགྲ་ལ་མི་བསྟན་རྒྱུཿ དམ་ཉམས་དགྲ་བོ་སྡིག་ཅན་འདིསཿ སངས་རྒྱས་བསྟན་པ་གཉན་པོ་བཤིགཿ དཀོན་མཆོག་དཀོར་འཕྲོག་དབེན་གནས་བཅོམཿ སེམས་ཅན་ཡོངས་ཀྱི་བདེ་སྐྱིད་འཕྲོགཿ རང་སྲིད་འབྱོར་པས་མི་ངོམས་པརཿ གཞན་སྡེ་འཕྲོག་ཅིང་ལྐོག་ཏུ་བརྐུཿ ངན་སྔགས་རྐུ་འཕྲོག་དུག་སྦྱོར་གཤོམཿ དངོས་སུ་དམག་དང་གཡུལ་གཤོམ་བྱེདཿ ལས་འབྲས་བསླུ་མེད་ཁྱད་དུ་གསོདཿ བདེ་བ་འདོད་ཀྱང་གཏི་མུག་པསཿ རང་གཞན་གཉིས་ཀའི་བདེ་སྐྱིད་འཕྲོགཿ དེ་ཕྱིར་ལྷ་སྲིན་གཉེན་པོ་རྣམསཿ འདི་ལ་མགོན་སྐྱོབ་མ་མཛད་པརཿ ལེགས་ཉེས་བདེན་ཤན་དྲང་པོར་ཕྱེསཿ བྷྱོཿ མདོས་ཟོར་རླུང་གིས་བཏེག་ཙ་ནཿ ཁྱུང་ཆེན་གཟན་ལ་འཛུམ་པ་འདྲཿ གནམ་ས་གྲུམ་པའི་འོ་དོད་འབོདཿ གང་ལ་དམིགས་པ་འཆོར་མི་སྲིདཿ


JLAZ011_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ཆེན་རི་དྭགས་གནོན་པ་འདྲཿ ཀླད་ཁྲག་ཞོ་ལྟར་འདུ་རུ་རུཿ སྟག་ཆེན་ཤ་ལ་རྔམས་པ་འདྲཿ གསོད་དང་འཕེན་པ་དུས་མཉམ་བྱེདཿ གླང་ཆེན་སྨྱོན་པ་གཡུལ་ཞུགས་འདྲཿ དམག་དཔུང་གཏོར་ཞིང་ཕྱེ་མར་འཐགཿ འཐག་གཅོད་རྦད་དང་གསོད་པ་ཡིཿ མདོས་ཟོར་མེ་ལྟར་འབར་བ་འདིའིཿ བླ་ལ་མགོན་པོ་ཡོན་ཏན་བཞུགསཿ སྟོང་གསུམ་སྤྲུལ་པའི་དམག་གིས་ཁེངསཿ དོ་ནུབ་ནམ་གྱི་གུང་ཐུན་ལཿ འབྱུང་བ་ཆུ་ཡང་གཉིད་ལོག་གིཿ ནམ་མཁར་སྨག་གིས་རྨོངས་པའི་དུསཿ དགྲ་བོའི་རྣམ་ཤེས་ཚོགས་བརྒྱད་དངཿ བླ་ལ་ཁྱེ་ཞིག་དམ་ཅན་ཚོགསཿ རང་མཚོན་རང་ལ་ཟུག་པ་དངཿ རང་སྡེ་རང་གིས་བརླག་ཏུ་ཆུགསཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོརཿ ཤ་ཁྲག་དྲོད་དབུགས་ཞལ་དུ་རོལཿ རྡུལ་ཕྲན་ཙམ་ཡང་མེད་པར་མཛོདཿ ཞེས་མདོས་ཟོར་མེ་ནང་དུ་འཕངས་ཤིངཿ རྗེས་ལ་གཏོར་ཟོར་ཀྱང་འཕངསཿ སྲུང་འཁོར་བསྒོམཿ ནང་དུ་ལོག་ནས་ཚེ་འགུགས་དངཿ དངོས་གྲུབ་བླང་བ་སོགས་དཔལ་ཆེན་གཞུང་ལྟར་བྱའོཿ དུས་ངན་ལྔ་བརྒྱ་ཕྲག་བཅུའི་མཐརཿ མུ་སྟེགས་ཀླ་ཀློའི་རྒོལ་བ་ཡིསཿ སངས་རྒྱས་བསྟན་པའི་ཞབས་སྡུད་ཅིངཿ སྡིག་ཅན་ཞིང་བཅུ་ཚང་བ་ཡིསཿ འགྲོ་ཀུན་སྡུག་ལ་སྦྱོར་བའི་ཚེཿ དེ་དག་སྙིང་རྗེས་སྐྱོབ་པའི་ཕྱིརཿ མ་མགོན་ལྕམ་དྲལ་གཡུལ་མདོས་ནིཿ ལས་ཅན་སྙིང་གི་བུ་ལ་གདམསཿ ཤིན་ཏུ་ཟབ་པ་མཁའ་འགྲོའི་བརྡཿ མཁའ་ལྡིང་ལུས་ལ་བཀྲམ་སྟེ་བཀོདཿ བྱང་ཆུབ་


JLAZ011_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྡན་བཟླས་བརྗོད་རྫོགསཿ གཉེན་པོ་སྟོབས་ཀྱི་ལྷ་རྒྱུད་སྒྱུརཿ དེ་ལྟའི་གང་ཟག་མ་གཏོགས་པའིཿ བོན་གྱེར་བྱས་ན་ངང་ལ་བསྡིགཿ དེ་ཕྱིར་ཀུན་ལ་མ་སྟོན་རྒྱཿ བདེན་རྫུན་ལག་ཏུ་ལོང་ལ་ལྟོསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ འདི་ཉིད་ཤིན་ཏུ་ནས་བཀའ་གཉན་པས་བརྡ་བསྒྱུར་འབེབས་དུས་འཁྲུགས་ཤིང་འཚུབས་ལྷོངས་ཆེ་བར་བྱུང་བས་ཀུན་ལ་མི་སྟོན་པའི་བཀའ་རྒྱ་ཡོད་དོཿ མདོས་ཀྱི་ཕན་ཡོན་ནི་རྒྱུད་ལསཿ གནོད་འདུལ་ལྷ་ཡིས་ཡང་གསོལ་བཿ ཆོ་ག་འདི་བརྟེན་ཕན་ཡོན་གངཿ ཡང་དག་རྫོགས་ཀྱིས་བཤད་དུ་གསོལཿ ཡང་དག་རྫོགས་ཀྱིས་བཀའ་སྩལ་པཿ ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོཿ ལྷ་རྣམས་སྲོག་གིས་འཇིགས་གྱུར་ནཿ འཇིག་རྟེན་ལོངས་སྤྱོད་བརྟེན་པར་འགྱུརཿ རབས་རྒྱུད་ཆད་པའི་ལྷ་དང་མིཿ ཆོ་ག་འདི་ལ་བརྟེན་བྱེད་ནཿ སྤུན་བཞི་བུ་ཡི་འདུ་བ་ངེསཿ ཆོ་ག་འདི་ལ་བརྟེན་བྱེད་ནཿ འཆི་བདག་ཞགས་པས་ཟིན་པ་ཡངཿ ཞགས་པ་ནག་པོ་བཅད་ནས་སུཿ སྨྱོ་འབོག་ཉིད་ཀྱང་རྣམ་པར་འཇིགསཿ ཚེ་རིང་བདེ་བ་ཕུན་སུམ་ཚོགསཿ འཇིག་རྟེན་འདི་ན་བདེ་སྐྱིད་དེཿ རིག་འཛིན་ས་ལ་དེ་བཞིན་གནསཿ ཆོ་ག་འདི་ལ་བརྟེན་བྱེད་ནཿ དབུལ་པོ་ནོར་ཕྱུགས་འཕེལ་བ་དངཿ སྐྱིད་པ་རྟག་ཅིང་བསམ་པ་འགྲུབཿ དབྱིག་ལ་སོགས་པ་རྟག་ཏུ་རྙེདཿ རྨོངས་པོས་ཕྱོགས་བཞི་ཡུལ་ཡང་ཟིནཿ དེ་ན་མྱ་ངན་སྡུག་བསྔལ་མེདཿ ཕ་རོལ་དམག་དཔུང་རྣམ་པར་འཇིགསཿ ལོ་ཕྱུགས་རྟག་ཏུ་ལེགས་པར་འགྱུརཿ ཆོ་ག་འདི་ལ་བརྟེན་བྱེད་ནཿ འཇིག་རྟེན་དབང་བཙན་ཐམས་ཅད་གྱིསཿ བྱང་ཆུབ་སེམས་ལྟར་བཀུར་བསྟི་ཞིངཿ ཆེ་དར་ཆུང་སྲིད་འཕེལ་བ་དངཿ བསྒོ་བའི་ཚིགས་རྣམས་བྲན་བཞིན་ཉནཿ འདི་ཡི་ཡོན་ཏན་བསོད་ནམས་ཀྱིསཿ ཕྱི་མའི་དངོས་གྲུབ་མཆོག་ཡིན་ཏེཿ བསོད་ནམས་ཉིད་དུ་གོང་ན་མེདཿ འདི་ཡི་ཡོན་ཏན་བརྗོད་མི་ལངཿ དེ་སྐད་གསུངས་པས་ལྷ་རྣམས་དགའཿ ཞེས་གསུངས་སོཿ

མ་མགོན་གཡུལ་མདོས་ཀྱི་བཅའ་གཞི་སོགས་ཀྱི་ཡིག་ཆུང་།


JLAZ011_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་གཡུལ་མདོས་ཀྱི་བཅའ་གཞི་སོགས་ཀྱི་ཡིག་ཆུང་བཞུགས། ། བཅོམ་ལྡན་མཐུ་སྟོབས་ཀྱི་དབང་ཕྱུག་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །རང་བྱུང་རིག་པ་ཀུན་ཏུ་བཟང་པོའི་ཞལ། །རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་མཆོག །སྙིང་དབུས་མི་ཤིགས་ཐིག་ལེའི་གུར་ཁང་དུ། །བཞུགས་ནས་བྱིན་རློབས་བཀའ་ཡིས་གནང་བ་སྩོལ། །འདིར་ཀློང་ལྔ་དབྱིངས་ཀྱི་ཌཱཀྐིའི་གསང་མཛོད་ཐུགས་གཏེར་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་གཡུལ་མདོས་བདུད་དཔུང་ཟིལ་གནོན་གྱི་བཅའ་གཞི་ལག་ལེན་དམར་ཁྲིད་དུ་བསྟན་པར་བྱ་བ་ལ་གཉེན་པོ་སྟོབས་ཀྱི་ལྷ་ཡི་དམ་གྱི་བསྙེན་པ་ཚད་དུ་འཁྱོལ་ཞིང་བྱེ་བྲག་མ་མགོན་ལྕམ་དྲལ་གྱི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་བསྟན་འགྲོའི་དོན་དུ་སེམས་བསྐྱེད་པའི་འཕེན་པ་དྲག་པོས་བརྩོམ་པར་བྱ་བ་འདི་ལ་གཉིས། མཆོད་རྫས་མདོས་ཀྱི་གསོག་དང། བཅའ་གཞི་ལག་ལེན་བཤམ་གྱི་ཐབས་སོ། །དང་པོ་ནི། ཕྱི་ནང་གི་མཆོད་གཏོར་དང་ཆོས་སྐྱོང་གི་མཐུན་རྫས་ཚང་ཞིང་ཡིད་དུ་འོང་བ་འདུ་བྱས་པ་སྤྱི་དང་བྱེ་བྲག་མདོས་ཀྱི་གསོག་ནི། སྤྱིར་མདོས་ཀྱི་རྒྱུ་ནི། རབ་རིན་པོ་ཆེ། འབྲིང་དར་ཟབ། ཐ་མ་རིང་ཆའི་རྣལ་ཐག་ལ་བརྟེན་པ་སྟེ། དེ་ཡང་མ་མོ་ཡོངས་རྫོགས་མཆོག་གི་རྟེན་མདོས་སམ་གཙོ་མདོས་ཁོང་མཐིང་འཇའ་རིས་ཅན་གྱི་ཁྱུང་ཚང། དེའི་འོག་ཏུ་གདུགས་གོང་འོག་གི་བར་དུ་དཔལ་བེའི་མཁར། འོག་ཏུ་ལྕགས་མཁར་ཅན་གྱི་རྩེ་མོར་ཟེ་པྲོག་བྱ་གླག་གི་སྒྲོ་དང་དར་སྣའི་ཅོད་པཎ་མདོས་ཀྱི་སྲོག་ཤིང་ལ་མདའ་བྱ་རྒོད་མའི་མགུལ་དུ་དར་ལེ་བརྒན་ལ་མཚལ་ལམ་གསེར་གྱིས་སྲོག་སྙིང་བྲིས་པ་བསྡམས། གཙོ་མོ་དང་སྤུན་དྲུག་ལ་ནམ་མཁའ་ཁོང་མཐིང་འཇའ་རིས་ཅན་རྩེ་


JLAZ011_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མོར་རྨ་བྱའི་བརྒྱན་པ་བདུན། དེ་བཞིར་རེ་ཏི་མཆེད་བཞི་ལ་ཁོང་མཐིང་དངཿ འཁོར་མོ་རྒྱུད་རིགས་བསྡུས་པ་སྤྱིར་ནམ་མཁའ་ཁོང་ནག་གཅིག་བཅས་སྐྱུང་ཀའི་སྒྲོས་བརྒྱན་པ། མགོན་པོ་གཙོ་བོ་དང་བཅས་པའི་སྡེ་དྲུག་པོར་ནམ་མཁའ་ཁོང་ནག་བཞི། ལྗང་གུ་གཅིག །དམར་པོ་གཅིག་བཅས་པ་འཇའ་རིས་ཅན་བྱ་རོག་གི་སྒྲོས་བརྒྱན་པ། རྡོར་ལེགས་ལ་ཁོང་ནག་ཕུག་རོན་གྱི་སྒྲོས་བརྒྱན་པ། འཁོར་ཕོ་རྒྱུད་སྡེ་བརྒྱད་སྤྱིར་ཁོང་དཀར་ཁྱིམ་བྱའི་སྒྲོས་བརྒྱན་པ་གཅིག །ལྷ་བརྒྱད་ལ་ནམ་མཁའ་རང་མདོག་གམ་ཡང་ན་དཀར་པོ་བརྒྱད་བྱ་གླག་གི་སྒྲོས་བརྒྱན་པ། གཟའ་བརྒྱད་ལ་ནག་པོ་ཁྲ་སྒྲོས་བརྒྱན་པ། རྒྱུ་སྐར་ཉེར་བརྒྱད་ལ་ལྗང་དམར་དཀར་སྔོན་པོ་དྲུག་རེ་དང༌། སེར་པོ་བཞི་རྣམས་ཐི་བྱའི་སྒྲོས་བརྒྱན་པ། ཕྱོགས་སྐྱོང་བཅུ་ལ་དཀར་པོ་བཞི། དམར། སེར། སྔོ། ནག་པོ་རྣམས་རེ་རེ་ལྗང་གུ་གཉིས་སྟེ་སྲིན་བྱའི་སྒྲོས་བརྒྱན་པ། འཇིགས་བྱེད་དགུ་ལ་ནམ་མཁའ་སྔོ་ལྗང་གང་རིགས་འུག་པའི་སྒྲོས་བརྒྱན་པ་དགུ། ཀླུ་བརྒྱད་ལ་སྔོན་པོ་སོ་བྱའི་སྒྲོས་བརྒྱན་པ་བརྒྱད། རྒྱལ་ཆེན་བཞི་ལ་རང་མདོག་བྱ་རྒོད་ཀྱི་སྒྲོས་བརྒྱན་པ་རྣམས་འཇའ་རིས་སམ་མདོག་རྐྱང་ཅི་བདེ་བར་སྒྲོ་རྣམས་དམིགས་བསལ་མ་འབྱོར་ན་བྱ་ཤ་ཟན་གང་རུང་གི་སྒྲོས་བྱ་ཞིང་དེ་རྣམས་བརྒྱན་ལུགས་རྨ་བྱ་མ་གཏོགས་པའི་སྒྲོ་ཐམས་ཅད་ཕྱེད་མར་གཤགས་པའི་རྐང་ཕྱེད་པ་རལ་གྲིའི་ལྟག་པར་ལྟར་འབྱུང་བའི་ཡ་གཅིག་ནམ་རྒྱང་གཉིས་ཀྱི་རྩེ་མོ་དང༌། ཡ་གཅིག་བཀུག་སྟེ་ནམ་མཁའི་དཔུང་ཟུར་གཉིས་སུ་བལ་ཚོན་དང་བཅས་ཏེ་བརྒྱན། དེ་རེ་རེ་བཞིན་རྒྱང་བུ། མདའ་ཁྲ། འཕང་ཁྲ། ཕོ་གདོང༌། མོ་གདོང༌། ཤིང་རིས་དང་བཅས་པ་གྲངས་མཚུངས་དང༌། འདིའི་ཤིང་རིས་ཉི་ཟླ་འཇའ་ཁྲམ་རི་རབ་དང༌།


JLAZ011_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བཞི་སྲིད་པའི་སྒོ་ང་གཉིས། འབྱུང་བ་མེ་ས་ཆུ་རླུང་བྱད། ཅེས་བའི་ཤིང་རིས་དེ་གྲངས་མཚུངས་མ་འབྱོར་ན་ཟུར་བཞིར་འཛུགས་པའི་ཆེ་བ་བཞི་བསག །གཞན་ཡང་མདོས་གླུད་སྤྱིར་དགོས་པའི་ལྷོ་རྫས། བྱང་རྫས། འབྲུ་སྨན། ཟས་སྣ། རིན་པོ་ཆེ། དར་ཟབ། ས་ལ་འཛུལ་དགུ། གནམ་ལ་འཕུར་དགུ། གསེར་སྐྱེམས། གཡུ་སྐྱེམས། ཁྲག་སྐྱེམས། ལན་བུ། དར་བྱ། ངར་གླུད་ལ་སོགས་པའི་གཟུགས་འགྲོས་ཅི་མང་དང་སྦྱིན་བདག་གི་ངར་གླུད་ཆེ་བ་དཀོར་ཆ་ཅི་འཛོམ་དང་བཅས་པ་འདུ་བྱ་ཞིང་རྟེན་འབྲེལ་བཅུ་གཉིས་མཚོན་པའི་སྒོ་ང་བཅུ་གཉིས་ཀྱང་བསག་གོ། །གཉིས་པ་ཤོམ་དུ་དགོད་པ་ནི། གང་དུ་བྱ་བའི་གཞི་དེ་མ་དུལ་བའི་ས་ཡིན་ན་གཞི་བགེགས་གཉིས་ལ་གཏོར་མ་སོ་སོར་བྱིན་ནས་ས་བླངས་རྗེས། ཁྲག་ཆང་གི་སྐྱང་ནུལ་བྱས་པའི་སྟེང་རྡུལ་ཚོན་གྱི་མ་དལ་མཐའ་མེ་རི་དང་ལྕགས་རི་ནག་པོའི་ནང་ཁོངས་ཁྲག་མཚོའི་སྟེང་བདུད་བཞི་མགོ་སྤྲོད་གེལ་པའི་འདུག་སྟངས་ཅན་བྲི། དེའི་སྟེང་ལྷ་འདྲེ་རྣམས་ཟན་ལས་ལ་གདུང་བས་རབ་ཟན། འབྲིང་ས་སྦྱིན་གྱི་རི་རབ་བང་རིམ་བཞི་པ་ཟན་གྱིས་གཏུམས་པ་ཆེ་ཐང་དུ་བཞེངས་པ་ལ་མདོས་ཡས་རྣམས་གོ་རིམ་འོག་ནས་འབྱུང་བ་ལྟར་བཀོད་པའམ། གལ་ཏེ་མདོས་ཁྲི་ལ་བརྟེན་ན་བདུད་བཞིའི་ཚབ་ཏུ་རི་རབ་གླིང་བཞིའི་བཀོད་པ་གདན་ཐབས་སུ་བྲིས་པའི་རི་རབ་ཀྱི་དབུས་ཁྲག་མཚོའི་སྟེང་ཐོད་ར་གློ་འབུར་བཞི་པའི་ལྟེ་བར་ཐོད་མཁར་གྲུ་གསུམ་གྱི་དཀྱིལ་དུ་བྷྱོ་དང་གཡས་གཡོན་དུ་ཧཱུྃ་དང་ཧྲི་ཡིག་རེ་བྲིས་ཚུལ་བྲིས་འབུར་གཉིས་ཀ་ལ་མཚུངས། ཡང་ན་གྲུ་གསུམ་ཀྱི་ལྟེ་བར་མདོས་ཆེན་འཛུགས་པས་ས་བོན་མ་བཤམས་ན་ཤིང་བྱང་ལ་བྲིས་ཏེ་འཛུགས། རྒྱས་སྤྲོས་སུ་སྐྱ་རིས་སམ་ཙཀ་ལི་ཡོད་ན་ནི་དེའི་


