cover

ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།

གླེགས་བམ་བཞི་པ། ང༽

ཀརྨ་པ་རང་བྱུང་རྡོ་རྗེ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བཀའ་བརྒྱུད་གསེར་ཕྲེང་།

བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །བླ་མ་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་བསྟན་པའི་ཆོས་མཐའ་དག་བསྡུས་ན་རྟེན་གྱི་གང་ཟག་སྐད་ཅིག་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་པའི་ལམ་གྱི་བརྗོད་ཚུལ་མ་ནོར་བ་རྟོགས་པའི་རིམ་པ་ཅིག་སྟོན་པ་ལེགས་ཏེ། དེ་ལ་ཆོས་ཅི་སྙེད་ཅིག་གསུངས་ཀྱང་བསྡུས་ན། ཐེག་པ་ཐུན་མོང་བའི་ལམ་དང་། ཐུན་མོང་མ་ཡིན་པའི་ལམ་གཉིས་ཏེ། དེ་ཡང་ཐེག་པ་ཐུན་མོང་བ་དྲང་བའི་དོན་དུ་བསྟན་པ་ནི། བློའི་རིག་པ་ཐ་དད་པའི་དབྱེ་བས་རིག་གསུམ་ཐེག་པ་ཐུན་མོང་བ་དྲང་བའི་དོན་དུ་བསྟན་པ་ནི། བློའི་རིག་པ་ཐ་དད་པའི་དབྱེ་བས། རིག་གསུམ་ཐེག་པ་རྣམ་པ་གསུམ་དུ་བཤད་དེ། དེ་ཡང་ཐེག་པའི་གོ་བ་ཡང་། འོག་མའི་ས་ནས་གོང་མའི་སར་འདེགས་པར་བྱེད་པའི་དོན་གྱིས་ན་ཐེག་པ་ཞེས་བྱ་སྟེ། དེ་ཡང་ཉན་ཐོས་ཀྱི་ཐེག་པ། རང་སངས་རྒྱས་ཀྱི་ཐེག་པ། ཐེག་པ་ཆེན་པོ། དེ་ལྟར་ཡང་མདོ་ལས། སེམས་ཅན་དྲང་བའི་དོན་གྱི་ཕྱིར། །ཐེག་པ་གསུམ་དུ་བསྟན་པ་ཡིན། །ཅེས་པ་དང་། གཙོ་བོར་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཅེས་པའི་ཚུལ་གྱིས། ཐེག་པ་ཐ་དད་པར་བསྟན་པས་སོ། །དེ་ལས་ཐེག་པ་ཐུན་མོང་མ་ཡིན་པ། ཐེག་པ་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཐམས་ཅད། ངེས་པའི་དོན་དུ་གཅིག་ཁོ་ནར་ངེས་ཏེ། དེ་ལྟར་ཡང་འཕགས་པ་རྟོག་པ་ཆེན་པོ་ལས། སངས་རྒྱས་ཐེག་ཆེན་གཅིག་ཏུ་ལས། །གཉིས་དང་གསུམ་ཞེས་དབྱེ་བ་མེད། །ཅེས་པ་དང་། ཡང་གཞན་ལས། ཡང་དག་དུ་ན་སྣང་མེད་པས། །ཐེག་པ་གཅིག་ཏུ་ཡང་དག་གནས། །ཅེས་གསུངས་པའི་ཚུལ་གྱིས་བསྟན་སྟེ། ཐེག་པ་ཐུན་མོང་བ་དྲང་བའི་དོན་མི་སྟོན་སྟེ། ཐེག་པ་ཐུན་མོང་མ་ཡིན་པ། ཐེག་པ་ཆེན་པོ་ཡི་ཆོས་ཁོ་ན་སྟོན་པར་བྱེད་སྟེ། ཐེག་པ་ཆེན་པོ་ལ་གཉིས་ཏེ། རྒྱུ་ལམ་དུ་བྱེད་པ། མཚན་ཉིད་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལམ་གཅིག་ཆར་དུ་འཇུག་པ་གཉིས་སྟེ། དེ་ཡང་རྒྱུ་མཚན་ཉིད་ཕ་རོལ་དུ་ཕྱིན་པའི་ཐེག་པ་ནི། ལམ་རིམ་གྱིས་པ་དོན་སྤྱིའི་ཚུལ་དུ་ཡིད་ལ་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་དེ་ཐོབ་བྱའི་ཡུལ་དམིགས་པ་དང་བཅས་པའི་སྒོ་ནས་ཐོབ་པར་བྱེད་པ་ནི་རིང་བའི་ལམ་མོ། །དེ་ལས་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི། ལམ་གཅིག་ཆར་བ་དོན་རང་གི་མཚན་ཉིད་མངོན་གསུམ་དུ་ཉམས་སུ་མྱོང་ནས། འབྲས་བུ་རྫོགས་པའི་སངས་རྒྱས་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །རང་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་པར། འོད་གསལ་ལྷན་ཅིག་སྐྱེས་པའི་དོན་སྐད་ཅིག་ལ་ཐོབ་སྟེ། ཉེ་བའི་ལམ་དུ་བསྟན་ཏེ། དེ་ལྟར་གཉིས་ལས་དང་པོ་མ་ཡིན་ཏེ། གཉིས་པ་སྟོན། འདི་ལས་ཡང་རྒྱུད་སྡེ་ཆེན་པོ་བཞི་སྟེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས། འདིར་ནི་གཙོ་བོར་སྟོན་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ཡང་ཐབས་གཙོ་བོར་སྟོན་པ་ཕ་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད། གཉིས་སུ་མེད་པ་ཕྱེད་པའི་རྒྱུད་གསུམ་ལས། འདིར་བླ་ན་མེད་པ་རྒྱུད་སྡེ་དུ་མ་ཞིག་གི་ནང་ནས་བྱིན་རླབས་གཙོ་བོར་སྟོན་པ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལགས། འདི་བྱིན་རླབས་ཆེ་བའི་རྒྱུ་མཚན་ཡང་། ཡུལ་ཉི་ཤུ་རྩ་བཞི་ནས་སྤྲུལ་པའི་དཀྱིལ་འཁོར་དངོས་སུ་བཞུགས་སྟེ། ལྷན་ཅིག་སྐྱེས་པའི་དཔའ་བོ་དང་རྣལ་འབྱོར་མ་དངོས་སུ་བཞུགས་པས་ན་བྱིན་རླབས་ཆེ་ཞིང་བཀའ་གཉན་པའོ། །དེའི་རྒྱུད་ཀྱི་དགོངས་པའི་དོན་མདོར་བསྡུས་ནས། གསང་བ་སྦས་པ་སྙན་རྒྱུད་འདི་ལགས་སྟེ། འདི་ལ་གསུམ། བརྒྱུད་པ་དང་ལྡན་པའི་བླ་མའི་མཚན་ཉིད་དང་། སྣོད་དང་ལྡན་པ་སློབ་མའི་མཚན་ཉིད་དང་། དོན་དང་ལྡན་པ་གདམས་ངག་གི་མཚན་ཉིད་དང་གསུམ་མོ། །དང་པོ་ནི། བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྒྱུན་མ་ཆད་ཅིང་སྡོམ་གསུམ་དང་ལྡན་པ་སྙན་རྒྱུད་ཉམས་ཀྱི་རྒྱུད་པ་མ་ཆད་ཅིང་གཉུག་མའི་དྲོད་ཚད་ཤེས་པས། བྱིན་རླབས་བཀའི་རྒྱུད་པ་མ་ཆད་ཅིང་རྟོགས་པ་མཆོག་དང་ལྡན་པའོ། །གཉིས་པ་ནི། སྣོད་གསུམ་གྱི་སྐྱོན་དང་བྲལ་བས་སྟེ། དེ་ཡང་ཐོས་པའི་དུས་སུ་སྣོད་ཁ་སྦུབས་ལྟ་བུའི་སྐྱོན་དང་བྲལ་བ། བསམ་པའི་དུས་སུ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དང་བྲལ་བ། ཐ་མ་བསྒོམ་པའི་ཤེས་རབ་ཀྱི་དུས་སུ་སྣོད་དུག་ཅན་ལྟ་བུ་ཡི་སྐྱོན་མེད་པའོ། །གསུམ་པ་ནི་དབང་དང་འབྲེལ་བ་རྒྱུད་ཀྱི་གདམས་པ། བྱིན་རླབས་དང་འབྲེལ་བ་སྙན་རྒྱུད་ཀྱི་གདམས་པ། བརྡའ་དང་འབྲེལ་བ་ངོ་སྤྲོད་ཀྱི་གདམས་པའོ། །དེ་ལ་བར་པ་བྱིན་རླབས་དང་འབྲེལ་བ་སྙན་རྒྱུད་ཀྱི་གདམས་པ་ནི། སྒྲོ་འདོགས་གཅོད་བྱེད་གསུམ་སྟེ། ཕྱི་བླ་མ་སྤྲུལ་པའི་སྐུའི་འཁོར་ལོ་ལ་བརྟེན་ནས། བརྒྱུད་པའི་སྒྲོ་འདོགས་གཅད་པ་དང་། ནང་ཉམས་ལེན་ལོངས་སྤྱོད་རྫོགས་པའི་སྐུའི་གདམས་ངག་ལ་བརྟེན་ནས་ལམ་གྱི་སྒྲོ་འདོགས་གཅད་པ་དང་། གསང་བ་ངོ་སྤྲོད་ཆོས་སྐུའི་གདམས་ངག་ལ་བརྟེན་ནས། གནས་ལུགས་དེ་ཁོ་ན་ཉིད་ཀྱི་སྒྲོ་འདོགས་གཅོད་པའོ། །ནང་ཉམས་ལེན་ལོངས་སྐུའི་གདམས་ངག་ལ་གཉིས། སྨིན་ལམ་དང་། གྲོལ་ལམ་མོ།། ༈ །།རིན་ཆེན་བཻ་ཌཱུརྻ་བཞིན་འགྲོ་བའི་དགོས་འདོད་རེ་སྐོང་ཞིང་། །ཐབས་དང་ཤེས་རབ་ཟུང་འཇུག་ཉི་ཟླ་ལྟར་གསལ་བདག་ཉིད་ཅན། །གསལ་འགྲིབ་དང་བྲལ་ནམ་མཁའ་ལྟ་བུ་ཀུན་ཁྱབ་སྙིང་རྗེ་ནི། །མ་བཞིན་བརྩེ་བ་བདེ་སྟོང་དབྱེར་མེད་ཞབས་ལ་འདུད། །གཉིས་དག་ལྔ་ལྡན་ཆོས་སྐུ་གཟུགས་སྐུ་གཉིས། །སྒྲིབ་མེད་སྒྲིབ་སྤང་རང་བྱུང་ཡེ་ཤེས་སྟེ། །གསང་བ་གསུམ་ལྡན་འཁོར་ལོ་རྣམས་གསུམ་གྱི། །རྒྱུ་འབྲས་དབྱེར་མེད་གནས་ལུགས་རིམ་པ་བྲི། །དེ་ལ་ཐོག་མར་བླ་མ་རིན་པོ་ཆེ་རྣམས་ཀྱི་བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པ། དཔལ་རྡོ་རྗེ་འཆང་ནས་སྒྲོན་མེ་གཅིག་ནས་གཅིག་ཏུ་མཆེད་པ་ལྟ་བུའོ། །ཉམས་ཀྱི་གདམས་ངག་མ་རིག་པའི་མུན་པ་སེལ་བར་བྱེད་པ། བརྡའ་དོན་བཀྲོལ་བར་མཛད་པའི། ༼མ་དཔེ་ལྡེབ་བཞི་པ་མ་ཚང་།༽ ལྷ་གང་ཞེས་ཀྱང་བྱ། ཨུ་རྒྱན་གྷ་དྷོ་ལའི་གཙུག་ལག་ཁང་ཞེས་ཀྱང་བྱ། ཐམས་ཅད་དུག་མཚོ་འབོས་དང་། ལྕགས་ཀྱི་རི་དང་། སྲོག་ཆགས་གདུག་པ་ཅན་མང་པོས་བསྐོར་བ། སྒོ་རིམ་པ་གསུམ་དང་། འཁོར་ས་རིམ་པ་གསུམ་དང་བཅས་པ་ན། སྒོ་བཞི་རྟ་བབས་དང་བཅས་པ་ཡོད་པའོ། །དེའི་དབུས་དྷརྨ་གྷ་ཛཱ་ཆོས་ཀྱི་མཛོད་བཞུགས་པ་ལ། མཁའ་འགྲོ་མ་རྣམ་པ་གསུམ་བཞུགས་པ་ལས། ཕྱི་སྤྲུལ་སྐུ་ཟ་བྱེད་ལས་ཀྱི་མཁའ་འགྲོ་མ་ནི། འབངས་སྒོ་མའི་ཚུལ་དུ་བཞུགས་ནས་སྣོད་མིན་ཐམས་ཅད་ཚར་གཅོད་པའི་བྱ་བ་བྱེད་དོ། །ནང་ལོངས་སྐུ་འཇིག་རྟེན་ལས་ཀྱི་མཁའ་འགྲོ་མ་ནི། རྒྱུད་ཀྱི་བདག་མོ་མཛད་ཅིང་མཆོད་པ་ལ་བརྩོན་པར་བཞུགས་སོ། །གསང་བ་ཆོས་སྐུ་དྲི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི། གཞལ་ཡས་ཁང་གི་དབུས་ན་བཞུགས་པ་མེད་པའི་ཚུལ་གྱིས། གཉིས་སུ་མེད་པ་བདེ་བ་ཆེན་པོའི་ངོ་བོར་བཞུགས་སོ། །དེ་ཡང་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་རྣམ་གསུམ་གྱི་ངོ་བོར་ནི་བཞུགས་སོ། །དེ་ཡང་རང་བྱུང་གི་སྐུའི་གསང་མཛོད་དང་། ཡིག་འབྲུ་གསུང་གི་གསང་མཛོད་དང་། ཕྱག་མཚན་ཐུགས་ཀྱི་གསང་མཛོད་གསུམ་དུ་བཞུགས་ཏེ། དེ་ལ་མི་ཕྱེད་པའི་ལྕགས་གསུམ་བཅུག །རྒྱ་རིམ་པ་བདུན་དང་བཅས་པས་བཞུགས་པའོ། །དེ་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣལ་འབྱོར་མ་དེ་ཉིད་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་ཏེ། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དེ་དག་ཀྱང་རེ་རེ་ལ་ཡང་། འཁོར་མཁའ་འགྲོ་མ་བྱེ་བས་ཡོངས་སུ་བསྐོར་ཏེ། རྡོ་རྗེ་དྷ་ཀི་དང་། ལས་དང་། པདྨ་དང་། རིན་ཆེན་རིགས། སངས་རྒྱས་རིགས། དམ་ཚིགས་དང་། སྣ་ཚོགས་དང་། འཇིག་རྟེན་མཁའ་འགྲོ་མ་དང་བཅས་པ་བཞུགས་སོ། །ལྷན་ཅིག་སྐྱེས་མ་གསང་བའི་ཡུམ་ནི། འཇིགས་བྱེད་དང་དུས་མཚན་མའི་གདན་ལ་གཡས་བརྐྱངས་གཡོན་བསྐུམ་གྱི་ཚུལ་དུ། ཕྱག་གཡས་ན་རྡོ་རྗེ་གྲི་གུག་དང་། ཐོད་པ་བདུད་རྩིས་བཀང་བ་གཡོན་ན་འཛིན་པ། ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ཡོན་ཏན་གྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རྒྱན་དང་ཆ་ལུགས་དང་ལྡན་པའོ། །དེ་ལ་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བས་སྟེ། ཤར་གཏུམ་དྲག་དང་། རྒྱལ་པོ་ཨེན་ཏྲ་བོ་དེ་དང་། བྱང་ཚང་ཚིང་འཁྲིག་པར། ཀུ་ཀུ་རི་པ་དང་། ནུབ་ཨུ་རྒྱན་དུ། པདྨ་བཛྭ་དང་། ལྷོ་འཇིགས་སུ་རུང་བར། ཀླུ་གྲུབ་སྙིང་པོ་དང་། འཚམས་སུ་ནི། ཤར་ལྷོར་དཔལ་གྱི་གནས་སུ། ལྷོ་བྷོ་བྷི་ཧེ་རུ་ཀ་དང་། ལྷོ་ནུབ་བདུན་པ་མི་བཟད་པར། རྡོ་རྗེ་དྲིལ་བུ་པ་དང་། ནུབ་བྱང་ཀི་ལི་ཀི་ལའི་སྒྲ་སྒྲོགས་པར། ཀླུ་ཡི་བ་དང་། བྱང་ཤར་ཧ་ཧ་རྒོད་པར། དཔལ་ས་ར་ཧ་ཆེན་པོ་དང་བཅས་པའོ། །དེ་དག་ཀྱང་ཞིང་སྐྱོང་ཤིང་བརྒྱད་ལ་གནས་པ་དང་། ཕྱོགས་སྐྱོང་བ་དང་། ཀླུའི་རྒྱལ་པོ་དང་། ཕྲ་མེན་མ་དང་། མཁའ་འགྲོ་མ་དང་བཅས་པ། མ་འདྲེས་ལ་ཡོངས་སུ་རྫོགས་པ་སྟེ། འཇིག་རྟེན་བ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་གནས་མཆོག་ཏུ་གྱུར་པ་ཡིན་ནོ།། ༈ །།སངས་རྒྱས་ཀྱི་སྤྲུལ་པ་ཏེ་ལོ་པ་ལ། རྣམ་པར་ཐར་པ་བསམ་ཀྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པ་ཡིན་ཡང་། མདོར་བསྡུས་པའི་ཡོན་ཏན་ལ་བཞི་ལས། དང་པོ་མི་རང་བརྒྱུད་པར་བསྟན་པ་ལ་ཡང་བཅུར་ཡོད་པ་ལས། སྐུ་འཁྲུངས་པ་ནས་མཁའ་འགྲོ་མ་ཟིལ་གྱི་མནན་ཅིང་ཆོས་གསན་པའི་སྔོན་ནི། རྒྱ་གར་ཤར་ཕྱོགས་ལས་ཟ་ཧོར་གྱི་བྱེ་བྲག་ལས། གྲོང་ཁྱེར་ཛྙྱ་ཀོར་ཞེས་བྱ་བ་འདོད་པའི་ཡོན་ཏན་དུ་མ་དང་ལྡན་པའི་རིག་པའི་གནས་དུ་མའི་འབྱུང་གནས་དུ་མ་དེར། ཡབ་བྲམ་ཟེ་གསལ་བ་ཞེས་བྱ་བ་རིགས་ཁྱད་པར་དུ་འཕགས་པ་དང་། ཡུམ་བྲམ་ཟེ་མ་གསལ་ལྡན་ཞེས་བྱ་བ་གཉིས་ལ། སྲས་མོ་བྲམ་ཟེ་མོ་གསལ་སྒྲོན་ཞེས་བྱ་བ་གཅིག་འཁྲུངས། འཕྱིས་སྲས་ཀྱིས་དབེན་ནས་གནས་པ་ལ། བྲམ་ཟེ་དང་དྲང་སྲོང་དང་འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱང་མཆོད། ཁྱད་པར་དུ་དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཞིང་གསོལ་བ་བཏབ་པས། དཔལ་བདེ་མཆོག་དང་། རྗེ་བཙུན་མ་ལ་ཡང་གསོལ་བ་བཏབ་པས། ཟླ་བ་དགུའི་ངོ་བོ་བཅུ་ན་སྲས་གཅིག་བཙས་པའི་ཚེ། རྒྱ་གར་ཤར་ཕྱོགས་དེ་འོད་ཀྱིས་ཁྱབ་པར་གྱུར་པས། དེའི་ཚེ། བྲམ་ཟེ་མཚན་མཁན་སྤྱན་དྲངས་ནས། མཚན་ལྟས་བརྟག་པའི་ཚེ། རེས་འགའ་ལྷ། རེས་འགའ་ཀླུ། རེས་འགའ་མི་དང་། རེས་འགའ་སངས་རྒྱས་ཉིད་ཀྱི་མཚན་ལྟས་འདྲ་བ་བྱུང་བས། དེར་གང་ཡིན་མ་ཤེས་ཏེ། རང་བཞིན་ཁྱད་པར་འཕགས་པར་ཤེས་པས། འདི་ནི་ལྷ་ཀླུ་གནོད་སྦྱིན་དང་། །སངས་རྒྱས་གང་ཡིན་མ་འཚལ་ཏེ། །སྐྱེས་བུ་ངོ་མཚར་ཅན་གྱི་མཆོག །འདི་ནི་ཤིན་ཏུ་ལེགས་པར་སྐྱོང་། །ཞེས་ཟེར་ཏེ། མཚན་ཡང་བྲམ་ཟེ་གསལ་འོད་དུ་བཏགས་སོ། །ཟས་དཀར་གསུམ་དང་མངར་གསུམ་ལ་སོགས་པ་བརྟེན་ནས། ཤིན་ཏུ་གཅེས་པར་བསྐྱངས་པ་ལ། ཤིན་ཏུ་སྐྱེད་ཆེ་བར་བྱུང་སྟེ། ལོ་གཅིག་ལོན་པའི་དུས་སུ། ཡུམ་གྱིས་དང་ཀར་ལ་ཉི་གྲིབ་མཚམས་སུ་བཞག་པའི་ཚེ། སྙན་པའི་ཚིགས་གིས་བསྲོང་ཞིང་ཡོད་ཙམ་ན། བུའི་སྟེང་དུ་སྔར་མཐོང་མ་མྱོང་བའི་གྲིབ་མ་འཇིགས་པ་ཅིག་བྱུང་བས། རྒྱབ་ངོས་སུ་བལྟས་ཙ་ན། བུད་མེད་རྒན་མོ་མི་སྡུག་པའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཅིག་བྱུང་བས། ཡུམ་ཤིན་ཏུ་སྐྲགས་ཏེ། ཁྱོད་འདིར་མ་འདུག་པར་སོང་བྱས་པས། དེ་ན་རེ། གཅེས་པར་བརྐྱངས་ཀྱང་མི་འཆི་བའི་ས་ཕྱོགས་དེ་ཡང་ཡོད་མ་ཡིན། ཞེས་ཟེར་ཞིང་སོང་བ་ལ་དྲིས་པ། ཐབས་ཅི་ལྟར་བྱས་ན་མི་འཆི་བྱས་པ་ལ། གཞོན་ནུ་མཛེས་པའི་མཚན་དང་ལྡན། དམ་ཆོས་བརྡ་སྐད་ཕྲད་ན་བདེ་ཟེར། དེ་བརྡ་དང་སྒྲ་རྣམས་བསླབས་པས། ཐོགས་པ་མེད་པར་ཤེས་ཏེ། ཤིན་ཏུ་སྐྱེད་ཆེ་བར་བྱུང་སྟེ། ལོ་ཡང་བཅུ་དྲུག་ཙམ་ལོན་པའི་ཚེ། རིགས་བྱེད་ལ་ཡང་བྱང་ཞིང་། ལེགས་པའི་ཡོན་ཏན་དུ་མ་མངའ་བ་ཅིག་བྱུང་སྟེ། གནས་པ་ལ། ཡང་སྔར་གྱི་མཁའ་འགྲོ་མ་ནག་མོ་འཇིགས་སུ་རུང་བ་དེ་བྱུང་ནས། ཡི་གེ་འབྲི་ཞིང་མ་ཧེ་སྐྱོངས། །ལྟོས་མེད་ས་ལའི་ནག་གསེབ་ཏུ། །ཁྱེའུ་བྲམ་ཟེ་གསལ་འོད་ཐོང་། །མཁའ་འགྲོ་མའི་ལུང་བསྟན་འབྱུང་། །ཞེས་ཟེར་བ་ལ། ཡབ་ཡུམ་གྱི་ཞལ་ནས། དེ་སྔ་ཕན་ཅད་ཀྱང་ལུང་བསྟན་ཅི་ཟེར་བདེན། ད་ཡང་ལུང་བསྟན་གྱི་རྗེས་སུ་འབྲང་དགོས་ཟེར་ནས། དེ་ནས་ནང་པར་མ་ཧེ་རྣམས་ཡབ་དང་གཉིས་ཀྱི་དེད་ནས་ཡབ་ལོག་ནས་ཁང་པར་སོང་། སྲས་ཀྱིས་མ་ཧེ་རྣམས་གཟན་ལ་བརྒྱབས་ནས། ཤིང་ས་ལའི་སྡོང་པོ་གཅིག་ལ་སྐུ་རྒྱབ་གཏད་ནས་ཡི་གེ་བྲི་ཞིང་བསྡད་པས། ཡང་བུད་མེད་མི་སྡུག་པའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དེ་བྱུང་ནས། ཡུལ་ལ་སོགས་པ་གང་ཡིན་ཞིབ་ཏུ་དྲིར་བྱུང་བ་ལ། ཡུལ་ནི་གྲོང་ཁྱེར་ཟ་ཧོར་ཡིན། །ཕ་ནི་བྲམ་ཟེ་གསལ་བ་ཡིན། །མ་ནི་བྲམ་ཟེ་གསལ་ལྡན་མ། །སྲིང་མོ་བྲམ་ཟེ་གསལ་སྒྲོན་ཡིན། །ང་རང་བྲམ་ཟེ་གསལ་འོད་ཡིན། །ཤིང་ནི་ས་ལའི་སྡང་པོ་ཡིན། །མ་ཧེ་ནོར་ཕྱིར་སྐྱོང་ཞིང་འཚོ། །ཡི་གེ་བྲི་ནས་དམ་ཆོས་བྱེད། །བྱས་པ་ལ། བུད་མེད་དེ་ཁྲོས་ནས། ཡུལ་ལ་སོགས་པ་ཐམས་ཅད་དེ་ལྟར་མེད་ཟེར། ཡང་ཡི་གེ་བལྟས་པས་སངས་མི་རྒྱ། སངས་རྒྱས་ན། དམུས་ལོང་གི་རང་བྱུང་གི་ཡེ་ཤེས་ཆེན་པོའི་དེ་བཞིན་ཉིད་ཀྱི་སངས་རྒྱས་གར་སོང་ཅེས་ཟེར་ཅིང་འདུག་པས། སྲས་ཀྱང་ཅུང་ཟད་སྐྲག་ཏེ། ཅི་ལྟར་ཡིན་དྲིས་པས། ཨེ་མ་དེ་ལྟར་ག་ལ་ཡིན། །ཡབ་ནི་བདེ་མཆོག་འཁོར་ལོ་ལ། །ཡུམ་ནི་རྡོ་རྗེ་རྣལ་འབྱོར་མ། །སྲིང་མོ་ང་ནི་ལྷ་མོ་བདེ་སྟེར་མ། །ཡུལ་ནི་ནུབ་ཕྱོགས་ཨུ་རྒྱན་ཡིན། །མིང་པོ་པན་ཙ་པ་ན་ཡིན། །བྱང་ཆུབ་ཤིང་གི་ནགས་ཚལ་དུ། །ཉམས་མྱོངས་མ་ཧེ་སྐྱོངས་འདོད་ན། །སྙན་རྒྱུད་ཡི་གེ་མེད་པའི་དོན། །ཕྱི་ནང་གསང་གསུམ་ལྡན་པ་ཡི། །དྲི་མེད་མཁའ་འགྲོ་མ་ལ་ཡོད། །གསུང་ནས། ལུང་བསྟན་པ་ལ། ལུང་བསྟན་དམ་ཚིག་ལྡན་པ་ཡི། གྲུབ་ཐོབ་ཁྱེད་ཀྱིས་བླངས་ན་ལོན་གསུངས། དེར་མཁའ་འགྲོར་ཤེས་ཏེ་འགྲོ་བ་ལ། ལམ་ཤིན་ཏུ་བགྲོད་པར་དཀའ་བས། ངས་འགྲོ་བའི་ཐབས་མ་མཆིས་ཞུས་པས། རིན་པོ་ཆེ་ཤེལ་གྱི་སྐས་དང་། རིན་པོ་ཆེའི་ཟམ་པ་དང་། ལྡེ་མིག་གཅིག་དང་གསུམ་བསྐུར་ཏེ། ངས་བྱིན་གྱི་རླབས་པས་ཚེགས་མ་མཆིས་ཟེར་ཏེ། སྐས་དང་ཟམ་པས་རྒྱ་འབོས་འཇོམས། །ལྡེ་མིག་འབྲས་བུས་ལྕགས་སྒྲོགས་ཁྲོལ་གསུངས་སྟེ། ད་ཚམ་ཚོམ་མེད་པར་སོང་གསུངས་ནས། ཕ་མ་ལ་ཞུས་པས། མ་ཤིན་ཏུ་མི་དགའ་བ་ལ། ཡབ་ཀྱིས་ཁོ་རང་ཅི་གསུང་བཞིན་བྱས་པས་ཆོག་སྟེ་འོང་གསུངས་སྟེ། དེ་ལྟར་གྱིས་ཅིག་གསུངས་ནས། རྫས་རྟེན་འབྲེལ་གསུམ་པོ་ཁྱེར་ནས་ནུབ་ཕྱོགས་ཨུ་རྒྱན་དུ་འགྲོ་བའི་ལམ་ཐམས་ཅད་ལ་ཐོགས་པ་མེད་པར་ཆོད་ནས། གྷན་དྷོ་ལ་ཆེན་པོའི་ལྕགས་རིའི་དྲུང་དུ་སླེབས་སྟེ། དུག་མཚོའི་འབོས་ལ་ཟམ་པ་བྱས། ལྕགས་རི་ལ་སྐས་བཙུགས་ནས། གཙུག་ལག་ཁང་གི་སྒོའི་དྲུང་དུ་འགྲོ་བ་ལ། ལྕགས་ཕྱེས་ནས་ཕྱིན་པ་དང་། ཚར་གཅོད་པའི་མཁའ་འགྲོ་མ་ཚན་གཉིས། རྗེས་སུ་འཛིན་པའི་མཁའ་འགྲོ་མ་གཅིག་ཡོད་པ་ལས། ཕྱི་སྤྲུལ་སྐུ་ཟ་བྱེད་ལས་ཀྱི་མཁའ་འགྲོ་མ་ན་རེ། འཇིགས་པའི་གཟུགས་ནི་སྣ་ཚོགས་ནི་སྟོན། མི་སྙན་པའི་སྒྲ་ང་རོ་སྣ་ཚོགས་སྒྲོགས་ཞིང་། ང་ནི་ཟ་བྱེད་མཁའ་འགྲོ་མ། ཤ་ལ་དགའ་ཞིང་ཁྲག་ལ་རྔམ། ཅེས་ཟེར་བ་དང་། དེར་ལུས་ཀྱི་འཇིགས་པའི་ལྟ་སྟངས། ངག་རྔམ་པའི་ལྟ་སྟངས། སེམས་ཀྱི་མི་སྐྲག་པའི་ལྟ་སྟངས་གསུམ་བྱས་སྟེ། སླར་ལ་ཕར་བྱོན་ཏེ། ཆེར་འཇིགས་མཁའ་འགྲོ་དུ་མས་ཀྱང་། ངའི་བ་སྤུའི་རྩེ་མི་གཡོ། དེ་ཐོད་བརྒྱལ་ཏེ། བརྒྱལ་སངས་པ་དང་གཟོད་བཟོད་གསོལ་བྱས་པ་དེ། མར་མེ་ལ་སྦྲང་མ་བཞིན། །བདག་འཇོམས་བསྒོམས་པ་ག་ལ་འོང་། །བདག་ནི་འབངས་ལྟར་དབང་ཆུང་བས། །བར་བློན་མ་ལ་མ་དྲིས་ན། །བདག་ནི་ཤ་ཟ་ཁྲག་འཐུང་བས། །དམ་པ་བདག་ལ་གཉེར་དགོངས་མཛོད། །ཅེས་ཟེར་ནས། ནང་དུ་དྲིར་སོང་བས། ལོངས་སྐུ་འཇིག་རྟེན་ལས་ཀྱི་མཁའ་འགྲོ་མ་སྔར་བཞིན་དུ་བྱུང་བ་ལ། སྔར་ལྟར་ལྟ་སྟངས་གསུམ་མཛད་དེ། སྔར་བཞིན་དུ་བྱུང་སྟེ། བཟོད་པར་གསོལ་ནས་ནང་དུ་དྲིར་སོང་བས། རྗེ་བཙུན་མ་ཡེ་ཤེས་མཁའ་འགྲོ་མ་རས་དམར་པོ་དྲི་མ་མེད་པས་གདོང་བཀབས་སྟེ། སྐལ་པ་བཟང་པོ་ཅན་ནང་དུ་ཐོང་ཅིག་གསུངས་ནས་བཏངས་བའི་དུས་ན། ཏཻ་ལོ་པས་ཕྱག་མ་བྱས་པས། རང་གི་རྟོག་པ་གཅིག་གི་ངོ་བོ་ཞུགས་པས། མཁའ་འགྲོ་མ་དཔག་ཏུ་མེད་པ་རྣམས་སྟན་ལས་ལངས་ནས། འདི་ནི་དུས་གསུམ་སངས་རྒྱས་ཀྱི། །ཡུམ་འགྱུར་བཅོམ་ལྡན་འདས་མ་ལ། །མི་གུས་ཚུལ་ཅན་ཅིས་མི་འཇོམས། །ཅེས་གསུངས་སྟེ། དེར་རྗེ་བཙུན་མ་ཉིད་ཀྱི་ཞལ་ནས། འདི་ནི་དུས་གསུམ་སངས་རྒྱས་ཀྱི། །ཡབ་འགྱུར་བཅོམ་ལྡན་འགྲོ་བའི་མགོན། །དཔལ་ལྡན་སྡོམ་པའི་བདག་ཉིད་དེ། །འདི་ནི་མཁའ་ལ་རྡོ་རྗེའི་སེར་བ་དྲག་འབེབས་ཀྱང་། །སྡོམ་པར་མི་ནུས་ཆོས་བྱིན་ཅེས་གསུངས་ནས། །ཆོས་གང་དང་གང་འདོད་གསུངས་པ་དེ་ཐམས་ཅད་མ་བླངས་པས། དེར་རྗེ་བཙུན་མའི་ཞལ་ནས། ཁྱོད་སུ་ཡིན། ལུང་སྟོན་མཁན་སུས་བྱས། དོན་ཅི་ཡོད་ནས་འོངས། དོན་གང་ལ་དགོངས་དྲིས་ཏཻ་ལོ་པས། ང་རང་པན་ཙ་པ་ན་ཡིན། །སྲིང་མོ་བདེ་སྟེར་མ་ཡིས་བཏངས། །དོན་ནི་ཡང་དག་དོན་ལ་དགོངས། །ཐུན་མོང་མཆོག་གི་ཁྱད་པར་གྱི། །གསང་ཆེན་དྲི་མེད་བདེ་ཆེན་ཞུའོ། །ཞེས་ཞུས་པས། དེར་སྐུ་གསུང་ཐུགས་ཀྱི་བརྡའ་གསང་མཛོད་རྣམ་པ་གསུམ་ལ། སྐུ་རང་བྱུང་དཔལ་ལྡན་ལྷན་ཅིག་སྐྱེས་པའི་ཡབ་ཡུམ་གྱི་སྐུ་དང་གཅིག །གསུང་ཆོས་འབྱུང་གྲུ་གསུམ་གཅིག་ན། ཡི་གེ་བདུན་པ་རིན་པོ་ཆེ་བཻ་ཌཱུརྻའི་རང་བྱུང་དང་། ཐུགས་ཀྱི་རང་བྱུང་རིན་པོ་ཆེ་རྩེ་ལྔ་གསུམ་ལ་གཟིགས་པ་མཐོང་སྟེ། ཆོས་ཀྱི་གསང་མཛོད་དེ་རྒྱུད་གསུམ་དུ་གཟིགས་ཏེ་ཞུས་པ། སྐུ་གསུང་ཐུགས་ཀྱི་གསང་མཛོད་ནས། །ཡིད་བཞིན་ནོར་བུ་རྣམ་གསུམ་པོ། ལྟ་བསྒོམ་སྤྱོད་པ་འབྲས་བུ་དང་། །དམ་ཚིག་རང་གྲོལ་གདམས་ངག་ཞུ། །ཅེས་ཞུས་པ་སྟེ། ང་ལ་གསང་མཛོད་ཞུ་ན་ནི། །ཡིད་བཞིན་ནོར་བུ་རྣམ་གསུམ་ཡོད། །མ་རིག་མུན་སེལ་ལྷན་ཅིག་སྐྱེས། །བརྡའ་འདི་ནི་ཤེས་ན་ཁྱོད་ལ་སྦྱིན། །ཅེས་གསུངས་སྟེ། རང་བྱུང་སྐུའི་སྐོར་མཛོད་ནས། །དམ་ཚིག་ཡིད་བཞིན་ནོར་བུ་ཞུ། །ཡིག་འབྲུ་གསུང་གི་དཀོར་མཛོད་ནས། །ཐུན་མོང་ཡིད་བཞིན་ནོར་བུ་ཞུ། །ཕྱག་མཚན་ཐུགས་ཀྱི་དཀོར་མཛོད་ནས། །གནས་ལུགས་ཡིད་བཞིན་ནོར་བུ་ཞུ། །ཞེས་བརྗོད་པས། མཁའ་འགྲོ་མ་རྣམས་ན་རེ། སྐུ་གསུང་ཐུགས་ཀྱི་གསང་མཛོད་ནས། །ཡིད་བཞིན་ནོར་བུ་རྣམས་གསུམ་ལ། །དམ་ཚིག་ལུང་བསྟན་གྲུབ་ཐོབ་པས། །རྒྱས་བཏབས་ཕྱིར་ན་སྐལ་ལྡན་ཡང་། །ཁྱོད་ཀྱིས་དཔལ་ཀྱི་སྒོ་མི་ཕྱེད། །ཅེས་ལན་མདོར་བསྟན་ནས། རྒྱས་པར་བྱེད་པ་ནི། རང་བྱུང་སྐུའི་དཀོར་མཛོད་ན། །ཐུན་མོང་ཡིད་བཞིན་ནོར་བུ་ལ། །ལུང་བསྟན་ལྡན་པས་ལྕགས་བཅུགས་ནས། །མ་བསྟན་པ་ཡིས་ཕྱེད་མི་འགྱུར། །ཡིག་འབྲུ་གསུང་གི་དཀོར་མཛོད་ནས། །དམ་ཚིག་ཡིད་བཞིན་ནོར་བུ་ལ། །དམ་ཚིག་ལྡན་པས་ལྕགས་བཅུགས་པས། །མི་ལྡན་པ་ཡིས་བྱེད་མི་འགྱུར། །ཕྱག་མཚན་ཐུགས་ཀྱི་དཀོར་མཛོད་ནས། །གནས་ལུགས་ཡིད་བཞིན་ནོར་བུ་ལ། །གྲུབ་པ་ཐོབ་པས་ལྕགས་བཅུགས་པས། མ་ཐོབ་པ་ཡི་བྱེད་མི་འགྱུར། །ཞེས་གསུངས་པ་ལ། ཏཻ་ལོ་པས། དེ་གསུམ་ཡོད་པར་ལན་བཏབས་པས། །ལུང་བསྟན་དམ་ཚིག་ལྡན་པ་ཡི། །གྲུབ་ཐོབ་ཁྱོད་ཀྱི་བླངས་ན་ལོན། །ས་ལའི་ཚལ་ནི་ནགས་འདབ་ན། །མཁའ་འགྲོས་ལུང་བསྟན་ལྡེ་མིག་ཡོད། །ཅེས་གསུངས་པ་ལ། མཁའ་འགྲོ་མ་རྣམས་ཀྱིས་ཧ་བགད་དང་བཅས་པས་ཐལ་མོ་བརྡེབ་ཏེ། ཁྱེད་ལ་ལུང་སྟོན་མེད་བདུད་ཀྱིས་བསླུས་པ་ཡིན་ཞེས་པ་ནི། དམུས་ལོང་བལྟས་པས་གཟུགས་མི་མཐོང་། །འོན་པས་ཉན་བཅུགས་སྒྲ་མི་ཐོས། །ལྐུགས་པས་སྨྲས་པས་དོན་མི་གོ །ཞ་བོས་བརྒྱུགས་པས་རྗེས་མི་སླེབས། །བདུད་ཀྱིས་བསླུས་པས་བདེན་པ་མེད། །ཅེས་གསུངས་པས། ཏཻ་ལོ་པས་ལན་བཏབས་པ། རྫུན་ནི་ཉེས་པའི་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲས་པར་མི་འགྱུར་རྒྱུ་མེད་ཕྱིར། །ནམ་ཡང་གསུང་པ་མེད་པ་ན། །བདུད་མིན་མཁའ་འགྲོ་མ་རུ་བདེན། །ཞེས་གསུངས་སྟེ། བདུད་མཁའ་འགྲོ་མ་མ་ཡིན་པས། གདམས་ངག་ཞུ་ཞེས་ཞུས་ཏེ། ལྡེ་མིག་ཡོད་པའི་དོན་གསུངས་པ། གསང་བའི་མཛོད་གསུམ་རྒྱས་བཏབས་ལ། གནད་ཀྱི་ལྡེ་མིག་རྣམ་གསུམ་གྱིས། །རིམ་པ་གསུམ་དུ་ཕྱེ་བ་ནི། །དྲ་བ་སྡོམ་པའི་རྒྱུད་དོན་ཡིན། །མཁའ་འགྲོ་གསང་ཚིག་ཐུགས་ཀྱི་སྡོམ། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །རང་རིག་རང་བྱུང་རང་གསལ་བའི། །དམ་ཚིག་རང་བྱུང་ལྡེ་མིག་ཡོད། གང་ཡང་སྐྱེ་བ་མེད་པ་ཡི། དམ་ཚིག་རང་བྱུང་ལྡེ་མིག་ཡོད། ། གང་ཡང་སྐྱེ་བ་མེད་པ་ཡི། །སེམས་ཉིད་ཆོས་ཉིད་ཆོས་སྐུ་གསུམ། །ལུང་བསྟན་ཕྱག་རྒྱ་ཆེན་པོ་ཡི། །ལྷུན་གྲུབ་ཉམས་ཀྱི་ལྡེ་མིག་ཡོད། །དམིགས་པ་ཡིད་ལ་མི་བྱེད་ཅིང་། །དབྱེར་མེད་ལྷན་ཅིག་སྐྱེས་པ་ཡི། །དྲན་པ་རྡུལ་ཙམ་མེད་གྱུར་པ། །མི་གནས་བདེ་བ་ཆེན་པོ་ཡི། །གྲུབ་ཐོབ་ཉམས་ཀྱི་ལྡེ་མིག་ཡོད། །ཅེས་གསུངས་པས། མཁའ་འགྲོ་མ་རྣམས་མོས་ཏེ། གསང་བ་སིན་དྷུ་ར་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། དབང་བཞི་རྫོགས་པར་ངོ་སྤྲད་པས། དངོས་གྲུབ་རྣམ་གཉིས་བརྙེས། ཡེ་ཤེས་མཁའ་འགྲོ་མས། བདག་གི་ཡབ་འགྱུར་བཅོམ་ལྡན་འདས། །བདེ་མཆོག་འཁོར་ལོ་བདེ་བའི་མཆོག །ཏཻ་ལོ་སངས་རྒྱས་འགྲོ་བའི་མགོན། །ཡིད་བཞིན་ནོར་བུ་རྣམས་གསུམ་འབུལ། །ཅེས་གསུངས་ནས། སྙན་རྒྱུད་བྱིན་རླབས་དང་བཅས་པ་མ་ལུས་པར་གནང་ངོ་། །སྤྱིར་དཔལ་འཁོར་ལོ་སྡོམ་པའི་ཆོས་རྒྱུད་ཐ་དག་ཀྱང་གནང་། གདམས་པའང་གནང་། ཡང་སྙིང་གསང་བའི་དོན་རྣམས་གདམས་པ་སྟེ། རྒྱ་མཚོའི་རྒྱུད་དྲུག་དང་། རྣལ་འབྱོར་མ་བཞི་ཁ་སྦྱར་ཀྱི་རྒྱུད་དང་། ཧེ་རུ་ཀ་བཟང་པོའི་རྒྱུད་དང་། ཧེ་རུ་ཀ་སྙིང་རྗེ་རོལ་པ་དང་། དཔལ་རྡོ་རྗེ་རྒྱ་མཚོ་རྒྱ་མཚོའི་རྡོ་རྗེ་མཁའ་འགྲོ་མའི་རྒྱུད། བདེ་མཆོག་རྡོ་རྗེ་འཕྲེང་བ་དང་། མཁའ་འགྲོ་མ་གསང་བ་མཛོད་ཀྱི་རྒྱུད་དང་། རྡོ་རྗེ་འཆང་རང་བྱུང་གི་རྒྱུད་ལ་སོགས་པ་མང་དུ་གནང་སྟེ། རྒྱུད་དུ་མ་གདན་དྲངས་པར་བཞེད་དོ། །དེར་མཁའ་སྤྱོད་ཀྱི་དངོས་གྲུབ་ཀྱིས་ནམ་མཁའ་ལ་གཤེགས་པའི་ཚེ། ནམ་མཁའ་ལ་ནི་བྱ་བཞིན་དུ། །ཐོགས་མེད་ཤེས་རབ་བཟང་པོ་འགྲོ། །སྣང་བ་དབྱིངས་ཀྱི་སྟོང་གསལ་དུ། །རིག་པའི་ཡེ་ཤེས་ང་འཕུར་ཅེས་གསུངས་པས། མཁའ་འགྲོ་མ་ཐམས་ཅད་ཀྱིས་བཤོལ་བཏབས་པ། སྐྱེས་བུ་ཁྱེད་ནི་གང་དུ་འགྲོ། །བདག་ཅག་རྗེས་སུ་བཟུང་དུ་གསོལ། །ཅེས་གསུངས་པས་མ་གནང་ཏེ། ན་རོ་རི་རི་ཀ་སོ་རི། །བུ་རྣམས་རྟོགས་ཏེ་རྣལ་འབྱོར་བདག །གཙུག་གི་ནོར་བུའི་དགོན་པར་འགྲོ། །གསུངས་ནས་བྱོན་པ་དང་། བར་སྣང་མཚམས་སུ་ལུས་མེད་ཡེ་ཤེས་མཁའ་འགྲོ་མས། སྐུ་ལུས་མི་མངོན་པར། སྒྲའི་སྒོ་ནས་ཆོས་སྐོར་དགུ་གསུངས་པ་ནི། ཆོས་སྐོར་དགུ་གནང་ཏེ། སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །དམ་ཚིག་རང་སེམས་མེ་ལོང་ལྟོས། །དམ་རྫས་རྟོགས་པའི་ཉི་མ་འདེས། སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིགས། །རྩ་རླུང་དྲ་མིག་འཁོར་ལོ་བསྐོར། །རིག་པ་ཡེ་ཤེས་སྒྲོན་མེ་ལྟོས། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །རང་གྲོལ་ཕྱག་རྒྱ་ཆེན་པོ་ལྟོས། །བདེ་ཆེན་གསུང་གི་རིན་ཆེན་ཆོངས། །ཞེས་ཆོས་སྐོར་དགུ་གསུངས་པས། དེར་གདམས་ངག་རྣམས་ཐུགས་སུ་ཆུད་དེ། སྒྱུ་མ་ལུས་ཀྱི་གྷ་དྷོ་ལིར། ལུས་མེད་མཁའ་འགྲོའི་གསང་བཅུགས་སྟེ། བརྗོད་མེད་ངག་གི་ལྕགས་བཅུགས་ནས། །འོད་གསལ་མཁའ་ལ་གཉིས་མེད་འགྲོ། །གསུངས་ནས། གཙུག་གི་ནོར་བུའི་དགོན་པར་བྱོན་ནོ། །དེ་རྣམས་ནི་མཁའ་འགྲོ་མ་ རྣམས་ཟིལ་གྱི་མནན་ཅིང་ཆོས་གསན་པའི་ཡོན་ཏན་ནོ།། ༈ །།གཉིས་པ་མིའི་བླ་མ་མེད་པར་བསྟན་པའི་ཡོན་ཏན་ནི། དེར་རྗེ་ཏཻ་ལོ་པས་ཨུ་རྒྱན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཆོས་གསན་ནས་གྲུབ་པ་ཐོབ་ཞེས་གྲགས་པས། རྒྱ་གར་ཤར་ནུབ་ཐམས་ཅད་དུ་སྙན་པས་ཁྱབ་པས། མི་རྣམས་ཀྱིས་ཐམས་ཅད་སྒྲོ་འདོགས་ཆོད་པར་འདོད་པའི་ཁྱེད་བླ་མ་གང་དང་མཇལ་ཞུས་པས། ང་ལ་མིའི་བླ་མ་མེད་ངའི་བླ་མ་ཐམས་ཅད་མཁྱེན། ཅེས་པ་དང་། བདེན་གཉིས་དོན་ལ་མངོན་གྱུར་ཏཻ་ལོ་པ། །རིག་པའི་གནས་ལྔ་དག་ལ་མཁས་པ་སྟེ། །ཁྱོད་ལ་མི་ཡི་བླ་མ་ཡོངས་མེད་དེ། དེའི་བླ་མ་གང་ཡིན་ཐམས་ཅད་མཁྱེན། །ཅེས་མཁའ་འགྲོ་མ་རྣམས་ཀྱིས་ནམ་མཁའ་གསུངས་པའོ། །དེར་གཞན་མ་དད་པ་བསལ་བའི་ཕྱིར། མིའི་བླ་མ་ཡོད་པར་བསྟན་པ་ནི། ཕྱོགས་བཞི་བླ་མ་བཞི་དག་ལ། །བཀའ་བབ་བཞི་བབ་པ་ནི། །སློབ་དཔོན་ཙརྻ་པ་ལས། རྒྱུད་བདེ་མཆོག་ལ་བརྟེན་ནས། གཞི་ལམ་འབྲས་བུ་གསུམ་པའི་ཆོས་ཀྱི་གཏུམ་མོའི་བཀའ་བབས། སློབ་དཔོན་ཀླུ་གྲུབ་སྙིང་པོས་རྒྱུད་གསང་བ་འདུས་པ་ལ་བརྟེན་ནས། ཕ་རྒྱུད་གསང་བ་འདུས་པའི་དགོངས་པ་སྟོན་པ་སྒྱུ་ལུས་འོད་གསལ་ཟུང་འཇུག་གི་ཆོས་དང་། སློབ་དཔོན་ལ་བ་པས་སྙན་རྒྱུད་དགྱེས་པ་རྡོ་རྗེ་ལ་བརྟེན་ནས། གཉིད་འོད་གསལ་ལམ་དུ་འཇུག་པ་དང་། རྟོག་པ་ལམ་རྟེན་མེད་རང་གྲོལ་གྱི་ཆོས་དང་། པདྨ་བཛྭ་ནས་མཁའ་འགྲོ་མ་སྐལ་བ་བཟང་མོ་ལ། རྒྱུད་སྡོམ་པ་རྒྱ་མཚོ་ལ་བརྟེན་ནས། བདེ་བ་ལམ་འཕོ་བ་བར་དོའི་བཀའ་བབ་སོ། །ཙརྻ་ཀླུ་སྒྲུབ་ལ་བ་པ། །སྐལ་བ་བཟང་མོ་ངའི་ནི། །བཀའ་བབས་བཞིའི་བླ་མ་ཡིན། །ཨིན་ཏྲ་བོ་དེ་ལ་སོགས་ཡིན། །ཅེས་གསུངས་སོ། །ཡང་གཞན་སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ། གྲོང་འཇུག་གཏུམ་མོ། །ཕྱག་རྒྱ་ཆེན་པོ་རྣམས་ལ་ཡང་ཟེར་རོ།། ༈ །།གསུམ་པ་རྣལ་འབྱོར་ནུས་ལྡན་ཟིལ་གྱི་མནན་པའི་ཡོན་ཏན་ནི། ཡུལ་ཕྱོགས་དེ་ན་རྒྱལ་པོ་ཆེན་པོ་གཅིག་མ་ལ་གུས་ཤིང་མའི་མངག་མི་གཅོག་པ་གཅིག་ཡོད་པ་དེས། མ་ལ་རིགས་པའི་རྩ་བ་ཅི་འདྲ་བ་གཅིག་བྱ་ཞེས་དྲིས་པས། རྒྱལ་ཁམས་རང་གི་སྐོར་ན། པཎྜྻི་ཏ་རྣམས་དང་ཀུ་སུ་ལི་རྣམས་ཐམས་ཅད་བསོགས་ནས། ཚོགས་འཁོར་བྱས་ན་བསོད་ནམས་ཀྱི་མཐར་ཐུག་ཡིན་ནོ་གསུངས་པས། དེས་མའི་ཆེད་དུ་དེ་ལྟར་བྱེད་དོ་ཞེས་ཐམས་ཅད་སུ་བསྒྲགས་སྟེ་དུས་བཏབ་བོ། །དེ་རྣམས་བྱོན་ནས། སོ་སོ་རང་རང་གི་དཀྱིལ་འཁོར་བཞེངས་ནས། རྣལ་འབྱོར་བ་ནུས་པ་དང་ལྡན་པ་གང་ཆེ་བ་གཅིག་གིས་དཔོན་བྱེད་པ་ཡིན་པ་ལ། གཞན་གྱི་མི་ནུས་པ་ཆེ་བ་གཅིག་ལ་ཞུས་ནས། ཁྲི་ལ་བཞུགས་པ་དང་། རྒན་མོ་མི་སྡུག་པའི་གཟུགས་ཅན་གཅིག་ནང་དུ་ཐོང་ཟེར་ཅིང་ཁྲོ་བ་གཅིག་བྱུང་ནས། སྒོ་ཕྱེ་བ་དང་། ཚོགས་དཔོན་དེ་ལ་ཁྱོད་ཀྱིས་མི་འོང་ཟེར། ད་ལྟར་ང་ལས་དྲག་པ་སུ་ཡོད། སུས་འོང་ཟེར་བས། ངའི་མིང་པོས་འོང་ཟེར། གང་ན་བཞུགས་དྲིས་པས། དུར་ཁྲོད་ཆེན་པོ་འབར་བ་འཛིན་བྱ་བ་ན། གཞོན་ནུ་རོལ་པའི་རྩེད་མོ་མཛད་ཅིང་བཞུགས། དེ་ན་རེ་འོང་ན་ཁྲིད་ལ་ཤོག་དང་། ང་རང་ནུས་པ་འགྲན་ལ་གང་ཆེ་བ་གཅིག་གིས་བྱ་ཡིས་ཟེར་བ་དང་། སྤྱན་དྲངས་པ་དང་། མི་སྔོ་བསངས་རས་ཀྱི་ཨཱ་གྷ་རག་གསོལ་བ་སྤྱན་རྩ་དམར་ཙ་ལེ་བ་གཅིག་བྱུང་སྟེ། དེར་ཁྲི་ལ་མཉམ་པར་བཞུགས་ནས་ནུས་པ་འགྲན་པས། མཉམས་དེས་དཀྱིལ་འཁོར་ལྷ་དང་བཅས་པ་གཅིག་བཞེངས་ནས། དེར་ཏཻ་ལོ་པས་ཀྱང་བཞེངས་སོ། །དེར་ནུས་ལྡན་གྱིས་མ་ཤིགས་སོ། །སྔ་མ་ནི་ཏཻ་ལོ་པས་བཤིགས་སོ། །ཡང་དེས་རོ་གསར་རྙིང་མང་པོ་བཀུགས་ནས། ཚོགས་དང་མཆོད་པའི་རྫས་སུ་ཡིད་དུ་འོང་བ་མང་པོར་བསྒྱུར་བ་དང་། དེ་ཚེ་ཏཻ་ལོ་པས་དམིགས་པ་གཏད་པས་དུར་ཁྲོད་དུ་བསྐྱལ་ལོ། །ཏཻ་ལོ་པས་ཀྱང་དུར་ཁྲོད་ཀྱི་རོ་མཆོད་རྫས་སུ་བསྒྱུར་བ་དང་། རྣལ་འབྱོར་པས་མ་ཤིགས་སོ། །དེས་ཏཻ་ལོ་པས་ལུས་པགས་པ་ཕྱི་ནང་བཟློགས་ནས། བ་སྤུའི་བུ་ག་རེ་རེ་ནས་གསང་སྔགས་ཀྱི་ལྷ་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་རེ་རེ་དང་། འཛམ་བུ་གླིང་དུ་མ་ནས་སངས་རྒྱས་མང་པོ་བཞུགས་པས། སེམས་ཅན་བསྙེན་པ་དང་གྲོལ་བར་མཛད་པ་དཔག་ཏུ་མེད་པ་སྤྲུལ་པ་དང་། དེ་ནས་སེང་གེ་ལ་ཞོན་ནས་ཉི་ཟླ་ས་ལ་བབས་ནས། དེའི་སྟེང་དུ་ཕར་རྒྱུག་ཚུར་བརྒྱུགས་བྱས་པ་དང་། དེས་གང་ཡང་མ་ནུས་པར་སླར་དད་དེ། ཨེ་མ་འདི་ནི་ངོ་མཚར་སྤྱོད། །ངོ་མཚར་རྫུ་འཕྲུལ་འདི་ལྟ་བུ། །རྒྱུ་ནི་ཅི་ལས་བྱུང་བ་ཡིན། །འདི་འདྲ་རྣལ་འབྱོར་གང་ནས་བྱོན། གསུངས་པས། དེར་ཚོགས་དཔོན་མཛད་དེ། དེར་རྣལ་འབྱོར་པ་ནུས་ལྡན་ཀྱིས་ཕྱག་བྱས། བསྐོར་བ་བྱས་མཎྜྻལ་ཕུལ་ནས་གདམ་ངག་ཞུས་སོ།། ༈ །།བཞི་པ་མུ་སྟེགས་པ་བཏུལ་བའི་ཡོན་ཏན་ནི། ཡུལ་ཕྱོགས་དེ་ན་མུ་སྟེགས་ཀྱི་པཎྜྻི་ཏ་མཁས་ཤིང་ནུས་པ་ཆེ་བ་གཅིག་གིས། སངས་རྒྱས་ཀྱི་བསྟན་པ་ནག་འབྱམ་དུ་བཏངས་པས། དེ་གདུལ་བྱར་གཟིགས་ནས། ཁོ་ཆོས་འཆད་པའི་མདུན་ན། ཕར་ཕྱིན་པས། ཁྱོད་ང་ལ་རྩོད་པ་བདོ་བ་གཅིག་འདུག་ཟེར། ཁྱོད་དང་ང་རང་ནུས་པ་དང་རྩོད་པ་གང་ལ་ཡང་འགྲན་གྱིས་ཟེར་ནས། རྒྱལ་པོ་དཔང་པོར་བཞག་ནས་དུས་བཏབས་ཏེ། གང་རྒྱལ་བའི་བསྟན་པ་ལ་འཇུག་པར་ཆད་བྱས་པས། དེར་ཁྲི་གསུམ་ལ་རྒྱལ་པོ་དང་རྣམ་གསུམ་བཞུགས་ཏེ། དང་པོ་སྒྲ་ཚད་ལུང་རིགས་ལ་རྩོད་པ་བྱས་ཀྱང་ལན་གསུམ་བར་དུ་རྒྱལ། དེ་ནས་ནུས་པའི་རྫུ་འཕྲུལ་འགྲན་ཏེ། གཉིས་ཀ་དཀྱིལ་འཁོར་ལྷ་དང་བཅས་པ་བཞེངས་ཞིང་བཤིག་པ་ལ་སོགས་པ་ཐམས་ཅད་མཉམ་པ་ལ། ཉི་མ་བརྟོད་ལ་མནན་པས་རྫུ་འཕྲུལ་རྣམས་འདས་པར་བྱས་ཏཻ་ལོ་པས་བཟུངས་པས་དེས་ཕྲུལ་བར་མ་ནུས་པས། ཏཻ་ལོས་ངའི་བསྟན་པ་ལ་ཞུགས་སྐྲའི་ལ་བ་པ་ཅན་བྱས་པས། དེ་ཁྲོས་ནས་ཁ་ནས་མེ་ཕྱུངས་ནས་མེ་སྦར་ནས། ཏཻ་ལོ་འཇིགས་སུ་མ་ཉན་ཏེ། མུ་སྟེགས་པ་ན་རེ། ཁམས་སུམ་ཀུན་རྣམས་གཡོ་བྱེད་པའི། །ང་མི་འཇིགས་པའི་རྣལ་འབྱོར་སུ། །ཅེས་པ་དང་། ཏཻ་ལོ་པས་མེ་དེ་བས་ཆེ་གཅིག་ཕྱུངས་པས། སྔར་གྱི་མེ་དང་གཉིས་ཀ་བཟློགས་ནས་བཏངས་པས། སྐྲའི་ལ་བ་ཚུན་ཆད་བསྲེགས་ནས། ང་ནི་འཇིགས་པ་ཀུན་ལས་ནི། །ཡོངས་སུ་གྲོལ་ཕྱིར་ཏཻ་ལོ་ཡིན། །གསུངས་པས། མུ་སྟེགས་པ་དེ་དད་དེ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཕྱག་དང་མཎྜྻལ་བསྐོར་བ་བྱས་ནས་གདམས་ངག་ཞུས་ཏེ། དེར་ཐམས་ཅད་གྲོལ་ཏེ་ནག་པོ་དགེ་བ་བསིལ་བའི་ཚལ་དེའི་གདམས་ངག་ནི་ཞལ་ལས་ཤེས་པར་བྱའོ།། ༈ །།བསླུ་བྱེད་སྒྱུ་མ་མཁན་བཏུལ་བའི་ཡོན་ཏན་ནི། རྒྱལ་པོ་ཆེན་པོ་ཡོད་པ་ལ། སྒྱུ་མ་མཁན་ར་ཙ་གཅིག་དང་འགྲས་པས། སྒྱུ་མ་མཁན་གྱིས་སྒྱུ་མའི་དམག་དྲངས་ནས། ཕོ་བྲང་ལ་ཉེ་བའི་ཡུལ་ཐམས་ཅད་ཕམ་པར་བྱས་པས། རྒྱལ་པོས་སྒྱུ་མར་མ་ཤེས་ནས། །མི་རྣམས་བྲེད་ནས་ཅི་ལྟར་བྱ་གྲོས་བྱེད་པའི་སར། བུད་མེད་མི་སྡུག་པའི་མཚན་ཅན་མཁར་བ་ལ་བརྟེན་པ་གཅིག་བྱུང་ནས། ཁྱེད་རྣམས་ཅི་བྱེད་ཅེས་སོ། །རྒྱལ་པོས་གཞན་གྱི་ཡུལ་ཁམས་འཕྲོག་པས་གྲོས་བྱེད་ཅེས་སོ། །མོ་ན་རེ་ངས་གྲོས་བྱེད་དགོས་པ་ཡིན། ར་ཙའི་སྤྱན་སྔར་འཕྲིན་གྱིས་གཅིག་ཟེར་ནས། འབངས་ཀྱིས་ཕྱིའི་བློན་ལ་དྲི། དེས་ནང་གི་བློན་པོ་ལ། དེས་རིམ་གྱིིས་རྒྱལ་པོ་ལ་བསྙད་དེ། རྗེ་ཏཻ་ལོ་པ་སྤྱན་དྲངས་པ་དང་། རྗེས་སྤྲུལ་པའི་དམག་གིས་སྒྱུ་མའི་དམག་ཐམས་ཅད་བསད་པས། སྒྱུ་མ་མཁན་གྱིས་ཏཻ་ལོ་པར་ཤེས་ཏེ། ཆོས་ལ་བརྟེན་བའི་དམ་པ་ཁྱེད། །འདི་ལྟར་བྱ་རུ་ག་ལ་རུང་། །ཟེར་བ་ལ། ཏཻ་ལོ་པས། སྒྱུ་མའི་སྐྱེས་བུ་བསད་སོགས་ལ། །སེམས་མེད་ཕྱིར་ན་སྡིག་པ་མེད་ཅེས།། གསུངས་པས། དད་པས་གདམ་ངག་ཞུས་པ་སྟེ། །བསླུ་བྱེད་བདེན་སྨྲ་ཧ་ཧ་སྒྲོགས། །ཞེས་ཞལ་ལས་ཤེས་པར་འགྱུར།། ༈ །།ཆང་ཚོང་མ་བཏུལ་བའི་ཡོན་ཏན་ནི། ཡང་ཡུལ་གཅིག་ཏུ་ཆང་འཚོང་མ་གཅིག་གི་ཅན་དུ་ཕྱིན་ནས། ངེད་ཆང་ཉོ་བས་ཆང་ཁྱེར་ལ་ཤོག་བྱས་པ་དང་། ཆ་ཉོ་བ་རིན་ཅི་ཡོད་ཟེར་བ་ལ། ཉི་གྲིབ་མཚམས་སུ་རི་མོ་བྱས་ནས། ཆང་རིན་རི་མོ་འདི་འདས་པ་དང་འཇལ་ཟེར་ནས། དེར་རེས་འགའ་བྱི་ལར་སྤྲུལ་ཅིང་ཡང་གསོལ། རེས་འགའ་རྣལ་འབྱོར་པ་མང་པོར་སྤྲུལ་ནས་ཡང་གསོལ། རེས་འགའ་རང་ཉིད་གཅིག་པུས་གསོལ་ནས། དེའི་ཆང་འཚོང་མ་དེ་ལས་གཞན་པ་ཆང་འཚོང་མ་བདུན་གྱི་ཆང་ཟད་པར་གསོལ་ནས། དེ་ལས་ཆང་རིན་ཞུས་པས། སྔར་གྱི་སྣོད་སྟོང་པ་རྣམས་སུ་ལྟོས་གཅིག་གསུངས་པས། ཐམས་ཅད་སྔར་བས་མཐོ་བར་ཁེངས་པར་འདུག་པས་དད་པ་ལྷག་པར་སྐྱེས་ནས། གསོལ་བ་བཏབ་སྟེ། དམ་པ་ཁྱེད་ནི་གང་ནས་བྱོན། །བདག་ཅག་རྗེས་སུ་བཟུང་དུ་གསོལ་ཅེས་བྱས་པས། ང་ནི་ཏཻ་ལོ་འགྲོ་བའི་མགོན། །ཁྱེད་ཀྱིས་མཐོང་བྱེད་རྣལ་འབྱོར་ཡིན་ཅེས་སོ། །རྗེས་སུ་བཟུང་བར་ཞུས་པས། གདམས་པ་བསྟན་པས། དེ་ཉིད་སྐྱེ་བ་དེ་ཁོ་ན་ལ་ཡེ་ཤེས་ཀྱི་དྷ་ཀི་མར་གྱུར་ཏེ། ཆོས་ལ་སྣང་བ་ཐོབ་པས་རྣལ་འབྱོར་མར་གྱུར་ཏོ། །ཉི་འོད་སྒྲོན་མ་སོ་སའི་གླིང་། རྣལ་འབྱོར་མ་གང་གྷ།། ༈ །།ལས་རྒྱུ་འབྲས་དོན་ལ་རྟེན་འབྲེལ་དངོས་བསྟན་པ་ནི། མུ་སྟེགས་རྒྱང་འཕེན་གྱི་ལྟ་བ་འཛིན་པ་གཅིག་གིས། ཡུལ་ཁམས་གཅིག་གི་མི་ཐམས་ཅད་ལོག་ལྟ་ལ་འགོད་པའི་ཚེ། ཡང་ནང་པའི་པཎྜྻི་ཏ་མཁས་པ་གཅིག་གིས། ལས་རྒྱུ་འབྲས་བདེན་པའི་འདོད་པའི་སུན་ཕྱུངས། ཡང་གང་རྒྱལ་ཤན་མ་ཕྱེད་དེ། གཉིས་ཀའི་དཔང་པོ་ཐུབ་པ་མ་ཕྱུང་བས། ཏཻ་ལོ་པས་ཁོང་གཉིས་རྩོད་པ་བྱེད་པའི་མདུན་ན་ཚུར་འོངས་པས། རྩོད་པ་བྱས་གང་རྒྱལ་དྲིས་པས་ཏེ་ལོ་པས་རྒྱུ་འབྲས་ཡོད་པ་རྒྱལ་བར་བྱས། འོ་ན་ཁྱེད་རང་དང་བྱ་ཟེར་ནས། རྩོད་པ་བྱས་ཀྱང་ལུང་རིགས་ཀྱིས་ཁོ་སུན་མ་ཕྱིན་སྟེ། དངོས་སུ་མ་མཐོང་བས་མི་བདེན་ཟེར་བ་ལ། ཁྱོད་རང་མིག་ཚུམས་གཅིག་བྱས་ནས་སེ་གོལ་གཅིག་གཏོགས་པས། དམྱལ་བའི་གནས་ཐམས་ཅད་མཐོང་བ་དང་། བཙོ་བསྲེགས་མང་པོ་ཉམས་སུ་མྱོང་བ་མཐོང་བ་དང་། ཟངས་སྟོང་པ་གཅིག་གི་ནང་ན་ཁྲོ་ཆུ་ཁོལ་མ་སྣང་ཞིང་མི་མི་སྣང་ནས། འདི་ན་མེད་པ་ཅི་ཡིན་དྲིས་པས། འདིར་ལས་རྒྱུ་འབྲས་མེད་པར་འདོད་པའི་མུ་སྟེགས་པ་རྒྱུ་མི་དགེ་བ་སྣ་ཚོགས་ལ་སྤྱད། ཆོས་ལ་ལྟ་བ་ལོག་པས་ཤི་ཙ་ན་འདིར་འཚོད་པ་ཡིན་ཟེར་བས་ཡིད་ཆེས་སོ། །འོན་ཀྱང་མི་དགེ་བ་སྤྱད་པས་དམྱལ་བར་འགྲོ་བ་བདེན་ཏེ། དཀར་པོའི་རྒྱུ་འབྲས་མེད་པས་དགེ་བ་བསྒྲུབ་མི་དགོས་ཟེར་བ་ལ། ངས་སྟོན་ཀྱིས་འདོང་གསུངས་ནས། སྐད་ཅིག་གིས་ལྷའི་ཡུལ་སུམ་ཅུ་རྩ་གསུམ་དུ་ཁྲིད་པ་དང་། ལྷའི་གཞལ་ཡས་ཁང་རེ་རེའི་ནང་ན་ལྷ་ཕོ་མོ་ཟུང་རེ་འདུག་པས། ཁང་པ་གཅིག་ན་ལྷ་མོ་རྐྱང་གཅིག་འདུག་པ་ལས། འདི་ན་གཉིས་མེད་པ་ཅི་ཡིན་དྲིས་པས། འཛམ་བུའི་གླིང་ན་གྲུབ་མཐའ་བློས་བསྒྱུར་རྒྱུ་འབྲས་ཡོད་པ་གཅིག་གིས་མི་དགེ་བ་མང་ཞིང་། རྒྱུ་དགེ་བ་ཉམས་སུ་བླངས་པས་འདིར་སྐྱེ་བ་ཡིན་ཟེར་བ་དང་། མུ་སྟེགས་དེ་དད་པ་ལ། ལས་ཀྱི་འཕངས་པའི་སྡིག་ཅན་ལ། །དམྱལ་བ་རང་སེམས་རང་ལ་འཁོར། །དགེ་བཅུ་སྤྱོད་པའི་སྐྱེས་བུ་ལ། །བདེ་འགྲོ་རང་སེམས་རང་ལ་ཤར། །ཅེས་སྣང་བ་རང་སེམས་སུ་ངོ་སྤྲད་པ། དགེ་སྡིག་གི་རྒྱུ་འབྲས་བསྟན་པས་དད་ཏེ། ཆོས་ཞུས་པས་གྲོལ་བའི་མན་ཏྲི་ཛྙྱ་ན་ར་ལྡ་ལྡི། ཅེས་པ་ཤར་ལྷོའོ།། ༈ །།ཤན་པ་བཏུལ་བའི་ཡོན་ཏན་ནི། སྲོག་ཆགས་མང་པོ་གསོད་ཅིང་ཁོ་རང་གི་བུ་གཅིག་ཡོད་པ་ལ་སྟེར་བས། དུས་གཅིག་གི་ཚེ། རྗེ་ཏེ་ལོ་པས་གདུལ་བྱར་གཟིགས་ནས་བྱོན་པའི་ཚེ། ཤན་པ་ཟངས་ནང་དུ་སྲོག་ཆགས་མང་པོ་གསོད་པའི་ཤ་རྣམས་འཚོད་པ་ལ། ཤ་རྣམས་ལ་སྤྲུལ་སྐུར་བྱས་ཏེ། བུ་མི་སྣང་བར་སྦས་ནས། ཤ་དེ་དག་བུའི་ཤར་བསྒྱུར་བ་དང་ཁོ་རང་གིས་ཟངས་ཁ་ཕྱེས་ནས་བལྟས་པ། ཁོ་རང་བུར་སོང་ནས་བྲེད་ནས་ངུས་པ་ལ། རྗེ་ཏཻ་ལོ་པས། སྡིག་པ་མི་བྱེད་སྲོག་གཅོད་སྤོང་ན། བུ་ཡོད་པར་བྱ་གསུངས་པས། དེར་སྡིག་པ་སྤངས། སྔར་བྱས་པ་བཤགས། ཕྱིས་མི་བྱེད་པར་དམ་བཅས་པ་དང་དེར་དད་པས་ཆོས་ཞུས་པས་གྲོལ་བ་སྟེ། ལས་ཀྱི་བྱས་པའི་སྡིག་པ་ནི། །འབྲས་བུ་རང་ལ་སྨིན་པ་སྤངས། །ཞེས་གསུངས་ཏེ། རྗེས་སུ་བས་གྲོལ་བ་ནི། འཛི་ན་བྱང་ཆུབ་དཔལ་ཀྱི་རི་ཤེས་པའོ།། ༈ །།སློབ་དཔོན་ཆེན་པོ་ཏཻ་ལོ་པས། གླུ་མཁན་བརཏལ་བའི་ཡོན་ཏན་ནི། ཡུལ་ཁམས་གཅིག་ན་གླུ་མཁས་པ་གཅིག་གིས་ཁྲོམ་ཆེན་པོ་གཅིག་ལ། གླུ་ལེན་ཅིང་འདུག་ལ། ཁྱོད་ཅི་ལ་ངུ་བྱས་པས། ཁོ་ཁྲོས་པས་གླུ་ཁ་བྱས་པས། ཀྱེ་མ་ཞེས་པ་ནི་ངུ་བའམ། མྱ་ངན་གྱི་ཚིག་ཡིན་ཞེས་གསུངས། གླུ་འགྲན་པས། ཚངས་པའི་དབྱངས་དང་འཇིག་རྟེན་ལས་འདས་པའི་གླུ་ལས་མ་ཤེས། རྗེ་བཙུན་རྒྱལ་བས། ཁོ་ཟིལ་གྱིས་མནན་ཅིང་དད་པར་གྱུར་ཏེ། རྗེས་སུ་གཟུང་བར་ཞུས་པས། དམ་པ་ཁྱེད་ནི་གང་ནས་བྱོན། །ང་ནི་ཁྱེད་ཀྱི་ཟིལ་གྱིས་མནན་ཞུས་པས། ང་ནི་ཚངས་པའི་འཇིག་རྟེན་ནས། །འདིར་འོངས་གསུངས་དབྱངས་ཡན་ལག་མཁན། །སྐྱོང་གི་གླུ་མཁན་ཏེ་ལོ་ཡིན། ད་ལྟ་ཕྱོགས་མེད་ཡུལ་དུ་འགྲོ་གསུངས་པས། དབྱངས་ལྡན་ཀུགས་པ་ན་ག་ར། ཅེས་པའོ།། ༈ །།ནུས་པ་མཁན་བརཏལ་བའི་ཡོན་ཏན་ནི། མཐུ་བོ་ཆེ་ཉི་མ་ཞེས་བྱ་བ་ལ། མི་རྣམས་ཐམས་ཅད་འདུད་དགོས་པས། སྡང་བ་ཐམས་ཅད་འཆི་བར་བྱེད་ལ། ཉེ་འཁོར་བ་ཡང་འཚེར་ཀམ་མེ་བ་གཅིག་ཡོད་པ་ལ། ཏེ་ལོ་པས་ཁོའི་དྲུང་དུ་སོང་ནས། སྡང་བའི་ལྟ་ཚུལ་གཅིག་བྱས་པས། ཁྱོད་ལ་ངས་མཐུ་བྱེད་ཅེས་ཟེར་ནས་མཐུ་བྱས་ཏེ། ཆོས་སྐྱོང་མི་སྡུག་པའི་ཚོགས་བྱུང་ཚད། ལྟ་སྟངས་ཀྱིས་བསད། ཁོའི་འཁོར་བྱུང་ཚད་ཀྱང་ལྟ་སྟངས་ཀྱིས་བསད། ཁོ་ཤིན་ཏུ་སྡུག་བསྔལ་བར་བྱུང་སྟེ་གནས་པ་ལ། རྗེ་ཏཻ་ལོ་པ་དྲུང་དུ་བྱོན་ནས། བྱམས་པའི་ལྟ་སྟངས་བྱས་པ་ལ། ཁོ་དགའ་བ་ལ། ཕྱིས་སྡིག་པ་མི་བྱེད་ན། གསོ་ཐབས་ཡོད་གསུངས་པས། ཁོ་རང་ལ་འཁོར་ཤི་བ་ཐམས་ཅད་རྣམ་ཤེས་བཀུགས་ནས་གཏད་པས། ཤིན་ཏུ་དད་དེ། རྗེ་ཏཻ་ལོ་པས། དོན་རྟོགས་རྣལ་འབྱོར་ཏཻ་ལོ་ངས། བསད་པ་ཞེས་བྱ་གཅིག་ཀྱང་མེད། ཅེས་གསུངས་པས། གྲོལ་ཏེ། ཉི་མ་ཨི་མི་ཙུན་དྷིའི་གླིང་ཞེས་པའོ།། ༈ །།དཔལ་བདེ་མཆོག་འཁོར་ལོའི་སྤྲུལ་པར་གྲགས་པའི་ཡོན་ཏན་ནི། ཆུ་བོ་ས་ལ་ན་སྟི་དང་། དུ་ལ་ཀེ་ཏྭ་ར་ཡི་འགྲམ། དུར་ཁྲོད་འབར་བ་འཛིན་པ་ཀྱི་རྩ། གཙུག་ལག་ཁང་སུ་ལ་ཁ་ཏྲེ་ཞེས་བྱ་བར། མྱ་ངན་མེད་པའི་ཚལ་དུ། ཏཻ་ལོ་པ་རབ་ཏུ་བྱུང་སྟེ། དགེ་སློང་གི་བསླབས་པ་མནོས་ནས། མིང་ཡང་དགེ་སློང་གྷ་ལ་བྷ་ཞེས་ཀྱང་གྲགས་སོ། །གནས་དེ་ན་ཁྲིམས་སུ་བྱ་བ་ལ། སྔ་དྲོ་སོ་སོའི་བྲང་ཁང་དུ་བསྒོམས་ཤིང་བསམ་གཏན་བྱེད། ཕྱི་དྲོ་སྐོར་བ་དང་ཆོས་སྤྱོད་ཐུན་མོང་དུ་ལྷ་གང་དུ་བྱེད་པ་ལ། དེ་ལ་མི་མཐུན་པ་བྱས་ན་ཆད་པས་གཅོད་པ་ལས། ཀ་ལ་བྷ་དེ་ལས་བཟློགས་ནས། སྔ་དྲོ་ལམ་ཀ་གཅིག་ཏུ་སྲོག་ཆགས་མང་པོ་བསད་པས་འགོ་ལུས་ཕྲལ་ནས་ཕྱོགས་སོ་སོར་སྤུངས། ཆང་འཚོང་མའི་ཆང་སྦང་མ་འབུ་རེད་པ་རྣམས་ཞལ་བཀང་ཞིང་གསོལ་བས། ཞང་པོ་གནས་བརྟན་ཟླ་འོད་གཞོན་ནུ་མ་བཟོད་ནས། གཞན་གྱི་མཐོང་ན་ཆད་པ་ཆེན་པོ་གཅོད་པས། ཉེ་རིང་བྱེད་ཉེན་ཡོད་པས་ཟེར་ནས། ལྐོག་ཏུ་མཁན་སློབ་འཚོགས་ནས་གྲོས་བྱས་པས། ཀ་ལ་བྷ་ལ་གྲོས་མ་བཏབས་ནས། གསོ་སྦྱོང་མི་འཆགས་པས་ངེད་གྲོས་བྱེད་ཟེར་དུ་འོངས་གསུངས་ནས་གྲོས་བཏབས་པས། དེ་ལྟར་བྱེད་ཤིང་མ་ཉན་པས་སླར་ལ་མང་དུ་བསད་དོ། །ལན་གཅིག་གི་ཚེ་རྒྱལ་པོ་དུས་མཆོད་ལ་བྱུང་བའི་ལམ་ཀ་ན། དེ་ལྟར་བྱེད་ཤིང་འདུག་པས་མ་དད་པ་ལ། རྒྱལ་པོས་ལོ་རྒྱུས་དྲིས་པའི་ལན་དུ། གནས་ཞི་མྱ་ངན་མེད་ཚལ་དུ། །མཁན་སློབ་མ་དང་ཞང་པོ་ཡིན། །ང་རང་དགེ་སློང་ཀ་ལ་བྷ། །སྐལ་པ་བྱེ་བ་ཕྲག་བརྒྱ་རུ། །རྒྱལ་བ་ཤཱཀྱ་ཐུབ་པ་དང་། །ཀླུ་སྒྲུབ་ཨརྻ་དེ་བ་དང་། །རྡོ་རྗེ་འཆང་དང་ང་གཏམ་བྱས། །ང་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །སངས་རྒྱས་བརྒྱའི་ཞལ་ཡང་མཐོང་། །ས་རབ་དགའ་བ་ངས་ཀྱང་མཐོང་། རྟེན་འབྲེལ་རྒྱུ་འབྲས་བདེན་པ་མཐོང་། །ཆོས་ཉིད་ཆོས་སྐུ་མངོན་དུ་གྱུར། །ས་ར་ཧ་ནི་ཆེན་པོས་ཀྱང་། །ང་ལ་རྟོག་པ་འགྲན་དུ་མེད། །ངས་ནི་སེམས་ཅན་བསད་པ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པས། སེ་གོལ་གཅིག་བཏབས་པས་སྲོག་ཆགས་ཐམས་ཅད་འགོ་ལུས་འབྱར་ཏེ། འོད་དང་བཅས་ནས་འཕུར་ནས་སོང་བའོ། །འདི་ནི་བདེ་མཆོག་འཁོར་ལོའི་སྤྲུལ་པ་ཡིན་པར་འདུག་པས། ཞེས་ཁོང་དུ་ཆུད་ནས་དེ་ལྟར་དུ་གྲགས་སོ།། ༈ །།བདེ་མཆོག་འཁོར་ལོ་དངོས་སུ་བསྟན་པའི་ཡོན་ཏན་ནི། འདི་ཡི་དུས་སུ་རྒྱལ་པོའི་སེང་གེ་ཟླ་བའི་ཕོ་བྲང་གི་མདུན་ན་ཕར་བྱོན་པས། བསོད་སྙོམས་ཀྱི་ལམ་བྱེད་ཅིང་། དང་པོར་རྟོགས། བར་དུ་བསྙེན་བཀུར་བྱེད། ཐ་མ་སྤྱོད་ལམ་ཅི་བྱེད་དང་ཆོས་ཅི་འདུག་དྲིས་པའི་གནས་སྐབས་སུ། །ལན་གཅིག་རྒྱལ་པོས་ལྷ་ཁང་སྟེང་ནས་བལྟས་པས། དགེ་སློང་ཞི་བ་དུལ་བ་སྤྱོད་ལམ་མཛེས་པ་གཅིག་འདུག་ནས། རྒྱལ་པོས་མཐོང་བ་དང་། སྤྱོད་པ་བརྟག་པ་དང་། སློབ་དཔོན་མདོ་རྒྱུད་སྔ་ན་མེད་པ་མང་པོ་འདོན་ཞིང་། མཆོད་གནས་པཎྜྻི་ཏ་མཁས་པ་གཅིག་གིས་བརྟག་པས་ཀྱང་། མདོ་འདོན་སྔར་ཐོས་མ་མྱོང་བ་ངོ་མཚར་ཅན་དུ་འདུག་པས། དེར་རྒྱལ་པོ་དད་པས། སྤྱན་དྲངས་ཞིང་ཆོས་སྟོན་ནི་ཉི་མ་མང་དུ་དྲངས་པ་དང་། རྒྱལ་པོ་ལ་ཆོས་དང་མཐུན་པའི་སྨོན་ལམ་བཏབས་ནས་སོང་བས། ཡང་ཡང་ཆོས་སྟོན་ལ་སྤྱན་དྲངས་སོ། །དུས་རེས་ཤིག་གི་ཚེ། རྒྱལ་པོས་ལོ་རྒྱུས་ཞིབ་ཏུ་དྲིས་ཏེ། ཞུས་པ་ལས། ང་ནི་ཕ་དང་མ་བྲལ་བའི། །བྲམ་ཟེ་རིགས་ཀྱི་ཏཻ་ལོ་ཡིན། །ང་ལ་མཁན་སློབ་ཡོངས་མེད་དེ། །ང་ནི་རང་བྱུང་སངས་རྒྱས་ཡིན། །ང་ནི་བཤད་ཉན་མ་བསླབས་སྟེ། །སྒྲ་ཚད་རིག་པ་རང་རྡོལ་ཡིན། །བདེ་མཆོག་སྐུ་གསུང་ཐུགས་དང་ནི། །ང་ནི་དབྱེར་མེད་བརྗོད་དུ་མེད། །ཞེས་པས་འདི་ཡི་དུས་བདེ་མཆོག་འཁོར་ལོ་དངོས་སུ་གྲགས་སོ། །དུས་རེས་ཞིག་ན། རྒྱལ་པོ་མེ་ཏོག་གླིང་པ་ཞེས་བྱ་བ་དེ་སློབ་དཔོན་ལ་དད་ནས། མོས་པ་བྱས་ཤིང་གསོལ་བ་བཏབས་པས། རྗེ་ཏཻ་ལོ་པས་ཀྱང་རྗེས་སུ་བཟུངས་སྟེ། པཎྜྻི་ཏ་དང་། ཀུ་སུ་ལི་མང་པོ་དང་དུས་གཅིག་ཏུ་ཚོགས་འཁོར་གྱི་གཙོ་བོ་ཞུས་ནས་གསོལ་བ་བཏབས་པས། ཟང་ཟིང་དེ་རྣམས་ཀྱིས་དཀྱིལ་འཁོར་ཐ་དད་པའི་སྣང་བ་བྱུང་སྟེ། མ་མཐུན་པ་ལ། ངའི་ལུས་ནི་ཀྱེའི་རྡོ་རྗེ་ལ། །ངག་ནི་མ་ཧཱ་མ་ཡ་ཡིན། །སེམས་ནི་འཁོར་ལོ་བདེ་མཆོག་སྟེ། །དབང་པོ་གསང་བ་འདུས་པ་ཡིན། །ཡན་ལག་སྒྲ་རྒྱུད་ནག་པོ་ཡིན། །ཉིང་ལག་རྡོ་རྗེ་འཇིགས་བྱེད་ཡིན། །རྩ་གནས་རྡོ་རྗེ་གདན་བཞི་ལ། །རླུང་གནས་རྡོ་རྗེ་ཕྲེང་བ་ཡིན། །ཐིག་ལེ་གསང་བ་མཛོད་ཡིན་ཏེ། །གཙུག་ཏོར་སངས་རྒྱས་ཐོད་པ་ཡིན། །ཐམས་ཅད་བདག་ཉིད་དུས་འཁོར་ལོ། །བདེ་ཆེན་སངས་རྒྱས་མཉམ་པར་སྦྱོར། །བ་སྤུ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་ཡིན། །ཅེས་གསུངས་ཏེ། གཙུག་གི་ནོར་བུའི་དགོན་པར་གཤེགས་པ་ལ། རྣལ་འབྱོར་པ་དེ་རྣམས་ཐམས་ཅད་ཀྱིས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པར་འདུག་ཞེས་གྲགས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བསྡུས་ཏེ། བསྟན་པའི་ཡོན་ཏན་བསྟན་པའོ།། ༈ །།སངས་རྒྱས་དངོས་ཀྱི་སྤྲུལ་པ་འགྲོ་བའི་མགོན། །སྒྲོལ་མས་བྱིན་རླབས་མིང་ནི་ཏཻ་ལོ་པ། །ཤེས་རབ་ལྔ་ལྡན་ཤེས་རབ་བཟང་པོ་ཞེས། །གསང་བའི་མཚན་ནི་བདེ་མཆོག་རྡོ་རྗེ་དང་། །རྟོགས་མེད་རྡོ་རྗེ་བདེ་བའི་འཁོར་ལོ་ཞེས། ཀ་ལ་བྷ་ཞེས་གྲགས་པའི་བླ་མ་བདེ་བ་བཟང་པོ་ནི། །ཏིལ་གྱི་ཞབས་ཞེས་གྲགས་པའི་འཆི་མེད་སྐུ། །རྣལ་འབྱོར་དབང་ཕྱུག་དེའི་ཞབས་ལ་བདུད། །ཏེ་ལོ་པའི་རྣམ་ཐར་རྫོགས་སོ།། །། ཱ། ༈ དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཀྱི་བདག་ཉིད་རྡོ་རྗེ་འཆང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། དབྱེར་མེད་རྣལ་འབྱོར་དབང་ཕྱུག་ཏཻ་ལོ་པ། །ཤར་ཕྱོགས་ཟ་ཧོར་ཡུལ་དུ་སྐུ་འཁྲུངས་ཏེ། །ཏིལ་བརྡུང་ལས་ལ་བརྩོན་པར་གཉིས་མེད་ཀྱི། ༼ཡིག་ཆུང་ཡིན་ནམ་སྙམ།༽ །ཡེ་ཤེས་དངོས་པོ་གནས་ལུགས་རྟོགས་པའི་ཤར་གྱི་ཟ་ཧོར་ཡུལ་ཕྱོགས་ལན་གསུམ་དུ་སྟོང་པར་བྱེད་པ་སྤྲུལ་པ་རྡོ་རྗེའི་སྐུ་ནུབ་ཕྱོགས་ཨུ་རྒྱན་ཡུལ་དུ་བྱོན་ནས་ཀྱང་དྷརྨ་གྷ་ཛྷྱ་གསང་བའི་གྷ་དྷོའི། ཕྱི་ནང་གསང་བའི་མཁའ་འགྲོ་རྣམ་གསུམ་ལ། །གསང་བ་དྲི་མེད་གདམས་པ་རྣམ་གསུམ་དང་། །ཆོས་དོན་སྟོན་པ་རྒྱུད་དོན་མཐའ་དག་ཞུས། །དངོས་གྲུབ་ཐོབ་ནས་གདུལ་བྱའི་དོན་དུ་བྱོན། །ལུས་མེད་གདམས་པ་ཁོང་དུ་ཆུད་ནས་ནི། །ཕྱི་རབ་དོན་དུ་ངེས་པར་གཞན་དོན་ཕྱིར། །བླ་མ་བསྟེན་ཅིང་དཀའ་བབས་བརྒྱུད་པར་ལྡན། །འདི་དག་གནས་ཀྱི་ངེས་པ་དང་། །དུས་དང་གདུལ་བྱ་ལམ་ལ་བཀོད། །རིམ་པ་བཞིན་དུ་བསྟན་པ་ནི། །རྗེ་བཙུན་ཆེན་པོ་ཏཻ་ལོ་པས། །གདུལ་བྱའི་གཙོ་བོ་རྣམ་བརྒྱད་བཏུལ། །ནུས་ལྡན་བློ་གྲོས་ཨུ་རྒྱན་ཡུལ། །རྩ་རླུང་ཡེ་ཤེས་དེ་ཉིད་རང་གྲོལ་བསྟན། །ནག་པོ་དགེ་བ་བསིལ་བའི་ཚལ། །མ་ནོར་ལམ་གྱི་གཟེར་དྲུག་བསྟན། །བསླུ་བྱེད་བདེན་སྨྲ་ཧ་ཧ་དགོད། །སྒྱུ་མ་རྟེན་འབྲེལ་སྙིང་པོ་བསྟན། །ཉི་འོད་སྒྲོན་མ་སོ་ཡི་གླིང་། །ལྷན་ཅིག་སྐྱེས་པའི་མངོན་རྟོག་ཉིད། །འཛིན་ན་བྱང་ཆུབ་དཔལ་ཀྱི་རི། །དྲི་མེད་བདེ་བའི་ལམ་མཆོག་བསྟན། །མན་དྷྲི་ཛྷྱ་ན་ར་ལྡ་ལྡིང་། །ཕྱི་ནང་གསང་བའི་རྒྱུ་འབྲས་བསྟན། །ཉི་ཟླ་ཨ་མི་ཙུ་ཏའི་གླིང་། །རྣམ་རྟོག་རང་དག་མན་ངག་བསྟན། །དཀུགས་པ་དབྱངས་མཁན་ན་ག་ར། །ལྟ་བསྒོམས་སྤྱོད་པའི་གདམས་པ་སྟེ། །སྐལ་ལྡན་དེ་དག་རེ་རེར་ཡང་། །སྐད་ཅིག་ཉིད་ལ་གྲོལ་གྱུར་ཏེ། །འབྱུང་བའི་སྐྱེ་མཆེད་དབང་ཐོབ་ནས། །འཆི་མེད་རྡོ་རྗེའི་སྐུ་ཐོབ་སྟེ། །འདས་པ་མེད་པར་བཞུགས་པ་ཡིན། །སྐུ་ལུས་སྤྱོད་པ་རྣམ་འགྱུར་ཡང་། །སྣ་ཚོགས་དུ་མར་སྟོན་པ་ནི། །གདུལ་བྱ་སྣ་ཚོགས་དྲངས་བའི་ཕྱིར། །ངེས་པ་མེད་པའི་ཏཻ་ལོ་པ། །དཔལ་ལྡན་བདེ་མཆོག་འཁོར་ལོ་ཡི། །སྤྲུལ་པར་གྲགས་པའི་དུས་ཚོད་ནི། །ཆུ་བོ་ས་ལ་ན་ཏིའི་འམ། །དུ་ལ་ཀེ་ཏིའི་ཞེས་པའི་འགྲམ། །པུ་ལ་ཁེ་ཏྲ་མྱ་ངན་མེད། །རབ་བྱུང་ཚུལ་གྱིས་བཞུགས་པའི་ཚེ། །དང་པོ་བདེན་པ་མཐོང་དུས་སུ། །རྩ་བའི་སྐུས་ནི་འོག་མིན་དུ། །རྡོ་རྗེ་འཆང་ལ་ཆོས་གསན་ཏེ། །རྒྱལ་བ་ཤཱཀྱ་ཐུབ་པ་དང་། །ཀླུ་སྒྲུབ་ཨརྻ་དེ་བ་དང་། །རྡོ་རྗེ་འཆང་དང་ང་གཏམ་བྱས། །ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་བྱུང་། །ས་རབ་དགའ་བ་ངས་ཀྱང་མཐོང་། །རྒྱུ་འབྲས་རྟེན་འབྲེལ་བདེན་པ་མཐོང་། །ས་ར་ཧ་ནི་ཆེན་པོས་ཀྱང་། །རྟོགས་པ་ང་ལ་འགྲན་དུ་མེད། །གྲུབ་ཐོབ་ནམ་མཁའི་མཐར་ཐུག་པས། །བསྟོད་པ་འོས་སུ་གྱུར་པ་ཡིན། །ཏེ་ལོ་པ་ལ་རྟོག་པ་མེད། །སེམས་ཅན་སྐྱེ་མེད་གནས་སུ་དེངས། །གཟུང་འཛིན་རྟོག་པས་འཆིངས་འགྱུར་པས། །དབྱེར་མེད་ནམ་མཁའི་རྫོང་ལ་ལྟོས།། ༈ །།བདེ་མཆོག་དངོས་སུ་གྲགས་པ་ནི། རྒྱལ་པོ་ཟླ་སྲུངས་གདུལ་བྱ་ལ། །ཧེ་རུ་ཀ་ཡི་ཆ་བྱད་ཀྱིས། །རྣམ་ཐར་སྒོ་གསུམ་སྐུ་གསུང་ཐུགས། །ཤྲི་ཧེ་རུ་ཀར་གྱུར་པ་ཉིད། །རང་བྱུང་སངས་རྒྱས་ཉིད་དུ་བསྟན། །དུས་གསུམ་སངས་རྒྱས་ཕྱོགས་བཅུ་ཡི། །དཀྱིལ་འཁོར་ཐ་དད་བསྟན་པ་ནི། །རྒྱལ་པོ་མེ་ཏོག་གླིང་པའི་དོན། །སྣ་ཚོགས་དུ་མའི་ལྷ་རུ་སྤྲུལ། །ངའི་ལུས་ནི་ཀྱེའི་རྡོ་རྗེ་ལ། །ངག་ནི་མ་ཧཱ་མ་ཡ་ནི། །སེམས་ནི་འཁོར་ལོ་བདེ་མཆོག་སྟེ། །དབང་པོ་གསང་བ་འདུས་པ་ཡིན། །ཡན་ལག་སྒྲ་རྒྱུད་ནག་པོ་སྟེ། །ཉིང་ལག་རྡོ་རྗེ་འཇིགས་བྱེད་ཡིན། །རྩ་གནས་རྡོ་རྗེ་གདན་བཞི་ལ། །རླུང་གནད་རྡོ་རྗེ་འཕྲེང་བ་ཡིན། །ཐིག་ལེ་གསང་བ་མཛོད་ཡིན་ཏེ། །གཙུག་ཏོར་སངས་རྒྱས་ཐོད་པ་ཡིན། །ཐམས་ཅད་བདག་ཉིད་དུས་འཁོར་ལོ། །བདེ་ཆེན་སངས་རྒྱས་མཉམ་པར་སྦྱོར། །རང་སེམས་ལྷན་ཅིག་སྐྱེས་པ་ཉིད། །སྐད་ཅིག་དང་པོར་རང་བྱུང་བ། །མ་སྐྱེས་འདས་པའི་སངས་རྒྱས་ཡིན། །སྐད་གཅིག་གཉིས་ལ་འགག་པ་ནི། །མི་སྐྱེ་མ་བྱོན་སངས་རྒྱས་ཡིན། །སྐད་ཅིག་གསུམ་པ་ལྷུན་གྱིས་གྲུབ། །སྐྱེ་མེད་ད་ལྟར་སངས་རྒྱས་ཡིན། །བ་སྤུ་ཞིང་ཁམས་དཔག་མེད་ཀྱི། །དེ་དག་སངས་རྒྱས་དུས་གསུམ་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་ཡིན། །བདག་ཉིད་ཆེན་པོ་གཅིག་ཉིད་ནི། །སངས་རྒྱས་དུ་མར་སངས་རྒྱས་དང་། །སངས་རྒྱས་དུ་མ་སྣ་ཚོགས་ལ། །བདག་ཉིད་གཅིག་ཏུ་སངས་རྒྱས་པའོ། །མི་བརྗེད་གཟུངས་ཐོབ་དཔལ་ལྡན་ན་རོ་དང་། །བདེ་ཆེན་ཡེ་ཤེས་དོན་ལྡན་ཀ་སོ་རི། །སྣང་བ་ལམ་དུ་སློང་བའི་རི་རི་པ། །མཆོག་གི་སློབ་མ་རྣམས་གསུམ་གདུལ་བྱ་སྟེ། །ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་སྟེ། །འདི་ནི་བྱིན་རླབས་རིམ་པ་བླ་ན་མེད། །ཏེ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །རང་རིག་ཉིད་ལ་མཚོན་ཏེ་ཤེས་པར་བྱས།། ༈ །།ནུས་ལྡན་བློ་གྲོས་ཨུ་རྒྱན་ཡུལ་དུ་བཏུལ། །དེ་ལ་སྤྱོད་པ་མཐུ་སྟོབས་ཅན་ཞེས་གྲགས། །ནག་པོ་དགེ་བ་བསིལ་བའི་ཚལ་དུ་སྟེ། །ནག་པོ་དུར་ཁྲོད་པ་ཞེས་གྲགས་པའོ། །བདེན་བར་སྨྲ་བ་ཧ་ཧ་དགོད། །ཀོང་ཀ་ལི་པ་ཞེས་བྱ་བའོ། །ཆང་འཚོང་སོ་སོའི་གླིང་དུ་སྟེ། །རྣལ་འབྱོར་མ་ནི་གྷ་གྷའོ། །རྔོན་པ་དཔལ་ཀྱི་རི་འདབ་ཏུ། །འགུ་ན་ས་གང་ར་པ་ཞེས་པའོ། །མན་ཏྲི་སེ་ཏྲ་ར་ལྡ་སྟེ། །གཅེར་བུ་ལྷུང་བཟེད་འཛིན་པར་འགྱུར། །ཉི་ཟླ་ཨ་མི་ཙུ་ཏའི་གླིང་། །ཉི་མ་སྦས་པ་ཟླ་བ་སྦས། །ན་ག་ཏར་ནི་གླུ་མཁན་ལ། །མདུང་བྱུང་དཀུགས་པ་ཞེས་བྱར་གྲགས། །འདི་དག་གདུལ་བྱའི་གཙོ་བོའི་སྟེ། །སྙན་རྒྱུད་གདམས་པས་སྨིན་ཅིང་གྲོལ། །རྣལ་འབྱོར་དབང་ཕྱུག་བརྒྱད་པོ་འདི། །ངེས་པ་རྡོ་རྗེའི་སྐུ་ཐོབ་པ། །རྗེ་བཙུན་ཏེ་ལོ་ཆེན་པོ་ལ། །ལུས་མེད་མཁའ་འགྲོས་གདམས་པ་ནི། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །དམ་ཚིག་རང་སེམས་མེ་ལོང་ལྟོས། །དམ་རྫས་རྟོགས་པའི་ཉི་མ་གསལ། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཁྲོལ། །རང་གྲོལ་ཕྱག་རྒྱ་ཆེན་པོ་ལྟོས། །རྩ་རླུང་དྲ་མིག་འཁོར་ལོ་སྐོར། །རིག་པ་ཡེ་ཤེས་སྒྲོན་མེ་སྦོར། །རོ་སྙོམས་ཕྱིའི་མེ་ལོང་ཤར། །བདེ་ཆེན་གསུང་གི་རིན་ཆེན་ཆོངས། །གསང་བ་དྲི་མེད་མཁའ་འགྲོ་མས། །བརྡ་དོན་བསྟན་པ་རྡོ་རྗེའི་ཚིག །གསུངས་པས་མ་འོངས་སྐལ་ལྡན་དོན། །ཡེ་ཤེས་ཆེན་པོ་རྟོགས་གྱུར་པའོ། །རྗེ་བཙུན་ཆེན་པོ་ཏེ་ལོ་པ། །ཤེས་རབ་བཟང་པོའི་རྣམ་པར་ཐར་པ་བསྡུས་པའོ། །ཱ །། ༈ །།དཔལ་ལྡན་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ལོ། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ནུས་ལྡན་བཏུལ་བའི་ཡོན་ཏན་ནི། །བདེ་བ་ལ་ཞེན་རྩ་རླུང་སྦྱང་གྱུར་པས། །སྣང་བ་ཐོགས་མེད་མངོན་ཤེས་རྫུ་འཕྲུལ་སོགས། །ཁམས་འདུས་ལྷ་ཡི་དཀྱིལ་འཁོར་ཞེན་པ་ཡིས། །དོན་དམ་གཉུག་མའི་གནས་ལུགས་རྟོགས་མི་འགྱུར། །གནས་ལུགས་རྟོགས་པར་འདོད་པའི་རྣལ་འབྱོར་པས། རླུང་བཅིང་ལ་སོགས་ལྷའི་རྒྱ་མདུད་དེ། །ཞེན་མེད་གཉུག་མའི་ངང་དུ་རང་སར་གྲོལ་ལོ། །བདེ་ཆེན་འབད་རྩོལ་མེད་པ་ངང་གིས་འཆར། །འཁོར་དང་མྱ་ངན་འདས་པ་ཡི། །སྤང་བྱ་གཉེན་པོའི་ཆོས་རྣམས་ཀུན། །རང་གི་སེམས་སུ་འདུས་པས་ན། །དེ་ཕྱིར་རང་སེམས་སྒོམ་པར་བྱ། །བསྒོམས་པའི་ཚེ་ན་ཅི་ཡང་སྒོམ་རྒྱུ་མེད། །སྒོམ་དུ་མེད་པ་མི་སྒོམ་དབང་མེད་པ། །གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན། །བདག་དང་གཞན་དོན་འབྲས་བུ་ཕུན་གསུམ་ཚོགས། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །ནུས་ལྡན་བློ་གྲོས་ཨུ་རྒྱན་ཡུལ་དུའོ།། ༈ །།སློབ་དཔོན་ཆེན་པོ་ཏེ་ལོ་པས། །རྣལ་འབྱོར་ནག་པོ་དགེ་བ་ལ་གདམས་པ། །ལས་དང་རྣལ་འབྱོར་རྟེན་འབྲེལ་གྱིས། །མི་རྟག་འཁོར་བའི་ཉེས་དམིགས་དྲན། །ཡང་དག་ལམ་དུ་ཞུགས་པ་ལ། །གཟེར་དྲུག་གནད་ཀྱི་གདམས་པ་དགོས། །ཅེས་པས་དེ་ལ་གཟེར་དྲུག་ལ། །གསོལ་བ་འདེབས་པར་བྱེད་པ་ལ། །སྐྱབས་འགྲོ་བྱིན་རླབས་ཀྱི་གཟེར། །རིག་པ་སྲངས་སུ་འཛུད་པར་བྱེད་པ་ལ། །སྲོག་རྩོལ་གནད་ཀྱི་གཟེར། །གནས་ལུགས་རྟོགས་པར་བྱེད་པ་ལས། གཉུག་མ་ངོ་སྤྲོད་ཀྱི་གཟེར། དེ་ཉིད་ཉམས་སུ་བླངས་པས། ཉམས་མྱོངས་རྟགས་ཀྱི་གཟེར། མྱུར་དུ་སངས་རྒྱས་པར་འདོད་པས། འཕོ་བ་གནད་ཀྱི་གཟེར། བེམ་རིག་ཕྲལ་བའི་དུས་སུ། དྷ་ཀ་ཡེ་ཤེས་ཀྱི་གཟེར་དང་དྲུག་གོ །དང་པོ་ལ་གསུམ་སྟེ། སྔོན་འགྲོ་རྟེན་བསྐྱེད་པ་དང་། དངོས་གཞི་སྐྱབས་སུ་འགྲོ་བ་དང་། རྗེས་གནས་ལུགས་ལ་བློ་བཞག་པའོ། །སྔོན་འགྲོ་རྟེན་བསྐྱེད་པ་ལ། རང་ཐ་མལ་དུ་སྟན་བདེ་བ་ལ་འདུག་སྟེ། བྱང་ཆུབ་ཀྱི་སེམས་དྲན་པའི་སྒོ་ནས། རང་གི་སྤྱི་བོའི་སྟེང་དུ་འདོམ་གང་ཙམ་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། པདྨ་འདབ་མ་སྟོང་དུ་ལྡན་པ་གཅིག་བསམ། དེའི་དབུས་ཀྱི་ལྟེ་བ་ལ། ཡི་དམ་གྱི་ལྷ་ཇོ་མོ་རྡོ་རྗེ་རྣལ་འབྱོར་མ། སྣང་ལ་རང་བཞིན་མེད་པ་བསམ། དེའི་དབུའི་སྟེང་ཁྲུ་གང་ཙམ་དུ་པདྨ་འདབ་མ་བཞི་པའི་ལྟེ་བ་ལ། སེང་གེའི་ཁྲི་དང་། ཉི་ཟླ་དང་བཅས་པ་ལ། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་བསམ། དེའི་སྟེང་ཁྲུ་གང་ཙམ་པདྨ་འདབ་མ་བཞི་ལྟེ་བ་དང་བཅས་པ་ལ། བདེ་མཆོག་གསང་བ་རིན་པོ་ཆེ་ཡབ་ཡུམ། དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བཾ་ལ་སྔགས་ཀྱིས་བསྐོར་བར་བསམ། ཨེཊ་བཾ་དང་ཧཱུྃ་ལ་སྔགས་ཀྱི་བསྐོར་བར་བསམ། པདྨའི་འདབ་མ་ལ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་དཔུང་གཏིབས་པ་བཞིན་དུ་བསམ། རྗེ་བཙུན་མའི་ཕྱོགས་བཞིར་རིགས་ཀྱི་མཁའ་འགྲོ་མ་བཞི། བླ་མའི་ཕྱོགས་བཞིར། ཙརྻ་པ། ཀླུ་སྒྲུབ། ལ་བ་པ། སྐལ་པ་བཟང་མོ་བཞི། ལྷན་སྐྱེས་ཕྱོགས་བཞིར་མཁའ་འགྲོ་མ་བཞི་བསམ་པར་བྱ། དེ་རྣམས་ཀྱང་རྒྱན་ཆ་ལུགས་དང་ལྡན་པ། སྣང་ལ་རང་བཞིན་མེད་པ། ནམ་མཁའི་འཇའ་ཚོན་ལྟ་བུའོ། །དེ་ནི་རྟེན་བསྐྱེད་པའོ། །སྐྱབས་སུ་འགྲོ་བ་ལ་བདག་དང་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུངས་ནས། གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པ་མཐར་མ་ཕྱིན་གྱི་བར་དུ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །ཅེས་ངག་ཏུ་ཅི་རིགས་པར་བྱའོ། །དེ་ནས་རང་གི་བཾ་དང་སྔགས་ལ། འོད་ཟེར་འཕྲོས་པས་རྗེ་བཙུན་མའི་ཐུགས་ཀར་ཕོག །དེ་ནས་འོད་ཟེར་འཕྲོས་པས། བདེ་མཆོག་ལྷན་ཅིག་སྐྱེས་པ་ཡབ་ཡུམ་གྱི་ཐུགས་ཀར་ཕོག་པས། ཡབ་ཡུམ་ལས་བདུད་རྩི་བྱང་སེམས་ཀྱི་རྒྱུན་བབས་པས་བླ་མ་ལ་ཕོག །དེ་ལ་བབ་པས་ཡི་དམ་ལྷ་ལ་ཕོགས། དེ་ལ་བབ་པས་རང་གི་སྤྱི་བོར་བབས་པས། ཕྱི་ན་མར་སོང་བས་ཕྱི་ལུས་ཀྱི་སྡིག་སྒྲིབ་དག །ནང་ན་མར་སོང་བས་ནང་སེམས་ཀྱི་སྡིག་སྒྲིབ་དག །དེའི་ངང་ལ་རང་ཡི་དམ་གྱི་ལྷ་དཔལ་རྡོ་རྗེ་རྣལ་འབྱོར་མ། ཉམས་མྱོང་མཚན་ཉིད་གསུམ་ལྷན་ཅིག་ཏུ་བཀྲ་ལམ་གྱིས་བསམ། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ལ་ངོ་སྤྲད་པ་དང་། བུམ་པའི་དབང་ལ་ངོ་སྤྲད་པའོ། །དེ་ནས་རྡོ་རྗེའི་བཟླས་པ་ནི། དེའི་ངང་ལ་རང་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ། བསམ་པའི་ངང་ལས་ཧཱུཾ་ཅི་རིགས་པར་བགྲང་ཞིག་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཡི་དམ་ལྷའི་ཐུགས་ཀར་ཕོག །དེ་ལས་འོད་ཟེར་འཕྲོས་པས། བླ་མའི་ཐུགས་ཀར་ཕོག །དེ་ལས་འོད་ཟེར་འཕྲོས་པས། བདེ་མཆོག་ཡབ་ཡུམ་ལ་ཕོག །དེ་ལ་ཕྱི་ནང་གསང་བ་གསུམ་གྱི་མཆོད་པས་མཆོད། ཕྱིའི་མཆོད་པ་ལྔ། ནང་གི་ཤ་ལྔ་བདུད་རྩི་ལྔ། གསང་བ་ཟག་མེད་བདེ་བ་གསུམ་གྱིས་མཆོད། དེ་ནས་འོད་ཟེར་འཕྲོས་པས། ཡབ་ཀྱི་ཐུགས་ཀ་ནས་ཧཱུཾ། ཡབ་ཡུམ་གྱི་ཐུགས་ཀ་ནས་བཾ། དེ་གཉིས་ལས་འོད་འཕྲོས་པ་ལས། ཡབ་ཡུམ་གཉིས་སྙོམས་པར་ཞུགས་ཤིང་བསྐྱོད་པས། རྡོ་རྗེ་དང་པདྨ་གཉིས་བསྲུབས་པ་དང་སྦྱོར་མཚམས་ནས། བདུད་རྩི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབ་པས། རང་གི་ལྕེ་ཐོག་ཏུ་སི་ལི་ལི་བབས་པས། རང་གི་རྩ་བོ་ཆེ་དང་རྩ་བྲན་ཐམས་ཅད་ཁེངས་པས། ཟག་མེད་ཀྱི་བདེ་བས་བདེ་པྲི་ལི་ལི་བསམ། དེའི་ངོ་བོ་གསང་དབང་ངོ་། །བདེ་བ་དང་སྟོང་པ་གཉིས་སུ་མེད་པ་ལ་ངོ་སྤྲད་པས། དེ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །རྗེས་གནས་ལུགས་ལ་བློ་བཞག་པ་ནི། རྣམ་པར་སྣང་མཛད་ཀྱི་ཆོས་དྲུག །འགྱུ་བ་རླུང་གི་གནད་ལ། རླུང་རང་སོར་གཞག །སེམས་ཀྱི་གནད་ལ་སེམས་མ་བཅོས་པར་གཞག །དེའི་རྒྱུན་སྒོམ་པ། དེ་ལ་ཚིགས་དབང་རིན་པོ་ཆེ་ཟེར། དེ་ནི་སྐྱབས་སུ་འགྲོ་བ་དང་དབང་བཞི་དང་སྦྱར་བའོ། །དེ་ནི་གསོལ་བ་འདེབས་པ་ལ་སྐྱབས་འགྲོ་བྱིན་རླབས་ཀྱི་གཟེར་ཞེས་བྱའོ།། ༈ །།རིག་པ་སྲང་དུ་འཛུད་པ་ལ། སྲོག་རྩོལ་གནད་ཀྱི་གཟེར་བུ་ལ་བདུན། བསྐྱེད་པ་སེམས་ཀྱི་གནད། བཅའ་ཐབས་ལུས་ཀྱི་གནད། གནས་པ་རྩའི་གནད། འགྱུ་བ་རླུང་གི་གནད། དམིགས་པ་རྟེན་ཀྱི་གནད། བཀོད་པ་བྱང་ཆུབ་སེམས་ཀྱི་གནད། ཉམས་མྱོང་རྟགས་ཀྱི་གནད་དོ། །དང་པོ་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དྲན་པའོ། །གཉིས་པ་ནི། རྐང་པ་རིལ་ལི་མིག་ལྟར་བསྣོལ། སྒལ་ཚིགས་བསྲངས། དཔུང་པ་བརྐྱངས། ཨ་ལོ་སྐོས་སྐོལ་ཨོལ་མདུད་མནན། མཉམ་བཞག་ཕྱག་རྒྱ་བཙིར། ཡི་དམ་ལྷ་གསལ་བས། བྲང་ལ་གསུས་པ་སྦྱར་རོ། །གསུམ་པ་ནི། རྩ་ཨ་བ་དྷུ་ཏི། ཡར་སྣ་སྤྱི་གཙུག་ཚངས་པའི་བུ་ག་ལ་ཟུག །མར་སྣ་གསང་བའི་རྡོ་རྗེར་ཟུག །རོ་རྐྱང་གཉིས་ཡར་སྣ་སྣ་སྒོར་ཟུག །མར་སྣ་སྤུ་ནེ་གུ་མཚམས་སུའོ། །བཞི་པ་ནི་བརྔུབ་པ། ཞི་བ། དགང་བ། གཏང་བ། ཀློད་པའོ། །ལྔ་པ་ལ། རྩ་གསུམ་འདུས་པའི་མདོ་རུ། མེ་རྒྱ་ཁབ་ཙམ་ལ། སེམས་འཛིན་པའོ། །དྲུག་པ་ནི། ཕ་ལས་ཐོབ་པའི། སྤྱི་བོ་ནས་ཟླ་བ། མ་ལས་ཐོབ་པའི་རཀྟ་ཉི་མ་གསུམ་མདོ་ན་གནས། དེ་གཉིས་བདེ་བ་དང་སྟོང་པ་གཉིས་སུ་མེད་པར་གནས་པའོ། །བདུན་པ་ནི། ཉམས་མྱོང་ལ། བདེ་བ་དང་། གསལ་བ་དང་། མི་རྟོག་པའོ། །རྟགས་ལ་རྟགས་ལྔ། ཕན་ཡོན་བརྒྱད་ལ་སོགས་པ། རླུང་ལྔ་ཟིན་པའི་རྟགས་འཆར་བའོ། །དེ་ནི་སྲོག་དང་རྩོལ་བའོ། །གནས་ལུགས་རྟོགས་པར་འདོད་པས། གཉུག་མ་ངོ་སྤྲོད་ཀྱི་གཟེར་ལ་གསུམ། ཆོས་ཉིད་གཏན་ལ་དབབ་པ་དང་། སེམས་ཉིད་གཏན་ལ་དབབ་པ་དང་། གཉིས་སུ་མེད་ཅིང་གཉུག་མའི་དོན་ལ་བློ་བཞག་པའོ། །ཉམས་མྱོངས་རྟགས་ཀྱི་གཟེར་ལ། བདེ་གསལ་མི་རྟོག་པ་རྒྱུན་ཀྱི་དག་པའི་དྲི་མ་མེད་པར་མཐར་ཕྱིན་པའོ། །རྟགས་ལ་མཐའ་བཞི་རང་གྲོལ་ལྟ་བའི་རྟགས། །མ་སྒོམ་ཡེངས་མེད་སྒོམ་པ། རང་བྱུང་འགག་མེད་སྤྱོད་པ། རང་ཤར་ལྷུན་གྲུབ་འབྲས་བུ། རེ་དོགས་མེད་པའི་རྟགས་སོ། །མྱུར་དུ་སངས་རྒྱས་པར་འདོད་པའི་འཕོ་བའི་གདམ་ངག་ལམ་བློ་ཆོད། ཁྱད་པར་གྱི་གཟེར་ལ་གནད་བཞི་ལས། བཅའ་ཐབས་ལུས་ཀྱི་གནད་དང་། འཕོ་བ་ཡུལ་གི་གནད་དང་། གཏད་ཐབས་དམིགས་པའི་གནད་དང་། འགྱུ་བ་རླུང་གི་གནད་དོ། །དང་པོ་ནི་རྣམ་པར་སྣང་མཛད་ཀྱི་ཆོས་དྲུག་གོ །འཕོ་ས་ཡུལ་གྱི་གནད་ལ། མདུན་གྱི་ནམ་མཁའ་ལ། དཔལ་རྡོ་རྗེ་རྣལ་འབྱོར་མ་སྣང་ལ་རང་བཞིན་མེད་པ། གཞོན་ཞིང་མཛེས་པ། ལོ་བཅུ་དྲུག་ཙམ་ལོན་པ། ནུ་མ་དང་གསང་གནས་ཚུན་ཆད་གསལ་བ། རྒྱན་ཆ་ལུགས་དང་ལྡན་པ་དེའི་ཐུགས་ཀ་ནས། མེ་ཏོག་པདྨ་ཁ་བྱེ་བ་ལྟ་བུའི་ཟེལ་བུ་ལ། ཡི་གེ་བཾ་དམར་མོ་འབུར་དུ་བཏོད་པ་ལྟ་བུ་ལ། སྔགས་ཀྱིས་བསྐོར་བ། དེ་ནི་འཕོ་ས་ཡུལ་གྱི་གནད་དོ། །གཏད་ཐབས་དམིགས་པའི་གནད་ལ། རང་གི་རྩ་ཨ་བ་དྷུ་ཏི་དེའི་ཡར་སྣ་ཚངས་པའི་བུ་གར་ཟུག །མར་སྣ་གསང་གནས་སུ་ཟུག །དེ་ཡང་སྦོམ་ཕྲ་མདའ་སྨྱུག་ཙམ། སྨྱུག་མ་ལྟ་བུར་བསམ། དེའི་རྩ་གསུམ་མདོ་དེར་ཡི་གེ་ཧཱུཾ་གཅིག་བསམ། ཚངས་པའི་བུ་གར་ཀྴ་བསམ་པས། དེ་ཡར་ཕྱེས་ནས་ཚངས་བུག་ཕྱེས་ནས། ཡོད་པར་བསམ་གྱིས། སྟེང་རླུང་མནན་ལ་འོག་རླུང་འཐེན་ལ། ཧཱུཾ་དེ་ཇོ་མོའི་བྷ་ག་ནས་ཡར་སོང་སྟེ། ཐུགས་ཀའི་བཾ་ལ་ཏིམས་ཀྱིས་ཐིམ་པར་བསམ། དེའི་ངང་ལས་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་དང་། རང་གི་སེམས་ཉིད་དབྱེར་མེད་དུ་བསམ། དེའི་ངང་ལས་སངས་རྒྱས་པའོ།། ༈ །།བེམ་རིག་དབུལ་བའི་དུས་སུ་དྷ་ཡེ་ཤེས་ལ། དྷ་ཀ་ལ་སྣང་བའི་ཐིམ་ཚུལ་དང་། ཡེ་ཤེས་རྟོགས་པའི་མཆར་ཚུལ་དང་། སྐྱེལ་བསུ་ཅི་ལྟར་འབྱུང་བའོ། །དང་པོ་འབྱུང་བཞི་ཐིམ་པས་ཕྱི་དབུགས་ཆད་པའི་དུས་སོ། །གཉིས་པ་ནི་ནང་དབུགས་ཨེན་ཙམ་གཅིག་མ་ཆད་པའི་དུས་དེར། ཕ་ལས་ཐོབ་པའི་ཐིག་ལེ་ནི་སྤྱི་བོ་ནས་བསྐྱོད། མ་ལས་ཐོབ་པ་རྩ་གསུམ་མདོ་ནས་བསྐྱོད་དེ། སྙིང་ཀར་གཉིས་འཇོམས་ནས་འོད་གསལ་ཤར་ནས་སངས་རྒྱས་པའོ། །ཡང་སྐྱེལ་བསུ་གཉིས་ངོ་འཕྲོད་ནས་སངས་རྒྱས་ཀྱི་ཡོན་ཏན་ནམ་རྩལ་ཀ་ཐམས་ཅད་དེར་རྫོགས་ནས་སངས་རྒྱས་གསུང་ངོ་། །དེར་གཟེར་དྲུག་གི་གདམས་པའོ། །ནག་པོ་དགེ་བ་བསིལ་བའི་ཚལ་ན་རྡོ་རྗེའི་སྐུ་ཐོབ་ནས་བཞུགས་པའོ། །སློབ་དཔོན་ཆེན་པོ་ཏཻ་ལོ་པས་སྒྱུ་མ་མཁན་བཏུལ་བ་ནི། ཀྱེ་བསླུ་བྱེད་སྒྱུ་མ་མཁན་བཏུལ་བཞིན། སྣང་སྲིད་སྒྱུ་མའི་རང་བཞིན་ལ། །དུག་གསུམ་སྒྱུ་མའི་ཞེན་པ་ཐོང་། །ཞེན་མེད་སྒྱུ་མའི་སྙིང་པོ་བསྒོམས། །སྣང་སྲིད་སྒྱུ་མའི་རྣལ་འབྱོར་པ། །སེམས་ཉིད་ནམ་མཁའི་ངང་དུ་ཞོགས། །འདས་དང་མ་འོངས་འཁོར་འདས་བྲལ་བ་ཡི། །རང་བྱུང་ལྷན་ཅིག་སྐྱེས་པར་བྱས། །ཡང་དག་ཀུན་རྫོབ་རང་བཞིན་ལས། །རྒྱུ་འབྲས་ནམ་མཁའ་རང་བཞིན་ཅན། །མི་གནས་བདེ་བ་ཆེན་པོ་དེ། །དུས་གསུམ་སངས་རྒྱས་དགོངས་པ་ཡིན། །ཡིད་བཞིན་ནོར་འདྲ་ཆོས་ཉིད་དགོས་འདོད་འབྱུང་། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །ཅེས་གསུངས་པས། འགྲོ་མགོན་བདུད་རྩི་ཆུ་རྒྱུན་འཐུངས་པ་ཡིས། །བླ་མེད་དོན་གྱི་སྙིང་པོ་བདག་གིས་རྟོགས། །འཇའ་ཚོན་ནམ་མཁའ་ནོར་བུ་སེམས་ལ་ཤར། །ད་ནི་སུ་ལ་ཡང་དྲི་བར་མི་བྱའོ། །བདེན་པར་སྨྲ་བ་ཧ་ཧ་དགོད།། ༈ །།ན་མོ་རཏྣ་གུ་རུ། ཆང་འཚོང་མ་ལ་གདམས་པ། དད་ལྡན་དབང་དང་དམ་ཚིག་དང་། །བསྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས། །དུར་ཁྲོད་ལ་སོགས་ཉམས་དགའ་བར། །སྟན་བདེ་བ་ལ་འདུག་སེམས་བསྐྱེད་ལ། རང་ཉིད་ལྷར་བསམ་བཾ་འོད་ལས། །བླ་མ་དང་ལ་སྤྱན་དྲངས་ལ། །ཕྱག་སོགས་ཡན་ལག་བདུན་པ་བྱ། །དེ་རྗེས་སྔགས་འདི་བཟླ་བར་བྱ། ཨཱོཾ་ས་བྷ་བའི་སྔགས་སོ། །དེའི་ངང་ལས་སྟོང་པར་བསམ། །དེའི་ངང་ལས་ལྷ་མོ་ནི། །ཁམས་གསུམ་རྒྱ་ཆེ་གཞལ་ཡས་ཁང་། །སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ། །དེ་ཡི་ལྟེ་བར་ཆོས་འབྱུང་བསམ། །གདན་སོགས་རིམ་པར་བསྐྱེད་པར་བྱ། །རོ་ཡི་སྙིང་ཀར་རང་སེམས་ནི། །བཾ་ཡིག་དམར་མོ་བསམ་པར་བྱ། །འོད་ཟེར་འཕྲོ་འདུས་ལྷ་བསྐྱེད་དེ། །ཞབས་གཉིས་གར་ཐབས་བརྐྱང་བསྐུམ་བཞུགས། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །གཡས་པ་གྲི་གུག་ནམ་མཁར་ཕྱར། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན། །ཁ་ཏམ་རིམ་པར་རྒྱན་བཞིན་མཛེས། །གཅེར་བུ་སྐུ་མདོག་དམར་མོར་བསྒོམ། གནས་གསུམ་བྱིན་རླབས་གོ་ཆ་བགོས། །ཡེ་ཤེས་བསྟིམ་ལ་དབང་བསྐུར་མཆོད། །སྐྱོ་ན་སྔགས་ཀྱི་འཁོར་ལོ་བསྐོར། །དེ་རྗེས་བྷ་ལིང་འཕྲིན་ལས་བྱ། །རྟེན་ཅན་རྟེན་མེད་རྫོགས་རིམ་སྒོམ། །ཉི་འོད་སྒྲོན་མ་སོ་སའི་གླིང་དུའོ།། ༈ །།སློབ་དཔོན་ཆེན་པོ་ཏཻ་ལོ་པས། རྔོན་པ་འཛི་ན་ལ་གདམས་པ། ལུས་ངག་ཡིད་གསུམ་མི་དགེ་འགྱོད་པ་ཡིས། །མི་དགེ་སྤང་ཞིང་དགེ་བཅུ་དང་དུ་བླངས། །ཡིད་བཞིན་ནོར་བུ་གཙུག་གི་གདུང་བ་འཇོམས། །སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་བསྐྱེད་དེ། །བུ་ཆུང་ལྟར་གནས་འཛུབ་ཀྱིས་ཟླ་མཐོང་བཞིན། །ཆུ་བོ་རྒྱུན་བཞིན་དེ་ཉིད་གོམས་པ་ལས། །ཉི་ཟླའི་འོད་དང་འོད་ཟེར་གཉིས་སུ་མེད། །དཔག་བསམ་ཤིང་དང་བུམ་པ་ཡིད་བཞིན་དུའོ། །འཛི་ན་བྱང་ཆུབ་དཔལ་གྱི་རིའོ། །གཟུངས་འཛིན་གཉིས་ཀྱི་ནགས་ཚལ་སྟུག་པོ་ན། །མ་རིགས་རྟོགས་པའི་རི་དྭགས་རྒྱུ་བ་དག ཉམས་མྱོང་དྲི་མེད་ཡེ་ཤེས་རྟོགས་པའི་བདས། །བདེ་ཆེན་ཕྱག་རྒྱ་ཆེན་པོས་བསྒྲལ། །སློབ་དཔོན་ཆེན་པོ་ཏེ་ལོ་པས། །མན་ཏྲི་འཛི་ན་ནམ་མཁའ་སྤྱོད་ཀྱི། །མུ་སྟེགས་སྟོན་པ་མན་ཏྲི་ཡིས། །རྒྱུ་འབྲས་མེད་པར་འདོད་པ་ཡི། ཆད་པར་ལྟ་བ་བསལ་བའི་ཕྱིར། དེ་ཡི་དོན་དུ་གསུངས་པ་འདི། །རྟེན་འབྲེལ་རྣམ་པ་བཞི་རུ་གསུངས། ཕྱི་དང་ནང་དང་གསང་བ་དང་། ཁོ་ན་ཉིད་དང་རྣམ་པ་བཞི། །རྒྱུ་འབྲས་དངོས་སུ་བསྟན་པ་ལགས། །ཕྱི་ཡི་རྒྱུ་འབྲས་ཐལ་ནས་ནི། །ནང་གི་རྒྱུ་འབྲས་འདི་ལྟ་སྟེ། །རྡོ་རྗེ་ལུས་ཀྱི་གནས་ལུགས་ལ། །ལུས་ཀྱི་རྒྱུ་ནི་རྩ་ཡིན་སྟེ། །ངག་ནི་ཡི་གེ་སེམས་ཐིག་ལེ། །གསུམ་ལ་ཁྱབ་པ་རླུང་ཡིན་ནོ། །དེ་བཞིན་རྒྱུ་དང་འབྲས་བུ་ནི། །མངོན་སུམ་སྟོན་པར་བྱེད་པ་ལས། །གནད་ནི་རྣམ་པ་བཞི་ཡིན་ཏེ། །ལུས་དང་རྩ་དང་ཡུལ་དང་དམིགས། །རླུང་ནི་གནད་དང་བཞི་རུ་འདུས། །དང་པོར་བཅའ་ཐབས་ལུས་ཀྱི་གནད། །རྐང་པ་རྡོ་རྗེ་དཀྱིལ་མོ་ཀྲུང་། །བསམ་གཏན་ཡན་ལག་ལྔ་སྦྱོར་བས། །རང་བཞིན་མེད་པའི་ལྷ་རུ་བསྒོམས། །དེ་ནི་ལུས་ཀྱི་གནད་ཡིན་ནོ། །རྩ་ཡི་གནད་ནི་འདི་ལྟ་སྟེ། །འཁོར་ལོ་བཞི་ནི་གནས་བཞིའི་རུ། །སྐད་ཅིག་གིས་ནི་ཙཀྲ་བཞི། །རྣམ་པ་ཙམ་ནི་ཝལ་ཀྱི་བསམ། །རྩ་གསུམ་མཚན་ཉིད་བསྟན་པ་ནི། །གསལ་བར་བསྒོམ་ཞིང་ལམ་དུ་བྱ། །དེ་ནི་རྩ་ཡི་གནད་ཡིན་ནོ། །དམིགས་པའི་རྟེན་ནི་འདི་ལྟ་སྟེ། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། ཚངས་ཕུག་ཧཾ་དཀར་འོག་ཐུར་བལྟས། །ལྟེ་འོག་སོར་བཞི་གཅལ་བ་ན། །ཤེས་རབ་ཨ་དམར་གྱེན་ལ་ལྟ། །དེ་ནས་སྦྱོར་བཞི་རླུང་བསྒོམས་པས། །ཨ་ལས་མེ་འབར་ཧཾ་ལ་རེག །བྱང་ཆུབ་སེམས་ནི་ཨ་ལ་ཐིམ། །དེ་ལྟར་བསྒོམས་པར་གྱུར་པ་ལས། །འབྲས་བུ་བསྐྱེད་པའི་རིམ་པ་ནི། །རྩ་ཁ་བྱེ་བས་རྩ་མདུད་གྲོལ། །ཐིག་ལེ་འཕེལ་ཞིང་བདེ་བ་རྒྱས། །བདེ་བའི་ངོ་བོ་མི་རྟོག་པ། །དེ་གསུམ་དབྱེར་མེད་ལྷན་ཅིག་སྐྱེས། །འདུ་འབྲལ་མེད་པར་ཆོས་སྐུ་འཆར། །ནང་གི་རྒྱུ་འབྲས་རྟེན་འབྲེལ་ནི། །དངོས་སུ་བསྟན་པའི་གདམས་ངག་ལ། །གནད་ནི་བདུན་དུ་ཤེས་པར་བྱ། །བྱང་ཆུབ་སེམས་ཀྱི་བདེ་བ་ནི། །དབབས་བསྐྱིལ་བཟློགས་འཛིན་དྲང་བ་དང་། །བཀྲམ་དང་ཁྱབ་བྱ་གཞག་པ་རྣམས། །ངོ་སྤྲད་བླ་མའི་ཞལ་ལས་ཤེས། །ལུས་ངག་ཡིད་གསུམ་འཁྲུལ་འཁོར་ནི། །དད་གུས་རྟེན་འབྲེལ་གནད་རྣམས་ནི། །མཚན་ལྡན་བླ་མའི་ཞལ་ལས་ཤེས། །དེ་ཁོ་ན་ཉིད་ཀྱི་རྒྱུ་འབྲས་ལ། །རྒྱུ་ནི་དངོས་པོའི་གནས་ལུགས་ལ། །མཚན་ལྡན་བླ་མའི་བྱིན་རླབས་ཀྱིས། །སྐད་ཅིག་ཉིད་ལ་ཆོས་སྐུ་འཆར། །རྒྱུ་འབྲས་དངོས་སུ་བསྟན་པའོ། །མུ་སྟེགས་སྟོན་པ་ལ་གདམས་པའོ།། ཱ།། ༈ །།སློབ་དཔོན་ཆེན་པོ་ཏཻ་ལོ་པས། མཐུ་མཁན་ལ་གདམས་པ། སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཅན། །རེ་དོགས་མཐར་འཛིན་དུག་གི་དཀྲིས་ཤིང་གིས། །ལྷན་ཅིག་སྐྱེས་པའི་རང་བཞིན་གནས་དེར་བཅིང་། །ལྷན་ཅིག་སྐྱེས་པའི་གནས་ལུགས་དྲི་མ་མེད། །དེ་ཉིད་ཡོད་པ་སུས་ཀྱང་ཤེས་པ་མེད། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཐོབ་འདོད་པས། །ལོ་འདབ་སྟེང་དུ་རྡོ་རྗེ་དཀྱིལ་ཀྲུང་ཆོས། །ནོར་བུ་རིན་ཆེན་ལྗོན་ཤིང་རྩེ་དང་དབུས། །སྤྲེལ་གྱི་སྤྱན་འབྲས་གྱེན་ལ་བཟློག་པར་བྱ། །གཟུང་འཛིན་རང་གྲོལ་དོན་གྱི་སྙིང་པོ་ལྟོས། །ལས་ཟིན་པ་ཡི་སྐྱེས་བུ་མཁས་པ་བཞིན། །ལུས་ངག་ཡིད་གསུམ་གཉུགས་མའི་ངང་དུ་ཞོག །མེ་ལོང་གཡའ་དག་བུ་རམ་ནོར་བུ་བཞིན། །ཅེས་ཏཻ་ལོ་པས་གསུངས་པས། མཐུ་ཅན་གྱིས། ལམ་གྱི་མཆོག་གྱུར་བླ་མའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལ་སྔགས་བཞིན་ཆོས་ཀྱི་སྐུ། །ནམ་མཁའི་ཀློང་ནས་ནོར་བུའི་འོད་ཟེར་ཤར། །འགྲོ་དྲུག་སེམས་ཅན་བུ་བཞིན་ཅིས་མི་བཟུང་། །ཟེར་ཏེ་གྲོལ་ནས་རྡོ་རྗེའི་སྐུ་ཐོབ་པ། །ཉི་ཟླ་ཨ་མི་ཙུ་ཏའི་གླིང་།། ༈ །།ན་མོ་རཏྣ་ན་གུ་རུ། སློབ་དཔོན་ཆེན་པོ་ཏཻ་ལོ་པས། གླུ་མཁན་དབྱངས་ལྡན་ལ་གདམས་པ། གང་ཚེ་ལྟ་བ་མཁའ་ལྟར་དག་པ་ལ། །གྲུབ་མཐའི་རྟོག་པ་སྣ་ཚོགས་སྤྲིན་འདུས་ཀྱང་། །བརྗོད་མེད་ངག་གི་འབྲུག་སྒྲ་སྒྲོགས་བྱས་ལ། །མི་གནས་བདེ་ཆེན་གནས་ལུགས་ཡེ་ཤེས་རང་ལུགས་ཞོག །བསྒོམས་པ་ཆོས་རྣམས་ཀུན་དང་རོ་གཅིག་པ། །ཆུ་བྲན་རྒྱ་མཚོ་ཆེན་པོར་ཐིམ་པ་བཞིན། །རང་བྱུང་རང་ཞི་སྣ་ཚོགས་ཆོས་ཉིད་ན། །དབྱེར་མི་ཕྱེད་པ་རྡོ་རྗེ་ལྟ་བུའི། །སྤྱོད་པ་རང་བྱུང་ཚོགས་དྲུག་ལྷུག་པ་ཉིད། །བུ་ཆུང་སྨྱོན་པ་གདོལ་པའི་སྤྱོད་པ་བཞིན། །སྣང་སྲིད་ཆོས་ལ་སྤང་བླངས་མེད། ཞེན་མེད་སྒྱུ་མ་ལྟ་བུར་སྤྱད་པར་བྱ། །ཉམས་མྱོངས་དྲི་མེད་བདེ་སྟོང་རྒྱུན་ཆད་མེད། །མི་རྟོགས་མི་དམིགས་ཆུའོ་རྒྱུན་བཞིན་དུ། །ལུས་སེམས་སྣང་བ་ཐ་དད་མེད་པའི་དོན། །དྲི་མེད་ལྷུན་གྲུབ་རྟོགས་པའི་རྩོལ་བ་མེད། །འབྲས་བུ་རང་གྲོལ་འཁོར་འདས་དབྱེར་མི་བྱེད། །སྐུ་གསུམ་ལོགས་སུ་མེད་པ་རང་གི་སེམས། །ཡོན་ཏན་འཕྲིན་ལས་བྱང་ཆུབ་སེམས་ཀྱིས་འབྱུང་། །རྩོལ་མེད་གཏེར་ཆེན་མི་ཟད་འཁོར་ལོར་འཆར། །འདི་དག་མཐར་ཐུག་ཆོས་རྣམས་ཀུན་ཀྱི་བཅུད། །བདུད་རྩི་ཡི་ཆུ་རྒྱུན་དབྱངས་ལྡན་བརྗོད་མེད་པ། །རྣལ་འབྱོར་ཁྱེད་ལ་ཏེ་ལོ་ངས་བཤད་གང་། །རང་རིག་རང་ལ་མཚོན་ཏེ་ཤེས་པར་བྱོས། །བླ་མའི་བྱིན་རླབས་བདེ་ཆེན་ཉི་མའི་འོད། །ཤར་གྱུར་མུན་སེལ་བློའི་པདྨ་ཁ་དབྱེ་བ། །སྐལ་ལྡན་ཁྱོད་ཀྱིས་དེ་ལྟར་ཤེས་གྱིས་ལ། །ཏེ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །ཅེས་གདམས་སོ། །ལྟ་བ་གཉིས་སུ་མེད་པར་གཏན་ལ་དབབ་པ་དང་། བསྒོམས་པ་ཡེངས་སུ་མེད་པར་གཉིས་སུ་བླངས་བ་དང་། སྤྱོད་པ་ལྷུན་གྲུབ་ཚོགས་དྲུག་ལྷུག་པར་གཞག་པ་དང་འབྲས་བུ་རེ་དོགས་མེད་པར་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། ངོ་བོ་གཉིས་སུ་མེད་པ་རང་བཞིན་སྟོང་པ་ཉིད། མཚན་ཉིད་འགག་པ་མེད་པའོ། །གཉིས་པ་ལ་གཞག་ཐབས་རྣམ་པ་གསུམ་ལ་བརྟེན་ནས། རང་བྱུང་གི་ཡེ་ཤེས་ངོས་བཟུང་བའོ། །བཞག་ཐབས་རྣམས་གསུམ་ནི། རྣམ་རྟོག་རང་སར་གྲོལ་བ་སྦྲུལ་མདུད་ལྟར་གཞག །རྣམ་རྟོག་འགྲོ་འོང་རྒྱུན་ཆད་མེད་པ། ཆུའི་རྒྱུན་ཆད་པའི་རང་ཏག་ལྟར། རིག་པ་འབད་རྩོལ་མེད་པར་རྟོགས་པ་གཅིག་གིས་ས་ཆོད་པ། བྱ་རྒོད་ནམ་མཁའ་ལ་ལྡིང་བ་ལྟར་གཞག་གོ །དེ་ལས་ཉམས་སུ་འཆར་བ་ནི། གསལ་ལ་རྟོག་པ་མེད་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་ཉམས། གསལ་ལ་མཐའ་སྤང་པ་སྟོན་ཀའི་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་ཉམས། སྤང་བླང་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུའི་ཉམས་འཆར་རོ། །སྤྱོད་པ་ལ་གསུམ་སྟེ། ཞེ་སྡང་ལམ་དུ་སློང་བ་ལ་སྙིང་རྗེ་ཀུན་ཏུ་སྤྱོད་པ་དང་། འདོད་ཆགས་ལམ་དུ་སློང་བ་ལ་བདེ་བའི་ཀུན་ཏུ་སྤྱོད་པ་དང་། གཏི་མུག་རང་སར་དག་པས། དབྱེར་མེད་ལྷན་ཅིག་སྐྱེས་པ་བདེ་ཆེན་དུ་སྤྱོད་པའོ།། ༈ །།འབྲས་བུ་ནི། རེ་དོགས་མེད་པ་སེམས་རང་བཞིན་གྱིས་སྟོང་པ་འོད་གསལ་དུ་རྟོགས་པས་ཆོས་སྐུ། དེའི་ངོ་བོ་ཟག་པ་མེད་པ་བདེ་བ་ཆེན་པོར་ཤར་བ་ལོངས་སྤྱོད་རྫོགས་པའི་སྐུ། སྐུ་གསུམ་དབྱེར་མི་ཕྱེད་པ་ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་ཀྱི་ངང་ལ་ཐུགས་རྗེ་ཆེན་པོ་མ་འགག་པར་ཤར་བ་སྤྲུལ་པའི་སྐུའོ། །གཞི་ལམ་འབྲས་བུའི་ལྟ་བསྒོམས་སྤྱོད་པའི་གདམས་ངག །དབྱངས་ལྟན་ལྐུགས་པ་ན་ག་ར། ཅེས་སོ། །རྗེ་བཙུན་ཆེན་པོ་ཏེ་ལོ་པའི་སྙན་རྒྱུད་བརྒྱད་གདམས་པའོ།། །། ཱ། ༈ ལུས་སྲོག་ལྟོས་པ་མེད་པར་ནི། །བླ་མ་དམ་པ་བསྟེན་མཛད་ཅིང་། །རྡོ་རྗེ་སྐུ་ཐོབ་རྣལ་འབྱོར་པ། །དཔལ་ལྡན་ན་རོའི་ཞབས་ལ་འདུད། །དེ་ལ་རྗེ་ན་རོ་པ་ལ་ཡོན་ཏན་དཔག་ཏུ་མེད་ཅིང་བརྗོད་ཀྱི་མི་ལངས་པ་དང་། མདོར་བསྡུས་ན་བཞི་སྟེ། དེ་ལ་ཕྱི་ལུང་བསྟན་བརྡ་དོན་བཀྲོལ་བ་དང་། གསང་བ་གཅེས་འཕངས་འབུལ་བྱེད་ཀྱི་དཀའ་བ་ལ་བརྟེན་ནས། ཐབས་ཀྱི་སྒྲོན་མེ་བལྟམ་པ། དེ་ཁོ་ན་ཉིད་བཀའ་ཉན་གསུང་སྡོད་ཀྱི་དཀའ་བ་ལ་བརྟེན་ནས། འབྲས་བུ་མངོན་དུ་གྱུར་པའོ། །དེ་རེ་རེ་ལ་ཡང་གཉིས་གཉིས་ཏེ། སྣོད་ལྡན་རིགས་ཀྱི་ཆེ་བ་དང་། ལུང་བསྟན་རྟོགས་པ་ཆེ་བ་གཉིས། སྨོན་ལམ་དབང་གིས་མཐོང་ཕྱེ་བ་དང་། གྲོལ་ལམ་ཐབས་ཀྱི་སྒྲོན་མེ་བལྟམ་པ་དང་གཉིས། བདེ་བའི་སྒྲོན་མེ་སྦར་བ་དང་། ཟག་པ་མེད་པའི་སྒྲོན་མེ་སྦར་བ་དང་། སྤྱོད་པ་ལ་རྟགས་ཐོན་པ་དང་། འབྲས་བུ་མངོན་དུ་གྱུར་པ་གཉིས་ཏེ། ཟུང་བཞི་ཡ་བརྒྱད་ཀྱིས་འཆད་པར་བྱེད་དོ། །དེ་ལ་དང་པོ་ནི། དེ་ཡང་རྒྱ་གར་ཀསྨི་ར་ཞེས་བྱ་བའི་རྒྱལ་ཁམས་ཀྱི་གྲོང་ཁྱེར་འབུམ་ཕྲག་འགའ་ཞིག་གི་དབུས། འདོད་པའི་ཡོན་ཏན་ཡོངས་སུ་རྒྱས་པ། རྒྱལ་པོའི་ཕོ་བྲང་། འཁོར་གླང་པོ་དང་། ཤིང་རྟ་དང་། རྟའི་ཚོགས་ཀྱིས་ཡོངས་སུ་གང་བ། སྐྱེད་མོས་ཚལ་དང་། འབངས་རིས་སུ་བཅས་པ། དེར་ཡང་རྒྱལ་པོ་དགེ་བའི་གོ་ཅ་ཞེས་བྱ་བ་དང་། བཙུན་མོ་དཔལ་ཀྱི་བློ་གྲོས་མ་གཉིས་ལ། སྲས་མོ་དཔལ་ཀྱི་ཡེ་ཤེས་མ་བྱ་བ་བྱུང་། དེར་སྲས་ཀྱིས་དབེན་ནས། བླ་མ་དང་། དཀོན་མཆོག་མཆོད་པ་དང་། སེམས་ཅན་ལ་སྦྱིན་གཏོང་རྒྱ་ཆེན་པོ་མཛད། རྟེན་ཁྱད་པར་ཅན་ཐམས་ཅད་ལ་ཡང་མཆོད་པ་བྱས་པ་དང་། སྲས་ཀྱིས་གསོལ་བ་བཏབ་པས། རྒྱལ་གྱི་ཟླ་བ་ལ་སྲས་གཅིག་བཙས་ནས། ཤིན་ཏུ་མཚན་དང་ལྡན་ཅན་བྱུང་སྟེ། བྲམ་ཟེ་མཚན་མཁན་ལ་མཚན་བསྟན་པས། འདི་ནི་ཟས་གཙང་སྲས་བཞིན་དུ། །ཁྱི་གནས་མིའི་བདག་པོ་ལ། །བྱུང་ནས་ཚོགས་གཉིས་རྫོགས་པ་ཡི། །ཚེ་འདི་ཉིད་དུ་སངས་རྒྱས་འགྱུར། །ཞེས་ལུང་བསྟན་ཏེ། རྒྱལ་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བར་མཚན་བཏགས་སོ། །དེ་ཤིན་ཏུ་སྐྱེད་ཆེ་བར་བྱུང་སྟེ། རང་བཞིན་གྱིས་ཡོན་ཏན་དུ་མ་དང་ལྡན་པར་གནས་པ་ལ། ཡབ་ཀྱིས་ཁྱིམ་ནས་ནི་མེད་པར། རྒྱལ་སྲིད་སྤངས་ཏེ་རབ་ཏུ་བྱུང་གིས་དོགས་ནས། ཡི་གེ་ལ་སོགས་པ་སློབ་ཏུ་མི་སྟེར་ནས། ཡབ་ཡུམ་གྱི་མ་ཚོར་བར་བསླབས་ནས། ཚེགས་མེད་པར་ཤེས་སོ། །རྒྱལ་བུ་རབ་ཏུ་བྱུང་བར་འདོད་པ་ལ། ཡབ་ཀྱིས་མ་གནང་བ་ལ། ཆོས་ལ་མ་བརྟེན་ཅི་བྱས་དག །སྡུག་བསྔལ་ཡིན་ཕྱིར་དམ་ཆོས་ཉན། །ཅེས་གསུངས་ནས། བྲམ་ཟེའི་སློབ་དཔོན་འཕགས་པའི་ནམ་མཁའ་བྱ་བ་ལ། ཆོས་མང་དུ་གསན་ཏེ། རིག་པའི་གནས་ལྔ་ལ་མཁས་པར་བསླབས་ནས། དགེ་བསྙེན་མཛད་དེ། མཚན་ཡང་ནམ་མཁའི་སྙིང་པོར་བཏགས་སོ། །དེ་ནས་པཎྜྻི་ཏ་བཅུ་གསུམ་ཙམ་ཁྲིད་ནས། ཕ་མ་ཅན་དུ་འོངས་པ་ལ་ཕ་མ་དེ་དག་ཆོས་བྱེད་པ་ལ་མི་དགའ་བས། ཡབ་ན་རེ། ཕ་མ་དཀོན་མཆོག་རང་བཞིན་ལ། །བརྩེ་བའི་ཡིད་ཀྱིས་མ་ཉན་པས། །རྒྱལ་སྲིད་མཆིལ་མའི་ཐལ་བཞིན་སྤངས། །ཕ་མས་མ་གནང་དམ་ཆོས་ཆི། །ཁྱིམ་གྱི་གནས་སུ་བཞུགས་སུ་གསོལ། །ཟེར་ནས། ཁབ་ཏུ་བཞུགས་ལ་རྒྱལ་སྲིད་སྐྱོང་དགོས་ཅེས་ཟེར་བ་ལ། ནཱ་རོ་པས། འགྲོ་དྲུག་ཕ་མའི་རང་བཞིན་ལ། །གཅིག་གཉིས་ཕ་མར་ངེས་མེད་ཀྱང་། །རྟོགས་མེད་གཙང་སྦྲ་ལ་གནས་ཤིང་། །མུ་སྟེགས་དྲི་བྲལ་ཐེག་ཆེན་རིགས། །རྙེད་ན་བདག་ལ་བཀའ་སྩོལ་ཅིག །གསུངས་པས། ཡབ་ཐུགས་མི་བདེ་བ་ལ། བློན་པོས་དྲིས་པས། སྲས་ལ་བཙུན་མོ་དེ་ལྟ་བུ་མི་རྙེད་པས་དྲི་བ་ལ། བློན་པོ་ན་རེ། ཀྱེ་རྒྱལ་པོ་ཆེན་པོ་ལགས། དེ་ལ་ཐུགས་ངལ་མ་མཛད་ཅིག །འཇིག་རྟེན་ཁམས་འདི་རྒྱ་ཆེ་ཡང་། །དྲི་མ་མེད་པ་བཙལ་བས་རྙེད་ཟེར་ན། །རྔན་པ་གསེར་མང་པོ་སྦྱིན་པར་བྱས་ནས་ཚོལ་དུ་བཏངས་པས། ཤར་ཕྱོགས་བྷ་གྷ་ལ་ནས། བྲམ་ཟེ་སྐར་རྒྱལ་ཡི་སྲས་མོ། དྲི་མ་མེད་ཞེས་རྙེད་ནས། རྒྱལ་བུའི་ཁབ་ཏུ་བླངས་ནས། སློབ་མར་བྱས་ནས་ཡོད་པ་ལ། རྒྱལ་བུ་སྐྱོ་བ་སྐྱེས་ནས། དྲི་མེད་མ་དང་གྲོས་བྱས། ཆོས་ཀྱི་བར་ཆད་མི་བྱ་བར་བྱས། །བུད་མེད་སྐྱོན་ནི་སྣ་ཚོགས་པས། །གཡོ་སྒྱུ་དུག་གི་འདམ་རྫབ་ཏུ། །རང་སེམས་གླང་པོ་བྱིངས་གྱུར་པས། །དེ་བས་བདག་ནི་རབ་ཏུ་འབྱུང་། །དེ་ནས་ཁ་ཆེའི་ཡུལ་གྱི་གཙུག་རྒ་བའི་ཚལ་དུ། མཁན་པོ་སངས་རྒྱས་སྐྱབ་དང་། སློབ་དཔོན་ཡེ་ཤེས་འོད་གཉིས་ལ་དགེ་ཚུལ་གྱི་སྡོམ་པ་བླངས་ནས། མིང་ཡང་སངས་རྒྱས་ཡེ་ཤེས་བྱ་བར་བཏགས་སོ། །དེས་དགེ་ཚུལ་ཡང་སངས་རྒྱས་ཀྱི་བསྟན་པ་མ་རྫོགས་པ་ཡིན་པས། རྒྱ་གར་གྱི་དབུས་ཀྱི་གཙུག་ལག་ཁང་སུ་ལ་ཁ་དྲ་ཞེས་བྱ་བ་དེར། སློབ་དཔོན་ཆོས་ཀྱི་ཡེ་ཤེས་དང་། མཁན་པོ་ཆོས་ཀྱི་བླ་མ་དང་། སློབ་དཔོན་ཆོས་ཀྱི་རྒྱལ་མཚན་གསུམ་ལ། དགེ་སློང་གི་བསླབ་པ་མནོས་ཏེ། དགེ་སློང་ཆོས་ཀྱི་རྒྱལ་མཚན་དུ་གྲགས་སོ། །དེར་མཁན་སློབ་དེ་རྣམས་ལ་ཡང་། ཐོས་བསམ་མཐར་ཕྱིན་པ་མཛད་དེ། སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ནས་འབྲི་ཀ་མ་ལ་ཤྲི་ལར་ཚོགས་པ་ཡང་བསྡུས་ནས། བཤད་པ་ཡང་མཛད་དེ། གནས་བརྟན་བསྟན་པ་འཛིན་པ་ཞེས་བྱ་བར་གྲགས་སོ། །དེ་ནས་ན་ལེན་ཏྲའི་ནུབ་སྒོའི་མཁན་པོ་ཨ་བ་དྷུ་ཏི་བ་ཞེས་བྱ་བ་གྲོང་པའི་ཚབ་མར་སྤྱན་དྲངས་ནས། མཁན་པོར་དབང་བསྐུར་བའི་པཎྜྻི་ཏ་ཆེན་པོར་གྱུར་ནས། ཕྱི་ནང་གཉིས་ཀྱི་རྩོད་པ་བྱས་པས་ལན་གསུམ་རྒྱལ་ཏེ། ཐ་སྙད་དོན་ཚོལ་ལྕགས་ཀྱུ་ཡིས། །རྒོལ་ངན་མཆིལ་པ་གཟན་ལ་དྲངས། །རིག་པ་སྒྲ་ཚད་རལ་གྲི་ཡིས། །རྒོལ་ངན་སྡོང་པོ་རྩད་ནས་བཅད། །ལུང་ནི་རིག་པའི་སྒྲོན་མེ་ཡིས། །རྒོལ་ངན་མ་རིག་མུན་པ་བསལ། །སྡོམ་གསུམ་འཕགས་པའི་ནོར་ཚོགས་ཀྱིས། །མ་དག་འཆལ་པའི་དྲི་མ་བཀྲུ། །མ་དག་རྐྱེན་ཀྱི་འཁྲུལ་འཁོར་གྱིས། །སྒྱུ་མའི་ལོག་འཚོ་གྲོང་ཁྱེར་བཅོམས། །རྒྱལ་པོ་པཎ་ཆེན་སྤྱན་སྔ་རུ། །ན་ལེན་ཏྲ་ནས་བདར་བདར་ནས། །མུ་སྟེགས་ལྗོན་ཤིང་རྩ་ནས་བྲེག །སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས། །ཞེས་གསུངས་པས། དེར་ན་ལེན་ཏྲ་པ་རྣམས་ཀྱིས། དཔལ་ལྡན་འཇིགས་མེད་གྲགས་པར་མཚན་བཏགས་སོ། །དེ་ནས་མཁན་པོའི་བྱ་བ་ཆོས་འཆད་པ། བསླབས་པ་འབོག་པ་དང་། རབ་གནས་བྱེད་པ་དང་། སེམས་བསྐྱེད་བྱེད་པ་དང་། དབང་བསྐུར་བྱིན་རླབས་མཛད་པའི་ཚེ། སྔ་དྲོ་ལྟ་རྟོག་མང་བ་མཛད། ནུབ་མོ་ཆོས་མང་པོ་ཞལ་ཐོན་མཛད། བར་བར་དུ་བསྐྱེད་རྫོགས་བསྒོམ། དེ་ནས་ཆོས་གཅིག་འཆད་པའི་དུས་ན། བུད་མེད་རྒན་མོ་མི་སྡུག་པའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་གཅིག་བྱུང་ནས། རེས་ངུ། རེས་དགོད་ཅིང་འདུག་པ་ལ། དེ་དོན་ཅི་ཡིན་དྲིས་པས། ཁྱོད་ཀྱིས་ཆོས་འཆད་ལུགས་དང་ཚིགས་ལ་དགའ། དོན་ལ་ངུ་ཟེར་ན། འོ་ན་ཁྱོད་ཀྱིས་གང་ཤེས་བྱའོ། །ཆོས་ཤེས་པ་དེ་ཚིགས་ཤེས་ནས་འཆད་དམ། དོན་ཤེས་ནས་འཆད་ཟེར། དོན་ཤེས་བྱས་པས་མི་དགའ་ལོ། ཚིགས་ཤེས་བྱས་པས་དེ་ལྟར་ཡིན་སྐད་དོ། །འོ་ན་དོན་སུས་ཤེས་བྱས་པས། ངའི་མིང་པོས་ཤེས་ཟེར། དེ་དང་མཇལ་བར་ཁྱོད་ཀྱིས་ཁྲིད་པར་ཞུ་བྱས་པས། ད་ལྟ་ཕྱིན་ཡང་མི་མཐོང་། གསོལ་བ་ཐོབ་དང་འཕྲད་པར་འདུག་གིས་ཟེར་ནས་མི་སྣང་བར་གྱུར་ཏོ། །དེར་ནཱ་རོ་པས། བུད་མེད་མི་སྡུག་པའི་མཚན་གསུམ་ཅུ་རྩ་གཉིས་དང་ལྡན་པ་དེ་མཐོང་བ་ལ་བརྟེན་ནས། ཕྱི་ལྟར་འཁོར་བའི་ཉེས་མིག་རྒྱུ་འབྲས་ཕྲ་རག་སུམ་ཅུ་རྩ་བདུན་རྗེས་སུ་དྲན། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་གོ །ནང་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་རང་ལུས་མི་རྟག་པའི་ཆོས་ཅན་དུ་གོ །གསང་བ་ལྟར་ན། རྩ་འདབ་སུམ་ཅུ་རྩ་གཉིས་བྱང་སེམས་སུམ་ཅུ་རྩ་གཉིས་ཀྱི་གནད་ལ་བརྟེན་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་དགོས་པར་གོ །དེའི་གནད་དང་འགྲོ་ལྡོག་རྒྱུ་འབྲས་སུ་ཕྱེ། གོ་ལུགས་གསུམ་དུ་གོ་སྟེ། འཁོར་བ་གཞན་སྐྱོན་དབང་མ་རྟོགས། །མེ་དོང་བཟོད་བྲལ་ཁྲི་དོང་མུན་པ་ནག །དུག་གསུམ་འདམ་རྫབ་ཟབ་ཅིང་ངན་སོང་དབའ་རླབས་དྲག །སྲིན་གྱི་ཁ་ཆུས་འཐུམས་ཞིང་བ་དག་རྒྱའི་སྒྲོགས་སུ་ཚུད། བདུད་ཀྱི་གཉའ་ལག་བཅིང་མི་འདོད་དངོས་སུ་ཆུད། །རི་དྭགས་སྨིག་རྒྱུ་བསྙགས་ཅིང་ལས་ཀྱི་རྒྱ་མདུད་དམ། །སྦྲང་མ་རྩི་ལ་འབྱར་ལྟར་ཚ་འདི་བ་མོ་འཇོམས། །སྲིན་མོའི་གླིང་དུ་འཁྱམས་ཅིང་འཆི་བའི་ཞགས་པས་བཅིང་། །བདུད་ཀྱི་རླུང་རྣམས་ལོག་ཅིང་སྙིགས་མའི་སྤྱོད་པ་ངན། །སྐྱེ་རྒས་གྲིབ་མས་གཏུགས་སྟེ་འཆི་བདག་དབང་གཞན་བསྒྱུར། །འཆི་བདག་ཤ་ཁྱིས་ཟུགས་ཅིང་རི་དྭགས་རྒྱར་ཆུད་འདྲ། །རྔོན་པ་བརྩེ་བྲལ་སྐྱབས་མེད་ལམ་འཕྲང་དོགས། །ལམ་འཕྲང་དྲང་བཞིན་གཟུངས་འཛིན་ནེ་ཐང་ཡངས། །ཆོས་བརྒྱད་རྟ་པོ་རྒྱུ་ཅིང་མདུང་རྩེ་རྔ་བྲོ་རྡུང་། །གར་མཁན་མི་རྟག་བསྒྱུར་ཅིང་ཆུ་ཤིང་སྙིང་པོ་མེད། །ཆུ་ཟླ་ངོས་བཟུང་མེད་དེ་ཆུ་ལྦུ་འཁྲུལ་པར་སྣང་། །ཆུ་གཉེར་ན་བུན་ཡལ་ཏེ་ལོག་པའི་ཀུན་རྫོབ་ཞེན། །མི་རྟག་དལ་འབྱོར་ལུས་དེ་རུ་སྒོམ་སྟེ། བླ་མ་ཅི་མི་བཙལ་གསུངས་ཏེ། རྟེན་དང་ཆ་རྐྱེན་དང་དཔེ་ཐམས་ཅད་སྤོངས་དག་བྱས་ཏེ། ང་ཆོས་དོན་སྟོན་པའི་ཡང་དག་པའི་བླ་མ་ཚོལ་དུ་འགྲོ་གསུངས་ཏེ། ལམ་དུ་ཞུགས་ནས་གནས་པ་ལ། བྱང་སྒོ་བ་འཛ་ཏེ་རི་པ་དགྲ་ལས་རྣམ་པར་རྒྱལ་བའི་ཞལ་ནས། བསྟན་རྩ་དགེ་འདུན་སྡེ་ཡིན་བས། །སྡེ་སྤངས་ཆོས་མིན་བཞུགས་སུ་གསོལ། །ཤར་སྒོ་བ་མི་ཐུབ་ཟླ་བ་ན་རེ། བསྟན་རྩ་དགེ་འདུན་གྲོགས་ཡིན་པས། །གྲོགས་སྤངས་ཆོས་མིན་བཞུགས་སུ་གསོལ། ལྷོ་སྒོ་བ་ནག་པོ་ན་རེ། བསྟན་རྩ་ཆོས་ལྡན་ཁྲིམས་ཡིན་པས། །ཁྲིམས་སྤངས་ཆོས་མིན་བཞུགས་སུ་གསོལ། དེར་ན་ལེན་ཏྲ་པ་ན་རེ། མགྲིན་པ་གཅིག་ཏུ་གསོལ་བཏབས་པས། བདག་ཅག་མི་ཤེས་གཏི་མུག་པས། །ཆོས་ཀྱི་སྨན་པ་མཁས་དང་བྲལ། །དེ་བས་དཔལ་ལྡན་འཇིགས་མེད་གྲགས། །བདག་ཅག་དོན་དུ་བཞུགས་སུ་གསོལ། །ཅེས་གསོལ་བ་བཏབས་པས་ནཱ་རོ་པས། སྐྱེས་པ་འཆི་ཞིང་འདུས་པ་བྲལ། །བསགས་པ་མཛད་ཕྱིར་བདག་ཉིད་ལ། །མི་འཆི་ཐར་ལམ་ག་ལ་ཡོད། །ཅེས་གསུངས་པས། སྒྲ་ཚད་བསྟན་ཆོས་སྣ་ཚོགས་དང་། །གནས་ལྔ་རིག་པ་མཁས་གྱུར་ནས། །སྡེ་སྣོད་རྒྱ་མཚོ་འི་དོན་ཤེས་ཀྱང་། །མཚན་ལྡན་བླ་མ་མེད་གྱུར་ན། །སྐོམ་པའི་ཚད་པ་ཞི་མི་ནུས། །རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ཡི། །སྙིང་པོ་བྱིན་བརླབས་བདུད་རྩིའི་རྒྱུན། །བླ་མའི་བྱིན་རླབས་དངོས་གྲུབ་ཀྱིས། །རང་རྒྱུད་ཚིམ་པར་མ་བྱས་ན། །རྫུ་འཕྲུལ་མངོན་ཤེས་ཡོན་ཏན་རྫོགས། །དུ་མ་ཡོད་ཀྱང་དོན་མི་མཐོང་། །དེ་བས་བདག་ནི་ཅི་ནས་ཀྱང་། །ཀྱེའི་རྡོ་རྗེ་ལས་བརྟན་ནས། །བླ་མ་དམ་པ་བཙལ་བར་བྱ། །ཅེས་གསུངས་ནས། སྣམ་སྦྱར་མཁར་སིལ་ཐོགས་ནས། ཤར་ཕྱོགས་སུ་བྱོན་པར་བཞེད་པའི་ཚེ། ནམ་མཁའ་ནས་སྒྲ་གྲགས་ཏེ། བདེ་མཆོག་འཁོར་ལོ་ལ་བརྟེན་དང་། །བླ་མ་སངས་རྒྱས་ལུང་བསྟན་འབྱུང་། །ཅེས་པ་དང་། ཡང་དེ་ནས་བརྩམས་སྟེ། བདེ་མཆོག་འཁོར་ལོ་ཅིས་མི་བསྒྲུབས། གསུངས་ནས་མེ་ཏོག་སྣམ་བུ་ཅན་གྱི་དུར་ཁྲོད་དུ་རྩའི་སྤྱིལ་པོ་མཛད་ནས། བསྒྲུབ་པ་མཛད་པའི་དུས་སུ། དཔལ་བདེ་མཆོག་ཡི་གེ་བདུན་པ་བསྙེན་པ་འབུམ་ཕྲག་གཅིག་གམ་གསུམ་སོང་བ་དང་། ས་གཡོ་བ་དང་འོད་དང་དྲི་ཞིམ་པ་ལྟ་བ་ལ་སོགས་པ་བྱུང་སྟེ། རྨི་ལམ་ན་མཁའ་འགྲོ་མ་གཉིས་ཀྱི་ལུང་བསྟན་པ་དང་། ལོ་རྒྱུས་བྱུང་བ་བཞིན་དུ་དངོས་སུ་ཡང་བྱུང་སྟེ། ཤར་ཕྱོགས་ངོས་ཀྱི་ཏཻ་ལོ་པ། གཉིས་མེད་ཡེ་ཤེས་བདེ་བའི་བདག །འགྲོ་དོན་བདེ་བའི་སྤྲུལ་པ་ཅན། །བླ་མ་སངས་རྒྱས་ཡོད་ཀྱིས་ཚོལ། །ཅེས་གསུངས་པའི་སྒྲ་ཐོས་ནས་ཕྱིན་པ་དང་། ཟླ་བ་གཅིག་ཏུ་ས་ཕྱོགས་མང་པོར་ཕྱིན་ཡང་བླ་མ་མ་རྙེད་པས། མིང་ཙམ་ཡང་ཐོས་པ་མེད་ནས། ཀྱེ་བླ་མ་དམ་པ་སངས་རྒྱས་དག །བཙལ་ཡང་མ་རྙེད་བདུད་ཀྱིས་བསླུས། །བྱས་པ་དང་ཡང་ནམ་མཁའ་ནས། ལེ་ལོའི་བདུད་ལ་མ་བསྐུར་བར། །བཙལ་ན་བླ་མ་སངས་རྒྱས་རྙེད། །ཅེས་གྲགས་ནས་ཡང་ཚོལ་དུ་བྱོན་པས། དཀའ་ཕྲན་བཅུའི་སྤྱད་ཚུལ་ནི། འཕྲང་དོག་པ་གཅིག་ལ་ཕྱིན་ཙམ་ན། མཛེ་པོ་སྦྲ་དང་བཅས་པ་གཅིག་དང་ཕྲད་པས། དེས་རྐང་ལག་རྡུམ་པོ་དེས་ལམ་བཀགས་ནས་འདུག་པ་ལ་ཕར་ནུར་བྱས་པས། སྣ་བཀབས་ནས་ཕར་འགོངས་པ་ལ། ཐམས་ཅད་དབྱེར་མེད་གཉུག་མའི་དོན། །རྟོགས་མེད་མཐའ་དང་བྲལ་བ་ལ། །རྟོག་པ་དང་བཅས་ཁྱོད་ཀྱིས་ནི། །བླ་མ་རྙེད་པར་ག་ལ་འགྱུར། །ཅེས་གསུངས་ནས་སེ་གོལ་གཅིག་གཏོགས་པས། མི་སྣང་བར་གྱུར་ཏོ། །ཡང་བྱེ་སྟོང་གཅིག་ན་མར་ཕྱིན་ཙམ་ན། ཁྱི་ཁོག་སྟོད་མི་ལ་ཟུག་པ། ཁོག་སླད་རུལ་བ་བུས་གཡེངས་བ་གཅིག་དང་ཕྲད་ནས། དེས་ལམ་འཕྲང་བཅད་ནས་འདུག་པ་ལ། འགོངས་ནས་སོང་བས། འགྲོ་དྲུག་ཕ་མའི་རང་བཞིན་ལ། །སྙིང་རྗེ་ཆེན་པོ་མ་སྐྱེས་ཞིང་། །ཐེག་ཆེན་ལམ་དུ་མ་ཞུགས་ན། །ལོགས་སུ་བཙལ་བས་ག་ལ་རྙེད་གསུངས། དེར་ཁྱོད་ཅི་ལྟ་བུ་གཅིག་ཡིན་བྱས་པས། གང་ཞིག་གཞན་ལ་དམན་ལྟ་བའི། །ཁྱོད་འཛིན་བླ་མ་ག་ལ་རྙེད། །ཅེས་མི་སྣང་བར་གྱུར་ཏོ། །ཡང་ཕྱིན་ཙམ་ན། མི་གཉིས་ཀྱི་མི་གཅིག་གི་མགོ་བརྡུངས་པས་ལམ་ཀ་ན་འདུག་པ་ལ། ཏཻ་ལོ་པ་མཐོང་ངམ་བྱས་པས་མཐོང་ངས་བསྟན་ཀྱིས། ད་ཡོད་མི་འདི་ཡི་མགོ་རྡུང་རོག་གྱིས་ཞེས་པ་ལ། ཁྱོད་མི་མགོ་བརྡུངས་བའི་རོགས་ངས་མི་ནུས་སྙམས་པ་དང་། སྙིང་རྗེ་ཆེན་པོ་བསྟན་པ་ལ། །བདག་མེད་སྟོང་པ་མཐོང་བ་ཡིས། །ངར་འཛིན་མགོ་བོ་མ་བརྡུངས་ན། །བླ་མ་བཙལ་གྱིས་ག་ལ་རྙེད། །གསུངས་ཏེ་སེ་གོལ་གཅིག་བྱས་པས། ན་རོ་པ་བརྒྱལ་ལོ། །དེ་སངས་པ་དང་བལྟས་པས་ཅི་ཡང་མེད་ནས། ཡང་འགྲོ་ཞིང་ཡོད་པ་ལ། མི་གཅིག་གིས་མི་གཅིག་གི་ཁོང་པ་ནས་རྒྱུ་མ་འདྲེན་ཞིང་རལ་གྲི་ཐོགས་ནས་གཅོད་པ་ལ། ཏེ་ལོ་པ་མཐོང་ངམ་བྱས་པ་ལ། ངའི་རོགས་འདི་གྱིས་དང་བསྟན་ཟེར་བ་ལ་མ་བྱས་པས། ཆོས་ཉིད་སྐྱེ་མེད་རང་གྲོལ་གྱིས། །འཁོར་བའི་རྒྱུན་ཐག་མ་བཅད་ན། །བླ་མ་རྙེད་པར་ག་ལ་འགྱུར། །ཟེར་ནས། མི་སྣང་བར་གྱུར་ཏོ། །ཡང་ཡུལ་ལྗོངས་རྒྱུ་ཞིང་མི་འཕྲད་པ་ཐམས་ཅད་ལ། དྲིས་པ་རྒྱུས་མེད་ཟེར། ཡང་མི་གཅིག་གིས་ཆུ་ཀ་གཅིག་ན། མིའི་ཤ་མང་པོ་བཀྲུ་བ་དང་ཕྲད་ནས། དེ་ལ་དྲིས་པས་ཡང་སྔར་བཞིན་ཟེར། དེ་ལ་རྣམ་རྟོག་སྐྱེས་པས། གདམ་ངག་ཟབ་མོའི་ཆུ་རྒྱུན་གྱིས། །རང་སེམས་རྟོགས་པའི་དྲི་མ་རྣམས། །འཁོར་བ་རང་གྲོལ་དྲི་མ་མ་བཀྲུས་ན། །བླ་མ་རྙེད་པར་ག་ལ་འགྱུར། །ཅེས་པས་ཡང་མི་སྣང་བར་གྱུར་ཏོ། །ཡང་ལམ་གཅིག་ན་ཕྱིན་ཙ་ན་མི་བག་དང་ཕྲད་པ་ལ་དྲིས་པས། འཕྲང་འདི་འདས་པ་ན། རྒྱལ་སྲིད་སྐྱོང་བ་གཅིག་འདུག་དེ་ལ་དྲིས་ཟེར། དེར་ཕྱིན་བས་རྒྱལ་པོ་ལ་དྲིས་པས། ངའི་ལྷ་གཅིག་མ་ལོང་། ངའི་འབངས་གྱིས་དང་དེ་ནས་བསྟན་ཟེར། དེ་ནས་བསྡད་པས། འཕྱིས་ལྷ་གཅིག་མོས་བོར་བས་ཏེ་གཞན་ལ་སོང་། ཞེ་སྡང་སྐྱེས་ནས་མཐུ་བྱེད་སྙམ་པའི་ཚེ། ནམ་མཁའ་ནས་སྒྲ་གྲགས་པ། འདོད་ཡོན་ལ་བརྟེན་ཞེ་སྡང་གིས། །ངན་སོང་གནས་སུ་སྐྱེ་བ་ལས། །བླ་མ་རྙེད་པར་ག་ལ་འགྱུར། །སྒྱུ་མའི་སྐྱེས་བུས་མ་བསླུས་སམ། །ཞེས་ཟེར་བ་དང་། བདེན་སྙམས་ཏེ་ཐོན་ནས་ཕྱིན། ཡང་ཆུ་ཀ་གཅིག་ན་མར་ཕྱིན་ཙམ་ན། བུད་མེད་འགའ་གཅིག་ལ་ཏཻ་ལོ་པ་མཐོང་ངམ་བྱས་པས། རི་འདི་ཡི་རྒྱབ་ན་ནགས་གསེབ་ན་རྔོན་པ་གཅིག་འདུག་དེ་ལ་དྲིས་ཟེར། དེར་རི་ནག་འཐུག་པོ་རི་དྭགས་མང་པོ་ཡོད་པ་གཅིག་ན། རྔོན་པ་ནག་པོ་གོས་སེ་པོ་ར་རི་གྱོན་པ། མདའ་ཞུ་ཐོགས་པ་གཅིག་དང་ཕྲད་པ་ལ། རྗེ་ཏེ་ལོ་པ་མཐོང་བྱས་པས། དེས་གཞུ་ལ་ཨོཾ་ཙུགས་བྱས་ན། སྒྱུ་ལུས་ཞེན་པ་མེད་པའི་མདའ། །འོད་གསལ་ཉམས་ཀྱི་གཞུ་བཀངས་སྟེ། །ངར་འཛིན་ལུས་ཀྱི་རི་བོ་ན། །བག་ཆགས་འཁོར་བའི་ནགས་ཅན་དུ། །གཟུངས་འཛིན་གྱི་རི་དྭགས་རྒྱུ་བ་བསད། །གསོད་ལ་དགའ་བའི་རྔོན་པ་ང་། སང་ནི་གནས་ངན་བསོད་སྙོམས་བྱེད། །ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ།། ༈ །།ཡང་སང་ཕྱིན་པས་གཙུག་ལག་ཁང་གཅིག་ན། མི་འདུས་པ་ཀུན་ལ། རྗེ་ཏཻ་ལོ་པ་མཐོང་ངམ་བྱས་པས། དེ་ཆ་མེད་དམུས་ལྟོ་པ་ཏཻ་ལོ་པ་བྱ་བ་གཅིག་ནི་འདུག་ཟེར་སྐད། དེར་ནང་དུ་ཕྱིན་པ་དང་། འདི་ཡིན་ཟེར་ན། མདུན་ན་མེ་གཅིག་བཏང་ནས། དེ་ལ་ཤིག་མང་པོ་བསྲག་ཅིང་འདུག་པ་ལ། ཕྱག་དང་བསྐོར་བ་བྱས་ནས་བདག་རྗེས་སུ་བཟུང་འཚལ་གདམས་ངག་ཞུས་པས། ཤིག་སྤར་གང་གཏད་དེ་སྲེག་གཅེས་པས། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ཆོས་ཉིད་ལམ་གྱི་ཀློང་ཆེན་དུ། །རྣམ་རྟོག་བག་ཆགས་སྡུག་བསྔལ་འདི། །བསད་ན་འཛད་ཀྱི་སོད་ལ་ཐོང་། །དེར་སྤང་བར་བཟུངས་ཏེ་གསོད་མ་ནུས་པས། རང་སྐྱེས་རང་ཟའི་རྣམ་རྟོག་ཤིག །མ་བསད་བླ་མ་ག་ལ་རྙེད། །ང་ནི་ཉ་པ་རྒྱ་མཚོ་བསྙགས། །ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ།། ༈ །།ཡང་ཡུལ་ཕྱོགས་གཅིག་ཏུ་བྱོན་ཙ་ན། བཙུན་པ་རྒན་རྒོན་གཉིས། དེའི་ཙ་ན་བུ་ཙ་གཉིས་འདུག །ཞིང་རྨོ་ཞིང་འདུག་པ་ལ། རྡོ་དུས་ལ་བབ་ན་འདུག་པས། དགེ་སློང་གིས་ཏཻ་ལོ་པ་མཐོང་ངམ་བྱས་པས། དང་པོར་གདུག་ཚོད་རན་ནམས་གདའ་བས་རྡོ་སོལ་འཚལ་ཟེར་ནས། ཉ་མང་པོ་འཚག་མས་བཅུས་བཙོས་ནས་བཙུན་མས་དྲངས་པས། ཉ་ཚོད་མ་ཐུངས་པས། ཕག་དུ་ཁྱེར་ཏེ་ཚོད་མ་ཐང་དུ་ཕོས་པས། ཉ་རྣམས་འཕུར་ཏེ་ཆུ་ལ་སོང་སྐད། དེས་རྟོག་པས་བཅིངས་པས་བླ་མ་དཀའ། །ང་ནི་ཕ་མ་གསོད་དུ་འགྲོ་ཟེར་ནས། གནས་དང་བཅས་པ་གར་སོང་ཆ་མེད་དོ།། ༈ །།ཡང་དེའི་སང་མི་རྙེད་དམ་བསམ་ཙ་ན། ལམ་ཀ་གཅིག་ན་མི་གཅིག་ཕ་མ་བཀྱིགས་ནས་ཐག་པས་བཏགས་ནས་འདུག་པ་ལ། ཏཻ་ལོ་པ་མཐོང་ངམ་བྱས་པས། ངའི་ཕ་མ་གསོད་རོགས་གྱིས་དང་བསྟན་ཟེར། ངས་ཆོས་ཚོལ་དུ་འོངས་པ་ལ་དེ་རྙེད་དམ། ཁྱེད་མཚམས་མེད་བྱེད་སྙམ་པའི་རོགས་ག་ལ་བྱེད་སྙམ་པ་དང་། དུག་གསུམ་ཕ་མ་མ་བསད་པར། །བླ་མ་ཚོལ་བས་ག་ལ་རྙེད། །ཅེས་གསུངས། ང་ནི་ལྟད་མོ་ལྟ་རུ་འགྲོ་གསུང་ནས་མི་སྣང་བར་གྱུར་ཏོ། །ཡང་དེའི་སང་ཕྱིན་པས། ཡུལ་ཕྱོགས་གཅིག་ན་ཁྲོམ་ཆེན་པོ་འཚོགས་ནས་འདུག་པ་ལ། དེར་དམུས་ལོང་གི་ཚོགས་མང་པོ་གཅིག་འདུག་པའི་དབུས་ན། མི་མིག་གཅིག་པ་གཅིག་འདུག་པ་དང་། དེ་ཐམས་ཅད་ཀྱང་གཅིག་ལ་གཅིག་ཁ་དོག་དབྱིབས་འདི་དང་འདི་འདྲ་བའོ་ཟེར་བ་ལ། ཡ་མཚན་ཆེ་བར་བྱུང་བ་དང་། ཡང་མིག་གཅིག་པོ་དེས་རྒྱབ་ལྟག་པའི་ངོས་ཕྱོགས་སུ་དེ་དག་ཀྱང་མཐོང་བར་འདུག་པ་དང་། དེ་དག་ལ་ཏཻ་ལོ་པ་མཐོང་ངམ་བྱས་པས། མིག་གཅིག་པོ་དེ་ན་རེ། སྤྱིར་ངེད་ཀྱིས་ཏཻ་ལོ་པ་མ་མཐོང་སྟེ། ཁྱེད་སྙིང་ནས་ཏཻ་ལོ་པ་ཚོལ་བ་ན། །རྒྱུད་ལྡན་བླ་མའི་རྒྱུད་ལ་བརྟེན། །ལྟ་བ་རྟོགས་པའི་རལ་གྲི་ཕྱར། །སྤྱོད་པ་ཆོས་བརྒྱད་ཀྱི་རྒྱ་མདུད་ཁྲོལ། །སྒོམ་པ་བདེ་གསལ་རྟ་པོ་སྒྱུག །འབྲས་བུ་རང་གསལ་ཉི་མ་འདེས། །ཉམས་མྱོངས་བདེ་གསལ་མེ་དཔུང་སྦོར། །རྟོགས་པ་ཡིད་བཞིན་ནོར་ནུ་ལྟོས། །མིག་གཅིག་དུ་མ་རོ་གཅིག་སྟེ། །དམུས་ལོང་ལྟ་རུ་མེད་པས་ལྟོས། །འོན་པས་ཉན་རྒྱུ་མེད་པར་ཉོན། །ཞ་བོས་འགྲོ་འོང་མེད་པར་རྒྱུག །དབུག་བྲལ་སྐྱེ་མེད་གཡབ་མོ་རྡོབས། །ཅེས་ཟེར་ཏེ། རྗེས་སུ་བཟུང་བར་ཞུ། སྙམ་ཙ་ན་མི་སྣང་བར་གྱུར་ཏོ།། ༈ །།དེར་ཐུགས་ཆད་དེ། བླ་མའི་སྤྲུལ་པ་དང་མཇལ་ཡང་མི་ཕན་པར་འདུག །ད་ནི་བདག་བག་ཆགས་རྣམ་སྨིན་མ་དག་པས་མི་མཇལ་བ་ཡིན་སྙམ་ནས། སྨྲེ་སྔགས་འདོན་ཞིང་། མཁའ་འགྲོས་ལུང་བསྟན་རྗེས་འབྲང་ནས། བསྟན་རྩ་དགེ་འདུན་སྡེ་བོར་ཞིང་། །སྡོམ་ལྡན་ཆོས་ཀྱི་གྲོགས་སྤངས་སྟེ། །ཆོས་ཁྲིམས་ལྡན་པའི་བཀའ་བཅགས་ཤིང་། །བརྩེ་བས་གྲོས་འདེབས་ངག་བཅགས་ནས། །སྡུག་བསྔལ་དཀའ་བས་ཉམས་བླངས་ཀྱང་། །བླ་མ་རྙེད་པར་མ་གྱུར་བས། །བདག་གི་ལུས་འདིས་གེགས་བྱ་སམ། །འདི་དོར་བླ་མ་ཅིས་མི་བཙལ། །གསུངས་ནས། སྤུ་གྲི་འདོན་ཚད་ཙམ་ན། རྗེ་བཙུན་ཆེན་པོ་རལ་པའི་ཐོར་གཙུགས་ཅན། སྐུ་མདོག་སྨུག་ནག་པ་ཅིག་བྱོན་ནས། བླ་མ་ཚོལ་བས་སངས་རྒྱས་དག །བསད་པས་བླ་མ་ཅང་རྙེད་དམ། །ཁྱོད་འདོད་སྤྲང་པོ་ང་ཡིན་ནམ། །གསུངས་ནས། སྤྱན་བར་སྣང་དུ་གཟིགས་ནས་སྤྱན་ཆབ་བྱུང་། ཐལ་མོ་ཐུགས་ཀར་སྦྱར་ཏེ་ཡུས་གསོལ་བ། ནམ་མཁའི་སྤྲིན་བཞིན་ནི་ངེས་མེད་པའི། །རྗེ་བཙུན་བཙལ་བས་ག་ལ་རྙེད། བླ་མས་ཐུགས་རྗེས་མི་གཟིགས་སམ། བདག་ནི་འདི་ནས་རྗེས་སུ་བཟུང་དུ་གསོལ་བ་བཏབས་པས། ཏཻ་ལོ་པའི་ཞལ་ནས། སྣོད་ལྡན་དྲི་མེད་གཟི་བརྗིད་ཁྱོད། །མཁའ་འགྲོ་མ་ཡི་གསང་བའི་གནས། །གསང་སྔགས་ཡིད་བཞིན་ནོར་བུ་ཡི། །གདམས་པའི་སྣོད་དུ་ད་གྱུར་ཏོ། །ཅེས་གསུངས་པ་ནི། རྗེས་སུ་བཟུང་བས་སྟེ། སྣོད་ལྡན་རིགས་ཀྱི་ཆེ་བའོ།། ༈ །།ལུང་བསྟན་རྟོག་པས་ཆེ་བ་ནི། དང་པོ་དཔལ་རྡོ་རྗེ་འཆང་གིས་ཕྱིར་མི་ལྡོག་པར་བསྟན་པ་ནི། བདེ་ཆེན་བདེ་བ་ཡི་འབྱུང་གནས་ཀྱིས། །བྱང་ཆུབ་ལམ་བསྟེན་འགྲོ་བའི་མགོན། །མགོན་གྱུར་ཆོས་ཀྱི་སྤྱན་ཅན་གྱིས། བཅོམ་ལྡན་རྩ་བཤད་ཕྱིར་མི་ལྡོག །ཅེས་གསུངས་སོ། །གཉིས་པ་ཡི་དམ་གྱི་ལྷ་དཔལ་འཁོར་ལོ་སྡོམ་པས། པུ་ལ་ཧ་རི་ཡི་དགོན་པར་ནམ་ཕྱེད་ན། བླ་མ་ལྗོན་ཤིང་ལྟ་བུ་ཡི། །སྐྱེ་མེད་སྐུ་ཡི་རང་བཞིན་ལ། །འཁོར་གྱི་བྱ་ཚོགས་བསྟེན་མཛད་པ། །ནཱ་རོ་སྐྱེ་མེད་སྐུ་དང་ལྡན། །བླ་མ་ཆུ་རྒྱུན་ལྟ་བུ་ཡི། །བརྗོད་མེད་གསུང་གི་བདུད་རྩི་ཡིས། །ཉོན་མོངས་དྲི་མ་འཁྲུ་མཛད་པ། །ནཱ་རོ་བརྗོད་མེད་གསུང་དང་ལྡན། །བླ་མ་ནམ་མཁའ་ལྟ་བུ་ཡི། །སྒྲིབ་བྲལ་ཡེ་ཤེས་ཉི་མ་ཡིས། །འགྲོ་རྣམས་མུན་པ་སེལ་མཛད་པའི། །ནཱ་རོ་རྟོགས་མེད་ཐུགས་དང་ལྡན། །བླ་མ་བསྟེན་བྱར་ལུང་བསྟན་པ་ནི། ཏེ་ལོ་པའི་སློབ་མ་རྣམས་ཀྱིས། རྗེ་བཙུན་ནམ་ཀའི་སྤྲིན་བཞིན་ངེས་མེད་པའི། །དེ་ཕྱིར་ངེད་རྣམས་སུ་ལ་བརྟེན་པར་བྱ། །ཞེས་ཞུས་པས། དྲན་པ་བརྗེད་མེད་ནཱ་རོ་པས། །བཅུ་གཉིས་བར་དུ་ང་བརྟེན་བྱས། །ང་ཡི་དེ་ཉིད་ཁོ་ལ་ཡོད། །ཕྱི་རབས་སེམས་ཅན་དོན་གཉེར་རྣམས། །རྟོག་པར་འདོད་ན་ཁོ་ལ་བརྟེན། །ཅེས་བརྟེན་བྱར་ལུང་བསྟན་པའོ།། ༈ །།ཉིད་ཀྱི་རང་གྲོལ་དུ་བསྟན་པ་ནི། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་ཡི་ལམ། །སྤྲོས་བྲལ་བསྒྲིབས་མེད་དྲི་བྲལ་སེམས་ཉིད་ཀྱི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐོང་བས་ན། །ཡེ་ཤེས་རྟོགས་པས་སུ་ལའང་དྲི་མི་བྱ། །གཉིས་མེད་ཤུགས་འབྱུང་རྣལ་འབྱོར་རང་གྲོལ་ཡིན། །ཅེས་གསུངས་པའོ། །དེ་ནི་ཕྱིའི་ལུང་བསྟན་ཚོལ་དུས་ཀྱི་བཀའི་དུས་སོ།། ༈ །།ད་ནི་ནང་སྡུག་བསྔལ་ཉམས་ལེན་གྱི་དཀའ་བ་ལ་བརྟེན་ནས། གཉིས་པ་དང་པོ་བསྙེན་ལམ་དབང་གི་མཐོངས་ཕྱེ་བ་ནི། རྗེ་བཙུན་ཏཻ་ལོ་པ་དེ་ལུས་སྤང་ལ་ཕུར་པ་བཏབ་པ་བཞིན་བཞུགས་པ་ནས། ངག་ལྐུགས་པ་ལྟར་མི་སྨྲ། ཐུགས་གཉིས་སུ་མེད་པའི་ངང་ལས་བཞུགས་པ་ལས། རྗེ་ནཱ་རོ་པས་མཎྜྻལ་ཕུལ། ཕྱག་འཚལ། སྐོར་བ་བྱས་ནས། གདམས་པ་རྗེས་སུ་སྟན་པར་ཞུ་བྱས་པས། བུམ་པའི་དབང་གིས་བརྡ་བཅུ་གཅིག་ནས། གསང་དབང་གི་བཅུ་གཅིག །ཤེས་རབ་ཡེ་ཤེས་དབང་གི་བརྡ་ཉི་ཤུ་རྩ་གཉིས་ཀྱི་བར་དུ་གསུངས་ནས། བསྟན་པ་དེ་དག་རིམ་གྱིསབཀྲོལ་བ། བླ་མ་ནོར་བུ་རིན་ཆེན་ལ། །དད་གུས་དབང་པོ་འགྱུར་མེད་བྱེད། །རང་རྒྱུད་ཤེལ་སྒོང་ལྟར་དག་ཅིང་། །གདམ་ངག་དྲན་མེད་ཆུ་རྒྱུན་ཐུངས། །ཆོས་བརྒྱད་ཚེ་འདི་ཡི་རྒྱ་མདུད་ཁྲོལ། །ཆུ་སྣོད་དུ་མ་རོ་གཅིག་ཡིན། །ཆོས་འབྱུང་སྐྱེ་བ་མེད་པས་སྟེ། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན། །ལྐུགས་པ་སྨྲ་མེད་བརྗོད་དུ་མེད། །ཤིང་ཐོག་བདག་གཞན་ཕུན་གསུམ་ཚོགས། །བརྡ་རྣམས་བདག་གིས་མདུད་བཀྲོལ་ནས། །ཁྱོད་ནི་བརྡ་ཤེས་སྐྱེས་བུ་ཡིན། །མཁའ་འགྲོར་མ་ཡི་གསང་བའི་གནས། །གསང་སྔགས་ཡིད་བཞིན་ནོར་བུ་ཡི། །སྨིན་བྱེད་སེམས་ཀྱི་མེ་ལོང་ལྟོས། །གསུངས་ནས། མ་རིག་མུན་པས་མདོང་འགྱུར་པའི། །དམུས་ལོང་བདག་གིས་ཅི་ལྟར་བལྟ། །ཞུས་པས། ལྟ་བ་མེད་པའི་ཚུལ་གྱིས་ལྟོས། །མཐོང་བ་མེད་པའི་ངང་ཉིད་ལས། །འགྲོ་བ་མེད་པའི་ཚུལ་གྱི་འགྲོ། །དོན་མཐོང་རྣལ་འབྱོར་རང་གྲོལ་འགྱུར། །ཅེས་གསུངས། ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས། །སེམས་ཀྱི་ནོར་བུ་རིན་པོ་ཆེ། །སེམས་ཀྱི་གྲུ་རྫིངས་ལ་བརྟེན་ནས། །སྨིན་གྲོལ་དོན་མཐོང་རྣལ་འབྱོར་བདེ། །བྱས་པས། ཏཻ་ལོ་པས། འདི་ཆོས་ལ་ཞེན་ནས་འདུག་དགོངས་ནས། བདེ་བ་ནས་བདེ་བར་ངོ་སྤྲད་པའི། བླ་མའི་གདམས་ངག་ལ་མ་ཞེན་མཛོད། གསུངས། ལུས་ལ་བུམ་པའི་དབང་བསྐུར་ནས། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ལ་ངོ་སྤྲོད། ངག་ལ་གསང་བའི་དབང་བསྐུར་ནས། ཟག་པ་མེད་པའི་བདེ་བ་ལ་ངོ་སྤྲད། སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས། རང་རིག་ལྷན་ཅིག་སྐྱེས་པའི་དོན་གྱི་ཡེ་ཤེས་ཀྱི་ངོ་སྤྲད། སྒོ་གསུམ་ཚོགས་པ་དབང་བཞི་བསྐུར་ནས། ཕྱག་རྒྱ་ཆེན་པོ་བརྗོད་མེད་དུ་སྤྲད། དབང་དོན་མེ་སྟག་ལྟ་བུ་དེས། །ཉོན་མོངས་རས་ཡུག་ལྟར་བསྲེག་བདེ། །ཞེས་པའོ། །གྲོལ་ལམ་ཐབས་ཀྱི་སྒྲོན་མེ་ནི། དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་པའི་དང་པོ། ཨོ་རྒྱན་ཏྲའི་གཙུག་གི་ནོར་བུའི་རྒྱབ་ཕུབས་ཁ་ནས་མཆོངས་པའི་དུས་ཡིན་ཏེ། ལུས་རོ་བཞིན་དུ་སོང་བའི་དུས་སུ། རྣམ་སྨིན་ལུས་ཀྱི་རྒྱ་མདུད་འདི། །འདམ་བུ་ལྟར་བཅོམས་རང་བཞིན་ན། །ཅེས་པས། རྣམ་སྨིན་ལུས་ཀྱི་རྫ་མ་འདི། །ཆག་ཀྱང་རུང་གིས་ནཱ་རོ་བ། །ཅེས་གསུངས། དེ་དུས་བཀའ་བཞི་བརྒྱུད་པའི་གདམ་ངག་གནང་ངོ་། །དེ་ནས་ལོ་གཅིག་ལོན་ཙ་ན། །ཆུ་སྲིན་བུ་པད་མས་གང་བ་ལ། ཟམ་པ་བྱས་པས། སྲོག་ཆགས་པད་པའི་ཟང་ཏལ་གྱིས། རང་དབང་མེད་པར་བདག་སྡུག་བསྔལ་བྱས་པས། རྣམ་སྨིན་ལུས་ཀྱི་ཆུ་རྒྱུན་འདི། །ཕུགས་ཀྱང་རུང་གིས་ནཱ་རོ་པ། །ཐུན་མོང་སེམས་ཀྱི་མེ་ལོང་ལྟོས། །ཅེས་གསུངས་ཏེ། བསྐྱེད་པའི་རིམ་པའི་གདམ་ངག་མཐའ་དག་མ་ལུས་པ་གནང་རྫོགས་སོ།། ༈ །།དེ་ནས་ལོ་གཅིག་ལོན་ཙ་ན། གདམས་ངག་ཞུ་བྱས་པས། མེ་དང་སྨྱུག་མ་མར་ནག་ཁྱེར་ལ་ཤོག་གསུངས་ནས། དེ་གསུམ་འོངས་ནས། ནཱ་རོ་པ་ཙར་བསྡད་པས། ཐུར་མ་ལ་མར་ནག་བྱུགས་པ་མེ་ལ་བསྲོས་ཀྱིན་ལུས་ལ་བརྒྱབས་པས། གཡས་ནས་གཡོན་དུ་ཕྱུངས། གཡོན་ནས་གཡས་སུ་བརྒྱབས་ནས་མདུན་དུ་ཕྱུང་སྟེ་དེའི་དུས་སུ། གཟུངས་འཛིན་གཉིས་ཀྱི་ཕུང་པོ་འདི། །བླ་མས་བཤིགས་ཀྱང་བདག་སྡུག་བསྔལ་བྱས་པས། ཏཻ་ལོ་པའི་ཞལ་ནས། གསང་སྔགས་ཡིད་བཞིན་ནོར་བུ་ཡི། །བདེ་དྲོད་སེམས་ཀྱི་མེ་ལོང་ལྟོས། །ཞེས་གསུངས་པས། ངར་འཛིན་ལུས་ཀྱི་རྒྱ་མདུད་འདི། །ཞིག་ཀྱང་རུང་གིས་ནཱ་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །གཏུམ་མོ་ཡེ་ཤེས་མེ་སྦོར་གྱིས། །གདམས་ངག་དང་སྤྱིར་ཡང་གཏུམ་མོའི་གདམས་པ་མཐའ་དག་དེའི་དུས་སུ་གནང་ངོ།། ༈ །།དེ་ནས་ཡང་ལོ་གཅིག་ལོན་ཙམ་ན། ནེའུ་སེང་གཅིག་གི་སྟེང་དུ་ཕྱིན་པས། མེ་ཏོག་མང་པོ་འདུག་པ་ལ། ཏཻ་ལོ་པས་མེ་ཏོག་གི་འཕྲིང་གསུམ་སྦྲིངས་ནས་ནཱ་རོ་པ་ལ་གཏད་དེ། ལུང་པའི་སུམ་མདོ་འདིར་བག་མ་གཅིག་འོང་གིས། ཁྱོད་ཀྱིས་བློན་པོའི་བག་མ་དེ་ལ་མེ་ཏོག་གི་འཕྲེང་བ་གཅིག་ཐོགས་དང་ཁོ་དགའ་ནས་འོང་བ་དེས་བག་མའི་ནུ་མ་མཉེས་གསུངས་པས། དེ་ལྟར་བྱས་པས། གཉེ་བོས་ངེད་རྩར་ཡོད་བཞིན་དུ་འདི་ལྟར་བྱེད་ཟེར་ནས་བརྡུངས་པས། འགུལ་མ་ནུས་པ་ལ། ཏཻ་ལོ་པ་བྱོན་ནས། ཅི་ཉེས་གསུངས་པས། བརྩེ་མེད་གཉེའོ་ལྷ་བཟོ་ཡིས། རྩི་ལྟར་བཏགས་ཏེ་བདག་སྡུག་བསྔལ་ལོ་བྱས་པས། དེར་ཏཻ་ལོ་པས། ངར་འཛིན་ལུས་ཀྱི་བདུད་རྩི་ནི། །བཏག་ཀྱང་རུང་གིས་ན་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །རྣམ་གྲོལ་སེམས་ཀྱི་མེ་ལོང་ལྟོས། །ཅེས་གསུངས་ནས། འོད་གསལ་གྱི་གདམས་པ་མ་རིག་མུན་སེལ་དང་། གཞན་ཡང་གསུངས་ཏེ་བྱིན་གྱིས་བརླབས་པའོ།། ༈ །།ཡང་དུས་གཅིག་ཙ་ན། ནགས་གཅིག་ཏུ་དགོན་པ་བྱས་ནས་བཞུགས་པ་ལ། ནཱ་རོ་པས་བསོད་སྙོམས་བྱས་ནས་འདྲེན་པ་ལ། མི་གཅིག་ཆོས་སྟོན་བྱེད་པ་དང་ཕྲད་དེ། དེར་བསྐྲུས་པས་ཟས་རོ་མཆོག་དང་ལྡན་པ་གཅིག་འདུག་སྟེ་ངས་བཟའ་བར་འཕངས་སྙམ་ནས་ཁྱེར་ཏེ་འོངས་ནས་བླ་མ་ལ་དྲངས་པས། དགྱེས་ནས་སྐན་སྒྲ་དང་བཅས་པས་གསོལ་ནས། ནཱ་རོ་པས་གལ་ཏེེ་ངའི་བླ་མ་འདི་ལ་ཅི་བྱས་ཀྱང་མགུ་བ་མེད་པ་ཡིན་པ་ལ། ད་རེས་དགྱེས་པས་ད་རུང་བཙལ་སྙམ་ནས། ད་རུང་དུ་དེ་བཙལ་བྱས་པས། རུང་གསུངས་ནས། སྔར་གྱི་སར་ཕྱིན་པས་མི་ཀུན་གྱེས་ནས་འདུག་ནང་དུ་བལྟས་པས་སྣོད་གཅིག་ན་བག་ཙམ་གཅིག་འདུག་པ་དེ་ཁྱེར་ནས་བྲོས་པ་ལ། དེའི་ཁྱིམ་བདག་མི་མང་པོས་བདས་པས། བླ་མས་བསྐུར་བའི་སྔར་ནས་ཀྱི་སྤྱོད་པའི་རྟེན་འབྲེལ་ཁ་གཅིག་ཡོད་པ་དེ་ལས། མེ་ལོང་གཅིག་ཡོད་པ་དེ་བསྐུར་བས། མཚམས་ཆེན་པོ་གཅིག་ཏུ་སོང་བ་ལས། ཁོང་མ་ཐར་དེ་ཚོ་བྲོས། ཡང་ཁོང་གིས་མ་ཧེ་ཀོ་བ་བཏངས་ནས་སླེབས་པ་དང་། ལྕགས་སྒྲོག་གཅིག་ཡོད་པ་དེ་བསྐུར་ནས། རི་གཅིག་ཏུ་གྱུར་པས་བར་བཅད་པའི་ཚེ་བྲོས། ཡང་རི་ལ་འཛེགས་ནས་བྱུང་བ་ལ། ཐག་པ་གཅིག་བསྐུར་བས་ཆུ་ཆེན་པོ་གཅིག་ཏུ་སོང་། དེ་ཡང་རྒལ་ནས་བྱུང་བས། ཤིང་གི་རལ་གྲི་གཅིག་ཡོད་པ་དེ་གཡུགས་པས་ལྕགས་ཀྱི་སྤྱིལ་པོ་གཅིག་ཏུ་གྱུར་པའི་ནང་དུ་ཞུགས་པ་ལ། ཙན་དན་གྱི་སྡོང་པོ་མང་པོ་ཁྱེར་བ་དང་བྱུང་བས། ལྕགས་ཀྱི་ཐ་མ་བསྐོར་ནས་བརྩིགས་ཏེ་ཕྱོགས་ཐམས་ཅད་དུ་མེ་བུས་པས། སྤྱིལ་པོ་ལྕགས་སྲན་ཏུ་གྱུར་ནས་མ་བཟོད་པ་བྱུང་སྟེ་ཕྱིར་བྱུང་ནས། མི་རྣམས་ཀྱིས་བརྡུངས་ནས་ཡོད་པའི་དུས་སུ། ཏཻ་ལོ་པ་བྱོན་ནས་ཅི་ཉེས་གསུངས་པ་ལ། ན་རོ་པས་འབྲས་བཞིན་བརྡུངས་ཏེ་ཏིལ་བཞིན་དུ། །ཙིར་ཀྱིས་མགོ་འཁྱོམས་བདག་སྡུག་བསྔལ། །བྱས་པས། ཏཻ་ལོ་པའི་ཞལ་ནས། ངར་འཛིན་ལུས་ཀྱི་ཟངས་དགོག་འདི། །བཅོམས་ཀྱང་རུང་གིས་ནཱ་རོ་པ། །འགྱུར་མེད་ལྟ་བའི་མེ་ལོང་ལྟོས། །ཞེས་གསུངས་ནས། བདེ་དྲོད་བོགས་འདོན་དང་། རྨི་ལམ་འཁྲུལ་པ་རང་སངས་ཀྱི་གདམས་ངག་གསུངས་སོ།། ༈ །།ཡང་རྗེས་སུ་འབྲང་ཞིང་ཕྱིན་པ་ལ། ཐང་སྟོང་པ་གཅིག་ལ་མི་གཅིག་ཀྱི་ཁུར་བུ་ཁྱེར་བ་གཅིག་སོང་བ་ལ། འདི་དེད་གསུངས་པས། སྨིག་སྒྱུ་བཞིན་ཇེ་རིང་ཇེ་རིང་ལ་སོང་བ་ལ། ངལ་ཞིང་ཆད་པར་གྱུར་བས། ཏཻ་ལོ་པ་བྱོན་པས་ཅི་ཉེས་གསུངས། རི་དྭགས་སྨིག་སྒྱུ་བདས་པ་བཞིན། །མེད་ནས་རིང་སོང་བདག་སྡུག་བསྔལ་བྱས་པས། ཏེ་ལོ་པའི་ཞལ་ནས། ཁམས་གསུམ་འཁོར་བའི་རྒྱུན་ཐག་འདི། །ཆད་ཀྱང་རུང་གིས་ན་རོ་པ། །སྒྱུ་མ་རྣམ་གྲོལ་མེ་ལོང་ལྟོས། །ཅེས་གསུངས་ནས་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་གྱི་གདམས་ངག་དང་། སྤྱིར་སྒྱུ་ལུས་ཀྱི་གདམས་ངག་གནང་ངོ།། ༈ །།དེ་ལྟར་བདུན་གྱིས་སྟེང་སྒོ་རྣམ་པར་གྲོལ་བ་གནང་ཞིང་། བཀའ་བབ་པ་དང་པོ་ཐུན་མོང་གཉིས་པ། དམ་ཚིག་དེ་ནས་ལྔས་སྟེང་སྒོ་རྫོགས་པར་གནང་། ཀ་སོ་རི་པ་ཟེར། ཡང་ལོ་གཅིག་ལོན་ཙམ་ན། རྒྱལ་པོའི་བུ་མོ་གཅིག་མདོ་ལི་ལ་བཏེགས་ནས་བྱུང་བ། ཏེ་ལོ་པས་དེ་ལ་འཇུས་གསུངས་པས། ནཱ་རོ་པས་འཇུས་པས། བློན་པོའི་ཚོགས་ཀྱི་དབུགས་རྒྱུ་བ་ཆད་པ་ཙམ་དུ་བརྡུངས་པས། ཡང་ཏཻ་ལོ་པ་བྱོན་ནས་ཅི་ཉེས་གསུངས། ནཱ་རོ་པས། བློན་པོ་བརྩེ་མེད་ལྷ་བཟོ་ཡིས། །རྩི་བཞིན་བཏགས་ཏེ་སྡུག་བསྔལ་བྱས་པས། །ཏེ་ལོ་པའི་ཞལ་ནས། ངར་འཛིན་ལུས་ཀྱི་རི་བོ་འདི། །ཆག་ཀྱང་རུང་གིས་ནཱ་རོ་པ། །གཡོ་མེད་ཟུང་འཇུག་མེ་ལོང་ལྟོས། །གསུངས་ནས། གྲོང་འཇུག་སྦྲུལ་ལྐོགས་འདོོར་བྱེད་དང་། སྤྱིར་ཡང་གྲོངས་འཇུག་གི་གདམས་པ་མཐའ་དག་གནང་ངོ།། ༈ །།ཡང་བླ་མའི་རྗེས་སུ་འབྲང་ཞིང་ཕྱིན་པས། ཏེ་ལོ་པའི་ཞལ་ནས། རྒྱལ་པོའི་བཙུན་མོ་ཁུགས་ཅིག་གསུངས། ན་རོ་པས་རྒྱལ་པོའི་བཙུན་མོ་བཀུགས་པས། རྒྱལ་པོའི་ཁྲིམས་ཕོག་ནས། སྒྱོགས་ཀྱིས་ཁྲུལ་འཁོར་དུ་བཅུགས་ནས་འཕངས་པས། ལུས་པོ་ཐམས་ཅད་དུམ་བུར་སོང་བ་ལས། དབང་པོ་ཅུང་མ་ཤོར་ཙམ་ན། ཡང་ཏེ་ལོ་པའི་ཞལ་ནས། ཁྱོད་མ་བདེའམ་གསུངས། རྒྱལ་པོ་གཞུ་ཡིས་བདག་དེ་ཉིད། །མདའ་བཞིན་འཕངས་བས་བདག་སྡུག་བསྔལ་བྱས་པས། ཏེ་ལོ་པའི་ཞལ་ནས། ངར་འཛིན་ལུས་ཀྱི་བག་ཆགས་འདི། །ཆག་ཀྱང་རུང་གིས་ན་རོ་པ། །རང་གྲོལ་སེམས་ཀྱི་མེ་ལོང་ལྟོས། །ཞེས་གསུངས་ནས། གཉིས་མེད་ངོ་སྤྲོད་དང་། དབང་གི་དོན་ལ་འཁོར་འདས་རྒྱུན་གཅོད་ཀྱི་གདམས་པ་གནང་སྟེ། དཀའ་བ་དགུ་པ་རྫོགས་སོ།། ༈ །།ཡང་དུས་རེས་ཞིག་ན། བློན་པོའི་བཙུན་མོ་ལ་འཇུས་གཅིག་གསུངས་པས། དེ་ལྟར་བྱས་པས། བློན་པོ་རྣམས་ཀྱིས་ཡན་ལག་བཞི་བཅད་དེ་སོ་སོར་བསྐྱུར་ཏེ། དབུགས་ཡོད་པ་ཙམ་ལས། ད་ནི་མི་སོས་སྙམས་ཏེ། བླ་མ་ལ་དད་གུས་ཆེ་བར་ཡོད་པས། ཏཻ་ལོ་པ་བྱོན་ནས། ཅི་ཉེས་གསུངས་པ་ལ། རི་དྭགས་སྐྱབས་མེད་ཅི་བཞིན་དུ། །མགོན་མེད་བདེ་བཅོམ་བདག་སྡུག་བསྔལ་བྱས་པས། ཏེ་ལོ་པའི་ཞལ་ནས། ངར་འཛིན་ལུས་ཀྱི་རི་དྭགས་འདི། །བསད་ཀྱང་རུང་གིས་ནཱ་རོ་པ། །སྐྱེ་བ་མེད་པའི་རང་ལུས་ལ། །འཆི་མེད་སེམས་ཀྱི་མེ་ལོང་ལྟོས། །ཞེས་གསུངས་ཏེ། ཡན་ལག་རེ་རེ་ན་སྦྱར་ནས། སེ་གོལ་གཅིག་བཏོགས་པས་སོས་སོ། །དེར་སྤྱིར་ཡང་བར་དོའི་གདམས་པ་མཐའ་དག་གནང་ལ། ཁྱད་པར་དུ་བར་དོའི་ཆོས་སྐུ་ངོ་སྤྲོད་ཀྱི་གདམས་པ་སྐབས་བཅུ་ལ་གནང་བའོ།། ༈ །།ཡང་ཏཻ་ལོ་པས་ནཱ་རོ་པ་ལ་བུད་མེད་མཚན་ལྡན་གཅིག་གཏད་ནས། ཕྱག་རྒྱ་མ་གྱིས་གསུངས་ནས། དེ་ལྟར་བྱས་པས། ཡུན་ཨེན་གཅིག་འགྲོགས་པས། བུད་མེད་ཀྱི་སྐྱོན་རྣམས་མཐོང་བས། གཉིས་སྣང་ཡུལ་གྱི་གཟུངས་འཛིན་གྱིས། །འབད་པ་དུ་མས་བདག་སྡུག་བསྔལ་བྱས་པས། ཏཻ་ལོ་པའི་ཞལ་ནས། འཁོར་དང་མྱ་ངན་དབྱེར་མེད་ལ། །འབད་ཀྱང་རུང་གིས་ནཱ་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །གསང་སྔགས་ཡིད་བཞིན་ནོར་བུ་ཡིས། །སྤྲོས་མེད་སེམས་ཀྱི་དོན་སྟོན་པ། །སྙིང་པོ་དོན་གྱི་གདམས་པ་སྟེ། །བདེ་ཆེན་སེམས་ཀྱི་མེ་ལོང་ལྟོས། །ཅེས་གསུངས་པས། དཀའ་བ་བཅུ་གཅིག་པ་ལ་གཞན་ལུས་ཤེས་རབ་ལ་བརྟེན་པའི་གདམས་པ། མ་ལུས་པར་གནང་ངོ།། ༈ །།ཡང་ཏཻ་ལོ་པའི་ཞལ་ནས། ཁྱོད་ཀྱི་ཕྱག་རྒྱ་མ་ང་ལ་ཕུལ་གཅིག་གསུངས་ནས། ནཱ་རོ་པས་ལྟོས་པ་མེད་པར་ཕུལ་ནས་ཁྱོད་བདེའམ་གསུང་པ་ལ། ལྟོས་མེད་བླ་མ་སངས་རྒྱས་ལ། །ཤེས་རབ་ཡོན་ཕུལ་ནཱ་རོ་བདེ་ཞེས་བརྗོད་པས། ཡང་ཏཻ་ལོ་པའི་ཞལ་ནས། ཆོས་ཀྱི་དབྱིངས་ཀྱི་ཀློང་ན་ནི། །བདེ་ཡང་རུང་གིས་ནཱ་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །གསང་སྔགས་ཡིད་བཞིན་ནོར་བུ་ཡི། །སྤྲོས་མེད་སེམས་ཀྱི་མེ་ལོང་ལྟོས། །ཅེས་གསུངས་ནས། དཀའ་བ་བཅུ་གཉིས་ལ་འཕོ་བ་གསེར་འགྱུར་རྩིའི་གདམས་པ་གནང་ངོ་། །རས་ཆུང་བས་དཀའ་བ་བཅུ་གཉིས་པའི་བར་དུ་བསྲེ་བ་དཀའ་བཞི་རྫོགས་སོ།། ༈ །།གསང་བ་གཅེས་པ་འབུལ་བྱེད་པའི་དཀའ་བ་ལ་བརྟེན་ནས། བདེ་བའི་སྒྲོན་མེ་བལྟམ་པ་དང་། ཟག་པ་མེད་པའི་སྒྲོན་མེ་བལྟམ་པ་ནི། དེ་ལྟར་ལོ་ཡང་བཅུ་གཉིས་སོང་། དཀའ་བ་ཡང་བཅུ་གཉིས་སྤྱད་ནས། ནང་གྱི་ཐ་མ་ལ་བླ་མའི་ཞལ་ནསམནྜལ་ཕུལ་ཅིག་གསུངས། དེ་རང་གིས་ལྟོས་པ་མེད་པར། ས་ལ་ཁྲག་གིས་ཆག་ཆག་བཏབས། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་དང་། ཡན་ལག་ལྔ་ཚོམ་བུ་བཀོད་དོ། །རས་ཆུང་བའི་བཞེད་པས། མགོ་བཅད་པས་དཀྱིལ་དུ་བཞགས། ཡན་ལག་དང་ཉིང་ལག་ཕྱོགས་བཞི་དང་འཚམས་བརྒྱད་དུ་བཞགས་པས་ཕུལ་ལོ་ཟེར། དེར་རྗེ་བཙུན་ཏཻ་ལོ་པས། ནཱ་རོ་པ་ལ་བདེའམ་བྱས་པས། ནཱ་རོ་པས། ཟག་བཅས་ལུས་ཀྱི་མཎྜྻལ་འདི། །བླ་མ་ལ་ཕུལ་ནཱ་རོ་བདེ་བྱས་པས། ཏཻ་ལོ་པའི་ཞལ་ནས། ཟག་བཅས་སྙིང་པོ་མེད་ཀྱི་ལུས། །ཕུལ་ཡང་རུང་གིས་ན་རོ་པ། གསུངས་ནས་གཞིར་བཞག་རྒྱུད་དང་གདམས་པ་མཐའ་དག་དོན་གསུམ་དུ་བསྡུས་ནས་བསྟན་ཏེ། གདམས་པ་ཐམས་ཅད་ཟག་པ་མེད་པའི་དབྱིངས་སུ་ནི། བདེ་ཡང་རུང་གིས་ན་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །གསང་སྔགས་ཡིད་བཞིན་ནོར་བུ་ཡི། །གཉིས་མེད་སེམས་ཀྱི་མེ་ལོང་ལྟོས། །མ་རིག་མུན་པས་མདོངས་གྱུར་པའི། །དམུས་ལོང་བདག་གིས་ཅི་ལྟར་བལྟ། །ཞུས་པས། །ལྟ་བ་མེད་པའི་ཚུལ་དུ་ལྟོས། །མཐོང་བ་མེད་པའི་ངང་ཉིད་ལས། །དོན་མཐོང་རྣལ་འབྱོར་རང་གྲོལ་འགྱུར། །ཅེས་གསུངས་པས། ནཱ་རོ་པ་ལ་སྐད་ཅིག་མ་ལ་རྟོགས་པ་སྐྱེས་ཏེ་ལན་བཏབས་པ། རང་སེམས་ནོར་བུ་རིན་པོ་ཆེ། །བླ་མའི་གྲུ་གཟིངས་ལ་བརྟེན་ནས། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ལ། །ཉེས་མེད་དོན་མཐོང་རྣལ་འབྱོར་བདེ། །བྱས་པས། ཏཻ་ལོ་པས་གདམས་ངག་ལ་ཞེན་ནས་འདུག་དགོངས་ནས། བདེ་ནས་བདེ་བར་ངོ་སྤྲད་པའི། བླ་མའི་གདམས་ངག་ལ་མ་ཞེན་མཛོད། །ཞེས་གསུངས་སོ།། ༈ །།ཡེ་ཤེས་མེ་སྟག་ལྟ་བུ་ཡི། །རྣམ་རྟོག་རས་ཡུག་ལྟར་བསྲེགས་བདེ་བྱས་པས། དེ་ལྟར་གཉིས་སུ་མེད་པའི་དོན་ངོ་སྤྲད་ནས། ཕྱག་རྒྱ་ཆེན་པོའི་དོན་ལ་རྟོགས་པ་ཤར་ནས། རྩོལ་སྒྲུབ་དང་བྲལ་བར་གྱུར་ནས་དེ་དཀའ་བ་མཐར་ཕྱུང་བའོ། །རྟེན་འབྲེལ་ལུགས་འབྱུང་ལུགས་ཟློག་རྟོགས་པ་དང་། མུ་ཏིག་དང་བྱི་རུའི་མེ་ཏོག་ཕུལ་བ་མཛད་ནས་དེའི་རྗེས་ལ། དེ་ཁོ་ན་ཉིད་བཀའ་ཉན་གསུང་སྡོད་ཀྱི་དཀའ་བ་ལ་ནི། སྤྱོད་པ་མཐར་ཕྱུང་བ་སྟེ། ནཱ་རོ་པས་བླ་མ་ལ་ཕྱི་ཕྱག་འཚལ་ནས་བཞུད་དེ། རྒྱལ་པོ་ཟླ་དབང་གི་མཆོད་གནས་མཛད་ནས། སྒོམ་ཞིང་འདུག་པ་ལ། བླ་མ་ཏཻ་ལོ་པ་ནམ་མཁའ་ལ་བྱོན་ནས། བསྡད་པས་དམུས་ལོང་གཟུགས་མི་མཐོང་། །བསྡད་པས་ལྐུགས་པས་དོན་མི་གོ །བསྡད་པས་ཞ་བོས་རྗེས་མི་སླེབས། །བསྡད་པས་སྡོང་པོས་རྩ་མི་བརྟན། །བསྡད་པས་ཕྱག་རྒྱ་ཆེ་མི་རྟོགས། །ཞེས་གསུངས་ནས། གོང་ནས་གོང་དུ་བོགས་འདོན་པའི་རྩལ་སྦྱང་བའི་ཕྱིར་སྤྱོད་པ་གྱིས་གསུངས་པ་ཡིན་ནོ་དགོངས་ནས། རས་ཀྱི་ཨ་གྷ་རག་གཅིག་གསོལ། ཐོད་པ་གཅིག་བཟུངས་ནས་ཐམས་ཅད་ལ་སླང་སླང་བྱས་པས། བྱིས་པ་བརྡ་ཤིན་ཏུ་མཁས་པ་གཅིག་གིས། ཆུ་གྲི་རྣོན་པོ་གཅིག་ཐོད་པའི་ནང་དུ་བཅུགས་པས། དེ་ལྟེམས་ཀྱི་ཞུས་ནས་གསོལ་བས། ཐམས་ཅད་ངོ་མཚར་སྐྱེས་ནས་གཅིག་ནས་གཉིས་སུ་བརྒྱུད་པས། རྒྱལ་པོས་གསན་ནས་རྣལ་འབྱོར་པ་ཅི་ལྟ་བུ་ཡིན་ལྟ་དགོས་ཟེར་ནས། དམག་དཔུང་བཞི་ནཱ་རོ་པའི་སྟེང་དུ་བཏངས་པས། ནཱ་རོ་པས་ལྟ་སྟངས་ཀྱིས་བསད། གླང་པོ་ཆེ་སྨྱོན་པ་ལ་གར་ཆང་བླུད་ནས་བཏངས་པས། ལྟ་སྟངས་ཀྱིས་བསད། དེ་ལྟར་མཛད་པས་དམག་མིའི་ཕ་མ་ཐམས་ཅད་ཀྱང་སྡུག་བསྔལ་བར་གྱུར། གླང་པོ་ཆེ་ཤི་བས་ཀྱང་ཡུལ་མི་ཐམས་ཅད་ཀྱང་སྡུག་བསྔལ་བར་གྱུར་པ་ལས། བླ་མའི་ཞལ་ནས་ཡུལ་མི་རྣམས་ལ། ཤིན་ཏུ་རེང་བའི་ས་གཅིག་ཏུ་གླང་པོ་ཆེ། །ཤོང་བའི་དོང་བྲུས་གསུངས། ནཱ་རོ་པས་གྲོང་འཇུག་བྱས་པས་བྲུས་པའི་དོང་དུ་བསྐྱལ་བས། ཡུལ་མི་རྣམས་དགའ་བར་གྱུར་ཏོ། །དེ་ནས་ནཱ་རོ་པ་ལ་རྒྱལ་པོས་མཆོད་གནས་ཞུས་པས། རྒྱལ་པོའི་བུ་མོ་ཡང་ཕུལ་ཏེ། ནཱ་རོ་པས་སྔོན་སྤྱོད་པ་མི་འདྲ་བ་སྣ་ཚོགས་བྱས་པས། རྒྱལ་པོས་འདི་ལ་ཁྲིམས་བྱ་དགོས། བུ་མོ་ལ་ཕྱིར་སོང་བྱས་པས། མི་ཉན་ཏེ་རྣལ་འབྱོར་པ་བཟང་པོ་ཡིན་ཟེར་སྐད། དེར་གཉིས་ཀ་དཀུགས་ཁ་འབྱར་དུ་བཅུགས་ནས། ཙན་དན་གྱི་སྡོང་པོའི་རྩིག་པ་བྱས་ནས། དེའི་ཐ་མ་མེ་རིའི་ར་བ་དང་། རལ་གྲིའི་འཁོར་ལོ་དང་། ཉི་རྒྱ་ལ་སོགས་པས་བསྐོར། ནང་དུ་ཙན་དན་གྱི་ཡི་སྡོང་པོ་ལ་མེ་བཏངས་ནས་དུད་པ་ནམ་མཁའ་ལ་སོང་ཞིང་མེ་ཕྱུ་རུ་རུ་འབར་ཏེ། མེའི་ནང་ནས་གར་མཛད་ཅིང་། ཞག་བདུན་གྱི་ནང་པར་ཤི་ནས་རུས་པ་ཡང་མ་ལུས་སེམས་ཙ་ན། རྡོ་རྗེ་དྲིལ་བུ་ཐོགས་ནས་ནམ་མཁའ་ལ་ཡབ་ཡུམ་ཞལ་སྦྱར་ནས། ཧེ་རུ་ཀའི་རྣམ་པར་འཇའི་རང་བཞིན་གསལ་བར་བཞུགས་ནས། འདི་སྐད་གསུངས་སྟེ། ཨེ་མ་ཧོ་ཙན་དན་མེ་ཡི་འཁོར་ལོ་འདི། །ངར་འཛིན་སྟོང་པོ་བསྲེག་པའི་གྲོགས། །མཚོན་ཆ་རྣོན་པོའི་འཁོར་ལོ་འདི། །འཁོར་བའི་རྒྱུན་ཐག་གཅོད་པའི་གྲོགས། །མནར་སེམས་ལས་ཀྱི་རྒྱ་མདུད་འདི། །དུག་གསུམ་མདུད་པ་དཀྲོལ་བའི་གྲོགས། །ངན་སྨྲས་ཚིག་བརྩུབ་མཚོན་ཆ་འདི། །བཟོད་པའི་ཕུབ་ཆུང་འཇུག་པའི་གྲོགས། །ཡོན་མཆོད་ཁྲིམས་ཀྱི་ཐོ་བ་འདི། །ངར་འཛིན་འགོང་པོ་བརྡུང་བའི་གྲོགས། །ལྟོས་མེད་གཞན་སྲོག་གཅོད་བྱེད་པ། །སྡོམ་གསུམ་དག་དང་མི་འབྲལ་ཞིང་། །ངན་སོང་གསུམ་དུ་མི་སྐྱེ་ན། །ང་ནཱ་རོ་སྤྱོད་པའི་གྲོགས་སུ་བདེ། །ཞེས་གསུངས་སོ། །དེར་རྒྱལ་པོ་འགྱོད་པ་སྐྱེས་ཏེ་བཟོད་གསོལ་བྱས་པ། བསྟན་པ་སྡེ་འཁྲུག་མེས་བསྲེགས་ཞིང་། །སྐལ་པ་དུས་མཐའི་མེ་དང་ནི། །རང་རྒྱུད་གཟུངས་འཛིན་མེས་བསྲེགས་ནས། །ཆོས་རྒྱལ་མྱ་ངན་མེད་པ་ཡིས། །ཞུས་པའི་དོན་རྣམས་རྨི་ལམ་ལས། །མི་འཚམས་ཉེས་རྣམས་བཟོད་པར་གསོལ། །ཞེས་བཟོད་གསོལ་བྱས་པས། ཡང་ནཱ་རོ་པའི་ཞལ་ནས། རྩོད་ཆེན་གསུངས་དང་སྙིང་པོའི་ཉམས། །གཞན་གྱིས་གནོད་པར་གྱུར་པ་ལས། །དེ་དག་མི་གནོད་ཤེས་པར་བྱ། །ཡུལ་ཡངས་བྱོལ་ཏེ་སྦྱངས་པ་དང་། །དངོས་པོ་བསམ་སྟེ་རྣམ་སྨིན་སྦྱངས། །དོན་རྟོགས་ཐ་སྙད་བྲལ་བ་དང་། །དོན་ཆེན་ལན་དང་སྒྲུབ་མ་ནུས། །ཉེས་མེད་དག་ཏུ་ཤེས་པར་བྱ། སྐྱེ་མེད་དོན་རྟོགས་ཀུན་ལའོ། །བླ་མ་བརྙས་དང་སྐུར་བཏབས་དང་། །དགེ་འདུན་སྐོར་ལ་གཉེན་པོ་མེད། །ཞེས་གསུངས་པས། ཡང་རྒྱལ་པོ་ན་རེ། ཆོས་བརྒྱད་གཞུ་ལ་བླ་མའི་མདའ། །འཕངས་ཏེ་ངན་སོང་རྣམ་གསུམ་དུ། །རྨི་ལམ་དག་ཏུ་སྐྱེས་མཐོང་བས། །བདག་གི་ཉེས་རྣམས་བཟོད་པར་གསོལ། །ཞེས་དོན་དེ་དོན་ལ་ངས་ཁྱོད་ལ་དེ་ལྟར་བྱས་པའི་རྣམ་སྨིན་གྱིས། རྨི་ལམ་དུ་ངན་སོང་གསུམ་དུ་སྐྱེས་པའི་སྣང་བ་ཤར་བས། ད་ངའི་ཉེས་པ་དེ་དག་བཟོད་པར་གསོལ། དག་པར་ཞུ་ཞེས་གསོལ་བ་བཏབས་པས། ཡང་ནཱ་རོ་པའི་ཞལ་ནས། ཆོས་བརྒྱད་ཚེ་འདི་ཡི་བདུད་པ་ཁྲོལ། །དུག་གསུམ་འཁོར་བའི་འདམ་རྫབས་སྐོམས། །མ་རིག་མུན་པའི་དམག་ཚོགས་ཟློགས། །འགྱོད་སེམས་ཡེ་ཤེས་སྒྲོན་མེ་སྐྱེད། །བཤགས་པ་སྐྱེ་མེད་ངང་དུ་གྱིས། །ཞེས་གདམས་པ་བསྟན་པ་རྒྱལ་པོ་ལ། །བླ་མའི་བྱིན་རླབས་ཀྱིས། །དེ་ཉིད་དུ་གྲོལ་བར་གྱུར་ཏོ། །དེས་ནི་སྤྱོད་པ་མཐར་ཕྱིན་བའོ།། ༈ །།བླ་མའི་ལུང་བསྟན་ཐོབ་པ་ནི། དེ་ནས་ཏེ་ལོ་པས་ནམ་མཁའ་ལ་སྐུ་གསལ་བར་བྱོན་ནས། བླ་མ་མཁའ་འགྲོས་མ་གནང་ཤིང་། །ཉམས་མྱོངས་རྟོགས་པ་མ་སྐྱེས་ནས། །ཤུགས་འབྱུང་ཞེན་པ་མ་གྲོལ་བར། །སྤྱོད་པ་མ་བྱེད་ནཱ་རོ། །ཞེས་གསུངས་པས། འོ་ན་བསྟན་ནམ། བཤད་དམ། ལྟ་འམ་ནི། སྒོམ་མམ། སྤྱོད་དམ། འབྲས་བུ་བསྒྲུབ་ཅེས་ཞུས་པས། ཡང་ཏེ་ལོ་པའི་ཞལ་ནས། ཆོས་སྟན་ལན་ཚའི་ཆུ་བཞིན་དུ། །སྲིད་ལས་མི་ལྡོག་ནཱ་རོ་པ། །ཚིག་གིས་སྤྲོས་པའི་འཕྲེང་བ་ལས། །དོན་ཉིད་མི་རྟོགས་ནཱ་རོ་པ། །ཤུགས་འབྱུང་ཞེན་པ་རང་གྲོལ་ལ། །ཉམས་མྱོང་སྒོམ་མེད་ནཱ་རོ་པ། །བློ་འདས་ཡིད་ལ་མི་བྱེད་པས། །ལྟ་བ་བལྟ་མེད་ནཱ་རོ་པ། །གཟུངས་འཛིན་ཡུལ་ལས་འདས་པ་ལས། །སྤྱོད་པ་བྱར་མེད་ནཱ་རོ་པ། །རེ་དོགས་གཉིས་དང་བྲལ་བ་ལས། །འབྲས་བུ་མེད་དོ་ནཱ་རོ་པ། །ཞེས་གསུངས་པས། །ཡང་ན་རོ་པས་ཞུས་པས། སྣང་བ་གཟུགས་ཀྱི་ཕུང་པོ་འདི། །སྐྱེ་བ་མེད་པའི་རང་བཞིན་ལ། །གལ་ཏེ་ཡོད་ན་སྤྱོད་རིགས་དེ། །མེད་པར་སྤྱད་དུ་འདོད་པ་ཅི། །རང་རིག་བདེ་གསལ་ཡེ་ཤེས་པ་འདི། །ཅི་ཡང་མེད་པའི་སྟོང་པ་ལ། །གྲུབ་ན་ཞེ་འདོད་རིག་པ་ལ། །གྲུབ་པ་མེད་པར་འདོད་པ་ཅི། །སེམས་ཉིད་འོད་གསལ་སྟོང་པ་ཉིད། །སྒྲོ་སྐུར་གཉིས་དང་བྲལ་བ་ལ། །སྐྱེས་ན་ཉམས་མྱོང་རིག་པ་ལ། །མེད་པར་ཉམས་སུ་མྱོང་བ་ཅི། །ལྷུན་ཀྱིས་གྲུབ་པའི་བདེ་ཆེན་ལ། །དགེ་སྡིག་ཡོད་དམ་བདེ་སྡུག་གཉིས། །འབྲས་བུ་སྨིན་པར་རིག་པ་ལ། །ཐམས་ཅད་མཉམ་ཉིད་ངོ་བོ་ཉིད། །དགེ་སྤྱོད་སྡིག་པ་སྤང་བ་ཅི། །ཞེས་གསུངས་པས། ཡང་ཏེ་ལོ་པས། སྣང་བ་བརྟེན་ཅིང་འབྲེལ་འབྱུང་འདི། །སྐྱེ་བ་མེད་པར་མ་རྟོགས་པར། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་དང་། །འབྲལ་བར་མ་བྱེད་ན་རོ་པ། །སྐྱེ་མེད་རྟོགས་པའི་སློབ་དཔོན་དུ། །སྣང་བ་དཀར་དམར་ཤར་བ་ན། །ཤེས་པ་བྱ་རོག་གཟིངས་འཕུར་ཐོང་། །འདོད་ཡོན་སྤྱོད་གཅིག་ནཱ་རོ་པ། །སེམས་ཉིད་རང་རིག་རང་གསལ་ལ། །སྣང་བ་འཕྲལ་བྱུང་མ་རྟོགས་པ། །ཞེན་པ་དང་བཅས་ཉམས་མྱོང་གིས། །བདག་ཉིད་འཆིང་གྱུར་ན་རོ་པ། །གདོན་ནས་ཕྱི་ནང་ཆོས་རྣམས་ཀུན། །སྐྱེ་མེད་སྤྲོས་དང་བྲལ་བ་ལས། །ཉམས་མྱོངས་དྲན་རིགས་གློ་བུར་འདི། །རྫུན་པར་ཤེས་ན་ཅི་དགར་སྤྱོད། །འཁོར་བའི་མུ་མཐར་སྐྱེ་བ་ཡི། །རྣམ་རྟོག་གཟུངས་འཛིན་སྣ་ཚོགས་འདི། །རྟོགས་པའི་སྟ་རེ་རྣོན་པོ་ཡིས། །ཅིར་སྣང་ཆོད་གཅིག་ནཱ་རོ་པ། །འདོད་ཡོན་གཟུགས་སྒྲ་ལ་སོགས་ལ། །ཞེན་པ་སྐྱེ་བར་གྱུར་པ་ན། །སྦྲང་མ་རྩི་ལ་འབྱར་བ་འདྲ། །ཞེན་པ་ཐོང་ཤིག་ན་རོ་པ། །ཞེས་གསུངས་སོ། །རྡོ་རྗེ་ལུས་ཀྱི་གནས་ལུགས་ལ། །ས་ལམ་ཐམས་ཅད་རབ་རྫོགས་པས། །འཁོར་ལོ་བཞི་རུ་བདུད་བཅོམས་ཏེ། །སེམས་ཀྱི་རྟེན་འབྲེལ་འགྲིག་པ་ཡིན། །ཚེ་གཅིག་ལུས་གཅིག་འདི་ཉིད་ལ། །སྐད་ཅིག་ལྷན་ཅིག་སྐྱེས་རྟོག་པ། །འོད་གསལ་ཟུང་འཇུག་མཐར་ཕྱིན་ཏེ། །རིམས་ལྔ་གཅིག་ཆར་བསྒོམས་པ་ཡིས། །རྡོ་རྗེའི་བཟླས་སོགས་ནུས་པ་རྣམས། །མངོན་སུམ་ལམ་དུ་བྱུང་བ་ཉིད། །ཡོན་ཏན་རིམ་གྱིས་ཐོབ་པར་འགྱུར། །སྐུ་བཞི་ཡེ་ཤེས་རབ་རྫོགས་པའོ། །བདག་རྐྱེན་ཟླ་བའི་རབ་རིབ་རྟོགས། །ཞེན་པ་སྦྲང་མ་རྩི་ལ་འབྱར། །འདོད་ཡོན་སྲིན་གྱི་ཁ་ཆུས་བཏུམས། །དུག་གསུམ་འཁོར་བའི་འདམ་རྫབས་ཟབ། །གནོད་སེམས་ལས་ཀྱི་རྒྱ་མདུད་དམ། །ཉམས་མྱོངས་རི་སྦལ་སྤུ་རྣམས་འཐོགས། །རྟོགས་པ་ནམ་མཁའི་མེ་ཏོག་ཡལ། །དམུས་ལོང་ཞེན་པ་ཅི་ལྟར་གཏང་། །ཞུས་པས། ཡང་ཏཻ་ལོ་པས། ཧེ་རུ་ཀའི་ཆ་བྱད་རུས་པའི་རྒྱན་དང་། དྷ་མ་རུ་དང་དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས་ནས། ཆོས་དྲུག་རྡོ་རྗེའི་མགུར་བཞེངས་ནས་ལུང་བསྟན་པ། པུ་ལ་ཧ་རིའི་དགོན་པ་རུ། །འོད་གསལ་དབྱིངས་ཀྱི་ནམ་མཁའ་ལ། །ཟུང་འཇུག་གཤོག་པ་ལྡན་པ་ཡིན། །འཕོ་བ་སེམས་ཀྱི་བྱིའུ་སྤུར། །བདག་ཏུ་འཛིན་པའི་ཞེན་པ་ཐོང་། །གཉིས་སུ་མེད་པའི་དགོན་པ་རུ། །སྒྱུ་མ་ལུས་ཀྱི་ཧོམ་ཁུང་ནས། །གཏུམ་མོ་བདེ་དྲོད་ཡེ་ཤེས་མེས། །རྨི་ལམ་བག་ཆགས་བུད་ཤིང་སྲེགས། །གཟུང་འཛིན་རྟོགས་པའི་ཞེན་པ་ཐོང་། །བརྗོད་དུ་མེད་པའི་དགོན་པ་རུ། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ཡི། །ངོ་བོ་ལྷན་ཅིག་སྐྱེས་མཐོང་བས། །རྟོགས་པའི་མཚོན་ཆ་རྣོན་པོ་ཡིས། །བར་དོའི་མིག་སེར་རྒྱུན་ཐག་ཆོད། །ཆགས་ཞེན་མཚན་མའི་ཞེན་པ་ཐོང་། །ཡིད་བཞིན་ནོར་བུ་གསེབ་ལམ་བགྲོད། །འགྱུར་མེད་ལྗོན་ཤིང་རྩད་ནས་ཆོད། །སྨྲར་མེད་ལྐུགས་པའི་སྨྲ་ལྕེ་བྲེགས། །བྱིན་རླབས་འཁོར་བའི་རྒྱུན་ཐག་ཆོད། །སྔར་དྲིས་ངོ་ཤེས་མ་བུ་སྤྲོད། །ཀྱེ་ཧོ་འདི་ནི་རང་རིགས་སྟེ། །ངག་གི་སྤྱོད་ཡུལ་ལམ་ལ་འདས། །ཏཻ་ལོ་པ་ཡིས་ཅི་ཡང་བསྟན་དུ་མེད། །རང་རིག་ཡེ་ཤེས་དེ་ཡང་མཚོན་ཏེ་བྱོས། །ཞེས་གསུངས་སོ།། ༈ །།ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །སྤྲོས་བྲལ་དྲི་མེད་དྲི་བྲལ་སེམས་ཉིད་ཀྱི། །ཡེ་ཤེས་རྟོགས་པས་སུ་ལ་ཡང་དྲི་མི་བྱ། གཉིས་མེད་ཤུགས་འབྱུང་རྣལ་འབྱོར་རང་གྲོལ་ཡིན། །ཞེས་བརྗོད་དེ། རྟོགས་པ་མཆོག་ཏུ་གྱུར་ཏོ།། ༈ །།མར་པ་ལོ་ཙ་བ་སྣོད་ལྡན་དུ་ལུང་བསྟན་པ། རང་གྲོལ་ཡེ་ཤེས་ཉི་མ་ཡིས། །པུ་ལ་ཧ་རིའི་དགོན་པ་རུ། །ཁ་བ་ཅན་ཀྱི་སྐལ་ལྡན་བ། །བྷུ་ཏི་མ་རིག་མུན་སེལ་བ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །ཅེས་གསུངས་སོ། །རི་རི་པས་སེམས་ཅན་གྱི་དོན་གྱིས་ཅིག་པར་གསོལ་བ་བཏབ་པ། གཅིག་པུ་ཞི་བདེ་དོན་གཉེར་བའི། །ཉན་རང་ལྟ་བུའི་བློ་ཐོང་ལ། །ནཱ་རོ་ཆོས་ཀྱི་སྒྲོན་མེ་ཡིས། །འགྲོ་བའི་མུན་པ་བསལ་དུ་གསོལ། །ཞེས་བརྗོད་དོ།། ༈ །།ཀ་སོ་རི་པས། སེམས་ཅན་གྱི་ཟུག་རྔུ་སོལ་ཅིག་པས། གསོལ་བ་བཏབས་པ། ནཱ་རོ་ཆོས་ཀྱི་སྨན་པ་ཡིས། །དམ་ཆོས་སྨན་གྱི་སྨན་སྦྱོར་གྱིས། །འགྲོ་བ་ནད་ཀྱི་གདུངས་པ་ལ། །ཉོན་མོངས་ཟུག་རྔུ་དབྱུང་དུ་གསོལ། །གང་ཡང་སྐྱེ་བ་མེད་པ་ཡི། །རང་རིག་རང་གསལ་ནམ་མཁའ་ལ། །དམ་ཆོས་སྤྲིན་གྱི་ཆར་རྒྱུན་ཀྱིས། །གདུལ་བྱའི་ལོ་ཏོག་སྨིན་པར་མཛོད། །ཅེས་ལུང་བསྟན་ཏོ། །རྡོ་རྗེ་མཁའ་འགྲོ་མས། སྨིན་གྲོལ་གྱི་རྗེས་སུ་ཟུངས་བ་གཅིག་པར་གསོལབཏབས་པ། །དེ་ནས་ནཱ་རོ་པ་ཉིད་ཀྱི་ཞལ་ནས། བླ་མ་སངས་རྒྱས་བཀའ་ལུང་དང་། །རྡོ་རྗེ་སྤུན་གྱི་གསུང་བཞིན་དུ། །མདོ་རྒྱུད་སྙིང་པོ་དོན་གྱི་བཅུད། །ངེས་མེད་ཡུལ་དུ་སྒྲོགས་པར་བྱ། །ཞེས་ཞལ་གྱིས་བཞེས་པ་དང་། བླ་མ་ཏཻ་ལོ་ནམ་མཁའ་ལ་མི་སྣང་བར་གྱུར་ཏོ། གདུལ་བྱ་སྐལ་བར་ལྡན་པ། དད་ཅིང་གྲོལ་བར་གྱུར་ནས། བསྟན་པ་དར་ཅིང་རྒྱས་པར་མཛད་དོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནཱ་རོ་པ་ཞེས་བྱ་བའི་རྣམ་པར་ཐར་པ་ཡིན་ནོ། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད། རྣམ་ཐར་ཡི་གེར་བཀོད་པའོ། །བརྡ་དོན་གྲོལ་བྱེད་དོ། །རྫོགས་སོ། །འདིར་མ་དཔེ་ལས་མར་པའི་རྣམ་ཐར་མ་ཚང་།

