རྗེའི་རྣམ་ཐར་ཤིན་ཏུ་གསང་བ་ངོ་མཚར་རྨད་དུ་བྱུང་བའི་གཏམ།


JLD001_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རྣམ་ཐར་ཤིན་ཏུ་གསང་བ་ངོ་མཚར་རྨད་དུ་བྱུང་བའི་གཏམ་ཞེས་བྱ་བ་བཞུགས་སོ། །


JLD001_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་པར་ཐར་པ་ཁྱད་པར་ཅན་ཇི་ལྟ་བུ་ཞིག་ལགས་ཞེས། རྗེ་བཙུན་ལ་ཞུས་བས། དེ་ཉིད་ཀྱི་རྣམ་པར་ཐར་པ་སྙིང་སྟོབས་ཀྱི་སྤྱོད་པ་རླབས་ཆེ་བ། གསང་བ་ལས་ཀྱང་ཆོས་ཤིན་ཏུ་གསང་བ་ངོ་མཚར་རྨད་དུ་བྱུང་བའི་གཏམ་བྱ་བ་ནི། འདི་དག་ཡིན་ཏེ། སྔགས་མཚན་ཉིད་ཀྱི་ཕྱོགས་རྣམས་གང་ཟག་གཅིག་འཚང་རྒྱ་བའི་ཐབས་སུ། རྒྱབ་རྟེན་ཚན་མ་ཅན་གྱིས་གྲུབ་པ་ནི། རྣམ་པར་ཐར་བ་ཕུལ་དུ་ཕྱིན་པའི་དོན་གྱི་གཙོ་བོ་སྐལ་པ་བཟང་པོ་དང་ལྡན་པ་རྣམས་ལ། ངོ་མཚར་རྨད་དུ་བྱུང་བའི་དགེ་ཚོགས་སྤེལ་


JLD001_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཏམ་ནི་འདི་ལྟ་སྟེ། སྙིང་སྟོབས་ཕུལ་དུ་ཕྱིན་བའི་སེམས་དཔའ་ཆེན་པོ་འདི་ཉིད། སྔོན་རྗེ་བཙུན་འཇམ་བའི་དབྱངས་ཀྱིས་ཡང་ཡང་དུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཛད། ཕྱི་ནང་གི་རིགས་པའི་གནས་རྣམས་ལ་ཐོགས་མེད་དུ་སྨྲ་བའི་སྤོབ་པའང་ཐོབ། མངོན་པར་ཤེས་པ་ལྔ་ལ་ཡང་མངའ་བརྙེས། དེ་བཞིན་གཤེགས་པ་དབང་བོའི་ཏོག་གི་དྲུང་སུ། རྗེ་བཙུན་དང་འཁོར་མང་པོ་དང་བཅས་ཏེ་བྱོན། དེའི་ཚེ་དེ་བཞིན་གཤེགས་པ་དབང་བོའི་ཏོག་གིས། ལུས་སྲོག་ལ་མི་ལྟ་བར་ལྟ་བ་རྣམ་པར་དག་པ་དང་འབྲལ་བའི་སྔགས་མ་དག་པའི་ཞིང་རྣམས་སུ་རྒྱས་པར་


JLD001_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ནི། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་སོགས་ཀྱིས་བསྔགས་པ་མང་དུ་བརྗོད། དེའི་ཚེ་སེམས་དཔའ་ཆེན་པོ་འདི་ཉིད་ཀྱིས་འཁོར་རྒྱ་མཚོའི་དབུས་སུ་བཞེངས་ཏེ། མ་དག་པའི་ཞིང་རྣམས་སུ་ལྟ་བ་རྣམ་པར་དག་པ་དང་འབྲེལ་བའི་སྔགས་ལུས་སྲོག་ལ་མི་ལྟ་བར་བདག་གིས་རྒྱས་པར་བྱེད་ནུས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པོ། །དེའི་མོད་ལ་དེ་བཞིན་གཤེགས་པ་དབང་པོའི་ཏོག་དང་འཁོར་བྱང་སེམས་རྣམས་ཀྱིས་ཀྱང་སྨོན་ལམ་གནང་། དེ་བཞིན་གཤེགས་པ་དེའི་མཐུས། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་ཀྱང་། ཐུགས་ཀྱིས་དགོངས་ཏེ་སྔར་བཞིན་མཛད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། འདི་ནི་སྙིང་སྟོབས་ཕུལ་དུ་ཕྱིན་པའོ་ཞེས་མགྲིན་གཅིག་ཏུ་བརྗོད། དེའི་ཚེ་སྙིང་སྟོབས་ཕུལ་དུ་ཕྱིན་པའི་སེམས་དཔའ་ཆེན་པོ་འདི་ཉིད་ནི། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་འདས་བའི་བྱང་ཤར་མཚམས་སུ། ངོ་མཚར་རྨད་དུ་བྱུང་པའི་བཀོད་པ་སྣ་ཚོགས་པས་མཛེས་པ་ཞེས་བྱ་བའི་ཞིང་དུ། དེ་བཞིན་གཤེགས་པ་སེང་གེའི་ང་རོ་ཞེས་བྱ་བར་འཚང་རྒྱའོ་ཞེས་ལུང་བསྟན། དེ་ནས་བཟུང་སྟེ་མ་དག་པའི་ཞིང་རྣམས་སུ་སྔགས་རྒྱ་ཆེར་སྤེལ་བ། བཀོད་པ་སྣ་ཚོགས་ཀྱི་སྒོ་ནས་གྲངས་ལས་འདས་པ་ཐམས་མཁས་ཀྱི་མཛད་པ་དང་། ཡང་ཞིང་ཁམས་མཐའ་ཡས་པ་རྣམས་སུ་སྐལ་ཅིག་གཅིག་གིས་ཡང་དེ་ཉིད་མང་དུ་རྒྱས་བར་མཛད་དེ་ཞེས་པ་དང་། ད་ལྟ་རྟོགས་པའི་