JLAZ011_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཏུ་སྲོག་སྔགས་བྲིས་པས་འཐུས། མདོས་ཆེན་དབུས་སུ་བཙུགས་པའི་སྲོག་ཤིང་ལ་རྒྱབ་བརྟེན་པའི་སྐུ་རིས་ཡོད་ན་དང་མེད་ན་དེའི་མདུན་དུ་གཙོ་མོའི་ནམ་མཁའ། གཡས་སུ་མདའ་ཁྲ། གཡོན་དུ་འཕང་ཁྲ། ཕོ་གདོང༌། མོ་གདོང༌། རྒྱང་བུ། ཤིང་རིས་རྣམས་བཙུགས། དེའི་མཐའ་བསྐོར་དུ་སྤུན་དྲུག་གི་ནམ་མཁའ། མདའ་འཕང་རྒྱང་བུ་སོགས་ཅི་བདེ་བར་བཀོད། དེ་ནས་གཙོ་འཁོར་གཞན་རྣམས་ལྷ་སོ་སོའི་བཞུགས་ཚུལ་དང་མཐུན་པའི་མདོས་སྒྲིག་པར་འཐད་ཀྱང་ལག་ལེན་སྐབས་ཅུང་ཟད་མི་བདེ་བས་འདི་ལྟར་བང་རིམ་དང་པོའི་ཤར་དུ་དཔལ་མགོན་གཙོ་བོ་དང་ཚོགས་བདག་ཏྲག་ཤད་གསུམ། ལྷོར་སྐུ་མགོན་གསུང་མགོན་ཐུགས་མགོན་གསུམ། ནུབ་ཏུ་རེ་མ་ཏི་མཆེད་བཞི། བྱང་དུ་རྡོར་ལེགས་དང་འཁོར་ཕོ་རྒྱུད་མོ་རྒྱུད་སྤྱི། བང་རིམ་གཉིས་པའི་དབུས་སུ་ལྷ་ཆེན་དབང་ཕྱུག་དང་ཚངས་པ། ལྷོར་བརྒྱ་བྱིན་དང་ཁྱབ་འཇུག །ནུབ་ཏུ་འདོད་དབང་དང་ཚོགས་བདག །བྱང་དུ་བྷྲིཾ་གི་རི་ཏི་དང་གདོང་དྲུག །མཚམས་བཞིའི་ཤར་ལྷོ་ནས་བཟུང༌། དྲང་སྲོང་ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན་བརྒྱད་པོ་གཉིས་གཉིས། བང་རིམ་གསུམ་པའི་ཤར་སྟོད་ནས་བཟུང་གཡས་བསྐོར་དུ་རྒྱུ་སྐར། སྨིན་དྲུག །སྣར་མ། མགོ། ལག །ནབས་སོ། རྒྱལ། སྐག་རྣམས་དང་ལྷོ་སྟོད་ནས་བཟུང་སྟེ། མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག་རྣམས་ནུབ་སྟོད་ནས་བཟུང༌། ལྷ་མཚམས། སྣྲོན། སྣྲུབས། ཆུ་སྟོད། ཆུ་སྨད། གྲོ་བཞིན། བྱི་བཞིན་རྣམས་བྱང་སྟོད་ནས་བཟུང༌། མོན་གྲེ། མོན་གྲུ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར། བྲ་ཉེ་བཅས་བཀོད། བང་རིམ་


JLAZ011_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་བྱང་ཤར་དུ་ཕྱོགས་སྐྱོང་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་བདེན་བྲལ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན། ཤར་སྟོད་དུ་ཉི་ཟླ། ནུབ་སྨད་དུ་ས་འཛིན་ལག་པ་ཆེན་པོ་བཅས་པའི་ཕྱོགས་སྐྱོང་བཅུ་དང༌། ཤར་སྟོད་ནས་བཟུང་བར་མཚམས་གཡས་སྐོར་དུ་འཇིགས་བྱེད་རྡོ་རྗེ་ཅན། རྡོ་རྗེ་གདེངས་པ། རྡོ་རྗེ་འཇོམས་པ། རྡོ་རྗེ་དཔལ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་འཛིན་པ། ཧེ་རུ་ཀ །པཉྩི་ཀ །ནརྟི་ཀ་དང་བཅས་པའི་འཇིགས་བྱེད་དགུ་རྣམས་བཀོད། བང་རིམ་འོག་གི་ཁྲག་མཚོའི་སྟེང་དུ་ཁང་མཛེས་བརྒྱད་ལ་ཀླུ་བརྒྱད། དེའི་ཕྱོགས་བཞིར་ལྕོགས་བཞི་ལ་རྒྱལ་ཆེན་རིགས་བཞི་རྣམས་རྒྱས་སྤྲོས་སུ་སོ་སོའི་སྐུ་རིས་འབྲི་ན་མངོན་རྟོགས་བསད་མདོས་ཞལ་བསྒྱུར་ནང་ལྟར་བྲིས་པ་དབུས་སུ་བཙུགས་པའི་མདུན་ནམ་གཡས་སུ་ནམ་མཁའ། མདའ་ཁྲ། ཕོ་གདོང༌། གཡོན་ཕྱོགས་སུ་ཤིང་རིས་ཡོད་ན་དང༌། རྒྱང་བུ་འཕང་ཁྲ་མོ་གདོང་བཅས་པ་རེ་རེ་བཞིན་བཙུགས། རི་རབ་ཀྱི་སྟེང་ཟུར་བཞིར་ཉི་མ་ཟླ་བ། བྱ་ཁྱུང་འབྲུག་རྣམས། འོག་ཟུར་རྣམས་སུ་རྨ་བྱའི་རྒྱལ་མཚན། སྟག་གཟིག་འདོད་ཡོན་ལ་སོགས་པའི་གཟུགས་བརྙན་བྲིས་འབུར་ཅི་རིགས་པ་རྣམ་འགྱུར་ཅན་ཀྱང་གྲུབ་ན་བཀོད་ལེགས་པར་བཙུགས། དེའི་མཐའ་བསྐོར་ངར་གླུད་དཀོར་ཆ་ཅན་དང་གླུད་ཆུང་གང་མང་གིས་བསྐོར། རྟ་ཁལ། དྲེལ་ཁལ་གྱིས་མཚོན་པའི་གཟུགས་འགྲོས་སྣ་ཚོགས། བཤོས་བུ་དཀར་དམར། གསེར་སྐྱེམས། ཁྲག་སྐྱེམས། ལེན་བུ་དང་འབྲུ་སྣ་ལ་སོགས་པའི་གླུད་རྫས་རྣམས་ཀྱིས་བསྐོར། རྟེན་འབྲེལ་བཅུ་གཉིས་


JLAZ011_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་སྒོ་ང་རྣམས་ཀྱང་གཞག །དེའི་མཐའ་མར་ཀོང་ཟོར་བརྒྱའམ་ཉེར་གཅིག་ལ་ནམ་མཁའ་རྒྱང་བུ། མདའ་འཕང༌། ཕོ་གདོང༌། མོ་གདོང༌། ཁྲམ་རིས། མཚེ་ཡུངས། རྩང༌། ལྕགས་ཟངས་ཕྱེ། དུག་སྣ། ཁྲག་སྣ། མི་བསད་ཀྱི་རྡོ་ཕྱེ་ལ་སོགས་པའི་ཐུན་རྫས་ཀྱི་ལྟེམ་པས་བསྐོར། ཟུར་བཞིར་རུ་མཚོན། ཕྱོགས་བཞིར་ཤིང་རིས་ཆས་བཞི་རྣམས་བཙུགས་ལ་སྒབ་དཀྲིས་བཏང༌། མདུན་དུ་མ་མགོན་དང་ཆོས་སྐྱོང་སྤྱི་ལ་སྐོང་གཏོར་བཟང་བ་ཤ་ཁྲག་གིས་བརྒྱན་པ་ཉེར་སྤྱོད་སྨན་རག་དང་བཅས་པ་བཤམ། དམག་བཟློག་དམིགས་གསལ་ལ་སྟོད་ལས་སེང་གདོང་མའི་གཏོར་བཟློག་དང་འབྲེལ་དགོས་ཕྱིར། ཟུར་ཅིག་ཏུ་བཟློག་བསད་ཀྱི་དཀྱིལ་འཁོར་དེའི་བཅའ་གཞིའི་ཡིག་ཆུང་ལྟར་སྒྲིག །རྐྱེན་བཟློག་ཙམ་པོ་བར་བསྒྱུར་མདོས་སུ་བྱེད་ན་ནི་སྟོད་ལས་དང་འབྲེལ་མི་དགོས་པས་མདོས་ཀྱི་བཅའ་བཤམ་རྒྱས་བསྡུས་སྐབས་དང་སྦྱར་ནས། གྱེར་དངོས་ལ་འཇུག་སྐབས་བདག་བསྐྱེད་ཀྱི་བཟླས་པའི་མཇུག་མགོན་གྱི་སྐོང་བ་བསྟོད་པའི་བར་བཏང་རྗེས། བཟླས་པ་བརྒྱ་རྩ་ཙམ་བྱས་ནས་མདོས་འཕྱོང་ནས་བཟུང༌། དཀྱུས་བཞིན་གྱེར་བའི་ལས་འཕྱོང་གི་ཤམ་འདོགས་བསྒྱུར་ཁ་མཆན་བུར་གསལ་བ་ལྟར་བྱེད་པ་ཡིན་ནོ། །བཅས་ཀྱི་ཡིག་ཆུང་རྫོགས་སོ།། །།

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཟའ་རྒོད་སྲོག་གི་སྤུ་གྲི།


JLAZ011_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཟའ་རྒོད་སྲོག་གི་སྤུ་གྲི་བཞུགསཿ ཧྲཱིཿ དུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལཿ ཁྲག་ཞགས་དབའ་ཀློང་འཁྲུགས་པའི་དབུསཿ བཀའ་སྲུང་གཟའ་བདུད་རཱ་ཧུ་ལཿ སྲོག་གི་སྤུ་གྲི་གཤེགས་སུ་གསོལཿ སྐུ་མདོག་དུད་ཁ་སྦྲུལ་མཇུག་གཡོཿ དབུ་དགུ་བྱ་རོག་གདོང་གིས་མཛེསཿ ཕྱག་བཞི་མདའ་གཞུ་ཞགས་པ་དངཿ ཆུ་སྲིན་རྒྱལ་མཚན་རྔམ་སྟབས་འཛིནཿ འཁོར་དུ་གདོང་མོ་རྣམ་བཞི་དངཿ གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱདཿ ལྕེ་སྤྱང་བདུད་བྱ་ཁྱི་ནག་དངཿ དྲེགས་པ་སྡེ་བརྒྱད་དམག་གིས་བསྐོརཿ འཁོར་དང་བཅས་པ་མ་ལུས་ཀུནཿ ནམ་མཁའ་ཡངས་པའི་ཀློང་ནས་གཤེགསཿ དམ་ཚིག་ཆེན་པོའི་གདན་ལ་བཞུགསཿ དམར་ཆེན་ཁྲག་གི་ཨརྒྷཾ་དངཿ དབང་ལྔའི་མེ་ཏོག་ཤ་གསུར་སྤྲིནཿ ཞུན་ཆེན་མར་མེ་མཁྲིས་པའི་ཆབཿ ཤ་རུས་ཞལ་ཟས་ཐོད་རྔའི་སྒྲཿ རྐང་གླིང་རོལ་མོ་འབྲུག་ལྟར་སྒྲོགཿ དམར་ཆེན་གཏོར་མ་རི་ལྟར་སྤུངསཿ སྨན་རག་བདུད་རྩི་མཚོ་ལྟར་བསྐྱིལཿ མཐུན་རྫས་སྤྱན་གཟིགས་སྐར་ལྟར་བཀྲམཿ བཞེད་དགུའི་ལོངས་སྤྱོད་སྤྲིན་ལྟར་འདུཿ མཐུན་པའི་དམ་རྫས་སྣ་ཚོགས་ཀྱིསཿ གཟའ་བདུད་ཆེན་པོའི་ཐུགས་དམ་བསྐངཿ རཱ་ཧུ་ལ་ཡི་ཐུགས་དམ་བསྐངཿ


JLAZ011_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་དམག་དཔོན་ཐུགས་དམ་བསྐངཿ གདོང་མོ་བཞི་ཡི་ཐུགས་དམ་བསྐངཿ དྲང་སྲོང་བརྒྱད་ཀྱི་ཐུགས་དམ་བསྐངཿ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐངཿ དྲེགས་པ་སྡེ་བརྒྱད་ཐུགས་དམ་བསྐངཿ ལས་མཁན་རྣམས་ཀྱི་ཐུགས་དམ་བསྐངཿ ཐུགས་དམ་བསྐངས་ལ་བར་ཆད་སོལཿ འགལ་འཁྲུལ་ནོངས་པ་དབྱིངས་སུ་བསྐངཿ བདག་ཅག་དཔོན་སློབ་ཡོན་མཆོད་ལཿ ལོག་པར་འདྲེན་པའི་དགྲ་དང་བགེགསཿ ཁ་རླངས་དུག་གི་སྤུ་གྲིས་སོདཿ བརྒྱུད་འཛིན་སློབ་མ་བུ་བཞིན་སྐྱོངསཿ བཀའ་གསང་གཉན་པོའི་བསྟན་པ་སྤེལཿ བསམ་དོན་ཡིད་བཞིན་འགྲུབ་པར་མཛོདཿ ཅེས་བརྗོད་གཏོར་མ་གཙང་སར་གཤེགསཿ ཨེ་མཿ རྒྱལ་དབང་པདྨ་ཐོད་ཕྲེང་གིཿ རྡོ་རྗེའི་དམ་ཚིག་སྲུང་མ་འདིཿ མཐུ་རྩལ་རྣོ་མྱུར་ཐོག་དང་འདྲཿ བཀའ་གཉན་འཁུ་ལྡོག་གདུག་རྩུབ་ཆེཿ དེ་ཕྱིར་སྙིང་ལ་གཅེས་པར་ཟུངསཿ ས་མ་ཡཿ འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཟའི་བསྐུལ་བྱང་དུག་རླངས་འཚུབ་མ་བཞུགསཿ དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོཿ དྲང་སྲོང་རཱ་ཧུ་ལའི་བསྐུལ་བྱང་ནིཿ དམར་གཏོར་ཤ་ཁྲག་གིས་བརྒྱན་པར་དགུག་གཞུག་དྲག་ཏུ་བགྱིས་ལ་དམིགས་བྱའི་ཤ་ཁྲག་ཏུ་དམིགས་ཏེ་ཟས་སྐལ་དུ་བསྔོཿ ལྷའི་ང་རྒྱལ་དང་ལྡན་པསཿ ཛཿ བཞེགས་ཤིག་མི་མངོན་དབྱིངས་ནས་བཞེངསཿ བསྐྱོད་ཅིག་ཁྲག་མཚོའི་དབྱིངས་ནས་བསྐྱོདཿ དོ་ནུབ་ནམ་


JLAZ011_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གུང་ཐུན་ལཿ དྲང་སྲོང་ཆེན་པོ་ལས་ལ་ཆོསཿ བདག་ལ་སྡང་བའི་དགྲ་བོ་འདིསཿ སངས་རྒྱས་བསྟན་པ་ཐབས་ཀྱིས་བཤིགཿ དཀོམ་མཆོག་དབུ་འཕང་ཟོལ་གྱིས་སྨདཿ དགེ་འདུན་དཀོར་འཕྲོག་དབེན་གནས་བཅོམཿ རྣལ་འབྱོར་བདག་ལ་ཕོད་དུ་བཙུགསཿ སྲུང་མ་ཁྱོད་ནི་ཁྱད་དུ་བསདཿ བྱང་ཆུབ་བསྒྲུབ་པའི་བྱ་བ་དངཿ གཞན་དོན་བྱེད་དུ་མ་སྟེར་རོཿ ཁྱོད་ལ་མཐུ་དང་རྩལ་ཡོད་ནཿ དམ་ཉམས་སྒྲོལ་བའི་དུས་ལ་བབཿ ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལཿ འབྱུང་བ་ཆུ་ཡང་གཉིད་ལོག་གིསཿ དེ་ཚེ་བླ་རྐུན་ཤན་པ་རྣམསཿ བྱ་གླག་གཟན་ལ་འཛུམ་པ་བཞིནཿ དགྲ་བོའི་ཡུལ་དུ་ལས་ལ་ཆོསཿ བསྐོས་པའི་ལས་ལ་ཁག་མ་འགེལཿ འགྱུ་བའི་དབུགས་ཆོད་ཚེ་སྲོག་རྔུབསཿ ཀི་ཀང་དལ་ཡམས་ཐོག་སེར་ཐོངསཿ རྭ་ཡི་མདའ་གཞུ་སྙིང་ལ་གཟེརཿ ལྟོ་ཞལ་འཇིགས་པས་བཅར་ཕོག་ཐོངསཿ ལོ་དང་ཟླ་བར་བཞག་ཐབས་མེདཿ ཞག་དང་ཟ་མར་མ་འགྱང་པརཿ དམ་ཉམས་དགྲ་བོ་མ་བསྒྲལ་ནཿ ཁྱོད་ཀྱི་མཐུ་རྩལ་རྫུན་དུ་ཟདཿ རྡོ་རྗེ་འཆང་གི་བཀའ་ཡང་བཅགཿ རིག་འཛིན་བརྒྱུད་པའི་དམ་ལས་འགལཿ རྣལ་འབྱོར་བདག་ཅག་ཡིད་རེ་བཅདཿ ཁྱེད་བརྟེན་བསྒྲུབ་པའི་དོན་ཡང་སྟོརཿ དེ་བས་དམ་ལ་


JLAZ011_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདའ་བརཿ སྡང་བའི་དགྲ་བོའི་བརླང་སྙིང་ཅནཿ གཏོར་མ་འདི་དང་མཉམ་དུ་བཞེསཿ སྙིང་ཁྲག་དམར་པོ་སྦར་གྱིས་ཆུསཿ བསད་རྟགས་དོན་སྙིང་དངོས་སུ་སྟོནཿ སྒོ་ང་བྲག་ལ་བརྡབས་པའམཿ ལོ་ཏོག་སེར་བས་བཅོམ་པ་བཞིནཿ སྐད་ཅིག་ཉིད་ལ་རྡུལ་དུ་རློགཿ མིང་ཙམ་མེད་པར་འཕུང་དུ་ཆུགསཿ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོདཿ ཧྲཱི་ཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་ཀེ་ཤ་ལ་ཛཿཛཿཧ་ཧཿ ཚལ་པ་ཚལ་པཿ ཉིགས་ཉིགསཿ ཞུང་ཞུངཿ ཆེ་གེ་མོའི་སྲོག་ལ་མཱ་ར་ཡ་རྦད་རྦདཿ ཅེས་བཟླ་ཞིང་བསྐུལ་བར་བྱའོཿ ས་མ་ཡཿ

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཚེ་རིང་མའི་སྲོག་དབང་སྦྱིན་པའི་སྐོར།


JLAZ011_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཚེ་རིང་མའི་སྲོག་དབང་སྦྱིན་པའི་སྐོར་གུཧྱཿ


JLAZ011_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ར་སི་ཧཱུྃཿ སྣང་སྲིད་མ་ལུས་མ་མོའི་དལཿ སྟོང་པའི་སྲོག་ལ་དབང་ཐོབ་ནཿ ལྷ་མོ་མ་བསྒྲུབས་རང་ལ་ཤརཿ ས་མ་ཡཿ བརྒྱུད་འཛིན་སློབ་བུ་དམ་ལྡན་ལཿ སྲོག་གཏད་སྦྱིན་པར་བྱ་བ་ནིཿ གཡའ་གངས་ནགས་ཁྲོད་དབེན་པ་ལསཿ གྲོང་ཡུལ་དག་ཏུ་མ་ཡིན་ནོཿ མ་དལ་པདྨ་འདབ་བཞི་འམཿ དར་རས་ཁ་གྲུ་མ་ཉམས་སྟེངཿ འབྲུ་དཀར་ཚོམ་བུ་ལྷ་གྲངས་བཀོདཿ དབུས་སུ་མཉྫིར་གོང་གནོན་གཏོརཿ བུམ་པས་བཏེག་པའི་འབྲང་རྒྱས་ལྡརཿ རྨ་བྱའི་མདོངས་དང་དར་སྣས་བརྒྱནཿ རང་རང་སྐུ་རྟེན་ཡོད་ན་བཙུགསཿ ལྷ་གནས་སོ་སོར་བཀོད་པའི་དབུསཿ མདའ་དར་སྣ་ལྔ་མེ་ལོང་ཤོཿ དོ་གལ་ཆེ་ན་བླ་རྡོའང་གདགསཿ མཐའ་སྐོར་མཆོད་གཏོར་བཟང་པོ་ནིཿ ཁ་ཟས་སྣ་ཚོགས་ཤིང་ཏོག་བརྒྱནཿ སྨན་རག་གཉེར་སྤྱོད་ཕྱེ་མར་དངཿ རྒྱ་ཕོར་དངུལ་ཕོར་དག་ཏུ་ནིཿ གསེར་སྐྱེམས་གཡུ་སྔོན་འབྲུ་བཅུད་དངཿ དཀར་ཆོལ་འོ་ཆོལ་སྨན་སྣས་བྲནཿ སྤྱན་གཟིགས་དཀོར་ཆ་མཐུན་རྫས་རྣམསཿ སློབ་བུའི་ལོངས་