མི་ལ་རྡོ་རྗེ་རྒྱལ་མཚན་གྱི་རྣམ་ཐར།

༄༅། །གངས་ཅན་རྒྱུད་འཁྲུངས་འགྲོ་བའི་དོན་དུ་ཡང་། །བསྒྲུབ་ལ་གཙོར་མཛད་རྗེ་བཙུན་ཆེན་པོ་ཡི། །ཞབས་ལ་བཏུད་དེ་དེ་ཉིད་རྣམ་ཐར་ཉིད། མ་འོང་སྐལ་ལྡན་དོན་དུ་བྲི་བར་བྱ། །དེ་ལ་རྗེ་བཙུན་ཆེན་པོ་མི་ལ་རས་པ་ཞེས་ཡོངས་སུ་གྲགས་པའི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདི་ཡི་རྣམ་ཐར་ནི། ཡོན་ཏན་བརྗོད་ཀྱི་མི་ལངས་པ་ཡིན་པ་དང་། ཅུང་ཟད་བརྗོད་པར་བྱ་སྟེ། འདི་ལ་དང་པོ་རིགས་དང་འབྲེལ་བ་དཀའ་བ་སྤྱད་པའི་ཡོན་ཏན་ནི། བོད་ཡུལ་ཁ་བ་ཅན་གྱི་ཡུལ་འགོ་བལ་པོ་དང་ཁད་ཉེ་བ། རྒྱ་བོད་ཐམས་ཅད་འདྲིམ་པའི་ལམ། འཕགས་པ་ཐུགས་རྗེ་རང་བྱུང་འབྱུང་བའི་གནས། དེ་ཡང་མི་རིང་བ་ཞིག་སྟེ། གུང་ཐང་གི་རྩ་ཞེས་བྱ་བར། རིགས་ནི་ཁྱུང་པོ་སྟེ། ཡབ་ནི་ཤེས་རབ་རྒྱལ་དང་། ཡུམ་འབྲོ་ཟ་དར་འོད་ཞེས་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་སྟེ། སྲིང་མོ་ཡང་ཏེ་པ་ཏེབ་ཅུང་ཞེས་བྱ་བ་གཉིས་སྟེ། ལྕམ་སྲིང་གསུམ་མངའ་བ་ལས། དེར་ཡབ་སྲས་ཀུན་ལ་ཕ་སྤུན་དྲག་རྩལ་ཅན་མང་པོས་ཀྱང་། ཆ་རྐྱེན་བག་རེ་ཕྲོགས་ཏེ། ཤིན་ཏུ་ཁ་ཉེན་བར་ཡོད་པའི་དུས་སུ། ཡབ་ཤེས་རབ་རྒྱལ་ན་རེ། ཡོ་སྐོལ་ལ་ཡོན་ཏན་གྱི་ཁ་མ་བཟུངས་ནས། སྐྱིད་མེད་པས་ཁྱོད་ཀྱིས་དབུས་གཙང་མཐིལ་ན་མར་ལ་སོང་ལ། མཐུ་སེར་སློབས་ཅིག་གསུངས་ནས། ཆ་རྐྱེན་མང་དུ་བསྐུར་བས། དེར་དབུས་སུ་འོངས་ཏེ་ཡར་ལུང་དུ་སྙག་སྟོན་ཁྲོམ་རྒྱལ་ལ་ནོར་མང་དུ་ཕུལ་ཏེ་སེར་བ་ཞུས་ནས་བསྒྲུབས་པས། དུས་དེར་ཡུལ་དུ་སེར་བ་འབེབས་པའི་སེར་གཏའ་སྐྱེལ་བ་ལ། མི་སྟོབས་ཆེ་བ་གཉིས་དང་འགྲོགས་ནས་ཕྱིན་ཏེ། སྔ་མ་རེས་ཕབས། ཕྱིར་ལོ་གསུམ་དུ་དེ་ལྟར་ཕབས། ཕྱི་མ་རེས་ལ་སེར་གཏའ་ནུབ་མོ་བསྐྱལ་ནས་ཐུན་གཏོར། མཐོ་རངས་ཡར་འོངས་སྟེ་རི་ལ་སླེབས་ཙམ་ན། སེར་བ་ཆེན་པོ་བྱུང་། བྲག་ལ་གབས་པས་རྔོན་པས་མཐོང་སྟེ། ཡུལ་མི་ལ་སྦྲན་པས། གཉིས་པོ་བྲོས་པས་ཐར། ཟླ་བོ་གཅིག་ཟིན་པ་ལ་བརྟེན་ནས་དུམ་ཕྱུང་། དེར་ཡུལ་གྱི་མི་དང་འཆམ་བྱས། གཞན་ཚོ་ལ་སྒོས་སུ་མཐུ་བྱས་ཏེ། རོང་དུ་ལྷ་རྗེ་གནུབ་ཆུང་བ་ལ་མཐུ་ཞུས་པས་ཏེ། དགྲ་རྣམས་ཚར་བཅད་དེ། སྲོག་སེར་གཉིས་ཀ་མཐར་ཐོན་པར་བྱས། དེར་ཡང་སྐྱོ་བ་ཡང་སྐྱེས་ཏེ། སེར་བ་འདི་ཡང་སྡིག་པའི་ལས་ཡིན་པས། ཆོས་གཅིག་བྱ་དགོས་བསམ་ནས། ལ་སྟོད་དང་རོང་གཉིས་བྱེད་པའི་ལྷ་རྗེ་རོང་སྟོན་ལྷ་དགའ་ཞེས་བྱ་བ། རྫོགས་ཆེན་དང་བསྒྲུབ་པ་སྡེ་དྲུག་ལ་སོགས་པ་མཁྱེན་པའི་གསང་སྔགས་རྙིང་པ་བ་ཆེ་བ་གཅིག་ཡོད་པར་འདུག་པས། རྣམ་བཞག་བྱས་ཏེ། རྫོགས་པ་ཆེན་པོ་མཉན་བའི་དུས་སུ། འབྲེ་སྟོན་གྱི་ངེད་ཀྱི་དམ་ཆོས་རྫོགས་པ་ཆེན་པོ་བྱ་བ་འདི་ཐེག་པ་རིམ་པ་དགུའི་ཡང་རྩེ་ཡིན། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་བྱ་བ་ཡིན། དེའི་བཤད་སྲོལ་བཏོད་པ་ལ་དུས་ད་ལྟ་ང་བས་མཁས་པ་མེད། ངེད་ཀྱི་འདི་རྩ་བ་གཏན་ཟུག་ཡིན་ཏེ། གཞི་གཏན་ལ་འབེབས། རྩེ་མོ་བྱུང་རྒྱལ་ཡིན་ཏེ། འབྲས་བུ་གཏན་ལ་འབེབས། ཁ་གསེར་དང་ཁ་གཡུ་ཡིན་ཏེ་འདི་ཟབས། ཟུར་བཞི་ལོགས་དང་བཅས་པ་ཡིན་ཏེ། མཁའ་ལྟར་མས་ཕུབས་ནས་ལས་རྒྱུ་འབྲས་ལ་ཆེད་དུ་མི་བྱེད་པ་ཡིན་ཟེར་ཞིང་སྤྲོ་བ་བསྐྱེད་ཡང་སྐབས་སྐབས་ཙམ་ན་ཁོ་དེ་ངེད་ཀྱི་འདིས་ཀྱང་མ་བྱུང་། གཞི་རང་གཅིག་པུའི་ཐོག་ཏུ་ལུས། ལྟ་བ་ཁ་འབྱམས་སུ་སོང་། བསྒོམ་པ་ལ་འབོག་མ་ཐོན། སྤྱོད་པ་ལ་ཉམས་ཀྱི་རྩི་དང་བྲལ། འབྲས་བུ་ལ་སངས་རྒྱས་མ་ཕེབས་པས། འདིས་ཀྱང་མི་འོང་བར་འདུག་ཟེར་སྐད་དེར་སྨྲས་པ། འོ་ན་སློབ་དཔོན་རང་ན་རེ། ངེད་ཀྱི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་འདི། ཐེག་པ་རིམ་དགུའི་ཡང་རྩེ་ཡིན། ནང་རྟོགས་ནས་ནང་སངས་རྒྱས། ནུབ་རྟོགས་ན་ནུབ་སངས་རྒྱས། འདི་ལ་ལྷག་པའི་ཆོས་གཞན་མེད་ཟེར་བ་བྱས་པས། བུ་དེ་ལྟར་མིན་ཏེ། དེ་ཀུན་ཡོ་བླ་མའི་གསུང་སྒྲོས་རྐྱང་པ་ཡིན། ལྟ་བའི་ཁྱེར་སོ་ལེགས་པར་འདུག་ཟེར། ངེད་ཀྱི་རྙིང་པའི་འདི་བྱིན་རླབས་ཀྱི་རྒྱུད་པ་ཆད་པས། ང་རང་ལ་ཡང་ཅི་ལ་ཟེར་བབ་མེད་གསུངས་ནས། ཕ་ཀི་ལྷོ་བྲག་བྱ་བ་ན་མར་པ་ལོ་ཙཱ་བྱ་བས། རྒྱ་གར་དུ་ལན་གསུམ་བྱོན་ནས། རྗེ་ནཱ་རོ་ཆེན་པོ་དངོས་དང་མཇལ་ནས་ད་ལྟ་ཡོད་ཟེར། དེ་ལ་གསང་སྔགས་ཀྱི་ཕ་རྒྱུད་མ་རྒྱུད་ཐམས་ཅད་ཀྱི་གདམས་ངག་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་པར་བྱེད་པ། རྩ་རླུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་ལུས་ལ་འགྲིག་པས་སངས་རྒྱས་པ་བསྲེ་བ་འཕོ་བ་བྱ་བ། མཆོག་དང་ཐུན་མོང་གཉིས་ཀར་ཐོབ་པ་གཅིག་ཡོད་པར་འདུག །ལོ་ཙ་བ་དེ་ཉིད་ཀྱང་ཁ་གླུ་དང་མི་འབྲལ་མགུར་ལེན། ལག་པ་གར་དང་མི་འབྲལ་ཕྱག་རྒྱ་བསྒྱུར་བ། སེམས་ཏིང་ངེ་འཛིན་དང་མི་འབྲལ་བ་འོད་གསལ་རྒྱུན་པར་ཤར་བས་མཉམ་རྗེས་མེད་པ་གཅིག་ཡོད་པར་འདུག །ང་རང་ཡང་དེར་འགྲོའོ་སྙམས་སྟེ། ང་དག་ཁོང་གིས་བསྒོམ་དུ་ཡོད་འདུག་པས་ངས་སྲོག་རྩོལ་བསྒོམ་མི་ནུས་གསུངས་ཏེ། ཁོང་ལ་བླ་མ་ལ་མོས་གུས་གཅིག་པུ་བྱས་ནས། བླ་མས་ཅི་གསུང་བྱས་པས་འབད་རྩོལ་གཞན་མི་དགོས་པར་དུས་ཚོད་གཅིག་ཏུ་སྡིག་སྒྲིབ་ཐམས་ཅད་དག་སྟེ། རྟོགས་པ་འཆར་བ་ཡོད་པར་འདུག་སྟེ། རང་རེའི་རྫོགས་པ་ཆེན་པོ་བཞིན་དུ་གོ་ཡུལ་དང་ཐོས་བསམ་གྱིས་གཏན་ལ་ཕབ་བའི། དོན་སྤྱིའི་རྣམ་པར་ཤར་བ་རྟོགས་པ་བྱས། ཞི་གནས་ལྟེང་པོ་རེ་ལ་བསྒོམ་པ་བྱས་ནས། ངས་ལྷག་མཐོང་རྟོགས་ཟེར་ཀྱང་ལྟ་སྤྱོད་འཛོལ་བའི་རྣལ་འབྱོར་པ་རྣམས་ཐམས་ཅད་དང་ཁྱད་གཅིག་ཡོད་པར་འདུག་སྟེ། གསུངས་ནས། དེར་གཉིས་ཀ་དེར་འདོངས་ངམ་གསུངས་ནས་གཉིས་ཀ་འགྲོ་བའི་གྲབས་བྱས་པས་འབྲེ་སྟོན་ཡིས་ཟེར་སྟེ། ད་ང་རྒས་པས་ཚེ་འདིར་མི་མཇལ་བའི་ཕྱི་མར་སྨོན་ལམ་འདེབས་ཟེར་རོ། །དེར་མི་ལས་བསམས་པས་ག་རེ་སློབ་དཔོན་འདི་ཚོ་ཐམས་ཅད་ཚིག་བཟང་པོ་འབའ་ཞིག་འདུག་སྟེ། སློབ་དཔོན་རང་ལ་ཡང་ཆི་ཅུག་འགྲོ་ཆ་མི་འདུག །དེ་བས་ང་རང་ཡང་ལོ་ཙ་བ་དེའི་དྲུང་དུ་འགྲོ་བར་ཞུ་སེམས་ནས་མོས་པ་དུང་དུང་བ་གཅིག་བྱུང་ནས། སློབ་དཔོན་ང་ལྷོ་བྲག་ལོ་ཙ་བ་དེའི་དྲུང་དུ་འགྲོ་བར་ཞུ་བྱས་པས། བུ་རུང་ཁྱོད་རང་དེའི་དྲུང་དུ་འགྲོ་བ་ལེགས། ང་ནི་མ་ཐོན་བ་ཡིན་གསུངས་སྐད། དེར་ལྷོ་བྲག་ཏུ་བྱོན་ཏེ། ཕྱིས་རྗེ་བཙུན་མི་ལའི་ཞལ་ནས། འབྲེ་སྟོན་དེ་ཡང་བླ་མ་བཟང་པོ་གཅིག་ཡིན་པར་འདུག །གཞན་ཡིན་ན་གཏོང་དུ་མི་སྟེར་གསུངས་སྐད་དོ། །དེ་ནས་བླ་མ་མར་པ་ལོ་ཙ་བ་དང་། མཁྱེན་ལུང་དགོན་པར་མཇལ་ཏེ། ཆོས་དང་ཟང་ཟིང་གཉིས་ཀ་ཞུ་བྱས་པས། གཉིས་ཀ་མི་འོང་གཅིག་བྱ་ཟེར་སྐད། ཕྱག་རྟེན་རས་ཤར་གཅིག་དང་བུར་ལྟང་གཅིག་ཡོད་གསུང་། ལུང་པ་དེ་ན་ཡར་གླུ་བླངས་པས། སྟོན་ཀ་ཡིན་པས་ཉི་མ་གཅིག་ལ་ནས་ཁལ་བདུན་རྙེད་པས། ཁྱོད་མི་དགོད་ཆོས་དགོད་འོང་བ་གཅིག་འདུག་གསུང་ནས། ལར་ཉི་མ་བཞི་ལ་ནས་ཁལ་ཉི་ཤུ་ཙམ་རྙེད་པས། བླ་མ་དགྱེས་སྐད། ཡུལ་དེའི་སྨད་དུ་མར་པ་ནག་པོ་དང་འགྲས་པས། ཞབས་ཏོག་ཏུ་སེར་བ་བྱས། དུས་དེར་གཙང་ནས་མེས་ཚོན་པོས་འབུལ་བ་བསྐྱལ་བ་ཞིང་ཞོ་གཅིག་མལ་གཅིག་ཚོས་ལྟ་བུར་ལྟང་ལ་སོགས་པས་གང་བ་ལ། མདོ་མང་པོ་ཏི་སུམ་ཅུ་རྩ་གཅིག་དང་། མཁར་དགུ་ཐོག་གཅིག་བྱེད་པ་ལ་དེའི་རྡོ་སྐྱེད་པའི་དུས་སུ། རྡོས་སྒལ་པ་བྱུང་བ་ལ་སྒལ་ཁང་བྱས་ནས་རྡོ་ཁུར་བས། ཨར་པོ་མི་བཅུ་གསུམ་ཡོད། དེར་ལོ་རེ་ལ་ཐོག་རེ་ཟིན། གཞན་དག་ན་རེ་ཐོག་གསུམ་ཕུབས་ནས་གདམས་ངག་གནང་ཡང་ཟེར་རོ། །དེ་ལ་ཐོག་ལྔ་ཐོན་དུས་སུ། རྒྱུད་ཀྱི་བཤད་ཚོད་ཀྱི་གཞུང་དང་། དབང་བྱིན་རླབས་ནི་མང་དུ་ཐོབ་བོ། །ཐོག་བདུན་ཚར་བའི་དུས་སུ། ཨ་མ་ཇོ་མོའི་ཞལ་ནས། བུ་འདི་དཀའ་བ་དཔག་ཏུ་མེད་པ་རྗེ་བཙུན་ཉིད་ཀྱི་དཀའ་བ་སྤྱད་པ་ལྟ་བུ་བྱས། ལོ་ཡང་མང་དུ་སོང་གསུང་ནས། འདི་ལ་གདམས་ངག་འདེབས་པར་ཞུ་བྱས་པས། ཐབས་ལམ་གྱི་སྐོར་དང་། བསྲེ་འཕོའི་གནད་མང་དུ་གནང་། དབང་རྫོགས་ཀྱང་ལན་ལྔ་ཐོབ། གསང་མཚན་བཞད་པའི་རྡོ་རྗེ་དང་། རྡོ་རྗེ་རྒྱལ་མཚན་དུ་བཏགས་སོ། །རྗེ་མི་ལའི་སེམས་ལ་དྲན་པ་དེ་ལོ་ཙ་བས་མཁྱེན་ནས་བུ་ཁྱེད་རང་རྔོག་གི་ཕྱིར་སོང་ལ་གདམས་ངག་ཞུས་ཅིག །སང་གནངས་ཙམ་ན་འདིར་ཤོག་ཟེར་ཏེ། རྔོག་གིས་འབུལ་བ་བསྐྱལ་བའི་ཕྱི་ནས་གདམས་ངག་ཞུས་ཏེ། རི་བོའི་མི་ལ་ཕུག་བྱ་བ་ད་ལྟ་ཡང་ཡོད་པ་དེར་བསྒོམས། རི་བོ་ན་ཡོད་ཙ་ན། རྔོག་གིས་འབྲི་གཡག་དོལ་ཀྱི་གཡལ་མོ་བས་ཁྱེར་བ་དང་། དེ་ལ་སེར་བ་ཕབས། དེར་ད་རུང་རྔོག་གིས་སེར་བ་ཡིན་ངེས་མེད་ཟེར་བ་ལ། ཡང་བསྐྱར་བས་ལོ་ཏོག་ཐམས་ཅད་རྡུལ་དུ་བརླགས། དེར་ཤིང་ཕུང་རེ་རེའི་རྩ་ན་ཡང་བྱ་བྱེའུ་ཐུ་བ་རེ་ཤི་བའི་རོ་བཏུམས་ཏེ། བླ་མ་ལ་ཡུས་གསོལ་ཏེ། ང་འདོད་པའི་དགེ་བ་འདོད་པ་ལ། སྡིག་པ་འདི་འདྲ་བྱས་གསུང་པས། རྔོག་ན་རེ་བུ་ང་ལ་བླ་མ་མར་པས་ནཱ་རོ་པ་ལ་ལན་གསུམ་ཞུས་པའི་ཐ་མ་ལ་གསུངས་པའི་གདམས་ངག །སུ་ལ་ཡང་མ་བྱིན་པ་ཁྱོད་ལ་སྦྱིན་གསུངས་ནས། ཨ་ཏུང་གནང་ངོ་། །དེར་ལྷོ་བྲག་ནས་ཇོ་མོས་འཕྲིན་བསྐུར་བ་དང་། ང་ཡང་རྔོག་འབུལ་བ་སྐྱེལ་བའི་ཉེ་གནས་བྱས་ཏེ། ལྷོ་བྲག་ཏུ་བྱོན་ནས། གདམ་ངག་བསྐྱར་བ་ཞུས་དགོས། དེ་ནས་ལྷོར་བཞུད་བཞེད་པ་ནས། ལྷོ་ནས་རྣམ་ཞག་བྱས་པས། བདེ་མཆོག་སྙན་རྒྱུད་གསང་བ་རིན་པོ་ཆེ་དབང་བྱིན་རླབས་དང་། གདམས་ངག་ཇོ་མོ་ལྷན་ཅིག་སྐྱེས་མ་དང་བཅས་པ་གནང་ངོ་། །དགྱེས་རྡོར་གདམས་པ་བཤད་དང་། གསང་འདུས་རིགས་ལྔ་གདན་གཅིག་ལ་བསྒོམ་པ་དང་བཅས་པ་རྫོགས་པར་མཛད་ནས། ཁྱད་པར་དུ་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ལ་ལྔ་གནང་ལྷག་མ་བཞི་རྒྱ་གར་ན་ལུས་པས་ཚོལ་གཅིག་གསུངས་སོ། །རྗེ་མར་པས་ཁྱོད་སྙིང་རུས་ཆེ་བས། བླ་མའི་བཀའ་བསྒྲུབ་པ་གཅིག་འདུག་པས་ཉམས་ལེན་གཙོ་བོར་གྱིས་ཅིག་གསུངས་ནས། གདམས་པ་ནན་ཏན་ཏུ་གསུངས་ཏེ། དེ་ནས་གཙང་དུ་བྱོན། །རྒྱ་གར་དུ་འགྲོ་བར་བསམ་པ་ལས་གསེར་མེད་པས་མ་ཐོན། བླ་མའི་གསུང་གིས་ཉམས་ལེན་གལ་ཆེ་གསུངས་ནས་བསྒྲུབ་པ་ལ་ཞུགས་སོ།། ༈ གཉིས་པ་ཏིང་ངེ་འཛིན་དང་འབྲེལ་པ་ཉམས་སུ་མྱོང་བའི་ཡོན་ཏན་ནི། དེར་རང་ཡུལ་དུ་ཕྱིན་པས་ཕ་མ་གཉིས་སྔ་མོ་ཤི་བས། ཞིང་ཀུན་ཡང་ཐ་བར་སོང་། ཁང་ཐོག་ཏུ་རྩ་སྐྱེས། སྒོ་ཡང་ཞིག་དང་བར་ལུག་པས། དེའི་ནུབ་མོ་རང་གི་ཁངས་པར་གཟིམས་པས། ཀྱེ་མ་འཁོར་བའི་མཚན་ཉིད་འདི་འདྲ་སྙམ་པས་མགུར་བླངས་པ། ཀྱེ་མ་འཁོར་བའི་སྙིང་པོ་མེད། །མི་ཡོད་ནོར་མེད་སྙིང་པོ་མེད། །ནོར་ཡོད་མི་མེད་སྙིང་པོ་མེད། །མ་ཡོད་བུ་མེད་སྙིང་པོ་མེད། །བུ་ཡོད་མ་མེད་སྙིང་པོ་མེད། །ཐམས་ཅད་འཛོམ་ཡང་སྙིང་པོ་མེད། །དགོས་རྒུ་ཚང་ཡང་སྙིང་པོ་མེད། །སྙིང་པོ་མེད་པའི་དུས་འདི་རུ། །རྣལ་འབྱོར་སྙིང་པོ་ཅེས་མི་བླངས། །ཅེས་གསུང་སྐད་དོ། དེ་ནས་ཕྱི་དེ་ནང་པར་སློབ་དཔོན་གཅིག་ལ་ཞིང་ཁང་ཀུན་ཕུལ་ནས། དབྱར་དེ་རང་ཡུལ་གྱི་རི་བྲག་ནག་བྱ་བ་ལ་བསྒོམས། བརྒྱགས་མེད་པས་ཚོད་མ་ཟ་འཐུངས་སྟེ། གོས་མེད་པས་ཐུལ་ཀོག་གཅིག་གི་སྨད་ནས་བྲགས་ཏེ་སྟོད་དུ་ཀླན་བ་བྱས། སྲིང་མོ་ཏེ་པས་ནི་སྣམ་བུ་གཅིག་བྱིན་ནས་ཕྱིར་ལ་གཏད། དུས་གཅིག་ན་ཞང་ནེ་མོ་གཅིག་དང་སྲིང་མོ་ཏེ་པས་ཆང་བུམ་པ་གང་འོངས་པས་འཐུང་མ་ནུས། དེར་ནི་མཚན་གཉིས་པོ་ན་རེ་ངེད་ཀྱི་མིང་པོ་འདི་བཞིན་དུ་སོང་ཟེར་ནས་བལྟས་པས། རུས་འགོ་པགས་ཀྱིས་གཡོགས་པ་ཙམ་དུ་འདུག་སྟེ། ཡང་རི་ལ་བྲོས་ནས་བསྒོམས་པས་དེའི་དུས་སུ། ཉམས་ཀྱི་གཏུམ་མོ་བྱ་བ་མཁའ་འགྲོ་མས་ལུང་བསྟན་ཏེ། ཙོག་པུའི་གནད་ཀྱི་ལུས་ཀྱི་བདེ་བ་བཙལ། སྲོག་རྩོལ་གྱི་ཆིངས་ཀྱིས་བར་གྱི་ངག་གི་བདེ་བ་འབར། སྲོལ་མདུད་ཀྱི་གཤིས་ཀྱི་སེམས་ཀྱི་བདེ་བ་སྒོམ་པས། ཉམས་རྟོགས་དཔག་ཏུ་མེད་པ་དེ་ནས་ཐོན་གསུང་ངོ་། །དུས་གཅིག་ཙམ་ན་ལུང་པའི་མདའ་རུ། རུ་བ་ཚན་གཅིག་བྱུང་བའི་ནང་ན་ནེ་ནེ་མོ་གཅིག་འདུག་པས། བརྒྱགས་མེད་པས་རྐེད་པ་བསྐྲིས་པས་སྐྲུར་ཕྱིན་ཙམ་ན། སྦྲ་རྩ་ན་མར་ཕྱིན་ཙམ་ན། ནེ་ནེ་མོས་ཚུག་ཤིང་ཐོགས་ནས་དེད་དུ་བྱུང་། ཡང་བྲོས་པས་བྲག་གསེབ་ཏུ་བསྒོམས། བྱ་རྒོད་ཀྱི་སྒྲོ་ཐུ་བ་དང་རྔོན་པ་འདྲ་བ་ཨེན་རེ་ཙམ་མཐོང་། ཟ་ཚོད་བྱས་ཤིང་བསྡད་པ་ལ། ལན་གཅིག་རྔོན་པ་འགའ་དྲོ་འདེབས་པའི་རྩར་བསྐྲུས་པས། ལུས་ལ་ཟ་སྤུ་སྐྱེས་པས། ཐེའུ་རང་ཡིན་སྙམས་ནས་དེད་དུ་བྱུང་བ་ལ། ང་མི་ལ་ཐོས་པ་དགའ་ཡིན་བྱས་པས་སྐད་ངོ་ཤེས་པར་བྱུང་ནས་དྲོ་ཕྱེ་མང་དུ་བྱིན། བརྒྱག་སྐྱེལ་ཟེར་བ་ལ་སོ་སོའི་གཡེངས་བས་བརྗེད་དོ། །དུས་གཅིག་ཙམ་ན་ཆང་ས་གཅིག་ཏུ་སྤྲང་མོ་གཅིག་བསྐྲུས་པ་ལ། ཁྱོད་སུ་ཡིན་བྱས་པས། ང་ཁྱུང་པོ་ཟ་ཡིན། ཕ་མ་མེད། མིང་པོ་མི་ལ་ཐོས་པ་དགའ་བྱ་བ་ཡིན་ཏེ། རི་ཁྲོད་པའི་རྣལ་འབྱོར་པ་ཡིན་བས་གར་ཤི་ཆ་མེད་ཟེར། དེར་མིང་པོ་ལུང་པ་འདི་གད་བྱ་བའི་བྲག་ལ་ཡོད་བྱས་པས་དགའ་ནས་སྐྲུན་ཟན་རྐྱལ་པ་གང་པོ་ཁྱེར་ནས་སོང་བས། དེ་ལ་ཟླ་བ་གཉིས་ཙམ་ཡི་བརྒྱགས་བྱས། དེ་ནས་སྲིང་མོ་དེ་ལན་རེ་བསྐྲུས་པས་ཐམས་ཅད་བསྐྱལ་གསུངས། དེར་རི་ཁྲོད་ནགས་ཁྲོད་འབའ་ཞིག་འགྲིམས་ཏེ། རག་མའི་བྱང་ཆུབ་ནམ་མཁའ་རྫོང་བྱ་བ་ལ་བཞུགས་པའི་དུས་སུ། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལས། རྨི་ལམ་སུ་རྨོ་རྐོ་བྱས་པ་རྨིས་པས། དེའི་མགུར་ནི།། ༈ མཉམ་པ་ཉིད་ཀྱི་ས་གཞི་ལས། །དད་པ་སྔོན་འགྲོའི་ཆུ་ལུད་གཡོགས། །བདུད་རྩི་ལྔ་ཡི་རླན་གྱིས་སྦངས། །འཁྲུལ་རྟོག་མེད་པའི་ས་བོན་བཏབས། །གཉིས་མེད་གླང་པོ་དོར་བརྡབས་ནས། །ཐབས་དང་ཤེས་རབ་གཤོལ་བཏགས་ཏེ། །དམ་ཚིག་ཡེངས་མེད་ཆང་ཟུངས་ནས། །བརྩོན་འགྲུས་དྲག་པོའི་ལྕགས་ཀྱིས་བྲབས། །ཐ་བ་སྲ་ཡང་ཕེད་དེ་མཆི། །འབྲས་བུ་དུས་སུ་བསྙིན་སྟེ་མཆི། །ཞིང་པའི་དཔེ་དང་སྦྱར་བ་འདི། །རྣལ་འབྱོར་པ་ཡི་རྨི་ལམ་ལགས། །རྨི་ལམ་མི་ངན་བཟང་བ་རྨིས། །ཚིག་ཙམ་དོན་ལ་སྐྱེས་པ་མེད། །མཚོན་པ་ཙམ་ལས་མ་སྐྱེས་པས། །སླད་ཀྱིས་བྱང་ཆུབ་བསྒྲུབ་པ་རྣམས། །ཉམས་སུ་ལེན་ན་འདི་བཞིན་ལོང་། །ཅེས་གསུངས་སྟེ། འདི་མིན་ཀྱང་ཏིང་འཛིན་དང་འབྲེལ་པའི་ཉམས་སུ་མྱོང་བའི་ཡོན་ཏན་ཡིན་མོད་ཀྱང་། འོན་ཀྱང་ཞིབ་ཏུ་བྱེད་ན། གསུམ་པ་ཁྱེར་སོ་བསྟན་པའི་ཡོན་ཏན་ནི། དེ་ནས་དབྱར་བྲག་རི་ལ་བསྒོམས། དགུན་ནགས་གསེབ་ཏུ་བསྒོམས་པས། ཀུ་ཐང་ཕྱེ་ཡུལ་གྱི་བྲག་གར་སྤོ་མཐོན་རྡོ་རྗེ་རྫོང་ལ་བསྒོམས་པའི་དུས་སུ། མགུར་བཞེངས་པ།། ༈ བྲག་གར་སྤོ་མཐོན་ནམ་མཁའི་རྫོང་། །ནམ་མཁའི་རྫོང་གི་དཀྱིལ་ཤེད་ན། །སྟེང་ན་ལྷོ་སྤྲིན་སྨུག་པོ་འཐིབས། །འོག་ན་ཆབ་རྒྱལ་རྩང་པོ་འཕྱོ། ལོགས་ལ་ཐང་ཀར་རྒོད་པོ་ལྡིང་། །བར་ན་གཅན་གཟན་མང་པོ་རྩེ། །དེ་ལྟ་བུ་ཡི་དབེན་གནས་བདེ། །འདུ་འཛིན་མེད་པའི་དགོན་པ་བདེ། །ཉལ་བ་མེད་པའི་འདུག་ལུགས་བདེ། །གྲང་བ་མེད་པའི་རས་གོས་བདེ། །ན་ཚ་མེད་པའི་སྒྱུ་ལུས་བདེ། །འཛིན་ཆགས་མེད་པའི་འགྲོ་འདུག་བདེ། །ཞུམ་པ་མེད་པའི་རཏལ་ཤུགས་བདེ། །འདི་དྲུག་ལུས་ཀྱི་ཁྱེར་སོ་ལགས། །ཐབས་དང་ཤེས་རབ་བསྒོམ་པ་བདེ། །རྒྱུན་ཆད་མེད་པའི་བསམ་གཏན་བདེ། །རང་རིགས་འོད་གསལ་རྟོགས་ན་བདེ། །གཉིས་སུ་མེད་པའི་ལྟ་བ་བདེ། །དབུགས་འགྲོ་འོང་མེད་པའི་ངང་ཤེད་དུ། །རྣམ་རྟོག་ཐམས་ཅད་ནུབ་སྟེ་བདེ། །ལྷ་བསྐྱེད་རྫོགས་གཉིས་ཀྱི་ངང་ཤེད་དུ། །ལྟ་བ་ཐམས་ཅད་འདུས་ཏེ་བདེ། །ཐབས་ཤེས་རབ་གཉིས་ཀྱི་ངང་ཤེད་དུ། །ཆོས་རྣམས་ཐམས་ཅད་འདུས་ཏེ་བདེ། །འདི་དྲུག་སེམས་ཀྱི་ཁྱེར་སོ་ལགས། །གདམས་ངག་ཁ་རུ་བཏོན་ནས་བཞག །ཉམས་མྱོངས་གླུ་རུ་བླངས་ནས་བཞག །ཆོས་ཉིད་གཏན་ལ་ཕབས་ནས་བཞག །ལྟ་སྤྱོད་ཟུང་དུ་བསྡེབས་ནས་བཞག །མང་དུ་བཤད་པས་ཉུང་དུ་བསྡུས། །ཕྱི་རབས་རྟེན་ཀྱི་གང་ཟག་རྣམས། །ཉམས་སུ་ལེན་ན་འདི་བཞིན་ལོང་། །ཅེས་གསུངས་སོ། ༈ །བཞི་པ་ལ་ཕྱི་གངས་ཅན་དུ་བསྒོམས་པས། ཕྱོགས་བཞིར་སྙན་པའི་གྲགས་པས་ཁྱབ་པའི་ཡོན་ཏན་ནི། དུས་རེས་ཤིག་ན་བྲེང་དུ་ཕྱིན་པས། ཡོན་བདག་དང་སློབ་རིས་མང་དུ་ཡོད་པའི་དུས་སུ། ཡོན་བདག་རྡོར་མོ་གཟའ་མིས་རྗེ་བཙུན་ལ་མཆོད་གནས་སུ་ཞུས་ཏེ། ཕྱེ་བྲེ་དོ། འབྲས་བྲེ་གང་། ཤ་གཟུགས་ཅིག །མར་ཤག་གཅིག་བསྣམས་ནས། བླ་མ་སུས་བཤོལ་ཡང་མ་བཞེད་དོ། །སྔོན་ལ་བཞུད། །བརྒྱགས་གནངས་སྐྱེལ་བར་བྱས་ཏེ། ཁ་བ་ཉིན་མཚན་བཅོ་བརྒྱད་བབ་པས། བླ་མ་དུག་ཕུགས་སུ་ལུས་སོ། །དེའི་དུས་སུ་མི་ཐམས་ཅད་ཀྱིས་གྱོད་ཀ་བྱས་ཏེ། བླ་མ་ཁྱེད་ཀྱི་སྐུ་ལ་བར་ཆོད་བྱས་ཟེར། མ་ཇོ་གདོར་མོ་ཡང་རྗེ་བཙུན་སྐུ་གཤེགས་ཟེར་ཞིང་ལེ་ལན་དེད། དབྱར་དེ་ནས་ཟླ་བ་བདུན་སོང་བའི་དུས་སུ། གདུང་རུས་ཚོལ་བའི་མི་གསུམ་བརྫངས་པས། མིས་ལ་ཀ་ནས་ཀུ་བཏབས་པས། བླ་མས་དུད་མདའ་བྱས་པས། ཡང་ན་གཅན་གྱིས་རི་དྭགས་བསད་པའི་ཐེད་འདྲ་བའམ། ཡང་ན་རྔོན་པས་བརྒྱགས་བྱིན་བས་མ་གྲོངས་སམ། སྲིད་དམ་སེམས་པས་འོངས་པ་དང་རི་དྭགས་ཆེན་པོ་བྲག་ཀ་ནག་འདུག་པ་ཡང་མཐོང་། དེ་ནས་བྲག་རྩར་ཕྱིན་པས་མགུར་གསུངས་པ་ཐོས་པས་ཡིད་ཆེས། སྤྱན་སྔར་ཕྱིན་པས་བླ་མ་ཤིན་ཏུ་སྐུ་ཉམས་ཤིན་ཏུ་ཆེ་བར་སྣང་བ་དང་། མཁའ་འགྲོ་མས་འཚོ་བ་དྲངས་པའི་ལོ་རྒྱུས་གསུངས་ཏེ། སྔར་གྱི་ཤ་མར་གྱི་ཕྱེད་དང་། འབྲས་བྲེ་གང་ཕྱེ་ད་རུང་ཡོད་པ་རྣམས་ལ་དྲོ་བྱས། བླ་མ་མི་བཞུད་པ་ལ་ཁོང་གསུམ་གྱིས་དབང་མེད་བྱས་ཏེ་འོངས་པས། ལ་ལ་ཁ་བས་མིག་མི་ཕྱིད་དམ་ཞུས་པས། ལེགས་པར་འོངས་གསུངས་ནས་འོངས་སོ། །བླ་མ་འོད་ཉི་མ་དང་འདྲ་བར་དྲོ་བར་བྱུང་ནས། ཁ་བས་མ་བསྡིགས་པར་བྲེང་དུ་སླེབས་པ་དང་། ཡུལ་མི་རྣམས་ཀྱི་སྐུ་ཁམས་བདེ་འམ་བྱས་པས། སྙུན་ལམ་ལ་ཕྱིའི་གངས་མགུར་གསུངས་པ་ནི།། ༈ དཔལ་དི་རིང་བཀྲ་ཤིས་ཁྲི་གདུག་ལ། །ཁྱེད་ཕྱག་མཇལ་གྱི་ཡོན་བདག་ཕོ་མོ་རྣམས། །ཡོ་སྐོལ་མ་ཤི་ཕྲད་པས་བློ་བ་དགའ། །ང་མི་རྒན་གླུ་ཡི་གཏེར་མཛོད་ཡིན། །སྙུན་དྲི་མེད་ལན་ལ་གླུ་ཡིས་མཇལ། །ཡོང་སྟག་གི་ལོ་ཡི་ལོ་བཞུག་གམ། །ཡོས་བུ་ལོ་ཡི་ལོ་འགོ་ལ། །ཝ་བརྒྱལ་ཟླ་བ་ཡི་ཉ་དྲུག་ལ། །འབྲོག་ལ་ཕྱི་གངས་ཀྱི་ར་བ་དེར། །མི་ངས་ཀྱང་དབེན་ས་བསྙག་ཏུ་ཕྱིན། །དེར་གནམ་ས་གཉིས་ཀྱི་གྲོས་བྱས་པས། །སྐྱིབས་སེར་རླུང་གིས་བང་ཆེན་བརྫངས། །ལྷོ་སྤྲིན་སྨུག་པོའི་མདུན་མ་བསྡུས། །རྒྱུ་སྐར་ཉི་ཤུ་རྩ་ལྟོང་ལ་བརྒྱུས། །ཁྲིམས་ཀྱི་གཟའ་བརྒྱད་ལྕགས་སུ་བཅུག །སྐར་ཆེན་ཡོངས་ལ་བུད་ཀྱིས་བཏབས། །བུད་ཀྱིས་འདངས་གཡོས་པའི་ཐ་མ་ལ། །ཁ་བ་ཉིན་དགུ་མཚན་དགུ་བབ། །ཁ་བ་ཉིན་མཚན་བཅོད་བརྒྱད་བབ། །བབས་ཆེ་སྟེ་ཆེ་བ་བལ་འདབ་ཙམ། །འདབ་ཆགས་བྱ་ལྟར་ལྡིང་ཞིང་བབ། །འབྲིང་སྟེ་འབྲིང་བ་འཕང་ལོ་ཙམ། །བུང་བ་ལྟ་བུར་འཁོར་ཤིན་བབ། །ཆུང་སྟེ་ཆུང་བ་སྲན་འབྲུ་ཙམ། །ཁུམ་འཕང་བཞིན་དུ་འདྲིལ་ཤིན་བབ། །ཡང་ཆུང་ཡུངས་ཀར་ཙམ་བབ་སྟེ། །ལྕགས་ཕྱེ་ལྟ་བུར་འཐུལ་ཞིང་བབ། །ལར་ཁ་བ་ཆེ་ཆུང་ཚད་ལས་འདས། །མཐོ་གངས་ཀར་རྩེ་མོ་དགུང་དང་མཉམ། །དམའ་རྩི་ཤིང་ནགས་ཚལ་རྒྱ་ཞོར་མནན། །རི་ནག་པོ་རྣམས་ལ་སྐུ་དཀར་གསོལ། །མཚོ་ཆུ་རླབས་ཅན་ལ་དར་ཆགས་བཏབས། །རྩང་ཆབ་སྔོན་མོ་སྦུབས་སུ་བཅུགས། །ས་མཐོ་དམན་མེད་པ་ཐང་དུ་བསྙམས། །ཕུ་ན་མདུང་བཙུགས་རྩེ་མ་མངོན། །སྐབས་སུ་གཞུ་བཙུགས་མཆོག་མི་མངོན། །མདའ་ན་མདའ་བཙུག་ལྟོང་མི་མངོན། བབ་དེ་ལྟར་ཆེ་བའི་ངང་ཉིད་ཀྱིས། །སྤྱིར་དབུ་ནག་མི་ལ་བཟང་བཙོན་བྱས། །སྒོས་རི་དྭགས་སྨན་མའི་འཚོ་བ་བཅད། །རྐང་བཞིའི་ཕྱུགས་ལ་མུ་གེ་བྱུང་། །འབངས་བྱོལ་སོང་ཀུན་ལ་བཀའ་ནན་བབས། །སྟེང་འདབ་ཆགས་བྱ་ལ་བརྒྱགས་ཆད་བྱུང་། །འོག་བྲ་བ་བྱི་བའི་ཁང་བུ་བརྡིབས། །དེ་འདྲའི་སྐྱ་འདངས་ཀྱི་སྐལ་པ་ལ། །སྟེང་ནས་འབབ་པའི་རྒུང་སྤབས་དང་། །དགུན་ལོ་སར་སྒང་གི་ལྷགས་པ་གཉིས། །ང་མི་ལ་རས་པའི་རས་གོས་གསུམ། །གངས་དཀར་གྱི་རྩེ་ལ་འཁྲུག་པ་ཤོར། །མིན་ན་རས་གོས་དྲོད་ཆེ་སིན། །ཁ་བ་བབ་རྒྱལ་ཆབ་ཏུ་ཞུ། །རླུང་འ་འུར་ཆེ་ཡང་རང་ཞིར་ཐལ། །སྤྱིར་ནང་འཁྲུག་མེད་པར་གཏན་གཉའ་བགྱིས། །སྤྱིར་ཅི་ཟེར་ཉན་བས་ཁ་ཡིས་བླངས། །རླུང་ཚ་གྲང་གཉིས་ཀ་བཅུད་ལ་བཏངས། །ང་གཅན་གཟན་རྒྱལ་པོ་སེང་གེའི་རིགས། །གནས་གངས་ཁོང་མིན་པར་སྡོད་མ་མྱོངས། །མེས་ཀྱི་ཚ་བོ་སྟག་སླག་ཅན། སྡར་ཝ་སླག་གྱོན་ནས་འབྲོས་མ་མྱོངས། །ཕ་ལ་བུ་སྐྱེས་གྱད་ཀྱི་རིགས། །སྡང་དགྲ་ལ་སྟ་ཟུར་ཤོར་མ་མྱོང་། །ཆ་ལ་རྣལ་འབྱོར་རས་པ་འདི། །གྲུབ་ཐོབ་བརྒྱུད་པའི་བྱིན་རླབས་ཀྱིས། །བསྒྲུབ་བརྒྱུད་བསྟན་པ་དར་སྟེ་མཆི། གྲུབ་ཐོབ་ཀྱང་འགའ་རེ་འབྱུང་སྟེ་མཆི། །གཏམ་སྙན་ཡང་ཕྱི་ནས་བཟློ་སྟེ་མཆི། །ཤོ་མོད་ཀྱང་བྲེ་མོས་བགྱིས་པ་ལགས། །ཅེས་པ་ལ་སོགས་པ་གསུངས་པ་སྟེ། གུར་ཀར་ཕུབས་ནས་ཞག་ཁ་གཅིག་བཞུགས་སོ། སྟོན་རང་ཡུལ་མཐོང་བའི་ལ་ཀར་ཕྱིན་པས་རྩས་མ་བྱེད་བདོ་བ་གཟིགས་པ་དང་། དེར་འགྲོ་བ་སེམས་པ་གཅིག་བྱུང་བ་ནས་ཕྱིན་ཏེ། དེར་སྟོན་མོ་བྱེད་པ་གཅིག་འདུག་པ་ལ་བསྐྲུས་པས། མི་གཅིག་གིས་མི་ལ་ཐོས་པ་དགའ་གྲུབ་པ་ཐོབ་པའི་ལོ་རྒྱུས་འཆད་པ་ལ། ཡང་གཅིག་གིས་དེ་ངའི་མཆོད་གནས་བྱེད་ཟེར་ཙ་ན། གཅིག་གིས་ངོ་ཤེས་ནས་འདི་ཡིན་ཞེས་བསྟན་ནས། ངོ་མཚར་ཆེ་ངའི་མཆོད་གནས་ཞུ་ཟེར་ཙམ་ན། ཁོང་ཆགས་ཡེངས་པའི་ཚེ་བྲོས་པས་ཉིན་ལམ་གསུམ་གྱི་སར་ཕྱིན་པའོ།། ༈ ལྔ་པ་སེང་གྷ་ལའི་ནགས་ལ་བསྒོམས་པས། བསྒོམས་ཉམས་བདེ་བར་ཤར་ཞིང་རྐང་ཏིང་ཕུག་གི་ཤེལ་ཕུག་ནམ་མཁའ་རྫོང་ན་བཞུགས་པའི་དུས་སུ། བདེ་བའི་དབྱངས་བླངས་པ་ལ། ༈ མེ་ཏོག་སྣ་ཚོགས་སྐྱེ་བའི་གནས། །ལྗོན་ཤིང་གར་ཐབས་བྱེད་པའི་ས། །སྤྲ་སྤྲེའུ་ཡང་ཙལ་སྦྱོང་བའི་ས། །བྱ་སྐད་སྣ་ཚོགས་སྒྲོགས་པའི་རི། །དེ་ལྟ་བུ་ཡི་དབེན་གནས་སུ། གཅིག་པུར་འདུག་ན་བདེ་ཡང་བདེ། །འདུ་འཛིན་མེད་ན་ཡོངས་ཀྱང་བདེ། །ངག་ལ་གླེང་བརྗོད་མེད་ན་བདེ། །སྨྲ་བ་ཉུང་ན་ཡོངས་ཀྱང་བདེན། །ཏིང་འཛིན་བྱིང་རྒོད་མེད་ན་བདེ། །སེམས་ཉིད་འོད་གསལ་ཡོངས་ཀྱང་བདེ། །ལུས་ལ་གཏུམ་མོ་འབར་ན་བདེ། །གྲང་དྲོ་མེད་ན་ཡོངས་ཀྱང་བདེ། །དབུགས་ལ་འགྲོ་འོངས་མེད་ན་བདེ། རྒྱུ་བ་ཆད་ན་ཡོངས་ཀྱང་བདེ། །གཉིས་སུ་མེད་པའི་ལྟ་བ་བདེ། །ཟུང་དུ་འཇུག་ན་ཡོངས་ཀྱང་བདེ། །ནོར་ལ་འཛིན་ཆགས་མེད་ན་བདེ། །ཞེན་པ་ཆུང་ན་ཡོངས་ཀྱང་བདེ། །ཐེག་པ་ཆེ་ཆུང་མེད་ན་བདེ། །གཅིག་པུ་རྟོགས་ན་ཡོངས་ཀྱང་བདེ། །སྤྲ་བའི་འབོལ་སྟན་འོག་ན་བདེ། །བལ་པོའི་ཤིང་རས་ལུས་ལ་བདེ། རང་རིག་བདེ་སྟོང་སེམས་ལ་བདེ། །འདི་རྣམས་རྣལ་འབྱོར་སྤྱོད་ཚུལ་ཡིན། །ཅེས་གསུངས།། ༈ སྐྱིད་པ་ཉི་མའི་རྫོང་དུ་བཞུགས་པའི་དུས་སུ། དྲུག་པ་སྣང་བ་མཐུན་རྐྱེན་དུ་ཤར་བའི་ཡོན་ཏན་ནི། ཅིར་སྣང་གྲོགས་སུ་ཤར་བའི་ཡོན་ཏན་མགུར་དུ་བཞེངས་པ། ཆུ་ཤིང་ངང་གིས་འཛོམ་ཙམ་ན། །གཡོག་པོ་ཟེར་བ་རྫུན་དུ་གདའ། །ཟ་རོགས་འདིས་ཀྱང་དགོས་རྒྱུ་ཆུང་། །སྐྱེ་འགྲོ་སྒྱུ་མར་རྟོགས་ཙམ་ན། །གཉེན་འབྲེལ་ཟེར་བ་རྫུན་དུ་གདའ། གདུང་སེམས་འདིས་ཀྱང་དགོས་རྒྱུ་ཆུང་། །རང་རིག་འོད་གསལ་ཤར་ཙམ་ན། སྒྲ་ཚད་ཟེར་བ་རྫུན་དུ་གདའ། །ཚིགས་ཚོགས་འདིས་ཀྱང་དགོས་རྒྱུ་ཆུང་། །སེམས་ཉིད་རིན་ཆེན་གཏེར་སྙེད་པས། །ནོར་རྫས་ཟེར་བ་རྫུན་དུ་གདའ། །གསེར་དངུལ་འདིས་ཀྱང་དགོས་རྒྱུ་ཆུང་། །བསྒོམ་པ་རང་བྱུང་ཤར་ཙམ་ན། །རྣམ་རྟོག་ཟེར་བ་རྫུན་དུ་གདའ། །གཉེན་པོ་འདིས་ཀྱང་དགོས་རྒྱུ་ཆུང་། །ལུས་ལ་གཏུམ་མོ་འབར་ཙམ་ན། །གོས་གློག་ཟེར་བ་རྫུན་དུ་གདའ། །སྣལ་མ་འདིས་ཀྱང་དགོས་རྒྱུ་ཆུང་། །ཞེས་གསུངས་པའོ།། ༈ བདུན་པ་ཉམས་ལེན་རྒྱུན་ཆད་མེད་པས། དྲན་པ་ཐམས་ཅད་ལམ་མཁན་དུ་ཤར་བའི་ཡོན་ཏན་ནི། རྒྱུད་དང་ཕྱེད་ཡུལ་གྱི་བར་གྱི་ཁུ་བྱུགས་དབེན་པ་རྫོང་དུ་བཞུགས་པའི་དུས་སུ། མགུར་བཞེངས་པ། ༈ གྲུབ་ཐོབ་བླ་མ་དམ་པ་དེ། །མུན་པ་སེལ་བའི་ལམ་མཁན་ཡིན། །སྐྱོ་དུབ་མེད་པའི་དད་པ་དེ། །བདེ་འགྲོར་འདྲེན་བའི་ལམ་མཁན་ཡིན། །དབང་པོ་དྲུག་གི་ཐུག་ཕྲད་དེ། །རྣམ་རྟོག་སྦྱོང་བའི་ལམ་མཁན་ཡིན། །སྐུ་གསུམ་འབྲལ་མེད་ཏིང་འཛིན་དེ། །རྣམ་ཐར་སྙགས་པའི་ལམ་མཁན་ཡིན། །གྲང་དྲོ་མེད་པའི་རས་གོས་དེ། །ཞེན་པ་གཏོང་བའི་ལམ་མཁན་ཡིན། །འདུ་འཛིན་མེད་པའི་དགོན་པ་དེ། །བསམ་གཏན་སྦྱོང་བའི་ལམ་མཁན་ཡིན། །ལམ་མཁན་དྲུག་གིས་སྣ་དྲངས་ནས། །མཁར་གྱི་ནང་དུ་འཇུག་ཀྱང་འཚལ། །འཇིགས་ཀྱིས་དོགས་ནས་མཁར་གཅིག་བརྩིགས། མཁར་ནི་ཆོས་ཉིད་སྟོང་པའི་མཁར། །ད་ཡོངས་འཇིགས་ཀྱང་མི་དགོས་སོ། །སྐྱོ་ཡི་དོགས་ནས་གྲོགས་གཅིག་བཙལ། །གྲོགས་ནི་བདེ་སྟོང་གཉུག་མའི་གྲོགས། །ད་ཡོང་སྐྱོ་བ་མི་གདའོ། འཁྱགས་ཀྱི་དོགས་ནས་གོས་གཅིག་བཙལ། །གོས་ནི་གཏུབ་མོ་ལྷུན་གྲུབ་གོ །ད་ཡོངས་འཁྱགས་སྙམ་མི་བགྱིད་དོ། །ནོར་གྱིས་དོགས་ནས་ལམ་གཅིག་བཙལ། །ལམ་ནི་འོད་གསལ་ལམ་སྣ་ཟིན། །ད་ཡོང་ནོར་ཀྱིས་དོགས་པ་མེད། །ཞེས་གསུངས་སོ།། ༈ བརྒྱད་པ་ཆོས་བརྒྱད་འགོ་ནོན་པའི་ཡོན་ཏན་ནི། སྟ་སོ་ཕྲག་དཀར་རྡོ་རྗེ་རྫོང་ལ་བཞུགས་པའི་དུས་སུ། གྲ་པ་ཡང་བཅོ་ལྔ་སྐོར་རེ་ཡོད་ཙམ་ན། ཉིན་གཅིག་སྔར་གྱི་ནེ་ནེ་མོ་ཕྱུག་མོ་དེ། ཤ་ཐུད་གཡག་ཡུ་འོ་གཅིག་ལ་བཀལ་ཏེ་གཡོག་གཅིག་གིས་ཁྲིད། མོ་རང་བོང་བུ་ཞོན་ནས་བྱུང་བས། སྲིང་མོ་ཏེ་པ་ཤེད་ན་རེ། མ་ཀི་རྩར་ང་འཐབ་ཏུ་འགྲོ་བ་ཡིན། སྔོན་ཅང་མེད་ཙམ་ན་ཉེ་བ་མེད། ད་མི་དགོས་ཟེར་ནས་མཇལ་དུ་མ་སྟེར་སྟེ། རྗེ་བཙུན་གྱིས་ཐབས་བྱས་སྟེ། མདུན་དུ་ཡོལ་བའི་ཕྱི་རོལ་དུ་འདུག་ཏུ་བཅུག་ནས། རྒྱལ་མོ་རྩ་གྲོང་གྲོང་ཁྱེར་དུ། །ཉེ་འབྲེལ་དགྲར་ལང་མིང་སྲིང་གསུམ། སྲན་ཕུང་བེར་རྒ་ལྟར་འཐོར་ནས། །འདྲིས་མེད་ཡུལ་དུ་འཁྱམས་དུས་སུ། །ཨཱ་ནེ་ཞེས་བྱ་གཅིག་ཀྱང་མེད། །རྩ་སོ་དབུ་མའི་རྫོང་མཆོག་དེར། །བཀྲེས་སྐོམ་ལྕགས་ཀྱིས་བསྐུལ་གྱུར་ནས། །བཙལ་ཡང་ཨ་ནེ་མ་རྙེད་པར། སྤྲང་པོ་བསླབ་འཚོངས་ཤོག་གཅིག་ཟེར། ཚུག་ཤིང་ཐོགས་ནས་དེད་དུ་བྱུང་། །ཨ་ནེ་མིང་ནི་བདུད་མོས་སུ། །གུམ་བར་ང་ཤི་བདུད་མོས་སུ། །ཤུ་མེ་ཀྱང་ཀུ་རེ་བགྱིས་པ་ལགས། །དུས་དང་རེས་ནེ་ནེ་ཕྱག་བྱད་བཟང་། སྤྱིར་འཇིག་རྟེན་མི་ལ་ཆག་ཚད་མེད། །ང་མི་ལ་ཤ་མར་གྱི་དགོས་པ་མེད། །ཅེས་གསུངས་ནས། ནེ་ནེ་མོས་བདེན་བདེན་ཟེར་ནས་ངུ་ཤིན་ཐལ་སྐད། དུས་ད་ནས་ཆོས་བརྒྱད་ཀྱི་འགོ་ནོན་པར་བྱུང་། ཆོས་བརྒྱད་རང་གྲོལ་མཉམ་ཉིད་ངང་། སྒྱུ་མ་ལུས་ཀྱི་ཞིང་སོས་བྱེད། །སེམས་ཉིད་རིན་ཆེན་བ་མོ་འཇོམས། །ངོ་སྲུང་མེད་པའི་ཡོན་ཏན་སྐྱོང་། །ཆོས་བརྒྱད་དགོན་པའི་རྟ་མི་རྒྱུག །ཞེས་གསུངས་སོ།། ༈ དགུ་པ་ཡབ་ཡུམ་གྱི་དྲིན་ལན་སོབས་པའི་ཡོན་ཏན་ནི། བསྐྱངས་པ་ནམ་མཁའི་རྫོང་དུ་བཞུགས་པའི་དུས་སུ་རྗེ་བཙུན་ལ་བོན་པོ་གཅིག་གིས་ཕ་མའི་བདུན་ཚིགས་ཞུས་པས། སྲིང་མོ་ཏེ་པ་ན་རེ་ངེད་རང་གི་ཕ་མ་ལ་བདུན་ཚིགས་མ་བྱས་པར་ཟེར་ནས། བྱས་པའི་དོན་དུ་མགུར་དུ་བཞེངས་པ། ༈ ལུས་ཀྱི་ཤ་དོར་སེམས་བྲེའུ། །འདྲིས་བཤེས་མེད་པའི་རྒྱལ་ཁམས་སུ། །གཅིག་པུར་གཉིས་སུ་འཁྱམས་གྱུར་པས། །ཏིང་ངེ་འཛིན་གྱི་དགུག་གཞུགས་བྱས། །སྒྱུ་མ་ལུས་ཀྱི་ཧོམ་ཁུང་དུ། །འགྲོ་དྲུག་ས་བོན་བུད་ཤིང་དེ། །སྐྱེ་བ་མེད་པའི་མིང་བྱང་བཙུགས། །རོ་ནི་གསལ་སྟོང་ངང་དུ་སྦྱངས། །བདུན་ཚིགས་སྣང་སྟོང་ཉིད་དུ་སྦྱངས། །ཚ་ཚ་སྐྱེ་བ་མེད་པར་བཏབས། ཟན་ནི་བདེ་བ་ཆེན་པོར་གཏད། །ལམ་ནི་གཉིས་སུ་མེད་པར་བསྟན། །བསྔོ་བ་ཕྱག་རྒྱ་ཆེན་པོས་བྱས། །སྨོན་ལམ་བྱང་ཆུབ་སེམས་སུ་བཏབས། །ཕ་མའི་དྲིན་ལན་འཁོར་ཏེ་མཆི། །ཞེས་གསུངས་སོ།། ༈ བཅུ་པ་ཕྱི་རོལ་གྱི་ཡུལ་ལ་ཐོག་རྡུགས་མེད་པར་ཤར་བའི་ཡོན་ཏན་ནི། ཡང་དུས་རེས་ཤིག་ན་གནས་གཞི་གཅིག་གི་རྩར་ཕྱིན་པས། བཙུན་པ་འགའ་ཞིག་ན་རེ། རྣལ་འབྱོར་པ་འདི་ལ་ཞག་འགའ་མཆོད་གནས་བྱེད་ཟེར་ནས་ཐོ་འཚམས་པའི་ཆེད་དུ། ལྷ་ཁང་གཅིག་གི་དབུ་རྩེར་བཞག་ནས། སྒོ་ལ་ལྕགས་བཅུགས་ནས་བཞགས་པས། ཕྱིར་ཕྱིན་ཙམ་ན་ཕྱི་ན་འདུག །ནང་དུ་བལྟས་ཙམ་ཡང་ནང་དུ་སྣང་བས། བསྙེན་བཀུར་བྱས་ཏེ་བཟོད་གསོལ་བྱས་ཏེ། ཞབས་སྤྱི་བོས་བླངས་པའི་དུས་སུ། དེར་སྟོན་པ་དར་བློ་བྱ་བའི་ཚད་མ་རྙིང་མ་འགའ་ཙམ་ཉན་པ་གཅིག་བྱུང་སྟེ། རྩོད་པ་བྱས་པས་སྟོན་པས་མ་ཐུབ་སྟེ། རྗེ་བཙུན་གྱི་རྩོད་པས་མི་རྫི་བའི་ཡོན་ཏན་མགུར་དུ་བཞེངས་པ། ༈ སེར་སྣའི་མདུད་པ་མ་ཁྲོལ་བར། །སྦྱིན་པ་བཏངས་པས་ཅི་ལ་ཕན། །རང་སེམས་གཡོ་སྒྱུ་མ་སྤངས་བར། །ཚུལ་ཁྲིམས་བསྲུངས་བས་ཅི་ལ་ཕན། །ཚིགས་གི་རྩེ་མོ་མི་ཐུབ་པའི། །བཟོད་པའི་ཕུབ་ཅུང་ཅི་ལ་འཛུགས། །འཁོར་བའི་ལམ་འཕྲང་མི་སྒྲོལ་བའི། །བརྩོན་འགྲུས་རྟ་པོ་ཅི་ལ་རྒྱུག །གང་སྣང་ཆོས་སྐུར་མི་འགྱུར་བའི། །བསམ་གཏན་བསྒོམས་པས་ཅི་ལ་ཕན། །ངར་འཛིན་འགོང་པོ་མི་ཆོད་པའི། །ཤེས་རབ་རལ་གྲིས་ཅི་ཞིག་གཅོད། །རང་སེམས་དུག་སྦྲུལ་མ་ཟིན་བའི་། །ཐབས་ཀྱི་ཞགས་པས་ཅི་ཞིག་འཛིན། །ཅི་བྱེད་ཆོས་སུ་མི་བསྒྱུར་བས། །སྨོན་ལམ་བཏབས་པས་ཅི་ལ་ཕན། །རང་སེམས་རྡོ་རུས་མ་ཕྲད་པར། །ཡེ་ཤེས་སྐྱེས་པས་ཅི་ལ་ཕན། །ངར་འཛིན་འགོང་པོ་མ་ཐུལ་བའི། །སྟོབས་ཀྱི་ཐོ་བས་ཅི་ཞིག་རྡུང་། །རང་སེམས་སངས་རྒྱས་མི་ཚོལ་བར། །ཐོས་པ་ཆེ་བས་ཅི་ལ་ཕན། །མ་ལ་ཡ་བསྒོམས་ཀྱི་ནང་དུ་འཁྱམས། །ཞེས་གསུངས་སོ།། ༈ བཅུ་གཅིག་པ་ཡེ་ཤེས་ཀྱི་སྒྲོན་མེ་མཉམ་པའི་ཉམས་ཀྱི་ཡོན་ཏན་ནི། །ཐོས་ཆུང་རྩོད་པས་ཕམ་པ་དང་། །ཉམས་མྱོང་ཞན་ཞིང་ཐེ་ཙོམ་སྐྱེས། །རྣལ་འབྱོར་པ་ཡི་འཕྲང་བཞི་ཡང་། །དང་པོ་གཏུག་ས་མ་ནོར་བར། །ནཱ་རོ་པ་ཡི་སྲས་ལ་གཏུགས། བར་དུ་བསྒོམ་ས་མ་ནོར་བར། བྲག་གར་སྤོ་མཐོ་རྫོང་ལ་བསྒོམས། ཐ་མར་སྡོམ་ས་མ་ནོར་བས། །འདྲིས་མེད་བཤེས་མེད་ཡུལ་དུ་བསྡོམས། ཞེས་གསུངས་སོ། །བྲག་གར་སྤོ་མཐོ་རྫོང་ལ་བསྒོམས་པའི་དུས་སུ། ཀླུ་བཙན་དང་བྲག་བཙན་གྱིས་དམག་བྱུང་། ང་ལུས་ལྷའི་རྫོང་ལ་གནས། ཅེས་པའི་མགུར་གསུངས། ཡང་འདི་སྐད་གསུངས། གཅིག་ཏུ་གསང་སྔགས་ཐབ་ལམ་ཆེ། །གཉིས་སུ་བླ་མའི་གདམས་ངག་ཆེ། །གསུམ་དུ་རང་ཉིད་བསྒོམས་སྲན་ཆེ། །འདི་གསུམ་ཆེ་བ་རྣམས་གསུམ་ལགས། །གཅིག་ཏུ་མཁས་པའི་ཞབས་ཏོག་དགོས། །གཉིས་སུ་རང་ལ་ཤེས་རབ་དགོས། །གསུམ་དུ་བླ་མའི་གདམ་ངག་དགོས། །འདི་གསུམ་དགོས་པ་རྣམ་གསུམ་ལགས། །གཅིག་ཏུ་ཕྱག་རྒྱ་མཚན་ལྡན་གཅེས། །གཉིས་སུ་སྤྱོད་པ་གླང་ཆེན་གཅེས། གསུམ་དུ་བདེ་སྟོང་དབྱེར་མེད་གཅེས། །འདི་གསུམ་གཅེས་པ་རྣམ་གསུམ་ལགས། །གཅིག་ཏུ་ཚིག་གི་སྡེབ་སྦྱོར་མཁས། །གཉིས་སུ་དྲི་བའི་ལན་ལ་མཁས། །གསུམ་དུ་སེམས་ཀྱི་མཚན་ཉིད་མཁས། །འདི་གསུམ་མཁས་པ་རྣམས་གསུམ་ལགས། །གཅིག་ཏུ་མི་ཡི་ཚོགས་སུ་འདུ། །གཉིས་སུ་མཁའ་འགྲོའི་ཚོགས་རྣམས་འདུ། །གསུམ་དུ་ལོངས་སྤྱོད་ཚོགས་རྣམས་འདུ། །འདི་གསུམ་འདུ་བ་རྣམས་གསུམ་ལགས། །གཅིག་ཏུ་སྣང་བ་ལྷན་པོར་མཐོང་། །གཉིས་སུ་བདེ་བ་དངོས་མེད་མཐོང་། །གསུམ་དུ་ཚིགས་དང་བྲལ་བར་མཐོང་། འདི་གསུམ་མཐོང་བ་རྣམས་གསུམ་ལགས །གཅིག་ཏུ་སྲོག་རྩོལ་གནད་དུ་ཚུད། །གཉིས་སུ་སེམས་ཉིད་ཀློང་དུ་ཚུད། །གསུམ་དུ་ཆོས་ལ་བྱན་པོ་ཚུད། །འདི་གསུམ་ཚུད་པ་རྣམས་གསུམ་ལགས། །དེ་ནས་རྣལ་འབྱོར་མི་སྡོད་ཀྱང་། །བླ་མ་སངས་རྒྱས་འདི་ཉིད་གསུངས། །རིག་པ་ཡེ་ཤེས་སྒྲོན་མེ་གཅིག །རྩ་རླུང་དྲ་མིག་འཁོར་ལོ་གཉིས། །རོ་སྙོམས་ཕྱི་ཡི་མེ་ལོང་གསུམ། །བདེ་ཆེན་གསུང་གི་རིན་ཆེན་བཞི། །ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་བཞི་རྒྱ་གར་ལུས་པ་ལས། །ང་དབྱར་སོ་རྒས་པས་མ་ཐོན་བས། །རྗེ་ནཱ་རོའི་སློབ་མ་ཡོད་སྲིད་ཀྱིས། །རས་ཆུང་མ་འདུག་རྒྱ་གར་སོང་། །ཅེས་གསུངས་ནས། དེར་རས་ཆུང་པ་ལ་གསེར་སྲང་གསུམ་བསྐུར་ནས། རྒྱ་གར་དུ་བཏངས་པ་ཡིན་གསུང་ངོ་།། ༈ བཅུ་གཉིས་པ་ལྷའི་སྐུར་གྱུར་པའི་ཡོན་ཏན་ནི། དུས་རེས་ཞིག་ཙ་ན་བླ་མ་ནགས་གསེབས་གཅིག་ན་བཞུགས། །ཀར་ཏི་ཕུག་ཞེས་བྱ་བ་དེར། བལ་པོའི་རྒྱལ་པོས་རས་ངོ་མཚར་ཅན་གཅིག་དང་། །ཨ་རུ་ར་རྣམ་པར་རྒྱལ་བ་གཅིག་ཕུལ་བས། །བླ་མས་རས་ཏེ་མནབས། ཨ་རུ་ར་དེ་སྤྱན་ལ་བྱུགས་ཀྱིན་འཁོར་གྱི་ནང་དུ་བྱོན་པ་ལ། བླ་མ་ལ་དེ་དག་སུས་ཕུལ་ཞུས་པས། །མིའི་རྒྱལ་པོ་རིགས་ཀྱི་རྗེ། མི་རྒྱལ་ཆོས་ཀྱི་སྤྱན་ཅན་ཀྱིས། ཤིང་རས་འཇམ་བའི་རས་གོས་འདི། །གཏུམ་མོ་ལྷུན་གྲུབ་ཐོས་སུ་ཕུལ། །ཞེས་གསུངས་སོ།། ༈ ཡང་རྒྱ་དང་བོད་ཀྱི་ཕྱོགས་བཅུར་སྙན་པས་ཁྱབ་པའི་ཡོན་ཏན་ནི། རྗེ་བཙུན་ལ་རྒྱ་གར་གྱི་གྲུབ་ཐོབ་དྷ་རྨ་བོད་དེ་ཕྱག་འཚལ་དུ་འོངས་པས། བླ་མས་མཁྱེན་པས་ཕར་བཞུད་པའམ། བལ་པོ་རྫོང་གསེབ་ཏུ་འཇལ་ནས། དེར་དྷར་མ་བོད་དེས་རས་ཡུག་གཅིག་ཕྱག་རྟེན་བྱས་པས། ཕྱིས་འཁོར་རྣམས་ཀྱིས་གྲུབ་ཐོབ་དེ་ལྟ་བུས་ཕྱག་འཚལ་བ་ལ། སློབ་དཔོན་གྱིས་ཕྱག་ལན་མི་བྱེད་པ་ཅི་ལགས་ཞུས་པས། ཡིད་འོང་བལ་པོ་རྫོང་གསེབ་ཏུ། །བོད་ཀྱི་མི་ལ་རས་པ་ལ། །རྒྱ་གར་དྷར་རྨ་བོད་དེ་ཡིས། །སྒྱུ་མ་ལུས་ཀྱི་ཕྱག་བྱས་ནས། །ཟུང་འཇུག་ཐལ་སྦྱར་པུས་བཙུགས་ནས། །སྐུ་ཁམས་ཕྱག་རྒྱ་ཆེན་པོར་དྲིས། །བརྗོད་དུ་མེད་པའི་གྲོང་ཁྱེར་དུ། །རྣལ་འབྱོར་སྐུ་ཁམས་བདེ་བར་མཆི། །གཉིས་སུ་མེད་པའི་དགོན་པ་ནས། །རྣལ་འབྱོར་སྐུ་ཁམས་བདེའམ་བྱས། །ཞེས་གསུངས་སྐད་དོ། དེའི་དུས་སུ་བོད་ཀྱི་མི་ལ་རས་པ་དེ་ལ། རྒྱ་གར་རྡར་རྨ་བོད་དེ་ཕྱག་འཚལ་ཞེས་སྙན་པ་ཆེ་བར་གྲགས་ནས། ལྟད་མོ་བ་དཔག་ཏུ་མེད་པ་ཚོགས་ནས། ཕྱག་བྱས་བྱིན་བརླབས་ཞུས་པ་ལས། མི་རྣམས་ན་རེ། མི་ལ་རས་པ་བྱ་བ་སྒྲ་ཆེ་ལ་དོན་ཆུང་བ། གཅེར་བུ་ངོ་ཚ་མེད་པ་གཅིག་འདུག །ཆོས་པ་བྱ་བ་ནི་བ་རི་ལོ་ཙ་བ་ངོ་མཚར་ཆེ་བ་ཡིན། ཆོས་གོས་ལེགས་པར་གཟབས། མི་ལ་ཟས་ནོར་སྦྱིན། གླིང་ལང་སྙན་པ་བརྗོད་ཡིན་ཟེར་ནས་རྗེ་བཙུན་ལ་མ་དད་དེ། དེའི་ཚེ་མ་དད་པའི་དེ་བསལ་བའི་ཕྱིར། བླ་མ་སེང་གེ་བཅིབས་ནས་ནམ་མཁའ་ལ་བཞུད་པ་དང་། ཤེལ་གྱི་མཆོད་རྟེན་འོད་འབར་བ་སྤྲུལ་ནས། སྐར་མདའ་བཞིན་དུ་གཤེགས་པར་མཛད་ནས། འདི་སྐད་གསུངས་ཏེ། ཤེའུ་སྒང་བར་དོའི་སེམས་བཞིན་དུ། །བསྒྲིབས་མེད་ཐོག་རྒྱུགས་ཀུན་དང་བྲལ། །བཟུངས་མི་ཟིན་ཅིང་གཏངས་མི་ཐེངས། །སྐར་མདའ་ལྟ་བུའི་སྤྱོད་འགྲོས་འདི། མ་དད་བསལ་ཕྱིར་བྱས་ལགས་པས། །ད་ཡོངས་སྤྱོད་པ་མི་བྱེད་དོ། གསུང་སོ།། ༈ བཅུ་གསུམ་པ་གཞན་ཀྱི་སྤྱོད་པ་སེལ་བའི་ཡོན་ཏན་ནི། དུས་རེས་ཤིག་ན། སློབ་མ་མང་པོ་ནད་ཀྱི་བཏབས་པ་ལས། བླ་མའི་བྱིན་རླབས་བྱས་པ་ཙམ་གྱིས། ནད་ཐམས་ཅད་སོལ་བར་གྱུར་ཏོ། འདི་སྐད་གསུངས་སྟེ། བྲིང་གི་ལ་སྟོད་དགོན་པ་རུ། །སྒྱུ་མ་ལུས་ཀྱི་དཀྱིལ་ཀྲུང་བྱས། །གཉིས་སུ་མེད་པའི་མཉམ་བཞག་བཅས། །སྐྱེ་བ་མེད་པའི་དམིགས་པ་ལས། །ཡེངས་པ་མེད་པའི་བློ་བཞག་ནས། མ་རུང སེམས་ཕྲལ་སློབ་མར་གསལ། །ཞི་ཁྲོ་གཉིས་ཀྱི་དགུག་གཞུགས་བྱས། །བྱམས་དང་སྙིང་རྗེའི་བློ་བཞག་པས། །མ་རུང་སྟོང་ཕྲག་བརྒྱ་བཅུ་ཡི། གདོན་བསལ་ནད་པ་ཡོ་ནས་བསླངས། །ཐ་མལ་ལུས་ཀྱི་ནད་པ་ལ། །ཡི་དམ་ལྷ་ཡི་སྨན་སྦྱོར་བྱས། །གཟུངས་འཛིན་གཉིས་ཀྱི་ནད་པ་ལ། །གཉིས་སུ་མེད་པའི་སྨན་སྦྱོར་བྱས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ལ། །དམ་ཆོས་རོ་སྙོམས་སྨན་སྦྱོར་བྱས། །བསལ་ན་ནད་ཀྱང་སོལ་སོལ་འདྲ། །ཞེས་གསུངས་སོ། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དབྱེར་མེད་དུ་གྱུར་པའི་ཡོན་ཏན་ནི། བསྐྱངས་པ་ནམ་འཁའ་མཛོད་དུ། དགེ་བསྙེན་སྟོན་པ་བོད་དེ་ར་ཙ་དང་། རས་པ་ཞི་བ་འོད་ལ་སོགས་པ་བཅུ་ཙམ་གྱིས། རྡོ་རྗེ་རྣལ་འབྱོར་མའི་ཐང་སྐུ་དང་། ཙ་ཀ་ལི་འདྲེས་པ་ཚན་གཅིག་ལ་རབ་གནས་ཞུས་པ་ལ། མེ་ཏོག་མི་གཏོར་བར་ཞུགས་པ་ལ་ཁོང་ན་རེ། རྗེ་བཙུན་ལ་མེ་ཏོག་གཏོར་མི་གཏོར་མི་མངའ་ཡང་། ངེད་ཀྱི་རྟོག་པ་བསལ་པའི་ཕྱིར། མེ་ཏོག་གཏོར་བར་ཞུ་བྱས་པས། ང་མི་ལ་རྒས་པ་མེ་ཏོག་གཏོར་མི་ནུས་བྱས་པས། དགོས་ན་ལྷ་རང་ལོངས་བྱས་པས། ཙ་ཀ་ལི་དང་ཐང་སྐུའི་ལྷ་རྣམས་བྱོན་པས། མེ་ཏོག་ཡར་རེ་བླངས་བས་སོ་སོའི་ཐུགས་ཀར་ཀླན་བས། ཉིན་ཞག་གཅིག་ལ་མ་གོག་དེར་དད་པ་སྐྱེས་པས། ཕྱག་འཚལ་ཞིང་ངོ་མཚར་ཆེ་ཞུས་པས། ཐུབ་པ་ཆོས་ཀྱི་སྐུ་ཅན་ཀྱི། །འཇའ་ཚོན་ལྟ་བུའི་ས་གཞི་ལ་། །མེ་ཏོག་གཟུགས་སྐུ་དྲི་མེད་དག །ལེན་ཀྱང་དེ་ཉིད་ཡིན་སྙམས་མེད། །ཞེས་གསུངས་སོ།། ༈ བཅུ་བཞི་པ་སེམས་ལ་དབང་ཐོབ་པའི་ཡོན་ཏན་ནི། ངན་ཚོང་རས་པ་དང་། ཡོན་བདག་མོ་ལེ་གེས་ལ་སོགས་བཅུ་ཙམ་གྱིས་དབང་བསྐུར་ཞུས་པས། མཆོད་པ་དང་གཏོར་མ་བཤམ་ནས། ཁྲུས་དང་སྔོན་འགྲོ་བྱས་ཏེ། ཡེ་ཤེས་ཕབས་པས་བྱིན་རླབས་རང་འབར་དུ་བྱུང་སྟེ། བུམ་པ་དབང་བསྐུར་ཀར་རས་ཀྱི་དབུ་འཕུར་ནས་བཞུགས་པ་ལ། ང་མི་ལ་རྒས་པས་དབང་བསྐུར་མི་ནུས། དགོས་ན་བུམ་པ་རང་གིས་གྱིས་གསུངས་པས། བུམ་པ་དེ་ནམ་མཁའ་ལ་ལྡིང་ཤིང་བྱུང་བས། ཁོང་རྣམས་ཀྱི་འགོ་ཐོག་ཏུ་དབང་བསྐུར་ཤིང་ཁྲུས་བྱས་པས། རྗེ་བཙུན་ངོ་མཚར་ཆེ་བྱས་པས། སྙན་རྒྱུད་དྲི་མེད་དཀྱིལ་འཁོར་དུ། ཞེན་པ་མེད་པའི་མཆོད་བཤམས་ནས། །སངས་རྒྱས་ཡེ་ཤེས་ངོ་སྤྲད་ནས། །ཆུ་དབང་དྲི་མ་མེད་པར་བསྐུར། །བསྐུར་ཡང དེ་ཉིད་ཡིན་སྙམས་མེད། །ཞེས་གསུངས་སོ།། ༈ བཅོ་ལྔ་པ་མངོན་པར་ཤེས་པ་མངའ་བའི་ཡོན་ཏན་ནི། ཤེའུ་ཕུག་ནམ་མཁའ་རྫོང་ཞེས་བྱ་བའི། ནགས་ཁྲོད་དེར་བཞུགས་པའི་དུས་སུ། ཡོན་བདག་གཅིག་གིས་བསྙེན་བཀུར་སྐྱེལ་བའི་ལམ་ཁར་ནག་གསེབ་གཅིག་ཏུ་སྟག་བྱུང་བས། བླ་མས་མཁའ་འགྲོ་མ་ལ་གསོལ་བ་བཏབས་པས། ཡོན་བདག་ལ་སྟག་གིས་མ་ཚུགས་པས་འདི་སྐད་གསུངས། རི་ཁྲོད་འགྲིམ་བའི་རྣལ་འབྱོར་པའི། །མཐུན་རྐྱེན་བསྒྲུབ་པའི་ཡོན་བདག་ལ། །སྟག་སོགས་འཇིགས་པ་བྱེད་པ་ཡི། བར་ཆད་མཁའ་འགྲོ་མ་རང་སོལ། ཅེས་གསུངས་སོ།། ༈ བཅུ་དྲུག་པ་བྱིན་རླབས་ཕུལ་དུ་ཕྱིན་པའི་ཡོན་ཏན་ནི། སློབ་མ་གཅིག་ཤིང་གིས་མནན་བས་རྨ་བྱུང་བ་ལ། རྨ་འབྲས་སུ་སོང་བས་སོས་སུ་མ་ཉན་བ་ལ། བླ་མས་བྱིན་རླབས་བྱས་པ་ཙམ་གྱིས་སོས་ཏེ། ཡང་བླ་མའི་ཞལ་ནས། རླུང་གི་རྐྱེན་ཀྱིས་ལྷུང་བ་ཡི། སེམས་མེད་ཤིང་གིས་གནོད་པ་ཡི། འབྲས་ཀྱི་ཟེར་ཟུག་མི་བཟོད་པའི། །སྨན་སྦྱོར་མཁའ་འགྲོ་མ་ཡིས་བྱས། །ཞེས་གསུངས་སོ།། ༈ བཅུ་བདུན་པ་འབྱུང་བ་དབང་འདུས་པའི་ཡོན་ཏན་ནི། དུས་རེས་ཤིག་ན་དཔོན་སློབ་འགའ་སྟ་སོ་བྲག་ཀར་ནས་ཕར་འགྲོ་བའི་དུས་སུ། བླ་མ་མཁར་རྩགས་མ་བརྒྱ་ཙམ་ལ་དབབ་ཏུ་སོང་བ་ལས། སློབ་མ་རྣམས་ཀྱིས་བསྐོར་ནས་ཕྱིན་ཏེ། ངུ་ཤིན་ཕྱིན་ཙམ་ན། བླ་མ་བཞེངས་ནས་བྱོན་ཏེ། མ་བསྡིག་སམ་བྱས་པས། གཞན་ཡིན་ན་ཤ་ཡང་དུམ་བུ་དུམ་བུར་འགྲོ་སྟེ། ང་ལ་མི་བདེ་བ་བག་ཙམ་ཡང་མ་བྱུང་སྟེ། བྲུལ་སར་བལ་འདབ་བརྡབས་པ་ཙམ་པ་ལས་མ་བྱུང་གསུངས་ནས། ད་དུས་འདི་ནས་བཟུངས་ནས་ངའི་བརྒྱུད་པ་འཛིན་པ་ཐམས་ཅད་ལ། བདུད་ཀྱིས་བར་དུ་གཅོད་པས་མི་ཚུགས་པ་ཡིན་གསུངས་སྟེ། རྗེ་བཙུན་གྱི་འཆི་བདག་གི་བདུད་དང་། ཕུང་པོའི་བདུད་བཅོམ་པ་ཡིན་གསུངས། དེའི་དུས་སུ། །ཟུང་འཇུག་ཐང་ཀར་གཤོག་བརྐྱངས་ནས། འཕུར་བ་བྲག་གར་རྩེ་ནས་འཕུར། །བབས་པ་དྲོ་ཁུང་ཤོད་དུ་བབས། །མྱོང་བ་བདེ་སྟོང་དབྱེར་མེད་མྱོངས། །གྲོལ་བ་འཁོར་འདས་ཤུགས་ལས་གྲོལ། །ཕྲད་པ་བདེ་སྟོང་དངོས་སུ་ཕྲད། ད་ཡོངས་གྲོལ་དགོས་མི་སྙམས་སོ། །རྣལ་འབྱོར་ལུས་ཀྱི་མེ་ཏོག་འདི། །སྲོག་འཇིགས་བྲག་དམར་གཤེད་མ་ཡི། །བདུད་ལས་མཁའ་འགྲོ་མ་ཡིས་དྲངས། །ད་ཡོངས་བདུད་ཀྱིས་ཁྱེར་སྙམས་མེད། ཞེས་གསུངས་སོ།། ༈ བཅོ་བརྒྱད་པ་འབྲས་བུ་ལ་རེ་བ་མེད་པའི་ཡོན་ཏན་ནི། །ཡང་སྐུ་འགྲེས་ཀ་ཙམ་ན། བླ་མ་དྭགས་པོ་ཆེན་པོ་བྱོན་ནས་དྲི་བ་མཛད་པས། ངེད་ཀྱི་མ་ཀི་ན་བསྒྲུབ་པ་པོ་འདི་འདྲ་བའི་བག་རེ་ཡོད་དེ། ཅི་ཙམ་སླེབས་ཞུས་པས། ཡང་འདི་སྐད་གསུངས། །མི་བཟད་ནམ་མཁའི་མཛོད་ལྟ་བུ། །ཏིང་འཛིན་སེམས་ཀྱི་གཡོ་སྐོར་གྱིས། །བཀྲེས་སྐོམས་ཟས་ཀྱི་འདུན་པ་དང་། །བྲལ་བ་མཁའ་འགྲོ་མས་ཀྱང་བྱེད། །དེ་ཡང་གྲུབ་ཐོབ་ཡིན་སྙམས་མེད། །སེམས་ཀྱི་ངོ་བོ་མཐོང་འགྱུར་ཞིང་། མ་རིག་མུན་པ་སྤངས་པ་ན། །ཞལ་ལྟ་མཁའ་འགྲོ་མས་ཀྱང་བྱེད། །ཆོས་ཉིད་ཀློང་ལ་ལྟ་སྙམས་བྱེད། །དེ་ཡང་གྲུབ་ཐོབ་ཡིན་སྙམས་མེད། །གང་ཡང་སྐྱེ་བ་མེད་པ་ཡི། །རང་ཉིད་རང་བྱུང་སྟོང་པ་ཉིད། །ཆོས་ལྟ་མཁའ་འགྲོ་མས་ཀྱང་སྟོན། །དེ་ཡང་གྲུབ་ཐོབ་ཡིན་སྙམས་མེད། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །དགོས་པ་ཐམས་ཅད་བསྒྲུབ་བྱེད་ལྟར། །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་ཐམས་ཅད་ཚེ་འདི་རུ། །གྲུབ་ཅེས་མཁའ་འགྲོ་མས་ཀྱང་གསུངས། །དེ་ཡང་གྲུབ་ཐོབ་ཡིན་སྙམས་མེད། ཞེས་གསུངས་སོ།། ༈ བཅུ་དགུ་པ་སྐུའི་སྤྱོད་ཡུལ་མཛད་པའི་ཚུལ་སྣ་ཚོགས་སུ་བསྟན་པའི་ཡོན་ཏན་ནི། ཡང་དུས་གཅིག་གི་ཚེ། ནགས་མཐོངས་གཅིག་ཏུ་བཞུགས་ཙམ་ན། མི་གཅིག་ཕྱིན་བས་རྩར་ལ་རོག་པར་བསྡད། དར་གཅིག་ཚུར་བལྟས་ནས་སོང་། དེར་བོས་ནས་ཁྱོད་ཅི་འདོད་དྲིས་པས། བླ་མ་འདོད་སྟེ་ངས་མ་མཐོང་། །མཆོད་རྟེན་དཀར་པོ་གཅིག་འདུག་པ་སེམས་ཟེར། ཡང་དུས་གཅིག་ཙམ་ན་དགོན་པ་གཅིག་ན་བཞུགས་པ་ལ། མི་གཅིག་བྱུང་བས་མ་མཐོང་བར་གདའ། དེ་ཟད་པར་ནམ་མཁའི་ཏིང་ངེ་འཛིན་ལ་བཞུགས་པའི་དུས་ཡིན་སྐད། ཡང་དུས་གཅིག་ཙམ་ན། འཁོར་མང་པོ་དང་འགྲོགས་ནས་སོང་བ་ལ། བླ་མ་ནམ་མཁའ་ལ་ལྡེངས་ནས་བཞུགས་པས། འཁོར་རྣམས་ཀྱིས་རྗེས་མ་སླེབས་སྐད། ཕྱིས་དྲིས་ནས་དེ་བཞིན་ཞུས་པས། ལྡིང་ས་ནི་མེད་དེ་རླུང་ཨེན་ཙམ་གཅིག་མནན་ནས་ཕྱིན་བས་ཁ་བ་ལ་བྱ་རྗེས་ཙམ་ལས་མ་བྱུང་གསུངས་སྐད་དོ། །ཡང་ཞག་བཅུ་གཉིས་ཙམ་ལ་ཕྱེ་ཕུལ་རེས་ཆོག་པར་བྱུང་ཟེར་བ་བདེན་ནམ་བྱས་པས་མི་མེད་པའི་དུས་སུ། མཁའ་འགྲོ་མ་མང་པོ་བྱུང་བས། ཚོགས་ཀྱི་འཁོར་ལོ་བྱས་པའི་ཚོགས་མང་པོ་འདྲེན་པ་བྱུང་བས། དེའི་ཉམས་ཀྱི་མྱོང་བས་ཞག་བཅུ་རེ་ལ་ཟས་ཡེ་མ་དྲན་བར་བྱུང་གསུངས། གཞན་མ་ལུས་ཀྱི་བཀོད་པའམ། མི་སྣང་བར་མཛད་པའམ། སེང་གེ་ལ་བཅིབས་ནས་བར་སྣང་ལ་གཤེགས་པའམ། སྤྱོད་པ་རཏལ་ཤུགས་ཆེ་བས། བྲེང་ཡི་ཆུ་བར་དུ་བཞུགས་པའི་དུས་སུ། འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་འདུས་ཏེ་དམག་དྲངས་པས། ལྷ་སྲིན་སྡེ་བརྒྱད། བཀྲ་ཤིས་ཚེ་རིང་འཁོར་དང་བཅས་པས་དམག་དྲངས་པའི་དུས་སུ། བར་དུ་མ་ཆོད་པར་སླར་ཟིལ་གྱིས་མནན་ཏེ། དམ་ལ་ཐོགས་ཏེ་ལྷའི་བུའི་བདུད་བཅོམས་པའོ། །གུང་ཐང་གི་བྲག་དམར་ལིང་བར་བཞུགས་པའི་དུས་སུ། བྲག་སྲིན་མོ་ལ་སོགས་པས། བར་དུ་མ་ཆོད་དེ། སླར་བཟོད་གསོལ་བྱས་པ་དང་། ལ་ཕྱི་ཆུ་བཟངས་སུ་ལྷ་འདྲེ་ཐམས་ཅད་ལ་མགུར་བཞེངས་པས། སླར་ཐུལ་ཏེ་ཟླ་བ་གཅིག་ཏུ་བཤོས་དྲངས་པ་དང་། དེ་ལ་སོགས་པ་དཔག་ཏུ་མེད་པ་མངའ་སྟེ། འདི་སྐད་གསུངས། ༈ ང་སྣང་བ་སེམས་སུ་ཐག་ཆོད་ཅིང་། །སེམས་ཉིད་ཆོས་སྐུར་ཐག་ཆོད་པས། །འདྲེ་ཁྱོད་ཀྱི་ཆོ་འཕྲུལ་ཅིར་བསྟན་ཡང་། །ང་རྣལ་འབྱོར་པ་ཡི་རྒྱན་དུ་ཆེ། །ཞེས་གསུངས་པའོ། །དེ་ལ་སོགས་པའི་ཡོན་ཏན་ནི། ཆེ་ལོང་ཞིག་བྲིས་པ་ཡིན་ཏེ། རྒྱས་པར་ནི་བརྗོད་ཀྱི་མི་ལངས་པ་ཡིན་ནོ།། ༈ ཉི་ཤུ་པ་འོད་གསལ་དྲི་མ་མེད་པའི་ངང་དུ། སྐུ་གསུམ་དབྱེར་མེད་དུ་གྱུར་པས། སྲིད་པའི་བར་མདོ་མི་མཐོང་ཞིང་འབྲས་བུ་སྐུ་གསུམ་རང་དང་གཞན་ཀྱི་དོན་འབྱུང་བའི་ཡོན་ཏན་ནི། བྲེང་ཡི་ཆུ་བར་ན་བཞུགས་པའི་དུས་སུ། ནམ་ཞིག་ཙམ་ན་རྗེ་བཙུན་གྱིས་སྐུ་འདའ་བའི་ཚུལ་བསྟན་ནས། དེའི་དུས་སུ་སློབ་མ་རྣམས་ཀྱིས་རྟོགས་པ་མཐོན་དམན་དང་བསམ་པ་ཐ་དད་ཀྱི་ཁྱད་པར་མཐོང་སྣང་ཐ་དད་སྣ་ཚོགས་སུ་ཤར་བའི་དོན་གསུངས་པ། ཉོན་མོངས་པའི་བདུད་བཅོམས་པས་འོད་གསལ་དང་པོའི་དུས་སུ། །ཆོས་སྐུ་མངོན་དུ་གྱུར་པ་སྟོན་ཅིང་། བླ་མ་ཉིད་ཀྱི་མྱ་ངན་ལས་འདས་པའི་རྟགས་ཀྱི་འཆར་ཚུལ་ལ་སོགས་པ་བྱུང་ཚུལ་གསུངས་ཏེ། རྣལ་འབྱོར་ལུས་ཀྱི་མེ་ཏོག་འདི། །འཆི་བདག་རྐྱེན་ཀྱིས་བར་དོ་ཡིས། །བདུད་རྣམས་བཅོམས་ཏེ་ཕ་རོལ་འགྲོ་ཙམ་ན། །བར་དོ་མཐོང་མེད་རྣལ་འབྱོར་བདེ། །བདུད་རྣམས་བཅོམས་ཏེ་ཕ་རོལ་འགྲོ། །དེ་དུས་མཁའ་སྤྱོད་གནས་སུ་འཕོ། །དག་པའི་སྒྱུ་ལུས་ཞེན་མེད་འདི། །ཕུ་ཡུལ་རྫོགས་པའི་བར་དོ་དེར། །སྙན་རྒྱུད་ཟབ་མོས་འཚམས་སྦྱར་ནས། །བླ་མ་ཡི་དམ་འོད་གསལ་གྱི། །སྐྱེལ་བསུ་སྐྱེ་མེད་ལམ་ཁྲིད་ནས། །ཡོན་ཏན་རྫོགས་པའི་བར་དོ་རུ། །ང་ལ་མཐོང་བ་སྣ་ཚོགས་འོང་། །ཡིད་བཞིན་ནོར་བུ་གཤེགས་ཤུལ་དུ། །ལ་ལ་ངུ་ཞིང་ལ་ལ་དགའ། །བརྒྱལ་ཞིང་མྱ་ངན་བྱེད་དུས་སུ། །རང་བྱུང་མེ་ནི་འབར་འགྱུར་ནས། དུ་བ་འཇའ་ཚོན་ལྟར་འཁྲིགས་ཤིང་། །གདུགས་དང་རྒྱལ་མཚན་བ་དན་དང་། །བཀྲ་ཤིས་དཔལ་བེའུ་གཡུང་དྲུང་འཁྱིལ། །མེ་སྒྲ་དུང་དང་ཆ་ལང་དང་། །པི་ཝང་དྷ་མ་རུ་ཡི་སྒྲ། །མེ་སྟག་སྐར་མ་ལྟར་འཕྲོ་བས། །ཕྱི་ནང་གསང་བའི་མཆོད་པ་བྱེད། །དྷ་ཀི་དུ་མས་སྤྲིན་གཏིབས་ཏེ། །སྤྲུལ་སྐུ་འཕྲིན་ལས་ཆར་རྒྱུན་ཀྱི། །གདུལ་བྱའི་ལོ་ཏོག་བསྙེན་བར་བྱེད། །གང་ཡང་སྐྱེ་བ་མེད་པ་ཡི། །ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད། །སྟོང་པ་ཉིད་ནི་སྐྱེ་འགག་བྲལ། །དེ་ལ་ཐེ་ཚོམ་ཅི་བྱར་ཡོད། །ཅེས་གསུངས་སོ། །དེ་ལྟར་དགུང་ལོ་བརྒྱད་ཅུ་རྩ་གཉིས་ལ། བྱའི་ལོ་རྟའི་ཟླ་བའི་ཚེས་བཅུ་བཞིའི་ཉི་མ་རྩེ་ཤར་བའི་དུས་སུའོ། ཕྱིས་རྗེ་བཙུན་འདའ་བའི་ཚུལ་ཡོད་པ་དང་། མེད་པར་མཐོང་བའི་བྱེ་བྲག་དེ་ལྟ་བུ་སྣང་བ་བྱུང་སྟེ། །དེར་བླ་མ་མཁའ་སྤྱོད་དུ་གཤེགས་ནས། སྤྱོད་པ་སྣ་ཚོགས་མཛད་ཅིང་རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་། ལ་ལས་ནི་བླ་མ་སེང་གེ་ལ་བཅིབས་ནས། ནམ་མཁའ་ལ་དྷ་ཀི་མ་དང་བཅས་པ་བཞུད་པར་མཐོང་བ་ནི། དབང་པོ་རབ་ཀྱི་གང་ཟག་གིས་མཐོང་། ལ་ལས་མཐོང་བ་ནི་བླ་མ་འདའ་ཚུལ་བསྟན་ནས། དྷ་ཀི་མ་དཔག་ཏུ་མེད་པ་བྱོན་ནས། ཕྱི་ནང་གསང་བའི་པུ་ཙ་དཔག་ཏུ་མེད་པ་བཤམས་ནས། གདུང་བཞུ་བ་ལ་བཀྲ་ཤིས་པའི་རྟགས། རོལ་མོ་དང་། འཇའ་ཚོན་གྱི་འོད་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་བྲེས་དང་པི་ཝང་དང་། དྷ་མ་རུའི་སྒྲ་དང་། སིལ་སྙན་སྣ་ཚོགས་དང་། མཆོད་པའི་བྱེ་བྲག་མང་དུ་བྱུང་སྟེ གདུང་རུས་རངས་པ་རིང་སྲེལ་གྱི་ཕུང་པོར་གྱུར་པས། ནམ་མཁའ་ལ་དྷ་ཀི་མའི་སར་གདན་དྲངས་པར་མཐོང་དེ་ལྟར་བླ་མ་ཆོས་སྐུ་མངོན་དུ་གྱུར་ཞིང་། ལོངས་སྤྱོད་རྫོགས་སྐུ་ཤུགས་ལ་ཤར། སྤྲུལ་སྐུ་སྣ་ཚོགས་ཕྱོགས་བཅུར་ཁྱབ་པས། འགྲོ་བ་འདྲེན་བའི་འཕྲིན་ལས་སྣ་ཚོགས་མཛད་དོ། །དེ་དག་ནི་སྐུ་གསུམ་ལྷུན་ཀྱི་གྲུབ་པས། བླ་མ་མི་ལ་རས་པ་ཆེན་པོའི་རྣམས་ཐར་བརྡ་དོན་གྲོལ་བྱེད་ལས། ལེའུ་བཞི་པའོ། །སྙན་རྒྱུད་གསང་བ་དྲི་མེད་གདམས་པ་ཡིས། །སྤྲུལ་སྐུའི་རྣམ་ཐར་ཡི་གེར་བཀོད་བྱས་ཏེ། །ཕྱི་རབ་སྐལ་ལྡན་སེམས་ཅན་དོན་སླད་དུ། །བླ་མ་ལ་ཞུས་གོང་མའི་བཀའ་ལུང་བཞིན། །དྷ་ཀི་དཔང་བཙུགས་རང་དྲན་དོན་ཕྱིར་མིན། །ལྷ་ལ་གསོལ་བཏབས་ངན་སོང་སྟོན་པ་ཡིས། །བསྒྲུབ་རྒྱུད་ཡིད་བཞིན་ནོར་བུའི་བདུད་རྩི་འཐུངས། །ཉི་མའི་འོད་བཞིན་མུན་སེལ་འདི་བྲིས་པས། །ས་སྟེངས་སྐལ་ལྡན་རྣམས་དང་ཕྲད་པར་ཤོག །མཁའ་འགྲོ་མ་རྣམས་ཀྱི་ཡང་སྙིང་། གསང་བའི་སྙིང་པོ་བོ་དེ་ར་ཙས། ཞེ་འདོད་མེད་པའི་སྙིང་རྗེས་ཀུན་བསླངས་ནས། ཡི་གེར་བཀོད་པའོ། །འདི་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ལེན་ལ་བརྩོན་པ་འགའ་ཞིག་གི་དོན་དུ་བྲིས་པ་ལས། གལ་ཏེ་བཀའ་ལས་འགལ་ན། མཁའ་འགྲོ་མ་རྣམས་ལ་བཟོད་པར་གསོལ།། ཞེ་འདོད་ཀྱིས་ཀུན་ནས་སླངས་ནས་བདག་རང་ན་ར་གན། །དེ་ལྟར་རྗེ་བཙུན་མིད་ལའི་སློབ་མ། ལོ་ཉི་ཤུ་རྩ་བདུན་དུ་བསྟེན་པའི་ངན་ཚོང་རས་པ། དེའི་ཐུགས་ཀྱི་སྲས་གུང་རས་པ། དམ་པ་དེས་བྱིན་གྱི་བརླབས་ཤིང་རྗེས་སུ་བཟུང་བ་རྒྱའི་ལྡོམ་བུ་བ་ཡིན་ནོ།། །།

ངན་ཚོང་རས་པའི་རྣམ་པར་ཐར་པ།

༄༅། །ན་མོ་གུ་རུ། རྗེ་བཙུན་ངན་ཚོངས་རས་པའི་རྣམ་ཐར་ལ། དང་པོ་ཡབ་དེ་གསངས་སྔགས་རྙིང་པ་མཁན་གཅིག་ཡིན་པ་ལ། ཁོང་རང་གིས་མངའ་རིས་སྟོད་དུ་སློབ་གཉེར་ལ་ཕྱིན་པས། ཚད་མ་དང་སྤྱོད་ཕྱོགས་དང་། མདོ་འགྲེལ་མང་དུ་གསན་ཏེ། ཤེས་རབ་ཡང་ཆེ་བར་བྱུང་སྟེ། ལེགས་པར་བསླབས་ནས། ལོ་ཉི་ཤུ་རྩ་གསུམ་དུ་གཤེགས་སུན་དུ་བྱེད་པ་ལ། ཡབ་ཡུམ་འདས་ནས་དེར་གཤེགས་སུན་ཆགས་ནས་དཔེ་ཀུན་གུང་ཐང་གི་ལྷ་ཁང་གཅིག་ཏུ་ཕུལ་ནས། སྐྱོ་བ་སྐྱེས་ནས་རྗེ་བཙུན་མི་ལ་བྲག་དམར་ལིང་བ་ན་བཞུགས་པ་ལ་གདམས་ངག་ཞུས་པས། སྣོད་ལྡན་དུ་གཟིགས་ནས་རྗེ་བཙུན་མའི་བརྡའི་བྱིན་རླབས་དང་། དཔལ་བདེ་མཆོག་འཁོར་ལོའི་བརྡའ་དབང་བཞི་རྫོགས་པར་བསྐུར་ནས། ཡང་སྙིང་བདེ་མཆོག་སྙན་རྒྱུད་རྣམས་གནང་། ཁྱད་པར་དུ་ལུས་མེད་དྷ་ཀི་མའི་ཆོས་བསྐོར་དགུ་པོ་ལྔ་དར་ཀར་གྱི་ཡོལ་བའི་ནང་ནས་གསུངས་པ། བཞི་པོ་ཕྱིས་རས་ཆུང་བས་ཕྱིས་རྒྱ་གར་ནས་བྱུང་ནས་ལུས་མེད་ཀྱི་ཆོས་སྐོར་བཞི་པོ་དེ། བསྲེ་བའི་གདམས་པ་ཁྱད་པར་ཅན་དེ་རྣམས་ཆེ་བ་མ་བྱས་པར་ཞུས་སྐད་དོ། །དེ་ལྟར་མཛད་ནས། རྗེ་མི་ལ་ཆེན་པོ་ལ་བརྟེན་ཡུན་རིང་ཤིང་གདམས་པ་ཁྱད་པར་ཅན་དུ་འཕགས་པ་མངའ་བའོ། །དེར་རྗེ་ངན་ཚོང་རས་པས་རྗེ་བཙུན་མི་ལ་ལ་ཞུས། རྗེ་བཙུན་ཡིས་ཉམས་སུ་བླངས་པ་ལ། གཏུམ་མོ་ལ་ཉམས་ཀྱི་བྱེ་བྲག་དང་ཡོན་ཏན་ཅི་ལྟ་བུ་བྱུང་དྲིས་པ་ལ། བརྟེན་ནས་ཉམས་ཀྱི་གཏུམ་མོ་དྲིན་ལན་བཅོར་མ་དང་། མ་རིགས་གསལ་བྱེད་གནད་ཀྱི་གཟེར་བུ་གཉིས་གསུངས་སོ། །དེ་ནས་རྗེ་ངན་ཚོང་རས་པས་ཡང་སྙན་རྒྱུད་ལ་ཡི་གེར་བཀོད་དོ། །དེའི་སློབ་མ་ཁམ་པ་ངོ་ཁྲོ་ཙང་བཞེད་ལགས་སྐད་པ་གཅིག་བྱུང་བས། ཡང་ཟིན་རིས་བྱས་གསུངས། དེ་ལ་ཁོ་བོའི་སློབ་མ་ལ་སྟོད་པ་ལ་བ་ཅན་ཀྱིས་ཞུས་ཏེ་མདོར་ན་རྗེ་བཙུན་མི་ལའི་བུ་ཆེན་བརྒྱད་ཀྱི་ཆེ་ཤོས་ཡིན་པའོ། །དེ་ལ་ཐུགས་ཀྱི་སྲས་བཞི་ལ། གུང་ཐང་གི་མཉན་ཆུང་རས་པ། ལྕིམ་ལུང་གི་ངན་ཚོང་རས་པ། མདོ་བཀྲའི་སེ་བ་རས་པ། དྷ་མོའི་འབྲི་སྒོམ་རས་པའོ། དེ་དང་ཉེ་བའི་སྲས་བརྒྱད་ལ། ཞུགས་ཡས་རས་པ་ཞི་བ་འོད། རས་པ་སངས་རྒྱས་སྐྱབས། རས་པ་ཙས་ཕུ་བ། རས་པ་རྡོ་རྗེ་དབང་། གཉེན་སྒོམ་རས་པ། རོང་ཆུང་རས་པ། མཁར་ཆུང་རས་པ། གླན་སྒོམ་རས་པ་དང་བརྒྱད་དོ། དེ་རྣམས་ནི་རྗེ་བཙུན་མི་ལའི་སྐུ་ཚེ་སྟོད་ཀྱི་སློབ་མའོ། །སྐུ་ཚེ་སྨད་ལ། ཐུགས་ལས་འཁྲུངས་པའི་སྲས་བཞི་སྟེ། ལི་གོང་བྱེ་རུ་བ། འོར་སྟོན་དགེ་འདུན། དམ་པ་བརྒྱག་ཕུ་བ། མཉམ་མེད་རིན་པོ་ཆེ་དང་བཞི་སྟེ། རྗེ་ངན་ཚོང་རས་པས་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞེངས་ནས་འདས་ཏེ། སློབ་མ་ཡང་མང་དུ་བསྙིན་བར་མཛད་གསུང་ངོ་། །བདག་གི་བླ་མ་ལ་སྟོད་པའི་སྐུ་སྐྱེ་བ་དིང་རིར་སྐུ་འཁྲུངས་ནས། ཆུང་རྒྱུན་ནས་ཆོས་ལ་དད་པ་གཅིག་བྱུང་སྟེ། གདུང་རུས་པ་ནི་གླན་ཡིན་གསུངས། དེ་ནས་ལོ་བཅུ་གསུམ་ལོན་ཙམ་ན། ཕ་དེ་ཤི་ནས་མ་དེས་གླང་སྐོར་དུ་ཡིག་རྩིས་སློབ་ཏུ་བཅུགས། དེ་ལས་ལོ་བཅུ་དགུ་ལོན་ཙམ་མ་དེ་ཡང་ཤི། ཉེ་བ་གཞན་གཤའ་མ་མེད། དེ་ནས་ད་ནི་ཆོས་གཅིག་བྱ་དགོས་འཇིག་རྟེན་འདིས་དགོས་པ་མེད་སྙམས་པ་སེམས་ལ་བྱུང་ནས། རྒྱལ་ཁམས་སུ་བླ་མ་གཅིག་ཚོལ་དགོས་སྙམས་ནས་ཕྱིན་བས་ཁོང་ལ་ལ་ན་རེ། རྗེ་བཙུན་མི་ལའི་ཐུགས་ཟིན་ཆེ་ཤོས་ངན་ཚོང་རས་པ་བྱ་བ་དེ་ད་ལྟ་བལ་པོ་རྫོང་གསེབ་ན་བཞུགས་ཟེར་བ་ཐོས་ནས་ཕྱིན་བས། རྗེ་རས་པ་ཆེན་པོ་དེས་ཐུགས་ལ་བཏགས་ནས། འཕྲལ་གྱི་ལྟོ་གོས་དང་ཆོས་དང་གསུམ་ཀ་གནངས་ནས། ལོ་ལྔ་བརྟེན་བའི་བར་དུ་བདེ་མཆོག་སྙན་རྒྱུད་ཀྱི་གདམས་པ་རྣམས་དབང་བྱིན་རླབས་དང་བཅས་པ་རྣམས་ཐུགས་ལ་བཏགས་ནས་གནངས། རྩང་རོང་ངོས་པ་གཅིག་ཞུ་ཤིང་འདུག་པ་ལ། བསྲེ་བའི་སྐོར་དང་། ལུས་མེད་མཁའ་འགྲོའི་གདམས་པ་དང་། དེ་རྣམས་དེ་གཤའ་མ་མི་གནང་བར་འདུག །དེ་ནས་རྗེ་བཙུན་དེ་འདས་པའི་དུས་སུ་ཡང་། གདུང་བཞུས་པས་རྣལ་འབྱོར་མའི་སྐུ་བྱོན། ནམ་མཁའ་འཇའ་དང་འོད་ཀྱིས་གང་། མཁའ་འགྲོ་མའི་སྒྲ་སྙན་ཀྱི་བསུ་བ་བྱུང་། དེ་ལ་སོགས་པའི་རྟགས་མང་པོ་བྱུང་ནས། ཁོ་བོའི་སེམས་ཀྱི་སྤྲོས་པ་གཅད་དེ། བླ་མ་དེ་ལ་སངས་རྒྱས་རང་ལས་གཞན་གྱི་འདུ་ཤེས་སྐད་ཅིག་ཙམ་ཡང་མ་བྱུང་གསུངས། ངའི་བླ་མ་དེ་སངས་རྒྱས་དངོས་ཡིན་པར་འདུག་གསུངས་ཏེ། ཕྱི་མ་ངན་བུ་ཅི་ཙུག་བགྱི་ཞུས་པས། བུ་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཡིན་པས་མ་ཆགས་ཤིག །རྣམ་རྟོག་ཡེ་ཤེས་བདེ་ཆེན་ཡིན་པས་སྤང་དུ་མེད། །འཁོར་འདས་སེམས་ཀྱི་སྣང་བ་ཡིན་པས་ལོགས་ན་མེད། །ཅི་སྣང་ཕྱག་རྒྱ་ཆེན་པོ་ཡིན་པས་བསྒྲུབ་ཏུ་མེད། །ཅེས་གསུངས་ནས་གཤགས་སོ། །དེས་ནས་ངས་ཀྱང་བསྒྲུབ་པ་རང་བབ་ཞིག་བྱས་ཏེ། རི་ཁྲོད་དང་གངས་ཁྲོད་འབའ་ཞིག་འགྲིམས། དགུན་ཕལ་ཆེར་ཡང་བལ་པོ་རྫོང་གསེབ་ཏུ་བསྡད། དང་པོ་རས་མང་དུ་གྱོན། དེ་ནས་ཕྱིས་ད་རས་དེ་མངོན་མཚན་ཆེ་བར་འདུག་པས། རེ་བའི་གོས་ཀྱང་བག་རེ་གྱོན་པ་ཡིན། ང་ལ་འཇིག་རྟེན་པའི་སྣང་བ་འདི་ཡི་ཟང་ཟིང་གིས་དགོས་པ་མེད་དེ། རང་དགེ་སྦྱོར་ཅི་འཕེལ་བྱས། རྗེ་བཙུན་ངན་ཚོང་རས་པ་འདས་ནས། ཕྱི་དེ་ལོ་དེ་ལ་ཁོང་འདས་པའི་ཟླ་བ་དེར་སོང་ཙམ་ན། སྙིང་མ་དགའ་བ་གཅིག་བྱུང་ནས། བླ་མ་ལ་ཏིང་འཛིན་གྱི་པུ་ཙ་གཅིག་ཕུལ་ནས་གསོལ་བ་བཏབས་པས། བླ་མ་རྨི་ལམ་དུ་བྱོན་ནས་རྡོ་རྗེའི་མགུར་འདི་གསུངས། རྗེ་བླ་མའི་སྐུ་ལ་ཕྱག་འཚལ་སྐྱབས་སུ་མཆི། །མ་མཁའ་འགྲོའི་ཚོགས་ཀྱི་བྱིན་གྱིས་རློབས། །བདག་རྟོག་མེད་ཀྱི་རྣལ་འབྱོར་རས་པ་ལ། །བུ་སྙིང་སྟོབས་ཅན་དེ་གསོལ་འདེབས་པ། །སེམས་གདུང་བ་གཅོད་པའི་གླུ་འདི་ཉོན། ཁྱོད་འཇིག་རྟེན་གྱི་བྱ་བ་བློས་ཐོང་ལ། །རྩེ་ཅིག་སེམས་ཀྱིས་བསྒྲུབ་པ་གྱིས། །མ་མཁའ་འགྲོ་རྣམས་ཀྱིས་བར་ཆོད་སེལ། །རྣམ་རྟོག་གི་བདུད་ཚོགས་འབྲོས་པར་འགྱུར། གནས་རི་ཁྲོད་མཐོ་བ་འགྲིམ་ཙམ་ན། ཡིད་སྐྱོ་བའི་རླུང་གིས་བསྐྱོད་གྱུར་ཀྱང་། །བླ་མ་ལ་གསོལ་བ་རྒྱུན་དུ་ཐོབ། །བྱིན་རླབས་ཀུན་ཤུགས་ལས་འབྱུང་བར་འགྱུར། །མཚོ་བའི་མཐུན་རྐྱེན་ཉུང་བ་ན། །བདུད་རྩི་རྟོགས་མེད་ཀྱི་བཅུད་ལེན་གྱིས། །བརྒྱག་ཆུ་ལ་གྱིས་ཅིག་བརྩོན་འགྲུས་ཅན། །མཁའ་འགྲོ་རྣམས་ཀྱི་འཚོ་བ་སྦྱོར། །རིག་པ་བདེ་གསལ་དུ་ཤར་ཙམ་ན། །ཉམས་བཟང་ངན་ལ་མ་ཞེན་རྣལ་འབྱོར་པ། །རང་བྱུང་གི་ཡེ་ཤེས་ཆེན་པོ་ལ། །རང་གཞན་ཀྱི་དོན་རྣམས་རྫོགས་པར་འགྱུར། །དེ་གོའམ་རྟོགས་སམ་སྐྱེས་བུ་ཁྱོད། །སེམས་སྤྲོས་པ་ཆོད་ལ་ཉམས་མྱོང་སྐྱོང་། །ཞེས་གསུངས་པས། དུས་དེར་སྣང་བ་འདི་ལོགས་སུ་གྲུབ་པ་མི་འདུག །རང་གི་སེམས་འདི་གདོད་མ་ནས་སྐྱེ་བ་མེད་པའི་རང་བཞིན་ཅན་དུ་འདུག །གང་ལ་ཡང་བརྩོན་འགྲུས་དང་རེ་དོགས་བྱ་རྒྱུ་མེད། ད་རང་གི་སེམས་འདི་ཡེ་ནས་སངས་རྒྱས་གཅིག་རང་དུ་འདུག་སྙམས་པ་དང་། གཉིད་སད་ཙམ་ན། སྔར་མ་ཤར་བའི་རྟོགས་པ་ཁྱད་པར་ཅན་གཅིག་གཏིང་ནས་གོ་ནས་འདུག་སྟེ། བློ་དང་བྲལ་བའི་ལྟ་བ་གང་གིས་ཀྱང་མ་རེགས། མ་དམིགས། རྟོགས་པ་གཅིག་གོ་ནས་འདུག་སྟེ། དུས་དེ་ནས་ཏིང་ངེ་འཛིན་ཀྱི་རོ་ལ་ཆགས་པ་དེ་ཡལ། རིགས་པ་རང་དངོས་སུ་སོང་ནས་འདུག་གསུང་ངོ་། །དེ་ནས་དེ་བཀའ་བཞིན་བླ་མ་ལ་གསོལ་བ་བཏབས་ཤིང་རི་ཁྲོད་འགྲིམས། འཁོར་དང་ཟང་ཟིང་ལ་དགོས་པ་མེད་པས་མ་བསྐྱངས། ཆོས་གཅིག་པུ་འདི་ལས་མེད། བླ་མ་ཡང་གཅིག་པུ་དེ་རང་། སྣོད་ལྡན་གྱི་གང་ཟག་བྱུང་ན་གདམས་ངག་འདི་གཅིག་ལ་སྦྱིན་སྙམ་པ་ཡིན་ཏེ། ཁྱོད་ལ་སྦྱིན་པ་འདི་ཡིན། སྔར་ངས་བྱིན་པ་མེད། ད་རུང་དུ་ཡང་གཞན་སྦྱིན་སྙམ་པ་མེད། ད་རེས་ཁྱེད་དང་ཕྲད་པ་དེ་དགའ་བ་གཅིག་བྱུང་ན་ནི་ཙ་རི་ཙ་ཀོང་དེ་ལྟར་ཕྱིན་ནས་ཚུར་ལོག་པ་དེ་དོན་ཆེ། ཁྱེད་ཀྱི་འགྲོ་བ་སེམས་ཅན་ལ་ཕན་ཐོགས་པ་གཅིག་འོང་བར་འདུག་པས། ད་སྙན་རྒྱུད་འདི་བཀའ་རྒྱ་ཁྲོལ་བ་ཡིན་ཏེ། དེ་སྐད་གསུངས་ནས་བླ་མ་དགུང་ལོ་བདུན་ཅུ་དོན་བརྒྱད་ལོན་པ་དང་། རིན་ཆེན་གླིང་པ་དང་འཕན་ཡུལ་རྒྱལ་དུ་མཇལ་ཙ་ན། ཡང་སྐུ་ལུས་ཤིན་ཏུ་བཟང་བར་འདུག་པ་དང་། ད་རུང་ལོ་གཅིག་གཉིས་ཐུབ་རེ་གསུངས་ནས། གདམས་པ་རྣམས་ཞག་བདུན་གྱི་བར་ལ། ཙར་ཀྱི་ཚར་བར་གནང་བའོ། །གསང་བ་རིན་པོ་ཆེ་རྒྱས་བསྡུས་གཉིས་ཀྱི་སྐོར། རྒྱའི་སྡོམ་བུ་བ་བདག་གིས་གདམས་ངག་འདི་དང་ཕྲད་ལུགས་ནི། དང་པོ་ནས་འདི་ལ་མོས་པ་གཅིག་ཡོད་པ་ལ། མཁས་པར་ཤེས་པ་མ་བྱུང་། དེ་ནས་སློབ་དཔོན་རིན་ཆེན་གླིང་པ་ལ་ཞུས་པས་མ་གནང་ནས། ཁོང་གི་སློབ་མ་ཁྱུང་ཚང་བའི་ལུགས་ཤེས་པ་གཅིག་ལ་ཞུས་དེ་ལ་སྐོར་དྲུག་ཏུ་བཅས་པ་རྒྱ་ཆེ་བར་འདུག །དེའི་ལུས་མེད་ཀྱི་ཆོས་ཞུས་ཙམ་ན། རྨི་ལམ་གྱི་ལྟས་ཁྱད་པར་ཅན་བྱུང། དེ་ནས་སྙལ་དུ་ཕྱིན་དུས་སུ། ཙང་དུ་འགྲོ་ཙམ་ན། རྨི་ལམ་དུ་རྗེ་མི་ལ་རས་པ་དཔོན་སློབ་གསུམ་དང་མཇལ་ནས། ནམ་མཁའ་ན་མར་ལ་གར་ཐབས་དང་བཅས་ནས། །འདི་སྐད་གསུངས། ཀྱེ་རྟོགས་པར་གྱིས་གཅིག་རྣལ་འབྱོར་པ། །བརྗོད་དུ་མེད་པའི་རང་བཞིན་ལ། །སྤྲོས་པའི་ཚིགས་དང་ཡི་གེའི་རྒྱན། །དོན་སྙན་རྒྱུད་བརྡ་ཡི་དགོངས་པ་དེ། །རྗེ་བླ་མའི་དྲིན་གྱིས་རྟོགས་པར་འགྱུར། །ཞེས་གསུངས་ནས། མི་སྣང་བར་གྱུར་ཏོ། །དེ་ནས་རྗེ་གུང་ཐང་བའི་ཆགས་ཕྱིར་ཕྱིན་ནས་རྗེ་དང་དམ་པ་དི་རིང་མཇལ་བའི་མདང་གི་རྨི་ལམ་ན། ལྷོ་ཕྱོགས་དཔལ་གྱི་རི་ལ་རྗེ་རི་ཁྲོད་དབང་ཕྱུག་ནམ་མཁའ་ལ་བཞུགས་པ་མཐོང་ནས་གསོལ་བ་བཏབས་པ། ནམ་མཁའ་ལ་གཟིགས་དང་གཅིག་མཛད། ཕྱག་ཡུག་ཡུག་མཛད་ནས། ཁོ་རང་ནམ་མཁའ་ལ་ཞི་ནས་སྤྲིན་དངས་པ་བཞིན་སོང་ནས་ང་སྙམ་ནས། དེ་རྣམས་བརྡ་རུ་འདུག དོན་སྐྱེ་མེད་ནམ་མཁའ་ལྟ་བུར་ཤེས་པར་གྱིས་གཅིག་པའི་བརྡར་གོ །དེ་ནས་བླ་མ་དང་མཇལ་བས། ཁྱོད་ལ་ཁ་ཟིན་ཞག་བདུན་གྱི་ནུབ་མོ་དེ་ཅི་འདྲ་བ་གཅིག་བྱུང་གསུངས་པས། མོས་པ་ཁྱད་པར་ཅན་སྐྱེས། རི་ཁྲོད་པའི་བརྡ་དང་ཕྱི་ལུས་མེད་དྷ་ཀི་མའི་ཆོས་དགུ་པོའི་བརྡར་འདུག །ངས་ཀྱང་བླ་མ་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། བླ་མ་དེ་ལ་དད་གུས་བྱེད་གསོལ་བ་འདེབས་པ་ཡིན། ཁོ་རང་གི་མཚན་དྲིས་པས། གསང་མཚན་འདོད་ཆགས་རྡོ་རྗེ་ཡིན་གསུངས། མ་བཤད་གཅིག་གསུངས་ཏེ་གྲགས་པ་ནི། ལ་བ་པ་ཞེས་གྲགས་སོ། །དེ་ལྟར་བརྒྱུད་པའི་བླ་མ་དང་། བདག་རང་དང་དོན་གྲོལ་བྱེད་ལས་བསྟན་པར་བྱ། །ལྡོམ་བུ་པའི་བན་དྷེ་ཡོན་ཏན་བཟང་པོས། བླ་མའི་ཡོན་ཏན་ཅི་སྐད་གསུངས་པ་ལྟར་ཡི་གེར་བཀོད་པའོ།། །།