JLD001_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ནི། མཚན་ཉིད་ཐེག་པ་དང་བསྟུན་ན་ཞིང་སྤྱོད་པ་སོགས་ཀྱི་འགོ་རྩོམ་ཞེས་གསུང་། འོ་ན་དེ་བཞིན་གཤེགས་པ་དེའི་སྐུའི་ཚད་དང་། རྒྱུན་པའི་འོད་ཟེར་རྣམས་ཀྱི་ཚད་ཇི་ལྟར་ལགས་ཞུས་པས། རྒྱུན་པའི་སྐུ་དཔག་ཚད་གཅིག །སྐུ་མདོག་ལྗང་སྔོན། ཕྱག་གཡས་ཆོས་འཆད་གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བའི་ནང་ན་བདུད་རྩིའི་ཁ་དོག་ལས་ཁྱད་པར་འཕགས་པའི་དབུས་ན། མཆོད་སྡོང་ཟུར་བཞི་པ་དབུས་ཨེ་ན་ཅིག་མཐོ་བ། འོད་ཟེར་སྣ་ཚོགས་ཀུན་ཏུ་འཕྲོ་། བདུད་རྩི་དང་ཁ་དོག་རིགས་གཅིག །དེ་བཞིན་གཤེགས་པ་དེའི་ཞིང་དུ་དབང་པོ་རབ་རྣམས་ཀྱིས་མཆོད་སྡོང་མཐོང་བའི་མོད་ལ། ལྟ་བ་རྣམ་དག་དང་འབྲེལ་བའི་སྔགས་རང་འཁྲུངས་སུ་རང་རྒྱུད་ལ་རྟོགས་ནས་བདུད་རྩི་མངོན་དུ་བྱེད།དབང་པོ་འབྲིང་དང་ཐ་མ་རྣམས་ལ་གསུང་གིས་ལྟ་བ་རྣམ་དག་དང་འབྲེལ་བའི་སྔགས་འདོམས་པའི་ལྟས་ཡིན་གསུང་། འཁོར་ནི་ལྟ་བ་རྣམ་དག་དང་འབྲེལ་བའི་སྒོ་ནས་འཚང་རྒྱ་བ་ཤ་སྟག་གོ་གསུང་། འོ་ན་དེ་ལྟ་བུའི་ཞིང་དུ་སྐྱོ་པ་ལ་རྒྱུ་ཚོགས་ཅི་བསྒྲུབས་ན་སྐྱེ་ཞུས་པས། རྙེད་བཀུར་ལ་མི་བལྟ་བར་སྣོད་མིན་སྤངས་བའི་ཤེས་བརྩོན་དད་པ་དང་ལྡན་པའི་དབང་པོ་རབ་རྣམས་ཀྱིས་གསང་སྔགས་ལམ་རིམ་ནས་བཤད་པ་ལྟར་ཉམས་སུ་བླངས། གཞན་ལའང་བསྟན་ན་ཞིང་དེར་སྐྱེ་བ་དང་། དབང་པོ་འབྲིང་དང་ཐ་མ་རྣམས་ཀྱང་བསྐྱེད་རྫོགས་ཀྱི་གོ་