JLAZ011_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྟེན་འབྲེལ་ལཿ ལྟོས་པས་ངེས་པར་གཅེས་པའོཿ དངོས་གཞི་བདག་བསྐྱེད་བཟླས་པའི་རྗེསཿ གཏོར་རྫས་ཡི་གེ་གསུམ་དང་ནིཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབཿ ཏིང་འཛིན་དམིགས་པའི་བརྟུལ་ཞུགས་བསྐྱེདཿ ཕྲིན་ལས་དཔག་བསམ་ཡོངས་འདུ་ཡིསཿ རྟེན་ལ་བོད་ཅིང་བསྟོད་པའི་མཚམསཿ ཏིང་འཛིན་འོད་ཟེར་དྲ་བས་བཅིངསཿ ཨོཾ་བཛྲ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ ཅི་ནུས་བཟླས་ཏེ་དབང་དུ་བསྡུཿ སླར་ཡང་བསྐང་གསོ་རྒྱས་པར་བྱཿ དེ་ནས་སློབ་མ་ཁྲུས་ནས་དབྱུངཿ བགེགས་དང་དབྲལ་ཞིང་སྲུང་འཁོར་སྒོམཿ ལོ་རྒྱུས་མཚམས་སྦྱོརཿ འདིར་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུང་ཞིངཿ དེ་འཛིན་གྱི་སྟོང་གྲོགས་མཛད་པའི་ཕྱིརཿ འོག་མིན་བདེ་བ་ཆེན་པོ་ན་དབྱིངས་ཀྱི་ཡུམ་ཆེན་མོཿ རང་བཞིན་སྤྲུལ་པའི་ཞིང་ཁམས་ན་གཙོ་དང་འཁོར་


JLAZ011_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་པར་བསྟན་པ་མཁའ་འགྲོ་མ་ཨེ་ཀ་ཙ་ཊི་སྤུན་དྲུག་དངཿ དེའི་བྲན་མོ་བཅུ་བཞིཿ གཡོག་མོ་ལྔ་བཅུ་རྩ་བརྒྱདཿ ཡང་གཡོག་འབུམ་ཁྲི་བདུན་སྟོང་ལ་སོགས་པཿ འཇིག་རྟེན་གྱི་ཁམས་སུ་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡ་ལས་དམ་ཅན་བསྟན་མ་བཅུ་གཉིས་སུ་བཞེངས་པ་ནིཿ སྔོན་གྱི་ཚེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱི་སྤྱན་སྔར་དབང་ནོད་དེ་བསྟན་པ་བསྲུང་བར་བཀའ་བསྒོསཿ བོད་དུ་བསྟན་པ་སྔ་དར་གྱི་ཚེ་སློབ་དཔོན་ཆེན་པོ་པདྨའི་ཞབས་ལ་བལ་བོད་ཀྱི་མཚམས་ཁ་ལ་རོང་སྒོར་མཐོ་བརྩམས་པ་ཕྱག་རྒྱ་གཉེན་པོའི་ཟིལ་འོག་ཏུ་སྤ་བཀོངས་པར་མཛད་ནས་གངས་ཅན་བོད་ཀྱི་ཡུལ་ལྷར་མངའ་གསོལཿ གསང་ཆེན་རྒྱ་མཚོའི་བསྟན་པ་སྐྱོང་བར་རྩིས་སུ་བབ་པའི་ནང་ཚན་ལས་འདིར་ཞིང་སྐྱོང་མཁའ་འགྲོའི་དབང་མོ་ཚེ་རིང་མཆེད་ལྔར་གྲགས་པ་ནིཿ ནང་དུ་རྣལ་འབྱོར་སྒྲུབ་པོ་ལ་སྙིང་ཉེ་ལ་བཀྲ་ཤིསཿ འཆི་མེད་ཀྱི་བཅུད་ལེན་སྟེར་བས་ཚེ་རིང་རྣམ་བཞིའི་ཕྲིན་ལས་ལ་མངའ་མཛད་པས་ཅི་བཅོལ་གྱི་ལས་རྣོ་ལ་མྱུརཿ ཕྱི་ལྟར་དུ་སྣོད་བཅུད་ཀུན་ལ་དབང་བསྒྱུར་བས་ཚན་ཆེཿ མདོར་ན་བསམ་དོན་གྱི་རེ་བ་སྐོང་བ་ལ་ཡིད་བཞིན་གྱི་ནོར་བུ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་སྲུང་མ་ཁྱད་པར་ཅན་འདི་ནི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་


JLAZ011_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་གི་ཆོས་སྡེ་ལས་ཕེབས་པ་ཡིན་ལཿ དེ་ཡང་འདི་ཉིད་ཤིན་ཏུ་བཀའ་གཉན་ཞིང་ཁྱབ་གདལ་དུ་སྟེར་བྱ་མ་ཡིན་པས་ཆོས་སྡེ་བྱིངས་གཏན་ལ་ཕེབས་ནས་ཀྱང་བགྲང་བྱའི་འཁོར་ལོ་བཅུ་ཕྲག་ཙམ་དུ་བཀའ་རྒྱ་མ་ཁྲོལཿ ཁྲིད་ཡིག་ཆེན་མོ་གཏན་ལ་ཕེབས་པ་ཙམ་ན་འོད་གསལ་གྱི་དབྱིངས་ནས་སྒྱུ་མ་སྤྲུལ་པའི་སྐྱེད་མོས་ཚལ་མཆོག་ཏུ་ཉམས་དགའ་བརཿ ཟངས་གཞོང་གི་རྣམ་པར་བརྟེན་པའི་རྫིང་བུ་དྭངས་གསལ་གྱི་ཆུས་མེར་གྱིས་ཁེངས་པའི་ནང་ནཿ ལྷ་མོའི་སྲོག་གི་ཁམས་བྱང་སེམས་དཀར་དམར་གྱི་གོང་བུ་འདར་བ་དང་འཕྲིགས་པའི་རྣམ་འགྱུར་ཅན་གཉིས་ཀུན་ནས་ཀུན་ཏུ་རྒྱུ་བ་ཞིག་རྨ་བྱ་གཞོན་ནུ་སྐྱེས་བུའི་ལུས་ཚད་ཙམ་པ་ལྔ་རུ་གྱུར་ནས་གཙུག་ཕུད་ནམ་མཁའ་ལ་གཡེངས་པའི་ཟློས་གར་རྩེསཿ སླར་དེ་ཡོངས་སུ་གྱུར་པ་ལས་སྨན་བཙུན་མཆེད་ལྔའི་རྣམ་ཆར་བསྟན་ནས་ཧི་ཧིའི་བཞད་སྒྲ་ཆེན་པོ་དང་བཅས་ལྐོག་གྱུར་གྱི་རྣམ་པ་རྡོ་རྗེའི་གླུར་བླངསཿ དངོས་སུའང་གཟུགས་མེད་པའི་སྒྲ་སྒྲོགས་པ་དང་ཕྱི་ནང་གསང་གསུམ་གྱི་བླ་རྡོའི་རྣམ་པའང་རང་དབང་དུ་གྱུར་པའི་རྟེན་འབྲེལ་ཟབ་མོས་གོ་ཕྱེ་ནས་ལྷ་མོའི་སྟོང་སྲོག་མཁའ་འགྲོ་སྙི་ལ་ཟིན་པ་ལྟ་བུར་བྱིན་པ་སྐབས་སུ་བབ་པ་ཡིན་པསཿ སློབ་དཔོན་གྱི་བྱ་བ་སྔོན་དུ་སོངཿ སློབ་མའི་བྱ་བ་མཎྜལ་འབུལཿ


JLAZ011_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསོལ་བ་གདབ་པ་ནིཿ བདེ་གཤེགས་དཔལ་གྱི་བཀའ་སྡོད་ཆེཿ མཐུ་ལྡན་ཞིང་སྐྱོང་མཁའ་འགྲོ་མའིཿ སྲོག་དབང་བདག་ལ་སྩལ་དུ་གསོལཿ ལན་གསུམཿ སློབ་དཔོན་གྱིསཿ འདི་ནི་ཤིན་ཏུ་བཀའ་གཉན་པསཿ སྲོག་དང་དམ་ཚིག་བསྲེ་ནུས་སམཿ རྟག་ཏུ་གསོལ་ཀར་བརྩོན་ནུས་སམཿ སློབ་མསཿ དམ་ཚིག་གཉན་པོ་གང་ཡིན་པཿ ནམ་ཡང་བཏང་བར་མི་འགྱིད་དོཿ ཕུད་སྐྱེམས་ནས་ཧུབ་གཅིག་སློབ་མར་བྱིན་ཏེཿ མ་མོ་ཁྱོད་ལ་གཏད་པར་བྱཿ ད་ལྟ་རྗེ་མོའི་ཚུལ་དུ་སྒྲུབསཿ རྟག་ཏུ་གྲོགས་ཀྱི་དམ་ཚིག་སྲུངསཿ ནམ་ཞིག་བྲན་དུ་ཁོལ་གྱུར་ཅིགཿ ས་མ་ཡཿ བཛྲ་རཀྵནྟུཿ ཞེས་དམ་བསྲེ་བྱཿ དེ་ནས་སྐྱབས་སེམས་སྡོམ་པ་བཟུངཿ སློབ་དཔོན་སྣང་སྲིད་ཟིལ་གནོན་དུ་གསལ་བ་ལ་མོས་གུས་དུང་དུང་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་མེ་འོད་ལྟ་བུ་བྱུངཿ སློབ་མ་ལ་ཕོགཿ ཐ་མལ་གྱི་སྒོ་གསུམ་སྦྱངསཿ འོད་ཀྱི་རྣམ་པར་གྱུརཿ དེ་ཡོངས་སུ་གྱུར་པ་ལས་སློབ་མ་དཔལ་ཆེན་པོ་ཞལ་གསུམ་ཕྱག་དྲུགཿ གཟི་བྱིན་བཟོད་པར་དཀའ་བཿ རུ་ལུའི་གད་རྒྱངས་སྒྲོགས་པའི་རྣམ་པར་གྱུར་པར་བསམས་ལ་ང་རྒྱལ་འཛིན་དུ་འཇུགཿ རུ་ལུའི་འཛབ་ཀྱིས་བྱིན་དབབཿ གོང་གནོན་གྱི་དཔལ་གཏོར་ལྷར་གསལ་བའི་སྤྱི་བོར་བཞག་སྟེཿ རིགས་འདུས་ཁྲག་འཐུང་དཔལ་ཆེན་པོཿ གཉེན་པོ་སྟོབས་


JLAZ011_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་བསྐུར་རོཿ ཅི་བཅོལ་བཀའ་བཞིན་ཉན་པར་ཤོགཿ ལྟ་བ་གྱབ་ཀྱི་དབང་བསྐུར་རོཿ སྟོང་བའི་སྲོག་ལ་དབང་ཐོབ་ཤོགཿ རུ་ལུའི་རྩ་སྔགས་མཐརཿ དྷརྨ་དྷཱརྟུ་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་བརྗོད་ཅིང་གཏོར་མའི་ལྷ་སློབ་མར་ཐིམ་པར་མོསཿ དེ་ནས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོསཿ མཁའ་འགྲོ་ལྔའི་སྙིང་གར་བཾ་དང་ཧ་རི་ནི་ས་གནས་པ་ལ་རེག་པས་རྒྱུད་བསྐུལཿ སློབ་མའི་བྱ་བ་སྒྲུབ་པ་ལ་མ་བུའི་འདུ་ཤེས་ཀྱི་གདུང་བ་དྲག་པོ་སྐྱེས་པའི་མོས་པ་མཛོདཿ ཅེས་བརྗོད་ལ་གཙོ་མོའི་གཏོར་མ་དང་མདའ་དར་ལག་ཏུ་གཏད་ལཿ སྨན་བཙུན་བཀྲ་ཤིས་ཚེ་རིང་མཿ རྡོ་རྗེ་ཀུན་ཏུ་བཟང་མོ་ནིཿ སོགས་ནསཿ མཛེས་སྡུག་མཉམ་པའི་སྟབས་ཀྱིས་བཞེངསཿ སྐལ་ལྡན་བུ་ལ་དབང་བསྐུར་རོཿ ཨོཾ་བཛྲ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ མདུན་གྱི་འབྲང་རྒྱས་དང་མེ་ལོང་གཏད་ལཿ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མཿ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོཿ མཐིང་གི་ཞལ་བཟང་པྲའི་ལྷ་མོསཿ བུ་ལ་ཉེ་བར་མཛད་དུ་གསོལཿ ཨོཾ་བཛྲ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ གཡས་ཀྱི་འབྲང་རྒྱས་དང་གཏེར་བུམ་གཏད་ལཿ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མཿ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོཿ ཅོད་པཎ་མགྲིན་བཟང་ནོར་གྱི་ལྷསཿ བུ་ལ་ཉེ་བར་མཛད་དུ་


JLAZ011_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གསོལཿ ཨོཾ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ རྒྱབ་ཀྱི་འབྲང་རྒྱས་དང་ནོར་གཞོང་གཏད་ལཿ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མཿ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོཿ མི་གཡོ་གླང་བཟང་ཟས་ཀྱི་ལྷསཿ བུ་ལ་ཉེ་བར་མཛད་དུ་གསོལཿ ཨོཾ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ གཡོན་གྱི་འབྲང་རྒྱས་དང་དངུལ་ཕོར་འོ་མས་གང་བ་གཏད་ལཿ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མཿ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོཿ གཏལ་དཀར་འགྲོ་བཟང་ཕྱུགས་ཀྱི་ལྷསཿ བུ་ལ་ཉེ་བར་མཛད་དུ་གསོལཿ ཨོཾ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ དེ་ནས་སྲོག་སྙིང་བྱིན་པ་ནིཿ སློབ་དཔོན་ལ་མོས་གུས་དུང་བ་དང་དམ་ཚིག་ལ་སྲོག་ཏུ་ལྟ་བའི་འདུ་ཤེས་ཀྱིས་རྐྱེན་བྱས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོསཿ མཁའ་འགྲོ་ལྔའི་སྙིང་གར་བཾ་དང་ཧ་རི་ནི་ས་གནས་པ་ལྕགས་ཀྱུས་དྲངས་པ་བཞིན་འུབ་ཀྱིས་བསྡུས་པས་བརྟན་པ་དང་བྲལ་ཏེ་སྲོག་དམར་ནར་གྱིས་སྐྱགས་པ་སློབ་མའི་ཞལ་དུ་བཞུགསཿ སྙིང་གར་ཐིམས་པས་ཅི་བཅོལ་གྱི་ལས་ཐོགས་མེད་དུ་སྒྲུབ་པར་མོས་ལཿ གོང་གནོན་གྱི་སྙིང་པོས་སྣ་དྲངསཿ ཁྱད་པར་གྱི་སྲོག་སྙིང་རྗེས་ཟློས་ལན་གསུམ་བྱར་གཞུགཿ འདི་ནི་ཤིན་ཏུ་བཀའ་གཉན་པསཿ རྒྱུད་འཛིན་སློབ་བུ་དམ་ཚིག་ཅནཿ གཅིག་ལ་ཆིག་


JLAZ011_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ལས་མ་སྤེལཿ ས་མ་ཡཿ དེ་ནས་གཏོར་མ་ཕྱག་མཚན་དང་བཅས་པ་སྣོད་གཅིག་ཏུ་བྱས་ལ་སློབ་མར་གཏད་ལཿ ཧཱུྃཿ བཞེངས་ཤིག་ཆོས་སྐུའི་ཀློང་ཡངས་ལསཿ བསྐྱོད་ཅིག་ལོངས་སྤྱོད་རྫོགས་པའི་མཿ དགོངས་ཤིག་སྤྲུལ་པའི་གནས་མཆོག་འདིརཿ དམ་ཚིག་གཉན་པོ་གཅིག་ཏུ་བསྲེཿ འདའ་དཀའི་ཆད་ཐོ་གཉེར་དུ་ལོངསཿ རྒྱལ་དབང་པདྨ་ཐོད་ཕྲེང་དངཿ ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱིཿ ཆོས་རྒྱུད་ཆགས་པའི་རྣལ་འབྱོར་ལཿ གྲོགས་པོར་གཏད་དོ་གཞུང་མ་ངནཿ མཛའ་མོར་གཏད་དོ་ཁྲེལ་མ་ཆུངཿ བྲན་དུ་གཏད་དོ་རྐང་མ་ངནཿ སྲུང་མར་གཏད་དོ་མཐུ་མ་ཆུངཿ ཅི་ལྟར་བཅོལ་བའི་ལས་རྣམས་སྒྲུབསཿ བཛྲ་ས་མ་ཡ་རཀྵནྟུ་ཧཱུྃ་ཛཿ ཞེས་བརྗོད་བྲན་དུ་ཁས་བླང་བསམཿ གཏོར་མ་དང་ནི་ནང་མཆོད་ནསཿ ཆ་ཤས་དམ་ཚིག་འདྲེས་ཕྱིར་བྱིནཿ སློབ་མས་ཐ་ཚིག་འདི་ལྟར་བླངཿ མཁའ་འགྲོ་སྲོག་ཏུ་བཙའ་བར་བགྱིཿ འབར་བ་གསུམ་གྱི་དངོས་གྲུབ་སྩོལཿ སྨན་མོ་གྲོགས་སུ་བསྒྲུབ་པར་བགྱིཿ འདུ་བ་གསུམ་གྱི་དངོས་གྲུབ་སྩོལཿ རྟག་དུ་གསོལ་ཀར་བརྩོན་པར་བགྱིཿ གཡེལ་དང་ཞུད་དང་ཆད་པའི་ལསཿ ནམ་ཡང་བདག་གིས་མི་འགྱིད་དོཿ ཞེས་བརྗོད་མཁའ་འགྲོ་མཆེད་ལྔ་ཡངཿ དགྱེས་ཆགས་ངང་ལ་འོད་དུ་ཞུཿ སློབ་བུར་རོ་གཅིག་འདྲེས་པར་བསམཿ ཆོས་ཉིད་གཤིས་ལ་མི་གཡོ་བཿ མ་མོ་འབུམ་


JLAZ011_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྟོང་སྲོག་དབངཿ ས་མ་ཡཿ གངས་ཅན་བོད་ཀྱི་ཡུལ་ལྷ་ཡིནཿ སུས་བརྟེན་དངོས་གྲུབ་སྣ་རེ་ཐོབཿ རྡོ་རྗེ་ཐེག་པའི་བཀའ་སྲུང་ཡིནཿ རྣལ་འབྱོར་ཡོངས་ལ་སྙིང་ཡང་ཉེཿ སྙིང་ཏིག་གཉེན་པོའི་སྲུང་མ་སྟེཿ ཚར་གཅོད་རྗེས་འཛིན་རྣོ་ལ་མྱུརཿ པདྨ་ང་ཡི་བཀའ་སྲུང་འདིཿ ཆོས་རྒྱུད་འཛིན་པའི་སློབ་བུ་ལསཿ གཞན་དུ་སྤེལ་ན་མགོ་བོ་ཁོསཿ གུཧྱཿ དྷ་ཐིམཿ འཁྲུལ་པའི་སྣང་ཆ་ལ་བསྟན་མ་ཆེན་མོ་མི་མོའི་རྣམ་ཆར་བཞེངས་ནས་ལུང་བསྟནཿ དེའི་རྗེས་འབྲེལ་དུ་བླ་རྡོ་སྨུག་པོ་ནོར་གཞོང་དབྱིབས་དགའ་འཁྱིལ་གྱིས་མཚན་པ་དངཿ འདོད་འཇོ་བའི་རྨིག་རྗེས་རང་བྱོན་བཻ་རོ་དྷའི་ཆོ་ལོ་སོགས་བསྟན་མ་ཆེན་མོའི་མཐུ་དབང་གིས་་རང་གིར་མཛད་ཅིངཿ ལོ་རྒྱུས་སུ་བཀོད་པ་ལྟར་འགྲོ་བའི་མགོན་པོ་ཀུ་མཱ་ར་ཛ་ཞལ་གཟིགས་པའི་རྟེན་འབྲེལ་འགའ་ཞིག་གིས་མཚམས་སྦྱར་ནས་ལྷ་མོའི་དམ་ཚིག་གི་སྲོག་ལ་དབང་ཐོབ་པའི་ཚེ་གཏན་ལ་ཕབ་པ་གཏེར་ཁ་གོང་འོག་གི་བསྟན་མ་དང་རྣལ་འབྱོར་དབང་ཕྱུག་བཞད་པ་རྡོ་རྗེ་ལས་བརྒྱུད་པའི་སྲོག་རྣམས་ཀྱང་ཆུ་བོ་གཅིག་ཏུ་འདྲེས་པ་ཡིན་ནོཿ

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བཀའ་སྲུང་སྨན་བཙུན་མཆེད་ལྔའི་ཕྲིན་ལས་དཔག་བསམ་ཡོངས་འདུ།


JLAZ011_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བཀའ་སྲུང་སྨན་བཙུན་མཆེད་ལྔའི་ཕྲིན་ལས་དཔག་བསམ་ཡོངས་འདུ་བཞུགསཿ