རྒྱལ་སྲས་ཟླ་འོད་གཞོན་ནུའི་རྣམ་ཐར།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་བདེ་བར་གཤེགས་པ་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ལ། དང་པོ་སྐུ་འཁྲུང་པའི་ཡུལ་ནི་དམྱལ། རིགས་རྙི་བ། ཡབ་རྙི་བ་ལྷ་རྗེ་ལ་སྲས་བཞི་ཡོད་པའི་གསུམ་པ། མཚན་ཀུན་དགའ་སྙིང་པོ་བྱ་བ་ཡིན་པ། འཇིག་རྟེན་མི་ཆོས་ཀྱི་ཡོན་ཏན་སྐྱེས་ནས། ཆོས་གཤའ་མ་གཅིག་བྱ་སྙམས་ནས། དང་པོ་དགེ་བཤེས་ཤྭ་བ་གླིང་པ་ལ་རབ་ཏུ་བྱུང་། མཚན་ཡང་དགེ་སློང་བསོད་ནམས་རིན་ཆེན་བྱ་བར་བཏགས། བྱ་འདུལ་བ་འཛིན་པ་ཆེན་པོ་དང་གཉིས་ལ་གསན་པ་མང་པོ་མཛད། དགེ་བཤེས་མང་ཡུལ་བ་བློ་ལྡན་ལ་ཕ་རྒྱུད་མ་རྒྱུད་ལ་སོགས་པའི་གསང་སྔགས་མང་པོ་གསན་པར་མཛད། ཆོས་ཐམས་ཅད་ཀྱི་ནང་ན་ཉམས་སུ་བླང་བ་ཁོ་ན་གཙོ་བོར་བཤད་ནས་འདུག་པས། དབུ་རུ་ཕྱོགས་སུ་བཀའ་གདམས་ལ་བྱོན་དགེ་བཤེས་བསྙུག་རུམ་བ་དང་། རྒྱ་ལྕགས་རི་གོང་ཀ་བ་དང་། དགེ་བཤེས་བྱ་ཡུལ་བ་དང་གསུམ་བསྟེན། ཇོ་བོའི་གདམས་ངག་མ་ལུས་པ་མཁྱེན་པར་མཛད་ནས། ད་ནི་བསྒྲུབ་པ་གཅིག་བྱ་དགོས་སྙམས་ནས། རང་གི་ཡབ་མེས་ཀྱིས་བཞེངས་པའི་གསེར་ཁ་བྱ་བ་ན། བྲང་ཁང་བདེ་མོ་གཅིག་བརྩིགས་ནས། ཕ་ཞིང་ལ་ཡོན་བདག་བྱས་ནས་བསྒྲུབ་པ་བྱས། དེ་ནས་ཞག་བཅུ་གསུམ་ལ་མི་ཚོར་བའི་ཏིང་ངེ་འཛིན་བཟང་པོ་བྱུང་། ཆགས་སྡང་རབ་འབྲིང་རྣམས་ཞི་ནས། གཉིད་ཐུན་ཆུང་ངུར་རེ་ལས་མི་འབྱུང་ངོ་། །རྨི་ལམ་དུ་ཡང་མདོ་སྡེ་གསེར་འོད་ནས་བཤད་པའི། ས་བཅུ་ཐོབ་པའི་སྔ་ལྟས་ཀྱི་རྨི་ལམ་དེ་ཙམ་རྨིས། ང་ལ་རྨི་ལམ་འདི་ཙམ་རྨི་མི་ཐང་བ་ལ། སེམས་རྨི་ཡིན་ནམ། འདྲེའི་ཆོ་འཕྲུལ་ཡིན་ནམ། ཅི་ཡིན་སྙམ་པ་བྱུང་གསུངས། ལུས་ལ་ཤིག་དང་སྲིན་བུ་རྣམས་ཡེ་མེད། ཞག་ལྔ་ལྔ་ཙམ་དུ་ཚལ་མ་མ་ཟོས་ཀྱང་། ལྟོགས་པའི་འདུན་པ་ཡེ་མེད། ལུས་བདེ་ཉམས་དང་ལྡན་པ་བྱུང་གསུངས། ནམ་སླ་དཔྱིད་གཅིག་གི་དུས་སུ་འཚམས་ནས་བྱུང་ནས་ལྕགས་རིའི་ལྷོ་ཕྱོགས་སུ་སྐྱོ་བ་ལས་སོང་ཙ་ན། སྤྲང་པོ་རྒད་པོ་གསུམ་ཤིག་སྲག་ཤིན་གཏམ་བྱེད་ཀྱིན་འདུག་པ་ལ། ཁོ་བོའི་སེམས་རྒྱུད་ནི་ཏིང་ངེ་འཛིན་དུ་སོང་། ཕྱག་གིས་ཡི་དྭགས་ལ་ཆུ་སྦྱིན་བྱེད་ཀྱིན་ཡོད་ཙ་ན། སྤྲང་པོ་གཅིག་ན་རེ། འོ་སྐོལ་གསུམ་འདྲ་བའི་བསོད་ནམས་ཆུང་བ་འོང་བ། རྩོལ་བ་མི་དགོས་པར་ཟན་ཆེན་པོ་རེ་དང་འོ་མ་ཕོར་པ་རེ་བཏུང་རྒྱུ་ཡོད་ན་ཅི་ཏོ་ཟེར། གཅིག་དེས་ཡིད་སྨོན་བྱེད་ན་དེ་འདྲ་བ་ལ་བྱེད་དམ། མངའ་བདག་རྩེ་ལྡེ་འདྲ་བ་རེ་ཡིན་ན་དགའ་ཡོད་ཟེར། གཅིག་ན་རེ། མངའ་བདག་རྩེ་ལྡེ་ལ་ཡང་འཆི་བ་ཡོད་སྐྱིད་མེད། མི་ལ་རས་པ་འདྲ་བའི་གྲུབ་ཐོབ་ལུས་ལ་གོས་མི་དགོས་པ། བཟའ་མེད་ན་མཁའ་འགྲོ་མས་བདུད་རྩི་འདྲེན་པ། སེང་གེ་ལ་བཅིབས་ནས་ནམ་མཁའ་ལ་འགྲོ་ཡིན་འདུག་པ་གཅིག་ཡིན་ན་དགའ་མོད་ཟེར། དེར་བླ་མ་རིན་པོ་ཆེས་དེ་རྣམས་གསན་པས་ལུས་ཀྱི་སྤུ་ཟིངས་ཀྱིས་སོང་ནས། མིག་ནས་མཆིལ་མ་འཁྲུགས་པ་གཅིག་བྱུང་། སྔར་གྱི་དེ་མ་ཡིན་པའི་དད་པས་རྒྱུན་དུ་སླང་བའི་ཏིང་ངེ་འཛིན་གཅིག་སེམས་རྒྱུད་ལ་སྐྱེས་ནས་བྱུང་། ཡུན་རིང་རབ་གཅིག་ཏུ་འགྲོ་མ་ཤེས། དེར་བྲང་ཁང་དུ་བྱོན་ནས་དགེ་སྦྱོར་གྱི་གཙོ་བོ་ཡན་ལག་བདུན་པ་བྱེད་པ་ཡིན་པས། བྱས་ཙམ་ན་འཕྲོ་སྟོར་ཡིན་སོང་། ད་ཅི་རེད་པ་ཡིན་སྙམས་ནས་མལ་དུ་བཞུགས་ནས་བསྒོམས་ཙམ་ན། ཁང་པ་ལ་སོགས་པའི་ཕྱི་རོལ་ཡུལ་རྣམས་མེད་པར་སོང་ནས། སྟོང་ཕྱལ་གྱིས་སོང་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡིད་ཀྱི་ཡུལ་དུ་བྱུང་བའམ། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་སྙམ་བྱེད་པ་གཅིག་བྱུང་། དེར་དགོང་ཐུན་ཐོག་ནས་སྤྲང་པོ་དེ་རྣམས་ཨཱེ་སྣང་བལྟས་ཙམ་ན། འགྲོན་ཁང་ན་ཉལ་ནས་འདུག །ད་ཅི་ཁྱེད་ཀྱི་གླེང་བའི་གྲུབ་ཐོབ་དེ་གང་ན་ཡོད་པ་ཡིན་བྱས་པ་ལ། དེ་ན་རེ། མང་ཡུལ་གུང་ཐང་བྱ་བ་ན་ཡོད་མི་ལ་རས་པ་བྱ་བ་ཡིན་ཟེར། དེའི་བླ་མ་གོང་མ་རྣམས་སུ་ཡིན་བྱས་པ་ལ། དེའི་བླ་མ་མར་པ་ལོ་ཙ་བ་བྱ་བ་ཡིན་ཟེར། དེའི་བླ་མ་ནཱ་རོ་པན་ཆེན་བྱ་བ་ཡིན་ཟེར། ཆོས་ཅི་གསུངས་བྱས་པ་ལ། ཆོས་དེ་ནཱ་རོའི་ཆོས་དྲུག་བྱ་བ་དགྱེས་རྡོར་གྱི་གདམས་ངག་ཡིན་ཟེར་བ་གཅིག་གསུངས། ངས་ཞལ་མ་མཐོང་ཟེར། མི་ཕལ་ཆེར་བླ་མ་དེའི་དྲུང་ན་འགྲོ་ཡིན་འདུག་པ་ལ། བླ་མ་དེ་ཡོན་ཏན་ཅི་ལྟ་བུ་ཡོད་གསུངས་པ་ལ། མི་ཕལ་ཆེར་ཡིས་སོང་ཡང་མི་རྙེད་པ་ལ། རྙེད་ཀྱང་ལ་ལས་མཆོད་རྟེན་དཀར་པོ་གཅིག་ཏུ་མཐོང་། ལ་ལས་ཤཱཀ་ཐུབ་ཏུ་མཐོང་། སྤྲུལ་པ་སྣ་ཚོགས་བྱེད་ནུས་པ་གཅིག་འདུག་ཟེར། གཞི་ཆེ་བར་གང་ན་འདུག་པར་སྣང་གསུངས་པ་ལ། བྲིན་དང་སྙེ་ནམ་གཉིས་ཀྱི་རི་ཁོ་ན་ལ་བཞུགས་ཟེར། དེ་ན་འགྲོ་ན་ཁྱེད་ཀྱི་རོགས་བྱེད་དམ་བྱས་པ་ལ། དེ་ཉན་དེ་ཁྱེད་གཞོན་ནུ་གཅིག་འདུག་པ་ངས་ཁྱེད་ཀྱི་རྗེས་མི་སླེབས། ཁྱེ་རང་སོང་དང་ལ་སྟོད་ནས་ཤེས་ནས་འོང་གིས། ཁོང་གྲགས་པ་ཆེ་བ་ཡིན་ཟེར། དེར་ཟན་ཆེན་པོ་བྱས་ལོ་མ་མང་པོ་བཅོས་ནས་དེ་གསུམ་ལ་བྱིན། དེར་དེ་ནུབ་དཀོན་མཆོག་ལ་མཆོད་པ་གཅིག་བྱས། གསོལ་བ་བཏབས་ནས་ཉལ་བའི་རྨི་ལམ་ན། རག་དུང་རིང་པོ་གཅིག་བུས་པས་སྐད་འཛམ་བུའི་གླིང་དུ་ཐོས་པ་རྨིས། དེ་ཡང་དབུས་གཙང་གཉིས་ན་འདི་བས་ཆེ་བའི་རག་དུང་མེད་བྱས་པ་རྨིས། ཡང་ཁང་རྟེན་བ་གཅིག་ལ་རྔ་བོ་ཆེ་གཅིག་བཏགས་ནས་འདུག་པ་ལ། སྐད་ཆེན་པོ་ཡང་དག་གཅིག་བྱུང་། རི་དྭགས་མང་པོ་ཉན་ཤིན་འདུག །མི་དཔག་ཏུ་མེད་པ་མང་པོ་ཡང་འདུག །མོན་མོ་ལྟ་བུ་བུད་མེད་གཅིག་ན་རེ། མི་ཚོ་ལ་ནི་རྔ་བརྡུང་རི་དྭགས་འདི་ཚོ་ལ་ནི་འདི་བྱིན་གཅིག་ཟེར་ནས་འོ་མ་ཐོད་ཕོར་གང་བྱིན་བ་རྨིས། འདིས་རི་དྭགས་འདི་ཚོ་མི་ཁྱེད་བྱས་པ་ལ། ཁྱེད་རང་གསོལ་དང་རི་དྭགས་འདི་རྣམས་བེས་ནི། འགྲོ་བ་རིས་དྲུག་ཡང་ཁྱེད་པར་འོང་བས། ང་ནི་ཉི་མ་ནུབ་ཕྱོགས་སུ་འགྲོ་བ་ཡིན་ཟེར་ནས་སོང་བ་རྨིས་ནས། ད་ལྟ་སྣོད་དང་མི་ལྡན་པ་རྣམས་ལ་རིམ་གྱིས་སྐྱེས་ཏེ་རྔ་ལ་ཉན་པའི་མི་དེ་རྣམས་ཡིན་པར་འདུག །བཀའ་གདམས་ཀྱི་བླ་མ་རྣམས་དྲིན་ཆེ་གསུངས། །རི་དྭགས་དེ་རྣམས་ནི་ངའི་རི་ཁྲོད་འཛིན་པའི་དེ་རྣམས་ཡིན་བར་འདུག །བླ་མ་མི་ལ་པའི་ཐབས་ལམ་དང་ཕྱག་རྒྱ་ཆེན་པོས་བསྐྱང་། སྔོན་གྱི་རྨི་ལམ་གྱི་སྟེང་ཁོ་ནར་སོང་གསུངས། དེར་ཞིང་བཟང་པོ་གཅིག་ཡོད་པ་དེ་བཙོངས་ནས། བླ་མའི་སྤྱན་སྔར་ཕྱིན་ཙམ་ན། སྣེ་ཤང་ཁྱི་ར་བ་བྱ་བ་ཅིག་ཀྱིས་བླ་མའི་ཉེ་གནས་བྱེད་ཀྱིན་འདུག །ལོ་རོ་རས་ཆུང་བ་སྒོམ་སྟག་ཇོ་གདོར། སེ་བན་སྟོན་ཅུང་། མེ་སྒོམ། རྐོང་སྒུར། དེ་ཀུན་སྣང་། ཉེ་གནས་ན་རེ། དབུས་པ་སྟོན་པ་ཁྱོད་འོང་བ་བླ་མས་མཁྱེན་པར་འདུག །ཐུགས་ལ་ཡང་འདོགས་པར་འདུག །ངང་ཐུང་མ་བྱེད་པར་ཞག་འགའ་སྡོད་དང་། དེ་ཙམ་ན་བླ་མ་དམ་པ་དང་མཇལ་བར་འདུག་ཟེར་ནས་ཕ་བོང་གཅིག་གི་འོག་ཏུ་བཞག །སང་ཉིན་ཕྱེད་ཙམ་ན་ཤོག་ཟེར་ནས་ཕྱིན་ཙམ་ན། བླ་མ་རྡོ་ལེབ་གཅིག་གི་ཁ་ན་བཞུགས་ནས། འཁོར་རྣམས་ཀྱིས་མཐའ་བསྐོར་ནས་འདུག །གསེར་སྲང་གང་འབུལ་བ་བྱས་ཙ་ན། བླ་མའི་ཞལ་ནས་གསེར་དང་ང་ལོ་མི་མཐུན་ཁྱེད་རང་བསྒྲུབ་པའི་ཆ་རྐྱེན་གྱིས་གསེར་མི་འདོད། ཁྱོད་ཀྱི་མིང་ཅི་ཡིན། བསོད་ནམས་རིན་ཆེན་བྱ་བ་ལགས་ཞུས་པ་ལ། བསོད་ནམས་བསོད་ནམས་བྱ་བ་ལན་གཉིས་གསུངས་ནས། བསོད་ནམས་ཚོགས་ཆེན་བསགས་ལས་བྱུང་། །སེམས་ཅན་ཀུན་ཀྱི་རིན་པོ་ཆེ་གསུངས། །དེ་ནས་མགུར་གཅིག་བཞེངས་ནས་དབུས་པ་སྟོན་པ་ཁྱོད་ཀྱི་སྣ་ལེན་ཡིན་ནོ་གསུང་། དེ་ནས་ཕ་བོང་འོག་དེར་མཁན་པ་དང་ཟ་ཤིང་དང་དྲི་ཤོ་ཁོ་མོ་བསྡུས་ནས་ཕྱེད་སྤྱིལ་བྱས་ནས། ཡོན་བདག་རྐོན་འབར་དང་འབར་སི་གཉིས་ལ། གསེར་ཞོ་རེ་བཙོངས་ནས་ཕྱེ་བྱས་ནས་ཁྲིད་ཞུས། བླ་མའི་ཞལ་ནས། ཁྱོད་ལ་དབང་བསྐུར་གྱི་བཀའ་ཡོད་དམ་གསུངས། དགེ་བཤེས་མང་ཡུལ་བློ་ལྡན་ལ། གསང་འདུས་ཀྱི་དབང་རྫོགས་པར་ཞུས། དགྱེས་རྡོར་གྱི་ལན་གསུམ། བདག་མེད་མའི་བྱིན་རླབས་གསུམ། ཇོ་བོ་ཀླུ་ཡི་པའི་བཀའ་ཕག་མོ་རིན་ཆེན་རྒྱན་བསྒྲུབས་མའི་བྱིན་རླབས། གཞན་ཡང་བླ་མ་མང་པོ་ལ་དབང་བསྐུར་མང་དུ་ཐོབ་བྱས། ང་ལ་ཞག་བཅུ་གསུམ་དུ་མི་ཚོར་བའི་ཏིང་ངེ་འཛིན་བཟང་པོ་ཡོད་བྱས་པ་ལ། ཧ་ཧ་ཟེར་ནས་གད་མོ་ཆེན་པོ་གཅིག་ཤོར་ནས། བྱེད་མ་བཙིར་བས་མར་ཁུ་མི་འོང་། ཡུངས་དཀར་བཙིར་ན་མར་ཁུ་འོང་བ་ཡིན། དེ་འདྲ་བ་ལ་དགོས་པ་མེད། ངའི་གཏུམ་མོ་སྲོག་སྲོལ་སྒོམས་དང་། སང་དེ་གཟོད་སེམས་ཀྱི་ངོ་བོ་མཐོང་ནས་འོང་ཀྱང་བོད་ཀྱི་སྙིང་དུ་འདྲེ་ཞུགས་པས། ཨ་ཏི་ཤ་ལ་གསང་སྔགས་འཆད་དུ་མ་བཅུགས་པས་མི་མང་པོ་ཕུང་གསུངས། བཀའ་གདམས་པ་ལས་གསང་སྔགས་ཀྱི་གདམས་ངག་མང་པོ་ཡོད་བྱས་པ་ལ། དེ་ཙམ་གསང་སྔགས་ཡིན་ཡང་མན་ངག་མིན། བསྒྲུབ་ཐབས་རྐྱང་པ་རེ་རེ་རྫོགས་རིམ་སྣོད་བཅུད་བསྡུས་པ་རེ་རེ་བཤད་ནས་འདུག་སྟེ། རྟོགས་སྤྱོད་ཀྱི་ཏིང་ངེ་འཛིན་བྱ་བ་ཡིན། ལམ་རིམ་གྱི་བདག་མེད་མ་བསྒོམ་བ་དོན་སྤྱི་རྐྱང་པ་ཡིན། ཁ་རོག་པར་ཐབས་ལམ་བསྒོམ་དང་གསུང་གཏུམ་མོའི་ཁྲིད་ཞུས་ནས་བསྒོམས་པས། བདེ་དྲོད་རང་འབར་ལ་སོང་ནས། ཞག་བདུན་གྱི་ནང་པར་རྒྱལ་བ་རིགས་ལྔ་ཞལ་མཐོང་། བླ་མ་ལ་ཞུས་པས། མིག་བཙིར་ན་གཉིས་སུ་མཐོང་བ་དང་འདྲ། འབྱུང་བ་ལྔའི་རླུང་ཟིན་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུང་། ཡོན་ཏན་མིན་ཟེར་ཡང་བྲོད་པ་སྐྱེས་ནས་དྲག་ཏུ་བསྒོམས་པས། ཟླ་བ་གསུམ་ལོན་པ་དང་ཐོ་རངས་ཁ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་འཁོར་ལོ་འཁོར་བ་ལྟར་འཁོར་ཤིང་འདུག་པས། སྟོང་སྐྱུག་བྱས་བྱས་ནས་འགྱེལ་བརྒྱལ་ནས་ཡུན་རིང་གཅིག་ཏུ་འདུག་བླ་མ་ལ་ཞུས་པ་ལ་རོ་རྐྱང་གཉིས་ཀྱི་རླུང་འདུ་ཏིར་ཚུད་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུང་། ཡང་ཉི་མ་ལྔ་དྲོ་གཅིག་ལ་མདུན་གྱི་ནམ་མཁའ་ལ་ཐུགས་རྗེ་ཆེན་པོ་ཐམ་པ་ནམ་པར་འདུག་པ་ལ། ཟླ་བའི་དཀྱིལ་འཁོར་རེ་རེ་དེ་རྣམས་ཀྱི་ཐོག་ཏུ་ཡོད་པ་གཅིག་མཐོང་། བླ་མ་ལ་ཞུས་པ་ལ། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ཐིག་ལེ་ཕེབས་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་དང་གསུངས། ཡང་དགོང་མོ་གཅིག་དང་སྲོད་གཅིག་ཀྱི་བར་ལ། དམྱལ་བ་ཐིག་ནག་མཐོང་ནས་དེས་རྐྱེན་བྱས་ནས། སྙིང་ཀར་འཚངས་ནས་བཞིན་དུ་སོང་ནས་སྙིང་རླུང་དྲག་པོ་གཅིག་བྱུང་ནས། བླ་མ་ལ་ཞུས་པ་ལ། སྒོམ་ཐག་ཐུང་ནས་རྩ་བཅིངས་པ་ཡིན། སྒོམ་ཐག་ཅུང་རིང་བ་གྱིས། གྱེན་དུ་རྒྱུ་བའི་རླུང་ཟིན་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུངས། ཡང་ཉིན་གཅིག་ཙམ་ན་འདོད་ལྷ་རིས་དྲུག་གི་ལྷ་རྣམས་གསལ་བར་མཐོང་། གོང་མ་གོང་མས་འོག་མ་འོག་མ་འོག་མ་ལ་བདུད་རྩི་ཡི་ཆར་འབབ་ཀྱིན་འདུག །ལྷ་རྣམས་ངོམས་ནས་ཚིམ་ཀྱིན་འདུག་པ་ལ། བདག་གི་ཨ་མ་སྐོམས་དྲིར་ཤི་ཤིང་འདུག་པ་གཅིག་མཐོང་། བླ་མ་ལ་ཞུས་པ་ལ། བདུད་རྩི་འབབ་པ་དེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རོ་རྐྱང་གཉིས་ཀྱི་ཐིག་ལེ་འཕེལ་བ་ཡིན། ཨ་མ་སྐོམ་པ་འདུ་ཏིའི་མར་སྣ་ཁ་མ་བྱེ་བ་ཡིན་པས། ལུས་ཀྱི་འཁྲུལ་འཁོར་འདི་ཙོ་གྱིས་དང་གསུངས་ནས། འཁྲུལ་འཁོར་བཙན་ཐབས་སྤྱི་དེ་གནངས་ནས་ཟླ་བ་གཅིག་བསྒོམས་ནས། ལུས་འཕར་འདར་སྤྲུགས་རྒོས། རྒྱུན་ཆད་མེད་པར་རང་དབང་མེད་པར་ཀུས་འདེབས་པ་བྱུང་ནས། འདྲེ་ཡིན་ནམ་སྙམ་པ་བྱུང་ནས། བླ་མ་ལ་ཞུས་པ་ལ། སྙིང་ཀ་ཆོས་ཀྱི་འཁོར་ལོར་ཐིག་ལེས་གང་བ་ཡིན། འཁྲུལ་འཁོར་འཕྲོ་མ་གཅད་པར་བསྒོམས། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུང་། དེ་ནས་ཁ་ཟས་ཆེ་མི་དགོས། ཉི་མ་ཉིན་གཅིག་ཙམ་ན། མདུན་གྱི་ནམ་མཁའ་ལ་ཉི་ཟླ་ཆེན་པོ་གཉིས་གཟས་ཟིན་ནས་འདུག །གཟའ་དེ་རྟ་རྔ་འཕྲ་མོ་གཉིས་སུ་འདུག །བླ་མ་ལ་ཞུས་པ་ལ། འདུ་ཏིར་རོ་རྐྱང གཉིས་ཀྱི་རླུང་ཆུད་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུངས། ཕོ་རྒོད་རབ་ཏུ་འདུག །ད་ནི་ད་ནི་ལན་གསུམ་ཙམ་གསུངས། དེ་ནས་དྲག་ཏུ་བསྒོམས་པས་ཟླ་བ་གཅིག་ན། དགྱེས་རྡོར་དམར་པོའི་དཀྱིལ་འཁོར་མཐོང་། བླ་མས་ད་ནི་ཟེར་བས་ཡི་དམ་ལྷ་ཞལ་མཐོང་སྙམས་ནས། ཡང་ཞུས་པ་ལ། ལྟེ་བར་མ་ལས་ཐོབ་པའི་རཀྟ་འཕེལ་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུངས། དེ་ནས་འབད་དེ་བསྒོམས་པས་ཉིན་གཅིག་ཙམ་ན། བདེ་མཆོག་ཀླུ་ཡི་པའི་ཀེང་རུས་ཀྱི་དཀྱིལ་འཁོར་གཅིག་མཐོང་ནས། བླ་མ་ལ་ཞུས་པ་ལ། ལྟེ་བ་སྤྲུལ་པའི་འཁོར་ལོར་ཐིག་ལེས་གང་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུངས། དེ་ནས་འབད་དེ་བསྒོམས་པས་ཞག་བཅུ་བཞི་ལོན་ཙམ། མཚན་ཐོག་ཐག་གཅིག་ལ་བདག་གི་ལུས་འདི་ནམ་མཁའི་ཁམས་ཙམ་གཅིག་རེད་ནས་འདུག །སྤྱི་བོ་གཙུག་ནས་རྐང་པའི་མཐིལ་ཡན་ཆད་དུ། འགྲོ་བ་རིས་དྲུག་གི་སེམས་ཅན་རྣམས་འདུག་པ་ལ། ཕལ་ཆེར་འོ་མ་འབའ་ཞིག་འཐུང་ཤིན་འདུག །རྡུང་ཏིང་གཅིག་གི་སྒྲ་གང་ནས་འོང་ཆ་མེད་པར་དུས་རྒྱུན་དུ་འོང་ཤིན་འདུག །ནམ་ལངས་ནས་བསྒོམ་ཐག་བཀྲོལ་ཙམ་ན། ཡེ་མེད་ནས་ཐལ། བླ་མ་ལ་ཞུས་པ་ལ། ལུས་ཀྱི་རྩ་སྟོང་ཕྲག་བསམ་ཀྱིས་མི་ཁྱབ་པའི་ནང་དུ་ལས་ཀྱི་རླུང་གིས་ཁྲིད་པ་ཡིན་ཏེ། རླུང་དེ་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་འཚལ་བར་གདའ་གསུངས། མཆོག་གི་གཏུམ་མོ་གནང་ནས་བསྒོམས་པས། ཉིན་གཅིག་ཙམ་ན་གུང་ཐང་བའི་ལུང་པ་ཐམས་ཅད་དུད་པས་གང་ནས་འདུག །ཕྱི་དྲོ་ཙམ་ན་མུན་ནག་དུ་རེད་ནས་འདུག །དེར་ལམ་མ་རྙེད་ལོང་བ་འགྲོ་འགྲོ་བྱས་ནས་བླ་མའི་དྲུང་དུ་ཕྱིན། བླ་མའི་ཞལ་ནས། ཅི་ཡང་མི་སྟོ། དེར་སྡོད་ལ་སྒོམ་དང་གསུངས་ནས། སྟེང་གི་གེགས་སེལ་དེ་གསུངས་པས། ནམ་ལངས་པ་བཞིན་དུ་སོང་ངོ་། །ཡང་ནུབ་གཅིག་ལུས་ཀྱི་ཀེང་རུས་ལ་ཤ་ཡེ་མི་འདུགས་རྩ་མང་པོ་འགོ་སྦྲེལ་ནས་འདུག་པ་མཐོང་། བླ་མ་ལ་ཞུས་ཙམ་ན། རླུང་རྩུབ་ཐལ་བ་ཡིན་འཇམ་པ་གྱིས་གསུངས། དེ་ནས་ཟླ་བ་གཅིག་ལོན་ཙམ་ན་དང་པོ་སྨན་ལྷ་མཆེད་བདུན་མཐོང་། ཉིན་གཅིག་ལ་རླུང་གི་འགྲོ་ཡོངས་གཅོག་པས་རླུང་ཀློད་ཙམ་ན་ཡལ་ནས་ཐལ། ཕྱི་དྲོ་རླུང་བཟུངས་ཙམ་ན་ལོངས་སྐུའི་ཞིང་ཁམས་རབ་འབྱམས་རྣམས་མཐོང་པས། དེ་ལ་མ་ཡེངས་བར་དུ་རླུང་བཏངས་ཙམ་ན། ནུབ་མོ་སྲོད་དུ་རེད་ནས་འདུག །བླ་མའི་ཏིང་འཛིན་ལ་གནོད་སྙམས་ནས་མ་ཞུས། མཎྜྻལ་འབའ་ཞིག་འབུལ་ནས་གསོལ་བ་བཏབས། ཐོ་རངས་རླུང་བཟུངས་ཙམ་ན་སངས་རྒྱས་སྟོང་རྩ་གཉིས་ཀྱི་གཙོ་བོ་ཤཱཀ་ཐུབ་ཡིས་བྱས་པ་མཐོང་། ནང་པར་བླ་མ་ལ་ཞུ་སོང་ཙམ་ན། ཕྱག་བྱས་ཏེ་ཀུན་བཟློ་མ་ཁོམ་བར། ད་ནི་ད་ནི་ཡི་དམ་ལྷ་ཞལ་མཐོང་སྟེ། ལོངས་སྐུ་དང་སྤྲུལ་སྐུ་གཉིས་སུ་མཐོང་། ཆོས་སྐུ་ད་གཟོད་མཇལ་བར་གདའི། ད་དབུས་སུ་སོང་ལ་སྒོམས་ཤིག །སྔར་གྱི་འཕྲང་དེ་ཚོ་ངས་བསལ་བ་ཡིན། ད་མངོན་པར་ཤེས་པའི་འཕྲང་འོང་། མངོན་ཤེས་འབྱུང་ཙམ་ན་ལྷའི་བུའི་བདུད་འཇུག་པ་ཡིན་པས། ཤིན་ཏུ་གསང་བ་གལ་ཆེ། སྤྱིར་ཡང་ཡོན་ཏན་ཐམས་ཅད་གསང་བ་གལ་ཆེ། སྤྱིར་དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་ལ་བདུད་ཀྱིས་མི་ཚུགས་པ་ཡིན་ཏེ་ཁྱོད་དབང་པོ་རྣོན་པོར་འདུག་སྟེ། གསང་སྔགས་གསང་ན་འགྲུབ་པས་གསོངས་ལ་བསྒྲུབ་པ་གྱིས་ཤིག །སེམས་ཅན་ལ་ཡང་ཕན་པར་འདུག་པས་འཚོགས་པ་སྐྱོངས་ཤིག་གསུངས། འཚོགས་པ་བསྐྱང་བའི་དུས་ནམ་ལགས་ཞུས་པ་ལ། སེམས་གྱི་ངོ་བོ་མཐོང་ནས་དེ་བརྟན་པ་དང་སྐྱོངས། རླུང་ལགས་སོར་དུ་དྲོངས་པར་འདུག་མི་འདུག་ལྟོས། དེ་དྲོངས་པ་དང་རླུང་གི་འཕྲང་ལ་ཐར་བ་ཡིན་གསུངས། དེ་ནུབ་རྡོ་ལེབ་གཅིག་གི་སྟེང་དུ་ཐལ་བ་བླུགས་པ་ལ་སོར་མོ་གཏད་ཅིང་རླུང་བཅུན་ཙམ་ན། ནམ་ཕྱེད་ཙམ་ན་ཐལ་བ་བུན་བུན་བྱེད། ནང་པར་བླ་མའི་སྤྱན་སྔར་ཕྱིན་ཙམ་ན། རྩ་རླུང་ལ་དབང་ཐོབ་བྱ་བ་མིན་སྟེ། རྩ་རླུང་ལས་སུ་རུང་བ་ཡིན། ད་ང་དང་འགྲོགས་མི་དགོས་པར་སོང་ཅིག །སྤྲུལ་བ་དང་བསྒྱུར་བ་ལ་སོགས་པའི་ཆོ་འཕྲུལ་དང་། མཆོག་ཐུན་མོང་གཉིས་ཀའི་དངོས་གྲུབ་ཐོབ་ནས་འོང་གིས། ཁྱེད་ཀྱི་མིང་ཡང་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་བྱ་བ་ཡིན་ནོ། །དེ་ནས་དབང་བྱིན་རླབས་ཀྱི་བཀའ་གནང་། ཆོས་ཐམས་ཅད་རྫོགས་པར་གནང་ནས། བླ་མའི་ཞལ་ནས་ད་ཡུལ་དུ་སོང་ལ་བསྒོམས། དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་། དེའི་གྲིབ་འཕོག་པ་ཡིན། དེ་གང་ཡིན་ན་སྣང་བ་དགྲར་ལངས་པའི་མི། ཆོས་དང་གང་ཟག་ཐམས་ཅད་ལ་ངན་སྨྲས་ཕྱིར་འཐགས་པའི་མི་རིགས་ཡོད་དེ། དེའི་ནང་ན་ཞེ་སྡང་མེ་འབར་བ་ཡོད་པ་ཡིན། དཔེར་ན་སེམས་ཅན་སྦྲུལ་གཤོག་པ་ཡང་མེད། སྦྲུལ་བས་ཉམས་ཆུང་བ་ཡང་མེད། ཁོ་མཐོང་བ་དང་མི་ཐམས་ཅད་སྡང་བ་དང་བྲེད་པ་དེ། དེའི་ནང་ན་ཞེ་སྡང་ཆེན་པོ་ཡོད་པ་ཡིན། ནང་ན་ཞེ་སྡང་ཡོད་ན་ཕྱི་རོལ་ཡི་སྡང་བ་དགྲར་ལྟ་བ་ཡིན། ཡང་གང་ཟག་ཁ་གཅིག་ན་རེ། རྡོ་བུག་པ་ཅན་དང་ཤིང་ཉག་ག་ཅན་ཚགས་བྱེད་པ་ཡོད། རྒས་ན་ནད་བརྒྱགས་དུར་བརྒྱགས་དགོས་དེ་མིན་ན་ཆོས་འཆོར། དེ་མིན་ན་གཞོན་ན་ཚོགས་བསོགས་པ་ལ་ཡང་ནོར་དགོས་ཟེར། ཐ་མར་ལོག་འཚོ་བུན་བསྐྱེད་འབའ་ཞིག་བྱེད་པ་ཡོད། དེའི་ནང་ན་འདོད་ཆགས་ཆུ་བཞིན་ཁོལ་བ་ཡོད་པ་ཡིན། གང་ཟག་ཁ་གཅིག་ཡང་དག་པའི་དོན་སྒོམ་པའི་དུས་ད་ལྟ་མ་ཡིན། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་པ་ཞེས་བྱ་བ་ནི་མི་སྲིད། ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་སྙིང་རྗེ་མ་བསྒོམས་པས་ཉན་ཐོས་སུ་གོལ། ཐབས་ཁྱད་དུ་བསད་པས་ཆད་ལྟ་བ་ཡིན་ཟེར་བ་ཡོད། དེའི་ནང་ན་གཏི་མུག་གིས་བཅིངས་པ་ཡོད་པ་ཡིན། དེ་འདྲ་བའི་མི་དང་གཏམ་བྱེད་དུ་ཡང་མི་རུང་། གཏམ་བྱས་ན་དང་པོ་ཁྱེད་ཀྱི་སྟོན་པ་སུ་ཡིན་ཆོས་གང་ཡིན་བླ་བོ་དེ་ལ་བརྟེན་ནས་ཁོ་ཞེ་སྡང་སྐྱེ་བ་ཡིན། ཐོས་ནས་བློ་ཆུང་དེའི་ཡོད་ནི་སྤོངས་བྱེད་དེ། སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། བྱ་བ་དེའི་དུས་སུ་འབྱུང་བས། བདག་ལ་བརྟེན་གཞན་གྱིས་སྡིག་སོགས་པས། དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་། དམ་ཚིག་ཆོས་ཀྱི་ནང་ནས་ཀྱང་། ཉན་ཐོས་ནང་ནས་ཞག་བདུན་འདས། །ཞེས་བྱ་བའི་དོན་ཡང་དེ་འདྲ་བ་ལ་ཟེར་བ་ཡིན། སྤྱི་ཡང་རི་དྭགས་སྨན་མའམ། བྱ་བཞིན་དུ་ཟོན་བགས་ཆེ་བར་བྱས། ཞི་བ་དུལ་བ་ཙེ་རག་ཆུང་བ་ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། རྟོགས་པ་ཤིན་ཏུ་ཆུང་བར་བྱ། རི་ལ་འཚམས་དང་སྨྲ་བཅད་དང་འདག་ཆར་གསུམ་ཡིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་། བླ་མ་དམ་པ་དང་། རྡོ་རྗེ་སློབ་དཔོན་མི་སྤང་བ་ལ་བསླབས། བསགས་སྦྱང་གཉིས་པོ་རང་སར་དག་ཀྱང་། ཚོགས་ཆུང་ངུ་ཆུང་ངུ་ནས་བསགས། ལས་རྒྱུ་འབྲས་ནམ་མཁའ་ལྟར་གོ་ཡང་། སྡིག་པ་ཆུང་ངུ་ཆུང་ངུ་ལ་འཛེམས། མཉམ་བཞག་རྗེས་ཐོབ་མེད་པའི་ཉམ་མྱོངས་ཡོད་ཀྱང་། ཐུན་བཞིའི་རྣལ་འབྱོར་རྒྱུན་ཆད་མེད་པར་ཉམས་སུ་བླངས། བདག་གཞན་མཉམ་པ་ཉིད་དུ་གོ་ཡང་། ཆོས་དང་གང་ཟག་ལ་བསྐུར་པ་མི་བཏབ་གསུང་ངོ་། །དེ་ནས་དབུས་སུ་བྱོན་ནས། སེ་བ་ལུང་གི་དགོན་པར་བཀའ་གདམས་པ་ཡི་གསེབ་ཏུ་བཞུགས་ནས་བསྒོམས་པས། ལུས་ངག་གི་བྱ་བ་མང་པོ་དང་ཁ་ཐོན་མང་པོ་བྱས། ཁོང་གི་ཁ་ཐོན་གྱི་རམ་བུ་འགྱོགས་འགྱོགས་ནས། ཏིང་ངེ་འཛིན་ཤོར། དེ་མ་བྱས་ན་སྡིག་སོགས་པར་འདུག་པས། འོལ་ཀ་ན་ཕར་བུད་ནས་སོང་བས་བོན་པོ་གཅིག་གིས་ཡོན་བདག་བྱས་ནས་དགེ་ལུང་དུ་བསྒོམས་པས། བདེ་དྲོད་རང་འབར། རྩ་རླུང་གི་རྟོགས་པ་ཐམས་ཅད་སོར་ཆུད་པར་བྱུང་། དེར་ལོ་གསུམ་བསྒོམས་པས་དེར་གཟོད་སེམས་ཀྱི་ངོ་བོ་ཤེས། བླ་མས་གསུངས་པ་དེ་འདི་ཡིན་ཡང་སྙམ་པ་བྱུང་། ཆོས་ཐམས་ཅད་ཕྱི་ཤུན་དང་སྦུན་བུ་ལྟ་བུར་སོང་། སྐྱེས་བུས་གསེར་གྱི་སྣ་སྙེད་པའམ། སྔར་འདྲིས་ཀྱི་མི་དང་ཕྲད་པའམ། འགྲོན་པོ་རང་ཁྱིམ་དུ་རྟོལ་བ་བཞིན་དུ་བྱ། སེམས་འདི་དང་བྲལ། ངས་སྐྱེ་བ་ཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པ་ཡིན་ཡང་སྙམས་བ་དང་། སྒོམ་རྟ་ཐོག་ཏུ་སྐྱོལ། བསྒོམ་བདག་པོའི་ལག་ཏུ་གཏད། བླ་མ་རིན་པོ་ཆེ་མེད་པ་ཨང་སྙམ་པ་བྱུང་། གདམས་ངག་རིན་པོ་ཆེ་ངོ་མཚར་ཆེ་ཨང་སྙམ་བ་བྱུང་། དུས་དེ་ནས་ད་ལྟའི་བར་ལ་ཉམས་ལ་འཕེལ་འགྲིབས་མེད། རྟོགས་པ་མཐོན་དམན་མེད། སྤངས་བླངས་མེད། ཐེ་ཚོམ་མེད། དེ་ནས་ཉིན་གཅིག་སྲུབ་བྱ་བ་ལ། བསྒོམ་ཞིང་ཡོད་ཙམ་ན། ནུབ་གཅིག་གི་རྨི་ལམ་ན། བུ་གཅིག་ཡོད་པའི་སྐེ་བཅད་ནས་སྐྱེ་རྒྱུད་བཅད་དོ་བྱས་ནས་རོ་རྦབ་ཏུ་བསྒྲིལ་ནས་བཞགས་པ་རྨིས། དེ་ནས་དེ་ཕྱིན་ཆད་རྨི་ལམ་ཡེ་རྨིས་མ་མྱོང་། གཉིད་འཐུག་པོར་འོང་བར་འདུག་སྟེ་འོད་གསལ་འབའ་ཞིག་ཏུ་འགྲོ་བར་འདུག །ང་ལ་ནི་བསྒོམ་རྒྱུད་ལ་སྐྱེ་བར་བྱེད་པ་ལ་དཀའ་བླས་ཆེན་པོ་དགོས་པར་བྱུང་། ད་ལྟ་ཁྱེད་རྣམས་ལ་ནི་ཚེག་མེད་པར་སྐྱེ་ཞིང་འདུག་སྟེ། གདམས་ངག་ཐབས་ལམ་འདི་ཟབ་པའི་སྟེང་དུ། བཀའ་བརྒྱུད་འདི་ལ་བྱིན་རླབས་ཕེབས་ཆེན་པོ་གཞན་དང་མི་འདྲ་བ་གཅིག་ཡོད། བསྒོམས་ནས་དཀའ་བ་སྤྱད་ནུས་ན་ལམ་སྣ་ཟིན་པ་མང་པོ་འོང་བར་འདུག །བོགས་ཐོན་བར་ཆད་སེལ་ཉམས་མྱོངས་སྐྱེ་བར་བྱེད་པ་ལ། ལམ་ཟབ་མོ་བླ་མའི་ལམ་གྱིས་དབང་བསྐུར་སྟེ། ཐོན་ནས་དེ་ཁ་ཡར་བསྒོམས་པ་དང་། ཕྱག་རྒྱ་ཆེན་པོ་དང་གཏུམ་མོ་འབའ་ཞིག་བསྒོམས་པས་ཆོག་པར་འདུག་གསུངས། དེར་བླ་མ་རིན་པོ་ཆེས་འོལ་ཀར་ལོ་བདུན་བསྒྲུབ་པ་ཉམས་སུ་བླངས། མི་མང་པོ་འདུས་པས་འདུག་ཏུ་མ་སྟེར་སྟེ། ཟང་ཟིང་ཆེན་པོ་བྱུང་བའི་ཡོ་བྱད་རྣམས་འོལ་ཀ་བ་རྣམས་ལ་འགོས་ནས་བྱིན། དབྱར་འོད་དེ་གུང་རྒྱལ་གྱི་གངས་ལ་བསྒོམ་དུ་བཞུད་ཙམ་ན། ནང་པར་ཐོ་རངས་ཁ་གཅིག་དངོས་ཀྱི་གདུལ་བྱ་ཡལ་བར་དོར། བྱང་ཆུབ་སེམས་དཔའི་ལྟུང་བ་ཡིན་ཟེར་བའི་སྒྲ་བྱུང་། དགུན་ཁ་བ་འབབ་པར་འདུགས། དེ་ནས་འགྲོ་དགོས་སྙམས་ནས། བཙད་པོའི་གཟུགས་སུ་འདུག་པ་དར་ཡི་ཐོད་ཆེན་པོ་བཅིངས་པ། འགུལ་དུ་གཡུ་ཆེན་པོ་གཅིག་བཏགས་པ་གཅིག་ན་རེ། འདི་རང་དུ་བཞུགས་ན་ཡོན་བདག་ནི་ངས་བྱེད་ཉན་ཏེ། ད་མི་བཞུགས་ན་ངའི་བུ་དྭགས་ལ་སྒམ་པོའི་ཅན་དུ་བཞུགས་ཅིག །ཁོས་ཁྱོད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱེད་ཀྱིས་ཟེར། བདག་མཁའ་ལ་རྒྱུ་བའི་ཡི་དྭགས་ཡིན་བས། སེམས་ཅན་ལ་གནོད་པ་བསྐྱལ་སྙམས་མེད་མོད་ཀྱང་། མང་པོ་ལ་བབ་ཀྱི་གནོད་པར་འདུག །སྡིག་བཤགས་གཅིག་ཀྱང་ཞུ་སྐྱབས་འགྲོ་སེམས་བསྐྱེད་གཅིག་ཀྱང་ཞུ་ཟེར། དེར་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་ཐབས་དང་། བྱམས་སྙིང་རྗེ་བློས་སྦྱངས་ཐབས་དང་། སྐྱབས་འགྲོ་སེམས་བསྐྱེད་གནང་ནས། ཕྱག་རྒྱ་ཆེན་པོའི་བསྒོམ་གདབས་དགོས་སྙམ་ནས། ནམ་མཁའ་ལ་ཡལ་བ་བཞིན་དུ་ཐལ། དེ་ནས་དྭགས་ལ་སྒམ་པོར་བྱོན། ལོ་བཅུ་གཉིས་སུ་འདག་ཆར་བྱ་དགོས་སྙམས་ནས། ཟངས་ཟླུམ་དུ་འདག་ཆར་གྱི་ཁང་པ་གཅིག་བྱས། དང་པོ་ཆུའི་བཅུད་ལེན་བྱ་དགོས་སྙམ་ཙམ་ན། བུད་མེད་ལུས་ཐལ་བས་བྱུགས་པ། ལག་ན་རྨ་བྱའི་སྒྲོ་བཟུང་བ་གཅིག་ན་རེ། བཅུ་གཉིས་བདག་ཆར་བྱེད་པ་བས། བཅུ་གཉིས་བསྟན་པ་སྤེལ་ན་དགའ་ཟེར། དེ་ནས་ཞག་འགའ་ལོན་ཙམ་ན། དགེ་བཤེས་རྒྱལ་བ་ཁྱུང་ཚང་བ་ཡོང་། དེ་ནས་དགེ་བཤེས་གཉགས་ནག་པོ་བང་ཕྱིན། དེ་ནས་གཉགས་དམར་པོ་བ་ཕྱིན། དེར་དཔོན་གཡོག་དྲུག་བཅུ་རྩ་གཉིས་ཙམ་དུ་རེད། དེ་ཚོ་ཁྲིད་ཚར་བར་བྱས་ལ་འཚམས་དམ་པོ་བྱ་དགོས་སྙམ་ཙམ་ན། དབུས་གཙང་ཁམས་གསུམ་གྱི་སྣོད་དང་ལྡན་པའི་གང་ཟག་རྣམས་དུས་གཅིག་ལ་འདུས། ཡུན་རིང་མ་ཐོག་པར་ཉམས་རྟོགས་ཁྱད་པ་བར་ཅན་དུ་འཕགས། རྩ་རླུང་རྟེན་འབྲེལ་དཔག་ཏུ་མེད་པ་ཡོད་པ་དང་། མངོན་པར་ཤེས་པ་དྲུག་ཀ་ཤར་བའི་གང་ཟག་དཔག་ཏུ་མེད་པ་བྱུང་། འཁོར་དེ་རྣམས་ཡང་མ་བརྟག་པའི་དངོས་པོ་བརྒྱད་མི་འཆང་བ། ཙོག་པུའི་རྣལ་འབྱོར་ལ་བརྩོན་བ། ཐམས་ཅད་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ། གསང་སྤྱོད་དང་འཚམས་འབའ་ཞིག་ལ་གནས་པ་བྱུང་། ཡང་སྐུའི་བཀོད་པ་དང་རྫུ་འཕྲུལ་ལ་སོགས་པ་བསམ་གྱི་མི་ཁྱབ་པ་དཔག་ཏུ་མེད་པ་མཛད་དེ། དྭགས་པོ་ལྷ་ས་བ་ན་རེ། དགུན་ཟླ་ར་བའི་གཉིས་གསུམ་གྱི་ཉིན་པར། དྭགས་པོ་ལྷ་སར་བྱོན། བཅུ་བཞི་ཡི་ཉིན་པར་སྟ་གོན་བྱས། བཅོ་ལྔ་ལ་མེ་ཏོག་གཏོར། བཅུ་དྲུག་ལ་གཏང་རག་མཆོད་པ་བྱས་སྟེ། ཆོས་སྟོན་དང་འབུལ་བ་རྒྱ་ཆེན་པོ་བྱས་ཟེར་ནས། བཅུ་བདུན་གྱི་ཉིན་པར། གསུང་རབ་མང་པོ་དང་། ནས་མང་པོ་དང་། ཤ་མར་མང་པོ་དང་། སྣམ་བུ་མང་པོ་དང་། འབུལ་བ་རྣམས་སྒམ་པོར་བསྐྱལ་ནས་དེ་རྣམས་ཀྱི་བསྔོ་བ་མཛད་དོ། །གྲལ་དེ་མ་ཞིག་པར་ཡོན་བདག་དགེ་འབུམ་འཁོར་བཅས་ཕྱིན། བླ་མ་རིན་པོ་ཆེ་པས་ཐུགས་ལ་བཏགས་པས། བཅུ་བཞིའི་ཉིན་པར་སྟ་གོན་བྱས། བཅོ་ལྔ་ལ་མེ་ཏོག་གཏོར། བཅུ་དྲུག་གི་ཉིན་པར་གཏང་རག་གི་མཆོད་པ་ཆེན་པོ་བྱས་ནས། དཔོན་གཡོག་བདུན་ནམ་མཁའ་ལ་བཞུད་དོ། །ངོ་མཚར་ཆེ་ཟེར་ནས་ཤ་མར་མང་པོ་འབུལ་བ་བསྐྱལ། ཡོན་བདག་དེའི་བསྔོ་བ་མཛད་དོ། །གཞི་ན་ཡོད་པའི་གྲ་པ་རྣམས་འཚམས་ལ་གནས་པ། བླ་མ་གཉིས་གསུམ་ལ་འཚམས་ལ་འབྱུང་ནས། བཅུ་བཞི་ཡི་ཉིན་མཚན་ལ་གཙང་པ་རྣམས་ཀྱི་ཁྲིད་མཛད། བཅོ་ལྔའི་ཉིན་མཚན་ལ་ཁམས་པ་རྣམས་ཀྱི་ཁྲིད་མཛད། བཅུ་དྲུག་གི་ཉིན་མཚན་ལ་དབུ་པ་རྣམས་ཀྱི་ཁྲིད་མཛད་དོ། །བླ་མ་རིན་པོ་ཆེ་འདི་གང་སུ་ཡང་མ་བཞུད་ཅེས་ཟེར་རོ། །ཉེ་གནས་གསལ་བྱང་ཤོ་སྒོམ། བྱང་ཡེ་དང་། སྒོམ་པ་ལེགས་མཛེས་དང་གསུམ་ན་རེ། བླ་མ་རིན་པོ་ཆེ་ནི་ཟླ་བ་གསུམ་ལ་ཆོས་ཀྱང་མ་བཤད། གར་ཡང་མ་བཞུད། གསོལ་ཟས་ཀྱང་མ་གསོལ། སྨྲ་བཅད་མཛད། སྐྱོ་བསྲང་ལ་ཡང་མ་བཞུད། གཟིམས་མལ་ཁོ་ན་ལ་བཞུགས་ཤིང་འདུག་ཟེར། ཡང་དུས་གཅིག་གི་ཚེ་ན། བསྒོམ་པ་ལེགས་མཛེས་ཀྱིས། སྔོན་ཀྱི་ཉན་ཐོས་རྣམས་ཀྱིས་ནི། ཟད་པར་དང་ཟིལ་གནོན་གྱི་ཏིང་ངེ་འཛིན་མང་པོ་བསྒྲུབ་པར་འདུག །ད་ལྟ་མི་འགྲུབ་པར་འདུག་པ་དེ་ཅི་ལགས་ཞུས་པས། སེམས་སྦྱོངས་མི་བྱེད་པ་ཡིན། བསྒྲུབ་ན་མི་འགྲུབ་པའི་དོན་མིན་གསུངས། ནང་པར་ཞོའི་ནང་དུ་བུ་རམ་བླུགས་ནས་འདྲེན་དུ་སོང་ཙམ་ན། བླ་མའི་གཟིམས་མལ་ན། མེ་ཆེན་པོ་གཅིག་འབར་ཞིང་། ཐོག་ལ་རེག་རེག་འདུག །བྲེད་ནས་གསལ་སྦྱངས་ཅན་དུ་བརྒྱུགས་ནས་ཕྱིན། གཉིས་པོ་འགྲོགས་ནས་ཡར་ཕྱིན་ཙམ་ན། ཟད་པར་མེའི་སྣང་བ་བསྟན་པར་འདུག །བླ་མ་མལ་ན་བཞུགས་ན་འདུག །ཡང་དུས་གཅིག་ཚེ་མར་མེ་འགའ་བྱས་ནས། མཆོད་ཁང་དུ་བསྐྱལ་སོང་ཙམ་ན། མཆོད་ཁང་ཆུས་མེར་ཀྱི་གང་ནས་འདུག །དེ་ཅི་ཡིན་སྙམས་ནས་སེ་སྐོར་འགའ་བྱས་ཙམ་ན། བླ་མའི་ཞལ་ནས་ད་ཡར་ཤོག་གསུངས་ནས། ཟད་པར་ཆུའི་ཏིང་ངེ་འཛིན་བསྟན་ནོ། །ཡང་དྲོ་གཅིག་གི་ཚེ་དྲོ་ཏིང་ལ་སྟེང་ཁང་ན་བཞུགས་པའི་དུས་ན། ཡོན་བདག་དད་རྒྱལ་སྒོ་ནས་བྱུང་ནས་རིན་པོ་ཆེ་ལ་ཇ་འདི་འབུལ་འདོད་ཟེར། ཞུར་སོང་བ་ལ་གསེར་གྱི་མཆོད་རྟེན་འོད་ལྷང་ལྷང་འདུག །ཟད་པར་སའི་ཏིང་ངེ་འཛིན་བསྟན་ནོ། །ཡོན་བདག་ལ་བསྟན་དགོས་སྙམས་ནས་ཁྲིད་ནས་སོང་ཙམ་ན། བླ་མ་ཉིད་བཞུགས་ནས་འདུག །ཡང་དུས་གཅིག་གི་ཚེ་ན་འདྲེ་བཞི་རྩས་བཅད་ཀྱི་གདམས་ངག་དེ་ཞུ་སྙམ་ནས། གཏོར་མ་ཆ་གཅིག་ཁྱེར་ནས་སོང་ཙམ་ན། ནང་ན་མ་བཞུགས་པར་སྣང་། སྒོར་བལྟས་ཙམ་ན། སྟེང་ན་ཡང་མི་བཞུགས་པར་སྣང་། དེ་ཙམ་ན་ཁྱོད་ཅི་འདོད་མར་ཤོག་གསུངས། མལ་ན་བཞུགས་ནས་སྣང་། ཡང་དུས་གཅིག་གི་ཚེ། དགེ་བཤེས་ཁམས་པ་ན་རེ། སློབ་དཔོན་བསྒོམ་བ་ལ། བླ་མ་རིན་པོ་ཆེ་ལ་གྲིབ་མ་མེད་པ་ཁྱོད་ཀྱི་རྟོགས་སམས། ནུབ་མོ་མར་མེ་ལ་བལྟས་པ་ལ་གྲིབ་མ་མི་འདུག །ཉིན་ཉི་མ་ལ་ཡང་གྲིབ་མ་མི་འདུག་སྟེ། དུས་ཐམས་ཅད་དུ་གྲིབ་མ་མི་འདུག །ཡང་དུས་གཅིག་གི་ཚེ། བསྒོམ་པ་བློ་བརྟེན་གྱིས་ཤོག་གུ་འབུམ་ཚར་འབུལ་བ་བྱས། བླ་མ་ལ་ཞུས་ནས། ཁོ་རང་སྤྱན་སྔར་བཏངས་ཙམ་ན། ཁྱེད་ཀྱི་ཕྱག་སྟོང་སྤྱན་སྟོང་བའི་འདེར་སོ་འདི་ནམ་བྱས། བཟོ་བོ་སུ་ཡིན་རེ་ལེགས། བླ་མ་གར་བཞུད་དང་ང་དང་སྤྲོད་ཟེར་རོ། །ལེགས་མཛེས་ཀྱིས་ཁྲིད་ནས་སོང་ཙམ་ན། འདེར་སོ་མེད་ནས་བླ་མ་བཞུགས་ནས་སྣང་། ཡང་དུས་གཅིག་གི་ཚེ་ན། རོ་སྐམ་བའི་དགེ་འདུན་རྣམས་ཀྱི་སྟོང་འབུལ་གཅིག་འོངས་ནས། ཤིང་སྤང་སུ་ཁྲི་བརྩིགས་མང་སྐོལ་གཅིག་བྱས། སྒོ་བ་ཤོར་གཞོན་རིན་པོ་ཆེ་སྤྱན་འདྲེན་དུ་སོང་ཙམ་ན། བླ་མའི་ཞལ་ནས། ཁྱེད་བེར་ཐུལ་ཁུར་བ་སྔོན་དུ་སོང་། ཉེ་གནས་ཀུན་མི་འདུག་ཁྱིམ་ཝས་གློགས་པ་ཡིན། ངས་སྒོ་བྱས་ལ་འོང་གསུངས། ཁོ་སྔོན་ལ་མ་སོང་ནས་འཕྲང་ཀ་ན་བསྡད། བྱོན་དུ་རི་ཙམ་ན་མེད། མར་ལ་བལྟས་ཙམ་ན། ཤིང་སྤང་ན་བཞུགས་ནས་སྣང་། དེ་ཅི་ཙུག་ཡིན་ནམ་སྙམ་ནས་སོང་ཙམ་ནས། བན་སྐྱེ་སྟོང་ཙམ་གྱིས་ཕྱག་རྟེན་ཚར་ནས། ཉེ་གནས་ལ་རྒོལ་དུ་བྱུང་། ཁྱོད་ཀྱིས་རིན་པོ་ཆེ་འཁྱག་དུ་བཅུགས་ཟེར། ཐང་བ་བརྐྱངས་པ་དང་བཞུགས་ནས་འདུག་གོ །ཡང་དུས་གཅིག་གི་ཚེ་ན། བླ་མ་སྒོམ་པས་བྱང་ཆུབ་སེམས་དཔའ་ས་དང་པོ་བས། སྟོང་གསུམ་རྡུལ་ཕྲ་རབས་གཅིག་ཏུ་བཅུགས་པས་རྡུལ་ཆེར་མ་སོང་། སྟོང་གསུམ་ཆུང་དུ་མ་སོང་ཟེར་སྟེ། མཚར་ཞུས་པས། ཤེས་བྱའི་ཆོས་ཡིན། ཀུན་རྫོབས་ཀྱི་སྣང་བ་ལ་ཅི་ཡང་ཉན། མི་ཡི་རྣོ་མིག་ཡུངས་འབྲུ་ཙམ་ཡི་ནང་དུ། ངོ་མཐོ་གང་བའི་གཟུགས་བརྙན་ཆུད། མེ་ལོང་སོར་བཞི་བའི་ནང་དུ། རྟ་དང་གླང་པོ་ཆེའི་གཟུགས་བརྙན་ཆུད། ཆུ་ཕོར་གང་གི་ནང་དུ། ཟླ་བའི་ད་ལ་ནམ་མཁའ་ཡོང་ཆུད། ང་ལ་ཚུར་ལྟོས་དང་གསུངས། བླ་མ་བྱང་ཆུབ་ཆེན་པོའི་སྐུ་སྒམ་པོའི་རིང་བསིལ་ཆེ་བ་གཅིག་ཏུ་གྱུར་ནས་འདུག་པ་ལ། གཟིམས་མལ་ན་མི་ལྔ་ལས་མ་ཤོང་བ་དེ་ཀའི་ནང་དུ་ཆུད་ནས་འདུག །ཡང་དུས་གཅིག་གི་ཚེ་ན། ཉི་མ་གཟས་ཟིན་ཅིང་ཡང་བ་མང་སྐོལ་བྱས། དགེ་འདུན་སྟོང་ཙམ་འཚོགས་ནས་འདུག་པའི་ས་དེར། རིན་པོ་ཆེ་ཡང་དགོན་གྱི་ཐད་ནམ་མཁའ་ན་བྱོན་ནས། རྡོ་རྗེ་ར་བའི་རྩ་ན་ཕར་བཞུད་ཚུར་བཞུད་བྱེད་ཅིང་བུམ་ཆུ་གཏོར་ཞིང་འདུག་པ། མི་སྟོང་ཙམ་ཡིས་མཐོང་། ཡང་དུས་གཅིག་གི་ཚེ་ན། འགར་སྒོམ་དཀར་པོས་ལྷ་བཅུ་གསུམ་མའི་ལུང་དེ་ཞུ་བྱས་པས། དེ་བྱས་པས་ཆོག་གསུངས་ནས། བཅུ་གསུམ་མའི་འཕྲེང་སྔགས་དེ་ཞལ་ནས་ནར་ཀྱི་གསུངས་ནས། འོད་ཟེར་ཁ་དོག་དམར་པོར་བྱུང་ནས། འགར་སྒོམ་ཡི་ཐུགས་ཀར་ཐིམ། འགར་སྒོམ་ཕྱག་འཚལ་ནས། མོས་གུས་བྱས་ཙམ་ན། བླ་མ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་གྱུར་འདུག །ཡང་དུས་གཅིག་ཚེ་ན་སྐྱོ་སྒོམ་ཡི་མ་ཤི་ནས་དགེ་རྩ་རིགས་ལྔ་ཚར་གཅིག་བཞེངས་ནས་བླ་མའི་སྤྱན་སྔར་ཕྱིན་ནས། འདི་ལ་རབ་གནས་གཅིག་ཞུ་དགོས། ང་མའི་རོ་སྲག་པ་ལ་རིངས་བྱས་པས། འོ་དེ་བྱ་གསུངས་ནས། སྤོས་རིང་གཅིག་སྲེགས་ལ་མཎྜྻལ་ཕུལ་དང་གསུངས། བླ་མ་བྱང་ཆུབ་ཆེན་པོའི་སྐུར་གྱུར་ནས་འདུག །དབུའི་གཙུག་ཏོར་ནས་འོད་ཟེར་ཁ་དོག་སྣ་ལྔ་འཇའ་ཚོན་ལྟ་བུ་བྱུང་བ་དང་། ཐང་སྐུ་ལ་ཐུག་པས་དྲིལ་ཤིང་ཀུན་ཁྲལ་ཁྲལ་ཏིར་ཏིར་འདུག །ནམ་མཁའ་ལ་གདུགས་དང་བ་དན་དང་རྒྱལ་མཚན་དང་། རོལ་མོའི་སྒྲ་མང་པོ་དང་། མེ་ཏོག་གི་ཆར་འབབ་པའི་སྣང་བ་གཅིག་ཀྱང་སྐྱོ་སྒོམ་ལ་བྱུང་། སྤྱན་ཧར་ཀྱི་ཕྱེས་ནས་རབ་གནས་མྱུར་མོར་བྱེད་ན་དེ་ཙུག་བྱེད་པ་ཡིན་ད་རྒྱུག་གསུང་། ཡང་དུས་གཅིག་གི་ཚེ་ན། རྒྱལ་བ་ཁྱུང་ཚང་ཅན་གྱི་བསམ་པ་ལ། བླ་མ་རིན་པོ་ཆེས་ཀྱང་བཙུན་ཆུང་འདི་ཀུན་ལ། ཐོས་པ་བག་རེ་བྱེད་མི་བཅུག་པར། སྒོམ་ཞིང་ཚེ་ལ་བཅུག་པས་ཡོན་ཏན་ཅི་སྐྱེ་ཨང་སྙམ་པ་ལ། དེའི་ནུབ་མོ་རྨི་ལམ་ནས། སྒམ་པོའི་རི་ཐམས་ཅད་བྲག་ཕུག་གིས་གང་ནས་འདུག །དེའི་ནང་ན་རིན་པོ་ཆེའི་མཆོད་རྟེན་གྱི་གང་ནས་འདུག །ཕལ་ཆེར་བཟོ་ཤིན་ཏུ་ལེགས་པར་ཚར་བ་འོད་ཟེར་ནམ་མཁའ་ལ་འཕྲོ་བ་ཁོ་ན་འདུག །ལ་ལ་ནི་བཟོ་ཤིན་ཏུ་ཕྱེད་ཙམ་ཚར་ནས་འདུག །ལ་ལ་ནི་གཟུགས་དོད་པ་ཙམ། ཀར་ཆབ་ཀྱིས་གསོལ་ཞིང་མི་མང་པོས་ཕྱག་འཚལ་ཞིང་། འདི་ཀུན་ཐམས་ཅད་འཇིག་རྟེན་ལྷ་དང་བཅས་པ་ཐམས་ཅད་ཀྱི་མཆོད་གནས་ཡིན་ཟེར་བ་རྨིས། དེར་ནང་པར་བླ་མ་ལ་ཞུས་བས་ཙམ་ན། ཕྱག་བྱས་ནས་ཞུར་མ་ཁོམ་བར་བླ་མའི་ཞལ་ནས། སྤྱིར་མཚན་ཉིད་པ་ཁྱེད་ཚོ་ང་ལ་སྡང་། སྒོས་སུ་ཁྱོད་ཀྱིས་ང་ལ་བརྙས་ཏེ། ངའི་བཙུན་ཆུང་འདི་ཚོ་ཁྱོད་ཀྱི་རྨི་ལམ་ན་རྨིས་པ་བཞིན་དུ་ཡོད་པ་ཡིན། ཕྲང་དྲུག་འདི་ཚོ་ཀུན་ཡང་འཇིག་རྟེན་ན་ལྷ་དང་བཅས་པའི་མཆོད་གནས་སུ་ཡོད་པ་ཡིན། ཁོ་བོ་ལ་ནི་ཆེར་རེག་པ་ཆེར་འཚིང་ཆུང་དུ་རེག་པ་ཆུང་དུ་འཚིང་པ་ཡིན། ཁོ་བོས་བསྟན་པ་བསྣུབས་ཟེར་བ་ཡོད་དེ། བསྟན་པའི་བདག་པོ་སུ་ཡིན། བསྟན་པ་ལ་སུ་ཕན། སེམས་ཅན་ཡི་དོན་སུས་བྱས། ཉི་འོག་གི་རྒྱལ་ཁམས་ན་འདིར་བསྟན་པ་སུས་སྲུང་། མི་ཀུན་ད་ཏེ་ལོ་འགའ་ན་གསལ་ཏེ་འོང་གསུངས། ཡང་ར་རྫི་སྒོམ་སྐྱེས་ཀྱིས། རིན་པོ་ཆེའི་མཚན་ཐོས་པ་དང་སྒོམ་བྱུང་བ་དང་། ནམ་ས་ཕན་ལེགས་པའི་མི་མང་པོས་ཞལ་མཐོང་བས་སྒོམ་བྱུང་བ་དཔག་ཏུ་མེད་དོ། །ཡང་བྲོམ་དམར་སུ་བྱ་བ་དང་པོ་དགེ་སློང་བྱས། རིན་པོ་ཆེ་ལ་གཏུམ་མོའི་ཁྲིད་རྫོགས་པར་ཞུས། ལས་ཀྱི་དབང་གིས་ཁྱིམ་བྱས། བུ་སྨད་མང་པོ་དང་ཕག་མང་པོ་གསོས། ཉིན་པར་ཆང་དང་སྒོག་པ་ལ་ཟས་བྱས། གཉིད་ནམ་སད་པ་དང་། ཕྱག་རྒྱ་ཆེན་པོ་དང་གཏུམ་མོ་སྒོམ་པ་ཅིག་ཡོད་པ་དེ། ཁོ་འཆི་ཀར་ནད་དྲག་པོས་ཟིན། སྤུན་ཟླ་ཀུན་ན་རེ་ཁྱོད་འཆི་བར་འདུག་པ་ལ། སྡིག་པ་ཁྱོད་པས་ཆེ་བ་མེད་པས་སྡོམ་པ་ཤོར །དམ་ཚིག་ཉམས་རིན་པོ་ཆེའི་བཀའ་བཅག །ད་དགེ་བཤེས་ནམ་པ་འདུལ་བ་འཛིན་པ་བོས་ལ་འབུལ་བ་གྱིས་སྐྱབས་འགྲོ་ཞུ་དགོས་བྱས་པ་ལ། ནད་པ་ན་རེ་རུང་ཟེར། དགེ་བཤེས་བོས་ནས་སྐྱབས་འགྲོ་བྱས་པ་ལ། ངའི་རིན་པོ་ཆེའི་སྐྱབས་འགྲོ་དང་མི་མཐུན་བར་སྣང་ཟེར། རིན་པོ་ཆེས་ཅི་སྐད་གསུངས་བྱས་པ་ལ། རིན་པོ་ཆེའི་ཞལ་ནས། སེམས་ཀྱི་ཆོས་ཉིད་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་ནས། སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན། དུས་ཐམས་ཅད་དུ་སྤྱོད་ལམ་རྣམས་བཞིར་ཉམས་མྱོངས་དྲན་ཤེས་ཀྱི་ཐག་པས་བཟུངས་ནས་མཉམ་རྗེས་མེད་ན། ཆོས་ལ་སྐྱབས་སུ་སོང་བ་ཡིན། ཅི་བྱེད་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་སོང་ན། དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན། ཁྱོད་ཀྱིས་དེ་ལ་ཚིགས་གི་སྐྱབས་འགྲོར་འདུག་ཟེར། དགེ་བཤེས་ན་རེ། ཏེ་སྤྲུག་དམྱལ་བར་འགྲོ་བར་འདུག །ངའི་ཆོས་ལ་ལོག་ལྟ་སྐྱེས་ཟེར་ནས་སོང་། དེར་འབྲོམ་དམར་སྤུ་བ་ཤི་ནས་རོ་བསྲགས་པས། རིང་སྲེལ་ཁ་དོག་སྣ་ལྔ་ཕུལ་ལ་འཇལ་བ་དང་། དུད་པ་འཇའི་དཀྱིལ་འཁོར་དུ་རིད་སྒལ་ཚིགས་གཅིག་ལ་དེ་བཞིན་གཤེགས་པའི་སྐུ་བྱོན་ནོ། །དེ་ལ་སོགས་པའི་སྡིག་པོ་ཆེ་མང་པོ། རིན་པོ་ཆེ་དང་མཇལ་ཙམ་ཡིས་ལྟས་བཟང་པོ་དང་བཅས་པ་ཟད་པ་མེད་དོ། །ཡང་དུས་གཅིག་གི་ཚེ། སློབ་དཔོན་སྒོམ་པས་རོ་གཅིག་གི་རྣལ་འབྱོར་རྒྱུད་ལ་སྐྱེས་པའི་དུས་སུ། ལུས་སེམས་སྣང་བ་གསུམ་ཅིག་ཏུ་འདྲེས་བགྱི་བ་ལགས། དེའི་དོན་ཅི་ཙུག་ཡིན་དེའི་དོན་ཞུས་པ་ལ། མདུན་ན་ཀ་བ་གཅིག་ཡོད་པ་ལ་ཕྱག་ཡུག་གིས་མཛད་ནས། ནམ་མཁའ་ལ་དབྱུག་པ་གཡུགས་པ་བཞིན་དུ་ཐོགས་པ་མེད་པར་ཕྱལ་ཕྱལ་འདུག །དེ་གསུམ་འགྲེ་ལུགས་དེ་ཙུག་འགྲེ་བ་ཡིན་གསུངས་སོ། །ཡང་དུས་གཅིག་གི་ཚེ། གྲབ་ཀྱི་ཙང་པོ་ལ་བཞུད་ཙམ་ན། ཆུའི་སྟེངས་ན་བདིང་བ་ཏིང་ནས། ཕྱག་གཡོན་པས་འཕྲེང་བ་བགྲང་། གཡས་པས་ཡི་དྭགས་ལ་ཆུ་སྦྱིན་བྱེད་ཀྱིན་བཞུགས་པ་དང་། ཡང་བྲེ་གུ་རི་བོ་ཆེ་བཞུགས་པའི་དུས་ན། བཛད་པོ་ལྟ་སྒོམ་གྱིས་རབ་གནས་མཛད་པའི་དུས་སུ། མེ་ཏོག་ནི་རྟེན་རྣམས་ལ་རང་འབྱར་དུ་སོང་བ་དང་། མེ་ཏོག་སྣོད་ལྷུང་བཟེད་ནམ་མཁའ་ལ་བཞག་པ་དང་། ཉི་མའི་ཟེར་ལ་ཆོས་གོས་བཀལ་བ་དང་། ལྷ་བསྒོམ་ལ་སོགས་པ་མི་བརྒྱ་ཙམ་ཡིས། ཐུགས་རྗེ་ཆེན་པོ་ཁ་སར་པ་ནི་མཐོང་བའི་མཐུན་སྣང་གཅིག་བྱུང་ངོ་། །ཡང་དུས་གཅིག་གི་ཚེ་ན། དབེན་ཕུག་ན་བཞུགས་པའི་དུས་སུ། ཉེ་གནས་ལེགས་མཛེས་ལ། ང་ལ་ཞག་བདུན་དུ་གཏམ་མ་བྱེད་ཟེར་ནས། རྩིག་པ་ལ་ཐོགས་པ་མེད་པར་ཕར་བཞུད་ཚུར་བཞུད་མང་པོ་མཛད། ཡང་ཀེང་རུས་ཀྱི་མི་ཆེན་པོ་གཡས་ན་གྲི་གུག །གཡོན་ན་ཐོད་པ། ཁ་ཊཱྃ་ཁ་གཅིག་འཕྲག་ལ་བཀལ་ནས་སྟག་ལ་ཞོན་ནས། ལྡོ་བྷི་ཧེ་རུ་ཀ་ཡིས་སྟག་ལ་ཞོན། །རིགས་ངན་བུ་མོ་འཕོངས་ལ་བསྐྱོན། །དུར་ཁྲོད་གནས་ནི་ཁྱབ་པར་རྒྱུག །ང་དེ་ཡིན་ཟེར་བ་ནི་ཡིན་སྟེ། །ཟེར་ཞིང་ནམ་མཁའ་ལ་བཞུགས་ཏེ། །ཡང་ཆོས་གོས་སྨད་གསུམ་མནབས་ཤིང་བཞེངས་ཏེ། ཞབས་ཀྱི་ཏིང་པ་གཉིས་སྤྲད་ནས། བདུད་རྩི་ཐལ་སྦྱོར་གྱི་ཕྱག་རྒྱ་མཛད་ནས། ཞག་གསུམ་དུ་བཞུགས་པ་ལ། ནུབ་དང་པོ་ལ་བདུན་དུ་སྣང་། གཉིས་པ་ལ་བཅུ་བཞིར་སྣང་། གསུམ་པ་ལ་ཁམ་ཆུང་དེ་ཐམ་སེ་ནམ་སེ་གཏམ་བ་བཞིན་དུ་སྣང་། སྐབས་ལ་སྐུ་ཡེ་མེད་པར་གྱུར་ཏོ། །གཞན་ཡང་གཅིག་པུར་བཞུགས་པའི་དུས་ན། སྲོག་རྩོལ་ལན་གཉིས་སུ་བགོས་པས་ཆོག་པ་དང་། ཉམས་རྟོགས་འབུལ་བ་དང་། གེགས་སེལ་བ་དང་། གདམས་ངག་ཞུ་བ་ལ། གཏོར་མ་བཤམས། མཎྜྻལ་འབུལ། འཁྲུལ་འཁོར་བཅས་ནས་བསྡད་པ་ཙམ་ཡིས། དྲི་མི་དགོས་པར་བསྡད་པ་ཙམ་ཡིས་རང་གི་སེམས་ལ་ཅི་ལྟར་འདོད་པ་བཞིན་དུ་གསུངས་སྟེ། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མངའ་སྟེ། དེ་དག་གི་ཤེས་ལུགས་རྣམ་བྲིས་ན་ཟད་པ་མེད་དོ། གཞན་ཡང་དྲང་སྲོང་ཆེན་པོ་དེ་ལ་སྐྱེ་འཆི་མི་མངའ་ཡང་། སེམས་ཅན་ལ་མི་རྟག་པ་བསྟན་པའི་ཆེད་དུ། བྱ་ལོ་ཡི་སྐར་མ་རྒྱལ་གྱི་ཟླ་བ་དྲུག་པའི་རྐྱང་ཟླའི་བཅོ་ལྔའི་ཉིན་པར། དགུང་ལོ་བདུན་ཅུ་རྩ་བདུན་ལ་སྐུ་གཤེགས་པའི་ཚུལ་བསྟན། སྟེང་གི་ནམ་མཁའ་འཇའི་གདུགས་མང་པོ་དང་། འཇའ་ལྟག་བསྣོལ་མང་པོ་དང་། རོལ་མོའི་སྒྲ་མང་པོ་དང་། སྤོས་ཀྱི་ངད་ཞིམ་པོ་མང་པོ་བྱུང་ངོ་། །བཅོ་བརྒྱད་ཀྱི་ཉིན་པར་གདུང་སྦྱངས་པ་ལ། ས་གཡོ་བ་དང་། འོད་མང་པོ་དང་། རོལ་མོའི་སྒྲ་མང་པོ་ཆེ་འབྲིང་ཆུང་གསུམ་དང་། དུད་པ་ལ་འཇའི་དཀྱིལ་འཁོར་ཁ་དོག་སྣ་ལྔར་གྱུར་ཏོ། །དྭགས་པོ་རྣམས་བཞིའི་མི་རྣམས་འདུས་པ་ལ། མེ་ཏོག་སྔོན་པོའི་ཆར་བབ་པའི་མཐུན་སྣང་གཅིག་ཀྱང་བྱུང་། ཐུགས་དང་ལྗགས་མ་ཚིག་པར་བྱོན་པ་དང་། རིང་སྲེལ་དཔག་ཏུ་མེད་པར་བྱོན་པ་དང་། དེར་འདུ་ཞིང་འཚོགས་པའི་མི་ཐམས་ཅད་ཞག་གསུམ་གྱི་བར་དུ། བཟའ་བ་དང་། བཏུང་བ་དང་། གཉིད་ཀྱིས་གདུང་བ་ལ་སོགས་མེད་སྟེ། མོས་གུས་ཆེན་པོས་སེམས་རྒྱུད་ལ་ཏིང་ངེ་འཛིན་དུ་གྱུར་བར་བྱུང་ངོ་། །བླ་མ་བདེ་བར་གཤེགས་པ་རིན་པོ་ཆེ་དེ་ཡང་། བདག་གཞན་གཉིས་ཀའི་དོན་གྲུབ་པར་བྱེད་པའི་སྐྱེས་བུ་ཆེན་པོ་ཡིན། དེ་ཡང་དང་པོ་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་། མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། ལུང་བསྟན་སྟེ། སྔོན་ཀྱི་དུས་ན་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར། མཚན་མེ་ཏོག་ཟླ་མཛེས་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་གྱུར་ཏོ། །ཤཱཀྱ་ཐུབ་པའི་སྤྱན་སྔར་མཚན་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་བྱ་བར་གྱུར་ཏོ། །ད་ལྟའི་དུས་ན་ཡང་འཚོ་བྱེད་ཞེས་བྱ་བར་གྱུར་ཏོ། །འཁོར་རབ་ཏུ་བྱུང་བ་ལྔ་བརྒྱ་ལས་མི་ཉུང་བ་ཐམས་ཅད་ཀྱང་། ཏིང་ངེ་འཛིན་འབྱུང་བར་འགྱུར། ཞེས་བྱ་བ་ལུང་བསྟན་པའི་སྐྱེས་བུ་ཆེན་པོར་གྱུར་ཏོ། །གྲུབ་ཐོབ་ཆེན་པོ་རྩོད་པ་དང་བྲལ་བ་དེ་ལ། སྲས་གྲུབ་ཐོབ་མང་དུ་བྱུང་ཡང་། ཡོངས་སུ་གྲགས་པའི་བུ་ཆེན་བཞི་ལ་སོགས་པ་བྱུང་བ་ནི། བླ་མ་ཤོ་བྲོམ་འཕགས་པ། གསེར་ཀོང་ཡེ་ཤེས་སྙིང་པོ། བླ་མ་རེ་མྱ་ཆོས་འབྱུང་། བྲམ་ཟེ་ཡེ་ཤེས་སྙིང་པོ་དང་བཞི། བརྒྱུད་པ་འཛིན་བའི་སྲས་བཞི་ནི། བླ་མ་དྭགས་པོ་སྒོམ་ཚུལ། ཆོས་རྗེ་ཕག་མོ་གྲུབ་པ། རིན་པོ་ཆེ་དབུ་སེ། བླ་མ་འབའ་བྲོམ་བ་དང་བཞི། དེ་ལ་ཡང་ཉེ་བའི་སྲས་བཞི་ནི། དྭགས་པོ་འདུལ་འཛིན། ཇོ་སྲས་ལ་ལགས། ཀྱེ་པོ་ཡེ་རྡོར། འགར་སྒོམ་དཀར་པོ་དང་བཞི། ཞབས་ཏོག་མཛད་པའི་ཉེ་གནས་ཞི་ནི། ཇོ་གཉན། ལེགས་མཛེས། བྱང་ཡེ། གསལ་བྱང་དང་བཞིའོ། གྲུབ་ཐོབ་ཆེན་པོར་གྱུར་པའི། བླ་མ་དྭགས་པོ་ལྷ་རྗེ་རིན་པོ་ཆེས། འབའ་བྲོམ་པ་ལ་གསུངས་སོ། །ཞུས་སོ། །རྫོགས་སོ།། བདག་གིས་འདི་བྲིས་བསོད་ནམས་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཚེ་འདི་ཉིད་ལ་ཐོབ་པར་ཤོག །དྭགས་པོ་རིན་ཆེན་རྣམ་ཐར་འདི། །དག་པའི་སྣང་བས་མཐོང་ཐོས་རྣམས། །དག་པ་བདེ་ཆེན་ཞིང་ཁམས་སུ། །དྭགས་པོ་ཉིད་དང་མཇལ་བར་ཤོག། །།

དུས་གསུམ་མཁྱེན་པ་སེང་གེ་སྒྲའི་རྣམ་ཐར།

ན་མོ་གུ་རུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་། །འཁོར་འདས་གཉིས་མེད་འོད་གསལ་ཐུགས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་། །སྤྲུལ་སྐུས་འགྲོ་དོན་རྫོགས་མཛད་པ། །བཀའ་བརྒྱུད་བླ་མ་རྣམས་ལ་འདུད། །ཚོགས་གཉིས་རབ་རྫོགས་སྐུ་གསུམ་ལྷུན་གྱིས་གྲུབ། །སྣང་སྟོང་དབྱེར་མེད་ཆོས་སྐུའི་ངང་ལ་བཞུགས། །བདེ་ཆེན་སྤྲོས་བྲལ་འོད་གསལ་རྒྱུན་ཆད་མེད། །དུས་གསུམ་ཤེས་བྱ་རྡོ་རྗེའི་སྤྱན་གྱིས་གཟིགས། །སྤྲུལ་པ་དུ་མས་འགྲོ་རྣམས་སྨིན་མཛད་པ། །འཕྲིན་ལས་མཐར་ཕྱིན་བླ་མའི་ཞབས་ལ་འདུད། །ཆོས་རྗེ་རིན་ཆེན་རྣམ་ཐར་དཔག་མེད་ལས། །བདག་འདྲ་རྨོངས་པས་བརྗོད་པར་མི་ནུས་ཀྱང་། །རྗེ་བཙུན་ཉིད་ཀྱི་གསུང་དང་གཞན་སྣང་ལས། །གདུལ་བྱ་དད་ཕྱིར་ཆེ་ལོང་ཙམ་གཅིག་བརྗོད། །འོ་སྐོལ་གྱི་ཆོས་རྗེ་རིན་པོ་ཆེ། བླ་མ་ལྷ་རྗེའི་ཐུགས་ཀྱི་སྲས་སུ་གྱུར་པའི་དགེ་བའི་བཤེས་གཉེན་དེ། ཡུལ་ཏྲེ་ཤོད་གངས་ཀྱི་ར་བ། སྤོ་ཆུ་ལྷ་ལྡོང་དཀར་པོར་སྐུ་འཁྲུངས་ནས། དེ་ཡང་ཤིན་ཏུ་སྐྱེད་ཆེ་ལ་སྐུ་ཤེད་དང་ལྡན་བའི་གང་ཟག་གཅིག་བྱུང་བར་གདའ། དེ་ནས་དགུང་ལོ་དྲུག་ལོན་པའི་དུས་སུ་མདོ་སྨད་ཁམས་ཀྱི་བྱང་རྒྱ་ལ་བཞུད་ནས་ཚོང་དུས་ཤིང་ཀུན་དུ་བྱོན་ནས། དགུང་ལོ་བདུན་ལ་རང་ཡུལ་དུ་བྱོན། དགུང་ལོ་བརྒྱད་ལོན་པའི་དུས་སུ་ལྷོ་རྒྱ་ལ་བཞུད་ནས་ཚོང་དུས་བ་ཡན་དུ་བྱོན་ནས། ཡབ་གདན་དྲངས་པ་ཡིན་གསུངས། དེ་ནས་ལོ་བཅུ་གཅིག་ལོན་པའི་དུས་ན། དཔལ་ལྷ་མོ་བསྒྲུབ་པས་ཞལ་མཐོང་ཞིང་དགྲ་བཏུལ་ནས། སྔར་ཤཱཀྱ་སེང་གེའི་བསྟན་པའི་གཟུགས་བརྙན་ལོ་ལྔ་བརྒྱ་ཕྲག་བཅུ་གནས་པའི་དུས་འདིར། གཞན་དོན་བྱ་བར་དགོངས་ནས་དགུང་ལོ་བཅུ་དྲུག་ལ། ཏྲེ་སྐ་བྲག་དཀོན་མཆོག་འབྱུང་གནས་ཞེས་བྱ་བའི་ཆོས་འཁོར་ཆེན་པོ་དེར། ཡོངས་ཀྱི་དགེ་བའི་བཤེས་གཉེན་མཆོག་གི་བླ་མའི་སྤྱན་སྔར་རབ་ཏུ་བྱུང་ནས། མཚན་ཆོས་ཀྱི་གྲགས་པ་ཞེས་བྱ་བར་བཏགས་ནས། ལོ་གཉིས་མཁན་པོའི་ཞབས་ཏོག་མཛད། དགེ་བཤེས་བཀྲ་ར་བ་ལ་བདེ་མཆོག་གི་དབང་སྐུར་ཞུས་ནས། མི་གཡོ་བ་དང་། བཀའ་གདམས་ཀྱི་ཆོས་གསན་ནོ། །དེ་ནས་དགུང་ལོ་བཅུ་དགུ་ལ་ཐོས་བསམ་ལ་ཡུལ་དབུས་སུ་བྱོན་ནས། ཉི་ཤུ་ལ་སྟོད་ལུང་ཡུལ་ཐང་དུ་སླེབས། དགེ་བཤེས་རྒྱ་དམར་དང་ཕྱ་པ་ལ། ཤར་གསུམ་དང་བྱམས་ཆོས་གསན། དེ་ནས་འཕན་ཡུལ་དུ་བྱོན་ནས། དགེ་བཤེས་པ་ཚབ་ལོ་ཙ་བ་ལ། རིགས་ཚོགས་གསན། དེ་ནས་དགེ་བཤེས་ས་ཡུག་པ་ལ། བསྙེན་རྫོགས་མཛད་ནས་འདུལ་བ་གསན། དེ་ནས་སྟག་དུར་དུ་བྱོན་ནས་ལོ་ལྔར་བཀའ་གདམས་མཛད། ར་ལྗགས་སྟོན་ཚུལ་ལ། དགྱེས་རྡོར་གྱི་རྒྱུད་དང་། བདེ་མཆོག་དང་། མ་ཧ་མ་ཡ་དང་། ལམ་འབྲས་ལ་སོགས་པ་དང་། བྲག་དགར་བ་ལ་རྫོགས་ཆེན་ཨ་རོའི་སྙན་རྒྱུད་གསན་ནོ། །དགུང་ལོ་སུམ་ཅུ་ལ། དགེ་བཤེས་ཤ་བ་གླིང་པའི་སྤྱན་སྔར་སློབ་དཔོན་སྒོམ་ཚུལ་དང་མཇལ། དེ་ནས་བླ་མ་ལྷ་རྗེའི་སྤྱན་སྔར་བྱོན་པ་ལ། དང་པོ་ཟླ་བ་གཉིས་ཙམ་དུ་མཇལ་དུ་མ་གནང་། མཇལ་དུས་སུ་དར་བཅུ་ཙམ་ཕུལ་ནས་གདམ་ངག་ཞུས་པས། ལམ་རིམ་ཐོ་རེ་བ་གཅིག་གསུངས་ནས་ངས་ཀྱང་དེ་བསྒོམས་པ་ཡིན། ཁྱོད་རང་ཡང་དེ་སྒོམས་གསུངས། ཞུ་སྣ་དང་བདག་འཛིན་ཐམས་ཅད་སློབ་དཔོན་སྒོམ་པས་བྱས། དེ་ནས་ཆོས་རྗེ་ལ་དབང་བསྐུར་ཞུས། ཐབས་ལམ་གྱི་གདམས་ངག་གནང་ནས། བསྒོམས་པས་ཞག་དགུ་ནས་དྲོད་ཆེ་བར་བྱུང་ནས་གོས་ཀྱང་རྐྱང་པ་བྱས་ནས་ཟླ་བ་དགུ་བསྒོམས། བླ་མའི་ཞལ་ནས་ཁྱོད་ཟངས་རིར་བསྒོམ་དུ་སོང་གསུངས་ནས། དབྱར་ཟླ་གསུམ་ཟངས་རིར་བཞུགས་པས། སེམས་གནས་པ་ཅི་བྱར་ཉན་པ་དང་ལྷག་མཐོང་སྤྲིན་བར་གྱི་ཉི་མ་ལྟ་བུ་བྱུང་བ་དང་། བླ་མ་ལ་ཕྱག་སྐྱེལ་དུ་བྱོན་ནས། སྒམ་པོར་ལོ་གསུམ་དཀའ་ཐུབ་དྲག་པོ་མཛད་ནས་བསྒོམས་པས། གྲ་པ་བརྒྱད་བརྒྱའི་ནང་ནས་བསྒོམ་སྲན་ཆེ་བར་གྲགས། ཡང་བླ་མའི་ཞལ་ནས། ཁྱོད་འོལ་ཀར་བསྒོམ་དུ་སོང་གསུངས་ནས། དེར་འོལ་ཀའི་བྲི་བུ་རི་བོ་ཆེར་བྲག་ཕུག་གཅིག་ཏུ་བསྒོམས་ཙམ་ན། བུད་མེད་གཅིག་བྱུང་ནས། ཁྱོད་འདིར་མ་འདུག །ངའི་མ་ཇོ་འོང་ཟེར། དེར་བྲག་སྲིན་ཡིན་བར་དགོངས་ནས། བྱམས་སྙིང་རྗེ་བསྒོམས་གསུངས། དེར་ཟླ་བ་བཅུ་བཞི་བསྒྲུབ་པས་ངེས་ཤེས་ཁྱད་པར་ཅན་དུ་ཐུགས་ལ་འཁྲུངས། ལམ་རྟགས་ངོ་མཚར་ཅན་མང་པོ་བྱུང་། ཤིན་ཏུ་དགའ་ནས་ཕྱག་སྐྱེལ་བ་དང་དྲི་རྟོགས་མཛད་དུ་བྱ་རྐོག་དགོན་པར་བླ་མའི་སྤྱན་སྔར་བྱོན་ནས་ཞུས་པ་ལ། བླ་མའི་ཞལ་ནས། ཨ་ན་ཧོ། ཁམས་པ་སེ་བོ་ཁྱོད་ལ་ང་རེ་ཆེ་བ་ཡིན་བ་ལ། ཁྱོད་ཀྱིས་ནི་ནོར་ནས་འདུག་པས་ད་ལྟ་བསྒོམས། ནོར་ས་ནི་མེད་འདུག་པ་ལ་དགོངས་ནས་ཟླ་བ་དྲུག་སྒམ་པོ་རང་དུ་བསྒོམས་པ་ལ། སྐྱེད་ཡེ་མ་བྱུང་། ཡང་བླ་མ་ལ་ཞུས་པས། ངོ་བོ་ལ་སྐྱོན་འོང་རྒྱུ་ནི་མི་འདུག །ནོར་ཡང་རང་གི་དེ་བསྒོམས་ཡིན་ཞུས་པ་ལ། བླ་མ་དགྱེས་ནས་བུ་འཁོར་བ་དང་འབྲེལ་ཆོད་པ་དེ་རང་ཡིན་གསུངས་ནས། གནས་ལུགས་དོན་གྱི་ངོ་སྤྲོད་མཛད། རྗེས་སུ་བསྟན་པའི་གདམས་ངག་གསུངས། ཡང་རྗེ་བཙུན་གྱིས། ཁྱོད་གཙང་ཕྱོགས་སུ་ལྡོམ་བུ་ལ་སོང་གསུངས་ནས། གཙང་ལ་སྟོད་མན་ཆད་དུ་ལྡོམ་བུ་ལ་ཕྱིན། བླ་མ་མི་ལའི་སློབ་མ་འགའ་རེ་དང་མཇལ། དགེ་ཚུལ་སྤུན་གཉིས་ལ་ཕྱག་རྒྱ་ཆེན་པོ་རྡེའུ་སྐོར་ཞུས། དོན་མོ་རིར་བྱོན་ནས་དོན་མོའི་རི་པ་ལ་ཞུས། སྤེན་ཕུག་པ་ལ་བདེ་མཆོག་གི་དབང་བསྐུར་དང་། ཇོ་བོ་རྗེའི་གདམས་ངག་མང་དུ་ཞུས། རྒྱ་མོ་ཡང་ཁང་བ་ལ་བརྟག་གཉིས་གདམས་བཤད་ཞུས། དེ་ནས་མར་འོངས་ནས་འཕན་ཡུལ་བྱ་བཟང་བྲག་ལ་དབྱར་དགུན་གསུམ་འདག་ཆར་བྱས་ནས། གཏུམ་མོའི་ཡོན་ཏན་དཔག་ཏུ་མེད་པ་བྱུང་བས། བློ་བདེ་བའི་མགུར་བཞེངས། མཚན་བླ་མ་གྲགས་པར་གྲགས། གཞན་སྣང་ལ་རི་བྲག་ལ་མི་ཐོགས་པར་འདུག་ཟེར་བའང་འབྱུང་གསུངས། དེ་ནས་རྗེ་བཙུན་ལ་ཕྱག་འཚལ་དུ་འོངས་ནས། སྒམ་པོར་ཟླ་བ་འགའ་བཞུགས། ཡང་རྗེ་བཙུན་གྱིས་ཁྱོད་མོན་དུ་སྒོམ་དུ་སོང་གསུངས་ནས། ཚ་བྲེ་ལྔ་ཁྱེར་ནས་མོན་གྱི་རྒྱལ་པོ་ག་ཆུང་གི་རྩར་བྱོན། དེའི་བཙུན་མོ་བོད་མོ་གཅིག་གིས་ཕ་མིང་སྨོས་པས་ལོ་ཙ་བྱས་ཏེ། ཚ་རྒྱལ་པོ་ལ་ཞལ་མཐོང་བྱས། བླ་མས་རྒྱལ་པོའི་མཆོད་གནས་མཛད་ནས། མོན་གྱི་རི་ལ་བཞུགས། བརྒྱགས་ཟད་ནས་ལེན་འོངས་པའི་ལམ་ཀར་ནགས་གསེབ་ནས་སྟག་གཅིག་བྱུང་བ་དང་། བླ་མ་ཕ་བོང་གཅིག་གི་སྟེང་དུ་བཞུགས་པས་སྟག་དེས་སྐོར་བ་བྱས། འཚེ་བ་མི་བྱེད་པར་དགོངས་ནས། མར་བྱོན་བའི་ལམ་ཀ་རུ་བུད་མེད་གཉིས་ཀྱིས་སྐུ་བ་ཕྱེད་བྲག་གཅིག་ཆང་གིས་བཀངས་ནས་དྲངས། རྒྱལ་པོའི་ཕོ་བྲང་དུ་བྱོན་ནས་བརྒྱགས་བླངས་ནས་ཡར་འོངས་པས་རི་ལ་བཞུགས་པའི་ཚེ། མོན་བོད་འཚམས་དཔེར་བྱས་པའི་མགུར་བཞེངས། འཕྱིས་རྒྱལ་པོས་རས་ཀྱི་དོག་པ་འགའ་དང་དུག་སྔགས་གཅིག་རྫོང་བ་བྱས་སྟེ་ཚུར་བྱོན། ལམ་དུ་བླ་མ་རས་ཆུང་བའི་དྲུང་དུ་ཞག་བཞི་བཅུ་བསྡད་ནས་ཐུན་འཇོགས་དང་། ཆོས་དྲུག་ཞུས། ནཱ་རོ་པའི་གདམ་ངག་གི་དྲི་རྟོགས་ལེགས་པར་བྱས་གསུངས། དེ་ནས་དྭགས་པོར་བྱོན་ནས་བླ་མ་དང་མཇལ་དུས་སུ། རྗེ་བཙུན་གྱི་ཞལ་ནས་ཁྱོད་ལ་སྟག་གིས་སྐོར་བ་བྱས་ཡང་གསུངས། དེ་ལྟར་བྱས་ཞུས་པ་ལ། སྟག་དེ་མཁའ་འགྲོ་མའི་སྤྲུལ་པ་ཡིན། བུད་མེད་གཉིས་ཀྱིས་བཏུང་བ་དྲངས་པ་ཡང་། ཞིང་སྐྱོང་གི་མཁའ་འགྲོ་མས་དངོས་གྲུབ་སྟེར་བ་ཡིན་གསུངས། དེར་ལོ་གཅིག་བཞུགས། ཡང་རྗེ་བཙུན་གྱི་ཞལ་ནས། ཁྱོད་གངས་ཀར་ལ་སོང་གསུངས་ནས་དེར་བྱོན་ནས། སློབ་དཔོན་པད་མའི་དགོན་པ་ཕ་འོང་དཀར་ལེབ་ཀྱི་ཞབས་སུ། དབྱར་བཅུད་ལེན་མཛད་ཅིང་བཞུགས་པས་ཀྱང་མཁའ་འགྲོ་མས་འཚོ་བ་དྲངས། ཡོན་ཏན་རིན་པོ་ཆེ་དུ་མ་རྒྱུད་ལ་སྐྱེས། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བྱུང་ནས། ང་རང་ངན་གྱི་མགུར་བཞེངས་པ་ཡིན་གསུངས། ལར་མོས་གུས་མེད་ན་རྒྱུད་ལ་ཡོན་ཏན་མི་འབྱུང་། ངེས་དེ་ཕྱིས་ཆད་བླ་མ་ལ་ཐ་མལ་གྱི་འདུ་ཤེས་འབྱུང་མ་མྱོང་གསུངས། །དེ་ནས་སྟོན་ཀར་ཕྱིན་ཙམ་ན། སྙི་མོ་ཉི་དྲུང་གི་འཕྲང་གཅིག་ན་མར་འོངས་ཙམ་ན། རྫིངས་ཁ་གཅིག་ན་ཁང་པའི་ཙར་བུད་མེད་བཞི་ཐགས་འཐག་ཅིང་སྣང་། ཅིག་གིས་ཇོ་བོ་དྲོ་གསོལ་བ་བྱས། གཅིག་ནང་དུ་སོང་ནས་ཡར་བྱོན་ཟེར། ཕྱིར་ལ་ཁྱེར་ལ་ཤོག་བྱས་པས། ཅང་མི་ཉེས་ནང་དུ་བྱོན་ཟེར། ཕྱིན་ཙ་ན་བུད་མེད་བཞི་ཀ་ནང་དུ་སྣང་། སྐུ་བ་ཕྱེད་པ་ཐོད་ཕོར་འདྲ་བ་གཅིག་གི་ནང་དུ་བཟའ་བཏུང་དྲངས་པ་ལ། ཕྱག་ཚང་བུད་མེད་དེའི་ཐེ་འོང་གཉིས་ལ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་ཡུམ་དང་བཅས་པ་གཅིག་ཞལ་གཟིགས་བཟའ་བཏུང་དེ་མིའི་སོར་འཛུག་གི་ཚོད་མར་འདུགས། ཐེ་ཚོམ་མེད་པར་གསོལ་བ་ལ། རོ་མཆོག་བརྒྱ་དང་ལྡན་བར་བྱུང་གསུང་། ཡང་བུད་མེད་དེས་ཕོར་པ་དེ་ནམ་མཁའ་ལ་ཟེད་ཙམ་ན། འོ་མའམ་ཆུ་སྐྱ་འདྲ་བས་གང་བ་དྲངས་པ་གསོལ་ནས། སྒོར་བྱོན་ཙམ་ན་བུད་མེད་བཞི་ཀ་སྒོ་ན་ཐགས་འཐག་ཅིང་སྣང་། དེར་མར་བྱོན་བའི་ལམ་དུ་ས་གཞི་དར་གྱི་འབོལ་ལྟར་འཇམ་པ་དང་། སྐུ་མཆོག་རས་བལ་ལྟར་ཡང་བ་དང་། ཡིད་ནི་ངོས་བཟུང་མེད་པར་དགའ་བ་བྱུང་གསུངས། དེ་ནས་གཞུ་སྙིང་གཉིས་ཀྱི་བར་ན། རྫོང་ཅེས་བྱ་བའི་དགོན་པ་ན་སྒོམ་མ་གཅིག་ཕྱུགས་འཚོ་བ་དང་འཕྲད། ཡ་ཀི་དགོན་པ་ན་སུ་བཞུགས་དྲིས་པས། ངའི་སློབ་དཔོན་བཞུགས་ཟེར། འོ་ན་མཇལ་བར་ཞུ་བྱས་པས། ད་འཚམས་བྱས་པ་མི་མཇལ་ཟེར། ཅིས་ཀྱང་མཇལ་བར་ཞུ་བྱས་པས། ངས་བླ་མ་ལ་ཞུ་ཡིས་ཟེར་ནས་སོང་བ་དང་། ཡར་བྱོན་ཟེར། ནང་དུ་བྱོན་ཙམ་ན་བཙུན་རྒན་ཕོ་མོ་གཉིས་སྣང་། ཕྱག་བྱས་པ་ལ་ཕྱག་མ་བྱེད་བཙུན་རྒན་ཕོ་མོ་ལ་ལྟོས་གསུངས། ཡང་ཕྱག་ལེགས་པར་འཚལ་གསུངས། །དེ་ནས་ཇ་གྲལ་དུ་བླ་མ་རྫོང་པའི་ཞལ་ནས། ཁྱེད་ལ་དེ་རིང་བུད་མེད་བཞིས་ཆོས་སྟོན་འཚོ་བ་དྲངས་ཨང་གསུངས། དྲངས་བྱས་པས་བླ་མ་རྫོང་པའི་ཞལ་ནས། དེ་ཀུན་མཁའ་འགྲོ་མ་ཡིན། ཚོད་མའི་རྒྱུ་དེ་བལ་ཡུལ་ཆ་ཏིང་ན། ཁྱི་བདག་ཨ་ཤོ་ཀ་བྱ་བའི་བུ་དྷ་རྨ་སི་ཏི་བྱ་བ་ཤི་ནས། རོ་ཏར་ཏི་ཏའི་དུར་ཁྲོད་དུ་བསྐྱལ་བ་མཁའ་འགྲོ་མས་བླངས་པ་ཡིན་གསུངས། ད་ལྟ་དེ་ན་ཡོད་དམ་དྲིས་པས། ད་དེ་ན་མེད། ཁ་ཆེའི་གྲོང་ཁྱེར་སམ་པ་ཏ་བྱ་བའི་དུར་ཁྲོད་ན། ཟླ་བ་ནག་པོའི་ཉི་ཤུ་ལྔ་ལ་མཁའ་འགྲོ་མ་འདུ་བའི་དུས་ཡིན་པས། ཚོགས་མཆོད་ལ་དེར་སོང་ཟིན། མཁའ་འགྲོ་མས་ཁྱེད་ལ་དངོས་གྲུབ་སྟེར་བ་ཡིན། མོན་གྱི་ལམ་དུ་བུད་མེད་གཉིས་ཀྱིས་བཏུང་བ་དྲངས་པ་ཡང་མཁའ་འགྲོ་མ་ཡིན་གསུངས། རིན་པོ་ཆེའི་ཐུགས་ལ་ཁོང་གི་དགོན་པ་དེ་བླ་མའི་ཕར་ཙང་དགོན་པ་འདྲ་སྙམ་ཙམ་ན། བླ་མ་རྫོང་པའི་ཞལ་ནས་ཁྱོད་ཀྱི་བླ་མའི་ཕར་རྩང་དགོན་པ་དེ་འདྲ་ཡང་གསུངས། བླ་མས་བསམ་མནོ་བྱེད་མ་སྤོབས་གསུངས། དེ་ལ་སོགས་པའི་བློ་མང་དུ་གསུངས། ཁྱོད་ཀྱིས་བླ་མ་ལྷ་རྗེས་ཅི་གསུངས་གྱིས་གསུངས། དེ་ནས་ཁོང་ལ་ཕྱག་རྒྱ་ཆེན་པོ་ཐོག་བབ་དང་གདམས་ངག་མང་དུ་ཞུས་ནས། དེ་ནས་དྭགས་པོར་ཕྱག་འཚལ་དུ་བྱོན་ཙམ་ན། གྲོལ་སྒོམ་དང་ཁམས་པ་སེ་བོ་གཉིས་སྡོད་གསུངས་ནས། དེ་ནུབ་ཉམས་དགའ་བའི་བླ་བོ་མང་དུ་གསུངས། རྗེ་བཙུན་གྱི་ཞལ་ནས། ཁྱོད་ལ་དེ་དང་དེ་འདྲ་བའི་མཁྱེན་པའི་བླ་མ་ཡོད་དམ་གསུངས། ཡོད་ཞུས་པས། དེ་བླ་མ་ནཱ་རོ་པའི་སུམ་སློབ་ཡིན་གསུངས། སྔར་མཁའ་འགྲོ་མས་འཚོ་བ་དྲངས་པ་ལ་སོགས་པ་རྣམས་ཅི་ལྟ་བ་བཞིན་དུ་བླ་མས་མཁྱེན་ནས་ཚུར་གསུང་བས་ཕར་ལ་ཞུ་མ་དགོས། ཞུས་པས་རྗེ་བཙུན་གྱི་ཞལ་ནས། ངའི་བླ་མ་ཉིད་ལ་དེ་ཟད་པར་མེའི་ཏིང་ངེ་འཛིན་ལ་བཞུགས་པའི་དུས་སུ་ངས་མེའི་སྣ་མ་བརྟེན་ནས་བྲོས། ཆུའི་ཏིང་ངེ་འཛིན་ལ་བཞུགས་དུས་སུ། ངས་ཆུ་ལྟིང་གཅིག་ཏུ་མཐོང་། དེ་ལ་སོགས་པ་ཟད་པར་གྱི་ཡོན་ཏན་ཐམས་ཅད་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་ཡང་ཁོང་ལ་བརློམ་པ་རྡུལ་ཙམ་ཡང་མེད། སྤྱིར་སྒོམ་ཆེན་པ་ཡོན་ཏན་ལ་རློམ་བ་སྐྱེར་མི་རུང་ངོ་གསུངས་ནས་གདམ་ངག་མ་ལུས་པར་གནང་། བླ་མའི་ཞལ་ནས། ང་ཀམ་པོ་གནས་ནང་དུ་འགྲོ་དགོས་བྱས་ཙམ་ན། ཞབས་བསྙུང་བས་འགྲོར་མ་བཏུབ་པ་ཡིན། ད་ཁྱོད་སོང་དང་གཞན་ལ་ཕན་ཐོགས་པར་འདུག་གསུངས། ཟང་ཟླུམ་དུ་སློབ་དཔོན་སྒོམ་པ་བ་ལ་ཕྱག་བསྐྱལ་བས་ཀྱང་དེ་རྣམས་མཁྱེན་ནས་ཚུར་གསུངས། དེ་ནས་ཡར་བྱོན་ནས་གཞུ་སྨད་ཀྱི་ལྷ་རི་རྒྱལ་པོ་ལ་དབྱར་ཟླ་གསུམ་བཞུགས་དུས་སུ། ཨེ་མ་ཕུང་པོ་དུར་ཁྲོད་ཀྱི་མགུར་བཞེངས། དེའི་དགུན་ནས་གཞུའི་གྲུ་བཞི་དགོན་པ་བཟུང་བ་ལ་བུད་མེད་གཅིག་གིས་འཚོ་བ་དྲངས། མཁའ་འགྲོ་མ་ཡིན་བར་འདུག །འཚོ་བ་བྲང་བྲེང་ཙམ་ལས་མ་བྱུང་། ལར་ངས་བསྒྲུབ་པ་བྱས་པའི་དུས་ན། ལྟོ་གོས་འཛོམ་པོ་མ་བྱུང་ཡང་བསྒྲུབ་པ་ལ་ཐང་ལྷོད་ཤོར་མ་མྱོང་། ངའི་དཀའ་སླས་ཙམ་སུས་ཀྱང་མི་ནུས། ལྟོ་རྒྱབ་ལ་གྱོང་སྐུར་མི་ནུས་པར་དང་པོ་ནས་འཛོམས་པོ་འདོད་པ་ལ་ཆོས་མི་དགོས་པའང་མི་འོང་གསུང་། དེའི་ཚེ་བླ་མ་བཻ་རོ་ལ་དབང་དང་བྱིན་རླབས་ཞུས་ནས། བདེ་མཆོག་ལྷན་སྐྱེས་དང་རྗེ་བཙུན་ཨུ་རྒྱན་མ་དང་། ཏེ་ལོའི་དྷོ་ཧ་དང་། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་ལ་སོགས་པ་མང་དུ་ཞུས། བླ་མ་དཔལ་ལ་བདེ་མཆོག་གི་དབང་བསྐུར་ཞུས་ནས་གདམ་ངག་མང་དུ་གསན། སྤྱིར་དབུས་གཙང་ན་ལོ་སུམ་ཅུ་བཞུགས་ཏེ་ལོ་བཅུར་ཐོས་བསམ་དང་། ལོ་བཅུ་གཉིས་བསྒྲུབ་པ་མཛད་པ་ལ། ལག་པ་རྡུལ་དང་བྲལ་མ་མྱོངས་གསུངས། ལོ་བརྒྱད་དུ་གཞུར་བཞུགས། འཚོགས་པ་བཞི་བཅུ་ཙམ་བྱུང་། སྐལ་ལྡན་མང་རབ་ལ་ཕན་ཐོགས། ཡོ་བྱད་ཅི་བྱུང་ཡང་འཕྲལ་དགོས་མ་གཏོགས་པ་བླ་མ་རྣམས་གཉིས་ལ་འབུལ་བ་བྱས་གསུངས། དེའི་ཚེ་སློབ་དཔོན་སྒོམ་པ་ལྷ་ལུང་ན་གྲ་པ་སུམ་བརྒྱ་ཙམ་དང་བཞུགས་པ་ལ། རྟ་ཁྲབ་འགའ་ཁྱེར་ནས་ཁམས་སུ་བཞུད་པའི་ཕྱི་ཕྱག་ལ་བྱོན་བས། སློབ་དཔོན་གྱི་ཞལ་ནས། ང་ཡང་ཐང་གཅིག་གནས་ནང་ན་ཆས་པ་ཡིན་པ་ལ་རྐང་པ་ན་བས་མ་རྟོལ་བ་ཡིན། བླ་མའི་བཀའ་ཡིན་པས་ལན་གཅིག་སོང་ལ། བཟའ་མ་རྙེད་པའམ། གཡེང་བ་ཆེ་ནས་དགེ་སྦྱོར་མ་དམར་ན་ཡར་ཤོག་གསུངས་ནས། ང་འཆི་གསུང་བས་དེར་བཤུམས་པས། བླ་བོ་བཤད་ཀྱིས་ཉོན་དང་གསུངས་ནས་སྔར་བསྒྲུབ་པ་མཛད་པ་དང་། ད་ལྟ་ཆོས་ཐམས་ཅད་སྒྱུ་མར་ཤེས་པ་དང་། རྡོ་རྗེ་གདན་སྐད་གཅིག་ལ་ལྟ་ནུས་པ་ལ་སོགས་པའི་རྫུ་འཕྲུལ་མངའ་བ་དང་། དེ་ལ་སོགས་ཏེ་ཡོན་ཏན་རྒྱ་ཆེན་པོ་མངའ་ཡང་། བརློམ་པའམ་ང་རྒྱལ་རྡུལ་ཙམ་ཡང་མེད་གསུངས། གྲུབ་བཞིར་བཞུགས་དུས་སུ་ཁམས་སུ་འགྲོ་སྙམ་ཚེ་ཀམ་པོའི་རྡོ་རྗེ་དཔལ་བརྩེགས་བསུ་བ་ལ་ཕྱིན་བ་གཞུའི་དགེ་བསྙེན་གྱིས་བཀག་པས་མ་ཁེགས་གསུང་ངོ་། དེ་ནས་བཞི་འགོ་བའི་ཚོང་དཔོན་རིན་དཔལ་གྱིས་གདན་འདྲེན་བྱས་ནས་འཕན་ཡུལ་དུ་བྱོན་ཙམ་ན་ཏྲེ་བོས་འགྲོ་མ་སྟེར། དེའི་དུས་སུ་བླ་མ་ཕག་མོ་གྲུབ་པས་བཙུན་པ་ཡེ་འོད་ལ་འཕྲིན་བསྐུར་ནས། ཁྱེད་ཁམས་སུ་མ་བཞུགས། དབང་བསྐུར་དང་རབ་གནས་མང་པོ་བྱེད་ཟེར་བ་དེ་ཙམ་མ་མཛད་སྐུ་ཚེ་ལ་བར་ཆད་འོང་དོགས་ཡོད་གསུངས། རིན་པོ་ཆེའི་ཞལ་ནས། ཁོང་ང་ལ་ཐུགས་བརྩེ་བ་ཡིན་ཏེ། གཞོན་ལྔ་མེད་པར་འབྲོག་ཏུ་མི་འགྲོ། དེ་ཙམ་ཡི་ཚོད་མེད་པར་རབ་གནས་དང་དབང་བསྐུར་མི་བྱེད། ངས་བླ་མ་མི་ལའི་སྐུ་ཚེ་ཙམ་གཅིག་ཐུབ་པ་ཡིན་གསུངས། དེར་ཚུར་ལོག་ནས་མཚུར་གྱི་ངོས་བཟང་དགོན་པར་བཞུགས། ཡང་ཀོལ་ཏི་བའི་འགྲོན་པོ་གོ་བཙུན་ཡོན་བདག་གིས་གདན་འདྲེན་བྱས་ནས་འཕན་ཡུལ་དུ་བྱོན་པ་ལ། ཡང་ཏྲི་བོའི་འགྲོན་པོས་འགྲོ་མ་སྟེར། དེར་གཞུ་ན་ཚུར་ལོག་ནས་སློབ་དཔོན་སྒོམ་པའི་སྙིང་པོ་སེ་རུ་ན་བཞུགས་པ་ལ་རྟ་བཟང་པོ་གཅིག་དང་འབུལ་བ་འགའ་ཁྱེར་ནས་ཕྱག་ལ་བྱོན། དེ་ནས་ཏྲེ་བོས་གདན་འདྲེན་བྱས་ནས། དགུང་ལོ་ལྔ་བཅུ་ལ་ཁམས་སུ་བཞུད། ཟླ་སྟོད་ཀྱི་མཁར་སེར་དུ་ལོ་གཉིས་བཞུགས། སྐལ་ལྡན་འགའ་རེ་ལ་ཕན་ཐོགས། སློབ་དཔོན་སྒོམ་པ་ལ་འབུལ་བ་ཡང་བསྐུར། ཏྲེ་བཞུད་ལོ་གཉིས་བཞུགས། སྐལ་ལྡན་འགའི་དོན་མཛད། དགུང་ལོ་ལྔ་བཅུ་རྩ་ལྔ་ལ་ཀམ་པོ་གནས་ནང་དུ་བྱོན། འགྲོ་བ་མང་པོ་ལ་ཕན་ཐོགས། སྒོམ་ཆེན་རྟོགས་ལྡན་མང་པོ་བྱུང་། དག་སྣང་ངོ་མཚར་ཅན་ཡང་མང་པོའང་གཟིགས། གཞན་སྣང་ངོ་མཚར་ཅན་མང་པོ་ཡང་བྱུང་། ལོ་ལྔ་ན་ཇ་མཛོ་ལྔ་བཅུ་ལ་སོགས་པའི་འབུལ་བ་གདན་སར་བསྐུར། དགུང་ལོ་དྲུག་བཅུ་རྩ་བདུན་ལ་སྐུ་ཁམས་དྲག་ཏུ་བསྙུས་བ་ལ། ཉེ་གནས་ཀུན་ཀྱིས་གྲ་པ་ཐམས་ཅད་བསྡུས་ནས། བླ་མ་ནི་གཤེགས་དོགས་ཡོད་པར་འདུག ད་ཅི་བྱ་ཟེར་བ་ལ་དགེ་འདུན་གྲོས་བྱས་ནས་བླ་མ་སྟག་དེའུ་བ་དང་གྲ་པ་རྒན་པོ་བཅུ་ཞུ་བ་ཕུལ་བས། རིན་པོ་ཆེའི་སྐུ་བསྙུང་ནད་འདི་ལ་གྲ་པས་རིམ་འགྲོ་ཅི་བྱས་ཀྱང་སྨན་བར་མ་བྱུང་བས། ད་བླ་མ་ཉིད་ཀྱིས་ཚོགས་སོག་གཅིག་མཛད་པར་ཞུ་ཞེས་ཞུས་པས། རིན་པོ་ཆེའི་ཞལ་ནས། ཁྱེད་ཀྱིས་ང་འཆི་བསམས་སྟེ། ང་ད་ལྟ་མི་འཆི། བླ་མ་མི་ལའི་སྐུ་ཚེ་ཙམ་གཅིག་ཐུབ་བསམ་བ་ཡིན། དེ་ལ་རྐྱེན་གློ་བུར་པ་ཡང་མི་འོང་སྙམ་པ་ཡིན། ཚོགས་སོག་ནི་བྱས་པས་ཆོག །གསུངས་ནས་གདན་སར་གཡུ་བདུན་བསྔོས་པ་ལ་སོགས་ཏེ་ཚོགས་སོགས་བྱས་པས་སྐུ་ཁམས་ཀྱང་དེ་རང་ནས་བདེ་བར་གྱུར་ཏོ། །དེ་ནས་དབུས་སུ་བཞུད་པར་དགོངས་པ་ལ། དགེ་འདུན་ཀུན་ཞུ་བ་དྲག་པས་ལོ་མང་དུ་འགོར་རོ། །སྐ་བྲག་གི་དགེ་བཤེས་ཚུལ་ཁྲིམས་མཆོག་གིས་བཙུན་པ་གཅིག་ལ་འཕྲན་ཡིག་གཉིས་བསྐུར། ཁོང་གི་འཕྲིན་ཡིག་ལ། བླ་མ་ཐང་གཅིག་ཏྲེར་བྱོན་ང་དང་ནི་མཇལ་སྟེ་མི་འོང་སྟེ། ཅིས་ཀྱང་འབྱོན་བར་ཞུ་ཟེར་བ་དང་གཅིག །ཨ་ཙ་ར་གཅིག་རྒྱ་གར་ནས་མར་སོང་བ་གཅིག་དང་ཏོང་ཀུན་ནས་ཤར་རྒྱར་ཡར་འོངས་པས་རྒྱ་ཡིག་གཅིག་བཟུངས་ནས་འདི་བླ་མ་དེ་ལ་གཏོད་ཟེར་བ་གཅིག་དང་གཉིས་བཟུངས་ནས་བྱུང་། རྒྱ་ཡིག་འདི་ཡི་དོན་ངས་ཤེས་གསུངས། དེ་ནས་བཞུད་ཆེས་མཛད་པ་ལ་དགེ་འདུན་གྱི་ཅི་ལྟར་བཤོལ་བཏབས་ཀྱང་མ་གནངས་ནས་དགུང་ལོ་བདུན་ཅུ་རྩ་བཞི་ལ་འབྲི་ཀླུང་ན་ཡར་བྱོན། ལྟོང་དགྲར་དབྱར་བཞུགས། འབྲི་དམ་པ་ཆོས་ཕྱུག་གི་དགེ་འདུན་ཐམས་ཅད་དེར་བྱོན། སྨིན་གྲོལ་གྱི་ལམ་ལ་བཀོད། དེ་ནས་ཏྲེར་བྱོན་པ་རང་གིས་འཁྲུག་པ་ཐམས་ཅད་ངོ་བོ་ཉིད་ཀྱི་ཞི་ནས་ཡུལ་མི་ཐམས་ཅད་བདེ་བར་གྱུར་ཏོ། །དགེ་བཤེས་ཚུལ་ཁྲིམས་མཆོག་འདས་ཟིན་ནས་མ་མཇལ། ཏྲེར་ལོ་གཉིས་བཞུགས་འགྲོ་བ་མང་པོ་ལ་ཕན་ཐོགས། གདན་སར་གཡུ་ཆེན་བདུན་ཇ་སུམ་ཅུའི་འབུལ་བ་བསྐུར། དེ་ནས་འབྲི་ཀློང་གི་ཅེ་བར་བྱོན་ནས་བཞུགས། གདུལ་བྱ་ཐམས་ཅད་དེར་འཚོགས། རབ་ཏུ་བྱུང་བ་སྟོང་རེ་ཙམ་བྱུང་བ་སྨིན་གྲོལ་གྱི་ལམ་ལ་བཀོད། ཟླ་སྨད་དུ་བྱོན་ནས་སླེབ་ཏུ་ཀར་མར་དགོན་པ་མཛད། འགྲོ་བ་མང་པོ་ལ་ཕན་ཐོགས། གདུལ་བྱ་ཐམས་ཅད་སྨིན་པར་མཛད། མི་མཐུན་བ་རྣམས་བསྡུམས། བཙོན་ཐམས་ཅད་བཀྲོལ། གསེར་འབུམ་གཅིག་དང་གཡུ་དངུལ་འགའ་གདན་སར་འབུལ་བ་བསྐུར། དེ་ནས་འགྲོ་དོན་མཛད་ཅིང་ལྷོ་རྒྱུད་དུ་ཤུལ་ཕྱུངས་ནས། དབུས་སུ་བྱོན་ནས། གདན་སར་གསེར་འབུམ་ཚར་བཞི། མདོ་མང་ཚར་གཅིག །སྤྱིར་གསེར་གྱི་གླེགས་བམ་བརྒྱ་དང་བཅུ། གཡུ་ཆེན་བཅུ། མཛོ་རྟ་ལྔ་བཅུ་ལ་སོགས་པའི་འབུལ་བ་བྱས། ཇོ་བོ་ཡི་གེ་དྲུག་པ་དང་། ཇོ་བོ་ཤཱཀྱ་རྣམ་གཉིས་ཀྱིས་དབུ་མཛད་པའི་དབུས་རྩང་གི་སྡེ་དགོན་རྣམས་ལ། རྟ་བདུན་ཅུ་སྤྱིར་སྣ་ཆེན་བརྒྱ་ལྷག་གི་ཚོགས་སོགས་མཛད། དེ་ནས་སྟོད་ལུང་མཚུར་ཕུར་གདན་ས་ཕབས། མཚལ་པ་དང་རྒ་བར་དང་འཁྲུགས་པ་ཐམས་ཅད་བསྡུམས། ཡུལ་མི་རྣམས་བདེ་བར་བྱས། བོད་ཡུལ་ཡི་གདུལ་བྱ་མ་ལུས་པ་དེར་འཚོགས་ཏེ་ཐམས་ཅད་སྨིན་པ་དང་གྲོལ་བར་མཛད་དོ། །རིན་པོ་ཆེའི་རྣམ་པར་ཐར་པ་བསྡུས་པ་ལས། ཅི་ལྟར་དཀའ་བ་སྤྱད་ཅིང་། མཁའ་འགྲོ་མས་འཚོ་བ་དྲངས་པ་དང་། མཛད་པ་མཐར་ཕྱིན་པའི་ལེའུ་སྟེ་དང་པོའོ།། ༈ །།ན་མོ་གུ་རུ། རྗེ་རིན་བོ་ཆེས་ཐོག་མར་སྒམ་པོར་བྱོན་བ་དང་། ཤ་བ་གླིང་པའི་སྤྱན་སྔར་སློབ་དཔོན་སྒོམ་པ་དང་མཇལ་དུས་སུ། སྒྲོལ་མ་དཀར་མོ་གཅིག་ཏུ་གཟིགས། དེ་བླ་མ་གོང་མས་མཁྱེན་ནས་ཚུལ་སྙིང་བསྐྱེད་རིམ་ལ་བརྟན་བ་ཡིན་གསུངས། དེ་ནས་ཆོས་རྗེ་ལ་ཟབ་མོའི་དབང་བསྐུར་ཞུས་དུས་སུ། དགྱེས་མཛད་རྡོ་རྗེ་བརྗིད་པའི་སྐུ་ཉིད་འོད་ཀྱི་ར་བར་བཞུགས་པ་གཅིག་ཏུ་གཟིགས་གསུངས། ཡང་གྲོགས་མཆེད་བཞི་ཡིས་སློབ་དཔོན་སྒོམ་པ་ལ་དབང་བསྐུར་ཞུས་དུས་ན། སློབ་དཔོན་ལ་གྲོགས་མཆེད་མཐོང་སྣང་མཐུན་པར་ཧེ་རུ་ཀར་གཟིགས་ནས་བླ་མ་ལ་ཞུས་པས། ཧེ་རུ་ཀ་ནི་ང་ཉིད་ཡིན་གསུངས། སློབ་དཔོན་སྒོམ་པ་ལ་གཟིགས་པ་དྲུག །དགྱེས་རྡོར་དུ་གཟིགས་པ་དང་། རྣལ་འབྱོར་མ་དང་། འོད་ཕུང་གཅིག་ཏུ་གཟིགས་གསུངས། རིན་པོ་ཆེ་གྲུ་བཞི་དགོན་པ་ན་བཞུགས་དུས་སུ། ཆོས་རྗེ་སྐུ་ཡལ་བ་ཐོས་ནས་བཞུད་པས་ཕོ་རོག་རྫོང་ཆུང་དགོན་པར། སློབ་དཔོན་སྒོམ་པ་དང་སློབ་དཔོན་འཕགས་པ་རྣམ་གཉིས་དང་མཇལ་ནས། སློབ་དཔོན་སྒོམ་པའི་ན་བཟའ་ལ་འཇུས་ནས། སྤྱན་ཆབ་བྱུང་བ་ལ་རྗེ་བཙུན་གོང་མས་ཁོང་གི་གདུང་བ་བསལ་བའི་ཕྱིར། འཇའ་ཚོན་གྱི་རྣམ་པར་ནམ་མཁའ་ལ་གཟུགས་སྐུར་ཝལ་གྱིས་བྱོན་པར་དཔོན་སློབ་གསུམ་ཀས་མཐོང་སྣང་མཐུན་ནས། ཕྱག་འཚལ་བ་དང་དེ་ཉིད་དུ་ཡལ་གསུངས། གནས་ནང་ན་བཞུགས་དུས་སུ། བདེ་ཆུང་སངས་རྒྱས་ཟེར་བའི་སློབ་མ་གཅིག་ལྷོ་སྟོད་དེ་ན་ལྡོམ་བུ་ལ་སོང་བས། དྭགས་ལ་སྒམ་པོར་བླ་མའི་གདན་ས་ཞིག་ཟེར་བ་ཐོས་ནས་བྱུང་བ་ལ། རིན་པོ་ཆེས་དགོངས་པ་མཛད་ནས་གཟིགས་པས། དང་པོར་དྭགས་པོ་གསལ་བར་བྱུང་། དེ་ནས་བལ་ཡུལ་གསལ། དེ་ནས་སྟེང་འོག་ཐམས་ཅད་གསལ་བས། སངས་རྒྱས་ཀྱི་ཞིང་ཁམས་མང་པོ་གཟིགས་པས། རིན་པོ་ཆེའི་ཞལ་ནས་གདན་ས་ཞིག་པ་མི་བདེན་པར་འདུག་གསུངས། ཅི་ཙུག་ལགས་ཞུས་པས། ངས་ད་ལྟར་བལྟས་པས་མཐོང་གསུངས་ནས་ཁོང་གིས་དེ་ལྟར་གསུང་ངོ་། །ཡང་གནས་ནང་ན་བཞུགས་དུས་སུ། །ཁྱིའི་ལོ་འདས་མཆོད་ཀྱི་རྟིང་ལ། ནམ་མཁའ་ལ་ཤཱཀྱ་ཐུབ་པ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པའི་ཞལ་གཟིགས། ཁྱད་པར་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དབུ་སྟོང་སྤྱན་སྟོང་མ་དཔའ་མོ་སུམ་ཅུ་རྩ་དྲུག་གིས་བསྐོར་བ་གཟིགས་པའི་ཞལ་ནས། འདི་ན་ཧེ་རུ་ཀ་དཔལ་རྒྱུ། །སེམས་ནི་དྲི་མ་མེད་པར་འདོད། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བྱུང་བ་ཡིན། །ཅེས་གསུངས་བ་གསན་སྐད། གནས་ནང་ན་བཞུགས་དུས་སུ། སྟོན་ཟླ་ར་བའི་ཉ་ལ་བླ་མའི་འདས་མཆོད་བྱེད་དུས་སུ། ཕྱེད་ཡོལ་ན། ནམ་མཁའ་ལ་འཇའ་ཚོན་གདུགས་དང་། དཀྱིལ་འཁོར་འདྲ་བ་མང་པོ་བྱུང་བའི་ནང་དུ། བླ་མ་ལྷ་རྗེ་དང་། ཉེ་གནས་ལེགས་མཛེས་གྲགས་མཛེས་གཉིས་དང་གཙོ་འཁོར་དུ་བཞུགས་ནས། བླ་མའི་ཞལ་ནས། བུ་གཉིས་སུ་མེད་པ་ལྟ་བའི་དོན། །ཡེངས་པ་མེད་པ་བསྒོམ་བའི་དོན། །ཟུང་དུ་འཇུག་པ་སྤྱོད་པའི་དོན། །དེ་གསུམ་དབྱེར་མེད་འབྲས་བུའི་དོན། །ཅེས་གསུངས་སྐད། ཡང་བླ་མ་རང་གི་སྐུ་འབག་གཅིག་དང་། དགྱེས་རྡོར་གྱི་སྐུ་འབག་གཅིག་དང་། རབས་གནས་ཞུས་པ་ལ། རྟེན་འབྲེལ་བཟློ་བའི་སྐབས་སུ་སྒྲོལ་མའི་བསྟོད་པ་གྱིས་གསུངས། ཕྱིས་ཅི་ལྟར་ལགས་ཞུས་པ་ལ། སྒྲོལ་མ་ལྷ་སྐུ་གཉིས་བྱོན་ནས་ཐང་ཀ་གཉིས་ལ་ཐིམ་གསུངས། ཡང་ཡོན་བདག་སྐྱ་དགོན་པ་ལྷ་གང་གི་རབ་གནས་ཞུས་ལ་བཞུད་པའི་ལམ་དུ། དཔལ་ལྡན་མ་ཞལ་གཟིགས་རབ་གནས་མཛད་དུས་སུ། ནམ་མཁའ་ལ་དྷ་མ་རུ་དང་ཨ་ལི་ཀ་ལི་ཡི་སྒྲ་གསན། ཡར་བལྟས་པས་ནམ་མཁའ་ལ་ལྷ་ཚོགས་དཔག་ཏུ་མེད་པའི་ཞལ་གཟིགས་ཏེ་སྒྲ་གསན་པ་ནི། ལྟ་བསྒོམ་ནམ་མཁའ་ཆུ་དང་མཚུངས། །སྤྱོད་པ་དགག་མེད་བསྒྲུབ་ཏུ་མེད། །དེ་གསུམ་དབྱེར་མེད་གཉུག་མ་ཡིན། །ཀུན་རྫོབ་པི་ཝང་སྒྲ་དང་མཚུངས། །དེ་དོན་དེ་ཉིད་དབྱེར་མེད་ཡིན། །ཅེས་གསུངས་པ་གསན་སྐད། ཡང་ཡུལ་དེར་དགྱེས་རྡོར་གྱི་རྐང་བརྒྱད་ཀྱི་བསྟོད་པ་གཅིག་དང་བར་དོ་ཡི་གདམས་པ་གསན་གསུངས། ཡང་གནས་ནང་ན་བཞུགས་དུས་སུ། གངས་རི་ཆེན་པོ་གཅིག་གི་སྟེངས་ན་སྤྲིན་ནག་པོ་གཅིག་བྱུང་བའི་ནང་ན་གྲི་གུག་དཔག་ཏུ་མེད་པ་འཚུབ་པའི་ནང་དུ། ཆོས་སྐྱོང་མགོན་པོ་ཞལ་གཟིགས་གསུངས། སྤྱིར་ལྷ་ཚོགས་ཅི་ཙམ་གཟིགས་ཞུས་པ་ལ། འདི་ཙམ་ཡི་གྲངས་མེད་དེ། འོན་ཀྱང་སངས་རྒྱས་སུམ་ཅུ་རྩ་ལྔ་འོད་ཟེར་ཅན་དང་། ཁྲོས་མ་ནག་མོ། དགྱེས་རྡོར་ཀྱི་དཀྱིལ་འཁོར། བདེ་མཆོག་གི་དཀྱིལ་འཁོར། གསང་འདུས་ཀྱི་དཀྱིལ་འཁོར། སྒྲ་ནག་གི་ལྷ་ཚོགས། འཇིག་བྱེད་ཀྱི་ལྷ་ཚོགས། ཚོགས་འཁོར་གཅིག་གི་དུས་སུ་ཡང་། སྒྱུ་མ་ཆེན་མོ་ལྔ། རྗེ་བཙུན་མ་ལྷ་ལྔ། འདིར་སྒྲོལ་མ་དཀར་མོ་དང་། གནས་ནང་ན་བཞུགས་དུས་སུ། མི་གཡོ་བ་དང་བདག་མེད་མ་ཞལ་སྦྱོར་དང་། མི་གཡོ་བ་ལ་སྒྲོལ་མ་སྔོན་མོས་ཡུམ་བྱས་པ་གཟིགས། དགྱེས་རྡོར་ལྷན་སྐྱེས། གྲུ་བཞིར་བདེ་མཆོག་ལྷན་སྐྱེས། པོམ་ཕུག་རུ་བདུད་རྩི་འཁྱིལ་པ་ལྷ་རྒུའི་དཀྱིལ་འཁོར་ལ། བདག་མེད་མས་ཡུམ་བྱས་པ་ཞལ་གཟིགས། ཡང་དུས་ཚོད་གཅིག་ཏུ་ལྷོ་ཕྱོགས་དཔལ་ཀྱི་རི་ཨི་ཁ་ལ། རྡོ་རྗེ་རྣལ་སྦྱོར་མ་གཅེར་བུར་འདུག་པ། སྐྲ་གྲོལ་བ། བདེ་བའི་ཉམས་དང་ལྡན་པ། ཐོད་པ་དང་གྲི་གུག་བསྣམས་པ། ཕྱག་གཡོན་པའི་གྲུ་མོའི་ནང་དུ་ཞབས་གཡས་པ་བཅུག་པ། རྒྱན་མེད་པ་གཅིག་གཟིགས་གསུངས། ཡང་དུས་ཚོད་གཅིག་ཏུ་ནམ་མཁའ་ལ་ཨ་ལི་ཀ་ལི་མང་པོ་བྱུང་དེའི་རྗེས་ལ་བདག་མེད་མ་ལྷ་མོ་བཅོ་ལྔའི་ཞལ་གཟིགས། ཡང་ནམ་མཁའ་ལ་རིན་པོ་ཆེ་སིང་ག་གླིང་གི་དུར་ཁྲོད་དུ་བྱོན་པས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང་མཇལ་ནས་གསོལ་བ་ཐོབ་གསུངས། ཡང་འདས་མཆོད་ཀྱི་རྟིང་ལ་རིན་པོ་ཆེ་ཉིད་རྡོ་རྗེ་གདན་གྱི་བྱང་ཕྱོགས་མ་ཧེ་རྒྱུ་བའི་ཚལ་ན་སློབ་དཔོན་སྒོམ་པ་དང་མཇལ། སློབ་དཔོན་ཀྱི་ཞལ་ནས། ཁྱོད་འདིར་འོང་བའི་ནུས་པ་ཡོད་གསན་ཨམ་གསུངས་ནས། གདམས་ངག་དང་བླའོ་མང་དུ་གསན་གསུང་། རྗེ་བཙུན་གྱི་ཞལ་ནས་ཀྱང་དུས་ཚོད་གཅིག་དུས་མི་མཚུངས་པའི་སྔོན་གྱི་བྲམ་ཟེ་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པ་འགའ་དང་། བླ་མ་མི་ལ་དང་། བླ་མ་ལྷ་རྗེ་ལ་སོགས་པའི་བརྒྱུད་པའི་བླ་མ་འགའ། དེ་ལ་སོགས་ཏེ་གྲུབ་ཐོབ་གོང་མ་རྣམས་དང་མཇལ་བ་དང་། ལྷ་ཚོགས་དཔག་ཏུ་མེད་པའི་ཞལ་གཟིགས་པ་ནི་བརྗོད་ཀྱིས་མི་ལངས་པའོ། །རིན་པོ་ཆེའི་རྣམ་པར་ཐར་པ་མདོར་བསྡུས་པ་ལས། དག་སྣང་གི་ལེའུ་སྟེ་གཉིས་པའོ།། ༈ །།ན་མོ་གུ་རུ། རིན་པོ་ཆེ་སྒམ་པོར་བཞུགས་དུས་སུ། རྨང་ལམ་འབྱོངས་པས་ཆོས་ཐམས་ཅད་སྒྱུ་མའི་རྨི་ལམ་ཙམ་དུ་གཟིགས། དེའི་དུས་སུ་རྨང་ལམ་དུ་བླ་མ་ལྷ་རྗེ་བྱོན་ཏེ། བླ་མའི་ཞལ་ནས་ཁྱོད་མངོན་དགའི་འཕོ་བ་གྱིས་གསུངས། དེ་ཚེ་རིན་པོ་ཆེས་དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་སྒྱུ་མ་ཙམ་དུ་ནམ་མཁའ་ལ་སྤྲུལ་ནས་བླ་མ་ཉིད་ཀྱང་དགྱེས་རྡོར་ལྷ་དགུ་བྱས་ནས་ནམ་མཁའ་ལ་སྤྲུལ་པའི་ཐུགས་ཀར་ཐིམ་བར་བྱས། ཙོའུ་རི་ལ་སོགས་ལྷ་མོ་བརྒྱད་ཀྱང་ཛ་ཞེས་བརྗོད་པས་བདག་ལ་བསྡུས་ནས་ནམ་མཁའ་ལ་ཡལ་བར་བྱས་པས། བླ་མ་ལྷ་རྗེ་དགྱེས་ནས། མཐུན་འགྱུར་གནང་གསུངས། ཡང་དུས་ཚོད་གཅིག་ཏུ་རིན་པོ་ཆེ་རྨང་ལམ་དུ་ཁ་ཆེའི་གྲོང་ཁྱེར་ཏྲིག་བརྟན་གཟིགས་པར་བཞེད་ནས་སྐུ་བརྒྱ་སྟོང་དུ་མར་སྤྲུལ་ནས་ངང་པ་སེང་གེའི་ཁྲི་ལ་བཞུགས་ནས། ཏྲིག་བརྟན་གྱི་སྟེང་དུ་བྱོན་པའི་ཚེ། ཤོད་ནས་སྐྱེ་བ་མེད་པའི་སྒྲ་སྙན་ལྷང་ལྷང་བརྗོད་པ་ཐོས་གསུངས། ཡང་རྨང་ལམ་དུ་ལན་གཅིག་ཏོང་ཀུན་ལྟ་བར་འདོད་པ་དང་སིང་ཚང་མཁར་དུ་སླེབས་ཙམ་ན། དགེ་བཤེས་ཤེས་རབ་བླ་མ་ཕྱུག་པོའི་བུར་སྐྱེས་པས་ངོ་ཤེས་སམ་མི་ཤེས་སྙམ་ཙམ་ན། ཁོ་དགོད་པ་དང་དགའ་བའི་རྟགས་ཤེས་པར་འདུག་གསུངས། ཡང་རྨང་ལམ་དུ་བྲག་རྩེགས་མ་བརྒྱའི་ཁ་ལ་བླ་མ་བདེ་བའམ་ཉམས་ཀྱིས་བཞུགས་པའི་ཚེ། མཁའ་འགྲོ་མ་རུས་པའི་རྒྱན་ཅན་བརྒྱད་ཀྱིས་མེ་ཏོག་གི་འཕྲེང་བ་ཕྱག་ཏུ་ཕུལ་བས་རིན་པོ་ཆེ་ནམ་མཁའ་ལ་གཏོར་བས། རིན་པོ་ཆེ་པད་བརྩེགས་ཁམ་པར་གྱུར་གསུངས། དེར་འཕུར་ནས་རྟ་དང་སེང་གེ་སྤྲུལ་ནས་ཞོན་ཏེ་ཕྱིན་གསུངས། ཡང་རིན་པོ་ཆེ་བྱང་ལམ་ན་མར་བྱོན་དུས་སུ། ནུབ་གཅིག་གི་རྨང་ལམ་ན་བུད་མེད་ཚོན་མོ་གཅིག་གི་རོ་སྙེད་ནས། བཤས་པ་ལ། རྩིབ་ཙ་ན་དྷ་མ་རུ་མང་པོ་བྱུང་བ་སྒྲ་རང་གྲག་ཏུ་ནམ་མཁའ་ལ་ཐལ་བའི་ཟླ་ལ་རིན་པོ་ཆེ་བཞུད་པས་ཨུ་རྒྱན་དུ་བྱོན་པ་ལ། བུད་མེད་ཅིག་གིས་འདི་ཡན་ཆད་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མའི་གླིང་ཡིན། འདི་མན་ཆད་ནི་འཇིག་རྟེན་གྱི་མཁའ་འགྲོ་མའི་གླིང་ཡིན་ཟེར་ནས་རྗེས་སུ་བསྟན་པའི་གདམ་ངག་གསན་གསུངས། གྲུ་བཞིར་སྦྲུལ་ཆེན་པོ་གཅིག་གིས་མིད་པ་རྨིས་གསུངས། །ཕག་རི་ཁར་ཐོག་བབས་པ་སྡིག་འཛུབ་བྱས་པས་བཟློགས། །ཀམ་པོར་གཟའ་ར་ཧུ་ལ་ཕར་འདྲིམ་བ་བཟློགས། །གནས་ནང་ན་རྨང་ལམ་དུ་རྒྱ་གར་གྱི་རི་བྱ་སྐྱིབས་ན་བླ་མ་ལྷ་རྗེ་ཐུགས་དམ་མཛད་ཅིང་བཞུགས་པ་དང་མཇལ་ནས་བླ་མ་བརྫུས་སྐྱེས་ལགས་སམ་ཞུས་པས་བརྫུས་སྐྱེས་ཡིན་གསུངས། སློབ་དཔོན་ཡོད་དམ་མེད་ཞུས་པས། གཉུག་མ་རྒྱུན་ཆད་མེད་པ་ལ་སློབ་དཔོན་མི་དགོས་གསུངས། དེ་ནས་ཆོས་ཞུས་པ་ལ། སྐྱེས་པའི་ཡུལ་དེ་ཡང་ན་ཆག་སྡང་བྲལ་བར་ངེས། ཚུལ་ཁྲིམས་དོན་དང་ལྡན་ན་བདེ་འགྲོ་ཐོབ་པར་ངེས། ཐབ་ལ་ནན་ཏན་བྱས་ན་ལམ་དེ་ཆོད་པར་ངེས། མ་བཅོས་རང་སར་བཞག་ན་དོན་དེ་རྟོགས་པར་ངེས། ཅེས་གསུངས་སྐད། ཡང་རྨང་ལམ་ན་དཀའ་ཐུབ་སྐུ་ཤ་དཀར་པོ་གཅིག་བྱུང་ནས། སངས་རྒྱས་ལ་ཆོས་ཉན་ཨི་འོང་ཟེར་བ་ལ། མར་མེ་མཛད་དང་ཤཱཀྱ་ཐུབ་པ་ནི་མི་བཞུགས་དགོངས་ནས། བྱམས་པ་ཡིན་ནམ་བྱས་པ་ལ་ཡིན་ཟེར། ཉི་མའི་འོད་ཟེར་གཅིག་བྱུང་བའི་སྟེང་ན་བཞུད་པས་དགའ་ལྡན་དུ་བྱོན། བྱམས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་བྱད་དུ་བཞུགས་ནས། དགེ་སློང་སྐུ་མདོག་དཀར་པོ་མང་པོ་ལ་ཆོས་གསུང་ཞིང་འདུག །ཁོང་གིས་ཀྱང་ཉན་པ་ལ། འདི་ལ་གསལ་བ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལ་སོགས་པ་ཟབ་དོན་མང་པོ་གསན་སྐད། གྲོགས་པོ་རྣམས་ལ་ཁྱེད་ཀྱི་ཅིར་གོ་བྱས་ཙམ་ན། སྐྱེ་བ་མེད་པར་གོ་ཟེར། ངས་ཀྱང་དེར་གོ་གསུངས་སྐད། །ཡང་མཚུར་ཕུ་ན་ནུབ་གཅིག་གི་ལམ་དུ་ནུབ་ཕྱོགས་སུ་ཕར་བཞུད་པ་ལ། འཇའ་ཚོན་གྱི་གུར་ཁང་གི་ནང་དུ། ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ་བཞུགས་ནས་སྣང་བས། སྨན་གྱི་རི་ལུ་མང་པོ་བྱིན་ན་འདི་ཀུན་གཞན་ལ་བྱིན་དང་ཕན་ཟེར་བ་རྨིས་གསུངས། ཡང་གནས་ནང་ན་བཞུགས་དུས་སུ། ནུབ་གཅིག་གི་རྨང་ལམ་དུ། འཇའ་ཚོན་གྱི་ནང་དུ་པད་མའི་སྟེང་དུ། རིན་པོ་ཆེ་དགྱེས་རྡོར་ཡབ་ཡུམ་དུ་བཞུགས་པ་ལ། ཕྱོགས་བརྒྱད་ནས་དགྱེས་རྡོར་ཀྱི་ལྷ་མོ་བརྒྱད་ཀྱིས་པིང་ཝང་སྦྲེང་བའི་ཟླ་ལ། ནུབ་ཀྱི་ཕྱོགས་ན་བདེ་བ་ཆེ་ཞེས་སྤྱན་འདྲེན་དུ་ཞུ་ཕུལ། འཆི་རྟགས་ཡིན་ཏེ་ཟློག་པ་ལ་ཚེགས་མ་བྱུང་གསུངས། པོམ་ཕུག་ཏུ་བཞུགས་དུས་སུ་རྨང་ལམ་དུ་རྒྱ་གར་ནས་མཁའ་འགྲོ་མས་ཤིང་རྟ་ཁྱེར་ནས་བསུ་བ་ལ་བྱུང་གསུངས། ལན་གཅིག་བལ་ཡུལ་དུ་བཞུད་པར་འདོད་ཚེ། དགྱེས་རྡོར་གྱི་ལྷ་མོ་བརྒྱད་ཀྱིས་ཁྱོད་ད་རུང་མ་འགྲོ་ཞེས་ཕྱོགས་ཐམས་ཅད་ནས་སྤྱན་ཕྱེ་ཡང་སྣང་གསུངས། རིན་པོ་ཆེ་གནས་ནང་ན་བཞུགས་དུས་སུ། ལག་སོར་གྱི་ཉ་ལ་བླ་མའི་མཆོད་པ་བྱས། སྲོད་ལ་བླ་མ་ལ་གསོལ་བ་བཏབས་པ་ལ། ཐོ་རངས་རྨང་ལམ་དུ་བླ་མ་ལྷ་རྗེ་བྱོན་ནས་ཆོས་གསུངས་པ་མགུར་དུ་བཞེངས་པ་ནི། ཁ་ཙང་ལག་སོར་ཉ་དུས་སུ། །རྗེའི་ཐུགས་དགོངས་རྫོགས་པའི་ཕྱིར། །གསུང་ལ་མཆོད་པ་བྱེད་དུས་སུ། །སྲོད་ལ་རྗེ་ལ་གསོལ་བ་བཏབས། །ཐོ་རངས་གཉིད་ཀྱི་རྨང་ལམ་དུ། །རྗེ་བཙུན་མདུན་དུ་བྱོན་པ་བསམ། །རྗེ་ཡི་ཞལ་ནས་འདི་སྐད་གསུངས། །རིག་པ་མཐའ་བྲལ་ལྟ་བར་གོ །གཉུག་མ་འགྱུར་མེད་སྒོམ་པར་གོ །ཆགས་མེད་རྒྱུད་ཞི་སྤྱོད་པར་གོ །དེ་གསུམ་དབྱེར་མེད་འབྲས་བུར་གོ །དེ་རང་དོན་ཆོས་སྐུ་ཡིན་བར་གོ །དེ་གཞན་དོན་འཕྲིན་ལས་འདི་ལྟར་མཛོད། །ཞེན་པ་མེད་པའི་སྦྱིན་པ་ཐོང་། །གནོད་པ་མེད་པར་ཚུལ་ཁྲིམས་སྲུངས། །ཁོང་ཁྲོ་མེད་པར་བཟོད་པ་བསྒོམ། །སྙོམ་ལས་མེད་པར་བརྩོན་འགྲུས་རྩོམས། །ཡེངས་བ་མེད་པར་བསམ་གཏན་སྒོམ། །བདེ་ཆེན་སྤྲོས་བྲལ་ཤེས་རབ་བསྐྱེད། །དེ་དྲུག་འགྲོ་བའི་དོན་དུ་བསྔོ། །ཅེས་གསན་གསུངས། ༈ མཚུར་ཕུ་ན་བཞུགས་དུས་སུ། ནུབ་གཅིག་གི་རྨང་ལམ་ན། ཁ་ཆེའི་གྲོང་ཁྱེར་དུ་རིག་གི་ཞབས་ན་རྒྱ་གར་གྱི་མཐའ་འཁོབས་གཅིག་ཏུ་བྱོན་པ་ལ། རྣལ་འབྱོར་པ་དཔོན་གཡོག་གཉིས་དང་མཇལ་ནས། བླ་མས་ཁྱེད་སུ་ལགས་དྲིས་པས། ཨིན་ཏྲ་བོད་དེ་ཡིན་གསུངས། རིན་པོ་ཆེས་ཆོས་ཞུས་པས། རྗེ་བཙུན་མ་ཨུ་རྒྱན་མའི་བསྒྲུབ་ཐབས་གསུངས། གཞན་ཟབ་པ་གཅིག་ཀྱང་ཞུ་བྱས་པས། རྗེ་བཙུན་མ་ཞལ་བཞི་ཕྱག་བཅུ་གཉིས་མའི་བསྒྲུབ་ཐབས་ལས་ཁ་ཚར་དང་བཅས་པ་གསན་གསུངས། ཕྱིས་མདོ་བོར་བྱི་བ་ལོའི་ཚེས་གསུམ་ཀྱི་ནུབ་མོ་ནམ་མཁའ་ལ། འཇའ་ཚོན་གྱི་ནང་ན་བུ་མེད་གོས་དང་ཐོད་དམར་པོ་ཕྱག་རྒྱ་ལྔས་བརྒྱན་པ་འཁོར་བཞིས་བསྐོར་བ་གཅིག་ན་རེ། ཟབ་མོའི་དོན་གར་དག་དགར་མ་བཤད་གསུངས། །ཕྱིས་ཞོ་བྲང་གི་གནས་ཚེས་ཉི་ཤུ་ལ་ཆོས་འདི་ཡི་བྱིན་རླབས་མཛད་པའི་ནུབ་མོ་བྲག་དམར་པོའི་ཤིང་གི་གསེབ་ན། སྔར་གྱི་བུ་མེད་ལྔ་པོ་ཁྲོས་ནས་འདུག ཁྱེད་སུ་ཡིན་དྲིས་པ་ལ་ང་ནི་སུ་ཡིན་མི་ཤེས་ན། རྒྱལ་པོའི་ལྕམ་མོ་ལེགས་མོ་ཡིན། ཟབ་མོའི་དོན་གར་དག་དགར་མ་བཤད་གསུངས། །ཡང་གཞུར་ཉི་ཤུ་བརྒྱད་ལ་བླ་མ་ཁམ་ལུང་པ་ལ་བྱིན་རླབས་མཛད་པའི་ནུབ་མོ། སྤྲིན་དཀར་པོའི་ནང་ན་བུད་མེད་ལྔ་ཁྲོ་ཞིང་ཟབ་མོའི་དོན་གར་དག་དགར་མ་བཤད་བྱས་པ་ལ་མི་ཉན་གསུང་ནས་བཞུད་དོ། །ཡང་མཚུར་ཕུ་ན་བཞུགས་དུས་སུ་བྱི་བ་ལོའི་སྦྲུལ་ཟླའི་ཡར་ཚེས་གཅིག་གི་ནུབ་མོ་རྨང་ལམ་དུ། །ལྷོ་ནུབ་ན་གཟིགས་ནས་བཞུགས་ཙམ་ན། བར་སྣང་ན་ཚུར་འབྲུག་གཅིག་གྲག་ནས་བལྟས་པས། འོད་དཔུང་གི་ནང་ནས། རྣལ་འབྱོར་པ་དུར་ཁྲོད་ཀྱི་རྒྱན་ཀྱི་བརྒྱན་པ། ཕྱག་གཡས་པ་ཅང་ཏེའུ་བསྣམས་པ་གཅིག་བཞུགས་ནས། མེ་ཏྲི་བ་ཡིན་གསུངས། དེའི་ཞལ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་སུ་འདུས། ཉོན་མོངས་པ་ཅན་ཀྱི་ཡིད་དང་ལྷན་ཅིག་སྐྱེས་པའི་ཡིད་གཉིས་སུ་འདུས། ཉོན་མོངས་པ་ཅན་ཀྱི་ཡིད་ཀྱང་ལྷན་ཅིག་སྐྱེས་པའི་ཡིད་དུ་འདུས། གསུངས་ནས་འཇའ་བཞིན་དུ་ཡལ་ནས་གཤེགས་གསུང་། །ཡང་སྦྲུལ་ཟླའི་ཉི་ཤུ་གསུམ་གྱི་ནུབ་མོའི་རྨང་ལམ་ན། འོད་དཔུང་ནང་ན་རྣལ་འབྱོར་པ་ཕྱག་གཡས་ན་མདའ་འཛིན་པ་བྱ་བྱེད་ཐམས་ཅད་ཕྱག་གཡོན་པས་བྱེད་པ་གཅིག་གི་ཞལ་ནས། ང་ནི་སུ་ཡིན་མི་ཤེས་ན། ང་ནི་ས་ར་ཧ་པར་གྲགས། འོ་ན་གདམས་ངག་ཞུ་ཞུས་པས། མཐའ་བཞི་དང་བྲལ་ན་ལྟ་བ་ཡིན། །ཡེངས་པ་མེད་ན་བསྒོམས་པ་ཡིན། །དགག་བསྒྲུབ་མེད་ན་སྤྱོད་པ་ཡིན། སྤང་ཐོབ་མེད་ན་འབྲས་བུ་ཡིན། །གསུང་ནས་འཇའ་བཞིན་དུ་ཡལ་ནས་གཤེགས་སུ་གསུངས་སོ། །ཟླ་བ་དེའི་ཉི་ཤུ་གསུམ་གྱི་ནུབ་མོའི་རྨང་ལམ་ན། དྭགས་ལ་སྒམ་པོར་བྱོན་ཙམ་ན། བླ་མ་ཉིད་ཀྱི་ཕྱག་ན་འཇའ་ཚོན་གྱི་སྣེ་མོ་གཅིག་འདུག་པ་དེ་བསྡོག་ཅིང་བཞུད་པས་སྒྲེའུ་འཕྲང་གི་ཡང་དགོན་དུ་བྱོན་ཙ་ན་བླ་མ་ལྷ་རྗེ་དང་མཇལ་ནས། སྔར་གྱི་རྨང་ལམ་རྣམས་བཤད་ཙམ་ན། བླ་མ་ལྷ་རྗེའི་ཞལ་ནས། ཆོས་ཐམས་ཅད་རྨི་ལམ་དང་འཇའ་ཚོན་ཙམ་དུ་གོ་བར་གྱིས། གསུངས་ན་རྣལ་སད་གསུངས། དེ་ལ་སོགས་པའི་རྨང་ལམ་ངོ་མཚར་ཅན་ནི་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ལང་ངོ་། །རིན་པོ་ཆེའི་རྣམ་པར་ཐར་པ་མདོར་བསྡུས་པ་ལ། རྨང་ལམ་གྱི་ལེའུ་སྟེ་གསུམ་པའོ།། ༈ །།ན་མོ་གུ་རུ། བླ་མ་རིན་པོ་ཆེ་ལ། བླ་མ་གོང་མ་རྣམས་འཇིག་རྟེན་གར་སྐྱེས། གདུལ་བྱ་མང་ཉུང་སྤྱོད་པ་ཅི་མཛད་ཞུས་པ་ལ། བླ་མ་མར་པ་ནི་ལྷོ་ཕྱོགས་དཔལ་ཀྱི་རི་ལ་ཉེ་བའི་ཕྲི་ན་ག་རའི་གྲོང་ཁྱེར་ན་པན་ཊི་ཏར་སྐུ་འཁྲུངས། རེས་རྣལ་འབྱོར་པ་ཡང་མཛད་ནས་འགྲོ་བ་མང་པོའི་དོན་མཛད་གསུངས། །བླ་མ་ལྷ་རྗེ་ནི་ཁ་ཆེ་རྒྱ་གར་གཉིས་ཀྱི་བར་ན། རྒྱ་གར་གྱི་ཡུལ་ཀ་རྣ་པ་ན་གྲོང་ཁྱེར་པད་མ་ཅན་དུ། ཞི་བའི་གོ་ཆ་བྱ་བར་མཚན་ཐོགས། རེས་དགེ་སློང་གི་ཆ་བྱད། རེས་རྣལ་འབྱོར་པར་མཛད་ནས་སྤྱོད་པ་དུ་མས་སེམས་ཅན་གྱི་དོན་མཛད་ནས། དེ་ན་སློབ་མ་བཞི་བཅུ་ཙམ་སྐྱེས་ནས་སྣང་གསུངས། བླ་མ་ལྷ་རྗེ་ལ་སྤྲུལ་པ་གསུམ་ཡོད་དེ། སྤྲུལ་པ་གཅིག་ནི་ནུབ་ཕྱོགས་བདེ་བ་བཀོད་པའི་ཞིང་ཁམས་ན། བྱང་ཆུབ་སེམས་དཔའ་དྲི་མེད་གྲགས་པར་མཚན་ཐོགས་པས། སེམས་ཅན་བྱེ་བ་ཙམ་གྱི་འདྲེན་པ་མཛད་གསུངས། ཤར་ཕྱོགས་ཀྱི་འཇིག་རྟེན་ཀྱི་ཁམས་མུ་ཏིག་དྲ་བས་བརྒྱན་པ་ཞེས་བྱ་བ་ན། བྱང་ཆུབ་སེམས་དཔའ་དྲི་མེད་ཟླ་བ་གྲགས་ཞེས་བྱ་བར་མཚན་ཐོགས་པས་སེམས་ཅན་མང་པོའི་དོན་མཛད། གྲོང་ཁྱེར་པད་མ་ཅན་དུ་བླ་མ་ལྷ་རྗེ་སྐུ་དངོས་ཡལ་ནས། རབ་འབྱམས་སྟོང་གི་འཇིག་རྟེན་གྱི་ཁམས་ན། ཨ་ཤོ་ཀ་ཞེས་བྱ་བར་རབ་ཏུ་གྲགས་གསུངས། །སློབ་དཔོན་སྒོམ་པ་དེ་རྒྱ་གར་ནུབ་ཕྱོགས་ན་ཡུལ་ཀོང་ཀ་བྱ་བར་སྐུ་འཁྲུངས། མུ་སྟེགས་ཀྱི་རྒྱལ་པོ་བཏུལ་ནས། སེམས་ཅན་མང་པོ་ལ་ཕན་གསུང་། སློབ་དཔོན་ཤེས་རབ་བྱང་ཆུབ། རི་བོ་བྱ་རྐང་ན་བཞུགས་བསྒྲུབས་པའང་མཛད། སེམས་ཅན་མང་པོ་ལའང་ཕན་ཐོགས། བླ་མ་སྤེན་ཕུག་པ་ལ་སྟོད་གཙང་པོར་སྐུ་འཁྲུངས་དགའ་བ་ཡེ་ཤེས་བྱ་བ་མཚན་ཐོགས། །བླ་མ་དཔལ་ཆེན་པོ་བྱང་ཕྱོགས་ཀྱི་འཇིག་རྟེན་ཀྱི་ཁམས་མུ་ཏིག་དྲ་བས་བརྒྱན་པ་ཞེས་བྱ་བ་ནི། སེམས་ཅན་མང་པོའི་དོན་མཛད། སློབ་དཔོན་ཀྲ་ར་བ་ཅོག་རེའི་འབྲིང་འཚམས་ཀྱི་སྲིབ་རི་ན་སྐུ་འཁྲུངས། ཡེ་ཤེས་འབྱུང་གནས་གྲགས་པར་མཚན་ཐོགས། །སློབ་དཔོན་སྟག་དུར་བ། འཛམ་བུ་གླིང་གི་བྱང་ཕྱོགས་ཟད་པ་ན་གྲོང་ཁྱེར་བདེ་ལྡན་དུ་སྐུ་འཁྲུངས། གྲགས་པ་མཐའ་ཡས་བྱ་བར་མཚན་ཐོགས། སེམས་ཅན་བྱེ་བ་ཙམ་གྱི་དོན་མཛད། སློབ་དཔོན་པ་ཚབ་ལོ་ཙ་བ། གྲོང་ཁྱེར་ཏྲིག་བརྟན་གྱི་ཕ་རོལ་ན། །པན་ཊི་ཏ་རིན་ཆེན་འབྱུང་ལྡན་གྲགས་པར་མཚན་ཐོགས། འགྲོ་བ་མང་པོའི་དོན་མཛད། །བླ་མ་རྫོང་པ་ཁ་ཆེ་དང་ནུབ་ཆེའི་འཚམས་ན་སྐུ་འཁྲུངས། སྔར་གྱི་ཕྱག་རྒྱ་མོ་དང་སྤྱོད་པ་མཛད་ཅིང་སེམས་ཅན་མང་པོའི་དོན་མཛད། །སློབ་དཔོན་ཕྱ་པ་ཁ་ཆེའི་གྲོང་ཁྱེར་ཏྲིག་བརྟན་ན་པཎྜྻི་ཏར་སྐུ་འཁྲུངས། བླ་མ་དངུལ་ཆུ་བ་ཏོང་ཀུན་རྒྱལ་པོའི་བུར་སྐྱེས། རྨང་ལམ་དུ་རི་བོ་རྩེ་ལྔར་ཞལ་མཇལ། དགེ་བཤེས་ཞུ་དོན་མོ་རི་པ་དེ། འཛམ་བུ་གླིང་ཟད་པའི་མཐའ་རི་བོ་ཏ་ལའི་རྩེ་མོ་སྐུར་འཁྲུངས། ཆོས་བརྡའི་སྒོ་ནས་གསུངས། འགྲོ་བ་མང་པོའི་དོན་མཛད། བླ་མ་རས་ཆུང་བ་རྒྱ་གར་བལ་པོའི་བར་ན་སྐུར་འཁྲུངས། མཚན་དར་མ་པུ་ཀར་ཐོགས་ནས་སྤྱོད་པ་སྣ་ཚོགས་མཛད། སློབ་དཔོན་ཤེས་རབ་རྡོ་རྗེ་འཕན་ཡུལ་རང་ན་སྐུ་འཁྲུངས། བཀའ་གདམས་པ་ལ་བརྟེན་གནས་བསྒྲུབ་པ་བྱེད། །སློབ་དཔོན་འཕགས་པ་དེ་བལ་ཡུལ་ཕམ་མཐིང་གི་ཕ་རོལ་ན་སྐུ་འཁྲུངས་ནས། རྣལ་འབྱོར་པར་ཕྱག་རྒྱ་མོ་དང་ལྡོམ་བུ་མཛད། མཁན་པོ་ས་ཕུག་པ་རྒྱ་གར་ཤར་ཕྱོགས་ན། པན་ཊི་ཏར་སྐུ་འཁྲུངས་ནས་འགྲོ་བ་མང་པོ་ལ་ཕན་ཐོགས་གསུངས། བལ་པོའི་ཕ་རོལ་རྒྱ་གར་གྱི་ཚུ་རོལ་གྱི་བྲག་གཅིག་ན། དཔལ་ལྡན་ནག་མོ་ཆེན་མོ་ལ་སོགས་པའི་མ་མོ་དྲུག་ཅུ་རྩ་བཞིའི་སྐུ་རང་བྱུང་ཡོད་པའི་སར་སློབ་དཔོན་པར་མ་ཐང་རེ་འབྱོན་བར་འདུག །དེའི་དགོས་པ་ནི་སློབ་དཔོན་དེར་མ་བྱོན་ན། མ་མོ་ཀུན་ཀྱིས་སེམས་ཅན་ལ་གནོད་པ་བྱེད་པ་ཡིན་པར་འདུག་གསུངས། རིན་པོ་ཆེའི་ཞལ་ནས། བྱང་ཆུབ་སེམས་དཔའ་ཐ་མ ལ་པ་ཡི་ལུས་ཀྱིས་སེམས་ཅན་གཞན་དོན་བྱེད་པ་མཐོང་གསུངས། དེ་ཅི་ཙུག་ལགས་ཞུས་པས། རྒྱལ་ཀྱི་གནས་བརྟན་འདྲེ་ཆུང་བ་དེ། དཔལ་ཕག་ཚང་བའི་སྐྱེ་བ་ཡིན། རྒྱ་ནག་དང་། བལ་པོ་ན་ཡང་། དེའི་སྐྱེ་བ་གཉིས་ཡོད་གསུངས། །མེ་ཉག་གི་རྒྱལ་པོ་ཆེན་པོ་དེ། རྣལ་འབྱོར་པ་མ་ཏང་གི་ཡི་སྐྱེ་བ་ཡིན་གསུངས། རྒྱལ་པོར་སྐྱེ་བའི་དགོས་པ་ཅི་ལགས་ཞུས་པ་ལ། དགོས་པ་ནི་ཡབ་རྒྱལ་པོ་དེ་ལ་ཕན་པ་དང་། རྒྱལ་ཁམས་དེའི་མི་རྣམས་བསོད་ནམས་ཀྱི་ལམ་ལ་བཀོད་པ་དང་། རྒྱལ་པོ་བཙའ་བ་ལ་སོགས་ཏེ། བཙོན་མང་པོ་བཀྲོལ་བ་རྣམས་མ་འོངས་པའི་དུས་སུ་གདུལ་བྱར་དགོངས་པ་ཡིན་པར་འདུག་གསུངས། །ཡང་བླ་མ་ལྷ་རྗེའི་འདས་མཆོད་ཀྱི་དུས་ན། བླ་མ་ལྷ་རྗེའི་སློབ་མ་བཞིས་སེམས་ཅན་གྱི་དོན་རླབས་པོ་ཆེ་བྱས་པ་མཐོང་ནས་གད་མོ་གཅིག་ཤོར་ནས། དགེ་བཤེས་ཤེར་འབུམ་དེ་ཅི་ཡིན་དྲི། ནུབ་ཕྱོགས་ན་གསེར་ཁུང་ཡེ་ཤེས་སྙིང་པོ་དང་ཡ་ཟི་སྔོན་མོ། ཤར་ཕྱོགས་ན་སྒོམ་པ་ཉི་མཛེས་དང་། དྭགས་པོ་སོག་སྒོམ་གཉིས་ཡོད་གསུངས། །ཡང་བླ་མ་ལྷ་རྗེའི་སློབ་མ་རིན་པོ་ཆེའི་ཡང་སློབ་སྔ་ཤོས་དགེ་ཚུལ་གཅིག་ཏེ། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། རྒྱལ་པོ་བདེ་སྤྱོད་བཟང་པོའི་དྲུང་ན་བྱང་ཆུབས་སེམས་དཔའི་སྤྱོད་པ་བྱེད་གསུང་། རིན་པོ་ཆེའི་ཞལ་ནས། སྨོན་ལམ་བླ་མ་ཁྱོད་འདི་ནས་ཚེ་འཕོས་ནས་མཁན་པོ་མངའ་རིས་པའི་རིག་འཛིན་ཐོབ་པ་དེའི་མཁན་བུར་གྱུར། སྔོན་ཡང་སྐྱེ་བ་བཞིར་པད་མ་ཅན་དུ་མཁན་སློབ་ཏུ་གྱུར། སྐྱེ་བ་འདི་དང་ལྔར་བར་མ་ཆད་པར་ཁྱོད་རབ་བྱུང་བྱས་གསུངས། །རིན་པོ་ཆེ་གཞུ་གྲུ་བཞིར་དགོན་པར་བཞུགས་དུས་སུ། ཡོན་བདག་ཀྱང་ཡིན་ལ་སློ་མ་ཡང་ཡིན་པའི་ཕྱ་རྒན་ཟེར་བའི་སྒོམ་ཆེན་གཅིག་ཤི་བ་ལ། རིན་པོ་ཆེའི་ཞལ་ནས། སྒོམ་བ་ཕྱ་དེ་མདོ་ཁམས་ཀྱི་སྒང་སྨད་ན་འཛམ་ཡུལ་ན་སྐྱེས་ཟིན་གསུངས། འཕྱིས་འཛམ་ཡུལ་ན་བྱོན་དུས་སུ། སྐྱེ་བོ་ཕོ་མོ་མང་པོ་གཅིག་ཕྱག་འཚལ་དུ་བྱུང་བ་ལ། བུ་ཚ་གཅིག་གིས་བླ་མ་མི་འཇིགས་པར་གཞན་གྱི་ཕྱག་རྟེན་ཀུན་བླང་ཞིང་བླ་མ་ལ་འབུལ་བ་གཅིག་འདུག །རིན་པོ་ཆེའི་ཞལ་ནས་ཕྱ་རྒན་གྱི་སྐྱེ་བ་འདི་ཡིན་གསུངས། ཕྱིས་བུ་ཚ་དེ་འགྲོན་པོའི་ཟླ་བ་བྲོས་ནས་གནས་ནང་དུ་བྱུང་། དེ་བཙུན་པ་བྱས་གདམ་ངག་བསྟན་བས་བསྒོམས་པས་བསྒོམས་ཆེན་གཅིག་བྱུང་བ་འཛམ་སྐྱེས་བ་གསུམ་པར་གྲགས་སོ། །རིན་པོ་ཆེ་གནས་ནང་ནས་ཡོས་བུ་ལོ་ལ་ཡར་བྱོན་ནས། སྦས་ཡུལ་སག་ཏིར་བཞུགས་དུས་སུ། །གྲ་པ་ཞ་སྔ་བཙུན་པ་གཅིག་ཤི་བ་ལ། གྲོགས་པོ་གཅིག་གིས་ཞ་སྔ་གར་སྐྱེས་ཞུས་པས། རྩང་རོང་ན་རམ་སྟོན་དར་མ་གྲགས་ཀྱི་བུར་སྐྱེས་ཟིན་གསུངས། ཕྱིས་དབུས་སུ་ཕྱིན་དུས་སུ་ཕག་ལོ་ལ་གྲ་པ་འགའ་གཙང་ན་བསོད་སྙོམས་ལ་སོང་བས། རམ་སྟོན་དར་མ་གྲགས་དྲིས་ནས་དེའི་གྲོང་དུ་ཕྱིན་པ་ལ། དེ་ལ་བུ་ལོ་བརྒྱད་པ་གཅིག་འདུག་པས་སྔར་རིན་པོ་ཆེས་གསུང་བའི་དུས་ཚོད་དང་ལོ་བརྩིས་པ་དང་། མཐུན་པར་བྱུང་བས་གྲོང་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །ཤར་བ་ན་བཞུགས་དུས་སུ། །ལྕང་མ་ནམ་མཁའ་འབར་གྱི་ནུ་བོ་ཤི་བ་གཅིག་དེ་སུམ་ཅུ་རྩ་གསུམ་ན་ལྷ་ལོངས་སྤྱོད་ཅན་ཞི་གནས་ཡོད་པ་གཅིག་ཏུ་སྐྱེས་ཟིན་གསུངས། དེ་ལ་སོགས་པ་གཞན་ཀྱི་འཆི་འཕོ་དང་། སྐྱེ་བ་མཁྱེན་པ་ནི་བསམ་ཀྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་ངོ་། རིན་པོ་ཆེའི་རྣམ་པར་ཐར་པ་མདོར་བསྡུས་པ་ལས། གཞན་ཀྱི་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་ལེའུ་སྟེ་བཞི་པའོ།། ༈ །།ན་མོ་གུ་རུ། རིན་པོ་ཆེ་ངོས་བཟང་དང་གྲུ་བཞིར་བཞུགས་དུས་སུ། ཚེམས་ལས་རིང་སྲེལ་རྡོ་རྗེ་དང་། མཆོད་རྟེན་དང་། ཚ་ཚ་འདྲ་བའི་དབྱིབས་དང་། ཁ་དོག་སྣ་ཚོགས་བྱོན། གཞན་ཀྱི་རྐྱེན་ཀྱི་འཕེལ་བ་དང་། གཤེགས་པ་ལ་སོགས་པའང་བྱུང་། ཁྱད་པར་དུ་ཧེ་རུ་ཀ་དང་རྣལ་འབྱོར་མ་དང་། ཁ་སར་པ་ནི་གསུམ་བྱོན། གནས་ནང་ན་བཞུགས་དུས་སུ། ཚེམས་དང་ཕྱག་གི་དཔུང་པ་ལས་རིང་སྲེལ་དཔག་ཏུ་མེད་པ་བྱུང་། སྦས་ཡུལ་སྟག་ཏིར་བཞུགས་དུས་སུ། སྤྱན་སྙུང་བས་དབུའི་རྩ་གཏར་བའི་སྐུ་མཚལ་ལས། རིང་སྲེལ་དཔག་ཏུ་མེད་པ་བྱོན། འབྲི་ཀླུང་གི་ཅེར་བེར་ན་བླ་མ་སྐུ་ཆབ་འཆག་པའི་འདམ་པ་ལ་མི་གཉིས་ཀྱིས་ཚགས་བྱས་པ་ལ། མི་གཅིག་གིས་རྨི་ལམ་ན་འདམ་པའི་ནང་ན་རིང་སྲེལ་ཡོད་ཟེར་བ་རྨིས། ཕྱི་ནང་འདམ་པ་ཆུ་སིགས་བྱས་པས་རིང་སྲེལ་བཞི་བྱོན། དེའི་གཏམ་རྒྱུད་རིན་པོ་ཆེས་གསན་ནས་མི་དེ་ཁྲིད་ལ་ཤོག་གསུངས་ནས། གདམ་ངག་བསྟན་པས་དགེ་སྦྱོར་བཟང་པོ་བྱུང་། གཞན་ཡང་སྨིན་འཚམས་དང་ཕྱག་ཞབས་དང་ཞལ་མཆིལ་ཀུན་ལ། ལ་ལས་གསོལ་བ་བཏབས་ནས་བྱོན་པ་དང་། ལ་ལ་བྱོན་ནས་འཕར་ནུས་པའང་བྱུང་། སྣང་བ་དག་པ་ལ་དག་སྣང་དུ་སྣང་ལ་ཐེ་ཚོམ་ཅན་ཀུན་ཀྱི་ལོག་རྟོགས་བསལ་བའི་ཕྱིར་ཡང་། དག་སྣང་སྣ་ཚོགས་བྱུང་ངོ་། །ཀམ་པོ་གནས་ནང་ན་བཞུགས་དུས་སུ། དགེ་བཤེས་གཉིས་དང་གྲ་པ་འགས་དབང་བསྐུར་ཞུས་པའི་ཆོ་གའི་སྐབས་སུ་དགེ་བཤེས་ཅིག་གིས། བླ་མ་རྡོ་རྗེ་རྣལ་འབྱོར་མར་མཐོང་ནས་དགེ་བཤེས་གྲོགས་དེ་ལ་བསྟན། །ཡང་འཛམ་སྟོན་སངས་རྒྱས་ཀྱིས་ཚོགས་མཆོད་ཀྱི་གྲལ་དུ། རིན་པོ་ཆེ་བདེ་མཆོག་ཧེ་རུ་ཀར་གཟིགས་གསུངས། ཡང་གནས་ནང་དུ་བླ་མ་ལྷ་རྗེའི་འདས་མཆོད་ཀྱི་དུས་སུ། མཆོད་གྲལ་དུ་རིན་པོ་ཆེ་བཞུགས་པ་ལ། དབུས་པ་སྒོམ་ཆེན་གཅིག་གིས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སྐུ་མདོག་སེར་པོ་གཅིག་ཏུ་མཐོང་བས། ནམ་མ་ལངས་ཀྱི་བར་དུ་ཕྱག་འཚལ། སྒོམ་ཆེན་དེའི་བསོད་ནམས་སྐྱེས་པས་བླ་མ་བསམ་ཡས་པར་གྲགས་སོ། །རིན་པོ་ཆེ་འཛམ་ཡུལ་པོམ་ཕུག་ཏུ་བཞུགས་དུས་སུ། འཛམ་སྟོན་གཅིག་གིས་བླ་མ་ལ་གདམས་ངག་ཞུས་པའི་སྣང་བ་ལ། རིན་པོ་ཆེ་ཡི་གེ་དྲུག་མར་མཐོང་བ་ནས། ཡི་གེ་དྲུག་པའི་མངོན་རྟོགས་དང་བཟླས་ལུང་ཡན་ཆད་གསུངས་པའི་སྣང་བ་བྱུང་བ་དང་། དད་པ་ཐོབ་ནས་བསྒོམས་པས་འཛམ་ཛ་ནེ་བསྒོམ་བཟང་ཞེས་གྲགས་སོ། ཡང་དགོན་པ་དེར་བཞུགས་དུས་སུ། སྟོན་ཟླ་ར་བ་ཡི་ཉ་ལ་བླ་མའི་འདས་མཆོད་བྱེད་པའི་གྲལ་དུ། བཙུན་པ་འགྲེས་པོ་གཅིག་གི་སྣ་བ་ལ་རིན་པོ་ཆེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གདན་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་གསུངས་པའི་སྣང་བ་བྱུང་། རིན་པོ་ཆེ་ཀུ་ས་སྨད་མདོ་ན་བྱོན་དུས་སུ། རྩ་སྤྱིལ་པའི་གྲ་པ་རྣམས་ཀྱིས་དབང་བསྐུར་ཞུས་པའི་ཆོ་གའི་སྐབས་སུ། བླ་མ་ལྷས་རིན་པོ་ཆེ་རྡོ་རྗེ་འཆང་དུ་གཟིགས་གསུངས། དེའི་ནུབ་གཉིས་པ་ལ་རྡོ་རྗེ་རྣལ་འབྱོར་མར་གཟིགས། ནུབ་གསུམ་པ་ལ་རྗེ་བཙུན་ཆེན་པོ་ཏཻ་ལོ་པར་གཟིགས་གསུངས། རིན་པོ་ཆེ་ཟླ་སྟོད་མཁར་སར་ན་བྱོན་དུས་དུ། ཟླ་སྟོད་ཀྱི་མི་དཔོན་ཐམས་ཅད་དེར་འཚོགས། དེ་དུས་སུ་མཁར་སར་པས་རབ་གནས་ཞུས་པ་ལ། རྟེན་འབྲེལ་བཟློ་བའི་སྐབས་སུ་དེར་འཚོགས་པ་ཐམས་ཅད་མཐོང་སྣང་མཐུན་བར་གདུང་རྟེན་ཆེན་པོ་གཅིག་གི་བུམ་པ་ལ། རིན་པོ་ཆེ་ཉིད་ཀྱི་སྐུ་གཅིག་དང་། ཤཱཀྱ་ཐུབ་པའི་སྐུ་གཅིག་དང་གཉིས་བྱོན་བས་ཐམས་ཅད་ངོ་མཚར་དུ་གྱུར། ཁྱད་པར་དུ་ཆམ་ཕུ་དཔོན་རིང་དད་པ་སྐྱེས་ནས་བསྒོམས་པས། བསྒོམས་བྱུང་བའི་ཕྱེ་མར་ལ་ནས་ཁལ་བརྒྱ་ཕུལ། དགེ་འདུན་ལ་མང་ཇ་གཅིག་དྲངས། །མཚུར་ཕུ་དགོན་པར་བཞུགས་དུས་སུ། རྩང་པ་ཚུལ་སིང་ཟེར་བའི་སྒོམ་ཆེན་གཅིག་གིས། དབང་བསྐུར་ཞུས་པའི་སྣང་བ་ལ། རིན་པོ་ཆེ་དགྱེས་རྡོར་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གཟིགས་པའི་ཐུགས་ཀ་ནས། འོད་ཟེར་བྱུང་བས་དབང་བསྐུར་བའི་གྲ་པ་ཅི་འདུག་ལ་འོད་ཟེར་གྱི་སྣ་ཟུག་པའི་སྣང་བ་འཕྱིས་གཉིད་མ་ལོག་གི་བར་དུ་བྱུང་གསུངས། འབྲི་ཀླུང་གི་བེ་བེར་བཞུགས་དུས་སུ། དགེ་འདུན་མང་པོ་གྲལ་མཛད་པའི་དབུ་ལ་རིན་པོ་ཆེ་བཞུགས་པ་ལ། སྔགས་པ་གཅིག་ཕྱག་འཚལ་བར་འདོད་པ་ལ། རིན་པོ་ཆེ་མ་མཐོང་། ཉེ་གནས་ཀུན་ཀྱིས་བསྟན་ཡང་མ་མཐོང་། ཇོ་བོ་བྱང་ཆུབ་ཀྱི་བསྟན་ཡང་མ་མཐོང་ནས། ཇོ་བོ་བྱང་ཆུབ་ཀྱི་ཡི་མུག་སྐྱེས་ནས་སྤྱན་ཆབ་བྱུང་། དགེ་འདུན་ཡོན་མཆོད་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །ཀར་མ་ན་བཞུག་དུས་སུ། འདན་མ་གཅིག་ཕྱག་འཚལ་འདོད་ནས་ཡང་དགོན་དུ་འོངས་པ་ལ་རིན་པོ་ཆེ་ནི་མ་མཐོང་ནས་བླ་མ་བཞུགས་དང་མཆོད་རྟེན་དཀར་པོ་གཅིག་མཐོང་ནས། ཕྱིར་ལོག་ནས་སོང་། །ས་མདོ་ན་བཞུགས་དུས་སུ། གྲོ་ལྟོ་སྟོན་བཙུན་བྱ་བའི་བཀའ་གདམས་པ་གཅིག་གིས་སྟག་ལྤགས་གཅིག་ཐོགས་ནས་ཕྱག་འཚལ་དུ་འོངས་པ་ལ་རིན་པོ་ཆེ་མ་མཐོང་། རོགས་ཀུན་ཀྱིས་ཕྱག་འཚལ་ཁམས་དྲི་བྱས་ཀྱང་མ་མཐོང་། དེ་ནས་ཀྱང་ཡུན་རིང་མིན་བ་མ་མཐོང་། རིན་པོ་ཆེ་གནས་ནང་ན་བཞུགས་དུས་སུ། གནས་ནང་གི་ཤར་ཕྱོགས་ཉི་མ་བཞི་ཙམ་གྱི་ས་ཙམ་ན། འཛམ་སྟོན་སངས་རྒྱས་དགོན་པ་ན་བཞུགས་པའི་སྣང་བ་ལ། རིན་པོ་ཆེ་ཞབས་རྗེན་དུ་བྱོན་བ་ལ་སྟོན་པས་ཕྱག་འཚལ་ཁམས་དྲི་བྱས་ནས། གདན་བཤམས་པའི་ཚེ་བླ་མ་མི་སྣང་བར་གྱུར་ཏོ། །ཡང་ས་ཐག་རིང་བ་གཅིག་ན། སློབ་མ་གཅིག་ནད་ཀྱིས་ཟུགས་རྔུས་གདུངས་ནས། བླ་མ་ལ་གསོལ་བ་བཏབས་པ་ལ། བྱོན་ནས་བྱིན་རླབས་མཛད་པས་ནད་པའི་སྡུག་བསྔལ་ཞི་ནས་བླ་མ་དེ་ཉིད་ལ་མ་དམིགས་སོ། །འབྲི་ཀླུང་གི་ལྟོང་སྒྲ་ན་བཞུགས་དུས་སུ། ཏྲེ་རག་ཏག་གི་བར་དབེན་བྱ་བར་སྒོམ་ཆེན་གཅིག་གིས་གསོལ་བ་བཏབས་པའི་སྣང་བ་ལ། རིན་པོ་ཆེ་བྱོན་ནས་ཆོས་གསུངས་ནས་འཇའ་ཡལ་བ་བཞིན་དུ་ཡལ་ནས་ཐལ་གསུངས། །མཚུར་ཕུ་དགོན་པ་ན་བཞུགས་དུས་སུ། ཏྲེ་བོ་སྒོམ་ཆེན་གཅིག་ནད་ཀྱི་ཤིན་ཏུ་སྡུག་བསྔལ་ནས་བླ་མ་ལ་གསོལ་བ་བཏབས་པ་ལ། དེ་ཉིད་དུ་བྱོན་ནས་ཞབས་དབང་མཛད་པ་ལ། དེས་ཕྱག་འཚལ་བར་བརྩམས་པས། ཕྱག་འཚལ་མི་དགོས་དང་ཁྱོད་ལ་ནད་ཀྱིས་བར་ཆད་མི་འོང་གསུངས་ནས་འཇའ་བཞིན་དུ་ཡལ་ནས་གཤེགས་སྐད། །དེ་ལ་སོགས་པ་གཞན་ཀྱི་གསོལ་བ་བཏབས་པའི་སར་ཉེ་རིང་མེད་པར་འབྱོན་པ་ལ་གྲངས་མེད་དོ། །ཡང་རིན་པོ་ཆེ་ལ། དགེ་བཤེས་སུམ་པས་དགྱེས་རྡོར་དུ་གཟིགས། སློབ་དཔོན་དབྲ་སྟོན་གྱིས། འོད་ཁ་དོག་ལྔ་རེ་མོས་གཟིགས། སློབ་དཔོན་སངས་རྒྱས་ཀྱིས། ཞལ་གཅིག་མའི་བྱིན་རླབས་ཞུས་དུས་སུ། ཞལ་ནས་འོད་འཕྲོ་ཞིང་ནམ་མཁའ་ལ་བཞུགས་པ་གཟིགས། ཕྱིས་འདས་ནས་ཀྱང་ཞལ་ཡང་མཐོང་། །རིན་པོ་ཆེ་འགྲོ་དོན་ལ་ཡུལ་ཁམས་ནས་དབུས་སུ་བྱོན་པས། སྟོད་ལུང་མཚུར་ཕུའི་དགོན་པ་ལྷ་ལུང་ན་བཞུགས་དུས་སུ། དཔྱིད་ཟླ་ར་བའི་ཉིན་གཅིག་རིན་པོ་ཆེའི་ཞལ་ནས། མདང་ནི་རྒྱ་གར་གྱི་དུར་ཁྲོད་གཅིག་ན། རྒྱ་གར་གྱི་རྣལ་འབྱོར་པའི་འགའི་ཚོགས་གྲལ་དུ་ཕྱིན་པ་རྨིས་གསུངས། དེ་དང་དུས་མཚུངས་པར་གཙང་ལ་སྟོད་ཐང་ཅུང་ཅེས་བྱ་བའི་གཙུག་ལག་ཁང་ན། གཙང་པ་སྟོན་པ་གཅིག་ཐང་བ་དྲུབ་ཅིང་འདུག་ཙ་ན། དེའི་སྣང་བ་ལ་ཨ་ཙ་ར་རས་རྐྱང་པ་གྱོན་པ་ལག་ན་ཐོད་པ་ཐོགས་པ་གསུམ་དང་། བོད་ཀྱི་རྣལ་འབྱོར་པ་རས་རྐྱང་པ་གྱོན་པ་རྐང་རྗེན་དུ་འདུག་པ། ལག་ན་ཀ་བ་ལི་དང་། སྦ་བེར་མ་ལྕགས་ཐོགས་པ་དུང་གི་རྣ་རྒྱན་ཡོད་པ་ལོ་དྲུག་ཅུ་ལོན་པའི་ཚོད་གཅིག་དང་བཞི་བྱོན། དེ་ནས་བོད་དེ་དང་སྟོན་པ་གཉིས་བླ་བོ་མང་དུ་བྱས། ཁྱེད་གང་ནས་བྱོན་དྲིས་པས། ངེད་རྡོ་རྗེ་གདན་ནས་འོངས། ཁ་ཆེ་ནས་པུ་རང་ལྟར་ལམ་ཕྱུངས་གསུངས། རྒྱ་གར་ལ་ཅི་ལ་བྱོན་དྲིས་པ་ལ། རྡོ་རྗེ་གདན་གྱི་དུས་མཆོད་ལ་ཕྱིན་ཟེར། འོ་ན་བྱ་ལོའི་མཆོད་པའི་དུས་སུ་གྲུབ་ཐོབ་མང་པོ་འབྱོན་བ་ཡིན་ཟེར་ན། ཁྱེད་དང་འགའ་རེ་མཇལ་ལམ་ཞུས་པས། ངེད་ཀྱིས་འདི་ལྟར་ཐོས་གསུངས། དེའི་དུས་སུ་རྒྱ་གར་ལྷོ་ཕྱོགས་ཛ་ལན་དྷ་ར་ཞེས་བྱ་བའི་གྲོང་ཁྱེར་ན། རྒྱལ་པོ་ཟླ་བ་རྣམ་པར་གནོན་པ་ཞེས་བྱ་བས། ཧ་ཧ་སྒྲོགས་པའི་དུར་ཁྲོད་དུ་ཚོགས་ཀྱི་འཁོར་ལོ་བྱས་ནས། གྲུབ་ཐོབ་ཀྱི་རྣལ་འབྱོར་མངོན་ཤེས་དང་རྫུ་འཕྲུལ་མངའ་བ་རྣམས་ལ་གསོལ་བ་བཏབས་པ་ལ། རྒྱ་གར་གྱི་གྲུབ་ཐོབ་བཞི་བྱོན། གྲུབ་ཐོབ་ཆེན་པོ་མི་ཏ་འཛོ་གི་ན་རེ། བོད་ཀྱི་གྲུབ་ཐོབ་གཉིས་དང་དྲུག་བྱོན་གསུངས། རྒྱ་གར་དང་བོད་ཀྱི་གྲུབ་ཐོབ་གང་གང་ལགས་དྲིས་པས། རྒྱ་གར་ཀྱི་ཨིན་ཏྲ་བོད་དེ། ཛ་ལན་དྷ་ར་པ། ནག་པོ་སྤྱོད་པ་བ། ཤིང་ལོ་པ་དང་བཞི་ཡིན། བོད་ཀྱི་གཉིས་ནི་དྷར་རྨ་འགིར་ཏི་དང་། དྷ་རྨ་ཤྲི་ལ་གཉིས་ཡིན་གསུངས། དེ་གཉིས་ཅི་ཙུག་ལགས་ཞུས་པས། དྷ་རྨ་ཤྲི་ལ་ནི་ཆོས་ཀྱི་ཚུལ་ཁྲིམས་བྱ་བ་ཡིན་ཏེ། འཆི་མེད་གྲུབ་པའི་དངོས་གྲུབ་གདམ་ངག་ཡོད་པ་གཅིག་ཡིན་ཏེ། མངའ་རིས་སྟོད་ན་བཞུགས། ལྷ་ཁང་གཅིག་མཛད་པ་ལ་བརྟེན་ནས་སེམས་ཅན་མང་པོའི་དོན་མཛད། ཤྲི་དྷར་རྨ་འགིར་ཏི་ནི། བོད་སྐད་དུ་དཔལ་ཆོས་ཀྱི་གྲགས་པ་བྱ་བ་ཡིན་ཏེ། ལམ་རྩ་དང་རླུང་ལ་བརྟེན་ཏེ་ཕྱག་རྒྱ་ཆེན་པོ་ལ་གཅིག་ཆོད་ཀྱི་གདམ་ངག་ཡོད་པ་གཅིག་ཡིན་ཏེ། བོད་ཡུལ་གྱི་སྨད་ན་བཞུགས། མཚན་ཡོངས་སུ་གྲག་པ་ནི། བླ་མ་དབུ་སེ་ཞེས་བྱ་བ་དེ་ཡིན་པ་འདྲ་བས། ངེད་ཀྱང་དེར་འགྲོ་བ་ཡིན་གསུངས། གཙང་པ་སྟོན་པའི་ཞལ་ནས། བླ་མ་དབུ་སེ་དེ་སྐུ་སྙན་པ་ཤིན་ཏུ་ཆེ་བས་ང་ཡང་དེར་འགྲོ་བསམ་པ་ལ། སྐུ་ནས་སུ་བྱོན་གཤེགས་པའི་དུས་ཡིན་ཟེར་བས་ཆོས་མི་ཚར་གྱིས་དོགས་པས། འགྲོ་འདུག་གང་ཡང་མ་རེད་ཐེ་ཚོམ་དང་བཅས་པར་གྱུར་ཏོ། །ཞེས་བྱས་པ་ལ། རྣལ་འབྱོར་པ་དེའི་ཞལ་ནས། བཟང་སྤྱོད་སྨོན་ལམ་མ་གཟིགས་སམ། གཞན་ཡང་གདུལ་བྱ་གང་ཞིག་གཅིག་ཙམ་གྱིས། །དོན་དུ་ཐུབ་པ་སྐལ་པར་བཞུགས། །དེའང་མྱུར་དུ་སྨིན་མཛད་དེ། །དྲོད་གཤེར་ལྡན་བའི་མྱུ་གུ་བཞིན། །ཞེས་བྱ་བ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་ལ་གཞན་ཀྱིས་གསོལ་བ་བཏབས་ན། སྐལ་པར་ཡང་བཞུགས་པར་བཤད་པ་ཡིན་གྱིས། མོས་གུས་དང་མི་འབྲལ་བར་གྱིས་ལ་མྱུར་དུ་སོང་དང་། ཅི་ནས་ཀྱང་ཆོས་ཚར་དུ་འོངས་གསུངས། དེ་ཉིད་དུ་དགའ་བ་ཁྱད་པར་ཅན་སྐྱེས་ནས་རྣལ་འབྱོར་པ་དེ་ལ་ཡང་དག་པའི་གདམ་ངག་གཅིག་ཞུ་བྱས་པས། རྣལ་འབྱོར་པ་དེ་བཞེངས་ནས་ཐལ་བས། ཨ་ཙ་ར་གཅིག་གི་ཙ་ནས། གྲོ་བ་ལ་ཡིག་གེ་བྲིས་ནས་ཤོག་དྲིལ་བྱས་པ་ཅིག་བླངས་ནས་སྟོན་པ་ལ་བཤད་པས། དད་པ་ཁྱད་བར་ཅན་སྐྱེས་ནས་དེའི་དཔེ་དེའང་བྱིན་ནས། འདི་རྣམས་བཞི་རྒྱུད་གྲོལ་དང་བྱིན་རླབས་ནུས་འདོན་གྱི་གདམས་ངག་བྱ་བ་ཤིན་ཏུ་ཟབ་པ་ཡིན་བས། མི་ལ་མི་བསྟན་པར་ཟུངས་གཅིག་དང་། ཕྱིས་ཀྱང་ང་དང་འཕྲད་སྟེ་འོང་གསུངས་ནས། བཀའ་རྒྱ་དམ་པར་མཛད། དེ་ནས་སྟོན་པ་བྲང་ཁང་དུ་སོང་ནས། ཕྱིར་ནང་ཆོས་སྟོན་དྲངས་ཅེས་བྱས་ནས་ཕྱིར་ནང་བོས་ཙམ་ན། ལྷ་གཉེར་ན་རེ། ཁྱེ་རང་སོང་བ་ཡི་ཏིང་ལ་རྣལ་འབྱོར་པ་ཀུན་ཡང་སོང་ཟེར། དེར་ཕྱོགས་ཀུན་ཏུ་མི་བཏངས་ནས་དྲིར་བཅུག་པ་ལ་ཐོས་མཐོང་མེད་དེ། དེ་ལྟ་བུ་འདྲི་མས་མ་མྱོང་ཐམས་ཅད་སྨྲ་སྐད། སྟོན་པ་ངེས་ཤེས་ཁྱད་པར་ཅན་སྐྱེས་ནས། དབུས་ན་མར་བླ་མ་དེའི་དྲུང་དུ་འོངས་པའི་ཆིས་སྟོགས་བྱས་ནས་ཁྱི་ལོའི་དབྱར་ཟླ་འབྲིང་པོ་ལ་སྟོད་ལུང་མཚུར་ཕུའི་དགོན་པར་བྱོན། དེ་ནས་བླ་མ་རིན་པོ་ཆེ་ལ་དབང་དང་བྱིན་རླབས་དང་གདམ་ངག་ཞུས་ནས། དབྱར་འཚམས་མཛད་ཅིང་བསྒྲུབ་པ་མཛད། ནམ་སླ་སྟོན་ཀ་སྔར་གྱི་ལོ་རྒྱུས་རྣམས་བླ་མ་ཉིད་ཀྱིས་གྲ་པ་འགའ་རེ་ལ་ཐར་ཐོར་ཙམ་བཤད་ནས་གདའ་སྐད་པ་ལ། གོང་གི་རྣལ་འབྱོར་པ་བཞི་པོ་འདིར་བྱོན་ནམ་ཞུ་དགོས་སྙམ་བ་ལ་ཁྱོད་ཀྱིས་དིང་སང་ཙམ་བྱས་པས་ཆོག་གསུངས་ནས་དེར་ཞུ་མ་སྤོབས་སོ། །ཕྱིས་གཙང་པ་སྟོན་པས་ད་ནི་ངེས་པར་ཐེ་ཚོམ་མེད་པར་བྱ་དགོས་སྙམས་ནས། ཁམས་པའི་གྲ་པ་དཔོན་གྲགས་སིང་གི་ཁྱིམ་དུ་ཚོགས་གཅིག་བཤམས་ནས། རྗེ་བཙུན་བ་གདན་དྲངས་ནས། བླ་མ་སྟག་དེའུ་བ། དགེ་བཤེས་དཀོན་མཆོག་སེང་གེ། བསྒོམ་བ་ཚུལ་ཁྲིམས་རྒྱལ་པོ་ལ་སོགས་པ། གྲ་པ་རྒན་ཤོས་བཅུ་ཙམ་བོས་ནས། དེའི་ཚོགས་གྲལ་དུ་རིན་པོ་ཆེ་ལ་སྔར་གྱི་མཇལ་ལུགས་དེ་རྣམས་གསུང་བར་ཞུ་བའི་གསོལ་བ་དྲག་ཏུ་བཏབས་པ་ལ། རྗེ་བཙུན་གྱིས་གོང་གི་མཇལ་ལུགས་རྣམས་སྟོན་པ་དང་མཐུན་པར་འཛུབ་ཚུགས་སུ་གསུངས་པས། ཐམས་ཅད་ངོ་མཚར་དུ་གྱུར་ཏོ། དེ་ནས་ཨ་ཙ་ར་གསུམ་པོ་ཅི་ཙུག་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཨིན་ཏྲ་བོད་དེ་དང་། ཤིང་ལོ་པ་དང་། ནག་པོ་སྤྱོད་པ་བ་དང་གསུམ་ཡིན། ཁྱོད་ལ་གདམ་ངག་བཤད་མི་དེ་ང་ཡིན། གདམས་ངག་དེ་རྣམས་བཞི་རྒྱུད་གྲོལ་བྱིན་རླབས་ནུས་འདོན་བྱ་བ་ཡིན་ཏེ། སློབ་དཔོན་ཨིན་ཏྲ་བོད་དེ་ལ་ཞུས་པ་ཡིན་ཏེ། རྒྱ་གར་དུ་ཚོགས་འཁོར་བྱས་པའི་ཚོགས་དཔོན་ནི་ནག་པོ་སྤྱོད་པ་བ་ཡིན། ཁྱོད་སྐྱེ་བ་བཞིར་ངའི་སློབ་མ་ཡིན། ད་རེས་དང་ལྔར་མཇལ། ཐེ་ཚོམ་གཅད་ནས་སྒོམས་ལ་གཞུག་པའི་ཕྱིར་ཕྱིན་པ་ཡིན། ཆོས་ཉན་བཤད་བྱེད་པ་ཡང་བཟང་པོ་ཡིན་ཏེ། ཆོས་བརྒྱད་ཀྱི་ཞད་གཅིག་ཡོད། ཁྱོད་བསྒོམ་དུ་འོངས་པ་ལེགས། ད་རེས་མ་མཇལ་ན་ཉན་བཤད་ལ་འབྱམས་ནས་འགྲོ་གསུངས། བླ་མ་སྟག་དེའུ་སྐྱེ་བ་བཞིར་ཅི་ལྟར་མཇལ་ཞུས་པས་སྔོན་རྒྱ་གར་ན་གར་བ་རཏྣ་ཤྲི་བྱ་བར་སྐྱེས་དུས་ང་ལ་སེམས་བསྐྱེད་ཞུས་པའི་སློབ་མ་ཡིན། དེའི་རྗེས་ལ་གླིང་འདི་ཉིད་ཀྱི་བྱང་ཕྱོགས་དྷེ་བ་ན་བྱ་བར་སྐྱེས་པའི་དུས་ན་ངའི་མཁན་བུ་ཡིན། དེ་ནས་ལུས་འཕགས་པོར་མེ་ཏོག་པ་ཤེས་རབ་བཟང་པོར་སྐྱེས་ཆོས་དྲུག་པྲད་ཛྙྱའི་གདམས་ངག་བྱ་བ་མཉན། སྐྱེ་བ་འདི་ཡི་གོང་མར་རྒྱ་གར་མཐའ་འཁོབས་རྒྱ་མཚོའི་འགྲམ་དུ་བྲམ་ཟེ་རྒྱལ་བ་ཤེས་རབ་བྱ་བར་སྐྱེས། ངས་དབང་བཞི་རྫོགས་པར་བསྐུར། བསྟན་བཅོས་ལའང་མཁས། སྒོམས་ལའང་བག་ཆགས་བཞག་པས་ད་ལྟ་བསྒོམས་པ་ལ་ངེས་ཤེས་སྐྱེ་སླ་བར་བྱུང་བ་ཡིན་གསུངས། ཡང་བླ་མ་སྟག་དེའུ་བས། རྗེ་བཙུན་བས་སྤྲུལ་པ་དུ་མ་མཛད་པ་ཡིན་བར་འདུག་ན། དིང་སང་འཇིག་རྟེན་གྱི་ཁམས་ན་སྤྲུལ་པ་དུ་བཞུགས་ཞུས་པ་ལས། རྗེ་བཙུན་ཀྱི་ཞལ་ནས། ལར་ངེས་པ་མེད་དེ་འོན་ཀྱང་སྤྲུལ་པ་བཞིས་སེམས་ཅན་གྱི་དོན་བྱེད་པ་འདྲ་གསུང་། སྤྲུལ་པ་དེ་ཀུན་གང་ན་བཞུགས་ཞུས་པ་ལ། མངའ་རིས་ཀྱི་ཕ་རོལ་ཁ་ཆེའི་ཚུ་རོལ་གཅིག་ན། པུ་རིགས་བྱ་བའི་གྲོང་ཁྱེར་ཅིག་ན། སྔར་གྱི་སློབ་མ་འདན་ཆུང་བ་ཤི་བ་དེར་སྐྱེས་པའི་དོན་དུ་དགེ་སློང་དགེ་བའི་བློ་གྲོས་ཞེས་བྱ་བ་སེམས་ཅན་གྱི་དོན་བྱེད། ཡང་བལ་བོད་གཉིས་ཀྱི་འཚམས་ལན་དེ་བྱ་བ་ན། བླ་མ་བྷེ་རོའི་དགོན་པ་ན། རྟེན་དགེ་བསྙེན་མཚན་ཆོས་ཀྱི་གྲགས་པ་བྱ་བ། ཆོས་བརྡའི་ཚུལ་དུ་གསུངས་ནས་སེམས་ཅན་ཡི་དོན་བྱེད། རྒྱ་གར་ལྷོ་ཕྱོགས་ན་རྟེན་རྣལ་འབྱོར་པ་ཡིན་སྣང་བ་དག་པས་ཐུགས་རྗེ་ཆེན་པོར་ཡང་གཟིགས། ལ་ལས་ཐུགས་རྗེ་ཆེན་པོ་རང་ཡིན་ཟེར་བ་ཡང་ཡོད། ལར་ངེས་མེད་དུ་བཞུགས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན། གྲུབ་ཐོབ་རྒྱལ་པོའི་ཆ་བྱད་ཅན་གྲགས་པ་མཐའ་ཡས་ཞེས་གྲགས། དེའི་རྒྱུ་མཚན་ནི། རྒྱལ་ཁམས་དེ་རྒྱལ་པོ་མིན་པས་མི་ཐུལ་བ་ཡིན་ཏེ། དེས་འགྲོ་བ་མང་པོ་ལ་ཕན་བ་ཡིན་གསུངས། རྗེ་བཙུན་ཀམ་པོ་གནས་ནང་ན་བཞུགས་དུས་སུ། དཔོན་ཡོན་བདག་རྒོན་པ་བས་ལྷ་གང་གི་རབ་གནས་མཛད་པའི་དུས་སུ། མེ་ཏོག་ལ་རྟེན་འབྲེལ་ཟློ་བའི་སྐབས་སུ། དེའི་གཉེར་པ་དཔོན་སྒོམས་རྡོར་བྱ་བའི་སྣང་བ་ལ། མེ་ཏོག་ནི་ནས་རང་འཐོར་ལ། འགྲོ་ཞིང་རྟེན་ཀུན་ལ་ཕོག་པ་མཐོང་ནས་གཞན་ལ་བསྟན་པས་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །ཡང་གནས་ནང་གི་ལྷོ་ཕྱོགས་ཉི་མ་གསུམ་གྱི་སོ་ན། དགེ་བཤེས་ཤཱཀྱ་བྱ་བ་བལ་པོ་དྷས་རུ་དཀར་པོའི་སློབ་མ། །ནཱ་རོ་པའི་ཡང་སློབ་ཀྱི་རྣལ་འབྱོར་པ་ཆེན་པོ་གཅིག་གིས། རིན་པོ་ཆེ་རབ་གནས་ལ་སྤྱན་དྲངས་ནས་རབ་གནས་མཛད་པའི་དུས་སུ། སྐྱེ་བོ་ཕོ་མོ་ཐག་རིང་བ་ཀུན་ཀྱིས་སྣང་བ་ལ་ལྷ་ཁང་ལ་མེ་འབར་བར་མཐོང་། ཐག་ཉེ་བས་ལྷ་ཁང་འཁོར་བར་མཐོང་། ནང་ན་ཡོད་པའི་ཡོན་བདག་ལ་སོགས་པ་ཀུན་ཀྱི་རྟེན་ཐམས་ཅད་འགུལ་བ་དང་སྒྲ་གྲག་པར་ཚོར། ཁྱད་པར་དུ་རྡོ་རྗེ་སེམས་དཔའི་ལུགས་སྐུ་ཆེན་པོ་གཅིག་གིས་ཕྱག་གཡོན་པའི་སྲིན་འཛུབ་ཀྱི་རྩེ་མོ་ན། ཕྱག་མཚན་རྡོ་རྗེ་ཡོད་པ་སྔར་ལུགས་ཀྱི་དུས་ན་ཡོ་བས་སྲང་ཐབས་མེད་པ་གཅིག་ཏེ་དྲང་པོར་གྱུར་པ་ལ་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །ཡང་གནས་ནང་གི་ཤར་ཕྱོགས་ཉི་མ་བཞིའི་ས་ན། འཛམ་ཡུལ་ཁམ་ཀར་བྱ་བ་ན། མེ་གེ་དགེ་བཤེས་ཇོ་སྲས་ཀྱི་རབ་གནས་ལ་གདན་དྲངས་པའི་དུས་སུ། རྟེན་འབྲེལ་བཟླ་བའི་སྐབས་སུ། དགེ་བཤེས་དེའི་སྣང་བ་ལ། མཎྜྻལ་སྟེང་གི་མེ་ཏོག་མཆན་ཁོལ་བ་ལྟར་བྱུང་ནས། ཡར་ཞིང་རྟེན་ཀུན་ལ་ཕོག་ནས་མེ་ཏོག་ཆག་པ་ཀུན་ཀྱིས་མཐོང་ནས། ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །དགེ་བཤེས་དེས་རིན་པོ་ཆེ་ལ་ཕ་རོལ་དུ་ཕྱིན་པའི་ས་ལམ་དང་སྦྱར་བའི་ཚིགས་བཅད་ཉི་ཤུ་རྩ་གཅིག་གིས་བསྟོད་དོ། །སྤྱིར་གཞན་སྣང་ལ་མེ་ཏོག་རང་འཐོར་ལ་འགྲོ་ནས། རྟེན་ལ་ཆགས་པ་དང་། རྟེན་གཡོ་འགུལ་བྱེད་པ་དང་སྒྲ་གྲག་པ་དང་། འོད་བྱུང་བ་ལ་སོགས་པ་བརྗོད་ཀྱིས་མི་ལངས། ཞ་བོ་དང་སྒུར་པོ་ལ་སོགས་པ་ཕྱག་ལྕགས་བརྒྱབས་པས་ཞ་རངས་པ་དང་། ལྐུགས་པ་གཏམ་གྱིས་གསུངས་ནས་ལྐུགས་ཁ་བྱེ་བ་དང་། མི་མ་ཡིན་བའི་གནོད་པས་ཟིན་པ་ལ། གཏོར་མ་བཏང་བ་དང་བདེན་པ་བདར་བས་ཕན་པ་བྱུང་། དེ་ལྟར་དངོས་འཛིན་ཅན་རྣམས་ཀྱི་སྣང་བ་བསྒྱུར་ནས། ཚེ་འདི་ཡི་བྱ་བ་བཏངས་ནས། ཡང་དག་པའི་ལམ་ལ་འཁོད་པ་ནི་བརྗོད་ཀྱིས་མི་ལང་ངོ་། །རྟེན་འདྲེ་ཅན་བརྒྱ་རབ་གནས་བྱེད་པ་དང་། མཛེ་པོ་དང་ཉམས་པ་ཅན་བརྒྱ་དབང་བསྐུར་ཡང་། རིན་པོ་ཆེ་ལ་འགྲིབ་མི་འོང་བ་ཅི་ཙུག་ལགས་ཞུས་པ་ལ། རིན་པོ་ཆེའི་ཞལ་ནས་གཉིས་འཛིན་གྱི་བློ་དང་བྲལ། ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་ནས། གཉུག་མ་རྒྱུན་ཆད་མེད་པའི་ངང་ལ་གནས་པའི་རྣལ་འབྱོར་པ་ལ། དངོས་པོར་གྱུར་པའི་གྲིབ་དང་གྲིབ་འབྱུང་བའི་ཡུལ་གཉིས་མེད་གསུང་མཚུར་ཕུ་དགོན་པར་ལོ་ལྔ་བཞུགས་ནས། བྱི་བ་ལོའི་སྟོན་ཟླ་ར་བའི་ཉ་སེའི་ཉ་ལ། བླ་མ་ལྷ་རྗེའི་འདས་མཆོད་བྱེད་དུས་སུ་ཚོགས་སོགས་མཛད་ནས། དྭགས་པོ་གདན་སར་གསེར་གྱི་གླེགས་བམ་བཅོ་བརྒྱད། ཤོག་སྐྱ་པོ་ཏི་བཅུ་གཉིས་ཏེ་དུམ་པ་སུམ་ཅུ། གཡུ་མར་འཛམ་གླིང་གྲགས་ཤིང་སྲང་ཉི་ཤུ་རྩ་བཞི་པ་ལ་སོགས་པའི་འབུལ་བ་མཛད། སྤྱིར་གསུང་རབ་དུམ་པ་བརྒྱ། ནོར་སྣ་མང་པོ་སྟེ་དགོན་ཀུན་ལ་ཕུལ་ནས། རིན་པོ་ཆེའི་ཞལ་ནས། འཚོགས་པ་ཀུན་ལ་གསུང་བཏངས་པས། ངས་འདྲེན་བྱེད་པ་ཡིན་བས་ད་འཚོགས་པ་སྐྱོང་བ་མི་འོང་བས། ཁྱོད་ཁམས་སུ་འགྲོ་འདོད་པ་ཀུན་ཁམས་སུ་བཞུད། དྭགས་པོར་འགྲོ་འདོད་པ་ཀུན་དྭགས་པོར་བཞུད། ཉན་པར་འདོད་པ་ཀུན་སྐྱི་ཤོད་དུ་བཞུད་གསུངས། རེས་ནི་བླ་མ་ཉིད་ཁམས་སུ་བཞུད་གསུངས། རེས་ནི་བླ་མ་ཉིད་དྭགས་པོ་གདན་སར་བཞུད་གསུངས། རེས་ནི་མོན་བོད་འཚམས་སུ་བཞུད་གསུངས། ཁམས་སུ་མོས་པ་ལ་ལས་ནི་བླ་མ་ཁམས་སུ་བཞུད་ཟེར། ལ་ལས་ནི་བླ་མ་དྭགས་པོར་བཞུད་ངེས་ཟེར་ནས་ཐེ་ཚོམ་དུ་གྱུར་པ་ལས། ཟླ་བ་གསུམ་དུ་ནམ་མཁའ་ལ་འཇའ་དང་ས་གཡོ་བ་དང་འུར་ཐུག་གི་སྒྲ་ལ་སོགས་པ་ལྟས་ཆེན་པོ་རྒྱུན་མི་འཆད་པར་བྱུང་བ་ལ་ཉེ་གནས་དང་གྲ་པ་རྒན་པོ་ཀུན་ན་རེ། རིན་པོ་ཆེ་གནས་ནང་ན་ཁམས་མ་བདེ་བའི་དུས་སུ་ཞུས་པ་ལ། བླ་མ་མི་ལའི་སྐུ་ཚེ་ཙམ་གཅིག་ཐུབ་གསུང་བའི་ཞལ་བཞེས་ཡོད་པ་ཡིན་བས། བླ་མ་དགུང་ལོ་བརྒྱད་ཅུ་རྩ་གསུམ་བཞིར་བྱོན་བས་ད་གཤེགས་དོགས་ཡོད་ཟེར། དེ་ནས་དགུང་ལོ་བརྒྱད་ཅུ་རྩ་བཞི་ལ། གླང་གི་ལོ། ལོ་སར་པ་སྟག་གི་ཟླ་བའི་ཚེས་གསུམ་ལ། རིན་པོ་ཆེ་སྤྲུལ་པའི་སྐུའི་དཀྱིལ་འཁོར་བསྡུས་ནས་མཁའ་སྤྱོད་གནས་སུ་གཤེགས་སོ།། ༈ །།དེར་ཚེས་བཅུ་ལ་གདུང་བཞུས་པ་ལ། མཐོང་སྣང་དུ་མ་བྱུང་སྟེ། དེར་འཚོགས་པ་ཐམས་ཅད་མཐོང་སྣང་མཐུན་བར་ཉི་མ་སྔར་བས་གཉིས་འགྱུར་ཀྱིས་རིང་བར་བྱུང་། ལ་ལས་ཉི་མའི་ཚོགས་བཅུ་གསུམ་དང་། བདུན་དང་། བརྒྱད་དུ་མཐོང་། ལ་ལས་ནི་ཉི་མའི་ཚོགས་འདུ་ཞིང་དགྱེས་པར་མཐོང་། ཉི་མའི་འོད་ཟེར་རྨ་བྱའི་གདུགས་འདྲ་བ་དང་། དཔའ་བོ་དང་དཔའ་མོ་རུས་པའི་རྒྱན་ཅན་ཀྱི་ནམ་མཁའི་ཁམས་གང་བར་མཐོང་། མདོ་སྨད་པ་ཁྱུང་པོ་ལོ་ཙས་ཡང་དགོན་ཁང་ཐོག་ཏུ་མེ་ཏོག་གི་ཆར་བབ་པར་མཐོང་། གདུང་གི་སྟེང་ན་འཇའ་ཚོན་གྱི་གདུགས་བརྩེགས་མང་པོ་སྣང་བ་དང་། མེ་སྒྲ་ལ་ངོས་བཟུང་མེད་པའི་སྒྲ་སྙན་སྣ་ཚོགས་གྲགས་པ་དང་། དུད་པ་འཇའ་ཚོན་དུ་གྱུར་པའི་ནང་ན་བླ་མ་བཞུགས་པ་མཐོང་། དུད་པ་ལ་བྱ་བྱེའུ་མང་པོས་བསྐོར་བ་བྱེད་པ་དང་། བྱ་རྒོད་དང་། རི་དྭགས་ཀྱི་ཚོགས་མང་པོ་ལྷགས་པ་ལ་སོགས་པའི་མཐོང་སྣང་དུ་མ་བྱུང་ངོ་། །སྔར་དགེ་སྦྱོར་མེད་པ་ལ་དགེ་སྦྱོར་བྱུང་བ་དང་། དགེ་སྦྱོར་ཡོད་པ་ཀུན་ལ་བོགས་འབྱུང་བ་དང་། སྒོམ་ཆེན་ཀུན་ལ་ཏིང་ངེ་འཛིན་ངོ་མཚར་ཅན་བྱུང་ངོ་། །དེ་ནས་སེམས་ཅན་ལ་བརྩེ་བའི་ཐུགས་དང་། དམ་ཆོས་གསུངས་པའི་ལྗགས་དང་། བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པའི་རིང་སྲེལ་དང་། བསྐྱེད་རིམས་བརྟན་བའི་སྐུ་ལ་སོགས་པ་བྱོན་པ་རྣམས་ལ། བུ་སློབ་རྣམས་ལ་ཅུང་ཟད་རེ་བྱིན་ནས། གཞན་རྣམས་ལ་དཔལ་མཚུར་ཕུ་མདོ་བོ་དགོན་པར་སྐུའི་འདྲ་འབགས་དང་། གདུང་ཁང་ཆེན་པོ་དང་། གསེར་གྱི་མཆོད་རྟེན་དཔལ་ལྡན་འབྲས་ཕུང་གི་བཟོ་ལུགས་བཞེངས་ཅིང་། རབ་གནས་རང་ཆས་སུ་བཞུགས་ཏེ་བྱིན་རླབས་ཀྱི་མཐར་ཐུག་པ་བྱུང་ངོ་། །རིན་པོ་ཆེའི་རྣམ་པར་ཐར་པ་མདོར་བསྡུས་པ་ལས། གཞན་སྣང་གི་ལེའུ་སྟེ་ལྔ་པའོ།། ༈ །།ཤར་གླིང་དགེ་སློང་ཆེན་པོ་དང་། དྷ་རིན་པུ་རས་སེམས་བསྐྱེད་པ། །ཨུ་རྒྱན་འགར་བ་ཨུ་ཏི་ཏ། །བན་གླང་སྤྱོད་དུ་དྷར་རྨ་ཤྲི། ནུབ་གླིང་གླང་ཆེན་རྒྱལ་པོ་བཏུལ། །ཀ་ལིང་རྒྱལ་པོ་ཟླ་བ་གནོན། །ཆུ་ཀླུང་པད་རྒྱན་དགེ་སློང་མཛད། །ཤར་གླིང་བུ་མོ་ཤེས་རབ་བཟང་། །ཤར་གླིང་རད་ན་ཤི་ལའོ། །ཏྲེ་ཡུལ་ཡབ་ཡུམ་དགེ་འཕེལ་དང་། །སྒོམ་བ་རྒེད་པོ་ལ་མཐུ་ཞུས། བླ་མ་བྷེ་རོས་གདམས་པ་གནངས། །དཔལ་ལྡན་ལྷ་མོ་དངོས་གྲུབ་མཐོང་། །དགྲ་ཤི་གཏང་རག་རྟ་རྒྱུག་བྱས། །སྐ་བྲག་གནས་སུ་རབ་ཏུ་བྱུང་། །བཀྲ་ར་བ་ལ་དམ་ཆོས་གསན། །སྟོད་ལུང་རྒྱ་མར་སྤྱན་སྔར་བྱོན། །ཤར་བ་པའི་གདམ་ངག་ཐོབ། ས་ཕུག་པ་ལ་བསྙེན་པ་རྫོགས། །དཔལ་ཆེན་རྒ་ལོ་ཨ་སིང་བསྟེན། །སྒོམ་ཚུལ་སྒྲོལ་མ་དཀར་མོར་གཟིགས། །བླ་མ་ལྷ་རྗེ་སྒོམ་ཆུང་མཇལ། །རྗེ་བཙུན་རས་ཆུང་མན་ངག་ཞུས། །སྤེན་ཕུག་ཡང་ཁང་བ་དང་མཇལ། གཤེན་དང་ར་ལྗགས་དངོས་སུ་བསྟེན། །འོལ་ཀར་མཁའ་འགྲོས་འཚོ་བ་དྲངས། །ལྷ་རྗེ་དགྱེས་པའི་རྡོར་རྗེར་གཟིགས། །མོན་དུ་སྟག་གིས་སྐོར་བ་བྱས། །ཕག་རི་ཁར་ནི་ཐོག་ཟློག་པ། །ལ་སྟོད་དགེ་ཚུལ་སྤུན་དང་མཇལ། བྱ་བཟང་བསྒོམས་པས་ཡོན་ཏན་འཕེལ། །ཤ་མེད་གངས་ཀར་བསྙེན་བཀུར་བགྱིས། །སྙེ་མོར་ལམ་དུ་མཁའ་འགྲོས་མཆོད། །བླ་མ་རྫོང་པའི་གདམས་པ་ཞུས། །རྫོང་ཆུང་གསུམ་གྱིས་ལྷ་རྗེ་གཟིགས། །གྲུ་བཞིར་ཕག་མོ་ཞལ་གཉིས་མ། །ཡང་དེར་སྦྲུལ་གྱིས་མིད་པ་རྨིས། །ངོས་བཟང་རིང་སྲེལ་མང་པོ་བྱོན། །བྱང་ལམ་དྷ་མ་རུ་ཕྱིར་བྱོན། །གནས་ནང་དགྱེས་རྡོར་ལྷ་དགུ་གཟིགས། །ཡང་དེར་དགྱེས་རྡོར་ཡབ་ཡུམ་མཐོང་། །པོམ་ཕུག་ཕག་མོ་མཁའ་སྤྱོད་མ། །སྒྲོལ་མ་དཀར་མོ་དེ་བཞིན་ནོ། །རྡོ་རྗེ་གདན་དུ་སྒོམ་ཚུལ་མཇལ། །ཕག་མོ་ཕྱག་སྤྱན་སྟོང་ཕྲག་མ། ལྷ་རྗེ་གཙོ་འཁོར་གསུམ་པ་དང་། །བདག་མེད་ལྷ་མོ་བཅོ་ལྔ་པ། །སློབ་དཔོན་རྡོ་རྗེ་དྲིལ་བུ་པ། འཕགས་པ་མི་གཡོ་ཡུམ་དང་བཅས། །དགའ་ལྡན་བྱམས་པས་ཆོས་གསུང་གསན། བདུད་རྩི་འཁྱིལ་པ་ཡབ་དང་ཡུམ། །མཁའ་འགྲོ་མེ་ཏོག་འཕྲེང་བ་སྦྲེང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་མང་། །བྱ་སྐྱིབས་བྲག་ལ་ལྷ་རྗེ་ཕྲད། །སྒྱུ་འཕྲུལ་ཆེན་མོ་འཁོར་དང་བཅས། །མཁའ་འགྲོའི་པི་ཝང་སྦྲེང་བའི་སྒྲ། རབ་གནས་མེ་ཏོག་རང་འཐོར་བ། །ལ་དྲུག་རབ་གནས་ཤིན་ཏུ་ལེགས། །གནས་ནང་མགོན་པོ་གྲི་གུག་འཛིན། །ཡང་དེར་རྗེ་བཙུན་ཡིད་ལ་གཟིགས། །ཁ་ཆེ་ཏྲིག་བརྟན་ངོ་མཚར་བ། །ཀཾ་པོར་གཟའ་ཡི་བར་ཆད་བཟློགས། རྡོ་རྗེ་དཔལ་བརྩེགས་བྲན་དུ་བཀོལ། །དཔལ་མཆོག་རྟ་མགྲིན་ལྷ་ལྔ་པ། །མདོ་ཁམས་སྒང་སྟོད་གཞན་དོན་མཛད། །ལྷ་ལུང་ཡི་གེ་དྲུག་པ་དང་། །བྱ་ལོ་རྒྱ་གར་ཚོགས་ལ་བྱོན། །ལ་སྟོད་ཐང་ཅུང་སྟོན་པས་མཐོང་། །དེར་ཡང་འགར་བས་སེམས་བསྐྱེད་ཞུས། །དེ་རྗེས་མཁན་བུ་ཡིན་བར་ངེས། །ལུས་འཕགས་མེ་ཏོག་ཤེས་རབ་བཟང་། །བྲམ་ཟེ་རྒྱལ་བ་ཤེས་རབ་ཡིན། །སྐྱེ་འདིར་མེ་ཉག་ཡུལ་དུ་བསྟན། །མཚལ་པའི་འཁྲུག་པ་དུམ་བར་བྱས། །འབུ་ཏན་ཏར་ནི་རྒྱལ་པོ་མཇལ། །མདོ་བོར་རྡོ་རྗེ་ཕག་ཞལ་བཞི། །བཀའ་རྒྱ་ལན་གསུམ་བཏབས་པ་དང་། །རི་བོ་རྩེ་ལྔར་བྷེ་རོ་མཐོང་། །སྒྲོལ་མ་ཆེན་མོ་ཞལ་དངོས་མཇལ། །འཁོར་ལོ་བདེ་མཆོག་དཀྱིལ་འཁོར་ལོ། །ཐུགས་རྗེ་ཆེན་པོ་ཕྱག་སྤྱན་སྟོང་། འཁོར་ལོ་སྡོམ་པ་ཡབ་དང་ཡུམ། དབང་བསྐུར་མཛད་པས་མཐོང་སྣང་མང་། གསང་བ་འདུས་པའི་དཀྱིལ་འཁོར་དང་། རྡོ་རྗེ་ཕག་མོ་ཞལ་ཅིག་མ། དཔལ་ཆེན་སྒྲ་ནག་དཀྱིལ་འཁོར་སྟེ། སྒོམ་སྐྱོན་སེལ་ཙེ་རེ་རེ་བྱོན། དཔལ་ཀྱི་རི་ལ་ས་ར་ཧ། མངའ་བདག་མེ་ཏྲི་གདམས་པ་སྨྲ། རྨི་ལམ་མགོན་པོ་གསལ་བར་གཟིགས། སྤྲུལ་པ་ལན་དེའི་རྣལ་འབྱོར་པ། མངའ་རིས་གནས་ཀྱི་དགེ་སློང་དང་། རྒྱ་གར་ཤར་ཕྱོགས་རྣལ་འབྱོར་པ། ཤར་ཕྱོགས་གླིང་ན་རྒྱལ་པོའི་སྐུ། འདི་རྟག་མཁའ་འགྲོ་གོང་དུ་མཁྱེན། སློབ་མ་རྣམས་ལ་ཞལ་ཚེམས་བསྟན། སྐུ་གཤེགས་ཆོ་འཕྲུལ་དུ་མ་བྱུང་། གདུང་བཞུས་སྐྱེ་བོ་ཤིན་ཏུ་དད། མཆོད་རྟེན་འབྲས་སྤུངས་བྱིན་རླབས་ཆེ། དིང་སང་རྒྱ་གར་ཀར་ཏེར་བཞུགས། །དེ་རྗེས་ལྷོ་བྲག་གྲུབ་པར་བྱོན། །སླར་ཡང་ཤར་ཕྱོགས་མཆོད་རྟེན་བདུན། བྱམས་པའི་རྗེས་ཀྱི་སེང་གྷེ་ཡིན། བྱ་རྐང་རི་ལ་སྒོམ་ཆུང་སྐྱེས། ཀོང་ཀ་ན་ཡུལ་སྒོམ་ཚུལ་བཞུགས། པད་མ་ཅན་གྲོང་ལྷ་རྗེ་བལྟམས། དེ་ལ་སྤྲུལ་པ་གསུམ་ཡང་ཡོད། ཐ་མར་ནི་སྟོང་དུ་སངས་རྒྱས་གསུངས། རིན་པོ་ཆེའི་རྣམ་པར་ཐར་པ་བརྒྱ་ཙ་བརྒྱད་པ། །ཤོ་ལོ་ཀ་ཉི་ཤུ་རྩ་བདུན་པ་རྫོགས་སོ།། །།ཨཱོཾ་སྭཱ་སྟི། ཚོགས་རྫོགས་མཆོག་དང་ཐུན་མོང་བརྙེས། དུས་གསུམ་མཁྱེན་ཅིང་ལྷ་ཚོགས་དཔག་མེད་གཟིགས། རང་གཞན་གཉིས་ཀྱི་དོན་རྣམས་གྲུབ་མཛད་པའི། བླ་མ་རིན་པོ་ཆེའི་གསུང་བཞིན་བཀོད། །དུས་གསུམ་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ། ཐམས་ཅད་ཀུན་ལ་ཁྱད་པར་དུ་འཕགས་པ། འཛམ་བུ་གླིང་གི་རྒྱན་ཆེན་པོ། མཆོག་དང་ཐུན་མོང་གི་དངོས་གྲུབ་མངའ་བ། ཡིད་བཞིན་ཡི་ནོར་བུ་རིན་པོ་ཆེ་ལྟ་བུ་རྣལ་འབྱོར་ཡི་དབང་ཕྱུག་ཆེན་པོ། མིའི་སེང་གེ་ཆོས་ཀྱི་རྒྱལ་པོ། དམ་པ་སྐྱེས་མཆོག །འགྲན་ཀྱི་དོ་མེད། སངས་རྒྱས་མངོན་གསུམ་དུ་བྱོན་པ་། དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་ཟམ་པ་མ་ཆད་པ། གདམས་ངག་གི་བཀའ་སོ་མ་ཉམས་པ། ཡོན་ཏན་ཐམས་ཅད་དང་ལྡན་པའི། བླ་མ་རིན་པོ་ཆེ་གནས་ནང་བ་ལ། འདས་པ་དང་། མ་བྱོན་བ་དང་། ད་ལྟར་གྱི་སྐུ་ཅི་སྟར་འཁྲུངས་པའི་འཁྲུངས་རབ་ཞུས་པ་ལ། གྲུབ་ཐོབ་སྐྱེས་བུ་ཆེན་པོ་དེའི་ཞལ་ནས། འདས་པའི་དུས་ཀྱི་སྐྱེ་བ་རྣམ་པ་དགུ། མ་འོངས་པའི་སྐྱེ་བ་གསུམ། ད་ལྟར་གྱི་འདི་དང་སྤྱིར་བཅུ་གསུམ་གསུངས་པ་ལགས། དེ་ལ་དང་པོ་ནི་ལྷོ་འཛམ་བུ་གླིང་དང་ནུབ་བ་གླང་སྤྱོད་གཉིས་ཀྱི་བར་ན། གླིང་ཕྲན་འདའ་རི་ཐང་ཞེས་བྱ་བར་སྐྱེས་ནས། བླ་མ་ལྷ་རྗེ་འདི་རྣལ་འབྱོར་པ་སུ་ར་པ་ཅེས་བྱ་བར་བཞུགས་པ་ལ། ངས་སྨོན་འཇུག་ཏུ་སེམས་བསྐྱེད་པ་ཞུས་གསུང་ངོ་། གླིང་དྷ་རི་ཐང་དུ་སྐུ་འཁྲུངས་པའི་ལེའུ་སྟེ་དང་པོའོ། །དེའི་རྟིང་ལ་འཛམ་བུ་གླིང་གི་ནུབ་ཕྱོགས་གླིང་ཟུར་ཏར་ཏི་ཏ་ཞེས་བྱ་བར་འགར་བའི་རིགས་ཀྱི་རང་བཞིན་གྱི་རྣལ་འབྱོར་པ། ཨུར་ཏི་ཏར་གྱུར་ནས་སློབ་དཔོན་མེད་དེ། རི་ཁྲོད་དང་དགོན་པར་བསྒྲུབས་ལ་བརྩོན་པ་ཆེན་པོ་བྱས་གསུངས། གླིང་ཟུར་ཏར་ཏི་ཏར་སྐུ་འཁྲུངས་པའི་རབ་ཏེ་ལེའུ་གཉིས་པའོ། །དེའི་རྟིང་ལ་ནུབ་བ་གླང་སྤྱོད་དུ། བྲམ་ཟེའི་རིགས་ཀྱི་དགེ་སློང་དྷརྨ་ཨ་ཏི་ཏ་སྟེ། གསང་མཚན་དྷ་རྨ་ཤྲི་ཞེས་པར་སྐྱེས་ནས། བླ་མ་ཏེ་ལོ་པ་ལ་རྗེས་སུ་གདམས་པ་ཞུས་ཏེ། སེམས་ཅན་འགའ་ལ་ཕན་བཏགས་གསུང་ངོ་། བ་གླང་སྤྱོད་དུ་སྐུ་འཁྲུངས་པའི་རབས་ཏེ་གསུམ་པའོ། །དེའི་རྟིང་ལ་ཡང་ནུབ་བ་གླང་སྤྱོད་དུ། ད་རེས་ཀྱི་ཡོན་བདག་སྐྱ་དགོན་པ་འདི། མུ་སྟེགས་ཀྱི་སྡིག་སྤྱོད་ཀྱི་རྒྱལ་པོ་དྷ་རྨ་ཤི་ལ་བྱ་བར་སྐྱེས་ནས། སེམས་ཅན་ལ་གདུག་ཅིང་ཁྱད་པར་དུ། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་གཅིག་ཡིན་ཏེ། དེ་ངན་སོང་ནས་འདོན་པའི་ཆེད་དུ། དེའི་ནོར་གླང་པོ་ཆེ་བདུན་བརྒྱ་ཡོད་པའི་ནང་དུ་ཁྱད་པར་དུ་སྟོབས་ཆེ་བའི་ཁྱུ་མཆོག་གཅིག་ཏུ་སྐྱེས་བ་བླངས་ཏེ་གནས་པ་ལས། ལན་གཅིག་དམག་གི་དཔུང་ཆེན་པོ་དང་བཅས་པ་ཆེན་པོ་གཅིག་སོང་བའི་ལམ་དུ་རྒྱལ་པོས་གླང་པོ་ཆེ་ལ་ཞོན་ནས་ཁྱུ་མཆོག་དེས་བརྫིས་ནས་བསད་པས་ཕྱིར་སྐྱེ་བ་འགར་ངས་དགེ་བ་ལ་བཀོད་གསུངས་ངོ་། བ་གླང་སྤྱོད་དུ་གླང་པོ་ཆེར་སྐུ་འཁྲུངས་པའི་རབས་ཏེ། ལེའུ་བཞི་པའོ།། །།དེའི་རྟེང་ལ་འཛམ་བུ་གླིང་གི་བྱང་མཐའ་ཟད་པའི་བྱང་ཤར་གྱི་འཚམས་ཆུ་ཀླུང་པད་མས་བརྒྱན་པ་ཞེས་བྱ་བར་བྲམ་ཟེ་ས་རྫ་ནའི་མཁན་བུ་དགེ་སློང་དྷ་རྨ་ཀིར་ཏི་ཞེས་བྱ་བར་སྐུ་འཁྲུངས་ནས། རི་བྱ་སྐྱིབས་ཅན་དུ་སློབ་དཔོན་དྷོཾ་བྷི་པ་ལ་གསོལ་བ་བཏབས། ངའི་དགེ་སློང་གི་སློབ་དཔོན་ནི་པན་ཊི་ཏ་གཅིག་ཡིན་ཏེ། ད་རེས་ཀྱི་དགེ་བཤེས་ཕྱ་པ་འདི་ཡིན་གསུངས། ངས་ཀྱང་གཞན་གྱི་མཁན་པོ་བྱས་ཏེ། ངའི་མཁན་བུ་ཡང་། དགེ་བཤེས་ཤེས་རབ་བརྩོན་འགྲུབ་དང་། རིན་ཆེན་རྒྱལ་མཚན་དང་། མདོག་མཁས་པ་དང་། མེ་གེ་ཇོ་སྲས་དང་བཞི་ཡིན། དགེ་བཤེས་རྡོ་རྗེ་སེང་གེ་བྱ་བའི་སློབ་མ་ཡིན། ད་དུང་ཡང་ཁོང་གི་དྲུང་དུ་སྐྱེ་བར་འདུག་གསུངས་སོ། །ཆུ་ཀླུང་པད་མ་ཅན་དུ་སྐུ་འཁྲུངས་པའི་རབས་སྟེ། ལྔ་པའོ།། དེའི་རྟིང་ལ་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ཀ་ལིང་ཀར། རྒྱལ་པོ་ཟླ་བས་རྣམ་པར་གནོན་པ་ཞེས་བྱ་བར་སྐྱེས། དེའི་སློབ་དཔོན་ནི་སངས་རྒྱས་ཡེ་ཤེས་ཞབས་སྟེ། བླ་མ་ལྷ་རྗེ་ཡིན། དེའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཨ་བ་དྷུ་ཏི་སྟེ། རྗེ་བཙུན་མི་ལ་ཡིན། གསང་འདུས་ཀྱི་ལོ་རྒྱུས་དང་མི་མཐུན། རྒྱལ་པོ་རྒྱ་གར་ལྷོ་ཕྱོགས་ཀྱི་དཔལ་ལྡན་འབྲས་ཕུང་གི་མཆོད་རྟེན་ལ་བསྐོར་པ་ལ་ཕྱིན་པའི་ལམ་དུ་ནམ་མཁའ་ལ། སྒྲ་གཅིག་གྲག་པ་ན་རེ་ཁྱོད་ཀྱིས་ད་རུང་དངོས་གྲུབ་མི་ཐོབ་པར་འདུག་པས། ཕྱིར་ལོག་ལ་འདུས་བྱས་ཀྱི་དགེ་བའི་རྩ་བ་གྱིས་ཟེར་བ་ཐོས། དེར་དགེ་འདུན་གྱི་སྡེ་བཙུགས་འདུས་བྱས་ཀྱི་དགེ་རྩ་མང་དུ་བྱས་ནས། སླར་མཆོད་རྟེན་ལ་བསྐོར་བ་མང་དུ་མཛད་པས། ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ། སྔར་འགྲོ་དུས་སུ་ཁྱི་གཉིས་ཕྱིར་འབྲེངས་པས་ཀྱང་ཐུན་མོང་གི་དངོས་གྲུབ་མང་དུ་ཐོབ་ནས་ད་ལྟ་ཨུ་རྒྱན་དུ་འཇིག་རྟེན་གྱི་མཁའ་འགྲོ་མ་གཞན་པས་གདུག་རྩུབ་ཆེ་བ་གཉིས་སུ་སྐྱེས་ནས་ཡོད། དེ་དུས་ཀྱི་རྒྱལ་པོའི་འཁོར་དང་། ཀར་ཏི་ཀ་དང་། ས་སྨད་ཀྱི་མི་མང་པོ་འདི་ན་སྐྱེས་ན་ཡོད། དེའི་ཚེ་སྟོན་པ་སངས་རྒྱས་དང་། དགེ་བཤེས་རིན་ཆེན་རྒྱལ་མཚན་གཉིས་ལ་ཐུན་མོང་གི་དངོས་སྒྲུབ་མང་པོ་ཡོད། ད་ལྟ་མེད་པ་ནི་དེ་དུས་བསྒྲུབ་པའི་ཡུན་ཐུང་ཡིན་པས་ལན། དུས་དེར་ཁྱེད་བཅུ་གསུམ་ཀྱིས་སྔ་ཕྱིར་གསོལ་བ་ཐེབས་སྟེ། སྟོན་པ་སངས་རྒྱས་དང་། རིན་ཆེན་རྒྱལ་མཚན་དང་། ཡོན་ཏན་འོད་དང་། ཡོན་ཏན་བླ་མ་དང་། དགེ་འདུན་གྲགས་དང་། སྨོན་ལམ་བླ་མ་དང་། དབུས་ན་ཡོད་ལ། ཏྲེ་ནའང་གཅིག་ཡོད་གསུང་། ཡུལ་ཀ་ལིང་ཀར་སྐུ་འཁྲུངས་པའི་རབས་སྟེ། དྲུག་པའོ། །དེའི་རྗེས་ལ་འཛམ་བུ་གླིང་གི་དབུས་རྡོ་རྗེ་གདན་ནས། ནུབ་ཕྱོགས་ཨུ་རྒྱན་དུ་བླ་མ་ཏཻ་ལོ་པའི་སློབ་མ་ནུས་པའི་མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་ཤི་ལ་ཏན་ཏི་ཞེས་བྱ་བ། ཚལ་དང་ནགས་ན་གནས་པ་ཡིན། དེའི་ཚིངས་དབང་བསྐུར་བའི་སློབ་མ་བཞི་ད་ལྟ་འདི་ན་ཡོད། རྡོ་རྗེ་འབུམ་དང་། སྒོ་སྔོན་དང་། ཤཱཀྱ་ཤེས་རབ་དང་། ཆོས་དཔལ་ཡིན་གསུང་ངོ་། །ཨུ་རྒྱན་དུ་སྐུ་འཁྲུངས་པའི་རབས་སྟེ་བདུན་པའོ། །དེའི་རྟེང་དུ་ཤར་ལུས་འཕགས་པོའི་གླིང་དུ། ཡབ་རྒྱལ་པོ་དགེ་བ་བཟང་པོ། ཡུམ་ཤེས་རབ་ཆེན་མོའི་སྲས་མོ་ཤེས་རབ་བཟང་མོར་སྐྱེས། གསང་མཚན་མཚོ་སྐྱེས་བྱང་ཆུབ་བྱ་བ་ཡིན་གསུངས། བུར་སྐྱེས་ན་རྒྱལ་ས་འཛིན་དགོས་ཀྱི་དགོངས་པས་བུ་མོར་སྐྱེས་པ་ཡིན་གསུངས། ཡབ་ཡུམ་ཆུང་ངུ་ནས་ཤི་སྟེ། བླ་མ་ལྷ་རྗེ་འདི་དགེ་སློང་དྷ་རྨ་སི་ཏི་ཅེས་པར་ཡོད་པ་དང་མཇལ་ནས། ཡོ་བྱད་མང་པོ་བླ་མ་ལ་ཕུལ་ཏེ། དགེ་བསྙེན་མ་ཡི་སྡོམ་བ་མནོས་ནས་བསླབས་བྱ་ཚུལ་བཞིན་དུ་བསྲུངས། དེའི་ཚེ་ཁྱེད་མང་པོ་དང་ངའི་གྲོགས་པོ་མང་པོ་ཡང་ཡོད། ཚོགས་གསོགས་གཅིག་གི་དུས་ན། ཕ་དགེ་བ་གྲགས་དང་། མ་དགེ་བ་བཟང་མོའི་བུ་ཁྱེད་སྤུན་བདུན་ཡོད། དགེ་འདུན་འོད་དང་། ཤེས་རབ་བླ་མ་དང་། སྨོན་ལམ་བླ་མ་དང་། ཡོན་ཏན་འོད་དང་། ཡེ་ཤེས་འོད་དང་། ཡེ་ཤེས་འོད་ཟེར་དང་། གཞན་དང་བདུན་སྟེ། སྔ་མ་གསུམ་གྱི་ངའི་ཚོགས་གསོགས་གི་རོགས་ཀྱང་བྱས་གསུངས་སོ། ཤར་ལུས་འཕགས་པོར་སྐུ་འཁྲུངས་པའི་རབས་སྟེ། ལེའུ་བརྒྱད་པའོ། །སྐྱེ་བ་འདི་ཡི་སྔ་པ་ལ་ཤར་ལུས་འཕགས་པོར་དང་ལྷོ་འཛམ་བུ་གླིང་གཉིས་གི་བར་ན། ཤར་ལྷོ་འཚམས་ཀྱི་གླིང་གཡོགས་ཡོངས་སུ་གྲགས་པ་ཀུན་ཀྱི་ནི་མ་ཡིན། ར་ལྟ་པའམ་ར་ཙ་པ་ལ་སྟེ་རྒྱལ་པོ་བཟང་པོའི་གྲོང་ཁྱེར་ཞེས་བྱ་བར། ཡབ་རྗེའུ་རིགས་དྷ་རྨ་སྦས་པ་དང་། ཡུམ་སུ་མ་ཏི་བྱ་བ་ཡིན། ང་རང་སུ་པ་ཏི་འགིར་ཏི་བྱ་བ་ཡིན་ཏེ། ལོ་བརྒྱ་དྲུག་ཅུ་རྩ་བཞི་ཐུབ། དེ་ན་བླ་མ་ལྷ་རྗེ་དཔལ་ཀྱི་སྦས་པ་ཞེས་བྱ་བར་ཡོད་པ་ལ། མ་ཧཱ་མ་ཡ་དང་། སྒྲོལ་མ་ཡིད་བཞིན་འཁོར་ལོ་དང་། རྡོ་རྗེ་སེམས་དཔའི་བསྒྲུབ་ཐབས་ཞུས། ཡོན་ཏན་འོད་དང་། དགེ་འདུན་འོད་དང་། ཡེ་ཤེས་བླ་མ་དང་། སྨོན་ལམ་བླ་མ་དང་། འབྱུང་གནས་བླ་མ་དང་། རྒྱལ་མཚན་བླ་མ་དང་། རྩ་སྟོན་ཚུལ་སིང་དང་། ཏྲེའི་དགེ་བཤེས་དཀོན་དཔལ་དང་། རྡོ་རྗེ་ཤེས་རབ་དང་། བཀའ་གདམས་བ་ཅིག་དང་། བཅུ་ལ་ངས་སྒྲོལ་མ་དེ་བཤད། ངས་བླ་མ་ལྷ་རྗེ་ལ་ཚོགས་འཁོར་གཅིག་ཞུས་པའི་ཚེ་ཁྱེད་ཉི་ཤུ་ཙམ་ཡོད་དེ། དགེ་བཤེས་བཀའ་གདམས་པ་དང་། སློབ་དཔོན་རིན་ཆེན་རྒྱལ་མཚན་དང་། སྟོན་པ་སངས་རྒྱས་དང་། ཉེ་གནས་གཉིས་དང་། དགེ་འདུན་གྲགས་དང་། སྨོན་ལམ་བླ་མ་དང་། རྡོ་རྗེ་ཤེས་རབ་དང་། དགེ་བཤེས་དཀོན་མཆོག་དཔལ་དང་། སྟོན་པ་ཚུལ་སིང་དང་། བཙུན་མ་གཉིས་ཀྱང་ཡོད་པས། གཅིག་ནི་ས་དེ་ན་ཡོད་ལ། གཅིག་ནི་དབུས་སུ་སྐྱེས། ཡོན་བདག་རྒན་པ་བ་འདི་ཁྱིམ་བདག་ཕྱུག་པོ་གཅིག་གི་བུ་ཡིན་པས། ཡོན་བདག་བྱས་ནས་དེ་ནས་འབྲེལ་ཀ་བྱུང་སྟེ། སྐྱེ་བ་འདིར་ཡང་བྱས། ཕྱི་མར་ཡང་བྱེད། མཁན་པོ་སྐ་བྲག་པས་ངའི་མཁན་པོ་ལན་གཉིས་མཛད་སྟེ། སྐྱེ་བ་དེར་ང་དགེ་སློང་རད་ན་ཤི་ལ་ཞེས་བྱ་བ་ཡིན། སློབ་མ་བཀའ་གདམས་པ་ལ་སོགས་པ་ལ། ཆོས་དབང་གི་རབས་འབྱེད་བཤད་པས། དེང་སང་ཡང་ཕན་ཐོགས་སྟེ་ངས་སྤྱོད་པ་ནུས་པའི་རྣལ་འབྱོར་པ་ཡིན། དགེ་བཤེས་པ་ནག་པ་དང་། ཡུལ་བར་པ་དང་། གཞན་གཅིག་དང་། གསུམ་ལ་ངས་སྐྱབས་འགྲོ་དང་འཇུག་པ་སེམས་བསྐྱེད་བྱས། གཅིག་གིས་བསླབ་བྱ་མ་བསྲུངས་པས་ད་ལྟ་ཉིད་ན་སྐྱེས་ནས་ཡོད། མཁས་ཆེན་ནི་པན་ཊིས་ཏ་ཡིན་བས་བྱང་ཆུབ་སེམས་དཔའི་ས་དང་སྡོམ་པ་ཉི་ཤུ་པ་བཤད། དགེ་བཤེས་བླ་མ་འོད་ནི། མདོ་སྨད་སིང་ཚང་བྱ་བ་དེར་སྐྱེས། རྒྱ་གར་གྱི་འགྲམ་ཡིན། དེ་ན་ཁོའི་སྐྱེ་བ་སྔ་པའི་སློབ་དཔོན་གཅིག་ཡོད། །གྲུབ་ཐོབ་ཟེར་ཉན་གཅིག་ཡིན་གསུངས། གླིང་ཕྲན་གྱི་གྲོང་ཁྱེར་ར་ལྟ་པར་སྐུ་འཁྲུངས་པའི་ལེའུ་སྟེ དགུ་པའོ།། སྐྱེ་བ་འདིར་ནི་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་ཀྱི་ལྟེ་བའི་ལྷོ་ཕྱོགས་འཛམ་བུ་གླིང་གི་བྱང་ངོས། ཁ་བ་ཅན་ཀྱི་སའི་སྨད་ཀྱི་ཆ། ཡུལ་ཏྲེ་ཤོད་གངས་ཀྱི་ར་བར། ཡབ་རོས་པོ་སྒོམ་བ་རྡོ་རྗེ་མགོན་ཞེས་བྱ་བ་དང་། ཡུམ་སྒ་ལྕམ་མོ་མིང་འདྲེན་ཞེས་བྱ་བའི་སྲས་མཚན་དགེ་འཕེལ་ཞེས་བྱ་བ་སྐུ་བལྟམས་ནས། སྔོན་ཀྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱིས་བསྐུལ་ནས། སྔར་ཡང་ཐུབ་པ་ཆེན་པོའི་བསྟན་པ་ཡར་གྱི་ངོ་ལྟར་དར་ཅིང་རྒྱས་པར་བྱ་བ་དང་། གདུལ་བྱ་བ་གང་ཟག་སྐལ་བ་དང་ལྡན་བ་རྣམས་སྨིན་གྲོལ་ལ་དགོད་པར་བྱ་བའི་ཕྱིར། དགུང་ལོ་བཅུ་དྲུག་ལ་ཏྲེ་སྐ་བྲག་དཀོན་མཆོག་འབྱུང་གནས་ཞེས་བྱ་བའི་ཆོས་སྐོར་ཆེན་པོ་དེར། ཡོངས་ཀྱི་དགེ་བའི་བཤེས་གཉེན་མཆོག་གི་བླ་མས་མཁན་པོ་མཛད། དགེ་བའི་བཤེས་གཉེན་སེང་གེ་གྲགས་ཀྱིས་སློབ་དཔོན་མཛད་ནས། རབ་ཏུ་བྱུང་ནས་བཙུན་པར་བགྱིས། མཚན་ཆོས་ཀྱི་གྲགས་པར་བཏགས། དེ་ནས་ཐོས་བསམ་ལ་ཡུལ་དབུས་སུ་བྱོན་ནས་བླ་མ་ལྷ་རྗེ་དང་མཇལ་ནས། ཡང་དག་པའི་གདམ་ངག་ཞུས་ནས། བསྒྲུབ་པ་ལ་ནན་ཏན་མཛད་ནས། རྟོགས་པ་མཐར་ཕྱིན་པ་མཛད། གཞན་ཡང་གྲུབ་ཐོབ་ཀྱི་བླ་མ་ངོ་མཚར་ཅན་དཔག་ཏུ་མེད་པ་དང་མཇལ་ནས། དེ་རྣམས་ཀྱི་བཅུད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དོན་ཅི་ལྟར་བར་ཐུག་སུ་ཆུད་ནས། མཆོག་དང་ཐུན་མོང་གི་དངོས་སྒྲུབས་རྣམ་པ་གསུམ་རྙེད་ཏེ་ཡོན་ཏན་གང་གའི་ཀླུང་གི་བྱེ་མ་སྙེད་དང་ལྡན་བར་གྱུར་ཏོ། །དེ་ལྟ་བུའི་སྐྱེས་ཆེན་སྤྲུལ་པའི་སྐུ་ཆེན་པོ་དེས། མཐར་གྱི་སྟོད་ལུང་མཚུར་བཞུགས་ཏེ། ཁ་བ་ཅན་ཀྱི་གང་ཟག་སྐལ་བ་དང་ལྡན་བ་རྣམས། དེར་འཚོགས་ནས་སྨིན་པ་དང་གྲོལ་བ་མཛད་དོ། །ཡུལ་ཏྲེ་ཤོད་དུ་སྐུ་འཁྲུངས་པའི་ལེའུ་སྟེ་བཅུ་པའོ། །སྐྱེ་བ་འདི་ཡི་འོག་མར་གཞན་དོན་གང་དུ་མཛད་ཞུས་པས། རྒྱ་གར་གྱི་ཡུལ་ཀ་རྣ་པ་ན་པ་དང་ནུབ་ཕྱོགས་ཨུ་རྒྱན་ཀྱི་བྱང་ཤར་ཀར་ཏི་ཀའི་གྲོང་ཁྱེར་ན། ཡབ་དྷར་རྨ་སི་ཏི་དང་། ཡུམ་མ་ཧཱ་པྲད་ཛྙྱ་ཤི་ལ་ཞེས་བྱ་བའི་སྲས། རྣལ་འབྱོར་པར་སྐྱེས། བླ་མ་ལྷ་རྗེ་གྲོང་ཁྱེར་པད་མ་ཅན་དུ་མངལ་སྐྱེས་སུ་མཚན་ཞི་བའི་གོ་ཆ་བྱ་བར་སྐྱེས། དེའི་མུ་སྟེགས་ཀྱི་པན་ཏི་ཏ་གཅིག་གིས་ཤེས་པའི་བདག་པོ་བྱས། བླ་མ་ལྷ་རྗེས་ཤེས་བྱའི་བདག་པོ་བྱས་ནས་བཙད་པས། བླ་མ་རྒྱལ་ནས་མུ་སྟེགས་པ་ནང་པ་སངས་རྒྱས་པར་ཆུད། མིང་དྷར་རྨ་ར་ཙར་བཏགས། དེའི་མུ་སྟེགས་ཀྱི་རྒྱལ་པོ་དེའི་མིང་མ་ཧ་ཛི་ན་ཡིན། གྲོང་ཁྱེར་ཀར་སྟི་ཀ་ན་པན་ཏི་ཏ་བོ་འདི་བཛྭ་ཅེས་པ་ནང་ན་ཡོན་ཏན་བཟང་པོ་ཡོད་པ་གཅིག་ཡོད། བླ་མ་ལྷ་རྗེ་དང་། དགེ་བསྙེན་བསྒོམ་ར་དང་། ཞི་མཛེས་དང་། གར་སྟོན་དང་། གསེར་ཁུངས་ཡེ་ཤེས་སྙིང་པོ་དང་། ཡ་ཟི་སྔོན་མོ་དང་། རྒྱ་ཆེ་ཆུང་གཉིས་དང་། གྲགས་མཛེས་དང་། ཉག་ལྡེ་སྟོན་པ་དང་། རོག་སྒོམ་དང་། ཡོན་ཏན་སྙིང་པོ་སྟེ། རིག་པ་རཏལ་ཤུགས་ཀྱི་སྤྱོད་པ་ནུས་པ་དྲུག་ཡོད་པ། མུ་སྟེགས་ཀྱི་རྒྱལ་པོ་བཏུལ་བ་དང་། ཡུལ་ཀར་ཏི་ཀའི་རྒྱལ་པོ་པན་ཏི་ཏས་བཏུལ་བ་གཉིས་དུས་གཅིག་ཡིན། བླ་མ་ལྷ་རྗེ་དང་། ནང་པའི་པན་ཏི་ཏ་དང་། མུ་སྟེགས་ཀྱི་པན་ཏི་ཏ་དང་། གསུམ་ཀ་རྒྱལ་པོའི་མཆོད་གནས་ཡིན། གྲོང་ཁྱེར་པད་མ་ཅན་དང་། ཀར་ཏི་ཀ་གཉིས་ཀྱི་བར་ན། གྲོང་ཉུང་ངུ་གཅིག་ཡོད་དེ་ཡུལ་ཕྱོགས་དེ་ཐམས་ཅད་མུ་སྟེགས་པ་ཡིན་པ་ལ། མ་ལུས་པ་ནང་པ་སངས་རྒྱས་པ་བྱས། གྲོང་ཁྱེར་གཉིས་ཀྱི་བར་ན་ཉིན་ལམ་གཉིས་ཙམ་ཡོད། ང་དང་བླ་མ་ལྷ་རྗེ་ཡང་མཇལ། ཡོན་བདག་དགོན་པའང་དེ་ན་བློན་པོ་གཅིག་གི་བུར་སྐྱེས་ནས་རབ་བྱུང་བྱས། ཁྱེད་འགའ་ཡང་གྲོང་ཁྱེར་ཀ་རྣ་པར་སྐྱེས་སྟེ། ཡོན་ཏན་འོད་དང་། དགེ་འདུན་འོད་དང་། སྨོན་ལམ་བླ་མ་དང་། ཡེ་ཤེས་འོད་དང་། སྟོན་པ་ཚུལ་སེང་དང་། དགེ་འདུན་གྲགས་དང་། བདུན་ལྷན་ཅིག་ཏུ་རྗེའུ་རིགས་སུ་སྐྱེས། གྲོང་ཁྱེར་གསུམ་ཡང་ཕྱོགས་གཅིག་གི་ཐབས་སུ་ཡོད། གཞན་ཡང་ཡུལ་ཕྱོགས་དེར། སློབ་དཔོན་རིན་ཆེན་རྒྱལ་མཚན་དང་། སྟོན་པ་སངས་རྒྱས་དང་། སྟོན་པ་བྱང་གྲགས་དང་། སྟོན་བསོད་དང་། དཔོན་དར་མ་ར་ཙ་དང་། ཤཱཀྱ་ཤེས་རབ་དང་། སྒོམ་སྔོན་དང་། རྡོ་རྗེ་འབུམ་དང་། དགེ་བཤེས་རིན་ཆེན་གྲགས་དང་། དབང་ཕྱུག་གྲགས་དང་། འོད་ཟེར་བླ་མ་དང་། ཡོན་ཏན་བླ་མ་དང་། དར་མ་སེང་གེ་དང་། རྡོ་རྗེ་བརྩོན་འགྲུས་དང་། བྱང་པ་ལྷ་བཟོ་དང་དེ་ལ་སོགས་པ་མང་པོ་སྐྱེ། ཁྱེད་མང་རབ་བླ་མ་ལྷ་རྗེ་དང་། མཇལ་རྒྱུ་ཡིན་པ་ལ་མ་མཇལ་ཏེ། སྐྱེ་བ་ཕྱི་མ་ལ་མཇལ་ནས་འོང་གསུངས། ཨུ་རྒྱན་བྱང་ཕྱོགས་ཀར་ཏི་ཀར་སྐུ་འཁྲུངས་པའི་ལེའུ་སྟེ། བཅུ་གཅིག་པའོ། །དེའི་ཕྱི་མ་ལ་སྐྱེ་བ་གར་སྐྱེས་ཞུས་པ་ལ། བོད་ཡུལ་དབུས་སུ་ལྷོ་བྲག་གྲུབ་པའི་གནས་བདུན་ཅེས་པར་སློབ་མ་གཅིག་གི་དོན་དུ་སྐྱེ་སྟེ། ཡུན་རིང་པོ་མི་བཞུགས། ཁྱེད་འགའ་དང་དེར་ཕྲད་གསུངས། ལྷོ་བྲག་གྲུབ་པའི་གནས་བདུན་དུ་སྐུ་འཁྲུངས་པའི་ལེའུ་སྟེ། བཅུ་གཉིས་པའོ།། །།དེའི་ཕྱི་མ་ལ་སྐྱེ་བ་གར་བཞེས་ཞུས་པ་ལ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། རྒྱ་གར་ལྷོ་ཕྱོགས་ཨུ་ཏུང་བྱ་བར། མཁའ་འགྲོ་མའི་གནས་ཀོ་ཀ་བྱ་བ་ཡོད་པ་དེར་སྐྱེ། ས་ཕྱོགས་དེ་ན་པ་ཏ་ལ་ཞེས་བྱ་བའི་གྲོང་ཁྱེར་དུ། ཡོན་བདག་དགོན་པ་བ་རྒྱལ་པོར་སྐྱེས་ནས། ལམ་རྣལ་མ་དེར་གཟོད་ཆུད། ཁྱེད་རྣམས་དང་ཡང་དེར་ང་དང་མཇལ་ནས། གཟོད་ང་མི་དགོས་པ་མང་པོ་ཡང་འབྱུང་། འགྲོ་བ་གཞན་མང་བ་ལ་ཡང་ཕན་བར་འདུག་གསུངས། དེ་ལྟ་བུའི་སྤྲུལ་པ་སྣ་ཚོགས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ནི། སེམས་ཅན་གྱི་ལས་མ་ཟད་ཀྱི་བར་དུ། ནོར་བུ་རིན་པོ་ཆེ་ལྟ་བུར་འབྱུང་སྟེ། བརྗོད་པ་དང་བྲི་བས་མི་ལངས་སྟེ། འདིར་ནི་ཉུང་ཟད་ཙམ་གཅིག་མདོར་བསྡུས་ཏེ་ཡི་གེར་བཀོད་པ་ལགས་སོ། །རྒྱ་གར་ཤར་ཕྱོགས་ཀྱི་འཇིག་རྟེན་དུ་སྐུ་འཁྲུངས་པའི། ལེའུ་སྟེ་བཅུ་གསུམ་པའོ།། རྫོགས་སོ། །སེམས་དཔའ་ཆེན་པོའི་སྐྱེས་རབ་གསེར་གླིང་འདི། །གུས་བཅས་སྐྱེས་བུས་གཅེས་སྤྲས་མཛད་ཅིང་ལྟོས། འགལ་གྱུར་བློ་རྒྱ་ཆུང་ན་བཟོད་པར་གསོལ། །དགེ་བས་འགྲོ་ཀུན་རྗེའི་གདུལ་བྱར་ཤོག །།ན་མོ་གུ་རུ། དྷརྨ་འགིར་ཏི་ཡི་ཡོན་ཏན་དཔག་མེད་མཐའ་ཡས་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་གཅིག་མི་བརྗེད་གཟུངས་སུ་བཀོད། །དེ་ལས་བྱུང་བའི་དགེ་བ་དྲི་མེད་དེས། །འགྲོ་ཀུན་བླ་མའི་གདུལ་བྱར་གྱུར་ནས་ཀྱང་། ཤེས་རབ་དྲི་མེད་ཆོས་སྐུ་རྟོགས་འགྱུར་ཏེ། །མ་རིག་སེམས་ཅན་སྲིད་མཚོ་ལས་གྲོལ་ཤོག །ཧེ་ཧེ།། ཞུས་སོ།། ༈ །།ན་མོ་གུ་རུ། རང་བྱུང་ཡེ་ཤེས་དབྱིངས་ལས་རིན་པོ་ཆེ། །བདག་གཞན་དོན་ལ་མཁྱེན་པའི་བློ་གྲོས་རྒྱས། །ཐུགས་རྗེའི་འོད་ཟེར་རྣམ་འཕྲུལ་མང་པོ་ཡིས། །རྟག་ཏུ་འགྲོ་དོན་གཟིགས་ལ་ཕྱག་འཚལ་ལོ། །འཛམ་བུ་གླིང་དང་བ་གླང་སྤྱོད་ཀྱི་བར། གླིང་ཕྲན་རིན་ཆེན་ཞེས་བྱར་སྐུ་འཁྲུངས་ནས། །སུ་ར་པ་ཡིས་ཐེག་པ་མཆོག་ལ་བཀོད། །དམ་བཅས་གོ་ཆ་བགོས་ལ་ཕྱག་འཚལ་ལོ། །འཛམ་གླིང་ནུབ་ཕྱོགས་གླིང་ཟུར་ཏར་ཏི་ན། །འགར་བའི་རིགས་སྟེ་རྣལ་འབྱོར་ཨ་ཏི་ཏ། །བསྒྲུབ་པ་གཞན་ཀྱི་དྲིང་ལ་མི་འཇོག་པའི། །རི་ཁྲོད་དགོན་པར་གནས་ལ་ཕྱག་འཚལ་ལོ། །ནུབ་གླིང་སྐུ་བལྟམས་དགེ་སྦྱོང་དག་པའི་ཚུལ། །རྗེས་བཟུང་འདྲེན་པའི་བླ་མ་ཏེ་ལོ་པ། །འགྲོ་བའི་དེད་དཔོན་དྷ་རྨ་ཨ་ཏི་ཏ། །རྒྱལ་སྲས་རྩེ་བ་ཅན་ལ་ཕྱག་འཚལ་ལོ། །ནུབ་གླིང་བ་གླང་སྤྱོད་དུ་སྐུ་འཁྲུངས་ནས། །ཁྱུ་མཆོག་བདུན་བརྒྱའི་ནང་ནས་སྟོབས་ལྡན་བའི། །སྨོན་ལམ་ཆེན་པོས་གླང་ཆེན་སྐུར་སྤྲུལ་ནས། སྡིག་སྤྱོད་རྒྱལ་པོ་སྒྲོལ་ལ་ཕྱག་འཚལ་ལོ། །འཛམ་གླིང་བྱང་ཤར་ཆུ་ཀླུང་པད་མས་བརྒྱན། །ས་རྫ་ན་ལ་ལེགས་སྤྱོད་ཚུལ་ཁྲིམས་བླངས། །དཔལ་ལྡན་ལྡོམ་བྷིས་བྱིན་རླབས་རཏལ་ཤུགས་ཅན། །དགེ་སློང་གཞན་ཀྱི་དཔལ་ལ་ཕྱག་འཚལ་ལོ། །ཀ་ལི་ཀའི་རྒྱལ་པོ་གཟའ་བྲལ་མཚན། །ཡེ་ཤེས་ཞབས་ཀྱིས་དངོས་སྒྲུབས་བྱིན་རླབས་ཤིང་། །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གུས་བཅས་པའི། །ལུང་བསྟན་དངོས་གྲུབ་བརྙེས་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་དབེན་གནས་ནུབ་ཕྱོགས་ཨུ་རྒྱན་དུ། །ཏཻ་ལོའི་བྱིན་རླབས་ནུས་པའི་མཆོག་གྱུར་པའི། །མཚལ་གསེབས་ནགས་གནས་ཤི་ལ་ཏན་ཏྲ་ཞེས། །རྣལ་འབྱོར་དབང་ཕྱུག་སྐྱོང་ལ་ཕྱག་འཚལ་ལོ། །རྒྱལ་པོའི་བུ་མོ་ཚངས་སྤྱོད་ཤར་གླིང་པ། རྒྱལ་སྲིད་རིན་ཆེན་བདུན་ཀྱི་དགེ་བའི་བཤེས། །རབ་ཏུ་མཉེས་མཛད་ཐར་པའི་དགེ་བློ་ཡིས། །ངེས་འབྱུང་བདེ་ལེགས་ཅན་ལ་ཕྱག་འཚལ་ལོ། །ཤར་ལྷོ་འཚམས་ཀྱི་གླིང་ཕྲན་ར་ལྟ་བར། །གྲགས་པའི་མཐའ་ཅན་རྣལ་འབྱོར་དབང་ཕྱུག་གཙོ། །རིགས་འཛིན་ནུས་པའི་མཆོག་ལ་མངའ་བརྙེས་པའི། །ཚེ་ལ་དབང་ཐོབ་དཔལ་ལ་ཕྱག་འཚལ་ལོ། །འདིར་ཡང་མཛད་པ་རྒྱ་ཆེན་མངའ་བའི་ཐུགས། །བྱང་ཕྱོགས་གངས་རི་ཁྲོད་ནས་འགྲོ་དོན་ལ། འཕྲིན་ལས་བསྡུས་དངོས་བཞི་ལ་དབང་བསྒྱུར་པའི། །བླ་མ་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །འདི་ནས་ཨུ་རྒྱན་བྱང་ཤར་ཀར་ཏི་ཀར། །ཡབ་སྲས་མཇལ་བའི་སྨོན་ལམ་མཐར་ཕྱིན་ནས། །རྒྱལ་སྲས་དྷ་རྨ་སི་ཏི་ཞེས་བྱར་གྲགས། །དམ་ཅན་གདུལ་བྱ་སྨིན་ལ་ཕྱག་འཚལ་ལོ། །རྒྱལ་སྲས་ཐུགས་རྗེས་གདུལ་བྱ་གཅིག་དོན་དུ། །ལྷོ་བྲག་གྲུབ་པའི་གནས་སུ་སྐུ་འཁྲུངས་ནས། །ཕན་པ་ཟབ་དང་རྒྱ་ཆེར་གཞན་གཟིགས་པའི། །རྩེ་ཅིག་གཞན་དོན་ཅན་ལ་ཕྱག་འཚལ་ལོ། །འདི་ནས་ཤར་ཕྱོགས་དགའ་བའི་ཞིང་ཁམས་སུ། །ཆགས་མེད་བློ་གྲོས་ཆེན་པོའི་གདུལ་བྱ་རྣམས། །ཡང་དག་ཐར་པའི་ལམ་ལ་འགོད་གྱུར་ཅིང་། །སྙིང་རྗེ་དམ་ཅན་བརྟན་ལ་ཕྱག་འཚལ་ལོ། །གཞན་ཡང་ཁྱེད་ལ་བརྟེན་པའི་གདུལ་བྱ་རྣམས། ལས་རླུང་ཉོན་མོངས་དྲག་པོས་གདུངས་ན་ཡང་། །གཉུག་མ་བདེ་ཆེན་ངང་དུ་རོ་གཅིག་པའི། །ཐུགས་རྗེའི་ཆུ་རྒྱུན་ཆེན་པོས་བསིལ་བར་མཛོད། །ཐུགས་རྗེས་ཆུ་རྒྱུན་ཆེན་པོ་བསིལ་བར་ཤོག། །།ཨཱོཾ་ཨང་ཤྲི་དྷ་རྨ་འགིར་ཏི། བཛྭ་སི་ཏི་ཧཱུཾ། །དུས་གསུམ་མཁྱེན་པའི་སྙིང་པོ་ཡིན། ཞུས་སོ།། །།ཆོས་རྗེ་དུས་གསུམ་མཁྱེན་པའི་རྣམ་པར་ཐར་པ་བཞུགས་སོ།། ཱ ཞུས་སོ།། །།དུས་གསུམ་མཁྱེན་པའི་རྣམ་ཐར་འདི། །དུས་གསུམ་རྒྱུན་ཏུ་སྤྱོད་ནས་ནི། །དུས་གསུམ་སངས་རྒྱས་ཞིང་ཁམས་སུ། །དུས་གསུམ་འདུ་འབྲལ་མེད་པར་ཤོག །