JLD001_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མཐའ་གཉིས་སུ་མ་ལྷུང་ཙམ་རེ་གུས་བའི་སྒོ་ནས་གོ་ཡུལ་སྐྱེད། དམ་ཚིག་དང་སྡོམ་པ་མེད་མི་རུང་གི་ཡན་ལག་རྣམས་གུས་སྤྱོར་གྱི་སྒོ་ནས་ཉམས་སུ་བླངས་ན་ཞིང་དེར་སྐྱེ་ཞེས་གསུང་། དེ་ནས་ཕུལ་ཚུགས་སུ་གསོལ་བ་བཏབ་པའི་སྐབས་ཤིག་ཏུ་དེ་ལྟ་བུའི་སྐུའི་རྣམ་པ་དེ་གསལ་བའི་འདུན་པ་ཡང་དང་ཡང་དུ་བྱས། རང་རྒྱུད་ཀྱི་ཚོགས་གསོག་སྒྲུབ་སྤྱོང་ལ་རྩེ་གཅིག་ཏུ་བསྒྲིལ་ཏེ་འདུན་པ་ཤུགས་དྲག་པོ་མང་དུ་བྱས་པའི་མཚམས་ཤིག་ཏུ། དེ་བཞིན་གཤེགས་པ་དེའི་སྐུའི་རྣམ་པ་མི་བོང་གཉིས་ལས་ཆེ་ཙམ་སྤྲུལ་སྐུའི་ཆ་ལུགས་ཁོ་ལག་ཤིན་ཏུ་རྒྱས་པ་སྔར་བཤད་པ་ལྟར་ཞག་བཅོ་ལྔའི་བར་དུ་གསལ་པོ་བྱུང་། ཕུར་ཚུགས་སུ་གསོལ་བ་བཏབ་སྟེ། ཞིང་དེར་སྐྱེ་བའི་སྨོན་ལམ་ཡང་དང་ཡང་དུ་བཏབ། འོ་ན་དབང་པོ་རབ་རྣམས་ཀྱིས། ཞིང་དེར་སྐྱེ་བའི་རྒྱུ་ཚོགས་ཇི་ལྟ་བུ་ཞིག་བསྒྲུབས་ན་སྐྱེ་ཞེས་བསྣན་ནས་ཞུས་པས། སྔར་བཤད་པ་གཞིར་ཞོག ། དེའི་སྟེང་དུ་གསང་སྔགས་ལམ་རིམ་ལ་གཙོ་བོར་བྱ་སྟེ། གཞན་སྔགས་ལ་སོགས་པ་དེའི་ཡན་ལག་ཏུ་བྱས་ལ། སླར་བཞིན་ཉམས་སུ་བླངས་ཞེས་གསུང་། སྔར་བཤད་པ་བཞིན་དད་སོགས་ཀྱིས་ངེས་པ་གཏིང་ནས་འདྲོངས་པ་དང་། དེ་བཞིན་གཤེགས་པའི་སྐུའི་དོན་སྦི་ཡིད་ལ་གསལ་པོ་བྱ་སྟེ། སྔགས་མཚན་ཉིད་གང་རུང་གི་ཡན་ལག་བདུན་པ་དོན་སྤྱི་གསལ་པོར་བྱས་ཏེ་ཕུལ་ན། དེ་ནས་སྨོན་ལམ་གང་འགྲུབ་ཐུན་བཞིར་བཅད་དེ་གལ་པོ་ཆེར་བྱས་ལ་


JLD001_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་གསུང་། དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་གཏམ་དུ་བྱ་བ། སློབ་དཔོན་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་ཐར་པ། གཞན་ལས་ཕུལ་དུ་ཕྱིན་པ་འདི། སློབ་དཔོན་རིན་ཆེན་རྒྱལ་མཚན་བས་བཀའ་གནང་ཞིང་། རང་གི་སློབ་མ་མདོ་སྨད་པ་བསོད་ཤེ་དང་། མངའ་རིས་པ་དཔོན་པོ་ནམ་མཁའ་བཟང་པོ་གཉིས་ཀྱིས། གསེར་གྱི་མཎྜལ་ཕུལ་ཏེ་བསྐུལ་བ་ལ་བརྟེན་ནས། སྤོང་པ་བ་འཇམ་དཔལ་རྒྱ་མཚོས་གསོལ་བ་ཡུན་རིང་དུ་བཏབ་ནས། རྗེ་བཙུན་གྱི་བཀའ་ཇི་ལྟ་བ་བཞིན་དུ། ཡོས་ལོ་ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ་ཡི་གེར་བཀོད་པའོ།། སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཚར་འདི་སྤེལ། །སརྦ་མངྒ་ལཾ། །