JLAZ011_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཁའ་འགྲོའི་སྐུ་ལ་འདུདཿ ཕྱི་ལྟར་སྨན་བཙུན་མཆེད་ལྔ་ལཿ ནང་ལྟར་རིགས་ལྔའི་ཌཱཀྐི་ནིཿ གསང་བ་དབྱིངས་ཀྱི་ཡུམ་ཆེན་མོཿ བཀའ་སྲུང་སྨན་མོ་ལྟར་སྒྲུབ་པའིཿ ཕྲིན་ལས་དཔག་བསམ་ཡོངས་འདུ་བསྟནཿ ས་མ་ཡཿ ཤིན་ཏུ་ཡིད་འོང་དབེན་པའི་གནསཿ ནགས་ཚལ་མེ་ཏོག་བཀྲ་བའི་སརཿ འཁར་བའི་མེ་ལོང་ཆེ་ལེགས་སྟེངཿ རང་བྱུང་ལི་ཁྲིའི་ཐིག་ལེ་བསྐུསཿ དབུས་མདུན་ནས་བརྩམས་གཡས་བསྐོར་དུཿ བཾ་དང་ཧ་རི་ནི་ས་བྲིསཿ དེ་སྟེང་རང་བྱུང་ཤེལ་དཀར་དངཿ རྨ་བྱའི་སྒྲོ་མདོངས་དུང་གི་ཤྭཿ གཡུ་བྱང་མིག་མེད་ས་ལེ་སྦྲམཿ རིན་ཆེན་སྣོད་བླུགས་ལྡིང་གུར་ཕུབཿ ཉེར་སྤྱོད་སྨན་གཏོར་རཀྟ་དངཿ བཟའ་བཏུང་སྣ་ཚོགས་མཐར་བསྐོར་བཀྲམཿ རིག་འཛིན་བླ་མའི་ས་མ་དྷིསཿ ཀྱཻཿ རང་སྣང་འོད་སྣང་འོད་གསལ་སྦྲུལ་བའི་གནསཿ ཁོར་ཡུག་གངས་རིའི་ཕྲེང་བ་ཅནཿ ཤིན་ཏུ་ཡིད་འོང་སྐྱེད་མོས་ཚལཿ ནེའུ་སེང་མེ་ཏོག་བཀྲ་བའི་དབུསཿ རིན་ཆེན་གཡུ་ཡི་ཁང་བཟང་ནིཿ དྭངས་གསལ་ཤེལ་གྱི་ཐེམ་སྐས་ཅནཿ བྱི་རུའི་ཁ་བད་མཛེས་པའི་ཀློངཿ སྣ་ཚོགས་རཏྣའི་ཁྲི་སྟེངས་སུཿ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མཿ རིག་འཛིན་ཡོངས་སྒྲུབ་སྡེ་མོཿ སྨན་བཙུན་བཀྲ་ཤིས་ཚེ་རིང་མཿ རྡོ་རྗེ་ཀུན་ཏུ་བཟང་མོ་ནིཿ དཀར་དམར་མཛེས་པའི་ལང་ཚོ་ཅནཿ ཕྱག་གཡས་ཡིད་བཞིན་ནོར་བུ་དབངཿ གཡོན་པ་མདའ་དར་དུང་ཤོ་ཅནཿ སྲིད་གསུམ་གསལ་བའི་མེ་ལོང་འཛིནཿ དར་དཀར་ན་བཟའ་གསར་པའི་སྟེངཿ རྨ་བྱའི་སྒྲོ་ཐུལ་གཡང་ལུགས་


JLAZ011_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གསོལཿ རཏྣའི་པྲོག་ཞུ་དར་ཐོད་ཅནཿ མཛེས་སྡུག་མཉམ་པའི་སྟབས་ཀྱིས་བཞེངསཿ མདུན་དུ་མཐིང་གི་ཞལ་བཟང་མཿ སྣང་གསལ་པྲ་ཡི་མེ་ལོང་འཛིནཿ གཡས་སུ་ཅོད་པན་མགྲིན་བཟང་མཿ རིན་ཆེན་གཏེར་གྱི་བུམ་པ་བསྣམསཿ རྒྱབ་ཏུ་མི་གཡོ་གླང་བཟང་མཿ རྨ་གཡང་ནོར་གྱི་གཞོང་པ་འཛིནཿ གཡོན་དུ་གཏལ་དཀར་འགྲོ་བཟང་མཿ དངུལ་སྐྱོགས་འོ་མས་གང་བ་བསྣམསཿ ཀུན་ཀྱང་གཡོན་པས་རང་རྟགས་ལཿ གཡས་པས་མདའ་དར་གཡོབ་པའི་ཚུལཿ དར་དཀར་ན་བཟའ་གཡང་ལུགས་གསོལཿ རིན་ཆེན་སྣ་ཚོགས་དོ་ཤལ་མཛེསཿ གཡོན་བསྐུམ་གར་གྱི་སྟབས་སུ་འགྱིངཿ མཐའ་སྐོར་སྤྲུལ་པ་ཡང་སྤྲུལ་དངཿ ཉིང་སྤྲུལ་བྲན་གཡོག་བསམ་མི་ཁྱབཿ གཙོ་མོའི་ཐུགས་ལས་འོད་འཕྲོས་པསཿ ནུབ་ཕྱོགས་ཨོ་རྒྱན་མཁའ་སྤྱོད་ཞིངཿ གནས་ཡུལ་དུར་ཁྲོད་ལྷའི་འདུན་སཿ གངས་ཆེན་ཤེལ་གྱི་ཟུར་ཕུད་སོགསཿ མ་ངེས་པདྨའི་སྒྲུབ་གནས་དངཿ རང་བཞིན་སྤྲུལ་པའི་གནས་མཆོག་ནསཿ སྤྱན་འདྲེན་གནས་འདིར་ད་ཚུར་བྱོནཿ བཛྲ་པྲ་མོ་ཧ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ ཧཱུྃཿ བཞེངས་ཤིག་ཆོས་སྐུའི་ཀློང་ཡངས་ལསཿ བསྐྱོད་ཅིག་ལོངས་སྤྱོད་རྫོགས་པའི་མཿ དགོངས་ཤིག་སྤྲུལ་པའི་


JLAZ011_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཆོག་འདིརཿ དམ་ཚིག་གཉེན་པོས་ད་ཚུར་བྱོནཿ འདའ་ཀ་རྡོ་རྗེའི་གདན་ལ་བཞུགསཿ ཉམས་ཆག་སྐོང་ཞིང་ཞིག་རལ་གསོཿ སྲོག་དང་དམ་ཚིག་གཅིག་ཏུ་བསྲེཿ བརྟན་པར་བཞུགས་ལ་དངོས་གྲུབ་སྩོལཿ ས་མ་ཡཿ ཏིཥྛ་ལྷནཿ ཧཱུྃཿ བདེ་ཆེན་ཆོས་སྐུའི་ཀློང་ཡངས་ལསཿ ཞེན་མེད་རང་གྲོལ་མཆོད་པའི་སྤྲིནཿ ཉེར་སྤྱོད་འདོད་པའི་ཡོན་ཏན་དངཿ བཏུང་བ་སྣ་ཚོགས་མཚོ་ལྟར་བསྐྱིལཿ སྨན་གཏོར་རཀྟ་ཕྱེ་མར་སྤོདཿ སྐྱེད་ཚལ་ཟས་གོས་དཀོར་ནོར་རྫསཿ ཤ་རྐྱང་མ་ཧེ་འདོད་འཇོའི་བཿ རྫུ་འཕྲུལ་ཤུགས་ལྡན་དྲེའུ་སྔོཿ རླུང་གི་རྩལ་ལྡན་ཅང་ཤེས་རྟཿ སྤོས་ཀྱི་གླང་པོ་འབྲོང་གཡག་ཞོལཿ སྣ་ཚོགས་དར་གྱི་འཕུར་ལྡིང་གཡོཿ རྔ་མའི་ལྡིང་གུར་འཇའ་རིས་འཁྱིལཿ རྨ་བྱ་ཟློས་གར་བསྒྱུར་བ་དངཿ བྱ་ནག་མཆུ་སེར་ལ་སོགས་པཿ མདོར་ན་སྨན་མོ་མཉེས་པའི་རྫསཿ མ་ཚང་མེད་པ་མཆོད་པའི་སྤྲིནཿ མིག་འཕྲུལ་ལྟ་བུའི་ཏིང་འཛིན་གྱིསཿ ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལཿ དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐངཿ རྡོ་རྗེ་བདུད་མོའི་ཐུགས་དམ་བསྐངཿ ཚེ་རིང་མཆེད་ལྔའི་ཐུགས་དམ་བསྐངཿ སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐངཿ ཐུགས་དམ་བསྐངས་ལ་ཉམས་ཆག་སོལཿ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱིཿ


JLAZ011_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ལོག་ན་དབྱིངས་སུ་གསོཿ སྒོམ་པ་ཡེངས་ན་རིག་པས་སྐྱོངཿ སྤྱོད་པ་ནོར་ན་ཚོགས་ཀྱིས་བསྐངཿ སྲོག་ལ་བདུད་དུ་མ་འབེབ་ཅིགཿ སྙིང་ལ་རླུང་དུ་མ་འཇུག་ཅིགཿ དབྱིངས་ཀྱི་རྗེ་མོ་མ་གཡེལ་ཅིགཿ འཁོར་གྱི་རྣམ་རྟོག་མ་འཁྲུལ་ཅིགཿ ཁྱོད་ནི་འཁོར་འདས་ཀུན་གྱི་བདགཿ དགའ་ན་གདོད་མའི་སངས་རྒྱས་སྟོནཿ ཁྲོས་ན་གཟའ་སྐར་ཐང་ལ་འབེབསཿ སྣོད་བཅུད་འབྱུང་བའི་བྱེད་པ་མོཿ དུས་བཞི་ཀུན་གྱི་དྲོད་ཀྱང་འཛིནཿ བཀའ་གསང་གཉེན་པོའི་བྱ་ར་མཛདཿ མཐུ་རྩལ་ཅན་ལ་བདག་བསྟོད་དོཿ ༈ རྒྱལ་དབང་པདྨ་ཐོད་ཕྲེང་དངཿ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུཿ བསྟན་པ་བསྲུང་བར་ཁས་བླངས་བཞིནཿ ཐེག་མཆོག་རྫོགས་པ་ཆེན་པོ་དངཿ ཁྱད་པར་འོད་གསལ་སྙིང་ཐིག་འདིའིཿ བསྟན་པ་ཡར་ངོའི་ཟླ་ལྟར་སྤེལཿ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་དངཿ མཛད་ཕྲིན་ནམ་མཁའི་ཕ་མཐར་བརྡོལཿ བརྒྱུད་འཛིན་སློབ་མ་བུ་བཞིན་སྐྱོངསཿ བསྟན་པའི་སྦྱིན་བདག་མངའ་ཐང་བསྐྱེདཿ གངས་ཅན་བོད་ཀྱི་རྒྱལ་ཁམས་སུཿ ནད་ཁ་ཆོད་ལ་དལ་ཁ་སྤོསཿ དགྲ་ཁ་བསྒྱུར་ལ་མཚོན་རྩེ་ཐུལཿ ཆར་ཆུ་དུས་ཕོབས་བཙའ་ཐན་སོགསཿ མི་མཐུན་དུས་ཀྱི་རྒུད་པ་སོལཿ མདོར་ན་ཡིད་ལ་གང་འདོད་པའིཿ བསམ་དོན་


JLAZ011_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པར་མཛོདཿ ཅེས་བརྗོད་འོད་ཟེར་དྲ་བས་བཅིངསཿ འདོད་དོན་མངོན་དུ་སྒྲུབ་པར་བསམཿ བཾ་ཧ་རི་ནི་ས་བཛྲ་པྲ་མོ་ཧ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ ཅེས་བཟླ་ཏིང་འཛིན་གནད་ནས་བསྐུལཿ མཐའ་བསྒྱུར་གབ་ཡིག་བཞིན་དུ་བྱཿ ལས་ཀུན་འགྲུབ་པར་ཐེ་ཚོམ་མེདཿ འདི་ཉིད་ཤིན་ཏུ་སྙིང་ཉེ་བསཿ ཀུན་ལ་སྦྱིན་པར་མི་བྱའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བཀའ་སྲུང་སྨན་བཙུན་མའི་གསང་བའི་གབ་ཡིག་དོན་ཡོད་ཞགས་པ།


JLAZ011_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བཀའ་སྲུང་སྨན་བཙུན་མའི་གསང་བའི་གབ་ཡིག་དོན་ཡོད་ཞགས་པ་བཞུགསཿ


JLAZ011_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱཀྐི་ལ་ན་མོཿ གབ་ཡིག་ཤིན་ཏུ་གསང་བ་ནིཿ གཙོ་མོ་ལ་བརྟེན་བརྒྱུད་སྤེལ་ནཿ མར་ལ་ཁྱེའུའི་གཟུགས་བཅོས་ལཿབཟང་པོའི་འདུག་སྟངས་ཀྱིས་ལངས་པའི་ལག་གཉིས་པུས་མོའི་སྟེང་མཆོག་སྦྱིན་བྱས་པའོ། །སྙིང་ཁར་གཡུ་བྱང་ནྲྀས་མཚན་གཞུགཿ རྩ་སྔགས་ཤམ་བུར་འདི་བཏགས་བསྟེནཿ པུ་ཏྲ་སིདྡྷི་ས་མ་ཡ་ཧཱུྃཿ ཞེས་བཏགས་འོད་ཟེར་སྤྲོ་བསྡུ་ཡིསཿ བར་དོའི་རྣམ་ཤེས་བླ་གཡུར་བསྟིམཿ བླ་རྟགས་ཤེལ་དང་དུང་མགྲོན་གཡུཿ མདའ་འཕང་རྨིས་ཚེ་གྲུབ་པའི་རྟགསཿ གཏང་རག་གཏོང་ཞིང་བླ་གཡུ་ནིཿ དཔལ་ཅན་གཞོན་ནུའི་མགུལ་དུ་གདགསཿ གཟུགས་བརྙན་སྐྱེས་པས་ལོངས་སྤྱོད་ཅིངཿ ཁྱེའུས་ཞུས་དང་ཏོག་གཟུངས་འདོནཿསོ་འབྲང༌། ས་མ་ཡཿ མཐིང་གི་ཞལ་བཟང་ལ་བརྟེན་ནསཿ པྲ་སྒྲུབ་འཕྲུལ་གྱི་ལྡིང་ཁང་ནིཿ མེ་ལོང་ངོས་ལ་སིན་དྷུ་རསཿ བཛྲ་པྲ་མོ་ཧ་ཞེས་བྲིཿ མདའ་དར་མར་གྱི་ལྷ་གཡག་དངཿ གསེར་སྐྱེམས་གཡུ་སྐྱེམས་ཕྱེ་མར་སོགསཿ མཐུན་རྫས་བཟང་བཤམ་རྩ་སྔགས་ཤམཿ ཀ་ར་ཀ་ར་དང་ར་དང་ར་ཐི་སེ་ཐི་སེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ་སྭཱ་ཧཱཿ ཞེས་བཟླས་པྲ་མོའི་ཐུགས་བརྒྱུད་བསྐུལཿ པྲ་རྟེན་ཁྱེའུ་ཕོ་མོའམཿ ཡང་ན་རིགས་གཙང་རྒན་ཡང་རུངཿ དཔྲལ་བར་ལི་ཁྲིའི་ཐིག་ལེ་བསྐུཿ མིག་ལ་སྔགས་བཏབ་མེ་ལོང་བལྟཿ སྣང་སྲིད་གསལ་ཞིང་དུས་གསུམ་ཤེསཿ ས་མ་ཡཿ ཅོད་པན་མགྲིན་བཟང་ལ་བརྟེན་ནསཿ ལོ་འབྲས་བཅུད་ཉམས་གསོ་བ་ནཿ གས་ཆག་མེད་པའི་རྫ་བུམ་ནངཿ བཟང་པོའི་འབྲུ་སྣ་དུག་བྲལ་སྨནཿ ཤིང་ཏོག་རྩི་ཏོག་སྙིང་པོ་ལྔཿ གསེར་རམ་མཚལ་


JLAZ011_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཐིང་ཤོག་ལཿ ནམ་མཁའ་མཛོད་ཀྱི་སྔགས་བྲིས་རྣམསཿ བླུགས་ལ་རས་དཀར་གསར་པས་གཡོགསཿ གསོལ་མཆོད་བྱ་ཞིང་རྩ་སྔགས་ཤམཿ བྷྲཱུཾ་རཏྣ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཟླས་འབྱུང་བ་ལྔའི་ཁམས་ནསཿ བཀྲག་མདངས་བཅུད་བསྡུས་བུམ་པར་བསྟིམཿ འོད་ཁའི་དཀྱིལ་ལམ་གཡའ་སྤང་མཚམསཿ སྦ་ཞིང་སྨན་བཙུན་མཉེས་པར་བསམཿ ཡུལ་ཁྲུས་བྱ་ཞིང་དཀར་མངར་སྐྱེམསཿ ཕྱོགས་མཚམས་ཀུན་ཏུ་གཏོར་བྱས་ནཿ བཙའ་སད་འབུ་སྲིན་མི་འབྱུང་ངོཿ ས་མ་ཡཿ མི་གཡོ་གླང་བཟང་ལ་བརྟེན་ནསཿ ཟས་ནོར་འདུ་བ་རྒྱས་འདོད་ནཿ དཀར་གསུམ་མངར་གསུམ་སྨན་དང་སྤོདཿ བསྲེས་པའི་བསང་ཕྱེ་གཙང་མ་ལཿ སྒྲུབ་གཏོར་ནོར་བུའི་མིག་གསུམ་དབྱིབསཿ རྒྱན་གྱིས་མཛེས་པའི་མཐའ་སྐོར་དུཿ སྲིད་པའི་ལོངས་སྤྱོད་སྣ་ཚོགས་བཤམཿ མདའ་མོ་བྱ་རྒོད་སྒྲོ་ལྡན་ལཿ དར་དམར་བཏགས་པ་རྒྱབ་ཏུ་བཙུགསཿ དལ་མདུན་བཀོད་ལ་རྩ་སྔགས་ཤམཿ ལོ་ཀ་སིདྡྷི་སརྦ་པཱ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཟླས་འོད་ཟེར་སྤྲོ་བསྡུ་ཡིསཿ སྣང་སྲིད་འོད་དུ་ལྟེམ་གྱིས་ཞུཿ རང་ལ་ཐིམ་པས་ཟས་ནོར་དངཿ ལྷ་འདྲེ་མི་གསུམ་དབང་འདུས་དམིགསཿ བདག་གཞན་དུ་མ་རོ་གཅིག་བསྲེཿ ཐེ་ཚོམ་མེད་དོ་ས་མ་ཡཿ གཏལ་དཀར་འགྲོ་བ་བཟང་ལ་བརྟེན་ནསཿ ཕྱུགས་ཀྱི་དངོས་གྲུབ་སྤེལ་འདོད་ནཿ ཁམ་སར་རིན་པོ་ཆེ་བརྡར་ཏེཿ འོ་མས་སྤྲུས་པའི་འཇིམ་པ་ལཿ ཤ་བ་ལ་ཞོན་སྨན་མོའི་གཟུགསཿ པང་ན་བེའུ་འཚོ་བའི་མཐའཿ རྐང་བཞིའི་ཚོགས་ཀྱིས་བསྐོར་བ་བཟོསཿ ནམ་མཁའ་ཁ་དོག་ལྔ་


JLAZ011_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དངཿ མཐུན་པའི་མདའ་འཕང་ཤིང་རིས་བཀོདཿ མཐུན་རྫས་དཀོར་ཆ་སྣ་ཚོགས་བཀྲམཿ ཕྲིན་ལས་གཞུང་བསྲང་དབྱེར་མེད་བསྟིམཿ རྩ་སྔགས་ཤམ་བུར་འདི་བཏགས་བཟླསཿ གུ་ཧ་ཏ་ན་སརྦ་སིདྡྷི་སྭཱ་ཧཱཿ ཞུན་མཚམས་གསོལ་ཀ་དྲག་ཏུ་འབདཿ གྲུབ་ནས་འབྲོག་གནས་ལྷས་མའམཿ ཡང་ན་བང་མཛོད་ཕུགས་སུ་སྦཿ ར་བ་བཞི་ཡི་བཅོ་ལྔ་ལཿ གསོལ་ཀ་བྱ་ཞིང་ཁྱད་པར་དུཿ དབྱར་སྟོན་གསོལ་མཆོད་ནར་མར་བྱཿ དྲེགས་པ་མཆོད་དང་བསྟོད་པས་འགྲུབཿ རྐང་བཞི་འཕེལ་ཞིང་གོད་ཁ་ཆདཿ ས་མ་ཡཿ སྤྱི་ལ་བརྟེན་པའི་ལས་ཚོགས་ལྔཿ མི་ཕྱུགས་ནད་ཡམས་ཞི་འདོད་ནཿ བྷནྡྷ་དུམ་བུ་གསུམ་པའི་ནངཿ སྨན་མོའི་གཟུགས་སམ་རྩ་སྔགས་གཞུགཿ བདུད་རྩི་བླུགས་ལ་མཆོད་སྨན་བྲནཿ སྲིད་པ་མ་མོའི་དལ་དུ་དམིགསཿ འཕྲིན་ལས་གཞུང་བསྲང་མཆེད་ལྔ་བསྐྱེདཿ བདུད་རྩིའི་སྟེང་དུ་རིགས་ལྔ་རྣམསཿ མཉམ་པར་སྦྱར་བའི་མཁའ་ཀློང་ནསཿ བྱང་སེམས་བབ་པས་འབྱུང་འཁྲུགས་དུགཿ གཞིལ་ཏེ་བདེ་སྟོང་རྩལ་འབར་བསཿ ནད་རིམས་དལ་ཁ་གཅོད་པར་དམིགསཿ ཨོཾ་ཧཱུྃ་ཏྲཱཾཿཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾཿ བཛྲ་པྲ་མོ་ཧ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱཿ ཞེས་བཟླས་དམ་ཚིག་གཅིག་ཏུ་བསྲེསཿ བདུད་རྩི་མི་ཕྱུགས་ཀུན་གྱིས་བཏུངཿ ཡང་ན་ཟན་གྱི་རིལ་བུ་དྲིལཿ གླ་རྩི་ཧོང་ལེན་ཤུ་དག་བཅསཿ ཐུམ་བུར་གྲིལ་ཏེ་རྭ་ལ་གདགསཿ གོད་ནད་བསྲུང་བར་ཐེ་ཚོམ་མེདཿ ས་མ་ཡཿ