འགྲོ་མགོན་རས་པ་ཆེན་པོའི་རྣམ་ཐར།

༄༅། །ན་མོ་གུ་རུ། སྤྲིན་བྲལ་སྒྲིབ་མེད་འོད་གསལ་ཆོས་སྐུའི་ནམ་མཁའ་ལ། །དག་པ་བདེ་ཆེན་ལོངས་སྐུ་ཉི་མའི་དཀྱིལ་འཁོར་ཤར། །སྣ་ཚོགས་སྤྲུལ་སྐུའི་འོད་ཀྱིས་སྐལ་ལྡན་མུན་པ་སེལ། །སྐུ་གསུམ་བདག་ཉིད་དཔལ་ལྡན་རས་པའི་ཞབས་ལ་འདུད། །དཔལ་ལྡན་རས་པ་ཆེན་པོའི་རྣམ་པར་ཐར་པ་ལ་སྤྱིར་བསམ་གྱིས་མི་ཁྱབ་རྗོད་ཀྱིས་མི་ལངས་ཡང་། མདོར་བསྡུས་ན་གཉིས་ཏེ། རིགས་དང་འབྲེལ་པ་བླ་མ་བཙལ་བའི་ཡོན་ཏན་དང་། ཉམས་སུ་བླངས་པས་གྲུབ་རྟགས་དང་འབྲེལ་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་སྟེ། འཇིག་རྟེན་པའི་ཡོན་ཏན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཞུས་པའོ། །དང་པོ་ནི་ཁོང་གི་ཡབ་ཀྱི་ཡུལ་གཙང་གི་གཤུང་པ་དྲུག་གོང་བ་ཡིན་བར་གདའ། གདུང་རུས་ནི་དྲུ་གུ་ལགས། ཡབ་ཡུམ་གཉིས་ཡོད་ཙམ་ན། ནུ་བོ་དབུས་སུ་ཚོང་ལ་སོང་བ་མ་ལོག་ནས། ཁོང་གི་ཡབ་རྩང་པ་དཔལ་གྲགས་དེ་ལ་མཁར་བཙན་པོ་གཅིག་ཡོད་པ་ལས། ཕ་སྤུན་རྣམས་ཀྱིས་བཙོང་དབང་ལ་སྟེར་ནས། མཁར་རྨིང་དུ་ཆུ་བཀྱེས་ནས་བསྒྱེལ་བར་གདའ། དེ་ནས་གྲོགས་གཙང་པ་ཀླུ་གྲགས་དང་གཉིས། ཚོས་ཏང་འགའ་བཀལ་ནས་དབུས་སུ་ནུ་བོ་ཚོལ་དུ་འོང་བས། དོལ་ཡི་ཚོང་དུས་མེར་མར་དུ་ནུ་བོ་དང་ཕྲད། དེར་ཁོང་ལ་བྱོན་ཆང་མང་པོ་དྲངས། དེ་ནས་འདྲེན་པོ་གཅིག་ལ་རྟ་ཚན་ཅན་སུས་ཀྱང་མི་ཐུབ་པ་གཅིག་དེ་ནུབ་བོས་དེ་ཞོན་ནས། མི་ཀུན་གྱིས་འདི་མ་ཞོན་མི་ཐུབ་པ་གཅིག་ཡིན་བྱས་པ་ལ། ཁོང་ཆང་གིས་བཟི་བས། ངས་ཅི་དཀའ་ཟེར་ནས་བརྒྱུགས་པས། ལྕང་གསེབ་ཏུ་ཁྱེར་ནས་ལྕང་མ་ལ་མགོ་བརྡབས་ནས་ཤི་བར་གདའ། དེ་ནས་ཁོང་གི་ཡབ་ཏེ། དབྱེའི་གླང་ཤོར་རེའི་གསེར་ཀར་འོངས་ནས་ཚོང་བྱས། དེར་གཙང་མོ་བཙུན་ཆུང་མ་དང་འདུག་ནས་མོས་ཆང་བཙོས་ཁོས་ཚོང་བྱས་ནས། དེར་ལོ་འགའ་བསྡད་པར་གདའ། དེ་ནས་ཡུལ་ཡར་ལུང་ཡིད་ཕྱོས་ཉ་མོ་གཞུང་དུ་འོངས་ནས། ཁུ་རྗེ་སྙིང་པོ་ལ་གནས་པོ་བཅོལ། ཚོང་ལ་སོགས་པ་བྱས་ནས་ཁང་གཞི་ཕབ་པར་གདའ། དེར་ཁོང་མ་བུ་ལྔ་བུ་མོ་གཅིག་དང་མིང་སྲིང་དྲུག་ཡོད་པའི། རིན་པོ་ཆེ་ཆུང་ལྟག་ལགས་སྐད། དེ་ཡང་བུ་ཆེ་ཤོས་ཀྱི་མིང་འབྱུར་གྲགས་བྱ་བ་ཡིན་བ་མོན་ལ་སོང་བས་ཤི་སྐད། དེ་འོག་འབྱུང་སྐྱབས། དེ་འོག་གློག་འབྱུང་། དེ་འོག་ཁོང་ཡིན་བ་འབྱུང་རྒྱལ་བྱ་བ་ཡིན་གསུངས་ཆུང་ཤོས་གྲ་པོ་བྱ་བ་ཡིན། སྲིང་མོ་སྐྱ་རྒྱལ་བ་ཡིན་གསུངས། ཁོང་སྐུ་མཆེད་ཡོ་ཀ་མི་དགོད་དྲག་རྩལ་ཅན་ཤ་སྟག་ཡིན་བར་འདུག །རིན་པོ་ཆེ་འདི་དང་པོ་ནས་རང་རྒྱུད་པ་ཡིན་བར་གདའ། བྱིས་པའི་དུས་སུ་རི་ལ་ར་ལུག་འཚོར་སོང་ཙ་ན། དགོང་མོ་ར་ལུག་དེད་ནས་ཁྱིམ་དུ་འོངས་དུས་སུ། ཁོང་གར་བཞུད་བཞུད་དུ་འཇའ་ཟུག་ཅིང་བྱུང་བ་ཀུན་གྱིས་མཐོང་བར་གདའ། ཁོང་གི་ཡབ་ཀྱང་དད་པ་ཅན་གཅིག་ཡིན་གསུང་། དེའི་རྟེན་འབྲེལ་ཆོས་བྱེད་དང་རྣལ་འབྱོར་ཕོ་མོའི་སྟེན་བསྐྱགས་བྱེད་པས། དུས་ལན་གཅིག་རྣལ་འབྱོར་པ་བཟང་པོ་གཅིག་ཁོང་གི་ཅན་དུ་འབྱོན་བས། ཁོང་གི་ཡབ་ལ། ཁྱོད་ཀྱི་བུ་ཆུང་ལྟག་འདི་ང་ལ་སླང་ཟེར་སྐད། དེ་ཅི་ལགས་བྱས་པས། བུ་འདི་ལ་བུ་མེད་གསེར་གྱི་རྣ་ཆ་ཅན་མང་པོས་འཁོར་ཞིང་འདུག །དེ་དྷ་ཀི་མ་ཡིན་པས་བྱིས་པ་འདིས་ཆོས་བྱས་ན། རྣལ་འབྱོར་པ་བཟང་པོ་འོང་བ་ཡིན་ཟེར་སྐད། དེར་ཁོང་གིས་མ་བྱིན་བར་འདུག །བླ་མ་བཙལ་བའི་ཡོན་ཏན་ནི། དེ་ནས་འཆི་བ་དང་མི་རྟག་པ་རྗེས་སུ་དྲན། འཁོར་བ་ལ་སྐྱོ་བ་སྐྱེས་ནས། རྗེ་བཙུན་ཟངས་རི་བ་དེ་ཁོང་གི་ཡབ་ཀྱི་སློབ་དཔོན་ཡིན་བས། ལོ་བཅུ་དགུ་ལ་ཟངས་རིར་བྲོས་པ་དང་། ཆོས་སྒོར་ཞུགས་ནས་རྣལ་འབྱོར་པ་བྱས་པར་གདའ། དེ་ནས་རྗེ་བཙུན་བྲོ་སྒོམས་རས་པ་ལ་ཇོ་མོ་རྣལ་འབྱོར་མའི་དབང་བསྐུར་དང་། རྡོ་རྗེ་གཏུམ་པོའི་བསྒྲུབ་ཐབས་དང་། བདེ་མཆོག་སྙན་རྒྱུད་དང་། ཐུན་འཇོག་ཆེ་བ་ལ་སོགས་པ། དཔལ་ནཱ་རོ་པའི་ཐབས་ལམ་ཀྱི་གདམ་ངག་མང་དུ་གནངས་ནས་བསྒོས་པས། ཁོང་བརྩོན་འགྲུས་ཆེ་བས། གོས་རས་རྐྱང་གིས་དྲོས། སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་ཉིན་མཚན་འདའ་བ་བྱུང་བར་གདའ། དེ་དུས་ཁོང་གྲོགས་མཆེད་གཉིས་ཡོད་པ་ཆོས་སྒོར་ཞུགས་པས་ཁོང་ལ་རས་ཆེན་དུ་མཚན་དེ་ནས་བཏགས་པར་གདའ། གྲོགས་དེ་ལ་རས་ཆུང་བ་གསུངས་ངོ་། །དེ་ནས་ལོ་ལྔ་ཙམ་ལོན་བ་ན་རྗེ་བཙུན་གྱི་ཞལ་ནས། སང་ཕོད་དེ་ཁོ་བོ་ཡི་རོ་ཁོ་བོས་རི་ལ་སྐྱེལ་བ་ཡིན་གསུང་པ་ལ། ཁོང་ན་སོ་གཞོན་བས་དེའི་དོན་མ་གོ་གསུངས། དེའི་ཕྱིར་ལོ་ཞང་སྟོན་ཕྱུགས་གཅིག་གིས་ཁོང་ལ་ཆགས་ལམ་ཀྱི་དབང་བསྐུར་ཞུས་པས་དེས་རྐྱེན་ནས་སྐུ་བསྙུང་བར་གདའ། དེའི་དུས་སུ་བླ་མ་ཞང་སུམ་ཏོག་པ་མཁར་རྩར་བཞུགས་པས་ཁོང་གདན་འདྲེན་དུ་བཏངས་པས། རིན་པོ་ཆེ་ཕག་མོ་གྲུབ་པ་དང་མཇལ། འཚོགས་ཆོས་ཉི་མ་འགའ་གསན་གསུངས། དེ་ནས་ཟངས་རིར་གཏིག་པོ་བྲག་ལ་བཞུད། དེར་བསྙུང་ནད་ཀྱིས་གཏུགས་པ་དང་། ཁོང་རྣམས་ཀྱིས་ད་རེས་སྐུ་ཁམས་སྐྱོན་ནམ་མི་སྐྱོན་ཞུས་པས། ད་རེས་ཀྱི་དབང་བསྐུར་དེ་མིན་ན་ཁོ་བོས་བླ་མ་རྗེ་བཙུན་བའི་སྐུ་ཚེའི་ཚད་ཐུབ་པ་ཡིན་བ་ལ། ད་རེས་བར་ཆད་བྱུང་བ་ཡིན་བས་དྷ་བ་ཡིན་གསུངས། དེ་ནས་རིན་པོ་ཆེས་ཁོང་གི་མཆན་དུ་དབུ་བཅུགས་ནས། ད་ངས་གདམ་ངག་ཀྱང་མ་ལོན་ཉམས་མྱོང་ཡང་མ་རྫོགས་པ་དང་སུ་ལ་བརྟེན། ཅི་ཙུག་བགྱི་ཞེས་ཞུས་ཤིང་བཤུམས་པས། རྗེ་བཙུན་གྱི་ཞལ་ནས་ཁྱོད་ལ་བཀའ་བརྒྱུད་ཟིན་པར་འོང་བ་གཅིག་ངས་ཤེས་པ་ལ། བླ་མ་རྗེ་བཙུན་བའི་ལུགས་ཀྱིས། དང་པོ་ནས་གདམ་ངག་ཐམས་ཅད་མོད་ཅལ་ཀྱི་མི་མཛད་པ་ཡིན་བས། ངེས་ཤེས་ཐོབ་ནས་གདམ་ངག་དུས་གཅིག་བསྟན་པ་ཡིན་གསུངས། ད་ཁྱོད་རྒྱ་སྒོམ་ལ་རྟེན་དང་ངའི་གདམ་ངག་ཐམས་ཅད་ཁོ་ལ་ཡོད་པ་ཡིན། བུ་ཁྱོད་རང་གི་སློབ་དཔོན་ཡང་ཡིན་བས། ལེགས་པར་འོང་གསུང་བ་ལ། ཁོང་ཐུགས་རྒྱལ་ཆེ་བས་རྗེ་བཙུན་རས་ཆུང་གི་སློབ་མ་འདི་རྣམས་ཡོད་པ་ལ། རྒྱ་སྒོམ་སྔར་སློབ་དཔོན་ཡིན་ཡང་། ང་བརྒྱུད་པ་མར་ལ་བདའ་བའི་དོན་མེད་དགོངས་ནས། དོལ་ན་ཡར་བྱོན་ནས་མཚུར་སྟོན་སྒོམ་བརྟན་ལ་གཏུགས། ཕག་མོ་དཔྱལ་ལུགས་དང་། རྡོ་རྗེ་གཏུམ་པོའི་ལས་ཁ་ཚར་དང་། རས་ཆུང་གི་བཞི་ཆོས་དང་། སེམས་ཕྱོགས་ཀྱི་གདམ་ངག་ལ་སོགས་པ་མང་དུ་གསན་གསུངས། དེ་ནས་རང་ཡུལ་དུ་བྱོན་ནས་གཏེལ་དཀྱུས་བྲག་ལ་བསྒོམས་པས་ནུབ་གཅིག་གི་རྨང་ལམ་ན། རྗེ་བཙུན་མ་ཞལ་གཉིས་མ་གཡུང་དྲུང་རིས་དང་བཅས་པ་ཞལ་གཟིགས་གསུངས། དེར་ལོ་འགའ་ཙམ་བཞུགས་པས་ནད་པ་ལ་ཕྱོགས་པ་ལ་ཕན་ཐོགས་པ་ཡང་བྱུང་གསུངས། དེ་ནས་དམྱལ་དུ་བྱོན་ནས་ཡོ་ག་དོ་རུག་ཙང་སྟོན་ཀོན་ནེ་ཡབ་སྲས་ལ། བྲམ་ཟེ་ཆེན་པོའི་ཆོས་མཛོད་ཆོས་དྲུག་དང་སྙིང་པོ་སྐོར་དྲུག་དང་། གནོད་སྦྱིན་རྡོ་རྗེ་བདུད་འདུལ་ལ་སོགས་པ་བསྟན་སྲུངས་ཀྱང་མང་དུ་ཞུས་པར་གདའ། ཕྱག་རྒྱ་ཆེན་པོ་བེའུ་བུམ་སྔོན་པོ་ལ་སོགས་མང་དུ་གསན། འཇམ་དཔལ་གསང་ལྡན་དང་། དྲག་པོ་སུམ་སྦྲེལ་ལ་སོགས་པ་བསྒྲུབ་ཐབས་ཀྱང་མང་དུ་གསན་བར་གདའ། ཞི་བྱེད་སྙན་རྒྱུད་ལ་སོགས་པ་གདམ་ངག་ཀྱང་མང་དུ་གསན་བར་གདའ། མ་ཇོ་མོ་སེ་མོ་གནམ་ཡན་ཀྱི་གཟིམ་ས་ན་ཚུར་ལ་མཁའ་འགྲོ་མ་སུ་ཀ་སི་ཏི་མ་བྱོན་བའི་ཞལ་ཡང་གཟིགས། དེ་ནས་ཟ་ཆུ་འདུས་ན་མར་བྱོན་བས། གྲུབ་ཐོབ་དྷ་རྨ་ཤེས་རབ་བྱ་བ། རིན་པོ་ཆེ་སྒོམ་བའི་སློབ་མ་ཡིན་ཟེར་བ། རླུང་དབུ་མར་ཚུད་པས། འོད་གསལ་རྒྱུད་ཆད་མེད་པར་གཅིག་དང་མཇལ་ནས། ཆོས་ཀྱི་དྲི་རྟོགས་དང་བྱིན་རླབས་ཀྱང་ཞུས་གསུངས། དེ་ནས་སོས་ཀ་ཡུར་མ་རན་ཙམ་ན། དམྱལ་བ་སྟོད་ན་ཡར་བྱོན་ནས་ཉིན་གཅིག་འཛར་ཅུང་མ་རན་ཙམ་ན། ཡུར་མི་འགའ་ཡི་འཛར་བ་ལ་སྐྲུར་དགོངས་ནས། གྲོག་ཕུག་གཅིག་ཏུ་བསྒོམས་ཞིང་བཞུགས་ཙམ་ན། བུད་མེད་གཅིག་རྒྱབ་ན་སེལ་པོ་གཅིག་ཁུར་ལག་ན་བྱ་བོ་གཅིག་ཐོགས་ནས་འཛར་བ་སྐྱེལ་དུ་སོང་། དེའི་ཕྱིར་ན་ཕར་ཁྱི་འགའ་ཐལ་བ་ཡང་གཟིགས་ནས། དེ་ཅི་ཡིན་དགོངས་ནས། ཡར་བཞེངས་ནས་བལྟས་པས་དེ་ཁོ་ན་བཞིན་གདའ་སྐད། དེ་ནས་ཚུར་ཡར་ལུང་སུ་བྱོན་པའི་ལམ་ཀར་དབྱེ་བའི་ཁར་གོང་སེར་པོར། བླ་མ་རྗེ་སྒོམས་ཞིག་པོའི་ཆགས་ཕྱིར་ཞག་བཅའ་བཅུར་འབྲངས་ནས། སློབ་དཔོན་བྱེ་མ་ལའི་རྫོགས་པ་ཆེན་པོ་སྙན་རྒྱུད་གསན་བར་གདའ། དེ་ནས་ཡར་ལུང་སུ་ལོ་འགའ་བཞུགས་པ་ལ། དགེ་སྦྱོར་དམར་བར་མ་བྱུང་བས། ད་ཡོངས་རང་ཡུལ་རྣ་བས་མི་ཐོས་པའི་ཡུལ་གཅིག་ཏུ་འགྲོ་དགོས་དགོངས་ནས། ངམས་ཤོད་སྨད་གང་བར་ཅེ་གྲོང་ན་མར་བྱོན་ནས། དབྱེ་ཆུང་སྐོར་དེར་གླང་ཡུལ་དུ་སློབ་དཔོན་ཐོད་པ་བསམ་གྲུབ་ལ། མ་ཇོ་མོ་ལབ་སྒྲོན་ཀྱི་གདམ་ངག་ཀུན་ཞུས་པར་གདའ། དེ་ནས་དྭགས་པོ་ལ་འདྲིམས་ནས། རྐོང་པོ་ཡི་ལོ་སར་ལ་བྱོན་ནས། བླ་མ་རྩང་པ་མངའ་རིས་པ་དང་མཇལ་ནས། ཕྱག་རྡོར་གོས་དམར་ཅན་དང་། རྟག་པ་ཚོད་འཛིན་དང་། རྡོ་རྗེ་ལེགས་པའི་བསྒྲུབ་ཐབས་བྱང་བུ་ཉི་ཤུ་རྩ་ལྔ་པ་ལ་སོགས་པའི་གདམ་ངག་མང་དུ་གསན་བར་གདའ། དེ་ནས་སྤོ་བོ་ན་ཚུར་བྱོན་བས། དགེ་བཤེས་དམྱལ་བ་ཇོ་སྲས་དང་མཇལ་ནས་ཁོང་གིས་ཡི་གེ་སྟོན་ཅིང་ཆོས་ཞུས་པས་ཐུགས་ལ་བཏགས། ཕག་མོ་ཆོས་དྲུག་ལ་སོགས་པའི་དཔེ་ཆ་ཡང་མང་པོ་དེར་བྲིས་པར་གདའ། འཇམ་དཔལ་པ་ལ་པ་ཏྲ་ལ་སོགས་པའི་ཡིག་སྣ་མང་པོ་ཡང་དག་ཞུས་པར་གདའ། ཁྱད་པར་དུ་མལ་ཇོ་ལོ་ཙའི་མགོན་པོ་ལྕགས་སྤར་ཅན་ཞུས་པས་གནང་ནས་ཞལ་ཡང་གཟིགས་གསུངས། དེ་ལོ་ལ་ཞུས་པས་ཁྱོད་དང་ལས་འབྲེལ་ཡོད་པར་འདུག །ད་ཁྱོད་ཀྱི་སྡོངས་གྲོགས་བྱེད་པ་ཡིན་གསུངས། དེ་དུས་བསྒྲུབས་རོགས་གཅིག་བྱས་པས་ཀྱང་ནུས་པ་ཐོན། ཕྱིས་ཁོང་གིས་གསུང་པ་བཞིན་དུ་བྱུང་གསུངས། དེ་ནས་ཁོང་གི་ཡུམ་གྱིས་ཁོང་ཚོལ་དུ་རོ་ཟན་ནག་པོ་བཏངས་ནས་བྱུང་བ་དང་། དབུས་སུ་འགྲོ་དགོས་ད་མ་སོང་ན་མ་རྒན་ལྕེབས་ཟེར་ནས་ང་བཏངས་པ་ཡིན་ཟེར་བ་ལ། ང་མི་འགྲོ་ཁྱོད་རང་ཡར་ལ་སོང་བྱས་པས། ཁྱོད་མི་འགྲོ་ན་ངས་ཁྱོད་ཀྱི་མགོ་དེ་བཅད་ནས་འཁྱེར་བ་ཡིན་ཟེར། ཁོང་གིས་དེ་སྔོན་བྱིས་པའི་དུས་ཀྱི་གཏམ་ཡིན་ད་ཁྱོད་ཀྱི་ང་མི་ཐུབ་བྱས་ལོ། །འོན་ཀྱང་འོ་སྐོལ་ཟས་ནོར་མེད་པར་དབུས་སུ་སོང་བས་མིས་འཁམས་ལོགས་ཟེར་ནས་འདོད་མི་མེད་པས། ད་ས་སྨད་ནས་ནོར་ཚོལ་ལ་འོ་སྐོལ་ལྷན་དུ་མར་འགྲོ་ཡིས་བྱས་ནས་ཁོ་བྲིད་པར་གདའ། དེ་ནས་ཇོ་སྲས་དང་། ཁོང་སྐུ་མཆེད་གཉིས་དང་གྲོགས་མཆེད་གསུམ་ཚ་བ་སྒང་ལ་བྱོན་བས། སྐུ་བསོད་བཟང་པོ་བྱུང་བར་གདའ། དེ་ནས་སྨར་ཁམས་སུ་བྱོན་ནས། ཆོས་ཞུ་བ་མང་དུ་བྱུང་། དབང་བསྐུར་ཡང་མང་དུ་མཛད་གསུངས། དེ་ནས་བུ་འབོར་སྨད་ན། མི་རུས་པ་འབུ་བྱ་བ་ཡོད་པའི་ཡུལ་དུ་བྱོན་ནས། སྐུ་བསོད་དཔག་ཏུ་མེད་པ་བྱུང་། གནམ་ལྕགས་གྲ་པའི་དཔོན་ཁོང་ལ་ཞུས་ནས། སྔགས་པ་བཞི་བཅུས་བསྐོར་རེ་ཙམ་ཀྱི་གྲ་པ་ཡང་ཡོད་པར་གདའ། དེ་ནས་འབུ་ཡུལ་འགོངས་སྨད་དུ་འགོང་པོ་ནང་དུ་འཁྲུག་པ་ཤོར་བས་ཁོང་གིས་དུམ་མཛད་ནས། ད་ལྟ་ཡང་ཁོང་གི་གསུང་ལ་བརྟེན་སྐད། དེ་ནས་ཀམ་པོ་གནས་ནང་ན་རིན་པོ་ཆེ་དུས་གསུམ་མཁྱེན་པ་བཞུགས་པ་ལ། ཆོས་ཞུ་རྒྱུ་ང་ལ་མེད་ཕྱག་གཅིག་འཚལ་བ་དང་། ཀམ་པོ་གནས་ནང་ན་ལྟད་མོ་གཅིག་ལྟ་བ་ལ། འབུ་ཡུལ་འགོངས་ནས་ཡར་བྱོན་བས། ནམ་མཁའ་འཇའ་ཡིས་འཁྲིགས་ནས་བྱུང་བར་གདའ། འདི་ཅི་ཡིན་ཞུས་པས། ད་ཡུལ་འདིར་འོང་མི་འགྲུ་བ་ཡིན་གསུངས། དེ་ནས་གནས་ནང་བྱོན་བ་དང་། ཀམ་པོ་རྡོ་རྗེ་དཔལ་རྩེགས་ཀྱིས་རྐྱ་མི་ལྔ་རུ་བྱས་ནས་ཆུ་སྐོར་རྩ་ནས་བསུ་བ་མཛད་པར་གདའ། དེ་ནས་གནས་ནང་བའི་འཁོར་ཀུན་ཀྱིས་བླ་མ་ལ་ཆོས་ཞུ་རྒྱུ་མེད་ཞལ་ལྟ་ཟེར་བ་དེ་ཁྱེད་ཨི་ཡིན་ཟེར་སྐད། དེར་རིན་པོ་ཆེ་དང་མཇལ་ནས། དང་པོ་ནི་དད་པ་ཡང་དེ་ཙམ་དུ་མ་སྐྱེས། འདྲིས་ཤིང་གྲུབ་ཐོབ་རྩོད་མེད་དུ་འདུག་དགོངས་ནས། ད་ཁོང་ལ་དགེ་སྦྱོར་གྱི་པུ་ཏག་གཅིག་གཅོད་དགོས་དགོངས་ནས་དེར་བཞུགས་གསུངས། ཉམས་སུ་མྱོང་བ་གྲུབ་རྟགས་དང་འབྲེལ་པའི་ཡོན་ཏན་ནི། དེ་ནས་འཁོར་རྣམས་སྤངས་པ་དང་། གཅིག་པུར་བཞུགས་ནས་བསྒྲུབ་པ་ལོ་བདུན་དུ་དབུ་ས་ལ་མི་ཕབས་པའི་དམ་བཅའ་མཛད་པར་གདའ། ཀོལ་ཏིའི་ལྷ་གཉེར་དབུས་ཅུང་གིས་སྒོམ་བརྒྱགས་སྦྱར་བ་དང་། བསྒོམས་པས་དགེ་སྦྱོར་པུ་ཏག་ཆོད། རིན་པོ་ཆེའི་ཞལ་ནས་དབུས་པ་རྙེད་ཚོལ་གཅིག་ལ། ཁྱོད་དང་བཀའ་གདམས་པ་གཉིས་རྙེད་པ་ཆེའོ་གསུངས། བླ་མ་རས་ཆེན་ཁྱོད་ད་ལྟ་སྐྱིད་པ་ཡིན་ནམ་གསུངས། གཡེང་ཟེད་མེད་པར་གཅིག་པུར་བསྒོམས་པས་ཆོག །སང་ཙམ་ན་གཡེང་ཟེད་ཀྱི་འདུག་དབང་མི་སྟེར་བ་དང་། ཁྱོད་ལ་གྱོད་གཅིག་ཡོད་གསུང་སྐད། དེ་ཁོང་གིས་མཁྱེན་པར་གདའ་བས་ཤིན་ཏུ་མད་པར་བྱུང་གསུངས། གནས་ནང་དུ་དབང་བསྐུར་གཅིག་གི་གྲལ་དུ། རྗེ་དུས་སུམ་མཁྱེན་པ་ཡང་རྣལ་བྱོན། ཁོང་ཡང་རྣལ་བྱོན་པའི་སྣང་བ་ལ། བླ་མ་བདེ་མཆོག་ཏུ་གཟིགས་གསུངས། ཡང་གནས་ནང་དུ་སློབ་དཔོན་བཀའ་གདམས་པའི་ཆགས་ཕྱིར་དཔོན་སློབ་ཀུན་རྗེ་རིན་པོ་ཆེ་ལ་ཕྱག་འཚལ་དུ་བཞུད་པའི་དུས་སུ། རླངས་སྟེངས་ན་ཕར་ལ་ཕྱིན་ཀར། ལམ་དུ་ཉི་མ་རིའི་རྐེད་སྨད་ཙམ་དུ། རྗེ་བཙུན་ཞལ་གཅིག་མའི་དབུ་ཐོག་ན་རིན་པོ་ཆེ་བཞུགས་པ་ཞལ་གཟིགས་པས། སྤྱན་ཆབ་གཡོ་བ་ཙམ་གྱི་མོས་གུས་ཁྱད་པར་ཅན་བྱུང་། ད་རེས་རིན་པོ་ཆེ་དང་མི་འཇལ་བར་འདུག་དགོངས་ཙམ་ན། དེ་དུས་ཁོང་ཏྲེ་ན་བཞུད་པས་མ་མཇལ་གསུངས། དེ་ནས་ད་ལོགས་སུ་དགོན་པ་འཛིན་བས། འཚོགས་པའི་དབེན་པ་བསྟེན་པ་དགའ་དགོངས་ནས་སློབས་དཔོན་བཀའ་གདམས་པའི་དྲུང་དུ་ལོ་གསུམ་ཙམ་བསྒོམས་གསུངས། དེར་སློབ་དཔོན་བས་འཕགས་པ་རས་ཆེན་ཁྱོད། རབ་ཏུ་བྱུང་དང་གཞན་ལ་ཕན་བ་ཡིན་གསུང་བ་དང་། གནས་ནང་དུ་རིན་པོ་ཆེས་དེ་སྐད་གསུང་བ་ལ། ང་རང་གི་ཅོ་ཡུན་གྱི་བླ་མ་ཟངས་རི་བ་ཙམ་བསྒོམ་རྟན་ཙམ་བྱུང་ན་དེས་ཆོག་བྱས་ནས་རབ་ཏུ་མ་བྱུང་། ད་ཁྱེད་ཀྱི་ཀྱང་དེ་སྐད་གསུང་བས་ད་ཅིས་ཀྱང་རབ་ཏུ་འབྱུང་དགོས་གསུང་བར་གདའ། དེ་ནས་དགུང་ལོ་སུམ་ཅུ་རྩ་བདུན་ལ། མཁན་པོ་དགེ་བཤེས་མོ་གོམ་པ་དང་། སློབ་དཔོན་བཀའ་གདམས་པ་རྣམ་པ་གཉིས་ལ། བཟང་རྟ་རེ་རེ་ཕུལ་ནས་བསྙེན་རྫོགས་མཛད་པར་གདའ། དེ་ཙམ་ན་ང་རབ་ཏུ་བྱུང་བ་ཡང་ཕྱིས་དགོངས་པ་ཡང་བྱུང་གསུངས། ཡང་སློབ་དཔོན་བཀའ་གདམས་པའི་དྲུང་དུ། སྦས་དུང་རྡོ་རྗེ་རིན་ཆེན་བྱ་བ་གཅིག་གི་དྲུང་དུ་མཎྜྻལ་འབུལ་བའི་དུས་སུ། ཁོ་མིག་ནམ་མཁའ་ལ་ཅེ་རེ་ལྟ་ཞིང་འདུག་པས། དེ་ཅིའི་དོན་དགོངས་ནས་ཁོང་གིས་ཀྱང་ཡར་གཟིགས་པས། མདུན་གྱི་ནམ་མཁའ་ལ་རྡོ་རྗེ་རྣལ་འབྱོར་མའི་དབུ་ཐོག་ན་རིན་པོ་ཆེ་བཞུགས་པ་གཟིགས་གསུངས། ཡང་སློབ་དཔོན་བཀའ་གདམས་པའི་དབང་བསྐུར་གཅིག་གི་གྲལ་དུ། ཁམས་བདག་བསྐྱེད་རིམས་མཛད་པ་དང་། དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་ལ་སོགས་པ་ཅི་ལྟ་བ་བཞིན་མཁྱེན་པ་དང་། བྱིན་རླབས་འབེབས་པའི་དུས་སུ། སི་འདུ་རའི་དཀྱིལ་འཁོར་སྟིང་ན། དྷ་ཀི་མ་ལྕགས་ཀྱི་མདའ་གཞུ་ཅན་བཞིས། ཁོང་བདག་གི་དམིགས་པ་གར་གཏད་དུ་དང་ཞ་འོང་འོང་བྱེད་པ་གཟིགས་གསུངས། དེའི་དུས་སུ་བྱིན་རླབས་གར་གཏད་ལ་འོང་བར་གདའ་གསུངས། དེས་ཕྱིས་བླ་མ་ལ་ཞུས་པས་དེ་ཀ་ཙུག་ཡིན་གསུང་སྐད། དེ་རྣམས་ཀྱི་ལོ་རྒྱུས་རྣམས་མཁན་པོ་ལ་བཤད་པས། མཁན་པོས་སློབ་དཔོན་བཀའ་གདམས་པ་ལ་བཤད་པས། སློབ་དཔོན་གྱི་ཞལ་ནས། འཕགས་པ་རས་ཆེན་ད་ནི་ཁྱོད་མངོན་ཤེས་ཀྱང་བཤད་ཡང་གསུང་ནས་བཀའ་བཀྱོན་མང་པོ་མཛད་གསུངས། མཁན་པོ་ནི་ཤིན་ཏུ་དད་པས། ཁོང་མཁན་བུ་ཡིན་ཏེ་དབང་བསྐུར་ཡང་ཞུས་གསུངས། དེ་ནས་རིན་པོ་ཆེ་ས་སྟོད་ན་ཡར་ལ་བཞུད་ནས། ཟླ་རྔོལ་དུ་ཀར་མ་ན་ཆགས་ཕབ་ཟེར་བས། སྔོན་ཁོང་དབུས་སུ་བཞུད་གསུངས་ནས། ང་ལ་ཡང་དབུས་སུ་དགའ་བ་ཡིན་འདེང་ངམ་གསུང་བ་ལ། དབུས་ཕ་ཡུལ་ཡིན་བས་མ་སོང་བ་དེ་ཡིན། ད་ཡང་ཁོང་དབུས་སུ་བཞུད་ན་ཡང་ཞལ་མི་མཇལ་བས། ཕྱག་གཅིག་འཚལ་དུ་འགྲོ་དགོས་དགོངས་ནས། དཔེ་ཆ་ཀུན་ས་སྨད་དུ་བཞག །རིན་པོ་ཆེ་དབུས་སུ་མ་བཞུད་ན་ནི། དཔེ་ཆ་ཡར་ལེན་ནས་ཁོང་ཅན་དུ་བསྡད་པས་ཆོག་བསམ་ནས། ཡར་ལ་ཕྱག་འཚལ་དུ་འོངས། དེའི་ལམ་ཀར་གསུ་ཤོད་འཛེར་ཆུ་རུ་དཀོན་མཆོག་བླ་མའི་དབང་བསྐུར་མཛད་པའི་དུས་སུ། རྗེ་བཙུན་མ་ཞལ་བཟུར་ནས་གདའ་བ་གཟིགས་སྐད། ད་ཁོ་ཡི་དམ་ཚིགས་ལ་སྐྱོན་ཡོད་པ་ཡིན་ཟེར་བས། ང་ཡང་ཁམས་བག་ཙམ་མ་བདེ་གསུངས། དེ་ནས་ཀར་མར་རིན་པོ་ཆེ་དང་མཇལ་ནས་ལོ་གསུམ་བཞུགས་པར་གདའ། གདམ་ངག་གི་རྟིང་པ་ཐམས་ཅད་ཚར་བར་ཞུས་གསུངས། དབུས་སུ་ཨི་བཞུད་ཞུས་པས། ང་ན་ནིང་ཙ་ན་ནིང་དེ་ཡིན་གསུང་བས། དབུས་སུ་བཞུད་པས་རྟ་ཤོད་རྣ་རྒྱང་དུ་བསྐྱལ་ནས། ས་སྨད་དུ་བཞུད་པར་གདའ། དེ་ནས་སྨར་ཀ་ན་དགོན་པ་མཛད་ནས། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་མཛད་གསུངས། འབོ་བོ་དྲུག་ཙ་དཀོན་མཆོག་སྐྱབ་ཀྱི་དབང་བསྐུར་གཅིག་མཛད་པའི་དུས་སུ། རིན་པོ་ཆེ་མདུན་ཀྱི་ནམ་མཁའ་ལ་བྱོན་བས། ང་མིག་འཁྲུལ་བ་ཡིན་སྙམས་ནས། མིག་བཙུམས་ནས་ཕྱེས་ནས་བལྟས་པས། ཇ་སུན་གཅིག་ཐུངས་བར་ཙམ་གཅིག་སྣང་གསུངས། ཡོན་སྒོམ་གྲག་གེས་གཏུམ་པོའི་ཚོགས་མཆོད་གཅིག་ཞུས་པའི་དུས་སུ། བུམ་པའི་ནང་དུ་ཕྱག་ན་རྡོ་རྗེ་སྐུ་ཆུང་ལ་ཡན་ལག་རགས་པ་མཚོན་གང་བ་གཅིག་གཟིགས་གསུངས། ཁྱག་ཀྱི་ནང་དུ་ཁྱག་དབལ་ཐར་གྱིས་དབང་བསྐུར་གཅིག་ཞུས་པའི་དུས་སུ། རིན་པོ་ཆེ་བེར་ཐུལ་རྐྱང་པ་མནབས་ནས་ནམ་མཁའ་ན་ཚུར་བྱོན་བ་གཟིགས་གསུངས། གནས་ནང་དུ་བླ་མ་རོ་ཟན་ན་བའི་རིམ་འགྲོ་བྱེད་པའི་མཆོད་བྲལ་དུ། རྗེ་བཙུན་མ་ཕྱག་མཚན་མེད་པ་གཅིག་གཟིགས་གསུངས། དེ་ཁོ་འཆི་བའི་བརྡ་ཡིན་གསུངས། དེར་ཤི་ནས་རོ་བསྲེགས་ཐོན་བ་དང། བསྟེན་གཏོར་བསྐྱངས་ཙམ་ན། བསྟེན་གཏོར་ནང་ན་ལས་མགོན་བྱ་རོག་གདོང་ཅན་སྐུ་སྟོད་ཡན་ཆད་གཏོར་མའི་སྟེང་དུ་བཏོན་བ་ཞལ་གཟིགས་གསུངས། ཡང་མདོ་ལམ་དགོན་དུ་ཕག་མོ་དཔོན་གཡོག་གསུམ་ཞལ་གཟིགས་གསུངས། །བུ་འབོར་དུ་དཔོན་རྡོ་རྗེ་སེང་གེའི་དབང་བསྐུར་གཅིག་མཛད་པའི་དུས་སུ། སི་དྷུ་རའི་སྟེང་ན། རྗེ་བཙུན་མ་གཡུ་དྲུང་རིས་དང་བཅས་པ་ཞལ་གཟིགས་གསུངས། ད་རེས་བཀྲ་ཤིས་པར་འོང་བྱས་པས། དེ་ཙུག་བྱུང་གསུངས། གནས་ནང་དུ་བཞུགས་པ་དང་གཞན་དུ་བཞུད་དགོས་པའི་དུས་སུ་རྡོ་རྗེ་དཔལ་བརྩེགས་ཀྱིས་གཞན་དུ་བཞུད་པ་ལ་མི་དགྱེས་ནས། ཆོ་འཕྲུལ་བཏངས་པ་ལ་དོ་མོད་ཁོའི་དབུ་ཐོག་ཏུ་ཕྱག་རྡོར་བསྐྱེད་པས། སང་ཐོ་རངས་ནམ་མཁའ་ལ་རྡོ་རྗེ་གཏུམ་པོས་ཞབས་གཡོན་པས་དགེ་བསྙེན་ཡི་དབུ་ཐོག་ཏུ་བཞགས་ནས་སྣང་བ་ཞལ་གཟིགས་ནས། དེ་ནས་ཆོ་འཕྲུལ་ཡང་ཞི་གསུངས། དགེ་བཤེས་ཁང་བརྩེགས་སྟོན་པ་ལ་སྙན་རྒྱུད་ཞུ་བྱས་པས། ངས་ཁྱེད་ཀྱི་སློབས་དཔོན་མི་འོང་ཁྱེད་གྲུབ་ཐོབ་ཆེན་པོ་ལགས་གསུང་སྐད། ཅིས་ཀྱང་གནང་དགོས་ཞུས་པས། འོ་ན་ཁྱེད་ཀྱིས་ང་ལ་སྐྱབས་འགྲོ་གཅིག་གནང་བར་ཞུ་དགོས་གསུངས་ནས། ཁོང་གིས་སྐྱབས་འགྲོ་གཅིག་མཛད། དེ་ནས་ཁོང་གིས་ད་ཁྱེད་ལ་འབུལ་བས་ཚོགས་མཆོད་དང་བཅས་གྱིས་གསུངས། དོ་ནུབ་རྗེ་བཙུན་མ་ནག་མོ་ཕག་ཞལ་ཅན། ཤངས་སྟེངས་ན་ལྕགས་ཀྱི་འཁོར་ལོ་བསྐོར་བ་གཅིག་ཞལ་གཟིགས་པས། ཆོས་ཤིན་ཏུ་གཉན་བ་གཅིག་ཡིན་ཟིན། སུ་དགའ་དགའ་དང་སུ་ཐོད་ཐོད་ལ་བསྟན་དུ་མི་རུང་བའི་བརྡ་ཡིན་གསུངས། ཡང་ཞེ་གྲོང་ན་བཞུགས་དུས་སུ། མཚུར་ཕུར་རིན་པོ་ཆེ་འདས་པ་མཁྱེན། མཆོད་པ་གཅིག་མཛད་པའི་ཚོགས་གྲལ་དུ། རིན་པོ་ཆེ་ཞལ་གཟིགས་ནས། ཐུགས་རྗེ་ཆེན་པོའི་ཉི་མ་དེ། བདག་ལ་ནུབ་པ་ཨེ་ཅི་སྲིད། མཇལ་བར་ཞུ་དང་རིན་པོ་ཆེ་ཞེས་པའི་མགུར་གསུངས། ཡང་རླེལ་འཇི་ན་འདས་མཆོད་གཅིག་གི་དུས་སུ། རིན་པོ་ཆེ་དང་རྗེ་བཙུན་མ་ཞལ་གཟིགས། ལར་དེ་འདྲ་ལ་ཟད་པ་མེད་གསུངས། ཡང་ས་སྨད་དུ་བོན་པོ་བཏུལ་བའི་དུས་སུ། རྗེ་བཙུན་མས་ཕོད་གཅིག་བཙུག་པ་གཟིགས། ད་རེས་བསྟན་པ་ཐོན་བར་འདུག་དགོངས་པ་དང་། ཐོན་བར་བྱུང་གསུངས། དེ་ནས་གནས་ནང་དུ་བྱོན་བའི་ནུབ་གཅིག །རྗེ་བཙུན་མ་སྤྲིན་གྱི་གསེབ་ན་སྐུ་སྟོད་བྱུང་ནས་སྣང་བ། དེ་ཕན་ཆད་ཕྱོགས་ཤིན་ཏུ་མུན་ནག་པར་གདའ། ཚུར་ངོས་ཕྱོགས་ཤིན་ཏུ་གསལ་བར་གདའ་བས། ད་དེ་ཕྱོགས་སུ་འགྲོ་མི་རུང་བ་ཡིན་གསུང་། ཡང་གནས་ནང་དུ་ནུབ་གཅིག་ཆོས་སྐྱོང་ཕྱིན་ནས་ངས་ཕར་ངོས་ཕྱོགས་ཀུན་བདེ་བར་བྱས་ནས་ཡོད་ཟེར་ནས། ཕྱག་གཡུགས་སྟངས་མཛད་ནས། ཁྱོད་ཀྱི་བསྟན་པ་ངས་བཏོན་ཟེར། ཁྱོད་ཀྱིས་བསྟོད་པ་གཅིག་ཀྱང་གྱིས་དང་ཟེར་བས། དེར་ཉེ་གནས་བསླངས་ནས་པུ་ཙ་ཤོམ་དང་ཆོས་སྐྱོང་ལ་གཏང་རག་གཅིག་བྱེད་དགོས་བྱས་ནས། གཏང་རག་གཏང་། བདག་ནི་རྣལ་འབྱོར་བསྒྲུབ་པ་པོ། །ཁྱོད་ནི་ཆོས་སྐྱོང་དམ་ཚིགས་ཅན། །ཅེས་པའི་བསྟོད་པ་ཡང་བྱས་གསུངས། དེའི་དུས་སུ་བོན་པོའི་དཔོན་རྟ་གོར་དགེ་བསྙེན་ལ་ཨཱོཾ་བཞག་པ་ཡིན་ཟིན་གསུངས། དེ་ནས་སྔོན་རིན་པོ་ཆེས་ཀྱང་དབུས་དགའ་བ་ཡིན་གསུང་བ་ལ། ད་དབུས་སྐྱེས་པའི་ཡུལ་ཡིན་བས་དེ་མི་གསུང་བར་ཞུ། གཞན་གར་སོང་ནའང་མི་ལ་ཕན་ཞུས་པས། འོ་ན་མེ་འདོར་ཞིང་ཁམས་དཀར་བ་ཡིན། ཆོས་བྱེད་ཀྱི་འདུག་ས་ཡང་བཟང་། གཞན་ལ་ཕན་པར་འོང་གིས། དེར་སོང་གསུངས་ནས་ལུང་བསྟན་གསུངས། དེ་དུས་དབུས་སུ་སོང་ན་གཞན་དོན་འདི་བས་ཆེ་བས་འོང་བར་འདུག་གསུངས། དེ་ཅི་ཙུག་ལགས་ཞུས་པས། དེ་ནུབ་དབུས་སུ་འདུན་པ་བཏངས་ནས་ཉལ་བས། རྨང་ལམ་ན་རྗེ་བཙུན་མ་བྱི་རུའི་རྒྱན་ཀྱིས་བརྒྱན་པ་སྐུ་ལ་འོད་ཟེར་འཕྲོ་བར་གཟིགས་གསུངས། དེ་ནས་ས་སྟོད་དུ་བཞུད་དགོངས་ནས་རྟ་གཅིག་སེམས་གཅིག་བཟང་བ་འགའ་སྦྱངས་ནས། ཉེ་གནས་ཀྱང་མང་པོ་མ་ཁྲིད་པར་བྲོས་ནས་འོངས་གསུངས། ཁོང་བཞུད་པའི་ཤུལ་དུ་ས་སྨད་ཀྱི་མི་ཆེ་ཆུང་མེད་པ། མི་གཅེས་ཤི་བ་བཞིན་ཡོ་ངུས་པར་གདའ། དེ་ནས་མེ་འདོར་ན་ཡར་བྱོན་ནས། ཤལ་བའི་མི་དཔོན་རྣམས་ཀྱིས་ཡོན་བདག་བྱས་ནས་སྐུངས་སུ་ལོ་འགའ་བཞུགས་པའི་དུས་སུ། ཁུ་ཚུར་རི་ཡི་ས་བདག་གིས་བར་ཆད་བག་ཙམ་བཏངས་པས། འཁོར་འགའ་ཞིག་ན་བ་ལ། ཁོང་གིས་གཏོར་མ་གཅིག་མཛད་པ་ལས། དེ་དུས་སུ་རྗེ་བཙུན་མ་རྒྱན་ཅན་གཅིག་ཕྱོགས་ཐམས་ཅད་དུ་གར་ཁྱུག་ཁྱུག་བྱེད་བྱ་གཅིག་གཟིགས་པས། དེ་ནས་ཁོ་དབང་དུ་འདུས་གསུངས། དེ་ནས་ཀར་མར་རིན་པོ་ཆེའི་གདན་ས་མཛད་པའི་དུས་སུ། རྗེ་བཙུན་མ་མེ་དཔུང་དང་བཅས་པས་གཟིགས་པས། གདན་ས་དར་བར་འོང་བའི་བརྡ་ཡིན་དགོངས་ཙམ་ན། དེ་ནས་ལྷོ་སྟོད་ཀྱི་སྡེ་དགོན་ཐམས་ཅད་ཀྱིས། ཁོང་ལ་གདན་ས་བ་ཞུས། རྟེན་གྱི་རབ་གནས་དང་སྐུ་བདེར་བཞེངས་པ་དང་། མཁར་ལན་ཐམས་ཅད་མཛད་ནས། ཤིན་ཏུ་གདན་ས་དར་ཅིང་རྒྱས་པར་བྱུང་གསུངས། དེ་ནས་སུམ་པ་འབྲོ་ལྡོག་གིས་རྟ་གཅིག་ཁྱེར་བས། བན་དམག་བྱས་པའི་དུས་སུ། རྗེ་བཙུན་མས་རུས་རྒྱན་ཐོགས་ནས་གཟིགས། བསྟན་པ་ཐོན་པར་འདུག་དགོངས་པས། དེ་ཁོ་ན་ལྟར་བྱུང་གསུངས། དེ་ནས་རི་ཏོ་ནང་ཡན་ཆད་དུ་བྱོན་ནས། གནས་གཞི་འབུལ་བ་དང་། ནོར་ཅི་སྙེད་ཀར་མར་བཤགས་ནས། ཡང་ཤར་དུ་བཞུད་པར་གདའ། དེའི་དུས་སུ་སྐུ་ས་དགོན་པར་རབ་གནས་ཅིག་གི་དུས་སུ། ཐུགས་རྗེ་ཆེན་པོ་ཞལ་གཟིགས་གསུངས། དེ་ནས་འབྲི་ཀློང་དུ་དཔོན་ཆོས་ཀྱི་གྲགས་པས་གདན་དྲངས་ནས། གནས་རྒྱན་ཅན་ཀྱི་སྣ་དྲངས་པའི་ཁྲི་ར་ཅན་ཀྱི་འབུལ་བ་བྱས། རག་ཏག་དེའི་དགོན་ཕུལ་ནས་དེ་ན་བཞུགས་པའི་དུས་སུ། རྗེ་བཙུན་མ་རྨོག་དང་ཁྲབ་གྱོན་བ་གཟིགས། ལྷོ་ན་འཁྲུག་པ་བྱུང་ཟིན་དགོངས་ཙམ་ན། ཆོས་མགོན་ལྷོ་ནས་འཁྲུག་པ་བྱུང་ཟེར་སྐད། ཡང་ཀུ་ས་ནས་ཆོས་སྐྱོང་ཡིས་འབོད་པ་དང་། ཁྱོད་སང་ཕོད་ཟོན་གྱིས་ཤིག་ཟེར། གསུངས་ཙམ་ན། དེ་ནས་ལྷོའི་རྟ་པ་བརྒྱ་ཡིས། ཁོང་ལྷོ་ན་གདན་དྲངས་པས། དེའི་ཕྱི་ལོ་ཕྱག་བསྙུང་ནས་དེའུ་འདས་བྱས་གསུངས། དེ་ནས་ཟླ་ཉིན་དུ་ཚ་བཀབ་ལ་ཆོས་ཁྲིམས་རྩོད་པའི་དུས་སུ། ཁོང་སྐུ་ཁམས་མ་བདེ་དེར་རྗེ་བཙུན་མས་རྒྱབ་བསྟན་ནས་གཟིགས་གསུངས། དེ་ཅི་ཙུག་ལགས་ཞུས་པས་དང་པོར་བཞེས་བཏངས། དེ་ནས་མདུན་མ་བླངས་པས་ཕྲག་དོག་འོང་བའི་བརྡ་ཡིན་གསུངས། དེ་ནས་སྐུ་སྨན་ཐང་ལ་བྱོན་པས་ནམ་མཁའ་ཐམས་ཅད་འཇའ་ཡིས་གང་བ་མི་ཐམས་ཅད་ཀྱིས་མཐོང་། དེ་ནས་ཡང་དགོན་མ་ཐ་ན་བཞུགས་པའི་དུས་སུ། ནུབ་གཅིག་གི་རྨང་ལམ་ན། རྗེ་བཙུན་མས་མཆོད་རྟེན་རི་རབ་མེད་པ་གཅིག་བཟུངས་ནས་སྣང་བ་གཟིགས་གསུངས། དེ་ཅི་ཙུག་ལག་ཞུས་པས། རི་རབ་མེད་པ་ཤི་ཚེ་སྟོད་ཟད་ཟེར་བ་ཡིན། མཆོད་རྟེན་བསྟན་པ་ནི། ད་རེས་མི་འཆི་ཟེར་བའི་བརྡ་ཡིན་གསུངས། དེ་རེས་སྐུ་ཁམས་སྨན་བར་གདའ། ཡང་ཀར་མར་འདས་མཆོད་གཅིག་གིས་དུས་སུ། བླ་མའི་བཞུགས་གདན་ལ་བླ་བྲེ་བྲིས་དེ་ལ་བརྟེན་ཏེ་བླ་མ་དྲན་ནས་མགུར་མང་པོ་མཛད། དེ་ལ་བརྟེན་ནས་བླ་མས་དབུ་མཛད་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དྷ་ཀི་སྤྲིན་དཔུང་ལྟར་གཟིགས། ལར་འདས་མཆོད་འདི་ངོ་མཚར་ཆེ་བར་འདུག་གསུངས། ཡང་སྐུངས་སུ་དབང་བསྐུར་གཅིག་ཀྱི་གྲལ་དུ་རྗེ་བཙུན་མ་གཉིས་ཀྱིས་རིན་པོ་ཆེའི་སྐུ་བརྟེན་ནས་སྣང་བ་གཅིག་གཟིགས་གསུངས། ངའི་སྐྱེ་བ་སྔ་མའི་ཡི་དམ་དེ་རྗེ་བཙུན་མ་དབུ་བཅད་མ་ཡིན་བར་འདུག་གསུངས། དེར་ཉེ་གནས་མཆོད་བཙུན་གྱིས། ཁྱེད་ཀྱིས་ཡི་དམ་ཞལ་གཟིགས་པ་དེ། སྐབས་སྐབས་གཟིགས་པ་ལགས་སམ། དུས་རྟག་ཏུ་གཟིགས་པ་ལགས་ཞུས་པས། འོ་ན་ཆོས་ཀྱི་ནང་ནས་རྒྱལ་བ་གཅིག་བསྒོམས་རྒྱལ་བ་ཀུན་ཀྱི་ངང་མི་ཟེར་རམ། དགོས་པ་ཡོད་ན་ངས་ནམ་འདོད་ཀྱིས་མཐོང་གསུངས། ངས་གཞན་གྱི་ཡིད་དམ་དེ་གང་ཡིན་དེ་མཐོང་ནས་ཤེས་པ་ཡང་བྱུང་གསུངས། སྒོམ་ཆེན་བ་སུ་མཐོང་བ་ཡང་། དེའི་ཉམས་མྱོང་མཐོན་དམན་དེ་མཐོང་བས་ཤེས་གསུངས། ཡང་ཀར་མ་ན་ནུབ་གཅིག་རིན་པོ་ཆེ་ཆོས་གོས་རྐྱང་པ་མནབས་བྱང་ཕྱོགས་སུ་གཟིགས་ནས་སྣང་གསུང་། དེ་ཅི་ཙུག་ལགས་ཞུས་པས། བྱང་ངོས་སུ་བསྟན་པ་གཅིག་རྩོད་དགོས་པ་ཨེ་མ་ཡིན་གསུངས། དེ་ནས་ཡུན་མི་རིང་བར་རག་ནམ་གྱི་རྒེ་རུ་དེད་ནས་དཀོན་མཆོག་རྩོད་དགོས་བྱུང་། དེ་དུས་སུ་རྗེ་བཙུན་མས་གཡུ་རྡོག་ཐོགས་ནས་བྱུང་། ད་རེས་བསྟན་པ་ཐོན་བར་འདུག་གསུངས་ནས། དེ་ལྟར་གསུང་བ་བཞིན་དུ་བྱུང་། དེ་ནས་ཚུར་ལམ་དུ་ལྡ་མ་ས་ན་བཞུགས་པའི་དུས་སུ། རྨི་ལམ་ན་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་བྱོན་ནས། དེ་རྣམས་ལ་རབ་བྱུང་འགའ་རེ་སྣང་། ཅོ་ཡུན་ཤས་ཆེ། ཁྱད་པར་དུ་ཏེ་ལོ་པ་དེ་གསལ་བ་དང་། དེའི་ཞལ་ནས། ནམ་མཁའ་ལ་ནི་བྱ་བཞིན་དུ། ཐོགས་བྱེད་ཤེས་རབ་བཟང་པོ་འགྲོ་གསུངས་ནས། རིམ་པ་བཞིན་དུ་ལྷོ་ནུབ་ཀྱི་ནམ་མཁའ་ལ་བཞུད་ནས་ཐལ། ཁོང་ཡང་བཞུད་པ་ལ་ཟླ་ཅུང་མ་སླེབས་གསུངས། ཡང་བླ་མ་དཀོ་འོ་འགོ་ལྡིང་མཚུར་ཕུར་འབུལ་བ་བསྐུར་བའི་ལམ་ཡོགས་ལ་ཀར་མར་ཕྱིན། མཆོད་པ་གཅིག་བྱས་ཁོང་སྐུ་ཁམས་བག་ཙམ་མ་བདེ་བ་ལ། རྐོ་བོའི་བསམ་བ་ལ་གཞན་དོན་མཛད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ཀུན་ལ་སྐུ་བསྙུང་བ་རེ་ནི་འཕངས་ན། ཁོང་གི་བསྙུང་ནད་འདི་རང་ལ་སྤོ་ཉན་ན་ཅི་སྟོ་སྙམ་ཙ་ན། དེར་མཁྱེན་ནས་གྲོགས་པོ་ཁྱོད་ཀྱི་སེམས་བསྐྱེད་དེ་འདྲ་བ་དགོངས་པ་ཡིན་གསུངས་ནས། ཁོ་ཤིན་ཏུ་དད་ནས་ས་དེར་ཕྱག་འཚལ། འབུལ་བ་བྱས་ཆོས་ཞུས་པར་གདའ། ཡང་ཀར་མར་དཔལ་ལྡན་མའི་ཞལ་གཟིགས་ནས། ཉེ་གནས་ཀུན་ལ་ལྷ་མོའི་བསྒྲུབ་ཐབས་སློབས་དང་། འདི་འཁོར་བར་འདུག་གསུངས། ངས་གཏོར་མ་འབུལ་ཡང་མི་ཤེས་སྟེ། ལན་གཉིས་ཞལ་མཐོང་གསུངས། དཔལ་ལྡན་མའི་བསྟེན་གཏོར་རེ་རེ་ཡང་གྱིས་གསུངས་ནས། དབུས་རྩེར་བསྟེན་གཏོར་བྱས་སོ། དེ་ནས་དགུང་ལོ་བདུན་ཅུའི་ལོ་ལ་ནང་གཅིག་གཉེར་པ་ལ་ཁྱེད་རྣམས་ཞག་འགའ་གར་ཡང་མ་འགྲོ་དང་། སང་གནངས་འདི་ན་མི་ཁོམ་བ་གཅིག་འོང་གསུངས། དེ་ནས་གཉེར་པ་ཡང་གར་མ་སོང་ཅི་གསུང་བ་ཡིན་སྙམ་ཙམ་ན། དེ་ནས་ཞག་གསུམ་ན་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་གཅིག་ལ་སྐུ་བསྙུངས། སྨན་པ་ལ་བསྟན་པས། ད་རེས་ཅིས་ཀྱང་མི་ཕན་བས་ཁོ་བོ་འགྲོ་བ་ཡིན། སུན་མ་བྱུང་ནས་ལོ་གསུམ་ལོན་གསུངས། འོ་ན་ངེད་རྣམས་ཅི་ལྟར་བགྱི་ཞུས་པས། གསོལ་བ་ཐོབ་དང་ངས་ཁྱེད་རྣམས་འདྲེན་པར་ནུས་པ་ཡིན་ཀྱིས། ལར་ཆོས་དང་མཐུན་བར་གྱིས་དང་ཡག་པར་འོང་གིས་གསུངས། ལར་ངའི་འཁོར་རྣམས་ལ་དགེ་སྦྱོར་བསྐྱང་རྒྱུ་མེད་པ་ཆེར་མེད། དགེ་སྦྱོར་ངོ་ཤེས་པ་ཤིན་ཏུ་མང་། ང་མི་དགོས་པ་ཡང་འགའ་རེ་ཡོད་གསུངས། དེ་ནས་ངའི་བླ་མ་རྣམས་ཀྱང་ལྷོ་ནུབ་ན་ཕར་བཞུད་པར་འདུག །ང་ཡང་དེ་ཕྱོགས་སུ་འགྲོ་དགོས་གསུངས་ནས་ཞལ་དེ་ཕྱོགས་སུ་གཟིགས། དེ་ནས་ཉའི་ཉིན་པར་དེ་ལ་འདས་གཅིག་མཛད་པས་དུང་བུས་ནས་གྲ་པ་ཐམས་ཅད་བསྡུས་ནས། ཆོས་དང་ཞལ་ད་མང་དུ་གསུངས། དེའི་དུས་སུ་ནམ་མཁའ་འཇའ་ཡིས་གང་། བར་སྣང་འོད་ཀྱིས་གུར་ཕུབས་པ་ལ་སོགས་པ་ལྟས་དང་། ཆོ་འཕྲུལ་སྣ་ཚོགས་བྱུང་བས། ཐམས་ཅད་ཀྱིས་གསོལ་བ་དྲག་པོར་ཡང་བཏབས། རིམ་འགྲོའི་རྒྱུན་ཡང་དྲག་པོར་བྱས་པས། དེ་ཉིན་མ་གཤེགས། དེ་ནས་ཁོང་གི་ཞལ་ནས། གསོལ་འདེབས་ཤིན་ཏུ་གནད་ཆེ་བ་ཡིན། ང་ད་ནང་འགྲོ་དུས་ཡིན་པ་ལ་ཁྱེད་རྣམས་ཀྱིས་གསོལ་བ་བཏབས་པས་ཞག་འགའ་སྡོད་པ་ཡིན། ལར་ང་ལ་ཤི་བ་མ་ཤི་བ་གཉིས་སུ་མེད། ཐམས་ཅད་མཉམ་པ་ཉིད་ཆེན་པོ་ཡིན་གསུངས། དེ་ནས་ཞག་འགའ་ན་ཁོང་གི་ཞལ་ནས། བུ་ཙ་མིག་རྩ་ཅན་གཡུའི་ཟུར་ཕུད་ཡོད་པ་གཅིག་གིས་ཆང་དོང་བྱ་གང་བཟུངས་ནས་ང་ལ་ལག་མཆོད་ཞུ་ཟེར། དེ་ཇོ་བོ་སྔགས་ཀྱི་བདག་པོ་ཡིན་བར་འདུག །ཁྱེད་རྣམས་ཁོ་ལ་གཏོར་མ་ཕུལ་ལ་གསོལ་བ་ཐོབ་དང་ཁོས་ལན་གསུམ་ལ་ང་ཅི་ཟེར་ཉན་བར་ཁས་བླངས་པ་ཡིན་གསུངས་སོ། དེ་ཡང་ཁོ་བསུར་ཕྱིན་པ་ཡིན་ཚོད་དུ་གདའ། ཡང་ཉི་ཤུ་གཉིས་ཀྱི་ཉིན་པར་ཕྱག་གཉིས་ཐལ་མོ་ལན་འགའ་ཙམ་སྦྱར་བས། དེ་ཅིའི་རྒྱུ་མཚན་ལགས་ཞུས་པས། དེ་ཙོ་དེ་རིག་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ལ། གོམ་འདྲེས་ད་བྱང་མ་དགོས་པས། བླ་མ་དྲིན་ཆེ་སྙམ་ནས་རིན་པོ་ཆེ་དྲན་པ་ཡིན་གསུངས། ད་འོ་སྐོལ་ཡང་ཞག་གཉིས་ཙམ་ཡིན་ཏེ། དེ་བར་བླ་བོ་བྱ་གསུངས། དེ་ནས་ཉི་ཤུ་ལྔའི་ཐོ་རངས་ཀ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་དྷ་ཀི་དཔག་ཏུ་མེད་པ་སེམས་ཅན་ཡི་དོན་ལ་བྱོན་པ་ཁྱེད་ཀྱི་ཨེ་མཐོང་གསུངས། དེ་ནས་ཉི་མ་དྲོས་ཙམ་ན་སྤྲུལ་པའི་སྐུའི་དཀྱིལ་འཁོར་བསྡོགས་ནས་ཀྱང་། གདུང་ཆོས་བྱས་ནས་མཆོད་ཁང་ནང་ན་བཞུགས་པ་ལ། འགའ་རེས་ཕྱག་མཆོད་བྱེད་པར་མཐོང་། འགའ་རེས་ཆོས་གསུང་བ་མཐོང་བ་ལ་སོགས་པ་མཐོང་སྣང་མང་པོ་བྱུང་བར་གདའ། དེ་ནས་སྟོན་ཟླ་ར་བའི་ཚེས་གསུམ་ལ་གདུང་བཞུས་པའི་ཉིན་པར་ཡང་། ནམ་མཁའ་ལ་ཉི་མ་མང་དུ་ཤར་བ་དང་། ས་གཞི་ལ་རིང་སྲེལ་གྱིས་གང་བ་དང་། བར་སྣང་འཇའ་དང་འོད་ཀྱི་འཁྲིགས་པ་དང་། སིལ་སྙན་གྱི་སྒྲ་གྲག་པ་ཀུན་ཀྱིས་ཐོས་པ་ངོ་མཚར་ཅན་མང་པོ་བྱུང་། གཞན་ཡང་སྐུའི་རྟེན་ལ་ཡི་དམ་གྱི་ལྷ་སྐུ་མང་པོ་བྱོན། གསུང་གི་རྟེན་ལ་ལྗགས་དངོས་སུ་བྱོན། ཐུགས་ཀྱི་རྟེན་ལ་ཐུགས་དངོས་སུ་བྱོན་བ་ལགས་སོ། གཞན་ཡང་ཁོང་གི་ཡོན་ཏན་ལ་མཁྱེན་པ་དང་། གཟིགས་པ་དང་། མཛད་པའི་འཕྲིན་ལས་ལ་སོགས་པ་བསམ་ཀྱི་མི་ཁྱབ་བརྗོད་ཀྱིས་མི་ལངས་བས། ཕྱི་རབ་རྟེན་ཀྱི་གང་ཟག་དད་གུས་ཅན་རྣམས་ཀྱི་དོན་དུ། རྒྱ་རས་པ་ཡིས་ཡི་གེར་བཀོད་པའོ། རྫོགས་སོ། །འགྲོ་མགོན་རས་ཆེན་རྣམ་ཐར་འདིས། །འགྲོ་བ་མགོན་མེད་མ་ལུས་རྣམས། འགྲོ་མགོན་ཉིད་དང་མཇལ་ནས་ནི། །འགྲོ་འོང་མེད་པའི་དོན་རྟོགས་ཤོག། །། ༈ རིན་པོ་ཆེ་པོང་རག་པའི་རྣམ་པར་ཐར་པའོ། །བསམ་ཞིང་སྲིད་པར་སྐུ་འཁྲུངས་ཞིང་། །ཡོན་ཏན་རབ་འབྱམ་བརྗོད་ལས་འདས། །འགྲོ་བའི་སྐྱབས་གཅིག་རྗེ་བཙུན་གྱི། །ཞབས་ཀྱི་པད་མོ་ལ་བཏུད་དེ། །གུ་རུ་པུ་ཉ་བཛྭ་ཡི་། རྣམ་ཐར་ཅུང་ཟད་བརྗོད་པར་བྱ། །མཆོག་གི་བླ་མ་རིན་པོ་ཆེ་འདི། སྐྱེ་བ་སྔ་མ་ལ་ཡུལ་མ་ག་ཏ་དང་། རྡོ་རྗེ་གདན་དང་བྱ་རྒོད་ཕུང་པོ་གཉིས་ཀྱི་བར་ན། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཞེས་བྱ་བར་སྐུ་འཁྲུངས་ནས། སྡོམ་པ་གསུམ་གྱི་རྒྱན་དང་ལྡན་བ། སྙིང་པོའི་དོན་འབའ་ཞིག་གིས་འགྲོ་དོན་རླབས་པོ་ཆེ་མཛད་པ་ཅིག་ཡིན་གསུངས། ད་རེས་འདི་བྱོན་བའི་རྒྱུ་ནི། བསམ་ཞིང་སྲིད་པ་ཉེ་བར་བླངས་ནས། འགྲོ་དོན་དཔག་ཏུ་མེད་པ་འབྱུང་བ་ལ་དགོངས་པ་ཡིན་གསུང་། འབྲི་རྒྱལ་དམ་པ་ཆོས་ཕྱུགས་སུ་སྐུ་འཁྲུངས་ཞིང་། དགོང་ལོ་ལྔ་ལོན་བའི་དུས་སུ་ཡི་གེ་དང་ཀློག་ལ་མཁས་པ་ཡིན་གསུང་། ལོ་དགུ་དང་བཅུ་ལོན་བའི་དུས་སུ། གཉན་ལྷ་གང་རྩ་པའི་ཡབ་སྲས་ལ་བདེ་དགྱེས་ལ་སོགས་པའི་གསང་སྔགས་མང་དུ་གསན། དགུང་ལོ་བཅུ་བཞི་ལོན་པའི་དུས་སུ་སངས་རྒྱས་རས་ཆེན་བྱོན་ཟེར་བའི་སྒྲ་ཕྱོགས་མེད་དུ་གྲག །དེའི་དུས་སུ་མཚན་ཐོས་པ་ཙམ་གྱིས་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་བྱུང་། ནུབ་ཅིག་གི་རྨི་ལམ་ན་བུད་མེད་བོངས་རིང་བ་ཅིག་ལ། བུ་མོ་མང་པོའི་ཚོགས་ཀྱིས་བསྐོར་བའི་ཞལ་ནས། ཁྱོད་ཀྱི་བླ་མ་དྭགས་པོ་སྒོམ་ཆུང་གི་སྐྱེ་བ་བླ་མ་རས་ཆེན་ཡིན་ཟེར་བ་ཅིག་བྱུང་། དེ་ནས་ཞག་བཅུ་ཙམ་ལོན་བའི་དུས་སུ། འབོགས་ས་འར་སྒང་དུ་རིན་པོ་ཆེ་རས་ཆེན་དང་མཇལ་དུ་འབྱོན་བའི་དུས་སུ། བླ་མ་ཕྱག་ན་རྡོ་རྗེའི་ངོ་བོ་ཡིན་ཨམ་སྙམ་པ་ཅིག་བྱུང་། དེ་ནས་གནུབ་སྟན་ཚུལ་གྱིས། དབང་བསྐུར་ཞུས་པའི་དུས་སུ། ཁོང་ཡང་ཞོར་ལ་བསྐྲུས་པའི། བྱིན་རླབས་ཕབས་པའི་དུས་སུ། སྟེང་འོག་ཕྱོགས་འཚམས་དང་བཅས་པ་རྗེ་བཙུན་མའི་དཀྱིལ་འཁོར་ཡུན་རིང་དུ་གསལ་བ་གཅིག་བྱུང་བའི་དུས་སུ་བླ་མ་རས་ཆེན་གྱི་ཞལ་ནས། མཆོད་ཆུང་འདི་ཡིས་ངའི་དབང་བསྐུར་ཐོབ་པ་ཡིན་གསུང་། དེ་ཕྱི་ཆད་ཕ་དང་བུ་ཕྲད་པ་བཞིན་ཐུགས་ལ་བཏགས་པ་བྱུང་གསུང་། དེ་ནས་སྐུ་དགོན་ན་སྒོམ་ཁྲིད་བསྐྱང་བའི་དུས་སུ་ནམ་མཁའ་རྟེན་མེད་པ་ལས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རང་བཞིན་གྱིས་བཞུགས་པ་གཅིག་སྣང་། དེ་ལ་ཡུན་རིང་དུ་བལྟས་ཤིང་ཡེངས་པའི་ངང་ལས། སེམས་ཀྱི་གནས་ལུགས་དེ་ཉིད་དུ་རྟོགས་པ་ལགས་པ་ན་གསུང་། ཡང་སྐྱུངས་དགོན་པ་ན་ཐང་ཤིང་ཅིག་ཀྱི་རྩ་བ་ན་བསྒོམ་པའི་དུས་སུ། ཐང་ཤིང་དེའི་ཡལ་ག་ལ་རྗེ་དུས་གསུམ་མཁྱེན་པ་དཔག་ཏུ་མེད་པ་གཟིགས་ཀུན་ཀྱི་ཞལ་ནས་ལྗགས་ཉུག་ཉུག་བྱེད་ཅིང་སྐྱེ་བ་མེད་པའི་དོན་ལ་གོམས་པར་མི་བྱེད་ཅིང་། དམིགས་པ་སྣ་ཚོགས་ལ་ཞེན་པར་མ་བྱེད་ཅིག །དེའི་དུས་སུ་ངོ་བོ་སྒོམ་དུ་མེད་པ་ཏེ་གཤའ་མ་བ་རྟོགས་པ་ཡིན་ཏེ། ཀར་མ་ན་སློབ་དཔོན་གདན་ས་འཛིན་དུ་བྱོན་བའི་དུས་སུ། རླེལ་ཏུ་ཀར་མ་ཐང་དུ་ཡར་འགྲོ་ཙམ་ན་དཔའ་བོ་མཁའ་འགྲོ་སྤྲིན་ཕུང་འཁྲིགས་པ་ཙམ་གྱིས། འགྲོ་མགོན་ལ་སྐོར་བ་བྱེད་པ་མཐོང་། ང་རང་ཡང་ནམ་མཁའ་ལ་གར་བྱེད་ཅིང་འགྲོ་ནུས་པ་སྙམས་བྱུང་གསུང་། ཀར་མ་ན་ཕྱིན་ནས་ལྡད་ཕུ་ན་ལྷ་མོ་གནམ་རྫོང་ན་སྒྲུབ་པ་བྱེད་པའི་དུས་སུ། དཔལ་ལྷ་མོས་ཕྱག་འཚལ་བ་དང་། སྒྲོལ་མ་དཀར་མོའི་ལྷ་ཚོགས། ཇོ་བོ་སྔགས་ཀྱི་བདག་པོས་ཡོན་བདག་བྱེད་གསུང་བ་དང་། ཁྲོ་བོའི་རྒྱལ་པོ་ལ་ཁྲོ་མོ་མང་པོས་བསྐོར་བ་དང་། གཞན་ཡང་མཐོང་སྣང་དཔག་ཏུ་མེད་པ་བྱུང་གསུང་། རྗེ་འགྲོ་མགོན་རས་ཆེན་པ་དེ་རྣམས་ཞུས་ཙམ་ན། སྒོམ་ཆེན་བའི་ལམ་རྟགས་སྣང་བ་ཙམ་ཡིན་ཏེ་དེ་ལ་རློམ་སེམས་མ་བྱེད་གསུང་། འགྲོ་མགོན་གྱི་ཞལ་ནས་རས་ཆུང་རྟོགས་ལྡན་ཡིན་ཡང་ཡང་གསུང་བ་དང་། གཉམས་ཆུང་ཡང་ཡོན་ཏན་ཅན་དུ་གྲགས་པས། གྲ་པ་ཀུན་ཀྱིས་བཀུར་ཅིང་བྱམས་པར་གྱུར་པ་ཡིན་གསུང་། ཡོན་སྒོམ་གྲགས་གེ་ས་སྨད་ནས་འབུལ་བ་ཆེད་པོ་དང་བྱུང་གསུང་། ཆོས་སྐྱོང་གི་གཏོར་དབང་ཆེན་པོ་ཞུས་པའི་དུས་སུ། གྲག་གོའི་ཞལ་ནས་གྲོགས་པོ་རྒྱུས་མེད་ཨོཾ་ངའི་ཟླ་ལ་གཏོར་དབང་ཞུས། ཁྱེད་ཀྱི་ཆ་རྐྱེན་ངས་འདོན་ཟེར་ནས། ལུང་ནོད་ཞུ་བའི་དུས་སུ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་དང་བེར་ནག་ཅན་དང་མ་མགོན་གསུམ་དུས་གཅིག་ཞལ་གཟིགས་པ་ཡིན་གསུང་། འགྲོ་མགོན་ཡི་ཞལ་ནས་ཆོས་སྐྱོང་འདི་རྣམས་གཏད་པ་མི་འདུག་པས། གྲོ་གེ་རྒྱུ་འདི་རྣམས་བཏང་བ་བས། རས་ཆུང་བ་ལ་ཕུལ་གང་གཏོང་རྒྱུ་མེད་པས། ཆོས་སྐྱོང་གི་ཞལ་མཐོང་བར་འདུག་གསུང་། རྗེ་འགྲོ་མགོན་རས་ཆེན་འདས་ཀར་བྱོན་བའི་དུས་སུ་འགྲོ་མགོན་གྱིས་ཁྱོད་ལ་བསྟན་པའི་བདག་པོ་རེ་བ་ཡིན་གསུང་། དེ་ཡང་ཁྱོད་ཀྱི་འཕྲིན་ལས་རྒྱ་ཆེ་བ་ཡིན་བུ་སློབ་ཡང་ཁྱོད་ཀྱི་རིང་ལ་ངའི་བསྟན་པ་ཕྱོགས་མེད་དུ་རྒྱས་པ་ཡིན་གསུང་། དེའི་དུས་སུ་འགྲོ་མགོན་དང་ཐ་དད་མེད་པར་བསྟན་པའི་བདག་པོ་ལ་སངས་རྒྱས་དཔག་ཏུ་མེད་པས་བསྐོར་བ་ཅིག་མཐོང་གསུང་འགྲོ་མགོན་ལ་ཞུས་པའི་དུས་སུ། བསྟན་པའི་བདག་པོ་འབྱུང་བའི་བརྡའ་ཡིན་གསུང་། འགྲོ་མགོན་ཡོངས་སུ་མྱ་ངན་ལ་འདས་ནས་གདུང་བཞུ་བའི་དུས་སུ། རིགས་ལྔའི་སངས་རྒྱས་འཁོར་དང་བཅས་པ་དང་། འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་དང་། དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་བཞིན་དུ་གང་བལྟས་བལྟས་སུ་སྣང་གསུང་། དག་པའི་སྣང་བ་དཔག་ཏུ་མེད་པ་ཤར་བས་འོག་མིན་གྱི་གནས་ཀྱང་འདི་ཡིན་སྙམ་པ་བྱུང་། བླ་མའི་གདུང་སྦྱང་དང་ཉམས་དགའ་བའི་སྤྱོད་པ་སྣ་ཚོགས་བྱས་པས། གྲག་པ་རྣམས་ཀྱི་བདུག་པའི་སྤྱོད་པ་སྣ་ཚོགས་བྱེད་ཞིང་སྣང་། གྲག་པ་འགའ་ཞིག་གིས་རས་ཆུང་གི་སྤྱོད་པ་གོ་བཟློགས་འདི་འདྲ་བྱེད་ཟེར་ནས་འཐབ་པ་ཡང་བྱུང་། དེའི་དུས་སུ་དུ་མ་རོ་གཅིག་གི་རྟོགས་པ་མཐར་ཕྱིན་པ་ཡིན་གསུང་། འགྲོ་མགོན་བཞུགས་པའི་དུས་དུ། གྲོགས་པོ་གྲེག་ས་སྨད་ན་འདོང་ཕུ་བླ་མཆོད་བྱེད་ཟེར་ནས་དེ་འཐད་སྙམ་ནས། འགྲོ་མགོན་ལ་ཞུས་པའི་དུས་སུ། ས་སྨད་ན་མ་འགྲོ་མི་མི་ཁམས་ཤིན་ཏུ་ནག་པས་བར་ཆོད་འོང་དོགས་ཡོད་གསུང་། འགྲོ་མགོན་སྐུ་གཤགས་ནས་ཞག་ཉི་ཤུ་རྩ་གཅིག་གི་ཉིན་པར་ཤར་ན་འགྲོ་སྙམ་ནས། བླ་མ་དགེ་འདུན་རྣམས་ཀྱིས་མ་འགྲོ་གསུང་ན་ཟླ་བ་ངོ་ལྔའི་ཉིན་པར་བུང་བུ་གཅིག་ལ་དཔེ་ཅ་བཀལ་ནས་ཤར་མེ་འདོར་ལ་འགྲོ་བ་ཡིན་གསུང་། དེའི་དུས་སུ་རྒྱལ་ཁམས་མང་པོ་ལ་ལྟད་མོ་ལྟ་འགྲོ་སྙམ་ནས་ཡིད་ཕྱོགས་མེད་དུ་བཏང་བའི་དུས་སུ། སྨར་ཤོད་སྟོན་པའི་རྩ་ན་བྱོན་ནས། སྦས་ཀར་མ་བས་རིམ་འགྲོ་དང་ཚོགས་མཆོད་མང་དུ་བྱས་པའི་དུས་སུ། འགྲོ་མགོན་ཡབ་སྲས་ལ་སོགས་པ་བཀའ་བརྒྱུད་རྣམས་བྱོན་ནས། རྗེ་དུས་གསུམ་མཁྱེན་པའི་ཞལ་ནས། གར་ཡང་མ་འགྲོ་ལ་ས་ཆ་འདི་ཉིད་དུ་སྒོམས་དང་རང་དོན་དང་གཞན་དོན་གཉིས་ཀ་འབྱུང་བ་ཡིན་གསུང་། དེ་ནས་སེ་ཀོ་དགོན་པར་ཆགས་ཕབས་པའི་དུས་སུ། རྩོལ་སྒྲུབ་མེད་པར་འཕྲིན་ལས་བཞི་ལ་མངའ་མཉེས་པ་དང་། སྙན་པ་ཕྱོག་མེད་དུ་ཁྱབ་པ་དང་། ལོངས་སྤྱོད་ཆར་བབ་པ་བཞིན་དུ་འབྱུང་གསུང་། སེ་ཀོ་དགོན་པ་ན་ལོ་བཅུ་དྲུག་བཞུགས་པའི་དུས་སུ་ཡོན་ཏན་གཏོར་རྫོགས་པ་ཡིན་གསུང་། དག་པའི་སྣང་བ་ལས་འཛམ་བུ་གླིང་མཐོང་བ་དང་། འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་དང་། དགྱེས་པ་རྡོ་རྗེའི་ལྷ་ཚོགས་ལྷ་དགུའི་དཀྱིལ་འཁོར་དང་། རིགས་ལྔའི་ལྷ་ཚོགས་དང་། ཕྱགས་ན་རྡོ་རྗེ་དང་གསང་སྔགས་རྙིང་མའི་ཧེ་རུ་ཀ་ཡང་མང་པོའི་ལྷ་ཚོགས་དང་རྡོ་རྗེ་ཕག་མོའི་ལྷ་ཚོགས་མང་པོ་དང་། ཆོས་སྐྱོང་མ་མགོན་གྱི་རྣམ་འཕྲུལ་མང་པོ་དང་། མཐོང་སྣང་དཔག་ཏུ་མེད་པ་ཡོད་དེ་བརྗོད་ཀྱིས་མི་ལང་བས་དགོས་པ་མེད་གསུང་། དེ་དང་པོ་ཤ་འབོམ་ན་མཇལ་བའི་དུས་སུ། མཆོད་ཆུང་ཁྱོད་གང་ནས་འོངས་པ་ཡིན་གསུང་། ངེད་ས་སྟོད་ནས་འོངས་པ་ཡིན་ད་དབུས་སུ་འགྲོ་བ་ཡིན་བྱས་ཙ། ཁྱེད་ངའི་གདུལ་བྱ་གཅིག་ཨ་མ་ཡིན་བས། གར་ཡང་མ་འགྲོ་སྡོད་གསུང་། དེ་ནུབ་ཤེས་རབ་བློ་གྲོས་པས་དབང་བསྐུར་ཞུས་པའི་གྲལ་དུ་ཁྲིད་ནས་ཐུགས་ལ་བཏགས་པ་བྱུང་ནས། དེ་ནུབ་དབང་བསྐུར་ཚོགས་པའི་རྗེས་ལ་རྗེ་རིན་པོ་ཆེའི་ཞལ་ནས། དོ་ནུབ་ཁྱོད་འདུག་པའི་ཐད་སོ་ན། དུས་གསུམ་མཁྱེན་པ་དང་བཀའ་བརྒྱུད་ཀུན་གསལ། ཁྱོད་ལས་ཅན་ཅིག་ཨེ་མ་ཡིན་གསུང་། དེ་ནས་སོ་ཀོ་དགོན་པ་ལ་འོང་བའི་དུས་སུ། སེ་ཀོ་དང་ཞོ་ཀོ་གཉིས་ཀྱི་བར་སྒད་ཤེལ་མུར་འོག་ནི་འགྱུལ་ན་ཕྱིན་བའི་དུས་སུ། རིན་པོ་ཆེའི་ཞལ་ནས། དེ་རིང་དེ་དུས་གསུམ་ཁྱེན་པའི་སྣང་བ་ནམ་མཁའ་གང་བ་གཅིག་བྱུང་། ད་ཁྱོད་སྐལ་ལྡན་གཅིག་ཡིན་པར་འདུག་པས་གར་ཡང་མ་འགྲོ་བར་ངའི་ཆོས་འདུག་འདི་གྱིས་གསུང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བར་འདུག་སྟེ། ཤིན་ཏུ་གསང་བར་འདུག །དེའི་དུས་སུ་རིན་པོ་ཆེ་སྐ་ཐོག་ཀྱི་ཆོས་རྗེ་གཙང་སྟོན་པ་དེ་སྙན་པ་ཤིན་ཏུ་ཆེ་བར་འདུག་པ་ཉི་མ་སྔ་དྲོ་གཅིག་གི་དུས་སུ། སྐ་ཐོག་པ་ངོས་སུ་འདུག་པ་གདའ་ན་འདི་པ་ཅི་འདྲ་ཡིན་སྙམ་ནས་དགོངས་པ་བཏངས་བའི་དུས་སུ། སྤྲིན་མེད་པའི་ནམ་མཁའ་འདྲ་བའི་འོད་སྔོན་པོ་འདྲ་བའི་གཞལ་ཁང་རྒྱ་ཆེ་བ་གཅིག་གི་དབུས་སུ། ལོངས་སྤྱོད་རྫོགས་པའི་སྐུ་དཔག་ཏུ་མེད་པ་བཞུགས་པ་རང་བཞིན་གྱི་གསལ། ཁོང་བཞུགས་པའི་ཐད་སོ་དེ་ན་འོད་ཟེར་ཁ་ཏོག་སྣ་ལྔའི་ཕུང་པོ་བསམ་གྱི་མི་ཁྱབ་པ་གཅིག་སྣང་བ་བྱུང་གསུང་། འདི་པ་སངས་རྒྱས་ཡིན་པར་དགོངས་ནས། དེའི་ནུབ་མོ་ཚོགས་མཆོད་ཅིག་ཀྱང་མཛད་པའི་དུས་སུ། གསང་སྔགས་རྙིང་མའི་ཧེ་རུ་ཀ་མང་པོ་ཡང་ཞལ་གཟིགས་པ་བྱུང་གསུངས། དོ་ནུབ་ཀྱི་རྨི་ལམ་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབས་པའི་རི་བསམ་གྱི་ཁྱབ་པ་ཅིག་གི་ངོས་ཐམས་ཅད་སྨན་རྣམ་པ་སྣ་ཚོགས་པ་སྐྱེ་བར་འདུག །འོད་སྔོན་པོ་དེའི་གཞལ་ཡས་ཁང་དེའི་དབུས་སུ་བླ་མ་སྐ་ཐོག་པ་རང་འོད་ཀྱི་རང་བཞིན་དུ་བཞུགས་པ་སྣང་། དུང་ཀར་ཆེན་པོ་ཅིག་འབུད་མི་མེད་པར་རང་གྲག་དུ་གྲགས་པ་ལས། དུང་དཔག་ཏུ་མེད་པ་ཆེ་བ་དེ་ལ་འཕྲོ་ཞིང་ཕྱོགས་མེད་རང་གྲག་དུ་ཏི་རི་རི་འགྲོ་བ་གཅིག་རྨིས། ཁོང་གི་སྙན་པ་ཕྱོག་མེད་དུ་གྲག་པའི་བརྡར་རུ་འདུག །དེ་ནས་ཕྱི་དེ་ལོ་སྐ་ཐོག་ལ་བྱོན་ནས། རིན་པོ་ཆེ་སྐ་ཐོག་པ་ལ་དབང་བསྐུར་ཞུས་པའི་དུས་སུ། ཁོང་ཐུག་དམ་རྫོགས་པ་ཆེན་པོ་ལ་མཉམ་པར་བཞུགས་པའི་དུས་སུ་ཡུན་རིང་པོ་ཅིག་ལ་མི་སྣང་བ་གཅིག་བྱུང་། ནུབ་གཉིས་ལ་ཞི་ཁྲོ་ལྷ་ཚོགས་མ་ལུས་པ་ཞལ་གཟིགས་པ་ཡིན་གསུང་། མཁྱེན་པ་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་དེ་ནས་བྱུང་བ་ཡིན་གསུང་། དེ་ནས་ཁྲ་པོ་རག་སྣ་ལ་བྱོན་ནས་དགོན་པ་བཟུང་བའི་དུས་སུ། ཤར་ཕྱོགས་སུ་སངས་རྒྱས་མི་འཁྲུག་པ་དཔག་ཏུ་མེད་པའི་ཞལ་མཐོང་བ་ཡིན་གསུང་། ཚོགས་མཆོད་ཀྱི་དུས་སུ་གཏོར་མ་ཁོལ་བ་དང་། བདུད་རྩི་གྱུར་བ་དང་སྨན་གྱི་རི་ལུ་ཕུན་སུམ་ཚོགས་པས་ཚོགས་ཆང་གང་བ་དང་། མཐོང་སྣང་དཔག་ཏུ་མེད་པ་དང་གནམ་གྱི་སྐར་མ་ཙམ་འདྲ་བ་དང་། ཁྱད་པར་དུ་དུས་གསུམ་མཁྱེན་པ་ཁ་དོག་དུ་མར་སྣང་བ་དཔག་ཏུ་མེད་པ་མཐོང་གསུང་། སྐྱུངས་དགོན་པ་ནས་ཞབས་མ་བདེ་བའི་དུས་སུ། གྲུབ་པ་ཐོབ་ཚད་ཀྱི་བླ་མ་ཀུན་ཞལ་གཟིགས་ཁྱད་པར་འགྲོ་མགོན་རས་ཆེན་ཡི་ཞལ་ནས། སྐྱེ་བ་མེད་ལ་མཉམ་རྗེས་མེད། །ན་ཚ་བསྡུག་བསྔལ་འཁྲུལ་པ་སྟེ། །སྐྱེ་འཆི་འཇིགས་ན་སྒོམ་ཆེན་མིན་གསུང་། དེ་ཕྱིན་ཆད་མཉམ་རྗེས་འབྲེལ་བ་ཡིན་གསུང་། དེ་ནས་ས་སྟོད་ཡུལ་མ་བདེ་ནས་སྨར་ཁམས་སྒང་ལ་བྱོན་པའི་དུས་སུ། ཞག་འགའ་སྐུ་ཁམས་མ་བདེ་ནས། དེ་ནས་ཡར་བདེ་བའི་དུས་སུ་ངེད་སྦུང་རི་ནས་ཚུར་འོངས་ནས་ཞབས་ཏོག་དང་རིམ་འགྲོ་དང་ཡུན་རིང་དུ་བྱས་པའི་དུས་སུ། རིན་པོ་ཆེའི་ཞལ་ནས་ད་ལོ་ནད་འདིས་རེས་ཅིག་བདེ་ཡང་ལར་མི་བདེ་བ་ཡིན། ཁྱེད་རང་ཤར་ཕྱོགས་ལ་མ་འགྲོ་དགོན་པ་ཟུངས་འཕྲིན་ལས་རླབས་པོ་ཆེ་གྱིས། ང་འཆི་བའི་དུས་སུ་ཁྱེ་རང་ཀུན་འགྲོ་ས་ཡོད་པ་གྱིས་འདིར་ཡང་མ་སྡོད་གསུང་། འགྲོ་མགོན་གྱི་ཞལ་ནས་ང་ལ་ཡང་ཡང་ཁྱོད་སྨར་ཤོད་ཁམས་ཀྱི་ཕྱོགས་སུ་མ་འགྲོ་གསུང་། ཞིང་ཁམས་མི་དག་པ་ཡིན་བ་ལ། འདིར་གློ་བུར་འོང་དགོས་རེད་པས་དེ་ལ་བར་ཆད་འདི་རྣམས་བྱུང་བ་ཡིན་གསུང་། བླ་མའི་བཀའ་བཅགས་པ་ལན་པ་ཡིན། ཁ་རྩང་སྨར་ཁམས་སྒོ་ཤོད་ལ་ཕྱིན་བའི་ནུབ་མོ་འགྲོ་མགོན་རས་པ་ཐུགས་མ་མཉེས་སིན་བ་རྨིས། ང་ད་རེས་ཅིས་ཀྱང་འགྲོ་དགོས་པར་འདུག་གསུང་། ངས་དུས་གསུམ་མཁྱེན་པ་ཡབ་སྲས་ཀྱི་བསྟན་པའི་ཞབས་ཏོག་བྱ་སྙམ་ཙ། ངའི་རིང་ལ་རྒྱ་ཆེན་པོ་མ་གྲུབ། ཁྱེད་ཀྱི་རིང་ལ་རྒྱ་ཆེ་པོ་འབྱུང་བར་འདུག་པས། མཚུར་ཕུ་མས་ཆོས་རྗེ་དུས་གསུམ་མཁྱེན་པ་ཡབ་སྲས་ཀྱི་བསྟན་པ་འདི་ཁྱོད་ཀྱི་ཁུར་རྒྱུ་ཡིན་བས་ཐུགས་རྒྱ་མ་ཆུང་གསུང་ཁྱེད་འདི་ནས་སྐྱེ་བ་གར་བལྟམ་ཞུས་པ་ལས། བར་དོ་མེད་པར་སྐད་ཅིག་གིས་ལག་པ་བརྐྱང་བསྐུམ་གཅིག་གི་བར་ལ། མགོན་པོ་བྱམས་པ་དང་དགའ་ལྡན་གྱི་སྣང་བ་ཤར་བ་ཡིན་བས། ལྷའི་ལོ་འགའ་ལ་ཏིང་ངེ་འཛིན་བསྐྱངས་ནས་ས་བཅུའི་མགོན་པོར་འབྱུང་བ་ཡིན་གསུང་། དེ་ནས་སངས་རྒྱས་པ་ལ་དགའ་ལྡན་ན་ཚེག་མེད་གསུང་། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་མང་པོ་ཕྱོགས་མེད་དུ་འགྱེད་ཅིང་གདུལ་བྱ་ཐམས་ཅད་དྲང་བ་ཡིན་གསུངས། ཁྱེད་བུ་སློབ་རྣམས་ཅི་བྱེད་གར་སྣང་ལྷའི་སྤྱན་གྱི་མཐོང་བ་ཡིན་བས། ཁྱོད་ཀྱི་བུ་སློབ་རྣམས་ཀྱི་སྨིན་གྲོལ་ཡང་བྱེད་པ་ཡིན་གསུང་། ང་དང་མགོན་པོ་བྱམས་པ་ལ་ལྷན་དུ་དགའ་ལྡན་དུ་གསོལ་བ་ཐོབ་གསུང་། ངའི་རྣམ་འཕྲུལ་གཅིག་རྒྱ་གར་ཀར་ཏི་ཀ་ན་དུས་གསུམ་མཁྱེན་པའི་རྣམ་འཕྲུལ་དེའི་རྒྱལ་མཚན་དུ་དབང་བསྐུལ་ནས། གདན་ས་ཡུན་རིང་དུ་བྱེད་ཅིང་སྨིན་གྲོལ་གྱི་ལམ་ལ་བཀོད་པར་འདུག་གསུང་། །དེ་ལ་སོགས་པ་འདས་མ་འོངས་ད་ལྟར་གསུམ་གྱི་མཁྱེན་པ་དག་སྣང་དཔག་ཏུ་མེད་པ་མངའ་བར་འདུག་སྟེ། རྟིངས་ཅུང་ཟད་ཙམ་བཀོད་པ་ལ་རིན་པོ་ཆེ་ལ་ཞུས་པ། ང་ལ་ཁྱེད་ཀྱི་འཕྲིན་ལས་ཙམ་བྱུང་ན་རབ་སྟེ། དེ་བས་ཆེ་ཨེ་འོང་ཞུས་པ་རིན་པོ་ཆེའི་ཞལ་ནས། སློབ་དཔོན་བས་སློབ་མ་འཕྲིན་ལས་ཆེ་བ་ཡོད་པ་ཡིན། ང་ཡན་ཆོད་བཀའ་བརྒྱུད་ཀུན་ཀྱི་འཕྲིན་ལས་དང་བསྟན་པ་ཁྱོད་ལ་བརྟེན་ཏེ་འོང་བར་འདུག །བུ་སློབ་སྐལ་ལྡན་མང་པོ་འབྱུང་བར་འདུག །གྲགས་པ་རིན་ཆེན་འདི་ངའི་སྐྱེ་བ་གསུམ་གྱི་སློབ་མ་དང་ཡོན་བདག་ཡིན་པར་འདུག་སྟེ ཁོས་མ་བསྒོམས་གཡེང་བ་ཆེ་བ་ཡིན་བའི་ཕྱིར། ད་རུང་སྐྱེ་བ་འགར་འགྲོ་བ་འདྲེན་པ་མི་འབྱུང་བར་འདུག །དེ་ལ་སོགས་པ་བུ་སློབ་རྣམས་ཀྱི་འབྲེལ་ཚུལ་བསམ་གྱི་མི་ཁྱབ་པ་གཅིག་གསུངས་ཏེ། འདིར་མ་བཀོད། དེ་ནས་རྟག་པར་ལྟ་བ་ངན་པ་རྣམས་སུན་འདོན་པ་དང་། ལེ་ལོ་ཅན་རྣམས་དགེ་སྦྱོར་ལ་བསྐུལ་བའི་ཕྱིར། ས་ག་ས་རི་རྒྱལ་དང་ཕྲད་པའི་ཉིན་པར་ཡོངས་སུ་མྱ་ངན་ལས་འདས་ཚུལ་བསྟན་ནས། ཚེས་བཅོ་ལྔ་ཉིན་པར་གདུང་བཞུས་པའི་བར་ལ། འཇའ་དང་ས་གཡོ་བ་དང་། འོད་ལ་སོགས་པ་དཔག་ཏུ་མེད་པ་བྱུང་། བྱང་ཆུབ་ཀྱི་སེམས་འབྱོངས་པའི་རྟགས་སུ། སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱོན། གསུང་གི་དབང་ཕྱུག་བརྙེས་པའི་རྟགས་སུ་ལྗགས་བྱོན། རྣམ་པར་མི་རྟོགས་མཐར་ཕྱིན་བའི་རྟགས་སུ། ཐུག་བྱོན་པ་ལ་སོགས་པའི་རྟེན་དཔག་ཏུ་མེད་པ་བྱོན། ཡ་མཚན་རྨད་དུ་བྱུང་བ་འགྲོ་བ་འདྲེན་བའི་ཆོས་རྗེའི་མཛད་པ་བསམ་གྱི་མི་ཁྱབ། །བསྟན་པའི་གཙོ་དང་དབྱེར་མེད་པས། །རྣམ་ཐར་ཅུང་ཟད་བཀོད་པ་ཡིས། །བསྟན་པ་ཡུན་རིང་གནས་པར་ཤོག །བླ་མ་རིན་པོ་ཆེ་པོང་རག་པའི་རྣམ་ཐར་གསལ་བྱེད་མཁའ་ལ་ཉི་མ་ཤར་བ་བཞིན་རིན་ཆེན་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། །།ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི། སྐལ་ལྡན་རང་བྱུང་རྡོ་རྗེ་མི་བརྗེད་གཟུངས་སུ་བཀོད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །པུ་ཉ་བཛྭཱི་རྣམ་ཐར་འདི། ས་ཏ་སརྦ་མ་ལུས་པས། བྲད་ཉ་མ་ཧ་ཡི་དོན་རྟོགས་ནས། དྷར་དུ་ཛྙྱ་བྷུད་ཧ་ཐོབ་པར་ཤོག། །།