JLAZ011_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་རྒོད་ཆོམ་རྐུན་གཅན་གཟན་དངཿ རྔོན་པ་སོགས་ཀྱི་ཁ་འཆིང་ནཿ ཚོན་སྣ་ལྔ་ཡི་སྲད་བུ་ལཿ སྔགས་འདི་སྟོང་བཟླས་མདུད་པ་བོརཿ ཨོཾ་བཛྲ་པྲ་མོ་ཧ་སིངྷ་མུ་ཁ་ཧེཿ གནོད་བྱེད་ཆེ་གེ་མོའི་ལུས་ངག་ཡིད་གསུམ་རྨུགས་ཤ་རྨུགས་ཤ་རྦདཿ ཐུམ་རིལ་རྦདཿ བཛྲ་ཁ་ཐམཿ ཏྲིག་ནནཿ མདུད་པ་ལྕགས་ཁང་སྒོ་མེད་ཀྱིཿ ནང་དུ་གནོད་བྱེད་ཚུད་པར་བསམཿ ལྷམ་མཐིལ་འམ་ནི་མལ་ཞབས་གནོནཿ སེམས་ཅན་སོགས་ཀྱི་མཇུག་མར་བཏགསཿ དེས་ནི་གདུག་པའི་ཁ་འཆིང་འགྱུརཿ ས་མ་ཡཿ གདོན་འཛག་བསྲུང་ན་ཤོག་བུ་ལཿ སྲིད་མེས་རྡུལ་གྱིས་བསྡམ་པའི་ནངཿ ཨོཾ་བཛྲ་པྲ་མོ་ཧ་ཏི་ལ་ཀ་བཾ་ཧོཿ གནོད་བྱེད་རཀྵཿ ཞེས་བྲིས་དཔའ་བོ་སེར་པོ་བྱུགཿ མགོ་ནས་དྲིལ་ཏེ་སྐེད་པར་གདགསཿ དེས་ནི་སྡོམ་པར་ཐེ་ཚོམ་མེདཿ ས་མ་ཡཿ ལོ་ཏོག་གསོ་དང་འཕྲང་བསྲུང་ཕྱིརཿ ཁ་ཆར་ཆེན་པོ་འབེབས་འདོད་ནཿ མཚོའམ་ཀླུ་གཉན་གནས་པའི་སརཿ མར་གྱི་རུས་སྦལ་མགོ་དགུ་ཡིཿ ཁོག་པར་བཛྲ་པཱ་ཎིའི་ཤམཿ ཀླུ་ཆེན་བརྒྱད་ཀྱི་སྲོག་སྔགས་དངཿ ལས་སྒྲུབ་སྔགས་བྲིས་ཀླུ་སྨན་བྱུགཿ དཀར་གསུམ་མངར་གསུམ་རིན་པོ་ཆེཿ ཀླུ་སྨན་རིལ་བུ་དང་བཅས་གཞུགཿ ཆུ་མིག་གཏིང་ངམ་སྐབས་མེད་ནཿ རྫ་གསར་ནང་དུ་ལུང་པ་དགུའིཿ ཆུ་བླུགས་མ་དྲོས་པའི་བྱེ་མ་ས་ཡི་དོང་དུ་སྦཿ དེ་ཡི་ནང་དུ་རུས་སྦལ་བཅུགཿ རྒྱ་མཚོ་ཀླུ་ཡི་ཕོ་བྲང་བསམཿ དེ་སྟེང་ཤིང་སྣས་


JLAZ011_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བཀབ་པའི་སྟེངཿ གཡམ་སྔོན་ཡི་གེ་ཨེས་མཚན་པརཿ མར་ཟན་ལ་བཟོས་ལྷ་སྨན་ལྔཿ འབྲུག་ཞོན་གཡས་གཡོན་སྦྲུལ་ཞགས་འཛིནཿ ཕྱོགས་བཞི་དབུས་དང་ལྔར་བཀོད་ལཿ ནམ་མཁའི་དབྱིངས་ན་གནས་པར་བསམཿ རང་ཉིད་བདེ་གཤེགས་ཀླུ་དབང་རྒྱལཿ ཆེ་ཆུང་སྲིད་པའི་གཏོས་དང་མཉམཿ ངན་སོང་སྒྲོལ་བའི་ཕྱག་རྒྱ་ཅནཿ ཡེ་ཤེས་སེམས་དཔའ་ཐོད་ཕྲེང་རྩལཿ གསལ་བརྟན་ངེས་ཤེས་གདེང་ལྡན་པའིཿ ཐུགས་ལས་འོད་ཟེར་བསིལ་ཞིང་དྭངསཿ དཔག་ཏུ་མེད་པར་འཕྲོས་པ་ཡིསཿ རྒྱ་མཚོའི་ཀླུ་ཡི་ཐུགས་རྒྱུད་བསྐུལཿ སྤྲིན་དང་ཁུ་རླངས་ཡར་ཐོན་པའིཿ སྨན་བཙུན་ལྔ་ཡི་གྲོགས་བྱས་ཏེཿ ནམ་མཁར་སྤྲིན་གྱི་གཞི་འཛིན་ཅིངཿ འབྲུག་སྒྲ་སྒྲོག་ཅིང་གློག་དམར་འཁྱུགཿ སྦྲུལ་གྱི་ཁ་ནས་ཁ་ཆར་གྱིཿ བུ་ཡུག་འཚུབས་པས་འཇིག་རྟེན་ཀུནཿ མུན་ནག་རུབ་པ་ལྟ་བུར་བསམཿ ཨོཾ་ནཱ་ག་ཀཱ་ལ་ཧཱུྃཿ ནཱ་ག་ལེ་ལེཿ དུམ་པ་ལེ་ལེཿ ནཱ་ག་རཱ་ཙ་ཧཱུྃ་ཕཊཿ བྷ་རི་ཤ་ཡཱཿ པྲ་ཏ་ཡཱཿ པྲ་མོ་ཧ་ཧཱུྃ་སབ་སབཿ སོབ་སོབཿ འུར་འུར་དྲག་ཏུ་ཕོབཿ ཅེས་བཟླ་ཏིང་ངེ་འཛིན་ཕུར་གདགསཿ སྨན་བཙུན་གསོལ་ཞིང་ཀླུ་གཏོར་བཏངཿ སྤྲིན་ཆེན་སྒྲོགས་ཤིང་ཡུལ་ཁྲུས་བྱཿ ཀླུ་ལ་དཀར་གཏོར་གཏའ་རུ་གཟུགསཿ གྲིབ་ཅན་ཕྱོགས་སུ་ཉེ་མི་རུངཿ དྲི་ངའི་ཟས་དང་སྤྱོད་ལམ་སྤོངསཿ ཞག་


JLAZ011_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བདུན་ན་ངེས་པར་འབབཿ ཀུན་ལ་སེམས་བསྐྱེད་གདེང་ལྡན་གཅེསཿ ས་མ་ཡཿ ཤོ་མོ་དུས་གསུམ་ཀུན་གསལ་ནིཿ དུང་ཤོ་མི་ལག་མ་འགྲིམས་པརཿ ཧྲཱིཾཿབཛྲ་པྲ་མོ་ཧ་ལོ་ཀ་སརྦ་མུ་མུ་ཕྱེ་ཕྱེ་སྭཱ་ཧཱཿ གོང་བསྙེན་ཁྲི་ཚོ་ལྔ་སོང་ནསཿ ལས་སྦྱོར་སྟོང་ཕྲག་གཅིག་གདབ་བོཿ དེ་ནས་མེ་ལོང་གཡའ་བྲལ་སྟེངཿ གང་འདོད་དོན་སྨོས་ཤོ་སྒྲིལ་བསཿ ཐིག་ལེ་ཤར་ན་མཐིང་ཞལ་མསཿ སྲོག་ཕྱ་མི་བརྟན་དོན་ཕྱ་འབྲིངཿ དགྲ་ཕྱ་རབ་ལ་གྲོགས་ཕྱ་ཐཿ ཁྱིམ་ཕྱ་བཏང་སྙོམ་མགྲོན་ཕྱ་ནིཿ ཡོང་ཡོང་འདྲ་ལ་མི་ཡོང་ཟེརཿ ཆོས་ཕྱ་འཕྲལ་བཟང་ན་མ་ཕུགས་ངནཿ མ་ངེས་ཐེ་ཚོམ་ཅན་གྱི་མོཿ ཚོམ་བུར་ཤར་ན་ཚེ་རིང་མསཿ ཚེ་སྲོག་རྡོ་རྗེའི་བྲག་ལས་སྲཿ ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམཿ དོན་ཕྱ་རི་གཟར་རྦབ་དང་འདྲཿ བསྐོས་པའི་ལས་ལ་བུ་ཡིས་ལྡོགཿ དགྲ་ཕྱ་རབ་ལ་གྲོགས་ཕྱ་འབྲིངཿ ཁྱིམ་ཕྱ་གྱོད་དང་ཁ་མཆུའི་ངོཿ མགྲོན་ཕྱ་བཏང་སྙོམས་ཐེ་ཚོམ་མེདཿ ཆོས་ཕྱ་ནམ་ལངས་ཉི་ཤར་འདྲཿ བཀྲ་ཤིས་ཕུན་སུམ་ཚོགས་པའི་མོཿ ཚངས་པ་ཤར་ན་གླང་བཟང་མསཿ སྲོག་ཕྱ་འབྲིང་ལ་དོན་ཕྱ་མཐོཿ དགྲ་ཕྱ་མཁའ་ལ་རྒོལ་བ་འདྲཿ གྲོགས་ཕྱ་ནམ་ཕུགས་ཕུན་སུམ་ཚོགསཿ ཁྱིམ་ཕྱ་འཕྲལ་བཟང་ཕུགས་ངན་ཅིངཿ མགྲོན་ཕྱ་མགྲོན་པོ་སྒོ་རྩར་སླེབསཿ ཆོས་ཕྱ་སེར་གཟུགས་སྡོམ་མེད་དོཿ ལྟར་སྣང་བསླུ་བྲིད་ངོ་དགའི་མོཿ སྒྲོམ་བུ་ཤར་ན་འགྲོ་བཟང་མསཿ སྲོག་ཕྱ་རྡོ་རྗེའི་བྲག་དང་འདྲཿ དོན་ཕྱ་ད་རེས་བཤོལ་དང་ལེགསཿ དགྲ་ཕྱ་རྩོད་དང་གཡུལ་ལས་རྒྱལཿ གྲོགས་ཕྱ་མི་བརྟན་འགྱུར་ལྡོག་ཅནཿ ཁྱིམ་ཕྱ་བདེ་


JLAZ011_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་ཕུན་སུམ་ཚོགསཿ མགྲོན་ཕྱ་ཟ་འདྲེ་ལག་སྟོང་ཅནཿ ཆོས་ཕྱ་ཆོས་མེད་སྐྱིད་པར་འོངཿ འཇིག་རྟེན་མཐུན་འཇུག་ཙམ་གྱི་མོཿ རྨིག་པ་ཤར་ན་མགྲིན་བཟང་མསཿ སྲོག་ཕྱ་རིམ་གྲོས་བསླུས་པ་ཙམཿ དོན་ཕྱ་ཕྱི་ཐལ་ཆེ་བར་འོངཿ དགྲ་ཕྱ་མདའ་མོ་སྐེད་པར་ཆགཿ གྲོགས་ཕྱ་བཏང་སྙོམས་ཙམ་དུ་འདུགཿ ཁྱིམ་ཕྱ་འཕྲལ་དར་ཕུགས་ན་གུདཿ མགྲོན་ཕྱ་ངོ་སོ་དང་བཅས་འོངཿ ཆོས་ཕྱ་བརྟན་ཆགས་རི་ཚུགས་ཟིནཿ རྣམ་རྟོག་རླུང་གིས་སྐྱོད་པའི་མོཿ ས་མ་ཡཿ མ་འོངས་ལྟ་སྒོམ་ཏིང་འཛིན་གྱིཿ དྲོད་ཚད་མེད་པར་འོལ་ཚོད་ཀྱིསཿ མངོན་ཤེས་ཅ་ཅོར་སྒྲོགས་པའི་ཚེཿ སྨན་བཙུན་སེམས་ཀྱི་ཆོ་འཕྲུལ་ལྔསཿ ཐེ་ཚོམ་མདུད་པ་རང་སར་གྲོལཿ ས་མ་ཡཿ རྩོད་དུས་བསྐལ་པའི་སྙིགས་མ་ལཿ སྲིད་པའི་བདེ་སྡུག་མ་མོས་བྱེདཿ དེ་ཚེ་དབྱིངས་རིག་བརྟུལ་ཞུགས་ཀྱིསཿ ལྷ་མོའི་སྟོང་སྲོག་དབང་ཐོབ་པའིཿ རང་བྱུང་སྤྲུལ་པའི་རྡོ་རྗེ་དེསཿ ཌཱཀྐི་གསང་བའི་བརྡ་རིས་ནསཿ ནོར་འཁྲུལ་གབ་སྦས་མེད་པར་བསྒྱུརཿ གཞན་ཕན་རྒྱ་ཆེར་སྤྱོད་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དགེའོཿ

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཚེ་རིང་མའི་ཡང་ཡིག་ཆིག་བརྒྱུད་མ།


JLAZ011_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཚེ་རིང་མའི་ཡང་ཡིག་ཆིག་བརྒྱུད་མ་བཞུགསཿ ༃ ཌཱཀྐི་ལ་ན་མོཿ གསང་བའི་ཡང་སྙིང་འདི་མེད་ནཿ བསྒྲུབས་ཀྱང་ཞུད་ཅིང་གཡེལ་བར་འགྱུརཿ སྙིང་འདྲ་གཅིག་ལས་ཤོར་ར་རེཿ སྲོག་ནས་དྲངས་ཏེ་འབོད་པའི་དུསཿ ཏིང་ཏིང་ཤག་གིས་མ་བོས་ནཿ ལྷ་མོ་འོང་དུ་མི་འདོད་དོཿ བཾ་ཧ་རི་ནི་ས་བཛྲ་པྲ་མོ་ཧ་ཏིང་ཏིང་ཤག་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ ལྕགས་ཀྱུས་དྲངས་པ་བཞིན་དུ་འགྱུརཿ ས་མ་ཡཿ སྲོག་གི་འཁོར་ལོ་མ་བཅས་ནཿ མ་མོ་བརྟོད་ལ་གནས་མི་འགྱུརཿ དར་དམར་འམ་ནི་རྒྱ་ཤོག་ལཿ གསེར་གྱིས་མུ་ཁྱུད་རིམ་གསུམ་བསྐོརཿ ལྟེ་བར་བཾ་གྱི་མཐའ་བསྐོར་དུཿ ཨོཾ་ཨོཾ་ཨོཾ་ཨ་ཀ་ས་མ་ཡ་བཛྲ་པྲ་མོ་ཧ་ཏིང་ཏིང་ཤག་མུ་ཀ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ བླ་ཆགས་པར་གྱུར་ཅིགཿ སྲོག་ལྟེམ་པར་གྱུར་ཅིགཿ ཡིད་དུང་བར་གྱུར་ཅིགཿ བདག་སྒྲུབ་པ་པོ་ལ་འགོ་ཞིང་ཅི་བཅོལ་བའི་ལས་ཐོགས་མེད་དུ་སྒྲུབ་པར་མཛོད་ཅིག་སྭཱ་ཧཱཿ དེའི་ཕྱི་པད་འདབ་བཞིར་ཕྱེ་བའིཿ ཤར་ནས་རིམ་བཞིན་འདི་ལྟར་བྲིཿ བཛྲ་ས་མ་ཡ་ཧ་ར་ཧཿ ཏིང་ཏིང་ཤག་ཛཿཛཿཛཿརྀ་རཱྀ་ལྀ་ལཱྀཿསྭཱ་ཧཱཿ ལྷོར། རཏྣ་ས་མ་ཡ་ཧ་ར་རིཿ ཏིང་ཏིང་ཤག་སོགསཿ ནུབ་ཏུ། པདྨ་ས་ས་མ་ཡ་ཧ་ར་ནིཿ ཏིང་ཏིང་སོགསཿ བྱང་དུ་ཀརྨ་ས་མ་ཡ་ཧ་ར་སཿ ཏིང་ཏིང་སོགསཿ དེའི་ཕྱི་དབྱངས་གསལ་རྟེན་སྙིང་འགོདཿ རྨ་བྱའི་ཁྲག་དང་ཤུ་ཀྲས་བྱུགཿ གཞུང་ནས་བཤད་པའི་བླ་རྡོ་དངཿ


JLAZ011_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ནལ་བུའི་སྙིང་དུ་གཞུགཿ མ་རྙེད་ཟ་འོག་ཁུག་མར་བསྩལཿ བསྒྲུབ་ན་ངེས་པར་དབང་དུ་འདུཿ རྟག་ཏུ་གསོལ་ཀར་བརྩོན་བྱས་ནཿ ཅི་བཅོལ་ལས་རྣམས་ཐོགས་མེད་འགྲུབཿ དམ་ཚིག་ལྡན་པ་ཆིག་བརྒྱུད་ལསཿ གཞན་དུ་མ་སྤེལ་གུ་ཧྱ་རྒྱཿ བརྡ་སྤྲོས་པ་མེད་པའི་དབྱིངས་སུ་ཐིམཿ དགེའོ།།

ཚེ་རིང་མའི་གཡང་འགུགས་ཉུང་བསྡུས


JLAZ011_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་མའི་གཡང་འགུགས་ཉུང་བསྡུས་བཞུགས།། བྷྱོ། མཁའ་འགྲོ་ཆེན་མོ་སྡེ་ལྔ་ནི། །ཡེ་ཤེས་ལྔ་ཡི་ཀློང་ནས་སྤྲུལ། །འབྱུང་བ་ཆེན་པོ་ཀུན་ལ་ཁྱབ། །འབྱུང་བ་ཆེན་པོ་ནམ་མཁའ་ནི། །འབྱུང་བ་ལྔ་ཡི་བདག་པོ་སྟེ། །དེ་ཉིད་ལས་ནི་ཐམས་ཅད་སྤྲུལ། །སྲ་ཞིང་འཐས་པ་བརྟན་པའི་གཞི། །རིན་པོ་ཆེ་ཡི་འབྱུང་གནས་ལས། །བརྟན་གཡོའི་དངོས་པོ་ཐམས་ཅད་སྤྲུལ། །རིན་ཆེན་འབྱུང་དང་རྟ་ནོར་ཕྱུགས། །སྣ་ཚོགས་དབྱིག་གི་གཡང་ཁུག་ཅིག །རླན་ཞིང་གཤེར་བ་ཆུ་ཡི་ཀློང༌། །རྒྱ་མཚོ་ཆེ་དང་རོལ་མཚོ་བདུན། །ཀླུ་དབང་རྣམས་ཀྱི་མཛོད་ཡིན་པས། །སྣ་ཚོགས་ནོར་བུའི་ཕྱྭ་དང་གཡང༌། །འབད་པ་མེད་པ་དེང་འདིར་ཁུག །དྲོད་ནི་སྲེག་པ་མེ་ཡི་ཀློང༌། །རྟ་གདོང་རྒོད་མ་ཁའི་དབྱིངས་ལ། །སྨིན་ཞིང་བསྐྱེད་པའི་རྟེན་འབྲེལ་དང༌། །དེ་ལས་གྱུར་ཞིང་སྨིན་པའི་བཅུད། །དངོས་གྲུབ་ཡོན་ཏན་གཡང་ཁུག་ཅིག །ཡང་ཞིང་གཡོ་བ་རླུང་གི་ཁམས། །བསྐྱེད་དང་སྡུད་པའི་བདག་པོ་སྟེ། །ཆུད་མི་ཟ་བའི་སྲོག་འཛིན་བྱེད། །དེ་ལས་བྱུང་བའི་ཕྱ་གཡང་དང༌། །དངོས་གྲུབ་ཐམས་ཅད་འདིར་ཁུག་ཅིག །མདོར་ན་ལྷ་ཀླུ་མིའི་ནོར་བུ། །གླིང་བཞི་རི་རབ་རྒྱ་མཚོའི་བཅུད། །