བླ་མ་རིན་པོ་ཆེའི་རྣམ་ཐར།

དྷ་མ་འགྷུ་རུ་ན་མོ། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །ལོངས་སྐུ་ཁྲི་གདུགས་ཉི་མ་ཤར། །སྤྲུལ་སྐུའི་ཆར་རྒྱུན་ཀུན་ལ་ཁྱབ། །འགྲོ་མགོན་བླ་མ་རིན་པོ་ཆེའི་ཞབས་ལ་འདུད། །བླ་མ་རིན་པོ་ཆེའི་རྣམ་ཐར་དང་དག་སྣང་བསམ་གྱིས་མི་ཁྱབ་སྟེ། འདིར་མདོ་ཙམ་གཅིག་བཀོད་པ་ལས། སྐུ་སྐྱེ་བ་འདི་ཡི་རྣམ་ཐར་དང་དག་སྣང་ནི། ལོ་བདུན་བརྒྱད་ལ་ཡི་གེ་མཁས་པའི་ཚད་དུ་ཕྱིན་པ་ཡིན་གསུངས། དེའི་དུས་ནས་དག་སྣང་ཡང་འགའ་རེ་བྱུང་སྟེ་ངོ་མ་ཤེས་གསུངས། དེ་ནས་དབུས་ལ་འགྲོ་སྙམ་ནས་འོངས་པའི་དུས་སུ། རིན་པོ་ཆེ་སྤོང་རག་པ་ཤ་འབོམ་ན་བཞུགས་པ་དང་མཇལ། མཆོད་ཅུང་ཁྱོད་གང་ནས་འོངས་པ་ཡིན་གསུངས། ངེད་ས་སྟོད་ནས་འོངས་པ་ཡིན་ད་དབུས་སུ་འགྲོ་བྱས་པའི་དུས་སུ། ཁྱོད་ངའི་གདུལ་བྱ་གཅིག་ཨེ་མ་ཡིན་བས་གར་མ་འགྲོ་གསུངས། དེའི་ནུབ་མོ་ཤེས་རབ་བློ་གྲོས་པས་དབང་བསྐུར་ཞུས་པའི་གྲལ་དུ་ཁྲིད་ནས། ཤིན་ཏུ་ཐུགས་ལ་བཏགས་པར་བྱུང་གསུངས། དབང་བསྐུར་ཚར་བའི་དུས་རྗེས་མི་མེད་པའི་དུས་སུ། དོ་ནུབ་ཁྱོད་འདུག་པའི་ཐད་སོ་ན། དུས་གསུམ་མཁྱེན་པ་དང་བཀའ་བརྒྱུད་ཀྱི་བླ་མ་རྣམས་གསལ་བས། ཁྱོད་ལས་ཅན་གཅིག་ཨེ་མ་ཡིན་གསུངས། དེ་ནས་སེ་ཀོ་དགོན་ན་འོངས་པའི་དུས་སུ། སེལ་ཀོ་ཞེ་ཀོ་གཉིས་ཀྱི་བར་སྒང་ན། ཤེ་མུར་འགོའི་སྒང་འགུལ་ན་ཕྱིན་བའི་དུས་སུ། རིན་པོ་ཆེའི་ཞལ་ནས། དི་རིང་དེ་དུས་གསུམ་མཁྱེན་པའི་སྣང་བས་ནམ་མཁའ་གང་བ་གཅིག་བྱུང་གསུངས། ཁྱོད་སྐལ་ལྡན་གཅིག་ཡིན་བར་འདུག་པས། གར་ཡང་མ་འགྲོ་སྡོད་ལ་ངའི་ཆོས་འདི་ཚོ་ཉམས་སུ་ལོང་གསུངས། རིན་པོ་ཆེ་པས་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བར་འདུག་སྟེ། གསང་བ་ཡིན་པར་སྣང་། དེ་ཕྱིས་ཆད་ཕ་དང་བུ་ཕྲད་པ་བཞིན་དུ་སོང་། སེམས་ངོ་ཡང་སྐད་གཅིག་གིས་ཤེས་པར་བྱུང་གསུངས། ཚེ་རབས་ཀྱི་བླ་མ་ཡིན་བར་འདུག །གར་ཡང་མི་འགྲོ་བསྡད་དགོས་སྙམས་ནས་ཆོས་ཐམས་ཅད་ཉམས་སུ་བླངས། ཅི་གསུང་བཀའ་བཞིན་དུ་བསྒྲུབས། བསྒྲུབ་པ་ཚུལ་བཞིན་དུ་བྱས། དག་སྣང་ཡང་བསམ་ཀྱིས་མི་ཁྱབ་པ་བྱུང་། བླ་མ་ཡང་ཤིན་ཏུ་མོས་པར་བྱུང་གསུངས། དེ་ནས་གནས་ནང་ན་ཕྱིན་པའི་དུས་སུ། གཞལ་ཡས་ཁང་འཇའ་ཚོན་འདྲ་བའི་ནང་ནས། འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་དང་རྗེ་དུས་གསུམ་མཁྱེན་པ་བཞུགས་པ་གཅིག་འདུག །དགེ་བསྙེན་ཀྱིས་རིན་པོ་ཆེའི་ཁྲི་ཆེན་པོ་གཅིག་བརྩིགས་པ་ལ། ཁྱེད་འདི་ན་བཞུགས་ཟེར་ཞིང་འདུག་གདན་ས་གསར་རྙིང་ཟུག་པའི་བརྡར་འདུག་གསུངས། གནས་ནང་འཕར་སླང་ན་བསྒོམས་པའི་དུས་སུ། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་གསལ་བ་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་རང་བཞིན་གྱིས་བཞུགས་པའི་སྣང་བ་ཞག་གསུམ་དུ་བྱུང་གསུངས། དེ་ནས་སྦུངས་རི་ན་འོངས་པའི་དུས་སུ། གནས་ནང་ལུང་པའི་གཡས་གཡོན་ཐམས་ཅད་ལ། གཡས་ཕྱོགས་ཐམས་ཅད་དཔའ་བོ་ཡི་དཀྱིལ་འཁོར། གཡོན་ཕྱོགས་ཐམས་ཅད་དཔའ་མོའི་དཀྱིལ་འཁོར། དེ་རྣམས་ཀྱིས་གར་ཁྱུག་ཁྱུག་བྱེད་ཅིང་སྐྱེལ་བ་འདྲ་བ་གཅིག་བྱུང་གསུངས། དུས་གསུམ་མཁྱེན་པ་དཔག་ཏུ་མེད་པའི་ཞལ་ནས་དག་སྣང་མཁའ་སྤྱོད་འདི་ཡིན་གསུངས། ཡང་ཉི་མ་ཕྱི་དྲོ་གཅིག་ལ་དཔལ་ལྷ་མོས་ཡ་ཐོད་ནམ་མཁའ་བྱས། མ་ཐོད་ས་བྱས་པ་ཙམ་དུ་ཞལ་གདངས་ནས། བྱང་ཕྱོགས་ན་མར་ལ་ནག་མོ་འབུམ་དེ་དང་བཅས་པ་རྔམ་ནས་ཐལ་བ་གཅིག་བྱུང་གསུངས། དེའི་དོན་ཅི་ལགས་ཞུས་པས། སྟོད་ན་ཚུར་ལ་ཧོར་འོང་བ་ཟློགས་པའི་བརྡ་ཨེ་མ་ཡིན་གསུང་། ཡང་སྒོ་རིག་བདུན་པ་ཡོན་བཙུན་ཚུལ་རྒྱལ་ཡི་ཕ་བསྙོས་པའི་དུས་སུ། གདན་དྲངས་ནས་གཏོར་དབང་ཞུས་པའི་དུས་སུ། གཏོར་དབང་བདུན་གྱིས་སོལ་བར་བྱ་སྙམ་ཙ། སྒོ་རིགས་མི་ནག་བོན་པོ་འཇིངས་ཆེ་བས། ཡོན་བཙུན་ལ་བོན་པོས། བན་དྷེ་བེ་གར་ཡིན་བས་བེ་གར་སྤྱི་ཐུལ་ཟེར་བ། ཁོས་སྤྱ་ངར་ཞུས་ནས། དེ་སྔོན་གཏོར་དབང་གསུམ་བྱས་པས་ཡང་མ་ཕན། བོན་པོས་ཀྱང་དེ་ཟེར་བྱས་པའི་དུས་སུ། ཐུགས་འཁྲུགས་ནས་ཆོས་སྐྱོང་ལ་གསོལ་བ་དྲག་ཏུ་བཏབས་པ་ལས། ང་བདག་ཀྱང་ཁྲུགས་ཀྱིས་སོང་ནས་འཇིག་རྟེན་གྱི་ཁམས་ཁར་བཏབས་ཀྱང་ཁ་གང་བའི་སྣང་བ་མ་བྱུང་ནས། གཏོར་མ་མི་བཞིས་མི་ཁྱག་པ་གཅིག་ཏེ་ཕྱག་གིས་བླངས་ནས་ཐང་ལ་བརྒྱབས་པའི་དུས་སུ། དེའི་དུས་སུ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཆོས་སྐྱོང་གིས་གང་བ་ཅིག་བྱུང་གསུངས། དེའི་དུས་སུ་ཕྱོགས་བཅུ་མགོན་པོའི་བསྟོད་པ་ཡང་མཛད་པ་ཡིན་གསུངས། རུ་རོང་ན་ཡར་འོངས་པའི་དུས་སུ། སྒོ་རིགས་ཀྱི་ས་བདག་རྣམས་བསུ་བ་ལ་བྱུང་བ་དང་། དགེ་བསྙེན་འཁོར་དང་བཅས་པ་རྣམས་འཐབ་ཅི་འདུག་པ་ལས། ངས་ཁོང་རྣམས་ལ་མ་འཐབ་བྱས་གཏོར་མ་ཕུལ། དེའི་དུས་སུ་དགེ་བསྙེན་ཀྱི་ཞལ་ནས། ད་རེས་ཁྱེད་རྣམས་རྒྱལ་བ་གྱིས་དང་། ལོ་འགའ་ཙ་ང་ཡིས་གདན་དྲངས་བས་ཆོག་ཟེར་ཞིང་འདུག །ན་ནིང་འཕྱིས་གནས་ནང་དུ་བསྟན་པ་དར་རྒྱས་པའི་རྒྱུ་མཚན་དེ་ཡིན་གསུངས། གནས་ནང་རྒྱལ་མོ་མཚོ་འགྲམ་དུ་ཆོས་ཁྲི་བརྩིགས། གཞི་བདག་ལ་ཡུལ་དང་ས་གཞི་ཡང་བསླངས་པ་ལས། བུ་འབོར་སྒང་གི་ལྷ་འདྲེ་ཡོད་ཚད་དབང་དུ་བསྡུས་ནས་བཀའ་བསྒོ་བྱས་པའི་དུས་སུ། །གཞན་སྣང་དུ་ཡང་རི་སྙིལ་བ་དང་གངས་འདྲོགས་པ་དང་། སྐད་སྣ་ཚོགས་སྒྲོགས་པ་དང་ཐང་ཤིང་རྣམས་རླུང་ཐོག་གིས་བསྒྱེལ་བ་དང་། རྐྱ་མི་དམག་ཚོགས་མང་པོ་མཐོང་བར་འདུག །དགེ་བསྙེན་དང་གཞི་བདག་རྣམས་ཀྱི་ཞལ་ནས། ཕྱི་མའི་མུ་མཐར་ཐུག་གི་བར་དུ་ཁྱེད་ཀྱི་བུ་སློབས་དང་བསྟན་པ་ངེད་ཀྱི་བསྐྱང་བ་ཡིན། མདོ་ལ་ཡན་ཆད་ཁྱེད་ཀྱི་གདན་ས་གྱིས། མདོ་ལ་ཕྱིན་ཆད་ངེད་ཀྱི་ཡིན། མ་ཏྲོང་ལ་རིང་ཕྱིན་ཆད་ལ་མ་རེག་ཟེར་བ་བྱུང་། ཡང་གནས་ནང་ནས་ས་སྟོད་ལ་འོངས་པའི་དུས་སུ། དགེ་བསྙེན་གྱིས་དར་དཀར་པོའི་ན་བཟའ་གཅིག་ཕུལ་ནས། དུས་གསུམ་མཁྱེན་པའི་བསྟན་པ་ཁྱེད་ཀྱིས་སྲུངས་ཟེར་བ་གཅིག་བྱུང་། ལམ་ན་གྲིབ་དང་བར་ཆད་མི་འབྱུང་བའི་བརྡར་འདུག་གསུངས། ཡང་ཚ་ཡུལ་ཅོང་བྲག་ལ་སོང་བའི་དུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོའི་དབུས་ནས། རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དང་། རྡོ་རྗེ་གཞོན་ནུའི་ལྷ་ཚོགས་གྲངས་མེད་པས་བསྐོར་ཞིང་། གཞི་བདག་རྣམས་ཀྱིས་རང་ཅག་ལ་འབུལ་བ་བྱེད་པ་གཅིག་བྱུང་། གཞན་སྣང་དུ་ཡང་སྤྲིན་ཤེལ་གྱི་ཁ་དོག་འདྲ་བ་དང་། གུར་ཕུབས་པ་འདྲ་བ་དང་། འོད་དང་འཇའ་དང་། ཉམས་དགའ་བའི་ལྟས་མང་པོ་འདུག །རོང་བཙན་ཁ་བ་དཀར་པོའི་གངས་རི་དེ། ཡེ་ཤེས་པ་དང་འཇིག་རྟེན་པ་རྣམས་ཀྱི་གཞལ་ཡས་ཁང་དང་ཕོ་བྲང་ཡིན་བར་འདུག །རོང་བཙན་ཁ་བ་དཀར་པོའི་ལམ་ཡིག་གཅིག་ཀྱང་ཡོད། འཕྲིན་ལས་སྣ་ཚོགས་གྲུབ་པའི་གནས་ཡིན་གསུངས། དེ་ནས་ཀར་མ་ན་བྱོན་པའི་དུས་སུ། འགྲོ་མགོན་ཡབ་སྲས་བཀའ་བརྒྱུད་ཀུན་བཞུགས་ས་ཡིན་པ་ལ། དྷ་ཀི་མ་མང་པོས་བསྐོར་བ་བྱེད་པ་ཅིག་ཞལ་གཟིགས་གསུངས། དེའི་དོན་ནི་ད་རུང་བསྟན་པ་དར་རྒྱས་ཡོད་པའི་བརྡར་འདུག་གསུངས། ཡང་ཀར་མ་ན་དུས་གསུམ་མཁྱེན་པའི་རིང་སྲེལ་མང་པོ་ཡོད་སྙམས་བྱེད། སྒོམ་ཆེན་མང་པོ་འབྱུང་བའི་བརྡར་འདུག་གསུངས། དེ་ནས་ཀར་མ་ནས་མཚུར་ཕུ་ན་ཡར་འོང་བ་ལ། སྔགས་བདག་གིས་ནོར་བུ་རིན་པོ་ཆེ་བྱིན་པ་འདྲ་བ་གཅིག་བྱུང་། བསམ་པ་ཐམས་ཅད་གྲུབ་པའི་བརྡ་ཡིན་པ་འདྲ་གསུངས། ཡང་དཔལ་ལྷ་མོ་ནག་མོ་འབུམ་སྡེ་དང་བཅས་པ་བྱོན་ནས། དུས་གསུམ་མཁྱེན་པའི་གདན་ས་འཇིགས་ལ་ཁད། དབུས་སུ་མྱུར་དུ་ལ་མ་འགྲོ་དགོས་ཟེར་བའི་གཅིག་བྱུང་གསུངས། ཡང་ཀར་མ་ནས་མཚུར་ཕུ་ལ་འོང་བའི་དུས་སུ། འཇིག་རྟེན་གྱི་ཁམས་གསལ་བ་གཅིག་བྱུང་གསུངས། དེ་མིན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་གསལ་བ་གཅིག་བྱུང་། དེ་རྣམས་ཐམས་ཅད་རླུངས་སེམས་ཀྱི་འདུས་ཚུལ་ཡིན་པར་སྣང་གསུང་། ཁོ་བོ་ཡང་ཚེ་རིང་བར་འདུག་སྙམ་པ་ཅིག་བྱུང་གསུངས། དེ་ནས་བྱང་ལམ་ན་ཡར་འོངས་པའི་དུས་སུ། ལམ་ནོར་བ་ཡང་མིན་སྟེ་བསྟན་པའི་ཆེ་བ་འདོན་པའི་ཕྱིར། མགོན་པོ་ལ་དྲག་ཏུ་བོས་པའི་ཚེ། མགོན་པོ་ལྷ་དམག་དང་བཅས་པ་སྔོན་ལ་ཕར་ཐལ་བ་དང་། སྲ་འགྱིང་བའི་གཞི་བདག་རྣམས་སྐྲགས་ནས་བྲོས་པ་འདྲ་བ་གཅིག་གསུངས། ཚངས་ལྡན་ཞག་པའི་དུས་སུ། མང་རྗེ་ཚང་གིས་སྐུ་ཚད་པ་ལ། འཇིག་རྟེན་གྱི་མགོན་པོ་རྣམས་ཀྱིས་རྐུན་མ་རྣམས་ཀྱི་གློ་སྙིང་འདྲེན་པ་གཅིག་བྱུང་། གངས་ཀར་ཞོལ་ན་ཕྱིན་བའི་དུས་སུ། དབུས་གཙང་གི་ལྷ་འདྲེ་མི་གསུམ་དབང་དུ་བསྡུས་ཤིང་ཟིལ་གྱིས་མནན་པའི་ཏིང་ངེ་འཛིན་མཛད་པའི་དུས་སུ། ལྷ་འདྲེ་རྣམས་ཀྱིས་ཆོ་འཕྲུལ་དྲག་ཏུ་བསྟན་ཅིང་འབྲུག་སྒྲ་ཆེན་པོས་ས་གཞི་འགུལ་བ་ཙམ་དང་། ཐོག་དང་སེར་བ་མང་དུ་ཕབ་པ་གཅིག་བྱུང་། དེ་ནི་དབུས་གཙང་ན་བསྟན་པ་དར་བའི་བརྡར་འདུག་གསུང་། འབྲི་གུང་ན་ཡར་ཕྱིན་བའི་དུས་སུ། རྟེན་འབྲེལ་དབང་གི་ཆེ་བ་བཏོན་པ་ལས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་དྷ་ཀི་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས། འབྲི་གུང་གི་གླིང་རངས་པ་ཁྱབ་ཅིང་གར་ཁྱུག་ཁྱུག་བྱེད་པ་ཅིག་བྱུང་། དིང་སང་ཡང་འབྲི་གུང་ཐེལ་པ་བྱམས་པའི་རྒྱུ་མཚན་དེ་ཡིན། དེ་ནས་སྐྱི་ཤོད་ལ་ཕྱིར་འོངས་པའི་དུས་སུ། ཇོ་བོ་ལ་འོད་ཟེར་དང་བཅས་པ་མང་པོ་འདུག་སྙམ་པ་གཅིག་བྱུང་། ཇོ་བོའི་འཕྲིན་ལས་ཀྱི་ལྷག་མ་ཡོད་པ་འདྲ་གསུངས། ལྷ་ས་ན་ཡར་བྱོན་པའི་དུས་སུ། རྒྱལ་བ་ཤཱཀྱ་ཐུབ་པ་ལ་འོད་ཟེར་གྱི་རང་བཞིན་གཅིག་བཞེངས་ནས་སྣང་བ་ལ། འོད་ཟེར་མང་པོ་བྱུང་ནས་བདག་ལ་ཐིབ་པ་སྙམས་བྱེད་པ་གཅིག་བྱུང་གསུངས། དེ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་བརྡར་འདུག་གསུངས། དེ་ནས་མཚུར་ཕུར་ཕྱིན་པའི་དུས་སུ། དུས་གསུམ་མཁྱེན་པའི་སྐུས་སྟེང་འོག་ཕྱོགས་འཚམས་ན་གྲངས་མེད་པ་གཅིག་སྣང་བ་བྱུང་། དེའི་དོན་ནི་དབུས་གཙང་ཐམས་ཅད་ན། དུས་གསུམ་མཁྱེན་པའི་འཕྲིན་ལས་འབྱུང་བའི་བརྡར་འདུག་གསུངས། ཡང་ཚེས་བཅུའི་ཐོ་རངས་ཁ་གཅིག་དྭགས་པོའི་ཕྱོགས་ནས། བླ་མ་ལྷ་རྗེ་རི་ཙམ་པ་གཅིག་ཡོད་སྙམས་བྱེད་པ་ལས། འོད་ཟེར་ཉི་མའི་དཀྱིལ་འཁོར་འདྲ་བ་གཅིག་བྱུང་ནས། རང་ལ་ཐིམ་པ་གཅིག་བྱུང་། དེའི་དོན་ནི་བསྒྲུབས་རྒྱུད་ཀྱི་བྱིན་རླབས་ཞུགས་པའི་བརྡར་འདུག་གསུངས། ཡང་ཉ་སེའི་ཚེས་བཅོ་ལྔའི་དུས་སུ། བྲམ་ཟེ་ཆེན་པོ་ལ་གྲུབ་ཐོབ་ཐམས་ཅད་ཀྱིས་བསྐོར་ནས་ནམ་མཁའ་གང་བ་ཐམས་ཅད་ཀྱི་ཞལ་ནས། སྐྱེ་བ་མེད་པའི་སྒྲ་ཕྱོགས་མེད་དུ་གྲག་པ་གཅིག་ཐོས་དེའི་དོན་ནི་མཆོག་གི་དངོས་གྲུབ་ཐོབ་པ་མང་པོ་འབྱུང་བའི་བརྡར་འདུག་གསུངས། ཡང་ལྷ་སར་ཇོ་བོ་ལ་གསེར་གསོལ་དུ་ཕྱིན་བའི་དུས་སུ། རྟ་མགྲིན་དབུ་སྟོང་སྤྱན་སྟོང་པ་གཅིག་ལ། སློབ་དཔོན་པད་མ་གྲངས་མེད་པས་བསྐོར་ཞིང་། འོད་ཟེར་ཉི་འོད་ལྟར་གྲངས་མེད་པ་སྤྲོས་པ་གཅིག་གཟིགས། དེ་ནི་སྣང་སྲིད་དབང་དུ་བསྡུ་བ་དང་ཟིལ་གྱིས་གནོན་བའི་བརྡར་འདུག་གསུངས། ཡང་བཀྲ་ཤིས་འོད་འབར་ཅ་ར་ནས་གདན་དྲངས་པའི་དུས་སུ། འཁོར་ལོ་བདེ་མཆོག་ཀུན་ཏུ་ཞལ་ཁ་དོག་སྣ་ཚོགས་པ། ཞལ་ཕྱག་གྲངས་མེད་པ་ཕྱོགས་བཞི་ན་རྗེ་བཙུན་མ་ཁ་དོག་རྣམ་པ་བཞི་དང་ལྡན་པ་དང་ཞལ་སྦྱོར་དུ་ཡོད་པ། མདུན་རྒྱབ་མེད་པ་གཅིག་ལ། དཔའ་བོ་མཁའ་འགྲོས་ནམ་མཁའ་གང་ནས་འདུག་པའི་གཙོ་བོའི་ཞལ་ནས། ནམ་མཁའ་གང་བའི་བདེ་མཆོག་ནི། །གང་ནས་བལྟས་ཀྱང་སྒྲིབ་པ་མེད། །ཆོས་དབྱིངས་རབས་འབྱམས་དྲི་མེད་མ་ལུས་པ། །འཁོར་ལོ་བདེ་མཆོག་དཀྱིལ་འཁོར་ཡིན་གསུང་བ་གཅིག་བྱུང་གསུངས། ཡང་རྗེ་བཙུན་མི་ལའི་གསོལ་ཞལ་ལ་གསོལ་བ་བཏབ་ནས། རྟེན་རྣམས་རབ་གནས་བྱས་པའི་དུས་སུ། རྗེ་བཙུན་མི་ལ་རས་དཀར་བོའི་ན་བཟའ་མནབས་པ་གཅིག་ལས། དྷ་ཀི་མ་གྲངས་མེད་པས་བསྐོར་བ་གཅིག་འདུག་གསུངས། ནམ་མཁའ་ཡང་འཇས་གང་བ་གཅིག་བྱུང་། འཇའ་དེ་རྣམས་མཁའ་འགྲོ་མ་རྣམས་ཀྱི་འོད་དུ་སྣང་གསུངས། །ཡང་ཐོ་རངས་ཁ་གཅིག་ནམ་མཁའ་དང་ས་གཞི་བར་སྣང་ཐམས་ཅད་འོད་ཟེར་དམར་པོར་སོང་སིན་ནས་འདུག །དེ་ནས་ཅུང་ཞིག་ལོན་པ་དང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གསལ་བ་ནས། སངས་རྒྱས་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་གཅིག་བཞུགས་ཟིན། ཐུབ་པ་དེའི་ཞལ་ནས་ཐེག་པ་ཆེན་པོའི་ཆོས་གཟུགས་ཀྱི་ངོ་བོ་ཉིད་གང་ནས་མ་བྱུང་། གང་དུ་མི་འགྲོའོ་ཅེས་གསུང་པར་འདུག །ནམ་མཁའ་ན་མར་ལྷའི་བུ་འཇའ་ཚོན་གྱི་གུར་ནང་ན་འདུག་པས། འཇིག་རྟེན་གྱི་ཁམས་པད་མ་ཅན་ཞེས་བྱ་བའི་སྒྲ་སྒྲོགས་པ་ཡང་ཐོས། དེ་ནས་སངས་རྒྱས་དེའི་འོད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་མེ་ལོང་གི་གཟུགས་བརྙན་བཞིན་དུ་གསལ་བར་འདུག །འཇིག་རྟེན་ཀྱི་ཁམས་འདི་རྣམས་སྨིག་རྒྱུའི་འཇའ་ཚོན་བཞིན་གསལ་བར་བྱུང་། དེ་ནས་སངས་རྒྱས་དེ་འཇའ་ཡལ་བ་བཞིན་དུ་ཡལ་ནས་ཐལ། དེ་ཕྱིན་ཆོད་དུ་འགྲོ་བ་ལྷ་མིའི་སྒྲ་དང་། འཛམ་བུ་གླིང་གི་བྱ་བྱེད་རྣམས་གསལ་བར་བྱུང་གསུང་། ཡང་དབེན་ཙ་ཕུག་གི་ཤིང་བཅད་པའི་དུས་སུ། སློབ་དཔོན་པད་མ་ལ་གསོལ་བ་བཏབས་པ་ལ། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་གཅིག་གི་ཐུགས་ཀ་ནས། བྱ་ཁྱུང་དམར་པོ་གཤོག་པའི་འུར་སྒྲ་དང་ཁྱུང་གི་སྐད་སྒྲོགས་པས། ཀླུ་སྲིན་མང་པོས་རང་དབང་མེད་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཟེར་བའི་སྒྲ་སྒྲོགས་པ་གཅིག་བྱུང་། སློབ་དཔོན་པད་མ་ལ་འཁོར་མི་མ་ཡིན་མང་པོས་བསྐོར་བ་ལ། ཆོས་གསུངས་པ་ནི་ཡང་དང་ཡང་དུ་གསལ་བར་བྱུང་། དེའི་ཕྱིར་སློབ་དཔོན་པད་མ་ལ་གསོལ་བ་ཡང་དང་ཡང་འདེབས་པ་དེ་ཡིན་གསུངས། ཡང་ཤར་ཕྱོགས་སྨན་ལྷའི་ཞིང་ཁམས་ཡང་གསལ་བར་བྱུང་གསུངས། དེའི་ཉན་ཐོས་རྣམས་ཀྱི་རྫུ་འཕྲུལ་དཔག་ཏུ་མེད་པ་མཛད་པ་ཡང་མཐོང་། ཡང་ནུབ་གཅིག་རྒྱལ་པོ་རྣམ་ཐོས་སྲས་གསེར་ཁྲབ་གྱོན་པ་ལག་ན་མདུང་དར་བཟུང་ནས། འཁོར་གསེར་ཁྲབ་ཅན་དཔག་ཏུ་མེད་པས་བསྐོར་བ། འབྲུག་ལ་ཞོན་པ་འབྲུག་གི་སྒྲ་སྒྲོགས་ཤིང་འོང་བ་གཅིག་བྱུང་། འཁོར་རྣམས་ཀྱི་རྟ་ཞོན་པ་མདུང་དར་ཐོགས་པར་འདུག །ངའི་ཕོ་བྲང་དུ་འོང་དགོས་ཟེར་བའི་སྣང་བ་བྱུང་། དེའི་དོན་ནི་ཧོར་ཡུལ་དུ་འགྲོ་དགོས་པར་འདུག་གསུངས། ཡང་ལོ་སར་ཡི་ཚེས་གསུམ་གྱི་ནུབ་མོ་རྨི་ལམ་ན། གནས་ཉི་ཤུ་རྩ་བཞི་ལ་ཙ་རི་ལ་སོགས་པ་མཁའ་འགྲོ་མའི་གནས་མང་པོ་གསལ་བར་བྱུང་། ཙ་རིའི་མཁའ་འགྲོ་མའི་གཙོ་མོ་དེ་ཁྲོས་མ་ནག་མོར་འདུག་མཁའ་འགྲོ་མ་བསམ་ཀྱི་མི་ཁྱབ་པས་བསྐོར་ནས་འདུག་པ་ཡང་གསལ་བར་བྱུང་གསུངས། མཚོ་དེའི་དཀྱིལ་ནས་ཆོས་འབྱུང་བང་དང་བཅས་པ་ལ། འོད་ཟེར་སྣ་ཚོགས་འཕྲོ་བ་གཅིག་འདུག དེ་ཤིན་ཏུ་གཉན་བའི་བརྡར་སྣང་གསུང་། ཉམས་དགའ་བ་དང་བཀྲ་ཤིས་པའི་ལྟད་མོ་མང་པོ་མཐོང་གསུངས། ཡང་མཚུར་ཕུའི་བླ་བྱེའི་ཆོས་ཁྲི་ལ་བཞུགས་པའི་དུས་སུ། མ་མགོན་དང་ཆོས་སྐྱོང་སྤྲིན་སྤུང་བཞིན་དུ་གཏིབས་ནས། རོང་པོ་དང་དགྲ་རྣམས་ཟིལ་གྱིས་གནོན་པའི་དུས་ལ་བབ་པ་ཡིན་ན། མཐུ་ཁས་མི་ལེན་བ་ཅི་ཡིན་ཟེར་བ་གཅིག་བྱུང་གསུངས། ཡང་ནུབ་གཅིག་གི་གཏོར་གོང་གི་དུས་སུ། དཔལ་ལྷ་མོ་འཁོར་དང་བཅས་པས་ཕྱག་ན་ཟ་འོག་གི་རྒྱལ་མཚན་འཛིན་ནས་འཆམས་པ་གཅིག་བྱུང་། རོང་པོ་ཡང་དབང་དུ་འདུས་པའི་བརྡར་འདུག་གསུང་། ཡང་ནུབ་གཅིག་གི་དུས་ན་སངས་རྒྱས་སྤྲུལ་པའི་སྐུ་གྲངས་མེད་པ་སྤྲིན་སྤུང་ལྟར་དུ་གཏིབས་ནས། སྤྲུལ་སྐུས་འགྲོ་དོན་མཛད་པ་ལ། རྩོལ་སྒྲུབ་ཅི་ཡང་མེད་གསུང་བ་གཅིག་བྱུང་། འཕྲིན་ལས་ཤུགས་ལས་འབྱུང་བའི་བརྡར་སྣང་གསུངས། ཡང་གླིང་བཞི་རི་རབ་དང་བཅས་པ་གསལ་བ་ལས། ལྷ་དང་ཀླུ་དང་གནོད་སྦྱིན་དང་མཁའ་འགྲོ་མ་རྣམས་ཀྱི་ཕོ་བྲང་ལ་སོགས་པ་ཕྱོགས་མེད་དུ་གསལ་བ་གཅིག་བྱུང་གསུངས། རང་ཅག་གི་ཚེ་རབས་མང་པོའི་སྐྱེ་བའི་གནས་དང་། འཆི་བའི་མལ་དང་། གཞན་དོན་དང་འཕྲིན་ལས་སྣ་ཚོགས་བསྒྲུབ་པའི་ཤུལ་དང་། གནས་ས་དང་རྟེན་དང་བུ་སློབ་ཀྱི་བརྒྱུད་པ་མང་པོ་ཡོད་པ་འདྲ་བ་ཤེས་རྒྱུ་གཅིག་བྱུང་གསུངས། ཡང་གླང་ལོའི་ཚེས་གཅིག་གི་དུས་སུ། བོད་ཁམས་ཀྱི་བརྟན་མ་འཛམ་གླིང་གི་སྐྱོང་མས་དབུ་བྱས་ནས་གཞི་བདག་རྣམས་འདུས་ཟིན་ནས། ཁྱེད་ཁམས་སུ་མ་བཞུད་ཁྱེད་ཅི་གསུང་ངེད་ཀྱིས་བསྒྲུབ་པ་ཡིན་ཟེར་བ་གཅིག་བྱུང་བ་ལ། ངེད་ཐང་ཅིག་ཁམས་སུ་འགྲོ་དགོས་ཡོད་པས་འགྲོ་བ་ཡིན། ངའི་བུ་སློབས་དང་གདན་ས་རྣམས་ཁྱེད་ཀྱིས་བདག་པོ་གྱིས་བྱས་པ་ལ། ཐམས་ཅད་ཀུན་ཀྱི་ཕྱག་འཚལ་ཞིང་དེ་ལྟར་བགྱི་ཟེར་བ་གཅིག་བྱུང་གསུངས། ཡང་མཚུར་ཕུ་ནས་གཙང་ལ་བཞུད་པའི་དུས་སུ། དཔལ་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ལ། དཔའ་བོ་དྷ་ཀི་སྤྲིན་ལྟར་དུ་གཏིབས་པའི་ཚོགས་ཀྱིས་བསྐོར་ནས། གཙང་གི་ཕྱོགས་ན་ཡར་སྤྲིན་རླུང་གིས་དེད་པ་བཞིན་ཐལ་བ་གཅིག་བྱུང་། དེའི་དོན་ནི། བསྟན་པ་ཕྱོགས་མེད་དུ་དར་བའི་བརྡར་འདུག་གསུངས། སྣམས་ན་ཕྱིན་བའི་དུས་སུ། གཉན་ཆེན་པོ་ཐང་ལྷས་གཙོ་བོ་བྱས་པའི་ཇོ་མོ་གངས་ཀར་ཁ་རག་དང་བོད་ཁམས་ཀྱི་བརྟན་མ་རྣམས་ཀྱིས། དར་དང་རིན་པོ་ཆེ་སྣ་ཚོགས་བཟུངས་ནས། བར་སྣང་གང་བས་སྐོར་བ་བྱེད་པ་གཅིག་བྱུང་གསུངས། གཉན་ཆེན་ཐང་ལྷ་འདི་སྔོན་དུ་འོང་ཤིང་སྐོར་བ་བྱེད་ཆོས་ཉན་བུ་སློབ་ལ་བརྩེ་གདུང་ཆེ་བར་འདུག་གསུང་། མི་མ་ཡིན་པ་རྣམས་ཀྱི་ནང་ན་ཁ་དྲག་པར་འདུག་གསུང་ཡར་ཆབ་རྩངས་པོའི་འགྲམ་དུ་ཕྱིན་པའི་དུས་སུ། རྩང་པོ་རངས་པ་སྦྲུལ་འགོ་ཟིངས་ཀྱིས་བྱས་ནས། ཀླུ་རྣམས་ཀྱིས་ཕྱག་འཚལ་བ་གཅིག་བྱུང་གསུངས། དེ་ནས་གཡག་སྡེ་ན་ནུབ་གཅིག་བསྡད་པའི་ཉི་མ་སྔ་དྲོ་གཅིག་ལ། ནམ་མཁའ་འཇས་གང་བའི་དུས་སུ། ཇོ་མོ་ཁ་རག་གིས་ཤངས་དྲག་ཏུ་སྦུད་པ་ལས། རླུང་ནག་གི་ཚོགས་སུ་གྱུར་ནས་ཡུལ་ཁམས་ཐམས་ཅད་གང་བར་འདུག་གསུངས། ཡང་འབྲོང་ཕུར་ཕྱིན་པའི་དུས་སུ། གསང་བ་ཡེ་ཤེས་ཀྱི་དྷ་ཀི་མ་ལ། འོད་ཟེར་དམར་པོ་ཟླ་གམ་གི་དབྱིབས་ལྟ་བུ་གཅིག་སྤྲོས་ནས། གཙང་དང་ཡུལ་ཁམས་ཐམས་ཅད་གང་བ་ཅིག་བྱུང་། དེའི་དོན་ནི་དབུས་གཙང་ཐམས་ཅད་དབང་དུ་འདུས་པའི་བརྡར་འདུག་གསུངས། ཡང་འབྲོང་བུར་རབ་གནས་མཛད་པའི་དུས་སུ། རྨི་ལམ་དུ་རྡོ་རྗེ་གཏུམ་པོ་ཕྱག་ན་རྒྱལ་མཚན་བསྣམས་པ་གཅིག་ལ། འོད་ཟེར་ཁ་དོག་རྣམ་པ་ལྔ་ཕྱོགས་བཅུར་འཕྲོ་བ་གཅིག་བྱུང་གསུངས། དེའི་དོན་འབྲོང་བུར་རབ་གནས་ཡགས་པའི་བརྡར་འདུག་གསུངས། ཡང་དབུ་རི་མདའ་ལྟག་ལུང་ན་དབང་བསྐུར་མཛད་པའི་དུས་སུ། རྗེ་བཙུན་མ་ཞལ་གཅིག་མ་བསམ་ཀྱི་མི་ཁྱབ་པ་ལ། དྷ་ཀི་མ་སྡེ་བཞི་གར་ཐབས་དང་སྐོར་བ་བྱེད་པ་གཅིག་འདུག །རྨ་བྱ་རས་པ་ལ་བསྟན་པས་གཙོ་མོ་དེ་མཐོང་བ་འདྲ་གསུངས། དབུ་རིར་དབང་བསྐུར་གཅིག་མཛད་པའི་དུས་སུ། རྗེ་བཙུན་མ་ཡན་ལག་མ་ཚང་བ་དཔག་ཏུ་མེད་པ་གཅིག་བྱུང་། དེའི་དོན་ནི་ཁོང་རྣམས་དམ་ཚིག་གིས་ཉམས་པ་ཡིན་བ་འདྲ་གསུངས། ཚོང་དུས་འགུར་མོ་ན་དང་པོ་ཕྱིན་བའི་དུས་སུ། གཞི་བདག་ལྷ་འདྲེ་ཐམས་ཅད་བྲོས་ནས་ཐལ། དགེ་བསྙེན་ཁའོ་གངས་བཟང་གིས་ཕྱག་འཚལ་ནས། ཁྱེད་ལ་ངེད་རྣམས་སྐྲགས་པར་བྱུང་། གཟི་བརྗིད་ཆེན་པོ་མི་བསྟན་བར་ཞུ་ཟེར་བ་གཅིག་བྱུང་གསུངས། དེ་ནས་རྩང་བཙན་བྲག་བར་དུ་བྱོན་བའི་དུས་སུ། རྒྱ་གར་ལྷོ་ཕྱོགས་ཀྱི་དྷ་ཀི་མ་ཁ་དོག་སྣ་ཚོགས་པ་ཡོད་པ། འགོ་བརྙན་སྣ་ཚོགས་ཡོད་པ་ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་སྐད་ཅིག་ཙམ་གྱིས་བྱུང་ནས། དོ་ནུབ་དུར་ཁྲོད་རྣམས་ན་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིན་བས། ཁྱེད་ཀྱང་གདན་འདྲེན་པ་ཡིན་བས། ཁྱེད་སེམས་ལ་དབང་ཐོབ་པ་ཡིན་བས། ཁྱེད་ཅིས་ཀྱང་འབྱོན་པར་ཞུ་ཟེར་བ་གཅིག་བྱུང་གསུངས། དེའི་དུས་སུ་ཏར་ཏི་ཏ་དང་ཨུ་རྒྱན་དང་དཔལ་ཀྱི་རི་ལ་སོགས་པ་གནས་མང་པོར་ཕྱིན་པ་དང་། གྲུབ་ཐོབ་མང་པོ་དང་། དཔའ་བོ་མཁའ་འགྲོ་བསམ་ཀྱིས་མི་ཁྱབ་པ་དང་། ཚོགས་འཁོར་བསྐོར་ནས་ཅིར་ཡང་ནུས་པ་རྨི་ལམ་དང་དངོས་སུ་བྱུང་། གཞན་སྣང་དུ་ཡང་ཁམས་མི་བདེ་བ་ལ་ཉ་སེ་ཉོ་སེ་བ་གཅིག་ལས་མ་བྱུང་བ་འདྲ་གསུངས། ཡང་ཚོང་དུས་འགུར་མོ་ན་གདན་དྲངས་ནས། ཕྱི་སྐོར་རབ་གནས་བྱས་པའི་དུས་སུ། སློབ་དཔོན་པད་མ་དང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ནམ་མཁའ་གང་བ་ཙམ་དུ་འདུག །དེའི་འོད་ཟེར་གྱིས་ནམ་མཁའ་གང་བ་བྱུང་། ཡང་མགུར་མོ་ན་པདྨ་ས་འགུལ་བྱས་པའི་དུས་སུ། ས་ཡི་ལྷ་མོ་བརྟན་མས་ས་ནམ་མཁའ་ལ་གཏོར་བ་ཅིག་བྱུང་གསུངས། ཡང་འགུར་མོར་པད་མ་ཁྲོ་འགུལ་བྱས་པའི་དུས་སུ། དྷ་ཀི་རྒྱ་མཚོ་གར་ཐབས་མཛད་པ་གཅིག་བྱུང་གསུངས། ཡང་ཁ་རག་བཀྲ་ཤིས་ཚེ་རིང་མ་ལ་སོགས་པའི་འཇིག་རྟེན་གྱི་བརྟན་མ་བཅུ་གཉིས་འཇའ་ཚོན་ལྟ་བུའི་གུར་ནང་ན་བཞུགས་ཤིང་། གར་དང་དབྱངས་དང་རོལ་མོ་སྣ་ཚོགས་བྱེད་ཅིང་ཕྱག་མང་པོ་འཚལ་བ་གཅིག་བྱུང་གསུངས། ཡང་བྱེ་གླིང་དགོན་པར་ཕྱིན་བའི་དུས་སུ། །ཁ་བོ་གངས་བཟང་གྱིས་མི་དཀར་རྟ་དཀར་ཅན་གྲངས་མེད་པས་མདུང་དར་དཀར་པོ་བཟུང་ནས་བསུ་བ་ལ་བྱུང་ནས། ཁྱེད་ཀྱི་ཞབས་ཏོག་ངེད་ཀྱིས་བྱེད་ཟེར་ཞིང་དགའ་ནས་འདུག །བྱེ་གླིང་དུ་དེ་ནུབ་དམར་གཏོར་ཆེན་པོ་གཅིག་བཏང་བའི་དུས་སུ། སློབ་དཔོན་པད་མ་དང་། རྟ་མགྲིན་གར་མཛད་ཅིང་ཧཱུྃ་སྒྲ་སྒྲོགས་པ་གཅིག་བྱུང་། རྨ་བྱ་ན་བྱོན་བའི་དུས་སུ། དགྱེས་པ་རྡོ་རྗེ་ཡབ་ཡུམ་ལ་འཁོར་མཁའ་འགྲོ་མ་ནག་མོ་འབུམ་སྤྲིན་ནག་གཏིབས་པ་འདྲ་བ་གཅིག་བྱུང་། དེའི་དོན་ནི་རྨ་བྱ་རས་པས། ཆང་ཟངས་ལྔ་ཙམ་འོངས་ནས་བྱིན་རླབས་བྱས་ནས་ནམ་མཁའ་ལ་གཏོར་བ་དང་། ཁོ་དགྱེས་རྡོར་ལ་མོས་གུས་ཆེ་བའི་བརྡར་འདུག་གསུངས། བྲག་ཐོག་ན་བྱོན་བའི་དུས་སུ། བླ་མ་དོན་གྲུབ་པས། མཆོད་ཅུང་གཅིག་ཞུས་པའི་དུས་སུ། དུས་གསུམ་མཁྱེན་པ་དང་རྗེ་བཙུན་མས་ནམ་མཁའ་གང་བ་གཅིག་འདུག །དེ་ནི་དོན་གྲུབ་བླ་མ་ལ་མོས་གུས་ཆེ་བའི་བརྡར་འདུག་གསུངས། སྤྱི་བསྡུས་ན་བྱོན་པའི་དུས་སུ། གཏོར་མ་ཆེན་པོ་གཅིག་བཏངས་ནས་དཔའ་བོ་མཁའ་འགྲོ་དྲག་ཏུ་བསྐུལ་བའི་དུས་སུ། ཕྱག་ན་རྡོ་རྗེ་ཁྱུང་དང་བཅས་པ་གཙང་ལུང་པ་ན་མི་ཤོང་མ་གཅིག་གཟིགས། ཡང་དབུས་རིར་བྱོན་བའི་དུས་སུ། གཙང་དང་མངའ་རིས་ཀྱི་ལྷ་འདྲེས་བསུ་སྐྱེལ་བྱེད་པ་གཅིག་བྱུང་གསུངས། ཡང་དབུས་རིར་ཚད་མ་མཁན་ལ་ཚོད་མ་བླུད་པའི་དུས་སུ། །ང་རང་ཡང་དཔལ་བྷིརྻ་པ་རང་ཡིན་སྙམ་པ་ཡུན་རིང་དུ་བྱུང་། ཡང་གཏོར་མ་ཆེན་པོ་གཅིག་བཏང་བའི་དུས་སུ། དཔལ་མ་མགོན་སྤྲིན་ལྟར་དུ་གཏིབས་པ་གཅིག་བྱུང་གསུངས། མདུང་ཆུང་ན་གསོལ་བ་བསད་པ་དང་གསད་པ་གསོ་བའི་ཆོ་འཕྲུལ་བསྟན་པའི་དུས་སུ། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་རང་ཆགས་ཡུན་རིང་དུ་གྱུར་པ་གཅིག་བྱུང་གསུངས། ཉེ་གནས་སེང་གེ་དཔལ་གྱིས་དབང་བསྐུར་ཞུས་པའི་དུས་སུ། སྒྲོལ་མ་སྔོན་མོས་ནམ་མཁའ་གང་བ་གཅིག་བྱུང་གསུངས། ཡང་དབུ་རི་ནས་རྨ་བྱར་བྱོན་བའི་དུས་སུ། ཤྲི་ཙ་ཀྲ་སམ་བྷ་རས་ནམ་མཁའ་གང་བ་གཅིག་སྣང་བ་ལས་དེའི་འོད་ཟེར་གྱིས་ཕྱོགས་བཅུར་འཕྲོ་བ་གཅིག་གཟིགས། དེའི་དོན་ནི་འགྲོ་དོན་རྒྱ་ཆེན་པོ་འབྱུང་བའི་བརྡར་འདུག་གསུངས། ཡང་ཚོང་དུས་སུ་བཞུད་པའི་དུས་སུ། དགེ་བསྙེན་རྡོ་རྗེ་ལེགས་པས་ཕྱག་འཚལ་བ་དང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་མཆོད་པ་ཕུལ་བ་གཅིག་བྱུང་གསུངས། ཏིང་ངེ་འཛིན་དྲག་པས་ཚོང་དུས་ཀུན་བྱེར་བ་གཅིག་བྱུང་། དེའི་དམ་ཚིག་དང་དབང་གིས་དང་པོ་ཚོང་དུས་པས་ཡེ་མ་བལྟས་ནས་ཐམས་ཅད་མཁར་ལ་ཞུགས་པ་དེ་ཡིན་བར་སྣང་གསུངས། ཡང་ཚུར་ལམ་ཇོ་མོ་གངས་ཀར་ཞོལ་དུ་ཚུར་འོངས་པའི་དུས་སུ། གངས་དཀར་མས་དབུ་བྱས་པའི་བརྟན་མ་བཅུ་གཉིས་དང་། སྲིད་པའི་མ་མོ་རྣམས་འཚོགས་ནས་མཚན་ལ་ཕྱག་འཚལ་ཞིང་སྐོར་བ་བྱེད་པ་གཅིག་བྱུང་གསུངས། ཁོང་རྣམས་ཀྱི་དངོས་གྲུབ་ཡིན་བ་འདྲ་བས། དབྱར་སྒང་ཁ་བ་པུས་ནུབ་ཙམ་གཅིག་བབས་གསུངས། ཡང་མཚུར་ཕུ་ནས་སྟག་ལུང་དུ་འགྲོ་དགོས་བསམ་ནས། འབྲས་སྐུད་དུ་ཕྱིན་པའི་དུས་སུ། ཁོང་གིས་མ་འོངས་ཟེར་ནས་ཚུར་བྱོན་པའི་དུས་སུ། ཡེ་ཤེས་པ་དང་འཇིག་རྟེན་བ་རྣམས་ཁྲོ་ཞིང་འཁྲུགས་ནས་ཐལ་བ་གཅིག་བྱུང་གསུངས། དེའི་དོན་ནི་ཁོང་ལ་ནང་འཁྲུག་དང་མི་ལེགས་པ་མང་པོ་འབྱུང་བའི་བརྡར་འདུག་གསུང་། ཡང་རག་མ་ཤུལ་ན་བྱོན་པའི་དུས་སུ། དམ་པ་རྒྱ་གར་གནམ་གྱི་སྐར་མ་ཙམ་གྱི་ཉམས་གཅིག་བྱུང་། ཡུལ་དེ་དམ་པས་བྱིན་གྱིས་བརླབས་པ་ཡིན་བར་འདུག་གསུངས། ཡང་ལོ་སར་དང་རྒྱལ་ཉ་ཕྲད་པའི་དུས་སུ། རྒྱལ་བ་རིགས་ལྔ་ལ་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བ་གཅིག་གཟིགས། སངས་རྒྱས་ཀྱི་ཞིང་ཁམས་ལ་གཏོགས་པ་འཇིག་རྟེན་ཡི་ཁམས་སྤུ་ཙམ་ཡང་མེད་པར་འདུག་གསུངས། ཡང་བྱི་བ་ལོ་ཚེས་བརྒྱད་ཀྱི་དུས་སུ། ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་མཆོད་པ་འབུལ་བ་སྙམ་པ་གཅིག་བྱུང་། དེའི་དོན་ནི་ལྷའི་རྩར་རླུང་སེམས་འདུས་པའི་བརྡར་འདུག་གསུངས། ཡང་མཚུར་ཕུའི་བྱི་བ་ལོ་དབྱར་ཟླ་འབྲིང་པོའི་ཚེས་ཉི་ཤུ་དགུའི་ཉིན་པར། ཕྱག་ན་རྡོ་རྗེ་ལ་ཁྲོ་བོ་བཅུས་བསྐོར་བ་གཅིག་གཟིགས་པའི་དུས་སུ། ཕྱག་ན་རྡོ་རྗེའི་ཞལ་ནས། ཏིང་ངེ་འཛིན་ལ་དབང་ཐོབ་ཅིང་མཐུ་སྟོབས་རྣམས་ཁྲོ་རྒྱལ་རྣམས་དང་མཉམ་གདུག་པ་ཅན་རྣམས་ཁྱོད་ཀྱིས་ཐུལ་ཟེར་བ་ཅིག་བྱུང་གསུངས། དེའི་དོན་ནི་འོ་སྐོལ་གར་འདུག་པའི་ས་དང་། དཀྱིལ་འཁོར་དབང་བསྐུར་དང་རབ་གནས་གར་བྱས་ཀྱང་ས་ཆེན་པོ་འདུལ་ཞིང་དགྲ་བདུད་ཐམས་ཅད་འདུལ་བའི་བརྡར་ཡིན་བར་འདུག་གསུངས། ཡང་ཚེས་བཅོ་བརྒྱད་ཀྱི་ཉིན་པར་ནམ་མཁའ་འཇས་གང་བའི་དུས་སུ། མཁའ་འགྲོ་མ་མང་པོའི་འོད་ཟེར་ཡིན་བར་སྣང་གསུངས། ཡང་རོང་པོ་ལ་མཐུ་བྱས་པའི་དུས་སུ། ལྷ་མོས་ནམ་མཁའ་གང་བ་ཅན་བྱུང་། དེའི་དོན་ནི་བསྟན་པ་དར་བའི་བརྡར་འདུག་གསུངས། ཡང་སྟོད་ལུང་མདའ་ན་བྱོན་བའི་དུས་སུ། མཁར་ནག་རྡོ་རྗེ་རྒྱལ་པོ་བསུ་བ་ལ་ཡར་བྱོན་བ་ལ། འགོ་བརྙན་ཅན་ཀྱི་ཚོགས་བསམ་ཀྱིས་མི་ཁྱབ་པ་དང་། དར་ཟབས་ལ་སོགས་པས་ནམ་མཁའ་དང་ས་གཞི་གང་བ་དང་། ཁོ་འདུག་པའི་ས་བྲག་རི་དེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་གཞལ་ཡས་ཁང་དུ་བསྟན་པ་དང་། ཁོ་ཀླུའི་རྒྱལ་པོ་དུང་སྐྱོང་གི་བུ་ཡིན་པར་འདུག །ཁོའི་འཁོར་གྱིས་དབུས་གཙང་ཁམ་གསུམ་ཁྱབ་པར་སྣང་། དབུས་གཙང་གི་ས་ཆ་འདི་རྣམས་ཀྱི་མི་ནོར་ཐམས་ཅད་ཁྱེད་ལ་འབུལ་ཟེར་བ་གཅིག་བྱུང་གསུངས། དེའི་ཕྱིར་དབུས་གཙང་འདིར་བསྟན་པ་དར་བ་གཅིག་འོང་གསུངས། །དྲུག་གུ་སྒང་དུ་གྲལ་དཔོན་ལ་བྱོན་བའི་དུས་སུ། དཔའ་མགོན་པོའི་ལྷ་དམག་ཀྱིས་སྣང་སྲིད་ཟིལ་གྱིས་མནན་པ་གཅིག་བྱུང་གསུངས། ཡང་ཡོར་པོར་བཞུད་པའི་དུས་སུ། ཡར་ཆབ་རྩངས་པོ་ལ་སྡོང་གྲུ་དོར་མ་ཉན་བའི་དུས་སུ། །མཁའ་འགྲོ་མ་མང་པོས་ངེད་ཀྱིས་གདན་དྲངས་ཟེར་ནས། ནམ་མཁའ་ལ་བཏེག་ནས་ཕར་སོང་ཉམས་སྙམས་བྱེད་གསུངས། དེའི་དུས་སུ་སྟེང་འོག་ཕྱོགས་འཚམས་ཐམས་ཅད་དཔའ་བོ་མཁའ་འགྲོ་སྤྲིན་དཔུང་གཏིབས་པ་སྙམ་བྱེད་གསུངས། གཞན་སྣང་དུ་ཆུ་ལ་མ་རེག་པར་འཇའ་ཚོན་གྱི་གུར་ནང་ན་མདུང་གང་ཙམ་ཀྱི་ནམ་མཁའ་ལ་བཞུད་པར་མཐོང་། ལ་ལས་བུ་མོ་མང་པོས་འཇའི་སྣམ་བུ་ནམ་མཁའ་ལ་བརྐྱངས་བའི་ཐོག་ཏུ་བཞུད་པར་མཐོང་། སློབ་མ་ཕར་ཀར་ཐོན་བ་རྣམས་ཀྱིས། ན་བཟའ་ལ་ཡར་ཐེན་ནས་ཆུ་ལ་སྤུན་འབོག་བྱས་པར་མཐོང་། ཕར་ཀར་ཐོན་ནས་ཉེ་གནས་རྣམས་ཀྱིས་ན་བཟའ་དང་ཞབས་ལ་བལྟས་པས་ཆུ་ལ་མ་རེག་པར་སྣང་གསུངས། དེའི་དུས་སུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་དཔག་ཏུ་མེད་པས་བསྐོར་བ་གཅིག་ལྷོ་ཕྱོགས་སུ་ཡུན་རིང་དུ་བཞུགས་པ་གཅིག་བྱུང་། ལྷོ་ཕྱོགས་འདི་ན་ཡང་བསྟན་པ་དར་ནས་ཡོང་གསུངས། ཇོ་བོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཐོད་དགལ་བས་འགྲོ་དོན་མཛད་བྱ་བ་ཡང་ཡིན་གསུངས། སྤྱིར་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་ཡོད་པ་ལས། ཐུགས་ཀྱི་སྤྲུལ་པ་ས་ར་ཧ། སྐུའི་སྤྲུལ་པ་པད་མ། གསུང་གི་སྤྲུལ་པ་དམ་པ་རྒྱ་གར། དེ་གསུམ་ངོ་བོ་གཅིག་པ་ཡིན་པ་འདྲ། དུས་གསུམ་མཁྱེན་པ་བྲམ་ཟེ་ཆེན་པོའི་སྤྲུལ་པ་ཡིན། མེས་སྲོང་བཙན་སྒམ་པོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་རྟ་མགྲིན་ཡིན། དེའི་སྤྲུལ་པ་པད་མ་ཡིན། པད་མའི་སྤྲུལ་པ་མི་ཏ་འཛོ་གི་ཡིན། མི་ཏ་སྐྱེ་འཆི་མེད་པའི་རྣལ་འབྱོར་ཡིན། ལོ་སྟོང་ཚུན་ཆད་དང་དིང་སང་ཕན་ཆད་དུ། རང་ཅག་ཀྱང་མི་ཏས་བྱིན་གྱིས་བརླབས་ཤིང་། མི་ཏའི་ཏིང་ངེ་འཛིན་ཀྱི་རྣམ་འཕྲུལ་ཡིན་པ་འདྲ། ལར་སྐྱེ་བ་བཅུ་དྲུག་གི་བར་དུ། ཡི་དམ་ཐུགས་རྗེ་ཆེན་པོ་དང་། རྟ་མགྲིན་གྱི་སྒོ་ནས། འགྲོ་བའི་དད་དཔོན་བསམ་ཀྱི་མི་ཁྱབ་པ་བྱས་པ་ཡིན་གསུངས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། དམག་དཔོན་ལྟ་བུས་འགྲོ་བའི་དོན་དཔག་ཏུ་མེད་པ་བྱས་པའི་དོན་ཡང་དེ་ཡིན་གསུངས། དིང་སང་གི་དབང་དུ་བྱས་ན་རྗེ་མི་ཏས་བྱིན་གྱིས་བརླབས་པའི་འཕྲིན་ལས་དང་། ཐུགས་རྗེ་ཆེན་པོའི་སྒོ་ནས་འཕྲིན་ལས་སྣ་ཚོགས་ལ་ཐོགས་པ་མེད་པའི་དོན་ཡང་དེ་ཡིན་གསུངས། ལྷ་མོ་ཨེ་ཀ་ཙ་ཏི་དང་། མ་མོ་འདི་ཀུན་ཡང་སྐྱེ་བ་བཅུ་དྲུག་གི་ཆོས་སྐྱོང་ཡིན། དེའི་ཕྱི་ན་དངོས་སུ་སྒྱུག་པའི་རྒྱུ་ཡོད་པའི་དོན་ཡང་དེ་ཡིན་གསུངས། ཡུ་གུར་ཡི་ཡུལ་ན་རྣལ་འབྱོར་ང་དང་འདྲ་བ་གཅིག་ཡོད། བྱ་བྱེད་སྤྱོད་པ་ང་དང་མཐུན་པ་གཅིག་ཡོད། དེ་ཡིས་སེམས་ཅན་རྣམས་ལ་ཕན་པར་འདུག་གསུངས། བལ་པོ་དང་བོད་གཉིས་ཀྱི་བར་འཚམས་ན། རྔོན་པའི་གཟུགས་མདའ་གཞུ་ཐོགས་པ་གཅིག་ལ་བུད་མེད་གཅིག་ཀྱང་ཡོད། བུས་མེད་དེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན། དེ་ཡང་རྗེ་མི་ཏས་བྱིན་གྱིས་བརླབས་པ་གཅིག་ཡིན། དེས་སེམས་ཅན་འགའ་ཙམ་ལ་ཕན་པ་ཡིན་གསུངས། ཡོ་སྐོལ་དང་ཡང་འབྲེལ་པ་ཡོད་གསུངས། ཁོས་ངོ་ཤེས་ཀྱང་སྲིད་གསུངས། ཡར་ལུང་འདིར་ཡང་རྣལ་འབྱོར་པ་ཆགས་ལམ་བ་གཅིག་ཡོད། དེས་ཡང་སེམས་ཅན་འགའ་ལ་ཕན་གསུངས། ལར་སྣང་བ་ལ་བདེན་ཞེན་ཀྱི་གནས་ལུགས་ཀྱི་དོན་རྟོགས་ནས། སྒྱུ་མ་རྨི་ལམ་ལྟ་བུ་ཅིར་ཡང་སྤྲུལ་ཉན་པ་ཡིན་གསུངས། བརཏལ་ཤུགས་ཀྱི་སྤྱོད་པ་ལ་རང་དབང་ཐོབ་ནས་ཅི་བྱ་ཉན་པ་ཡིན་བས། ངའི་བུ་སློབས་རྣམས་ལ་གཞན་དང་མི་འདྲ་བ་འོང་གསུངས། ཧོར་འདི་དགའ་རབ་དབང་ཕྱུགས་དང་གནམ་ཐེའུ་སྤྲུལ་པ་ཡིན་བར་འདུག་པས། བསྟན་པ་བཤིག་པ་ལ། ངས་སུས་ཀྱང་མ་ཚོར་བར་གདུག་པ་ཅན་རྣམས་བཏུལ་བས། གར་ཕྱིན་གར་འདུག་ཀྱི་ཡུལ་ཐམས་ཅད་བདེ་བ་དང་། རྒྱལ་ཁམས་འདི་ཡང་བདེ་བ་དང་། བོད་ཁམས་འདི་ཡང་ཇེ་ཆེ་འཇམ་ལ་འོང་ཤེས་གསུངས། རྒྱལ་ཁམས་ཀུན་ཏུ་འགྲོ་བའི་དོན་ཡང་དེ་ཡིན་གསུངས། གཞན་ཡང་ངའི་གདན་ས་གར་བཙུགས་པ་དང་། ཆོས་ཁྲི་དང་དཀྱིལ་འཁོར་གར་བཞེངས་པ་ལ་སོགས་པ་ཐམས་ཅད་ཡུན་རིང་དུ་གནས་ཤིང་། འགྲོ་བའི་དོན་དུ་གྱུར་པ་ཡིན། ངའི་བུ་སློབས་ནང་ན་ཡང་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་དུས་གསུམ་མཁྱེན་པའི་བུ་རྒན་མང་པོ་དང་། དྭགས་པོ་ལྷ་རྗེའི་བུ་སློབས་ཡང་འགའ་རེ་ཡོད་གསུངས། ༈ ང་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་དུས་སུ། རྒྱལ་པོ་གཅིག་ཏུ་སྐུ་འཁྲུངས། རྒྱལ་སྲིད་འཁོར་དང་བཅས་པ་སྐྱོང་ཞིང་ཡོད་པ་ལ། དུས་རེས་ཤིག་དེ་དག་ལ་སྐྱོ་བ་སྐྱེས་ནས། སངས་རྒྱས་འཁོར་དང་བཅས་པ་ལ་བསྙེན་བཀུར། རྒྱལ་འཁོར་རྒྱལ་སྲིད་ལ་སོགས་པ་སྤུ་ཙམ་ཡང་ཆགས་ཐོག་མེད་པར་བཏངས་ནས། ཐུབ་པའི་དྲུང་ན་རབ་ཏུ་བྱུང་བར་འདུག །དེའི་བག་ཆགས་ཡིས་ད་རེས་ཡང་བརྒྱགས་ཕྱོགས་མེད་དུ་འགྱེད་པའི་དོན་ཡང་དེ་ཡིན་གསུངས། སྐུ་སྐྱེ་བ་དེའི་རྗེས་སུ་དེ་ནས་མེས་སྲོང་བཙན་སྒམ་པོའི་དུས་སུ། ཤར་ཕྱོགས་ཀྱི་གླིང་གཅིག་ན་འཁོར་ལོ་བསྒྱུར་བའི་ཆ་བྱད་ཅན། རྒྱལ་པོ་སེང་གེ་རབ་རྩལ་བྱ་བ་ཡིན་སྙམ་བ་བྱུང་། བྱང་ལམ་རྐོག་ན་ཡར་འོངས་པའི་དུས་སུ། དེའི་དུས་ཀྱི་རྒྱལ་པོ་རང་ཡིན་སྙམས། དམག་དཔོན་ཆེན་པོ་རང་ཡིན་སྙམ་བ་གཅིག་བྱུང་ངོ་། །ཧོར་འདི་ཀུན་བཟློགས་ན་ཚེགས་མེད་སྙམ་པ་གཅིག་བྱུང་། དེའི་དུས་སུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དྲན་བ་གཅིག་བྱུང་། དེ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པ་གཅིག་ཡིན་བ་འདྲ་གསུངས། སློབ་དཔོན་རྡོ་རྗེ་ཤེས་རབ་ཞེས་བྱ་བ། ལས་ཀྱི་རྡོ་རྗེ་ཞེས་བྱ་བ་དེ་དང་དུས་མཚུངས་པར་འདུག་གསུངས། སྐུ་སྐྱེ་བ་དེ་རྣམས་སུ་སེམས་ཅན་རྣམས་ལ་འབྲེལ་པ་བཞག་པའི་སྟོབས་ཀྱིས། དབུས་གཙང་མངའ་རིས་ལ་སོགས་པའི་ལྷ་འདྲེ་མི་གསུམ་དབང་དུ་བསྡུས་ཤིང་འཕྲིན་ལས་ཀུན་འགྲུབ་པའི་བརྡའ་དེ་ཡིན་གསུངས། སྐུ་སྐྱེ་བ་དེའི་རྗེས་སུ་སངས་རྒྱས་ཡེ་ཤེས་རིན་ཆེན་དང་། སློ་དཔོན་པད་མའི་སློབ་མ་ཡང་ཡིན་ལ། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པ་གཅིག་ཡིན། དེའི་དོན་གྱིས་ད་ལྟ་ཡང་དཔལ་རྟ་མགྲིན་རང་ཡིན་སྙམ་བའི་འདུ་ཤེས་བྱུང་ཞིང་། གར་ཕྱིན་བའི་སར་གདུག་པ་ཅན་འདུལ་ནུས་ཏེ། མིས་མི་ཤེས་གསུངས། སློབ་དཔོན་པད་མའི་སློབ་མ་ངན་ལམ་རྒྱལ་མཆོག་དབྱངས་དེ་དང་། དེ་མིན་ཡང་དེའི་དུས་སུ་གཞན་དོན་མཛད་པའི་དེ་དང་དུས་མཚུངས་པར་འདུག་གསུང་སོ། །སྐུ་སྐྱེ་བ་དེའི་རྗེས་ལ། སྔོན་གྱི་དུས་སུ། སྐུ་སྐྱེ་བ་བཞེངས་པའི་མཚན་དགེ་བསྙེན་ཡོན་ཏན་བློ་གྲོས་བྱ་བར་གྱུར་ནས། ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ་ལ་བསྙེན་པ་མང་པོ་བྱས་པས། བདག་གཞན་གྱི་སྒྲིབ་པ་བྱང་ནུས་པ་གཅིག་ཡིན། དེ་ལ་ཕྱོགས་པ་མང་པོ་འདུག་སྟེ་ཆོག་གསུངས། སྐུ་སྐྱེ་བ་དེའི་རྗེས་སུ། ཡང་འཕགས་པ་ཀླུ་གྲུབ་ཀྱི་དུས་སུ་མཚན་དགེ་སློང་ཤེས་རབ་རྒྱན་བྱ་བ་གཅིག་ཏུ་སྐུ་སྐྱེ་བ་བཞེངས་པའི་དུས་སུ། སྒྲོལ་མ་ཁྲོ་གཉེར་ཅན་ལ་བསྙེན་པ་མང་དུ་བྱས་པས། འཕྲིན་ལས་སྣ་ཚོགས་པ་བསྒྲུབ་ནུས་པ་གཅིག་ཡིན་གསུངས། སྐུ་སྐྱེ་བ་དེའི་རྗེས་ལ། རྒྱ་ནག་ཏོང་ཀུན་གྱི་ཡུལ་ན། རིག་འཛིན་གྱི་རྣལ་འབྱོར་པ་གཅིག་ཏུ་སྐུ་སྐྱེ་བ་བཞེངས་ནས། ལྷ་འདྲེ་མི་གསུམ་དམ་ལ་བཏགས་ཤིང་མཆོད་རྟེན་དང་གཙུག་ལག་ཁང་དཔག་ཏུ་མེད་པ་བཞེངས། སངས་རྒྱས་ཀྱི་བསྟན་པ་དྲག་པོའི་སྒོ་ནས་བཙུགས་པ་ཡིན་གསུངས། སྐུ་སྐྱེ་བ་དེའི་རྗེས་སུ། དེ་ནས་གནོད་སྦྱིན་ལྕང་ལོ་ཅན་བྱ་བའི་བུར་སྐུ་འཁྲུངས་ནས། གནོད་སྦྱིན་རྣམས་ལ་གསང་སྔགས་ཀྱི་ཆོས་མང་པོ་བཤད་པས་འདུལ་བ་ཡིན་གསུངས། སྐུ་སྐྱེ་བ་དེའི་རྗེས་ལ། དེ་ནས་ནུབ་བ་གླང་སྤྱོད་ཀྱི་ཞིང་ཁམས་ན། རཏལ་ཤུགས་སྤྱོད་པའི་རྣལ་འབྱོར་པ། མཚན་ཉི་མའི་འོད་ཟེར་ཅན་ཞེས་བྱ་བར་སྐུ་སྐྱེ་བ་བཞེངས་ནས། ཕྱི་པ་མུ་སྟེགས་པ་མང་དུ་བརཏལ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱས། དེའི་འཕྲིན་ལས་ཀྱི་ལྷག་མས་དིང་སང་ཡང་བོན་པོ་དང་མུ་སྟེག་པ་རྣམས་འདུལ་སླ་བར་འདུག་གསུངས། དེ་དང་དུས་མཚུངས་ནུབ་ཕྱོགས་དེ་ཉིད་དུ། མགོན་པོ་ལ་དབང་བསྒྱུར་བའི་སྔགས་པ་གཅིག་ཏུ་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཞིག་ཡིན་གསུངས། མི་རྣམས་ཀྱིས་མ་ཧ་ཀ་ལ་རང་ཡིན་ཟེར་བ་གཅིག་བྱུང་འདྲ། སྐུ་སྐྱེ་བ་དེའི་རྗེས་ལ་རྒྱ་གར་ནུབ་ཕྱོགས་ན་རྣལ་འབྱོར་སེང་གྷེ་ཡེ་ཤེས་སྤྱན་བྱ་བར་སྐྱེ་བ་བཞེངས་ནས། རཏལ་ཤུགས་སྣ་ཚོགས་སྤྱོད། སྐྱེ་བོ་ཐ་མལ་པ་མང་པོ་ཐབས་ཀྱིས་བཏུལ་བ་ཡིན་གསུངས། དེ་དང་དུས་མཚུངས་པར་རྣལ་འབྱོར་མ་ཆང་འཚོང་མ་བྱ་བར་གྱུར་ནས། སྣང་སྲིད་དབང་གིས་འཕྲིན་ལས་ཀྱི་རྒྱལ་པོ་དང་། མི་རྣམས་སྨིན་གྲོལ་ལ་བཀོད་པ་ཡིན། དེ་དུས་རྣམ་འཕྲུལ་གཅིག་ངོ་བོ་ཅིག་ས་ཟིན་པ་མིན་གདུལ་བྱར་གྱུར་པའི་མི་རྣམས་ལ་རྫུ་འཕྲུལ་སྣ་ཚོགས་སུ་བསྟན་ཅིང་འགྲོ་བའི་དོན་ཕྱོགས་མེད་དུ། དིང་སང་གི་འདི་བཞིན་དུ་རྒྱལ་ཁམས་ཀུན་ཏུ་འཕྱོས་ཅིང་། སྨིན་གྲོལ་བྱས་པ་འདྲ་གསུངས། སྐུ་སྐྱེ་བ་དེའི་རྗེས་ལ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། པད་མ་དབང་ཆེན་གྲུབ་པའི་གསང་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་གཅིག་ཏུ་གྱུར་ནས། ཡུལ་ཁམས་དེའི་ལྷ་འདྲེ་མི་གསུམ་གདུག་པ་ཅན་རྣམས་འདུལ་ཞིང་རྫུ་འཕྲུལ་སྣ་ཚོགས་པ་བྱས། གར་སོང་ཆ་མེད་པར་ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་གླིང་ཀུན་ཏུ་ཡང་རྒྱུ་ནུས་པའི་ཐུན་མོང་གི་དངོས་གྲུབ་ཐོབ་པ་འདྲ། དེ་དུས་མཁའ་ལ་རྒྱུ་བའི་མཁའ་ལྡིང་ཅིག་གི་གཟུགས་བརྙན་དུ་གྱུར་ནས། ཀླུ་རྣམས་འདུལ་བ་གཅིག་ཏུ་བྱུང་བ་འདྲ་གསུངས། དེའི་སྟོབས་ཀྱིས་དིང་སང་ཡང་ཀླུ་རྣམས་རང་དབང་མེད་པར་འདུལ་བ་ཡིན་གསུངས། དེ་དང་དུས་མཚུངས་པར་འཛམ་བུའི་གླིང་འདི་ཉིད་ན། པད་མ་བོད་ལ་བྱོན་པའི་སྔོན་རོལ་ན། རྒྱལ་པོ་ཛྷའི་རྗེས་ཙམ་དུ། གསང་སྔགས་སྙིང་མ་རང་འཆད་ཤེས་པའི་རྣལ་འབྱོར་པ་ཆེན་པོ་གཅིག་ཏུ་གྱུར་ནས། མཚན་ནི་རྡོ་རྗེ་ཡེ་ཤེས་འབར་བ་ཞེས་བྱ་བ་ཡིན་གསུངས། སྐུ་སྐྱེ་བ་དེའི་རྗེས་ལ་མེ་ཏྲི་པའི་སློབ་མ་འབར་བའི་རྒྱལ་མཚན་ཞེས་བྱ་བར་སྐུ་འཁྲུངས་པ་ཡིན་གསུངས། དེའི་དུས་སུ་ཡང་ཐུན་མོང་གི་སྤྱོད་པ་སྣ་ཚོགས་པ་བྱེད་པ་ཡིན་གསུངས། སྐུ་སྐྱེ་བ་དེའི་རྗེས་ལ། དེ་ནས་ཁ་ཆེའི་གྲོང་ཁྱེར་ཏྲིག་བརྟན་བྱ་བར་སྐུ་སྐྱེ་བ་བཞེངས་པའི་དུས་སུ། མཚན་དགེ་སློང་རྡོ་རྗེ་འཛིན་པ་ཡོན་ཏན་རྒྱལ་པོ་ཞེས་ཐོགས། རྟེན་ནི་ཕྱི་དགེ་སློང་དུ་འདུག་པ། ནང་གསངས་སྔགས་ཀྱི་རྣལ་འབྱོར་པ་མ་མགོན་ལྕམ་དྲལ་བྲན་དུ་འཁོལ་བ། རཏལ་ཤུགས་སྤྱོད་པས་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པ། འཁོར་དུ་དགེ་སློང་སྟོང་ཙམ་གྱིས་བསྐོར་བ་གཅིག་ཡིན་གསུངས། །སྐུ་སྐྱེ་བ་དེའི་རྗེས་མ་ཤུད་ཀེ་བན་རྒན་རྒྱ་མཚོ་དང་འབྲེལ་པ་ཡོད་པར་འདུག་གསུངས། བསྟན་པ་སྲུང་བའི་ཆེད་དུ་བྱུང་བ་ཡིན་གསུངས། དེའི་དོན་ཀྱི་ལྷ་མོ་དང་གྲུབ་ཐག་ཉེ་བའི་རྒྱུ་དེ་ཡིན་གསུངས། ལ་སྟོད་དམར་པོར་གྲགས་པ་དེ་དང་དུས་མཚུངས་པ་ཡིན། གསང་སྔགས་རྙིང་མའི་བསྐྱེད་རྫོགས་སྒོམ་པའི་རྣལ་འབྱོར་པ་གསུམ་ཙམ་དང་འབྲེལ་པ་ཡོད་པ་འདྲ་གསུངས། སྐུ་སྐྱེ་བ་དེའི་རྗེས་ལ། གཤེན་རེ་ཐུལ་འདི་ཡིན་སྙམ་བ་བྱུང་། དེའི་དོན་ནི་སློབས་དཔོན་པད་མའི་འཕྲིན་ལས་ཀྱི་སྤྲུལ་པས། ཁམས་ཀྱི་ལྷ་འདྲེ་རྣམས་འདུལ་བར་འདུག །སྐྱེ་བ་མང་རབ་ཀྱི་དུས་སུ། ཞི་ཁྲོའི་དཀྱིལ་འཁོར་ལ་དབང་ཐོབ་རཏལ་ཤུགས་ཀྱི་སྤྱོད་པ་དཔག་ཏུ་མེད་པ་སྤྱོད་ཅིང་སྐྱེ་བ་རེ་རེ་ལ་ཡང་སེམས་ཅན་གྱིས་མཐོང་ལུགས་བསམ་ཀྱིས་མི་ཁྱབ་པ་དང་རྣམ་འཕྲུལ་གྲངས་མེད་པས་གདུག་པ་ཅན་རྣམས་འདུལ་བ་ཡིན་གསུངས། གནུབས་སངས་རྒྱས་ཡེ་ཤེས་ཀྱི་སློབ་མ་གསང་སྔགས་རྡོ་རྗེ་རྒྱལ་པོ་བྱ་བ་བསྐྱེད་རྫོགས་ལ་དབང་ཐོབ་པ་གཅིག་ཡིན་སྙམ་པ་བྱུང་། རྫོགས་ཆེན་འབའ་ཞིག་བསྒོམ་པའི་ཅོག་རོ་བསྒོམ་ཆེན་འདི་དང་འབྲེལ་བ་ཡོད། དེའི་དོན་གྱི་ད་ལྟ་ཡང་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་ཕྱོགས་མེད་དུ་རྟོགས་པ་དང་། ཤེས་པར་བྱུང་གསུངས། སྐུ་སྐྱེ་བ་དེའི་རྗེས་ལ་རས་ཅུང་བ་དང་འབྲེལ་པ་ཡོད་པ་འདྲ། རས་ཆུང་བའི་གདམས་ངག་དང་། རླུང་སེམས་ཀྱི་གདམས་ངག་ཟབ་མོ་འདི་རྣམས་རང་བཞིན་གྱིས་ཤེས་པ་སེམས་ལ་ཤར་ཤིང་བྱུང་གསུངས། བྲམ་ཟེ་ཆེན་པོ་དང་། མེ་ཏྲི་པ་དང་། ཏེའུ་པུ་བ་དང་། ད་ལྟ་ཡང་། ཡང་དང་ཡང་དུ་མཇལ་བ་དེ། སྔོན་ཀྱི་འབྲེལ་པ་ཡོད་པར་འདུག །བསྲེ་བའི་གདམས་ངག་འདི་རྣམས་བྲམ་ཟེ་ཆེན་པོས་བརྡས་བསྟན་ནས། མེ་ཏྲི་པ་དང་ཏེའུ་པུ་བས་དག་སྣང་དུ་གསུངས་པ་ཡིན། སྔོན་ཆད་ན་རོ་པའི་བརྒྱུད་པ་ལ་མེད་པ་ཡིན་གསུངས། ཁམ་པ་ལུང་པ་དེ་དང་འབྲེལ་པ་ཡོད། བྱང་ཆུབ་ཀྱི་སེམས་ཀྱི་ཐུགས་རྗེ་ཆེན་པོས་འགྲོ་དོན་དཔག་ཏུ་མེད་པ་བྱས། འཕན་ཡུལ་བ་དང་དབུ་རུ་སྟོད་དུ་ཕྱིན་བའི་དུས་སུ་ཤེས་རྒྱུ་གཅིག་བྱུང་གསུངས། རྒྱ་གར་གྱི་རྣལ་འབྱོར་པ་པད་མ་དབང་ཕྱུག་དང་། དེ་གསུམ་ངོ་བོ་གཅིག་ཡིན་གསུངས། །སྐུ་སྐྱེ་བ་དེའི་རྗེས་ལ། རྒྱ་གར་གྱི་རྣལ་འབྱོར་པ་བྷུད་དྷ་བོད་དེ་བྱ་བ་ཡིན་གསུངས། གྲུབ་རྟགས་མང་པོ་འདོན་ཅིང་མུ་སྟེགས་པ་མང་པོ་བཏུལ་ནས། འགྲོ་བ་མང་པོ་སྐྱེ་བ་མེད་པའི་དོན་ལ་བཀོད་པ་ཡིན། ད་རེས་ཞལ་གཙོམ་དྲག་པོ་ཡོད་པ་དེ། གདུག་པ་ཅན་རྣམས་འདུལ་བའི་བག་ཆགས་ཡིན་པ་འདྲ་གསུངས། །སྐུ་སྐྱེ་བ་དེའི་རྗེས་ལ་བལ་པོའི་རྣལ་འབྱོར་པ་མཚན་བྷ་ཤི་ལ་བྱ་བ་གཅིག་ཏུ་སྐྱེ་བ་བཞེངས་པ་འདྲ་གསུངས། སྐུ་སྐྱེ་བ་དེའི་གོང་མ་ལ་རྣལ་འབྱོར་ཡི་དབང་ཕྱུག་ཉག་སེ་ལགས། ད་རེས་སྦུངས་རི་ན་ཕྱིན་པའི་དུས་ཤེས་རྒྱུ་གཅིག་བྱུང་གསུངས། སྔར་གྱི་བག་ཆགས་ཀྱིས་སྦུངས་རི་ན་བསྡད་ཅིང་སྤྱོད་པ་སྣ་ཚོགས་བྱེད་པ་དང་། དེ་རྣམས་ཡང་དར་ཞིང་རྒྱས་པ་ཡང་སྔར་གྱི་བག་ཆགས་ཡིན་བ་འདྲ་གསུངས། ཡང་སྔར་གྱི་སྤྱོད་པའི་འཕྲོ་ཡོད་པའི་ཕྱིར། ད་ལྟར་ཡང་སྤྱོད་པ་ཙམ་ཙོམ་བྱེད་འདོད་པ་དང་། ཐོ་ཅོ་སྣ་ཚོགས་ཀྱིས་བཙན་ཐབས་སུ་ཕན་གནོད་ཀྱི་འཕྲིན་ལས་བསྒྲུབ་པ་དེ་སྔོན་ཀྱི་འཕྲོ་ཡོད་པ་ཡིན་གསུངས། ཆོས་ཉིད་རྩལ་རྫོགས་ཡེ་ཤེས་རྣམ་འཕྲུལ་གྱིས། །རྒྱལ་སྲས་སྤྱོད་པས་དུས་གསུམ་འགྲོ་བ་འདྲེན། །རྟག་ཏུ་འགྲོ་སྐྱོབས་རྗེ་བཙུན་ལ་བཏུད་ནས། དེ་ཉིད་གསུང་བཞིན་མ་འོངས་མཛད་སྤྱོད་བྲི། །བླ་མ་རིན་པོ་ཆེའི་སྐུ་སྐྱེ་བ་དེའི་ཕྱི་མ་ལ། དུས་གཅིག་སྤྲུལ་པ་འགས་འགྲོ་དོན་མཛད་པ་འདྲ་གསུངས། ཡང་ཤར་ཕྱོགས་ཀྱི་ཞིང་འཁམས་བཀོད་པ་མཐའ་ཡས་པ། རིན་པོ་ཆེ་བཀོད་པ་ཞེས་བྱ་བ་ན། འཁོར་ལོ་བསྒྱུར་བའི་རྒྱལ་པོ་མཚན་པད་མའི་རྣམ་པར་རོལ་པ་ཞེས་བྱ་བ་ཅིག་འབྱུང་། ལོ་གྲངས་མེད་པར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་འོང་། དེ་དང་དུས་མཚུངས་པར་སྤྲུལ་པ་གཅིག་དགའ་ལྡན་དུ། མགོན་པོ་བྱམས་པའི་དྲུང་ན། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འོང་། ལྷའི་ལོ་ཁྲི་ཕྲག་ཙམ་ཐུབ། འབྲེལ་པ་ཡོད་ཚད་དེར་དྲོངས་པར་འདུག་གསུང་། བྱམས་པའི་བསྟན་པ་ལ་སྐྱེ་བ་ཉི་ཤུ་རྩ་གཅིག་ཙམ་གྱི་བར་དུ། བྱམས་པའི་བསྟན་པ་དར་ཞིང་རྒྱས་པར་བྱེད་པ་ཡིན་གསུངས། ད་ལོ་བརྒྱ་ཙམ་ན། བྲམ་ཟེ་ཆེན་པོའི་ཐུགས་ཀྱི་སྤྲུལ་པ། དུས་གསུམ་མཁྱེན་པའི་སྤྲུལ་པའམ། ངོ་བོའམ་རྣམ་འཕྲུལ་ཅིག་བྱོན་ནས་བསྟན་པ་སྐྱོང་ཡང་ཤེས། དུས་ཚོད་མར་འགྲིབ་དུས་སུ་སོང་བའི་ཕྱིར། དིང་སང་ཡི་ཕྲིན་ལས་ཙམ་གྱི་འབྱུང་བར་རན་ཙམ་འབྱུང་། འདི་རྣམས་ཀྱི་བུ་སློབས། སློབ་དཔོན་པད་མ་ལ་ཐུག་པ་ཡིན་གསུངས། དིང་སང་ཡང་འཇིག་རྟེན་གྱི་ཁམས་ཀྱི། ལྷ་འདྲེ་ཐམས་ཅད་ཀྱང་ངའི་བུ་སློབས་ཡིན་པའི་ཕྱིར། བུ་སློབས་རྣམས་ཀྱི་བརྒྱུད་པ་ཟིན་ན། ལྷ་འདྲེ་རྣམས་ཀྱིས་བརྒྱུད་པའི་འཕྲིན་ལས་བསྒྲུབ་པ་ཡིན་གསུངས། ད་རེས་ཡང་ཏིང་ངེ་འཛིན་གར་གཏད་གཏད་དུ། འཕྲིན་ལས་རྣམས་བཞི་དང་། གྲུབ་རྟགས་སྣ་ཚོགས་འབྱུང་བར་འདུག་གསུངས། འདྲེན་པ་འདར་མ་འགུ་རུའི། རྣམ་ཐར་ཟབས་དོན་བཀའ་རྒྱ་མ། ཆོས་རྗེའི་ཡོན་ཏན་རབ་མཐོང་ནས། །མུན་པར་སྒྲོན་མེ་བཏེག་པ་བཞིན། །མཉམ་མེད་རས་པ་ཆེན་པོའི་ས། །ཞུས་ཤིང་བཀོད་པའི་དགེ་བ་དེས། །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །གཉིས་མེད་མུན་པ་རབ་བསལ་ནས། །གཉིས་མེད་ཡེ་ཤེས་རབས་རྒྱས་ཤོག །དད་པ་ཅན་ཀྱིས་མོས་གསོལ་ཤིན། །ཡོན་ཏན་སྤེལ་བར་བྱ་བའི་ཕྱིར། །བླ་མ་རིན་པོ་ཆེའི་རྣམ་ཐར་ཡི་གེར་བཀོད།། མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ། །རྣམ་ཐར་ཟབས་དོན་བཀའ་རྒྱ་མ། གཏད་རྒྱ། གསང་རྒྱ། བཀའ་རྒྱ། ཱ།། ཞུས་སོ།། །།གར་མ་ཏོབས་ལྡན་རྣམ་ཐར་འདི། །གར་བཞུག་མཐོང་ཐོས་སེམས་ཅན་རྣམས། །གར་སྐྱེ་གར་གནས་ཐམས་ཅད་དུ། །གར་པོ་དགེ་ལ་སྤྱོད་པར་ཤོག། །།

དཔལ་ཨོ་རྒྱན་པའི་རྣམ་ཐར།

ན་མཿཤྲཱི་ཨུཌཱི་ཡ་ན་ཡཻ། དཔལ་ཨུ་རྒྱན་པ་ཞེས་ཡོངས་སུ་གྲགས་པའི་རིགས་ནི། ཨུ་རྒྱན་མཁན་པོ་པདྨའི་རྗེས་བཟུང་ཞིང་མི་བདག་འཇམ་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱི། འཕྲིན་ལས་བསྲུངས་མ་རིགས་འཛིན་བསྟན་སྐྱོང་པ། །རྒྱུས་བན་བྱང་ཆུབ་གཞོན་ནུའི་གདུང་ལ་སྟེ། །བྱང་ཆུབ་མཆོག་བསྐྲུན་དེ་ཉིད་ས་བོན་ལས། བྱང་ཆུབ་ཡོན་ཏན་བསྐྱེད་དེ་དེ་སྲས་གཉིས། །བྱང་ཆུབ་རྒྱ་མཚོ་ཆོས་ཀྱི་རྒྱ་མཚོའོ། །མཁས་པའི་མཆོག་ཟུང་དེ་དག་རང་ཉིད་ཀྱི། །ལེགས་བྱས་སྟོན་ཕྱིར་སྟོད་དུ་སྒྲོད་པ་ན། །བྱ་རོག་ཚང་གནས་ལེགས་པའི་ལམ་ཞུགས་པ། །ཨར་ཚེ་བན་ཆེན་བཅྭོ་བརྒྱད་གྲགས་པ་ཡིས། །མཐོ་མཚམས་གྱུར་ལ་བྱང་ཆུབ་རྒྱ་མཚོའི་མཐུས། །རྟ་མཆོག་སྐུར་གྱུར་རྟ་སྐད་གསུམ་བསྒྲགས་པས། །ཚར་གཅད་རྗེས་གཟུང་དག་པའི་ལམ་ལ་བཀོད། །གང་སྐུས་བསོད་ནམས་བྱང་ཆུབ་ཡོན་ཏན་ནི། །གྲགས་པའི་མཐའ་ཅན་དགེ་ལྡན་གསུམ་བསྐྱེད་དོ། །བསོད་ནམས་ལས་བལྟམ་མཁས་ཤིང་གྲུབ་པ་བརྙེས་པ། །རྒྱུས་བན་བདེ་གཤེགས་རྒྱུ་ལས་སྲས་བཞིའི་གཙོ། །རྒྱལ་ཚ་བསོད་ནམས་འཕགས་སེ་དེའི་རིགས། །བཤེས་གཉེན་དམ་པ་དཔལ་ལྡན་གེ་ལུང་བ། གདུང་སོབ་ཁྱིམ་བདག་སེམས་དཔའ་ཇོ་འཕན་ནོ། །དེ་ཡུམ་དྲུ་གེ་མཁའ་འགྲོའི་མཚན་ལྡན་མཁར། །བྱང་ཆུབསེམས་སྤྲོས་རིགས་ཀྱི་སྲས་བཞི་སྤྲུལ། །མཁས་བཙུན་མདོ་སྡེ་དཔལ་གྱི་རྒྱལ་མཚན་དང་། །མཐའ་སྟག་བདག་ཉིད་ཆེན་པོ་སེངྒེེ་དཔལ། །ཁབ་འཛིན་ནམ་མཁའ་དཔལ་དང་དར་མ་དཔལ། །སྔགས་འཆང་དམ་པའི་རྒྱུད་དུ་བྱུང་པའོ། །དེ་ཡང་ཡུམ་གྱི་ལྷུམས་སུ་འཇུག་པ་དང་བལྟམ་པ་ན་འོད་འཕྲོ་བ་ལ་སོགས་པ་དགེ་བའི་ལྟས་དང་བཅས་ཏེ་གནས་ན་ཟླུམ། ལོ་རྣམ་འགྱུར། གཟའ་སྤྱི་བོལ། སྐར་མ་ཁྲུམས། དུས་ཉི་མའི་དཀྱིལ་འཁོར་འཆར་བ་དང་མཚུངས་པར་བལྟམས་སོ། །ལུ་བོ་ཆོས་རྗེ་གོ་ལུང་བ་ནམ་མཁའ་རྒྱལ་མཚན། སྔགས་དོན་ཁོང་དུ་ཆུད་པ། ལོ་ཨི་སིན་ལུགས་ཀྱི་བདེ་མཆོག་གི་དཀྱིལ་འཁོར་གཟིགས་པ་དེའི་ཞལ་ནས། དཔལ་དུས་ཀྱི་འཁོར་ལོའི་ལྟས་ཡིག་དང་བསྟུན་ན། རང་དོན་གྲུབ་པ་གཞན་ལ་ཕན་པ་གཅིག་འོང་བ་གསུང་། དེ་ནས་རིང་པོ་མ་ལོ་པ་ན་ཡུམ་གྱི་ནུ་ཞོ་བསྣུན་དུ་བྱུང་བ་དེར་ཤེས་པ་དང་། ཙོག་བུ་ཐུབ་པ་ན། མཁའ་འགྲོ་མ་པད་ཀྲ་ལྟར་བྱུང་བ་རྣམས་ཕྱིས་ཀྱང་དྲན་གསུང་། ཆེར་སྐྱེས་པ་ན་བརྩེ་བས་བྱིས་པ་གཞན་གྱིས་སྲོག་ལྡན་ཕྲ་མོ་འཚེ་བ་ལས་སྐྱོབ། རྩེད་མོ་ཐམས་ཅད་བཤད་བསྒྲུབ་ཀྱི་རྣམ་པར་མཛད། རེས་ཏིང་ངེ་འཛིན་གཅིག་ལ་འབྱམས་འགྲོ་བས་གཞན་གྱིས་གླེན་པར་གོ །ལན་གཅིག་བཤའ་རི་བ་ཀྱི་ས་སྒང་དུ་གཟིམས་པའི་ཚེ། འཁོར་བ་ལ་སྙིང་པོ་མི་འདུག །ཐོས་པ་ཅིག་བྱས་ལ་དེའི་དོན་བསྒོམ་དགོས་བསྒོམ་དུས་སུ་ད་ལྟའི་སེམས་འདི་ལས་གཞན་པའི་བསྒོམ་ཅིག་ཡོང་ངམ་མི་ཡོང་། ཡོང་ན་མི་ཐང་པ་འདྲ། དེ་ཙ་ན་ད་ལྟའི་སེམས་དང་ཁྱད་པར་ཅི་འདུག་ལྟ་དགོས་སྙམ་པ་བྱུང་སྟེ། ཕྱིས་ཀྱང་སྔར་གྱི་དེ་ཀ་ལས་མི་འདུག་གསུང་། རྩ་རླུང་གི་ཡོན་ཏན་འགའ་རེ་ཐུགས་ལ་ཤར་ངེས་འབྱུང་ཆེ་བས། ཡབ་ཀྱི་ཁས་ལེན་ཞེས་བཅོས་པས། ཁུ་བོའི་སར་བྱོན་ནས་བཤུམས་པ་ལ། རབ་ཏུ་འབྱུང་རོགས་བྱ་ཡིས་མ་ངུ་གཅིག་གསུང་ཞིང་བྲིད་དགོས་པ་བྱུང་སྐད། དགུང་ལོ་བདུན་པ་ནས། ཁུ་བོའི་སྤྱན་སྔར། ཡབ་ཆོས་མ་མོ་དང་ཕུར་པའི་འཕྲིན་ལས་སྒྲུབ་བདེ་མཆོག་ནག་པོ་པ། དགྱེས་རྡོར་མར་ལུགས། ཕྱག་རྡོར་འཁོར་ཆེན། ཡོ་ག་གཙུག་དགུ་རྣམས་ཀྱི་ཕྱག་ལེན། རྒྱུད་ཆ་ལག་དང་བཅས་པ་ལ་སྦྱངས། བཅུ་དྲུག་ལ་བེ་དོང་རིན་རྩེ་ཅན་དུ་མངོན་པ་ཀུན་ལས་བཏུས་ལ་གསན་སྦྱོང་མཛད། མཁས་པར་གྱུར་། མཛོད། རྣམ་ངེས། ཤེས་རབ་འགྲེལ་ཆུང་སོགས་ཞར་ཆོས་སུ་གསན། འདུལ་ལུང་སོགས་མདོ་དུ་མ་གཟིགས་སོ། །དེ་ནས་ཅི་ཞིག་ལ་ཡུལ་དུ་བྱོན། གོ་ལུང་ཕུར། ཆོས་རྗེ་རྒོད་ཚང་པ་བྱོན་པའི་ཞལ་ནས་དི་རིང་འདིར་ལས་ཅན་གཅིག་འོང་གསུང་། དེ་ཉིན་འཇལ་བས་བྱིན་བརླབས་ཀྱིས་བ་སྤུ་གཡོ་ཞིང་རང་དབང་མེད་པའི་དད་པ་སྐྱེ་བ་གཅིག་བྱུང་། དེ་རྗེས་སྦུད་ཏྲ་བདེ་ཆེན་གླིང་དུ་བཞུགས་པ་ལ། ཟངས་གཅིག་དང་བུར་བཏང་གཅིག་ཕུལ་ནས། རྩ་བཞི་འཆང་དང་ལྔ་སྡོམ་པའི་དགེ་བསྙེན་མཛད། ཀ་ར་སྙིམ་པ་ཕྱུར་པ་གང་གནང་ནས། ཕྱིས་ང་ཅན་དུ་ཤོག །ཐོས་ཙམ་གྱིས་གྲོལ་བ་གཅིག་ཡོང་བ་ཡིན། གལ་ཏེ་མ་བྱུང་ཡང་ཕྱག་རྒྱ་ཆེན་པོ་བྱ་བ་ཡོད། གྲོལ་བ་ལ་ཚེགས་མེད་པར་བྱ་ཡིས་གསུང་། དེ་རྟེན་འབྲེལ་བསྒྲིགས་པར་འདུག །རྗེས་ལའང་། བན་ཆུང་དེ་སྦྱངས་པ་སྔོན་དུ་སོང་བ་གཅིག་འདུག །དེ་ཀུན་བསྟན་པ་ཙམ་གྱིས་གྲོལ་འགྲོ་བ་ཡིན། ལན་གཅིག་ང་ཅན་དུ་འོང་དགོས་པའི་རྒྱུ་མཚན་ཡོད་པ་ཡིན་གསུང་སྐད། དེ་ནས་གཅེན་པོ་ལ་ཕར་ཕྱིན་གསན། ཞོར་ལ་འདུལ་བ་ལ་ལྟ་རྟོག་མཛད། ལས་བརྒྱ་རྩ་པ་བལྟས་ཙམ་གྱིས་ཐུགས་ལ་བྱུང་གསུང་། སླར་ཡང་མྱ་ངན་ལས་འདས་པའི་བསམ་པ་བརྟན་པས། ཉི་ཤུ་ལོན་པའི་ཚེ། མཁན་པོ་ཡུལ་མཐུན་པ་བོ་དོང་རིན་རྩེ། ལས་སློབ་ཞང་བསམ་གླིང་བ། གསང་སྟེེ་སྟོན་པ་སློབ་དཔོན་བསོད་ནམས་ཀྱིས་མཛད་དེ། དགེ་འདུན་གྱི་དབུས་སུ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་མཛད། མཚན་རིན་ཆེན་དཔལ་དུ་གསོལ། མངོན་པ་ཀུན་བསྡུས་བཤད། དེ་ནས་བཟུང་སྟེ་ལོ་བཅུ་གཉིས་ཀྱི་བར་ཤ་ཡངས་པའི་འཚོ་བ་སྟན་གཅིག་མཛད། མཁན་པོ་ལ་དུས་འཁོར་འབྲོ་ལུགས་ཚར་གཅིག་གསན་པའི་ཚེ། ཁོང་གི་ཞལ་ནས་འཇིག་རྟེན་ཁམས་ན་ཡོད་པའི་ཆོས་ཐམས་ཅད་ཤེས་པར་བྱ་ཡིས་དུས་འཁོར་ཞོག་ཟེར་ཡང་ང་མི་ཉན་གསུང་ཞིང་གསུངས་པས་དད་སྟེ། གོ་ལུང་དུ་གཅེན་ལ་དུས་འཁོར་ཕྱག་ལོའི་བཤད་འགྲེལ་ཚར་གཅིག་གསན། བརྩིས་རྣམས་བྱང་བར་བསླབས། དགོངས་པ་ལ་རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་འབྱེད་པ་དཔལ་དུས་ཀྱི་འཁོར་ལོའི་འདི་ཡི་ཐེ་ཚོམ་ལེགས་པར་ཆོད་པ་གཅིག་བྱ། སྒྲོད་ན་ཤམ་བྷ་ལར་ཡང་བསྒྲོད། དབུས་གཙང་གི་འདི་ཤེས་ཟེར་ཚད་ལ་བཏུགས་ལ་བསླབ་དགོས་སྙམ་པ་བྱུང་གསུང་། གཅེན་གྱི་ཞལ་ནས། གཙང་སོ་སྣོར་མངས་དགོན་པ་ན། དུས་འཁོར་བ་སངས་རྒྱས་རྡོ་རྗེ་བྱ་བ་ཙམ་མིའི་བཤད་བསྲོལ་སྐྱོང་བ་གཅིག་ཡོད་ཟེར་བས་དེར་གཟིགས་སུ་བྱོན་གསུང་། ཞབས་ཏོག་གཉིས་དང་བཅས་ནས་ཕྱིན། གླེང་ལ་བྱས་པས་མཁས་པར་ཤེས་ནས། ཚར་གཅིག་དྲི་བཏུག་མཛད་ཅིང་གསན་པས་ཟླ་བ་བཅུ་གཅིག་འགོར། གཞན་མཚན་བརྗོད་ཀྱི་སེམས་འགྲེལ། དབང་མདོར་བསྟན་སོགས་ཁྲིིད་ཕྲན་རྣམས་ཀྱང་གསན། དེ་དུས་ནང་ལེའི་རྩ་ཆད་ལ་སླེབ་པའི་དུས་སུ། གཙང་སོ་སྟོད་དུ་སེར་ཆགས་ཀྱི་དབུར་སྤྱན་འདྲེན་བྱུང་བ་ལ། སྤྱིར་ཡང་ཆོས་འདི་གཉན་པ་གཅིག་གདའ། ཁྱད་པར་དཀའ་སྒང་དང་གཉན་པར་འདུག་པས་མི་གཤེགས་པར་ཞུས་པས་མ་གསན། ཐུགས་ལ་སྔོན་རྗེ་བཙུན་དམ་པ་རྒྱ་གར་ལྟ་བུ་བྱོན། ངའི་བླ་མ་དུས་འཁོར་བ་འདི་ཡང་དགེ་བཤེས་བཟང་པོ་གཅིག་འདུག་སྟེ། རྙེད་པ་ལ་ལྟས་ནས་རྒྱུད་གཉན་པོ་འཕྲོ་ལ་གཞོག་པར་འདུག །ང་མཚན་ལྡན་གྱི་བླ་མ་གཅིག་དང་ནམ་མཇལ་ལམ་སྙམ་པའི་ཐུག་མུག་སྐྱེས། སྤྱན་རས་གཟིགས་དང་དམ་པ་ལ་གསོལ་བ་བཏབ་པས། དེ་ནུབ་རྨི་ལམ་དུ། དམ་པ་དང་མཇལ། དགའ་བ་སྐྱེས། ཞབས་ལ་བཟུང་ནས། སྙིང་ནས་ཆོས་གཅིག་བྱ་སྙམ་པས་ཕ་རྒད་པོ་གཅིག་ཀྱང་བློས་མ་ཐོངས། མཚན་ཉིད་དང་ལྡན་པའི་བླ་མ་གཅིག་དང་ཡང་མ་མཇལ་ཞུས་པས། སྐྱེ་བ་འདིའི་ཕ་ལ་ཞེན་པ་བྱེད་ན་སྐྱེ་བ་སྔོན་མའི་ཕ་ལ་ཡང་བྱེད་དམ་གསུང་། བདག་གི་ཕ་འདི་གཞན་དང་ཡང་མི་འདྲ་ཞུས་པས། སྐྱེ་བ་གཞན་གྱི་ཕ་ལ་ཡང་ཞེན་པ་དེ་འདྲ་རེ་ཡོད་ལྟོས་ཤིག་གསུང་ནས། སྐྱེ་བ་བདུན་གྱི་གོང་གི་ཡབ་ཡུམ་བསྟན་པས། བརྩེ་སེམས་ད་རེས་ཀྱི་ཡབ་ཡུམ་དང་འདྲ་བར་འདུག་པས་སེམས་ཅན་ཐམས་ཅད་ཕ་མར་ཤེས་ནས་ཕྱོགས་གཅིག་ཞེན་པ་ཆེད་སོང་རྗེས་སུ་བསྟན་པ་མང་པོ་བྱ་སྟེ། །མཚན་ཉིད་ལྡན་པའི་བླ་མ་གཅིག་དང་འཇལ་བར་གདའ་ཡིས་གསུང་ངོ་། །དེ་ནས་དགུང་ལོ་ཉེར་གསུམ་པའི་དུས་ཡབ་འདས། བསམ་པ་ལ་ཆོས་རྗེ་རྒོད་ཚང་བའི་སྤྱན་སྔར་ཕྱིན་ལ། ཁོང་གི་སྒོམ་ཆེན་ཚོ་རྐང་རྒོད་པས་གྲོགས་བརྩལ་ནས་ཤམ་བྷ་ལར་དུས་འཁོར་གྱི་མ་བདེ་བ་རྣམས་འདྲིར་འགྲོ་བསམ་ནས་བདེ་ཆེན་སྟེངས་སུ་ཕྱིན། ཉེ་གནས་ཞིག་པོ་བྱང་དཔལ་བྱུང་ནས། ཆོས་རྗེ་རིན་པོ་ཆེའི་སྐུ་ཚེའི་རྟེན་འབྲེལ་སྒྲིག་པས། འཁོར་སྙིང་པ་ཚེ་ལས་གསར་པ་འགྱེས་ཡིན་ཡོད། སློབ་དཔོན་རང་ཡང་བཞུགས་གསུང་གིན་གདའ་ཟེར་བ་ལ། མ་ཉན་པར་རྙིང་པ་སུ་ཡིན་ལོ་རྩིས་བྱས་པས་ཆོག །ང་འགྲོ་སྡོད་ཞུས་པས་ཤོག་གསུངས་པས། མཇལ་ཁ་བྱུང་། ཆོས་རྗེའི་ཞལ་ནས་རྗེ་བཙུན་ཅི་ལ་བྱོན་གསུང་། སྔར་གྱི་བསམ་ལེ་ཚེ་ཞུས་པས། མ་བདེ་བར་རང་ཅི་འདྲ་བདེ་གསུང་རིམ་པས་ཞུས་པས་འདི་ཡིན་གསུང་ཞིང་འབྲུ་གནོན་རེ་མཛད། ཡིད་ཆེས་སྒྲོ་འདོགས་ཆོད། ཞལ་ནས་འོ་སྐོལ་སྐྱེ་བ་མང་པོའི་དཔོན་སློབ་ཡིན། མགོན་པོ་ཕག་མོ་གྲུབ་པ་དང་གྲུབ་ཐོབ་གླིང་མཇལ་བ་ལྟ་བུ་ཡིན་གསུང་། དགོངས་པ་ལ། གཟིགས་རྟོག་མང་པོ་མཛད་དམ། བསྒོམ་བྱུང་གི་ཤེས་རབ་བརྡོལ་བ་ལ་འདི་འདྲ་བྱུང་པ་སྙམ་ནས། ཆོས་རྗེ་རིན་པོ་ཆེས་དུས་འཁོར་གསན་སྙམ་པ་ནི་མི་འདྲ་བར་གདའ། བཀའ་འཕྲང་རྣམས་ལ་མ་བདེ་བ་ཅུང་ཟད་ཀྱང་མེད་པར་མཁྱེན་པ་ཅི་ལགས་ཞུས་པས། སློབ་དཔོན་ཇོ་བཙུན་རྒྱུ་མཚན་མང་པོ་ཡོད། ང་རྩིབས་རི་རྒོད་ཚང་ཅན་ན་བསྒྲུབ་པ་ལ་ཡོད་པའི་དུས་ན། བུད་མེད་སྔོན་མོ་གཅིག་གིས་པོ་ཏི་གཅིག་ལ་གཏད་ནས་འདི་ཟོ་ཟེར། དེ་མིད་པས། ཁྱེད་ཀྱིས་ཆོས་ཐམས་ཅད་ལ་མི་ཤེས་པ་ཅུང་ཟད་ཀྱང་མེད་དོ་ཟེར། དེ་དཻ་བཐམས་ཅད་ཀྱི་ཡུམ་རྡོ་རྗེ་རྣལ་འབྱོར་མ་ཡིན་པར་འདུག །དེ་ཕྱིན་ཆད་སངས་རྒྱས་ཀྱི་བསྟན་པ་རབ་འབྱམས་ལ་མི་ཤེས་པའི་དྲི་མ་དང་བྲལ་བ་ཡིན་གཞན་གྱི་བློར་མི་ཚུད། སློབ་དཔོན་རང་ལ་དུས་ཀྱིས་འཁོར་ལོའི་དབང་གཅིག་དང་བྱས་པས་ཆོག་གསུང་། དེ་དུས་དབང་མ་ཐོབ་ཡོད་པས་ཐུགས་ལ་གདགས་པར་ཞུས་པས། སང་བྱ་ཡིས་གསུང་། སྔོན་འགྲོ་གཅིག་ཞུ་ཞུས་པས། བླ་མ་སངས་རྒྱས་སུ་བསྒོམས་ལ་གསོལ་བ་ཐོབ་གསུང་། སངས་རྒྱས་སམ་དེ་གསེར་མདོག་ཅན་དེ་ཡིན་པ་ལ། སངས་རྒྱས་མ་ཡིན་པ་ལ་སངས་རྒྱས་སུ་བསྒོམས་པས་ཅི་ལ་ཕན་ནམ་སྙམ་པ་མཁྱེན་ནས། བླ་མ་སངས་རྒྱས་སུ་གསལ་གྱིན་འདུག་གེ་བྱ། ཅི་ཡང་ཞུ་མ་ནུས་པས། རང་ལུས་སྤྱན་རས་གཟིགས་སུ་གསལ་ཡེར་བསྒོམས། སྙིང་གི་དབུས་སུ་བླ་མ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བསྒོམས་ལ་གསོལ་བ་ཐོབ་གཅིག་གསུང་། སྒོམས་པས་རང་འཕགས་པར་གསལ་ཡེར་བྱུང་བས། རང་སྤྱན་རས་གཟིགས་སུ་བསྒོམ་བཏུབ་པར་གདའ་བས། བླ་མ་སངས་རྒྱས་སུ་བསྒོམ་པར་ཞུ་བྱས་པས། ཕྱག་གཡས་པ་བརྐྱང་ནས་ཁྱོད་ལས་ང་མི་ཞན་པ་ཡིན་ནོ་ཡང་ཡང་གསུང་། དེ་ཕྱིན་ཆད་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་པ་ཡིན་གསུང་། ཕྱིས་ཡང་ཞུས་པས་དེ་བཞིན་དུ་བྱ་གསུང་ནས་གསེར་ཞོ་དེ་གནང་སྟེ་ཉིད་རང་འདུན་པ་ཐོང་གཅིག་གསུང་། གསོལ་བ་འདེབས་ཅིང་འདུན་པ་བཏང་བས། ཚེས་བཅུ་གཅིག་གི་ནུས་མོ་བླ་མ་དུས་འཁོར་བ་སངས་རྒྱས་རྡོ་རྗེ་བྱོན་ནས་དཀྱིལ་འཁོར་ས་བཟུང་བ་མཛད་དེ་ཉིན་པར་སྟ་གོན་ཐུན་མོང་གི་དབང་བདུན་གོང་མ་གསུམ། བཅུ་གཅིག་པ་འཇིག་རྟེན་ལས་འདས་པ། རྡོ་རྗེ་སློབ་དཔོན་གྱི་མཐར་ཐུག་པ་བསྐུར་ཏེ། པོ་ཏི། དུང་། རྔ་བཟང་པོ་རྣམས་གཏད་ནས་རྗེས་གནང་མཛད་པ་ལས་སད་པས། ཤིན་ཏུ་དགྱེས་ཏེ་བྱོན་པས། ཆོས་རྗེ་སྐུ་གཟི་མདངས་ཆེར་བསྐྱེད་སྤྱན་དམར་ཤིག་གེ་བཞུགས་ནས། སློབ་དཔོན་ཇོ་བཙུན་བསམ་པ་རྫོགས་པར་བྱུང་ངམ་གསུང་། འདི་ལྟ་བུ་མཆིས་པ་ངོ་མཚར་ཆེ་ཞུས་པས། ང་ལ་ཡང་རྒྱལ་བའི་ཡུམ་རྣལ་འབྱོར་མས་པོ་ཏི་བྱིན་ནས་ལུང་བསྟན། ངས་ཀྱང་ཁྱེད་ལ་དཀྱིལ་འཁོར་དུ་དབང་བསྐུར་པོ་ཏི་བྱིན་པས་ཁྱོད་ཀྱི་བཀའ་རབ་འབྱམ་ལ་མི་ཤེས་པ་མི་འོང་གསུང་། ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས་པས། ཁྱེད་ལ་ཁྲིད་དུ་བྱ་མི་དགོས་ངོ་སྤྲད་པས་ཆོག་པར་འདུག་གསུང་ནས་གཅིིག་ཆར་ངོ་སྤྲད། ཞག་བཞི་ན་དམར་འོད་གསལ་འཁོར་ཡུག་དུ་སོང་། དངས་ཆ་ལ་དངོས་པོ་ཐམས་ཅད་ལ་ཆགས་ཐོགས་མེད་པར་མི་དང་མིི་མ་ཡིན་ཐམས་ཅད་མཐོང་བ་དང་། སྒོམ་ཆེན་ཕོ་མོ་ཚོའི་གྲིབ་གཟུགས་ན་བུན་ལྟ་བུ། ཆེ་ཆུང་དང་ཡོད་མེད་རྣམས་མཐོང་བ་དང་། རྣལ་འོད་གསལ་དུ་ཡོད་པའི་ཚེ་རིན་ཆེན་སྙིང་པོ་གསལ་འདྲེན་དུ་བྱུང་བ་མཐོང་བས་སྤྱི་པོའི་གམ་སླེབ་པ་ལ་སད་རན་སྙམ་དུ་བྱས་པས་སད་པ་ལ་སོགས་བྱུང་གསུང་། ཐབས་ལམ་ཞུས་པས། ཁྱེད་ལ་ལས་འཕྲོ་ཡོད་པ་ཡིན་གསུང་ནས་གནང་སྟེ་སྒོམས་པས། རྩོལ་བ་ཆུང་ངུས་བདེ་དྲོད་ངོ་འཕྲོད་པ་ལེགས་ཉམས་མྱོང་དང་དྲོད་རྟགས་རྣམས་བྱུང་ལུགས་ཞུས་པས། སྐྱེ་ཚུལ་ཕུན་སུམ་ཚོགས་པ་བྱུང་འདུག །ངས་ལས་འཕྲོ་ཡོད་བྱས་པ་གསུང་། ནུབ་གཅིག་ལུས་རོ་རུ་སོང་འདུག་པ་གཅིག་རྨིས། ཅི་རྨིས་ཚུར་བྱ་བ་ལ་ཞུས་པས། མི་རོ་ལྟ་བུའི་བསམ་གཏན་བྱ་བ་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྐྱེན་གང་གིས་ཀྱང་མི་གཡོ་བ་གཅིག་ལ་འོང་བ་ཡིན་གསུང་། བསྒོམས་པས་འཁོར་འདས་མཉམ་པ་ཉིད་དུ་རྟོགས། ས་ར་ཧ་ལ་ཡང་འདི་ལས་ལྷག་པའི་རྟོགས་པ་ཡོད་དེ་མི་ཡོང་སྙམ་པ་བྱུང་གསུང་། ཡང་རྗེ་བཙུན་རས་ཆུང་པ་རས་དམར་པོ་གསོལ་བ་གཅིག་བྱོན་ནས་ལུས་གནད་གཅིག་བསྟན་པས་བདེ་དྲོད་དུ་ཕྲིལ་སོང་བ་གཅིག་རྨིས། ཀུན་དྷ་བ་གཡེ་མེད་དུ་གྱུར་པ་ལ་སོགས་འགའ་གནང་ནས་ཞུས་པས། ཁྱེད་ཀྱི་སྐྱེ་བ་མང་པོའི་ཡི་དམ་བདེ་མཆོག་ལྷན་སྐྱེས་ཡིན་གསུང་། རིན་པོ་ཆེ་པ་འདིའི་སྤྲུལ་པ་འདི་གསུངས་པ་ལ་ཐེ་ཚོམ་སྐྱེས་ཞུས་པས། དེ་ལ་ལོག་ལྟ་སྐྱེ་རུ་མེད་གསུང་། འོ་ན་རྗེ་རིན་པོ་ཆེ་པ་ཉིད་མི་ལའི་སྤྲུལ་པ་ཡིན་སྐད་པ་དེ་ལགས་སམ་ཞུས་པས། ཐུགས་ཧུར་མཛད་དེ། དེ་ལ་འགལ་པ་མེད། རང་གི་རྒྱུད་པ་རང་གིས་འཛིན་དགོས་པ་ཡིན། བུ་རང་ཡང་སྨིན་སྨིན་པ་གཅིག་ཡིན་ཡང་ཡང་གསུང་བ་བདག་གང་ལྟར་ཡིན་ཞུས་ན་ཡོང་བར་འདུག་སྟེ། བྱིན་བརླབས་ཀྱིས་ཤེས་པ་ཟ་ཟིར་སོང་ནས་ཅི་ཡང་ཞུ་ས་མ་བྱུང་གསུང་། ཡང་རིན་པོ་ཆེ། རྟ་དང་། གླང་པོ་དང་། སེང་གེ་ལ་ལྕིབས་ནས་ནམ་མཁའ་ལ་འབྱོན་བཞུད་བྱེད་པའི་རྨི་ལམ་འབྱུང་བ་ཞུས་པས། ས་ཐོབ་པ་ཡིན་པ་ལ་མི་ཡོང་བ་ཡིན་གསུང་། རྒྱུན་པྲང་གཅིག་ན་འདུག་པ་བཀག་ལ། ཐ་བ་རློག་པ། ཆུ་པྲོལ་ལ་ཟམ་པ་འཛུགས་པ་བྱུང་ལགས་ཞུས་པས། རྨི་ལམ་བཟང་། རིགས་དྲུག་གི་རྒྱུན་བསྲང་བཅད། ཉོན་མོངས་པའི་ཐ་བ་ཐུལ། འཁོར་བའི་ཆུ་བོ་རྒལ་བྱ་བ་ཡིན་གསུང་ཡང་རྡོ་རྗེ་རྣལ་འབྱོར་མའི་བྱིན་བརླབས་གཅིག་ཞུ་བཞེད་ཙམ་ན་འོད་གསལ་གྱི་ངང་དུ་བྱོན་ནས་མཛད། གཞན་ཡང་སྒྱུ་ལུས་འོད་གསལ་གྱི་ངང་ནས་ཉི་ཟླ་ལ་ཞོན་ཏེ་གླིང་བཞི་ལྟ་བ་ལ་སོགས་བྱས་པ་རྣམས་ཞུས་པས་ཤིན་ཏུ་མཉེས་ཏེ། སྐུ་མཚམས་ཀྱི་དུས་སུའང་སྒོམ་མེད་དུ་ཟབ་ཁྲིད་ཐམས་ཅད་རྫོགས་པར་སྣང་། རྨི་ལམ་དུ་ལུང་པ་རི་དགས་ཀྱིས་གང་བ་གསུམ་འདུག་པའི་གཉིས། ཆོས་རྗེ་འབྲུག་པ་དང་། རྒོད་ཚང་པས་བསྒྲལ་བ་ཡིན་གཅིག་ཁྱོད་ཀྱིས་བསྒྲོལ་རྒྱུ་ཡིན་ཟེར་བ་གཅིག་རྨིས། རིན་པོ་ཆེས་རྒྱུད་འཛིན་དུ་ལུང་བསྟན། རྗེ་བཙུན་རས་ཆུང་པ་ཚོགས་འདི་ན་བཞུགས་ཀྱང་བྱ། མཁའ་འགྲོ་མ་འགྲོ་བ་བཟང་མོས་གཟིགས་ནས། ཉིད་ལས་བསགས་པ་གྲུ་བཞི་གཅིག་འདུག་ཟེར་སྟེ། སྒོག་པ་སྤར་གང་གཏད་ནས་འདི་གསོལ་ཟེར། མ་བཞེད། ཆོས་རྗེ་ལ་ཞུས་པས། ཨ་པ་དེ་ལེན་པ་ལགས་པ་ལ། ལོངས་སྤྱོད་ཀྱི་རྟེན་འབྲེལ་བག་ཙམ་དང་འཆུགས། རྗེ་འབྲི་ཁུང་པ་ཙམ་འོང་པ་ལ་གསུང་ཡང་། ཆོས་ཉག་གཅིག་གི་བསགས་པ་ང་ཆེ་བ་ཡིན་ཕྱོོགས་མཐའ་དག་གི་བསགས་པ་ཁྱེད་ཆེ་བ་ཡིན་གསུང་། ཐུགས་བསྐྱེད་ཞུས། བདག་གཞན་རྗེ་ཕོད་པའི་བརྩེ་བ་དང་། བྱང་ཆུབ་སེམས་འཁྲུངས། ཉིན་གཅིག་འཆག་གོ་དང་འབུ་ཤིགས་པ་གཅིག་མཐོང་བ་ལ་སྐྱུག་ལོག་བྱུང་བས། དེར་དབུ་བཅུག་ནས་གནད་དུ་བསྣུན་ཏེ་བསྒོམས་པས། སྣང་བ་ཐམས་ཅད་རང་གི་སེམས་ལས་དོན་ལོགས་ན་མེད་པར་ཐག་ཆོད། མི་གཙང་བའི་དོ་སྐྱུག་བྲོ་བར་མི་འདུག་རང་གི་སེམས་སྐྱུག་བྲོ་བར་འདུག །དེ་བཞིན་དུ་ས་ལོག་པ་སྲ་བ་ལེགས་པར་མིག་འདུག །རང་གི་སེམས་སྲ་ཞིང་འཐས་པར། བརླན་ཞིང་གཤེར་བར། ཚ་ཞིང་སྲེག་པར། ཡང་ཞིང་གཡོ་བར་འདུག །སེམས་ཀྱི་རང་བཞིན་སྟོང་པར་འདུག །སེམས་ཅན་སྤྱི་མཐུན་གྱི་སེམས་སྲ་ཞིང་འཐས་པ་ལ་སོགས་པར་སྣང་བས་ཕྱི་རོལ་དུ་བ་ལ་སོགས་པར་སྣང་ཞིང་། སྟོང་པ་ལས་ནམ་མཁའི་ཁམས་སུ་སྣང་བར་ཐག་ཆོད་པ་ཡིན་གསུང་། དེར་སྣང་བ་ཐམས་ཅད། རང་གི་སེམས་སུ་སོང་། སྟོང་པ་ཐ་མལ་གྱི་ཤེས་པ་རང་གར་ཁྲེས་སོང་ནས། དྲན་པས་བཟུང་རྒྱུ་དང་། འཛིན་བྱེད་དང་། ཉོན་མོངས་པ་དང་གཉེན་པོ་གང་ཡང་མེད་པར། སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་ཟ་ཟི་བན་བུན་དུ་སོང་འདུག །ཐུགས་ལ་འཁོར་ཡུག་མ་ཡིན་དགོངས་པ་བྱུང་ཉིན་གཅིག་འགྲོ་བ་བཟང་མོ་ན་རེ། ཁྱོད་ཀྱི་བསྒོམ་དེ་འཁོར་ཡུག་མ་རང་ཡང་ཅུང་མིན་གསུང་། རྒྱུ་མཚན་ཅི་ཡིན་བྱས་པས། དེ་ལ་ངོ་ཤེས་གཅིག་ཡོད་ན་ཡིན་གསུང་། འདྲེ་མོ་འདི་ཅི་ཟེར་དགོངས་ནས་ཞུར་བྱོན་པས། ཞལ་ནས་ད་ལྟ་ནས་རེ་བས་ག་ན་འོང་། ཕྱིས་འོང་བ་ཡིན་མོད་གསུང་། བུ་ཁྱོད་འགྲོ་དོན་བྱེད་པ་གཅིག་འབྱུང་བ་ཡིན། ལོ་གཅིག་གཉིས་ཀྱི་བར་དུ་འགྲོ་དོན་མ་བྱེད། དེ་ནས་མཉམ་རྗེས་མེད་པའི་རྟོགས་པ་འཆར། དེ་ཡན་ཆད་ཅི་དགའ་གྱིས་ཁྱོད་ཀྱིས་གང་བྱས་ཀྱང་ལམ་དུ་འགྲོ་བ་གཅིག་འོང་བ་ཡིན། ངའི་འདི། ཞི་བའི་ཕྲིན་ལས་འབའ་ཞིག་ཡིན། ཁྱོད་འཕྲིན་ལས་ཐམས་ཅད་ཀྱི་མངའ་བདག་དུ་འགྱུར་གསུང་། ཡང་ཁྱོད་ལ་གླེངས་མང་པོ་ཡོང་གསུང་། ནད་ཆེན་བཞི་ལ་སོགས་པ་མཆིའམ་ཞུས་པས། དེ་རྣམས་མི་ཡོང་། ཉེ་བ་དགྲར་སྡང་། དགྲ་མང་པོ་ཡོང་བ་དེ་ལམ་དུ་སློང་དགོས་གསུང་། ཉིན་གཅིག་འགྲོ་བཟང་མ་ཚོགས་འཁོར་བྱེད་ཟེར་བ་ལ། ཤངས་པར་རིང་མོའི་བསགས་པའི་སྣང་ཚུལ་ལམ། ཆེ་ཆོས་འདྲ་བ་བཞག་ནས་སྒོ་མ་གཅིག་ལ་ཚོགས་འདྲེན་པ་དགོངས་པས། དེ་མ་ཐག་འགྲོ་བཟང་མ་ཁམས་ལོག །ངའི་སྙིང་རི་བརྩེར་སོང་། རྗེ་བཙུན་སྣོད་མ་རུང་ལ་ཚོགས་བཤད་པས་ལན་གསུང་། འགྲོ་བཟང་མའི་སྲས་མོ་གཉིས་བྱུང་ནས། སློབ་དཔོན་ཨ་མ་ལ་གཤགས་པ་མཛད་པར་ཞུ་ཟེར། ཆོས་རྗེ་ལ་གཤགས་པ་མཛད་པས། འགྲོ་བཟང་མ་རང་ལ་གྱིས་གསུང་། མཛད་དུ་བྱོན་པས། མེ་འདར་སྤྲུག་ཅིང་འདུག་པ་བཞིན། བདེ་ཆེན་སྟེངས་ཀྱི་རི་དང་ནགས་ཚལ་ཐམས་ཅད་ཚིག ཆིལ་ཆིལ་ཁོལ་དུ་གཡོ་ཞིང་འདུག །སྤྱི་བཤགས་གསུམ་མཛད་པས། ངའི་སྙིང་ཚུད་སྙིང་ཚུད་ཟེར་ཞིང་ལྷོད་སོང་། མཁའ་འགྲོའི་སྙིང་དམ་ཚིག་དུ་ཡོད་པར་འདུག་གསུང་། དེ་ཙམ་ན་སྒོ་མ་རྣམས་དགེ་འདུན་པ་དང་བསྲེས་ཤིང་ཆོས་ཉན་པ་ཡོད་པ། མི་མཛེས་པ་དང་། རེག་པའི་ལྟུང་བས་གོས་པར་མཐོང་སྟེ། ས་མཚམས་ཕྱེ། དེ་ལས་འདས་པའི་སྒོ་མ་རྣམས་བརྡུངས་པས། ནང་པར་རིན་པོ་ཆེ་ཁྲི་ཐོག་དུ་བྱོན་པའི་སྐུ་སྐེག་ནས། རྡོ་རྗེ་དར་སྣ་ལྔས་སྤྲས་པ་གཅིག་བཏང་རག་ཡིན་གསུང་ནས་གནང་བ་ལ་སོགས་རྟེན་འབྲེལ་མང་པོ་བསྒྲིགས། དེ་དུས་ཆོས་རྗེ་ལ་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་ལྟོས་མེད་དུ་ཕུལ་ནས་ཚེ་རབས་ཐམས་ཅད་དུ་འཕྲིན་ལས་ཀྱི་ལག་ལེན་པ་བྱེད་པར་ཞུས་པ་ཡིན་གསུང་། གཟིམས་ཁང་ལ། ཁ་བའི་རུད་བྱུང་བ་ལ་ལྟ་སྟངས་དང་སྡིག་འཛུབ་གཏད་པས་འཁྱིལ། ཉིན་གཅིག་ཚོགས་ཀྱི་དབུས་སུ་ཆོས་རྗེའི་ཞལ་ནས། དེ་རིང་སློབ་དཔོན་རྗེ་བཙུན་གྱིས་གང་ཞུས་པ་གནང་བ་ཡིན་གསུང་། ཕྱག་བྱས་ནས་རིན་པོ་ཆེ་དགུང་ལོ་བརྒྱའི་བར་བཞུགས་པར་ཞུ་ཞུས་པས། ཕྱག་ནམ་མཁར་བརྐྱང་ནས་དེ་བཞིན་བྱེད་པ་ཡིན། སློབ་དཔོན་རང་ངའི་གན་ནས་མ་འཕགས་པ་གཅིག་ནི་དགོས་སོ་བྱ། ཡང་ལན་གཅིག སློབ་དཔོན་ངའི་གཟིམས་ཁང་གི་བློ་འབུར་གཅིག་དུ་བཞུགས། སྟན་རེ་ཙམ་སྤྲུག་པ་དང་། མཆོད་པ་དང་མཎྜྻ་ལ་རེ་བརྗེ་བ་ཙམ་མཛོད། ཆོས་ཚོ་ཉོན། ཁྱེད་ཉེ་གནས་ཀྱི་རྒྱུ་རུ་འཕངས་པ་ཡིན་ཀྱང་། ཁྲིད་གཉེར་མཛོད། དཔེ་འདི་པའི་བདག་ཡོང་བ་ཁྱེད་ལས་མེད་ཐུན་མོང་དུ་བྱ། གང་དུ་ཡང་མ་འགྲོ། ཁྱེད་རང་གི་རྟེན་འབྲེལ་ཐམས་ཅད་ཀྱང་འགྲིག །ངའི་ཚེ་ལ་ཡང་ཕན་གསུང་། དེ་ཤིན་དུ་ཐུགས་ལ་བཏགས་ཏེ་གཞན་གྱིས་ཕྲ་དོག་མཆི་ཞུས་པས་མ་དགོངས་པ་ལ། སློབ་དཔོན་ལེགས་མཛེས་ལ་སོགས་པས་མ་བཟོད་ནས་མི་འཇོག་པར་ཞུས་པས། ཚོགས་འདི་ན་ཁོང་བསགས་པ་ཆེ་བར་འདུག །རང་རྒྱུད་པ་གཅིག་མི་གདའ། ང་རང་གང་བྱེད་པ་བྱེད་དུ་ཆུགས་སུ། ཡང་སློབ་དཔོན་རང་ལ་ཉེ་གནས་མི་མཛད་པར་ཞུས་པས། ང་ལ་ཆོས་རྗེའི་གསུང་ངེས་པར་བྱོན་ནས་བྱས་པ་ཡིན། ལྟོ་མ་ཕྱིད་ནས་སྡོད་པ་མིན། ཚེ་འདིའི་ཕྱོགས་ནས་ཉེ་གནས་ཐོབ་ཤ་མི་དགོས། མཚན་ཉིད་ཀྱི་བཤད་པ་བྱས་ཀྱང་ཀཱ་པ་ལི་འགྲེམས་པས་བརྒྱ་རེ་མི་འཚོག་གམ། ཁྱེད་རྣམས་དགའ་ནས་ངས་བཞག་པས་ཆོག་གསུང་ནས་བཞུགས་པས་ཀུན་གྱིས་ཇོ་བོ་བཟང་ཟེར་བ་བྱུང་། དེའི་དུས་ན་ཡང་ན་བཟའ་ཕྱ་རུ། ཟས་བསྟན་གཅིག་མཛའ་དམར་མིག་སྐྱུར་མིག་མི་མཛད་དེ་བཙུན་པར་གྲགས་པ་ཡིན་སྐད། སྐྱོ་བར་བྱུང་ནས་ཤམ་བྷ་ལར་འགྲོ་བར་ཞུས་པས་མ་གནང་། སྐྱར་ཡིན་ཞུས་པས། ཚེམས་ནན་པ་གཅིག་མཛད་ནས་རྒྱུག་དང་གསུང་བས། ཏབ་ཏོབ་ལ་ད་སྡོད་པར་ཞུ་ཞུས་གདའ། དེ་ཐུགས་བདུད་ཀྱིས་སྒྱུར་བར་འདུག་གསུང་། ཡང་ཁྱེད་ཚོགས་འདིར་ཡོད་པ་ཙམ་གྱིས་ང་ཡི་ཚེ་ལ་ཕན་པ་ཡིན་གསུང་ཡང་། མཆེད་གྲོགས་ཀྱིས་ལོག་སྒྲུབ་ཀྱིས་སྐྱོ་ནས། ཞིང་དག་པར་སྨོན་ལམ་བཏབ་ནས་འཕོ་བར་གཞེད་པའི་སྦྱོར་བ་ལ་ཞུགས་པ། ཌཱ་ཀི་མ་འགྲོ་བཟང་མས་རིག་ནས། ཆོས་རྗེ་ལ་སྦྲན་པས་ཤོག་གསུང་ནས། བུ་དེ་སྐད་མ་བྱེད་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཞིང་གང་མ་དག་པ། གདུག་རྩུབ་ཆེ་བ་རྣམས་སུ་སྐྱེ་བ་ལེན་པ་ཡིན། ཞིང་དག་པ་དང་ཆོས་ཐེག་ཆེན་འབའ་ཞིག་སྟོན་པའི་འདོད་པ་རྣམས་བྱང་ཆུབ་སེམས་དཔའི་སྐྱོན་ཡིན་གསུང་བས། འདུན་པ་དེ་ཁུགས་ཀྱང་། བྱང་དར་འོག་གི་མཚོ་དེ་ལ་འགྲོ་བཞེད་པ་ཡང་ཡང་ཞུས་ཀྱང་མ་གནང་བ་དེར་འགྲོ་བའི་འདུན་པ་མ་ཁུགས་པར་འགྲོ་བར་ཞུས་པས། འུ་རང་ཕ་ཕད་ཇོ་བོ་བཟང་བར་གྲགས་པས་ཀྱང་ལན། འདི་པ་ང་ཚོ་རིང་བས་ཅི་ཞིག་སྟེ། མོས་གུས་ཀྱི་སྣང་ཚུལ་ལམ་སངས་རྒྱས་པའམ་དེ་ང་རང་མིན་པ་མི་འདུག་གིས་གསུང་། ཐུགས་མ་ཞུམ་པར་ཕྱག་བརྐྱང་ནས་བདག་བདེ་གོ་ཞུས་པས། ཞལ་འཛུམ་ལ་རྟེན་འབྲེལ་བཟང་བར་སོང་གསུང་། ཡང་འགྲོ་བའི་ཞལ་བསྐོས་ཞུས་པས། རི་ཁྲོད་ལ་ཕྱིན་ཡང་བུ་རང་གི་རྟེན་འབྲེལ་ལེགས་པོ་ཡོང་བར་གདའ། མདང་མི་གཉིས་ཆུ་ཕར་སྐར་ཤིང་ཐོག་ལེན་འགྲོ་ཡིན་འདུག་པའི་གཅིག་ཆུས་ཁྱེར། གཅིག་གིས་འབྲས་བུ་སྨིན་པ་ལོན་བྱུང་། བུས་དངོས་གྲུབ་ཐོབ་ནས་འོང་བར་འདུག་གིས་བཞུད། བསྒྲུབ་པ་ཡང་མཐར་སྐྱོལ་འོང་། ལོ་སུམ་ཅུ་རྩ་ལྔའི་བར་འགྲོ་དོན་མ་བྱེད། དེ་ནས་བརྩོལ་མེད་དུ་འོང་བ་ཡིན་གསུང་། དེ་ནས་དཔོན་སྲིན་པོ་གདོང་དང་། སྤ་ཚབ་གཉིས་དང་ལྷན་གཅིག་དོ་ལ་བྱོན། གསུམ་ཀ་ལ་རྒྱགས་བྲེ་ལྔ་ལྔ་ལས་མེད། ཆུ་དང་རྡེའུའི་དཀའ་ཐུབ་མཛད། རེས་འགའ་ཤ་རུས་གྲོ་མ་བརྐོས་པ་དང་། ཉའི་ཐོད་དང་ཀོ་མོའི་ཤ་བལ་བཙོས་ཀྱིན་གསོལ། ནས་ཚུམ་གཅིག་ཡོད་པ་བཙོས་ཡིན་ཚོགས་འཁོར་ཀྱང་མཛད། ཉིན་གཅིག་བསགས་པ་སྤང་དུ་བཙུགས་ནས་གྲོ་མ་ཐུར་བྱོན་པས་ཁོང་གིས་ཕད་བུ་གང་དང་། ཉ་ཤ་འགའ་རྙེད། དཔོན་སྲིན་པོ་གདོང་གིས་སྙིམ་པ་གང་ལས། གཞན་དེས་ཅི་ཡང་མ་རྙེད། བྱང་མ་བསྒྲོད་པར་ཆག་གི་རུ་བའི་ཁྲོད་ལ་སོང་ངོ་། བྱང་མི་མེད་ཀྱི་ཐང་ལ་ཟླ་དགུ་ཕྱིན། །འཚོ་བ་ཆུས་རྡེའུ་གཉིས་ལ་བྱས། །ཉ་ཤ་ཁྲོན་གསུམ་རུས་ཁུ་ཟོས། །ཕོ་ཞེན་ལོག་ཅན་ཚོགས་པའི་ཡང་རྩེ་ཡིན། །གསུང་། དེ་དུས་ཐུགས་དམ་འཕེལ་བ། རིག་པ་དངས་པ། རི་དགས་ཀྱི་གྲིབ་ཀྱང་ཚོར་བ་བྱུང་། ནུབ་གཅིག་མར་ཐུད་ཀྱི་དྲི་མ་བྱུང་ནས་ནང་པར་སྨྲས་པས། དཔོན་སྲིན་པོ་སྡོང་ན་རེ། དམར་བར་གདའ་སྟེ་བྱང་ཁ་སྟོང་པའི་འདི་རུ་བྱུང་དོགས་མེད་ཟེར། དེ་ནས་དགོངས་ཞིང་ཇེ་ཆེར་སོང་ཙམ་ན། ཉིན་ཅིག་ཐག་རིངས་སུ་སྦྲ་འགའ་ཐོར་བྱུང་། ནང་པར་བསོད་སྙོམས་ལ་བྱོན་པས། བྱིས་པ་ལུག་དུམ་དེད་པ་གཅིག་དང་ཕྲད་པ་ལ་སུ་ཡིན་དྲིས་པས། བེ་རི་ཡིན། འབབས་ས་མ་བཙལ་ན་གནོད་པ་བྱེད་ཟེར། ཕྱིན་པས་ཁྱི་རྫི་ཆོས་སྐྱབས་བྱ་བ་དང་ཕྲད་པ་ལ་བབས། མགོ་འཚོ་མིན། རི་ཡ་གི་ལ་སྡོད་པའི་སྒོམ་ཆེན་ཡིན། འཚོ་བ་ཆུ་རྡེའུ་ལས་མེད་པས་སློང་དུ་འོངས་པ་ཡིན་བྱས་པས། བལྟར་སོང་ཟེར་ནས་བལྟས་པས། རྩ་མལ་ཐབ་སྦུད་པ་རྫ་མ་ལ་ཆུ་སྐོལ་བའི་རྗེས་མིན་པ་མེད་པ་རྣམས་མཐོང་ནས་དད་དེ། མར་ཐུད་དང་ཤ་སྐམ་མང་དུ་ཕུལ། ཁོང་གིས་དལ་རེས་ཀྱིས་གསོལ་བས་རིང་པོ་མ་ཐུབ་པ་ལ། དཔོན་སྲིན་པོས་ཕུལ་བས། ཁ་ནིང་མཉམ་དུ་ཡོད་པ་ཡིན། ད་ཁྱེད་ཀྱི་སྐལ་བ་ང་མི་ཟ་གསུང་ནས་མ་བཞེད། ཡང་སྦྲ་པ་གསར་པ་འགའ་བྱུང་བ་ལ་སློང་དུ་ཕྱིན་པས། ཁྱི་ཐུ་མོ་འདུག བུ་མོ་གཅིག་ལ་ཁོག་བྱས་པས་མ་ཉན། དེར་རྒོད་རྐང་ལ་གློང་མོ་བརྟགས་པ་བསྐོར་འཕྲོ་བཅད་ནས། རང་། ཁྱི། བུ་མོའི་སེམས་གསུམ་བསྲེས་ནས་བཞུགས་པས། བདག་པོ་འདྲིས་པ་ལ་བྱེད་པར་ལྟར་ལྡག་ཅིང་འདུག་དད་ནས་འབུལ་པ་བྱས། བསྙེན་གནས། སྤྱན་རས་གཟིགས། བླ་མའི་རྣལ་འབྱོར་པ་ལ་སོགས་པ་བཤད། དེ་ཙམ་ན། ཕུག་གཉན་གཅིག་ན་སྒོམ་ཆེན་གཅིག་ཤི་བའི་དུག་པོ་ལ་ཟིལ་ཆེན་པོ་འདུག ཉམས་སྣང་ལ་གཡག་གཅིག་གས་བརྡུང་དུ་བྱུང་། བུད་མེད་གཅིག་གིས་འདིས་ང་ལ་ཡང་བརྡུངས་ཁྱོད་འདིར་མ་སྡོད་ཟེར། ནང་པར་ཉ་རོ་གཅིག་ལ་ཚོགས་མཛད་ནས་ཕུར་པའི་སྐུལ་གཅིག་བྱས་པས་བྲག་ཞིག་གཞི་བདག་དེ་དོན་སོང་གསུང་། དེ་ནས་བྱང་ཁ་ན་མར་བྱོན་པས་རེས་ཆུ་ཡང་མ་རྙེད། ཁ་བ་ཆེན་པོ་བབ་པས་སྤྱན་ཕྱིད། ནས་སྦར་གང་ཡོད་པ་ལྷུང་བཟེད་དུ་བཙོས་ནས་དྲངས། དོལ་པོ་ནས་ལམ་བྱུང་ནས་ཏི་སེར་བྱོན། ཤེལ་གྱི་མཆོད་རྟེན་ནང་གཞལ་ཡས་ཁང་དུ་ཡོད་པ་གཅིག་དུ་གཟིགས། དེའི་འོད་ཀྱིས་ཁྱབ་ཚད་རིག་པ་དངས་པར་འདུག་གསུང་། རྒྱ་རས་པ་མ་སྡོད་ཟེར་ནས་ཕུད་དུ་བྱུང་པ་ལ། སྐུ་ར་རིན་པོ་ཆེ་དང་། ཅུང་ལེགས་པར་སྒོམ་ཀྱང་མ་ཐུབ་ཏི་སེ་རང་དུ་སྒོམས་པས་འདོན་དུ་མ་བྱུང་གསུང་། དཔལ་དུས་ཀྱི་འཁོར་ལོ་ནས་བཤད་པའི་ཕྱི་ནང་གཞན་གསུམ་གྱི་རྟེན་འབྲེལ་པ་རྣམས་རང་གི་མཚན་ཉིད་དུ་ཐུགས་ལ་འཁྲུངས་ནས། ཕྱི་ནང་གསལ་བྱེད་མཛད། དེ་དུས་བཟང་རྟོག་རེ་བྱུང་རྡེའུ་དཀར་པོ་རེ། ངན་རྟོག་རེ་བྱུང་ནག་པོ་རེ་བཞག །བཞུག་དཀར་པོ་ཤས་ཆེར་སོང་ནས་བཞད་ཡལ་ཡལ་མཛད། མ་ཕམ་མཚོ་འགྲམ་དུ་ཆུའི་དཀའ་ཐུབ་མཛད། པུ་ཧྲངས་སྟོང་དམར་ནས་ཏི་སེ་བྱང་སྒོར་ཉི་མ་ཕྱེད་ཀད་རེས་ཕེབས་པ་དང་། སྐུ་མི་སྣང་བར་བསྒོམས་ནས་བྱོན་པས་གཞན་གྱིས་མི་མཐོང་བ་བྱུང་། ཕལ་པའི་ཉིན་ལམ་བདུན་བདུན་ཉི་མ་རེ་ལ་བཅད་ཀྱང་ཉམས་འབར་བས་ངལ་བ་ཙམ་མ་བྱུང་། ཀུ་ལུ་ཏ་དང་མ་རུར་བྱོན། དེ་ནས་ཞིང་སྐྱོང་བུད་མེད་སྣ་ནས་མར་ཁུ་འཛག་པ་གཅིག་འདུག་པ་ཡིས། ཁྱོད་དང་པོ་བླ་མའི་ཞབས་སུ་མི་སྡོད། དེ་ནས་གྲོགས་ཀྱི་ཟླ་ལ་མི་སྡོད་ད་འདི་ནས་གར་ཡང་མ་འགྲོ་འཚོ་བ་སྦྱར་རོ་ཟེར། ཨུ་རྒྱན་དུ་གཤེགས་པའི་ཐུགས་འདུན་བཏང་བས། མཚན་མོ་ནམ་མཁའ་ལ་རིགས་འཛིན་ཌཱ་ཀི་བྱོན་ནས་རྡོ་རྗེའི་གླུ་གསུངས། དབྱར་གྷན་དྷ་ལ་རུ་བསམ་གཏན་མཛད། ངན་རྟོག་གི་རྡེའུ་ནག་པོ་རྒྱུན་ཆད་གསུང་། དགུན་རྒྱ་རས་པ་འགའ་དང་སྡོངས་ནས་ཛཱ་ལན་དྷ་རཿརུ་བྱོན། ཤྲི་ན་ག་ཀྲོ་ཏ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོར་སླེབ། འཚོ་བ་བསོད་སྙོམས་དང་དཀའ་ཐུབ་མཛད་ནས་ཀླུ་སྒྲུབ་ཕུག་བྱ་བ་འདུག་པར་བཞུགས། དེ་ན་རྣལ་འབྱོར་མ་གྲུབ་པ་ཐོབ་པ་གཅིག་འདུག་པ་དང་ཆོས་ཀྱི་གླེང་ལངས་བྱས། དེར་སྲོད་གཅིག་གཏད་མེད་དུ་སོང་ནས། གྲོང་ཁྱེར་དེ་ལ་མི་ཐོགས་བར་སོང་འདུག །ཤེས་པ་བན་བུན་ལུས་ཟག་མེད་དུ་སོང་འདུག །གྲོང་ཁྱེར་དེ་ཐམས་ཅད་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་ཕོ་བྲང་དུ་འདུག་གསུང་། དེ་ན་ཆུ་ཀླུང་ཆོས་འབྱུང་ལྟ་བུ་གཉན་པ་གཅིག་སྣང་། དུར་ཁྲོད་ལ་གུ་རཿབྱ་བ་ན། ཕ་འོང་ཐོད་པ་ལྟ་བུ་ལ་རྗེ་བཙུན་མའི་སྐུ་རང་བྱོན་དུ་བྱོན་པ་ཡོད། དེར་གྲོགས་པོ་ཚོས་ཚོགས་བྱས་བའི་གྲལ་དུ་ཚུད། དེ་དུས་ཐུགས་སྐྱོ་བ་དང་། གནས་ཀྱི་སློངས་ཀྱིས་སྣང་བ་ཐམས་ཅད་ཟ་ཟིར་སོང་། ཨུ་རྒྱན་དུ་གཤེགས་པའི་ཐུགས་དགོངས་དྲག་པོ་བྱུང་། རྟེན་དེ་ལ་མཆོད་པ་གཅིག་ཕུལ་ནས་གསོལ་བ་བཏབ་ཅིང་རྟེན་འབྲེལ་སྒྲིགས་པས། རེངས་པ་དང་རྨུགས་པ་ལ་སོགས་པའི་བར་ཆད་མང་དུ་བྱུང་། གྲོགས་རྣམས་ཀྱིས་བལྟས་རྩུབ་པས་མི་གཤེགས་པར་ཞུས་ཀྱང་ཐུགས་མ་ཁུགས་སྟེ། དཔོན་སྲིན་པོ་སྡོང་དང་། དཔལ་ཡེ་གཉིས་དང་གསུམ་གྱིས་ཚོགས་གཅིག་མཛད། འོ་སྐོལ་གསུམ་འཚོགས་ནས་ཚོགས་བྱེད་པ་ད་རེས་ཙམ་ཡིན་ནོ་གསུང་། ལྷག་གཏོར་མ་བཏང་བར་གཟིམས་པས། འབྱུང་པོ་རྣམས་སྐལ་བ་ཆད་པའི་ཀུ་ཅོ་འདོན་པ་ལ། འུར་སུ་ཆེ་ལྟའོ་གསུང་ནས་གཟིམས་པས། སླར་ལ་ཅ་ཅོ་ཆེར་སོང་ནས་གཟིམས་སུ་མ་སྟེར་བས་འབྲས་ཚེམས་གཅིག་བྱིན་ཀྱང་མ་ཕན། བཙོས་ནས་དེ་ན་འདུག་གོ་ཞེས་བྱིན་པས་མེད་པར་སོང་གསུང་། ནང་པར་དཔོན་སྲིན་པོ་གདོང་། ཡང་ཨུ་རྒྱན་དུ་འགྲོ་གསུང་བ་ལ། མི་ཁྲིད་གསུངས་པས། ང་ངུ་གསུང་། རྟེན་འབྲེལ་མི་བཏུབ་གླུ་གྱིས་གསུངས་ནས་དབྱུག་པས་ས་ལ་བརྡབས་པས། ཆོག་ཟེར་ནས། བྱིན་བརླབས་ཞུས་ཕྱག་ཐོན། ཨ་ལོ་ལ་ཟེར་ཞིང་ལོག་བཞུད། དེ་ནས་གྲོགས་དབལ་ཡེ་དང་བསྡོངས་ནས་ཨུ་རྒྱན་དུ་བྱོན། གྲོགས་གཉིས་ཀྱིས་ཚོགས་ཆས་ཀྱིས་གསུང་ནས་གསེར་རེ་ཕུལ། མགུལ་དུ་བཏགས་ནས་ཕྱིན་པས་བློ་མི་བདེ་ཁྱོག་གེ་འདུག ཅིས་ལན་གཟིགས་པས་དེས་ལན་པར་གོ །རྒྱང་དུ་འཕངས་ནས་བདེ་ཆམ་སོང་། ཕངས་པ་མི་འདུག་པས་བླངས་ནས་དབྱུག་པའི་རྩེ་ལ་བཏགས་ནས་མི་དང་ཕྲད་པའི་ཚེེ་གསེར་འདི་ན་བྱས་པས། ཁྱོད་ཀྱི་དེ་རུ་གསེར་འོང་ཟེར་ཞིང་། མིག་ཀྱང་མི་ལྟ་བར་འདུག ཆོམ་རྐུན་པས་འཇིགས་ནས་མཚན་མོ་ཕྱིན་པས་ཐུགས་འཚུབ་པར་བྱུང་། བར་ཆད་འོང་བར་འདུག་ཟེར་ཞིང་ཕྱིན་པས་གཡང་ལ་ལྷུང་ནས་ཚེམས་ཐམས་ཅད་ཆག་ཟུག་དཔག་ཏུ་མེད་པ་བྱུང་། དེར་ཞིང་སྐྱོང་གི་ཌཱ་ཀི་འགའ་བྱོན་ནས། ཆུ་སེར་འདོན་པ་དང་དངས་མ་བསྡུད་པའི་འཁྲུལ་འཁོར་གནང་ནས་སོས་དེ་དཔོན་སྲིན་པོ་བསྡོང་ཡུལ་གཉན་པོ་དེ་ལ་ཚིག་རྩུབ་སྨྲས་པ་དེས་ལན་འདུག་གསུང་། གཞན་ཡང་ལམ་གྱི་མི་མ་ཡིན་གྱི་བར་ཆད་རྣམས་ཏིང་ངེ་འཛིན་གྱིས་ཟིལ་གྱིས་གནན་ནས་གསོལ་བ་འདེབས་ཀྱིན་བྱོན། ནམ་མཁར་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་གཟིགས། སྐུའི་གཟི་མདངས་འབར། སྤྱན་གྱི་ལྟ་སྟངས་སྟོད་ནས། ད་ནི་ཚེ་འདི་བློས་གཏོང་། ཕྱག་རྒྱ་ཆེན་པོའི་རྩལ་སྦྱོང་། བདེ་སྡུག་གི་སྣང་བ་རོ་སྙོམས་བྱེད། ཚེ་འདིར་སངས་རྒྱས་ཅི་གྲུབ་བྱེད་གསུང་ནས་བྱོན་པས་ཉི་མ་གཅིག་ལ་ཟླ་ཕྱེད་ཀྱི་ལམ་ཆོད་པ་བྱུང་གསུང་། དཔལ་ཡེ་ལ་བུད་མེད་ནམ་མཁའི་མདོག་ཅན་ནམ་མཁར་འགྲོ་བ་མང་པོའི་ནང་ནས་གཉིས་ཀྱིས་ལག་པ་ནས་ཁྲིད་པའི་སྣང་བ་བྱུང་། སྣང་བ་གཏད་མེད་ལ་སོང་ཙམ་ན་ལམ་ཐུག་མེད་གཅིག་ཆོད། རྐང་འགྱེགས་ཐོབ་པའི་གྲགས་པ་བྱུང་གསུང་། ལམ་དུ་སློང་དུ་ཕྱིན་པའི་སར་མུ་སྟེགས་བྱེད། དཀྱིལ་འཁོར་གྱི་ཕྱོགས་སུ་ར་རོག་བཞི་མཆོད་པ་བྱེད་པ་གཅིག་དུ་ཚུད་ནས་བསོད་པར་སྒྲོས་པ་ལ་རྟེན་འབྲེལ་མཛད་པས་ཟློགས། སོག་པོ་ཤི་སྐྱིད་དང་ཕྲད་པ་ལ་སྐུད་པ་གཅིག་ལ་མདུད་པ་བདུན་མཛད་པའི་སྣ་མོ་གཉིས་ནས་ཐེན་པས་ཁ་ཁྱེད་ཆེ་ལུས། དེ་ནས་ཁ་ཆེའི་ཆུ་བཞུག་ཙན་དན་བྷ་གའི་འགྲམ། ཨིནྟྲ་ནི་ཞེས་པའི་གྲོང་། ཤར་ཕྱོགས་ན་རྒྱ་སྐགས་ཀྱི་ཚལ་ཡོད་པར་སླེབ། ནུབ་གཅིག་བུད་མེད་གཅིག་གིས་མཚོན་མང་པོ་སྒྲེ་བར་བཅུག་འཇོག་པ་རྨིས། ནང་པར་སོག་པོ་རྟ་པ་བཞི་བྱུང་ནས་བརྡུངས། ཐུགས་ངར་བསྐྱེད་ནས་བརཏལ་ཤུགས་བཙོངས་པས། སྒོམ་ཐག་གིས་མགུར་བསྒགས་ནས་ཕྱེད་སྐད་ཅིག་ཁྲིད། བྲང་རྟོག་པས་བརྡུངས། དེ་དུས་སྣང་བ་དམར་ཐིང་ལ་ཅི་ཡང་མི་མཐོང་བར་སོང་། རླུང་སེམས་ཨ་ཐུང་ལ་བསྡུས་པས། དབུས་མར་ཚུད་ནས་མི་རྟོག་པར་སོང་། དཔལ་ཡེ་ན་རེ། ཁྱེད་མིག་སྔོ་ལྡིང་ངེ་བྱས་ཤི་འདུག་སྙམ་ཟེར། དེ་ནས་ཐུགས་འུར་གསུང་མང་པོ་བྱོན། ལྟ་སྟངས་ཀྱིས་གཟིར་ཅིང་ཟིལ་གྱིས་མནན་པས། སོག་པོ་དེ་ཁ་ཞོམ་སོང་ནས་འདར་ལྷོད་ལྷོད་འདུག་གསུང་། མདོར་ན། ཡར་མར་གྱི་ལམ་དུ་བརྡུང་བརྟག་བདུན་བཅུ་རྩ་གཅིག་མྱོང་། ཁྱད་པར་བུད་མེད་ཀྱིས་བརྡུངས་པ་མང་གསུང་དེ་ནས་ཞག་ལྔ་ན་ན་ཧུ་གྲིའི་ཚ་གར་སླེབ། དེ་ནས་ཞག་གཅིག་ཕྱིན་པ་ན་བྷ་ཏྲོ་ལ་དང་། དེ་ནས་ཉིན་གཅིག་གིས་མ་ལ་ཀོ་ཏྲེར་སླེབ་མུ་སྟེགས་འབྱུང་བའི་སྒོ་ཡིན། རྩི་པོ་ཆེ་མང་པོ་སྐྱེ། དེ་ནས་དེ་བུ་ཛྷྱི་ཏ་བྷིར་ཟེར་བ་ལ་བླངས་ན་ཁ་ཟས་དང་གོས་སྟེར་བར་འདུག །དེ་ན་རྒྱལ་བུ་ཧུ་ལ་ཧུ་གཙུག་ལག་ཁང་བཞེངས་ཤིང་འདུག །དེ་ནས་ནུབ་བྱང་དུ་ཞག་ལྔ་སོང་བ་ན་དྷུ་ཀ་ལ་བྱ་བ་སྣང་དེ་ནས་ཞག་བཞིས་རཱ་ཛཱ་ཧུར་དུ་སླེབ་སྟེ་ཨུ་རྒྱན་དུ་འཇུག་པ་ལ། ནི་ལི་པ། པུར་ཤྭ་ར། ཀ་ཧེཀ་བྱ་བ་དང་སྒོ་བཞི་ཡོད་པའི་གཅིག་ཡིན་ནོ། །གྲོང་ཁྱེར་དེར་བསོད་སྙོམས་མཛད་པའི་འབྲས་ཆེན་གྲོག་མ་དང་འབུ་གཞན་དུ་སོང་ནས་གསོལ་དུ་མ་བཏུབ། དེའི་ནུབ་ཕྱོགས་ན་ཆུ་བོ་སིནྷུ་འབབ་པའི་རྩར་སླེབ་དུ་ཉེ་བའི་སར་མཉེལ་མཛད་དེ་གཟིམས་བཞུགས་པས། དཔལ་ཡེ་ན་རེ་སློབ་དཔོན་རྗེ་བཙུན་བཞེངས་དང་། ནམ་མཁའི་ནས་ཆུ་ཡ་གི་ཙམ་བྱུང་ཟེར། བལྟས་པས་གཙང་པོ་ནམ་མཁའ་ལ་འགྲོ་ཡིན་སྣང་། གནམ་ས་བླ་ལོག་འགྱུར་ཏེ། སོག་པོའི་རྟ་པ་ཀུན་ཡང་སྤྱི་ཚུགས་སུ་གླུ་ལེན་ཅིང་འགྲོ་བར་མཐོང་། མིག་ཡང་མི་གསལ། གོམ་པ་ཡང་འཁྱེར་ནས་གཅིག་ལ་གཅིག་རྟེན་ཅིང་རཱ་ཛཱ་ཧུར་དུ་ལོག་ཕྱིན། གཞན་གྱིས་བཙོངས་དོགས་པས་གྲོང་མཐའི་ཕག་ཚང་གཅིག་དུ་བཞུགས། དཔལ་ཡེ་ལ་གཡས་སུ་རྟ་པ་མང་པོ་རྒྱུག གཡོན་ནས་མར་བུད་མེད་མང་པོ་ཤོན་བརྩེ་བའི་སྣང་བ་བྱུང་བ་ལ། རོ་རྐྱང་གཉིས་སུ་རླུང་ཤོར་བའི་སྣང་བ་ཡིན་གསུང་ནས་ལུས་གནད་གཅིག་བཅོས་པས་ཕན། གཞན་ཡང་མཐོང་སྣང་དཔག་ཏུ་མེད་པ་བྱུང་། དེ་དུས་གཉིས་ཀའི་ཞལ་ནས་རྣག་ཁྲག་འདྲེས་པ་སྙིམ་རེ་ཙམ་སྐྱུགས་ཏེ་རྩ་ནང་གི་ནད་དག་པར་འདུག་གསུང་། ནང་པར་བསོད་སྙོམས་ཀྱང་མ་ནུས་ཏེ་གཅིག་ལ་གཅིག་མཇུས་ནས་གྲུ་གར་བྱོན། གཉན་པ་ལ་སྒྲོལ་བྱས་པས། ཕར་གར་ཁྱོད་ཧོར་དུ་འདུག་ཟེར་ནས་བསོད་ཟེར། མི་འཇིགས་ཀྱིས་སྒྲོལ་བྱས་པས་བསྒྲལ། ཕར་ཁར་སླེབ་ཙམ་གྱིས་བདེའོ། །དེ་ཕན་ཆད་ཨུ་རྒྱན་གྱི་ས་ཆ་ཡིན་ཏེ། གྲོང་ཁྱེར་ཁྲི་ཕྲག་དགུ་ཡོད་པར་གྲགས། འོན་ཀྱང་དེ་རང་ན་དྷུ་མ་ཐ་ལ་མ་གཏོགས་པ་ལ་ཨུ་རྒྱན་མིི་ཟེར་གསུང་། དེ་དུས་ཡུལ་དེ་ཧོར་གྱིས་བཅོམ་མ་ཐོག་ཏུ་འདུག་པས། ཆུ་བོ་དེ་དང་ཉེ་བའི་གྲོང་ཁྱེར་ཀ་ལ་པུར་བྱ་བར་སྲོད་འགྲོས་བྱས་ནས་ཕྱིན་པས། སྟག་གཟིགས་གི་ཉུལ་མ་བྱུང་ཟེར་ནས་རྡོ་ཆར་ཕབ། ཤིང་སྡོང་གི་ཕག་ཏུ་བྲོས་ནས་ཡིབ་པས་ནང་དུ་ལོག་སོང་། ཆར་ཆེན་པོ་ཡང་བབ། ཁྱིས་ཡང་མི་ཚོར་བར་འདུག་པས་བྲང་ཁ་ན་ཡར་བྲོས་ཕྱིན། ནང་པར་ལམ་དུ། སྟག་གཟིག་ལ་བྲོས་པའི་གཟའ་མི་གསུམ་བ་གླང་སོགས་དེད་པ་གཅིག་དང་ཕྲད། དེ་ས་ལ་བེད་ཀྱི་ཛྲོ་ཀི་ཨུ་རྒྱན་སྐོར་དུ་འགྲོ་བ་ཡིན་ཀྱིས་ཀ་ཧེཀ་སིནྷུ་ར་འབྱུང་བའི་གནས་དང་། དེ་ནས་གསུམ་གྱི་ཁ་རག་དུ་ཁྱེད་ལ་འབབས་སོ་བྱས་པས། དྷུ་མ་ཐ་ལའི་གྲོང་ཁྱེར་མཆོག་གི་བར་དུ་ཐུབ་ཀྱི་ཟེར་ནས་ཁས་བླངས་སོ། །དེ་ནས་ཉི་མ་གཉིས་ཀྱིས། ཀ་ཧོཀ་སིནྷུ་ར་འབྱུང་བའི་གནས་དང་། དེ་ནས་གསུམ་གྱིས་ཁ་རག་ཁར་དུ་སླེབ་གྲོང་ཁྱེར་དེའི་ཤར་ན་ཨི་ལོ་པར་པ་ཏ་ཞེས་བྱ་བའི་གྲུབ་པའི་རི་བོ་ཡོད་དེ། དེ་ལས་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་མང་དུ་བཞུགས། ཁྱད་པར་དུ་སྐལ་བ་དང་ལྡན་པ་རྗེས་སུ་འཛིན་པ་སྤྲུལ་པ་སྣ་ཚོགས་མཛད་པ་ཅིག་ཡོད་ཟེར། རི་དེ་གཞལ་ཡས་ཁང་དུ་ཡོད་པའི་ནང་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཞུགས་པ་ལ། ཡེ་ཤེས་ཀྱི་ཌཱ་ཀི་དཔག་ཏུ་མེད་པ་འདུས་ནས་ཚོགས་དང་མཆོད་པ་མཛད་ཅིང་འདུག དེའི་སྒོར་རྣལ་འབྱོར་པ་དམར་པོ་ཉི་མའི་འོད་ཟེར་ལྟ་བུ་གཅིག་ཡོད་པ་གཅིག་གིས་བསྲུང་ཞིང་འདུག །གསང་བདག་གི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན་ལ་ནང་གི་གསང་སྔགས་ཀྱི་གཏེར་བལྟ་དགོས་པས་ཟིལ་གྱིས་མ་ནོན་གསུང་། དེ་ནས་ཉི་མ་ཕྱེད་གཉིས་ཀྱིས་ར་ཧི་ཁར་སླེབ། དེ་རྒྱལ་པོ་ཨིནྟྲ་བོ་དྷིའི་ཁབ་ཀྱི་ཤོལ་ཡིན་ཟེར། སོ་ཕག་གི་ཕུང་པོ་འདུག་པ་གཟིགས་ཙམ་ན་ངའི་ཡིན་སྙམ་པ་དང་། གཞན་གྱིས་བརྙས་པ་བྱེད་དུ་བྱུང་བ་ལའང་ས་ཆ་འདི་པ་ང་ཡི་ཡིན་ཏེ་སྙམ་པ་བྱུང་། དེའི་བྱང་ཕྱོགས་མཾ་གྷ་ལ་ཧོར་བྱ་བའི་གཙུག་ལག་ཁང་ཡོད་པ་ཡིན་ཟེར་བ་རྒྱང་ནས་མཐོང་། ར་ཧིཀའི་རྩ་ན་ཆུ་བྲན་ལྷོར་འབབ་པ་གཅིག་རྒལ་བའི་བྲག་སྣ་གཅིག་ལ། སློབ་དཔོན་ལཱ་བ་པའི་དགོན་པ་ཡོད། དེའི་སྟེང་ན་ཌཱ་ཀི་མས་རྡོའི་སེར་བ་ཕབ་པ་ལ། ཧཱུྃ་ཞེས་སྡིག་འཛུབ་གཏད་པས་རེངས་ནས་ནམ་མཁར་ཆགས་པ་ཡིན་ཟེར་བ་སྦྲ་ཙམ་གཅིག་འདུག ཡུལ་དེ་ཀུན་གྱི་བུད་མེད་དེ་རྣམས་ཀྱིས་སྟག་གཟིག་དང་ལྕེ་སྤྱང་ལ་སོགས་པར་སྤྲུལ་ཤེས་ཤིང་འདུག ཐ་མལ་གྱི་རྟོག་པ་ཁེམས་པ་རེ་བྱུང་ཙ་ན། ཕྲ་མེན་ཤ་ཟའི་མཁའ་འགྲོ་རྣམས་རོང་སླེབ་ནས་ཟ་བ་ཡིན་ཟེར་བར་སྣང་། གསང་བདག་གི་ཏིང་ངེ་འཛིན་གསལ་བཏབ་ནས་ཁྱེད་དངོས་ཟའམ་བྱས་ཙ་ན་མིག་ཞེལ་འགྲོ་ཡིན་གདའ། བུད་མེད་གཅིག་གིས་ཁྱོད་ཨིནྟྲ་བོ་དྷི་ཡིན་ཟེར་བ་བྱུང་གསུང་། ཡུལ་དེ་ནས་ཉི་མ་ཕྱེད་ཀྱིས། གནས་དངོས་དྷུ་མ་ཐ་ལར་སླེབ། མི་ཁྱིམ་ལྔ་བརྒྱ་ཙམ་འདུག གྲོང་ཁྱེར་དེ་གཟིགས་པ་ཙམ་གྱིས་ཐུགས་རྩིས་མེད་དུ་སོང་། དེ་ན་གནས་པའི་མི་ཐམས་ཅད་ཐ་མལ་པ་དང་མི་འདྲ་བར་རིགས་ལྔའི་ཁ་དོག་དུ་སྣང་བ། བུད་མེད་ཐམས་ཅད་ཀྱིས་སྤྲུལ་སྒྱུར་ཤེས་པ། བརྡ་དང་བརྡའི་ལན་འདེབས་པ། ནུས་པ་ཐོགས་མེད་དུ་སྟོན་པ། འདོད་ཡོན་ལ་མིག་སེར་དག་པ་འདུག ཐོག་མར་ཕེབས་པའི་ནུབ་མོ། ཤར་ཕྱོགས་ན་མ་ག་ལ་རྡོ་ཝི་ཅེས་པའི་ལྷ་ཁང་ཆུང་ངུ་ན། ཙནྡན་ལས་རང་བྱོན་གྱི་རྗེ་བཙུན་མ་བཞུགས་པ་འདུག་པའི་དྲུང་དུ་ཉལ། གྲོང་ཁྱེར་གྱི་བུད་མེད་རྣལ་འབྱོར་མ་དངོས། དེ་ཤེས་དཀའ་བས་ཐམས་ཅད་ལ་བླངས་ནང་གཅིག་གིས་དངོས་སྒྲུབ་སྟེར་ཟེར་བ་ཐོས་ནས། ནང་པར། པྲང་ཁ་གསུམ་འདུག་པའི་བྱང་ཕྱོགས་ལ་དཔལ་ཡེ། ལྷོ་ཕྱོགས་ལ་ཁོང་གི་སློང་དུ་བྱོན་པས། རྣལ་འབྱོར་མ་དུ་མས་མདུན་བསུས་ནས་མེ་ཏོག་གཏོར། སིནྷུ་རའི་ཏྲིཀྐ་འདེབས། ལུས་ངག་གི་བརྡ་སྟོན་ཅིང་བསྙེན་བཀུར་བར་མཛད། གྲོགས་པོ་ལ་དེ་ལས་ཟློག་པར་བྱས་འདུག་པ་སྐྱབས་དགོས་པ་བྱུང་སྐད། ཡང་ཉིན་ཅིག་འཚོ་བ་བླང་ནས་ཨ་ན་དྷ་ཀོ་ཅེས་པའི་ཕྱོགས་ཀྱི་སྒང་གཅིག་ལ་སྡད་པའི་ཚེ་ན་ཆུང་མ་སྤྱན་གསུམ་ཡོད་པ་དང་། དཔྲལ་བར་རང་འབྱུང་གི་མཚལ་གྱི་དགའ་བ་འཁྱིལ་པའི་ཤ་མཚན་ཡོད་པ་དང་ཕྲད། སུ་ཡིན་དྲིས་པས་རང་བྱུང་གི་རྣལ་འབྱོར་མའོ་ཟེར། བླ་མ་དང་ཆོས་ལ་སོགས་པ་དྲིས་པས་ཀྱང་ང་རང་ངོ་ཟེར། སོག་པོ་ཚོང་པ་གཅིག་གིས་ཁྱོད་རྣལ་འབྱོར་མ་ཡིན་ན་ངའི་ཡུལ་ནས་སྤྱད་པ་གཅིག་ལོང་དང་ཟེར་བས། སྐད་གཅིག་དེ་ལ་གཏོར་ཞྭ། མདའ་གཞུ་གསུམ་གཏད་པས་དད་འདུག དེ་རྣལ་འབྱོར་མར་ཤེས་ནས་བླངས་པས་ཟས་སྣ་མང་པོ་སྦྱར་ནས་བྱིན། ཟོས་པས་ཏིང་ངེ་འཛིན་དུ་ཆམ་སོང་ནས། ཐུགས་དམ་དང་། ཕྱག་རྒྱ་ཆེན་པོའི་རྟོགས་པ་ལ་བོགས་ཆེན་པོ་ཐོན། ཆོས་ཞུས་པས་ཁྱེད་འདོད་པ་ཀཱ་ཀ་མར་འབྱུང་ངོ་ཟེར་རོ། །བུད་མེད་དེ་ཕ་རྒྱལ་པོའི་བཙུན་མོར་འདུག་གསུང་ངོ་། །གྲོང་ཁྱེར་གྱི་ཕྱོགས་བཞི་ན་སོ་ནི། ན་ཀུ་རི། མ་ཏམ་གེ །ཏ་པ་སི་ནི། ཞེས་པའི་ཛྲོ་ཀི་ཆེན་པོ་བཞི་འདུག་པ་ལ་ཏིང་ངེ་འཛིན་གྱི་མཆོད་པ་ཡུལ་ནས་གསོལ་བ་བཏབ་པས་ལྟས་མང་པོ་བྱུང་ངོ་། །དེ་ནས་ཀ་ཀ་ལའི་གྲོང་དུ་བླངས་པས། ས་མུནྟྲ་པུ་ཁ་ཟེར་བའི་སྨད་འཚོང་མ་ཅིག་གིས་ཚོད་མ་ཕོར་གང་བྱིན་པ་ལ་བརྟེན་ནས། སྐད་གཅིག་མ་ལ། ས་གཡོས། ལུས་ཀྱི་གཉེར་ཁ་མི་འོང་། སྣང་བ་ཡམ་ཡོམ་ཤེས་པ་ཆད་ཆོད་དུ་སོང་། གྲོགས་སྐད་ཅིག་ལ་ལུས་མི་འདྲ་བ་བཅུ་དྲུག་བླངས་པ་ལ་སོགས་གནས་སྦྱོང་དཔག་ཏུ་མེད་པ་བྱུང་། དམྱལ་བ་ཡི་དྭགས་ཀྱི་ས་བོན་ནི་མི་འདུག ལྷ་མི་དུད་འགྲོའི་ཤས་ཆེ་བར་འདུག པུག་རོན་དུ་གྱུར་པ་ལ་ཁྲས་བཤུར་བས་འཇིགས་སྐྲག་དྲག་པོ་བྱུང་། ཤེས་པ་ཟ་ཡ་རུ་སོང་། རིག་པ་ངོས་བཟུང་དུ་མི་བཏུབ་པ་དེ་བས་ཐུ་བ་མ་བྱུང་གསུང་། གཞན་ཡང་སྣང་བ་ལ་འདི་མ་བྱུང་བྱ་བ་མེད། ཀུན་བཞི་ལ་བག་ཆགས་ཡོད་ཚད་འཆར་དགོས་པར་འདུག །མི་འཆར་བ་སུས་ཀྱང་མི་ཐུབ་པར་འདུག་ཤར་ཚད་སྒོམ་དུ་ཤེས་དགོས་པར་འདུག །སྒོམ་དུ་ཤར་བ་དེ་མེད་ན་སྨྱོན་པའམ་གེགས་ཡོང་བ་ལ་ཚེགས་མི་འདུག་གསུང་། དེའི་རྗེས་ལ་རིག་པ་གསལ་ཞིང་དངས་པ། ངོས་བཟུང་ཐམས་ཅད་དང་བྲལ་བ། སྣང་བ་འདི་ལ་ཀྱག་གཏད་སྤུ་ཙམ་གཅིག་ཀྱང་མེད་པར་སོང་། ཕྱི་རོལ་གྱི་ཡུལ་སྣང་དང་། ནང་གི་རྩ་རླུང་ཐམས་ཅད་ཤེས་པ་སྐད་ཅིག་མའི་རང་གཟུགས་སུ་ཀྲོང་སོང་། རང་གི་ལུས་སྤྲུག་པ་ལྟར་སྣོད་ཀྱི་འབྱུང་བས་ཀྱང་ཚུགས་མི་ཐུབ་པར་འཕར་ཞིང་འཕྲིག །གཡོ་ཞིང་ལྡོག་ཕྱོགས་ཐམས་ཅད་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་ཤིག་ཤིག་འདུག ནང་ལུས་ཀྱི་རྩ་རླུང་གི་གནས་ཚུལ་སྐྱོན་ཡོན་སྐྱེད་མི་སྐྱེད། འདི་ལས་འདི་འགྱུར་གྱི་གསང་ཆེན་གྱི་རྟེན་འབྲེལ་གྱི་གནད་རྣམས་གཟིགས་སྟེ། དེ་དུས་ས་ཐོབ་པའི་ཡོན་ཏན་བཤད་ཚོད་ཆ་མཐུན་སྐྱེས་འདུག་གསུང་། དེའི་རྒྱུ་མཚན་ཡང་། རྣམ་སྨིན་གྱི་ལུས་ལ་བག་ཆགས་ལ་བརྟེན་པའི་རྩ་གྲུབ། དེར་རླུང་རྒྱུས། རླུང་གིས་དྲངས་ནས་བྱང་ཆུབ་ཀྱི་སེམས་དབུ་མར་སོང་བས་བག་ཆགས་ཀྱི་རྣམ་རྟོག་སྐད་ཅིག་མ་ཤར་བ་དེའི་བདེན་འཛིན་ཞིག་པས་རླུང་ཞི། དངས་མ་རང་གནས་སུ་བརྟན། རྩ་མདུད་ཞིག་པ་ལས་ཡིན་ཏེ། ནང་དུ་དུས་རྩ་ལྔ་སྲེག་གཟུགས་གཟིགས། འཛག་མེད་དང་པོ་ཐོབ། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས། ཕྱི་ནང་གཞན་གསུམ་གྱི་གནད་ཐམས་ཅད་དུས་གཅིག་ལ་ཤར་ནས་མ་བདེ་བའི་སྒྲོ་འདོགས་ཆོད། དེ་དུས་བཅོམ་ལྡན་འདས་རྣལ་འབྱོར་མ་སིནྷུ་རའི་མདོག་ལྟར་དངས་བ། གཟི་བརྗིད་ཉི་མའི་སྙིང་པོ་བས་ལྷག་པ་དང་མཇལ། རྡོ་རྗེ་ཐེག་པའི་ཁྱད་ཆོས་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་བདུད་རྩི་ལྟ་བུ་སྣང་། གསང་སྔགས་བླ་ན་མེད་པའི་དགོངས་པ་མ་ལུས་པར་ཐུགས་སུ་ཆུད་དེ། ད་ངའི་ལུས་འདི་ཟག་པ་མེད་པ་རྡོ་རྗེའི་ལུས་སུ་སོང་འདུག་གསུང་། ཕྱག་འཚལ་དེ་ཐུགས་ལ་དཔལ་ཡེ་ལའང་དངོས་གྲུབ་ཀྱི་རྫས་དེ་ཞུས་ལ་སྦྱིན་དུ་གཞུག་སྙམ་ནས་སྦྲན་ཀྱང་གཞན་གྱིས་གེགས་བྱས་པས་དངོས་གྲུབ་ཀྱི་རྫས་མ་ཐོབ། རིགས་དྲུག་གི་གནས་སྦྱོང་བྱུང་། ཡིད་དམ་དང་དཔའ་བོ་ཌཱ་ཀི་དུ་མའི་ཞལ་གཟིགས། འདོད་པ་རྩ་བ་ནས་ཟད་པའི་རྣལ་འབྱོར་པ་གཅིག་ཡིན་གསུང་། དེ་ནས་དྷུ་མ་ཐཱ་ལའི་ནུབ་ན། ཀ་མ་དྷ་ཀོའི་གངས་རྣལ་འབྱོར་མའི་ཕྲེང་ཡིན་ཟེར་བ་ནས། ཀོ་ཏམ་བྷ་རའི་ཆུ་དེ་འབབ། དེ་ལ་འཐུངས་པས་ཏིང་ངེ་འཛིན་སྐྱེ་སྐད། གངས་དེའི་ནང་ན་གྲུབ་པའི་གནས་ཀ་མ་ཀ་དྷ་གུ་པའི་ནང་ན་ཁྲོ་བོ་མཐིང་ནག་རྒྱན་དྲུག་གིས་བཏབ་པ། གྲི་གུག་ཐོད་པ་འཛིན་པ། སྤྱན་གསུམ་ཉི་མའི་འོད་ཟེར་ལྟར་མི་བཟོད་པར་འབར་བ། ཟིལ་ཆེ་བ་གཅིག་འདུག་སྟེ་དཔལ་བདེ་མཆོག་རང་ཡིན་པ་འདྲ་གསུང་། གྲོང་ཁྱེར་དེའི་ཤར་ན་ཀ་བིར་སྨ་ཤ་ན་བྱ་བ་དུར་ཁྲོད་བརྒྱད་ཀྱི་ཡ་བ་གཅིག་ཡིན་ཟེར་བ་འཇིགས་སུ་རུང་ཞིང་སྐྱི་བུང་བྱེད་པ་ཡོད། དེའི་བྱང་ན་ཤིང་བརྒྱད་ཀྱི་ཡ་བ་ཡིན་ཟེར་བ་ཨ་ཤྭ་བྷྲི་ཀྵ་བྱ་བ་དང་། དེའི་དྲུང་ན་ཀ་པ་ལ་བྷོ་བྷྱོན་བྱ་བའི་རྡོ་ལ་ཚངས་པ། ཁྱབ་འཇུག །དབང་ཕྱུག །རང་བྱུང་དུ་ཡོད་པ་དང་། ལྷོ་ན་དྷུ་མུ་ཁུ་ཅེས་པ་ཞིང་སྐྱོང་རྡོ་ལས་རང་བྱུང་པ་དང་། དེ་ན་ཡམ་གྷ་ལ་བྷྲིཀྵ་ཅེས་པ་ཏ་ལའི་སྡོང་པོ་གཅིག་རྣམས་འདུགཤིང་དེའི་རྩ་བ་ནས་མ་གྷ་ལ་ནིའི་ཆུ་མིག་ལྷོར་འབབ། དེའི་ཤར་ན་ཤྲི་པར་པ་ཏ་ཅེས་པ་སེང་ལྡེང་སྐྱེས་པའི་རི་མི་ཆེ་བ་གཅིག་ཡོད། རི་དེའི་ནུབ་སྣ་དང་མངྒ་ལ་ནའི་ཆུ་བཞུག་འཛོམ་པ་ན། མུལ་པ་ཝིཀྟྲ་ཞེས་པ་ས་གྲུ་གསུམ་གཅིག་འདུག །དེ་ན་སྔོན་མངྒ་ལ་དྷེ་ཝིའི་ཙནྡན་ལས་རང་བྱོན་གྱི་སྐུ་དེ་བཞུགས་པ་ཡིན་ཟེར། ཕྱིས་ཧོར་དམག་གིས་བསྲེགས་པས་གྲོང་ཁྱེར་མཆོག་གི་ཤར་ན་བཞུགས་པ་ཡིན་སྐད། ལྷ་ཁང་དེ་ན་རྣལ་འབྱོར་མ་མང་པོ་འདུས་ནས་མཆོད་པ་རྣམ་པ་མང་པོ་བྱེད་ཅིང་འདུག་པ་ལ། ཀི་ལི་དང་ཙཱི་ལཱི་སྒྲ་སྒྲོག་ཅིང་འདུག །དེར་ནུས་པ་དང་མི་ལྡན་པ་སྤ་སྐོང་ཞིང་སྐལ་པ་དང་ལྡན་ལ་རྗེས་སུ་འཛིན་པ་ཡིན་གསུང་། དེ་རྣམས་ཀྱི་ཞས་ན་བདེ་མོ་ཤམ་བུ་ཅན་དང་། སྒོམ་མ་སླེའུ་ཐུལ་གོན་པ་འགའ་རེ་འདུག་པ་རྣམས་ལ་སྔོན་ལ་དམ་ཚིག་གི་རྫས་སྟབ་ཅིང་འདུག །ལ་ལས། ད་ནང་རྡོ་རྗེ་གླིང་ནས་འོང་བྱ་བ་དང་། ལ་ལ་སྔ་དྲོ་དེར་ཆོས་ཉན་དུ་ཕྱིན་ནས་སླེབ་པ་ཡིན་ཟེར་ནས། རྒྱལ་བ་རྒོད་ཚང་པ་དི་རིང་འདི་གསུང་གི་ཆོས་ཀྱི་ཚིག་ཁྱེར་འོང་གིན་འདུག །ཨུ་རྒྱན་དེ་སྤྲུལ་པའི་གནས་གཅིག་རང་ཡོད། དེ་རུ་བསྡད་ནས་ཟླ་བ་གསུམ་ལོན་ཚུན་ཆད། གཞན་གྱིས་ཕུད་མཆོད་བྱས་པའང་ཕ་རུ་སིབ་སིབ་འོང་གིན་འདུག་གསུང་། ཨུ་རྒྱན་གྱི་སྒོ་ན་ཨིནྟྲ་བོ་དྷིས་བཞེངས་པའི་གཞལ་ཡས་ཁང་འདུག །དེ་མཐོང་ན་བསྒོམ་བྱའི་སྐབས་ཀྱི་དཀྱིལ་འཁོར་ཀུན་གྱི་རྣམ་པ་གསལ་པོ་ཤེས་པ་ལ་ཕན་པར་འདུག་གསུང་། དེར་ཞག་འགའ་གཟིམས་པས། མཁའ་འགྲོའི་ལྟས་དང་རོལ་མོའི་སྒྲ་ལས་ཐེག་པས་སྣ་ཚོགས་ཀྱི་ཆོས་ཀྱི་སྒྲ་སྟོན་པར་འདུག་གསུང་། ཨུ་རྒྱན་གྱི་ནང་དུ་ཚུད་ནས་འདི་ཕན་ཆད་ཟླ་བ་ལྔ་སོང་དེ་ནས་སྔར་རྗེས་སུ་འཛིན་པའི་རྣལ་འབྱོར་མའི་ཞལ་ནས། སྤྱིར་གདམས་པ་འདི་ལོ་བཅུ་གཉིས་སུ་མ་བསྟན། ལོ་གསུམ་གཉིས་ཀྱི་བར་གཞན་དོན་མ་རྩོམ། དེ་ནས་རྩོལ་མེད་དུ་འཕྲིན་ལས་འགྲུབ། ཁྱད་པར་དྲག་པོའི་ལས་འགྲུབ། ལོ་དགུ་བཅུ་རྩ་དྲུག་ཐུབ། རྡོ་རེག་པ་མེད་པའི་འོག་ཏུ་སྒོམ་ན་དངོས་གྲུབ་བརྒྱད་ཅུ་དང་ནུས་པ་མཉམ་པར་འགྱུར་གསུང་། དེ་ནི་རྣལ་འབྱོར་མ་དངོས་ཀྱི་སྤྲུལ་པ། སྔར་ལམ་དུ་བར་ཆད་བསྲུང་བ་དང་། དུས་ཕྱིས་ཀྱང་རྒྱ་བོད་དུ་བར་ཆད་འབྱུང་བ་དང་། གདམས་པ་བརྗེད་པ་ལ་སོགས་པའི་དུས་སུ་གསོལ་བ་བཏབ་པའི་ཚེ་རྗེ་བཙུན་མ་དངོས་སུ་བྱོན་པའང་དེའི་ནུས་པར་འདུག་གསུང་། སླར་ཡང་ལ་བ་ཕུག་ཏུ་ཆུ་གསོལ་ཞིང་བཞུགས་པར་དགོངས་སྟེ། ཧོར་གྱིས་བསད་པའི་མི་རུས་ལ་སོགས་བསྡུས་ནས་ཏིང་ངེ་འཛིན་བསྒོམས་པས། ཨུ་རྒྱན་ནི་གྲོང་ཁྱེར་ལཱོ་པ་ཞེས་པར་སྐྱེས་ནས་ཁྱིམ་བཟུང་བ་དྲན། སྲས་གཉིས་ཡོད་པའི་གཅིག་རྟ་ནག་པ་ཡིན་པར་འདུག་གསུང་། དེ་དུས། དཔལ་ཡེ་ན་རེ། ད་ནི་ཡིད་ཆེས་པས་བོད་དུ་འདེང་ཟེར་བ་ལ། ས་ཐག་རིང་པོ་ནས་ལུས་སྲོག་ལ་མ་བལྟས་པར་གནས་ཆེན་བསྙགས། བསྙག་རིང་ཡང་ཆོག་པར་བྱུང་བ་ཡིན། ད་ནི་རབ་ཐོད་པ་འདི་རུ་འབོར། དེ་མིན་ཡང་ལོ་གསུམ་ཙམ་སྡོད་པ་ཡིན་བྱས་པས། ཉིད་མི་གཤེགས་ཀྱང་སུ་རིག་ཐུག་སྐྱོལ། དེ་མིན་ནའང་རཱ་ཛ་ཧུར་ཐུག་མི་སྐྱེལ་བའི་ཤགས་ཡོད་དེ་ཟེར་ནས་མ་ཉན་པས་དེ་བར་དུ་སྐྱལ། ཁ་ཆེ་བར་གྲོ་བའི་ཚོང་པ་ལ་སྦྲགས་པས། སྐད་མི་ཤེས་པའི་མི་འདི་ཁྱོད་མེད་ན་འཆི་བ་མིན་པའི་ལམ་མེད་ཟེར། དགོངས་པ་མཛད་པས། བླ་མ་གཅིག་གིས་བསྡུས། གནས་ཆེན་ལ་སྡོངས་པའོ་གྲོགས་སུ་སྲོག་གི་བར་ཆད་དུ་སོང་ན་བདག་གིས་རིགས་པ་བྱས་པར་ཡང་མི་འགྱུར་རོ་སྙམ་དུ་དོགས་ནས། སླར་དུར་ཁྲོད་གཏུམ་དྲག་གི་སྒོ་ལ་བྱས་ནས། ར་མི་ཤྭ་ར་དང་ཉེ་བ་ནས་ལམ་བྱུང་སྟེ་ཁ་ཆེར་བྱོན། པཎྜྻི་ཏ་བྷུ་མི་ཤྲི་ལ་བདེ་མཆོག་ལ་སོགས་པ་ཞུས། དེ་ནས་ལ་གཅིག་ལ་བྱོན་པའི་ཚེ། སྒོམ་མ་སླེའུ་ཟླ་ཁམ་གྱོན་པ་མང་པོའི་ཁྲོད་ན། སྐྲ་ལོ་ཅན་མང་རབ་ཡོད་པ་འགྲོ་ཡི་སྣང་། དྲིས་པས་ཨུ་རྒྱན་ནས་འོངས། བོད་ཀྱི་སྦུད་ཏྲར་ཁྱེད་ཀྱི་འཕྲིན་ལས་ཀྱི་གྲོགས་ལ་འགྲོ་ཟེར་ནས་མི་སྣང་བར་གྱུར། དེ་ཙམ་ན་བདེ་སྡུག་གི་རྐྱེན་ཐོག་དུ་རོ་བསྙམས་ཤིང་བསྒོམས་པས། རྟོགས་པ་མཉམ་རྗེས་མེད་པར་འགྱུར། མངོན་པར་ཤེས་པ་ཐོགས་མེད་དུ་མངའ་བས། མངའ་རིས་ཀྱི་མར་ཡུལ་ནུབ་སྣར་ཕེབས་པའི་ཚེ། བླ་ཆེན་དེ་ཁྱིམ་གྱིས། ཨུ་རྒྱན་འཁོར་བའི་གྲུབ་ཐོབ་གཉིས་འདུག་ཟེར་བ་ཐོས་ནས་ཕོ་བྲང་དུ་གདན་དྲངས་པ་ལ། ན་བཟའ་ངན་པ་ཐུང་ངུ་ལས་མེད་པས། བཙུན་མོ་ཇོ་མོ་རྒྱལ་པོའི་བསམ་པ་ལ་བཙུན་པ་སྨྱོན་པ་འདྲ་བ་འདི་ཀུན་གྲུབ་པ་ཐོབ་བམ་དེ་ཅང་ཡིན་ནམ་སྙམ་པ་མཁྱེན་ནས། ང་ནི་མ་སྨྱོ་ཁྱོ་རང་སྨྱོ་བྱས་པས་སྐྲག་པར་གྱུར། བཙད་པོ་དེས་དགུན་གྲང་པ་ལ་རས་རྐྱང་གཅིག་ལས་མེད་ཀྱང་བདེ་དྲོད་ཀྱི་གཟི་བརྗིད་འབར་བ་དང་། སྐྱེམས་གསོལ་བ་བྱིན་གྱིས་བརླབས་པས་ཁོལ་བ་དང་། རྒོད་གཡག་དེད་པའི་རྟ་ལ་རེངས་པའི་ལྟ་སྟངས་མཛད་པས་མི་གཡོ་བར་གྱུར་པ་རྣམས་མཐོང་བས། ཤིན་ཏུ་དད་དེ་ནོར་ལོངས་སྤྱོད་དུ་མ་ཕུལ་ཡང་མ་བཞེད། ཁོང་རྒྱལ་སྲིད་སྤངས་ནས་ཆོས་བྱེད་ཟེར་བས། ང་ད་རུང་གདུལ་བྱ་མི་སྐྱོང་བས། ཆོས་རྗེའི་དྲུང་དུ་འགྲོ་གསུངས་པ་ལ། རྒྱལ་པོ་དེ་དགྱེས་སྟེ། རྟ་པ་བརྒྱ་ལྷག་པ་གཅིག་ཆས་པ་དང་སྡོངས་ནས་གསེར་ཁ་ལ་ཕྱིན་པའི་ནུབ་གཅིག་ཐུགས་ཉམས་ལ། ཆོས་རྗེ་དྷོ་ལི་ལ་བཏེག་པ་མཁའ་འགྲོ་མང་པོས་བསྐོར་ནས་བྱོན་པ་གཟིགས། སྤྱན་ཆབ་ཕྱུང་ཞིང་གསོལ་བ་བཏབ་པས། བླ་མ་ཡིད་བཞིན་ནོར་བུ་ལ། །ཞེན་མེད་མོས་གུས་ཀྱིས་གསོལ་བ་ཐོབ། །གདམས་ངག་ཡིད་བཞིན་ནོར་བུ་ལ། །ཞེན་མེད་ཡིད་ཆེས་ཀྱིས་ཉམས་སུ་ལོང་། རྟོགས་པ་ཡིད་བཞིན་ནོར་བུ་ལ། །ཞེན་མེད་རོ་མཉམ་དུ་ཡོན་ཏན་སྤེལ། །སྙིང་རྗེ་ཡིད་བཞིན་ནོར་བུ་ཡིས། །ཞེན་མེད་བརླབ་ཆེན་གྱི་གཞན་དོན་མཛོད། གསུང་ནས་གཤེགས། ཡང་ཐོ་རངས་ནམ་མཁའ་ལ། སྤྲུལ་པའི་འགྲོ་དོན་མཐའ་རུ་ཕྱུང་། །རྡོ་རྗེ་གླིང་དུ་འཕྲིན་ལས་བཏུལ། །ཡོངས་སུ་དག་པའི་གང་ཟག་ལ། །བཤགས་དང་བཞུགས་པ་ག་ལ་ཡོད། །ཅེས་པ་སྒྲ་གྲགས་ནས། ནང་པར་ཇོ་བོ་ལ་ཡར་ལྡོག་པ་འཐད་པར་གླེངས་པས་མ་ཉན། དེ་ནས་གཞན་ལས་སྐད་ཐོས་པས། ཇོ་བོ་ན་རེ། བླ་མ་འགྲོ་དོན་རན་པའི་དུས་སུ། བདག་རྒྱལ་སྲིད་དང་བཅས་པ་ཆོས་ལ་འཇུག །ལོ་གཅིག་ལ་དགེ་འདུན་སྟོང་ཕྲག་གཅིག་འཚོགས་པར་ཁས་ལེན་པས་ཡར་གཤེགས་པར་ཞུས་པས་མ་དགོངས། ཆོས་བྱེད་པར་དམིགས་པའི་རྫས་ཕུལ་བ་ཡང་མ་བཞེད་དོ། །བཙད་པོ་དེ་ཡང་རང་རྒྱུད་པ་གཅིག་མེད་དེ། གྲིབ་མི་ཚོར། མར་ལམ་ཆོས་དྲུག་བཏབ་པས་བདེ་དྲོད་ཀྱི་ཉམས་བཟང་པོ་སྐྱེས་གསུང་། དེ་ནས་ཕྱིས་ཕྲད་པར་སྨོན་ལམ་མཛད་དེ་ཁོང་ཡར་བློག་ནས་བྱོན། རྟ་རྒོད་གངས་སུ་གྲོགས་མཆེད་ཤཱཀྱ་རས་པ་བྱ་བས་བསྙེན་བཀུར་ནས་བཞུགས། གཉིད་འོད་གསལ་གྱི་ངང་ནས་ཆེ་ཆོས་སྐྱེ་བ་འཛིན་པ་གཟིགས། ནུབ་ཅིག་ལྦལ་པ་ནག་པོ་ཆེ་བ་གཅིག་ཞལ་དུ་ཞུགས། ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་མཛད་པས་འཐེན་ས་མ་རྙེད་འདུག །ཞབས་འཐིལ་དུ་ཞུགས། ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་མཛད་པས་མཐེན་ས་མ་རྙེད་འདུག །ཞབས་ཐིལ་དུ་རླུང་། པུས་མོར་མེ་གསལ་བཏབ་ནས། དེ་ཆུར་བཞུ་བས་ཞལ་ནས་ཐོན་སོང་། ལུས་ལ་ཞུགས་ཕན་ཆད་བསྐྱེད་རིམ་བསྒོམ་མི་བཏུབ་པར་འདུག་གསུང་། དེ་ནས་འབྱོན་པར་དགོངས་པ་ཤཱཀྱ་རས་པས། མཚོ་ད་རའི་མཚོ་སྨན་དང་། རྟ་རྒོད་ཀྱི་གཞི་བདག་ལ། ཨུ་རྒྱན་པ་མ་བཏང་གཅིག་གསུངས་པས། ཐུགས་སྣང་བུད་མེད་གཅིག་གིས་ཞབས་ལ་ལྕགས་སྒྲོག་འཇུག་དུ་བྱུང་། འོད་གསལ་གྱི་ངང་ནས་ཕྱག་ན་རྡོ་རྗེའི་སྐུར་ལངས། མཚོའི་མཐའ་མོ་རིའི་ཕྲེང་བས་བསྐོར། ནང་ཕྱག་གིས་དཀྲུགས་པས་སྐམས་སོང་། དེ་ན་མཁར་གཅིག་འདུག་པར་བྱོན་པས། བུད་མེད་སྔོན་མོ་གཡུའི་ཐོད་ཅན་གཅིག་འདུག །ཡང་ཁ་ཆར་ཆེས་གྲགས་ནས་གཤེགས་སུ་མ་བཅུག་པ་ལ། རྟ་རྒོད་ཀྱི་གངས་མེས་བསྐོར་ནས་བསྲེགས་པས། རྟ་པ་ལུང་པ་གང་བ་བྱུང་། ཁྱོད་དང་ནུས་པ་འགྲན་ནོ་བྱས་པས། ད་བཞུད་ཟེར། དེ་དུས་ཤཱཀྱ་རས་པ་བྱུང་ནས། ཁྱོད་ཅི་མཛད་དམ། ད་ར་མོ་བྱུང་ནས་ངའི་མཁར་བཤིག་ཟེར་དུ་ཟེར་རོ། །ལུག་ལོ་ལ་རྡོ་རྗེ་གླིང་དུ་ཕེབས། ཆོས་སྐྱོང་གིས་ཁྲབ་ཅིང་བསུས། ཆོས་རྗེ་བཤགས་པའི་དུས་སུ། རྟེན་མ་བཞེངས། གདན་ས་མ་འཛུགས། ཅེས་པའི་བཀའ་བརྩལ་ལ་བརྟེན་ནས། གྲ་པ་ཐམས་ཅད་རི་ལ་གྱེས་གདུང་ཁང་གི་སོ་ཕག་ལ་ཚ་ཚྭ་ཁང་པ་གཅིག་བཞེངས་པ་ལ། སྒོམ་མ་རྒན་མོ་ཚོ་གཅིག་མཆོད་པ་འབུལ་ཞིང་འདུག་པས། དེར་མང་དུ་བཤུམས་ཤིང་གསོལ་བ་བཏབ། ན་བཟའ་ཕྱིང་པ་གཅིག་དང་། རྣ་ལྤགས་ཀྱི་ཞྭ་གཅིག་ལས་མེད་པས། སྒོམ་མ་རྣམས་ཀྱིས་ངོ་མ་ཤེས་པར་ལུག་རྫི་དད་པ་ཅན་གཅིག་འདུག་ཟེར་རོ། །དེ་ནུབ་འོད་གསལ་གྱི་ངང་དུ་ཆོས་རྗེ་དང་མཇལ། རྡོ་རྗེ་གདན་དུ་རྒྱུག་གསུང་། ཡང་ལན་གཅིག་བྱོན་ནས། འགྲོ་བཟང་མ་འགྲོ་བར་འདུག་པས་འཁོར་གཅིག་སོང་། ནང་པར་བྱོན་པས། བུ་ལེའི་གངས་འགུལ་ན་འགྲོ་བཟང་མ་ཡོད་པ་ཡིས། སྒྲུབ་པ་མོ་སྐལ་བཟང་དང་། གསུང་སྐྱོང་ལ་སོགས་ཡོད་པ་ལ། ལྟོས་དང་ཨུ་རྒྱན་པ་སྤྱན་གསུམ་མཆེ་བ་བཞི། རུས་བརྒྱན་དང་བཅས། མཁའ་འགྲོ་མང་པོས་བསྐོར་ནས་བྱུང་གསུང་། དར་གཅིག་ན་སླེབ་ནས་མཇལ་བས། འགྲོ་བཟང་ན་རེ། སློབ་དཔོན་ཇོ་བཙུན་ཕེབས་པ་ཐུགས་ལ་བཏགས། ཆོས་རྗེ་མྱ་ངན་ལས་འདས་ཀྱང་། ཁྱེད་བུ་ཆེན་འགྲོ་དོན་ནུས་པ་མང་པོ་ཡོད་པ་ཡིན། ཁྱེད་རྣམས་ཀྱི་སྐུ་ཚེ་དང་འཕྲིན་ལས་ངའི་ལག་ན་ཡོད་པ་ལགས་ཀྱིས། ང་ཡི་གཤེགས་པར་ཞུ་ཕུལ་མཛོད་ཟེར། ཞུ་བ་རང་མི་བགྱིད་དོ། །སྐྱེས་མེ་རང་ནམ་གཤེགས་ཙ་ན་གཤེགས་གཅིག་གསུངས་པས། སྙུན་མེད་པར་དབུ་ཆོགས་སོང་། ཧ་ལས་ནས། ཐལ་མོ་སྦྱར་ཏེ། སྐྱེས་མོ་དམ་པ་མི་གཤེགས་པར་ཞུ་ཡང་ཡང་ཕུལ་བས་སྤྱན་ཧྲིག་བྱུང་ནས་ད་མཆིས་ལུས་འཕོས་ཟིན་གསུང་ཙམ་ན་མདངས་ལེགས་པོ་དེ་མེད་པར་སོང་ངོ་། །དེ་ནས་རྡོ་རྗེ་གླིང་དུ། དཔལ་ཡེ། དཔོན་སྲིན་དཔེ་སྡོང་དང་གསུམ་འཚོགས་ནས་ཚོགས་གཅིག་མཛད་པའི་ཚེ། སྔར་ཛཱ་ལན་དྷ་རར་འོ་སྐོལ་གསུམ་འཚོགས་ནས། ཚོགས་བྱེད་པ། མི་འོང་བྱས་སྟེ་བྱུང་བ་ཡིན་གསུང་། ཆང་ཚོད་གཅིག་ཞག་ལྔར་བཙགས་ཀྱང་ཆང་དུ་བྱུང་། ཕོ་ནས་ཀྱང་སླུམ་དུ་འདུག་པ་སླར་བསྡུས་ནས་བཙགས་པས་ཀྱང་བྱུང་གསུང་། དེ་ནས་ཆོས་རྗེའི་བཀའ་བརྒྱའི་ཁོངས་ནས་ང་མེད་གསུང་ནམས་བར་འབྲོག་རྡོ་རྗེ་གླིང་། སྦུད་ཏྲ་དགའ་ལྡན་གླིང་། སྟེང་འགྲོ་རྣམས་སུ་ཆོས་རྗེའི་སྐུ་སྨན་དང་དར་ཟབ་རིན་པོ་ཆེ་ལས་སྒྲུབས། ཚ་ཚྭ་ཁང་ལ་ཟ་འོག་གི་ན་བཟའ་གསོལ། གཙུག་ལག་ཁང་གྷན་འཇི་ར་བཙུགས་པ་བཞེངས། མར་མེ་དུས་མཆོད་བཙུགས། ར་ལུ་ནས་གདན་ས་བ་སྤྱན་དྲངས་ནས་བསྐོས་ཏེ་དར་བར་མཛད། དེ་ནས་བར་འབྲོག་གླ་བ་འཁར་དུ་བཞུགས། དཔལ་བདེ་ཆེན་སྟེངས་ཀྱི་ནགས་ཁྲོད་དུ་བྱོན་ནས། ཉེ་གནས་ཤེས་རིན་མ། རྡོ་རྗེ་གདན་དུ་མི་འགྲོའི་བར་འདིར་སྡོད་པ་ཡིན། །ཁྱེད་ལ་རྒྱགས་ཅི་ཡོད། དཀའ་ཐུབ་བྱེད་ཀྱིན་ཡོད་ན་ང་ཡང་བྱེད་པ་ཡིན་གསུང་། ཁོང་གིས་ཞིབ་བྲེ་བཅུ་གཅིག་ཕུལ། སྔོ་བརྔས་ལ་འཚོ་བའི་ཐིལ་མཛད། དོ་བའི་རྩ་བ་རྐོར་བྱོན་པས་ཤིང་འཛེར་གྱིས་སྙན་རལ་བ་དང་། ཕུང་ཚོམ་དུ་བྱོན་པས་ཞབས་སྙུག་མས་ཕུག་པ་རྣམས་ལ་འཁྲུལ་འཁོར་མཛད་པས་སོས། ཞལ་ནས། གཏུམ་མོའི་གདམས་པ་ཡིན་ན་ངས་སྲོག་བཙོངས་པ་རང་མང་དུ་བྱས། དཔལ་ལྡན་འབྲུག་པའི་ཁྱད་ཆོས་རོ་སྙོམས་འདི་ལ་ངས་ཁྲག་རྙེད་པ་འདྲ་བ་གཅིག་བྱས་ནས་ཉམས་སུ་བླངས་པ་ཡིན། དགེ་བའི་བཤེས་གཉེན་ཕལ་མོ་ཆེས་བཤད་པ་བྱས་པ་ཡིན་གསུང་། ཉེ་གནས་ཀྱིས། སྐུ་ཐང་ལ་སོགས་པ་དྲི་ཞིམ་པོའི་ངད་གདའ་བ་ཅི་ལགས་ཞུས་པས། བྱང་སེམས་བརྟན་པའི་ནུས་པ་ཡིན་གསུང་། ནང་གཅིག་ཅི་རྨིས་གསུང་། མ་ཇོ་སྣང་འུར་མས་མར་ཤགས་གཅིག་བྱིན་པ་རྨིས་ཞུས་པས། མོས་མར་ཤགས། བཤེས་རྡོག །ཞུ་ལུ་འགའ་ཁྱེར་བྱུང་གསུང་ཙམ་ན། ཅུང་ཟད་ན་དེ་བཞིན་བྱུང་ནས་གདུགས་ཚོད་དྲངས། ཡང་ང་ལ་ཚེ་འདིའི་འདུན་མ་སྒྲུབ་པའི་རྟོག་པ་སྐད་གཅིག་ཀྱང་མི་འདུག །ངའི་ལས་ཐམས་ཅད་ཚར་འདུག་གསུང་། ང་ལ་བསམ་པ་གསུམ་ཡོད། དེ་གང་བྱས་ཀྱང་ཚེ་འདིའི་ལྷན་འཁྲིས་མི་འདུག །ནུབ་ཕྱོགས་ཀྱི་རྒྱལ་པོ་ཧུ་ལ་ཧུ་ཅན་ན། སེམས་ཅན་གྱི་མགོ་ལུད་ཕུང་སྤུངས་པ་ཙམ་ཡོད། དེར་ཕྱིན་ན་འགྲོ་བ་ལ་ཕན་ཆེ་བར་འདུག་པ་ལ། རང་གི་ཚེ་ལ་གཟན་པ་འཁོར་མི་དག་པ་གཅིག་འོང་བར་འདུག །ཡང་ཨ་ལམ་ག་པར་པཱ་ཏ་ན། རྒྱལ་བུ་ཐམས་ཅད་སྒྲོལ་གྱིས་སྲས་ཕོ་མོ་དང་བཙུན་མོ་སྦྱིན་པར་བཏང་བའི་རི་འདྲ་བ་གཅིག་ལ་ཕྱིན་ནས། འཇིག་རྟེན་བློས་བཏང་གི་མགོ་བཏོན་ནས་སློབ་མ་རྟོགས་ལྡན་འབའ་ཞིག་བསྐྱངས་ནས་ཆོས་བསམ་དེ་ཁོས་བྱས་ཟེར་བ་གཅིག་བྱེད། ཡང་ན་གཞི་མི་འཛིན་པར་བོད་ཀྱི་རི་དགོན་རྣམས་སུ་འཕོས་ཤིང་འགྲོ་དོན་བྱེད་པ་ཡིན་ཏེ། དགེ་བཤེས་རྣམས་ཕྲག་དོག་གིས་འཛིངས་པའི་ས་འདིར་ཆགས་སྙམ་པ་རང་མི་འདུག་འོན་ཀྱང་ཆགས་པའི་རྒྱུ་མཚན་གཅིག་ཡོད། གང་ཡིན་ན། ཆུ་བོ་གངྒ་ཚུན་ཆད་ལ་གྲུབ་ཐོབ་གླིང་རས་རྟོགས་པ་མཐོ་བར་གྲགས་འདུག གསང་སྔགས་བླ་ན་མེད་པའི་དགོངས་པ་ཕྱིན་ཅི་མ་ལོག་པ་གཅིག་འཆད་ན་ཁེང་པས་ང་མི་ཞན་ནམ་སྙམ། གཞན་དུ་གསང་སྔགས་ལས། སྐལ་པ་ཅན་ཚེ་གཅིག་གིས་རྡོ་རྗེ་འཛིན་པའི་སར་སྒྲོད་པར་བྱེད་པའི་ལམ་ཟབ་མོ་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་གང་ཟག་གི་རྒྱུད་པས་བར་མ་ཆོད་པ་ཡོད། ལོ་ཙྪཱ་བ་རང་ཡང་མི་ཆུང་བ་ཡིན། རྒྱུད་ཀྱི་ལག་ལེན་ཕྱིན་ཅི་མ་ལོག་པ་གཅིག་འཇོག་པ་ལ་བརྒྱུད་འཛིན་བོད་དག་ཚེ་ལ་ཡང་མི་བཟན་པ་འདྲ་སྟེ། རྨི་ལམ་དུ་བུད་མེད་ཅིག་གིས་ཤིང་གི་དྲི་མ་བཏབ་ནས་ཁྱོད་ཀྱིས་ལོ་འདི་གཉིས་བར་ཐུབ་ཟེར་ཏེ་དེའི་དབང་དུ་བྱས་ན་དགུ་བཅུ་རྩ་དྲུག་ཐུབ་པ་འདྲ་གསུངས། ཡང་ཉིན་གཅིག ཁྱོད་ལ་རྡོ་རྗེ་གདན་དུ་འགྲོ་འདོད་ཀྱི་རྟོགས་པ་རགས་པོ་བྱུང་ཨང་གསུང་། བྱུང་ཞུས་པས། ང་ལ་དེ་འདྲའི་རགས་པོ་ཙམ་ཡང་མེད། འདུན་པ་རགས་པོ་བྱས་ན་འཕྲལ་དུ་འགྲོ་དགོས་པར་འདུག་སྟེ། ཆོས་སྐྱོང་མ་མགོན་སྐྱས་བྱས་ནས་སོང་། འགྲོ་མཆོད་གཅིག་བྱེད་པས་ཟན་ཆང་གཅིག་གྱིས་གསུང་། དེའི་དུས་ན་ནད་རིམས་ཡོད་པས། འགྲོ་ན་ཚད་པ་བས་ཀྱང་ནད་རང་ཐུ་གསུང་། ཕུད་དར་ནས་ཕྱིན་པས། ཞལ་ནས། མདང་དང་རྨི་ལམ་ན། བུད་མེད་གཅིག་གིས་རིམས་མང་པོ་ཁོ་ན་ཡང་མེད། ཕྱུགས་ནད་འདིས་ཐུབ་ཟེར་བའི་གསུང་གཅིག་བྱིན། དེ་གཅིག་པུས་མི་ཕན་བྱས་པས། མགོ་མཇུག་དུ་ཨོཾ་ཧཱུྃ་བཅུག་ན་ཐམས་ཅད་ཐུབ་ཟེར། སོག་པོའི་ཡི་གེ་བཞིན་མས་ནས་ཀློག་པ་གཅིག་གདའ་སྟེ། ཧཱ་སྭཱ་རེ་མ་ཏ་ཊ་ཀོ་མ་ཀྵ་ར་ས་ཨོཾ། ཅེས་པ་འདི་འོད་གསལ་གྱི་ངང་ནས་བརྩིབས་ལོགས་ལ་བྲིས་པ་ཡིན་གསུང་། སྔགས་འདི་རང་ལྷ་མོའི་ཡིན་པ་འདྲ་བར་མི་གདའ་འམ་ཞུས་པས། ཟིལ་ཆེན་པོ་བྱུང་། འདུག་འདུག་ཡིན་པར་འདུག་གསུང་ཌཱ་དྲིལ་བསྣམས། སྤྱན་ནམ་མཁའ་ལ་གཟིགས་ནས་བསྟོད་པ་མཛད། ཉེ་གནས་ཀྱིས་ཕུད་མཆོད་པས། གཉིས་ཀ་ཐུགས་འུར་ནས། སངས་རྒྱས་ཀྱི་བསྟན་པ་མི་འཛུགས། ངེད་རྒོད་ཕུག་ཚོའི་བར་ཆད་མི་ཟློག སེམས་ཅན་ཚོའི་ནད་རིམས་མི་གཅོད་པ་ཅི་ཡིན་གསུང་ཞིང་། སྐུ་སྟོད་བཅེར་བུར་བཀྲབས་པས་ཉི་མཚན་གྱིས་ཆུ་བུར་ཐུག་བྱུང་། ཕུད་རྫ་མ་གང་ལྷག་མ་མ་ལུས་པར་གཏོར་ཚར་འདུག ཁྱེད་ཀྱིས་ལྷ་མོོ་མཐོང་ངམ་གསུང་། ཞལ་ནི་མ་མཐོང་སྟེ་བྱིན་བརླབས་དཔག་ཏུ་མེད། སྣང་བ་གཏད་མེད་དུ་སོང་། རིག་པ་དངས་གདའ་ཞུས་པས། ངས་མཐོང་། བོང་བུ་དམར་ག་འཇིགས་སུ་རུང་བ་ལ་ལྕིབས་པས། མེ་ལོང་གི་གཟུགས་བརྙན་བཞིན་སོང་བ་མིན་པ་ལུང་པར་མི་ཤོང་བ་གཅིག་འདུག །ཡེ་ཤེས་ཀྱི་མཁའ་འགྲོ་མ་རང་ཡིན་འདི་འདྲའི་རིག་པ་དངས་པ་ལྟོས་དང་གསུང་། རྒྱལ་ཁམས་ཀྱི་ཡམས་འཕྲལ་དུ་ཆད་སྐད། གཞན་ཡང་ཞལ་མང་དུ་གཟིགས་གསུང་ཡང་ལན་གཅིག་འོབས་ལ་སྒོམ་བཏབ་ཀྱིས་ཁྱེད་རང་ཚོ་རྒྱོབ་གསུང་ནས་ཐུགས་ཀྱི་གཏད་པས་རྒྱབ་སྐྲོགས་ཀྱང་དེ་ག་ན་བསྡད་འདུག ད་ཞོག་དང་། བཏང་གིས་གསུང་ནས་ཐུགས་དམ་གློད་པས་སོང་སྐད། དེ་ནས་བྱ་ལོ་ལ་རྡོ་རྗེ་གདན་དུ་བྱོན་པས་སྣང་བ་བདེན་མེད་དུ་སོང་། ཉེ་གནས་ཀྱིས་དེ་རིང་བྱིན་བརླབས་ཆེ་བར་གདའ་ཞུས་པས། དེ་ཙུག་འདུག་ཆོས་རྗེ་གདན་འདེགས་པའི་སྣང་བ་འདྲ་བ་གཅིག་འདུག་གསུང་། ཤོད་དུ་ཕེབས་པ་ལ་གྲིབ་ཀྱིས་ནོན་ནས་འབྱོན་པ་མ་བྱུང་བས། ཕཊ་ཀྱིས་ཐེམ་ལ་རང་གི་ལུས་ཤིང་སྡོང་ཕ་ཀི་ལ་སྟིིམ་ལ་ཅུང་ཟད་སྡོད། ད་རང་རྗེ་བཙུན་མ་དག་པ་ཡེ་ཤེས་སྒྱུ་མའི་ལུས་སུ་འཇུར་ཐོན་པར་བསྒོམས། རྗེ་འབྲི་ཁུང་གྲིབ་སེལ་ཡིན། སྐྱེལ་ཐུང་གི་བྱ་དགའ་གྱིས་གསུང་ནས་གཅིག་པུར་བཞུད། བལ་པོའི་ཐང་ག་མེ་རུ་སླེབ་པ་ན། ཆོས་སྐྱོང་ཕྱག་བཞི་པ་བྱུང་ནས། རྡོ་རྗེ་གདན་པ་དུ་རུ་ཀས་གནོད་བ་བྱེད་པར་ཡོད། ཁྱོད་འདྲ་བའི་རྣལ་འབྱོར་པ་བཞིས་སྨོན་ལམ་བཏབ་ནས་ཕན་པས་མྱུར་དུ་འོད་ཟེར་ནས་ཁྲིད་པའི་སྣང་བ་བྱུང་། གཱཻ་ཏ་ཝ་རི་ལེགས་པ་གཟིགས་ཡེ་རང་དུ་གཞོན་ནུ་མ་འགའ་ཟུང་གྱིས་བལྟ་ཞིང་སྔར་མཁའ་འགྲོ་ལས་ཐོས་པའི་གླུ་ཡོད་པ་འཐེན་ཅིང་འདུག །དེ་ནས་གྲོང་ཁྱེར་ཏི་ར་ཧུ་ཏིར་སླེབ། མགོན་པོ་སྔོན་བྱུང་ནས་ལུང་བསྟན་པའི་རམ་ཤིང་རྒྱལ་པོས་དབང་བྱེད་ཅིང་འདུག་པ། རྡོ་ལི་ལ་བཏེག །ལག་ན་མཚོན་ཆ་ཅན་གྱིས་བསྐོར་ནས་ཕར་ཁྱེར་ཟེར་ཞིང་བྱུང་། བློན་པོ་གཅིག་གི་དབྱུག་པ་བླངས་ནས་ཕར་ཁྱེར་བྱས་ནས་རྒྱལ་པོའི་ཐོག་དུ་འཕྱོང་པས། ར་ཛཱ་སྨྱོན་པ་བྱུང་ཟེར་ནས་དྷོ་ལི་ལས་བབས་སོང་། དབྱུག་པ་སྐྱུར་ནས་བཞད་པས། ཛྲཽ་ཀི་སྤྱོད་པ་བྱེད་པར་འདུག་གསུང་སྟེ་ཁྲི་ཟུར་དུ་བཞག་ནས་ཟས་བྱིན་གསུང་། མུ་སྟེགས་ཀྱི་ལྷ་ཁང་དུ་སྤྱོད་པ་མཛད་ཅིང་ཕྱིན། མ་གཱ་ཏ་རྡོ་རྗེ་གདན་གྱི་བྱང་ཆུབ་གྱི་ཤིང་ཨ་ཤཱད་ཐཱ། གྷན་རྡོ་ལའི་རྒྱབ་ན་སྔོ་བུ་ཆེན་བ་གཟིགས་པས། མོས་གུས་གདུང་ཤུགས་ཀྱིས། དབུ་དང་སྐུ་ལུས་སོ་ཕག་གི་ཐང་ལ་སྡེབས་ཤིང་གསོལ་བ་བཏབ། ལུས་མར་མེར་འབུལ་སྙམ་ཡང་རྐྱེན་གཞན་མ་རྙེད། བཟོད་མེད་ཀྱི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེས། སྨོན་ལམ་དཔག་ཏུ་མེད་པ་བཏབ་བོ། །དེ་ནས་བྱེད་ཚད་གཞན་དོན་དུ་བྱས། སྔར་དགེ་སྦྱོར་ཡང་མ་ཤེས་པར་འདུག་གསུང་། ཨུ་རྒྱན་གྱི་རྟེན་མངྒ་ལ་དྷེ་ཝི་དང་། ཆོས་རྗེའི་ཞལ་མཐོང་བ་ལྟ་བུ་དྲན་པས་བཟུང་རྒྱུ་མེད་པ་ཡང་ཡང་བྱུང་གསུང་། གར་བྱོན་དུ་ཁྲོམ་འུར་འགྲོ་བ་བྱུང་པ་ལ་དགའ་སྣང་གཅིག་འདུག །དེ་ངའི། རྡེའུ་ནག་པོའི་ལྷག་རོལ་ཅིག་ལུས་པར་འདུག་སྙམ་པ་དང་ཆད་གསུང་། མཆུ་ཟླའི་ཉའི་ནུབ་མོ་སྲིན་པོ་རྣམས། མ་ཧཱ་བོ་དྷི་ལ་མཆོད་པ་བྱེད་དུ་འོང་ཞེས་གྲགས། དེ་གཟིགས་པའི་སླད་དུ་བཞུགས་པས། སྲོད་དུས་འོད་ཆེན་པོ་ཟིལ་ཆེན་པོ་དང་བཅས་པ་གཅིག་བྱུང་། སྲིན་པོ་འོང་བར་འདུག །སྲིན་པོའི་ལྦ་པ་ལ་བཙིར་བར་འདུག་སྙམ་ཏེ། གསང་བདག་གི་ཏིང་ངེ་འཛིན་གསལ་བཏབ་ནས་རྩིག་པ་ལ་བཅར་བྱས་འདུག །དེ་མ་ཐག་བདག་འཛིན་མ་མཐོང་འདུག་དགོངས་ཏེ་བཞུགས་པས། སྤྲེའུ་ཆེན་པོ་མཇུག་ལ་རྡེབས་པ་གཅིག་བྱུང་། ཟ་ན་ཡང་ཟོ་སྙམ་ཙ་ན། དེ་མི་དཀར་པོ་གླང་པོའི་གདོང་ཅན་གཅིག་དུ་སོང་། ཟིལ་ཆེན་འདུག་ཀྱང་བདག་འཛིན་སྤུ་ཙམ་ཡང་མི་འདུག །འཇིགས་ཟིལ་དེ་ཡལ་བ་དང་བྲམ་ཟེའི་བུ་ཚངས་སྐུད་ཅན་གཅིག་བསྟན་ནས། ཕྱག་བྱས་ནས། ང་ཚོགས་བདག་ལགས། བསྒྲུབ་ཐབས་བདེ་ན་ཡོད་པ་ལོང་ལ་གཏོར་མ་མཐོང། འཛམ་གླིང་གསུམ་གཉིས་དབང་དུ་བསྡུས་ལ་འཕྲིན་ལས་ཀྱི་གྲོགས་བྱ་ཡིས་ཟེར་རོ། །མ་ཧཱ་བོ་དྷི་བྱང་ཕྱོགས་ན། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་བལྟམས་པའི་སྐུ། ལྷའི་དབང་པོས་དར་དཀར་གྱིས་བླངས་པའི་གཟུགས་མཐོང་བས། འདི་ལྟར་སྲིད་པ་ཐ་མ་པའི་སེམས་དཔའི་ཞབས་རྟོག་བྱར་ཡོད་པ་རེ་དགའ་སྙམ་ནས། ཆོས་རྗེ་རྒྱལ་བ་རྒོད་ཚང་པ། སྟེང་ཕྱོགས་སུ་སངས་རྒྱས་མ་ཆགས་པ་པདྨའི་སྤྱན་ཞེས་པར་སངས་རྒྱ་བའི་དུས་སུ་ལྷའི་དབང་པོར་གྱུར་ནས་ཞབས་འབྲིང་བྱེད་པར་སྨོན་ལམ་བཏབ་གསུང་། དེ་ནས་ཛྙྱཱ་ན་གྷརྦྷ་ལོགས་པ་དང་ལྷན་ཅིག་དུ་རུ་ཀའི་དམག་ཟློག་པའི་སྨོན་ལམ་བཏབ་པས་ཟློག་སྟེ་འགྲོ་རིན་ཆོག་པར་བྱུང་གསུང་ཡང་དུར་ཁྲོད་བསིལ་བའི་ཚལ་ན་ཞིང་སྐྱོང་རྡོ་ལས་བྱོན་པ་གཉིས་འདུག་པའི་མདུན་དུ། ཁོང་དང་། ཛྙྱཱ་ན་གྷརྦྷ། རྒྱ་དར་ཚུལ་གསུམ་གྱིས་བཞུགས་དེར་བསྡད་པ་རྣམས་ཕལ་ཆེར་མཚོ་གཅིག་འདུག་པ་དེར་ལྕེབས་ནས་ཤི་བ་ཡིན་ཟེར། མི་རྣམས་ནང་རེ་ཞིང་ཁོང་ཤི་མ་ཤི་ལྟ་བ་ལ། ནུབ་གཅིག་འོད་གསལ་གྱི་ངང་དུ་མཚོ་དེ་ནས། མི་གླང་མགོ་ཅན། རྭ་བར་ན་སྦྲུལ་མགོ་གསུམ་ཡོད་པ་གཅིག་འཐེན་ནས། རྩ་ན་ཕུག་རོན་གཉིས་སྣང་བའི་གཅིག་བྲོས་གཅིག་མིད་པ་གཅིག་བྱུང་། གསང་བདག་གི་སྐུར་ལངས་ནས་བརྡས་པས་མཚོ་ནང་དུ་སོང་། དེར་ལྕགས་ཀྱི་ཁྱུང་གཅིག་དུ་སྒྱུར་ནས་མཚོ་ཕོལ་རྒྱངས་དང་བཅས་ནས་བཟུང་བས། སྐད་གྲག་པོ་དང་བཅས་སྟེ་གྲོགས་གཏོང་ཟེར་ནས་སྐྱུགས། འཕྲིན་ལས་སྒྲུབ་པར་ཁས་བླངས་སོ། །ནང་པར་ཐུགས་དམ་ལ་ཡོད་ཙམ་ན། རྒྱ་དར་ཚུལ་ཁྲེས་པོ་ཁུར་ནས་སོང་། དེར་ཛྙྱཱ་ན་གརྦྷ་ཅན་དུ་ཕྱིན་པས། བྱོན་པ་དགའ། མདང་ཟིལ་ཆེ་ནས་མཚན་གང་ཡར་མེ་བཏེག །ཡམ་ཡོམ་གཅིག་ན་ཟེར། བྱིན་བརླབས་གཅིག་མཛད་པས་བདེའོ། །དེ་ནས་བོད་དུ་བྱོན་པའི་ལམ་དུ་ཞབས་ཆེར་སྙུང་བའི་སྐྲངས་པ་གྲིས་བཤགས་ནས་ལྷོག་པ་བཏོན། རྨ་བཀྲུས་ནས་འཁྲུལ་འཁོར་མཛད་པས་སོས། ཆུ་ཆེན་པོ་གཅིག་རྒལ་བའི་དབུས་ན་མར་ཏིང་རིང་དུ་སོང་། ལྡོག་ནི་མ་བདེན་ནས་བུམ་པ་ཅན་བཟུང་པས་མ་བྱིང་བར་ཐར། ཆུ་འགྲམ་གྱི་མི་རྣམས་ངོ་མཚར་སྐྱེས། སྟག་གི་གནོད་པ་ལ་རེངས་པའི་སྦྱོར་བ་མཛད། བལ་པོ་ཐིལ་དུ་བོད་ཀྱི་ཚེ་རིང་མ་ལ་སོགས་པ་བསུར་བྱུང་གསུང་། བདེ་ཆེན་སྟེངས་སུ་ཕེབས་པའི་ནུབ་གཅིག གྲོག་པོ་ཆེན་པོ་གཅིག་ལ་སྐུ་ཆེན་པོ་སྤྲུལ་ནས་ཟམ་པ་བྱས་ནས་མི་མང་པོ་བསྒྲལ་བས། ཆོས་རྗེ་ནམ་མཁའ་ལ་བྱོན་ནས། ད་ནི་འགྲོ་དོན་གྱི་དུས་ལ་བབ་པ་ཡིན་ནོ་གསུང་བ་བྱུང་། ཡང་ནུབ་གཅིག་འོད་གསལ་གྱི་ངང་དུ་རྡོ་རྗེ་འཆང་ནས། རྒྱ་གར་གྱི་གྲུབ་ཆེན་རྣམས། བོད་ཀྱི་བཀའ་བརྒྱུད། ཆོས་རྗེ་འབྲི་ཁུང་བ་དང་། རྒྱ་བ་རྒོད་ཚང་བ་ལ་སོགས་པ་མཁའ་འགྲོ་ཚོགས་དང་ལྷན་ཅིག་འདུས་ནས་ཚོགས་འཁོར་མཛད་ཅིང་རྟེན་འབྲེལ་ཟབ་མོའི་སྤྲོ་བ་མཛད་ཅིང་འདུག རྟེན་འབྲེལ་གྱི་ངོ་བོ་མ་བཅོས་པ་ཡིན། ནུས་པ་སོ་སོ་ན་ཡོད། ཕྱོགས་གཅིག་ལ་མཚོན་ན། རྟེན་འབྲེལ་གྱི་ངོ་བོ་ཆུ་རང་དུ་མ་བཅོས་པ་དེ་ཡིན། གཤེར་བ་ཆུའི་ནུས་པ་ཡིན། ཆུའི་ནུས་པ་དེ་ཆུ་ལ་ལོགས་ན་མེད། དེ་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་བཅོས་སུ་མ་བཏུབ་སྟེ། མ་བཅོས་པ་རང་གི་སྟེང་ན་ནུས་པ་བསམ་གྱིས་མི་ཁྱབ་པ་གཅིག་ཡོད། རྟེན་འབྲེལ་གྱི་ནུས་པ་ཡོན་ཏན་དུ་འགྱུར་བ་དེ་བཀའ་བརྒྱུད་རྣམས་ཀྱི་མཁྱེན་ནས་བསྒྲིགས་པ་ཡིན་གསུང་བ་བྱུང་གསུང་། གེ་ལུང་དུ་བྱོན་པའི་མཆོད་གྲལ་དུ། དེ་རིང་རྣལ་འབྱོར་ཕོ་མོ་འདི་རྣམས་ལ་ཕྱག་རྒྱ་ཆེན་པོ་གཅིག་གདབ་པོ་གསུང་ནས་བླ་མའི་རྣལ་འབྱོར་མཛད་པས་ཐམས་ཅད་འུར། ལ་ལ་དྲན་མེད་དུ་སོང་། དེའི་མཇུག་ཏུ་སྲོག་གཡོ་མེད་དུ་བཅིང་བའི་ཏིང་ངེ་འཛིན་མཛད་པས། ཐམས་ཅད་རྟོག་པ་ཐིམ་པའི་ཏིང་ངེ་འཛིན་ལ་འགྲོ་བ་བྱུང་། བླ་མ་མདོ་སྡེའི་ཞལ་ནས་བྱིན་བརླབས་ཀྱི་སྣང་བ་རང་ཆེ། སྔོན་ཤེད་ཀྱི་གྲུབ་ཐོབ་ཀྱིས་འདི་འདྲ་བྱུང་བའི་ལོ་རྒྱུས་འདྲ་ཐོས་པ་ལས་དངོས་སུ་མ་མཐོང་གསུང་། དེ་ཙམ་ན་སྣོད་ལྡན་གཟིགས་ཤིང་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་མྱོང་ཁྲིད་དུ་མཛད་པས། འགའ་ཞིག་ལ་ས་རླུང་ཟིན་པའི་ཏིང་ངེ་འཛིན་གང་གིས་ཀྱང་མི་གཡོ་བ་དང་། ཁ་ཟས་ལ་སོགས་མི་དྲན་པར་གཞན་གྱིས་སད་དགོས་པ་བྱུང་བས། ལ་ལ་ཆུ་རླུང་ཟིན་པས་གཡང་ལ་ལྷུང་ཡང་མི་གནོད་པ་དང་། ནམ་མཁའི་རླུང་ཟིན་པས་མི་སྣང་བ་དང་རྩིག་པ་དང་རི་ལ་མི་ཐོགས་པ་བྱུང་བས། འདིའི་ཁྲིད་བཏབ་ན་ལུང་པ་གྲུབ་ཐོབ་ཀྱིས་འགང་བར་འདུག་སྟེ། རང་གི་ཁམས་ལ་ཡང་གཟན་པ་དང་། བཀའ་བརྒྱུད་རིན་པོ་ཆེའི་ཟབ་ལམ་མོས་གུས་ཀྱི་ཁྲིད་སྲོལ་འདི་ལ་ཡང་གནོད་པར་འདུག་གསུང་ནས། ཁྲིད་ཀྱི་སྲོག་ལྷན་ཅིག་སྐྱེས་སྦྱོར་ལ་སོགས་ལ་མཐིལ་དུ་མཛད་པར་གདའོ། །ཡང་བདེ་ཆེན་སྟེངས་སུ་རྡོ་རྗེ་དབྱངས་ཅན་མ་དམར་མོ་བསྙེན་པས། ཞག་གསུམ་ན་པི་ཝཾ་གི་སྒྲ་ཐོས། འཛིན་བློ་འཕེལ་པར་བྱུང་། ཉིན་གཅིག་ཕུ་ན་ཡར་བསེང་དུ་བྱོན་པའི་སར་རི་སྒོག་གསོལ་བས་རྗེད་ངེས་པར་སོང་། ཁྱོད་འདྲའི་ཡི་དམ་སྒོག་པས་བློ་འགྲིབ་པ་དགོངས་ནས། ཕག་མོ་ཤེས་རབ་སྣང་བ་བསྒྲུབས་པས། ཐོ་རངས་གཅིག ནམ་མཁའ་ལ་ཀ་སོགས་ཡི་གེ་རྣམས་དཀར་གྱིས་བྲིས་པ་ལྟར་འདུག་པ་རྣམས་ཀ་ནས་རིམ་བཞིན་ཞལ་དུ་ཞུགས། སྔོན་དཔོན་ལམ་ཆུང་བདུད་རྩིའི་ཁར་ཡིག་གེའི་ཕྲེང་བ་ཞུགས་པས་ཨ་ལ་བརྡུགས་ཟེར་དགོངས་པ་བྱུང་སྟེ་མ་རྡུགས། སད་ཙ་ན་གཟུང་འཛིན་གྱི་རྟོག་པའི་སྤུན་ཐག་ཆད་པའི་ངང་ནས། བཅོམ་ལྡན་འདས་མ་མཚོན་གང་བ་གཅིག་གཟིགས་སྟེ་དོན་གྱི་བློ་གྲོས་མཆོག་ཏུ་འཕེལ་ལོ། །སྦུད་ཏྲར་སྐྱེ་བོ་སུམ་སྟོང་ཙམ་ལ་སེམས་བསྐྱེད་མཛད་པའི་ཚེ་ནམ་མཁར་འཇའ་འོད་ཀྱི་བླ་རེར་ཆགས་པ་བྱུང་། དེ་དུས་འོད་བསྐོར་གྱི་ནང་དུ་འཕགས་པ་ཞལ་བཅུ་ཅིག་པ་གཟིགས་གསུང་། དེ་ནས་བླ་ཆེན་དེ་ཁྱིམ་གྱིས་སྤྱན་དྲངས། ཧོར་དམག་གི་རྐྱེན་གྱིས་ཞིག་པའི་བཙུན་པ་ཁྲིམས་འཆལ་ལྔ་བརྒྱ་ཕྱིར་བཅོས་བྱས། ཉིན་གཅིག་ལ་བཙུན་རྒྱུ་ཕྱེད་དང་གཉིས་བརྒྱ། གསེར་སྲང་། གོས་དར། རྟ་བརྒྱ་ཚན་རེ་རེས་ཐོག་དྲངས་ལོངས་སྤྱོད་དཔག་ཏུ་མེད་པ་ཕུལ་ནས་ཆོས་ཞུས། དེ་ཙམ་ན་རྡོ་རྗེ་གདན་གྱི་ལྕགས་རི་སོག་པོས་བཤིག་ཟེར་བས། ཛྙྱཱ་ན་གྷརྦྷ་ལ་ལོངས་སྤྱོད་དུ་མ་བསྐུར་ནས་གསོར་བཏང་ཏེ་བྱང་ངོས་གསོས་སོ། །ཕྱོགས་གཞན། ཡ་ཙེ་དང་། ཟངས་གླིང་རྒྱལ་པོས་གསོས་སྐད། དུས་དེ་ནས་ང་ལ་སངས་རྒྱས་དང་། རྗེ་རྒོད་ཚང་པ་ལས་བསམ་རྒྱུ་མེད་གསུང་ནས་ཕྱག་རྫས་ཕལ་ཆེར་དེར་བསྐུར་བ་ཡིན་ནོ། །སྦུད་ཏྲར། རྒྱ་གར་ཤར་ཕྱོགས་ཀྱི་པཎྜྻི་ཏ་ཤྲཱི་རིན་ཏྲ་ལ་སོགས་ལྔ་བཅུ་ལ་དུས་ཀྱི་འཁོར་ལོའི་ཆོ་ག་མཛད། བུམ་ཆུ་སྒྲ་བཅས་སུ་ཁོལ། ཁྲོ་བོ་ཕེབས་པ་གྲུབ་ཐོབ་ཆེན་པོ་དུས་ཀྱི་འཁོར་ལོར་གྱུར་པ་མཐོང་བ་རྣམས་བྱུང་། དེ་དུས་འདང་ཞག་ཨུ་རྒྱན་སྤྲུལ་པའི་ལྷོ་ཕྱོགས་ཤིན་ཏུ་གསལ་ལོ་ཚིག་ཀྱང་ཐལ། ཤར་ཕྱོགས་ནས་བསྙེན་བསྒྲུབ་ཀྱི་གདམས་པ་ལེན་པ་གཅིག་འོང་གསུང་ཙམ་ན། གདན་ས་གཡའ་བཟངས་ཀྱི་རིན་པོ་ཆེ་འཁར་ཆུ་བ་བྱོན། དམིགས་པ་རེ་ལ་གསེར་ཞོ་རེའི་མཎྜྻལ་ཕུལ་ནས་མྱོང་ཁྲིད་དུ་ཞུས་སོ། །དེ་ནས་གཅེན་པོའི་ནང་རྟེན་སྒྲུབ་ཏུ་ཀྱི་རོང་དུ་བྱོན། བལ་པོ་ལྗོང་གི་ཤར་འགལ་སོ་རི་ཁྲོད་དུ་འབྱུང་པོ་འདུལ་བྱེད་བསྙེན་པས་མངོན་སུམ་དུ་གཟིགས་ནས་ཐུན་མོང་གི་དངོས་གྲུབ་གནང་། བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ་བྱོན་ནས། རིགས་ཀྱི་བུ་ད་ནི་རྡོ་རྗེ་གསུམ་བསྙེན་བསྒྲུབ་ཡིག་གེར་བྲི་བ་ངས་གནང་ངོ་གསུང་ནས་མི་སྣང་བར་སོང་། དེ་ནས་སྐོས་དཀར་དབེན་གནས་སུ་གླེགས་བམ་དུ་བཀོད་དོ། །གཞན་ཡང་དུས་ཐ་དད་དུ་གཤིན་རྗེ་གཤེད་དམར་པོའི་རྒྱུད་སོགས་ཀྱི་འགྱུར་འགའ་རེ་ཡང་མཛད་དོ། །དེ་ནས་སྦུད་ཏྲ་རྩིག་པའི་ཚེ། སེ་ཆེན་རྒྱལ་པོས་བལ་ཡུལ་འཇོམས་པར་འདོད་པའི་གསེར་ཡིག་པ་བྱུང་བ་ལ། ཆུ་བོ་རབས་དང་རྒྱལ་པོ་རབ་ཀྱི་ཕྲེང་བ་གཉིས་མཛད་པ་སྐུར་ནས་མི་འཐད་པར་གསོལ་བས་ཆོག །ཡང་ངའི་འགྲོ་ས་རྒྱ་གར་འཕགས་པའི་ཡུལ་ཡིན་གསུང་ནས་བོད་བདུན་བཅུ་ཙམ་ཅིག་ཁྲིད་ནས་བྱོན། ཁྲལ་ས་མ་ཉན་པ་ཁྲག་དུ་སྐྱུགས་པ་དང་། ཆོམ་རྐུན་ལ་རེངས་པའི་སྦྱོར་བ་མཛད། བལ་རྒྱ་མཚམས་ཀྱི་ལ་མ་ཧཱ་པར་པ་ཏ་ལ་བྲོ་བརྡུང་མཛད་པས་ཉམས་འུར་ནས་ངལ་དུབ་སངས་ཏི་ར་ཧུ་ཏི་ནས། གླང་བུ་མི་སྐད་གོ་བ་གཅིག་ཉོས་ནས་ཆིབས་པ་མཛད། གངྒའི་རྩ་ནས་ལྷ་ཚོགས་ཀྱི་བདག་པོ་རྟ་དཀར་པོའི་གཟུགས་སུ་སྤྲུལ་པས་བསུས། མ་ཧཱ་བོ་དྷིའི་གནས་སུ་བདེ་བར་ཕྱིན། སྐུ་གདུང་ལ་རིན་པོ་ཆེའི་སྣོད་ལ་སོགས་པ་མཆོད་པའི་བྱེ་བྲག་དུ་མ་དང་། ཤིང་དྲུང་པ་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་བསྙེན་བཀུར། རྣལ་འབྱོར་པ་རྣམས་ལ་དམ་ཚིག་གི་རྫས་ཀྱིས་མཆོད་པ་ཡོན་དང་བཅས་པ་བསྒྲུབས། དེའི་དུས་སུ། ཛྲཽ་ཀི་པ་རྣམས་ཀྱིས་ཚོགས་རྫས་ལ་བརྟེན་ནས་བགེགས་བཞུགས་པའི་བར་ཆད་བྱུང་འདུག་པ་སོལ་བར་ཞུས་པ་ལ་བཀའ་བསྒོ་མཛད་པས་སེལ། དེ་ནས་རྒྱལ་བུ་ཐམས་ཅད་སྒྲོལ་གྱིས་བཞུགས་པའི་རི་ལ། ལམ་གྷ་པར་པ་ཏ་གཟིགས། ཐར་པ་དོན་དུ་གཉེར་བ་རྣམས་དེར་བཞུགས། དཔོན་སློབ་གཞན་རྣམས་བོད་དུ་བྱོན། སྐྱི་རོང་གི་གྲོང་འདབ་ཀྱི་ནགས་གཅིག་ན་ཐུགས་དམ་མཛད་ཅིང་བཞུགས་པ་བཟེ་མོ་གཅིག་གིས་མཐོང་ནས་གཅིག་གིས་གཅིག་སྦྲན་པ་དྲུག་ཅུ་ཙམ་གྱིས་ཆང་བཤུག་མ་རེ་ཁྱེར་བྱུང་ནས་དྲངས་པ་གསོལ་བའི་སར། བྷོ་ཊ་པཎྜྻི་ཏ་བྱོན་ནས། ཨུ་རྒྱན་པ་འདི། ཡོན་བདག་མོ་འདི་ཙམ་བསྡུས་ནས་ཆང་འཐུང་འདི་འདྲ་བྱེད་པ་ཟེར། ཡོན་བདག་མོ་རང་ཚོ་འཐུང་གིན་གདའ་ཡིས། ངས་ནི་མ་འཐུངས་གསུང་། ཁྱོད་ཀྱིས་འཐུངས་མ་འཐུངས་ངས་ཤེས་ཟེར་བ་ལ། འོ་ན་སྣོམས་གསུངས་པས། ཞལ་ལ་བསྣམས་ནས་སྐྱུར་དྲི་མི་འདུག་ཟེར། ཁྱོད་ཀྱིས་ཆང་འཐུངས་འདུག་སྐྱུར་དྲི་གདའ་གསུངས་པས། ངས་ཟིལ་པ་ཙམ་ཡང་ལྕེ་ལ་མ་བཞག་པ་ལ་སྐྱུར་དྲི་རང་ངོ་ཤེས་ཟེར། དེར་ཁོང་གི་ལྟེ་བར་ཆང་ཁོལ་བཞིན་པ་སྐྱེད་པས་སྐྱུར་སྒྲེག་ཆིལ་བྱུང་། གཞན་སྣོམ་དུ་བཅུག་པས་སྐྱུར་དྲི་ཆེན་པོ་འདུག་ཟེར། ཁོང་སྐྱེངས་ནས་གྲུབ་ཐོབ་དུ་འདུག །བྱ་རུ་མི་བཏུབ་པར་གདའ་ཟེར་སྐད། སྐྱི་རོང་བདེ་ལེགས་སྟེངས་སུ་འོད་གསལ་གྱི་ངང་དུ་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གཟིགས། ལྷ་མོ་ཨུ་མའི་དོད་པོར་ཙནྟྲི་ཀ་ལོགས་ན་འདུག་པ་ལ། མགོ་བོ་ཕུལ་ཟེར་བས་བཅད་ནས་ཕུལ་བ་ལ་ཆེད་འཛིན་མེད་པའི་ངང་ནས། ཡང་ལན་གཅིག་གདན་ས་བས་ངོ་མཚར་བསྟན་པའི་སླད་དུ་གཟའ་མི་འཛའ་མོ་གཉིས་ཡོད་པ་ལ་དབྱེ་བའི་སྦྱོར་བ་གཅིག་སྟོན་དང་གསུངས་པས། རླུང་སྦྱོར་ཅིག་མཛད་ནས་ལྟོས་གསུང་། བལྟས་པས་སྐྲ་འབྱིད་རེས་བྱས་གདའ། ཞལ་ནས་དང་པོ་ངའི་ལུས་ཀྱི་རྩ་མདུད་མང་པོ་ཞིག་སོང་། ཕྱི་རོལ་དུའང་ས་གཞི་གཡོ་བ་དང་ཁང་པ་འཇིག་པ་འོང་གསུང་། དེ་ཙམ་ན་དཔོན་ཆེན་ཀུན་དགའ་བཟང་པོས་སྦུད་ཏྲའི་གཟིམ་ཁང་བཤིག་པས་ཉིན་མོ་ས་བསྲོས་པ་ལ་སོགས་བྱུང་སྐད་དེ། ལོ་ལྔ་ན་རྗེས་མེད་དུ་བརླག་གོ །ནུབ་གཅིག་གཟིམ་ཆུང་ན་ཐུགས་དམ་མཛད་པའི་དྲུང་དུ། ཇོ་བོ་སྟོན་ཙན་བྱུང་ནས་དབང་ཞུ་ཟེར། ཉེ་གནས་ལ་བུམ་པ་ཆོས་གསུང་། ཆོ་ག་རིམ་པར་མཛད་ནས། བུམ་དབང་གི་སྐབས་སུ་བུམ་པ་ཐོག་གསུང་། བཏེག་པས་ད་མཐོང་གསུང་། མ་ནུས་པས་ཐེ་ཚོམ་མི་དགོས་གསུང་། བཏང་བས་ནམ་མཁའ་ལ་འདུག་གོ །ས་སྐྱར་བླ་མ་ཆོས་རྒྱལ་ཕེབས་ཞེས་ནས་མཇལ་དུ་བྱོན། མདོ་སྡེ། མང་དུ་གསན་དེ་ནས་ཉང་རོར་བྱོན་པའི་ཆུ་མིག་རིང་མོར་ཁྲོམ་ལ་དགུག་པའི་སྦྱོར་བ་མཛད་པས་ཁྲི་ཕྲག་རེ་ཙམ་གར་གཤེགས་སུ་འབྲང་བ་བྱུང་། ཤངས་སུ་དགོན་པ་ཚ་རི་ཟླུམ་པོ་བཏབ་སྟེ་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད། ཡང་སྦུད་ཏྲར་བྱོན། མཆོད་པ་གཅིག་གི་ཚེ་ཤར་ཕྱོགས་སུ་གཟིགས་ནས་གཏམ་ཅིག་འདུག་གསུང་། ཞུས་པས། ཤར་འདི་ན་གུར་མགོན་གྱི་ལྐོག་མའི་འོག་ན་འོ་སྐོལ་གྱི་ཁང་པ་ཚུད་པ་ཙམ་ཅིག་འདུག །དཔོན་ཆེན་བྱང་རིན་གྱི་སར་བྱིན་བརླབས་ལ་བྱོན་འཕྲིན་ལས་ཀྱི་གྲོགས་བགྱིད་ཟེར་གསུང་། ཞག་འགའ་ན་གདན་འདྲེན་གྱི་གསེར་ཡིག་པ་བྱུང་ནས་རྟ་ལོའི་སྟོན་སེར་ཁ་བཏེག་ནས། འཇད་ཀྱི་འོད་མོ་དར་སྡིངས་སུ་བྱོན་ནས་ཁོང་གི་དོན་མཛད། དེ་ནས་ཤ་ཟ་མདའི་རྟ་མིག་མའི་ནགས་གཉན་པོ་གཅིག་འདུག་པར་བཞུགས། སློབ་དཔོན་རིགས་རལ་གདན་དྲངས་ནས་ཚད་མ་སྡེ་བདུན་ལ་སོགས་པའི་ལུང་ཞུས། ཡར་ལྷ་ཤམ་པོས་སྤྱན་དྲངས་ནས་སིལ་མ་ལ་བཞིན་དབུས་སུ་བྱོན་པ་ལ་བྱོན་པས། སྟག་གྲུ་ཁར་སླེབ་པའི་ཚེ། མི་ཕན་པར་འདུག །ད་རེས་ཀརྨ་པ་ཅན་ཁོར་གཅིག་འགྲོ་དགོས་པར་འདུག་གསུང་ནས་སྙེ་མོ་བཞིན་བྱོན། ཀུན་དགའ་ར་བར་ཕེབས། སློབ་དཔོན་བོ་རན་རྒྱུད་དོན་ཡོད་ལ་ཕུར་པ་ཕུན་སུམ་ཚོགས་པའི་བཀའ་ཞུས། དུས་ཕྱིས་སྦྲང་ཉི་ཁྲི་སྦུད་ཏྲར་སྤྱན་དྲངས་ནས་མ་མོའི་བཀའ་ཞུས། དེ་ནས་ཀརྨ་པ་མཚན་མོ་བཞེངས་ནས་བྱོན་ཏེ། ཁ་འཁྱགས་ཚེ་ལོངས། ཉི་མ་ལ་སྟོད་ནས་ཨུ་རྒྱན་པ་ཆེན་པོ་གནམ་གྱི་ས་བཀབ་པ་འདྲ་བ་འབྱོན་ཡིན་ཡོད་གསུང་ནས། བུ་རམ་བསྒོར། ཟན་རྫིས་སྐད། ཞལ་ནས། ཀརྨ་པའི་སློབ་མ་ཚོ་བྲེལ་འདུག །ཅག་ཡ་གྱིས་གསུང་ནས་ཨུ་རི་མདུན་དུ་བཞུགས། ཕེབས་པའི་གདོང་དུ་ཇ་འཛིན་དང་། སེར་སྦྲེངས་དང་རོལ་ཆས་བསུས། མཇལ་བའི་ཚེ། ཀརྨ་པའི་ཞལ་ནས། ཁྱེད་ཞག་གསུམ་གྱི་གོང་དུ་ཕེབས་རྒྱུ་ཡིན་པ་ལ་ད་བར་མ་བྱོན། ཟན་རྣམས་རུལ་གསུང་། ངེད་འབྲུག་པ་ཟློག་སྒོམ་བྱེད་པ་ཡིན་གསུང་པས་བཞད་ཅིང་། ཁྱེད་ཟློག་བསྒོམ་བྱེད་ན་སྐྱག་པ་ཁར་ཆུག །བུ་རམ་རྐུབ་དུ་ཆུག་གསུང་། ཡེ་གྲུབ་ཐོབ་ཨུ་རྒྱན་པ་ཁྱོད་ངའི་རྩར་མི་འབྱོན་པར་སིལ་མ་ལ་ལ་འགྲོ་འདོད་པར་སྣང་སྟེ། ངའི་བྱང་ཆུབ་སེམས་དང་དཔའ་བོ་མཁའ་འགྲོས་རང་དབང་མེད་པར་དབང་དུ་བསྡུས་པ་ཡིན་ཨེ་གོ་གསུང་ཡང་ཆོས་སྐྱོང་ལ་གཏོར་ཚོགས་ཆེན་པོ་ཐོང་། དུང་ཐོང་ལ་ཨུ་རྒྱན་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་བྱོན་ཡོད། མཚུར་ཕུ་གདན་ས་ན་ཡོད་པ་ཐམས་ཅད་དགའ་བ་བསྒོམས། འབུལ་བ་ཁྱེར་ལ་ཆོས་ཞུས་ཀྱིས་གསུང་། རྒྱལ་བ་རྒྱ་མཚོའི་དབང་བྱེད་གསུང་ནས། ཀ་ཏོ་ར་ནས་ཀྱི་བཀང་བ་སྦ་ལྕག་གིས་བསྐྲུགས་པ་དབུ་ཐོག་ཏུ་བཞག །ལྕག་དང་བཅས་པ་ཕྱག་དུ་གཏད། དབུའི་ཞྭ་ནག་དེ་སྐོན། སྐུ་གསུམ་ངོ་སྤྲོད་གནང་ཧུར་མཛད་ནས། འོ་སྐོལ་གཉིས་སྐྱེ་བ་དུ་མའི་དཔོན་སློབ་ཡིན། ང་ཡི་མགོ་འདོན་ཡང་ཁྱོད་ཀྱིས་བྱེད་དགོས། ཁྱོད་ཀྱི་གདུལ་བྱ་ཉི་མ་ལྷོ་རྒྱུད་ན་ཡོད། དེར་ངའི་རྒྱལ་བ་རྒྱ་མཚོ་དང་། སྙིང་པོ་ཡིག་གེ་དྲུག་མ་དང་། སྐུ་གསུམ་ངོ་སྤྲོད་ཀྱིས་འགྲོ་དོན་མཛོད། དགེ་བསྙེན་རྡོ་རྗེ་རྒྱལ་པོ་གྲུབ་ཐོབ་ཨུ་རྒྱན་པའི་འཕྲིན་ལས་སྒྲུབས་གཅིག་ཅེས་པ་ཡང་ཡང་གསུང་། དེ་ནས་ལྷ་ས། བསམ་ཡས། གདན་ས། གཡའ་བཟངས་ནས་དམྱལ་དང་མཚོ་སྣའི་བར་དུ་བྱོན། སྙེ་འདོར་ཞི་བྱེད་རྒྱུད་པ་ཕྱི་མའི་སྐོར་གསན། དབུས་ཀྱི་དགེ་བའི་གཤེན་གཉེན་དང་སྐྱེ་བོ་མཆོག་དམན་དཔག་ཏུ་མེད་པའི་དོན་མཛད། དུས་དེར་ལྷ་བཙུན་ཡེ་ཤེས་འོད་ཀྱིས། རྗེ་རིན་པོ་ཆེའི་རྣམ་ཐར་ཁྲིགས་ཁ་རྩ་བ་ནས་བུད་བ་འདི་དང་པོ་རང་ནས་ཐུགས་རྒྱུད་ལ་བཞུགས་པ་ལགས་སམ། རྗེ་རྒོད་ཚང་པ་དང་མཇལ་ནས་བྱུང་བ་ལགས་ཞུས་པས། སྨྱོན་པའི་སྤྱོད་པ་འདི་དང་པོ་ནས་ཡོད་པ་མིན། བུ་ཚའི་དུས་སུ་འདྲི་ཀློག་དང་ཕ་ཆོས་ཀྱི་རིགས་རྙིང་མ་སློབ་པའི་དུས་དང་། བོ་དོང་དུ་མཚན་ཉིད་སློབ་པ་རྩངས་སོ་རུ་དུས་འཁོར་ཉན་པའི་དུས་ཐམས་ཅད་དུ། ཤེས་རབ་དང་བརཏལ་ཞུགས་ཆེ་ཤོས་ཡིན། བརྩོན་འགྲུས་དང་ཁྲིགས་ཁ། གོ་ཆ་དང་སྡུག་སྲན། ཕོ་རུས་དང་སྦད་ཁམ། ཤེ་མོང་དང་ཕོ་ངར་ཆེ་ཤོས་ཡིན། དེའི་དུས་ན་འདུན་མའི་ཁྲིགས་ཁ་ང་ལས་མཁས་པ་ཡོད། དེ་ནས་ཆོས་རྗེའི་དྲུང་དུ་སླེབ་པའི་དུས་སུ། བླ་མ་དང་ཐུགས་ཡིད་འདྲེས་ནས། འཁོར་འདས་དབྱེར་མེད་ཀྱི་དོན་རྟོགས། མ་བཅིངས་མ་གྲོལ་བའི་ངང་དུ་གཟུགས་འཛིན་གྱི་མདུད་པ་ཞིག་ནས། དུས་གསུམ་མཉམ་པ་ཉིད་དུ་རྟོགས། གཉིད་ཀྱི་ངང་དུ་བདེ་བ་ཆེན་པོར་ཤར། འཕོ་འགྱུར་དང་སྐྱེ་ཤི་མེད། རྩོལ་སྒྲུབ་དང་འགྲོ་འོང་མེད། གཟུགས་འཛིན་དང་རྟག་ཆད་མེད། མཐའ་དབུས་དང་ཕྱི་ནང་མེད། སྤངས་རྟོགས་དང་མཐོ་དམན་མེད། བཅིངས་གྲོལ་དང་སྤྲོས་པ་མེད། དངོས་པོ་དང་མཚན་མ་མེད་པའི་དོན་རྟོགས། མ་བསྡམས་མ་གློད་པར་རང་སོར་བཞག་པས་མདུད་པ་མ་བཤིག་པར་རང་སར་གྲོལ། རང་དག་རང་གྲོལ། གྲོལ་མཁན་མེད་པར་གྲོལ་བ་སྦྲུལ་མདུད་བཞིན་དུ་ཞིག་ནས། བཅིངས་པ་དང་གྲོལ་བ་དུས་མཉམ། མ་བསྒྲིམས་མ་གསལ་བར་མངོན་སུམ་རྣམ་པར་དག་ཀུན་ནས་རྣམ་པར་བྱང་བ་མེད་པ། མཐར་ཕྱིན་རྒྱུ་དང་ཕྱིན་མཁན་མེད་པ། མྱ་ངན་ལས་འདའ་བ་དང་འདའ་མཁན་མེད་པ། མིག་གི་ནད་གྲོལ་བས་སྐྲ་ཤད་སངས་པ་ལྟ་བུའི་རྟོགས་པ་ཤར་བས། ཁྲིགས་ཆགས་ཀྱི་འདུན་མ་ཐམས་ཅད་རང་སར་ཞིག་ནས། རྩིས་མེད་སྨྱོན་པའི་སྤྱོད་པ་འདི་འདྲ་ཅིག་བྱུང་གདའ་དེའི་སྟེང་དུ་ཨུ་རྒྱན་སྤྲུལ་པའི་ཞིང་དུ་ཕྱིན་པའི་དུས་སུ། བཅོམ་ལྡན་མ་ཉིད་ཀྱི་བྱིན་བརླབས་ཀྱིས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་སངས་མ་རྒྱས། མི་རྒྱ། སངས་རྒྱ་བར་མི་འགྱུར། རྒྱས་པ་དང་མི་འགལ་བའི་དོན་རྟོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པ་མ་སྤངས། མི་སྤོང་། སྤོོང་བར་མི་འགྱུར། སྤངས་པ་དང་མི་འགལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྣམ་པར་བྱ་བ་མངོན་དུ་མ་བྱས། མི་བྱེད་བྱེད་པར་མི་འགྱུར། བྱས་པ་དང་མི་འགལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཚིག་གཅིག་ཀྱང་མ་གསུངས། མི་གསུང་། གསུང་བར་མི་འགྱུར། གསུངས་པ་དང་མི་འགལ་བའི་དོན་རྟོགས། དེ་ཡན་ཆད་སྔར་བས་ཁྲིགས་ཆུང་དུ་སོང་ནས། གཤིས་ཀྱི་གཏད་སོ་དང་བྲལ་བས་ཅི་བྱེད་ཆ་མེད་པ། ཚིག་གི་གོ་རིམ་དང་བྲལ་བས་སྨྱོན་པ་ལྟ་བུ། འཕྲལ་ཕུགས་ཀྱི་ཁྲིགས་ཁ་མེད་པས་སྤྲང་པོ་ལྟ་བུ། ཚིག་ལ་ངོས་བཟུང་མེད་པས་སྟོན་ཆུང་གི་བཞད་གད་ལྟ་བུ། སྒྲ་སྐྱོན་ངོས་མི་འཛིན། དོན་སྐྱོན་བློ་ལ་མི་འཇོག །གོང་འོག་གི་འགལ་འབྲེལ་མི་རྩི། རྩོམ་པ་རང་ཡང་ཁར་ཕོག་སྣར་ཕོག་དེ་འདྲ་ཚོ་བྱེད་པ་གཅིག་བྱུང་གདའ་གསུང་། ཡང་ཁྲིད་ཀྱི་འདེབས་ལུགས་ལ་ངེས་མེད་དུ་མཛད་པ་གཅིག་གདའ་བ་ཇི་ལྟར་ལགས་ཞུས་པས། ཁྲིད་ཀྱི་འདེབས་ལུགས་འདི་ལ་ངེས་པ་ཆེན་པོ་མེད། རེས་བླ་མའི་ཐུགས་ཀྱི་རྩལ། རེས་དུས་ཀྱི་གནད། རེས་འགའ་སློབ་མའི་རྒྱུད་ཚོད། རེས་འགའ་ཡུལ་རྐྱེན་གྱི་སྟབས་ལ་བརྟེན་ནས། འདེབས་ལུགས་ཅི་རིགས་སུ་དགོས་པ་ཡིན། དེ་ལ་གང་དང་གང་གི་རྒྱུད་ཚོད་དང་འཐུན་པ། དུས་ཀྱི་གནད་ལ་ཕེབས་པའི་གདམས་པ་འདེབས་ཤེས་པ་གལ་ཆེ་གསུང་། ཡར་ལམ་སྙེ་མེ་ལྕ་བ་ལུང་དུ་མཆོད་པ་གཅིག་གི་ཚེ་ཟིལ་ཆེན་པོ་བྱུང་ཙམ་ན། རིན་པོ་ཆེ་ཀརྨ་པ་ནམ་མཁའ་ལ་བྱོན་པ་གཟིགས། བསྟོད་པ་མཛད། དེ་རྗེས་རྒྱལ་པོ་སེ་ཆེན་གན་གྱི་དད་པའི་ཤུགས་ཀྱིས་མི་ཆེན་ཨེ་ཇི་ལག གོ་རིན། ཐོག་ཐེ་མུར་རྣམས་རིམ་པར་མངགས་ཀྱང་མ་བྱོན་པ་ལ། དུས་ཕྱིས་མི་ཆེན་ནེ་གུ་ཏ། ལན་བཞི་པར་འོངས་པའི་ཚེ། སྔོན་རྡོ་རྗེ་གདན་དུ་མི་དཀར་པོ་གཅིག་གིས། ཧོར་གྱི་རྒྱལ་པོས་གདན་འདྲེན་པར་འགྱུར་གྱིས། དེ་ནི་བསོད་ནམས་ཚད་མེད་པ་དང་ལྡན་པ་ཡིན་པས་དེའི་ངག་མ་བཅག་ཅིག་ཅེས་པ་བྱུང་། དེ་སྤྱན་རས་གཟིགས་སུ་འདུག་གསུང་ནས། ཆུ་ཕོ་འབྲུག་གི་ལོ། དགུང་ལོ་དྲུག་ཅུ་རྩ་གསུམ་ལ་རྒྱ་ཡུལ་དུ་བྱོན། ཤིང་ཀུན་དུ་སླེབ་པ་ལ་ན་བཟའ་བརྗེ་བ་ལ་སོགས་པ་རྣམས་བྱས་པའི་ཚེ། འཁོར་རྣམས་ལ་ལོངས་སྤྱོད་པ་འདུན་པ་ཅུང་ཟད་ཀྱང་མི་བཏུབ། བྱས་ན་འདོད་པའི་མདའ་དུག་ཁོང་དུ་ཞེན་ནས་གནས་སྐབས་དང་མཐར་ཐུག་གི་བདེ་ལེགས་ཐམས་ཅད་ཀྱི་བདག་དང་བྲལ་བ་ཡིན་གསུང་། ཕོ་བྲང་དུ་ཕེབས་མ་ཐག་རྒྱལ་པོའི་ཕྱག་ཞབས་འཁུམས་པ་ལ་དབྱུག་པའི་སྤྱད་ཀྱིས་ཅུང་ཟད་བདེ་བར་མཛད། དེ་རྗེས་མི་ཆེན་རྣམས་ལ། སྤྱིར་མིའི་ལུས་ལ་ལྟེ་བའི་དུས་སྦྱོར་གྱི་རྩ་ལ་རླུང་འཕོ་ཆེན་བཅུ་གཉིས་རྒྱུ་བ་ལས། གོང་མའི་སྐུ་ལ་འཕོ་བ་གསུམ་ལས་མེད། དུས་སྦྱོར་གྱི་རྩ་འདབ་དགུ་སྐམས་པ་ཡིན། རོ་བཅུད་ཀྱི་གདམ་ངག་ཀྱང་འཆིས་འདུག ང་ཡང་སྤྱོད་པ་བརྩིང་། ས་སྐྱ་པ་འདི་པ་བྱེད་པ་ངན། འདིར་སྡོད་པ་སྡིག་ཟས་སྡིག་ཆུ་ཁོ་ན་ལ་ལོངས་སྤྱོད་དགོས་པ་འདི་བློ་ལ་མི་རན་པས། ང་ཡར་འགྲོ་བའི་ཞུ་བ་བྱེད་པ་ཡིན། ཁྱེད་རྣམས་ཀྱིས་ཀྱང་རོགས་གྱིས་གསུང་ནས་གོང་མས་བླ་མ་ཆོས་རྒྱལ་གྱི་ཤེལ་དམ་འབུལ་པ་ལ་སོགས་ཅི་ཞུས་ཀྱང་མ་གནང་། ཚེ་དཔག་ཏུ་མེད་པའི་དབང་མཛད། རིན་པོ་ཆེ་དང་དར་ཟབ་སྣ་ཚོགས་ཀྱིས་བཀང་བའི་གོང་མས་ཤིང་རྟ་ཁ་སག་གསུམ། རྒྱལ་བུ་གཉིས་ཀྱིས་རེ་རེ་ཕུལ། ཐམས་ཅད་འུ་ལག་གིས་མི་འབྱོངས། འདི་འདྲ་ཕུལ་བའི་དཔེ་མེད་ཅེས་ལྐོག་ཏུ་གླེང་། ཞལ་ནས། ང་ལ་ནོར་གྱིས་དགོས་པ་མེད། ནོར་འདོད་ནས་འོངས་པ་མིན་གསུང་ན་མ་བཞེད། གོང་མས་རྣལ་འབྱོར་པ་གྲུབ་པ་བརྙེས་པ་ལ་མི་དགོས་ཀྱང་། ཁྱེད་ཀྱི་འཁོར་བན་དེ་འདི་རྣམས་ཐག་རིང་ནས། ཁྱེད་རང་དང་ང་ལ་བསམས་ནས་ཡོངས་པ་ཡིན། འདི་རྣམས་ལ་བྱིན་པས་ཆོག་ཞུས་པས། ངའི་འཁོར་འདི་རྣམས་བྱ་བཏང་འབའ་ཞིག་ཡིན། ཆོས་བྱེད་ན་འཚོ་བ་ང་ཡིས་འབྱོངས། ལར་འདོད་ན། རྒྱུད་སྡེ་རིན་པོ་ཆེའི་གདམས་པས་གསེར་འགྱུར་དང་དངུལ་དུ་བྱེད་པའི་ལག་ལེན་ཤེས། དེའི་ཕྱིར་ཡང་ཁྱོད་ཀྱི་ལོངས་སྤྱོད་ལ་ལྟོས་མི་དགོས་གསུང་། དེ་ལྟ་བུ་གཅིག་སྟོན་དང་ཞུས་པས། གཤའ་བརྩེ་དངུལ་དུ་བསྒྱུར་ནས་ཕུལ་བས། ངོ་མཚར་བར་འདུག །ངའི་མཛོད་ཆུད་འཛའ་བས་མ་སྟོན་གསུང་དེ་ལྟར་ཕོ་བྲང་དུ་ཟླ་བ་ཕྱེད་གཉིས་ལས་མ་བཞུགས་པར། ལུང་དང་ལོངས་སྤྱོད་ཕུལ་བ་མ་བཞེད་དེ་བྱོན་པའི་དུས་སུ། གོང་མ་མ་མཉེས་ཏེ། ཨུ་རྒྱན་པག་ཤི་ཁྱེད་ངས་ས་ཐག་རིང་མོ་ནས་གདན་དྲངས་ནས་བཞུགས་ཞུས་བས་མི་ཉན་པར་འཕྲལ་དུ་འགྲོ །ང་ལ་དབང་བསྐུར་མི་བྱེད་པར་གཞན་ལ་བྱེད། ངའི་ནོར་མི་ལེན་པར་གཞན་གྱི་ལེན་ཟེར་བ་ལ། ངས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒོད་ཚང་པ་ཆེན་པོའི་ཞབས་ཀྱི་པདྨོ་ལ་བཏུགས་ནས་ད་ལྟའི་བར་དུ་སྣ་ཐག་གཞན་ལ་གཏོད་མ་མྱོང་། སངས་རྒྱས་ཀྱི་བསྟན་པ་ལ་སློབ་དཔོན་གྱིས་སློབ་མ་དམ་ཚིག་ལ་སྒོར་བ་ལས། སློབ་མས་སློབ་དཔོན་དམ་ཚིག་ལ་སྒོར་བ་ཡང་མེད། བརྒྱ་བྱིན་མདུན་དུ་བྱུང་ཡང་མགོ་བོ་བཀས་ནས་ཀླད་པ་འདག་སྙམ་པ་ལས་འཇིགས་སྙམ་པ་མེད་པ་གསུངས་པས། གོང་མ་མཆི་མ་ཕྲལ་བྱུང་། མི་ཆེན་ནོ་ག་སྐྱེལ་དུ་བཏང་། ཡར་ལམ་རྩེ་ལྔ་བསྐོར་ཏེ་བྱོན་ནོ། །རྗེས་སུ་གོང་མས་བླ་མཆོད་རྣམས་བསོགས་ནས། ཁྱེད་རྣམས་ན་རེ། ཨུ་རྒྱན་པས་ཆོས་མི་ཤེས་ཟེར་བ་ལ། ཁྱོད་ཀྱིས་ཤེས་པ་ཐམས་ཅད་ནི་ཁོས་ཤེས་པར་འདུག ཁོས་ཤེས་པ་མང་པོ་ཁྱེས་མི་ཤེས་པར་འདུག །དེ་ཆོས་མི་ཤེས་པ་ཡིན་ནམ་ཟེར། ཁོས་ཁྲིགས་སུ་བྱས་པའི་ཆོས་སྤྱོད་མང་པོ་གཡེང་བ་གང་གིས་ཀྱང་མི་འཕྲོག་པར་གཞན་གྱིས་མི་འགྲུབ་པ་འགྲུབ་པར་འདུག །དེ་བསྙེན་པ་ཡིན་ནམ། ཟོག་པོ་ཡིན་ཟེར་ཏེ་ཟོག་ལོངས་སྤྱོད་ཀྱི་ཕྱིར་བྱེད་པ་ཡིན། ཁོ་ནོར་རྫས་གང་ལ་ཡང་འདོད་པ་མི་འདུག དེ་ཟོག་པོ་ཡིན་ནམ་གསུང་པ་ལ་པག་ཤི་རྣམས་སྨྲ་བ་མེད་དོ། །ཡང་མི་ཆེན་རྣམས་ལ། པག་ཤི་བཟང་པོ་གཅིག་ཁུགས་པ་ཡིན་ཏེ། ཁྱེད་རྣམས་ཀྱིས་བསྟེན་པ་མ་བྱུང་གསུང་། པུས་མོ་བཙུགས་ནས་གོང་མ་རང་གིས་ལུང་ཤོར་བས་ངེད་རྣམས་ཀྱིས་ཐབས་མེད་ཞུས་པས། ངས་ལུང་ཤོར་ཡང་ཁ་ཟས་ལ་བརྩི་བ་གཅིག་འདུག་པ་ཁྱེད་ཀྱིས་ཟས་སྣ་ཚོགས་བྱིན་ན་ལེགས་པ་ཡིན་ཏེ་ཞེས་ཐུགས་ཆད་ཀྱང་གསུང་སྐད། ངས་བྱང་ཆུབ་ཀྱི་སེམས་ཚད་མེད་པས་ཀུན་ནས་བླངས་ནས། སེམས་ཅན་མང་པོ་ལ་ལས་འབྲེལ་བཞག །འུ་ལག་གཞོན་པ་རྣམས་ཀྱང་ངན་སོང་ལས་ཐར་བ་ཡིན་གསུང་། དེ་ལྟར་སྐྱེས་མཆོག་དམ་པ་འདིས་སྔ་ཕྱིར་པཎྜྻི་ཏ་རཝིཤྲི་བྷ་ཏྲ་དང་། པྲ་བ་ཀ་རཿཆག་ལོ་ཙྪ་བ་ལ་སོགས་པ་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་བསྟེན་ཅིང་། རིག་པའི་གནས། གཞུང་། གདམས་པ་མང་དུ་གསན། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལ་སོགས་པའི་འགྱུར་དང་། དུས་འཁོར་སོགས་ཀྱི་བསྟན་བཅོས་མང་དུ་མཛད། བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་ལ་སོགས་པའི་ཡི་དམ་གྱི་ལྷ་དུ་མ་གཟིགས། བདག་ཉིད་ཡི་དམ་གྱི་གཟུགས་སུ་སྣང་བ་ལ་སོགས་སྤྲུལ་སྒྱུར་ལ་དབང་ཐོབ། ཐུགས་དམ་མཉམ་རྗེས་མི་མངའ་ཡང་། ཉིན་ཞག་ཕྲུགས་གཅིག་གི་སྔ་དྲོོ་ཕྱི་དྲོོའི་ཐུན་ལ་བདེ་མཆོག་གི་ཕྱི་རོལ་མཆོད་པ། ཐུན་མཚམས་སུ་ཐུགས་བསྐྱེད་ལེན་པ། ཐུགས་དམ་གཏོར་མ་ཆ་བཅུ་བདུན། ཐུན་མོང་གི་བཅུ། འཛམ་ལྷ་རིགས་གསུམ་སོགས་ཆུ་སྦྱིན། གུང་ལ་བདེ་བར་གཤེགས་པའི་སྐུ་གདུང་ལ་ཕྱག་མཆོད་སྐོར་བ། ཕྱི་དྲོོ་ཞི་བའི་སྦྱིན་སྲེག་རྣམས་མི་འཆག་པར་མཛད། དུས་ཕྱིས་ཀྱི་བར་དུའང་། ཐོས་པ་བཙལ་བས་མི་ངོམས་ཤིང་། ཡོན་ཏན་ཅུང་ཟད་དང་ལྡན་ན་བླ་མའི་གནས་སུ་མ་ལོངས་པ་ལའང་། གུས་པས་བཏུད་ནས་ལེན་པ་དང་། གསུང་རབ་དུ་མ་གཟིགས་པ་དང་། འབྲིར་འཇུག་པ་དང་། གཞན་ལ་རྒྱུད་འགྲེལ་ཆ་ལག་དང་བཅས་པ་མང་དུ་བསྒྲུབས་ནས་བྱིན་ཏེ་བཤད་པར་བསྐུལ་བ་དང་། བདོག་པའི་དངོས་པོ་རྣམས་བླ་མ་དང་རྡོ་རྗེ་གདན་གྱིས་ཐོག་དྲངས་པའི་ཞབས་རྟོག་དང་སྦྱིན་གཏོང་མཛད་དེ། ཡོངས་སུ་འཛིན་པ་མི་མངའ་བ་དང་། གང་ཟག་མཆོག་དམན་དུ་མའི་བློ་དང་། སྐད་རིགས་སྣ་ཚོགས་དང་མཚམ་པར་སྟོན་པས་སོ་སོར་ཚིམ་པར་མཛད་པ་དང་། ནད་དང་གདོན་གྱིས་གཙེས་པ་རྣམས་བྱིན་བརླབས་དང་རྟེན་འབྲེལ་གྱིས་ཞིི་བར་མཛད་པ་དང་། བར་དོའི་སེམས་ཅན་གཟིགས་ཤིང་གནས་པར་བར་མཛད་པ་དང་། གཞན་གྱི་སེམས་ཤེས་པ་དང་ལྐོག་དུ་གྱུར་པ་མཐོང་པ་དང་། ཐུགས་གཏད་ཙམ་གྱིས་བྱ་ལ་སོགས་པའང་ཏིང་ངེ་འཛིན་དུ་འགྲོ་བ་དང་། རང་རྒྱུད་ཀྱི་ཆགས་པ་དག །ལྦ་བ་སྦུབས་སུ་ནུབ། བདེ་དྲོད་ཀྱི་ཡེ་ཤེས་བརྒྱས། རས་རྐྱང་རེ་གསོལ། ཀུན་རྟགས་ཀྱི་ངོ་ཚ་ལས་གྲོལ། སྤྱོད་ལམ་ལྷུག་པར་མཛད། འདུ་བ་རོ་སྙོམས། ཕྱི་ནང་གི་ཟག་པ་དངས། གཞན་གྱི་བསམ་པ་ཇི་ལྟ་བ་བཞིན་མཁྱེན། འཕྲིན་ལས་བཞི་དང་ལས་ཆེན་བཅུ་གཉིས་ལ་དབང་འབྱོར་པས་རྒྱ་གར་རྒྱ་ནག ཁ་ཆེ་བལ་པོ། ཨུ་རྒྱན་ཛཱ་ལན་དྷ་ར། བོད་མི་ཉག་རྣམས་ཀྱི་རྒྱལ་འབངས་སྐྱེ་བོའི་ཚོགས་ཕལ་པ་དང་པཎྜྻི་ཏ་དང་དགེ་བའི་བཤེས་གཉེན་ཁྱད་པར་བ་དུ་མ་སྨིན་ཅིང་གྲོལ་བར་མཛད་དེ། ངས་ཕྱོོགས་གཅིག་དུ་བསྐྱངས་ན་ཚོགས་པ་དང་ལོངས་སྤྱོད་རྗེ་འབྲི་ཁུང་བ་དང་མཉམ་པ་ཡིན་གསུང་། དེ་ནས་དགུང་ལོ་བདུན་བཅུ་སྤྲེའུའི་ལོ་ནས་བཞུགས་པའི་གསུང་མང་དུ་བྱོན་ཏེ། དབང་ཁྲིད་གདམས་པ་རྒྱ་ཆེར་བསྟན་ནས། ངས་སྔོན་ཁྲིད་བཏབ་པ་རྣམས་ལ་ཉམས་ཚན་ཆེ་བ་གཅིག་སྐྱེ་ཡིན་འདུག །དུས་ཕྱིས་རྟོགས་པ་ངོ་འཕྲོད་པ་ཤས་ཆེ་བར་འདུག་གསུང་། དེ་རྗེས་དགུང་ལོ་བརྒྱད་ཅུ་ཞེས་པ་ལ་སྐུ་ལ་སྙུན་མི་མངའ་ཡང་། སྐུ་ཤེད་ཅུང་ཆུང་བར་གྱུར་ནས་གདུལ་བྱ་རྣམས་ལ་ཞལ་ཏ་དང་། བྱིན་བརླབས་ཀྱི་ཕྱི་མ་མཛད་དེ། བྱའི་ལོ་ཁྲུམས་ཀྱི་ཟླ་བའི་ཚེས་ཉི་ཤུའི་ཚེ་སྤྲུལ་པའི་སྐུ་གང་ནས་བྱོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རུ་བསྡུ་བར་མཛད། འབྲུག་དང་། གློག་དང་། ཆར་དང་། མཇའི་འོད་འཁྲུག་པའི་ལྟས་དུ་མ་དང་བཅས་ཏེ། མར་གྱི་ཚེས་བཅུ་ལ། བཅོམ་ལྡན་འདས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་དབུས་སུ་སྐུ་ལ་ཞུགས་ཕུལ་བས་སྐུ་གདུང་དང་རིང་བསྲེལ་གྱི་སྣང་བ་འཕྲོ་བས་རྗེས་འཇུག་ཚིམ་པར་མཛད་དོ། །ཡོངས་སུ་གྲུབ་པའོ།། །།བདག་ཉིད་ཆེན་པོ་དངོས་གྲུབ་བརྙེས་པའི་གནས་ལས་མཚན་དུ་གསོལ་བ་ཨུ་རྒྱན་པ་ཡོངས་སུ་གྲངས་པའི་སྲས་སྤྲུལ་པའི་སྐུ་རང་བྱུང་རྡོ་རྗེ། གཡའ་བཟངས་པ་རིན་པོ་ཆེ་མཁར་ཆུ་བ། སྙེ་མདོ་བ་ཀུན་མཁྱེན་ཀུན་དགའ་དོན་གྲུབ། གླང་ཁོར་གྱི་འཇམ་དབྱངས་བསོད་ནམས་འོད་ཟེར། བཞིའོ། །དེ་དང་ཉེ་བ་བརྒྱད་ནི། ཨ་པ་ལུང་པ་འཇམ་དབྱངས་རྡོ་རྗེ། འབྲི་ཁུང་གི་བླ་མ་ཆོས་བློ། མུས་པ་སྐུ་ཞང་པ། བླ་མ་ལྷར་རྗེ་པག་ཤི། མེ་ཤེལ་བ། མཁའ་འགྲོ་ཕུག་པ། བླ་མ་གདན་ས་བ། མཆོག་ཏུ་གྱུར་པ་བཞི་ནི། གྲུབ་ཐོབ་སྙེ་མོ་ག་པ། ཚ་ཆུང་བ། གཡག་མགོ་བ། སྐྱེས་མཆོག་དམ་པ་རི་ཁྲོད་པའོ། །རྣལ་འབྱོར་པ་སྣོ་དར་བའི་སློབ་པ་ནི། རྒྱ་གར་གྱི་མུ་སྟེགས་བྱེད་ཨ་ཡ་དབང་ཕྱུག་པ་སྦ་རས། རྟོགས་ལྡན་ཨ་རི་དགས། རྩིབས་རི་ཟུར་ཕུག་པ། རྟོགས་ལྡན་ཟླ་བ་སེང་གེ །མཐའ་བཞི་དཔོན་རས། ཤན་ཏི་རས་པ། དབུ་མ་པ། བླ་མ་ར་ཙེ། རྒྱ་རི་བ། རིན་རྡོར་བ་ལ་སོགས་པ་མང་པོ་དང་། དགེ་བའི་བཤེས་གཉེན་གྱི་སློབ་མ་མཁན་ཆེན་ཤེར་པ། ལ་ཞིང་བ། ཉི་མ་ལུང་པ། རྨོག་ཅོག་པ། སོངས་དཀར་བ། དགེ་སྡིངས་པ། ཕུག་ཆུང་བ། ཆག་ལོའི་དབོན་པོ་བསྟན་འཛིན་དཔལ། ལྷ་བཙུན་ཡེ་ཤེས་འོད། དགེ་བའི་བཤེས་གཉེན་ཉི་མ་རྒྱལ་མཚན། ཤོང་ལོ་ཙ་བ་རྡོ་རྗེ་རྒྱལ་མཚན། སྒྲ་ཚད་པ་རིན་ཆེན་རྒྱལ་མཚན། བླ་མ་རྣམ་གྲོལ་བ་ལ་སོགས་པ་མང་དུ་བཞུགས་སོ། །རྒྱལ་བ་རྣམས་ཀྱིས་དམ་པའི་ཆོས་འཛིན་པར་གྱུར་ཅིག། །

དཔལ་ཆེན་རང་བྱུང་རྡོ་རྗེའི་རྣམ་ཐར།

ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུྃ། ཨེ་མ་ཧོ། དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་ཀྱི། །མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པས། །ཉིད་ལས་བྱོན་པའི་གྲུབ་ཆེན་བརྒྱད་ལ་སོགས། །ཀུན་ཀྱི་ནང་ནས་བརྫུས་སྐྱེས་སློབ་དཔོན་ཉིད། །པདྨ་རྒྱལ་པོས་བྱིན་བརླབས་དུས་མཐའ་ཡི། །རྣལ་འབྱོར་བདག་དང་གཞན་པ་ཡི། སྐལ་ལྡན་འབྱུང་ཞེས་མཛད་པ་པོ། །ཨུ་རྒྱན་དབང་ཕྱུག་བླ་མ་རྗེ་ལ་འདུད། །ཡུན་རིང་དབང་གིས་འཁོར་བ་ཐོག་མེད་ནས། །བདག་བློ་དམུ་རྒོད་མ་རིག་འཐིབས་པོས་བསྒྲིབ། །དེ་ཕྱིར་ཡུན་རིང་དོན་མཆོག་མ་རྟོགས་ཀྱང་། །བསྟན་པ་འདི་འདི་རྩོད་ལྡན་དང་པོའི་དུས། །རྫོགས་ལྡན་དང་པོ་ཨེནྟྲ་བྷཱོ་ཏི་ཡི། །རྗེས་འཇུག་མཐོང་ན་ཡིད་དུ་འོང་བ་ནས། །དྲིན་ཆེན་འཛམ་གླིང་ཡོངས་གྲགས་ཡན་ཆོད་དུ། །བསམ་གྱིས་མི་ཁྱབ་ཏིལ་སྦྱང་ནང་ནས་ནི། །ལོ་རེ་བཞིན་དུ་ཏིལ་ཕྱུངས་ཟད་ཙམ་ན། །ཟད་པ་མཐའ་ཡས་བསམ་གྱིས་མི་ཁྱབ་པར། །ཡང་དག་དོན་ལ་འཕོ་འགྱུར་མ་བྱུང་གསུང་། །དུས་མཐའི་རྣལ་འབྱོར་རང་བྱུང་རྡོ་རྗེ་ནི། །དུས་ན་སྒྲིབ་གཡོགས་འཐིབས་པོས་བསྒྲིབས་པའི་ཕྱིར། །སྔ་ཕྱིའི་དུས་རྣམས་རྒྱས་པར་མ་དྲན་ཡང་། །སྔོན་མས་བསྐུལ་ཕྱིར་ཅུང་ཟད་ཙམ་གཅིག་བྲིས། །དེ་ལ་སྔོན་གྱི་དུས་ན་རྒྱ་གར་གྱི་ཡུལ་དུ་སྐྱེས་པ་ཡིན་པ་མང་པོ་གཅིག་དྲན་པར་འདུག དཔང་པོ་མེད་པའི་ཕྱིར་བཟླས་ཀྱང་ཐེ་ཚོམ་ཅན་རྣམས་ཡིད་ཆེས་པར་མི་འགྱུར། སྐབས་སུ་ཅུང་ཟད་ལས། ཤྲཱི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ། མཁན་པོ་ཉི་མའི་སྙིང་པོ་དང་། སློབ་དཔོན་ཨ་ཀ་ར་སི་ཏི་གཉིས་ཀྱི་དྲུང་དུ་དགེ་ཚུལ་བྱས་ཤིང་། ཡུལ་གཞན་ཞིག་ཏུ་ཕྱིན་པས་སློབ་དཔོན་གཅིག་དང་མཇལ། སློབ་དཔོན་དེས་ཀླུ་སྒྲུབ་ཞེས་གྲགས་པ་དེ་ཡིན་པ་འདྲ། དེའི་རྗེས་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སློབ་མ། དཔལ་རྟ་མགྲིན་ལ་ནུས་པ་ཐོབ་ཅིང་། སྤྲུལ་པ་སྣ་ཚོགས་སྟོན་ནུས་པ་གཅིག་ཡིན་པར་སྣང་། གཞན་ཡང་དེའི་དུས་སུ་རྫུ་འཕྲུལ་དང་ནུས་པ་སྣ་ཚོགས་པས་འགྲོ་བའི་དོན་བྱེད་པ་དང་། འགའ་དང་འགའ་ཞིག་དྲན་པར་འདུག་སྟེ། མང་པོ་བརྗོད་པས་ཡིད་ཆེས་པར་སུ་ཞིག་འགྱུར། ཁྱད་པར་དུ་ཡང་དེའི་དུས་སུ་ངན་ལམ་རྒྱལ་བ་མཆོག་དབྱངས་ཞེས་གྲགས་པ་དེ་དང་དུས་མཚུངས་པ་ཡིན་པ་འདྲ། ཡང་གཉུག་མ་སྐྱེ་འགག་མེད་པའི་ངང་ནས་གཟུགས་སྐུའི་འཕྲིན་ལས་སྣ་ཚོགས་སུ་སྟོན་པ་ལས། བར་སྐབས་གཅིག་ཏུ་རྒྱ་གར་གྱི་རྣལ་འབྱོར་པ། འདར་མ་བོད་དེ་ཞེས་བྱ་བ་དེ་དང་དུས་མཚུངས་པ་ཡིན་པ་འདྲ། དེ་ཡང་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་བྱེད་ཅིང་། གདུལ་བྱ་མི་རྣམས་ལ་སྣང་བ་བསམ་གྱིས་མི་ཁྱབ་པ་སྟོན་པ་དེ་ལྟ་བུ་གཅིག་བྱུང་བ་ཡིན་པ་འདྲ། གཞན་ཡང་དེ་མ་གཏོགས་པ་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། མཆོག་ཐོབ་པའི་གྲུབ་ཆེན་བརྒྱད། གཞན་ཡང་རྣལ་འབྱོར་གྱི་དབང་ཕྱུག་གྲངས་ལས་འདས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ། རྗེ་ཀ་མ་ལ་ཤི་ལ་དེ་དང་འབྲེལ་བ་ཡོད་པས། དེའི་སློབ་མ་རང་ཡང་ཡིན་ཞིང་། གདམས་པ་ཅུང་ཟད་ཐོབ་པ་ཡིན་པ་འདྲ། དོན་མེད་པ་མང་པོས་ཅི་ཞིག་བྱ། གཞན་ཡང་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་པུ་ཏོ་བ་ཆེན་པོ་དེ་ཡིན་སྙམ་པ་ཡང་བྱུང་། དེའི་དུས་སུ་ཁ་རག་སྒོམ་ཆུང་ཞེས་གྲགས་པ་དེ་དང་ཡང་དུས་མཚུངས་པ་ཡིན་པ་འདྲ། དེའི་བག་ཆགས་ཀྱི་ལྷག་མས་དིང་སང་ཡང་ཁ་རག་པའི་གདམས་པ་རྣམས་མཐོང་བ་ཙམ་གྱིས་གོ་བ་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེ་བར་འདུག །དེ་མ་གཏོགས་པ་ཡང་སྣེ་ཟུར་བ་ཆེན་པོ་ཞེས་གྲགས་པ་དེ་དང་ཡང་འབྲེལ་བ་གཅིག་ཡོད་པ་འདྲ། གཞན་ཡང་དེ་མ་གཏོགས་པ་ཡང་འགའ་དང་འགའ་ཞིག་དྲན་པར་འདུག་སྟེ། དཔང་པོ་མེད་པའི་ཕྱིར་སུ་ཞིག་ཡིད་ཆེས་པར་འགྱུར། གཞན་ཡང་དཔལ་ལྡན་དུས་གསུམ་མཁྱེན་པ་དང་། རིན་པོ་ཆེ་ཀརྨ་པ་དང་ཐ་དད་མེད་པ་དེ་ཉིད་སྐབས་སྐབས་སུ་རང་ཉིད་ཡིན་སྙམ་པ་བྱུང་། གཞན་ཡང་དཔལ་ལྡན་དུས་གསུམ་མཁྱེན་པའི་གདམས་ངག་རྣམས་རང་བཞིན་གྱིས་ཤེས་ཤིང་རང་བཞིན་གྱིས་གོ་བ་དང་ཤེས་པ་བྱུང་། དེ་མ་གཏོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲིས་བྱིན་གྱིས་བརླབས་པ། རྒྱ་གར་གྱི་རྣལ་འབྱོར་ཆོས་ཀྱི་དབང་ཕྱུག་ཞེས་བྱ་བ་གཅིག་ཏུ་གྱུར་ནས། གར་འགྲོ་གར་འདུག་ཆ་མེད་པར་གདུལ་བྱ་རྣམས་ལ་དག་པའི་སྣང་བ་དཔག་ཏུ་མེད་པ། །སྟོན་པ་གཅིག་བྱུང་བ་འདྲ། གཞན་ཡང་འགྲོ་བའི་མགོན་པོས་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོ་དང་ལྡན་པས་གཟིགས་པ། ཀརྨ་པ་ཆེན་པོ་དེ་ཉིད་ཀྱིས་གདམས་པ་རླུང་སེམས་ཀྱི་གནད་མཐོང་བ་དང་ཐོས་པ་ཙམ་གྱིས་ཤེས་ཤིང་ཕྱོགས་མེད་གོ་བ་ལ་སོགས་པ་འདུག་སྟེ། དེའི་དོན་གྱིས་ད་ལྟར་ཡང་དུས་གསུམ་མཁྱེན་པའི་གདན་ས་རྣམས་གསོའི་ཞིང་སྐུ་གསུམ་ངོ་སྤྲོད་ཀྱི་གནད་ཀྱིས་སྨིན་ཅིང་གྲོལ་བའི་ལམ་ཁྱད་པར་ཅན་སྟོན་པ་སྟེ། དེའི་དོན་གྱིས་དེང་སང་ཡང་ཕྱོགས་མེད་དུ་སེམས་ཅན་གྱི་དོན་བྱེད་པ་སྟེ། གདུལ་བྱ་མི་རྣམས་ཐམས་ཅད་གྱིས་རླུང་སེམས་ཀྱི་གནད་ཕྱོགས་མེད་དུ་གོ་ཞིང་རྟོགས་ནས་མཁྱེན་པར་འགྱུར་རོ། །དེ་ཡན་ཆད་ཀྱིས་སྔར་འདས་པའི་སྐྱེ་བ་སོང་ནས། །ཡང་བར་དེའི་རྣམ་པར་ཐར་པ་ནི། ལུག་ལོ་ཟླ་བ་གཅིག་པའི་དུས་ནས་ཅུང་ཟད་ཁམས་མ་བདེ་བ་དང་། མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡང་ཞིང་ཁམས་གཞན་དུ་གཤེགས་པའི་ལྟས་དང་ཆོས་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། འཇའ་ཚོན་གྱི་ལུས་ནམ་མཁའ་ལ་འཕགས་ཏེ། སྟེང་ལྷའི་ཡུལ་དུ་ཕྱིན་པ་དང་། ལྷའི་སྒྲ་སྙན་དང་རོལ་མོ་སྣ་ཚོགས་པས་བསུ་བ་བྱེད་ཅིང་། ལྷའི་གདུགས་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་སྣང་བ་འདུག་ཅིང་དེར་འདུག་པས། སེམས་ཅན་རྣམས་ལ་སྙིང་རྗེ་ཚད་མེད་པ་བསྒོམ་ཞིང་། སྐྱེ་བ་མེད་པའི་ངང་ནས་འགག་པ་མེད་པའི་རྩལ་སྦྱོང་ཞིང་གནས་པའི་དུས་སུ། ཞིང་སྐྱོང་འགྲོ་མ་ཉི་ཤུ་རྩ་ལྔ་འོངས་ནས། ཉམས་ཀྱི་སྣང་བ་ལ་འདི་སྐད་ཟེར་ཞིང་འདུག་གོ །ཁྱེད་དལ་འབྱོར་གྱི་མི་ལུས་བླང་རེ་རན། །སངས་རྒྱས་ཀྱི་བསྟན་པ་བཟུང་རེ་རན། །འགྲོ་དྲུག་གི་ཕ་མ་བྱ་རེ་རན། །དུས་ལ་བབ་བོ་ས་མ་ཡ། དེ་སྐད་ཟེར་ཞིང་འདུག་པ་མཐོང་ནས། འདི་འཁྲུལ་པའི་སྣང་བ་ཡིན་སྙམ་པ་བྱུང་ནས། རྣམ་རྟོག་བཤིགས་ཀྱང་མཁའ་འགྲོ་མ་རྣམས་འགྲོ་རུ་མ་འདོད། ཁོང་རྣམས་ཀྱི་ལན་གཞལ་བ་དེ། ཁྱེད་འོངས་པ་གང་ནས་འོངས་པ་ཡིན། །ཁྱེད་རྣམས་འདི་རུ་ཅི་བྱེད་འོངས། །དལ་འབྱོར་མི་ལུས་བླང་དུ་ཕ་མ་མེད། །སངས་རྒྱས་བསྟན་པ་བཟུང་དུ་ཤེས་རབ་མེད། །འགྲོ་དྲུག་གི་ཕ་མ་བྱ་རུ་ལས་འཕྲོ་མེད། ལུང་བསྟན་གྱི་རྒྱལ་ཚབ་གཞན་དུ་ཚལ་ལོ། །དེ་སྐད་ཅེས་སྨྲས་པ་ཡིས། ཁོང་རྣམས་ན་རེ། ངེད་འོངས་པ་མི་ཡུལ་མཐིལ་ནས་འོངས། །ཡིན་པ་ཞི་ཞིང་སྐྱོང་གི་མཁའ་འགྲོ་ཡིན། མི་ཁྱོད་ལ་བསྐུལ་མ་མི་འཚལ་སྟེ། །འགྲོ་དྲུག་གི་དོན་དུ་བསྐུལ་དུ་འོངས། ཟེར་ནས་རང་རང་གི་མིང་དང་སྲོག་གི་སྙིང་པོ་ཕུལ་བ་ནི། གསང་བ་རྡོ་རྗེ་ཐོག་འབེབས་མ། །གཙུག་ན་རྡོ་རྗེ་དཔལ་འབར་མ། །མཐའ་ན་རྡོ་རྗེ་སྟོབས་མོ་ཆེ། །ལག་ན་རྡོ་རྗེ་མཐུ་རྒྱལ་མ། ཁ་ན་རྡོ་རྗེ་དུང་སྒྲ་མ། ངེད་ཞིང་སྐྱོང་གི་གཙོ་མོ་ཆེན་མོ་ལྔ། །བདག་ཉིད་ཆེན་མོ་རྡོ་རྗེ་གྲགས་མ། །གངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་། །དཔལ་ལྡན་རྡོ་རྗེ་ཧ་རི་ཡ་མ་སྐྱོང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། བདུད་འདུལ་གཙོ་མོ་ཆེན་མོ་བཞིའི། །གཏུད་ལ་འགྲོ་བཟང་མ། །མི་གཡོ་རྡོ་རྗེ་གླང་བཟང་མ། །བཀྲ་ཤིས་རྡོ་རྗེ་ཚེ་བསྲིང་མ། །སྟག་གཟིག་རྡོ་རྗེ་ཁྱུང་མགོ་མ། །ཆོས་སྲུངས་གཙོ་མོ་ཆེན་མོ་བཞི། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་རླུང་མོ་ཆེ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །རྨ་རི་རབ་འབྱམས་རྡོ་རྗེ་གྲག་མོ་རྒྱལ། །གདོན་འདུལ་གཙོ་མོ་ཆེན་མོ་བཞི། །ས་ཏྲི་རྡོ་རྗེ་འབྲི་བཟངས་མ། ཏཱག་ཤ་དུང་གི་རྡོ་རྗེ་སྒོ་མོ་ཆེ། །ཆགས་སོ་རྡོ་རྗེ་སྟོབས་མོ་ཆེ། །གྷ་གྷ་རྡོ་རྗེ་རོལ་མོ་གྲི། །སྒོ་བཞི་སྲུང་བའི་གཙོ་མོ་བཞི། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོངས། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །མ་བཙུན་ཁུག་ཆོས་རྡོ་རྗེ་དབྱར་མོ་བསིལ། གཡུ་ཡི་སྐེད་སྙན་རྡོ་རྗེ་སི་ལེ་མ། །ཡིད་འགྱུར་གྱི་གཙོ་མོ་ཆེན་མོ་བཞི། །ངེད་ཀྱིས་ཁྱེད་ཏེ་མ་ཁུལ་ན། །རོགས་ཀྱང་མང་དུ་སྦྲན་ནོ་སྐད། །རོགས་ཅི་ལྟར་སྦྲོན་བགྱིས་པས། །སྦས་པའི་ཡུལ་གཞི་བསྲུང་བ་ཡི། །གཙོ་མོ་ཆེན་མོ་བཞི་དང་ནི། །ཆོས་སྐྱོང་མགོན་པོ་བེར་ནག་ཅན། དེས་ཀྱང་ཁུལ་བར་མ་གྱུར་ན། །བར་སྣང་ལྷ་བྲན་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆོད་བར། །འཇིག་རྟེན་སྲིད་པ་གང་ཡང་ཁུལ། །དེ་སྐད་ཟེར་ཞིང་འདུག་ཐོས་ནས། །འོ་ན་རོགས་བོས་དང་བྱས་པས། །བུད་མེད་ཆེན་མོ་བཞི་འོངས་ནས། །བཞི་ནི་རྡོ་རྗེ་ས་དྲི་ཡིན། །དེ་འོག་ལི་བཙུན་རྡོ་རྗེ་བུ་སྐྱོང་མ། །དེ་འོག་རྡོ་རྗེ་ཕུ་ཆུ་སྨན་གཅིག་མ། །དེ་འོག་རྡོ་རྗེ་གཡུ་ཆུང་ལགས། །སྦས་པའི་ཡུལ་བཞི་བསྲུང་བའི་གཙོ་མོ་བཞི། །ཆོས་སྐྱོང་མགོན་པོ་བེར་ནག་ཅན། །མྱ་ངན་མི་འདའ་སྐུ་དང་གྲིབ་མར་སྟོད། །དེ་སྐད་ཟེར་ཞིང་འདུག་ལགས་པས། །བསྐུལ་འདེབས་ཀྱི་ཚིགས་དེ་འདི་སྐད་དུ། །འགྲོ་དྲུག་གི་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་གནས་ན་ཉོན་རེ་མོངས། །སེམས་ཅན་གྱི་འགྲོ་དོན་བྱ་རེ་རན། །ཞེས་པའི་ཚིགས་དེ་སྐད་ཟེར་ཞིང་སྣང་བའི་དུས་སུ། བག་ཆགས་དང་འཕྲུལ་པ་ཡིན་སྙམ་ནས། རྣམ་རྟོག་བཤིགས་ཀྱང་འགྲོར་མ་འདོད། དེ་ཡང་ཡང་བསྐུལ་གྱིན་འདུག་པའི་ཚེ། ཁོ་བོས་ལན་གཞལ་པ། བདག་འཛིན་གྱི་རྣམ་རྟོག་བྲག་བས་སྲ། ང་རྒྱལ་རི་བོ་གནམ་བས་མཐོ། འདི་ལ་ཐོས་པའི་གཟོང་བཙུགས་ནས། །བསྒོམ་པའི་སྒྱོགས་གཅིག་བརྒྱབ་ལགས་ཀྱང་། །འཇིག་པ་བེས་སེར་ག་ཡང་ངས་མ་མཐོང་། །འགྲོ་དྲུག་ཀུན་སྐུ་ཁམས་ཅི་བདེར་བཞུགས། །ཞིང་སྐྱོང་ཀུན་ཅི་ལྟར་དགྱེས་དགྱེས་མཛོད། །ཅེས་སྨྲས་པས། བར་སྣང་གི་ལྷ་བྲན་མན་ཆད་དང་། །ས་འོག་གི་ཀླུ་དང་ལྟོ་འཕྱེ་ཡན་ཆད་ཐམས་ཅད་ཚོགས་ནས། ཕྱག་ཕྱོགས་མེད་པ་ཐམས་ཅད་ནས་ཕུལ་ཏེ། ཡང་འདི་སྐད་དུ། གསོན་དང་རྒྱལ་སྲས་ལྷ་ཡི་བུ། །ལྷ་ལྟུང་བའི་སྡུག་བསྔལ་བཟོད་གླགས་མེད། །ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ཉོན་རེ་མོངས། །མི་སྐྱེ་ཤིའི་སྡུག་བསྔལ་བསམ་ལས་འདས། །བྱོལ་སོང་གླེན་རྨུགས་ཀྱི་སྡུག་བསྔལ་རྒྱ་རེ་ཆེ། །ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་བསམ་ལས་འདས། དམྱལ་བ་ཚ་གྲང་གི་སྡུག་བསྔལ་སུན་ཡིས་ཐེབས། །སངས་རྒྱས་ཀྱི་བསྟན་པ་སུན་ཁས་འཛིན། འགྲོ་དྲུག་གི་ཕ་མ་སུ་ཁས་བྱེད། །དཀོན་མཆོག་གི་དབུ་འཕང་སུ་ཁས་བསྟོད། །ཀྱི་ཧུད་ཀྱི་ཧུད་སྡུག་རེ་བསྔལ། །ཟེར་ཞིང་སྡུག་བསྔལ་བྱེད་པ་མཐོང་། དེ་ནས་ཁོང་རྣམས་སྡུག་བསྔལ་བའི་ཡུལ་དུ་མཐོང་ནས། ཁོང་རྣམས་ལ་ལན་གཞལ་བ་ནི། སྤྱིར་རྒྱལ་བའི་ཞིང་ཁམས་བསམ་མི་ཁྱབ། སྒོས་ཁྱད་པར་འཛམ་བུའི་གླིང་ཤེད་ནས། །དགེ་བཤེས་གྲང་ལས་འདས་པ །ཆོས་མཛད་བསམ་གྱིས་མི་ཁྱབ་པས། །ལུང་བསྟན་གྱི་རྒྱལ་ཚབ་གཞན་དུ་ཚོལ། །འགྲོ་དྲུག་གི་ཕ་མ་དེ་རུ་ཚོལ། །སངས་རྒྱས་ཀྱི་བསྟན་པ་ཆོས་མཛད་ཚོ་ཡིས་སྲུངས། །དཀོན་མཆོག་གི་དབུ་འཕང་ཞིང་སྐྱོང་ཚོ་ཡིས་སྟོད། །འགྲོ་དྲུག་གི་ཕ་མ་དགེ་བཤེས་ཚོ་ཡིས་མཛོད། །ཁྱེད་རང་ཚོ་ཅི་ལྟར་དགའ་དགའ་གྱིས། །ཁོ་བོས་དེ་སྐད་ཅེས་སྨྲས་པས། ཡང་མཁའ་འགྲོ་རྣམས་ཀྱིས་འདི་སྐད་དུ། དགེ་བཤེས་ཚོ་ཕྲག་དོག་ཆེ་བ་དང་། །ཆོས་པ་ཚོ་འགྲན་སེམས་ཆེ་བ་ཡིས །འགྲོ་དྲུག་ཚོ་རྒྱུད་ངན་རིངས་པ་དང་། །ཕན་པའི་ཐབས་ཀྱང་མི་གདའ་བས། །མི་ཁྱོད་ལ་བསྐུལ་མ་ཅིས་ཀྱང་འདེབས། མཁའ་འགྲོ་མ་རྣམས་ཀྱིས་དེ་སྐད་ཟེར་བ་དང་། ཁོང་རྣམས་ཀྱི་ལན་གཞལ་བ། དལ་འབྱོར་གྱི་མི་ལུས་བླངས་པ་མི་བདོག་ལགས། །མཚན་ལྡན་གྱི་བླ་མ་རྙེད་པར་དཀའ། །སྙིགས་དུས་ཀྱི་མངལ་དེ་གྲིབ་རེ་ཆེ། །འདས་མ་འོངས་ཀྱི་སེམས་ཅན་ལ་འགྲོ་དོན་བྱ་བ་དཀའ། །ལར་ཁྱེད་དེ་སྐད་ཟེར་བའི་ཏིང་ཤེད་ལ། །རིགས་ལྡན་གྱི་ཕ་མ་རྙེད་སྲིད་ནས། །མཚན་ལྡན་གྱི་བླ་མ་དང་མཇལ་བ་ན། །ཞིང་སྐྱོང་ཀུན་ཀྱིས་ཆོས་སྐྱོང་བྱེད་ལགས་ན། །དབང་དང་བསྲེ་བ་རྫོགས་པར་ཞུ། །བརྡ་དང་བྱིན་རླབས་རྫོགས་པར་ཞུ། །ཁོ་བོས་དེ་སྐད་ཅེས་སྨྲས་པའོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས། བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བཞེངས་ནས། །ལྷ་དབང་བསམ་གྱིས་མི་ཁྱབ་པ་བསྐུར། །ཨཱ་ལི་ཀཱ་ལིའི་གླེགས་བམ་མང་དུ་བཀོད་ནས། །རིག་པ་ཡེ་ཤེས་ལྔའི་དབང་འདི་སྐད། །དབང་པོ་ལྔ་ལ་ངོ་སྤྲད་ནས་ཕ་རོལ་དུ་ཕྱིན་པའི་དོན་དབང་ཡིན་སྐད། སྐྱེ་མེད་དོན་རྟོགས་ཀྱི་དབང་འདི་ནི། །ཚིགས་སུ་བསྐུར་དུ་ཚིགས་ལམ་ཆད། །བར་ཡིས་མཚོན་དུ་བརྡ་ལམ་ཆད། །དཔེ་ཡིས་མཚོན་དུ་དཔེ་ལམ་ཆད། །འཁྲུལ་པས་མཚོན་དུ་འཁྲུལ་ལམ་ཆད། །དབང་འདི་སུས་ཀྱང་བསྐུར་དུ་མི་འདོད་པས། །ངེད་ཀྱིས་ཞལ་ཆེམས་མཚོན་མ་བཏུབ། །རང་ལ་ལྷང་ངེ་ལྷམ་མེར་འཆར། །ས་ལེ་སིང་ངེ་ཧྲིག་གེར་འཆར། །ཝ་ལེ་ཁྱུག་གེ་ལམ་མེར་འཆར། །འཁོར་འདས་ཀྱི་སྣང་བ་མ་ནུབ་ཀྱང་། །སངས་རྒྱས་ཀྱི་འཕྲིན་ལས་རྫོགས་པར་འབྱུང་། །སེམས་ཅན་གྱི་འགྲོ་དོན་དེ་རུ་གྲུབ། ཅེས་གསུངས་ནས། དབང་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་མཛད་དོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པ་ནི། ཐམས་ཅད་མགྲིན་གཅིག་ཏུ་བསྡེབས་ནས། འདི་སྐད་དུ། །གདུགས་དང་ཞ་བུ་བསིལ་ཡབ་དང་། །རིག་པ་དངས་པར་བྱེད་པ་འདི། །དབུ་གདུགས་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གསེར་ཉ་ཡེ་ཤེས་སྤྱན་དང་གསལ་བ་ཡི། །ཉི་ཟླ་ལྟ་བུས་མ་རིག་མུན་པ་སེལ་མཛད་པ། སྤྱན་གཉིས་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྙན་དྲིལ་པིང་ཝང་གླིང་བུ་རོལ་མོའི་སྒྲ། །རིག་པ་གཟིངས་བསྟོད་ལྟ་བུར་གྱུར་པ་ཡི། སྙན་དྲིལ་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་༴ དབུ་ལ་ཤང་སྤོས་དྲི་ཞིམ་རྣམ་པ་སྣ་ཚོགས་དང་། །དབང་པོ་དག་ཅིང་གསལ་བར་གྱུར་པ་འདི་ཡི། ཤང་སྤོ༴ བཀྲ་ཤིས་དམ་པ་དེས་ཀྱང་༴ ཚེམ་དུང་རུས་པ་མཁྲེགས་པར་བྱེད་པ་ཡི། སྨན་དང་རྩི་རུ་གྱུར་པ་གང་ཡིན་པ། ཚེམ་དུང་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་༴ ལྗགས་ལ་པད་མ་སྦྲང་རྩི་དང་། །ཚིགས་དང་སྙན་ངག་བདེ་བར་འགྱུར་པ་ཡི། །ལྗགས་པད་མ་ལྟ་བུའི་བཀྲ་ཤིས་གང་ལགས་པ། བཀྲ་ཤིས་དམ་༴ མགུར་བུམ་རིན་ཆེན་སྣོད་དང་ནི། བདུད་རྩི་ཞལ་ཟས་སྐོམ་པ་སེལ་ཡིན་བའི་མཆོག འགུར་བུམ་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་༴ ཕྱག་འཕྲུལ་ཡི་གེ་བྲི་དང་བཟོ་རྒྱུད་སྣ་ཚོགས་དང་། །དགོས་འདོད་སྣ་ཚོགས་འབྱུང་བར་བྱེད་པ་ཡི། ཕྱག་འཕྲུལ་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་༴ ཐུགས་ལ་དཔལ་བེའུ་སྔ་མ་ཕྱི་མཐའ་དྲན། །བརྗེད་པ་མེད་པའི་རིག་པ་གསལ་བ་དང་། ཐུགས་དེ་དཔལ་འབར་ལྟ་བུའི་བཀྲ་ཤིས་གང་ལགས་པ། བཀྲ་ཤིས་དམ་པ་དེས་ཀྱང་༴ སྐུ་ནི་རྒྱལ་མཚན་སྟག་གཟིག་གོས་དང་ལྡན། །མི་ནུབ་རྒྱལ་མཚན་ལྟ་བུའི་ནོར་རྫས་དང་། །སྐུ་ནི་རྒྱལ་མཚན་ལྟ་བུའི་བཀྲ་ཤིས་གང་ལགས་པ། བཀྲ་ཤིས་དམ་༴ ཞབས་འཁོར་ལོ་རྟ་དང་ལོངས་སྤྱོད་སྣ་ཚོགས་དང་། །ཆོས་ཀྱི་འཁོར་ལོ་གྱུར་པའི་ལོངས་སྤྱོད་ཀྱིས། །ཞབས་འཁོར་ལོ་ལྟ་བུར་གྱུར་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཟེར་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་པོ་བརྗོད་ཅིང་དགྱེས་པའི་ང་རོ་དབྱངས་སུ་བརྗོད་ཅིང་འདུག་པ་མཐོང་ངོ་། །རེ་ཡང་རེ་སྟེ་བྱུང་ཡང་བྱུང་། །རིན་ཆེན་འཇའ་ཡི་ལམ་སྣ་བདོག དལ་འབྱོར་མི་ལུས་བླང་བདོག །མང་ཡུལ་བཀྲ་ཤིས་ཀྱི་གུང་ཐང་ན། །མ་ཇོ་མོ་བཀྲ་ཤིས་ཀྱི་གཡུ་ཆུང་མ། །གངས་ཞུར་མོ་གནས་པའི་མདུན་ཤེད་ན། །འོམ་ལུང་བཀྲ་ཤིས་ཀྱི་མཁན་ཐང་ན། །ཕ་ཐིག་ལེ་འོད་གསལ་གྱི་ཁང་པ་བདོག །རྩ་ཕུ་རིན་ཆེན་གྱི་མཆེ་བ་གངས། ཕུ་གསུམ་འདོམས་པའི་ཀློང་ཤོད་ན། རྩ་རླུང་མི་ལའི་འཁྲུངས་ས་བདོག །ལྷོ་རི་སྨུག་ལ་དམར་བའི་མདངས་ཆགས་པ། །བྱང་རི་དཀར་ལ་དམར་བའི་མདངས་དང་ལྡན་པ། མ་དགོས་འདོད་ལུས་ཀྱི་སྒྲོམ་བུ་བདོག །ཟེར་ཞིང་འདུག་པའི་དུས་སུ། འཇའ་ཚོན་ཁ་དོག་སྣ་དགུ་ལ་བྱས་པ་འདི་ནར་གྱིས་བྱུང་ནས། ཁོང་ཐམས་ཅད་འགྲོ་ཡིན་འདུག་པ་མཐོང་ངོ་། །དེའི་སྟེང་ལ་ཕྱིན་པས། ཤེལ་གྱི་ཁང་པ་གནམ་སྒོ་ཡོད་པ་ཕྱོགས་བཞི་སྟེང་དུ། དཀར་ལ་དྭངས་པ། འོག་སྨུག་ནག་ཏུ་བྱས་པ། ཕྱོགས་ཐམས་ཅད་འཇའ་ཚོན་དུ་ཤིག་གེ་འདུག་པ། དེ་འདྲ་བའི་ཁང་པའི་ནང་ན་ཡོད་ཙམ་ན། འདོད་ཆགས་ཁྲག་གི་རྦ་རླབས་བྱུང་ཟེར་ནས་ཐམས་ཅད་བྲོས་ཤིང་འདུག་པ་མཐོང་། དེར་གནམ་ཁུང་དགུ་པ་སྐས་དགུ་བཙུགས་པའི་སྐད་ཅིག་འཛེགས་ནས་ཕྱིན་པ་དང་། གནམ་ཁུང་ཆུང་ངུ་ནས་ཡར་མ་ཐར་བས། ལས་ཀྱི་རྣམ་སྨིན་ཐར་ལམ་དཀའ་ཟེར་བའི་སྒྲ་གཅིག་བྱུང་བ་ཡིས། ནག་རྨུག་ཏུ་སོང་ནས་བརྒྱལ། དྲན་བ་མདོ་ལོང་མདོ་ལོང་བྱུང་ཡིས། ནག་ལ་མུན་པ་ལྗི་ཞིང་འཐིབས་པ། ཁམས་ཅུང་འཚུབ་པ། དུས་ད་ལྟ་དྲན་ཡང་ཁམས་ཅུང་འཚུབ་དེ་ནས་དྲན་པ་གསལ་བར་སོང་བའི་ཚེ། རེས་འགའ་ཆུའི་རྦ་རླབས་སྤྱོད་པ་འདྲ། རེས་འགའ་རི་ཡིས་མནན་པ་འདྲ་རེས་འགའ་ཚ་ཞིང་བསྲེགས་པ་འདྲ། རེས་འགའ་གྲང་ཞིང་བསྐྱོད་པ་འདྲ། རང་རིག་འཐོམ་པའི་རླུང་ཡང་མེད། ཉོན་མོངས་ཀྱི་གདུག་རྩུབ་དེ་ན་འདྲ་དུས་ད་ལྟ་དྲན་ཡང་སྙིང་རླུང་ལྡང་། །ཞེས་པ་དེ་ཡན་ཆོད་ནི་བར་མ་དོ་ཡིན་ནོ། །ད་ལྟ་བ་རྣམ་པ་གསུམ་ནི་གཅིག་ནི་མགོན་པོ་བྱམས་པའི་དྲུང་ན་། བྱང་ཆུབ་སེམས་དཔའ་རིན་ཆེན་བློ་གྲོས་ཞེས་བྱ་བར་གྱུར་ནས། ལྷའི་ལོ་ཁྲི་ཕྲག་ཙམ་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་མགོན་པོ་བྱམས་པའི་རྗེས་སུ་བྱང་ཆུབ་སེམས་དཔའི་ཚུལ་འཛིན་སྟེ། གདུལ་བྱ་འབྲེལ་བ་ཡོད་ཚད་ཀྱང་དེར་འདྲེན་པར་གསུངས་པའོ། །ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས། །མུན་པ་རབ་ཏུ་གསལ་བ་ཞེས་བྱ་བ་ན། བྱང་ཆུབ་སེམས་དཔའི་ཚུལ་ཅན། རྒྱལ་པོ་པད་མ་རྣམ་པར་རོལ་པ་ཞེས་བྱ་བར་གྱུར་ནས། འགྲོ་བ་སེམས་ཅན་ལ་ཕན་ཐོགས་པ་གཅིག་ཡིན་པར་འདུག །འཛམ་བུའི་གླིང་འདི་ཉིད་ན། རྒྱ་གར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གཅིག་ན། པཎ་ཊི་ཏ་ལོ་ཀ་འགིར་ཏི་ཞེས་བྱ་བར་གྱུར་ནས། གདུལ་བྱ་འགའ་ཙམ་ལ་ཕན་ཐོགས་པར་འདུག །དེ་ནི་ད་ལྟར་བ་གསུམ་ལགས་སོ། །དཔལ་ལྡན་དུས་གསུམ་མཁྱེན་པ་དང་། རིན་པོ་ཆེ་ཀརྨ་པར་དབྱིངས་སུ་བསྟན་ལ་སོགས་པ་ངེས་ཡོད་པ་ན། སྦུངས་རི་ན་བཞུགས་པའི་དུས་སུ་ད་སྟེ་ལོ་བརྒྱ་ཙམ་ན། དུས་གསུམ་མཁྱེན་པའི་སྐུའི་ངོ་བོ། ས་ར་ཧ་པའི་ཐུགས་ཀྱི་སྤྲུལ་པ་གཅིག་འོང་ནས། དུས་གསུམ་མཁྱེན་པའི་བསྟན་པ་རྒྱས་པར་བྱེད་ཞེས་གསུངས་པ་དང་། དཔལ་ལྡན་དུས་གསུམ་མཁྱེན་པས་ཞྭ་ནག་ཅན་གསུམ་འབྱུང་ཞེས་གསུང་པ་དང་། ཡང་རིན་པོ་ཆེ་པས་སློབ་མ་འགའ་ལ། རང་རེ་ཡང་གངས་ཞུར་མོའི་ཕྱོགས་སུ་འབྱོན་ཞིང་དུས་ཚོད་ཙ་ན་རང་རེ་ལ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་འབྱུང་ཡང་ཤེས། གསུང་བ་ལ་སོགས་པ་དོན་གཅིག་སྟེ། དེའི་ཕྱིར་ན་རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། རྗེ་དམ་པ་རིན་པོ་ཆེ་བཞུགས་པའི་གནས་ནས། མཁའ་འགྲོ་མ་རྣམས་ཀྱིས་ཡང་ཡང་དུ་བསྐུལ་ཞིང་། ཕ་མ་གཉིས་ལ་རྟེན་འབྲེལ་བསྟན་པ་སྟེ། ལོ་གཉིས་ཙམ་གསུམ་ཙམ་ནས་དམ་པའི་གདམས་པ་ལ་བློ་སྦྱང་ཞིང་། རྗེ་དམ་པའི་གདན་སར་ཕྱིན་བའི་དུས་སུ། དམ་པ་རིན་པོ་ཆེའི་དག་པའི་སྣང་བ་དཔག་ཏུ་མེད་པ་ཡུན་རིང་དུ་བྱུང་ཞིང་། རང་ཅག་བྱིན་རླབས་ཞུགས་པ་ཡིན་སྙམ་བ་བྱུང་བའོ། །དེ་ནས་བླ་མ་ཨུ་རྒྱན་པའི་དྲུང་དུ་ཕྱིན་བའི་དུས་སུ། བླ་མའི་ཞལ་ནས་ཁྱེད་བྱུང་བ་དང་ངེད་ལ་དག་པའི་སྣང་བ་མང་པོ་བྱུང་གསུང་བ་ལ་སོགས་པ། རྟེན་འབྲེལ་ཤིན་ཏུ་འགྲིག་ཅིང་ཅུང་ཟད་བསྒོམས་པའི་དུས་སུ། ཆོས་ཐམས་ཅད་རྒྱ་མཚོའི་གཏིང་གི་ཆུ་ལྟ་བུར་མ་གཡོས་པར་ཤེས་པ་ལ་སོགས་པ་བྱུང་ཞིང་། ལོ་དྲུག་དང་བདུན་ཙམ་ནས་མཁན་པོ་ཀུན་ལྡན་ཤེས་རབ་ལ་རབ་ཏུ་བྱུང་ཞིང་། འགྲོ་བ་དང་འདུག་པ་ལ་སོགས་པ་སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་། ཐམས་ཅད་སྒྱུ་མ་ལྟ་བུའི་བློར་དྲན་པ་དང་། དེ་ལ་སོགས་པའི་ཡང་དག་པའི་དོན་ཡིད་ལ་མི་བྱེད། དེ་ཉིད་ཀྱི་ངང་ལས་སྒྱུ་མ་ཙམ་དུ། ཡང་རིན་པོ་ཆེ་རྒོད་ཚང་པའི་བཞུགས་གནས་ན་ཡོད་ཙམ་ན། མི་ནག་པོ་ཆེན་པོ་དར་ནག་གི་འཇོལ་བེར་ཅན་གཅིག་དང་། ཀླུ་རྒྱལ་སྔགས་ཀྱི་བདག་པོ་དང་། མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པ་བྱུང་། འགྲོ་རན་ཟེར་བ་ལ་སོགས་པར་འདུག་ནས་འོངས་པ་སྟེ། དེ་ནས་འོངས་པའི་དུས་སུ་བསྟན་པས་ཕྱིན་ཙམ་ན། ལྷ་འདྲེ་འགའ་ཞིག་གིས་བར་དུ་གཅོད་པ་བྱེད་ཅིང་འདུག་པ་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་གྱིས་བཟློག་པའོ། །དེ་ནས་མཚུར་ཕུར་ཕྱིན་བླ་མ་རས་པའི་བཞུགས་གནས་ན་ཡོད་པའི་དུས་སུ། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་གྲུབ་ཐོབ་མང་པོ་དང་བཅས་པས་བསྐོར་བ་ཡིད་ཀྱི་ཡུལ་ན་གསལ་བར་བྱུང་བ་ནི། བླ་མའི་བྱིན་རླབས་བཞུགས་པའི་བརྡ་ཡིན་པར་གོ །ཡང་བཀྲ་ཤིས་གསར་མ་ན་བཞུགས་པའི་དུས་སུ། བླ་མ་དར་མ་སྒང་པ་ལ་གཏོར་མའི་བྱིན་རླབས་བྱས་པའི་ཚེ། རྡོ་རྗེ་འཆང་དང་ཏེ་ལོ་ན་རོ་ལ་སོགས་པ་གྲུབ་ཐོབ་བརྒྱུད་པའི་བླ་མ་གཉིས་སུ་མེད་པའི་སྣང་བ་ཤར་བའི་དུས་སུ། འགྲོ་བ་འདྲེན་མཛད་རྡོ་རྗེ་འཆང་ཞེས་པ་ལ་སོགས་པ་བྱས་པའོ། །ཡང་མཚུར་ཕུ་ན་བཞུགས་པའི་དུས་སུ། ནུབ་གཅིག་གཏོར་མ་གཅིག་བཏང་བ་ཙམ་ན། དཔལ་མགོན་པོ་ལྕམ་དྲལ་དྲེགས་པ་ཅན་ཕོ་དགུ་དང་མོ་དགུ་རུ་བཅས་པ་བྱུང་ཞིང་། དཔལ་དུས་གསུམ་མཁྱེན་པའི་གདན་ས་བསྲུང་ཞིང་བསྐྱང་བ་དང་། དེ་ལ་སོགས་པ་རྫུ་འཕུལ་སྣ་ཚོགས་སྟོན་ཞིག་འདུག་པ་ནི། དུས་སྐལ་པའི་བར་འགྲིབ་ཏུ་སོང་བས་མི་དགེ་བ་རྩུབ་འཁྲུག་སྣ་ཚོགས་པ་འོང་བའི་བརྡར་འདུག །ཡང་མཚུར་ཕུ་ན་ས་གཡོས་ཆེན་པོ་ཞག་གཅིག་ལ་ཡང་མང་པོ་གཡོའི་རྒྱུན་མ་ཆད་པ་བྱུང་ཞིང་། ཟླ་བ་གཅིག་གི་བར་དུ་དེ་ལྟར་དུ་བྱུང་བ་ནི། ཅུང་ཟད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གོ་བའི་སྔ་ལྟས་ཙམ་དུ་འདུག །དེ་ནས་ཡང་མཚུར་ཕུ་ན་འདུག་པའི་དུས་སུ། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། གཡས་རྡོ་རྗེ་ཐོ་བ་ཅན། གཡོན་བསྡིག་འཛུབ་མཛད་པ་དེ་ལྟ་བུ་ཉམས་ལ་ཤར་བས། ལྷ་འདྲེའི་ཚོགས་དབང་དུ་སྡུད་ཅིང་ཟིལ་གྱིས་མནན་པའི་བརྡར་གོ །ཡང་མཚུར་ཕུ་ན་འདུག་པའི་དུས་སུ། སྤྲེལ་ལོ་ཟླ་བ་གསུམ་པའི་ཉི་ཤུ་ལྔའི་དུས། ནམ་སྲོད་ཀྱི་དུས་སུ་དཔལ་མགོན་པོ་མེ་རླུང་སུབ་མའི་ནང་ན་བཞུགས་པ། སྐུ་ལ་དར་ནག་གི་འཇོལ་བེར་ནོར་བུ་རིན་པོ་ཆེས་བརྒྱན་པ་གསོལ་བ། ཕྱག་གཡས་བ་དན་དཀར་པོ་རྩེ་གསུམ་པ་བསྣམས་པ། གཡོན་ན་ཐོད་ཁྲག་ཐོགས་པ་གཅིག །འཁོར་དཔག་ཏུ་མེད་པས་བསྐོར་བ་ཡིད་ཀྱི་ཡུལ་དུ་གསལ་བ་གཅིག་བྱུང་། དེའི་དུས་སུ་གཏོར་མ་བཏང་ཞིང་གསོལ་བ་བཏབ་པའི་དུས་ན། དཔལ་མགོན་པོའི་ཞལ་ནས་སངས་རྒྱས་ཀྱི་བསྟན་པ་ཅི་སྲིད་གནས་ཀྱི་བར་དུ། ཁྱེད་ཀྱི་བུ་སློབ་ཡོན་བདག་ལ་སོགས་པ་ཐམས་ཅད་ངེད་ཀྱིས་བསྲུང་བ་ཡིན་གསུང་བ་སྙམ་བྱེད་པ་གཅིག་བྱུང་། དེའི་དུས་སུ་དཔལ་མགོན་པོ་འཁོར་དང་བཅས་པ་རྣམས་ལ། ཧཱུྃ་གཏུམ་ཆེན་དྲག་པོ་ཁྲོས་པ་སྲིན་པོའི་གཟུགས། ཞེས་པའི་བསྟོད་པ་མཛད་དོ། །ཡང་མཚུར་ཕུ་ན་འདུག་པའི་དུས་སུ། སྤྲེལ་ལོ་ཟླ་བ་གསུམ་པའི་ཉི་ཤུ་བརྒྱད་ཀྱི་ནུབ་མོ་སྲོད་ཀྱི་དུས་སུ། ནམ་མཁའི་དབྱིངས་ནས་ཡེ་ཤེས་ཀྱི་མགོན་པོ་ནག་པོ་བེར་ནག་ཅན། སྐུ་མདོག་སྨུག་ནག་ཏུ་འདུག་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་བ་གཅིག་གསལ་བར་བྱུང། དེའི་མདུན་ན་སྲས་མཆོག་ནག་པོ་བེར་ནག་ཅན་བཞུགས་འདུག །དེའི་འཁོར་དུ་རྣམ་ཐོས་སྲས་ཀྱིས་འགོ་བྱས་ནས་ཕྱོགས་བཅུའི་མགོན་པོ་འཁོར་དང་བཅས་པ་དང་། ལྷ་སྲིན་སྡེ་བརྒྱད་ཀྱི་བསྐོར་བ་དེ་ལྟ་བུ་གསལ་བ་གཅིག་བྱུང་། དེའི་དུས་སུ་ཧཱུཾ་ཡབ་གཅིག་ལེགས་ལྡན་ནག་པོ་ཆེན་པོ་ནི། ཞེས་པ་ལ་སོགས་པའི་བསྟོད་པ་མཛད། ཡང་མཚུར་ཕུ་ན་བཞུགས་པའི་དུས་སུ། །ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཐོད་པ་ཁྲག་གིས་བཀངས་བ་བསྣམས་པ། སྐུ་ལ་ཉི་མ་དང་ཟླ་བ་དང་སྐར་ཕྲན་གྱིས་བརྒྱན་པ། དེ་ལྟ་བུ་ལ་འཁོར་ནག་མོ་འབུམ་སྡེ་དང་བཅས་པས་བསྐོར་བ་གསལ་བ་གཅིག་བྱུང་། དེ་ནས་གཏོར་མ་བཏང་པས་གསོལ་བ་བཏབ་པའི་དུས་སུ། དཔལ་ལྷ་མོའི་ཞལ་ནས་ཁྱོད་ཀྱི་བར་ཆད་ཐམས་ཅད་ང་ཡིས་བསལ་གསུང་བ་གཅིག་རྨིས། དེའི་དུས་སུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་མཆོག་གྱུར་ལྷ་མོ་ཡི། །ཞེས་པ་ལ་སོགས་པའི་བསྟོད་པ་མཛད། ཡང་སྔགས་འཆང་རང་བྱུང་རྡོ་རྗེ་མཚུར་ཕུ་ན་བཞུགས་པའི་དུས་སུ་སྤྲེལ་ལོ་ཟླ་བ་དང་པོའི་ནུབ་གཅིག་གི་དུས་སུ་དཔལ་ལྷ་མོ་རི་མ་ཏི་དུས་གཞི་ལྷ་མོ་བཅས་པ་གཅིག་གསལ་བར་བྱུང་ནས་ནག་མོ་རྫུ་འཕྲུལ་ཅན་ལ་སོགས་པས་བསྟོད་པ་མཛད། མཚུར་ཕུར་སྤྲེལ་ལོ་ཟླ་བ་གསུམ་པའི་གནས་ངག་གི་དུས་སུ་དཔལ་མགོན་པོ་བེར་ནག་ཅན་སྐུ་ལ་བེར་ནག་གསོལ་བ་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་ཐོད་ཁྲད་བསྣམས་པ་གསལ་བ་གཅིག་བྱུང་བ་དང་། གཞན་ཡང་ལྷ་མོ་རེ་མ་ཏི་ཞལ་གཅིག་ཕྱག་བཞི་མ་གསལ་བ་གཅིག་བྱུང་། དེའི་དུས་སུ་ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཆེན་པོ་ནི། ཞེས་པ་ལ་སོགས་པའི་བསྟོད་པ་མཛད། ཡང་མཚུར་ཕུ་ན་བཞུགས་པའི་དུས་སུ། དཔལ་མགོན་པོ་གར་ཁྱུག་ཁྱུག་བྱེད་པ་གཅིག་གསལ་བར་བྱུང་། དེ་ནས་གཏོར་མ་བཏང་ནས་གསོལ་བ་བཏབ་པས། མ་མགོན་གཉིས་ཀྱི་ཞལ་ནས་འགྲོ་བའི་དོན་བྱེད་པའི་དུས་ལ་བབ་པ་ཡིན། གསུང་བ་སྙམ་བྱེད་པའི་དུས་སུ། ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ནི། ཞེས་པ་ལ་སོགས་པའི་བསྟོད་པ་མཛད། ཡང་མཚུར་ཕུ་ན་བཞུགས་པའི་དུས་སུ། སྤྲེལ་ལོ་ཟླ་བ་བརྒྱད་པའི་ཚེས་བཅུའི་ནུབ་མོ། རང་ཅག་དང་གཞན་ཡང་རོགས་གཉིས་དང་གསུམ་གྱིས་ལྷོ་ཕྱོགས་དཔལ་གྱི་རི་ཡིན་བྱ་བ་གཅིག་ཏུ། བླ་མ་བྲམ་ཟེ་ཆེན་པོ་ཚོལ་དུ་ཕྱིན་བས། གཞན་རོགས་གཉིས་ནི་རིའི་ལྷོ་ཕྱོགས་སུ་ཚོལ་དུ་སོང་ཞིང་། བདག་ཤར་ཕྱོགས་དེ་ཉིད་ན་ཐང་བདེ་ཞིང་ཡངས་པ་གཅིག་ཏུ་བསྡད་ཙམ་ན་མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབ། དེ་ནས་རང་ཅག་གིས་ཐོ་མང་པོ་རྩིགས་ཅིང་། དེ་རྣམས་ཀྱི་དཀྱིལ་དུ་མཉམ་པར་བཞག་ཅིང་འདུག་པ་ལ། ནམ་མཁའ་ནས་དབྱངས་ཀྱི་སྒྲ་ཅུང་ཟད་གཅིག་གྲགས་པ་ལ། རིགས་ཀྱི་བུ་ཁྱོད་ཡར་ཉོན་དང་། བླ་མ་བྲམ་ཟེ་ཆེན་པོ་ནི། རང་གི་སེམས་ཉིད་ཡིན་ལགས་པས། །ཞེས་པ་ལ་སོགས་པ་བླ་མ་བྲམ་ཟེ་ཆེན་པོ་དང་མཇལ་ལུགས་རྣམས་ལོགས་སུ་གསལ་ལོ། །རྣལ་འབྱོར་དབང་ཕྱུག་རང་བྱུང་རྡོ་རྗེ་བདག །འདས་དང་སྔ་ཕྱི་ལེགས་པར་མི་དྲན་ཡང་། །དད་ལྡན་ཤཱཀྱའི་དགེ་སྦྱོང་དར་བརྩོན་གྱི། །ནན་ཏན་ཆེན་པོས་ལོ་གསུམ་སྔོན་རོལ་ནས། །ཡང་དང་ཡང་དུ་བསྐུལ་ཕྱིར་ཡི་གེར་བཀོད། །འདི་བྱས་དགེ་བས་འགྲོ་དྲུག་མ་ལུས་ཀུན། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །ཆོས་རྗེ་རང་བྱུང་རྡོ་རྗེ་རྣམ་པར་ཐར་པ་འཁྲུངས་རབ་དང་། ཞལ་གྱིས་གཟིགས་ཚུལ་འདི་རྣམས། མཚུར་ཕུའི་དབེན་གནས་ཆེན་པོ་ཁྱུང་རྫོང་དཔལ་གྱི་དགོན་པར་གསལ་བར་བཀོད་པ་ལགས་སོ། དཔལ་ཆོས་རྗེ་རང་བྱུང་རྡོ་རྗེའི་རྣམ་པར་ཐར་པ་བཞུགས་པ་ལགས་སོ། །རྫོགས་སོ།། །།ཞུས་སོ།།

ཐམས་ཅད་མཁྱེན་པ་རིན་པོ་ཆེ་རང་བྱུང་རྡོ་རྗེ་རྣམ་པར་ཐར་པ་ཚིགས་སུ་བཅད་པ།

༄༅། །བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པ་བླ་མེད་ཐུབ་པ་ཆེ། །ཐུགས་རྗེའི་མངའ་བདག་སེམས་དཔའ་རྨད་བྱུང་དང་། །སྙིགས་དུས་འགྲོ་བ་ཀུན་ལ་ལམ་སྟོན་པ། །རྨད་བྱུང་དེ་དག་རྣམས་ལ་ཕྱག་འཚལ་ལོ། །དེ་དག་རྗེས་བཞུགས་མོས་པའི་བློ་ལྡན་པ། །རབ་བྱུང་རྡོ་རྗེ་ཞེས་བྱ་རང་ཉིད་ཀྱིས། །རྣམ་ཐར་གཞན་ལ་སྒྲོགས་པའི་ཕྱིར་མིན་གྱི། །གཞན་གྱི་བསྐུལ་བ་ཕྱོགས་ཙམ་བྲི་བར་བྱ། སྔོན་གྱི་སངས་རྒྱས་རྣམས་ལ་ལྷག་བྱས་པས། ཐུབ་པའི་དབང་པོའི་བསྟན་ལ་དད་པར་འགྱུར། དགེ་བའི་ས་བོན་བྱང་ཆུབ་མྱུ་གུ་གྲུབ། །རྗེས་དཔག་རྟགས་ཀྱི་མངོན་སུམ་བཞིན་དུ་སྣང་། །རེ་ཤིག་བར་སྐབས་ཚིགས་སུ་བཅད་པ་ནི། །ཆུང་ངུའི་དུས་ན་འདས་པའི་རྨི་ལམ་ལྟར། །ཅུང་ཟད་གསལ་བ་ངག་དུ་བརྗོད་འགྱུར་པ། །གཞན་གྱི་གཏམ་དུ་བརྗོད་གྱུར་པ། །གཞན་གྱི་གཏམ་དུ་བརྗོད་པ་ལྟ་བུར་འགྱུར། །བདག་ཉིད་ཆེན་པོ་འཕགས་པ་ཀླུ་གྲུབ་ཀྱིས། །སློབ་མ་པྲཛྙྱ་ཨ་ལ་ཀ་ཞེས་པ། །རྒྱལ་བའི་བསྟན་ལ་ཞུགས་ཤིང་རབ་བྱུང་ནས། །ངོ་བོ་གཉིས་མེད་སྨྲ་ལ་དད་པར་གྱུར། །གྲུབ་ཐོབ་ཆེན་པོ་མཚོ་སྐྱེས་རྡོ་རྗེ་ཡིས། །རྗེས་སུ་འཇུག་པ་ཀ་མ་ལ་དྷེ་ནུ། །དེའི་གཞུང་ལུགས་མཐོང་བར་གྱུར་པ་ན། །དེ་ནི་ཁོ་བོས་སྔོན་ཚེ་བྱས་སྙམས་བྱེད། །འཛམ་གླིང་ལྷོ་ཕྱོགས་ཆར་བྱུང་པའི། །དྷརྨ་བྷོ་དྷ་ཞེས་བྱ་ཐུགས་རྗེའི། །མངའ་བདག་སྤྱན་རས་གཟིགས་ཀྱི་བྱིན་བརླབས་པས། །དེ་འདྲར་གྱུར་ཏེ་སྙམ་པ་ཡང་ཡང་དྲན། །ཞི་བ་མཚོ་དང་སློབ་དཔོན་པདྨ་ཡིས། །སློབ་མ་བཙུན་པ་རྒྱལ་བ་མཆོག་དབྱངས་ནི། །པདྨ་དབང་ཆེན་མངོན་དུ་གྲུབ་གྱུར་པ། །དེ་ནི་རྨི་ལམ་བཞིན་དུ་དྲན་པར་གྱུར། །དེའི་འོག་ཏུ་ནུབ་ཕྱོགས་གྲོང་ཁྱེར་སྤྱོད། །ཡང་ནི་དབུས་ཀྱི་ས་ཆར་བྱུང་གྱུར་པ། །སྣེ་ཟུར་པ་དང་ཁ་རག་སྒོམ་ཆུང་གིས། །ཆོས་འབྲེལ་ལྡན་སྙམ་ད་ལྟ་དོན་ཀུན་ཤེས། །རིན་ཆེན་གསལ་ཞེས་བྱ་བར་གྱུར་པ་སྙམ། །ཆུང་ངུའི་དུས་སུ་དེ་སྐད་སྨྲས་པ་ཡིན། །རྒྱལ་བའི་སྲས་པོ་མ་ཕམ་སྲས་གྱུར་པ། །སེང་གེའི་རྣམ་འཕྲུལ་དྷརྨ་གྷིཏྟི་སྟེ། །དུས་གསུམ་མཁྱེན་ཞེས་འཇིག་རྟེན་སྙན་པས་ཁྱབ། །དེ་ཡིས་བྱིན་བརླབས་རྣམ་འཕྲུལ་སྤྲུལ་པ་བཞིན། །དེ་ནས་བྱང་ཕྱོགས་སོ་ལ་མཐའ་རུ་སྤྱོད། །སངས་རྒྱས་བསྟན་ལ་བྱ་བ་རྒྱ་ཆེར་མཛད། །བདག་ཉིད་ཆེན་པོ་དཔལ་ལྡན་ཀརྨ་པ། །དེའི་བྱིན་བརླབས་རྒྱུད་ལ་ཞུགས་པ་ལས། །དེང་སང་ཀརྨ་པའི་མཚན་སྒྲོགས་ཤིང་། །ཞྭ་ནག་ཅོད་པན་འཛིན་པ་གསུམ་པར་གྱུར། །ཀྱེ་མ་དེང་སང་དུས་ན་མགུ་དཀའ་བས། །གཞན་ལས་ངེས་པའི་ཤེས་པས་བསྐྱེད་བྱའི་ཕྱིར། །བར་དོའི་ཤེས་པ་སྟོད་ལུང་འཕར་ཚང་དུ། །འཇུག་ཚུལ་བསྟན་ཀྱང་ལས་ཀྱི་འཕྲོ་མེད་ཅིང་། །བསྟན་ཅིང་མི་རྣམས་དགའ་བ་བསྐྱེད་པ་དང་། །བདག་ཉིད་ཆེན་པོ་ཨོ་རྒྱན་པ་ལ་སྨྲས། །མཐའ་བྲལ་འདས་པའི་ས་ཕྱོགས་སྐྱེས་སྙམ་ཚེ། །རང་སྣང་འཁྲུལ་པ་བར་དོའི་སྣང་བ་ལ། །ཞིང་སྐྱོངས་རྣམས་ཀྱིས་བསྐུལ་བར་བྱེད་མཐོང་ནས། །དྲིན་ལས་བརྗོད་ཅིང་འཛམ་གླིང་སྐྱེ་བར་བསྐུལ། །བར་དོའི་སྣང་བར་འཁོར་ལོ་སྡོམ་པ་ཡི། །དྲུག་ཅུ་རྩ་བཞི་དཀྱིལ་འཁོར་དབང་བསྐུར་ནས། །མཁའ་འགྲོ་རྣམས་ཀྱིས་བཀྲ་ཤིས་བརྗོད་པ་ཐོས། །རྡོ་རྗེ་ཐེག་པ་སྙིགས་དུས་འདུལ་བ་བསྙམས། །སྙེ་ནམ་ཕྱོགས་སུ་ཉེ་བར་གྱུར་པ་རྣམས། །སྣ་ཚོགས་འཇའ་མཚོན་འཁྲིགས་པའི་ལམ་ལ་ཕྱིན། །ཤེལ་གྱིས་ཁང་པར་རིན་ཆེན་ཐེམ་སྐས་ཅན། །དེ་རུ་ཞུགས་སྙམ་བར་དོའིི་སྣང་བ་ཡིན། །ཀྱེ་མ་མངལ་ནས་མུན་རུམ་ནག་པོ་རུས། །ལས་ཀྱིས་གནས་པའི་འགྲོ་རྣམས་སྡུག་བསྔལ་ཞིང་། །དབང་མེད་མི་དྲན་ཉོན་མོངས་གནས་པ་ཡིན། །བདག་ནི་སྐྱབས་གནས་ཤེས་བཞིན་དུ། །འདས་པའི་རབ་དང་བར་དོའི་སྣང་བ་དག །ཕྱོགས་ཙམ་ངེས་པའི་རིམ་པ་བརྗོད་པའོ།། ༈ དཔལ་ལྡན་ཀརྨའི་རྣམ་ཐར་ལས། །མ་འོངས་སྤྲུལ་པའི་འབྱུང་ལུགས་ལུང་བསྟན་པ། །ཁོ་བོ་འདི་འོག་དགའ་ལྡན་གནས་འགྲོ་སྟེ། བདག་ཉིད་ཆེན་པོ་བྱམས་པའི་གསུངས་རབ་འཛིན། །འབྲེལ་བར་ལྡན་རྣམས་ཕལ་ཆེར་དེར་སྐྱེ་བས། །མ་ཕམ་པ་ལ་གསོལ་བ་ཐོབ་ཅེས་གསུངས། །གདུལ་བྱའི་གཙོ་བོ་འགའ་ཞིག་ཤར་ཕྱོགས་ཀྱིས། །ལུས་འཕགས་ཀྱིས་གླིང་དུ་སྐྱེ་བས་དེས་རྣམས་ཀྱིས། །དོན་དུ་སྤྲུལ་པ་གཅིག་བྱུང་སྐྱེ་བོ་རྣམས། །ཡང་དག་ལམ་ལ་འགོད་པར་མཛད་པ་ཡིན། །བྱང་ཕྱོགས་འཇིག་རྟེན་གླིང་སེམས་ཅན་ལ། །ཕན་ཕྱིར་འཁོར་ལོ་བསྒྱུར་བའི་གཟུགས་འཛིན་པ། །པདྨ་རྣམ་པར་རོལ་པ་ཞེས་བྱ་བའི། །འབྱུང་བར་གྱུར་ཏེ་དེ་སོགས་མང་དུ་འབྱུང་། །ཡང་ནི་ལུག་ལོ་ཟླ་བ་དང་པོ་ལ། །ཉམས་ཀྱི་སྣང་བར་ལ་སྟོད་དཔལ་ཐང་གིས། །དཀྱིལ་ན་རྣལ་འབྱོར་མིད་ལ་རས་པ་ནི། །ཕྱག་ན་ཐོད་པ་བདུད་རྩིས་བཀང་བསྣམས་ནས། །རྣམ་འཕྲུལ་འགྱེད་ཅིང་མ་འོང་འཕྲིན་ལས་འབྱུང་། །གསུང་པ་གཟིགས་ཏེ་བསྟན་ཆོས་མཛད་པ་ཡོད། །དེ་ནས་རང་བྱུང་ཞེས་བྱ་བ་བདག་ཀྱང་ནི། །ཀརྨ་པ་ཞེས་གྲགས་པའི་རྒྱལ་སྲས་ཀྱིས། །ཐུགས་ཀྱིས་བྱིན་གྱིས་བརླབས་ཤིང་བསྐུལ་བ་ལས། །མིད་ལའི་འཁྲུངས་པ་ཙ་ཕུ་ཞེས་བྱ་བ། །ཞུར་མོའི་གང་འགྲམ་སྐྱེ་བའི་ཚུལ་བཟུང་ངོ་། །དེ་ནས་སྤྲེལ་ལོའི་ཟླ་བ་དང་པོ་ལ། །རྗེ་བཙུན་དམ་པའི་བཞུགས་ནས་ཉེ་བ་རུ། །ཚེས་བརྒྱད་ཡར་གྱི་ངོ་ལ་བབས་པ་ནི། །སྐྱེས་ནས་སྲིད་དང་མཐུན་པར་ལུང་སྣང་ངོ་། །སྐྱེ་བའི་སྡུག་བསྔལ་མྱོང་ཡང་དྲན་མ་ཉམས། །དབང་པོ་མ་ཉམས་ཡིད་ཀྱང་གཡོ་བ་མེད། །ཟླ་བ་མཐོང་ནས་ཡིད་ཀྱང་མགུ་བར་གྱུར། །ཚིག་བརྗོད་ཤེས་ཀྱང་མ་བརྗོད་རིན་ཆེན་གནས། །དེ་ནས་བཟུངས་སྟེ་ལོ་ལྔའི་བར་དུ་ནི། །བྱིས་པའི་སྤྱོད་པས་གནས་པར་གྱུར་མོད་ཀྱང་། །སྣང་བ་ཐམས་ཅད་རྨི་ལམ་འདྲར་ཤེས་ཤིང་། །རྨི་ལམ་ན་ཡང་དག་སྣང་དུ་མ་བྱུང་། །ཁྱད་པར་དུ་ཡང་ནུབ་གཅིག་རྨི་ལམ་ན། །རིན་ཆེན་ཤེལ་གྱིས་གདན་ཁྲི་རྒྱབ་ཡོལ་བཅས། །དེ་སྟེང་རང་ལུས་སེམས་དཔའི་དཀྱིལ་དཀྲུངས་འདུག །ཁ་དོག་ལྔ་ལྡན་འོད་ཟེར་ཕྱོགས་བཅུར་འཕྲོས། །ནམ་མཁའི་དཀྱིལ་ནས་བྱ་བཞིན་ཀུན་ཏུ་རྒྱུ། །ལྷ་མིན་དཔག་མེད་མཆོད་ཅིང་ཕྱག་འཚལ་མཐོང་། །རེ་ཤིག་གླང་འཁོར་སྤྱི་མཆོད་ཕྱིན་པའི་ཚེ། །དམ་པའི་སྐུ་དེ་འཇའ་མཚོན་ལྟ་བུ་ལ། །འོད་བྱུང་བདག་ལ་ཐིམ་པ་ལྟ་བུར་སྣང་། །དེ་ནས་ཕ་ལས་ཞི་བྱེད་སོ་ལུགས་དང་། །རྒྱུད་ཀྱི་བཀའ་བབས་ལྔ་པོ་མནོས་པ་ཡིན། །སྔགས་འཆང་ངོས་ནག་པ་དང་དབུ་རྩེ་པ། །དེ་དག་ལ་ནི་མ་ཕུར་བཀའ་ལུང་ཐོབ། །གར་སོང་ཕྱོགས་རྣམས་ཀུན་ཏུ་བྱིས་པ་དང་། །སྐྱེ་བོ་རྣམས་ལ་ཆོས་རྣམས་རྩེད་མོས་བསྟན། །ཡི་གེ་འབྲི་འདོན་ཆོས་ཀུན་མཐོང་ཙམ་གྱིས། །བསླབ་མ་དགོས་པར་ཤེས་ཤིང་རྟོགས་པར་འགྱུར། །མཁས་བཙུན་དམ་པ་གསེར་ཁང་པ་ཡི་ནི། །བདག་ལ་གུས་མཛད་དྲིས་པར་གྱུར་པ་ལས། །བར་དོའི་རྣམ་ཐར་བརྗོད་པར་གྲགས་པ་ཡིན། །སྐྱེ་དྲོངས་འཕགས་པའི་དྲུང་དུ་ཕྱིན་པའི་ཚེ། །སྤྱན་རས་གཟིགས་ཀྱིས་བདག་ལ་བྱིན་བརླབས་ནས། །གཞན་ཕན་འབྱུང་སྙམ་དགའ་བ་རྒྱ་ཆེན་སྐྱེས། །སྙིང་རྗེའི་དམ་བཅས་ཉེ་འདོན་བྱེད་པར་འགྱུར། །སྔོན་གྱིས་སྨོན་ལམ་སྟོབས་ཀྱི་རབ་བསྐུལ་ནས། །དཔལ་ལྡན་ཨོ་རྒྱན་པའི་དྲུང་དུ་ཕྱིན། །སྐྱེས་ཆེན་དེ་ཡིས་རྨི་ལམ་མཚན་གཅིག་ཏུ། །ཀརྨ་པ་བྱོན་གསུངས་གླེང་བྱུང་པ་ལས། །ཕྱི་ནང་བདག་འོང་མཁྱེན་ནས་བསུ་བ་བཏང་། །འདུས་པའི་དབུས་སུ་བདག་ནི་ལྟོས་མེད་ཕྱིན། །སྔོན་གྱི་ཚིག་བརྗོད་ཁྱོད་ཀྱིས་བླ་མ་མཛོད། །བདག་ནི་བསོད་ནམས་ཚོགས་ཀྱི་རྩལ་རྫོགས་ཀྱང་། །འབྱུང་བཞི་མ་རྫོགས་ཁྱེད་ཀྱི་བསྐྱང་དུ་གསོལ། །བདག་ཉིད་ཆེ་དེས་བརྩེ་བའི་བུ་བཞིན་བསྐྱངས། །དགེ་བསྙེན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དང་། །དྲིལ་བུ་པས་མཛད་འཁོར་ལོ་སྡོམ་པ་དང་། །མ་ཕུར་དབང་རྣམས་ཡོངས་སུ་རྫོགས་པར་བསྐུར། །དགྱེས་མཛད་སྒྱུ་འཕྲུལ་དྲ་བ་དུས་འཁོར་དང་། །འབྱུང་པོ་འདུལ་བྱེད་རྒྱུད་ཀུན་རྫོགས་པར་གསུངས། །རོ་སྙོམས་སྒང་དྲིལ་སྐུ་གསུམ་ངོ་སྤྲོད་དང་། །བསྲེ་འཕོ་ཁྲིད་ཆེན་བརྒྱད་ཀྱི་ཁྲིད་ཀ་དང་། །རྒྱལ་བ་རྒྱ་མཚོ་དོ་ཧ་སྐྱེས་སྦྱོར་དང་། །གཞན་ཡང་ཆོས་ཕྲན་མང་དུ་གནང་བར་མཛད། །ཕྱིས་དུས་བསྲུངས་བཟློག་རྫས་སྒྲུབ་དུ་མ་དང་། །བསྙེན་བསྒྲུབས་གཞུང་ཕྲན་ལ་སོགས་རྣམས་ཀྱང་གནང་། །དེ་ནས་བདག་ནི་ལོ་བདུན་ལོན་པའི་ཚེ། །མཁན་པོ་ཆེན་པོ་ཀུན་མཁྱེན་ཤེས་རབ་ལ། །རབ་ཏུ་བྱུང་ཞིང་བསླབ་ཚིགས་ཀུན་ཀྱང་ཉན། །ཡང་དག་བླངས་པའི་ཡོན་ཏན་བཅས་པར་གྱུར། །དེ་དུས་བཤེས་གཉེན་གཉན་རས་དག་ལ། །སྤྱན་རས་གཟིགས་ཀྱི་བྱུང་ནས་ཀྱང་། །བསྟོད་ཚིག་བཅས་པའི་ཕོ་ཉ་ལེགས་བཏང་ནས། །བདག་དྲུང་ཡོན་ཏན་བསྔགས་པ་མཛད་པར་གྱུར། །ལ་སྟོད་གྲོད་ལུང་ཞེས་བྱས་ཕྱིན་པ་ན། །ཨུ་རྒྱན་གྷུ་རུས་དབང་བསྐུར་མཛད་པའི་ཚེ། །བླ་མ་འཁོར་ལོ་བདེ་མཆོག་ཉིད་དུ་མཐོང་། །ལྷན་ཅིག་སྐྱེས་པའི་བྱིན་བརླབས་བརྟན་པར་འགྱུར། །སྙེ་ནམས་དབེན་གནས་ཕྱིན་ཚེ་དག་སྣང་ལ། །རྒོད་ཚངས་པའི་ལྷན་ཅིག་སྐྱེས་སྦྱོར་དོན། །བླ་མས་བསྟན་ལྟར་བསམ་པའི་སྣང་བ་འབྱུང་། །དེ་ནི་བླ་མའི་བྱིན་བརླབས་བརྡ་རུ་གོ །དེ་དུས་ཕྱི་རོལ་ཡུལ་རྣམས་ཤེལ་ལྟ་བུ། །མ་བསྒྲིབས་བསལ་བའི་སྣང་བ་སྐབས་སུ་བྱུང་། །ངག་ཏུ་བརྗོད་པས་བླ་མའི་ཞལ་སྔ་ནས། །བར་ཆད་རྒྱུ་ཡིན་གཞན་ལ་མ་སྨྲ་གསུང་། །ལ་སྟོད་པུ་ཏྲར་ཐོ་རངས་དུས་གཅིག་ཚེ། །དཔལ་ལྡན་མགོན་པོ་སྔགས་ཀྱི་བདག་པོ་གཉིས། །གསལ་བར་སྣང་ཞིང་མཚུར་ཕུར་མྱུར་དུ་འདེངས། །ཟེར་བའི་སྣང་བ་ཡུན་རིང་གསལ་བར་སྣང་། །བླ་མའི་ཆགས་ཕྱིར་འོང་པའི་ལམ་དུ་ནི། །དག་སྣང་དུ་མ་འཆར་ཚུལ་མང་བྱུང་ཞིང་། །ཁྱད་པར་ལྡན་ལར་གསང་བདག་ངེས་ཤེས་ཀྱིས། །མི་མ་ཡིན་རྣམས་འདུད་པར་གྱུར་སྙམས་བྱེད། །མཚུར་ཕུའི་གདན་སར་བླ་མ་གཉན་རས་དྲུང་། །ས་ར་ཧ་ལ་བརྒྱུད་པའི་ཚོགས་ཀྱི་སྐོར། །མཁའ་ལ་ཡུན་རིང་བར་དུ་གསལ་བར་སྣང་། །བརྒྱུད་པའི་གདམས་པ་གཞན་ལ་ཕན་པར་གོ །གཞན་ཡང་དབེན་པར་བསིལ་བའི་ཆུ་མིག་དག །སྨོན་པ་བཞིན་དུ་སྔགས་ཀྱིས་བདག་པོས་ཕུལ། །དེ་ཚེ་ཡལ་ག་སྐམ་པོ་བཙུགས་པ་ལས། །ལོ་མ་ཕུན་གསུམ་ཚོགས་པ་སྐྱེ་བར་འགྱུར། །བཀྲ་ཤིས་གསར་མར་དར་མ་སྒང་པ་ཡིས། །བྱིན་བརླབས་ཞུས་ཚེས་བཀའ་བརྒྱུད་བླ་མ་རྣམས། །མཁའ་ལ་བྱོན་སྙམ་གཞན་དག་དད་པ་སྐྱེས། །མོས་གུས་ཆེ་བའི་རྒྱུ་མཚན་ཡིན་པ་སྙམ། །ཡང་ནི་གནས་དེར་དཔལ་ལྡན་མགོན་པོ་དང་། །ལྷ་མོའི་སྣང་བ་གསལ་བར་ཤར་ནས་ཀྱང་། །བསྟོད་པའི་དབྱངས་དང་ཚིགས་སུ་བཅད་པ་བྱས། །རྟའི་ལོ་ལ་ས་གཡོས་མང་བྱུང་ཚེ། །ཆོས་རྣམས་རང་གིས་སེམས་ཀྱི་ཆོ་འཕྲུལ་དུ། །ཤར་ཞིང་དེའི་ངེས་ཤེས་བསྟན་པར་གྱུར། དེ་དུས་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། །མེ་དཔུང་འབར་བ་ལྟ་བུ་ཡུན་རིང་སྣང་། །དེའི་འཁོར་དུ་མ་ཧཱ་ཀ་ལ་ནི། །ཉི་མའི་གཟི་ལྡན་སྣང་བ་ཡུན་དུ་བྱུང་། །ཤིང་རྟ་ཅན་གྱི་རྗེ་གནང་བྱིན་པའི་ཚེ། །ལྕང་ལོ་ཅན་གྱིས་བཀོད་པ་སྣང་བར་གྱུར། །ལས་མགོན་རྣམས་ཀྱིས་དེའི་བཀའ་འཁོར་དུ། །སྤྲིན་ནག་རླུང་གིས་བསྐྱོད་པ་ལྟར་སྣང་བྱེད། །རེ་ཤིག་དཔལ་ལྡན་ལྷ་མོ་དུང་སྐྱོངས་མ། །རེ་མ་ཏི་དང་འཁོར་མོར་བཅས་པ་རྣམས། །མཚུར་ཕུའི་གནས་འདིར་ཆོས་ཁྲིམས་གྱིས་ཅིག་ཟེར། །སྙམ་བྱེད་བསྟོད་པ་བརྗོད་ཅིང་དེ་ལྟར་བྱས། །དེ་བཞིན་རབ་རིབ་འཁྲུལ་པའི་རྨི་ལམ་དུ། །དཔལ་གྱི་རི་ལ་ས་ར་ཧ་པ་ཡིས། །རང་སེམས་བླ་མ་དམ་པར་བསྟན་པ་དང་། །དོ་ཧའི་དོན་རྣམས་བློ་ལ་གསལ་བར་གྱུར། །པཎ་ཙི་ཀ་དང་བསྡུད་པའི་བཤད་སྦྱར་གཉིས། །ཤེས་རབ་དཔལ་ལ་ལན་གཅིག་ཐོས་པས་གོ །དགྱེས་པ་རྡོ་རྗེ་ཏི་ཀར་བཅས་པ་དང་། །སྤྱོད་འཇུག་རྣམ་བཤད་ཆོས་ཕྲན་དུ་མ་ཞིག དགེ་བའི་བཤེས་གཉེན་རྒྱ་ལ་ལེགས་པར་ཐོས། །ཁྱུང་རྫོང་འདུག་ཚེ་རིན་ཆེན་རི་བོ་ལ། །སྤྱན་རས་གཟིགས་དབང་ཁ་སར་པ་ཎི་བཞུགས། །མདུན་ན་ངན་འགྲོའི་གནས་སྣང་ཐུགས་རྗེ་ཡིས། །འོད་ཟེར་འགྱེད་པར་བྱེད་པའི་རྨི་ལམ་མཐོང་། །བརྒྱུད་པའི་ཁྲིད་ཀ་ཆོས་དྲུག་བསྲེ་བ་གསུམ། །ཀ་དཔེ་ཚིག་བཅད་ཚིག་ལྷུག་ཞལ་གདམས་དང་། །ལྷན་ཅིག་སྐྱེས་མ་ཀུ་རུ་ཀུ་ལེ་དང་། །མན་ངག་ཚིགས་བསྡུས་གང་གཱ་མ་དང་ནི། །ལྟ་བ་མདོར་བསྡུས་ཐོག་བབས་རྡོ་སྐོར་དང་། །བློ་སྦྱོངས་ལམ་རིམ་ཆོས་བཞི་ནད་འདོན་གསུམ། །ཁམས་གསུམ་མ་དང་ཕག་མོའི་ཕྲན་འགའ་དང་། །འདི་རྣམས་མིད་ལ་དྭགས་པོའི་གདམས་པ་ཡིན། །དོ་ཧ་སྐོར་གསུམ་ཐུན་འཇོག་ཤམ་བུ་ཅན། །རྒྱལ་བ་རྒྱ་མཚོ་མཁའ་འགྲོ་ཐུགས་བསྒྲུབས་དང་། །གཏུམ་མོ་རྣམས་གསུམ་ཁྱུང་གི་ཤམ་བུ་ཅན། །ཕག་མོ་བདེ་མཆོག་རིག་འཛིན་ཤམ་བུ་ཅན། །ཐབས་བཞི་ཆོས་འཁོར་ཆོས་དྲུག་ཤམ་བུ་ཅན། །བསྲེ་བ་དགུ་བསྐོར་རོ་སྙོམས་ཤམ་བུ་ཅན། །སྡེ་བརྒྱད་གནད་འཁོར་ལོག་ཏྲིའི་ཤམ་བུ་ཅན། །ཚེ་བསྒྲུབས་རྣམ་གསུམ་ཚར་གསུམ་ཁུག་པ་དང་། །བསྙེན་བསྒྲུབས་ཕྱག་རྒྱ་རྣམ་གསུམ་དོན་ཁྲིད་དང་། གཟེར་ལྔ་གེགས་སེལ་ལུས་མེད་ཆོས་སྐོར་དགུ། །རས་ཆུང་ནས་རྒྱུད་གདམས་པའི་གཙོ་བོ་ཡིན། །རྣམ་བཞི་རྒྱུད་འགྲེལ་འབྲེལ་པ་གསུམ་ལྡན་དང་། །ཞལ་བཞི་མ་དང་སྙིང་འཕྲོག་ཁྲོས་མ་དང་། །ཕག་མོ་རྒྱ་མཚོ་ཞེས་བྱའི་བསྒྲུབས་ཐབས་བརྒྱད། །གཞུང་དྲུག་འོད་ཀྱིས་འཕྲེང་བའི་ཆ་ལག་དང་། །ཐུགས་རྗེ་ཆེན་པོ་རྒྱུད་བཞི་བསྒྲུབས་ཐབས་བཅས། །གསུངས་བསྒྲུབས་དོང་སྤྲུག་སྣང་བ་ལམ་ཁྱེར་དང་། །ལྷ་ས་མ་དང་དཔལ་མོ་ཡིད་བཞིན་འཁོར། །མི་ཏྲ་ལས་བརྒྱུད་དམར་པོ་རྩ་བ་དང་། །དོན་ཞགས་ཅོད་པན་ལ་སོགས་དུ་མ་དང་། །བདེ་ཁྲོས་རྒྱུད་གཉིས་བསྒྲུབ་ཐབས་རྣམ་པ་གསུམ། །དྲག་པོ་གསུམ་སྐོར་གསང་བསྒྲུབ་གནུབས་ཀྱི་ལུགས། །དྲག་པོ་གསུམ་འདུལ་མེ་ལྕེའི་བསྒྲུབས་པ་དང་། །རྣམ་འཇོམས་རིགས་གསུམ་ལ་སོགས་ཕྱག་རྡོར་སྐོར། །འཇམ་དཔལ་དཀར་དམར་སེར་པོའི་བསྒྲུབ་ཐབས་དང་། །སྒྲོལ་མ་བརྒྱ་རྩ་སེང་ལྡིང་ནགས་སྒྲོལ་དང་། །ཀུ་རུ་ཀུ་ལེའི་རྟོགས་པ་བསྒྲུབས་སྐོར་ནི། །བྷེ་རོ་ལས་བརྒྱུད་གཏེར་མ་གཉིས་ཀ་དང་། །དཀར་མོའི་ཚེ་བསྒྲུབས་ལ་སོགས་སྒྲོལ་མ་སྟེ། །བདེ་མཆོག་ལོ་ཧི་པ་དང་དྲིལ་བུའི་སྐོར། །བཅུ་གསུམ་པ་དང་ལ་བ་བཅུ་གསུམ་གཉིས། །མར་དོ་པུ་རངས་བརྒྱུད་པ་ཐམས་ཅད་དང་། །ཕག་མོ་ཤྭ་བ་རི་ལས་བྱུང་བ་དྲུག །བྱང་ཆུབ་ཤིང་ལོ་མཁའ་སྤྱོད་དཀར་དམར་གཉིས། །མཁའ་འགྲོ་རྒྱ་མཚོ་རིན་ཆེན་རྣམ་པ་བདུན། །ངེས་བརྗོད་བོང་ཞལ་ཅན་དང་ལྷན་སྐྱེས་བརྗོད། །བོང་ཞལ་ཅན་དང་ལྷ་ལྔ་གསུམ། །ཡིག་བདུན་རིགས་གསུམ་ལྷན་སྐྱེས་བསྒྲུབས་ཐབས་གཉིས། །ནག་པོའི་གཞུང་དྲུག་ནག་ཆུང་ཕྲན་དྲུག་དང་། །དགྱེས་རྡོར་དཔའ་གཅིག་ལྷ་ལྔ་དྲུག་ཅུ་བཞི། །རིག་བསྡུས་བསྒྲུབ་ཐབས་རྫོགས་རིམ་བཅས་པ་རྣམས། །རྩ་རྒྱུད་ཀུན་སྤྱོད་ར་ལའི་རྒྱུད་རྣམས་དང་། །རྟ་མགྲིན་ཐུགས་དྲིལ་རྒྱུད་དང་བསྒྲུབས་པ་དང་། །ལྷ་ལྔ་དཔའ་གཅིག་མེའི་ཕྲེང་བ་དང་། །པདྨ་དབང་ཆེན་རྩ་བ་ལ་སོགས་དང་། །ཡང་དག་རྩ་ བ་ཕུར་པ་རྩ་ཐུང་དང་། །ཁུ་བྱུག་རོལ་པ་ཕུར་པ་རྩ་བའི་རྒྱུད། །ཕྱག་རྒྱ་ཆེན་པོ་ཐེག་ལེ་རྒྱུད་དྲུག་དང་། །དགོངས་འདུས་ཀུན་བྱེད་བྲག་སྐོར་རྒྱུད་བདུན་དང་། །སྔ་འགྱུར་ལྔ་དང་ཕྱི་འགྱུར་བཅུ་གསུམ་དང་། །རིན་སྤུངས་ཀློངས་ཕྲིན་གུ་རུ་ཞི་བ་དང་། །སྙིང་ཐིག་ཟབ་མོ་པོད་བཞི་ཁྲིད་ཀར་བཅས། །མྱང་དང་ཆོས་དབང་རྒྱུད་པའི་གཏེར་ཆོས་ཕལ། །བློ་ལྡན་མཆོག་སྲེད་རྒྱུད་པའི་གདམས་ངག་དང་། །ཕྱག་བཞིའི་རྒྱུད་དང་བསྒྲུབས་ཐབས་བཅུ་ཙམ་དང་། །སྟག་ཞོན་རྒྱུད་དང་སྒྲུབས་ཐབས་མ་ལུས་དང་། །མཚོ་སྐྱེས་མ་དང་བསེ་གདོང་ཏྲག་ཤད་དང་། །བེང་དང་བེར་ནག་ཅན་གྱི་བསྒྲུབས་སྐོར་དང་། །ལྷ་མོ་རྒྱུད་བཅུ་བསྒྲུབས་ཐབས་བཅས་པ་དང་། །དཔོན་གཡོགས་གསུམ་མ་བསྒྲུབས་དང་པདྨ་ཡིས། །རེ་མ་ཏི་ཡི་བསྒྲུབས་ཐབས་ཆ་ལག་བཅས། །དེ་སོགས་དྲག་སྔགས་བསྒྲུབས་ཐབས་སྐོར་མང་པོ་དང་། །དབང་དང་བྱིན་བརླབས་བཀའ་དང་བཅས་པ་རྣམས། །བླ་མ་གཉན་རས་དགེ་འདུན་འབུམ་ལ་རྒྱུད། །རི་ཁྲོད་དབང་ཕྱུག་གནམ་མཚོ་བ་ལ་ནི། །བསྟན་པ་རྒྱ་མཚོའི་རྩ་བ་བཤད་བཅས་དང་། །ཞུ་ལན་མུན་སེལ་དགོངས་པ་ལུང་སྟོན་དང་། །མ་གཅིག་ལས་རྒྱུད་ཆོས་རྣམས་མ་ལུས་དང་། །ཟབ་གདམས་སྐོར་ལྔ་ཆོས་རྗེའི་ཆོས་ཆུང་རྣམས། །ཞི་བྱེད་དོན་རྒྱུད་ཕག་མོ་གཞུང་དྲུག་དང་། །རྒྱལ་བ་རྒྱ་མཚོ་སྐོར་གསུམ་ཐོག་བབས་དང་། །གཞན་ཡང་གདམས་ཕྲན་བཀའ་ལུང་བཅས་པ་ཐོབ། རྫོགས་པ་ཆེན་པོ་སྙིང་ཐིག་ཞུས་པའི་ཚེ། །མངོན་གསུམ་རིག་པའི་ཚད་ལ་འབེབས་པ་ཡི། །རྨི་ལམ་ཤར་ཤིང་མན་ངག་ཟབ་པར་རྟོགས། །གཞན་ལས་ཕན་པར་གྱུར་པའི་ལྟས་ཀྱང་སྣང་། །དཔལ་ལྡན་ཀརྨ་པའི་གདན་སར་འགྲོ་བའི་ལྟས། །ཆོས་སྐྱོངས་མཁའ་འགྲོའི་ཚོགས་རྣམས་ཀུན། །བརྒྱན་དང་ན་བཟའ་མཛེས་པ་གསོལ་ནས་ཀྱང་། །གླུ་དབྱངས་སྙན་པའི་ས་བོན་གཞན་ཕན་འབྱུང་བར་གོ །ཇོ་མོའི་གང་དུ་ཟླ་གཅིག་བསྡད་པའི་ཚེ། །གདམས་པ་འགའ་ཞིག་གདན་ས་པ་ལ་བཤད། །དཔལ་ལྡན་ལྷ་མོས་འཕྲིན་ལས་བསྒྲུབ་པ་དང་། །མོས་པར་ལྡན་པའི་རྟེན་འབྲེལ་འགའ་ཞིག་མཐོང་། །མཁན་པོ་ཆེན་པོ་གཞོན་ནུ་བྱང་ཆུབ་དང་། །སློབ་དཔོན་ཆེན་པོ་དགེ་འདུན་རིན་ཆེན་ལ། །བསྙེན་པར་རྫོགས་པའི་བཅོ་བརྒྱད་ལོ་ལ་བྱས། །འདི་ལས་དམ་ཆོས་འདུལ་བ་ལུང་སྡེ་བཞི། །མདོ་རྩ་ལྔ་བཅུ་པ་དང་གསུམ་བརྒྱ་པ། །ཀརྨ་ཤ་ཏམ་ལོ་ཡི་དྲི་བ་གཉིས། །སོ་སོར་ཐར་པའི་འགྲེལ་པ་རྣམ་པ་གསུམ། །མདོ་ཆུང་བཞི་དང་གདམས་ངག་དང་། །སྨན་ལྷ་མདོ་བསྒྲུབ་སྒྲོལ་མའི་སྒྲུབ་ཐབས་གཉིས། །གཞན་ཡང་གདམས་ཕྲན་བཅས་པ་ལེགས་པར་ཐོས། །བཤེས་གཉེན་དམ་པ་ཤཱཀྱ་གཞོན་ནུ་ལ། བྱམས་པའི་ཆོས་ལྔ་འགྲེལ་པར་བཅས་པ་དང་། །དབུ་མ་རྩ་བའི་ག་ལ་འཇིགས་མེད་དང་། །རང་རྒྱུད་ཤར་གསུམ་དགོངས་པའི་རྣམ་པ་ལྔ། །དགོངས་འགྲེལ་ས་ལུ་ལྗང་པའི་མདོ་འགྲེལ་དང་། །རྣམ་པར་མི་རྟོག་ འཇུག་པའི་འགྲེལ་པ་དང་། །སྒོམ་རིམ་རྣམ་གསུམ་ཇོ་བོའི་ཆོས་ཆུང་དྲ་བ་ལ། །མངོན་པ་གོང་འོག་འགྲེལ་བཤད་བཅས་པ་དང་། །བསླབ་བཏུས་མདོ་སྡེ་ཀུན་ལས་བཏུས་པ་དང་། །ཚད་མ་ཀུན་ལས་བཏུས་དང་རྩ་འགྲེལ་དང་། །རིག་སྒོ་སྡེ་བདུན་དམིགས་པ་བརྟགས་པ་དང་། །འདུལ་བ་འོད་ལྡན་ཆོས་མཆོག་ཆུང་ངུ་དང་། །ཉི་ཁྲི་སྣང་བ་ཤེས་སྙིང་འགྲེལ་པ་དང་། །དེ་སོགས་ལུང་རྣམས་ལེགས་པར་ཐོབ་པ་ཡིན། །གཞན་ཡང་རྫོགས་ཆེན་གསང་སྐོར་ངོ་སྤྲོད་དུས། །སྟོང་འཇུག་རྡོ་རྗེ་འཆང་སོགས་སྣང་བ་ཤར། །དེ་ནས་དཔལ་ལྡན་ཀརྨའི་ཡང་དགོན་དུ། །ནམ་ལངས་དུས་མཐར་འོད་ཀྱིས་མཛེས་པའི་ནང་། །བྷི་མ་མུ་ཏྲར་རབ་གསལ་མཛོད་སྤུར་ཐིམ། །རྫོགས་ཆེན་དོན་རྣམས་ཤིན་ཏུ་གསལ་བར་གྱུར། །བླ་མ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། །མཇལ་ཞིང་ཆོས་ཀྱི་གསུང་གླེང་མཛད་པའི་ཚེ། །བྱང་ཆུབ་སེམས་དཔའ་དུ་མའི་དག་སྣང་དང་། །འཕྲིན་ལས་ལྟས་ཀུན་སེམས་ལ་གསལ་བར་སྣང་། །དེ་ནས་ལྷ་སྟེང་དབེན་གནས་འདེབས་པའི་ཚེ། །རྒྱལ་བའི་རིང་བསྲེལ་དུ་མ་རྨི་ལམ་སྣང་། །འགའ་ཞིག་འོད་འབར་འགའ་ཞིག་འོད་མི་གསལ། །བསམ་གཏན་བརྟེན་པ་འབྱུང་བའི་ཚུལ་དུ་གོ །གཞན་ཡང་དབེན་པར་འདུག་པའི་རྨི་ལམ་ན། །ནུབ་ཕྱོགས་ཞིང་ཁམས་གཅིག་ཏུ་ཕྱིན་པ་ལས། །ས་ཡི་མཐིལ་མཉམ་རིན་ཆེན་མཆོད་བརྟེན་བསྐོར། །བདེ་བ་ཅན་ཞེས་གྲགས་པའི་སྒྲ་ཡང་ཐོས། །རེ་ཞིག་རི་བོ་འཛིན་པའི་སྟེང་དུ་ཕྱིན། །ཤཱཀྱའི་རྒྱལ་པོ་འཇམ་དཔལ་དབྱངས་སོགས་པའི། །འཁོར་གྱི་བསྐོར་ཚུལ་ཆོས་ཚུལ་དྲིས་པ་ལས། །མདོ་སྡེ་རྨི་ལམ་ནང་མཐོང་དྲིས་པ་ཡིན། །རེ་ཞིག་ལྷུན་པོའི་སྟེང་ན་ཁང་སྟེགས་དྲུང་། །བཤེས་གཉེན་གསུམ་གྱི་བྱམས་ཆོས་གསལ་བར་གསུངས། །སད་ཀྱང་བློ་ལ་གསལ་སྣང་དེ་ཕྱིན་ཆད། །བྱམས་ཆོས་དོན་རྣམས་ལེགས་པར་གོ་བར་བྱུང་། །དེ་འོག་རིན་ཆེན་གསེར་གྱིས་བྲག་རིའི་སྟེང་། སྤྱན་རས་གཟིགས་ཀྱིས་ཕྱག་ནས་བདུད་རྩིའི་ཆུ། །བབ་སྣང་ཤེལ་གྱི་ཕོར་པས་བཅུས་འཐུང་ནས། །ལྷག་མ་སེམས་ཅན་གཞན་ལ་བཀྱེ་བ་རྨིས། །ཀུན་ཏུ་སྤྱོད་པའི་འགྲེལ་པ་བྱེད་པའི་ཚེ། །མཁའ་འགྲོའི་ཚོགས་ཀྱིས་རིན་ཆེན་དུ་མ་རྣམས། །བདག་ལ་བྱིན་རྨིས་རྒྱུད་དོན་ཟབ་མོ་རྣམས། །རིན་ཆེན་བཞིན་དུ་དགོས་འདོད་འབྱུང་བར་གོ །ལྷ་སྟེང་ནགས་ལ་མེ་ཆེན་འབར་འགྱུར་ཚེ། །དུ་བའི་ནང་དུ་འབྲུག་དང་ཆུ་བྱུང་ཞིང་། །སྐད་ཅིག་མེ་ཞི་ཆར་རྒྱུན་ཕྱོགས་མེད་འབབ། །སྐྱེ་བོ་སྐྲག་པ་ཞི་ཞིང་བསྟོད་པ་བརྗོད། །གཞན་ཡང་ནུབ་གཅིག་འཇམ་དཔལ་གཤིན་རྗེ་གཤེད། །ཞལ་གསུམ་ཕྱག་དྲུག་སྤྲིན་ནག་ལྟ་བུ་ལ། །འབར་འཕྲེང་འཁྲིགས་ཤིང་སྔགས་ནི་འབྲུག་ལྟར་སྒྲོགས། །གཞན་གྱིས་སྦོད་སྟོང་བར་ཆད་བཟློག་པར་མཐོང་། །ཚད་ཡུལ་གཅོང་བྲག་རི་ཁར་ཕྱིན་པའི་ཚེ། །ཁ་བ་དཀར་པོ་དགེ་བསྙེན་དགྲ་འདུལ་ནི། །མི་རྟ་དཀར་པོ་དར་དཀར་ཐོག་ནས་ཀྱང་། །ཤར་ཕྱོགས་ལྷའི་ཁང་ པ་གསལ་བར་བསྟན། །ཡིད་འོང་མཛེས་པའི་རིན་ཆེན་མཆོད་པར་འབུལ། །དེ་ནས་ཀམ་པོ་གནས་ནང་དུ་འགྲོ་བའི་དུས། །རྡོ་རྗེ་དཔལ་བརྩེགས་དགེ་བསྙེན་ཆེན་པོ་དེ། །རྟ་དཀར་རྔོག་དམར་ཞོན་ཅིང་དར་དཀར་ཐོགས། །དགའ་བ་བཞིན་གྱིས་བསུ་བ་བྱེད་པ་མཐོང་། །ཤར་ཕྱོགས་ཀོལ་ཏིའི་འཁྲུག་པ་ཆེན་པོ་དེ། །མི་མ་ཡིན་གྱི་འཁྲུག་པ་བྱུང་རིག་ནས། །ཏིང་ངེ་འཛིན་གྱི་ཞི་བར་གཏུལ་བྱས་པས། བཀའ་བཞིན་བསྒྲུབས་ཞེས་སྙན་པར་སྨྲ་བ་ཐོས། །གནས་སྒོར་སྐྱེ་ཆེན་དཔལ་ལྡན་ཨོ་རྒྱན་པ། །རྨ་བྱའི་སྒྲོ་ཐོགས་ཞལ་ནས་གདམས་ངག་གསུང་། །སྙིགས་མའི་བརྡ་སྟན་མེ་ལོང་གཟུགས་བརྙན་ལྟར། །ཐོ་རངས་རྒྱུད་ཀྱི་རྨི་ལམ་སྣང་བ་ཤར། །མདོ་ཁམས་ཕྱོགས་ནས་དབུས་སུ་བྱོན་པའི་ཚེ། །གཉན་ཆེན་ཐང་ལྷ་ལ་སོགས་གཞི་བདག་རྣམས། །གུས་པའི་ཚུལ་གྱི་བསུ་བ་བྱེད་པར་གྱུར། །གཞན་སྣང་ན་བུན་ལམ་ལ་འཁྲིགས་པ་སྣང་། །མཚུར་ཕུར་ཕྱིན་ཚེ་མཁའ་འགྲོ་ཆོས་སྐྱོངས་རྣམས། །ཐམས་ཅད་དགྱེས་ཞིང་གར་གྱིས་རྣམ་འགྱུར་གྱིས། །སྣང་བ་སྙམ་དུ་ཡིད་ལ་བསམ་པ་དང་། །ཅུང་ཟད་འགྲོ་ལ་ཕན་པའི་བརྡ་རུ་ཤར། །རིན་ཆེན་གདུགས་མཛེས་མེ་ཏོག་ལས་གྲུབ་པ། །ཤཱཀྱའི་རྒྱལ་ལ་ལྷ་སར་ཕུལ་བའི་ཚེ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀུན་ཏུ་ཡང་། །མཆོད་པའི་སྣང་བ་ཤར་ཞིང་སྤྲོ་བ་སྐྱེས། །དགྱེས་པ་རྡོ་རྗེའི་རྣམ་བཤད་བྱས་པའི་ཚེ། །ཡིད་ཀྱི་ཡུལ་དུ་ཡི་དམ་སྣང་བ་ཤར། །རྒྱུད་དོན་བྱང་ཆུབ་སེམས་དཔའི་འགྲེལ་པ་ལྟར། །ལྷད་མེད་རང་གིས་རྒྱུད་ལ་གསལ་བར་ཤར། །བདག་ཉིད་ཆེན་པོ་དཔལ་ལྡན་ཨོ་རྒྱན་པའི། །ཆོས་ཀྱི་དགོངས་པ་རྫོགས་པར་བྱ་བའི་ཕྱིར། །དགེ་བའི་བཤེས་གཉེན་ཀུན་དགའ་དོན་གྲུབ་ལ། །དུས་ཀྱི་འཁོར་ལོ་རྒྱུད་འགྲེལ་ཡན་ལག་བཅས། །སྒྱུ་འཕྲུལ་དྲ་བ་འབྱུང་པོ་འདུལ་བྱེད་དང་། །འཁོར་ལོ་ཆེན་པོ་སྡོམ་འབྱུང་རྒྱུད་འགྲེལ་དང་། །གཤེད་མར་དགྲ་ནག་གདོང་དྲུག་རྒྱུད་སྒྲུབ་ཐབས། །རྡོ་རྗེ་འཕྲེང་བ་མངོན་འབྱུང་དབང་སྒྲུབ་དང་། །གདན་བཞི་གུར་དང་སམ་བྷུ་ཊའི་རྒྱུད་འགྲེལ། །གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་དང་། །གསང་སྙིང་ཡང་དག་ལུང་བཞི་མཁའ་འགྲོའི་སྐོར། འཇམ་དཔལ་སྐུ་བསྒྲུབས་པདྨ་གསུང་བསྒྲུབས་དང་། །ཕུར་པའི་དབང་རྫོགས་བཀའ་བརྒྱད་ཕལ་ཆེར་དང་། །དེ་ཉིད་འདུས་པ་དཔལ་མཆོག་རིག་བསྡུས་དང་། །རྡོ་རྗེ་རྩེ་མོ་སྦྱོངས་རྒྱུད་དཀྱིལ་འཁོར་རྣམས། །གཙུག་དགུ་རྣམ་སྣང་སྒྱུ་འཕྲུལ་དྲ་བ་དང་། །རྡོ་རྗེ་བདུད་རྩི་སངས་རྒྱས་ཐོད་པ་དང་། །གསང་ལྡན་ལྷ་མོ་གཅིག་བསྒྲུབས་སྤྱི་བསྒྲུབས་རྒྱུ་དང་། །འཇམ་དཔལ་རྩ་རྒྱུད་ཕྱག་རྡོར་དབང་བསྐུར་རྒྱུད། །དབང་བཀའ་རྒྱུད་འགྲེལ་བསྒྲུབས་ཐབས་ཕལ་ཆེར་དང་། །ས་སྡེ་མངོན་པ་གོང་འོག་ཕུང་པོ་ལྔ། །ཐེག་བསྡུས་སྐོར་གསུམ་སུམ་ཅུ་པ་དང་ནི། །རྒྱས་འབྲིང་རྣམ་གསུམ་འགྲེལ་པ་འགའ་ཞིག་དང་། །དཀོན་མཆོག་བརྩེགས་པའི་མདོ་སྡེ་ལྔ་བཅུ་དང་། པདྨ་སྐོར་ གསུམ་ལ་སོགས་མདོ་མང་ཞིག །གཟུངས་འདུས་རྒྱས་པར་ཡོད་པ་མ་ལུས་དང་། །སྙན་ངག་མེ་ལོང་བསྡུས་པ་གྲུབ་མཐའ་སྐོར། །ཞི་བྱེད་རྒྱུད་པ་ཕྱི་མ་ཀམ་ལུག་དང་། །ལམ་འབྲས་དམར་ཞབས་སྦྱོར་དྲུག་རིགས་བརྒྱད་དང་། །གཞན་ཡང་གདམས་ཕྲན་མང་པོ་ཐོས་པར་གྱུར། །གསོ་བའི་གཞུང་དང་གདམས་པ་དུ་མ་རྣམས། །རྦ་རས་ལ་སོགས་མཁས་པ་རྣམས་ལ་ཐོས། །ཁྱད་པར་འབྱུང་པོ་འདུལ་བྱེད་ཐོས་པའི་ཚེ། །ཁྲོ་བོ་འཁོར་བཅས་རྨི་ལམ་སྣང་བ་ལ། །ཤིན་ཏུ་གསལ་མཐོང་བདག་ལ་བྱིན་བརླབས་ཤིང་། །གསང་སྔགས་སྒྲ་སྐད་འབྲུག་བཞིན་སྒྲོགས་པ་ཐོས། །དུས་ཀྱི་འཁོར་ལོ་རྒྱུད་འགྲེལ་ཐོས་པའི་ཚེ། །བཀའ་སྲུང་མཁའ་འགྲོར་བཅས་པའི་སྣང་བ་དང་། །འཇམ་དབྱངས་ཕྱག་ན་པདྨོའི་བྱིན་བརླབས་པ། །ཕྱི་ནང་གསང་གསུམ་དོན་རྣམས་གསལ་བར་གོ །རེ་ཞིག་ཁྱུང་རྫོང་དབེན་པ་བྱེད་པའི་ཚེ། །བླ་མ་གྲུབ་ཆེན་རྨི་ལམ་བྱོན་ནས་ཀྱང་། བསྙེན་བསྒྲུབས་རྩ་རླུང་བྱང་ཆུབ་སེམས་ཀྱིས་གནད། །མངོན་སུམ་ལྟ་བུར་བསྟན་པའི་སྣང་བ་ཤར། །དགེ་བའི་བཤེས་གཉེན་ཚུལ་ཁྲིམས་རིན་ཆེན་ལ། །གསང་བ་འདུས་པའི་རྒྱུད་འགྲེལ་བཤད་རྒྱུད་བཞི། འཕགས་སྐོར་ཆ་ལག་མང་དུ་རྫོགས་པ་དང་། །འཇམ་དཔལ་མཚན་བརྗོད་མ་ཧཱ་མ་ཡ་དང་། །གུར་དང་གདན་བཞི་ཕྲན་རྣམས་མ་ལུས་དང་། །མེས་རྔོག་ལས་རྒྱུད་དགྱེས་རྡོར་རྒྱ་གཞུང་ཕལ། །ཁ་མཐུན་བསྒྲུབས་སྐོར་གནམ་ལྕགས་ཨུར་མོ་དང་། །འགྲེལ་པ་གྲུ་གཟིངས་རིན་ཆེན་སྣ་བདུན་བཅས། །བདེ་མཆོག་སྙན་བརྒྱུད་ལ་སོགས་མར་རྔོག་གིས། །གདམས་ངག་བསྒྲུབ་ཡིག་བཀའ་ལུང་བཅས་ཏེ་ཐོས། །གཞན་ཡང་འཇམ་དཔལ་ཁྲོ་བོ་འདུས་པ་དང་། ཨུར་མོ་པ་ཏྲ་བསྒྲུབས་ཡིག་རྒྱུད་རྣམས་དང་། །བསྟན་པ་བསྒྲུབས་བྱེད་རྒྱུད་དང་བསྒྲུབས་པའི་ཐབས། །བརྒྱ་ཕྲག་བཅུ་གཅིག་ལྷག་པར་གྱུར་པ་དང་། །རོ་སྙོམས་ཐུབ་ལྔ་རྒྱུད་པའི་གདམས་ཕྲན་འགའ། །གཞོན་ནུ་འབུམ་ཞེས་བྱ་བའི་བརྒྱུད་པ་ཡིན། །དེ་དག་དུས་ཀྱི་ཉམས་སྣང་འགའ་ཡོད་པས། །འདི་རུ་མ་བྲིས་རང་བཞིན་གནས་པ་ཡིན། །གཞན་ཡང་འགྲེལ་པ་མཐའ་དྲུག་ཆེན་པོ་དང་། །གསུངས་གི་འོད་ཟེར་ལ་སོགས་འགྲེལ་པ་འགའ། འཆི་མེད་ཆེན་པོ་ལ་སོགས་དུ་མ་ཞིག །ཛྙྱ་ན་ཤྲི་ཞེས་བྱ་བ་དེ་ལ་ཐོས། །སྙིང་ཐིག་རྒྱུད་དང་འགྲེལ་པ་མན་ངག་ནི། །ཡི་གེའི་ཚོགས་དང་གསང་སྐོར་གདམས་ངག་དང་། །འཆི་མེད་ནི་གུའི་གདམས་ངག་གའུ་མ། །དེ་སོགས་གདམས་ངག་ཀུ་མ་ར་ཛ་དང་། །རི་ཁྲོད་རས་པ་ལས་ཀྱང་བྱུང་བ་ཡོད། །གཞན་ཡང་གངས་དཀར་དབེན་པ་བྱེད་པའི་ཚེ། །ཀོང་པོའི་ཡུལ་ཀུན་དམ་ཆོས་མོས་གྱུར་ཞིང་། །གཞན་ལ་ཕན་པའི་རྨི་ལམ་སྣང་བ་ཤར། །གཞན་ལ་ཕན་པ་དུ་མ་བྱུང་བར་གྱུར། །དྭགས་ལྷ་སྒམ་པོ་ཟངས་ལུང་རི་ཁྲོད་དུ། །བླ་མ་ལྷ་རྗེ་ཟླ་འོད་གཞོན་ནུ་ནི། །ས་བཅུའི་དབང་ཕྱུག་དེའི་འཕྲིན་ལས་སུ། །ཕྱག་རྒྱ་ཆེན་པོས་གཞན་དོན་འབྱུང་བར་ཤར། །ཀོང་པོའི་ཡུལ་གྱི་མི་མ་ཡིན་པ་རྣམས། །ཆོས་ལ་གུས་ཤིང་བཀའ་བཞིན་བསྒྲུབ་བོ་ཞེས། །བསྒྲོགས་པའི་སྣང་བ་ཤར་ཞིང་ལོ་གསུམ་བར། །ཆོས་བཞིན་བསྒྲུབས་ཞིང་ཡ་མཚན་དུ་མ་སྣང་། ཙ་རི་གཡུ་མཚོར་དག་སྣང་ཤར་བ་དང་། །མཁའ་འགྲོའི་གནས་ཀྱིས་ངེས་པར་ཤར་གྱུར་ཞིང་། །རང་བྱུང་དུར་ཁྲོད་དངོས་གྲུབ་བྱུང་བ་དང་། །བར་ཆད་ཞི་བའི་སྣང་བ་དུ་མ་བྱུང་། །བཀྲ་ཤིས་ལྗོངས་སུ་གསོལ་བ་བཏབ་པའི་ཚེ། །མཁའ་འགྲོའི་སྣང་བ་ཤར་ཞིང་མངོན་གསུམ་དུ། །མཁའ་འགྲོའི་སྒྲ་ཐོས་བྱིན་བརླབས་ཞུས་པ་དང་། །ངོ་མཚར་ཆེ་བའི་ལྟས་ཀྱི་ཁྱད་པར་སྣང་། །ཤམ་པོའི་གངས་བདུན་འཁྲུལ་པའི་སྣང་བ་ལས། །ཕྱིིའི་ཡུལ་དང་ནང་གིས་རྩ་རླུང་རྣམས། །སྣང་ཞིང་ཆོས་རྣམས་ཀུན་གྱི་རྟེན་འབྲེལ་གོ །བར་ཆད་བཟློག་ཅིང་གཞན་ཕན་ཡི་དམ་བཅས། །ཇོ་མོའི་གངས་ལ་དབེན་པ་བྱེད་པའི་ཚེ། །ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ནི། །མཁའ་ལ་གསལ་སྣང་བྱིན་བརླབས་ཞུས་པ་ཡིས། །ཡིད་ཀྱི་ཡུལ་དུ་ཡུན་རིང་གསལ་བར་གྱུར། །མཚུར་ཕུའི་རི་ཁྲོད་སྐུངས་སྟོང་ཡོད་པའི་དུས། །ནང་གི་རླུང་དང་ཕྱི་རོལ་ནམ་མཁའ་ལ། །གཟའ་དང་རྒྱུ་སྐར་དུས་སྦྱོར་ཐམས་ཅད་ཀུན། །གསལ་བར་ཤར་བས་རྩིས་ཀུན་སྣང་བར་གྱུར། །གསང་བ་འདུས་པ་མར་ལུགས་ཉན་པའི་དུས། །རང་གི་ལུས་ལ་འདུས་པ་གསལ་སྣང་ཞིང་། །རྒྱལ་བའི་དགོངས་པ་ཕྱི་ན་ཡོད་མིན་ལ། །ཐམས་ཅད་རང་གི་སེམས་སུ་ངེས་ཤེས་སྐྱེས། །རེ་ཤིག་འཁྲུལ་པའི་རྨི་ལམ་སྣང་བ་ལ། །འདི་ན་འཇིག་རྟེན་མང་པོ་འདས་པ་ཡིས། །ས་ན་རྒྱལ་བ་སྤོས་གླང་བཞུགས་པ་ཡི། །དམ་ཆོས་ཡིན་ཞེས་པུ་ཏི་དུ་མ་མཐོང་། །གངས་དཀར་ཆོས་གཏམ་མང་དུ་བྱས་པའི་ཚེ། །རྒྱལ་བའི་དགོངས་པ་ཐམས་ཅད་གཅིག་པ་དང་། །ཡི་དམ་རང་གི་རིག་པའི་ཆོ་འཕྲུལ་དུ། །ཤེས་ཤིང་བྱིན་བརླབས་རྒྱུད་ལ་བྱུང་བར་གོ །གནས་དེར་རེ་ཤིག་འཇམ་དཔལ་གཞོན་ནུ་ནི། བྱང་ཕྱོགས་འཇིག་རྟེན་མང་པོ་ན། །ད་ལྟར་སངས་རྒྱས་མཛད་པ་སྟོན་པ་དང་། །ཡུན་རིང་མོས་པས་ཡིད་ལ་གསལ་བར་གྱུར། །རེ་ཤིག་བདག་ཉིད་ཆེན་པོ་བྱམས་པའི་དྲུང་། །སེམས་ཀྱི་པདྨ་སྡོང་པོ་སྤྲུལ་བྱས་ཏེ། །གཞན་ཕན་བསྐུལ་བའི་གསོལ་བ་བཏབས་པ་ལས། །མངོན་སུམ་བཞིན་དུ་ཡིད་ལ་གསལ་བར་སྣང་། །གངས་དཀར་ཆོས་འབྱུང་ཕུག་པར་འདུག་པའི་ཚེ། །དཔལ་ལྡན་ཆོས་རྗེ་དུས་གསུམ་མཁྱེན་པ་ལ། །མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བྱེད་སྣང་བས། །ཡིད་ལ་གསལ་བའི་ཚིགས་སུ་བཅད་པ་བརྗོད། །བ་ཚ་ཕུག་ནག་ཞེས་བྱར་འདུག་པའི་ཚེ། །མི་མ་ཡིན་རྣམས་བསྐོར་ཞིང་ཕྱག་འཚལ་བ། །ཡིད་ཀྱི་ཡུལ་དུ་གསལ་བར་གྱུར་པ་ལས། སྲོག་རླུང་སྐྱོན་གྱི་གེགས་ལས་གྲོལ་བར་འགྱུར། །ཆོས་རྗེ་བཞུགས་གནས་གྲ་མ་གྲུ་བཞི་རུ། །ཕུར་པའི་དབང་རྫོགས་ལ་སོགས་བཀའ་ལུང་རྣམས། །མནོས་པས་དེ་ཉིད་ཀྱི་ནི་སྣང་བ་ཤར། །སྙིགས་དུས་རང་གཞན་རྒྱུད་ལ་ཅུང་ཟད་ཙམ། །ཕན་པར་གྱུར་པའི་དག་སྣང་ཤར་ནས་ཀྱང་། །བདེ་ཆེན་སྟེང་གིས་རི་ཁྲོད་བཏབས་པ་ཡིན། །གནས་དེར་རེ་ཞིག་འཁྲུལ་པའི་སྣང་བ་ལ། །རྒྱལ་བའི་མཆོད་རྟེན་རིང་བསྲེལ་དཔག་མེད་པ། དབྱིབས་ལེགས་འོད་དང་ལྡན་པ་མང་དུ་རྙེད། །བསམ་གཏན་ཤེས་རབ་གཞན་ལ་ཕན་པའི་བརྡའ། །རེ་ཤིག་ཤར་ཕྱོགས་མངོན་པར་དགའ་བ་ཡིི། །ཞིང་ན་བཅོམ་ལྡན་མི་འཁྲུག་པ་ཡིི་དྲུང་། །བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེའི། །དེའི་མཛད་ལ་དད་ཅིང་སྣང་བ་གྱུར། །བདེ་ཆེན་རི་ཁྲོད་མཐོན་པོར་བསྡད་པའི་ཚེ། །སྤྱོད་དང་འོད་གསལ་བཞིན་ལ་བསྟན་པའི་དུས། །ཇི་ལྟར་བསྟན་པ་བཞིན་དུ་ཉམས་མྱོང་དག གཉིད་དང་མ་གཉིད་ཁྱད་པར་མེད་པར་སྣང་། །ཁ་རག་ཤར་གྱིས་རི་ཁྲོད་ཕྱིན་པའི་ཚེ། །སྟོན་ཟླ་འབྲིང་པོའི་ཉའི་དུས་མཚམས་ལ། །ཨོ་རྒྱན་པདྨ་རྨི་ལམ་སྣང་བར་ཤར། །གཞན་ཡང་སྙིང་ཁུར་པདྨའི་ཕུག་པ་རུ། །མཁའ་འགྲོའི་བྱིན་བརླབས་དག་སྣང་ཤར་བ་ཡིས། །སྣ་ཚོགས་དབྱངས་དང་ངག་ཏུ་བརྗོད་པར་འགྱུར། །གཞན་ཡང་བདེན་ཆེན་དབེན་པ་བྱེད་པའི་ཚེ། །སྟོན་ཉམས་ཀྱིས་སྣང་བས་ཕྱོགས་བཅུའི་འཇིག་རྟེན་ན། །སངས་རྒྱས་མང་སྣང་ཞིང་གི་རྒྱལ་སྲས་ཀྱིས། །རྣམ་ཐར་སྤྱོད་ལ་མོས་པ་རྒྱ་ཆེན་བསྐྱེད། །རྩ་དང་རླུང་དང་བྱང་ཆུབ་སེམས་ཀྱི་གནད། །རྒྱལ་བ་སྣ་ཚོགས་རྒྱུད་ལ་གསུངས་པ་ཀུན། །རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པས། །མཐོང་ནས་ཕྱི་ནང་གཞན་གསུམ་གཅིག་ཏུ་བཀོད། །ངག་དང་རླུང་དང་ཡི་གེའི་རྟེན་འབྲེལ་ནི། །མཁའ་ལ་གསེར་གྱིས་ཡི་གེའི་ཕྲེང་བ་རྣམས། །རང་གི་བ་སྤུའི་ཁུར་བུར་ཐིམ་ཞིང་འཕྲོ། །དཔལ་ལྡན་ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །སྐྱེས་བུ་དམ་ཅན་སྣང་བ་ཤར་བ་ཡིས། །བསྟན་པའི་རྒྱལ་མཚན་སྐབས་སུ་བབས་པར་གྱུར། །རེ་ཤིག་དབེན་པ་ཏིང་འཛིན་བསྒོམ་པའི་ཚེ། །ཕུང་པོ་ཁམས་སོགས་གསང་འདུས་ལྷ་ཚོགས་སུ། །རྡོ་རྗེ་ཕྲེང་བའི་རྒྱུད་ལས་གསུངས་པ་བཞིན། །གོང་ནས་ཕྱི་ནང་སྦྱར་བའི་བསྒྲུབས་ཐབས་བྱས། །རེ་ཞིག་རྡོ་རྗེ་སེམས་དཔའ་ཧེ་རུ་ཀས། །བྱིན་གྱི་བརླབས་པའི་ལྟས་ཀྱི་ཁྱད་པར་སྣང་། །ཕྱི་རོལ་ནམ་མཁར་འཇའ་དང་འོད་དུ་འཁྱིལ། །དམ་ཚིག་སྡོམ་པའི་རྣམ་དབྱེ་བྲིས་པ་ཡིན། །རྨི་ལམ་ཀུ་རུ་ཀུ་ལེ་དབང་གི་ལྷ། །འོད་ཟེར་དམར་པོ་འཕྲོ་ཞིང་འདུ་བ་ཅན། །འབྱུང་པོའི་གནོད་པ་ཞི་བར་མཛད་པར་སྣང་། །ས་ར་ཧ་དང་དྷརྨ་ཀིཏྟི་སོགས། །མེས་པོའི་ཡིད་ལ་སྐབས་སུ་སྣང་བ་ཡིས། མཁས་གྲུབ་རྣམས་ཀྱི་གཞུང་དོན་རྒྱ་མཚོ་རྣམས། །རྩོལ་བ་མེད་པར་ལེགས་པར་གོ་བར་འགྱུར། །གངས་དཀར་ཕུག་ན་པདྨའི་སྐུ་བཞེངས་ཚེ། །ཨོ་རྒྱན་མཁན་པོའི་འཕྲིན་ལས་ལྷག་མ་ཡིས། །དེང་སང་དུས་ན་ཕྱོགས་རྣམས་ཐམས་ཅད་དུ། །འཕྲིན་ལས་ཅུང་ཟད་འགྲུབ་པའི་སྣང་བ་ཤར། །ཤར་གྱི་ཕྱོགས་ན་མི་དགེ་སྤྱོད་པ་ཡི། །སེམས་ཅན་རྣམས་ལ་ཕན་པར་བསམ་པ་ལས། །ཤཱཀྱའི་རྒྱལ་པོ་ཐུགས་རྗེའི་འོད་ཟེར་ གྱིས། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སེལ་བ་སྙམས། །མི་མ་ཡིན་པའི་ཡི་དྭགས་རྫུ་འཕྲུལ་ཅན། །ཤ་ཁྲག་འདྲེན་པའི་རྣམ་པ་བཟློག་ནས་ཀྱང་། །རང་གཞན་ཕན་པར་བྱེད་པར་དམ་བཅའ་བཞིན། །དད་ཅིང་རྒྱལ་བའི་བསྟན་ལ་གུས་པར་བྱས། །གཞན་ཡང་རང་སེམས་སྟོང་པ་ཉིད་ཀྱི་གཟུགས། །རང་རིག་ཡེ་ཤེས་བསམ་གཏན་སྣང་བ་ལ། །དཔག་ཏུ་མེད་པ་ཕར་ཆེར་འཆར་མོད་ཀྱང་། །རྣམ་རྟོག་ཡི་གེར་བྲིས་པས་ག་ལ་ལངས། །རེ་ཤིག་དཔལ་ལྡན་ས་སྐྱར་ཕྱིན་པའི་ཚེ། །གཞི་བདག་ལ་སོགས་མི་མ་ཡིན་པ་རྣམས། །དད་བཞིན་དགའ་བའི་ཡིད་ཀྱི་འོང་ནས་ཀྱང་། །ཆོས་ཀྱི་ཚུལ་དང་མཐུན་པར་བྱེད་པ་སྙམ། །ཙན་བྲག་ཕྱིན་དུས་མཁའ་འགྲོ་ཆོས་སྐྱོང་ལ། །གཏོར་མ་བཏང་ཚེ་དཔལ་ལྡན་མགོན་པོ་ཡིས། །སྣང་བ་ཡིད་ལ་ཡུན་རིང་གསལ་བར་འགྱུར། །བར་ཆོད་ཞི་ཞིང་སྡོང་གྲོགས་བྱེད་པའི་ལྟས། །རྒྱང་ཁང་ཨུར་རིར་འདུས་པའི་ཚོགས་རྣམས་ལ། །སེམས་བསྐྱེད་ངོ་སྤྲོད་ཆོས་རྣམས་བསྟན་པའི་ཚེ། །བླ་མ་བརྒྱུད་པའི་བྱིན་བརླབས་ཉམས་སྣང་དང་། །གཞན་སྣང་དུ་ཡང་ཉི་མར་རིང་བར་གྲགས། །ཉང་སྟོད་ཕྱོགས་སུ་གདུལ་བྱ་ཐམས་ཅད་ལ། །ཐེག་པ་སྣ་ཚོགས་ཆོས་རྣམས་སྟོན་པ་དང་། །གཞན་ལ་ཕན་པའི་རྣམ་གྲངས་མང་བྱུང་ཞིང་། །དུས་མཚམས་ཟླ་བའི་འོད་ཟེར་གསལ་བར་གྱུར། །རྒྱལ་བའི་འཕྲིན་ལས་གདུལ་བྱ་མང་པོ་ལ། །དག་པའི་སྣང་བ་འགའ་ཞིག་ཤར་བ་དང་། །ཁྱད་པར་དུ་ཡང་གྲགས་པ་སེང་གེ་ལ། །ཉམས་ཀྱི་སྣང་བ་རྫུ་འཕྲུལ་ལྟ་བུ་དང་། །རེ་ཤིག་སྙིགས་མའི་དུས་ལ་བརྟེན་པ་དང་། །ཕྱི་ནང་བར་ཆོད་འགའ་ཞིག་འབྱུང་འགྱུར་པས། །དེ་བཟློག་ཐབས་ལ་བརྩོན་པར་གྱིས་ཅིག་ཅེས། ཐུགས་རྗེའི་བདག་པོའི་གསུངས་སྒྲོས་གསལ་བ་ཐོས། །རྒྱལ་བའི་མཆོད་རྟེན་ཞིག་པ་གསོས་པའི་ཚེ། །རྨི་ལམ་སྣང་བ་ཞིང་ཁམས་འདི་ཉིད་དུ། །སྣ་ཚོགས་མཆོད་རྟེན་རྒྱན་གྱི་བརྒྱན་པར་མཐོང་། །མ་འོངས་རྒྱལ་བའི་མཆོད་རྟེན་བྱེད་པ་སྙམ། །རེ་ཤིག་སྤྱན་རས་གཟིགས་དབང་ཐུགས་རྗེ་དང་། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་རྨི་ལམ་ལྟར། །ཕྱི་ནང་བར་ཆད་ཞི་བར་མཛད་པ་དང་། །གཞན་ཕན་ཡོན་ཏན་འབྱུང་བའི་སྣང་བ་ཤར། །རྒྱལ་བའི་མདོ་ལ་བསྡུས་དོན་རྣམས་བྱས་ཤིང་། །གདུལ་བྱའི་ཚོགས་ལ་བསྟན་པར་བྱ་བའི་ཚེ། །རྒྱལ་བའི་གསུངས་ཚིག་ཡི་གེའི་ཚོགས་རྣམས་ཀུན། །ཞིང་ཁམས་ཁྱབ་པའི་སྟོང་གཟུགས་སྣང་བ་ཤར། །གཞན་ཡང་རེ་ཤིག་འབྲོང་ཕུའི་གཙུག་ལག་ལག་དུ། །མ་ཕམ་རྒྱལ་བའི་སྲས་པོ་འཇམ་དབྱངས་དང་། །སྤྱན་རས་གཟིགས་དབང་བཞུགས་པར་འགྱུར་བ་ལ། །སྣ་ཚོགས་མཆོད་པའི་ཁྱད་པར་ཡིད་ཡུལ་གསལ། །དེ་སོགས་རང་བྱུང་འཁྲུལ་པའི་སྣང་བ་དང་། །རྨི་ལམ་བག་ཆགས་འཁྲུལ་སྣང་དཀར་པོ་ཡིས། །སེམས་ཀྱི་རྣམ་རྟོག་བྲིས་ཀྱིས་ག་ལ་ལངས། །ཀུན་གཞི་རྣམ་ཤེས་ས་བོན་ཐམས་ཅད་ལ། །བག་ཆགས་རྒྱ་མཚོའི་གཏིང་མཐའ་མེད་པ་ ལ། །ཚོགས་བདུན་འདུ་ཤེས་འཁོར་དང་བཅས་པ་རྣམས། །སྐྱེ་ཞིང་འགག་པའི་རྦ་བརླབས་དཔག་ཏུ་མེད། །དེའི་སྙིང་པོ་བརྒྱད་ཁྲི་བཞི་སྟོང་ཆོས། །རྣམ་པར་མི་རྟོག་ཟད་མེད་ནོར་བུ་དེ། སྤངས་བྱ་གཞན་དུ་གཉེན་པོའི་ཡོན་ཏན་ལྡན། །དེ་ཡི་རྣམ་གྲངས་བརྗོད་ཀྱིས་ག་ལ་ལངས། །ཆོས་ཀུན་ངོ་བོ་སྐྱེ་འགག་མེད་པ་དང་། །སྣ་ཚོགས་མ་འགག་ཤར་བའི་རྩལ་སྦྱོངས་ཞིང་། །རང་བྱུང་མིང་ཅན་ཡིད་ཀྱི་ཀུན་རྟོགས་ལས། །འདི་ནས་མ་འོངས་ཕྱི་མའི་དུས་ཀྱི་ཚེ། །བྱང་ཆུབ་སེམས་དཔའ་སེང་གེའི་རྣམ་ཐར་བཞིན། །མ་ཕམ་ཆོས་ཀྱི་བླ་མ་བཞུགས་པ་ཡིན། །སྣ་ཚོགས་བཀོད་པ་ལྡན་པའི་གནས་བཞིན་དུ། །མདུན་པས་འཕངས་ཏེ་སྐྱེ་བར་བྱེད་རྣམས་སྙམ། །དཔལ་ལྡན་ཀརྨ་པའི་ལུང་བསྟན་དུ། །མ་འོངས་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་དྲུང་། །བདག་ཉིད་ཆེན་པོ་བྱམས་པའི་ཆོས་འཛིན་པ། །རྒྱུད་པ་འདི་ལས་འབྱུང་ཞེས་གང་གསུང་པ། །དེ་དང་ཕྱོགས་མཐུན་བདག་ཀྱང་སྦྱོར་འགྱུར་ཞིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་དང་མཐུན་པར་འཇུག །དེ་ནས་རེ་ཤིག་འོད་དཔག་མེད་པ་ཡི། །རྒྱལ་བ་དེ་ཡི་ཐུགས་རྗེས་བསྐུལ་བ་དང་། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། རྒྱལ་སྲས་རྒྱ་མཚོའི་རྣམ་ཐར་ལྟར་བྱེད་ཅིང་། །དེ་དག་མཛད་དང་མཐུན་པར་འཇུག་པར་སྙམ། །སྐལ་པ་བཟང་པོའི་རྒྱལ་བ་རབ་འབྱུང་བ། །དེ་བཞིན་གཤེགས་པ་སེང་གེ་ནས་བཟུངས་ཏེ། །ཐ་མ་སྣང་བར་མཛད་པའི་བར་དག་དུ། །ཆོས་འཛིན་ཞིང་ཁམས་སྦྱོངས་བར་སྨོན་ལམ་བཏབས། །ཐམས་ཅད་ཡིད་ཀྱི་གཟུགས་བརྙན་ཡིན་པའི་ཕྱིར། །དེ་དག་རྣམས་ཀྱང་འགྲུབ་པར་འགྱུར་བ་ཡིན། །རྒྱལ་བའི་སྲས་པོ་མཐུ་ཆེན་མ་སྨད་པ། །འཇམ་དཔལ་གྱིས་ནི་ཞིང་གིས་སྨོན་ལམ་བཞིན། །རྗེས་སུ་མཐུན་པར་ཡོངས་སུ་བསྒྲུབས་བྱེད་ཅིང་། །ཀུན་ཏུ་གཟིགས་པའི་རྒྱལ་བའང་མཐོང་བར་འདོད། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས། །ཞིང་ཁམས་རྒྱ་མཚོ་སྦྱངས་ཞིང་ལྟ་བ་དང་། །རྣམ་ཐར་རྒྱ་མཚོའི་མཛད་པ་ཇི་བཞིན་དུ། །ཕྱོགས་བཅུའི་ཞིང་ཁམས་ནམ་མཁའི་མཐས་གཏུགས་པར། །བསྒྲུབ་པར་བྱེད་པའི་སྨོན་ལམ་རབ་ལྡན་པར། །དུས་རིང་བྱ་དཀའ་སེམས་དཔའ་མེད་པ་དང་། །ཐེ་ཚོམ་ཡིད་གཉིས་བློ་དང་བྲལ་བ་སྟེ། །རྒྱལ་བ་རྒྱ་མཚོའི་ཐུགས་དང་མཐུན་པར་འཇུག །འདི་ནས་མ་འོངས་ཚུལ་ལུགས་བརྗོད་པ་འདི། །སེམས་ཀྱི་ཀུན་རྟོགས་མྱུ་གུའི་རྒྱུད་ལས་ནི། །རྣམ་དག་འབྲས་བུ་འགྲུབ་ཕྱིར་བྲིས་པ་ཡིན། །སྐལ་བ་དམན་ཅིང་བརྩོན་འགྲུས་ཞན་པ་དང་། །བློ་ཆུང་རྣམས་ཀྱི་ཐོས་ནས་ཐེ་ཚོམ་སྐྱེས། །བློ་ལྡན་རྒྱལ་བའི་སྙིང་པོ་ལ་མོས་པ། །ཐེག་ཆེན་ཆོས་ཚུལ་རྟོགས་པར་འགྱུར་བ་རྣམས། །དུ་བའི་རྟག་ལ་མེ་བཞིན་ངེས་ཤེས་སྐྱེས། །འདི་ནི་རང་བྱུང་མ་འོངས་སྤྱོད་པ་ཡིན། །དེ་ལྟར་འདས་དང་མ་བྱོན་ད་ལྟར་གྱིས། །སྤྱོད་པའི་ཚུལ་རྣམས་ཡི་གེར་བྲིས་པ་ལ། །རྒྱ་ཆེན་དོན་དང་ལྡན་པ་མ་ཡིན་ཀྱང་། །བྱིས་པའི་དུས་ ན་འགའ་ཞིག་དྲན་པ་དང་། །ལ་ལ་བསྟན་ཆོས་རྣམས་སུ་བྲིས་པའང་ཡོད། །གནས་སྐབས་སྤྱོད་དང་ཡིད་ཀྱི་མདུན་པ་དང་། །ལ་ལ་རྨི་ལམ་འཁྲུལ་པའི་སྣང་བ་སྟེ། །དེ་སོགས་ཡི་གེར་བྲིས་པ་འདི་དག་ལས། །ཐེ་ཚོམ་ཡིད་གཉིས་ལྡན་རྣམས་བཟོད་པར་གསོལ། །རང་གཞན་རྒྱུད་ལ་གནོད་པར་མ་གྱུར་ཅིག །དགེ་བ་འདི་ཡི་སེམས་ཅན་ཐམས་ཅད་ཀྱི། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་འཇུག་པར་ཤོག །རྣམ་པར་ཐར་པ་ཚིགས་སུ་བཅད་པ་མདོར་བསྡུས་པ་འདི། །མཁན་ཆེན་ས་ནག་པ་དང་། །སྒོམ་པ་ཤེས་རབ་རྡོ་རྗེས་གསོལ་བ་བཏབས་པ་ལ་བརྟེན་ནས། ཤིང་ཕོ་བྱི་བའི་ལོ་ལ་བདེ་ཆེན་དུ་མཛད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཆོས་རྗེ་འདི་ལ་མོས་གུས་གང་ཐོབ་པ། །ཉི་མའི་འོད་ཟེར་མུན་པ་སེལ་བ་ལྟར། །སྐལ་པར་བསགས་པའི་སྒྲིབ་པ་སྣ་ཚོགས་དག །མཆོད་ཅིང་གསོལ་བ་ཐོབ་ཅིག་བུ་སློབ་ཀུན། །འདི་བྲིས་དགེ་བ་དྲི་མེད་དེས། །རྗེས་ཞུགས་གསོལ་བ་འདེབས་པའམ། །གདུལ་བྱ་བུ་སློབ་ཐམས་ཅད་ཀུན། །བླ་མའི་ཞབས་དྲུང་སྐྱེ་བར་ཤོག །སིདྡྷི།། རྣམ་ཐར་ཚིགས་བཅད་མའི་འཕྲོ་འདི་ཆོས་རྗེ་འཛམ་གླིང་གྲགས་པས་མཛད་པའོ།། ༈ ཨོཾ་སརྦ་སྭ་སྟི་སིདྷཾ་ཧཱུྃ། ལོ་བཞི་བཅུ་ཡན་ཆད་ཀྱི་རྣམ་པར་ཐར་པ་བརྗོད་ཟིན་ནས་འདིར་ནི་དེ་མན་ཆད་ཀྱི་ལུས་ངག་ཡིད་གསུམ་གྱིས་བྱེད་པ་ཅུང་ཟད་བརྗོད་པར་བྱའོ། །བདེ་ཆེན་ཞེས་བྱར་བསྒྲུབས་པ་བྱེད་པའི་ཚེ། །ཉམས་ཀྱི་སྣང་བ་རྒྱུན་དུ་ཤར་བ་ལས། །སྙིགས་མའི་དུས་ན་དབེན་པ་མ་བརྟེན་ན། །བར་དུ་གཅོད་པ་རྣམ་པ་དུ་མ་བྱུང་། །ལོག་པའི་རྐྱེན་གྱི་ཁྲིད་པའི་སྐྱེ་བོ་ལ། །རྒྱལ་བའི་གསུངས་བཞིན་ཉམས་སུ་བླངས་དགོས་སྙམས། །དེ་དུས་རབ་རིབ་འཁྲུལ་པའི་རྨི་ལམ་ན། །སྐྱེས་བུ་ཞིག་གི་འདི་སྐད་སྨྲ་བ་ཐོས། །དྭགས་ཀོང་ཕྱོགས་ཀྱིས་གདུལ་བྱ་ཐམས་ཅད་ལས། །སྤྱན་རས་གཟིགས་ཀྱི་འོད་ཟེར་བཀྱེ་བའི་ཕྱིར། དཔལ་ལྡན་ཀརྨ་པའི་ལུང་བསྟན་བཞིན། །འདུལ་བའི་དུས་ལ་བབས་ཅེས་ཐོས་པ་ཡིས། །ཕྱོགས་དེར་ཕྱིན་ཞིང་འགྲོ་ལ་ཕན་པ་བྱས། །ནགས་ཕུ་ཞེས་བྱར་དབེན་པར་འདུག་པའི་ཚེ། །རང་བཞིན་ཏིང་འཛིན་འཕེལ་བར་གྱུར་པ་དང་། །གཞན་ཕན་ལྟས་ཀྱི་ཁྱད་པར་མང་དུ་བྱུང་། །དད་ལྡན་སྐྱེ་བོ་རྣམས་ཀྱི་མོས་པའི་ས། །ལོ་གཅིག་ནང་དུ་དགོན་གནས་གཙུག་ལག་ཁང་། །མང་དུ་ཐོབ་ཤིང་མཐའ་ཁོབ་སྐྱེ་བོའི་ཚོགས། །གསུམ་ལ་སྐྱབས་འགྲོ་བྱང་ཆུབ་སེམས་དཔའ་བཀོད། །ཁྱད་པར་པདྨ་འབྱུང་གནས་བཞུགས་པའི་གནས། །རྐོང་འཕྲང་ཞེས་བྱར་དབེན་པ་བྱེད་པའི་ཚེ། །ཏིང་འཛིན་ཤེས་རབ་ལྡན་པར་འཕེལ་འགྱུར་ཞིང་། །ཟབ་མོའི་ནང་དོན་རྣམ་བཤད་བྱས་པ་ཡིན། །དེའི་ཤར་ཕྱོགས་ལས་ཀྱིས་གཤིན་རྗེའི་གནས། །རྒྱལ་བས་གསུངས་པ་བཞིན་དུ་གསལ་བར་མཐོང་། །ཕྲག་ཡུལ་ལྷ་ཁང་རབ་ཏུ་གནས་པའི་དུས། །རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརློབས་པ་དང་། །ཆོས་སྐྱོངས་རྣམས་ཀྱི་ལྟས་རྣམས་མང་དུ་མཐོང་། །ཁྱད་པར་ཙ་རི་གནས་མདར་ཕྱིན་པའི་ཚེ། །མཁའ་འགྲོའི་ཆོ་འཕྲུལ་བསམ་གྱི་མི་ཁྱབ་པ། །བཤེས་གཉེན་རྣམས་ཀྱི་མཐོང་བཞིན་དག་སྣང་སྐྱེས། །ཤིན་ཏུ་བགྲོད་དཀའི་འཕྲང་ལ་ཡོངས་པའི་ཚེ། །དད་པར་ལྡན་པའི་མི་མ་ཡིན་རྣམས་ཀྱིས། །གཙང་པོའི་གཞུང་དུ་བྱེ་མའི་ལམ་བྱས་ཤིང་། །འཇིག་རྟེན་པ་རྣམས་ངོ་མཚར་བསྐྱེད་པར་བྱས། །དྭགས་ལྷ་སྒམ་པོའི་གནས་སུ་ཕྱིན་པའི་ཚེ། །བཀའ་བརྒྱུད་རྣམས་ཀྱིས་གསལ་སྣང་དུ་མ་དང་། །ཕྱི་རོལ་དུ་ཡང་མེ་ཏོག་ཆར་པ་བབས། །གཞན་ཡང་ཡུལ་ཕྱོགས་དེ་དག་ཐམས་ཅད་དུ། །ཆོས་ཀྱི་ཁྲི་སྟན་རབ་ཏུ་གཡོ་བ་དང་། །ཞི་རྒྱས་དབང་དྲག་འཕྲིན་ལས་དུ་མ་བསྟན། །སྟག་ལོ་ཟླ་བ་གསུམ་པའི་མར་ཚེས་ལ། །ལྷ་སར་ཕྱིན་ཚེ་ཤཱཀྱའི་རྒྱལ་པོ་ཡིས། །རྣམ་པར་དཀར་བའི་འཕྲིན་ལས་འབྱུང་བ་ལྟས། །མཁས་གྲུབ་རྣམས་ཀྱི་སོ་སོར་མཐོང་བར་གྱུར། །དེ་ནས་དཔལ་ལྡན་ཀརྨའི་གནས་སུ་ཕྱིན། །གཙུག་ལག་ཁང་རྣམས་གསོ་བར་བྱེད་པ་དང་། །དད་ལྡན་རྣམས་ལ་ཆོས་ཀྱིས་འཁོར་ལོ་བསྐོར། །འཇིག་རྟེན་ཚུལ་སྤངས་དབེན་པ་བརྟེན་པར་བྱ། །ཏིང་འཛིན་དོན་གཉེར་བརྒྱ་ཕྲག་དུ་མ་བྱུང་། །དབེན་པར་གནས་རྣམས་སངས་རྒྱས་ཡོན་ཏན་བསྐྱེད། །ཆོས་སྐུའི་གནས་ལུགས་ལེགས་པར་གསལ་བ་དང་། །ཀླུ་གྲུབ་དགོངས་པ་ཇི་བཞིན་རྟོགས་གྱུར་ནས། །ཆོས་ཀྱི་དབྱིངས་སུ་བསྟོད་པའི་རྣམ་བཤད་བྱས། །དེ་དུས་འཁྲུལ་པའི་ཉམས་ཀྱིས་སྣང་བ་ལས། །དབེན་པར་གནས་རྣམས་སངས་རྒྱས་ཡོན་ཏན་བསྐྱེད། །སྐྱེ་བོ་རྣམས་ལ་འཇིགས་དང་སྡུག་བསྔལ་འབྱུང་། །དེ་ནས་དབེན་གནས་བསྒྲུབ་པར་བྱའོ་སྙམ། འབྲུག་ལོ་ཟླ་བ་དང་པོ་ཤར་བའི་ཚེ། །རྨི་ལམ་གསལ་སྣང་དུ་མ་ཤར་བ་དང་། །ཆོས་སྐྱོང་རྣམས་ཀྱི་ལྟས་རྣམས་སྣང་བ་ཡིན། །དགེ་བསྙེན་རྡོ་རྗེ་རྒྱལ་པོ་གནས་པའི་ས། །སོག་གིས་ཆུ་ལ་ཟམ་པ་བྱེད་དུ་ཕྱིན། །ཀླུའི་རྒྱལ་པོ་འཁོར་དང་བཅས་རྣམས་ཀྱིས། །བར་མཆོད་མེད་པར་འཕྲིན་ལས་ཀུན་གྲུབ་ཅིང་། །གཞན་སྣང་ལྟས་ཀྱི་ཁྱད་པར་མང་དུ་བྱུང་། །དེ་ནས་སྤྱན་རས་གཟིགས་དབང་གིས་བསྐུལ་ནས། །འཇིག་རྟེན་ཟང་ཟིང་བྱས་ན་བར་ཆད་བྱུང་། །དབེན་གནས་གཞན་དུ་ཕྱིན་ཡང་ཆོས་མི་འཕེལ། །དོན་མེད་ཕྲག་དོག་བྱེད་པ་མང་དུ་བྱུང་། །དེ་ནས་དཔལ་ལྡན་ནགས་ཕུའི་རི་ཁྲོད་སོང་། །ཟེར་བ་ཐོས་ནས་དབེན་གནས་དེ་རུ་ཕྱིན། །བར་ཆད་མེད་ཅིང་ཏིང་འཛིན་རབ་ཏུ་འཕེལ། །དག་པའི་སྣང་བ་བསམ་གྱི་མི་ཁྱབ་བྱུང་། །ཁྱད་པར་དུ་ཡང་ནུབ་གཅིག་རྨི་ལམ་ན། །ཤར་ཕྱོགས་རྒྱལ་པོའི་རྣམ་ཐར་སྒྲོགས་པ་དང་། །ལོ་གསུམ་འདས་ནས་ཁྱེད་ཀྱང་འགྲོ་དགོས་ཟེར། །དེ་སྐད་ཐོས་ནས་གདུལ་བྱ་ཐམས་ཅད་ལ། །ཉམས་ལེན་བརྩོན་པར་གྱིས་ཞེས་བསྐུལ་བ་ཡིན། །སྦྲུལ་ལོ་དབྱར་གྱིས་ཉི་མ་ལོག་པའི་དུས། །རྒྱུད་ཀྱི་རྒྱལ་པོ་འབུམ་པ་ལས་བཤད་པ། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་རྣམས་ ཀུན། །མཁའ་འགྲོའི་རབ་ཏུ་བསྟན་ནས་ལེགས་པར་གོ །དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཐམས་ཅད་ཀྱིས། །སྙིང་པོ་འཇམ་དཔལ་གྲགས་པས་ལེགས་བསྡུད་པ། །རྣལ་འབྱོར་གསུམ་སྙིང་རྒྱ་ཆེར་འགྲེལ་པར་བྱས། །དེ་དུས་བྱང་ཆུབ་སེམས་དཔའ་ནོར་བཟང་ཀྱིས། །བླ་མ་རྟེན་པའི་རྣམ་པར་ཐར་པ་རྣམས། །ཡང་ཡང་དྲན་ནས་ཀུན་ཏུ་བཟང་པོའི། །བསྟོད་པ་བྱས་ནས་སྨོན་ལམ་རྒྱ་ཆེན་བཏབས། །མཁའ་འགྲོའི་གནས་མཆོག་ཙ་རིར་ཕྱིན་པའི་ཚེ། །བག་ཆགས་འཁྲུལ་པའི་རབ་རིབ་རྨི་ལམ་ན། །སྤྱན་རས་གཟིགས་དབང་ཐུགས་རྗེའི་མངའ་བདག་ནི། །གཞོན་ནུ་གསུམ་གྱིས་འདི་སྐད་གསུང་པ་ཐོས། །དབེན་པ་བརྟེན་ནས་ཏིང་འཛིན་ཡོན་ཏན་འཕེལ། །ཟླ་བའི་དཀྱིལ་འཁོར་མཁའ་ལ་འགྲོ་བ་བཞིན། །གཞན་གྱིས་རྐྱེན་གྱི་གསལ་དང་འགྲིབ་པ་ཡོད། །མཁའ་ལ་རྒྱུ་སྐར་རྣམ་པར་བཀྲ་བ་ཡང་། །ཉི་ཟླའི་རྐྱེན་གྱི་གསལ་དང་མི་གསལ་ཡོད། རང་གཞན་དོན་ལ་ལེགས་པར་བརྟགས་པར་གྱིས། །བརྡ་དེ་བསྟན་ནས་དེ་ནས་མི་སྣང་གྱུར། །གཞན་ཡང་གནས་དེར་མཁའ་འགྲོའི་ཆོ་འཕྲུལ་ལ། །ལྟས་ཀྱི་ཁྱད་པར་དུ་མ་སྣང་བར་གྱུར། །ཕྱི་མའི་དུས་ན་ཕན་པའི་བརྡར་ཤར་ནས། །ལྷུན་གྲུབ་སྟེང་གི་རི་ཁྲོད་བཏབ་པ་ཡིན། །བསྒོམ་ཆེན་རྣམས་ཀྱིས་ཏིང་འཛིན་འཕེལ་བ་དང་། །ཐེག་ཆེན་རྒྱ་མཚོའི་རྣམ་ཐར་སྤེལ་བའི་ཕྱིར། །ཕལ་ཆེན་ཞིང་གི་བཀོད་པ་བསྟན་ཆོས་བྱས། །འཇམ་པའི་དབྱངས་གིས་ལུང་བསྟན་ཇི་བཞིན་དུ། །ཤར་ཕྱོགས་གདུལ་བྱ་མ་ལུས་ཐམས་ཅད་ལ། །ཕན་པའི་དོན་དུ་ས་བདག་རྒྱལ་པོས་བསྐུལ། །ལུག་ལོ་ཟླ་བ་བདུན་པའི་ཚེས་དྲུག་ལ། །ལྷུན་གྲུབ་ནས་བཏེགས་དབུས་ཀྱི་ཕྱོགས་སུ་སོང་། །མཁའ་འགྲོའི་གནས་མཆོག་ཙ་རི་རྙིང་མ་རུ། །ལས་ཀྱི་མཁའ་འགྲོའི་བྱིན་བརླབས་སྣང་བ་ཤར། །མི་མ་ཡིན་གྱི་ཆོ་འཕྲུལ་དུ་མ་རྣམས། །ས་གཡོས་སྒྲ་སྐད་དུ་མ་སྣ་ཚོགས་བྱུང་། །དབུས་ཕྱོགས་བགྲོད་ནས་འདམ་དུ་སླེབ་པའི་ཚེ། །གཉེན་ཆེན་ཐང་ལྷ་ལ་སོགས་གཞི་བདག་རྣམས། །ངོ་མཚར་དུ་མའི་ཆོ་འཕྲུལ་སྟོན་བྱེད་ཅིང་། །དགུན་གྱི་ཉི་མ་ལོག་པའི་དུས་ཚོད་ལ། །གློག་དང་འབྲུག་ལ་སོགས་པ་དུ་མའི་སྒྲ། །ཕན་གནོད་ལྟས་ཀྱི་བྱེ་བྲག་དཔག་མེད་སྣང་། །རེས་གཅིག་དབེན་པའི་གནས་སུ་ཏིང་འཛིན་སྤེལ། །སྤྲེའུ་ལོ་ཟླ་བ་གཉིས་པའི་ཚེས་གཅིག་ནས། །ཤར་ཕྱོགས་རྒྱལ་པོའི་ཕོ་བྲང་ལམ་དུ་ཕྱིན། །ལམ་དུ་འགྲོ་བ་རྣམས་ལ་ཕན་པ་དང་། །ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ཡིས། །སེམས་ཅན་འགའ་ཞིག་ལ་ནི་ཕན་པར་གྱུར། །རྒྱ་བོད་གཉིས་ཀྱི་མཚམས་སུ་ཕྱིན་པའི་ཚེ། །ས་བདག་ཕོ་ཉས་མགྱོགས་པར་བསྐུལ་བ་དང་། །ལྟས་ལ་བརྟེན་ནས་མགྱོགས་པར་ཡོང་མོད་ཀྱང་། །ཟླ་བ་བརྒྱད་པའི་ཚེས་གྲངས་བཅུ་གཉིས་ལ། །ས་གཡོས་བར་དུ་གཅོད་པའི་ལྟས་རྣམས་བྱུང་། །གིན་འཇང་ཧུ་ཞེས་བྱ་བའི་མཁར་དུ་ཕྱིན། །མི་དབང་སྒྲིབ་པ་སྦྱངས་པའི་ཆོ་ག་བྱས། །དེ་དུས་རྨི་ལམ་གསལ་སྣང་འདི་ལྟར་བྱུང་། །སྔོན་གྱི་གདུལ་བྱ་རྣམས་ཀྱི་དོན་སླད་དུ་ནི། །ཕྱིན་ནས་སེམས་ཅན་རྣམས་ལ་ཕན་པར་བྱས། །བར་དུ་གཅོད་པ་གང་ཡང་མི་འབྱུང་ཞིང་། །ཁྱོད་ཀྱི་བསམ་པས་ཡོངས་སུ་རྫོགས་འགྱུར་ཞེས། །ཆོས་སྐྱོང་རྣམས་ཀྱི་དེ་ལྟར་སྒྲོགས་པ་ཐོས། །མྱུར་དུ་རྒྱལ་པོའི་ཕོ་བྲང་ཕྱོགས་སུ་ཕྱིན། །ཟླ་བ་བཅུ་པའི་བཅོ་བརྒྱད་དུས་ཚོད་ལ། །རྒྱལ་པོའི་ཕོ་བྲང་གནས་པའི་སེམས་ཅན་རྣམས། །དད་པའི་དབང་གིས་སྣ་ཚོགས་མཆོད་པ་རྣམས། །རིན་ཆེན་གོས་དང་སྣ་ཚོགས་མཆོད་པའི་སྤྲིན། །ཆོས་བཟང་ལྷ་རྣམས་ལེགས་པར་བཀོད་འདྲ། །སྣ་ཚོགས་འཇའ་འོད་བཀྲ་བའི་མདངས་གསལ་ཞིང་། །སྐྱེ་བོ་རྣམས་ལ་མོས་པ་བསྐྱེད་པར་བྱ། །དེ་དུས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས། །འཕྲིན་ལས་མཛད་པའི་སྣང་བར་བསྐྱེད་པར་བྱུང་། །མི་དབང་བཙུན་མོར་བཅས་པ་ཐམས་ཅད་ལ། །དབང་བསྐུར་བྱེད་ཚེ་འཁྲུལ་པའི་སྣང་བ་ལ། ཅི་ལྟར་བྱུང་བ་ཐམས་ཅད་ཤེས་པར་སྣང་། །དེ་དག་གཞན་ལ་གསལ་བར་བསྒྲགས་པ་ཡིན། །ཕོ་བྲང་ཆེན་པོར་ཆོ་ག་བྱས་པའི་དུས། །མི་མ་ཡིན་གྱི་ཆོ་འཕྲུལ་ཉམས་སྣང་ལ། །རིན་ཆེན་དཔལ་ཞེས་གྲགས་པའི་རྒྱལ་པོ་ལ། །བར་ཆོད་བྱུང་ཞེས་བློན་པོ་རྣམས་ལ་སྨྲས། །བྱ་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་ལ། །མིའི་དབང་པོ་གདན་སར་བཞུགས་པའི་དུས། །འཇིག་རྟེན་སྐྱོངས་པ་མང་པོ་འདུས་ནས་ཀྱང་། །དགྱེས་པའི་རྣམ་འགྱུར་མཛད་པ་ཉམས་ལ་བྱུང་། །རྒྱལ་ཁམས་བདེ་བར་འགྱུར་བའི་བརྡའ་རུ་གོ །གོང་མ་ཐལ་ཧུ་རྒྱལ་བརྒྱུད་བཅས་པ་དང་། །བློན་པོའི་ཚོགས་ལ་དབང་བསྐུར་ཆོས་བཤད་ཅིང་། །རྒྱལ་བའི་བསྟན་ལ་ཅུང་ཟད་ཕན་པར་བྱས། །དེ་ནས་ཁྱི་ལོ་ཟླ་བ་དང་པོའི་ཚེ། །རབ་རིབ་འཁྲུལ་པའི་གཉིད་ཀྱི་རྨི་ལམ་ན། །རི་ཁྲོད་ནགས་ཚལ་འཇིགས་དང་བཅས་པའི་ངོགས། །མི་དཀར་འོད་ཟེར་འཕྲོ་བ་མཁའ་འགྲོ་ཡིས། །མཆོད་པ་བྱེད་མཐོང་ཞལ་ནས་འདི་སྐད་གསུངས། འདི་རུ་མ་འདུག་གངས་ཅན་ཁྲོད་དུ་སོང་། །རང་གཞན་ཀུན་ལ་ཕན་པར་གྱུར་ཞེས་ཐོས། །གོང་མ་རྣམས་ལ་ཞུ་བ་བྱས་ནས་ཀྱང་། །ཁྱི་ལོ་ཟླ་བ་ལྔ་པའི་བཅོ་ལྔ་ལ། །བཏེགས་ནས་རི་བོ་རྩེ་ལྔའི་གནས་སུ་ཕྱིན། །འཇམ་དབྱངས་བྱང་ཆུབ་སེམས་དཔའ་འཕྲིན་ལས་རྣམས། །སྙིགས་དུས་འགྲོ་ལ་བྱིན་གྱིས་བརློབ་པ་མཐོང་། །མེ་ཉག་འགའི་ས་ཆར་སླེབས་པའི་ཚེ། །མཁའ་འགྲོའི་ཆོ་འཕྲུལ་ཉམས་སྣང་དཔག་མེད་ཤར། །གདུལ་བྱ་རྣམས་ལ་དམ་ཆོས་རྒྱ་ཆེར་བཤད། །ཟླ་བ་དགུ་པའི་ཚེས་གཅིག་དུས་སུ་ནི། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བྱིན་བརླབས་ཀྱིས། །གཞན་གྱི་སེམས་རྒྱུད་བྱིན་གྱིས་བརླབས་པའི་རྟགས། །བར་སྣང་འཇའ་མཚོན་འཁྱིལ་པས་གང་བ་དང་། །བཀའ་བརྒྱུད་བླ་མའི་ཉམས་སྣང་ཡུན་རིང་བྱུང་། །མདོ་ཁམས་ཤར་གྱིས་ས་ཆར་སླེབས་པའི་ཚེ། །ཆོས་སྐྱོང་རྣམས་ཀྱི་འཕྲིན་ལས་དུ་མ་ཡིས། །འཁྲུགས་རྩོད་ཐམས་ཅད་ཞི་བར་གྱུར་པ་དང་། །ཕལ་ཆེར་བྱང་ཆུབ་སེམས་ལ་བཀོད་པར་བྱས། །སྨར་ཁམས་ས་ཆར་ཕྱིན་པའི་དུས་སུ་ནི། །ཆོས་སྐྱོངས་རྣམས་ལ་གཏོར་མ་བཏང་བའི་ཚེ། །འཕྲིན་ལས་གྲུབ་པའི་ལྟས་ཀྱི་ཁྱད་པར་སྣང་། །དེ་ནས་རིམ་གྱི་ཀརྨའི་དགོན་པ་དང་། །དབུས་ཀྱི་ས་ཆར་ཕྱིན་པའི་བར་དུ་ནི། །སེམས་ཅན་རྣམས་ལ་ཕན་པ་ཇི་རིགས་བྱས། །བླ་མའི་ཚེས་གསུམ་མཆོད་པ་མཛད་པའི་ཚེ། །རབ་རིབ་འཁྲུལ་པ་གཉིད་ཀྱི་རྨི་ལམ་ན། །ཐང་ལྷ་གངས་དཀར་ལ་སོགས་གཞི་བདག་རྣམས། །འཁོར་དང་བཅས་པ་ན་བུན་བཞིན་དུ་སྣང་། །ད་རུང་རེས་གཅིག་ཤར་གྱི་ཕྱོགས་རོལ་དུ། །གདུལ་བྱ་རྣམས་ལ་ཕན་པར་གྱུར་ཅེས་ཐོས། །བསམ་ཡས་འཆིམ་ཕུ་ཞེས་བྱའི་རི་ཁྲོད་དུ། །དབེན་པ་བྱེད་ཅིང་ཟླ་དྲུག་བསྡད་པའི་ཚེ། །ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་དང་། །མཁའ་འགྲོའི་ཚོགས་བཅས་ཉམས་སྣང་མང་དུ་བྱུང་། །མཁས་བཙུན་རྣམས་ལ་ཕན་པའི་བརྡ་རུ་གོ །བར་དུ་གཅོད་པའི་ལྟས་དང་ཆོ་འཕྲུལ་རྣམས། །ཏིང་ངེ་འཛིན་གྱི་རབ་ཏུ་ཞི་བར་གྱུར། །རྒྱལ་བའི་བཀའ་དང་བསྟན་བཅོས་མ་ལུས་པ། །བྲིས་ཤིང་རབ་ཏུ་གནས་པ་བྱས་པའི་ཚེ། །བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས། །ཐིམ་ཤིང་ཆོས་སྒྲ་སྒྲོགས་པའི་སྣང་བ་བྱུང་། །ཤིང་ཀུན་ཆུ་མ་མཁར་གྱི་བར་དུ་ནི། །ཤར་ཕྱོགས་རྒྱ་མཚོའི་འགྲམ་གྱི་མཐར་ཐུགས་པར། །གསལ་བའི་སྣང་བ་ཡུན་རིང་ཉམས་སྣང་བྱུང་། །རེ་ཤིག་ཤང་ཏོའི་མཁར་དུ་ཕྱིན་པའི་ཚེ། །མི་དགེ་སྤྱོད་པའི་སེམས་ཅན་མང་པོ་ལ། །སྡུག་བསྔལ་འབྱུང་བའི་རྨི་ལམ་སྣང་བ་ཤར། །དེ་དག་ཕན་ཕྱིར་སྤྱན་རས་གཟིགས་དབང་ལ། །གསོལ་བ་བཏབ་པས་རེ་ཤིག་རྨི་ལམ་ན། །མི་དཀར་འོད་ཀྱི་རང་བཞིན་གསལ་བ་ཞིག །གོང་མ་རྣམས་དང་ཆོས་བྱེད་སྐྱེས་བུ་ལ། །གནོད་པ་གང་ཡང་མི་འབྱུང་ཞེས་པ་ཐོས། །གླང་ལོ་ཟླ་བ་བརྒྱད་པའི་བཅུ་བཞི་ལ། །གིང་མི་ཤན་དུ་ས་གཡོས་བྱུང་བའི་ཚེ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལས། །རྩེ་གཅིག་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས། །བུ་སློབ་རྣམས་ལ་བར་ཆད་མེད་པར་བྱུང་། །མི་དབང་བློན་པོར་བཅས་པ་ཐམས་ཅད་ལ། །དུས་ཀྱི་འཁོར་ལོའི་དབང་བསྐུར་བྱེད་པའི་ཚེ། །ཁང་བཟང་རིན་ཆེན་སྣ་ཚོགས་ཡོལ་བ་དང་། །དེ་བཞིན་གཤེགས་པ་རིགས་ལྔའི་སྐུ་དང་ནི། །མཁའ་འགྲོ་རུས་པའིི་བརྒྱན་ཅན་དུ་མ་རྣམས། །གར་གྱི་ཉམས་དགུ་མཛེས་པའི་ཡོལ་བ་ཅན། །གསལ་སྣང་ཡུན་རིང་བར་དུ་གསལ་བར་གྱུར། །གཞན་གྱིས་རྒྱུད་ལ་ཕན་པའི་བརྡའ་རུ་གོ །ཕོ་བྲང་ཆེན་པོ་ཏའི་ཏུའི་གྲོང་ཁྱེར་མཐིལ། །མི་དབང་ལུང་གིས་གཞལ་ཡས་ཁང་ལྟར་གནང་། །གོང་མ་རྒྱལ་སྲས་སྐུ་ཚེ་བསྲིང་བ་དང་། །སངས་རྒྱས་བསྟན་པ་ཡུན་རིང་དུ། །དཀྱིལ་ཁང་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས། །གཡས་གཡོན་ཟུར་ཁང་བཀའ་བརྒྱུད་བླ་མ་དང་། །བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་ཡར་སློངས་བཞེངས། །གཞན་ཡང་ཐུབ་པའི་སྐྱེས་རབས་བརྒྱ་རྩ་དང་། །མཛད་པ་བཅུ་གཉིས་ལ་སོགས་ལོག་ལ་བྲིས། །མགོན་པོ་བེར་ནག་ལྷ་མོ་གཡོག་འཁོར་དང་། །རྒྱལ་ཆེན་སྡེ་བཞི་ཆོས་སྐྱོང་བསྲུངས་མ་རྣམས། །བཞེངས་ནས་ལེགས་གྲུབ་རབ་ཏུ་གནས་པ་བྱས། ཡོས་བུ་ལོ་ཟླ་བ་གཉིས་ཀྱི་ཚེས་བརྒྱད་ཀྱི་ཉིན་པར། །ཕོ་བྲང་ཏའི་ཏུ་ན་བཞུགས་པའི་དུས་སུ། །ཆོས་རྗེ་རིན་པོ་ཆེས་མཛད་པའོ། །ཡི་གེ་པ་ནི་དཀོན་མཆོག་འབྱུང་གནས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༈ དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟག་ལོ་ནས་བཟུངས་བུ་སློབ་རྣམས་ལ་ནི། །ཡང་ནས་ཡང་དུ་བསམས་ཞིང་ཞལ་ལྟ་གནང་། །རྣལ་འབྱོར་ང་ནི་ནམ་མཁའི་སྤྲིན་དང་འདྲ། །ཕྱོགས་ནི་གར་འགྲོ་ངེས་པ་མེད་པ་ཡིན། །གནས་དང་སྡེ་རྣམས་ཞབས་རྟོག་བྱེད་འདོད་དང་། །ལ་ལ་དབེན་པ་བརྟེན་པ་སྤྲོ་བ་དང་། །ཆོས་ཀྱིས་ག་དར་བྱེད་པར་འདོད་པ་རྣམས། །བརྩོན་འགྲུས་གྱིས་ལ་འབད་པ་རབ་ཏུ་ཐོན། །དེ་ནས་ཡོས་ལོ་ཟླ་བ་ལྔ་པ་ཡི། །ཚེས་གྲངས་ལྔའི་ཐོ་རངས་ནམ་ལང་དུས། །ཞིང་ཁམས་གཞན་ན་བཞུད་པའི་ལྟས་རྣམས་བྱུང་། །ཆོ་འཕྲུལ་བྱུང་ནས་བསྟན་བཅོས་མཛད་པ་ཡོད། །ཚེས་གྲངས་བཅུ་བཞི་ཏིའི་ཏུ་ནས་བཏེག་ཅིང་། ཤང་མདོར་མ་ཕེབས་ལམ་གྱིས་བར་དུ་ནི། །ནམ་མཁའ་ལ་ནི་འཇའ་འོད་རྒྱུན་མ་ཆད། །དད་ལྡན་རྣམས་ལ་བསྐུལ་དང་བསྟན་བཅོས་ཡོད། །ཕོ་བྲང་ཆེན་པོ་ཤང་མདོར་གདན་ཕེབས་ནས། །དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ཡི། །ཡོས་ལོ་ཟླ་བ་དྲུག་པའི་ཚེ་གྲངས་ནི། །བཅུ་བཞིའི་ཉི་མ་ཕྱེད་ཡུལ་གདུགས་བབས་ཚེ། །མདུན་གྱིས་ནམ་མཁར་བཀའ་བརྒྱུད་བླ་མ་དང་། །ཡི་དམ་ལྷ་ཚོགས་དཔའ་བོ་རྣལ་འབྱོར་རྣམས། །དཔག་མེད་ཚོགས་འདུག་མཆོད་པ་ལེགས་པར་ཤོམ། །གསུང་བཞིན་མཆོད་པ་སྣ་ཚོགས་བཤམས་ནས་ཕུལ། །ཕྱག་མཆོད་བདུད་རྩི་གསོལ་ནས་ཟིན་པ་དང་། །སྤྲུལ་པའི་དཀྱིལ་འཁོར་ཡོངས་སུ་བསྡུས་ནས་སུ། །ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པར་གྱུར། །དེ་ཚེ་ངོ་མཚར་ལྟས་དང་ཆོ་འཕྲུལ་དུ་མ་རྣམས། །ནམ་མཁའ་ལ་ནི་འཇའ་འོད་འཁྲིགས་པར་བྱུང་། །ཁ་གཅིག་གིས་ནི་ནུབ་ཕྱོགས་བཞུད་པ་མཐོང་། །འདི་རུ་མི་འདུག་གངས་ཅན་ཁྲོད་དུ་འགྲོ། །གསུང་ནས་བྱིན་བརླབས་མཛད་ཅིང་བྱོན་པ་གཟིགས། །ཚེས་གྲངས་བཅོ་ལྔའི་ཟླ་བ་ཤར་བའི་སྟེང་། །སྐུ་ལུས་ཡོངས་སུ་རྫོགས་དང་མཆོད་རྟེན་རྣམས། །བློན་པོ་དུ་རན་ཐེ་མུར་ལ་སོགས་པ། །སྐྱེ་བོ་རྣམས་ལ་བསྟན་ཅིང་དད་པར་གྱུར། །དེ་ནས་བཟུངས་ཏེ་ཞག་བཅུའི་བར་དུ་ནི། །བུ་སློབ་རྣམས་ནི་སེམས་ནི་རྩེ་གཅིག་གིས། །སྐུ་གདུངས་མདུན་དུ་ལེགས་པར་གསོལ་བ་བཏབས། །མཆོད་པའི་སྤྲིན་ཚོགས་ལེགས་པར་བཤམས་ནས་ནི། །ཉི་ཤུ་ལྔའི་ཉིན་པར་དུས་གཅིག་ཏུ། །རྒྱལ་བློན་རྣམས་དང་བུ་སློབ་གྱུར་ཚད་ཀྱིས། །རོལ་མོ་དུ་མར་བཅས་ནས་གདན་དྲངས་སོ། །ཆོས་དབྱངས་ཨ་ཀ་རུ་དང་སྤོས་གདུགས་དང་། །ཙན་དན་དཀར་དམར་སོ་སོ་དཔག་མེད་ཀྱིས། །སྐུ་གདུང་སྦྱངས་ཤིང་རྟེན་མཆོག་བྱོན་པ་ལ། །སེམས་ཅན་རྣམས་ལ་བརྩེ་བའི་དཔལ་གྱི་ཐུགས་སོ། །དམ་ཆོས་རྒྱུན་དུ་གསུང་པའི་པད་ལྗགས་དང་། །བསྐྱེད་རིམ་བརྟན་པ་ཐོབ་པའི་བཅོམ་ལྡན་འདས། །བདེ་མཆོག་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ། །སྤྱན་རས་གཟིགས་ལ་སོགས་པའི་སྐུ་རྣམས་དང་། །རིང་བསྲེལ་སྣ་ལྔ་དཀར་གསེར་ཤས་ཆེ་དང་། །ལྷའི་ཕྱག་མཚན་ཡིག་འབྲུའི་ཚོགས་རྣམས་བྱོན། །ཁ་གཅིག་མིའི་དབང་པོའི་ཕྱག་ཏུ་བཞུགས། །ལ་ལ་བུ་སློབ་རྣམས་ཀྱི་ཕྱག་ན་ཡོད། །ཁ་གཅིག་ཕྱི་རྟེན་ནང་རྟེན་ནང་དུ་བཞུགས། །ཕལ་ཆེར་གངས་ཅན་ཁྲོད་དུ་གདན་དྲངས་སོ། །དཔོན་ཆེན་བེང་གེས་བསྐུལ་དགེ་བ་དྲི་མེད་འདིས། །འགྲོ་ཀུན་ཆོས་རྗེའི་ཞབས་དྲུང་སྐྱེ་བར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།དགེའོ།།