JLAZ011_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྡོ་རི་བྲག་སྣོད་བཅུད་དང༌། །ལྷ་དབང་ཀླུ་དབང་རྒྱལ་པོའི་མཛོད། །ཉི་ཟླ་གཟའ་སྐར་གོ་ལའི་གནས། །ལྷ་དང་དྲང་སྲོང་མངོན་ཤེས་ཅན། །བསྐལ་པར་གནས་པའི་ཕྱ་དང་གཡང༌། །མ་ལུས་ལུས་པ་མེད་པ་ཀུན། །རྟེན་འབྲེལ་རྫས་ཀྱི་ནུས་པ་ཡིས། །དེང་གི་རྒྱུ་སྦྱོར་ཡོན་བདག་འདིའི། །བསོད་ནམས་ཚེ་དཔལ་ལོངས་སྤྱོད་ལ། །ཉི་ཟླ་བཞིན་དུ་ཀྱི་ལི་ལི། །ལོངས་སྤྱོད་བཞིན་དུ་མེ་རེ་རེ། །ཆུ་ཀླུང་བཞིན་དུ་འདུ་རུ་རུ། །འདྲེས་ཤིང་བརྟན་པའི་གཡང་ཁུག་ཅིག །གཡང་འགུགས་ཀྱི་འདོན་ཆ། མཐུ་རྩལ་ཅན་ལ་བདག་བསྟོད་དོ། །ཞེས་པའི་མཚམས་སུ་སྦྱར་རོ།། །།

གཏལ་དཀར་མའི་ཕྱུགས་གཏའ་སྡོམ་པ།


JLAZ011_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གཏལ་དཀར་མའི་ཕྱུགས་གཏའ་སྡོམ་པ་བཞུགས།། ཚེ་རིང་མའི་གསོལ་མཆོད་སྔོན་དུ་བཏང་ནས་སྒེར་གསོལ་ནི། ཧཱུྃ། རིག་འཛིན་པདྨ་འབྱུང་གནས་ཀྱི། །ཆད་མདོ་ཐ་ཚིག་ལ་གནས་པའི། །ལྷ་མོ་གཏལ་དཀར་འགྲོ་བཟང་མ། །རྐང་བཞི་དེ་ནི་ཕྱུགས་ཀྱི་ལྷ། །གདུངས་བས་འབོད་དོ་ད་ལྟ་གཤེགས། །རང་བཞིན་ངང་ལས་མ་གཡོས་ཀྱང༌། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །བཞུགས་པའི་དེ་ནི་ཡུལ་བཙལ་བ། །བྲག་རི་ཤེལ་གྱི་བ་གམ་ཅན། །ནགས་ཚལ་ཁ་བའི་ལ་ཐོད་མཛེས། །གཡའ་དང་དེ་ནི་སྤང་གི་ལྗོངས། །ནེའུ་སེང་མེ་ཏོག་སྣ་ཚོགས་ཚལ། །རྩི་སྨན་དྲི་ངད་བཟང་པོ་འཐུལ། །འབབ་ཆུ་ཐམས་ཅད་འོ་མའི་རྒྱུན། །མཚོ་དང་རྫིང་བུ་ལྟེང་ཀས་གང༌། །དེ་ལ་གནས་སུ་འདུ་ཤེས་པའི། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་གྱི། །ཕོ་བྲང་གཞལ་ཡས་དྭངས་རེ་སྤྲོ། །རྒྱན་དང་བཀོད་པ་བསམ་མི་ཁྱབ། །ཕོ་བྲང་དེ་ཡི་ནང་ཤེད་ན། །ལྷ་མོ་གཏལ་དཀར་འགྲོ་བཟང་མ། །མཛེས་སྡུག་ཤིན་ཏུ་ཆགས་པའི་ཉམས། །གཡས་པ་དེ་ནི་མདའ་དར་གཡབ། །རྨ་གཡང་ནོར་དང་ཕྱུགས་བླ་འགུགས། །གཡོན་པ་དངུལ་སྐྱོགས་འོ་མ་ཅན། །གཡང་ཞག་བཅུད་ཀྱི་གཏེར་དུ་འཛིན། །པང་ན་བེའུ་དངོས་གྲུབ་སྟེར། །ཤ་བ་ཡུ་


JLAZ011_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྟེང་ན་འགྱིང༌། །ཁྱོད་ལ་མཆོད་པའི་དམ་རྫས་ནི། །ཉེར་སྤྱོད་བཟའ་བཅའ་བཏུང་བའི་མཚོ། །དབང་པོ་དྲུག་ལ་མཁོ་དགུའི་རྫས། །གཏོར་མའི་དམ་ཚིག་ཆེན་པོ་འབུལ། །ཐུགས་དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་རུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། །ཁྱོད་ལ་རྟེན་དུ་འཛུགས་པ་ནི། །རིན་ཆེན་གཏེར་གྱི་བུམ་པ་དང༌། །ནམ་རྒྱང་མདའ་འཕང་ཤིང་རིས་གདོང༌། །རྟེན་ཐུགས་བ་དན་གཡོ་བ་དང༌། །རྔ་ལྡིང་འཇའ་རིས་འཁྱིལ་བ་ཡིས། །ཐུགས་དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་དུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། །འབྲོང་གཡག་ཞོལ་པོ་ཆོ་ལ་རྩེ། །ཟལ་མོ་འབྲི་དང་གཡང་དཀར་ལུག །ཚེ་རིང་ར་དང་འདོད་འཇོའི་བས། །ཐུགས་དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་དུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། །མདོར་ན་གནམ་ལ་འཕུར་དགུ་དང༌། །ས་ལ་འཛུལ་དགུ་ཐམས་ཅད་ཀྱང༌། །ལྷ་མོའི་དཀོར་དང་ནོར་ཡིན་ན། །སྲོག་ཆགས་མདངས་ཀྱིས་ཐུགས་དམ་བསྐངཿ ཐུགས་


JLAZ011_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་རུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། །རྟེན་ཅིང་འབྲེལ་འབྱུང་རྩ་བ་ནི། །མ་རིག་འཛིན་པ་ཆེན་པོ་སྟེ། །མ་རིག་ལས་ནི་རྣམ་ཤེས་འབྱུང༌། །རྣམ་ཤེས་ཚོགས་པའི་མི་གཟུགས་དང༌། །སྐྱེ་མཆེད་བདག་པོ་ཁྱོད་ཀྱིས་གྱིས། །རིམས་དང་དེ་ནི་གོད་ཁ་ལ། །རྡོ་རྗེ་རྭ་བའི་གུར་གྱིས་སྲུངས། །གཅན་དང་དེ་ནི་ཆོམ་རྐུན་ལ། །ཉིན་མཚན་ཀུན་ཏུ་མེལ་ཚེ་མཛོད། །ཡུལ་དང་དེ་ནི་གནས་སུ་འབྲེལ། །གནས་དང་ལོངས་སྤྱོད་མི་འབྲེལ་ཕྱིར། །ཕྱུགས་གཏའ་འདི་ལ་བརྟན་པར་བཞུགས། །མི་དང་དེ་ནི་ལྷ་རུ་འབྲེལ། །ལྷ་དང་སྲུང་སྐྱོབ་མི་འབྲལ་ཕྱིར། །ཕྱུགས་གཏའ་འདི་ལ་བརྟན་པར་བཞུགས། །ཕྱུགས་དང་དེ་ནི་ལྷས་མལ་འབྲེལ། །ལྷས་དང་ཞོ་མལ་མི་འབྲལ་ཕྱིར། །ཕྱུགས་གཏའ་འདི་ལ་བརྟན་པར་བཞུགས། །མདོར་ན་འབྲོག་གནས་ལྷས་མལ་འདི། །ཁྱོད་ལ་བཅོལ་ལོ་གཉེར་དུ་ལོངས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཡང༌། །ཁུག་ལ་བསམ་དོན་ལྷུན་གྲུབ་མཛོད། །ཅེས་ལྕགས་ཟམ་ནིརྨ་ཀ་ཡི་དགོངས་བཞེད་བཞིན། །བྲིས་འདིས་ཕྱུགས་ལུག་གྲངས་མེད་འཕེལ་བར་ཤོག །ཀུན་ཀྱང་སྲོག་གི་འཇིགས་ལས་ཐར་གྱུར་ན། །དེ་ཡང་བྱང་ཆུབ་སེམས་དཔའི་ཕྲིན་ལས་ཡིན། །

རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྐོང་བ།


JLAZ011_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྐོང་བ་བཞུགས།


JLAZ011_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱུད་ཅན་དུ་རྔམ་ཞིང་ཁྲོས་མིན་པར། །སྟོང་ཉིད་སྙིང་རྗེ་ཆེན་པོའི་རང་མདངས་ལས། །ལོག་འདྲེན་གཤེད་དུ་བཞེངས་པ་སྲིན་པོའི་གཟུགས། །དཔལ་མགོན་ལེགས་ལྡན་ནག་པོའི་མཆོད་ཕྲིན་བཤད། །དེ་ལ་འདིར་ཀུན་ཏུ་བཟང་པོའི་སྤྲུལ་པ་རྒྱུད་མགོན་ལེགས་ལྡན་ནག་པོའི་མཆོད་པར་འདོད་པས་སྦྱོར་བ་ཡོ་བྱད་ཀྱི་ཤོམ་དང༌། དངོས་གཞི་ཆོ་གའི་རིམ་པ་གཉིས་ལས། དང་པོ་ནི། རུང་མཐུན་གྱི་གནས་སུ་བདག་བསྐྱེད་སྔོན་དུ་འགྲོ་བའི་མཆོད་གཏོར་དང༌། ལྕགས་སམ་བྷནྡྷའི་སྣོད་དུ་མགོན་པོའི་རྟེན་གཏོར་ལྕགས་མཁར་གྲུ་བཞི་ལ་ཁ་བད་ཅན་གྱི་སྟེང་དུ་དཔལ་བཤོས་གྲུ་གསུམ་གྲི་རིས་ཀྱིས་མཚན་པ། དེའི་མདུན་དུ་ཡུམ་གྱི་བཤོས་སུ་གྲུ་གསུམ་པ་དང༌། རྩ་བར་གྲུ་གསུམ་བཅུའམ་བདུན་དང༌། མཐེབ་ཀྱུ་གང་གིས་བསྐོར་བར་ཤ་ཁྲག་གིས་བརྒྱན་ཅིང་སྐུ་རྟེན་ཙཀ་ལི་དང་མདའ་བྱ་རྒོད་མ་དར་ནག་གིས་བརྒྱན་པ་བཙུགས། དེའི་མདུན་དུ་མཆོད་གཏོར་དཔལ་བཤོས་


JLAZ011_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་གྲི་རིས་ཅན་གྱི་མདུན་དུ་ཡུམ་གྱི་བཤོས་བུ་དང་གཡས་གཡོན་མདུན་རྒྱབ་སོ་སོར་འཁོར་གྱི་བཤོས་བུ་བཞི་དང༌། མཐེབ་ཀྱུ་ཅི་མང་གིས་བསྐོར་བར་ཤ་ཁྲག་གིས་བརྒྱན་པ་དང༌། གཡས་གཡོན་དུ་སྨན་རག །མཐའ་བསྐོར་ཉེར་སྤྱོད་དང་གཞན་ཡང་དམ་ཚིག་གི་མཐུན་རྫས་མ་ཚང་བ་མེད་པར་བཤམ་མོ། །གཉིས་པ་དངོས་གཞི་ལ་རྣམ་གྲངས་བཅུ་གཅིག་གི །དང་པོ་མཆོད་པ་བྱིན་བརླབ་ནི། ཨ་མྲྀ་ཏས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས། སྟོང་གསུམ་བྷཉྫར་གྱུར་པའི་ནང་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་ཆེན་གཏི་མུག་ཤའི་རི་བོ། ཞེ་སྡང་རུས་པའི་གྲམ་བུ། འདོད་ཆགས་ཁྲག་གི་རྒྱ་མཚོ། ང་རྒྱལ་མྱོས་བྱེད་ཀྱི་ཨརྒྷཾ། ཕྲག་དོག་འདོད་པའི་ཡོན་ཏན་དུ་ཤར་བ་རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་


JLAZ011_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཨོཾ་ཧེ་རུ་ཀ་ཨརྒྷཾ་སོགས་དང། སརྦ་པཉྩ་རཀྟ་བྷ་ལིངྟ་པཱུ་ཛ་ཨཱཿཧཱུྃ། ལན་བདུན། གཉིས་པ་རྟེན་བསྐྱེད་པ་ནི། ཧཱུྃ། ཉི་མ་ལྷོ་ནུབ་ཕ་གི་ན། །སྲིན་ཡུལ་སྤུ་རོང་ནག་པོའི་དཀྱིལ། །ལང་ཀ་ཡུལ་གྱི་གྲོང་རྡལ་ན། །ཀོ་ཀ་ཐང་དམར་རྒྱ་མཚོ་ཡི། །དབུས་ནི་རི་བོ་མ་ལ་ཡ། །དྲག་ཤུལ་བྱན་ལག་ལྗོངས་ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ནི། །ཆོས་འཛིན་རིགས་ཀྱིས་བསྒྲུབས་གནས་ཏེ། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ། །གསུར་ཆེན་དུད་པས་སྤྲིན་དུ་གཏིབས། །གནམ་ལྕགས་ཆུ་སེར་མཚོ་རུ་བསྐྱིལ། །ཤ་རུས་ཕུང་པོ་རི་ལྟར་སྤུངས། །ལྕེ་སྤྱང་ལིངས་སུ་རྒྱུག་ཅིང་འདྲལ། །བྱ་གཅན་མང་པོ་འཕུར་ཞིང་ལྡིང༌། །དུར་ཁྲོད་མཁའ་འགྲོ་འདུ་བའི་གནས། །རབ་ཏུ་འཇིགས་པའི་ཡུལ་མཁར་ནི། །འཇིགས་པའི་ཐོད་མཁར་ལྡེམས་སེ་ལྡེམ། །ཤར་ཕྱོགས་བམ་རིལ་སྟག་ཐོད་མཁར། །སྟག་ཐོད་འཛུམ་མདངས་མུ་ལུ་ལུ། །ལྷོ་ཕྱོགས་བམ་རིམ་མི་ཐོད་བརྩིགས། །མི་ཐོད་སྤྱུགས་པ་ཙེ་རེ་རེ། །ནུབ་ཕྱོགས་བམ་རིམ་རྟ་ཐོད་བརྩིགས། །རྟ་ཐོད་འཚེར་ངད་ལྷངས་སེ་ལྷང༌། །བྱང་ཕྱོགས་བམ་རིལ་བྱ་ཐོད་བརྩིགས། །བྱ་ཐོད་ཚེགས་སྒྲ་དི་རི་རི། །སྲིན་པོའི་ཐོད་པའི་ཁ་བད་ཅན། །ལས་ཀྱི་འོད་ཟེར་དཔལ་དུ་འཕྲོ། །ངོས་ལ་ང་རྒྱལ་གློག་དམར་འཁྱུག །རྩ་ལ་བདུད་བྱ་ནག་པོ་ལྡིང༌། །རུ་མཚོན་ནག་པོ་པུ་རུ་རུ། །གནམ་ལྕགས་འབར་བའི་སྒོ་མོ་གསལ། །


JLAZ011_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་སྐུ་མཁར་ནང་ཤེད་ན། །རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་རོ་མང་པོ་ཁྲི་རུ་བརྩིགས། །མི་རོ་རྟ་རོའི་གདན་སྟེང་ན། །མགོན་པོ་ཚོགས་བདག་ཆེན་པོ་ནི། །ལྗང་ནག་ཞལ་གསུམ་ཕྱག་དྲུག་སྟེ། །གཡས་སེར་གཡོན་དམར་ལྗང་ནག་འཇིགས། །ཁམ་ནག་དབུ་སྐྲ་གྱེན་དུ་འཁྱིལ། །སྤྱན་དགུ་སྡང་མིག་སྐར་ལྟར་འཁྲུགས། །ཤུན་གོས་ཐོད་པའི་ཕྲེང་བ་ཅན། །སྟག་དང་གླང་ཆེན་ཐལ་བ་ཞག །གདུག་པའི་རྒྱན་ཚོགས་ཆས་ཀྱིས་མཛེས། །གཡས་ཀྱི་དང་པོ་གསལ་ཤིང་འཕྱར། །བར་པ་རྡོ་རྗེ་རྩེ་ལྔ་པ། །ཐ་མ་ལྕགས་ཕུར་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོ་ཐོད་ཁྲག་འཐུང༌། །བར་པ་རྣོ་དབལ་ཤུན་གྱི་མདུང༌། །ཐ་མ་སྦྲུལ་ཞགས་སྲོག་ལ་རྔམས། །ཞབས་བཞི་གྱད་ཀྱི་དོར་སྟབས་ཅན། །ཉེ་གནས་ཀྲོ་ཏི་ཤྭ་རཱི་མ། །འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་རྔམས། །ཞིང་དང་རེ་ལྡེ་ཐོད་སྦྲུལ་བརྒྱན། །གཡས་པ་རྒྱ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང༌། །རུས་བཅུད་རྐང་དང་ཀླད་པ་དང༌། །འབྲུ་མར་ཆང་གིས་སྦྱར་བ་ཡི། །རྟག་པར་རང་གི་ལོངས་སྤྱོད་འཛིན། །འཁོར་བཞིར་ཁྲོ་བོ་གནོད་སྦྱིན་དང༌། །སྲིན་མོ་མ་ཚོགས་འཇིགས་པར་བསྐྱེད། །ཕྱི་རིམ་ཉེ་འཁོར་ཉི་ཤུ་བརྒྱད། །སྲིན་མོ་ཉེ་གནས་ཆེན་པོ་བརྒྱད། །ཀཽ་རཱི་ཙཽ་རཱི་པྲ་མོ་ཧ། བཻ་ཏ་ལཱི་དང་པུཀྐ་སཱི། །ཀས་མ་རཱི་དང་


JLAZ011_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་ཤ་ནི། །ཙན་དྷ་ལཱི་ལ་སོགས་པ་ཀུན། །རྔམ་ཞིང་རྔམ་པའི་མ་ཚོགས་ཀུན། །ཤིན་ཏུ་འཇིགས་པའི་གཟུགས་སུ་བསྒོམ། །སྲིན་པོའི་བུ་མོ་དྲི་ཟ་བརྒྱད། །སེང་སྟག་ཝ་སྤྱང་བཞད་ཀྱི་མགོ །ཀངྐ་བྱ་རོག་འུག་པའི་ཚོགས། །ཞིང་ལ་རྔམ་ཞིང་སྟོབས་པའི་ཚུལ། །དུར་ཁྲོད་ས་ཡི་སྒོ་སྲུང་བཞི། །བཙུན་མོ་གདོང་མོ་གར་ལོག་མོ། །འཇུག་པར་བྱེད་པའི་མ་མོ་བཞི། །གསང་སྒོ་འཛིན་ཞིང་བཀའ་སྒོ་སྲུང༌། །དུར་ཁྲོད་བདག་མོ་གྲུ་འདེགས་བཞི། །བརྐམ་མ་ཤིན་ཏུ་བརྐམ་མ་དང༌། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པས་གདུངས་བའི་ཚུལ་དུ་གནས། །ཕྱི་རིམ་སླས་དང་བྱི་མོ་བྲན། །མ་མོ་བྲན་མོ་གནོད་སྦྱིན་མོ། །སྲིན་པོ་ཤ་ཟ་ཁྲག་འཕྲོག་མ། །བདུད་ཀྱི་མིང་འཛིན་བླ་རྐུན་མོ། །བློན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉ་མངགས་པར་བྱ། །ཅི་བགྱིའི་བཀའ་ཉན་དྲེགས་པའི་འཁོར། །རྦོད་གཏོང་རྔམས་པའི་ཚུལ་དུ་བསྒོམ། །ནད་ཀྱི་བསྐལ་པ་འཚུབས་མར་གཏོང༌། །གདུག་པའི་མཚོན་ཆ་ལུས་ལ་འགྱེད། །མཁར་དང་འོབས་བར་ཕྱི་རོལ་ན། །འབུ་དང་ཤིན་དུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང༌། །སྤྲུལ་དང་སྡིག་པ་སྡོམ་ལ་སོགས། །ཀངྐ་རུ་རྩེ་འུག་པ་ཁྭ། །བྱ་གཅན་ཤ་ཟན་ཚོགས་འཕུར་ཞིང༌། །ལྕེ་སྤྱང་སྟག་སེང་དོམ་དྲེད་འཕར། །དུར་ཁྲོད་རོ་ཡི་ལོངས་སྤྱོད་ལ། །བལྟ་ཞིང་རྒྱུག་ཅིང་རོ་ལ་


JLAZ011_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲེན། །རྒྱུ་མ་འདྲེན་ཅིང་རུས་པ་འཆའ། །དེ་ལྟར་གསལ་བའི་གནས་གསུམ་དུ། །ཡི་གེ་འབྲུ་གསུམ་གསལ་བ་ལས། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །རྒྱུད་བསྐུལ་ཡེ་ཤེས་སྤྱན་དྲངས་གྱུར། །གསུམ་པ་སྙན་གསན་དབབ་ཅིང་སྤྱན་དྲངས་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས་འབོད་སྒྲོག་ལངྐའི་གྲོང་ཁྱེར་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་ཆེ་བཙན་ཡོངས་ཀྱི་དམག་དཔོན་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུྃ། ལངྐ་ཡུལ་གྱི་གྲོང་རྡལ་གྱི། །དབུས་ཀྱི་རི་བོ་མཱ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །བྱ་གླག་འཆོང་རི་གནམ་ལྕགས་འབར། །དྲག་ཤུལ་ཅན་གྱི་རྩེ་མོ་ན། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ། །ཆོས་འཛིན་རིགས་ཀྱི་བསྒྲུབས་གནས་སུ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་ཚོགས་རྣམས་བཏུལ་ནས་ཀྱང༌། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང༌། །ཉེ་གནས་ཀྲོ་དྷི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལངྐའི་བདག་པོ་ལ་སོགས་པའི། །འདུས་པ་རྣལ་འབྱོར་ཕོ་མོའི་ཚོགས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བྷུར་ཀུར་


JLAZ011_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཀཱ་ལ་ཀྲོ་དྷི་ཤྭ་རཱི་ནག་མོ་ཏི་ལམ་ཨེ་ཨར་ལི་ཧྲིཾ་ཧྲིཾ་ཛཿཛཿ བཞི་པ་བཞུགས་གསོལ་ནི། ཧཱུྃ། དཔལ་ལྡན་ཁྲག་འཐུང་ཡབ་ཡུམ་གྱིས། །འཇིགས་པའི་དཀྱིལ་འཁོར་འདིར་བཞུགས་ལེགས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དྲག་པོའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཧཱུྃ། ས་མ་ཡ་ཏིཥྛ་ལྷན། ཨཱ་བེ་ཤ་ཡ་ཨ། ལྔ་པ་ཕྱག་འཚལ་བ་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་བདག །གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། དྲུག་པ་དམ་ཚིག་བསྒྲག་པ་ནི། ཧཱུྃ། སྔོན་ཚེ་དཔལ་ཆེན་ཁྲོ་བོའི་རྒྱལ། །བདུད་འདུལ་རྡོ་རྗེ་སྲིན་པོ་ཡི། །དྲེགས་པ་བཅོམ་ནས་སྒྲིབ་པ་སྦྱངས། །དབང་བསྐུར་མིང་བཏགས་སྲོག་ཡིག་ཡིན། །ཕོ་བྲང་ཀུན་ལ་དམ་ཚིག་བྱིན། །ཕྱི་ཡི་མཚན་ནས་བོས་པའི་ཚེ། །མགོན་པོ་ལེགས་ལྡན་ནག་པོ་བྱ། །ནང་གི་མཚན་ནས་བོས་པའི་ཚེ། །བདུད་འདུལ་དུར་ཁྲོད་སྒྲོལ་བའི་གིང༌། །གསང་བའི་མཚན་ནས་བོས་པའི་ཚེ། །རྡོ་རྗེ་སྒྲོལ་བྱེད་དྲག་པོ་རྩལ། །མནའ་བོར་ཁས་བླངས་མ་བསྙེལ་བར། །སྐུ་གསུང་ཐུགས་སུ་བདག་སྦྱོར་བ། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡཱཿ ས་མ་ཡ། ཞེས་རྒྱུན་གཏོར་སོགས་རྣམ་པ་ཐམས་ཅད་


JLAZ011_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་བྱ་མི་དགོས། བདུན་པ་མཆོད་པ་འབུལ་བ་ནི། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཅིང༌། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་དྲུག་གི་ཡུལ་ལ་སྤྱོད་ཡུལ་འགྱེད། །དྲི་ཆེན་དྲི་ཆུའི་ཚོགས་ནི་དབའ་རླབས་འཁྲུགས། །རཀྟ་དམར་གྱི་རང་བཞིན་རྒྱ་མཚོར་འཁྱིལ། །མཱཾ་ས་ཤ་ཡི་རང་བཞིན་རི་ལྟར་སྤུངས། །ཀེང་རུས་རུས་པའི་རང་བཞིན་རྫ་ལྟར་བསྙིལ། །དཔལ་ལྡན་ལེགས་ལྡན་ཡབ་སྲས་ཡུམ་དང་བཅས། །གཙོ་དང་འཁོར་དུ་བཅས་པའི་ཐུགས་དམ་བསྐང༌། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །མར་མེ་མུན་སལ་དྲི་ཞིམ་སྤོས་ཀྱི་མཆོག །བདུད་རྩི་ཡོན་ཆབ་འོ་མ་ཀུན་གྱི་གསོས། །སྒྲིབ་སེལ་བཤོས་གཙང་དམ་པ་བདུད་རྩིར་བཅས། །དྲང་སྲོང་གཤམ་གར་སྐུ་ལ་མཆོད་པར་འབུལ། །ལྷ་མོ་ཨུ་མའི་སྐུ་ལ་མཆོད་པར་འབུལ། །ལེགས་ལྡན་ནག་པོའི་སྐུ་ལ་མཆོད་པར་འབུལ། །ལྷ་མོ་དུང་སྐྱོང་སྐུ་ལ་མཆོད་པར་འབུལ། །ཨོཾ་ཙནྡྲ་མ་ཧཱ་ཀཱ་ལ་བཛྲ་ཤྲཱི་ནི་ཨེ་དམ་བ་ལིངྟ་གྲིཧྞཱ་སྭཱ་ཧཱ། །ཞེས་ལན་གསུམ་མམ་བདུན་དང༌། ཨོཾ་མ་ཧཱ་ཀཱ་ལ་རཀྟ་དུ་བིང་ཤྲཱི་ནི་ཛཿ པཱུ་ཛ་མེ་གྷ་སྥ་ར་ཎ་ཨརྒྷཾ། དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤཔྟ། རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་དང་རྒྱས་པར་སྤྲོ་ན་ཐུགས་དམ་བསྐང་བ་ནི། ཧཱུྃ། རྟེན་ཅིང་འབྲེལ་འབྱུང་ཚོགས་པའི་འདོད་ཡོན་


JLAZ011_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །འདུ་བྱེད་རྒྱུ་ལས་བསྐྲུན་པའི་ཉེར་སྤྱོད་ནི། །དབང་པོའི་ཡུལ་དུ་འདོད་དགུར་འཆར་བའི་ཚུལ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་བསྐང༌། །བདུད་རྩི་ཆང་དང་དམར་ཆེན་ཨརྒྷཾ་ཞག །དབང་ལྔའི་མེ་ཏོག་ཤ་གསུར་ཚིལ་ཆེན་སྒྲོན། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་དང༌། །གསང་བའི་རྔེའུ་ཆུང་རྐང་གླིང་ཐོད་རྔས་བསྐང༌། །སྟོང་གསུམ་བྷནྡྷར་རྫོགས་པའི་སྣོད་ཡངས་སུ། །བཞེད་དགུར་འཆར་བའི་བྷ་ལིང་བཅུད་མཆོག་ནི། །ཚངས་ཆེན་ཞིང་ཁམས་གནས་ནས་བཏེག་པ་བཞིན། །སྣང་སྲིད་འདོད་ཡོན་རྒྱ་མཚོར་རོལ་པས་བསྐང༌། །གྲི་གུག་ཏྲི་ཤུ་ལ་དང་རྡོ་རྗེའི་མཚོན། །རལ་གྲི་དགྲ་སྟྭ་མདུང་ཐུང་གསལ་ཤིང་དང༌། །ཐོ་ལུམ་གཏུན་ཤིང་དབྱུག་ཏོ་མདའ་བཅས་གཞུ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུས་བསྐང༌། །རང་རང་རྣམ་འགྱུར་རྔམས་པའི་རླུང་ཤུགས་ཅན། །མུན་པའི་ཞག་གིས་ལན་བརྒྱ་བྱུགས་པ་ལྟའི། །རྟ་མཆོག་འབྲོང་གཡག་མི་ནག་བྱ་ཁྱི་ལུག །ར་རོག་ལ་སོགས་ཕྱི་རྟེན་རྫས་ཀྱིས་བསྐང༌། །སྲོད་མིན་ཆར་སྤྲིན་སྟུག་པོས་བཀབ་པ་ལས། །གློག་ཕྲེང་བསྐྱོད་པ་ལྟར་བཀྲ་རྨ་བྱའི་མདོངས། །གཡོ་བའི་སྲིད་པ་སྤྱི་བླུགས་ཞྭ་དང་ཕོད། །ལྷབ་ལྷུབ་གཡོ་བའི་ནང་རྟེན་རྣམས་ཀྱིས་བསྐང༌། །བཤན་པ་སྲོག་ལས་བྱེད་པའི་འདུན་ས་ལྟར། །དོན་སྙིང་སྣ་ལྔ་སྣོད་དྲུག་


JLAZ011_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

གཅལ་དུ་བཀྲམ། །རིགས་ལྔའི་དམ་རྫས་ཤ་ལྔ་བདུད་རྩི་ལྔ། །ལ་སོགས་གསང་བའི་རྟེན་རྫས་རྣམས་ཀྱིས་བསྐང༌། །གོམ་སྟབས་དྲག་པོར་བསྐྱོད་པའི་མེ་སྟག་ལ། །ཟ་འོག་དོ་ཟླར་ཆས་པའི་སྤུ་རིས་རྣམས། །ཕྲག་དོག་བགྱིད་པའི་ལུས་ཀྱིས་ང་རྒྱལ་བའི། །སྟག་གཟིག་གྲུས་མ་རྣམས་ཀྱིས་ཐུགས་དམ་བསྐང༌། །དཔའ་བོ་གཡུལ་དུ་ཞུགས་པའི་གོ་ཁྲབ་ལ། །བཙན་པོའི་དབུ་རྨོག་བརྗིད་པའི་ཡ་ལད་དང༌། །འཁོར་གསུམ་སྟག་ཆས་དར་མཚོན་གཡོ་བ་ཡིས། །གཙོ་འཁོར་ཡོངས་རྫོགས་དགྱེས་པ་བསྐྱེད་གྱུར་ཅིག །བརྒྱད་པ་མངའ་གསོལ་བ་ནི། ཧཱུྃ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །མ་ཧཱ་ཀ་ལར་མངའ་གསོལ་བས། །དཔྲལ་བའི་ཁྲོ་གཉེར་གསུམ་དང་ལྡན། །དཀོན་མཆོག་གསུམ་གྱིས་མངའ་གསོལ་བས། །ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །རིགས་གསུམ་མགོན་པོས་མངའ་གསོལ་བས། །ཞལ་གི་ཆ་ལུགས་གསུམ་དང་ལྡན། །ལྷ་སྲིན་རྣམས་ཀྱིས་མངའ་གསོལ་བས། །དབུ་སྐྲ་ཁམ་ནག་རལ་པ་ཅན། །རྒྱུ་སྐར་རྣམས་ཀྱིས་མངའ་གསོལ་བས། །སྐུ་སྨད་མེ་ལྕེའི་ལྕགས་ཀྱུས་བརྒྱན། །སྲིད་པ་གསུམ་ལ་དབང་སྒྱུར་བས། །སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ། །ཀླུ་ཆེན་བརྒྱད་ཀྱིས་མངའ་གསོལ་བས། །ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན། །ས་བདག་རྣམས་


JLAZ011_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མངའ་གསོལ་བས། །ན་བཟའ་ཐ་བེར་མཐིང་ནག་གསོལ། །འཆི་བདག་བདུད་ཀྱིས་མངའ་གསོལ་བས། །ཕྱག་ན་ཙན་དན་བིང་ཆེན་བསྣམས། །ལྷ་རྣམས་ཀུན་གྱིས་མངའ་གསོལ་བས། །བསྭོ་སྒྲ་ཆེན་པོ་གསུམ་དང་ལྡན། །ལྷ་མིན་གཡུལ་ལས་རྒྱལ་མཛད་ཕྱིར། །ཆ་སྒྲ་ཆེན་པོ་གསུམ་དང་ལྡན། །བྱོལ་སོང་ཀུན་གྱིས་མངའ་གསོལ་བས། །མུན་པའི་གཡུ་རུང་སྐུ་ལ་གསོལ། །ཡི་དྭགས་རྣམས་ཀྱིས་མངའ་གསོལ་བས། །རིན་ཆེན་འབར་བའི་དོ་ཤལ་ཅན། །དམྱལ་བ་རྣམས་ཀྱིས་མངའ་གསོལ་བས། །ཕྱག་ན་བསྐལ་པའི་མེ་ཆེན་འབར། །ཤངས་ནས་བསྐལ་པའི་རླུང་ནག་འཚུབས། །ཞལ་ནས་བསྐལ་པའི་ཆུ་ཆེན་འཁྲུགས། །ལྷ་ཡི་དམག་དཔོན་མངའ་གསོལ་ལོ། །ཆོས་སྐྱོང་ཆེན་པོར་མངའ་གསོལ་ལོ། །མགོན་པོ་ཆེན་པོར་མངའ་གསོལ་ལོ། །དཀར་པོའི་དབུགས་འབྱིན་མངའ་གསོལ་ལོ། །ཞེས་མངའ་གསོལ་ལོ། །དགུ་པ་བསྟོད་ཅིང་ཕྱག་འཚལ་བ་ནི། ཧཱུྃ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་རུངས་འཇོམས་མཛད་དགྲ་བགེགས་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །སྐལ་ལྡན་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང༌། །ལྷ་དམག་དཀར་པོ་དབུགས་འབྱིན་པ། །རྡོ་རྗེ་དུར་ཁྲོད་འཁོར་བཅས་ལ། །དང་བའི་སེམས་


JLAZ011_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱག་འཚལ་ལོ། །དྲག་ཤུལ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་རྫོགས་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་པ་གཉིས་སྦྱངས་ཁྱོད་ལ་ཕྱག་འཚལ་ལོ། །ལུང་བསྟན་ཐོབ་རྫོགས་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་གང་ཞིག་གིས། །ཁྱོད་ཀྱིས་མཚན་ནས་བརྗོད་བསྒྲུབས་ན། །དངོས་གྲུབ་མྱུར་དུ་སྟེར་མཛད་པའི། །མི་སྙེམས་བྱམས་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཁྱོད་ལ་ཕྱག་འཚལ་ལོ། །བཅུ་པ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །བསྟན་པ་བསྲུང་བར་ཞལ་བཞེས་པ། །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་ཕམ་མཛད་པ། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །བསྭེ་བྱང་ཁྲམ་ལ་བཏབ་པ་ཡི། །གཤེད་མ་བཞི་ལ་ལས་གཉེར་གཏོད། །མ་དང་སྲིང་མོ་ཆུང་ལ། །དཔའ་བོ་ཁྱོད་ཀྱིས་རོལ་པ་མཛོད། །དམ་ཚིག་ཆེན་པོས་མ་བཏང་ཞིག །ཞེ་སྡང་ཅན་གྱི་བདག་པོ་རྣམས། །སེམས་ཅན་ཀུན་གྱི་ཚེ་


JLAZ011_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་པ། །དགྲ་བོ་ཉམས་པའི་སྲོག་དང་ཕྲོལ། །ཤ་དང་ཁྲག་ལ་ལོངས་སྤྱོད་ཀྱིས། །གནོད་སྦྱིན་ཆེན་པོ་མ་རུངས་པ། །བསྭེ་བྱང་ཁྲམ་ལ་བཏབ་པ་ཡི། །གསེར་དངུལ་དབྱིག་ནོར་ཀུན་ལོངས་ལ། །རང་གི་འདོད་པའི་ལོངས་སྤྱོད་ཀྱི། །སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ། །ཡིད་བཞིན་ལྟ་བུའི་དངོས་གྲུབ་སྩོལ། །རིགས་ངན་རྨེ་ཤ་ཅན་གྱི་ཚོགས། །བ་གླང་ཁྱི་ཤ་རྟ་ཤ་དང༌། །མི་ཤ་གླང་ཆེན་ལ་སོགས་བཞེས། །སྲིན་མོ་ཁྲག་འཐུང་མ་ཀུན་ལ། །བསད་པའི་ཁྲག་ནི་དྲོན་མོ་བཅས། །བཞེས་ཤིག་དགྲ་བོའི་ཁྲག་ལ་འཐུངས། །སྤྲུལ་པའི་ཕྲ་མེན་ཆེན་མོ་རྣམས། །ཐོད་རུས་རྐང་དང་འབྲུ་མར་དང༌། །རྐང་དང་ཨ་མྲྀ་ཏ་དང་སྦྱར། །རྫུ་འཕྲུལ་གྲུབ་པའི་རྫས་རྣམས་བཞེས། །རིགས་ངན་གདུག་པའི་མ་མོ་རྣམས། །ཤ་ཆེན་བཤང་གཅི་ཁུ་བ་ཁྲག །དམ་རྫས་འབར་བ་འདི་བཞེས་ལ། །བདག་གི་ནད་རྣམས་བཟློག་ཏུ་གསོལ། །དམིགས་པའི་དགྲ་ལ་རིམས་ནད་ཐོང༌། །སྲིད་པའི་བུད་མེད་མ་རུངས་ཁྱེད། །བྲོ་གར་གླུ་ཚིག་མཆོད་པར་བཞེས། །དམིགས་བྱ་འཇོ་ཚུལ་སྟོབས་ཀྱིས་འཕྲོག །ཤོར་བ་གཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་པོའི་བཀའ་བྱུང་བས། །སྔགས་སྒྲ་དྲག་པོའི་མཆོད་པ་བཞེས། །དགྲ་བོའི་ཕུང་པོ་རྡུལ་དུ་རློགས། །ལོག་སྲེད་ཅན་གྱི་ཚོགས་ཀུན་ཉོན། །ཡང་དག་ཉིད་དུ་ཀུན་རིག་ན། །མེ་


JLAZ011_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལས་གཉིས་གང་བྱས་ན། །གཉིས་ཀྱི་དབང་དུ་མི་འགྱུར་ཞིང༌། །རྣལ་འབྱོར་པ་ཡིས་ལས་འདི་སྒྲུབས། །གསང་ཚིག་སྟོན་པའི་ཚོགས་རྣམས་ཉོན། །བཤང་གཅི་ཁྲག་དང་སོལ་ཁུ་ཡིས། །བརྒྱའམ་སྟོང་དུ་བགོས་ནས་ནི། །ལིངྒ་བཅས་ནས་སངས་རྒྱས་འཇིག །དམ་རྫས་མཆོད་པ་བཞེས་སུ་གསོལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཧཱུྃ། མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གྱིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་ཞེས། །བསྟོད་ཅིང་མཐུན་པའི་རྫས་འདི་འབུལ། །སྔོན་གྱི་བསྐལ་པ་བཟང་པོ་ལ། །ཁས་བླངས་མ་བཅས་མནའ་བོར་བའི། །དམ་བཅའ་ཐ་ཚིག་མ་འདའ་ཞིག །སྔོན་དུ་རིག་འཛིན་གོང་མས་བསྒྲུབས། །ད་ལྟར་རྣལ་འབྱོར་བདག་ལ་སྤྱོན། །བམ་རི་ཐོད་པ་མཁར་གྱི་རྩེར། །རུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་མང་པོ་ཆར་དུ་འབེབས། །བདུད་བྱ་ནག་པོ་ལྡིང་ཞིང་འཛུམ། །དུར་ཁྲོད་རྒྱན་ཆ་མང་པོ་རྣམས། །མཆེ་གཙིགས་རྔམ་པའི་ཞལ་གདངས་ནས། །ཁྲོ་བོ་ཁྲོ་མོ་སྤྲུལ་པར་འཁྲིགས། །སྲིན་པོ་སྲིན་མོ་རྐན་སྒྲ་བརྡེབས། །གནོད་སྦྱིན་ཕོ་མོ་འབྲུག་སྒྲ་སྒྲོགས། །ཟ་བྱེད་ཕོ་མོ་གློག་ལྟར་འཁྱུགས། །སོ་སོའི་མོས་པ་ཐ་དད་པའི། །དམ་རྫས་མཆོད་པ་འདི་བཞེས་ལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །མཱཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་སོ་ཏ་གྷ་ན་ཙིཏྟ་ཁ་རཾ་ཁཱ་ཧི།


JLAZ011_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཕྲིན་ལས་གཞོལ་བར་བྱའོ། །བཅུ་གཅིག་པ་སྨོན་ལམ་གདབ་པ་ནི། ཧོཿ མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་ནི་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་བ་ལ། །དགྲ་བགེགས་རྣམ་པ་ཀུན་མེད་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པ་ལྡན་པར་ཤོག །འགྲོ་བ་ཉེས་མེད་བདེ་གྱུར་ཅིག །ནད་དང་མུ་གེ་ཀུན་བྲལ་ནས། །རྒྱལ་པོ་དགེ་ཞིང་དེས་པ་རྣམས། །ཆོས་ཀྱིས་རྒྱལ་སྲིད་བསྐྱང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང༌། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང༌། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་སེམས་ཅན་ལ་བསྔོ་ཞིང༌། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་རྫོགས་པར་སྨོན། །བདག་ཅག་བྱང་ཆུབ་མཆོག་ཐོབ་པར། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་དང༌། རང་རྒྱུད་མེ་ལྕེ་ཕྲེང་བ་སྡེབས་ཤིང་སྐོང་བ་གསར་སྦྱོར་ཙམ་ལས། གཞན་མ་རྒྱུད་དོན་སོར་བཞག་འདི་ཡང་རིག་འཛིན་འཇིགས་མེད་གླིང་པས་སོ།། །།