རྗེ་རང་བྱུང་རྡོ་རྗེའི་ཐུགས་དམ་བསྟན་འགྱུར་གྱི་དཀར་ཆག །

༄༅། །འཕགས་པའི་བསྟོད་པ་མཐའ་བརྩོན་གྲུབ་ཀྱིས་མཛད་པ། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་སློབ་དཔོན་བདེ་བྱེད་བདག་པོས་མཛད་པ་དང་། དེ་གཉིས་ཀྱི་འགྲེལ་པ་ཤེས་རབ་གོ་ཆས་མཛད་པ་རྣམས་རིན་ཆེན་བཟང་པོའི་འགྱུར། ནང་པར་ལེགས་པར་སད་པའི་བསྟོད་པ་འགྱུར་མི་འདྲ་བ་གཉིས་ཤྲི་ཧ་རི་ཤའི་དྷེ་བས་མཛད་པ་དང་། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། དད་པ་ལས་སྤོབས་པ་བསྐྱེད་པ་ལགས་པའི་ལེའུ་བཅུ་གསུམ་ཚང་བ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་དང་རིན་ཆེན་མཆོག་དང་དཔལ་བརྩེགས་ཀྱི་འགྱུར། དེའི་འགྲེལ་པ་དགའ་བྱེད་སྙན་པས་མཛད་པ་ཤཱཀྱ་བློ་གྲོས་ཀྱི་འགྱུར། བསྟོད་པ་བརྒྱ་ལྔ་བཅུ་པ་ལ་སློབ་དཔོན་ཕྱོགས་གླང་གིས་མཛད་པ་སྤེལ་མར་བསྟོད་པ་ལེའུ་བཅུ་གསུམ་པ་བསོད་ནམས་བཟང་པོའི་འགྱུར། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས་སྲིད་པ་ལས་སྐྱོབ་པར་བསྟོད་པ། ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པ་ཞེས་བྱ་བའི་བསྟོད་པ། སྟོབས་དང་མི་འཇིགས་པ་ལ་བསྟོད་པ། གསུང་རྣམ་པར་དག་པ་ལ་བསྟོད་པ། རྩོད་པ་མི་མངའ་བར་བསྟོད་པ། ལྗགས་ལ་བསྟོད་པ། སྐུའི་ཕྱོགས་གཅིག་ལ་བསྟོད་པ། ཚངས་པ་དང་མཐུན་པར་གསུང་ལ་བསྟོད་པ། ཕན་པ་མཛད་པར་བསྟོད་པ། ལན་མི་ལོན་པར་བསྟོད་པ། ཕྱག་འཚལ་བའི་བསྟོད་པ་རྣམས་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། དཔལ་བརྩེགས་ལགས་པའི་འགྱུར། བཅོམ་ལྡན་འདས་ལ་དད་པས་སྨྲེ་བའི་བསྟོད་པ་རིན་ཆེན་བཟང་པོའི་འགྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ། དཔེ་ལ་བསྟོད་པ། གཅིག་ལས་འཕྲོས་པའི་བསྟོད་པ་རྣམས། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། རིན་ཆེན་བཟང་པོའི་འགྱུར། མྱ་ངན་ལས་འདས་པའི་བསྟོད་པ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ། ཆོས་སྐུའི་ཡོན་ཏན་ཐུན་མོངས་མ་ཡིན་པ་ལ་བསྟོད་པ་འཕགས་པ་ཐོག་མེད་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། དེ་ཁོ་ན་ཉིད་ལ་བསྟོད་པ་དཔལ་གྱི་གོ་ཆས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། ཐམས་ཅད་མཁྱེན་པ་དབང་ཕྱུག་ཆེན་པོ་ཞེས་བྱ་བའི་བསྟོད་པ་བདེ་བྱེད་བདག་པོ་དང་། མཐོ་བརྩོན་གྲུབ་རྗེས་མཛད་པ། བདུད་བཏུལ་བ་ལ་བསྟོད་པ་རབ་དགའི་ལྷས་མཛད་པ། ཡོན་ཏན་མཐའ་ཡས་པར་བསྟོད་པ་སློབ་དཔོན་དཀོན་མཆོག་བསངས་ཀྱིས་མཛད་པ། དེའི་འགྲེལ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། དེའི་བསྡུས་ཚིག་ལེའུར་བྱས་པ་རྣམས། ཡེ་ཤེས་སྡེ་དང་དཔལ་བརྩེགས་ཀྱི་འགྱུར། བཤགས་པའི་བསྟོད་པ་ཙན་ཏྲ་གོ་མིས་མཛད་པ་དང་། དེའི་འགྲེལ་པ་སངས་རྒྱས་ཞི་བས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ཚིགས་སུ་བཅད་པ་བརྒྱད་པའི་བསྟོད་པ་དགེ་བསྙེན་མཐའ་ཡས་མཛད་པ། རྒྱལ་བ་བརྒྱད་པའི་བསྟོད་པ་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་དབང་བསྐུར་བའི་བསྟོད་པ། རིན་ཆེན་བཟང་པོའི་འགྱུར། མཛད་པ་བཅུ་གཉིས་ལ་བསྟོད་པ། དམྱལ་བ་ནས་འདོན་པའི་བསྟོད་པ། སློབ་དཔོན་ཀླུ་གྲུབ་ཀྱིས་མཛད་པ། པ་ཚབ་ཀྱི་འགྱུར་བ་ལ་ནོར་རྒྱུན་མས་བསྟོད་པ། ཉི་མ་རྒྱན་མཚན་གྱི་འགྱུར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བསྟོད་པ། དཀོན་མཆོག་འབངས་ཀྱིས་མཛད་པ་དང་། དེ་བཞིན་གཤེགས་པ་ལྔའི་བསྟོད་པ། དེ་བཞིན་གཤེགས་པ་བདུན་གྱི་བསྟོད་པ་རྣམས་རིན་ཆེན་བཟང་པོའི་འགྱུར། སྐལ་བཟང་གི་སངས་རྒྱས་སྟོང་ལ་བསྟོད་པ་སྐལ་བཟང་རྒྱན་འཕྲེང་པཎ་ཆེན་ཤཱཀྱ་ཤྲིས་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་སློབ་དཔོན་དཀོན་མཆོག་འབངས་ཀྱི་མཛད་པ། ཤེས་རབ་ཕ་རོལ་ཕྱིན་པའི་བསྟོད་པ་འཕགས་པ་སྒྲ་གཅན་འཛིན་བཟང་པོས་བསྟོད་པ། ཁེའུ་རྒད་ཡོན་ཏན་དཔལ་གྱི་འགྱུར། སྦྱོར་བཞིའི་ལྷ་ལ་བསྟོད་པ་རཏྣ་གྷི་དྷིས་མཛད་པ་སྟེ། བཅོམ་ལྡན་འདས་ལ་བསྟོད་པའི་ཚོགས་ལྔ་བཅུ་རྩ་དྲུག་དང་། བཅོམ་ལྡན་འདས་ཀྱི་འཇམ་དཔལ་རྣོན་པོ་ལ་བསྟོད་པ་གསུངས་པ། འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། འཇམ་དཔལ་གྱི་དབྱངས་ལ་བསྟོད་པ་དབུ་མཐའ་ཡས་པའི་འ ཁོར་ལོ་ཕྱོགས་ཀྱི་གླང་པོས་མཛད་པ། གུ་གུམ་གཞོན་ནུའི་བསྟོད་པ་སེང་གེ་མི་གཡོ་བས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ་ཙན་ཏྲ་གོ་མིས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། འཇམ་དཔའ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་རྡོ་རྗེ་མཚོན་ཆས་མཛད་པ་རིན་ཆེན་བཟང་པོའི་འགྱུར། འཇམ་དབྱངས་ལ་བསྟོད་པ་གསེར་གྱི་འཕྲེང་བ་ངག་གི་དབང་ཕྱུག་གྲགས་པས་མཛད་པ། འཇམ་དཔལ་དཔའ་བོ་གཅིག་པ་ལ་བསྟོད་པ། མ་ཏིས་མཛད་པ། འཇམ་དབྱངས་ཀྱི་བསྟོད་པ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་གཞོན་ནུ་འབར་གྱི་འགྱུར། འཇམ་དཔལ་དབྱངས་ཀྱི་སྨྲེ་སྔགས་དང་བཅས་པས་བསྟོད་པ། འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། གསུང་གི་དབང་ཕྱུག་གི་བསྟོད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། འཇམ་དཔལ་ལ་ཁྱེའུ་བཅུ་དྲུག་གིས་བསྟོད་པ། བུ་མོ་བརྒྱད་ཀྱིས་བསྟོད་པ་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ། སོ་མ་ཤྲིས་མཛད་པ། གཞོན་ནུ་འོད་ཀྱི་འགྱུར། ངག་གི་དབང་ཕྱུག་གཙོ་འཁོར་ལྔ་པའི་བསྟོད་པ། ཐིག་ལེ་བུམ་པས་མཛད་པ། འཇམ་དཔལ་གྱི་ཁྱད་པར་གྱི་བསྟོད་པ་ཨ་ནན་ཏ་ཤྲིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཇམ་དབྱངས་ལ་བསྟོད་པ་ཙནྟྲ་གོ་མིས་མཛད་པ་གཉན་ཆུང་དར་མ་གྲགས་ཀྱི་འགྱུར། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། དཔལ་ཕྱག་ན་རྡོ་རྗེ་ལ་བསྟོད་པ་ངག་གི་དབང་ཕྱུག་གྲགས་པས་མཛད་པ། དཔལ་ཕྱག་ན་རྡོ་རྗེ་ལ་བསྟོད་པ་ཏི་པྃ་ཀ་ར་ཤྲི་ཛྙྱ་ནས་མཛད་པ་བརྩོན་འགྲུས་སེང་གེའི་འགྱུར། དཔལ་ཕྱག་ན་རྡོ་རྗེ་ལ་མཚན་ཉིད་བསྡུས་པའི་སྒོ་ནས་བསྟོད་པ་བིརྻ་ཙན་ཏྲས་མཛད་པ། ཕྱག་ན་རྡོ་རྗེའི་བསྟོད་པ་ཐུང་ངུ་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་ཛ་བ་རི་པས་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པ་ལ་བསྟོད་པ་བྲམ་ཟེ་མ་ནི་བཛྭས་མཛད་པ་རབ་ཞི་བཤེས་གཉེན་གྱི་འགྱུར། སྤྱན་རས་གཟིགས་ཀྱི་བསྟོད་པ་བརྒྱ་པ་སྙན་ངག་མཁན་ཆེན་པོ་ཤྲི་བཛྭ་དེ་བས་མཛད་པ། ཤོང་སྟོན་གྱི་འགྱུར། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་ཙརྻ་དྷི་པ་ཞབས་ཀྱིས་མཛད་པ། ཉི་མ་རྒྱལ་མཚན་གྱི་འགྱུར། ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ་རྟ་དབྱངས་ཀྱིས་མཛད་པ། སྤྱན་རས་གཟིགས་འཁོར་དང་བཅས་པ་ལ་བསྟོད་པ་ཙན་ཏྲ་གོ་མིས་མཛད་པ། འཇིག་རྟེན་མགོན་པོའི་བསྟོད་པ་ཡིད་འཕྲོག་སྡིག་འཇོམས་ཙན་ཏྲ་གོ་མིས་མཛད་པ། དྷཱ་ན་ཤི་ལའི་འགྱུར། འཇིག་རྟེན་དབང་ཕྱུག་ལ་བསྟོད་པ། དགེ་སློང་མ་དཔལ་མོས་མཛད་པ། རིགས་མི་འདྲ་བ་ལྔ། དོན་ཡོད་ཞགས་པའི་དཀྱིལ་འཁོར་ལ་དོན་ཞགས་ཀྱི་སྒོ་ནས་བསྟོད་པ་དྲི་མ་མེད་པའི་འོད། དོན་ཞགས་ལྷ་ལྔའི་བསྟོད་པ་ཨེ་ར་ཝ་ཏིས་མཛད་པ། བ་རིའི་འགྱུར། དོན་ཞགས་ལྷ་ལྔའི་བསྟོད་པ། ཙན་ཏྲ་གོ་མིས་མཛད་པ། ཐུགས་རྗེ་ཆེན་པོ་ལ་བསྟོད་པ་ཙན་ཏྲ་གོ་མིས་མཛད་པ། ཐུགས་རྗེ་ཆེན་པོ་ལ་བསྟོད་པ་སྨྲེ་སྔགས་ཅན་ཟླ་བ་གྲགས་པས་མཛད་པ། སེང་གེ་སྒྲའི་བསྟོད་པ་ཏི་ལ་ཀས་མཛད་པ། མལ་ཞོ་བློ་གྲོས་གྲགས་ཀྱི་འགྱུར་རྣམས་བཞུགས། དངོས་གཞི་དཀར་ཆག་གི་རིམ་པ་ལ། ནང་རིག་པ་སྟོན་པ་སྔགས་དང་། མཚན་ཉིད་གཉིས་ལས། མཆོག་རྡོ་རྗེ་ཐེག་པ་ཡིན་ལ། དེ་ལ་རྒྱུད་སྡེ་ཆེན་པོ་བཞི་སོ་སོ་བ་དང་། སྤྱིའི་ཡན་ལག་རྣམས་ལས། སོ་སོ་བ་ལ་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དང་། རྒྱུད་ཕྱི་མ་དང་བཅས་པའི་འགྲེལ་པ། དཀྱིལ་ཆོག བསྟོད་པ། བསྒྲུབ་ཐབས། ལས་ཚོགས་དང་བཅས་པ་རྣམས་ལས། གསང་སྔགས་བླ་ན་མེད་པའི་རྒྱུད་ལ། གཉིས་སུ་མེད་པའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། དེ་དག་དང་ཆ་མཐུན་གྱི་རྒྱུད་རྣམས་ལས། བླ་ན་མེད་པའི་རྒྱུད་རྣམས་ཀྱི་སྙིང་པོ་ངེས་པའི་དོན་ཇི་བཞིན་པར་སྟོན་པ་གཉིས་སུ་མེད་པ་དུས་ཀྱི་འཁོར་ལོའི་བསྐོར་རྣམས་ཐོག་མར་བཞུགས་པ་ནི། ༼ཀ༽པ་ལ། དུས་ཀྱི འཁོར་ལོའི་བསྡུས་པའི་རྒྱུད་དང་། དེའི་འགྲེལ་པ་སྤྱན་རས་གཟིགས་ཀྱིས་མཛད་པ་དྲི་མ་མེད་པའི་འོད། སྟོང་ཕྲག་བཅུ་གཉིས་པའི་བསྟོད་པ་བཞུགས། ༼ཁ༽པ་ལ་དེའི་སྨད་སངས་རྒྱས་གྲགས་ཀྱིས་བསྒྱུར་བ་དང་། མདོར་བསྡུས་དང་པོའི་བཤད་སྦྱོར་བློ་གྲོས་བརྟན་པས་བསྒྱུར་བ། དོན་དམ་པའི་བསྙེན་པ་པད་མ་དཀར་པོས་མཛད་པ་ཟླ་བ་མགོན་པོའི་འགྱུར་དབང་གི་རབ་ཏུ་བྱེད་པའི་འགྲེལ་པ་དྷ་རི་ཀ་པས་མཛད་པ་ཤེས་རབ་གྲགས་ཀྱི་འགྱུར། དབང་རབ་འབྱེད་ཀྱི་འགྲེལ་པ་བུ་སྟོན་ཁ་ཆེས་བསྒྱུར་བ་རྣམས་བཞུགས་སོ། ༼ག༽པ་ལ། པད་མ་ཅན་ཞེས་བྱ་བའི་འགྲེལ་པ་པོ་མ་དཔེ་ལས་མི་གསལ། ཐའི་འགྱུར། དབང་མདོར་བསྟན་གྱི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དུས་ཞབས་ཀྱི་མཛད་པ། ཤེས་རབ་གྲགས་ཀྱི་འགྱུར། དོན་དམ་པ་བསྡུས་མདོར་བསྟན་གྱི་རྒྱ་ཆེར་འགྲེལ་ནཱ་རོ་པས་མཛད། ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། དུས་ཀྱི་འཁོར་ལོའི་ཆོ་ག་དཔའ་བོའི་ཡིད་དུ་འོང་བའི་འཕྲེང་བ་དུས་ཞབས་ཆེན་པོས་མཛད་པ། ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། དུས་ཀྱི་འཁོར་ལོའི་བསྒྲུབ་ཐབས་ཡན་ལག་བཞི་པ་དུས་ཞབས་ཆེན་པོས་མཛད་པ། གྱི་ཇོ་ཟླ་བ་འོད་ཟེར་གྱི་འགྱུར། དཔལ་ལྡན་སྒྱུ་སྐར་གྱི་དཀྱིལ་འཁོར་ཡན་ལག་བཅུ་གཅིག་དུས་ཞབས་ཀྱིས་མཛད་པ་ལེའུ་བཅུ་གཅིག་པ། ཤེས་རབ་གྲགས་ཀྱི་འགྱུར། དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པ་སྐད་ཅིག་གིས་བསྐྱེད་པའི་བསྒྲུབ་ཐབས་རོལ་པའི་རྡོ་རྗེས་མཛད་པ། ཆོས་རབ་ཀྱིས་འགྱུར། དུས་ཀྱི་འཁོར་ལོའི་རབ་གནས་ཀྱི་ཆོ་ག་དུས་འཁོར་ཞབས་ཀྱིས་མཛད་པ། ཚོགས་ཀྱི་འཁོར་ལོ་སློབ་དཔོན་དུས་ཞབས་ཀྱིས་མཛད་པ། དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་དུས་འཁོར་ཞབས་ཀྱིས་མཛད་པ། དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་བསྒྲུབས་ཐབས་ས་དྷུ་བྷུ་ཏྲས་མཛད་པ་ཆོས་རབ་ཀྱི་འགྱུར། དུས་ཀྱི་འཁོར་ལོའི་རོ་བསྲེག་གི་ཆོ་ག་ས་དྷུ་པུ་ཏྲས་མཛད་པ་ཆོས་རབ་ཀྱི་འགྱུར། སྦྱོར་བ་ཡན་ལག་དྲུག་པ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ། ཏིང་ངེ་འཛིན་བཟང་པོའི་འགྱུར། སྙིང་པོ་གསུམ་གསལ་བ་རྒྱལ་པོ་གྲགས་པ་བཤེས་གཉེན་གྱིས་མཛད་པ་དང་། དེའི་འགྲེལ་པ་ནོར་བུ་ལྟ་བུ། དུས་ཀྱི་འཁོར་ལོའི་མན་ངག་དུས་ཞབས་ཆེན་པོས་མཛད་པ་གྱི་ཇོ་ཟླ་བ་འོད་ཟེར་གྱི་འགྱུར། སྦྱོར་བ་ཡན་ལག་དྲུག་གི་འགྲེལ་པ་སྦས་པ་མིག་འབྱེད་ཨ་བ་དྷུ་ཏི་པས་མཛད་པ་ཟླ་བ་གྲགས་པའི་འགྱུར་རྣམས་བཞུགས། ༼ང༽པ་ལ་སྦྱོར་བ་ཡན་ལག་དྲུག་གི་མན་ངག་དུས་འཁོར་ཞབས་པས་གསུངས་པ། བི་པུ་ཏ་ཙན་ཏྲའི་འགྱུར། སྦྱོར་བ་ཡན་ལག་དྲུག་པ་མ་དཔེ་ལས་མི་གསལ། ནུ་པ་མ་རཀྵི་ཏས་མཛད་པ་བི་པུ་ཏ་ཙན་ཏྲས་བསྒྱུར་ཞིང་བསོད་ནམས་བཟང་པོས་བཅོས་པ། དེའི་ཏི་ཀ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། བི་པུ་ཏ་ཙན་ཏྲའི་འགྱུར། དུས་ཀྱི་འཁོར་ལོའི་མན་ངག་འཁོར་ལོ་གསུམ་གྱི་རིམ་པ་ཉི་མ་དང་ཟླ་བ་བསྒྲུབ་པ། ཡེ་ཤེས་ཀྱི་སྤྱན་བསྒྲུབ་པ་གཉིས་དུས་འཁོར་ཞབས་ཀྱིས་མཛད་པ་མ་དཔེ་ལས་མི་གསལ། འབྱོར་ཟླ་བའི་འགྱུར། དུས་ཀྱི་འཁོར་ལོའི་སྙིང་པོ་རྒྱན་ཞེས་བྱ་བའི་བསྒྲུབ་ཐབས་བྲམ་ཟེ་བསོད་སྙོམས་པས་མཛད་པ། གྱི་ཇོ་ཟླ་བ་འོད་ཟེར་གྱི་འགྱུར། ནང་གི་སྙེ་མ་བྷི་པུ་ཏ་ཙན་ཏྲས་པ་དེ་ཉིད་ཀྱི་རང་འགྱུར། མ་དཔེ་ལས་མི་གསལ།ཀ་རས་མཛད་པ། འཁོར་ལོ་གྲགས་ཀྱི་འགྱུར། དུས་ཀྱི་འཁོར་ལོ་ལ་འཇུག་པ་འཇིག་མེད་འབྱུང་གནས་སྦས་པས་མཛད་པ། དྷརྨ་གྷི་རྟིས་བསྒྱུར་ཞིང་ཆོས་རྗེས་དཔལ་གྱིས་ཞུས་དག་བྱས་པས་དུས་ཀྱི་འཁོར་ལོ་མ་དཔེ་ལས་མི་གསལ། བ་སངས་རྒྱས་གྲགས་ཀྱིས་མཛད་པ་དེ་ཉིད་ཀྱི་འགྱུར། དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཁ་ཆེ་ཤཱཀྱ་ཤྲིས་མཛད་པ། ཉི་ཟླ་འཛིན་པའི་ངེས་པ་ཤཱཀྱ་ཤྲིས་མཛད་པ། གཟའ་ལྔ་སོ་སོའི་རྐྱང་རྩིས་ཀྱི་མན་ངག་ཁ་ཆེ་ཤཱཀྱ་ཤྲིས་མཛད་པ། དུས་ཀྱི་འཁོར་ལོའི་བསྟོད་པ་རྒྱུན་ཆགས་པ་ལེགས་པའི་གྲགས་པས་མཛད་པ། འདན་མ་ཚུལ་ཁྲིམས་སེང་གེས་བསྒྱུར་བ་རྣམས་བཞུགས། དེ་རྣམས་ནི་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་སུ་མེད་པ་དུས་ཀྱི་འཁོར་ལོའི་རིམ་པར་ཕྱེ་བའོ། །རྣལ་འབྱོར་ཆེན་པོ་ཐབས་རྒྱུད་ཀྱི་བསྐོར་ལ། མཚན་ཡང་དག་པར་བརྗོད་པ་སྤང་པོར་བྱས་ནས་བཤད་པས་མཚན་བརྗོད་དུས་འཁོར་ལུགས་སྒྱུ་འཕྲུལ་དྲྭ་བ་དང་། གསང་བ་འདུས་པའི་བསྐོར་རྣམས་ལས། ལྟ་བ་གཉིས་མེད་དུ་སྟོན་པ་སྒྱུ་འཕྲུལ་དྲྭ་བའི་བསྐོར་ལ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་བདུད་རྩི་ཐིག་པ་སྒྲོལ་མ་གསལ་བ་ལེའུ་བཅུ་གསུམ་པ་ཨ་ནུ་པ་མ་རཀྵི་ཏས་མཛད་པ། དྷརྨ་ཀིརྟི་དང་། རྡོ་རྗེ་རྒྱལ་མཚན་གྱི་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྣམ་པར་བཤད་པ། མིའི་དབང་པོ་གྲགས་པས་མཛད་པ། སྦལ་རྡོ་རྗེ་རྒྱལ་པོའི་འགྱུར། མཚན་བརྗོད་ཀྱི་འགྲེལ་པ་དྲི་མ་མེད་པའི་འོད། རྒྱལ་པོ་པད་མ་དཀར་པོས་མཛད་པ། རྩ་མི་བསོད་སྙོམས་པ་ཆེན་པོའི་འགྱུར། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སྔགས་ཀྱི་དོན་སྙིང་པོ་བསྡུས་པ། དུས་ཀྱི་འཁོར་ལོ་བར་གྲགས་པས་མཛད་པ། སྦལ་རྡོ་རྗེ་རྒྱལ་པོའི་འགྱུར། མཚན་ཡང་དག་པར་བརྗོད་པ་མདོར་བཤད་པ་བདུད་རྩི་ཐིགས་པ་ཉི་མ་དཔལ་གྱིས་མཛད་པ། ཆོས་རྗེ་དཔལ་གྱི་འགྱུར། མཚན་ཡང་དག་པར་བརྗོད་པའི་མངོན་པར་རྟོགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་མཛད་པ་རྣམས་བཞུགས། དེ་དག་ནི་རྣལ་འབྱོར་ཆེན་པོ་ཕ་བླ་ན་མེད་པ་ཐབས་ཀྱི་རྒྱུད་རྒྱུ་འཕྲུལ་དྲྭ་བ་གསལ་བར་བྱེད་པའི་རིམ་པར་ཕྱེ་བའོ། །དཔལ་གསང་བ་འདུས་པའི་བསྐོར་ལ། འཕགས་བསྐོར་དང་། ཡེ་ཤེས་ཞབས་སྐོར་དང་། སྒེག་པ་རྡོ་རྗེ་དང་། ཀུན་དགའ་སྙིང་པོའི་བསྐོར་བཞི་ལས། འཕགས་པ་ཡབ་སྲས་ཀྱིས་མཛད་པའི་བསྐོར་ལ། ༼ཅ༽པ་ལ་གསང་བ་འདུས་པའི་འགྲེལ་པ། རྒྱུད་ཀྱི་བཤད་པ་ལེའུ་བཅོ་བརྒྱད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། སྟོང་ཕྲག་དགུ་པ་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་བ་དང་། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རིན་ཆེན་བཟང་པོའི་འགྱུར་བཞུགས། ༼ཆ༽པ་ལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ། པ་ཚབ་ཉི་མ་གྲགས་ཀྱི་འགྱུར། ཟུང་འཇུག་གསལ་བ་ཞེས་བྱ་བ། །དབང་གི་བྱ་བ་སྒྲ་ཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པ། ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་ནག་པོ་བས་མཛད་པ། འགོས་ལྷ་བཙས་ཀྱི་འགྱུར། བསྒྲུབ་པའི་ཐབས་མདོར་བྱས་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རིན་ཆེན་བཟང་པོའི་འགྱུར། མདོར་བྱས་ཀྱི་འཕྲེང་བ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཡན་ལག་བཅུ་གཉིས་པ་ཀརྨ་བཛྭས་བསྒྱུར་བ། གསང་བ་འདུས་པའི་བསྐྱེད་པའི་གོ་རིམས་མདོ་དང་བསྲེས་པའི། སློབ་དཔོན་ཀླུ་སྒྲུབ་ཀྱི་མཛད་པ། རིན་ཆེན་བཟང་པོའི་འགྱུར། འདུས་པ་བསྒྲུབ་པའི་ཐབས་རྣམ་པར་བཞག་པ་རིམ་པ་བཞི་པ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ། རྡོ་རྗེ་སེམས་དཔའི་བསྒྲུབས་ཐབས། ཟླ་བ་གྲགས་པས་མཛད་པ་མ་དཔེ་ལས་མི་གསལ། དག་གཉིས་པ། ཀློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར་ཞིང་བ་རི་ལོ་ཚས་བཅོས་པ། རོ་སྲེག་གི་ཆོ་ག་འཕགས་པ་ལྷས་མཛད་པ། རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་སེམས་དཔའི་མཆོད་ཆོག་ནག་པོ་པས་མཛད་པ། མ་མ་དཔེ་ལས་མི་གསལ། ཁྲོ་བོ་བཅུའི་གཏོར་ཆོག་ནག་པོ་པས་མཛད་པ། སྐུ་གསུང་ཐུགས་རབ་དུ་གནས་པའི་ཆོ་ག མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ། རྒྱ་བརྩོན་འགྲུས་སེང་གེའི་འགྱུར། གསང་བ་འདུས་པའི་རྫོགས་པའི་རིམ་པ་ལྔ་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རིན་ཆེན་བཟང་པོའི་འགྱུར། རིམ་པ་ལྔ་པའི་བཤད་པ་ནོར་བུའི་འཕྲེང་བ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་མཛད་པ། གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། མདོར་བྱས་དང་རིམ་ལྔའི་དགོངས་འགྲེལ་ཟླ་བའི་འོད། མི་འཇིགས་པའི་འབྱུང་གནས་སྦས་པས་མཛད་པའི། བི་པུ་ཏ་ཙན་ཏྲའི་འགྱུར། རིམ་པ་ལྔའི་དགོངས་འགྲེལ། ནག་པོ་དམ་ཚིག་རྡོ་རྗེས་མཛད་པ། ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་བཞུགས། ༼ཇ༽པ་ལ་རིམ་པ་ལྔའི་བཀའ་འགྲེལ་དོན་གསལ་བ། བརྩོན་འགྲུས་བཟང་པོས་མཛད་པ། འབྲོ་ཤེས་རབ་བརྩོན་འགྲུས་ཀྱི་འགྱུར། རིམ་པ་ལྔའི་བཀའ་འགྲེལ། སློབ་དཔོན་བྷྱ་གྷིར་ཏིས་མཛད་པ། ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། རྡོ་རྗེ་བཟླས་པ་རྒྱ་ཆེར་བཤད་པ། ཤྲདྷ་ཀ་ར་ཝརྨས་མཛད་པ། རིན་ཆེན་བཟང་པོའི་འགྱུར། རིམ་པ་ལྔ་པའི་དོན་འགྲེལ་སྤྱོད་པ་བསྡུས་པའི་སྒྲོན་མ་ལེའུ་བཅུ་གཅིག་པ། སློབ་དཔོན་ཨརྻ་དེ་བས་མཛད་པ། རིན་ཆེན་བཟང་པོའི་འགྱུར། དེའི་རྒྱ་ཆེར་འགྲེལ་པ། ཤཱཀྱ་བཤེས་གཉེན་གྱིས་མཛད་པ་མངོན་པར་བྱང་ཆུབ་པའི་མན་ངག་འཕགས་པ་ལྷས་མཛད་པ། རིན་ཆེན་བཟང་པོའི་འགྱུར། བདག་བྱིན་གྱིས་བརླབ་པའི་རིམ་པ་རྣམ་པར་དབྱེ་བ། ཨ་རྻ་དེ་བས་མཛད་པ། འགོས་ལྷ་བཙས་ཀྱིས་འགྱུར། སེམས་ཀྱི་སྒྲིབ་སྦྱོང་འཕགས་པ་ལྷས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། རིམ་པ་ཁོངས་སུ་བསྡུས་བའི་མན་ངག ཀླུའི་བྱང་ཆུབ་ཀྱིས་མཛད་པ། ཉི་མ་གྲགས་ཀྱི་འགྱུར། ལས་ཀྱི་མཐའ་རྣམ་པར་འབྱེད་པ། ཀླུའི་བློ་ཡིས་མཛད་པ། ཆོས་རྗེ་དཔལ་གྱི་འགྱུར། བྱང་ཆུབ་སེམས་འགྲེལ་ཀླུ་སྒྲུབ་ཀྱིས་མཛད་པ། རབ་ཞི་བཤེས་གཉེན་གྱིས་བསྒྱུར་ཞིང་། ཉི་མ་གྲགས་ཀྱིས་གཏན་ལ་ཕབ་པ། བྱང་ཆུབ་སེམས་ཀྱི་འགྲེལ་པ་ལྷུག་པ། ཀླུ་སྒྲུབ་ཀྱིས་མཛད་པ། ཁུ་མདོ་སྡེའི་འགྱུར། དེའི་འགྲེལ་མ་དཔེ་ལས་མི་གསལ། དེ་ཉིད་ཀྱིས་བསྒྱུར་བ། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པའི་མན་ངག་བདུད་རྩི་གསང་བ་ཡན་ལག་དྲུག་པ། སྒྲ་དབྱངས་བཅུ་གཅིག་པས་མཛད་པ། རིན་ཆེན་བཟང་པོའི་འགྱུར། རྒྱན་བདུན་རྣམ་པར་འགྲོ་བ། ཤྲ་ཏ་ཀ་ར་ཝརྨས་མཛད་པ། རིན་ཆེན་བཟང་པོའི་འགྱུར། ཚུལ་བཞིའི་བཤད་པ། ཨརྻ་དེ་བས་མཛད་པ། གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་དང་། དེའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་དང་། སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ། རིན་ཆེན་བཟང་པོའི་འགྱུར། བསྒྲུབ་པའི་སྤྱོད་པ་ལ་འཇུག་པ། ལེའུ་བཅུ་པ་ཛྙྱ་ན་བཛྭ་མཛད་པ། ལྷ་བཙུན་པའི་འགྱུར། རྒྱུད་ལ་འཇུག་པ་བསྡུས་པ། པྲ་ཏ་ཀ་ར་ཝརྨས་མཛད་པ། རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་སེམས་དཔའི་བསྒྲུབ་ཐབས་ཀྱི་འགྲེལ་པ། ཏ་ཐ་ག་ཏ་རཀྵི་ཏས་མཛད་པ། བ་རིའི་འགྱུར། སྒྲོན་མ་གསལ་བ་ཞེས་བྱ་བའི་རྒྱ་ཆེར་བཤད་པ། དཔལ་ཟླ་བ་གྲགས་པས་མཛད་པ་ལེའུ་བཅུ་བཞིའི་བསྟོད་པ་ཡན་ཆད། རིན་ཆེན་བཟང་པོས་བསྒྱུར་བ་རྣམས་བཞུགས། ༼ཉ༽པ་ལ་དེའི་སྨད་ལེའུ་བཅུ་བདུན་པ་རྫོགས་པ་དང་། སྒྲོན་གསལ་ལེའུ་དང་པོའི་འགྲེལ་བཤད། སློབ་དཔོན་ཨརྻ་དེ་བས་མཛད་པ། སྒྲོན་མ་གསལ་བར་བྱེད་པའི། བཀའ་བ་བསྡུས་པའི་འགྲེལ་པ། ལེགས་ལྡན་བྱེད་ཀྱིས་མཛད་པ། ཤཱཀྱ་བརྩོན་འགྲུས་ཀྱིས་འགྱུར། ཟླ་བ་སྒྲོན་མ་ཞེས་བྱ་བའི་བཤད་པའི་ཚིག་ངེས་པར་འབྱེད་པའི་བཤད་སྦྱར་བརྒྱ་པ་བཅུ་གསུམ་པ། ཀ་ཀུ་མ་ད་རས་མཛད་པ། ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བའི་ཏི་ཀ་སྟོང་ཕྲག་བཅུ་དྲུག་པ། བྷྱ་བྷ་གྷིར་དྷིས་མཛད་པ། ཀུ་མ་རའི་འགྱུར་ལེའུ་བཞི་པ་ཡན་ཆད་བཞུགས། ༼ཏ༽པ་ལ་དེའི་འཇུག་ཡོངས་སུ་རྫོགས་པ་དང་། སྒྲོན་མ་གསལ་བ་མདོར་བཤད་པའི་ས་གཅོད་སྙིང་གི་མེ་ལོང་ཀུ་མ་རས་མཛད་པ། ཤཱཀྱ་བློ་གྲོས་ཀྱི་འགྱུར། དེ་རྣམས་ལ་ནི་གསང་འདུས་ལས་སྐོར་ཞེས་བྱ་བར་གྲགས་པ་ཡིན་ནོ། །སློབ་དཔོན་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པས་མཛད་པའི་བསྐོར་ལ། རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པའི་མན་ངག བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་ཀྱི་ཞལ་གྱི་ལུང་དང་མ་དཔེ་ལས་མི་གསལ།མཛེས་པའི་མེ་ཏོག་བིརྻ་པ་ཏས་མཛད་པ། མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ། གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་ཙི་ལུ་པས་མཛད་པ་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་འགྱུར་བ། ལེའུ་བཅུ་གསུམ་པ་ཡན་ཆད་བཞུགས། ༼ཐ༽པ་ལ་དེའི་འཇུག་ཡོངས་སུ་རྫོགས་པ་དང་། གསང་བ་འདུས་པའི་རྒྱུད་ཀྱི་རྣམ་པར་བཤད་པ། ཐ་ཀ་ནས་མཛད་པ། གསང་བ་འདུས་པའི་འགྲེལ་པ་སྙིམ་པའི་མེ་ཏོག །ཤན་ཏི་པས་མཛད་པ་ལེའུ་བཅུ་བདུན་ཡན་ཆོད་བཞུགས། ༼ད༽པ་ལ་དེའི་འཇུག་ཡོངས་སུ་རྫོགས་པ། འགོས་ལྷ་བཙས་ཀྱི་འགྱུར། གསང་བ་འདུས་པའི་རྒྱུད་ཕྱི་མ་དང་བཅས་པའི་བཀའ་འགྲེལ་རྒྱལ་བ་བྱིན་གྱི་མཛད་པ། ཤེས་རབ་ཡེ་ཤེས་ཀྱིས་བསྒྱུར་ཞིང་། དར་མ་གྲགས་ཀྱིས་གཏན་ལ་ཕབ་པ། འདུས་པའི་རྒྱུད་ཕྱི་མའི་འགྲེལ་པ་གསང་བའི་སྒྲོན་མ། སྙན་གྲགས་བཟང་པོས་མཛད་པ། སྨྲི་ཏིའི་འགྱུར། གསང་བ་འདུས་པའི་འགྲེལ་པ་དྲི་མེད་སྦས་པས་མཛད་པའི་རྒྱན་ལེའུ་བཅོ་ལྔ་པ་ཡན་ཆད་བཞུགས། ༼ན༽པ་ལ་དེའི་འཇུག་རྫོགས་པ་དང་། རྒྱུད་ཕྱི་མའི་འགྲེལ་པ། ཟླ་འོད་ཀྱིས་མཛད་པ། དར་མ་གྲགས་ཀྱིས་འགྱུར། རྒྱུད་ཕྱི་མའི་རྣམ་པར་བཤད་པ་ཡང་དག་རིགས་བྱེད་སྨན་ཞབས་ཀྱིས་མཛད་པ། ཉི་མ་རྒྱལ་མཚན་གྱིས་འགྱུར། གསང་བ་འདུས་པའི་འགྲེལ་པ། སྨྲི་ཏིས་མཛད་པ་དེའི་རང་འགྱུར། གསང་བ་འདུས་པའི་འགྲེལ་པ་སློབ་མ་ལ་ཕན་པ། རབ་ཏུ་ཞི་བའི་བཤེས་གཉེན་གྱིས་མཛད་པ། བཤད་པའི་རྒྱུད་རྡོ་རྗེ་འཕྲེང་བའི་འགྲེལ་པ། ཨ་ལཾ་ཀ་ཀ་ལ་ཤ་དེ་བས་མཛད་པ། ག་རོད་ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར་བ་ཇི་སྙེད་པ་རྣམས་བཞུགས། ༼པ༽པ་ལ་ལྷ་མོ་བཞིས་ཞུས་པའི་བཤད་པ་མན་ངག་རྒྱས་པ། སྨྲི་ཏིས་མཛད་པ་རང་འགྱུར། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ཀྱི་བཤད་པ། ཡེ་ཤེས་སྙིང་པོས་མཛད་པ་སྨྲི་ཏིའི་འགྱུར། གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ། མར་མེ་མཛད་བཟང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། དེ་ཉིད་ཀྱི་འགྲེལ་པ་ཤན་ཏི་པས་མཛད་པ། རིན་ཆེན་བཟང་པོའི་འགྱུར། སྦྱོར་བ་བདུན་པ་ཞེས་བྱ་བ། དབང་བཞིའི་རབ་དུ་བྱ་པ། བིརྻ་པ་ཏས་མཛད་པ། ལྷ་ཡེ་ཤེས་རྒྱ་མཚན་གྱི་འགྱུར། དཀྱིལ་འཁོར་བྲི་བའི་ཆོ་ག བསོད་སྙོམས་པས་མཛད་པ། རིན་ཆེན་བཟང་པོའི་འགྱུར། དབང་གི་རབ་དུ་བྱེད་པ་སུམ་བརྒྱ་པ། བམ་པོ་གཅིག་པ། དགའ་བའི་རྡོ་རྗེས་མཛད་པ། དྷརྨ་གྷིརྟིའི་འགྱུར། གསང་བ་འདུས་པའི་དབང་བསྐུར་བའི་ཆོ་ག་མདོར་བསྡུས་པ། ངག་གི་དབང་ཕྱུག་གྲགས་པས་མཛད་པ། ཀློག་སྐྱ་གཞོན་ནུ་འབར་དང་། ཆོས་ཀྱི་དབང་ཕྱུག་གི་འགྱུར། དེ་ཁོ་ན་ཉིད་བཅུ་པ། དར་མ་གྲགས་ཀྱི་འགྱུར། གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་སུམ་བཅུ་རྩ་གཉིས་ལ་བསྟོད་པ། སློབ་དཔོན་མི་གནས་རྡོ་རྗེས་མཛད་པ་དང་། ལྷ་བཅུ་དགུ་ལ་བསྟོད་པ། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་གཉིས། རིན་ཆེན་བཟང་པོའི་འགྱུར། ཞལ་ལུང་ཆུང་བ་ཨུ་རྒྱན་གྱི་ཡུལ་ནས་ཕྱུང་བ། སངས་རྒྱས་ཡེ་ཤེས་ཀྱི་བསྒྲུབ་ཐབས་ཀྱི་མན་ངག །བསྒྲུབ་ཐབས་ཀུན་ཏུ་བཟང་པོ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ། རིན་ཆེན་བཟང་པོའི་འགྱུར། ཀུན་ཏུ་བཟང་པོའི་བསྒྲུབས་ཐབས་ཀྱི་འགྲེལ་པ། དཔལ་རྡོ་རྗེས་མཛད་པ་རིན་ཆེན་བཟང་པོའི་འགྱུར། བསྒྲུབ་ཐབས་ཀུན་ཏུ་བཟང་པོ་ཞེས་བྱ་བ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ་སྨྲི་ཏིའི་འགྱུར། དེའི་འགྲེལ་པ་སྙིང་པོའི་སྙེ་མ་ཀུན་ཏུ་བཟང་པོས་མཛད་པ། བློ་ལྡན་ཤེས་རབ་ཀྱི་འགྱུར། ཀུན་ཏུ་བཟང་པོའི་བསྒྲུབ་ཐབས་ཀྱི་འགྲེལ་པ་སྨྲི་ཏིའི་འགྱུར་རྣམས་བཞུགས། ༼ཕ༽པ་ལ་གསང་བ་འདུས་པའི་བསྒྲུབ་ཐབས་དངོས་གྲུབ་འབྱུང་བའི་གཏེར། བིརྻ་པ་ཏས་མཛད་པ། ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། འདུས་ཤིང་རྟོགས་སླ་བ་འཇམ་པའི་རྡོ་རྗེའི་བསྒྲུབ་ཐབས། པུ་ནྱ་ཤྲིས་མཛད་པ། འདུས་པའི་བསྒྲུབས་ཐབས་བསོད་སྙོམས་པས་མཛད་པ། རིན་ཆེན་བཟང་པོའི་འགྱུར། མི་བསྐྱོད་པའི་བསྒྲུབ་ཐབས་རིན་ཆེན་རྡོ་རྗེས་མཛད་པ། རིན་ཆེན་བཟང་པོའི་འགྱུར། རབ་ཏུ་གསལ་བ་ཞེས་བྱ་བའི་བསྒྲུབ་ཐབས། དཔེ་མེད་རྡོ་རྗེས་མཛད་པ། རིན་ཆེན་བཟང་པོའི་འགྱུར། དཔལ་གསང་བ་འདུས་པའི་བསྒྲུབ་མི་བསྐྱོད་རྡོ་རྗེའི་བསྒྲུབ་ཐབས། སྨྲི་ཏིས་བསྒྱུར་བ། བསྟན་པའི་ནོར་ཐམས་ཅད་པའི་བསྒྲུབ་ཐབས། རད་ན་དྷ་ཀིས་མཛད་པ། དར་མ་གྲགས་ཀྱིས་འགྱུར། རབ་ཏུ་གནས་པའི་ཆོ་ག་ཟླ་འོད་ཀྱིས་མཛད་པ། བསོད་ནམས་རྒྱལ་མཚན་གྱི་འགྱུར། རབ་ཏུ་གནས་པའི་ཆོ་ག་ངག་གི་དབང་ཕྱུག་གིས་མཛད་པ། བ་རི་འགྱུར། ཨ་རྒའི་ཆོ་ག་སྣང་བྱེད་ཟླ་བས་མཛད་པ། པྲཛྙྱ་གྷིརྟི་འགྱུར། རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་སྣང་བ། སློབ་དཔོན་སྣང་བྱེད་ཟླ་བས་མཛད་པ། དཔལ་ཧེ་རུ་ཀའི་བསྒྲུབ་ཐབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་དང་། དེའི་འགྲེལ་པ་དྲན་པ་ཡེ་ཤེས་གྲགས་པའི་འགྱུར། དགའ་བའི་བསྒྲུབ་ཐབས། རྒྱལ་བ་བྱིན་གྱིས་མཛད་པ། འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་བསྒྲུབ་ཐབས། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རིན་ཆེན་བཟང་པོའི་འགྱུར། འདུས་པའི་བ་པར་རྟོགས་པའི་རིམ་པ། དྷྲི་བཾ་ཀ་ར་ཀིརྟིས་མཛད་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡེ་ཤེས་ཞབས་ཀྱི་ཨོ་རྒྱན་གྱི་ཡུལ་ནས་སྤྱན་དྲངས་ནས་མཛད་པ་སྨྲི་ཏིའི་འགྱུར། སྟངས་སྟབས་འདུག་སྟབས་ཀྱི་རིམ་པ། སངས་རྒྱས་ཡེ་ཤེས་ཀྱི་མཛད་པ། འཇམ་དཔལ་རྡོ་རྗེའི་མཆོད་ཆོག དཔལ་འཛིན་གྱིས་མཛད་པ། བི་པུ་ཏ་ཙན་ཏྲའི་འགྱུར། སྦྱིན་སྲེག་གི་ཆོ་ག་རབ་འཇིགས་རྡོ་རྗེས་མཛད་པ། ཤོ་ལོ་ཀ་བརྒྱ་བཅུ་རྩ་གསུམ་པ། རིན་ཆེན་བཟང་པོའི་འགྱུར། ཆུ་དབང་གི་བསྒྲུབ་ཐབས། སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། གསང་བའི་འཛམ་བྷ་ལའི་བསྒྲུབ་ཐབས་ཡེ་ཤེས་ཞབས་ཀྱིས་མཛད་པ་དར་མ་ཡོན་ཏན་གྱི་འགྱུར། ཨུ་ཙུས་མའི་བསྒྲུབ་ཐབས་སྒེག་པ་རྡོ་རྗེས་མཛད་པ། དྷ་ན་ཤི་ལའི་འགྱུར། གཏོར་མའི་ཆོ་ག་ཆེན་པོ། བིརྻ་པ་ཏས་མཛད་པ། ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར་རྫོགས་པའི་རིམ་པ་གྲོལ་བའི་ཐིག་ལེ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ་དང་། དེའི་རྣམ་པར་བཤད་པ་བིདྱ་པ་ཏས་མཛད་པ། ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། མི་ཤིགས་པའི་བསྒྲུབས་ཐབས་རིན་པོ་ཆེ་ཞེས་བྱ་བ། བིརྻ་པ་ཏས་མཛད་པ་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། བདག་བསྒྲུབ་པའི་ཐབས་ལ་འཇུག་པ་ཡེ་ཤེས་ཞབས་ཀྱིས་མཛད་པ་དགེ་བའི་བློ་གྲོས་ཀྱིས་བསྒྱུར། བདག་གི་དོན་གྲུབ་པ་ཞེས་བྱ་བ་རྣལ་འབྱོར་གྱི་རིམ་པ་བིདྱ་པ་ཏས་མཛད་པ་ལྷ་ཡེ་ཤེས་རྒྱན་མཚན་གྱི་འགྱུར། ཡེ་ཤེས་ཞབས་ལུགས་ཀྱིས་འདུས་པའི་ཡན་ལག་དྲུག་པ། སྦྱོར་བ་ཡན་ལག་དྲུག་གི་སྣང་བའི་རིམ་པ། སྣང་མཛད་རྡོ་རྗེས་མཛད་པ་གཡུང་དྲུང་འོད་ཀྱི་འགྱུར། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བའི་འགྲེལ་པ་སྨྲི་ཏིས་མཛད་པ། དེ་ཁོ་ན་ཉིད་སྣང་བ་རྩ་འགྲེལ། ངག་གི་དབང་ཕྱུག་གྲགས་པས་མཛད་པ། ཡན་ལག་བདུན་དང་ལྡན་པའི་བཞི་པ་ལེའུ་ལྔ་པ་ཉིས་སྟོང་ལྔ་བརྒྱ་པ། ངག་གི་དབང་ཕྱུག་གྲགས་པས་མཛད་པ། དེ་རྣམས་ནི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས་རྣམས་སོ། །སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པ་ནི། གསང་བ་འདུས་པའི་དགོངས་པ་ཐམས་ཅད་ཉེ་བར་ལེན་པའི་འགྲེལ་པ། བཞད་པ་རྡོ་རྗེས་མཛད་པ། བཱཻ་རོ་ཙ་ནས་བསྒྱུར་ཞིང་། སྐད་གསར་བཅད་ཀྱིས་བསབས་པ། གསང་བ་འདུས་པའི་གླེང་བཞི་བླ་མའི་མན་ངག་གིས་བཤད་པ། སྒེག་པ་རྡོ་རྗེས་མཛད་པ། དཔལ་བདེ་བ་ཆེན་པོའི་བསྒྲུབ་ཐབས་བཞད་པ་རྡོ་རྗེས་མཛད་པ་རྣམས་བཞུགས། །༼བ་མ་ཙ་ཚ༽རྣམས་ལ་དཔལ་བདེ་བ་ཆེན་པོའི་རྣམ་པར་བཤད་པ་བྷི་མ་ལ་གར་བས་མཛད་པ་དང་། གསང་བ་འདུས་པའི་འགྲེལ་ཆེན་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། ཕྲ་རས་ཀྱི་འགྱུར་རྣམས་བཞུགས། ༼ཛ༽པ་ལ་གསང་བ་འདུས་པའི་བཀའ་བགྲེལ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། གསང་བ་འདུས་པའི་རྒྱུད་ཕྱི་མའི་ལེའུ་བཅོ་བརྒྱད་པའི་ཚིག་དང་དོན་རྒྱ་ཆེར་འགྲེལ་པ། བྷི་ཤ་མི་ཏྲས་མཛད་པ་རྣམས་ཏེ། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་གསང་བ་འདུས་པའི་བསྐོར་རིམ་པར་ཕྱེ་བའོ། །ཐབས་རྒྱུད་ཀྱི་ཆ་མཐུན་གཤིན་རྗེ་གཤེད་དམར་ནག་གི་བསྐོར་ལས། སྒྲ་ནག་གི་སྐོར་ལ། དཔལ་གཤིན་རྗེ་གཤེད་ནག་པོའི་བཀའ་འགྲེལ། དཔལ་འཛིན་གྱིས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར་གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་འགྲེལ་པ་རྒྱ་ཆེར་འགྲེལ་པ། མངོན་པར་མཐོང་བའི་ལམ་གྱི་སྒྲོན་མ། ཀྲིས་ཎཾ་ལ་ཆེན་པོས་མཛད་པ། པྲཛྙྱ་ཛྙྱ་ན་ཀིརྟིའི་རང་འགྱུར། གཤིན་རྗེ་གཤེད་སྒྲ་ནག་པོའི་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་སྒྲོན་མ། རཏྣ་ཨ་ཀར་ཤན་ཏི་པས་མཛད་པ། ཆོས་ཀྱི་ཤེས་རབ་འགྱུར། གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་བཀའ་འགྲེལ་ལེའུ་བཅོ་བརྒྱད་པ། གཞོན་ནུ་ཟླ་བས་མཛད་པ་རྣམས་བཞུགས། ༼ཝ༽པ་ལ་གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དཔལ་འཛིན་མཛད་པ། ཤེས་རབ་དང་གཟི་བཤིད་འཕགས་པའི་འགྱུར། གཤིན་རྗེ་གཤེད་སྒྲའི་དཀྱིལ་འཁོར་གྱི་ཆོ་ག་གཤིན་རྗེ་གཤེད་འབྱུང་བ། ལ་ལི་ཏ་བཛྭས་མཛད་པ། ཅོག་གྲུ་ཤེས་རབ་བླ་མའི་འགྱུར། གཤིན་རྗེ་གཤེད་ནག་པོའི་མཎྜྻལ་གྱི་ཆོ་ག སློབ་དཔོན་བསོད་སྙོམས་པས་མཛད་པ། གཤིན་རྗེ་གཤེད་ནག་པོའི་སྦྱིན་སྲེག་གི་ཆོ་ག་དང་། ཆོས་སྐུ་སྣང་བ་ཞེས་བྱ་བའི་ཆོ་ག ནག་པོ་པས་མཛད་པ་ལ་གསུམ། པྲཛྙྱ་ཤྲི་གསུམ་ན་གིརྟིས་རང་འགྱུར་དུ་མཛད་པ། གཤིན་རྗེ་གཤེད་ནག་པོའི་བསྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་གཉིས། ཡོན་ཏན་གྲགས་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོའི་བསྒྲུབ་ཐབས། ཀུན་དུ་བཟང་པོས་མཛད་པ་དོན་ཡོད་རྡོ་རྗེའི་འགྱུར། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། བསོད་སྙོམས་པ་ཀ་མ་ལ་རཀྵིས་མཛད་པ། པྲ་ཛྙྱ་ཛྙྱ་ན་གིརྟིའི་འགྱུར། གཤིན་རྗེ་གཤེད་ནག་པོའི་བསྒྲུབ་ཐབས་ཀུ་མུ་ཏ་ཁ་བྱེ་བ། རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོའི་དུས་གསུམ་མཐར་ཕྱིན་པའི་བསྒྲུབ་ཐབས། ཀྲིཥྞ་པཎྜྻི་ཏས་མཛད་པ། གཤིན་རྗེ་གཤེད་ནག་པོའི་བསྒྲུབ་ཐབས། མར་མེ་མཛད་ཀྱིས་མཛད་པ། གཤིན་རྗེ་གཤེད་ནག་པོའི་བསྒྲུབ་ཐབས་དང་། གཤིན་རྗེ་གཤེད་ནག་པོའི་དྲག་པོའི་ལས་བསྒྲུབ་པ། ཉི་མ་བྱེད་པར་གྲགས་པས་མཛད་པ། འགོས་ལྷ་བཙས་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོའི་བསྒྲུབས་ཐབས། འགྲོ་བཟང་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ནག་པོ་ཞལ་གསུམ་ཕྱག་དྲུག་པའི་བསྒྲུབ་ཐབས། ལ་ལི་ཏ་བཛྭས་མཛད་པ། འོ་མ་བསྒྲུབ་པའི་ཐབས། ཛི་མུ་ཏ་བཛྭས་པ་ཏ་ལས་མཛད་པ། གཤེད་ནག་འཁོར་ལོའི་མན་ངག་རྣམས་ཆོས་རབ་ཀྱི་འགྱུར། གཤེད་ནག་གི་སྦྱིན་སྲེག་གི་ཆོ་ག་ལ་ལི་ཏ་བཛྭ་མཛད་པ། འཆི་བདག་ཡི་དྭགས་རྒྱལ་པོའི་བསྒྲུབས་ཐབས། གཤིན་རྗེ་གཤེད་ལ་མཆོད་པའི་ཀྲིཥྞ་པཎྜྻི་ཏས་མཛད་པ་གཤིན་རྗེ་གཤེད་ནག་པོའི་མངོན་པར་རྟོགས་པའི་རིམ་པ། དཔལ་རྡོ་རྗེའི་སློས་མཛད་པ། གཤིན་རྗེ་གཤེད་པོའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་གྱི་ཚུལ་ངེས་པར་བསྟན་པ། དོན་ཡོད་ཞབས་ཀྱིས་མཛད་པ། ཚོགས་ཀྱི་འཁོར་ལོ་ཆོ་ག་ཀ་མ་ལ་མ་ཧས་མཛད་པ། གཤིན་རྗེ་གཤེད་ཀྱི་བསྲུང་བའི་འཁོར་ལོ་མར་མེ་མཛད་བཟང་པོས་མཛད་པ། དཔལ་གཤིན་རྗེ་གཤེད་གདོང་དྲུག་གི་བསྐོར་ལ་གཤིན་རྗེ་གཤེད་གདོང་དྲུག་ལ་འཁོར་ལོའི་བསྒྲུབ་ཐབས། དྷེ་བ་ཨ་ཀ་ར་ཙན་ཏྲས་མཛད་པ། ཤེས་རབ་བླ་མའི་འགྱུར། གཤིན་རྗེ་གཤེད་སྒྲ་བསྒྲུབ་པའི་འཁོར་ལོའི་བསྒྲུབ་ཐབས་ཀླུའི་བྱང་ཆུབ་ཀྱིས་མཛད་པ། འཇམ་དཔལ་གྱི་རྟོག་པ་དམ་རྫས་གསང་བ་སྨད་དུ་བསྒྱུར་ཏེ་སྟོན་པའི་ཆོ་ག་གཤིན་རྗེ་གཤེད་རྣམ་པར་སྣང་མཛད་ཀྱི་བསྒྲུབ་ཐབས་དང་། རིན་ཆེན་འབྱུང་ལྡན་གྱི་བསྒྲུབ་ཐབས་དང་། འདོད་ཆགས་གཤིན་རྗེ་གཤེད་ཀྱི་བསྒྲུབ་ཐབས། རྡོ་རྗེ་རྣོན་པོའི་བསྒྲུབ་ཐབས། ཐོ་བ་གཤིན་རྗེ་གཤེད་ཀྱི་བསྒྲུབ་ཐབས། དབྱུག་པ་གཤིན་རྗེ་གཤེད་ཀྱི་བསྒྲུབ་ཐབས། པད་མ་གཤིན་རྗེ་གཤེད་ཤེས་རབ་བདེ་བ་ཅན་གྱི་བསྒྲུབ་ཐབས། རལ་གྲི་གཤིན་རྗེ་གཤེད་ཀྱི་བསྒྲུབ་ཐབས། རྡོ་རྗེ་སེམས་བདེ་སྤྱོད་མའི་བསྒྲུབ་ཐབས། རྡོ་རྗེ་མཁའ་འགྲོ་མ་རྣལ་འབྱོར་མའི་བསྒྲུབ་ཐབས། རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་བསྒྲུབ་ཐབས། རྡོ་རྗེ་སེམས་མ་གཱཽ་རིའི་བསྒྲུབ་ཐབས་རྣམས། མར་མེ་མཛད་ཀྱིས་མཛད་པ། པྲཛྙྱ་ཤྲི་ཛྙྱ་ནའི་རང་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐོར་ལ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་མདོར་བཤད་པ། རྡོ་རྗེ་གྲུབ་པས་མཛད་པ། འཇིགས་བྱེད་ཀྱི་མདོ་མདོར་བཤད་པ། སོ་ན་ཤྲིས་མཛད་པ། འཇིགས་བྱེད་ཀྱི་རྒྱུད་ཀྱི་བཀའ་འགྲེལ། སློབ་དཔོན་གཞོན་ནུ་ཟླ་བས་མཛད་པ་དར་མ་གྲགས་ཀྱི་འགྱུར། འཇིགས་བྱེད་ཀྱི་རྒྱུད་ཀྱི་བཀའ་འགྲེལ། མི་བསྐྱོད་པས་མཛད་པ། ཆོས་ཀྱི་བཟང་པོ་དང་། ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཞིང་། འོ་རུ་ལོ་ཙྪ་བ་ཞུས་ཏེ་གཏན་ལ་ཕབ་པ། རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་ཚིགས་སུ་བཅད་པ་བཅུ་བཞི་པ། དེ་ཉིད་ལྔའི་བསྟོད་པ། ཚིགས་སུ་བཅད་པ་གསུམ་པ། འཇིགས་བྱེད་ལ་བསྟོད་པ་དོན་ཡོད་རྡོ་རྗེས་མཛད་པ། ཞང་ཤེས་རབ་བླ་མའི་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་མཚན་གྱི་བསྟོད་པ། ལས་ཀྱི་རྒྱལ་པོས་མཛད་པ། འཇིགས་བྱེད་ཀྱི་བསྟོད་པ་ལ་ལི་ཏ་བཛྭས་མཛད་པ་དང་། འཇིགས་བྱེད་ཀྱི་བསྒྲུབ་ཐབས་པཎ་ཏ་ཤྲིས་མཛད་པ། ཞང་འོད་ཤེས་རབ་བསོད་ནམས་ཀྱི་འགྱུར། འཇིགས་བྱེད་ཀྱི་བསྒྲུབ་ཐབས་ཨ་ཤོ་ཀ་ཤྲིས་མཛད་པ། ཆོས་ཀྱི་བཟང་པོའི་འགྱུར། འཇིགས་བྱེད་ཀྱི་བསྒྲུབ་ཐབས་ལ་ལི་ཏ་བཛྭས་མཛད་པ། ཤེས་རབ་བླ་མའི་འགྱུར། འཇིགས་བྱེད་ཀྱི་བསྒྲུབ་ཐབས་དོན་ཡོད་རྡོ་རྗེས་མཛད་པ། འཇིགས་བྱེད་ཀྱི་བསྒྲུབ་ཐབས་གྲུབ་པའི་སློབ་དཔོན་ལ་ལི་ཏས་མཛད་པ། མ་ཧེ་ཞལ་གྱི་བསྒྲུབ་ཐབས། དཔལ་འཛིན་གྱིས་མཛད་པ། བ་རི་དྷརྨཱ་གིརྟིའི་འགྱུར། འཇིགས་བྱེད་ཆེན་པོའི་བསྒྲུབ་ཐབས། ཛྙྱ་ན་ཨ་ཀ་རས་མཛད་པ། ཟླ་བ་འོད་ཟེར་གྱི་འགྱུར། འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་བསྒྲུབ་ཐབས། འཇམ་དཔལ་དབྱངས་ཀྱི་མཛད་པ་ར་རྡོ་རྗེ་གྲགས་ཀྱི་འགྱུར། འཇིགས་བྱེད་ཀྱི་བསྒྲུབ་ཐབས་མདོར་བསྡུས་པ། ཤྲི་བྷ་ཏྲས་མཛད་པ་ར་རྡོ་རྗེ་གྲགས་ཀྱི་འགྱུར། འཇིགས་བྱེད་ཀྱི་སྦྱིན་སྲེག་གི་ཆོ་ག་ཨ་མོ་གྷ་བཛྭས་མཛད་པ། འཇམ་དཔལ་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་ཨ་མོ་གྷ་བཛྭས་མཛད་པ། འཇིགས་བྱེད་ཀྱི་ཚོགས་ཀྱི་འཁོར་ལོ་རཏྣ་ཨ་ཀ་ར་ཤན་ཏི་པས་མཛད་པ་རྣམས། རྡོ་རྗེ་གྲགས་ཀྱི་འགྱུར། ཙྪུ་ཚུན་དྷ་རའི་ཆོ་ག་ཞིབ་མོ་བཤད་པ། འཇིགས་བྱེད་ཀྱི་ཕྱག་མཚན་གྱི་རྣམ་དག་བཤད་པ་རྣམས་ཏ་ཐ་ག་ཏ་རཀྵི་ཏས་མཛད་པ་རྣམས་ལ་ཞོ་བློ་གྲོས་གྲགས་ཀྱི་འགྱུར། འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག ལ་ལི་ཏས་བཛྭས་མཛད་པ། ཞི་བའི་ལས་བདུན་དབྱེ་བ། ཨ་མོ་གྷ་བཛྭས་མཛད་པ། དྲག་པོ་ལས་བདུན་གྱི་ཆོ་ག་ཨུ་རྒྱན་བར་གྲགས་པས་མཛད་པའོ། དཔལ་གཤིན་རྗེ་གཤེད་དམར་པོའི་བསྐོར་ལ། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་བསྒྲུབ་ཐབས། གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ། དཔལ་འཛིན་གྱི་མཛད་པ། ཆོས་རྗེས་དཔལ་གྱི་འགྱུར། གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་བསྒྲུབ་ཐབས་བིར་བ་པས་མཛད་པ་དང་། ལྷན་སྐྱེས་ཀྱིས་བསྒྲུབ་ཐབས་བིར་བ་པས་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར། གཤིན་རྗེ་གཤེད་དམར་པོ་ལྷན་སྐྱེས་ཀྱི་བསྒྲུབ་ཐབས། རྣམ་པར་སྣང་མཛད་བསྲུང་བས་མཛད་པ། རང་བྱིན་རླབས་པའི་མན་ངག་དང་བཅས་པ། གཤིན་རྗེ་གཤེད་དམར་པོའི་མངོན་པར་རྟོགས་པ། བློ་གྲོས་བཟང་པོས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར། གཤིན་རྗེ་གཤེད་དམར་མེད་རྫོགས་པའི་རྣལ་འབྱོར། འཇིགས་མེད་འབྱུང་གནས་སྦས་མཛད་པ། འོད་གསལ་འཆར་བའི་མན་ངག བི་རུ་པས་མཛད་པ། དེའི་མན་ངག་དང་བཅས་པ་ཆོས་རྗེ་དཔལ་གྱི་འགྱུར། གཤིན་རྗེ་གཤེད་དམར་པོའི་འཁོར་ལོའི་གསལ་བྱ། གཤིན་རྗེ་གཤེད་ཀྱི་ལས་ཚོགས་འཁོར་ལོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་གཉིས། དཔྱལ་ཆོས་ཀྱི་བཟང་པོའི་འགྱུར། གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་གྱི་ཆོ་ག །དཔལ་འཛིན་གྱིས་མཛད་པ། གཤིན་རྗེ་གཤེད་དམར་པོའི་མཆོད་པའི་ཆོ་ག་དཔལ་འཛིན་གྱིས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར། ལག་པའི་མཆོད་པ་དྷ་ན་ཤི་ལའི་འགྱུར། གཤིན་རྗེ་གཤེད་དམར་པོའི་མཆོད་པའི་ཆོ་ག་དང་། གཏོར་མའི་ཆོ་ག་ཆོས་ཀྱི་བཟང་པོའི་འགྱུར། གཤིན་རྗེ་གཤེད་ཀྱི་གཏོར་མའི་ཆོ་ག་དང་། འཁྲུལ་འཁོར་གྱི་ཆོ་ག་གཉིས། བིར་བ་པས་མཛད་པ། ཆོས་རྗེ་དཔལ་གྱི་འགྱུར། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གྱི་འཕྲེང་བ། བི་རུ་པས་མཛད་པ། དྷ་ན་ཤི་ལའི་འགྱུར། གཤིན་རྗེ་གཤེད་དམར་པོ་བཅུ་གསུམ་མའི་དཀྱིལ་འཁོར་གྱི་ཆོ་ག དཔལ་འཛིན་གྱིས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར། རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་ཅེས་བྱ་བ་རང་བྱིན་གྱིས་བརླབས་པའི་མན་ངག ཤྲི་བི་རུ་པས་མཛད་པ། གཤིན་རྗེ་གཤེད་དམར་པོའི་འཚོ་བའི་དེ་ཁོ་ན་ཉིད་ཅེས་བྱ་བའི་མན་ངག དར་བན་ཨ་ཙརྻས་མཛད་པ། ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག །བྷིར་བ་པས་མཛད་པ་རྣམས། བློ་བོ་ལོ་ཙྪ་བ་ཤེས་རབ་རིན་ཆེན་གྱི་འགྱུར་དེ་རྣམས་རྣལ་འབྱོར་ཆེན་པོ་ཐབས་ཀྱི་ཐབས་རྒྱུད། གཤིན་རྗེ་གཤེད་ནག་འཇིགས་སྐོར་གསུམ་དམར་པོ་དང་བཅས་པའི་བསྐོར་རིམ་པར་ཕྱེ་བའོ། བླ་ན་མེད་པ་ཤེས་རབ་ཀྱི་རྒྱུད་ལ། བདེ་མཆོག་ཡབ་ཡུམ་དང་དགྱེས་པ་རྡོ་རྗེ་དང་། གདན་བཞི་དང་། སྒྱུ་མ་ཆེན་མོ་དང་ཆ་མཐུན་པ་སངས་རྒྱས་ཐོད་པ་ལགས་པ་དང་། མཉམ་སྦྱོར་གྱི་བསྐོར་རྣམས་ལས། བདེ་མཆོག་གི་བསྐོར་རྣམས་ལ། བདེ་མཆོག་རྩ་རྒྱུད་ཀྱི་བསྟོད་འགྲེལ། དཔལ་ཕྱག་ན་རྡོ་རྗེས་མཛད་པ་སྟོང་བརྒྱད་བརྒྱ་ཅོག་གྲུ་ཏིང་ངེ་འཛིན་བཟང་པོས་བསྒྱུར་བ་རྣམས་བཞུགས། ༼ཞ༽པ་ལ་བསྒྲུབ་ཐབས་ཀྱི་གླེང་བཞི་ཞེས་བྱ་བའི་བཀའ་འགྲེལ། ལ་བ་པས་ཞལ་སྔ་ནས་མཛད་པ། འགོས་ལྷ་བཙས་ཀྱི་འགྱུར་དཔལ་འཁོར་ལོ་སྡོམ་པའི་བསྒྲུབ་ཐབས། གནས་པའི་མན་ངག་ཐམས་ཅད་རྒྱ་ཆེར་ལྷ་སྭས་ཀྱིས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་བཀའ་འགྲེལ་རྒྱལ་བ་བཟང་པོས་མཛད་པ། གཉིས་ཀའི་བཤད་སྦྱོར། ཏ་ཐཱ་ག་ཏ་རཀྵིས་ཏས་མཛད་པ། དར་མ་བློ་གྲོས་ཀྱི་འགྱུར། དཔལ་བདེ་མཆོག་བསྡུས་པ་རྣམ་པར་བཤད་པ། ཨིནྟ་བོ་དེའི་ཞལ་སྔ་ནས་བཤད་པ་རྣམས་བཞུགས། ༼ཟ༽པ་ལ་འཁོར་ལོ་སྡོམ་པའི་བཀའ་འགྲེལ་རིན་པོ་ཆེའི་ཚོགས་དཔལ་རྒྱལ་བཀའ་ཟླ་བས་མཛད་པ་གྷུ་ན་ཤྲིའི་གྱུར། དཔལ་བདེ་མཆོག་འཁོར་ལོའི་འགྲེལ་པ་དཔའ་བོ་ཡིད་འོང་། སྐལ་ལྡན་གྲགས་པས་མཛད་པ་རིན་ཆེན་བཟང་པོའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་བཀའ་འགྲེལ། བྷ་བ་བྷ་ཏྲས་མཛད་པ། བ་རི་ལོ་ཙྪ་བའི་འགྱུར། དཔལ་འཁོར་ལོ་བདེ་མཆོག་གི་རྣམ་འགྲེལ་ཡོན་ཏན་མ་ལུས་པའི་འབྱུང་གནས། དཔའ་བོ་རྡོ་རྗེས་མཛད་པ་རིན་ཆེན་གྲགས་ཀྱི་འགྱུར། དཔལ་འཁོར་ལོ་སྡོམ་པའི་བསྡུས་དོན་གྱི་འགྲེལ་པ། ཤོ་ལོ་ཀ་སྟོང་བརྒྱད་བརྒྱ་པ། ཁུ་སྟོན་དངོས་གྲུབ་ཀྱི་འགྱུར། ཧེ་རུ་ཀ་མངོན་འབྱུང་རྒྱུད་ཀྱི་རྒྱལ་པོ་ཡིག་གེ་ཉུང་ངུ་ཞེས་བྱ་བའི་འགྲེལ་པ། རིམ་པར་ཕྱེ་བ་བཞི་བཅུ་རྩ་ལྔ་པའི་བཀའ་འགྲེལ། ཟླ་བ་གཞོན་ནུས་མཛད་པ། དར་མ་བློ་གྲོས་གྱི་འགྱུར། ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ། རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཤེས་རབ་ཡེ་ཤེས་ཀྱིས་བསྒྱུར་བ་རྣམས་བཞུགས། ༼འ༽པ་ལ་འཁོར་ལོ་བདེ་མཆོག་རྒྱ་ཆེར་བཤད་པའི་ཚིག་དོན་རབ་དུ་གསལ་བ། དཔའ་བོ་རྡོ་རྗེས་མཛད་པ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་བཤད་སྦྱར་ལྔ་བརྒྱ་པ། ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། དགེ་སློང་དྷརྨ་གིརྟིའི་འགྱུར། གསང་བ་རྡོ་རྗེ་རྒྱུད་ཀྱི་འགྲེལ་པ། ཌོམ་བི་ཧེ་རུ་ཀས་མཛད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བདེ་མཆོག་འབྱུང་བའི་རྒྱུད་ཀྱི་བཀའ་འགྲེལ་ཉིས་སྟོང་དྲུག་བརྒྱ་པ། རཏྣ་ར་ཀྵི་ཏས་མཛད་པ། ཐམས་ཅད་མཁྱེན་པ་དཔལ་བཟང་པོའི་རང་འགྱུར་ལ། ཆོས་རྗེ་དཔལ་གྱིས་བཅོས་པ། སྡོམ་པའི་རྒྱུད་ཆུང་ངུའི་འཚམས་སྦྱོར། སམ་ཏི་གི་རྟིས་མཛད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། དཔལ་སྡོམ་པ་བཤད་པ་ནག་པོ་སྤྱོད་པ་བས་མཛད་པ། འོད་ཟེར་སྟོན་ཆོས་འབྱུང་གི་འགྱུར། དཔལ་རྡོ་རྗེ་མཁའ་འགྲོའི་བཀའ་འགྲེལ་དེ་ཁོ་ན་ཉིད་བསྟན་པར་བྱེད་པ། ཤེས་རབ་འོད་ཟེར་གྱིས་བསྒྱུར་བ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱིས་རྣམ་པར་བཤད་པ། བྷ་བ་བྷ་ཏྲས་མཛད་པ་ལེའུ་བཅུ་དྲུག་ཡན་ཆད། འགོས་ལྷ་བཙས་ཀྱིས་བསྒྱུར་བ་རྣམས་བཞུགས། ༼ཡ༽པ་ལ་དེའི་འཇུག་ཡོངས་སུ་རྫོགས་པ་དང་། དཔལ་མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་གྲུ་རྫིང་སྟོང་ཕྲག་བརྒྱད་པ། པད་མ་བཛྭས་མཛད་པ། ལོ་ཙཱ་བ་དར་མ་ཡོན་ཏན་གྱིས་བསྒྱུར་བ་ལ། དཔལ་མཆོག་དང་པོའི་རྡོ་རྗེ་ཞུས་དག་བྱས་པ། ལེའུ་སུམ་ཅུ་སོ་ལྔ་པ་ཡན་ཆད་བཞུགས། ༼ར༽པ་ལ་འགྲེལ་པ་གྲུ་རྫིང་གི་སྨད། ལེའུ་ལྔ་བཅུ་རྩ་གཅིག་པ་འགྲེལ་པ་དང་། ངེས་པར་བརྗོད་པ་རྒྱུད་བླ་མ། རྩ་བའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་གི་འགྲེལ་པ། སྙིང་པོ་སྣང་བ། ཤུ་རང་ཀ་བཛྭས་མཛད་པ། འཕགས་པ་ཤེས་རབ་ཀྱི་འགྱུར། བདེ་མཆོག་རྒྱུད་ཕྱི་མའི་ཕྱི་མ། དཔལ་གསང་ཆེན་པད་མ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། ལོངས་སྤྱོད་རྡོ་རྗེས་མཛད་པ། པཎ་ཊི་ཏ་དེ་ཉིད་ཀྱིས་བསྒྱུར། དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བ་མདོར་བསྡུས་པ། རྡོ་རྗེ་དྲིལ་བུ་ཞབས་ཀྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བདེ་མཆོག་དཀྱིལ་ཆོག་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ། ལ་བ་པས་མཛད་པ། མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། བདེ་མཆོག་གི་དཀྱིལ་མཆོག་ནག་པོ་པས་མཛད་པ། རིན་ཆེན་བཟང་པོའི་འགྱུར་ལ། ཆོས་ཀྱི་དབང་ཕྱུག་གིས་ཞུ་དག་བྱས་པ། བདེ་མཆོག་གི་ཆོ་ག་ཡིད་འོང་ཕྲེང་བ། དཔའ་བོ་རྡོ་རྗེས་མཛད་པ། བདེ་མཆོག་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག བྷུ་བ་བློ་ལྡན་གྱིས་མཛད་པ་རྣམས་བཞུགས། ༼ལ༽པ་ལ་བདེ་མཆོག་གི་དཀྱིལ་འཁོར་གྱི་བྱ་བའི་ཚིགས་བཅད་དགུ་བརྒྱ་པ། རྒྱལ་བ་བཟང་པོས་མཛད་པ་བ་རིའི་འགྱུར། རྒྱལ་པོ་སེང་གེའི་གདན་གྱིས་རྣམ་པར་དག་པའི་ལམ་གྱི་དབང་གི་བྱ་བ། པྲཛྙྱ་གྷིརྟིས་བསྒྱུར་བ། དབང་གི་རབ་དུ་བྱེད་པ། ཨ་བྷྱ་ཀ་ར་གུ་པ་ཏས་མཛད་པ། ཤེས་རབ་དཔལ་གྱི་འགྱུར། དཔལ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག །བི་པུ་ཏ་ཙན་ཏྲའི་འགྱུར། དབང་གི་ཆོ་གའི་རིམ་པ་རཏྣ་ཤྲཱིས་མཛད་པ། མ་དཔེ་ལས་མི་གསལ། དབང་གི་ཆོ་ག་མཉེས་པའི་སྙིང་པོ། དཔའ་བོ་རྡོ་རྗེས་མཛད་པ་ཡེ་ཤེས་རྡོ་རྗེའི་འགྱུར། མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེ་དབང་གི་རྒྱལ་པོའི་མཛོད་མ་དཔེ་ལས་མི་གསལ། རྡོ་རྗེའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ། ཌ་རི་ཀ་པས་མཛད་པ་རྒྱ་བརྩོན་སེང་དང་། ཉི་མ་རྡོ་རྗེའི་འགྱུར། དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་སྟོང་དང་བརྒྱད་བརྒྱ་བརྒྱ་བཅུ་པ། ཆོས་ཀྱི་གྲགས་པས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར། འཁོར་ལོ་སྡོམ་པའི་བསྟོད་པ། ཨིནྟྲ་བོ་དྷིས་མཛད་པ། འཁོར་ལོ་སྡོམ་པའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བསྟོད་པ། ཤུ་རང་ག་ཀ་པ་ཤས་མཛད་པ་བསོད་ནམས་བཟང་པོའི་འགྱུར། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ། རིན་ཆེན་རྡོ་རྗེས་མཛད་པ། འཁོར་ལོ་སྡོམ་པའི་འཁོར་ལོ་བསྡུས་པའི་བསྟོད་པ། དྷ་རི་ཀ་པས་མཛད་པ། དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་ཆེན་སྒྱུ་འཕྲུལ་སྦྱིན་པ། རྡོ་རྗེ་དྲིལ་བུ་པས་མཛད་པ། ཆོས་ཀྱི་དབང་ཕྱུག་གི་འགྱུར། །འཁོར་ལོ་སྡོམ་པའི་བསྟོད་པ་མེ་ཏྲི་པས་མཛད་པ། བདེ་མཆོག་འཁོར་ལོའི་བསྟོད་པ། བམ་ག་ལར་ཇོ་བོས་ཞལ་གཟིགས་མ་མཛད་པ། བདེ་མཆོག་གི་རྒྱུན་བཤགས་པུ་རི་པས་མཛད་པ་དང་། རྡོ་རྗེ་ཕག་མོའི་མདོར་བསྡུས་པའི་བསྟོད་པ། གློག་སྐྱ་ལོཙྪའི་འགྱུར། རྡོ་རྗེ་ཕག་མོ་མཁའ་སྤྱོད་མ་དཀར་མོའི་བསྟོད་པ། ཏི་པམ་ཀ་རས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ། ཏི་པམ་ཀ་རས་མཛད་པ་ཁུ་ནེ་ལོ་ཚའི་འགྱུར། ཕག་མོ་ཤེས་རབ་གསལ་བྱེད་ཀྱི་བསྟོད་པ། ཀོང་ཀ་ནའི་ཞབས་ཀྱིས་མཛད་པ། གྲུབ་པ་དཔལ་གྱི་འགྱུར། ཞིང་གི་དབང་ཕྱུག་མའི་བསྟོད་པ། ཤིན་ཏུ་དགའ་བའི་པཎྜྻི་ཏས་མཛད་པ་ནག་ཚོའི་འགྱུར། དཔལ་བདེ་མཆོག་བསྒྲུབ་ཐབས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྒྲུབ་པ། ཕྱག་ན་རྡོ་རྗེ་མཛད་པ་སོ་མ་ན་ཐའི་འགྱུར། དཔལ་བདེ་མཆོག་གི་མངོན་པར་རྟོགས་པ། ལོ་ཧི་པས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དེའི་འགྲེལ་པ་པྲཛྙྱ་རཀྵི་ཏས་མཛད་པ། ལོ་ཧི་པས་མཛད་པའི་བསྒྲུབ་ཐབས་རྒྱུད་ལྟར་བཀྲོལ་བ། དྷི་པམ་ཀ་ར་ཤྲི་བཛྭ་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དཔལ་མངོན་པར་རྟོགས་པའི་འགྲེལ་བ་རབ་ཏུ་དགའ་བའི་རྡོ་རྗེས་མཛད་པ། དཔལ་བདེ་མཆོག་འཁོར་ལོའི་མངོན་པར་རྟོགས་པའི་མན་ངག་འཁྲུལ་པ་སྤོང་བ། མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། འཁོར་ལོ་མ་དཔེ་ལས་མི་གསལ། འགྲེལ་པ་སྡོམ་པ་འབྱུང་བ། དེ་བཞིན་གཤེགས་པའི་རྡོ་རྗེས་མཛད་པ། སློབ་དཔོན་དེ་ཉིད་ཀྱིས་མཛད་པ་དེའི་ཏྲི་ཀ་ཁྱད་པར་གསལ་བྱེད། བི་པུ་ཏ་ཙན་ཏྲའི་འགྱུར་མ་དཔེ་ལས་མི་གསལ། ཆོག་མ་དཔེ་ལས་ཡིག་འབྲུ་མི་གསལ། རྡོ་རྗེ་དྲིལ་བུ་པས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། འཁོར་ལོ་སྡོམ་པའི་བསྒྲུབ་ཐབས་ཀྱི་མན་ངག དྲིལ་བུ་པས་མཛད་པ་བློ་གྲོས་གྲགས་ཀྱི་འགྱུར། འཁོར་ལོ་སྡོམ་པའི་རིམ་པ་ལྔ་པ། དྲིལ་བུ་པས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། དེའི་རང་འགྲེལ་འགོས་ལྷ་བཙས་ཀྱིས་འགྱུར། འཁོར་ལོ་སྡོམ་པའི་བསྒྲུབ་ཐབས་ནག་པོ་པས་མཛད་པ། ཆོས་ཀྱི་དབང་ཕྱུག་གི་འགྱུར། མ་དཔེ་ལས་མི་གསལ། དང་ཐིག་ལེའི་རྣལ་འབྱོར། རྒྱས་བསྟན་བཅུ་པ། ནག་པོ་པས་མཛད་པ། ཆོས་ཀྱི་དབང་ཕྱུག་གི་འགྱུར། གསང་བ་ཆེན་པོའི་དེ་ཁོ་ན་ཉིད་རབ་བཏུ་གསལ་བ། ནག་པོ་པས་མཛད་པ་འགོས་ཀྱིས་བསྒྱུར་ཞིང་། བ་རི་ལོ་ཙྪས་ཞུས་དག་བྱས་པ། མ་དཔེ་ལས་མི་གསལ། ནག་པོ་པས་མཛད་པའི་རིམ་པ་བཞི་པ། ཤཱཀྱ་ཡེ་ཤེས་ཀྱི་བསྒྱུར་བ་ལ་མར་དོས་གཏན་ལ་ཕབ་པ། རིམ་པ་བཞི་པའི་འགྲེལ་པ་ནག་པོ་པས་མཛད་པ། འབྲོ་ཤེས་རབ་གྲགས་ཀྱི་འགྱུར་ནག་པོ་པས་མཛད་པའི་སྒྲོན་མ་བཞི་ཞེས་པའི་མན་ངག་གི་ཊིཀྐ་གསང་བའི་སྒྲོན་མ། ཤྲི་དྷ་ར་ཉིད་ཀྱིས་བརྩམས་ཤིང་གཏན་ལ་ཕབ་པ། སྒྲོན་མ་བཞིའི་རབ་དུ་གསལ་བར་བྱེད་པའི་བཀའ་འགྲེལ། རིན་ཆེན་རྡོ་རྗེས་མཛད་པ། ཤྲཱི་དྷ་རའི་འགྱུར། དཔའ་འཁོར་ལོ་སྡོམ་པའི་བསྒྲུབ་ཐབས་བདུད་རྩི་འཛག་པ། སློབ་དཔོན་བཀའ་ཐུབ་ཟླ་བས་མཛད་པ། བདེ་མཆོག་གི་མངོན་པར་རྟོགས་པ་ཤེས་པར་བྱེད་པ། བྱང་ཆུབ་རྡོ་རྗེས་མཛད་པ། དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་རྣམས་བཞུགས། ༼ཤ༽པ་ལ་འཁོར་ལོ་སྡོམ་པའི་བསྒྲུབ་ཐབས། རྒྱལ་བ་བཟང་པོས་མཛད་པ་རིན་ཆེན་གྲགས་པའི་འགྱུར། རྗེ་བཙུན་དཔལ་ཧེ་རུ་ཀའི་བསྒྲུབ་ཐབས། བྲམ་ཟེ་བྷིང་ཀར་རས་མཛད་པ། བདེ་མཆོག་ལྷ་བཅུ་གསུམ་པའི་བསྒྲུབ་ཐབས་རིན་ཆེན་གཙུག་གི་ནོར་བུ། ཟླ་བ་པས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། བདེ་མཆོག་བཅུ་གསུམ་མའི་བསྒྲུབ་ཐབས། གཉིས་མེད་རྡོ་རྗེས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་ཧེ་རུ་ཀའི་བསྒྲུབ་ཐབས། རིན་ཆེན་རྡོ་རྗེས་མཛད་པ་རིན་ཆེན་བཟང་པོའི་འགྱུར། དཔལ་བདེ་མཆོག་གི་བསྒྲུབ་ཐབས་ཉིན་མོ་མཛད་ཀྱིས་མཛད་པ། དགེ་བའི་བློ་གྲོས་གྱི་འགྱུར། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཏུས་པའི་བསྒྲུབ་ཐབས། བྱང་ཆུབ་ཀྱི་སེམས་ཀུན་ཏུ་གཟིགས་པའི་ཕྲེང་བ། འགོས་ལྷ་བཙས་ཀྱིས་འགྱུར། ཡི་གེ་བདུན་པའི་བསྒྲུབ་ཐབས་ནག་པོ་པས་མཛད་པ་ཤེས་རབ་བརྩེགས་ཀྱི་འགྱུར་ལ་ཆོས་ཀྱི་དབང་ཕྱུག་གིས་གཏན་ལ་ཕབ་པ། ཡི་གེ་བདུན་པའི་བསྒྲུབ་ཐབས་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་མར་པའི་འགྱུར། ཡི་གེ་བདུན་པའི་བསྒྲུབ་ཐབས་རྒྱལ་བཀའ་ཟླ་བས་བཏུས་པ། བདེ་མཆོག་ཕྱག་གཉིས་མའི་བསྒྲུབ་ཐབས། རྡོ་རྗེ་དྲིལ་བུ་པས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར་བདེ་མཆོག་ལྷན་སྐྱེས་བདག་བྱིན་གྱིས་བརླབ་པ། རྒྱལ་པོ་ཨིན་ཏྲ་བོ་ཏེ་འབྲིང་པོས་མཛད་པ་རྗེ་མི་ཉག་གི་འགྱུར། བདེ་མཆོག་ལྷན་སྐྱེས་ཏེ་ལོ་པས་མཛད་པ། དཔལ་ལྷན་ཅིག་སྐྱེས་པའི་མན་ངག་རི་ཁྲོད་པ་ཆེན་པོའི་གསུང་། དཔལ་ལྷན་ཅིག་སྐྱེས་པ་བདེ་བའི་མཆོག་གི་བདག་བྱིན་གྱིས་བརླབས་པ། ཕྱག་རྒྱ་ཆེན་པོའི་མན་ངག་རྣམས་མི་ཉག་གི་འགྱུར། རང་བྱིན་གྱི་བརླབས་པའི་མན་ངག ཨ་བྷྱ་ཀ་ར་གུ་པ་ཏས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར། རང་བྱིན་གྱིས་བརླབས་པའི་མན་ངག་གི་བསྒྲུབ་ཐབས། རྣལ་འབྱོར་གྱི་དབང་ཕྱུག་ཀུ་མ་ར་ཤྲིས་མཛད་པ། བདེ་མཆོག་ལྷན་ཅིག་སྐྱེས་པའི་བསྒྲུབ་ཐབས་ལུ་ཧི་པས་མཛད་པ། དེ་ཁོ་ནའི་སྙིང་པོའི་བསྒྲུབ་ཐབས། དད་བྱེད་གོ་ཆས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་མན་ངག །དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཞིང་། ཕོ་བྲང་བྱང་ཆུབ་འོད་ཀྱིས་བཅོས་པ། དཔལ་ནག་པོ་ཆེན་པོའི་བསྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། དེ་ཁོ་ན་ཉིད་སྙིང་པོའི་བསྒྲུབ་ཐབས། སློབ་དཔོན་ལུ་ཧི་པས་མཛད་པ། རིན་ཆེན་བཟང་པོས་བསྒྱུར་ཞིང་ཆག་ལོ་ཚ་བ་དགྲ་བཅོམ་གྱིས་ཞུས་དག་བྱས་པ། བདེ་མཆོག་འཁོར་ལོ་དཔའ་བོ་གཅིག་པའི་བསྒྲུབ་ཐབས། རིན་ཆེན་རྡོ་རྗེ་མཛད་པ་ཏིང་ངེ་འཛིན་བཟང་པོའི་འགྱུར། དཔའ་བོ་གཅིག་པའི་བསྒྲུབ་ཐབས་གརྦ་རི་པས་མཛད་པ། འཁོར་ལོ་སྡོམ་པ་དཔའ་བོ་གཅིག་པའི་བསྒྲུབ་ཐབས། མོ་ན་ག་ཤྲིས་མཛད་པ། པྲཛྙྱ་ཛྙྱ་ན་གིརྟིས་བསྒྱུར་བ་ལ། ཆོས་ཀྱི་དབང་ཕྱུག་གིས་བཅོས་པ། འཁོར་ལོ་སྡོམ་པའི་དཔའ་བོ་གཅིག་པའི་བསྒྲུབ་ཐབས། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དཔལ་ཆེན་པོའི་བསྒྲུབ་ཐབས། ཌོམ་བི་ཧེ་རུ་ཀས་མཛད་པ་གཉིས་ནག་ཚོའི་འགྱུར། དཔལ་མཁའ་འགྲོ་རྒྱ་མཚོ་རྒྱུད་ཀྱི་དཀྱིལ་འཁོར་བསྒྲུབ་པའི་ཐབས། རིན་པོ་ཆེ་པད་མ་ར་གའི་གཏེར། ཛ་ཡ་སེ་ནས་མཛད་པ། རྐང་པ་བཞི་བཅུ་རྩ་བརྒྱད་པའི་བསྟོད་པ་གཉིས་དྷརྨ་ཡོན་ཏན་གྱི་འགྱུར། གཏོར་མའི་ཆོ་ག་རིན་པོ་ཆེ་ཨད་མ་གརྦ་ཛ་ཡ་སེ་ནས་མཛད་པ། མཎྜྻལ་གྱི་ཆོ་ག་རིན་པོ་ཆེ་མརྒད་ཛ་ཡ་སེ་ནས་མཛད་པ། སྦྱིན་སྲེག་གི་ཆོ་ག་རིན་པོ་ཆེ་མེ་ཤེལ་རྣམས་ཛ་ཡ་སེ་ནའི་གསུང་ལ་ཡེ་ཤེས་རྡོ་རྗེས་བསྒྱུར་བ། རབ་དུ་གནས་པའི་ཆོ་གའི་རིམ་པ་ནག་པོ་པས་མཛད་པ། འཁོར་ལོ་སྡོམ་པའི་རབ་དུ་གནས་པའི་ཆོ་ག གཉིས་མེད་རྡོ་རྗེས་མཛད་པ་རྨ་བན་ཆོས་འབར་གྱི་འགྱུར། འཁོར་ལོ་སྡོམ་པའི་རབ་གནས་ཀྱི་ཆོ་ག་ཐུན་མོང་བ། སུ་མ་ཏི་གྷིརྟིས་མཛད་པ། ཚོགས་ཀྱི་འཁོར་ལོའི་རིམ་པ་ནག་པོ་པས་མཛད་པ། བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག རིག་པ་གཞོན་ནུས་བསྒྱུར་བ། འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་ཉིན་མཛད་རྡོ་རྗེས་མཛད་པ། ཏིང་ངེ་འཛིན་བཟང་པོའི་འགྱུར། རོ་སྲེག་གི་ཆོ་ག་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། ཕྱིར་རོལ་མཆོད་པའི་ཆོ་ག་རྟག་པའི་རྡོ་རྗེས་མཛད་པ། གཏོར་མའི་ཆོ་ག་མདོར་བསྡུས་རྟག་པའི་རྡོ་རྗེས་མཛད་པ། ལག་པའི་མཆོད་པའི་ཆོ་ག་མདོར་བསྡུས་རྟག་པའི་རྡོ་རྗེས་མཛད་པ། རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པ་ཨུ་རྒྱན་པས་གྲུབ་པར་མཛད་པ་ཏི་པམ་ཀ་རའི་འགྱུར། གཞོན་ནུ་མ་མཆོད་པའི་ཆོ་ག་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ། བི་པུ་ཏ་ཙན་ཏྲའི་འགྱུར། བདུད་རྩི་ལྔའི་རིལ་བུ་བསྒྲུབ་པ་བི་པུ་ཏ་ཙན་ཏྲས་མཛད་པ། དེ་ཉིད་ཀྱིས་འགྱུར། ཐོད་པ་མཆོད་པའི་རིམ་པ་གཏོར་མའི་མཆོད་པའི་ཆོ་གའི་རིམ་པ་མར་མེ་མཛད་ཀྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྣལ་འབྱོར་པ་དང་རྣལ་འབྱོར་པའི་རང་འབྱུང་གི་ལོངས་སྤྱོད་དུར་ཁྲོད་ཀྱི་རྟོག་པ་བིར་བ་པས་མཛད་པ། པྲཛྙྱ་ཤྲི་ཛྙྱ་ན་ཀིརྟིས་མཛད་པའི་འགྱུར། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཌོམ་བི་ཧེ་རུ་ཀས་མཛད་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་བཟང་པོ་བྱིན་པས་མཛད་པ་ཀུན་ན་དགའ་རྒྱལ་མཚན་གྱི་འགྱུར། ཌོམ་བི་ཧེ་རུ་ཀས་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་པྲཛྙྱ་གྷིརྟིའི་འགྱུར། ལས་ཀྱི་ཕྱག་རྒྱ་རྟག་པའི་མན་ངག་ཨ་མོ་གྷ་བཛྭ་ལས་བྱུང་བ་འགོས་ལྷ་བཙས་གྱི་འགྱུར། རྗེས་ཆགས་ཀྱི་སྦྱོར་བས། དེ་ཁོ་ན་ཉིད་ལ་འཇུག་པའི་མན་ངག་དོན་ཡོད་རྡོ་རྗེས་མཛད་པ། དབང་ཆོག་གི་གདམས་ངག་ན་རོ་པས་མཛད་པ། སྨ་བན་ཆོས་འབར་གྱི་འགྱུར། དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ། འཕགས་པ་ལྷས་མཛད་པ། འཁོར་ལོ་སྡོམ་པའི་སྙིང་པོའི་དེ་ཁོ་ན་ཉིད་བསྒྲུབ་པ། ཛ་ལན་དྷ་རི་པས་མཛད་པ། འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་དེ་ཁོ་ན་ཉིད་སྣང་བ། དཔག་མེད་རྡོ་རྗེས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། འཁོར་ལོ་སྡོམ་པའི་གཉིས་སུ་མེད་པ། བསམ་གྱིས་མི་ཁྱབ་པའི་མན་ངག རྣལ་འབྱོར་གྱི་གཏུམ་མོ། དགེ་བའི་མགོན་པོས་མཛད་པ། ཆོས་ཀྱི་དབང་ཕྱུག་གི་འགྱུར། འཁོར་ལོ་སྡོམ་པའི་སྙིང་པོ་དེ་ཁོ་ན་ཉིད་བསྡུས་པ་ཀུ་སུ་ལུ་པས་མཛད་པ། ཆོས་ཀྱི་དབང་ཕྱུག་གི་འགྱུར། འཁོར་ལོ་སྡོམ་པའི་དེ་ཁོ་ན་ཉིད་ཀྱི་མན་ངག ཀུ་སུ་ལུ་པས་མཛད་པ། ཆོས་ཀྱི་དབང་ཕྱུག་གི་འགྱུར། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་ཀུ་སུ་ལུ་པས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་ཧེ་རུ་ཀའི་མན་ངག་ཆོ་ག་ཉི་ཤུ་པ་རང་བྱིན་གྱིས་བརླབ་པ། ཏིང་ངེ་འཛིན་བཟང་པོས་མཛད་པ། སེར་ཙ་བསོད་ནམས་རྒྱལ་མཚན་གྱི་འགྱུར། ཡུམ་གྱི་སྐོར་ལ། དཔལ་རྡོ་རྗེ་རྣལ་འབྱོར་མའི་བསྒྲུབས་ཐབས། དེ་ཁོ་ན་ཉིད་མ་དཔེ་ལས་མི་གསལ། ཏིང་ངེ་འཛིན་བཟང་པོས་མཛད། བློ་ལྡན་ཤེས་རབ་ཀྱི་འགྱུར། དཔལ་རྡོ་རྗེ་རྣལ་འབྱོར་མའི་བསྒྲུབ་ཐབས་དགོངས་པ་བླ་ན་མེད་པ། ཨུ་རྒྱན་ནས་བྱུང་བ། རྨ་བན་ཆོས་འབར་གྱི་འགྱུར། དོན་ཐམས་ཅད་འགྲུབ་པའི་བསྒྲུབ་ཐབས། ཨ་བ་བྷུ་ཏི་པས་མཛད་པ། བློ་ལྡན་ཤེས་རབ་ཀྱི་འགྱུར། ཡེ་ཤེས་དབབ་པ་ཞེས་བྱ་བའི་རྣལ་འབྱོར་གྱི་ཆོ་ག་སྟོང་ཉིད་སྙིང་རྗེ་འཛིན་གྱིས་མཛད་པ། བློ་ལྡན་ཤེས་རབ་ཀྱི་འགྱུར། རྡོ་རྗེ་ཕག་མོ་དབུ་བཅད་མའི བསྒྲུབ་ཐབས་ལྷ་མོ་དཔལ་གྱི་བློ་གྲོས་མས་མཛད་པ། བློ་ལྡན་ཤེས་རབ་ཀྱི་འགྱུར། དབུ་བཅད་མའི་བསྒྲུབ་ཐབས། བིར་ཝ་པས་མཛད་པ། གསང་བའི་སྦྱིན་སྲེག་ཆོ་ག་སངས་རྒྱས་བྱིན་གྱིས་མཛད་པ། ཀེང་རུས་ཏ་ར་ནའི་བསྒྲུབ་ཐབས། བྷྱ་ཡི་པས་མཛད་པ། དེའི་འགྲེལ་པ་གཞན་ལ་ཕན་པ། སློབ་དཔོན་ཀུ་མ་ར་བོ་དྷིས་མཛད་པ། ཞིང་གི་དབང་ཕྱུག་མའི་མཆོད་པའི་ཆོ་ག །ཤེས་རབ་རྒྱལ་མཚན་གྱི་འགྱུར། ལས་དང་པོ་པའི་བསྒོམ་པ་མདོར་བསྡུས་པ་དཔལ་རྡོ་རྗེ་རྣལ་འབྱོར་མའི་བསྒྲུབ་ཐབས། ནཱ་རོ་པའི་ཞལ་གྱི་གདམ་ངག་པྲཛྙྱ་ཀིར་ཏིའི་འགྱུར་རྡོ་རྗེ་རྣལ་འབྱོར་མའི་བསྒྲུབ་ཐབས་མངོན་པར་རྟོགས་པའི་སྙེ་མ། དཱ་ན་ཤི་ལའི་འགྱུར། རྡོ་རྗེ་ཕག་མོའི་བསྒྲུབ་ཐབས་བྱང་ཆུབ་སེམས་དཔའ་རྒྱལ་པོ་སེང་གེའི་གདན་ཅན་ཁྱབ་བདག་སྦས་པས་ངེས་པར་སྦྱར་བ། པྲཛྙྱ་གིརྟིའི་འགྱུར། དཔའ་མོ་གཅིག་མའི་རྣལ་འབྱོར་མའི་བསྒྲུབ་པའི་ཐབས་ཤེས་རབ་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་ཕག་མོའི་བསྒྲུབ་ཐབས་པྲཛྙྱ་བྷ་ཏྲས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ཨུ་རྒྱན་རྡོ་རྗེ་རྣལ་འབྱོར་མའི་གནས་ནས་བྱུང་བ། རྡོ་རྗེ་ཕག་མོའི་བསྒྲུབ་ཐབས། རྡོ་རྗེ་དྲིལ་བུ་པས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ཆོ་ག །ཤྲི་ཨུ་མ་པ་ཏི་དྱད་ཐས་མཛད་པ་ཆོས་རབ་ཀྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་བསྒྲུབ་ཐབས་མེ་ཏྲི་པས་མཛད་པ་དར་མ་ཚུལ་ཁྲིམས་ཀྱི་འགྱུར། རྡོ་རྗེ་རྣལ་འབྱོར་མ་སུམ་ཅུ་སོ་བདུན་གྱི་བསྒྲུབ་ཐབས། ཤྲི་ཨུ་མ་པ་ཏི་དད་ཏས་མཛད་པ་ཆོས་རབ་ཀྱི་འགྱུར། ཤེས་རབ་སྣང་བའི་བསྒྲུབ་ཐབས། ཀོང་ཀས་བྱིན་གྱིས་མཛད་པ། ཆོས་རྗེ་དཔལ་གྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་བསྒྲུབ་ཐབས། ཛ་ལན་དྷ་ར་པས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་བསྒྲུབ་ཐབས། ཏི་པམ་ཀ་ར་ཤྲི་ཛྙྱ་ནས་མཛད་པ་རྒྱ་བརྩོན་འགྲུས་སེང་གེའི་འགྱུར། རྡོ་རྗེ་རྣལ་འབྱོར་མ་དམར་མོའི་བསྒྲུབ་ཐབས། རི་ཁྲོད་དབང་ཕྱུག་གིས་བསྟན་པ། རྡོ་རྗེ་རྣལ་འབྱོར་མ་དཀར་མོའི་བསྒྲུབ་ཐབས། ཨིན་ཏྲ་བོ་ཏིའི་གཞུང་། བཱེ་རོ་ཙ་ནའི་འགྱུར། ཕག་མོ་ཤེས་རབ་གསལ་བྱེད་ཀྱི་དབང་དུ་བྱ་བའི་བསྒྲུབ་ཐབས། ཀོང་ཀ་དད་ཏས་མཛད་པ་ཞང་གྲུབ་པ་དཔལ་གྱི་འགྱུར། རྡོ་རྗེ་ཕག་མོ་དཀར་མོའི་བསྒྲུབ་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་བྱིན་གྱིས་རླབས་པའི་རིམ་པ། ཨིནྟྲ་བོ་ཏིས་མཛད་པ་ཡེ་ཤེས་རྡོ་རྗེའི་འགྱུར། རྡོ་རྗེ་ཕག་མོའི་རྟག་པ་དོན་ཐམས་ཅད་གྲུབ་པ། སྦྱིན་སྲེག་གི་དེ་ཁོ་ན། རྣལ་འབྱོར་མའི་བསྒྲུབ་ཐབས་ལཀྵི་ཀ་རས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་རྣལ་འབྱོར་གསུམ་གྱི་རྗེས་སུ་འབྲེངས་པ། ཌ་རི་ཀས་མཛད་པ་དྷ་ན་ཤི་ལའི་འགྱུར། བྱ་རོག་ལགས་པའི་གཏོར་ཆོག །པཎ་ཌི་ཏ་ཀླུའི་སྦྱིན་པའི་རྣལ་འབྱོར་མའི་སྙིང་པོའི་དོན་བསྡུས་པ་བསྟན་པ། དྷ་ན་ཤི་ལའི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་མཆོད་ཆོག །དྷ་རི་ཀ་པས་མཛད་པ་དྷ་ན་ཤི་ལའི་འགྱུར། རྗེ་བཙུན་རྣལ་འབྱོར་མའི་མཆོད་པའི་ཆོ་ག་སཱ་བ་རི་པས་མཛད་པ། བཻ་རོ་ཙ་ནའི་འགྱུར། མངོན་པ་བ་ཀུར་མ་པ་ཏིའི་གདམས་པ། མཁའ་སྤྱོད་མ་དམར་མོའི་བསྒྲུབ་ཐབས། མངོན་པ་བས་མཛད་པ། དཔྱལ་ཆོས་ཀྱི་བཟང་པོའི་འགྱུར། རྣལ་འབྱོར་མའི་བྱིན་བརླབས་ཀྱི་ཆོ་ག་མདོར་བསྡུས་པ། ཤ་བ་རི་པས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་མ་རྗེས་སུ་བཟུང་བའི་ཆོ་ག ཤ་བ་རི་པས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། རྣལ་འབྱོར་མའི་ཚོགས་ཀྱི་འཁོར་ལོའི་ཆོ་ག ཤ་བ་རི་པས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། ཕག་མོའི་བསྒྲུབ་ཐབས་ཀྱི་ཆོ་ག་དོན་ཐམས་ཅད་གྲུབ་པ། གཉིས་མེད་རྡོ་རྗེས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་ཕག་མོའི་བསྒྲུབ་ཐབས། གཉིས་མེད་རྡོ་རྗེས་མཛད་པ། མཚུར་སྟོན་དབང་ངེའི་འགྱུར། རྡོ་རྗེ་རྣལ་འབྱོར་མ་མཆོད་པ་ལགས་པ་མདོར་བསྡུས་པ་མཚུར་གྱི་འགྱུར། སློབ་མ་རྗེས་སུ་བཟུང་བའི་ཆོ་ག བ་ལེན་ཏྲ་རུ་ཚེས་མཛད་པ། བྱང་ཆུབ་འབྱུང་གནས་ཀྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་གསང་བའི་སྦྱིན་སྲེག་གི་ཆོ་ག ཨ་བི་ཛུ་ཀ་ཏས་མཛད་པ། གསད་པའམ་ལས་སྦྱར་གི་ཆོ་ག ཨ་བི་ཛུ་ཀ་ཏས་མཛད་པ། ཕྱིར་བཟློག་གི་འཁོར་ལོའི་ཕག་མོའི་བསྲུང་འཁོར། དྲག་པོ་མངོན་སྤྱོད་ཀྱི་ལས། པྲ་བསྟན་པ། གཏོར་མའི་ཆོ་ག ཡེ་ཤེས་དབབ་པའི་ཆོ་ག ཡེ་ཤེས་འཕོ་བའི་རིམ་པ་ཨ་བ་དྷུ་ཏི་པས་མཛད་པ། ལག་པའི་མཆོད་པ། རྡོ་རྗེ་རྣལ་འབྱོར་མའི་མཆོད་ཐབས། དེ་ཁོ་ན་ཉིད་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ། དེ་ཁོ་ན་ཉིད་བཤད་པ། པཎྜྻི་ཏ་བརྩོན་འགྲུས་བཤེས་གཉེན་ཞབས་ཀྱིས་མཛད་པ། ཉི་མ་རྒྱལ་མཚན་གྱི་འགྱུར་རྣམས་བཞུགས། དེ་རྣམས་ནི་རྣལ་འབྱོར་བླ་ན་མེད་པ་མའི་རྒྱུད་ལས། འཁོར་ལོ་བདེ་མཆོག་དང་། རྡོ་རྗེ་རྣལ་འབྱོར་མའི་བསྐོར་རིམ་པར་ཕྱེ་བའོ། །དེ་ནས་ཀྱེའི་རྡོ་རྗེའི་བསྐོར་ལ། ཀྱེའི་རྡོ་རྗེ་ཡབ་ཡུམ་དང་། ཆ་མཐུན་པ་སངས་རྒྱས་ཐོད་པའི་བསྐོར་ལས། ཀྱེའི་རྡོ་རྗེ་དངོས་ལ། ༼ས༽པ་ལ་དཔལ་ཀྱེའི་རྡོ་རྗེ་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ། བྱང་ཆུབ་སེམས་པ་རྡོ་རྗེ་སྙིང་པོས་མཛད་པ། ལེའུ་ལྔ་པ་ཡན་ཆད་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། གཞན་རྣམས་ཤེས་རབ་གྲགས་ཀྱི་འགྱུར། དཔལ་དགྱེས་པ་རྡོ་རྗེའི་བཀའ་འགྲེལ་རྡོ་རྗེའི་ཚིག་བསྡུས། ཀ་མ་ལ་དྷེའུས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཀྱེའི་རྡོ་རྗེའི་རྒྱུད་ཀྱི་བཀའ་འགྲེལ་པད་མ་ཅན། མཚོ་སྐྱེས་རྡོ་རྗེས་མཛད་པ། ཁུ་དངོས་གྲུབ་ཀྱི་འགྱུར། ཀྱེའི་རྡོ་རྗེའི་འགྲེལ་པ་པད་མའི་མྱུག་གུས་མཛད་པ་མཚུར་གྱི་འགྱུར། ཀུ་མུ་ཏ་ཞེས་བྱ་བའི་བཀའ་འགྲེལ། སྦྱངས་བཀའ་ཟླ་བས་མཛད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དགྱེས་པ་རྡོ་རྗེའི་བཀའ་འགྲེལ། མུ་ཏིག་གི་ཕྲེང་བ། ཤན་ཏི་བས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། དགྱེས་པ་རྡོ་རྗེའི་བཀའ་འགྲེལ། རིན་པོ་ཆེ་སྦྱོར་བའི་ཕྲེང་བ། ནག་པོ་དམ་ཚིག་རྡོ་རྗེས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། ༼ཧ༽པ་ལ་དགྱེས་པ་རྡོ་རྗེའི་ཚིག་བསྡུས་པའི་སྙིང་པོ་རྒྱ་ཆེར་འགྲེལ་པ། ཁ་ཆེ་ཆེན་པོས་མཛད་པ་དཔྱལ་ཆོས་ཀྱི་བཟང་པོའི་འགྱུར་ལས། གྲགས་པ་རྒྱལ་མཚན་གྱིས་གཏན་ལ་ཕབ་པ། རྡོ་རྗེའི་ཚིག་རྒྱ་ཆེར་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ། ནཱ་རོ་འགྲེལ་ཆེན་ནས་ཕྱུང་བ། ཤཱཀྱ་ཤྲི་བྷ་ཏྲས་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར། དཔལ་ནཱ་རོ་པའི་ཐུགས་ཀྱི་ཉི་ཟླ་ལས། གསུང་གི་འོད་ཟེར་འཕྲོ་བ་ཞེས་བྱ་བའི་བཀའ་འགྲེལ་དར་མ་སེང་གེས་བསྒྱུར་བ། རྒྱུད་ཀྱི་རྒྱལ་པོ་ཀྱེའི་རྡོ་རྗེའི་འགྲེལ་པ་ཁ་སྦྱོར་དྲི་མ་མེད་པ། དྷང་ཀ་དྷ་ཤས་མཛད་པ། བློ་བརྟན་གྱི་བསྒྱུར་བ་ལེའུ་དགུ་པ་ཡན་ཆད་བཞུགས། ༼ཨ༽པ་ལ་དེའི་སྨད་དང་། དཔལ་དགྱེས་པ་རྡོ་རྗེའི་རྣམ་བཤད་རྣམ་པ ར་འགྲེལ་པ་ཞེས་བྱ་བ། བྷ་བ་བྷ་ཏྲས་མཛད་པ། བསོད་ནམས་རྒྱལ་མཚན་གྱི་འགྱུར། དགྱེས་པ་རྡོ་རྗེའི་བཀའ་འགྲེལ་སྤྱན་འབྱེད་སྒྲོན་མ་དྷརྨ་ཀིརྟིས་མཛད་པ་རྣམས། དགྱེས་པ་རྡོ་རྗེའི་བཀའ་འགྲེལ་དྲན་པའི་འབྱུང་གནས། ནག་པོ་པས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་མ་རྡོ་རྗེ་དྲྭ་བའི་བཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ། བློ་གྲོས་ཆེན་པོས་མཛད་པ། འགོས་ལྷ་བཙས་ཀྱིས་བསྒྱུར་བ་རྣམས་བཞུགས། ༼ཀི༽པ་ལ་རྡོ་རྗེ་གུར་གྱི་བཀའ་འགྲེལ་རྒྱལ་པོ་ཨིནྟྲ་བོ་ཏིས་མཛད་པ། རྡོ་རྗེ་གུར་གྱི་བསྟོད་འགྲེལ་ནག་པོ་པས་མཛད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱིས་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། ཡང་དག་པར་བལྟ་བའི་དྲན་པའི་སྣང་བ། རྒྱལ་པོ་ཨིནྟྲ་བོ་ཏིས་མཛད་པ། གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། དཔལ་ཁ་སྦྱོར་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མ། འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། སྟོང་ཕྲག་བརྒྱ་པ། སངས་རྒྱས་གྲགས་ཀྱིས་བསྒྱུར་བ། སྙེ་མ་བཅོ་བརྒྱད་པ་ཡན་ཆད་བཞུགས། ༼ཁི༽པ་ལ་དེ་སྨད། རྒྱུད་ཕྱི་མ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་ཟབ་པའི་དོན་རྨད་དུ་བྱུང་བ། ཕྱི་ནང་གསང་བ་རྒྱ་ཆེར་བཤད་པ། སློབ་དཔོན་ཟབ་པའི་རྡོ་རྗེས་བཤད་པ་གཡུང་དྲུང་སྙིང་པོའི་འགྱུར། དགའ་བའི་སྤྱན་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། ཤེས་རབ་དཔལ་གསང་བས་མཛད་པ་རིན་ཆེན་རྒྱལ་མཚན་གྱི་འགྱུར། དཔལ་ཀུན་ཏུ་ཁ་སྦྱོར་ལས་བྱུང་བ་རྒྱ་ཆེར་བཤད་པ། རིན་པོ་ཆེའི་ཕྲེང་བ་དཔའ་བོ་རྡོ་རྗེས་མཛད་པ། རྒྱུད་ཕྱི་མ་ཡེ་ཤེས་ཐིག་ལེའི་བཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད། ཛྙྱ་ན་པ་ར་མ་ཡིས་མཛད་པ། བྱང་ཆུབ་འབྱུང་གནས་ཀྱི་འགྱུར། མངོན་པར་རྟོགས་པའི་རིམ་པ། ཀྱེའི་རྡོ་རྗེ་ཡང་དག་པར་སྦྱོར་བ་དང་། རྡོ་རྗེ་མཁའ་འགྲོ་ལས་རྩའི་འཁོར་ལོའི་སྐབས་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དུར་ཁྲོད་ཀྱི་བཤད་པ་འགོས་ལྷ་བཙས་ཀྱི་འགྱུར། དུར་ཁྲོད་བརྒྱད་བཤད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཡང་དུར་ཁྲོད་བརྒྱད་བཤད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བདྷ་ངེས་པར་བཟུང་བའི་རིམ་པ་བཤད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། རྡོ་རྗེའི་ཀླུ་ངེས་པར་བཤད་པ། སྒྲོན་མ་ཅན་གྱི་སྡེས་མཛད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཀླུའི་དེ་ཁོ་ན་ཉིད་པད་མས་མཛད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དགོངས་པའི་སྐད་ཀྱི་འགྲེལ་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཤེས་རབ་གྲགས་ཀྱི་འགྱུར། སློངས་མོ་འགྲེལ་པ་ཌོམ་བི་པས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་འགྲེལ་པ། རིན་ཆེན་ཕྲེང་བ་མ་ཧ་སུ་ཁ་ཏ་བཛྭ་མཛད་པ་བྱང་ཆུབ་འབྱུང་གནས་ཀྱི་འགྱུར། ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་གསུམ་གསལ་བར་བྱེད་པ། གཉན་ན་ཤྲཱིས་མཛད་ཅིང་དེ་ཉིད་ཀྱིས་བསྒྱུར་བ་རྣམས་བཞུགས། ༼གི༽པ་ལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག མཚོ་སྐྱེས་རྡོ་རྗེས་མཛད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཀྱིལ་འཁོར་གྱི་ཆོ་ག་ཡོངས་སུ་བཟུང་བ་མི་ཐུབ་ཟླ་བས་མཛད་པ། ཚུལ་ཁྲིམས་ཤེས་རབ་ཀྱི་འགྱུར། དགྱེས་པ་རྡོ་རྗེའི་གཞུང་འགྲེལ་གྱི་ཆོ་ག །ནག་པོ་པས་མཛད་པ། ཧེ་རུ་ཀ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །ཉིན་མོའི་འབྱུང་གནས་ཟླ་བས་མཛད་པ། དབང་རིན་ཆེན་སྣང་བ་ཞེས་བྱ་བ། ཤེས་རབ་གསང་བས་མཛད་པ། ཀམ་སྟོན་ཆོས་ཡེས་དང་། ཕྱུག་འཚམས་དབང་ཕྱུག་རྒྱ་མཚོའི་འགྱུར། དབང་རིན་ཆེན་འཕྲེང་བའི་མན་ངག་ཤེས་རབ་གསང་བས་མཛད་པ་དེ་ཉིད་ཀྱི་འགྱུར། དབང་གི་རིམ་པ་མདོར་བསྡུས་པ། ཤེས་རབ་གསང་བས་མཛད་པ། སྣ་ཚོགས་དགའ་བའི་པད་མའི་དབང་གི་མེ་ཏོག །ཤེས་རབ་གསང་བས་མཛད་པ་རིན་ཆེན་རྒྱལ་མཚན་གྱི་འགྱུར་གསང་བའི་དབང་གི་རབ་དུ་བྱེད་པ། སྡི་ན་པས་མཛད་པ། འགོས་ལྷ་བཅས་ཀྱིས་འགྱུར། དགྱེས་པ་རྡོ་རྗེའི་དབང་གཏན་ལ་དབབ་པ། དགྲ་ལས་རྒྱལ་བས་མཛད་པ། ཟླ་བ་འོད་ཟེར་གྱི་འགྱུར། དཔལ་དགའ་བའི་མེ་ཏོག་གི་འཕྲེང་བ། ཨིནྟྲ་བོདྷིས་མཛད་པ། དབང་བསྐུར་བའི་ཆོ་ག་པྲཛྙྱ་ཤྲིས་མཛད་པ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད། གསང་བའི་མན་ངག་གི་མིང་གིས་རབ་ཏུ་དབྱེ་བ་སི་ན་པས་མཛད་པ། དབང་ཆེན་པོའི་རིམ་པ་གསུམ་པ། འོད་སྲུངས་གཞོན་ནུས་མཛད་པ་རིན་ཆེན་བཟང་པོའི་འགྱུར། བསྟོད་པ་ཉི་ཤུ་པ་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དགྱེས་པ་རྡོ་རྗེའི་བསྟོད་པ་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། བྱང་ཆུབ་ཤེས་རབ་ཀྱི་འགྱུར། བདག་མེད་མ་ལྷ་མོ་བཅོ་ལྔའི་བསྟོད་པ། འཕགས་པ་ལྷས་མཛད་པ། ཀུ་རུ་ཀུ་ལེའི་བསྟོད་པ། ཌོཾ་བི་ཧེ་རུ་ཀས་མཛད་པ། དེ་ཉིད་སྣང་བ་ཞེས་བྱ་བ། དགྱེས་པ་རྡོ་རྗེའི་བསྒྲུབ་ཐབས། སོ་མ་ན་ཐས་མཛད་པ་འཇིག་རྟེན་མགོན་པོའི་འགྱུར། དགྱེས་པ་རྡོ་རྗེའི་བསྒྲུབ་ཐབས་མཚོ་སྐྱེས་ཀྱིས་མཛད་པ། དེའི་འགྲེལ་པ་རིམ་པ་གཉིས་པ། རྡོ་རྗེ་དྲིལ་བུ་པས་མཛད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དགྱེས་པ་རྡོ་རྗེའི་བསྒྲུབ་ཐབས་ཡན་ལག་དྲུག་པ། མི་ཐུབ་ཟླ་བས་མཛད་པ། ཀྱེའི་རྡོ་རྗེའི་བསྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ། འཁྲུལ་པ་སྤོང་བ་ཞེས་བྱ་བ། ཀྱེའི་རྡོ་རྗེའི་བསྒྲུབ་ཐབས། ཤན་ཏི་བས་མཛད་པ། དགྱེས་པ་རྡོ་རྗེའི་བསྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མེ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དར་མ་བློ་གྲོས་ཀྱི་འགྱུར། དགྱེས་པ་རྡོ་རྗེའི་བསྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ། ནག་པོ་པའི་ཞབས་ཀྱིས་མཛད་པ། དཔའ་བོ་གཅིག་པ་དཔལ་ཧེ་རུ་ཀའི་བསྒྲུབ་ཐབས། ཌོཾ་བི་ཧེ་རུ་ཀས་མཛད་པ། དགྱེས་པ་རྡོ་རྗེ་དཔའ་བོ་གཅིག་པའི་བསྒྲུབ་ཐབས། ནག་པོ་པས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། ཧེ་རུ་ཀ་ཞལ་གཅིག་པའི་བསྒྲུབ་ཐབས། ཡན་ལག་མེད་པའི་རྡོ་རྗེས་མཛད་པ་ཆོས་འབར་གྱི་འགྱུར། རྩེད་བའི་རྡོ་རྗེ་ཕྱག་བཅུ་དྲུག་པའི་བསྒྲུབ་ཐབས། ཀྲིཥྞ་པས་མཛད་པ། དཔའ་བོ་གཅིག་པ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་བསྒྲུབ་ཐབས། ཧེ་བཛྭའི་བསྒྲུབ་ཐབས། བདེ་བའི་རྡོ་རྗེས་མཛད་པ་དྷརྨ་ཙན་ཏྲའི་འགྱུར། དགྱེས་པ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་བསྒྲུབ་ཐབས། ས་ཧ་ཛ་བི་ལ་པ་རྨ་བན་ཆོས་འབར་གྱི་འགྱུར་བདུད་རྩི་འོད་ཀྱི་བསྒྲུབ་ཐབས། ཌོཾ་བི་ཧེ་རུ་ཀས་མཛད་པ། དགྱེས་པ་རྡོ་རྗེའི་བསྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ། ཀ་མ་ལས་མཛད་པ། དར་མ་བློ་གྲོས་ཀྱི་འགྱུར། གསུང་བསྡུས་པ་དགྱེས་པ་རྡོ་རྗེའི་བསྒྲུབ་ཐབས། ཤཱཀྱ་འོད་ཀྱི་འགྱུར། ཀྱེའི་རྡོ་རྗེ་ཕྱག་གཉིས་པའི་བསྒྲུབ་ཐབས། ཨ་ལ་ལ་བཛྭས་མཛད་པ། ཀྱེའི་རྡོ་རྗེའི་ཕྱག་དྲུག་པའི་བསྒྲུབ་ཐབས། ར་ཏ་ཤྲིས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ཀྱེའི་རྡོ་རྗེའི་བསྒྲུབ་ཐབས་བྱང་ཆུབ་སྙིང་པོས་མཛད་པ། ལྷ་བཙན་པོ་མུ་ནེ་ར་ཛའི་འགྱུར། དཔའ་བོ་གཅིག་པའི་བསྒྲུབ་ཐབས། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཀྱེའི་རྡོ་རྗེའི་དྲན་པ་གཅིག་པ་གརྦ་རི་པས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དགྱེས་པ་རྡོ་རྗེ་ལྷན་ཅིག་སྐྱེས་པ་བསྒྲུབ་པའི་ཐབས། ཤྲཱི་ཨ་ནན་ཏས་མཛད་པ་དང་། ཀྱེའི་རྡོ་རྗེ་ལྷ་དགུའི་མངོན་པར་རྟོག་པ་ཧེ་རུ་ཀ་མཉེས་པར་བྱ་བའི་ཆོ་ག སློབ་དཔོན་ཆེན་པོ་འཇམ་དཔལ་ཡེ་ཤེས་ཞབས་ཀྱིས་མཛད་པ། རོང་ཟོམ་ཆོས་ཀྱི་བཟང་པོའི་འགྱུར་གཉིས། དགྱེས་པ་རྡོ་རྗེའི་མཎྜྻལ་གྱི་ཆོ་ག་མཚོ་སྐྱེས་ཀྱིས་མཛད་པ། སྦྱིན་སྲེག་གི་ཆོ་ག་མཚོ་སྐྱེས་ཀྱིས་མཛད་པ། སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ་གརྦ་རི་པ་མཛད་པ། ཤེས་རབ་སྐྱབས་ཀྱི་འགྱུར། དཔལ་དགྱེས་པ་རྡོ་རྗེའི་རབ་གནས་ཀྱི་ཆོ་ག སློབ་དཔོན་ནག་པོ་པས་མཛད་པ། འགོས་ལྷ་བཙས་ཀྱི་འགྱུར། སྦྱིན་སྲེག་གསང་བའི་མན་ངག་རིན་ཆེན་རྡོ་རྗེས་མཛད་པ། གཏུམ་པོའི་མན་ངག་སྦྱིན་སྲེག་གི་ཆོ་ག་དཔལ་གྱི་ཞབས་ཀྱི་བཤད་པ། རོ་སྲེག་པའི་ཆོ་ག་ནག་པོ་པས་མཛད་པ། འགོས་ལྷ་བཙས་ཀྱི་འགྱུར། དགྱེས་པ་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག ནག་པོ་པས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། རབ་གནས་ཀྱི་ཆོ་གའི་ཚུལ་ནག་པོ་པས་མཛད་པ། ཚོགས་ཀྱི་འཁོར་ལོའི་མཆོད་པའི་རིམ་པ། ནག་པོ་པས་མཛད་པ་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག མི་ཐུབ་ཟླ་བས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། གཏོར་མའི་དེ་ཁོ་ན་ཉིད་བསྡུས་པ། ཌཾ་ཀ་པས་མཛད་པ། དགྱེས་པ་རྡོ་རྗེའི་གཏོར་མའི་རིམ་པ། ཨ་ལ་ལ་བཛྭས་མཛད་པ་ཟླ་བ་འོད་ཟེར་གྱི་འགྱུར། ཁྲོ་བོ་བཅུའི་རིག་མའི་ཆོ་ག འཛེ་ཏ་རིས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། གཏོར་མའི་ལས་ཀྱི་རིམ་པ། རིན་ཆེན་རྡོ་རྗེས་མཛད་པ། དཔལ་དགྱེས་པ་རྡོ་རྗེའི་བསྟོད་པ། མཚོ་སྐྱེས་ཀྱིས་མཛད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཁྲུས་ཆོག་ཆེན་པོ། གཤིན་གྱི་ཆོ་ག་ནག་པོ་པས་མཛད་པ། ཚོགས་འཁོར་དམ་ཚིག་ལྔ་པ། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཛད་པ། དྷརྨ་གིརྟིའི་འགྱུར། ཡུམ་གྱི་སྐོར་ལ། བདག་མེད་མའི་བསྒྲུབ་ཐབས། ཀྲི་ཥྞ་པཎྜྻི་ཏས་མཛད་པ། བདག་མེད་མའི་བསྒྲུབ་ཐབས་མི་ཐུབ་ཟླ་བས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བདག་མེད་མའི་བསྒྲུབ་ཐབས་རྒྱས་པར་བསྟན་པ། སློབ་དཔོན་དཀོན་མཆོག་འབྱུང་གནས་ཀྱིས་མཛད་པ། བདག་མེད་མའི་རབ་ཏུ་གནས་པ། གཉིས་མེད་རྡོ་རྗེས་མཛད་པ། མཁའ་འགྲོ་ལྔའི་བསྒྲུབ་ཐབས། མི་ཐུབ་ཟླ་བས་མཛད་པ་ཤེས་གྲགས་ཀྱི་འགྱུར། རྡོ་རྗེ་གུར་གྱི་དཀྱིལ་འཁོར་གྱི་བསྡུས་པ་ཞེས་བྱ་བའི་རྗེས་སུ་འབྲངས་པའི་བསྒྲུབ་ཐབས། ལྷའི་བརཏལ་ཞུགས་ཀྱིས་མཛད་པ། དཔལ་མོ་གཅིག་པའི་བསྒྲུབ་ཐབས། སྒྲ་གཅན་འཛིན་གྱིས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། འཕགས་མ་རྡོ་རྗེ་སྒྲོལ་མའི་བསྒྲུབ་ཐབས་རྡོ་རྗེ་གུར་ལས་བྱུང་བ། སྣ་ཚོགས་དམར་པོ་ཞབས་ཀྱིས་མཛད་པ། དྷ་ན་ཤི་ལའི་འགྱུར། དགྱེས་པ་རྡོ་རྗེ་ལས་བྱུང་པའི་ཀུ་རུ་ཀུ་ལེའི་བསྒྲུབ་ཐབས་ལྷན་སྐྱེས་སྒེག་པས་མཛད་པ་དྷ་ན་ཤི་ལའི་འགྱུར། དགྱེས་པ་རྡོ་རྗེ་ལས་བྱུང་པའི་གུང་བུ་དགུགས་པ། རྐང་པ་དགུ་པ་སྤྲུལ་གྱི་དུག་སེལ་བ། ཤེས་རབ་སྤེལ་བ་དབང་དུ་བསྡུ་པ་སྟེ་ཀུ་རུ་ཀུ་ལེའི་མན་ངག་ཆེན་པོ་ལྔ་ཞི་བ་མཚོས་མཛད་པ་དྷ་ན་ཤི་ལའི་འགྱུར། དུར་ཁྲོད་བརྒྱད་ཀྱི་དབུས་ན་བཞུགས་པ་ཀུ་རུ་ཀུ་ལེའི་བསྒྲུབ་ཐབས། རྡོ་རྗེ་གུར་གྱི་མན་ངག་དེ་ཉིད་བཅུ་པ། དྲི་མེད་གྲགས་པས་མཛད་པ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། གདུང་སྲེགས་པའི་ཆོ་ག་དཔལ་གྱི་སྙིང་པོའི་འགྱུར། ངན་སོང་ཐམས་ཅད་སྦྱོང་བ་ཆོ་ག་རིམ་པ་ནཱ་རོ་པས་མཛད་པ། བསོད་ནམས་རྒྱལ་མཚན་གྱི་འགྱུར། མཆོད་རྟེན་གྱི་ཆོ་ག་ནག་པོ་ཞབས་ཀྱིས་མཛད་པ། ཉི་མ་རྒྱལ་མཚན་གྱི་འགྱུར། དེ་ཉིད་བཅུ་པ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དགེ་བའི་བློ་གྲོས་ཀྱིས་འགྱུར། བདག་མེད་མའི་མན་ངག །སྟོང་པའི་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། བསོད་ནམས་རྒྱལ་མཚན་གྱིས་བསྒྱུར་བ་རྣམས་བཞུགས། ངི་པ་ལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་རིན་ཆེན་འབར་བ་པྲཛྙྱ་ཨིན་ཏྲ་རུ་རྩིས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དེ་ཁོ་ན་ཉིད་བཞི་པའི་མན་ངག་གསང་བའི་སྒྲོན་མ། ཏེ་ལོ་པས་མཛད་པ་རད་ན་ཤྲིའི་འགྱུར་ཐིག་ལེ་ཆེན་པོའི་རིམ་པ་རྡོ་རྗེ་སྒེག་པས་མཛད་པ། ལྷན་ཅིག་སྐྱེས་པའི་དགའ་བ་ལ་ཡང་དག་པར་སྦྱོར་བ། ཤན་ཏི་བས་མཛད་པ། བདེ་བ་ཆེན་པོ་བདུད་རྩིའི་འོད་ཡེ་ཤེས་རིན་པོ་ཆེས་མཛད་པ། བྱང་སེམས་ཐིགས་པའི་མན་ངག་ལས་ཀྱི་རྡོ་རྗེས་མཛད་པ། མན་ངག་རིམ་པ་གསུམ་པ། ཌོཾ་བི་ཧེ་རུ་ཀས་མཛད་པ། རིམ་པ་ལྔ་པ་ཤེས་རབ་གསང་བས་མཛད་པ། ལྷན་ཅིག་སྐྱེས་པའི་དགའ་བ་ལ་ཡང་དག་པར་སྦྱོར་བ། ཤན་ཏི་བས་མཛད་པ་ཏིང་ངེ་འཛིན་བཟང་པོའི་འགྱུར། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དམ་པ། རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཀུ་མ་ར་ཀླ་ཤུའི་འགྱུར། དེའི་འགྲེལ་པ་སྙིང་པོ་རབ་ཏུ་གསལ་བར་བྱེད་པ། བྲམ་ཟེ་ཐ་ཀ་ནས་མཛད་པ། མན་ཏྲ་ཀླ་ཤུའི་འགྱུར། ཀྱེའི་རྡོ་རྗེ་མར་མེའི་རྩེ་མོ་ལྟ་བུའི་མན་ངག མཚོ་སྐྱེས་རྡོ་རྗེས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཡེ་ཤེས་འབྱུང་བའི་མན་ངག ག་ཡ་ད་རས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར་ཀྱེའི་རྡོ་རྗེ་བུང་བ་ལྟ་བུའི་བསྒྲུབ་ཐབས། རད་ན་ཙན་ཏྲས་མཛད་པ། རིན་ཆེན་ཐིགས་པ་ཤེས་རབ་གསང་བས་མཛད་པ། ཡེ་ཤེས་མཁའ་འགྲོའི་བསྒྲུབ་ཐབས། ཤེས་རབ་གསང་བས་མཛད་པ། ཡན་ལག་བརྒྱད་པའི་རིམ་པ། ལེའུ་དགུ་པ་ཤེས་རབ་གསང་བས་མཛད་པ། དེ་ཁོ་ན་ཉིད་བདུད་རྩིའི་མན་ངག ཨིནྟ་བོ་དྷིས་མཛད་པ། རིན་ཆེན་ཆར་ཡང་ཞེས་བྱ་བའི་བསྒྲུབ་ཐབས། ཤེས་རབ་གསང་བས་མཛད་པ། གོ་བར་བྱེད་པའི་སྙིང་པོ་བརྒྱ་པའི་མིང་སྣང་བ་མཐའ་ཡས་རྡོ་རྗེས་མཛད་པ། འདོད་པའི་བསྟན་ཆོས་གཟུགས་བཟང་གིས་མཛད་པ། ཉི་མ་རྒྱལ་མཚན་གྱི་འགྱུར། རང་བཞིན་དགའ་བའི་སྒྲོན་མ་ཞེས་བྱ་བའི་བཀའ་འགྲེལ། རྡོ་རྗེ་གསང་བས་མཛད་པ། པྲཛྙྱ་གུ་པ་ཏའི་འགྱུར། རིན་པོ་ཆེའི་སྙེ་མ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། ཤྲི་གུ་པ་ཏས་མཛད་པ་དེ་ཉིད་ཀྱི་འགྱུར། དེ་ཁོ་ན་ཉིད་གསལ་བར་མཛད་པ། ཀམ་པ་ལའི་ཡུམ་གྱིས་མཛད་པ། ཀྱེའི་རྡོ་རྗེའི་བཀྲ་ཤིས་ཌོཾ་བི་ཧེ་རུ་ཀས་མཛད་པ། དེ་དག་ནི་དཔལ་ཀྱེའི་རྡོ་རྗེའི་རྩ་བའི་རྒྱུད་རྟག་པ་གཉིས་པ་བཤད་པའི་རྒྱུད། རྒྱུད་ཕྱི་མ་དང་བཅས་པའི་བསྐོར་རིམ་པར་ཕྱེ་བའོ། །དེ་ནས་དཔལ་ཀྱེའི་རྡོ་རྗེ་དང་ཆ་མཐུན་པ་ལ། སངས་རྒྱས་ཐོད་པའི་རྒྱ་ཆེར་འགྲེལ་འཇིགས་པ་མེད་པའི་གཞུང་འགྲེལ། ཨ་བྷྱ་ཀ་ར་གུ་པ་ཏས་མཛད་པ། སྤང་བློ་གྲོས་བརྟན་པའི་འགྱུར། སངས་རྒྱས་ཐོད་པའི་བཀའ་འགྲེལ་ཡེ་ཤེས་ལྡན་པ་ས་ར་ཧ་པས་མཛད་པ། ཟླ་བ་འོད་ཟེར་གྱི་འགྱུར། སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པ་གསལ་བ། ས་ར་ཧ་པས་མཛད་པ་ལ་ཟླ་བ་འོད་ཟེར་གྱི་འགྱུར། སངས་རྒྱས་ཐོད་པའི་བསྒྲུབ་ཐབས། ལྷ་ཉི་ཤུ་རྩ་ལྔ་པ། ས་ར་ཧ་པས་མཛད་པ་ཟླ་བ་འོད་ཟེར་གྱི་འགྱུར། སངས་རྒྱས་ཐོད་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མ། ས་ར་ཧ་པས་མཛད་པ་ཟླ་བ་འོད་ཟེར་གྱི་འགྱུར། དེ་དག་ནི་མ་བླ་ན་མེད་པའི་རྒྱུད། སངས་རྒྱས་ཐོད་པའི་བསྐོར་རིམ་པར་ཕྱེ་བའོ། །དེ་ནས་གདན་བཞིའི་བསྐོར་ལ། རྒྱུད་ཀྱི་རྒྱལ་པོ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུན། བྷ་བ་བྷ་ཏྲས་མཛད་པ་འགོས་ལྷ་བཙས་ཀྱིས་བསྒྱུར་བ་རྣམས་བཞུགས། ༼ཅི༽པ་ལ་དཔལ་འཕགས་པ་གདན་བཞིའི་རྣམ་པར་བཤད་པ་སྦྱོར་བའི་གདན་ཡན་ཆད། དགེ་བའི་གོ་ཆས་མཛད་ཅིང་། གསང་བའི་གདན་གྱི་འགྲེལ་པ་སྨྲི་ཏིས་མཛད་པ་དེ་ཉིད་ཀྱི་འགྱུར། གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས། ཨརྻ་དེ་བས་མཛད་པ། འགོས་ལྷ་བཙས་ཀྱི་འགྱུར། གདན་བཞིའི་བསྒྲུབ་ཐབས་ཨརྻ་དེ་བས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ཡེ་ཤེས་མཁའ་འགྲོའི་བསྒྲུབ་ཐབས། རྣམ་པར་རྒྱལ་བའི་སྡེས་མཛད་པ། ཡེ་ཤེས་དབང་ཕྱུག་མའི་བསྒྲུབ་ཐབས། འཕགས་པ་ལྷས་མཛད་པ་སྨྲི་ཏའི་འགྱུར། ཤིང་གཅིག་པའི་རྒྱ་ཆེར་བཤད་པ། འཕགས་པ་ལྷས་མཛད་པ། མཆན་ཁུང་སྦྱོར་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་ཆོ་ག་རིམ་པ། འཕགས་པ་ལྷས་མཛད་པ། འཆི་བ་སླུ་བའི་མན་ངག་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། རིན་ཆེན་བཟང་པོའི་འགྱུར། ཡང་དག་ཡེ་ཤེས་སྣང་བ་ཞེས་བྱ་བའི་བསྒྲུབ་ཐབས་ལེའུ་བཞི་པ། ཆུའི་སྦྱིན་སྲེག་སློབ་དཔོན་བྷ་བ་བྷ་ཏྲས་མཛད་པ། ཚུལ་ཁྲིམས་གཞོན་ནུའི་འགྱུར། དེ་ཁོ་ན་ཉིད་དྲུག་པ་རྣམ་པར་བཞག་པ། སྨྲི་ཏིས་མཛད་པ་དེ་ཉིད་ཀྱི་འགྱུར་རྣམས་ནི་གདན་བཞིའི་བསྐོར་རོ། །དེ་དང་ཆ་མཐུན་པ་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་བཤད་པ་སྨྲི་ཏིས་མཛད་པ། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་རྒྱ་ཆེར་འགྲེལ་པ། བདུད་རྩི་འཛག་པ་བྷ་ནོས་མཛད་པ། ལ་ཆིངས་ཡོན་ཏན་འབར་དང་ཀློག་སྐྱ་ཤེས་རབ་བརྩེགས་ཀྱི་འགྱུར། དཔལ་གདན་བཞི་པ་དང་རྡོ་རྗེ་བདུད་རྩིའི་བསྐོར་རིམ་པར་ཕྱེ་བའོ། །མ་ཧ་མ་ཡའི་བསྐོར་ལ། དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ། ཤན་ཏི་བས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་བ་དྲན་པ་ནག་པོ། དམ་ཚིག་རྡོ་རྗེས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་བཀའ་འགྲེལ་རྒྱན་པས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་བཀའ་འགྲེལ་སྒྱུ་མ་ཅན། དྷུར་ཛྫ་ཡ་ཙན་ཏྲས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་ཀྱི་ཆོ་ག །ཀུ་ཀུ་རི་པས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པ་གསལ་བ། ནག་པོ་སྤྱོད་པ་བས་མཛད་པ་ཚུལ་ཁྲིམས་གཞོན་ནུའི་འགྱུར། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་ཀྱི་ཆོ་ག་ནག་པོ་པས་མཛད་པ་རྣམས་བཞུགས། ཆིཔ་ལ་སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་བླ་མའི་ཞལ་སྔའི་མན་ངག འདུལ་བ་བྱིན་གྱིས་མཛད་པ། ཆོས་ཀྱི་དབང་ཕྱུག་གི་འགྱུར། སྒྱུ་འཕྲུལ་ཆེན་མོའི་ཞལ་གཟིགས་ཀྱི་བསྟོད་པ། སློབ་དཔོན་ཀུ་ཀུ་ར་ཛས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྗེས་སུ་འབྲེངས་པ་ཧེ་རུ་ཀའི་བསྒྲུབ་ཐབས། ཤིན་ཏུ་སྤྲོས་པ་མེད་པའི་བསྒྲུབ་ཐབས། སློབ་དཔོན་ཀུ་ཀུ་རི་པས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་བསྒྲུབ་ཐབས། ཤན་ཏི་བས་མཛད་པ་ཤེས་རབ་ཡེ་ཤེས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་བསྒྲུབ་ཐབས། སྐུ་མེས་རྡོ་རྗེས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་བསྒྲུབ་ཐབས་ཀྱི་དཀྱིལ་འཁོར་གྱི་ཆོ་གའི་སྦྱིན་སྲེག་དང་བཅས་པ། དེ་ཁོ་ན་ཉིད་ཀྱི་མན་ངག་རྩ་འགྲེལ། འགྲོ་བཟང་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། དེ་ཁོ་ན་ཉིད་ཀྱི་ཚིག་ལེའུར་བྱས་པ། སུ་ཛ་ཛ་ཡ་ཤྲི་མཛད་པ་ནག་ཚོ་ཤེས་རབ་རྒྱལ་མཚན་གྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་བསྒྲུབ་ཐབས། ཨུ་རྒྱན་ནས་བྱོན་པ། ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར་སྒྱུ་འཕྲུལ་ཆེན་མོའི་བསྒྲུབ་ཐབས། རིན་ཆེན་བཟང་པོ་རྡོ་རྗེས་མཛད་པ་འཕགས་པ་ཤེས་རབ་ཀྱི་འགྱུར། སངས་རྒྱས་མཁའ་འགྲོའི་བསྒྲུབ་ཐབས་ནག་པོ་པས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་རྫོགས་རིམ། ཆོས་ཀྱི་ཞབས་ཀྱི་ཞལ་སྔ་ནས་མཛད་པ་འགོས་ཀྱི་འགྱུར། བྱང་ཆུབ་ཀྱི་སེམས་ཐིགས་པའི་མན་ངག ལས་ཀྱི་ཞབས་ཀྱི་མཛད་པ། ཧེ་རུ་ཀ་ཕྱག་གཉིས་པའི་བསྒྲུབ་ཐབས། སངས་རྒྱས་མཁའ་འགྲོའི་བསྒྲུབ་ཐབས་སྤྱིའི་ཆོ་སྤྱོད་ནག་པོ་པས་མཛད་པ། རོ་སྲེག་པའི་ཆོ་ག །རྗེ་བཙུན་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་ལ་བསྟོད་པ། ལས་དང་པོ་པའི་བྱ་བ་འགོས་ལྷ་བཙས་ཀྱི་འགྱུར། བདུན་ཚིགས་ཀྱི་ཆོ་ག་ནག་པོ་པས་མཛད་པ། ཚ་ཚ་གདབ་པའི་མན་ངག སྒྱུ་འཕྲུལ་ཆེན་མོའི་གཏོར་མའི་ཆོ་ག ཀུ་ཀུ་རི་པས་མཛད་པ་རྣམས། མ་ཧ་མ་ཡའི་སྐོར་རིམ་པར་ཕྱེ་བའོ། །དེ་ནས་སྒྱུ་མ་བདེ་མཆོག་ལ། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་བཀའ་འགྲེལ། རབ་ཏུ་ཞི་བའི་བཤེས་གཉེན་གྱིས་མཛད་པ། རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་མཉམ་སྦྱོར་སྒྱུ་མ་བདེ་མཆོག་གི་རྒྱུད་ཀྱི་དོན་རྣམ་པར་བཤད་པ། བརྒྱ་བྱིན་སྡོང་པོས་མཛད་པ་ལྷ་རིན་པོ་ཆེའི་འགྱུར་སངས་རྒྱས་མཉམ་སྦྱོར་གྱི་བཀའ་འགྲེལ། ཨིནྟྲ་བོ་ཏིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་དེ་ཁོ་ནའི་རྟོག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བ་རྣམ་པར་བཤད་པ། ཤེས་རབ་སྣང་བ་ཞེས་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། སྨྲི་ཏི་ཛྙྱ་ན་ཀིརྟིའི་འགྱུར། སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་འཁོར་ཀྱི་ཆོ་ག སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྐྱེད་པ་ཞེས་བྱ་བ། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ། ཡེ་ཤེས་རྡོ་རྗེ་དང་། གཉན་བན་བསོད་སྡེས་བསྒྱུར་བ་རྣམས་བཞུགས། ༼ཇི༽པ་ལ་སྒྱུ་མ་བདེ་མཆོག་གི་འགྲེལ་པ་མཉམ་སྦྱོར་གྱི་རྒྱན། རབ་དགའི་རྡོ་རྗེས་མཛད་པ། སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་འཁོར་བསྒྲུབ་པའི། ཧཱུྃ་མཛད་རྡོ་རྗེས་མཛད་པ་ལྷ་རིན་པོ་ཆེའི་འགྱུར། །སངས་རྒྱས་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག ཀུ་ཀུ་ར་ཛས་མཛད་པ་དྲན་པ་ནམ་མཁའ་བསྒྱུར་བ་ལས། ལྷ་རིན་པོ་ཆེས་བཅོས་པ། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ལ་འཇུག་པའི་ཆོ་ག་ལྔ་པ། ཀུ་ཀུ་ར་ཛས་མཛད་པ་སྨ་རིན་ཆེན་མཆོག་གི་འགྱུར། བཅོམ་ལྡན་འདས་ལ་བསྟོད་པ་རྡོ་རྗེ་འཛིན་གྱི་དབྱངས་དང་། དེའི་འགྲེལ་པ། ཞི་བ་མཚོས་མཛད་པ་དཔལ་རྩེགས་ཀྱི་འགྱུར། དཔལ་ཁྲག་འཐུང་ཆེན་པོའི་བསྒྲུབ་ཐབས་ཡང་དག་བསྒྲུབ་པ་ཧཱུཾ་ཀ་རས་མཛད་པ་ནམ་མཁའི་སྙིང་པོའི་འགྱུར། དཔལ་ཧེ་རུ་ཀའི་བསྒྲུབ་ཐབས། ར་ཛ་ཧ་ཏིས་མཛད་པ། དཔལ་ཧེ་རུ་ཀའི་བསྒྲུབ་ཐབས། ཧཱུཾ་མཛད་རྡོ་རྗེས་མཛད་པ་ལྷ་རིན་པོ་ཆེའི་འགྱུར། ཡན་ལག་བཞི་ཡི་དོན་སྣང་བར་བྱེད་པ། ཧཱུཾ་མཛད་གྲགས་ཀྱིས་མཛད་པ། སྨ་རིན་མཆོག་གི་འགྱུར། རྡོ་རྗེ་སེམས་དཔའི་གསང་དོན་རྣམ་པར་བཀོད་པ། ཀུ་ཀུ་ར་ཛས་མཛད་པ། རྣམ་པར་སྣང་མཛད་ཀྱི་གསང་དོན་རྣམ་པར་བཀོད་པ། ཀུ་ཀུ་ར་ཛས་མཛད་པ། ཧེ་རུ་ཀའི་གསང་དོན་རྣམ་པར་བཀོད་པ། ཀུ་ཀུ་ར་ཛས་མཛད་པ། པད་མ་གར་དབང་གིས་དོན་རྣམ་པར་བཀོད་པ། ཀུ་ཀུ་ར་ཛས་མཛད་པ། རིན་ཆེན་ཉི་མའི་གསང་དོན་རྣམ་པར་བཀོད་པ། ཀུ་ཀུ་ར་ཛས་མཛད་པ། རྟ་མཆོག་རོལ་པའི་གསང་དོན་རྣམ་པར་བཀོད་པ། ཀུ་ཀུ་ར་ཛས་མཛད་པ་རྣམས་ལྷ་རིན་པོ་ཆེའི་འགྱུར། དཔལ་རྡོ་རྗེ་སེམས་དཔའི་རྗེས་སུ་དྲན་པའི་ཆོ་ག །ར་ཛ་ཧ་ཏིས་མཛད་པ། དཔལ་ཧེ་རུ་ཀའི་རྗེས་སུ་དྲན་པའི་ཆོ་ག །ར་ཛ་ཧ་ཏིས་མཛད་པ། རྡོ་རྗེ་སེམས་དཔའི་བསྒྲུབ་ཐབས་ར་ཛ་ཧ་ཏིས་མཛད་པ། དཔལ་ཧེ་རུ་ཀའི་བསྒྲུབ་ཐབས། ར་ཛ་ཧ་ཏིས་མཛད་པ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཚོགས་ཀྱི་ཆོ་ག་ཨིཏྣ་བོ་ཏིས་མཛད་པ། ནམ་མཁའ་བསྒྱུར་བ་ལས་ལྷ་རིན་པོ་ཆེ་བཅོས་པ། དེ་རྣམས་ནི་ཡང་དག་སངས་རྒྱས་མཉམ་སྦྱོར་གྱི་བསྐོར་རིམ་པར་ཕྱེ་བའོ། །དེ་ནས་རྣལ་འབྱོར་གྱི་རྒྱུད། དེ་ཉིད་བསྡུས་པའི་བཤད་རྒྱུད་ཕྲན་དང་བཅས་པ་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བསྐོར་ལས་འདིར། དེ་ཉིད་བསྡུས་པའི་འགྲེལ་པ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་ཀོས་ས་ལའི་རྒྱན། རིན་ཆེན་བཟང་པོས་བསྒྱུར་བའི་སྟོད། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་འགྲེལ་པ་ཡན་ཆད་བཞུགས། ༼ཉི༽པ་ལ་དེའི་འཇུག་ཡོངས་སུ་རྫོགས་པ་དང་། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྒྱུད་ལ་འཇུག་པའི་འགྲེལ་པ་འཇམ་གོ་ཆས་བསྒྱུར་བའི་སྟོད་རྣམས་བཞུགས། ༼ཏི༽དང་། ༼ཐི༽ལ་དེའི་སྨད་ཅུང་ཟད་དང་དེ་ཉིད་བསྡུས་པའི་འགྲེལ་པ་སྟོང་ཕྲག་བཅོ་བརྒྱད་པ། དེ་ཉིད་སྣང་བ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། སྟོད་འགྲེལ་རིན་ཆེན་བཟང་པོའི་འགྱུར། བར་དང་སྨད་གཉིས་ཟངས་དཀར་གྱི་འགྱུར་བ་ཚང་བར་བཞུགས། ༼དི༽དང་། ༼ནི༽ལ་དཔལ་མཆོག་ཤེར་དུམ་གྱི་འགྲེལ་པ་ཆུང་བ་དང་། དཔལ་མཆོག་དང་པོའི་འགྲེལ་ཆེན་སྟོང་ཕྲག་ཉི་ཤུ་པ། ཀུན་དགའ་སྙིང་པོས་མཛད་པ་རིན་ཆེན་བཟང་པོས་བསྒྱུར་བ་ལས། མ་ཚང་བའི་ཧོར་གིང་རྣམས། ལྷ་ཕོ་བྲང་ཞི་བ་འོད་ཀྱིས་བསྒྱུར་ནས་བསབས་པ་ཡོངས་སུ་རྫོགས་པར་བཞུགས། ༼པི༽པ་ལ་རྒྱུད་ཀྱི་དོན་ལ་འཇུག་པའི་འགྲེལ་བཤད་ཇི་སྙེད་འགྱུར་བ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་འགྲེལ་པ། མུ་ཏི་ཀོ་ཤས་མཛད་པ། གཟི་བརྗིད་རྒྱལ་པོའི་རྟག་པ་ཕྱི་མ་དང་བཅས་པའི་བཤད་པ་གསལ་བའི་སྒྲོན་མ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། ཁྱུང་པོ་ཆོས་བརྩོན་གྱི་འགྱུར། གཟི་བརྗིད་རྒྱལ་པོའི་རྟག་པའི་རྒྱན་ཞེས་བྱ་བའི་འགྲེལ་པ། དགེ་སློང་དབང་ཕྱུག་རྒྱལ་མཚན་གྱི་འགྱུར། ངན་སོང་ཡོངས་སུ་སྦྱོང་བའི་འགྲེལ་པ་མཛེས་པའི་རྒྱན་དྲུག་སྟོང་བཞི་བཅུ་པ་རྡོ་རྗེ་གོ་ཆའི་སློབ་མ་ཀུན་དགའ་སྙིང་པོས་མཛད་པའི་སྟོད་རྣམས་བཞུགས། ༼ཕི༽པ་ལ་དེའི་སྨད་དང་། ངན་སོང་སྦྱོང་བ་གཟི་བརྗིད་རྒྱལ་པོའི་ཆོ་ག །ཞིབ་མོའི་འགྲེལ་པའི་སྙིང་པོ་རྣམ་པར་བཤད་པ། ཀ་མ་དེ་ནུས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དཔལ་གསང་བའི་བཤད་སྦྱར་གསང་བའི་སྒྲོན་མ། ཤན་ཏི་བས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་འབྱུང་བ། ཀུན་དགའ་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར་རྡོ་རྗེ་འབྱུང་བའི་དོན་བསྡུས་པ། མུ་ནི་ཏ་ཏྲས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་རྣམ་པར་བཞག་པ། མུ་ཏི་ཀ་ཀོ་ཤས་མཛད་པ། རིན་ཆེན་བཟང་པོའི་འགྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག །ཀུན་དགའ་སྙིང་པོས་མཛད་པ། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག །རིན་ཆེན་བཟང་པོས་བསྒྱུར་བ་རྣམས་བཞུགས། ༼བི༽པ་ལ་རྡོ་རྗེ་སེམས་དཔའི་བསྒྲུབ་ཐབས། ཀུན་དགའ་སྙིང་པོས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར། རྡོ་རྗེ་སེམས་དཔའ་འབྱུང་བ་ཞེས་བྱ་བ། ཀུན་དགའ་སྙིང་པོས་མཛད་པ། དཔལ་ལྡན་རྒྱ་ཆེ་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག ངན་སོང་ཡོངས་སུ་སྦྱོང་བའི་ཆོ་གའི་བྱ་བ་མདོར་བསྡུས་པ། ཨ་ནན་ཏ་བ་ར་ཧི་ཏས་མཛད་པ། ཐ་མའི་ཆོ་ག་རིན་པོ་ཆེ་བདེ་བར་གཤེགས་པའི་གནས་ལ་འགོད་པའི་ཏིང་ངེ་འཛིན་བཟང་པོས་མཛད་པ་པྲཛྙྱ་གིརྟིའི་འགྱུར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྡུས་པའི་དོན་བསྡུས་པ་ཀུ་མ་ར་ཀླ་ཤུའི་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག གཙུག་གཏོར་དགུ་པ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་གཏོར་དགུའི་དཀྱིལ་འཁོར་གྱི་ཆོ་ག སློབ་དཔོན་སངས་རྒྱས་གསང་བས་མཛད་པ། མཎ་ཉྫྱུ་ཤྲི་ཝརྨ་དང་། བྲག་ཀ་མུ་ཏི་འགྱུར། རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་གཅིག་པ་བསྒོམ་པའི་ཐབས་ཅན་དབྱེ་བའི་ཆོ་ག །ཀུན་དགའ་སྙིང་པོས་མཛད་པ། རབ་འབྱོར་སྐྱངས་ཀྱིས་མཛད་པ། སྦྱིན་སྲེག་གི་ཆོ་ག་རིན་ཆེན་བཟང་པོའི་འགྱུར། ཀུན་དུ་བཟང་པོའི་སྦྱིན་སྲེག་གི་ཆོ་ག རྡོ་རྗེ་གཙུག་གཏོར་གྱི་རྒྱུད་ལས། ངན་སོང་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་དྷརྨ་གིརྟིས་མཛད་པ། རིག་པའི་བློ་གྲོས་ཀྱི་འགྱུར། ངན་སོང་སྦྱོང་བའི་ཤི་བའི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་རིམ་པ་ཀུན་དགའ་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ངན་སོང་སྦྱོང་བའི་ཐབས་སྦྱིན་སྲེག་གི་དཀྱིལ་ཆོག སྐལ་བཟང་དགའ་བས་མཛད་པ། གཡུང་དྲུང་འོད་ཀྱི་འགྱུར། དཔལ་རྩ་བའི་རྒྱུད་དེ་ཉིད་བསྡུས་པ་བཤད་པའི་རྒྱུད་རྣམས་དང་བཅས་པ་རིམ་པར་ཕྱེ་བའོ། །གཞན་ཡང་དག་པར་མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བ། སྔགས་དོན་རྣམ་གཟིགས་ཉིས་སྟོང་ལྔ་བརྒྱ་པ་དཔལ་སྣ་ཚོགས་གཟུགས་ཀྱིས་མཛད་པ། སྨྲི་ཏིས་བསྒྱུར་བ་ལས་ཕྱིས་ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་བཅོས་པ། མཚན་ཡང་དག་པར་བརྗོད་པའི་འགྲེལ་ཆུང་རིན་ཆེན་བཟང་པོས་བསྒྱུར་བ། མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གྲགས་པས་མཛད་པ་རིན་ཆེན་བཟང་པོས་བསྒྱུར་བའི་སྟོད་ཡན་ཆད་བཞུགས། ༼མི༽པ་ལ་དེའི་སྨད་དང་། མཚན་ཡང་དག་པར་བརྗོད་པའི་བཤད་པའི་འབུམ་ལེའུ་བཅུ་བཞི་པ་དེ་ཉིད་ཀྱི་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་པ། སློབ་དཔོན་གཞོན་ནུ་གྲགས་པས་མཛད་པ་ཤེས་རབ་བླ་མའི་འགྱུར། མཚན་ཡང་དག་པར་བརྗོད་པའི་མཚན་དོན་གསལ་བའི་སྒྲོན་མ་བི་མ་ལ་མི་ཏྲས་མཛད་པ་ཛྙྱ་ན་ཀུ་མ་རའི་འགྱུར། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། ཙནྟྲ་གོ་མིས་མཛད་པ་ཤེས་རབ་བརྩོན་འགྲུས་ཀྱི་འགྱུར། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། ཟླ་བ་བཟང་པོ་གྲགས་པའི་དཔལ་གྱིས་མཛད་པ་འཕགས་པ་ཤེས་རབ་ཀྱི་འགྱུར། མཚན་ཡང་དག་པར་བརྗོད་པའི་དོན་གསལ་བར་བྱེད་པ། དགའ་རབ་རྡོ་རྗེས་མཛད་པ། མཚན་ཡང་དག་པར་བརྗོད་པའི་སྙིང་པོ་མངོན་པར་རྟོགས་པ། གཉིས་མེད་རྡོ་རྗེས་མཛད་པ་པྲཛྙྱ་ཤྲཱི་གྷིརྟིའི་འགྱུར། འཕགས་པ་འཇམ་དཔལ་གྱི་འགྲེལ་པ་བསྡུས་པའི་གསལ་བ། ཨ་བ་དྷུ་ཏི་པས་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར། མཚན་བརྗོད་ཉེ་བར་བསྡུས་པའི་རྟོག་གེ །གཉིས་མེད་རྡོ་རྗེས་མཛད་པ་བསོད་ནམས་རྒྱལ་མཚན་གྱི་འགྱུར། མེ་ཏྲི་བའི་གདམ་ངག་ཉེ་བར་བསྡུས་པ། ཟབ་ཅིང་རྒྱ་ཆེ་བའི་འགྲེལ་བ། དྲིལ་བུ་པས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་རྣམས་བཞུགས། ༼ཙི༽པ་ལ་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པ། སློབ་དཔོན་གཉིས་མེད་སྦས་པས་མཛད་པ། ཆོས་ཀྱི་བཟང་པོའི་འགྱུར། མཚན་བརྗོད་ཀྱི་འགྲེལ་པ་རཏྣ་ཨ་ཀ་ར་གུ་པ་ཏས་མཛད་པ་འབྲོག་ཇོ་སྲས་ཀྱི་འགྱུར། མཚན་བརྗོད་ཀྱི་འགྲེལ་པ་ཤོ་ལོ་ཀ་སྟོང་དྲུག་བརྒྱ་ལྔ་བཅུ་པ། ཌོཾ་བི་ཧེ་རུ་ཀས་མཛད་པ་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། མཚན་བརྗོད་ཡོན་ཏན་དང་སྔགས་དང་གཉིས་སུ་མེད་པར་འཆད་པ། ཚུལ་གསུམ་པའི་སྒྲོན་མེ། མཚན་བརྗོད་ཀྱི་འགྲེལ་བསྒྲུབ་ཐབས་ནམ་མཁའ་དྲི་མ་མེད་པ་འཇམ་དཔལ་གྲགས་པས་མཛད་པ། འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པས་མཛད་པ། སྨྲི་ཏིའི་འགྱུར་ལ་འཕགས་པ་མཆོག་གིས་གཏན་ལ་ཕབ་པ། ཐིག་གདབ་པའི་རིམ་པ་སྨྲི་ཏིས་མཛད་པ། རབ་དུ་གནས་པའི་ཆོ་ག་སྨྲ་ཏིས་མཛད་པ། རང་འགྱུར། ཨ་བ་དྷུ་ཏི་པ་དང་། གཉིས་མེད་རྡོ་རྗེ་ལ་སོགས་པ་དང་། རྡོ་རྗེ་དྲིལ་བུ་པས་མཛད་པ་རྣམས། རྣལ་འབྱོར་བླ་མེད་དུ་བཀྲལ་ཡང་། མཚན་བརྗོད་ཀྱི་བཟླས་དྲངས་ནས་འདིར་བསྒྲིགས་སོ། །བཅོམ་ལྡན་འདས་ཀྱི་འཇམ་དཔལ་རྣོན་པོ་ལ་བསྟོད་པ་གསུངས་པ། འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། འཇམ་དཔལ་གྱི་དབྱངས་ལ་བསྟོད་པ་ཡོན་ཏན་མཐའ་ཡས་པའི་འཁོར་ལོ། ཕྱོགས་ཀྱི་གླང་པོས་མཛད་པ། གུར་གུམ་གཞོན་ནུའི་བསྟོད་པ་སེང་གེ་མི་གཡོ་བས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ། ཙན་ཏྲ་གོ་མིས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། འཇམ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ། རྡོ་རྗེ་མཚོན་ཚས་མཛད་པ། རིན་ཆེན་བཟང་པོའི་འགྱུར། འཇམ་དབྱངས་ལ་བསྟོད་པ་གསེར་གྱི་ཕྲེང་བ། ངག་གི་དབང་ཕྱུག་གྲགས་པས་མཛད་པ། འཇམ་དཔལ་དཔའ་བོ་གཅིག་པ་ལ་བསྟོད་པ་མ་ཏིས་མཛད་པ། འཇམ་དབྱངས་ལ་བསྟོད་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་མཛད་པ་གཞོན་ནུ་འབར་གྱི་འགྱུར། འཇམ་དབྱངས་ལ་སྨྲེ་སྔགས་དང་བཅས་བསྟོད་པ། འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། གསུང་གི་དབང་ཕྱུག་གི་བསྟོད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། འཇམ་དཔལ་ཁྱེའུ་བཅུ་གཅིག་གིས་བསྟོད་པ། བུ་མོ་བརྒྱད་ཀྱིས་བསྟོད་པ། མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ། སོ་མ་ཤྲིས་མཛད་པ་གཞོན་ནུ་འོད་ཀྱི་འགྱུར། ངག་གི་དབང་ཕྱུག་གཙོ་འཁོར་ལྔ་པའི་བསྟོད་པ། ཐིག་ལེ་བུམ་པས་མཛད་པ། འཇམ་དཔལ་གྱི་ཁྱད་པར་གྱི་བསྟོད་པ། ཨ་ནན་ཏྲ་ཤྲི་མི་ཏྲས་མཛད་པ། ཆོས་ཀྱིས་ཤེས་རབ་ཀྱི་འགྱུར། འཇམ་དབྱངས་ལ་བསྟོད་པ། ཙན་ཏྲ་གོ་མིས་མཛད་པ། གཉན་ཆུང་དར་མ་གྲགས་ཀྱི་འགྱུར། མཚན་ཡང་དག་པར་བརྗོད་པའི་བསྒྲུབ་ཐབས་གསང་ལྡན་བྱང་ཆུབ་མཆོག་གིས་མཛད་པ་སྨྲི་ཏིའི་འགྱུར། དེའི་འགྲེལ་པ་ཡེ་ཤེས་གསལ་བ་སྨྲི་ཏིའི་འགྱུར། གསང་བའི་བཀའ་འགྲེལ་བཤད་པ་དོན་བསྡུས་སྒྲོན་མ་ཀློག་སྐྱའི་འགྱུར། མཚན་བརྗོད་ཀློག་པའི་སྒོམ་ཁོག་བྱང་ཆུབ་མཆོག་གིས་མཛད་པ། མཚན་བརྗོད་ཀྱི་སྦྱིན་སྲེག་གི་ཆོ་ག་བྱང་ཆུབ་མཆོག་ཀྱིས་མཛད་པ་སྨྲི་ཏིའི་འགྱུར། འཇམ་དཔལ་གྱི་བསྒྲུབ་ཐབས་དགེ་བསྙེན་མ་སྙན་གྲགས་དགེ་བས་མཛད་པ་འཇམ་དཔལ་རིན་པོ་ཆེའི་བསྒྲུབ་ཐབས། དགེ་བསྙེན་མ་སྙན་གྲགས་བྱིན་མས་མཛད་པ་སྨྲི་ཏིའི་འགྱུར། ཡེ་ཤེས་སེམས་དཔའི་བསྒྲུབ་ཐབས། ཨ་བ་དྷུ་ཏི་པས་མཛད་པ། ཡེ་ཤེས་སེམས་དཔའི་བསྒྲུབ་ཐབས་དྷརྨ་ཤྲི་མི་ཏྲས་མཛད་པ། ཆོས་ཀྱི་བཟང་པོའི་འགྱུར། མཚན་ཡང་དག་པར་བརྗོད་པའི་བསྒྲུབ་ཐབས། ཨ་བ་དྷུ་ཏི་པས་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར། འཇམ་དཔལ་གྱི་དཀྱིལ་མཆོག་ཡེ་ཤེས་གསལ་བ། གཉིས་མེད་སྦས་པས་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར། མཆོད་རྟེན་གྱི་བསྒྲུབ་པའི་ཆོ་ག་མདོར་བསྡུས་པ། གཏོར་མའི་ཆོ་ག