མགོན་པོ་ལེགས་ལྡན་གྱི་སྐོང་བ་རྒྱུན་ཁྱེར།


JLAZ011_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ལེགས་ལྡན་གྱི་སྐོང་བ་རྒྱུན་ཁྱེར་བཞུགས། ༈ དཔལ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་མགོན་པོ་ལེགས་ལྡན་གྱི་མཆོད་གཏོར་རྒྱུན་ཁྱེར་ནི། གཏོར་ཚོགས་རྣམས་འབྲུ་གསུམ་གྱིས་བརླབས་ལ་ཡི་དམ་གྱི་ང་རྒྱལ་དང་ལྡན་པས། ཧཱུྃ། དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མགོན་པོ་ས་བཅུའི་དབང་ཕྱུག་ཆེ། །ལེགས་ལྡན་ནག་པོ་ཚོགས་ཀྱི་བདག །ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན། །ཡུམ་ཆེན་ཀྲོ་ཏི་ཤྭ་རཱི་མ། །གནོད་སྦྱིན་ཁྲོ་བོ་སྲིན་མོའི་ཚོགས། །དབང་མོ་ཉེར་བརྒྱད་གཽ་རཱི་སོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ལང་ཀའི་ཡུལ་དང་མ་ལ་ཡ། །ཀོ་ཀ་ཐང་དམར་གནམ་ལྕགས་འབར། །དྲག་ཤུལ་ཅན་གྱི་རྩེ་མོ་སོགས། །གར་བཞུགས་གནས་ནས་སྤྱན་འདྲེན་གྱི། །སྐད་ཅིག་ཡུད་ལ་གཤེགས་སུ་གསོལ། །ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ཀྲོ་དྷི་ཤྭ་རི་ནག་མོ་ཏི་ལཾ་ཨེ་ཨ་ར་ལི་ཧྲིང་ཧྲིང་ཛཿཛཿས་མ་ཡ་ཏིཥྛ་ལྷན། མཆོད་པ་ནི། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཅིང༌། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་དྲུག་གི་ཡུལ་ལ་སྤྱོད་ཡུལ་འགྱེད། །དྲི་ཆེན་དྲི་ཆུའི་ཚོགས་ནི་དབའ་རླབས་འཁྲུག །རཀྟ་དམར་གྱི་རང་བཞིན་རྒྱ་མཚོར་འཁྱིལ། །མཱཾ་ས་ཤ་ཡི་རང་བཞིན་རི་ལྟར་སྤུངས། །ཀེང་རུས་རུས་པའི་རང་བཞིན་རྫ་ལྟར་བསྙིལ། །དཔལ་ལྡན་ལེགས་ལྡན་ཡབ་སྲས་


JLAZ011_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དང་བཅས། །གཙོ་དང་འཁོར་དུ་བཅས་པའི་ཐུགས་དམ་བསྐང༌། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །མར་མེ་མུན་སེལ་དྲི་ཞིམ་སྤོས་ཀྱི་མཆོག །བདུད་རྩི་ཡོན་ཆབ་འོ་མ་ཀུན་གྱི་གསོས། །སྒྲིབ་སེལ་བཤོས་གཙང་དམ་པ་བདུད་རྩིར་བཅས། །དྲང་སྲོང་གཤམ་དཀར་སྐུ་ལ་མཆོད་པར་འབུལ། །ལྷ་མོ་ཨུ་མའི་སྐུ་ལ་མཆོད་པར་འབུལ། །ལེགས་ལྡན་ནག་པོའི་སྐུ་ལ་མཆོད་པར་འབུལ། །ལྷ་མོ་དུང་སྐྱོང་སྐུ་ལ་མཆོད་པར་འབུལ། །ཨོཾ་བྷུར་ཀུར་ཙནྜ་མ་ཧཱ་ཀཱ་ལ་བཛྲ་ཤྲཱི་ནི་ཨི་དཾ་བ་ལིངྟ་གྲིཧྣ་གྲིཧྣ་སྭཱ་ཧཱ། །ཨོཾ་མ་ཧ་ཀཱ་ལ་རཀྴ་དུ་བིང་ཤྲཱི་ནི་ཛཿ པཱུ་ཛ་མེ་གྷ་སྥ་ར་ཎ་ཨརྒྷཾ་དྷུ་པེ་པུཥྤེ་ནས་ཤཔྟ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ཎ་ས་མ་ཡེ་ཨཱཿཧཱུྃ། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་རུངས་འཇོམས་མཛད་དགྲ་བགེགས་ཐལ་བར་རློག །མཐར་ཕྱིན་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །སྐལ་ལྡན་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་ནི་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་བ་ལ། །དགྲ་བགེགས་རྣམ་པ་ཀུན་མེད་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པར་ལྡན་པར་


JLAZ011_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །འགྲོ་བ་ཉེས་མེད་བདེ་གྱུར་ཅིང༌། །ནད་དང་མུ་གེ་ཀུན་བྲལ་ནས། །རྒྱལ་པོ་དགེ་ཞིང་དེས་པ་རྣམས། །ཆོས་ཀྱི་རྒྱལ་སྲིད་བསྐྱང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང༌། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང༌། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་སེམས་ཅན་ལ་བསྔོ་ཞིང༌། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་རྫོགས་པར་སྨོན། །བདག་ཅག་བྱང་ཆུབ་མཆོག་ཐོབ་ནས། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །ཅེས་པའང་གྲ་ཚང་གི་རྒྱུན་འདོན་སྟབས་བདེ་ཞིག་དགོས་ཞེས་མཛོད་པ་འོད་ཟེར་གཞན་ཕན་གྱིས་བསྐུལ་བའི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ། །

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམ་སངས་རྒྱས།


JLAZ011_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམ་སངས་རྒྱས་བཞུགསཿ


JLAZ011_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་ཀློང་ལ་ཕྱག་འཚལ་ལོཿ འོད་གསལ་རྫོགས་པ་ཆེན་པོའི་ལམཿ ཆོས་སྐུ་གཏད་མེད་རང་གྲོལ་ཏེཿ བཙན་ས་ཟིན་པའི་གང་ཟག་ནིཿ འཕོ་བྱ་འཕོ་བྱེད་ལས་འདས་ཀྱངཿ སྤྲོས་ཅན་མྱ་ངན་འདའ་དོན་དུཿ འཕོ་བ་མ་སྒོམས་སངས་རྒྱས་བསྟནཿ སྔོན་འགྲོ་སྐྱབས་སེམས་སྤྱི་ལྟར་བྱཿ བདག་དོན་གཞན་དོན་གང་ལ་ཡངཿ ཚད་མེད་རྣམ་བཞིས་ཟིན་པ་གཅེསཿ དངོས་གཞི་རང་ལུས་རྣལ་འབྱོར་མཿ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལྟརཿ དེ་ཡི་ཁོང་དབུས་རྩ་དབུ་མཿ སྦོམ་ཕྲ་མདའ་སྨྱུག་ཙམ་པ་ལཿ སྟོང་སངས་འོད་ཀྱི་སྦུ་གུ་ཅནཿ ཡར་སྣ་ཚངས་བུག་གནས་སུ་ཧརཿ མར་སྣ་ལྟེ་བར་ཟུག་པ་ཡིཿ སྙིང་ཁ་ཚིགས་ཀྱིས་བཅད་པའི་སྟེངཿ རླུང་གི་ཐིག་ལེ་ལྗང་སྐྱའི་དབུསཿ རིག་པ་ཧྲཱིཿཡིག་དམར་པོར་གསལཿ སྤྱི་བོའི་ཁྲུ་གང་ཙམ་གྱི་སྟེངཿ སངས་རྒྱས་སྣང་བ་མཐའ་ཡས་ནིཿ མཚན་དཔེ་རྫོགས་པའི་ཕུང་པོར་གསལཿ མོས་གུས་དྲག་པོས་གསོལ་བ་གདབཿ ཤེས་པ་གཞན་དུ་མ་ཡེངས་པརཿ རྩེ་གཅིག་འདུན་པའི་ཤུགས་ལ་དྲངསཿ རྐན་གྱི་སྦུགས་ནས་ཧྲཱིཿཧྲཱིཿཞེསཿ ལྔ་ཚར་ཕྲུགས་གཅིག་བརྗོད་པ་དངཿ ལྷན་ཅིག་སྟོད་གཅུམ་མགོ་བོ་སྒྲིམཿ དེ་ཚེ་རིག་པ་ཧྲཱིཿདམར་པོཿ ཤོག་སྐྱ་རླུང་གིས་བཏེགས་པ་བཞིནཿ ཡར་ཡར་འགྲོ་བའི་ངང་དེ་ལཿ ཕཊཿཅེས་དྲག་པོས་མདའ་ལྟར་འཕངསཿ འོད་དཔག་མེད་པའི་


JLAZ011_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་བསྟིམཿ དེ་ལྟར་ཡང་ཡང་འབད་པ་ཡིསཿ འབྱོངས་རྟགས་ཚངས་བུག་འཕར་བ་དངཿ མགོ་ན་ཆུ་སེར་ཟིལ་པ་ཕྲུམཿ འཇག་མ་འདལ་གྱིས་ཚུགས་སོགས་འབྱུངཿ དེ་ཚེ་འོད་དཔག་མེད་པའི་སྐུཿ འོད་དུ་ཞུ་ནས་རང་ལ་བསྟིམཿ རྐྱེན་དེས་སྐད་ཅིག་དྲན་རྫོགས་སུཿ རང་ཡང་ཚེ་དཔག་མེད་དུ་གྱུརཿ ཨ་མཱ་ར་ཎི་ཚར་བརྒྱ་བརྗོདཿ དགེ་བ་བསྔོ་ཞིང་སྨོན་ལམ་གདབཿ དེས་ནི་ཚེ་ལ་མི་གནོད་སྟེངཿ རྟེན་འབྲེལ་བདེན་པས་ཚེ་གེགས་ཞིཿ གསང་སྔགས་ཐབས་ཀྱིས་ཆེ་བའི་ལམཿ མ་བསྒོམས་སངས་རྒྱས་འཕོ་བའི་གནདཿ སྙིང་དང་མིག་ལས་གཅེས་པར་ཟུངསཿ ས་མ་ཡཿ གསོལ་འདེབས་ནིཿ ཨེ་མ་ཧོཿ གནས་རང་སྣང་དོན་གྱི་འོག་མིན་ནཿ ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློངཿ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནིཿ སྐུ་ཐ་མལ་མ་ཡིན་དྭངས་མའི་ལུསཿ དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགསཿ ཡིད་མོས་གུས་གདུང་བས་གསོལ་བ་འདེབསཿ ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབསཿ གནས་འོག་མིན་བགྲོད་པར་བྱིན་གྱིས་རློབསཿ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ཕཊཿ སྤྲུལ་སྐུཿ ཕཊཿ ལོངས་སྐུཿ ཕཊཿ ཆོས་སྐུཿ ཕཊཿ མི་འགྱུརཿ ཕཊཿ མངོན་བྱངཿ

གཤིན་པོ་ལ་འཕོ་བ་འདེབས་པའི་སྔ་རོལ་དུ་མིང་ནས་རན་པར་བོས་ལ།


JLAZ011_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་པོ་ལ་འཕོ་བ་འདེབས་པའི་སྔ་རོལ་དུ་མིང་ནས་རན་པར་བོས་ལ། ཆེ་གེ་མོ་ཁྱོད་ལ་འཆི་བ་མི་རྟག་པ་སླེབ་སོང་ངོ༌། །ཞེས་ལན་གསུམ། དེ་ཡང་འཆི་བ་ཞེས་བྱ་བ་ཞེས་བྱ་བ་དེ་ཁྱེད་གཅིག་པུ་ལ་བྱུང་བ་མ་ཡིན། འགྲོ་བ་རྒྱུད་ལྔ་པོ་ཐམས་ཅད་ཀྱི་ལམ་པོ་ཆེ་ཡིན་པས་ལན་གཅིག་སྐྱེས་ཚར་ནས་མཐར་འཆི་བ་ཆོས་ཉིད་ཡིན། འཇིག་རྟེན་ན་མཐུ་ཆེ་ཞིང་དཔལ་འབྱོར་དང་ལྡན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནས་འཚོ་བ་ལམ་ཟན་ལ་བརྟེན་པའི་མུ་ཏོ་བ་ཡན་ཆད་ཚེ་ཐར་ལ་སོང་བ་གཅིག་ཀྱང་མེད་པས་སེམས་ཁོང་དུ་ཆུད་པར་མ་མཛད་ཅིག །དེ་བཞིན་དུ་གཉེན་འཁོར་ཡུལ་གཞིས་ནོར་རྫས་ལ་སོགས་པ་གང་ལ་ཆགས་ཀྱང་དེ་དག་རང་གི་རྗེས་སུ་མི་འབྲང༌། རང་ཉིད་དེ་དག་དང་འགྲོགས་པའི་དུས་ལས་ཡོལ་བའི་ཚུལ། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང༌། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང༌། །ཞེས་སྡུག་བསྔལ་བདེན་པའི་ཆོས་ཉིད་མངོན་སུམ་པར་སྨིན་དུས་འདིར། ཉེ་དུ་དང༌། ནོར་རྫས་ལ་ཆགས་ན་གནས་རིགས་དམན་པར་ལྟུང་ཉེན་ཡོས་པས་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འདི་ན་ཕ་དང་མ་དང་བཤེས་རྣམས་དང༌། །གཉེན་


JLAZ011_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྩ་ལག་སྐྱབས་སུ་མི་འགྱུར་ཏེ། །བུ་དང་བུ་མོ་དེ་བཞིན་མགོན་སྐྱབས་མིན། །ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པ། །འཇིག་རྟེན་མགོན་སྐྱབས་གྱུར་པ་གཞན་འགའ་མེད། །ཅེས་གསུངས་ན་རང་ཅག་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་བསྐལ་པ་བཟང་པོ་ལ་འཆི་འཕོ་བའི་གནས་སྐབས་ཉམས་སུ་མྱོང་བ་ལ་དགའ་བ་སྒོམས་ཤིག །དེའི་རྒྱུ་གང་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་ཐོས་པ་ལ་ཡང་དོན་ཆེན་པོ་དང་ལྡན་ན། དེ་ལ་མངོན་པར་དད་པ་དང༌། དགའ་བའི་སེམས་ཀྱིས་ཤི་འཕོས་པ་དག་ཀྱང་ངན་སོང་ལས་ཐར་ནས་ལྷ་དང་མིའི་གོ་འཕང་ཐོབ་པའི་ཚུལ་ལས་བརྒྱ་པ་ལས། དགེ་སློང་དག་བྱ་ཞིག་ནམ་མཁའ་ལས་བབས་ནས་ངའི་མདུན་ན་འདུག་པ་མཐོང་ངམ། གསོལ་བ། བཙུན་པ་བཅོམ་ལྡན་འདས་མཐོང་ལགས་བཀའ་བསྩལ་པ། དགེ་སློང་དག་བྱ་དེ་ང་ལ་སེམས་དགའ་བར་གྱུར་ནས་སོང་བ་ལས་ཁྲས་དེད་དེ། དེ་ང་ལ་སེམས་དགའ་བཞིན་དུ་ཤི་འཕོས་ནས་རྒྱལ་པོའི་ཁབ་འདིར་ཚོང་དཔོན་གྱི་རིགས་སུ་སྐྱེས་ནས་ཆེར་སྐྱེས་པ་དང་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ༌། །དེ་རབ་ཏུ་བྱུང་ནས་ན་ཚོད་ཀྱི་ལོ་བདུན་ལོན་པ་ཁོ་ནས་ཉོན་མོངས་པ་ཐམས་ཅད་བཅོམ་སྟེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཞེས་སངས་རྒྱས་ལ་


JLAZ011_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གཅིག་དད་པའི་ཕན་ཡོན་ཡང་དེ་འདྲ་ན། ཁྱེད་ཀྱང་རྒྱལ་བའི་བསྟན་པ་ཡོད་པའི་ཞིང་ཁམས་སུ་སྐྱེས་ཤིང༌། སངས་རྒྱས་ཀྱི་མཚན་ཐོས་པ་དང༌། དེའི་སྡེ་སྣོད་ལས་དབུགས་འབྱིན་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་པས་སྟོན་པ་དེ་བཞིན་གཤེགས་པ་ལ་དད་པ་བླ་ལྷག་ཏུ་བསྐྱེད་ཅིག །བསྟན་པ་དམ་པའི་ཆོས་ལ་སྐྱབས་སུ་སོང་ཞིག །བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་རམ་ཟླར་སྦྲོན་ཅིག །ཁྱད་པར་དུའང་གང་གིས་མཚན་དང༌། སྒྲ་དང༌། ལྟ་བ་ལ་བཞུགས་པས་ཀྱང་བར་དོའི་འཇིགས་པ་དང༌། ངན་སོང་གི་རྒྱུ་ཡོངས་སུ་གཅོད་པར་ཞལ་གྱིས་བཞེས་པ། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ཀྱིས་ཡོངས་སུ་བསྟེན་པ་དང༌། དེའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ཡིད་ལ་མ་བརྗེད་པར་ཟུང་ལ་ཁྱོད་གདོས་བཅས་ཤ་ཁྲག་གི་ལུས་འདས་པའི་ཕྱིར་ཞིང་མཆོག་དེ་རུ་ཏ་ལ་ལ་སོང་ཅིག །ཁྱེད་རང་དད་པ་ཐོབ་པའི་བླ་མ་ཡིད་ལ་སྒོམས་ཤིག །ཡི་དམ་དང་ལྟ་བ་དྲན་པར་གྱིས་ཤིག །ཐེག་པ་ཆེན་པོའི་སྨོན་འཇུག་གི་སེམས་བསྐྱེད་སྒོམས་ཤིག །དེ་དག་གནད་དུ་འགྲོ་བའི་རྟེན་འབྲེལ་དུ་མ་བསྒོམས་པར་སངས་རྒྱ་བ་འཕོ་བའི་གདམས་པས་


JLAZ011_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་སྔ་ཕྱིའི་ཉིང་མཚམས་སྦྱོར་བ་ཡིན་པས་ཁྱེད་རང་གི་སྙིང་ནང་དུ་ཡི་གེ་ཨཱཿ དམིགས་བསལ་ལ་ཡི་གེ་ཧྲཱིཿཞེས་ཀྱང་བསྒྱུར་ཆོག །དཀར་པོ་ཞིག་སྒོམ་ལ་ངེད་ཀྱིས་ཨའི་སྒྲ་བརྩེགས་མར་བརྗོད་པ་དང་ལྷན་ཅིག་བརྡ་དོན་ངོ་འཕྲོད་པར་མཛོད་ལ་ཨ་དེ་ཉིད་བདེ་བ་ཅན་གྱི་ཞིང་ཁམས་སུ་དཔག་ཆེན་གྱིས་མདའ་འཕངས་པ་བཞིན་དུ་སོང་བར་དམིགས་ཤིག །ཅེས་བརྗོད་ལ་གཙོ་བོར་རང་ཉིད་ཀྱིས་འདུན་པར་གཅུང་ནས། དེའི་ལོ་གྲངས་ཀྱིས་ཨ་སྙན་པོར་བཟླས་རྗེས། གཙུག་སྐྲ་འཐེན་པ་དང་ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་པས་མཐོ་རིས་སུ་འདྲོངས་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨཱ་ལི་སྦྱོར་བ་ཡིས། །དབུགས་དང་དེ་ཡི་ལོ་གྲངས་སྦྱར། །གལ་ཏེ་དེ་ལ་མ་ཤི་ན། །སྤྱི་བོར་ཁ་གཏད་དབུགས་ཀྱིས་ནི། །ཤེས་པ་ལུས་ཀྱི་དཀྱིལ་དུ་ཡང༌། །ཨ་ནི་དམིགས་ཏེ་བསྡུ་བར་བྱ། །ཞེས་དང༌། དེ་ལྟར་ཆོ་ག་ལྡན་པའི་ཚེ། །མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོང༌། །ཞེས་ཐིམ་རིམ་འཆར་བའི་དུས་ནས་རླུང་ཕྱིར་འགྲོ་བ་དང་བསྟུན་སྐྱེ་མེད་ཀྱི་ཡི་གེས་སྦྱར་བར་བྱ་བ་ནི་ཤིན་ཏུ་ཟབ་བོ། །དེ་ཡང་ཐབས་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པ་དང་ཤེས་རབ་ནམ་མཁའ་ལྟ་བུའི་ཀློང་དུ་བསྲེ་བ་གཅེས་ལ་འོན་ཏེ་གཞན་སྣང་དང་མཐུན་པའི་འཕོ་བའི་རིགས་བྱེད་པར་སྤྲོ་ཡང་སྐབས་འདིར་བྱས་པས་ཆོག་ཀྱང༌། སངས་རྒྱས་ཀྱི་མཚན་དང༌། གཟུངས་སྔགས་སྨོན་ལམ་ཁྱད་པར་ཅན་གྱིས་སྒོ་བཀག་ནས། འདྲིས་གོམས་གཏན་ནས་མེད་པའི་གང་ཟག་ལ་བསྐྱེད་རིམ་འབོགས་པ་དང་སྣང་མཆེད་ཐོབ་པའི་ངོ་སྤྲོད་སོགས་ཀུན་གཞི་ལུང་མ་བསྟན་ལ་བརྡ་འཕྲོད་པར་དཀའ་བའི་དོན་ཤེས་པར་བྱའོ། །ཞེས་པའང་བློ་གསལ་གྱི་ངོར་རང་བྱུང་རྡོ་རྗེས་སོ།། །