རྣམ་པ་ཉི་ཤུས་བྱང་ཆུབ་པའི་ཆོ་གས་འཇམ་དཔལ་བསྒྲུབ་པའི་ཐབས། སོ་མ་ཤྲིས་མཛད་པ་གཞོན་ནུ་འོད་ཀྱི་འགྱུར། མཚན་ཡང་དག་པར་བརྗོད་པའི་བསྒྲུབ་ཐབས། སོ་མ་ཤྲིས་མཛད་པ་གཞོན་ནུ་འོད་ཀྱི་འགྱུར་རྣམས་བཞུགས། ༼ཚི༽པ་ལ་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་སོ་མ་ཤྲིས་མཛད་པ་གཞོན་ནུ་འོད་ཀྱི་འགྱུར། འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུ་ཟླ་བཟང་གྲགས་པས་མཛད་པ་ཚུལ་ཁྲིམས་གཞོན་ནུའི་འགྱུར། མཚན་བརྗོད་ཀྱི་དཀྱིལ་འཁོར་ཆོ་ག ཤན་ཏི་གརྦས་མཛད་པ་སྨྲི་ཏིའི་འགྱུར། མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་སྲེས་པ། །མཚན་བརྗོད་དཀྱིལ་འཁོར་གྱི་ཆོ་ག་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཔལ་གྱི་ཆོ་ག་ཞེས་ཀུན་ལ་སྦྱར་བ་བྱང་སེམས་རྡོ་རྗེའི་དབུགས་དབྱུང་རྣམ་སྣང་དབུགས་དབྱུང་བའི་ཆོ་ག་འཇམ་དཔལ་བཤེས གཉེན་གྱིས་མཛད་པ། མི་བསྐྱོད་པ་དབུགས་དབྱུང་བའི་ཆོ་ག་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། སྣང་བ་མཐའ་ཡས་དབྱུགས་དབྱུང་བའི་ཆོ་ག འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རིན་ཆེན་འབྱུང་ལྡན་དབུགས་དབྱུང་བའི་ཆོ་ག་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། དོན་ཡོད་གྲུབ་པ་དབྱུགས་དབྱུང་བའི་ཆོ་ག་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། འཇམ་དཔལ་གྱི་རོ་སྲེག་གི་ཆོ་ག་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། བདུན་ཚིགས་ཀྱི་ཆོ་ག་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྦྱིན་སྲེག་གི་ཆོ་ག་འཇམ་དཔལ་བཤེས་གཉེན་གྱི་འགྱུར། ཚ་ཚའི་ཆོ་ག་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྤྱན་དབྱེ་བའི་ཆོ་ག་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ངན་སྔགས་ཀྱི་ཆོ་ག་འཁོར་ལོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། བསྟོད་པའི་རིམ་པ་རྣམས་ཆོས་ཀྱི་བཟང་པོའི་འགྱུར། འཇམ་དཔལ་གྱི་བསྒྲུབ་ཐབས། ཁྲུས་ཀྱི་ཆོ་ག །ཆུ་སྦྱིན། མཚན་བརྗོད་འདོན་པའི་མན་ངག མཎྜྻལ་གྱི་ཆོ་ག སྐོར་བ་བྱ་བའི་ཐབས། ཚོགས་གསོག་གི་ཆོ་ག ཟས་ཀྱི་རྣལ་འབྱོར། འབྱུང་པོའི་གཏོར་མ། ཚ་ཚའི་ཆོ་ག བསྔོ་བ། ཚད་མེད་པ་བཞི་བསྒོམ་པ། འཁོར་བ་ལས་ཡིད་ངེས་པར་འབྱུང་བ། བྱང་ཆུབ་ཀྱི་སེམས་བསྒོམ་པ། དུས་གསུམ་གྱི་སངས་རྒྱས་ལ་ལྟ་བ། དབང་པོ་རབ་ཀྱིས་དེ་ཁོ་ན་ཉིད་བསྒོམ་པ། དབང་པོ་འབྲིང་གིས་རྟེན་འབྲེལ་བཅུ་གཉིས་བསྒོམ་པ། དབང་པོ་ཐ་མས་རྗེས་སུ་དྲན་པ་དྲུག་བསྒོམ་པ། ནམ་གྱི་ཆ་སྨད་ལ་མཉམ་པར་བཞག་པའི་མན་ངག་རྣམས། འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། མཚན་བརྗོད་ཀློག་པའི་མན་ངག ཁ་ཆེ་པཎ་ཏྲི་ཏ་ཤཱཀྱ་ཤྲི་བྷ་ཏྲས་མཛད་པ། མཚན་བརྗོད་ཀྱི་ཆོ་ག་ཡི་གེ་བརྒྱ་པའི་ཆོ་ག །སློབ་དཔོན་པད་མས་མཛད་པ། གསང་ལྡན་གྱི་པན་དྷར་ཐ་སྨྲི་ཏིས་མཛད་པ། ཞ་རྒྱ་གར་རྩེགས་ཀྱི་འགྱུར། འཇམ་དཔལ་གྱི་སྤྱོད་ལམ་གྱི་ཆོ་ག་ཨ་ཤྲ་ཀ་ཤྲིས་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར། འཇམ་པའི་རྡོ་རྗེ་བུམ་པའི་ཆོ་ག་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། ཆོས་ཀྱི་བཟང་པོའི་འགྱུར། སྦྱིན་སྲེག་གི་ཆོ་ག་མདོར་བྱས་པ། མྱ་ངན་མེད་པའི་དཔལ་གྱིས་མཛད་པ། དེ་རྣམས་རྣལ་འབྱོར་གྱི་རྒྱུད་ཀྱི་བསྐོར་རྣམས་རིམ་པར་ཕྱེ་བའོ། །དེ་ནས་སྤྱོད་པའི་རྒྱུད་ལ། རྣམ་སྣང་མངོན་བྱང་དང་། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་གཉིས་ལས། རྣམ་སྣང་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། སློབ་དཔོན་སངས་རྒྱས་གསང་བས་མཛད་ཕྱིན་ཅི་མ་ལོག་པར་བཤད་པ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་དོན་ཉིས་སྟོང་སུམ་བརྒྱ་པ། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི། སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའི་སྟོད་བཞུགས། ༼ཛི༽པ་ལ་དེའི་སྨད་དང་། ཐུགས་རྗེ་འབྱུང་བའི་བསྒོམ་པ་དང་། ཟླས་པའི་ཆོ་ག །ཡེ་ཤེས་རྡོ་རྗེས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲྭ་བའི་རྒྱ་ཆེར་འགྲེལ་པས། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རིན་ཆེན་བཟང་པོའི་འགྱུར། སྒྱུ་འཕྲུལ་དྲྭ་བའི་བཀའ་འགྲེལ། རབ་དུ་ཞི་བའི་བཤེས་གཉེན་གྱི་མཛད་པ། དེ་དག་གིས་ནི་སྤྱོད་པའི་རྒྱུད་ཀྱི་བསྐོར་རིམ་པར་ཕྱེ་བའོ། །དེ་ནས་བྱ་བའི་རྒྱུད་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིའི་རྒྱུད་ལ་འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་བསྡུས་དོན་སངས་རྒྱས་གསང་བས་མཛད་པ། དེའི་བསྡུས་དོན་བརྗོད་བྱང་། དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་འགྲེལ་པ་ཡེ་ཤེས་རྡོ་རྗེས་མཛད་པ། བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ་རྒྱ་ཆེར་བཤད་པ། སངས་རྒྱས་གསང་བས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་ཀྱི་འགྲེལ་པ་གཟི་བརྗིད་སྣང་བ། ཀླུའི་དབང་ཕྱུག་གིས་མཛད་པ་ཁྱུང་གྲགས་ཀྱི་འགྱུར། ཆོས་སྤྱོད་ཀྱི་མངོན་རྟོགས་ཀྱི་རྒྱུད་ལས་ཕྱུང་བའི་མན་ངག་བདུད་རྩིའི་འཁོར་ལོ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ་རྣམས་བཞུགས། ༼ཝི༽པ་ལ་འཇམ་དཔལ་གསང་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ། ངག་གི་དབང་ཕྱུག་གཞོན་ནུ་པས་མཛད་པ། འཇམ་དཔལ་གསང་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག །དོན་ཡོད་ཞབས་ཀྱིས་མཛད་པ། ཁྲོ་བོ་རྣམ་པར་རྒྱལ་བའི་གསང་བའི་རྒྱུད་རྒྱ་ཆེར་བཤད་པ་ཇི་སྙེད་པ་རྣམས་བཞུགས། བྱེ་བྲག་ལ་རིགས་གསུམ་སོ་སོ་དང་། སྒྲོལ་མ། གཙུག་གཏོར། བསྲུང་བ་ལྔ་ལ་སོགས་པ་རྣམས་ལས། དཔལ་ཕྱག་ན་རྡོ་རྗེའི་བསྐོར་ལ། ཛ་བ་རིའི་བསྐོར་དང་། མདོ་ལུགས་བྷ་བ་མ་དང་། འགྲོ་བཟང་། གཏུམ་པོ་རྣམ་འཇོམས། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། དཔལ་ཕྱག་ན་རྡོ་རྗེ་ལ་བསྟོད་པ། ངག་གི་དབང་ཕྱུག་གྲགས་པས་མཛད་པ། དཔལ་ཕྱག་ན་རྡོ་རྗེ་ལ་བསྟོད་པ། ཏི་པམ་ཀ་ར་ཤྲཱི་ཛྙྱ་ནས་མཛད་པ། བརྩོན་འགྲུས་སེང་གེའི་འགྱུར། དཔལ་ཕྱག་ན་རྡོ་རྗེ་ལ་མཚན་ཉིད་བསྡུས་པའི་སྒོ་ནས་བསྟོད་པ། བིརྻ་ཙན་ཏྲས་བསྟོད་པ། ཕྱག་ན་རྡོ་རྗེའི་བསྟོད་པ་ཐུང་ངུ། འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ། ཛ་བ་རི་པས་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར་རྡོ་རྗེ་རྣམ་པར་འཇོམས་པ་ལ་བསྟོད་པ། བྲམ་ཟེ་མ་ཎི་བཛྭས་མཛད་པ་རབ་ཞི་བཤེས་གཉེན་གྱི་འགྱུར། ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་རྒྱུད་ཀྱི་འགྲེལ་པ་བདུད་རྩི་མྱུ་གུ། ཛ་བ་རི་པས་མཛད་པ། ཕྱག་ན་རྡོ་རྗེའི་བསྒྲུབ་ཐབས་འཁོར་ལོ་ཆེན་པོ། ཛ་བ་རི་པས་མཛད་པ་ཆོས་བཟང་གི་འགྱུར། ཕྱག་ན་རྡོ་རྗེའི་བསྒྲུབ་ཐབས་བསྡུས་པ། ཛ་བ་རི་པས་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་བསྒྲུབ་ཐབས་བདུད་རྩི་ཐིགས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་བསྲུང་བ། ཀླུ་རིགས་བཞིའི་བསྒྲུབ་ཐབས་ཛ་བ་རི་པས་མཛད་པ། ཀླུ་རིགས་བཞི་མནན་པའི་ཆོ་ག་ཛ་བ་རི་པས་མཛད་པ། སྦྱིན་སྲེག་གི་ཆོ་ག་ཛ་བ་རི་པས་མཛད་པ། སྦྱིན་སྲེག་མདོར་བསྡུས་པའི་ཆོ་ག ཛ་བ་རི་པས་མཛད་པ། གནོད་སྦྱིན་གྱི་སྡེ་སྦྱོང་ཞིང་སེལ་བའི་བསྒྲུབ་ཐབས། ཛ་བ་རི་པས་མཛད་པ། ཡི་དྭགས་དང་། ཤ་ཟ་དང་། སྲུལ་པོ་རྣམས་རྣམ་པར་སྦྱོང་ཞིང་། སེལ་བའི་བསྒྲུབ་ཐབས། ཀླུ་ཁྲོ་བོ་གསང་བའི་བསྒྲུབ་ཐབས་འཕྲིན་ལས། དཔལ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་ཛ་བ་རི་པས་མཛད་པ། བསད་པ་མི་བསད་བདུད་རྩིས་གསོལ་བ། བདུད་རྩི་འོ་མའི་མཆོད་པ། མཛེ་ནད་ཀྱི་མཚན་ཉིད། རིམ་པ་དྲུག་པ་རྟགས་གསལ་བར་བྱེད་པ། ཛ་བ་རི་པ་རྣམས་ཆོས་ཀྱི་བཟང་པོའི་འགྱུར། གཟུངས་ཀྱི་གཏོར་མའི་ཆོ་ག་ཛ་བ་རི་པས་མཛད་པ། ཤེའུ་བཛྭ་དྷེ་བའི་འགྱུར་ཏེ། ཛ་བ་རི་པའི་བསྐོར་འདི་རྣམས། རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་ཡང་། ཕྱག་ན་རྡོ་རྗེའི་ཟླས་དྲངས་ནས་སྐབས་འདིར་བསྒྲིགས་སོ། །དེ་ནས་ཕྱག་ན་རྡོ་རྗེ་མདོ་ལུགས་སུ་གྲགས་པ་ལ། གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་འགྲེལ་པ། དེ་ཁོ་ཉིད་གསལ་བར་བྱེད་པའི་སྒྲོན་མ། ཀླུ་སྒྲུབ་ཀྱིས་མཛད་པ་རྒྱ་བརྩོན་སེང་གི་འགྱུར། གཟུངས་ཀྱི་བསྒྲུབ་ཐབས་སུ་བྷ་ཤྲཱི་ཀིརྟིས་མཛད་པ། བརྩོན་སེང་གི་འགྱུར་གཟུངས་བསྒྲུབས་སུ་བྷ་ཤ་ཀིརྟིས་མཛད་པ་བརྩོན་སེང་གི་འགྱུར། བུམ་པའི་བསྒྲུབ་ཐབས་སུ་བྷ་ཀི་ཤ་ཀིརྟིས་མཛད་པ། ཤེས་པར་བྱེད་པའི་དོན་འགྲེལ་སྒྲོན་མ། སུ་ཝ་ཀི་ཤ་ཀིརྟིས་མཛད་པ། དེ་ཁོ་ན་ཉིད་སྒྲོན་མ་སུ་ཝ་ཀི་ཤ་ཀིརྟིས་མཛད་པ། སྤུར་བསད་ལང་བསྡུས་པ་སུ་ཝ་ཀི་ཤ ཀིརྟིས་མཛད་པ། དངོས་གྲུབ་ཐམས་ཅད་ཉེ་བར་བྱེད་པ། མཆོད་རྟེན་གྱི་མན་ངག་ཏཻ་ལོ་པས་མཛད་པ། ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་མན་ངག་ལག་དུ་བླང་བའི་རིམ་པ། བིརྻ་ཙན་ཏྲས་མཛད་པ། ཕྱག་ན་རྡོ་རྗེའི་བསྒྲུབ་ཐབས། ཤྲ་ཏ་ཀ་ར་ཝར་མས་མཛད་པ། རྣམ་ཐོས་སྲས་གསང་བའི་བསྒྲུབ་ཐབས། དགའ་རབ་རྡོ་རྗེས་མཛད་པ། གོས་སྔོན་ཅན་གྱི་བསྒྲུབ་ཐབས། གཏོར་མའི་མན་ངག །གཟུངས་ཀྱི་གཏོར་མའི་ཆོ་ག་སུ་བྷ་ཀིརྟིས་མཛད་པ། ཡན་ལག་བདུན་པ་སུ་བྷ་གིརྟིས་མཛད་པ། བསྒྲུབ་པའི་གོ་རིམས་སུ་བྷ་ཀིརྟིས་མཛད་པ། གནོད་པ་སེལ་བའི་བདུད་རྩི་བུམ་པ་ཀིརྟིས་མཛད་པ། གནོད་སྦྱིན་གྱི་བསྒྲུབ་ཐབས། དེད་དཔོན་གྱི་བསྒྲུབ་ཐབས། འཁོར་ལོའི་མན་ངག བྱབ་ཅིང་ཡུར་བའི་ལས་གསང་བ། སྤུར་བསད་ལས་ཚོགས་བསྡུས་པ། རྣམས་སུ་བྷ་ཤ་ཀིརྟིས་མཛད་པ། ལག་ན་རྡོ་རྗེའི་བསྒྲུབ་ཐབས། བིརྻ་ཙན་ཏྲས་མཛད་པ། དེས་མཛད་པའི་རྡོ་རྗེ་སྲིན་པོའི་བསྒྲུབ་ཐབས། བྱའི་གདོང་པ་ཅན་གྱི་འགྱུར། གོས་སྔོན་པོ་ཅན་གྱི་བསྒྲུབ་ཐབས་ཡིད་བཞིན་ནོར་བུ་ཉིན་བྱེད་རྡོ་རྗེས་མཛད་པ། གཞོན་ནུ་བུམ་པའི་འགྱུར། གོས་སྔོན་པོ་ཅན་གྱི་བསྒྲུབ་ཐབས། སྟོང་ཉིད་ཏིང་ངེ་འཛིན་ཏྲིའི་ཞབས་ཀྱིས་མཛད་པ་བ་རིའི་འགྱུར། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག སྟོང་ཉིད་ཏིང་ངེ་འཛིན་སྙིང་རྗེའི་ཞལ་སྔ་ནས་མཛད་པ་བ་རིའི་འགྱུར། རྡོ་རྗེ་སྙིང་པོའི་མན་ངག་བསྒྲུབ་པའི་ཐབས། ཛྙྱ་ན་ཤྲིས་མཛད་པ། རིག་སྔགས་གཏད་པའི་ཆོ་ག །ཚུལ་ཁྲིམས་རྒྱལ་བའི་འགྱུར། དེ་ཁོ་ན་ཉིད་ཀྱི་སྒྲོལ་མའི་རྩ་བ། དང་པོས་བྱིན་གྱིས་མཛད་པ་རྣམས་བཞུགས། ༼ཞི༽པ་ལ་དེའི་འགྲེལ་པ་དཔའ་བོ་བྱིན་གྱིས་མཛད་པ་རྣམས་སོ། །དེ་ནས་བྷ་མའི་བསྐོར་ལ། རྡོ་རྗེ་མེ་ལྕེའི་རྒྱུད་ལེའུ་བཅུ་གཉིས་ཀྱི་འགྲེལ་པ། དེ་ཁོ་ན་ཉིད་སྣང་བ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། ཕྱག་ན་རྡོ་རྗེ་ལྕེ་བབས་ཀྱི་འགྲེལ་པ་མུ་ཏིག་ཕྲེང་བ་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པ་མར་པའི་འགྱུར། ལྕེ་དབབ་པའི་བྱ་ཐབས་རྟེན་འབྲེལ་གྱི་མཐུས་བསྲུང་བ། ལྕེ་དབབ་ཀྱི་གསང་བ་ཡང་ཁོལ་གྱི་བསྒྲུབ་ཐབས། རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་མཛད་པ་མར་པའི་འགྱུར། རྣལ་འབྱོར་གྱི་སྤྱོད་ལམ་བརྒྱད་པ། སྤྲིན་གྱི་ཤུགས་ཅན་གྱིས་མཛད་པ་མར་པའི་འགྱུར། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་བྷ་བས་མཛད་པ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། གོས་སྔོན་ཅན་གྱི་དཀྱིལ་ཆོག་གཞན་གཅིག ཡང་དཀྱིལ་འཁོར་གྱི་ཆོ་ག་བྷ་བས་མཛད་པ་ཚུལ་ཁྲིམས་གཞོན་ནུའི་འགྱུར། ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་། ཚོགས་ཀྱི་འཁོར་ལོའི་སྦྱོར་བ་བརྒྱད་པ་བྷ་བས་མཛད་པ། གཏོར་མའི་ཆོ་ག་སྦྱོར་བ་བཅུ་གཅིག་པ་བྷ་བས་མཛད་པ། ཞི་རྒྱས་དབང་དྲག་བཞིའི་ཆོ་ག་བྷ་བས་མཛད་པ། འཕྲིན་ལས་བཞིའི་བསྒྲུབ་པའི་ལས་ཀྱི་སྦྱིན་སྲེག་གི་ཆོ་ག་བྷ་བས་མཛད་པ། ལས་ཀྱི་རིམ་པ་མུ་ཏིག་གི་ཕྲེང་བ། སློབ་དཔོན་བྷ་བས་མཛད་པ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། རྡོ་རྗེ་ལས་ཀྱི་ཚོགས་རིམ་པར་ཕྱེ་བའི་ཆོ་ག་བྷ་བས་མཛད་པ། སྦྱོར་ཁ་ཆེན་པོའི་མན་ངག་བྷ་བས་མཛད་པ། བསྒྲུབ་ཐབས་ཆེན་པོ་བྷ་བས་མཛད་པ་རྣམས་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། གོས་སྔོན་ཅན་གྱི་བསྒྲུབ་ཐབས་ཆུང་བ། གོས་སྔོན་ཅན་གྱི་བསྒྲུབ་ཐབས་བྷ་བའི་མན་ངག་ཆོས་ཀྱི་བཟང་པོའི་འགྱུར། གོས་སྔོན་ཅན་གྱི་བསྒྲུབ་ཐབས་ཆེན་པོ་བྷ་བས་མཛད་པ། གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། ཕྱག་ན་རྡོ་རྗེའི་བསྒྲུབ་ཐབས། བ་སུ་ཛ་ནས་བྷ་ཏྲས་མཛད་པ། ཕྱག་ན་རྡོ་རྗེའི་མཛད་པའི་མེ་ལྕེའི་བསྒྲུབ་ཐབས། ཕྱག་ན་རྡོ་རྗེའི་བསྒྲུབ་ཐབས་ནག་པོའི་ཞབས་ཀྱིས་མཛད་པ་རྣམས་སོ། །ཕྱག་ན་རྡོ་རྗེ་འགྲོ་བཟང་གི་བསྐོར་ལ། ཕྱག་ན་རྡོ་རྗེའི་བསྒྲུབ་ཐབས་འགྲོ་བཟང་སྙིང་པོས་མཛད་པ་འཕགས་པ་ཤེས་རབ་ཀྱི་འགྱུར། གཏོར་མའི་ཆོ་ག སྦྱིན་སྲེག་གི་ཆོ་ག་རྫས་དང་། སྔགས་དང་། སྨན་གྱི་འཁྲུལ་འཁོར། བསྒྲད་པའི་འཁྲུལ་འཁོར་བསྣུན་པའི་འཁྲུལ་འཁོར། གོས་སྔོན་ཅན་གྱི་ཆོ་ག་རིན་པོ་ཆེའི་འཕྲེང་བ། འཕགས་པ་ཤེས་རབ་ཀྱི་འགྱུར། རྣམ་ཐོས་སྲས་ཀྱི་བསྒྲུབ་ཐབས། ཤུ་རང་ཀ་ཝརྨས་མཛད་པ། རྣམ་ཐོས་སྲས་བདེ་བྱེད་ཀྱི་རྟག་པ་འགྲོ་བཟང་སྙིང་པོས་མཛད་པ། བཱེ་ཤ་ཝ་ནའི་རྟོག་པ། རྒྱལ་པོའི་གཏོར་མའི་རིམ་པ། པྲ་དབབ་པའི་རིམ་པ། ཕྱིར་བཟློག་པའི་སྦྱིན་སྲེག་གི་ཆོ་ག རྣམ་སྲས་ཀྱི་དྲག་བྱེད་ཀྱི་ཆོ་ག རྣམ་ཐོས་སྲས་ཀྱི་ལས་རྟག་པའི་བསྒྲུབ་ཐབས། འགྲོ་བཟང་སྙིང་པོས་མཛད་པ་རྣམ་ཐོས་སྲས་ཀྱི་བསྒྲུབ་པའི་ཐབས། ནོར་འཕེལ་བ། འགྲོ་བཟང་སྙིང་པོས་མཛད་པ་རྣམས་འཕགས་པ་ཤེས་རབ་ཀྱི་འགྱུར་རོ། །དཔལ་ཕྱག་ན་རྡོ་རྗེ་གཏུམ་པོའི་བསྐོར་ལ། གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་འགྲེལ་པ། ཀརྨ་བཛྭས་མཛད་པ། རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས་པ་ལས་ཀྱི་རྡོ་རྗེས་མཛད་པ། དར་མ་ཚུལ་ཁྲིམས་ཀྱི་འགྱུར། ཁྲོ་བོ་གཏུམ་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་ཀླུ་གྲུབ་ཀྱིས་མཛད་པ། ཕྱག་ན་རྡོ་རྗེའི་ལམ་ཡན་ལག་བརྒྱད་པ། ཀླུ་སྒྲུབ་ཀྱིས་མཛད་པ། དཔལ་ཕྱག་ན་རྡོ་རྗེའི་ལས་ཀྱི་བསྒྲུབ་ཐབས། ལས་ཀྱིས་རྡོ་རྗེས་མཛད་པ། ཕྱག་ན་རྡོ་རྗེའི་ཡན་ལག་བདུན་པ། ཀླུ་གཏོར་གཏུམ་ཆུང་། ཁྲ་ཐོགས་མའི་བསྒྲུབ་ཐབས་རྒྱལ་པོ་ཟླ་བའི་སྙིང་པོས་མཛད་པ། རྡོ་རྗེ་ཁྱུང་གི་བསྒྲུབ་ཐབས། རྡོ་རྗེ་པད་མས་མཛད་པ་རྨ་བན་གྱི་འགྱུར། ཁྲོ་བོའི་རྒྱལ་པོ་གོས་སྔོན་པོ་ཅན་གྱི་བསྒྲུབ་ཐབས། སློབ་དཔོན་པུ་ཙ་ན་བཛྭས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར་ཁྲོ་བོ་རྡོ་རྗེ་འཛིན་པའི་བསྒྲུབ་ཐབས། སྦྱིན་སྲེག་གཏོར་མའི་ཆོ་ག བསྲུང་བའི་ཆོ་ག་ལས་ཐམས་ཅད་པ་རྣམས། སློབ་དཔོན་བྷ་པུ་ད་རས་མཛད་པ། པྲཛྙྱ་ཤྲི་ཛྙྱ་ན་ཀིར་ཏིའི་རང་འགྱུར། རྡོ་རྗེ་གནམ་ལྕགས་མཆུའི་བསྐོར་ལ། དེའི་བསྒྲུབ་ཐབས་བསྙེན་པ། ཐུན་བཀྲད་པ། གསད་པ། མཆོད་པ། ཆར་དབབ་པ། སེར་བ་བསྲུང་བ། སྦྱིན་སྲེག་རྣམས་མེ་ཏྲི་བས་མཛད་པ། དེའི་དཀྱིལ་འཁོར་གྱི་ཆོ་ག་རྣམས་སོ། །རྡོ་རྗེ་རྣམ་པར་འཇོམས་པའི་སྐོར་ལ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་བཤད་པ་རྡོ་རྗེ་སྒྲོན་མ། པད་མ་འབྱུང་གནས་ཀྱིས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་ཕྱི་མ། བྷོ་དེ་ས་ཏས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་གསལ་བའི་སྒྲོན་མ། ཡེ་ཤེས་རྡོ་རྗེས་མཛད་པ། དཔལ་བརྩེགས་ཀྱིས་བསྒྱུར་བ་ལས། རིན་ཆེན་བཟང་པོས་རྒྱ་དཔེ་ལ་བཏུགས་པ། རྡོ་རྗེ་རྣམ་པར་འཇོམས་པའི་དོན་ཕྱེ་སྟེ་བཤད་པ་བི་མ་ལས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་དོན་རྣམ་པར་བཤད་པ། བདེ་བའི་མྱུ་གུས་མཛད་པ། དཀྱིལ་འཁོར་དྲུག་གི་ཆོ་ག་རིན་པོ་ཆེའི་མིག །ཐུར་ཤུ་རང་ག་བཛྭས་མཛད་པ་རྣམས་བཞུགས། ༼ཟི༽པ་ལ་རྡོ་རྗེ་རྣམ་པར་འཇོམས་པའི་རྒྱ་ཆེར་འགྲེལ་པ། སངས་རྒྱས་གསང་བས་མཛད་པ་མཉྫྱུ་ཤྲི་ཝརྨའི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ། ས་བ་རིས་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར་རྡོ་རྗེ་རྣལ་འཇོམས་གྱི་འགྲེལ་པ་ཇོ་བོ་སྨྲི་ཏིས་མཛད་པ། རྣམ་འཇོམས་ཀྱི་གཟུངས་ཀྱི་མན་ངག་སྨྲི་ཏིས་མཛད་པ། དེ་ཉིད་ཀྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་གའི་ལག་ལེན་གཞན་ལ་ཕན་པ། རད་ན་ཤྲིའི་མཛད་པ་ཚུལ་གེ་རིན་ཆེན་གྱི་འགྱུར། རྡོ་རྗེ་རྣམ་འཇོམས་ཀྱི་ཆོ་ག་མདོར་བསྡུས་པ། རད་ན་ཤི་ལས་མཛད་པ་ཚུལ་གེ་རིན་ཆེན་གྱི་འགྱུར། རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཀྱིས་ཆོ་ག་ཡེ་ཤེས་རྡོ་རྗེས་མཛད་པ། སྦྱིན་སྲེག་ཆོ་ག་རྡོ་རྗེ་གོ་ཆས་མཛད་པ། རྣམ་འཇོམས་ཀྱི་གཟུགས་ཀྱི་ཆོ་ག་ཞིབ་མོ་དང་བཅས། ཀུ་མ་ར་སེ་ནས་མཛད་པ། རྣམས་འཇོམས་གཟུངས་ཀྱི་བསྒྲུབ་ཐབས། དཔའ་བོ་གཅིག་པ་སངས་རྒྱས་གསང་བས་མཛད་པ་རྣམ་འཇོམས་ཀྱི་མན་ངག་ལས་ཀྱི་ཐབས་བྷུ་དྷ་གྷུ་ས་མཛད་པ། གཟུངས་ཀྱི་གཏོར་མའི་ཆོ་ག་གཟུངས་ཀྱི་གསང་བས་མཛད་པ། རྣམ་འཇོམས་ཀྱི་སྦྱིན་སྲེག་གི་ཆོ་ག་ཞིབ་མོ་སངས་རྒྱས་གསང་བའི་མཛད་པ། མཉྫྱུ་ཝརྨའི་འགྱུར། རྣམ་འཇོམས་ཀྱི་དཀྱིལ་འཁོར་གྱི་ཆོ་ག །དགའ་བའི་སྒྲོན་མ། རྡོ་རྗེ་གོ་ཆས་མཛད་པ་པུ་རངས་བསོད་ནམས་བློ་གྲོས་ཀྱི་འགྱུར། རྣམ་འཇོམས་ཀྱི་རིམ་པའི་ཆོ་གའི་རིམ་པ། རྡོ་རྗེ་གོ་ཆས་མཛད་པ། རྣམ་འཇོམས་ཀྱི་ཁྲུས་ཀྱི་ཆོ་ག་རྡོ་རྗེ་གོ་ཆས་མཛད་པ། རྣམ་འཇོམས་ཀྱི་དཀྱིལ་འཁོར་ཆོ་ག་རིན་ཆེན་སྣང་བ། ས་བ་རིས་མཛད་པ། རྡོ་རྗེ་རྣམ་འཇོམས་གཏུམ་པོའི་བསྒྲུབ་ཐབས་ས་ཝ་རི་པས་མཛད་པ། རྡོ་རྗེ་ཁྲོ་བོས་བསད་པའི་འཕྲིན་ལས་ས་ཝ་རི་པས་མཛད་པ། སྦྱིན་སྲེག་ས་ར་མི་ཏས་མཛད་པ་རྣམས་ཆོས་ཀྱི་བཟང་པོའི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་བསྒྲུབ་ཐབས་མདོར་བསྡུས། ཙན་ཏྲ་གོ་མིས་མཛད་པ། རྡོ་རྗེ་རྣམ་འཇོམས་ཀྱི་བསྒྲུབ་ཐབས། ག་ག་དྷ་རས་མཛད་པ། ཅོག་གྲུ་རབ་ཞིའི་འགྱུར། རྡོ་རྗེ་རྣམ་འཇོམས་གཟུངས་ཀྱི་བསྒྲུབ་ཐབས། བྲམ་ཟེ་མ་ནི་བཛྭས་མཛད་པ། རྡོ་རྗེ་རྣམ་འཇོམས་མ་བསྟོད་པ། མ་ཎི་བཛྭ་མཛད་པ། རྣམ་འཇོམས་ཀྱི་བུམ་ཆོག ཞི་བའི་སྦྱིན་སྲེག་གི་ཆོ་ག གཏོར་མའི་ཆོ་ག ལས་བཞི་བསྒྲུབ་པའི་ཆོ་ག མ་ཎི་བཛྭས་མཛད་པ། རྡོ་རྗེ་རྣལ་འཇོམས་ལས་བཞི་བསྒྲུབ་པའི་སྦྱིན་སྲེག་གི་ཆོ་ག ཛྙྱ་བ་ཤྲིས་མཛད་པ། ལས་བཞི་བསྒྲུབ་པའི་བུམ་པའི་ཆོ་ག་ཛྙྱ་ན་ཤྲིས་མཛད་པ། ལས་བཞི་བསྒྲུབ་པའི་འཁོར་ལོའི་ཆོ་ག་ཛྙྱ་ན་ཤྲིས་མཛད་པ། རྣམ་འཇོམས་ཀྱི་ལས་བསྒྲུབ་པའི་ཆོ་ག བྲམ་ཟེ་མ་ཎི་བཛྭས་མཛད་པ། ལས་སྣ་ཚོགས་བསྒྲུབ་པའི་ཆོ་ག་རྣམས་རབ་ཞིའི་འགྱུར། ལས་ཀྱི་མཐའ་བཅོ་བརྒྱད་པའི་མན་ངག །རྡོ་རྗེ་གོ་ཆས་མཛད་པ། རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་བྱང་ཆུབ་སྙིང་པོས་མཛད་པ། རྣམ་འཇོམས་ཀྱི་དཀྱིལ་འཁོར་གྱི་ཆོ་ག ཛ་ཡ་ཝརྨས་མཛད་པ། རྣམ་འཇོམས་ཀྱི་བསྒྲུབ་ཐབས་ལས་དང་བཅས་པ། ཡེ་ཤེས་རྡོ་རྗེས་མཛད་པ། སློབ་དཔོན་ཡེ་ཤེས་རྡོ་རྗེ་དང་། སློབ་དཔོན་པད་མ་དང་། མར་མེ་མཛད་རྣམས་ཀྱིས་མཛད་པའི་དཀྱིལ་འཁོར་ཆོ་ག་དང་བཅས་པའི་བསྒྲུབ་ཐབས། བརྒྱ་རྩར་གྲགས་པ་རྣམས་བཞུགས། དེ་དག་ནི་དཔལ་ཕྱག་ན་རྡོ་རྗེའི་བསྐོར་རྣམས་རིམ་པར་ཕྱེ་བའོ། །དེ་ནས་སྤྱན་རས་གཟིགས་ཀྱི་བསྐོར་ལ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག །བསྟོད་པ་བསྒྲུབ་ཐབས་གསུམ། སློབ་དཔོན་མཁས་པ་ཆེན་པོ་མཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་ལྕེ་དགའ་དཔལ་གྱི་འགྱུར། རིགས་ཀྱི་འཇིག་རྟེན་མགོན་པོ་ལྷ་ལྔ་བཅུ་པའི་འགྲེལ་པ་དྲི་མེད་དཔལ་བཟང་པོས་མཛད་པ། རིགས་ཀྱི་འཇིག་རྟེན་མགོན་པོའི་བྱིན་རླབས་ཀྱི་ཆོ་ག །བྷི་ལ་ཤྲི་ལས་མཛད་པ། རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་བསྒྲུབ་ཐབས། མ་ཧེ་ལྷས་མཛད་པ་གསུམ། ཡར་ཀླུངས་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། སྤྱན་རས་གཟིགས་ཕྱག་སྟོང་པའི་བསྒྲུབ་ཐབས། ཀླུ་སྒྲུབ་ཀྱིས་མཛད་པ། རིན་ཆེན་བཟང་པོའི་འགྱུར། ཕྱག་སྟོང་སྤྱན་སྟོང་གི་བསྒྲུབ་ཐབས། ཏ་ཐ་ག་ཏ་བཛྭས་མཛད་པ་ཁྱུང་གྲགས་ཀྱི་འགྱུར། འཇིག་རྟེན་དབང་ཕྱུག་ཡིད་བཞིན་ནོར་བུ་འཁོར་ལོས་བསྒྱུར་བའི་བསྒྲུབ་ཐབས། མཛེ་ཏ་རིས་མཛད་པ་རྣམ་སྣང་རྡོ་རྗེ་བླ་མའི་འགྱུར། འཇིག་རྟེན་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པའི་བསྒྲུབ་ཐབས། ཀླུ་སྒྲུབ་ཀྱིས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར། ཐུགས་རྗེ་ཆེན་པོའི་བསྒྲུབ་ཐབས་ཡིད་བཞིན་ནོར་བུ། ཀླུ་སྒྲུབ་ཀྱིས་མཛད་པ་ལ་མཆོག་དབྱངས་ཀྱི་འགྱུར། ཡི་གེ་དྲུག་པའི་བསྒྲུབ་ཐབས་སུ་ཛ་བཛྭས་མཛད་པ། སེང་གེ་སྒྲའི་བསྒྲུབ་ཐབས། ཆོས་ཀྱི་དབང་ཕྱུག་གི་འགྱུར། དོན་ཡོད་ཞགས་པའི་བསྒྲུབས་ཐབས་མདོར་བསྡུས་པ་དོན་ཞགས་ཀྱི་གཏོར་མའི་ཆོ་ག གསོ་སྦྱོང་གི་ཆོ་ག གསོ་སྦྱོང་བླང་བའི་ཐབས་ཀྱི་མན་ངག་རྣམས། ཤཱཀྱ་ཤྲི་བྷ་ཏྲས་མཛད་པ་རབ་མཆོག་དཔལ་གྱི་འགྱུར། ཡི་གེ་དྲུག་པའི་རིམ་པས་དཀྱིལ་འཁོར་གྱི་ཆོ་ག་འཁོར་ལོ་བསྟན་པའི་བསྒྲུབ་ཐབས། གཞན་ནུ་འོད་ཀྱི་འགྱུར། ཡི་གེ་དྲུག་པའི་བསྒྲུབ་ཐབས། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། རྟ་མགྲིན་གྱི་བསྒྲུབ་ཐབས། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྟ་མགྲིན་གྱི་ཤོ་ན་མ་བཞིའི་བསྒྲུབ་ཐབས། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པདྨའི་དགེ་བསྙེན་དང་། གྲགས་པའི་ལྷ་དང་། ཤིང་གཟོ་བ་དང་། བུད་མེད་དང་། སུ་ཀ་དྷེ་བས་ཐུགས་རྗེ་ཆེན་པོ་གྲུབ་པའི་གཏམ་རྒྱུད་རྣམས། བི་ན་ཤྲཱིའི་འགྱུར། པོ་ཏ་ལའི་ལམ་ཡི་གེ་ཇི་སྙེད་པ་དྷརྨ་ཡོན་ཏན་གྱི་འགྱུར། ལྟ་སྤྱོད་རྣམ་དག ཡི་གེ་དྲུག་པའི་མན་ངག་འཕོ་བ་དང་བཅས་པ་གསུམ། ཁ་ཆེ་པཎ་ཆེན་གྱི་མཛད་པ། སེམས་ཉིད་ངལ་སོ་མི་ཏྲི་ཨ་ནན་ཏས་མཛད་པ། འཆིང་བ་རྣམ་གྲོལ་གྱི་མན་ངག མི་ཏྲ་ཨ་ནན་ཏས་མཛད་པ། སེམས་རིན་པོ་ཆེ་སྦྱོང་བའི་ལམ། འབྲས་བུད་དྷ་ཤྲི་ཛྙྱ་ནས་མཛད་པ། བྱམས་པ་དཔལ་གྱིས་བསྒྱུར་བ་རྣམས། སྤྱན་རས་གཟིགས་ཀྱི་བསྐོར་རིམ་པར་ཕྱེ་བའོ། །འཇམ་དཔལ་གྱི་བསྐོར་ལ། བསྟོད་པ་མཚན་བརྗོད་ཀྱི་སྐབས་སུ་སྨོས་ནས། དཔའ་བོ་གཅིག་ཏུ་བསྒྲུབ་པའི་འགྲེལ་པ། སུ་བྷ་ཀ་རས་མཛད་པ། དྷ་ན་ཤི་ལའི་འགྱུར། དཔའ་བོ་གཅིག་དུ་གྲུབ་པའི་བསྒྲུབ་ཐབས། དགེ་བའི་འདོད་འཇོ། ཀླུ་སྒྲུབ་ཀྱིས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། དཔའ་བོ་གཅིག་དུ་གྲུབ་པའི་བསྒྲུབ་ཐབས། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར། འཇམ་དཔལ་གྱི་བསྒྲུབ་ཐབས། མ་ཏིས་མཛད་པ་དྷ་ན་ཤི་ལའི་འགྱུར། ཨ་ར་ཙ་པ་ཙ་ནའི་བསྒྲུབ་ཐབས། ཤྲ་དྷ་ཀ་ར་ཝརྨས་མཛད་པ་བསྒྲུབ་ཐབས་ཀྱི་ཆོ་ག །ཨ་ར་པ་ཙ་ནའི་མཆོད་པའི་ཆོ་ག་ཉི་མ་རྒྱལ་མཚན་གྱི་འགྱུར། མཚན་བརྗོད་བསྒྲུབ་ཐབས་མི་གཡོ་སེང་གེས་མཛད་པ། མར་དོའི་འགྱུར། ཨ་ར་པ་ཙ་ནའི་བསྒྲུབ་ཐབས། སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ་སློབ་དཔོན་ཀླུ་གྲུབ་ཀྱིས་མཛད་པ། འཕགས་པ་འཇམ་དཔལ་གྱི་བསྒྲུབ་ཐབས། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ། གཉན་དར་མ་གྲགས་ཀྱི་འགྱུར། རྗེ་བཙུན་འཇམ་དཔལ་དབྱངས་ཤེས་རབ་འཁོར་ལོའི་བསྒྲུབ་ཐབས། ཟླ་བའི་འབྱུང་གནས་སྦས་པས་མཛད་པ་བྱམས་པ་དཔལ་གྱི་འགྱུར། འཇམ་དཔལ་གཡོ་བའི་འཁོར་ལོའི་མན་ངག །ཤཱཀྱ་ཤྲཱི་བྷ་ཏྲས་མཛད་པ། འཇམ་དཔལ་དམར་པོ་གསུང་གི་བསྒྲུབ་ཐབས། རྗེ་ཀ་མ་ལ་ཤྲིས་མཛད་པ་སྟེ། འཇམ་དཔལ་གྱི་བསྐོར་རིམ་པར་ཕྱེ་བའོ། །དེ་ནས་སྒྲོལ་མའི་བསྐོར་ལ། འཕགས་མ་སྒྲོལ་མའི་བསྟོད་པ་དོན་ཐམས་ཅད་གྲུབ་པ། མ་ཏྲི་ཙི་ཏྲས་མཛད་པ། རྗེ་བཙུན་མ་སྒྲོལ་མ་ལ་བསྟོད་པ་མ་ཏི་ཙི་ཏྲས་མཛད་པ། སེང་གེ་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་དྲུག་པ། མཛེས་མ་གཞོན་ནུ་མ། ཀླུ་གྲུབ་ཀྱིས་མཛད་པ། རྗེ་བཙུན་མ་སྒྲོལ་མ་ལ་བསྟོད་པ་མེ་ཏོག་གི་ཕྲེང་བ། འཆི་མེད་ཟླ་བས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཕགས་མ་སྒྲོལ་མ་ལ་བསྟོད་པ་མུ་ཏིག་ཕྲེང་བ། ཙན་ཏྲ་གོ་མིས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། སྒྲོལ་མ་ལ་འཇིགས་པ་བརྒྱད་ལས་བསྒྲོལ་བར་བསྟོད་པ། ལྷ་མོ་སྒྲོལ་མ་ལ་བསྟོད་པ། སྒྲོལ་མ་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་གཉིས་པ། ཙན་ཏྲ་གོ་མིས་མཛད་པ། སྒྲོལ་མ་ལ་བསྟོད་པ་ཕྲིན་ལས་ཐམས་ཅད་གྲུབ་པའི། ཙན་ཏྲ་གོ་མིས་མཛད་པ། མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱི་བསྟོད་པ། ཉི་མ་གྲགས་དང་ཆོས་རྗེ་དཔལ་གྱི་འགྱུར། མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ་ཚག་བར་བདུན་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། ཟླ་བ་གཞོན་ནུས་རང་འགྱུར་བྱས་པ། སྒྲོལ་མ་ལ་སྨྲེ་སྔགས་ཀྱི་གསོལ་འདེབས་ཀྱི་བསྟོད་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་བྱམས་པ་དཔལ་ལོ་ཙཱའི་འགྱུར། སྒྲོལ་མ་ཉི་ཤུ་རྩ་ཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ། ཉི་མ་སྦས་པས་མཛད་པ་རྒྱ་བརྩོན་སེང་གིས་བཞེད་ཅིང་བླ་མ་བཻ་རོ་ཙ་ནའི་ཕྱག་དཔེ་ལ་ཡང་གཏུགས་པ། རྡོ་རྗེ་ཕག་མོ་སྒྲོལ་མ་ལ་བསྟོད་པ། ཟླ་བ་གྲགས་པས་མཛད་པ། སྒྲོལ་མ་ཁྲོ་མོ་ལ་རྩ་བའི་སྔགས་ཀྱིས་བསྟོད་པ། རྗེ་བཙུན་མ་སྒྲོལ་མ་ལ། ཇོ་བོ་རྗེས་བསྟོད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། རྗེ་བཙུན་མ་སྒྲོལ་མ་ལ་ཉི་མ་སྦས་པས་བསྟོད་པ་འདན་མ་ཚུལ་ཁྲིམས་སེང་གེའི་འགྱུར། འཕགས་མ་སྒྲོལ་མ་ལ་བསྟོད་པ། མར་མེ་མཛད་བཟང་པོས་བསྟོད་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ་ཨཀྵོ་བྷྱ་བཛྭས་མཛད་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ། ངག་གི་དབང་ཕྱུག་གྲགས་པས་མཛད་པ། རིན་ཆེན་གྲགས་ཀྱི་འགྱུར། གནས་ཆེན་གྱི་རིམ་པའི་ལྷ་མོ་སྒྲོལ་མ་ལ་བསྟོད་པ། མི་སྐྱོད་རྡོ་རྗེས་མཛད་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ། འབུམ་ཕྲག་གསུམ་པས་མཛད་པ། དཔལ་ཆེན་མོ་སྒྲོལ་མའི་བསྟོད་པ་ཙན་ཏྲ་གོ་མིས་མཛད་པ་བློ་གྲོས་རྒྱལ་པོས་བསྒྱུར་བ་ལས་ཉི་མ་རྒྱལ་མཚན་གྱིས་དག་པར་བྱས་པ། སྒྲོལ་མ་ཉི་ཤུ་རྩ་གཅིག་པའི་བསྒྲུབ་ཐབས་ལས་ཀྱི་ཡན་ལག་དང་བཅས་པ། ཉི་མ་སྦས་པས་མཛད་པ་བློ་གྲོས་གྲགས་པའི་འགྱུར། སྒྲོལ་མའི་བསྒྲུབ་ཐབས་མན་ངག་གི་རིམ་པ་ཨུ་རྒྱན་ནས་བྱུང་བ། ཉི་མ་སྦས་པས་མཛད་པ། ཁ་ཆེ་པཎ་ཊི་ཏས་སྤྱན་དྲངས་པའི་དཔེ་ས་སྐྱར་འགྱུར་བ། སྒྲོལ་མའི་བསྒྲུབ་ཐབས་དམ་པ་རྣམས་བཞུགས། ༼འི༽པ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་པའི་བསྒྲུབ་ཐབས་ཉི་མ་སྦས་པའི་ཞབས་ཀྱིས་མཛད་པ། བྱམས་པ་དཔལ་བོ་འགྱུར། ལྷ་མོ་སྒྲོལ་མའི་བསྒོམ་པའི་ཆོ་ག་རྒྱས་པ། མར་མེ་མཛད་བཟང་པོས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། མེ་ཏོག་འཕྲེང་འཛིན་གྱི་བསྒྲུབ་ཐབས། ཏ་ཐ་ག་ཏ་རཀྵི་ཏས་མཛད་པ། སྟོང་ཉིད་བསྒོམ་པ། ལོག་པར་བལྟ་བ་སུན་དབྱུང་བ། ཆོམ་རྐུན་བཅིང་བ། རིག་པ་བསྐྱེད་པ། འཆི་བ་བསླུ་བ་རྣམས། ཏ་ཐ་ག་ཏ་རཀྵི་ཏས་མཛད་པ་རྣམས་མྱ་ངན་མེད་པའི་དཔལ་གྱི་འགྱུར། མེ་ཏོག་འཛིན་གྱི་བསྟོད་པ་བསྒྲུབ་ཐབས་དང་བཅས་པ། རཏྣ་རཀྵི་ཏས་མཛད་པ་གྲུབ་པ་དཔལ་གྱི་འགྱུར། སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྒྲུབ་ཐབས། ཀླུ་གྲུབ་ཀྱིས་མཛད་པ་རྣམ་པར་སྣང་མཛད་ཀྱི་འགྱུར། འཇིག་པ་བརྒྱད་ལས་སྐྱོབ་པ། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། སྒྲོལ་མ་དཀར་མོའི་བསྒྲུབ་ཐབས། ངག་དབང་གྲགས་པའི་སློབ་མས་མཛད་པ་བ་རིའི་འགྱུར། འཇིགས་པ་བརྒྱད་ལས་བསྐྱོབ་པའི་བསྒྲུབ་ཐབས། ཙན་ཏྲ་གོ་མས་མཛད་པ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལས། བློ་གྲོས་གྲགས་པས་བཅོས་པ། སྒྲོལ་མའི་བསྒྲུབ་ཐབས། མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ། སྒྲོལ་མའི་སྒྲུབ་ཐབས་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱི་མཛད་པ་བྱམས་པ་དཔལ་ལོ་ཙཱའི་འགྱུར། སྒྲོལ་མ་ཡིད་བཞིན་ནོར་བུའི་བསྒྲུབ་ཐབས། བྷ་བ་བྷ་ཏྲས་མཛད་པ། ཆོམ་རྐུན་བཅིང་བ་རཀྵི་ཏས་མཛད་པ། སྒྲོལ་མའི་ཁྲུས་ཆོག་བྷ་བ་བྷ་ཏྲས་མཛད་པ། མཎྜྻལ་གྱི་ཆོ་ག་སྙིང་རྗེ་ཆེན་པོས་མཛད་པ། གསོ་སྦྱོང་བླང་བའི་ཆོ་ག་བྷ་བ་བྷ་ཏྲས་མཛད་པ་ཚེ་འཕེལ་བའི་ཆོ་ག །ཙན་ཏྲ་གོ་མིས་མཛད་པ། སྒྲོལ་མའི་མཆོག་བསྒྲུབ་པ། བསོད་སྙོམས་བས་མཛད་པ་རྣམས་གྲུབ་པ་དཔལ་བཟང་པོའི་འགྱུར། སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་འདོན་ཐབས་དང་། འཆི་ཁ་མའི་ཉམས་ལེན་ཤཱཀྱ་ཤྲཱིས་མཛད་པ་བྱམས་པ་དཔལ་ལོ་ཙའི་འགྱུར། དཀྱིལ་འཁོར་ལ་འཇུག་པའི་ཆོ་ག །བྷ་བ་བྷ་ཏྲས་མཛད་པ་ཞང་གྲུབ་པ་དཔལ་གྱི་འགྱུར། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་མདོར་བསྡུས་པ། ས་ར་ཧི་ཏས་མཛད་པ་འཇམ་དཔལ་སྒེག་པ་རྡོ་རྗེའི་འགྱུར། རྡོ་རྗེ་སྒྲོལ་མའི་བསྒྲུབ་ཐབས་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཆག་དགྲ་བཅོམ་གྱི་འགྱུར། ཨུ་རྒྱན་གྱི་རིམ་པའི་སྒྲོལ་མའི་བསྒྲུབ་ཐབས། མཁའ་འགྲོ་མ་བདེ་ལྡན་པས་གསུངས་པ། ཤེས་རབ་རྒྱལ་མཚན་གྱི་འགྱུར། འཇིགས་པ་བརྒྱད་ལས་སྐྱོབ་པ་སྒྲོལ་མའི་བསྒྲུབ་ཐབས། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། དགེ་སློང་འཕགས་པས་རྒྱའི་ཡུལ་ཅོང་དྷོའི་མཁར་དུ་བསྒྱུར་བ། རྗེ་བཙུན་སྒྲོལ་མའི་བསྒྲུབ་ཐབས། མར་མེར་མཛད་ཡེ་ཤེས་ཀྱིས་མཛད་པ། དགེ་བའི་བློ་གྲོས་ཀྱི་འགྱུར། ཤཱཀྱ་ཤྲཱིས་མཛད་པ་སྒྲོལ་མའི་བསྒྲུབ་ཐབས། བི་སུ་ཏ་ཙན་ཏྲའི་འགྱུར། སྒྲོལ་མའི་བསྒྲུབ་ཐབས་བརྒྱ་རྩ་བརྒྱད་པ། ཙན་ཏྲ་གོ་མིས་མཛད་པ། ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལ། བློ་གྲོས་གྲགས་པས་བསྒྱུར་བ། སྒྱུ་འཕྲུལ་དྲ་བའི་རིམ་པ་རྗེ་བཙུན་མ་སྒྲོལ་མའི་བསྒྲུབ་ཐབས། གཞོན་ནུ་འོད་ཀྱི་འགྱུར། སྒྲོལ་མ་ལྷ་དགུའི་བསྒྲུབ་ཐབས་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་འབྲོག་མིའི་འགྱུར། སྒྲོལ་མའི་མངོན་པར་རྟོགས་པ། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཀུ་རུ་ཀུ་ལེའི་བསྒྲུབ་ཐབས་གཞོན་ནུ་འོད་ཀྱི་འགྱུར། འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་གནོད་སྦྱིན་མོའི་བསྒྲུབ་ཐབས། དར་མ་བློ་གྲོས་ཀྱི་འགྱུར། རྒྱ་ནག་སྒྲོལ་མའི་བསྒྲུབ་ཐབས། གཏོར་ཆོག །སྒྲོལ་མའི་བློ་འཕེལ་གྱི་མན་ངག །ཀླུ་གྲུབ་ཀྱིས་མཛད་པ་རྣམས་དྷ་ན་ཤི་ལའི་འགྱུར། རལ་གཅིག་མའི་བསྒྲུབ་ཐབས་མི་ཕམ་སྦས་པས་མཛད་པ། རལ་གཅིག་མའི་བསྒྲུབ་ཐབས་རོལ་པའི་རྡོ་རྗེས་མཛད་པ་གཉིས་བྱམས་པ་དཔལ་ལོ་ཙའི་འགྱུར། རལ་གཅིག་མའི་བསྒྲུབ་ཐབས་བཛྭ་ཀིརྟིས་མཛད་པ། རལ་གཅིག་མ་དམར་མོའི་བསྒྲུབ་ཐབས། ལེགས་པའི་བློ་གྲོས་ཀྱི་འགྱུར། རལ་གཅིག་མ་དམར་མོའི་བྱིན་རླབས་ཀྱི་ཆོ་ག །ནག་པོ་སྤྱོད་པས་མཛད་པ་གཞོན་ནུ་ཤེས་རབ་ཀྱི་འགྱུར། རལ་གཅིག་མ་དཀར་མོའི་བསྒྲུབ་ཐབས། རོལ་པའི་སྦས་པས་མཛད་པ་པཎ་ཌི་ཏ་ཆེན་པོ་དྷ་ན་ཤི་ལའི་འགྱུར། འོད་ཟེར་ཅན་གྱི་བསྒྲུབ་ཐབས། ཨ་ཤོ་ཀ་ཤྲི ཡིས་མཛད་པ། ལྷ་མོ་འོད་ཟེར་ཅན་གྱི་བསྒྲུབ་ཐབས། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་ལུ་གུ་རྒྱུད་ཀྱི་བསྒྲུབ་ཐབས། མཛེ་ཏ་རི་དགྲ་ལས་རྒྱལ་བས་མཛད་པ། ཆོས་ཀྱི་དབང་ཕྱུག་གི་འགྱུར། དེ་རྣམས་རྗེ་བཙུན་སྒྲོལ་མ་ལ་སོགས་ལྷ་མོའི་བསྐོར་རིམ་པར་ཕྱེ་བའོ། །དེ་ནས་གཟུངས་ཀྱི་བསྐོར་ལ། གཙུག་གཏོར་དྲི་མེད་ཀྱི་གཟུངས་རྣམ་པར་བཤད་པ། ལྷན་ཅིག་གི་སྐྱེས་པའི་རོལ་པས་མཛད་པ། ལངས་པོ་ཚུལ་ཁྲིམས་བརྩེགས་པའི་འགྱུར། གཙུག་གཏོར་དྲི་མེད་ཀྱི་གཟུངས་དེ་བཞིན་གཤེགས་པའི་དམ་ཚིག་བསྲུང་བའི་བསྒྲུབ་ཐབས། དྲི་མེད་འོད་ཀྱི་གཟུངས་ཀྱི་ཆོ་ག །རྒྱས་བསྡུས་གཉིས་ཏི་པཾ་ཀ་རས་མཛད་པ། །བི་མ་ལ་ཨུ་ཥྞི་ཤའི་མཆོད་རྟེན་བསྒྲུབ་པའི་ཆོ་ག །ཞི་བའི་སྙིང་པོས་མཛད་པ། ཀུན་ནས་སྒོར་འཇུག་པའི་གཙུག་གཏོར་དྲི་མ་མེད་པའི་མཆོད་པའི་ཆོ་ག་རྒྱས་པ་ཤན་ཏ་རཀྵིས་ཏས། ཁྲི་སྲོང་སྡེ་བཙན་གྱིས་དོན་དུ་མཛད་པ། གཙུག་གཏོར་རྣམ་པར་རྒྱལ་བའི་བསྟོད་པ་ཙན་ཏྲ་གོ་མིས་མཛད་པ། འཕགས་པ་གདུགས་དཀར་ཅན་ལས་བསྟོད་པ། གྷི་རི་ཝ་ཏས་མཛད་པ། གཙུག་གཏོར་རྣམ་རྒྱལ་གྱི་བསྒྲུབ་ཐབས། རྡོ་རྗེ་གདན་པས་མཛད་པ་བ་རི་ལོ་ཙའི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་གཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གྱི་འགྲེལ་པ། ཤུ་རང་ག་བཛྭས་མཛད། གཟུངས་འདོན་པའི་ཆོ་ག །ཤུ་རང་ཀ་བཛྭས་མཛད་པ་གཉིས་འཕགས་པ་ཤེས་རབ་ཀྱི་འགྱུར། གདུགས་དཀར་ཅན་གྱི་ཉེ་བར་བཤད་པ། རྡོ་རྗེ་གདན་པས། རྡོ་རྗེ་གདན་པས་མཛད་པ་བ་རིའི་འགྱུར། གདུགས་དཀར་མོ་ཅན་གྱི་ཆོ་ག་ཙན་ཏྲ་གོ་མིས་མཛད་པ། འཕགས་པ་ཤེས་རབ་ཀྱི་འགྱུར། གདུག་དཀར་མོ་ཅན་གྱི་གཏོར་མའི་ཆོ་ག །ཙན་ཏྲ་གོ་མིས་མཛད་པ་རིན་ཆེན་བ་སོའི་འགྱུར། གདུགས་དཀར་མོ་ཅན་གྱི་ཕྱིར་བཟློག་པའི་གཟུངས་ཀྱི་བསྒྲུབ་ཐབས། ཙན་ཏྲ་གོ་མིས་མཛད་པ། བསྲུང་འཁོར། འཁྲུལ་འཁོར། བཟློག་པའི་ཐབས། བགེགས་བཟློག་ཅིང་གཟིར་བའི་ཆོ་ག །ཕ་རོལ་གྱི་དམག་དཔུང་གཞོམ་པའི་ཐབས། དངོས་གྲུབ་བསྒྲུབ་པའི་ཐབས། འཇིགས་པ་ལས་སྐྱོབ་པའི་ཐབས། སེར་བ་བསྲུང་བའི་ཐབས། ནད་གདུག་པ་ཅན་གསོ་བའི་ཐབས། གཏོར་མའི་ཆོ་ག་གདུགས་དཀར་ཅན་བསྒྲུབ་ཐབས་ཀྱི་ཆོ་ག །གྷིར་ཏི་ཝ་ཏས་མཛད་པ། སྦྱིན་བསྲེག་གི་ཆོ་ག་རྡོ་རྗེ་རྣོན་པོས་མཛད་པ། རིམས་བསྲུང་བའི་ཆོ་ག །གོར་བསྲུང་བའི་ཆོ་ག །ཙན་ཏྲ་གོ་མིས་མཛད་པ། ཞི་བ་དང་། མངོན་སྤྱོད་དང་དབང་གི་སྦྱིན་སྲེག །སྲིའུ་གསོ་བ། བཟློག་པའི་ཟོར་ཆོག་རྣམས་ཙན་ཏྲ་གོ་མིས་མཛད་པ། གདུགས་དཀར་ཅན་གྱི་གཟུངས་ཀྱི་བསྒྲུབ་ཐབས། བི་མ་ལ་མི་ཏྲས་མཛད་པ། གདུགས་དཀར་ཅན་གཞན་གྱིས་མི་ཐུབ་པའི་གཟུངས་ཀྱི་བསྒྲུབ་ཐབས། གློ་བོ་ལོ་ཚ་བས་བསྒྱུར་བ། གདུགས་དཀར་ཅན་ཀྱི་དཀྱིལ་འཁོར་གྱི་ཆོ་ག པད་མའི་ལྕགས་ཀྱུས་མཛད་པ་འཕགས་པ་ཤེས་རབ་ཀྱི་འགྱུར། རབ་ཏུ་གནས་པའི་ཆོ་ག །པད་མའི་ལྕགས་ཀྱུས་སྦྱར་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཚ་ཚའི་བྱ་བ་པད་མའི་ལྕགས་ཀྱུས་མཛད་པ། ཟངས་དཀར་ལོ་ཙཱའི་འགྱུར། མཆོད་རྟེན་བསྒྲུབ་པའི་ཆོ་ག་མདོར་བསྡུས་པ། ཙན་ཏྲ་གོ་མིས་མཛད་པ། སྟོང་མོ་རབ་དུ་འཇོམས་པའི་མདོའི་འབུམ་འགྲེལ་དག་པ་ལྔ་པ། ལས་ཀྱི་རྡོ་རྗེས་མཛད་པ། རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་འབུམ་འགྲེལ། ལས་ཀྱི་རྡོ་རྗེས་མཛད་པ་རྣམས་བཞུགས། ༼ཡི༽པ་ལ་གསང་སྔགས་རྗེས་སུ་འཛིན་མའི་མདོའི་འབུམ་འགྲེལ། ལས་ཀྱི་རྡོ་རྗེས་མཛད་པ། དོན་ཡོད་རྡོ་རྗེའི་འགྱུར། བསྲུང་བ་ལྔའི་བསྒྲུབ་ཐབས། མཛེ་ཏ་རི་པས་མཛད་པ་དར་མ་གྲགས་ཀྱི་འགྱུར། སྟོང་ཆེན་མོ། རྨ་བྱ་ཆེན་མོ། གསང་སྔགས་རྗེས་སུ་འཛིན་མ། བསིལ་བ་མཚལ། སོ་སོར་འབྲང་མ་རྣམས་སོ་སོའི་བསྒྲུབ་ཐབས། འཛི་ཏ་རི་པས་མཛད་པ་དར་མ་གྲགས་ཀྱིས་བསྒྱུར་བ་ལས། ཆོས་ཀྱི་དབང་ཕྱུག་གིས་བཅོས་པ། སོ་སོ་འབྲང་མའི་འཁོར་ལོ་བྲི་བའི་ཆོ་ག །འཛི་ཏ་རི་པས་མཛད་པ་པྲཛྙྱ་ཀིཏྟིའི་འགྱུར་སོ་སོ་འབྲང་མའི་བསྲུང་བའི་ཆོ་ག སངས་རྒྱས་ཡེ་ཤེས་ཞབས་ཀྱི་གདམ་ངག་པྲཛྙྱ་ཀིར་ཏིའི་འགྱུར། སོ་སོ་འབྲང་མའི་འཁོར་ལོ་བྲི་ཐབས་ཤན་ཏི་བས་མཛད་པ། བསྲུང་བ་ལྔའི་ཆོ་ག་ཤན་ཏི་བས་མཛད་པ། བློ་ལྡན་ཤེས་རབ་ཀྱི་འགྱུར། སོ་སོ་འབྲང་མའི་འཁོར་ལོའི་སེམས་བྱང་། ཀླུ་གྲུབ་ཀྱིས་མཛད་པ་ནམ་མཁའ་རྡོ་རྗེའི་འགྱུར། འཕགས་པ་ཏྲ་བྱི་ལའི་ཆོ་གའི་རིམ་པར་ཕྱེ་བ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག །རད་ན་ཀིརྟིས་མཛད་པ་མ་ཧ་པ་ནའི་འགྱུར། བསྒྲུབ་ཐབས་ཐམས་ཅད་ཀྱི་ལས་ཀ་གསལ་བྱེད། རད་ན་ཀིརྟིས་མཛད་པ། གཟུངས་ཐམས་ཅད་ཀྱི་བསྒྲུབ་ཐབས་རིམ་པ་གཉིས་པ། རིན་ཆེན་གྲགས་པས་མཛད་པ། གཟུངས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆོ་ག་ཀུན་སྣང་གསལ་བ། རིན་ཆེན་གྲགས་པས་མཛད་པ་བལ་པོ་མ་ཧ་པ་ནའི་འགྱུར། བསྒྲུབ་ཐབས་སྤྱིའི་མན་ངག་གསལ་པོར་བྱེད་པ། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ལེགས་པར་གྲུབ་པར་བྱེད་པའི་བསྒྲུབ་ཐབས། བྱང་ཆུབ་མཆོག་གིས་མཛད་པ། དམ་ཚིག་གསུམ་བཀོད་པའི་བསྒྲུབ་ཐབས། ཀུ་མུ་ཏ། ཨ་ཀ་རས་མཛད་པ། མི་འཁྲུག་པའི་དཀྱིལ་ཆོག་དང་བསྒྲུབ་ཐབས། སྦྱིན་སྲེག་གསུམ། ཏི་པམ་ཀ་ར་ཤྲི་ཛྙྱ་ནས་མཛད་པ་རིན་ཆེན་བཟང་པོའི་འགྱུར། མི་འཁྲུག་པའི་བསྒྲུབ་ཐབས་ཀྱི་ཆོ་ག །དཔའ་བོ་རྡོ་རྗེས་མཛད་པ། མི་འཁྲུག་པའི་བསྒྲུབ་ཐབས་མཛེ་ཏ་རིས་མཛད་པ་རྣམས་བཞུགས། ༼རི༽པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོ་ག་ཞིབ་མོ་ནཱེ་ཝན་རཀྵི་ཏས་མཛད་པ་སྟེ། དེ་རྣམས་བྱ་བའི་རྒྱུད་ཀྱི་བསྐོར་རིམ་པར་ཕྱེ་བའོ། །དེ་དག་ནི་རྒྱུད་སྡེ་བཞི་སོ་སོར་རྟོགས་པ་སོ་སོའི་རིམ་པའོ། །དེ་དག་ནི་ཁོངས་སུ་རྟོགས་ཤིང་། དེ་དག་སྤྱིའི་ཡན་ལག་བསྒྲུབ་ཐབས་སྣ་ཚོགས་སུ་སྡེབ་པ་རྣམས་དང་། ལྟ་སྤྱོད་ལ་སྣ་ཚོགས་སུ་སྟོན་པ། གྲུབ་མཐའ་ལས་རིམ། དཀྱིལ་ཆོག་མན་ངག་དམ་ཚིག་སྟོན་པ་རྣམས་དང་། དེ་དག་གི་བཀའ་བསྲུངས་གི་བསྐོར་རྣམས་ལས། །བསྒྲུབ་ཐབ་སྣ་ཚོགས་རྣམས་ལ། བ་རིའི་བསྒྲུབ་ཐབས་བརྒྱ་རྩར་གྲགས་པ་ལ། རྗེ་བཙུན་རྡོ་རྗེ་གདན་གྱི་བསྒྲུབ་ཐབས་ཀྱི་ཆོ་ག བརྟན་པའི་འཁོར་ལོའི་བསྒྲུབ་ཐབས་སློབ་དཔོན་བྷ་བ་ཀན་དྷས་མཛད་པ། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་བསྒྲུབ་ཐབས། བརྟན་པའི་འཁོར་ལོ་རིན་ཆེན་བཟང་པོའི་འགྱུར། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་བསྒྲུབ་ཐབས། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་བསྒྲུབ་ཐབས། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཛད་པ། ཨ་ར་པ་ཙ་ནའི་བསྒྲུབ་ཐབས། སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། འཕགས་པ་འཇམ་དཔལ་གྱི་བསྒྲུབ་ཐབས། དཔལ་འཇམ་པའི་རྡོ་རྗེའི་བསྒྲུབ་ཐབས། ངག་གི་རྒྱལ་པོའི་བསྒྲུབ་ཐབས། རྒྱལ་པོ་ཆེན་པོ་རོལ་པའི་འཇམ་དཔལ་གྱི་བསྒྲུབ་ཐབས། རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་པའི་མདོར་བསྡུས་པའི་འཇམ་དཔལ་གྱི་བསྒྲུབ་ཐབས། རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་འཇམ་དབྱངས་ཀྱི་བསྒྲུབ་ཐབས། འཇམ་དཔལ་ཡེ་ཤེས་ཀྱི་སྦྱོར་བ། ཡན་ལག་མེད་པའི་རྡོ་རྗེ་འཇམ་དཔལ་དབྱངས་ཀྱི་བསྒྲུབ་ཐབས་ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་བསྒྲུབ་ཐབས། མཚན་ཡང་དག་པར་བརྗོད་པའི་བསྒྲུབ་ཐབས། འཕགས་པ་འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་པའི་བསྒྲུབ་ཐབས་དགེ་སློང་ཆོས་ཀྱི་གྲགས་པའི་འགྱུར། འཇམ་དཔལ་ཤེས་རབ་འཁོར་ལོའི་བསྒྲུབ་ཐབས། འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་བསྒྲུབ་ཐབས། གཤིན་རྗེ་གཤེད་ནག་པོའི་བསྒྲུབ་ཐབས་གཉིས། དཔལ་རྡོ་རྗེ་ཆོས་ཀྱི་བསྒྲུབ་ཐབས། སློབ་དཔོན་པུ་ཛ་ན་པ་ཏྲེས་མཛད་པ། ཧ་ལ་ཧ་ལའི་བསྒྲུབ་ཐབས། ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཁ་སར་པ་ནེའི་བསྒྲུབ་ཐབས། སློབ་དཔོན་རྙོག་པ་མེད་པའི་རྡོ་རྗེ་མཛད་པ། འཕགས་པ་སྤྱན་རས་གཟིགས་ཡི་གེ་དྲུག་པའི་བསྒྲུབ་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྤྱན་རས་གཟིགས་དབང་ཕྱུག་གི་བསྒྲུབ་ཐབས། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། ཧ་ལ་ཧ་ལའི་བསྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་པད་མ་གར་གྱི་དབང་ཕྱུག་གི་བསྒྲུབ་ཐབས། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། སྒྱུ་འཕྲུལ་དྲ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྒྲུབ་ཐབས། སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བར་མཛད་པ། སྒྲོལ་མའི་བསྒྲུབ་ཐབས། སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ། སྒྲོལ་མ་དཀར་མོའི་བསྒྲུབ་ཐབས། སློབ་དཔོན་ཡིད་བཞིན་གྱི་ནོར་བུ་རྒྱལ་པོས་མཛད་པ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྒྲུབ་ཐབས། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། སྒྲོལ་མ་དཀར་མོའི་བསྒྲུབ་ཐབས། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་སློབ་མ་ཐུ་བོས་མཛད་པ། ཨུ་རྒྱན་གྱི་འོད་ཟེར་ཅན་གྱི་བསྒྲུབ་ཐབས། རྟོག་པ་ལས་གསུང་པའི་འོད་ཟེར་ཅན་གྱི་བསྒྲུབ་ཐབས་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོའི་བསྒྲུབ་ཐབས་མྱ་ངན་མེད་པའི་འོད་ཟེར་ཅན་དཀར་མོའི་བསྒྲུབ་ཐབས། ཨུ་རྒྱན་གྱི་འོད་ཟེར་ཅན་གྱི་བསྒྲུབ་ཐ བས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པའི། ཨུ་རྒྱན་གྱིས་རིམ་པ་འོད་ཟེར་ཅན་ཞེས་བྱ་བའི་བསྒྲུབ་ཐབས། ཙུན་དྷའི་བསྒྲུབ་ཐབས། དཔལ་གནོད་གནས་ཀྱི་མདོར་བསྡུས་པའི་བསྒྲུབ་ཐབས། སློབ་དཔོན་ཙན་ཏྲ་གོ་མིས་མཛད་པ། ལྷ་མོ་ནོར་རྒྱུན་མའི་བསྒྲུབ་ཐབས། ཨུ་ཅུས་མ་འཛམ་བ་ལའི་བསྒྲུབ་ཐབས། རྣལ་འབྱོར་པ་དགའ་བས་བྱིན་གྱིས་མཛད་པ། ཁྲོ་གཉེར་ཅན་གྱི་བསྒྲུབ་ཐབས། བྱམས་པའི་བསྒྲུབ་ཐབས། ཤེས་རབ་ཕ་རོལ་ཕྱིན་མའི་བསྒྲུབ་ཐབས། སློབ་དཔོན་དགེ་འདུན་བྱིན་སྲས་ཀྱིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་བསྒྲུབ་ཐབས། འཕགས་པ་མི་གཡོ་བའི་བསྒྲུབ་ཐབས། མཛེ་ཏ་རི་པས་མཛད་པ། མི་གཡོ་བའི་བསྒྲུབ་ཐབས། སློབ་དཔོན་པྲ་བྷ་ར་ཨ་ཀ་ར་ཀིརྟིས་མཛད་པ། གཏུམ་པོ་ཆེན་པོའི་བསྒྲུབ་ཐབས། འོད་ཟེར་ཅན་གྱི་མན་ངག་གི་བསྒྲུབ་ཐབས། རྡོ་རྗེ་གདན་པས་མཛད་པ། འཕགས་པ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། རྡོ་རྗེ་དབྱངས་ཅན་མའི་བསྒྲུབ་ཐབས། སློབ་དཔོན་དཔལ་འཛིན་གྱིས་མཛད་པ། བགེགས་དགྲའི་བསྒྲུབ་ཐབས། རལ་གཅིག་མའི་བསྒྲུབ་ཐབས། འཕགས་པ་དུག་སེལ་བའི་བསྒྲུབ་ཐབས། ཀུ་རུ་ཀུ་ལླའི་བསྒྲུབ་ཐབས་རྟོགས་པ་ལས་གསུངས་པའི་ལྷ་མོ་རིགས་བྱེད་མའི་བསྒྲུབ་ཐབས། ཨུ་རྒྱན་ནས་བྱུང་བའི་རིགས་བྱེད་མའི་བསྒྲུབ་ཐབས། ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་བསྒྲུབ་ཐབས། སློབ་དཔོན་ས་ར་ཧ་པས་མཛད་པ། འཕགས་པ་གནོད་གནས་ཀྱི་བསྒྲུབ་ཐབས། རྒྱ་ནག་པོའི་རིམ་པའི་སྒྲོལ་མའི་བསྒྲུབ་ཐབས། སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། རྡོ་རྗེ་སྒྲོལ་མའི་བསྒྲུབ་ཐབས། གཤིན་རྗེ་གཤེད་དམར་པོའི་བསྒྲུབ་ཐབས། གཙུག་གཏོར་རྣམ་པར་རྒྱལ་བའི་བསྒྲུབ་ཐབས། སོ་སོར་འབྲེང་མ་ཆེན་མོའི་བསྒྲུབ་ཐབས། རྨ་བྱ་ཆེན་མོའི་བསྒྲུབ་ཐབས། སྟོང་ཆེན་མོ་རབ་དུ་འཇོམས་མའི་བསྒྲུབ་ཐབས། གསང་སྔགས་རྗེས་སུ་འཛིན་མ་ཆེན་མོའི་བསྒྲུབ་ཐབས། འཕགས་པ་བསིལ་བའི་ཚལ་ཆེན་མོའི་བསྒྲུབ་ཐབས། ཕྱིར་བཟློག་པ་ཆེན་མོའི་བསྒྲུབ་ཐབས། རྒྱན་མཚན་རྩེ་མོའི་དཔུང་རྒྱན་གྱི་བསྒྲུབ་ཐབས། རྣམ་པར་རྒྱལ་མའི་བསྒྲུབ་ཐབས། རྡོ་རྗེ་གྷན་དྷ་རའི་བསྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་གི་བསྒྲུབ་ཐབས། སྟོབས་པོ་ཆེའི་བསྒྲུབ་ཐབས། གཞན་གྱིས་མི་ཐུབ་པའི་གདུགས་དཀར་མོ་ཅན་གྱི་བསྒྲུབ་ཐབས། རྟ་མགྲིན་གྱི་བསྒྲུབ་ཐབས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་བསྒྲུབ་ཐབས། བདག་མེད་གཅིག་པུའི་བསྒྲུབ་ཐབས་གཉིས། གསེར་མདོག་ཅན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་བསྒྲུབ་ཐབས། རྡོ་རྗེ་ཕག་མོའི་བསྒྲུབ་ཐབས་མདོར་བསྡུས་པ། རིག་བྱེད་མའི་བསྒྲུབ་ཐབས། སྒྲོལ་མ་དཀར་མོའི་བསྒྲུབ་ཐབས་པཎ་ཊི་ཏ་དོན་ཡོད་རྡོ་རྗེ་དང་། ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ། དཔལ་འཛིན་གྱི་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པ་གྲུབ་པ་ངག་གི་འོད་ཟེར། བྲམ་ཟེ་ཕུར་བུས་མཛད་པ། དར་མ་ཡོན་ཏན་གྱི་འགྱུར། དབྱངས་ཅན་མའི་བསྒྲུབ་ཐབས་ངག་གི་འོད་ཟེར། བྲམ་ཟེ་ཕུར་བུས་མཛད་པ། ཡིག་གེ་བརྒྱ་པའི་བསྒྲུབ་ཐབས། རྟ་མགྲིན་གྱི་བསྒྲུབ་ཐབས། ནོར་སྦྱིན་གྱི་བསྒྲུབ་ཐབས། ལོངས་སྤྱོད་ཀྱི་རྣལ་འབྱོར། ཁྲུས་ཀྱི་ཆོ་ག །གཞལ་ཡས་ཁང་སྦྱིན་པ་ལྷ་མཆོད་པའི་རིམ་པ། ཚོགས་ཀྱི་མཆོད་པ། དཀྱིལ་འཁོར་གྱི་ཆོ་ག །རབ་དུ་གནས་པ། བདུན་ཚིགས་ཀྱི་ཆོ་ག །སྦྱིན་སྲེག་གི་ཆོ་ག །རོ་སྲེག་གི་ཆོ་ག །སྔགས་ཀྱི་དོན་ལ་འཇུག་པ། དམ་ཚིག་སྦས་པ། དབང་གི་མན་ངག །ལྟ་བའི་ལུང་། ཟབ་པའི་རིམ་པ། སྤྱོད་པའི་དེ་ཁོ་ན་ཉིད། མྱ་ངན་ལས་འདས་པ། ཆུ་གཏོར་གྱི་ཆོ་ག །འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་དང་། ཉི་ཤུ་རྩ་བདུན། སློབ་དཔོན་ཆེན་པོ་དྷི་པམ་ཀ་ར་ཤྲི་ཛྙྱ་ནས་མཛད་པ། གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། སེང་གེ་སྒྲའི་བསྒྲུབ་ཐབས། ཁང་སར་པ་ནི་འཇིག་རྟེན་མགོན་པོའི་བསྒྲུབ་ཐབས། ལྷ་མོ་སྒྲོལ་མའི་བསྒྲུབ་ཐབས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་བསྒྲུབ་ཐབས། འཇམ་པའི་དབྱངས་ཀྱི་རྒྱལ་པོ་ཆེན་པོ་སྒེག་པ་རྡོ་རྗེའི་བསྒྲུབ་ཐབས། འཕགས་པ་གཤིན་རྗེ་གཤེད་ཀྱི་བསྒྲུབ་ཐབས། ལྷ་མོ་ནོར་རྒྱུན་གྱི་བསྒྲུབ་ཐབས། ཀུ་རུ་ཀུ་ལླེའི་བསྒྲུབ་ཐབས། གནོད་གནས་ཀྱི་བསྒྲུབ་པའི་ཐབས། ཁྲོ་གཉེར་ཅན་གྱི་བསྒྲུབ་པའི་ཐབས། ལྷ་མོ་འོད་ཟེར་ཅན་གྱི་བ་བསྒྲུབ་ཐབས་དང་བཅུ་གཅིག །སློབ་དཔོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་དྲི་མ་མེད་པའི་ལྷས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་བསྒྲུབ་ཐབས། འཇམ་དཔལ་ཁྲོ་བོའི་བསྒྲུབ་ཐབས། ཕྱག་ན་རྡོ་རྗེའི་བསྒྲུབ་ཐབས། མི་གཡོ་བའི་བསྒྲུབ་ཐབས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་བསྒྲུབ་ཐབས། སྒྲིབ་པ་སེལ་བའི་བསྒྲུབ་ཐབས། འཇམ་དཔལ་སྨྲ་བ་སེང་གེའི་བསྒྲུབ་ཐབས། སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་དྲུག་པའི་བསྒྲུབ་ཐབས། འཕགས་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་བསྒྲུབ་ཐབས། རྗེ་བཙུན་མ་སྒྲོལ་མའི་བསྒྲུབ་ཐབས། འོད་ཟེར་ཅན་རྡོ་རྗེ་ཕག་མོའི་བསྒྲུབ་ཐབས་དང་བཅུ་གཉིས། རྗེ་བཙུན་ཀ་མ་ལི་ཤྲཱིས་མཛད་པ་དེ་ཉིད་ཀྱི་རང་འགྱུར། བསྒྲུབ་ཐབས་ཀུན་ལས་བཏུས་པ་ལས། དམ་ཚིག་གསུམ་གྱི་རྒྱལ་པོའི་བསྒྲུབ་ཐབས། པཎྜྻི་ཏ་ཀུ་མ་ཏ་འབྱུང་བའི་བློ་གྲོས་ཀྱིས་མཛད་པ། དམ་ཚིག་གསུམ་གྱི་རྒྱལ་པོའི་བསྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པ། རྗེ་བཙུན་རྡོ་རྗེ་གདན་གྱི་བསྒྲུབ་ཐབས་གསུམ། ཡི་གེ་དྲུག་པའི་བསྒྲུབ་ཐབས། ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཡི་གེ་དྲུག་པའི་བསྒྲུབ་ཐབས། །ཟ་མ་ཏོག་བཀོད་པའི་མན་ངག་གིས་མཛད་པ། འཇིག་རྟེན་མགོན་པོའི་བསྒྲུབ་ཐབས། ཡི་གེ་དྲུག་པའི་བསྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ཁང་སར་པ་ནིའི་བསྒྲུབ་ཐབས། སློབ་དཔོན་རྙོག་མེད་རྡོ་རྗེས་མཛད་པ། པོ་ཏ་ལའི་ཁ་སར་པ་ནིའི་བསྒྲུབ་ཐབས། སློབ་དཔོན་དགེ་བྱེད་ཀྱིས་མཛད་པ། དཔལ་ལྡན་མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་གི་བསྒྲུབ་ཐབས། ཨ་ནུ་པ་མ་རཀྵི་ཏས་ཅུང་ཟད་རྒྱས་པར་མཛད་པ། དཔལ་ལྡན་མཁའ་སྤྱོད་ཀྱི་བསྒྲུབ་ཐབས། སེང་གེ་སྒྲའི་བསྒྲུབ་ཐབས། དཔལ་ལྡན་ཨ་བ་དྷུ་ཏི་པ་གཉིས་མེད་རྡོ་རྗེས་མཛད་པ། འཇིག་རྟེན་དབང་ཕྱུག་གི་བསྒྲུབ་ཐབས། སེང་གེ་སྒྲའི་བསྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ཧ་ལ་ཧ་ལའི་བསྒྲུབ་ཐབས། ཧ་ལ་ཧ་ལའི་བསྒྲུབ་ཐབས། ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། རྡོ་རྗེ་ཆོས་ཀྱི་བསྒྲུབ་ཐབས་ཆོ་ག་བསྡུས་པ། འཇིག་རྟེན་མགོན་པོ་པད་མ་གར་གྱི་དབང་ཕྱུག་གི་བསྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། པད་མ་གར་གྱི་དབང་ཕྱུག་གི་བསྒྲུབ་ཐབས། ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་བསྒྲུབ་ཐབས། ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་འཇིག་རྟེན་དབང་ཕྱུག་གི་བསྒྲུབ་ཐབས། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་བསྒྲུབ་ཐབས། ས་ར་ཧས་གདན་དྲངས་པ་གཉིས། འཇིག་རྟེན་དབང་ཕྱུག་དམར་པོའི་བསྒྲུབ་ཐབས། འཇིག་རྟེན་གསུམ་པོ་དབང་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་བསྒྲུབ་ཐབས་ས་ར་ཧས་གདན་དྲངས་པ་གཉིས། འཇིག་རྟེན་དབང་ཕྱུག་དམར་པོའི་བསྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་ལྷག་པར་དབང་དུ་བྱ་བའི་ཆོ་ག འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མགྲིན་པ་སྔོན་པོ་ཅན་གྱི་བསྒྲུབ་ཐབས། སྒྱུ་འཕྲུལ་དྲ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྒྲུབ་ཐབས། ཉེ་བར་སྤྱོད་པ་དང་བཅས་པའི་སྲན་མ་ཤའི་ཞལ་གྱི་གཟུངས། སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་བསྒྲུབ་ཐབས། འཕགས་པ་དབང་ཕྱུག་མའི་བསྒྲུབ་ཐབས། ཤུ་ནེ་སུ་མ་ཏི་བཛྭ་པ་ཏའི་ཞབས་ཀྱིས་མཛད་པ་འཇིག་རྟེན་དབང་ཕྱུག་གི་བསྒྲུབ་ཐབས། བརྟན་པའི་འཁོར་ལོའི་བསྒྲུབ་ཐབས། བྷ་མ་ཀན་དྷས་མཛད་པ། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་བསྒྲུབ་ཐབས། འཇམ་དཔལ་སེང་གེ་སྒྲའི་བསྒྲུབ་ཐབས། འཇམ་དཔལ་ངག་གི་རྒྱལ་པོའི་བསྒྲུབ་ཐབས། པཎ་ཊི་ཏ་དཔལ་ལྡན་ཡིད་བཞིན་ནོར་སྦྱིན་པས་མཛད་པ། རྡོ་རྗེ་རྣལ་འབྱོར་མས་གསུངས་པ་འཇམ་དཔལ་ངག་གི་རྒྱལ་པོའི་བསྒྲུབ་ཐབས། ངག་གི་རྒྱལ་པོ་ཞེས་བྱ་བའི་བསྒྲུབ་ཐབས། འཇམ་པའི་དབྱངས་ཀྱི་བསྒྲུབ་ཐབས། འཕགས་པ་འཇམ་དཔལ་གྱི་རྒྱལ་པོའི་བསྒྲུབ་ཐབས། །ཤེས་རབ་འཕེལ་བའི་གཏེར་གྱི་ངག་གི་རྒྱལ་པོའི་བསྒྲུབ་ཐབས། པཎ་ཊི་ཏ་འཕྲོག་བྱེད་འཇོམས་པས་མཛད་པ། ངག་གི་རྒྱལ་པོའི་བསྒྲུབ་ཐབས། ཨ་ར་པ་ཙ་ནའི་བསྒྲུབ་ཐབས། སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་བསྒྲུབ་ཐབས། རྗེ་བཙུན་འཕགས་པ་འཇམ་དཔལ་བསྒོམ་པའི་མན་ངག །འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་ཙ་ནའི་བསྒྲུབ་ཐབས། འཇམ་དཔལ་ལྷ་ལྔའི་བསྒྲུབ་ཐབས། ཡན་ལག་མེད་པའི་རྡོ་རྗེའི་བསྒྲུབ་ཐབས་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་བསྒྲུབ་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་བསྒྲུབ་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་བསྒྲུབ་ཐབས་ཀྱི་དབང་དུ་བྱ་བའི་ཆོ་ག །སེམས་ཅན་ཐམས་ཅད་དབང་དུ་བྱ་བའི་ཏིང་ངེ་འཛིན། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་བསྒྲུབ་ཐབས་ཨ་ར་པ་ཙ་ནའི་བསྒྲུབ་ཐབས། ངག་གི་བསྒྲུབ་ཐབས། དཔའ་བོ་གཅིག་དུ་བསྒྲུབ་པའི་ཐབས། ངག་གི་བསྒྲུབ་ཐབས། འཇམ་དཔལ་རྒྱལ་པོ་ཆེན་རོལ་པའི་བསྒྲུབ་ཐབས། འཇམ་དཔལ་གྱི་བསྒྲུབ་ཐབས། འཕགས་པའི་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་དུ་བསྒྲུབ་པའི་ཐབས། དཔའ་བོ་གཅིག་དུ་བསྒྲུབ་པའི་ཐབས། བུང་བ་མྱོས་པའི་བསྒྲུབ་ཐབས། ལྷག་པར་དབང་དུ་བྱེད་པའི་འཇམ་དཔལ་གྱི་བསྒྲུབ་ཐབས། འཇམ་དཔལ་གྱི་བསྒྲུབ་ཐབས། རིག་པ་འཛིན་པའི་སྡེ་སྣོད། སོ་སོ་ནས་བསྡུ་པའི་འཇམ་པའི་དབྱངས་ཀྱི་བསྒྲུབ་ཐབས། ཤེས་རབ་འཕེལ་བའི་ཆོ་ག །མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་གི་བསྒྲུབ་ཐབས། ཆོས་ཀྱི་དུང་གི་ཏིང་ངེ་འཛིན་འཇམ་དཔལ་གྱི་བསྒྲུབ་ཐབས། འཕགས་པ་མཚན་ཡང་དག་པར་བརྗོད་པའི་བསྒྲུབ་ཐབས། འཇམ་དཔལ་རྡོ་རྗེའི་བསྒྲུབ་ཐབས། ཡི་གེ་གཅིག་པའི་རབ་དུ་བརྗོད་སྦྱོར་བ་ཅུང་ཟད་པ་གཏུམ་པོ་ཆེན་པོའི་བསྒྲུབ་ཐབས། ཆོ་ག་དང་བཅས་པ། སློབ་དཔོན་འོད་ཟེར་འབྱུང་གནས་གྲགས་པས་མཛད་པ། གཏུམ་པོ་ཆེན་པོའི་བསྒྲུབ་ཐབས་གསུམ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྒྲུབ་ཐབས། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། སྒྲོལ་མ་ཆེན་མོའི་བསྒྲུབས་ཐབས། དབང་དུ་བྱེད་པའི་སྒྲོལ་མའི་བསྒྲུབ་ཐབས། སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ། རྡོ་རྗེ་སྒྲོལ་མའི་བསྒྲུབ་ཐབས་གཉིས། རྡོ་རྗེ་སྒྲོལ་མའི་བསྒྲུབ་ཐབས། སློབ་དཔོན་ཀླུ་གྲུབ་ཞབས་ཀྱིས་མཛད་པ། རྡོ་རྗེ་སྒྲོལ་མའི་བསྒྲུབ་ཐབས། པཎྜྻི་ཏ་ཆེན་པོ་ཆོས་འབྱུང་བློ་གྲོས་ཞབས་ཀྱིས་མཛད་པ། རྡོ་རྗེ་སྒྲོལ་མའི་བསྒྲུབ་ཐབས། པཎྜྻི་ཏ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པ། སྒྲོལ་མའི་བསྒྲུབ་ཐབས་ཅུང་རྒྱས་པ། པཎྜྻི་ཏ་གནས་བརྟན་ཆེན་པོ་དཔེ་མེད་བསྲུང་བས་མཛད་པ། འཕགས་མ་འཇིགས་པ་ཆེན་པོ་བརྒྱད་ལས་སྐྱོབ་པའི་བསྒྲུབ་ཐབས། རྒྱ་ནག་རིམ་པའི་སྒྲོལ་མའི་བསྒྲུབ་ཐབས། རྒྱ་ནག་རིམ་པའི་སྒྲོལ་མའི་བསྒྲུབ་ཐབས། སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། འཆི་བ་བསླུ་བའི་སྒྲོལ་མ་དཀར་མོའི་བསྒྲུབ་ཐབས། དགེ་སློང་ངག་གི་དབང་ཕྱུག་གི་སློབ་མ་ཐུ་བོས་མཛད་པ། སྒྲོལ་མ་དཀར་མོའི་བསྒྲུབ་ཐབས་སློབ་དཔོན་ཡིད་བཞིན་ནོར་བུའི་རྒྱལ་པོས་མཛད་པ། སྒྲོལ་མ་དཀར་མོ་ཕྱག་དྲུག་པའི་བསྒྲུབ་ཐབས། འཕགས་མ་སྒྲོལ་མ་དུག་སེལ་བའི་བསྒྲུབ་ཐབས། སྒྲོལ་མ་ནོར་སྦྱིན་མའི་བསྒྲུབ་ཐབས། འོད་དཔག་མེད་ཀྱི་སྙིང་པོའི་རྒྱུད་ལས། བཅོམ་ལྡན་འདས་མ་སྒྲོལ་མའི་རྟོག་པ་གསུངས་པ། ངན་སོང་ལས་སྒྲོལ་བའི་བསྒྲུབ་ཐབས། འཆི་བ་བསླུ་བའི་བསྒྲུབ་ཐབས། སྣ་ཚོགས་ཡུམ་གྱི་བསྒྲུབ་ཐབས། དོན་ཐམས་ཅད་རབ་དུ་གྲུབ་པ་སྦྱིན་པའི་འཕགས་མ་སྒྲོལ་མའི་བསྒྲུབ་ཐབས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ཆོ་ག །འཕགས་མ་དུག་སེལ་མའི་བསྒྲུབ་ཐབས། འཕགས་མ་དུག་སེལ་མའི་གཟུངས་ཀྱི་བསྒྲུབ་ཐབས། འཕགས་མ་དུག་སེལ་མའི་བསྒྲུབ་ཐབས། འཕགས་མ་དུག་སེལ་མའི་རིགས་སྔགས་ཆེན་མོ། བཅོམ་ལྡན་འཕགས་མ་དུག་སེལ་མའི་རྟོག་པ། འཕགས་མ་ཛམ་གུ་ལི་བསྒྲུབ་ཐབས། རལ་གཅིག་མའི་བསྒྲུབ་ཐབས་ལྔ། ཙུན་དའི་བསྒྲུབ་ཐབས་གསུམ། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཕྱག་བཅུ་མའི་བསྒྲུབ་ཐབས། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་བསྒྲུབ་ཐབས། འོད་ཟེར་ཅན་སེར་མོ་ཕྱག་བརྒྱད་མའི་བསྒྲུབ་ཐབས། ཨོཾ་ཌེ་ཡ་ནའི་འོད་ཟེར་ཅན་གྱི་བསྒྲུབ་ཐབས། ཨོཾ་དྷི་ནའི་འོད་ཟེར་ཅན་དམར་མོ་ཕྱག་བཅུ་གཉིས་པའི་བསྒྲུབ་ཐབས། ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཨོཾ་དྷི་ནའི་འོད་ཟེར་ཅན་དམར་མོ། ཕྱག་བཅུ་གཉིས་པའི་རང་བྱིན་གྱིས་བརླབས་པའི་བསྒྲུབ་ཐབས། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་བསྒྲུབ་ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་བསྒྲུབ་ཐབས། པཎྜྻི་ཏ་སློབ་དཔོན་སྙིང་པོ་ཞབས་ཀྱིས་མཛད་པ། འོད་ཟེར་ཅན་གྱི་བསྒྲུབ་ཐབས། དཔལ་འོད་ཟེར་ཅན་པི་ཙུ་བའི་བསྒྲུབ་ཐབས། འོད་ཟེར་ཅན་གྱི་བསྒྲུབ་ཐབས། འོད་ཟེར་ཅན་གྱི་བསྒྲུབ་ཐབས་མདོར་བསྡུས་པ། འཕགས་མ་འོད་ཟེར་ཅན་གྱི་གཟུངས་ཀློག་པའི་མན་ངག རི་ཁྲོད་ལོ་མ་ཅན་གྱི་བསྒྲུབ་ཐབས་གསུམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་དཀར་མོའི་བསྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་སེར་མོའི་བསྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་སེར་མོའི་བསྒྲུབ་ཐབས་མདོར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་དཀར་མོའི་བསྒྲུབ་ཐབས། སློབ་དཔོན་དགེ་འདུན་བྱིན་གྱིས་བུ་ཡིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་དཀར་མོའི་བསྒྲུབ་ཐབས། པཎྜྻི་ཏ་དཔལ་ལྡན་པདྨ་འཕེལ་གྱིས་ཞབས་ཀྱིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསེར་མདོག་ཅན་གྱི་བསྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་བསྒྲུབ་ཐབས། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་བསྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བསྒྲུབ་ཐབས་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། འཕགས་པ་རྡོ་རྗེ་དབྱངས་ཅན་མའི་བསྒྲུབ་ཐབས། སློབ་དཔོན་དཔལ་གྱིས་མཛད་པ། དབྱངས་ཅན་མ་ཆེན་མོའི་བསྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་བསྒྲུབ་ཐབས་གཉིས། རྡོ་རྗེ་པི་ཝང་མ་དབྱངས་ཅན་མའི་བསྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་བསྒྲུབ་ཐབས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་བྱུང་བ་རྡོ་རྗེ་དབྱངས་ཅན་མའི་བསྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་བསྒྲུབ་ཐབས་ཁྲོ་གཉེར་ཅན་གྱི་བསྒྲུབ་ཐབས་གཉིས། སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཀུ་རུ་ཀུ་ལླེའི་བསྒྲུབ་ཐབས། སྒྲོལ་མའི་རྟོག་པ་ལས་བྱུང་བའི། ཚིག་ལྷུག་པ། ཀུ་རུ་ཀུ་ལླེའི་བསྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པ། ཀུ་རུ་ཀུ་ལླེའི་དབང་དུ་བྱེད་པའི་མེད་པའི་མན་ངག །རིགས་བྱེད་མའི་བསྒྲུབ་ཐབས། དཔལ་ལྡན་འཕགས་མ་རིགས་བྱེད་མའི་བསྒྲུབ་ཐབས། ཨུ་རྒྱན་ནས་བྱུང་བའི་རིགས་བྱེད་མའི་བསྒྲུབ་ཐབས། རིགས་བྱེད་མའི་བསྒྲུབ་ཐབས་དཔལ་ལྡན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཀྱེའི་རྡོ་རྗེའི་རིམ་པ་ལས། ཀུ་རུ་ཀུ་ལེའི་བསྒྲུབ་ཐབས། ཀུ་རུ་ཀུ་ལླེའི་བསྒྲུབ་ཐབས་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལས་བྱུང་བ། རྗེ་བཙུན་མ་ཀུ་རུ་ཀུ་ལླེའི་ཕྱག་དྲུག་པའི་བསྒྲུབ་ཐབས། རིགས་བྱེད་མ་ཕྱག་དྲུག་པའི་བསྒྲུབ་ཐབས། ཀུ་རུ་ཀུ་ལེ་ཕྱག་བརྒྱད་པའི་བསྒྲུབ་ཐབས། ཨིན་ཏྲ་བོ་ཏིའི་ཞབས་ཀྱིས་མཛད་པ། ཀུ་རུ་ཀུ་ལེའི་བསྒྲུབ་ཐབས་རིགས་བྱེད་མའི་མན་ངག་གི་རིམ་པ། ཀུ་རུ་ཀུ་ལླེའི་བསྒྲུབ་ཐབས། དཔལ་ལྡན་སྒྱུ་འཕྲུལ་དྲ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་དྲུག་པ་ལས་བྱུང་བའི་ཀུ་རུ་ཀུ་ལེའི་བསྒྲུབ་ཐབས་ཆོ་ག་དང་བཅས་པ། སློབ་དཔོན་ནག་པོ་སྤྱོད་པའི་ཞབས་ཀྱིས་མཛད་པ། ཀུ་རུ་ཀུ་ལེའི་བསྒྲུབ་ཐབས། རྟོག་པ་ལས་གསུངས་པའི་ཀུ་རུ་ཀུ་ལེའི་བསྒྲུབ་ཐབས། ཀུ་རུ་ཀུ་ལེའི་ལས་རབ་དུ་བརྐྱང་བ་སྦྱོར་བ། གཙུག་གཏོར་རྣམ་པར་རྒྱལ་མའི་བསྒྲུབ་ཐབས། འཕགས་མ་གཞན་གྱིས་མི་ཐུབ་མ་གདུགས་དཀར་མོ་ཅན་གྱི་བསྒྲུབ་ཐབས། རྡོ་རྗེ་ཙར་ཙི་ཀའི་བསྒྲུབ་ཐབས། སོ་སོ་འབྲང་མ་ཆེན་མོའི་བསྒྲུབ་ཐབས་གཉིས། སོ་སོ་འབྲང་མའི་བསྒྲུབ་ཐབས། རྨ་བྱ་ཆེན་མོའི་བསྒྲུབ་ཐབས། འཕགས་མ་སྟོང་ཆེན་མོ་རབ་དུ་འཇོམས་མའི་བསྒྲུབ་ཐབས། འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་བསྒྲུབ་ཐབས། འཕགས་མ་བསིལ་བའི་ཚལ་གྱི་བསྒྲུབ་ཐབས། ལྷ་མོ་ལྔའི་བསྒྲུབ་ཐབས་མདོར་བསྟན་པ། ཕྱིར་བཟློག་མ་ཆེན་མོའི་བསྒྲུབ་ཐབས། རྒྱལ་མཚན་རྩེ་མོ་དཔུང་བརྒྱན་གྱི་བསྒྲུབ་ཐབས། གཞན་གྱིས་མི་ཐུབ་པའི་བསྒྲུབ་ཐབས། རྡོ་རྗེ་གྷན་དྷ་རུའི་བསྒྲུབ་ཐབས་ལྔ། བསྲུང་བ་ལྔའི་ཆོ་ག །རྡོ་རྗེ་ལྕགས་སྒྲོག་མའི་བསྒྲུབ་ཐབས་ཀྱི་ཆོ་ག །རྒྱལ་མཚན་རྩེ་མོ་དཔུང་བརྒྱན་གྱི་བསྒྲུབ་ཐབས། པཎྜྻི་ཏ་ཨུ་མ་ས་ཀ་རུ་ཆོས་ཀྱི་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། འཕགས་མ་གཙུག་གཏོར་རྣམ་པར་རྒྱལ་མའི་བསྒྲུབ་ཐབས་གཉིས། ནོར་རྒྱུན་མའི་བསྒྲུབ་ཐབས་གསུམ། ནོར་རྒྱུན་མའི་གཟུངས་ཀྱི་མན་ངག །རྡོ་རྗེ་ཕག་མོའི་བསྒྲུབ་ཐབས། པཎྜྻི་ཏ་ཆེན་པོ། ཨ་བ་དྷུ་ཏི་དཔལ་གཉིས་མེད་རྡོ་རྗེས་མཛད་པ། ཤེས་རབ་ཀྱི་སྣང་བ་གྲུབ་པའི་ཆོ་ག རྡོ་རྗེ་ཕག་མོའི་དབང་དུ་བྱ་བའི་བསྒྲུབ་ཐབས། དཔལ་ལྡན་རྡོ་རྗེ་ཕག་མོའི་རྟོགས་པ་ལས་གསུངས་པ་དོན་ཐམས་ཅད་གྲུབ་པའི་བསྒྲུབ་ཐབས། བྱམས་པའི་བསྒྲུབ་ཐབས་གཉིས། ཨུ་ཙུས་མ་ཛམ་བ་ལའི་བསྒྲུབ་ཐབས། ཛམ་བ་ལའི་བསྒྲུབ་ཐབས་རྒྱས་པ། བར་གྱི་མན་ངག་ཛམ་བ་ལའི་བསྒྲུབ་ཐབས། ཛམ་བ་ལའི་བསྒྲུབ་ཐབས་མདོར་བསྡུས་པ། སློབ་དཔོན་ཆེན་པོ་ཙན་ཏྲ་གོ་མིས་མཛད་པ། ཛམ་བ་ལའི་བསྒྲུབ་ཐབས་མདོར་བསྡུས་པ། ཛམ་བ་ལའི་བསྒྲུབ་ཐབས། ཛམ་བ་ལ་ཆུ་སྦྱིན་དབུལ་བའི་མན་ངག །རྟ་མགྲིན་གྱི་བསྒྲུབ་ཐབས། རྟོག་པ་བདུན་པ་ལས་གསུངས་པའི་རྟ་མགྲིན་གྱི་བསྒྲུབ་ཐབས། རྒྱུ་ཐམས་ཅད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་གྱི་བསྒྲུབ་ཐབས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བསྒྲུབ་ཐབས། རྡོ་རྗེ་མེ་དང་། ཉི་མ་འབར་བའི་བསྒྲུབ་ཐབས། རྟ་མཆོག་གི་བསྒྲུབ་ཐབས། འཕགས་པ་གཤིན་རྗེ་གཤེད་དམར་པོའི་བསྒྲུབ་ཐབས། གཤིན་རྗེ་གཤེད་ནག་པོའི་བསྒྲུབ་ཐབས་གསུམ། གཤིན་རྗེ་གཤེད་མཐར་བྱེད་ཀྱི་བསྒྲུབ་ཐབས་གཉིས། བགེགས་མཐར་བྱེད་ཀྱི་བསྒྲུབ་ཐབས། གཤིན་རྗེ་གཤེད་ཀྱི་གཏོར་མ། རྡོ་རྗེ་ཧཱུཾ་མཛད་ཀྱི་བསྒྲུབ་ཐབས། སྟོབས་པོ་ཆེའི་བསྒྲུབ་ཐབས། མདོར་བསྡུས་པའི་ཧེ་རུ་ཀའི་བསྒྲུབ་ཐབས། དགྱེས་པ་རྡོ་རྗེ་ཕྱག་གཉིས་པའི་བསྒྲུབ་ཐབས། བདག་མེད་མ་བརྐྱང་པའི་བསྒྲུབ་ཐབས་གཉིས། དཔལ་འབྱུང་པོ་འདུལ་བྱེད་ཀྱི་བསྒྲུབ་ཐབས་མདོར་བསྡུས་པ། འབྱུང་པོ་འདུལ་བྱེད་ཀྱི་བསྒྲུབ་ཐབས་ཀྱི་ཆོ་ག་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པ། ནག་པོ་ཆེན་པོའི་བསྒྲུབ་ཐབས་གཉིས་སྟེ། བསྒྲུབ་ཐབས་ཀུན་བསྡུས་པ། སྒྲུབ་ཐབས་རྒྱ་མཚོར་གྲགས་པ་གཉིས། ཉིས་བརྒྱ་བཞི་བཅུ་རྩ་བཞི་ཡར་ཀླུངས་པ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་བཞུགས། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག །ཧ་རི་ཧ་རི་བྷ་བ་ནོད་བྷ་བའི་བསྒྲུབ་ཐབས། པཎྜྻི་ཏ་ཤི་ལ་ཙན་ཏྲ་དང་། དགེ་སློང་ཚུལ་ཁྲིམས་འབྱུང་གནས་སྦས་པས་བསྒྱུར་པ། འཇམ་དཔལ་གྱི་བསྒྲུབ་པའི་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་བསྒྲུབ་པའི་ཐབས། དཔལ་ཧེ་རུ་ཀའི་བསྒྲུབ་ཐབས་ཉེ་བའི་སྙིང་པོས་བསྡུས་པ། དཔལ་ཧེ་རུ་ཀའི་བསྒྲུབ་ཐབས། ཧེ་རུ་ཀའི་བསྒྲུབ་ཐབས་བསྡུས་པ། གྲོང་ཁྱེར་སྐྱོང་བའི་མན་ངག །དུས་ཀྱི་འཁོར་ལོ་ངེས་པར་བཅིང་བ། དཔལ་བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་བསྒྲུབ་ཐབས། བདེ་མཆོག་ཕྱག་གཉིས་པའི་བསྒྲུབ་ཐབས། པཎྜྻི་རིན་ཆེན་འབྱུང་གནས་སྦས་པས་མཛད་པ། རང་བྱིན་གྱིས་བརླབ་པ། གཤིན་རྗེ་གཤེད་དམར་པོའི་བསྒྲུབ་ཐབས། འཕགས་པ་གཤིན་རྗེ་གཤེད་དམར་པོའི་བསྒྲུབ་ཐབས། གཤིན་རྗེ་ནག་པོའི་བསྒྲུབ་ཐབས། དཔལ་ལྡན་གཤིན་རྗེའི་བསྒྲུབ་ཐབས། དཔལ་བཀྲ་ཤིས་སྡེས་མཛད་པ། གཤིན་རྗེ་གཤེད་ནག་པོའི་བསྒྲུབ་ཐབས། རྨུགས་འཛིན་འཆོལ་པའི་བསྒྲུབ་ཐབས། ཨུ་ཙུས་མའི་མན་ངག་གི་བསྟོད་པ། པཎྜྻི་ཏ་དྷ་ན་ཤྲིས་མཛད་པ་འདི་ཡེ་ཤེས་སྡེས་འགྱུར། རྨུགས་འཛིན་འཆོལ་པའི་བསྒྲུབ་ཐབས། གནས་བརྟན་གཞོན་ནུ་འབྱུང་གནས་སྦས་པས་མཛད་པ་རྨུགས་འཛིན་འཆོལ་པའི་བསྒོམ་པ་དང་། ཆུ་ཡོངས་སུ་བསྔོ་བའི་རིམ་པ། དཔལ་རྨུགས་འཛིན་གྱི་བསྒྲུབ་ཐབས། སློབ་དཔོན་པུ་ཛ་ན་བྷ་ཏས་མཛད་པ། རྨུགས་འཛིན་དབང་དུ་བྱ་བའི་ཆོ་ག །དཔལ་ཁྲོ་བོའི་རྒྱལ་པོ་བཅུའི་རིག་པའི་ཆོ་ག ཡི་གེ་གཅིག་པའི་རྟོག་པའི་སྦྱོར་བ་ཉུང་ཟད་བསྒྲུབ་པའི་ཐབས། འཕགས་མ་རབ་དུ་ཞི་བ་སྒྲོལ་མའི་བསྒྲུབ་ཐབས། ཌ་ཀརྣ་བོད་ཙྪི་རབ་དུ་ཞི་བ་སྒྲོལ་མའི་བསྒྲུབ་ཐབས། བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་རྟོག་པའི་མན་ངག །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་རྟོག་པ། འཕགས་མ་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་བསྒྲུབ་ཐབས། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཀུ་རུ་ཀུ་ལེའི་བསྒྲུབ་ཐབས། དགྱེས་པ་རྡོ་རྗེའི་རིམ་པའི་ཀུ་རུ་ཀུ་ལེའི་བསྒྲུབ་ཐབས། བསྡུས་པའི་རྡོ་རྗེ་ཕག་མོའི་བསྒྲུབ་ཐབས། ཡང་དག་པར་བསྡུས་པ་རྡོ་རྗེ་ཕག་མོའི་བསྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མའི་བསྒྲུབ་ཐབས། རིམ་པ་གཉིས། རྡོ་རྗེ་རྣལ་འབྱོར་མ་བརྟེན་པའི་ཆོ་ག །རྡོ་རྗེ་རྣལ་འབྱོར་མའི་བསྒྲུབ་ཐབས། དཔག་མེད་འོད་ཅེས་བྱ་བ་བསྒྲུབ་པའི་ཐབས། བདག་མེད་མའི་དཀྱིལ་འཁོར་དུ་རྣལ་འབྱོར་མའི་རྣམ་པར་དག་པ། བདག་མེད་མའི་མཆོད་པའི་ཆོ་ག །སྒྱུ་མ་ཆེན་མོའི་བསྒྲུབ་ཐབས། སྒྱུ་མ་ཆེན་མོའི་བསྒྲུབ་པའི་ཐབས་ཀྱི་ཆོ་ག །སྒྱུ་མ་ཆེན་མོའི་རྒྱུད་ཀྱི་བསྒྲུབ་ཐབས། སྒྱུ་མ་ཆེན་མོའི་རྒྱུད་ཀྱི་གཏོར་མའི་ཆོ་ག་རྡོ་རྗེ་ནག་པོ་ཆེན་པོའི་རྒྱུད་ཀྱི་བསྒྲུབ་ཐབས། ནག་པོ་ཆེན་པོའི་བསྒྲུབ་ཐབས རྡོ་རྗེ་ནག་པོ་ཆེན་པོའི་བསྒྲུབ་ཐབས། ཀུ་བེཿཀ་རུ་ཨ་བི་དྷ་ནའི་ཞལ་སྔ་ནས་མཛད་པ་རྣམས། པཎྜྻི་ཏ་ཤི་ལ་ཙན་ཏྲ་དང་། ལོཙྪ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་སྦས་པས་བསྒྱུར་བའོ། ༼ལི༽པ་ལ་སྙིང་པོ་དང་ཉེ་སྙིང་ལ་བརྟེན་པ། དགྱེས་རྡོར་དང་བདེ་མཆོག་དབྱེར་མེད་པར་བསྒྲུབ་ཐབས་ལྡོམ་བས་མཛད་པ། མི་གཡོ་བའི་བསྒྲུབ་ཐབས་ཁར་ཀས་མཛད་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བསྒྲུབ་ཐབས། ཨརྻ་དེ་བས་མཛད་པ། བདེ་མཆོག་འཁོར་ལོའི་བསྒྲུབ་ཐབས་བྷུ་སུ་ཀུས་མཛད་པ། ཚེ་དཔག་མེད་ཀྱི་བསྒྲུབ་ཐབས། ཀ་མ་ལིས་མཛད་པ། ཛམ་པ་ལའི་བསྒྲུབ་ཐབས། ཀཾ་པ་རིས་མཛད་པ། དཔལ་བདེ་ཆེན་བསྒྲུབ་པ་ཀ་ལ་ཡས་མཛད་པ་རྣམས། པཎྜྻི་ཏ་རཏྣ་ཕ་ལས་རང་འགྱུར་དུ་མཛད་པ། བྱམས་པའི་བསྒྲུབ་ཐབས་ཐོགས་མེད་ཀྱིས་མཛད་པ་འབྲོམ་སྟོན་གྱི་འགྱུར། རྗེ་བཙུན་མི་ཕམ་མགོན་པོའི་བསྒྲུབ་ཐབས། སློབ་དཔོན་ནི་ར་ཏིས་མཛད་པ་སྣུབས་བྱམས་པ་དཔལ་གྱི་འགྱུར། ཕ་རོལ་ཏུ་ཕྱིན་པའི་བསྒྲུབ་ཐབས། སློབ་དཔོན་ཀླུ་གྲུབ་ཀྱིས་མཛད་པ་གཉན་གྱི་འགྱུར། ཤེས་རབ་སྙིང་པོའི་བསྒྲུབ་ཐབས་དྷ་རིས་པས་མཛད་པ། མི་གཡོ་བའི་བསྒྲུབ་ཐབས་གསེར་གླིང་པས་མཛད་པ། ཏི་པ་ཀ་རའི་འགྱུར། མི་གཡོ་བའི་བསྒྲུབ་ཐབས་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། མི་གཡོ་བའི་བསྟོད་པ་གཉིས་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། ཁྲོ་ཆེན་གཏུམ་པོའི་བསྒྲུབ་ཐབས། སློབ་དཔོན་པྲ་བ་ཀིརྟིས་མཛད་པ། ཁྲོ་ཆེན་གཏུམ་པོའི་བསྒྲུབ་ཐབས། པྲ་བྷ་ཀ་ར་ཀིརྟིས་མཛད་པ། ད་ན་ཤི་ལའི་འགྱུར། གཤིན་རྗེ་གཤེད་ཀྱི་བསྒྲུབ་ཐབས། སློབ་དཔོན་ཨ་ཤོ་ཀ་ཤྲིས་མཛད་པ་དང་། དེས་མཛད་པའི་མི་གཡོ་བའི་བསྒྲུབ་ཐབས་གཉིས། ཆོས་ཀྱི་བཟང་པོའི་འགྱུར། མི་གཡོ་བའི་བསྒྲུབ་ཐབས་སྤྲེ་བརྒྱད་མ། པ་ཚབ་ཉི་མ་གྲགས་ཀྱི་འགྱུར། མི་གཡོ་བའི་འཁོར་ལོ་འཛེ་ཏ་རི་པས་མཛད་པ། དགེ་ཚུལ་ནམ་མཁའ་རྡོ་རྗེའི་འགྱུར། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་བསྒྲུབ་ཐབས། །དཔལ་ནག་པོའི་ཆེན་པོའི་བསྒྲུབ་ཐབས། ཁྲོ་བོ་བདུད་རྩི་འཁྱིལ་པའི་བསྒྲུབ་ཐབས། འཕགས་པ་གནོད་སྦྱིན་གནོད་འཛིན་གྱི་བསྒྲུབ་ཐབས། གནོད་སྦྱིན་ནག་པོ་ཆེན་པོའི་བསྒྲུབ་ཐབས་དང་ལྔ། སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ། གནོད་སྦྱིན་ནག་པོ་ཆེན་པོ་ལ་རིན་པོ་ཆེའི་བསྟོད་པ། ཀརྣ་རི་པས་མཛད་པ་དང་དྲུག །གླན་དར་མ་ཚུལ་ཁྲིམས་ཀྱིས་འགྱུར། ཀླུ་དབང་རྒྱལ་པོའི་བསྒྲུབ་ཐབས། ཀླུ་གྲུབ་ཀྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། དམ་ཚིག་གསུམ་བཀོད་ཀྱི་ཡི་གེ་བརྒྱ་པའི་བསྒྲུབ་ཐབས། ཀེ་ན་རི་པས་མཛད་པ་ཚུབ་བློ་ལྡན་ཤེས་རབ་ཀྱི་འགྱུར། རྡོ་རྗེ་སེམས་དཔའི་བསྒྲུབ་ཐབས། མངོན་ཤེས་ཅན་རྡོ་རྗེ་གདན་པས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། ཡི་གེ་བརྒྱ་པའི་ཆོ་ག་རིན་ཆེན་ལྕགས་ཀྱུ་མཛད་པ་རིན་ཆེན་བཟང་པོའི་འགྱུར། ལུས་ངན་པོའི་བསྒྲུབ་ཐབས། དཔའ་བོ་རྡོ་རྗེས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། རྣམ་ཐོས་སྲས་ཀྱི་བསྟོད་པ་ཐུགས་རྗེའི་བ་འཇོ་མ། སྙན་ངག་གི་འཕྲེང་བ། ཨུ་ཙུས་མའི་བསྒྲུབ་ཐབས། ཐུན་མོང་མ་ཡིན་པ་སྒེག་པ་རྡོ་རྗེས་མཛད་པ། དྷ་ན་ཤི་ལའི་འགྱུར། རྨུགས་འཛིན་ལ་བསྟོད་པ་བཙུན་པ་ཟླ་བས་མཛད་པ་ཉི་མ་གྲགས་ཀྱི་འགྱུར། རྨུགས་འཛིན་ལ་བསྟོད་པ་ཛྙྱ་ན་བཛྭས་མཛད་པ། ཛམ་བ་ལ་ལ་བསྟོད་པ་ཉི་མ་རྣམ་པར་གནོན་པས་མཛད་པ། གྲགས་པ་རྒྱལ་མཚན་གྱི་འགྱུར། རྨུགས་འཛིན་འཆོལ་པའི་མན་ངག་གི་བསྟོད་པ་ཟླ་བ་བྱང་ཆུབ་སེམས་དཔས་མཛད་པ། རྨུགས་འཛིན་ཆུ་དབང་ལ་ཁྱད་པར་གྱི་བསྟོད་པ་ཕྲིན་ལས་ཉི་ཤུ་པ། སློབ་དཔོན་ནོར་འཛིན་དཔལ་གྱིས་མཛད་པ། བྱམས་པ་དཔལ་གྱི་འགྱུར་རྨུགས་འཛིན་གྱི་འཆོལ་པ་ནག་པོའི་བསྒྲུབ་ཐབས་སྦས་པའི་བུམ་པ་འཁྱིལ་པ། སློབ་དཔོན་ནོར་སྦྱིན་གྱིས་མཛད་པ། བྱམས་པ་དཔལ་གྱི་འགྱུར། རྨུགས་འཛིན་འཆོལ་པའི་བསྒྲུབ་ཐབས། ཉི་མ་གྲགས་ཀྱིས་བསྒྱུར་བ། ཨུ་བཙུས་མ་ནོར་གྱི་བདག་པོའི་བསྒྲུབ་ཐབས། འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། དྷ་ན་ཤི་ལའི་འགྱུར། ཛམ་བ་ལ་དམར་པོའི་བསྒྲུབ་ཐབས། འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། ཞང་གྲུབ་པ་དཔལ་གྱི་འགྱུར། གནོད་སྦྱིན་ཨ་པ་ར་ཙི་ཏའི་བསྒྲུབ་ཐབས་རྒྱལ་པོ་ཨེན་ཏྲ་བོ་ཏེས་མཛད་པ། ཚོགས་ཀྱི་བདག་པོ་འཇུར་གེགས་སེལ་བའི་བསྒྲུབ་ཐབས། ཨེན་ཏྲ་བོ་ཏིས་མཛད་པ། རྒྱ་བརྩོན་སེང་གི་འགྱུར། གནོད་སྦྱིན་སྤུན་གཉིས་ཀྱི་བསྒྲུབ་ཐབས། ཨ་ཛི་ཏ་མི་ཏྲས་མཛད་པ་སྣུབས་ལོཙྪའི་འགྱུར། ནོར་རྒྱུན་མ་གསུམ་གྱི་བསྒྲུབ་ཐབས། དྷ་ན་ཤི་ལའི་འགྱུར། ལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ་ཛ་མ་རིས་མཛད་པ་རྣམས། བསྒྲུབ་ཐབས་སྣ་ཚོགས་རིམ་པར་ཕྱེ་བའོ། །དེ་ནས་ལྟ་སྤྱོད་སྣ་ཚོགས་སུ་སྟོན་པ་རྣམས་ལ། སྒྲུབ་སྙིང་གི་སྐོར་དང་། དོ་ཧའི་བསྐོར་དང་། གྲུབ་པ་རྣམས་ཀྱི་གླུའི་བསྐོར་རྣམས་ལས། གྲུབ་སྙིང་གི་བསྐོར་རྣམས་ལས། གྲུབ་པའི་སྡེ། སྙིང་པོའི་བསྐོར། སྣ་ཚོགས་བྲུལ་ཚོ་རྣམས་ལས། གྲུབ་པའི་བསྐོར། རྒྱུད་མ་ལུས་པའི་དམ་པའི་དོན་ངེས་པར་བསྐུལ་བར་བྱེད་པ་གསང་བ་གྲུབ་པ་པད་མ་བཛྭས་མཛས་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཐབས་དང་ཤེས་རབ་གཏན་ལ་དབབ་པར་གྲུབ་པ་ཡན་ལག་མེད་པའི་རྡོ་རྗེས་མཛད་པ། འགོས་ལྷ་བཙས་ཀྱི་འགྱུར། ཡེ་ཤེས་གྲུབ་པ་ཨི་ཏྲ་བོ་ཏྲིས་མཛད་པ། རིན་ཆེན་བཟང་པོའི་འགྱུར་ལ་ཚུལ་ཁྲིམས་རྒྱལ་བས་རྒྱ་གར་གྱི་དཔེ་གསུམ་ལ་གཏུགས་པ། གཉིས་མེད་གྲུབ་པ་ལྷ་མོ་དཔལ་ཆེན་མོས་མཛད་པ། རིན་ཆེན་བཟང་པོའི་འགྱུར། དངོས་པོ་གསལ་བའི་རྗེས་སུ་འགྲོ་བ་དེ་ཁོ་ན་ཉིད་གྲུབ་པའི་བི་ལ་བཛྭས་མཛད་པ། ལྷན་གཅིག་སྐྱེས་པ་ཌོཾ་བི་ཧེ་རུ་ཀས་མཛད་པ། དཔལ་ཨུ་རྒྱན་ནས་བྱུང་བ་གསང་བ་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་མན་ངག །དྷ་རི་ཀ་པས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། དཔལ་དེ་ཁོ་ན་ཉིད་གྲུབ་པ། ཀེ་ར་ལི་པས་མཛད་པ་ཆོས་འབར་གྱི་འགྱུར། བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངག །ཏོག་ཙེ་པས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། བདེ་བ་ཆེན་པོ་གསལ་བ་ཨ་བ་དྷུ་ཏི་པས་མཛད་པ།། །།དེ་ནས་སྙིང་པོའི་བསྐོར་ལ། དཔལ་རྙོག་པ་མེད་པའི་རྒྱུད་ཀྱི་བཀའ་འགྲེལ། བིཀྵུ་ཀུ་མ་ར་ཙན་ཏྲས་མཛད་པ་མཚུར་ཛྙྱ་ན་ཨ་ཀ་རི་འགྱུར། ཕྱག་རྒྱ་བཞི་རྗེས་སུ་བསྟན་པ་ཀླུ་གྲུབ་ཀྱིས་མཛད་པ། ཕྱག་རྒྱ་བཞིའི་རྒྱ་ཆེར་འགྲེལ་པ་རིན་པོ་ཆེའི་སྙིང་པོ། བིརྻ་ཀརྨས་མཛད་པ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ། གཉིས་མེད་རྡོ་རྗེས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར་ལྟ་བ་ངན་སེལ་གཉིས་མེད་རྡོ་རྗེས་མཛད་པ་ཚུལ་ཁྲིམས་རྒྱལ་པོའི་འགྱུར། ལྟ་བ་ངན་སེལ་གྱི་འགྲེལ་པ་གཉིས་མེད་རྡོ་རྗེས་མཛད་པ། ཨ་ཀ་རའི་འགྱུར། དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་གཉིས་མེད་རྡོ་རྗེས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། ཐེག་པ་ཆེན་པོ་ཉི་ཤུ་པ། གཉིས་མེད་རྡོ་རྗེས་མཛད་པ་རཏྣ་ཨ་ཀ་རའི་འགྱུར། དེ་ཁོ་ན་ཉིད་ཉི་ཤུ་པ་གཉིས་མེད་རྡོ་རྗེས་མཛད་པ། དེ་ཁོ་ན་ཉིད་རབ་དུ་བརྟན་པ་མི་ཕྱེད་ལྔ་པ། དགའ་བཅུགས་ལྔ་པ་གཉིས་མེད་རྡོ་རྗེས་མཛད་པ། མཚུར་གྱི་འགྱུར་དེ་ཁོ་ན་ཉིད་བཅུ་པ་གཉིས་མེད་རྡོ་རྗེས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། དེའི་འགྲེལ་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ། མཚུར་གྱི་འགྱུར། སྒྱུ་མ་ངེས་པར་བསྟན་པ། རྨི་ལམ་ངེས་པར་བསྟན་པ། ཟུང་འཇུག་ངེས་པར་བསྟན་པ། གཉིས་མེད་རྡོ་རྗེས་མཛད་པའི་ཚུལ་ཁྲིམས་རྒྱལ་བའི་འགྱུར། དྷོ་ཧ་ཏི་ཞེས་པ་དེ་ཁོ་ན་ཉིད་ཀྱི་མན་ངག །གཉིས་མེད་རྡོ་རྗེས་མཛད་པ། ཐབས་དང་ཤེས་རབ་རྩེ་བ་ལྔ་བ་པ། མེ་ཏྲི་པས་མཛད་པ་མཚུར་གྱི་འགྱུར། རབ་ཏུ་མི་གནས་གསལ་བར་སྟོན་པ། གཉིས་མེད་རྡོ་རྗེས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ལྷན་ཅིག་སྐྱེས་པ་དྲུག་པ། གཉིས་མེད་རྡོ་རྗེས་མཛད་པ་ཛྙྱ་ན་ཨ་ཀ་རའི་འགྱུར། དབུ་མ་དྲུག་པ་གཉིས་མེད་རྡོ་རྗེ་མཛད་པ། ཡིད་ལ་མི་བྱེད་པ་སྟོན་པ་གཉིས་མེད་རྡོ་རྗེས་མཛད་པ། ཆོས་འབར་གྱི་འགྱུར། དབང་གི་དགོས་པ་མདོར་བསྡུས་པ། གཉིས་མེད་རྡོ་རྗེས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། རྡོ་རྗེའི་ཚིག་བཛྭ་པ་ནིས་མཛད་པ། ཛྙྱ་ན་ཨ་ཀ་ར་དང་གཉན་ཆུང་གི་འགྱུར། སྒོམ་རིམ་དྲུག་པ་པྲཛྙྱ་ཀ་ལ་ཤྲིའི་འགྱུར། གནས་པ་བསྡུས་པ་རྨ་བན་ཆོས་འབར་གྱི་འགྱུར། དབང་བསྐུར་ངེས་བསྟན་མི་ཏྲི་བས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། དེའི་བཀའ་འགྲེལ་ར་མ་ཕ་ལས་མཛད་པ། ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་པ་ཚབ་ཀྱིས་བཅོས་པ། ཤེས་རབ་ཡེ་ཤེས་གསལ་བ། དྷེ་བ་ཙན་ཏྲ་ཀ་རས་མཛད་པ། ཚུལ་ཁྲིམས་རྒྱལ་བ་དང་གཉན་ཆུང་གིས་བསྒྱུར་བ། གྲུབ་ཐོབ་བརྒྱ་བཅུ་རྩ་ལྔའི་གསོལ་འདེབས། བླ་མ་རྡོ་རྗེ་གདན་པས་མཛད་པ་དིང་རི་ཆོས་ཀྱི་གྲགས་པའི་འགྱུར། གྲུབ་ཐོབ་བརྒྱ་བཅུ་རྩ་བཞིའི་རྟོག་པའི་སྙིང་པོ། སློབ་དཔོན་དཔའ་བོ་འོད་གསལ་གྱིས་མཛད་པ་རྣམས་བཞུགས། དེ་དག་ནི་གྲུབ་སྙིང་གི་སྐོར་རིམ་པར་ཕྱེ་བའོ། །དེ་ནས་དོ་ཧའི་བསྐོར་ལ། ༼ཤི༽པ་ལ་དོ་ཧ་མཛོད་ཅེས་བྱ་བའི་དེ་ཁོ་ན་ཉིད་རྣལ་དུ་མཚོན་པ་དོན་དམ་པའི་ཡི་གེ །རྨ་བན་ཆོས་འབར་གྱི་འགྱུར་ལ། ཚུལ་ཁྲིམས་རྒྱལ་བར་ཞུ་དག་བྱས་པ། སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ། གསུང་གི་མཛོད་འཇམ་དབྱངས་ཀྱི་གླུ། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པ་རྣམས། ས་ར་ཧའི་ཞལ་ནས་གསུངས་པ་ཀྲི་རྣ་པའི་རང་འགྱུར། དོ་ཧ་མཛོད་ཀྱི་བཀའ་འགྲེལ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། བ་རིའི་འགྱུར་ལ་བཱེ་རོ་ཙ་ནས་བཅོས་པ་དོ་ཧ་མཛོད་ཀྱི་བཀའ་འགྲེལ། ཐར་པའི་འབྱུང་གནས་སྦས་པས་མཛད་པ་རྒྱ་ལོ་ཙྪ་བའི་འགྱུར། ནག་པོ་རྡོ་རྗེ་ཞབས་ཀྱི་དོ་ཧ་མཛོད་ཀྱི་འགྲེལ་བ་རིའི་འགྱུར། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ། ས་ར་ཧས་མཛད་པ། སྤྱོད་པའི་གླུ་ས་ར་ཧས་མཛད་པ། ཕྱག་རྒྱ་ཆེན་པོ་འཆི་ཁ་མའི་མན་ངག །ས་ར་ཧའི་གདམས་པ། མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ། ས་ར་ཧས་མཛད་པ། དེའི་རྒྱ་ཆེར་འགྲེལ་པ། གཉིས་མེད་རྡོ་རྗེས་མཛད་པ་པྲ་ཛྙྱ་ཛྙྱ་ན་ཤྲིའི་རང་འགྱུར། ཀ་ཁའི་དོ་ཧ་ས་ར་ཧས་མཛད་པ་བཱེ་རོ་ཙ་ནའི་རང་འགྱུར། རྩེ་མོ་དོ་ཧ་ས་ར་ཧས་གསུངས་པ་ཀྲ་རྣ་བའི་རང་འགྱུར། ཚིགས་སུ་བཅད་པའི་མཛོད། ཏཻ་ལོ་པས་མཛད་པ་བཱེ་རོ་ཙ་ནའི་འགྱུར་ཀ་ཁ་དོ་ཧའི་བཤད་པ་བཱེ་རོ་ཙ་ནའི་རང་འགྱུར། ཆོས་ཐམས་ཅད་རབ་དུ་མི་གནས་པའི་སྟོན་པ། དེ་ཁོ་ན་ཉིད་ཚིགས་སུ་བཅད་པ་ཕྱེད་ཀྱི་འགྲེལ་པ། ཨ་བ་དྷུ་ཏི་པས་མཛད་པ། དངོས་པོ་སྦྱོང་བ་ཀླུ་སྒྲུབ་ཀྱི་མཛད་པ། རྣམ་པར་མི་རྟོག་པའི་རབ་དུ་བྱེད་པ། ཨརྻ་དེ་བས་མཛད་པ། མ་རྟོགས་པ་རྟོག་པར་བྱེད་པ་གཉིས་མེད་རྡོ་རྗེས་མཛད་པ། སྙིང་པོ་ཀུན་ནས་བཏུས་པའི་རབ་དུ་བྱེད་པ། ཨ་ནན་ཏ་བཛྭས་མཛད་པ་ཆོས་འབར་གྱི་འགྱུར། བདུད་རྩི་གྲུབ་པ་བིར་བ་པས་མཛད་པ་ཨེ་ཏེ་བའི་འགྱུར། ཕྱག་རྒྱ་ཆེན་པོའི་མན་ངག་ཏེ་ལོ་པས་ན་རོ་པ་ལ་གྷ་གྷའི་གྲམ་དུ་གསུངས་པ། རང་བྱིན་གྱིས་བརླབས་པའི་རིམ་པ་ས་ར་ཧས་མཛད་པ་ཆོས་འབར་གྱི་འགྱུར། སེམས་བརྟག་པ་ཚུལ་ཁྲིམས་འཕགས་པས་མཛད་པ། ཆོས་འབར་གྱི་འགྱུར། མན་ངག་གི་ཚིགས་སུ་བཅད་པ་བཅུ་གཉིས་པ། ས་ར་ཧས་གསུངས་པ། དངོས་པོའི་གནས་ལུགས་བསྒོམ་པ་ནོར་བུ་གླིང་པ་བདེ་བའི་རྡོ་རྗེས་མཛད་པ། ཚིགས་སུ་བཅད་པའི་མཛོད་སྤྱོད་པ་བས་མཛད་པ། ཆོས་ཀྱི་དབང་ཕྱུག་གི་འགྱུར། ཚིགས་སུ་བཅད་པ་ལྔ་པ་ནག་པོ་བས་མཛད་པ། བཱཻ་རོ་ཙ་ནའི་འགྱུར། དཔལ་རྡོ་རྗེའི་གླུ་རྣལ་འབྱོར་སྤྱོད་པའི་བསམ་གཏན་ཀ་རོ་པས་མཛད་པ། བིར་བ་པའི་ཚིག་རྐང་བརྒྱ་བཅུ་རྩ་བཞི་པ། བཱེ་རོ་ཙ་ནའི་འགྱུར། སྤྱོད་པའི་གླུའི་མཛོད་ཀྱི་འགྲེལ་པ། གྲུབ་པ་རྣམས་ཀྱི་རྡོ་རྗེའི་གླུ་གསལ་བ་ཐུབ་པས་བྱིན་གྱིས་མཛད་པ། གྲགས་པ་རྒྱལ་མཚན་གྱི་འགྱུར། ལྷན་ཅིག་སྐྱེས་གྲུབ་སློབ་དཔོན་ཨིན་ཏྲ་བོ་ཏིས་མཛད་པ་དང་། དེ་ཉིད་ཀྱི་གཞུང་འགྲེལ་ལྷ་ལྕམ་དཔལ་མོས་མཛད་པ་དང་། པྲཛྙྱ་གྷིར་ཏེའི་འགྱུར། སྙིང་པོ་དེ་ཁོ་ན་ཉིད་རིན་ཆེན་ཆེའི་འོད་ཅེས་བྱ་བ། སློབ་དཔོན་ཆེན་པོ་ནཱ་རོ་པས་མཛད་པ་རིན་ཆེན་རྒྱལ་མཚན་གྱི་འགྱུར། གདམས་ངག་རིན་ཆེན་འབྲུ་དགུ་པཎ་ཆེན་ཤཱཀྱ་ཤྲིས་མཛད་པ། དེ་ཉིད་སྐུ་འདའ་ཁར་ནམ་མཁའ་ལ་བྱོན་པའི་ཚིག་བཅད། རིན་ཆེན་དཔལ་བཟང་པོས་བསྒྱུར་བ། སྤུར་སྦྱངས་པའི་ཚེ་ཆུ་འཛིན་གྱིས་ང་རོ་ལས་བྱུང་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་པ། པཎྜྻི་ཏ་ཕྱེད་དང་ཉིས་རྒྱའི་ཐུགས་ལས་བྱུང་བ། བྱམས་པ་དཔལ་གྱི་འགྱུར། གཞན་ཡང་དེ་དག་དང་རྗེས་སུ་མཐུན་པ། ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ཞེས་བྱ་བ། ཀང་ཀ་ལི་པས་མཛད་པ། ཕྱི་ནང་བྱང་ཆུབ་སེམས་བཅིང་པའི་མན་ངག་བྷི་ན་པས་མཛད་པ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་གྷོ་རཀྵས་མཛད་པ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཙོ་རང་གི་མཛད་པ། རྡོ་རྗེ་མཁའ་འགྲོའི་རྫོགས་པའི་རིམ་པ་བི་མ་བས་མཛད་པ། རྣལ་འབྱོར་བཞིའི་ཉམས་ལེན་གྱི་ཐབས་ཏན་ཏི་པས་མཛད་པ། ཐབས་ཤེས་རབ་གཏན་ལ་དབབ་པའི་དངོས་གྲུབ་བསྡུས་པ་ཙ་མ་རིས་མཛད་པ། རང་བཞིན་གྲུབ་པ་མེད་པ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་སྤངས་ཀ་ལས་མཛད་པ། རྩ་རླུང་གི་སྒོ་ནས་རྣལ་འབྱོར་གྱི་སྤྱོད་པ་ཌོཾ་བི་པས་མཛད་པ། ཡི་གེ་གཉིས་པའི་མན་ངག་ལྡང་གིས་མཛད་པ། དེའི་བདེ་བ་བསྒོམ་པའི་རྗེས་སུ་འབྲང་པའི་རྣལ་བཞིའི་མན་ངག་ཀླུ་སྒྲུབ་ཀྱིས་མཛད་པ། ཡིག་གེ་བརྒྱ་པའི་སེམས་དཔའ་གསུམ་གྱི་བསྒོམ་ཐབས་ནཱ་རོ་པས་མཛད་པ། རིན་ཆེན་ཕྲེང་བ་སི་ལ་ཨ་ལིས་མཛད་པ། སྙིང་རྗེ་བསྒོམ་པའི་བྱིན་རླབས་ཏེ་ལོ་པས་མཛད་པ། སེམས་ཀྱི་གྲོས་འདེབས་ཨ་ཛུ་བིས་མཛད་པ། ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཡ་ས་ཀ་ལས་མཛད་པ། ཆ་རླུང་གི་སྒོ་ནས་རྣལ་འབྱོར་གྱི་སྤྱོད་པ་ཌོམ་བི་པས་མཛད་པ། ཡི་གེ་གཉིས་པའི་མན་ངག་ལྡང་གིས་མཛད་པ། དེའི་བདེ་བ་བསྒོམ་པའི་རྗེས་སུ་འབྲང་པའི་རྣལ་འབྱོར་བསྒོམ་པའི་མན་ངག་ཀུ་ཀུ་རི་པས་མཛད་པ། འཛག་པ་སྤྱོད་པའི་མན་ངག་ཀུན་ཙི་བས་མཛད་པ་རྣམས་བཞུགས། ༼སི༽པ་ལ་མུ་སྟེགས་ཀྱི་གཏུམ་པོ་ཨ་ཅིན་དྷས་མཛད་པ་གསེར་འགྱུར་གྱི་རྩི་ན་ལིས་མཛད་པ། སེམས་དང་སེམས་ཉིད་འདུལ་བའི་ཐབས་ནེ་ཀོ་ལེ་གསུངས་པ། ལྷ་ཀུན་གྱི་རྫོགས་པའི་རིམ་པ་བྷུན་དྷ་རིས་མཛད་པ། ཉི་ཟླ་བཅིང་བའི་ཐབས་ཀ་མ་རིས་མཛད་པ། སེམས་ཀྱི་ཐིག་ལེའི་ཧཱུཾ་ཉིད་བསྒོམ་པའི་རིམ་པ་ཛ་ལན་དྷ་རས་མཛད་པ། བསམ་གྱིས་མི་ཁྱབ་པ་བསྒོམ་པ་ར་ཧུ་ལས་མཛད་པ། ཧཱུཾ་ཡིག་སེམས་ཉིད་ཐིག་ལེ་བསྒོམ་པའི་རིམ་པ། དྷ་མ་པས་མཛད་པ། རང་བཞིན་གྲུབ་པའི་ཐབས། ད་ཀ་རིས་མཛད་པ། ལྷན་སྐྱེས་ཟུང་འཇུག་གི་གདམས་པ་མེ་དྷི་ནིས་མཛད་པ། བླ་མེད་སྦྱོར་བའི་རིམ་པ་བམ་ཀ་ཛས་མཛད་པ། ཨ་ལི་ཀ་ལིའི་མན་ངག་རྣལ་འབྱོར་གྷན་དྷས་མཛད་པ། ཀ་འཕྲེང་བསྒོམ་པའི་ལམ་དྷུ་མ་དྷུ་པས་མཛད་པ། ཨ་འཕྲེང་ཀ་འཕྲེང་བདེ་མཆོག་བསྒོམ་པའི་རྣལ་འབྱོར་ཆེན་པོ་བསྒོམ་པ་ས་ཀ་རས་མཛད་པ། རླུང་གནས་ནད་ཀྱི་བརྟག་པ་ཨན་ཛོ་ཀིས་མཛད་པ། སེམས་ཉིད་ཀྱི་དེ་ཉིད་བཅིང་བ་ཀོ་ཏ་ལིས་མཛད་པ། གཏུམ་མོའི་ཐིག་ལེ་དགྲམ་པ་ཨུ་ཙི་ཀིས་མཛད་པ། ལུས་ཀྱི་རྩ་ཐིག་མཉམ་པ་ཉིད་ཀྱི་མན་ངག་ནེ་ཀུ་ནིས་མཛད་པ། འབྱུང་བ་བཞིའི་སྲིད་པའི་ཆ་ལུགས་སློབ་དཔོན་ཙ་ར་ས་ཏྲིས་མཛད་པ། རང་རིག་ཡེ་ཤེས་ཀྱི་ཉམས་ལེན་སློབ་དཔོན་ཙམ་པ་ཀས་མཛད་པ། འཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས། སློབ་དཔོན་བྷེ་ཁ་ནས་མཛད་པ། ཕྱི་ནང་ནད་སེལ་གྱི་གདམས་པ་སློབ་དཔོན་ཏཻ་ལོ་པས་མཛད་པ། གཡུང་དྲུང་འཁྱིལ་པ་གསུམ་གྱི་ཞལ་གདམས། ཡུམ་ཀང་ཀ་ལ་མེ་ཀ་ལས་གསུངས། ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་བྱ་བ་སློབ་དཔོན་ཀན་དྷ་རིས་མཛད་པ། ཨ་ཏིའི་རྣལ་འབྱོར་གྱི་བསྒོམ་པའི་མན་ངག །སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ། བྱང་ཆུབ་སེམས་ཀྱི་རླུང་རྒྱུ་བའི་མན་ངག །སློབ་དཔོན་སུ་ཏ་ལིས་མཛད་པ། ལྟ་སྤྱོད་སྐྱེ་མེད་ཀྱི་བསྒོམ་པ་ཞེས་བྱ་བ་སློབ་དཔོན་པ་ན་ཧས་མཛད་པ། ཚེ་བསྒྲུབ་པའི་གདམས་ངག་ཅེས་བྱ་བ་སློབ་དཔོན་ཀོ་ཀི་ལས་མཛད་པ། དུག་སེལ་བསྒོམ་པའི་རིམ་པ་ཞེས་བྱ་བ། སློབ་དཔོན་ཨ་རང་གིས་མཛད་པ། གཉིས་མེད་ཀྱི་རྩ་བསྒོམ་པ་ཞེས་བྱ་བ་སློབ་དཔོན་ནག་པོ་པ་ནས་རྒྱུད་པ། སློབ་དཔོན་ནི་ལ་ཀན་ཐས་མཛད་པ། ཕྲ་བའི་རྣལ་འབྱོར་གྱི་ཉམས་ལེན་སློབ་དཔོན་ས་མུ་ཏྲས་མཛད་པ། ཕྱི་ནང་གི་བཅུད་ལེན་གྱི་གདམས་པ། སློབ་དཔོན་བྷ་རིས་པས་མཛད་པ་རྣམས། རཏྣ་ཕ་ལས་རང་འགྱུར་དུ་མཛད་པའོ། །རྨི་ལམ་བརྟག་པ་བྷི་པུ་ཏ་ཙན་ཏྲས་བསྒྱུར་བ་རྣམས་བཞུགས། རང་བཞིན་དྷོ་ཧ་མཛོད་ཀྱི་ལྟ་བ་ལུ་ི་པས་མཛད་པ། རྣམ་རྟོག་ཡངས་པའི་གླུ་ལི་ལས་པས་མཛད་པ། ལས་ཀྱི་གཏུམ་མོའི་དོ་ཧ་མཛོད་ཀྱི་གླུ་བྷི་བ་པས་མཛད་པ། ལྟ་སྤྱོད་བསྒོམ་པ་འབྲས་བུའི་གླུ་ས་ར་ཧ་པས་མཛད་པ། དོ་ཧ་མཛོད་ཀྱི་དེ་ཉིད་ཀྱི་གླུ་ཐ་ཀ་ནས་མཛད་པ། སྤྱོད་པའི་དོ་ཧ་མཛོད་ཀྱི་གླུ་ཀང་ཀ་ནས་གསུངས་པ། ལྷན་ཅིག་སྐྱེས་པའི་དོ་ཧ་མཛོད་ཀྱི་གླུ་ལྟ་བ་བྷ་དེས་མཛད་པ། བདེ་གཤེགས་ཀྱི་ལྟ་བའི་གླུ་དྷ་མ་པས་མཛད་པ། རླུང་གི་དེ་ཉིད་ཀྱི་དོ་ཧའི་གླུ་མ་ཧི་པས་མཛད་པ། དཔྱིད་ཀྱི་ཐིག་ལེ་དོ་ཧ་མཛོད་ཀྱི་གླུ་ས་ར་ཧ་པས་མཛད་པ། རྡོ་རྗེ་བཞིའི་གླུ་ཨ་བ་དྷུ་ཏི་པས་མཛད་པ། མེ་ཏྲི་བའི་གླུ། ས་ར་ཧའི་གླུ་གཉིས། བི་རུ་བྱེད་པའི་གླུ་ཀ་ན་སའི་གླུ །དྷི་དྷི་ཛྙྱ་ནའི་གླུ་གཉིས། ཀ་ན་རིའི་གླུ་གཉིས། མ་ཏི་ཙི་ཏྲའི་གླུ། དཔའ་བོ་རྣམ་པར་སྣང་མཛད་ཀྱི་གླུ་ནཱ་རོ་པའི་གླུ། དྷུམ་བི་བའི་གླུ། བི་རུ་བའི་གླུ། ཟླ་བ་པའི་གླུ། མ་ཧ་སུ་ཀ་ཏའི། པྲ་ས་རིའི་གླུ། ཀླུ་སྒྲུབ་ཀྱི་གླུ། ཏི་པམ་ཀ་ར་ཤྲི་ཛྙྱ་ནའི་ཆོས་ཀྱི་གླུ། དོ་ཧ་སྤྱོད་པའི་གླུའི་ལྟ་བ་ཀི་ར་པས་གསུངས་པ། སྟོང་པ་ཉིད་ཀྱི་ལྟ་བ་ཤ་བ་རི་པས་གསུངས་པ། བདེ་སྡུག་གཉིས་བྲལ་གྱི་ལྟ་བ་ཤན་བས་གསུངས་པ། འབྲལ་མེད་ཀྱི་ལྟ་བ་ཀམ་པ་ལས་མཛད་པ་རྣམས་རད་ན་ཕ་ལའི་རང་འགྱུར། སྟོང་ཉིད་སྙིང་རྗེའི་ལྟ་བ་ཙ་ཏ་པས་མཛད་པས། ཞེན་མེད་ཀྱི་ལྟ་བ་ཀ་པ་ལས་མཛད་པ། སེམས་ཉིད་རིན་ཆེན་གྱི་ལྟ་བ་བེ་ཧ་ནས་མཛད་པ། དེ་ཉིད་བརྒྱད་ཀྱི་ལྟ་བ་ཨིན་ཏྲ་བོ་དྷིས་མཛད་པ། སེམས་ཉིད་རྟོག་པ་འཇོམས་པར་བྱེད་པ་ལཀྵི་མས་མཛད་པ། མྱ་ངན་གྱི་ལྟ་བ་དྷ་བུ་རིས་མཛད་པ། སེམས་ཉིད་ཀྱི་ལྟ་བ་མེ་ཏྲི་བས་མཛད་པ། སྙིང་རྗེའི་སྤྱོད་པ་ཐོད་པའི་ལྟ་བ་ས་ར་བྷ་གས་མཛད་པ། འབྲེལ་མེད་ཀྱི་སྤྱོད་པ་ནག་པོ་པས་མཛད་པ། དེ་བཞིན་ཉིད་ཀྱི་ལྟ་བ་དྷ་རི་ཀ་པས་མཛད་པ། སྤྱོད་པའི་གླུ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དེའི་འགྲེལ་པ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་ནག་ཚོའི་འགྱུར། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་ཏི་པ་ཀ་རས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པའི་གླུ། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་བརྩོན་སེང་གིས་བསྒྱུར་ཞིང་། ཚུལ་ཁྲིམས་རྒྱལ་བས་བཅོས་པ། ཏིང་ངེ་འཛིན་གྱི་གླུ་ཇོ་བོས་མཛད་པ་དང་ནག་ཚོའི་འགྱུར། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུ་རྩ་འགྲེལ་ཏི་པམ་ཀ་ར་ཤྲི་ཛྙྱ་ནས་མཛད་པ། ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་པ། རྗེ་དམ་པ་ལ་བདེ་བར་གཤེགས་པ་བཅུ་གཉིས་ཀྱིས་གསུངས་པ་ཞ་མ་ལོ་ཙཱའི་འགྱུར། བརྡའི་མན་ངག་ངོ་མཚར་རྒྱུད་པ། རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞིའི་དགོངས་པ་དྲིལ་བ་དྲི་མེ་དངུལ་རྒོང་། གསེར་རྒོང་། ཤེལ་རྒོང་རྣམས་མི་ཕམ་མགོན་པོས་གསུངས་པ། ཕྱག་རྒྱ་ཆེན་པོ་རིན་ཆེན་བརྡའི་མན་ངག་ཞ་མ་ལོ་ཙཱའི་འགྱུར་མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུ་སེང་གེ་རྒྱལ་པོའི་འགྱུར། དཔལ་རྡོ་རྗེ་མཁའ་འགྲོ་མའི་འགྱུར་རྣམས་ཞ་མའི་འགྱུར། ཡེ་ཤེས་ཀྱི་མཁའ་འགྲོ་མ་བརྡའི་འགྱུར་བམ་པོ་བཞི་པ་ཞ་མའི་འགྱུར། ཐུགས་ཀྱི་གསང་བ་གླུར་བླངས་པ་གྲུབ་ཐོབ་བརྒྱ་བཅུའི་རྟོག་པ་བརྗོད་པ་ཐིག་ལེ་དག་པའི་ཕྲེང་བ་ཞ་མའི་འགྱུར། གྲུབ་ཐོབ་ལྔ་བཅུའི་རྟོག་པ་བརྗོད་པའི་ཐིག་ལེ་འོད་ཀྱི་འཕྲེང་བ་ཞ་མའི་འགྱུར། གྲུབ་ཐོབ་བཞི་བཅུའི་འགྱུར་ཐིག་ལེ་གསེར་གྱི་ཕྲེང་བ་ཡེ་ཤེས་མཁའ་འགྲོ་མ་སུམ་བཅུ་རྩ་ལྔའི་རྟོག་པ་བརྗོད་པ། མཁའ་འགྲོ་མའི་འབྱམ་གླུ། བདག་མེད་མའི་བརྡ་རིན་པོ་ཆེའི་མན་ངག་གི་ཚོར་བ་ཕྱག་རྒྱ་ཆེན་པོའི་མན་ངག །རྡོ་རྗེ་གསང་བའི་གླུ། ས་ར་ཧས་གསུངས་པ། སེང་གེ་རྒྱལ་པོའི་འགྱུར། ལྟ་བ། སྤྱོད་པ། བསྒོམ་པ། འབྲས་བུ། ལམ་ཉམས་གནད་ཀྱི་བརྡ། མངོན་པ་པ་ཆེན་པོས་ཀ་མ་ལ་ཤྲི་ལ་གསུངས་པ། རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རྡོ་རྗེའི་འགྱུར་ལེའུ་དགུ་པ་རྗེ་དམ་རྒྱ་གར་གྱིས་རང་འགྱུར་དུ་མཛད་པ། བྱང་ཆུབ་སྤྱོད་པའི་སྒྲོན་མ། རྣལ་འབྱོར་ལམ་གྱི་སྒྲོན་མ། གསང་བ་ཐུགས་ཀྱི་སྒྲོན་མ་གསུམ་རྣལ་འབྱོར་གྱི་དབང་ཕྱུག་ཀ་མ་ལ་ཤྲིས་མཛད་པའོ། །བྲམ་ཟེ་ཆེན་པོ་རྨངས་དོ་ཧ་ལགས་པ་དོ་ཧ་དང་། རྡོ་རྗེ་གླུའི་སྐོར་རིམ་པར་ཕྱེ་བའོ། སྔགས་སྤྱིའི་ལམ་རིམ་དང་། གྲུབ་མཐའི་བསྟན་བཅོས་ལས། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་དུ་བྱེད་པ། ཞི་བ་འཚོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། དེ་ཉིད་མཐོང་བའི་ལམ་ཡེ་ཤེས་རྡོ་རྗེ་མཛད་པ། སྡོགས་བུད་དྷ་པ་ལའི་འགྱུར། སྔགས་ཀྱི་བསྒྲུབ་པའི་ལམ་གྱི་རིམ་པ་དང་། སེམས་ཀྱི་ལམ་སྦྱོང་བ། ཡེ་ཤེས་རྡོ་རྗེས་མཛད་པ་ལེའུ་ལྔ་པ་གླན་དར་མ་བློ་གྲོས་ཀྱི་འགྱུར། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལེའུ་བཞི་པ་བསྐལ་པ་བཟང་པོ་རྡོ་རྗེས་མཛད་པ། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བླ་མ་རྒྱུད་པའི་རིམ་པའི་མན་ངག་བཛྭ་པ་ནིས་མཛད་པ། འབྲོག་མི་ཇོ་སྲས་ཀྱི་འགྱུར། །ཇོ་བོས་མཛད་པའི་ལྟ་སྒོམ་ཆེ་འབྲིང་གསུམ། མེ་ལམ་འཁྱེར། ཆུ་ལམ་འཁྱེར། རླུང་ལམ་འཁྱེར། ཆུ་གཏོར་གྱི་ཆོ་ག་རྣམས་ཇོ་བོས་མཛད་པ། བརྩོན་འགྲུས་སེང་གེའི་འགྱུར། གླུ་གཏོར་གྱི་ཆོ་ག་ཇོ་བོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། དེ་ཁོ་ན་ཉིད་ལ་འཇུག་པ་བདེ་བར་གཤེགས་པའི་བཀའ་ལུང་མདོར་བསྡུས་སྟེ་བཤད་པ། དཔལ་ཡེ་ཤེས་གྲགས་པས་མཛད་པ་རྣམས་བཞུགས། ༼ཧི༽པ་ལ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ། ཆོས་ཀྱི་དབང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། གསང་སྔགས་ཀྱི་སྣང་བ་མཐོ་བཙུན་བརྩོན་ལེགས་ཀྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། གསང་སྔགས་ལ་འཇུག་པ་རབ་དུ་བྱེད་པ་དྲུག་བཅུ་པ། ཛྙྱ་ན་ཨ་ཀ་རས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དེའི་འགྲེལ་པ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་པ། ཚུལ་ཁྲིམས་རྒྱལ་གྱི་འགྱུར། ཚུལ་གསུམ་གྱི་སྒྲོན་མ་མཐོ་བཙུན་ཏྲི་བི་ཀ་མ་ལས་མཛད་པ། རིན་ཆེན་བཟང་པོའི་འགྱུར། མཐའ་གཉིས་རྣམ་པར་སྤོང་བ་གསང་བའི་གྲུབ་མཐའ་ཛྙྱ་ན་ཤྲིས་མཛད་པ། ལས་དང་པོ་བའི་སྒྲོན་མ་ཨ་ནུ་པ་མས་མཛད་པ་བྷུ་དྷ་པ་ལའི་རང་འགྱུར། ལས་དང་པོ་བའི་ཚུལ་རྙོག་མེད་རྡོ་རྗེས་མཛད་པ། ལས་དང་པོ་བའི་བྱ་བ་དྷརྨ་ཨ་ཀ་ར་མ་ཏིས་མཛད་པ་དར་མ་གྲགས་ཀྱི་འགྱུར། ལས་དང་པོ་བའི་བྱ་བ་མདོར་བསྡུས་པ་གཉིས་མེད་རྡོ་རྗེས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། མཎྜྻལ་གྱི་ཆོ་ག་སངས་རྒྱས་གསང་བས་མཛད་པ། མཎྜྻལ་གྱི་ཆོ་ག་གཉིས་མེད་རྡོ་རྗེས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། མཎྜྻལ་གྱི་ཆོ་ག་ཀ་མ་ལས་མཛད་པ། ལས་དང་པོ་བའི་ཆོ་ག་མདོར་བསྡུས་པ་རྒྱལ་བ་མེ་ཏྲི་བས་མཛད་པ། གཏོར་མའི་ཆོ་ག་བདུད་རྩི་འབྱུང་བ། ཇོ་བོས་མཛད་པ་ཁུ་དངོས་གྲུབ་ཀྱི་འགྱུར། གཏོར་མ་ཆེན་མོའི་ལས་ཀྱི་རིམ་པའི་འགྲེལ་པ། རྡོ་རྗེ་མི་སྐྱོད་པས་མཛད་པ། དགེ་བའི་བློ་གྲོས་ཀྱི་འགྱུར། ཆ་གསུམ་འབྲིང་པོའི་ཆོ་ག་ཤྲ་ཏ་ཀ་ར་ཝརྨས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ཆུ་གཏོར་དྲི་མ་མེད་བའི་གཞུང་། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། རྒྱལ་པོ་ཆེན་པོ་གཏོར་མའི་ཆོ་ག །དགེ་བཤེས་སྟོན་པའི་འགྱུར། འབྱུང་པོ་ཐམས་ཅད་པའི་གཏོར་མ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། གཏོར་མའི་ཆོ་ག་ཉུང་ངུ། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག་དགུ་བརྒྱ་པ་ལས། ཆོ་ག་བརྒྱད་པ། ཀླུ་སྒྲུབ་ཀྱིས་མཛད་པ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། གཏོར་མའི་ཆོ་ག་ཛ་ཡ་སེ་ནས་མཛད་པ་རིན་ཆེན་བཟང་པོའི་འགྱུར། གཏོར་མའི་འགྲེལ་པ་བྷིན་དྷ་ཛྙྱ་ནས་མཛད་པ་རིན་ཆེན་མཆོག་གི་འགྱུར། ཆོས་སྐྱོང་ཐམས་ཅད་པའི་གཏོར་མའི་ཆོ་ག་བྷ་ལིང་ཨ་ཙརྻས་མཛད་པ། རྨ་བན་ཆོས་འབར་གྱི་འགྱུར། གླེགས་བམ་ཀློག་པའི་ཐབས་དྷ་ན་ཤི་ལའི་རང་འགྱུར། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་འདོན་ཚུལ་གྱི་སྔོན་འགྲོའི་སྒྲུབ་ཐབས་བྷི་པུ་དྷ་ཙན་ཏྲས་མཛད་པ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་རིན་ཆེན་བཟང་པོའི་འགྱུར། ཡི་གེ་བརྒྱ་པའི་ཆོ་ག་རིན་ཆེན་བཟང་པོའི་འགྱུར། དལ་སྤྱིའི་རིམ་པ་ཨ་པུ་བྷ་ཏྲས་མཛད་པ་རིག་པ་གཞོན་ནུའི་འགྱུར། དལ་གྱི་ཆོ་ག་རྡོ་རྗེའི་ཕྲེང་བ་ཆོ་ག་ལྔ་བཅུ་པ། ཨ་བྷྱ་ཀ་ར་གུ་པ་ཏས་མཛད་པ། འཁོར་ལོ་གྲགས་ཀྱི་བསྒྱུར་བ་ལས། ཤེས་རབ་དཔལ་གྱིས་བཅོས་ཤིང་ཆོས་རྗེས་དཔལ་གྱི་ཞུས་དག་བྱས་པ། རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་སྟོང་ཉིས་བརྒྱ་པ། འཇིགས་མེད་འབྱུང་ནས་སྦས་པས་མཛད་པ། ཐམས་ཅད་མཁྱེན་པའི་དཔལ་བཟང་པོས་རང་འགྱུར་ལ་ཆོས་རྗེ་དཔལ་གྱིས་བཅོས་པའི་སྟོད་ཡན་ཆོད་བཞུགས། ༼ཨི༽པའི་ནང་ན་དེའི་སྨད་དང་། སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ་ཉིས་བརྒྱ་བདུན་བཅུ་རྩ་ལྔ་པ། འཇིགས་མེད་འབྱུང་ནས་སྦས་པས་མཛད་པ། ཐམས་ཅད་མཁྱེན་པའི་འགྱུར་ལ་ཆོས་རྗེ་དཔལ་གྱི་བཅོས་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཨ་བྷྱ་ཀ་ར་གུ་པ་ཏས་མཛད་པ། ཟབ་མོའི་དབང་གི་ཆོ་ག་རིན་པོ་ཆེ་ནི་སྙེ་མ་ཨ་བྷྱ་ཀ་ར་གུ་པ་ཏས་མཛད་པ། མན་ངག་གི་སྙེ་མ་ཞེས་བྱ་བ་རྒྱུད་ཐམས་ཅད་ཀྱི་བསྐྱེད་རྫོགས་གི་མན་ངག་ཐུན་མོང་དུ་བསྟན་པ། ཨ་བྷྱ་ཀ་ར་གུ་པ་ཏས་མཛད་པ་རྣམས། གྲུབ་པ་དཔལ་བཟང་པོའི་འགྱུར། དབང་བསྐུར་ངེས་པར་བསྟན་པ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རབ་གནས་ཀྱི་ཆོ་ག་མདོར་བསྡུས་པ་དད་པའི་འབྱུང་ནས་གོ་ཆས་མཛད་པ། ཉི་མ་གྲགས་ཀྱི་འགྱུར། རབ་གནས་ཀྱི་ཆོ་ག་མདོར་བསྡུས་པ། པཎྜྻི་ཏ་མི་འཇིགས་པའི་ཕྱག་གིས་མཛད་པ། ཚོགས་ཀྱི་འཁོར་ལོའི་རིམ་པར་ཕྱེ་བ་ཧེ་རུ་ཀ་བཛྭས་མཛད་པ་གཉིས་གྲུབ་པ་དཔལ་གྱི་འགྱུར། དབྱུག་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་གྲགས་པ་རྒྱལ་མཚན་གྱི་འགྱུར་དལ་སྤྱིའི་རིམ་པ་ཀུན་དགའ་སྙིང་པོས་མཛད་པ། གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྙིང་པོའི་བརྒྱན་འཇམ་དཔལ་གྲགས་པས་མཛད་པ། ཉི་མ་རྡོ་རྗེའི་འགྱུར། དལ་གྱི་ཆོ་ག་མདོར་བསྡུས་པ་སངས་རྒྱས་གསང་བས་མཛད་པ་གཞལ་ཡས་ཁང་གསལ་བའི་མངོན་རྟོགས་མུན་སེལ་སྒྲོན་མ་པད་མ་འབྱུང་གནས་སྦས་པས་མཛད་པ། དལ་གྱི་ཐིག་གདབ་པ་མདོར་བསྡུས་པ་ཤྲ་དྷ་ཀ་ར་ཝརྨས་མཛད་པ་དང་། དེའི་རང་འགྲེལ་རིན་ཆེན་བཟང་པོའི་འགྱུར་བ་ཐིག་གདབ་པའི་རིམ་པ་དཀའ་བ་སྤྱོད་པ་ཤུདྷི་པྲ་བས་མཛད་པ། ཐིག་གི་ཆོ་ག་སློབ་དཔོན་དྷརྨ་ཀིརྟིས་མཛད་པ། རྒྱུད་སྡེ་ཆེན་པོ་ལྔའི་དལ་ཆོ་ག་དེ་ཁོ་ན་ཉིད་བསྡུས་པ་གསལ་བ། དར་མ་བློ་གྲོས་ཀྱིས་བསྒྱུར་བ་ལ། ཁྱུང་པོ་རྣལ་འབྱོར་གྱི་ཞུ་ཐུག་བྱས་པ། བར་མ་དོའི་ཆོ་ག་ནཱ་རོ་པས་མཛད་པ་སྡོག་བུདྷ་བས་བསྒྱུར་བ། དབང་གི་དོན་ངེས་པར་བརྗོད་པ་རྒྱལ་བ་དཔལ་བཟང་པོ་སྦས་པ་མཛད་པ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། རྣམ་པ་ལྔ་མངོན་པར་རྫོགས་པར་བྱང་ཆུབ་པ་ཤེས་རབ་གྲགས་ཀྱིས་བསྒྱུར་བ་རྣམས་བཞུགས། དེ་རྣམས་ནི་སྔགས་སྤྱི་ལ་ཕན་པའི་བསྟན་བཅོས་ཀྱི་བསྐོར་རིམ་པར་ཕྱེ་བའོ། །དེ་ནས་སྔགས་སྤྱིའི་དམ་ཚིག་གི་བསྐོར་ལ། ༼ཀེ༽པ་ལ་བླ་མ་ལྔ་བཅུ་པ། བྷ་བཱི་ལྷས་མཛད་པ་རིན་ཆེན་བཟང་པོའི་འགྱུར། །རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་བྷ་བི་ལྷས་མཛད་པ། ཡན་ལག་གི་དམ་ཚིག་དང་བཅས་པ། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་རྒྱ་ཆེར་བཤད་པ། འཇམ་དཔལ་གྲགས་པས་མཛད་པ། དེ་ལ་ཕན་པའི་ཡན་ལག་དང་བཅས་པ་རྒྱ་བརྩོན་སེང་གི་འགྱུར། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་རྒྱ་ཆེར་འགྲེལ་པ་བདུད་རྩིའི་ཆུ་རྒྱུན་སྙིང་པོ་ཞབས་ཀྱིས་མཛད་པ། འོ་རུ་ལོ་ཙཱའི་བའི་འགྱུར། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བའི་བཀའ་འགྲེལ་པྲཛྙྱ་གྷིརྟིའི་འགྱུར། ལྟུང་བ་སྦོམ་པོ་རྟ་དབྱངས་ཀྱིས་མཛད་པ་པྲཛྙྱ་གྷིརྟིའི་འགྱུར། རྩ་ལྟུང་བཅུ་བཞིའི་འགྲེལ་པ་ཤན་ཏི་བས་མཛད་པ། ཁྱུང་གྲགས་ཀྱི་འགྱུར། རྩ་ལྟུང་བཅུ་བཞི་པའི་འགྲེ་པ་ལཀྵི་ཀ་རས་མཛད་པ། རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ་ཨ་བྷྱ་ཀ་ར་གུ་པ་ཏས་མཛད་པ་སངས་རྒྱས་གྲགས་ཀྱི་འགྱུར། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་སློབ་དཔོན་དྲི་མེད་སྦས་པས་མཛད་པ་དར་མ་གྲགས་ཀྱི་འགྱུར། རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ་རྒྱལ་བའི་ལྷས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ལྟུང་བ་སྦོམ་པོ། ལྟུང་བ་བཅོ་ལྔ་པ། ལྟུང་བ་སྦོམ་པོ་ཀླུ་སྒྲུབ་ཀྱིས་མཛད་པ། ཆོས་རྗེ་དཔལ་གྱི་འགྱུར། ལས་དང་པོ་བའི་དམ་ཚིག་མདོར་བསྡུས་པ། ཛྙྱ་ན་བོ་དྷིས་མཛད་པ་བསོད་ནམས་རྒྱལ་བའི་འགྱུར། ཚུལ་ཁྲིམས་དང་སྡོམ་པ་དང་། དམ་ཚིག་དང་མི་འགལ་བ་ཡེ་ཤེས་དཔལ་བཟང་པོས་མཛད་པ་རབ་ཞི་བཤེས་གཉེན་གྱི་འགྱུར། དམ་ཚིག་ཐམས་ཅད་བསྡུས་པ། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དེ་ཉིད་ཀྱིས་མཛད་པ་དམ་ཚིག་ཀུན་གྱི་ཆོ་ག་ཀུན་ལས་བཏུས་པ་ལེའུ་ཉི་ཤུ་རྩ་ལྔ་པ་གྱི་ཇོ་ཟླ་བ་འོད་ཟེར་གྱིས་བསྒྱུར་བ་ལས། ཚུལ་ཁྲིམས་རྒྱལ་བས་གཏན་ལ་ཕབ་པ་སྟེ། སྔགས་སྤྱིའི་དམ་ཚིག་གི་བསྐོར་རིམ་པར་ཕྱེ་བའོ།། །།དེ་དག་གི་བཀའ་བསྲུངས་གི་བསྐོར་ལ། དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་འགྲེལ་པ་རྟ་དབྱངས་ཀྱི་མཛད་པ་རྣ་ནམ་རྡོ་རྗེ་བླ་མའི་འགྱུར། ནག་པོ་ཆེན་པོ་དཔའ་བོ་གཅིག་པའི་བསྒྲུབ་ཐབས་ས་མན་ཏ་ཤྲིས་མཛད་པ། ཆར་དབབ་པ་ལ་སོགས་པའི་རིམ་པ་ཞིང་སྐྱོང་གི་བསྒྲུབ་ཐབས། ནག་པོ་ཆེན་པོ་ལ་གནོད་སྦྱིན་བརྒྱད་བསྐོར་བས་བསད་པ་ལགས་པས་ས་མན་ཏ་ཤྲིས་མཛད་པ། ཡེ་ཤེས་ཀྱི་མེ་འབར་བའི་སྦྱིན་སྲེག་ས་མན་ཏ་ཤྲིས་མཛད་པ་རྣམས་ཆོས་རབ་ཀྱི་འགྱུར། དཔལ་ནག་པོ་ཆེན་པོའི་བསྒྲུབ་ཐབས་རྩ་མི་ཆེན་པོའི་འགྱུར་མགོན་པོ་བྱ་རོག་གདོང་ཅན་གྱི་ནང་བསྒྲུབ་རྩ་མིའི་འགྱུར། དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་རྐང་པ་བརྒྱད་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྗེ་བཙུན་དཔལ་ནག་པོ་ཆེན་པོ་ལ་བསྟོད་པ། སངས་རྒྱས་གྲགས་ཀྱིས་བསྐུལ་བ། །བྱ་རོག་གདོང་ཅན་ལ་བསྟོད་པ་སངས་རྒྱས་གྲགས་པས་མཛད་པ་སེ་ལོ་ཙཱ་བའི་འགྱུར། ནག་པོ་ཆེན་པོ་ལ་བསྟོད་པ་མཆོག་སྲེད་ཀྱིས་མཛད་པ། ནག་པོ་ལ་བསྟོད་པ་ཨ་བ་དྷུ་ཏི་པས་མཛད་པ། ནག་པོ་ཆེན་པོའི་བསྒྲུབ་ཐབས། སློབ་དཔོན་རྣམ་པ་རྡོ་རྗེས་མཛད་པ། རིན་ཆེན་བཟང་པོའི་འགྱུར། ནག་པོ་ཆེན་པོའི་བསྒྲུབ་ཐབས་སྦྱོར་བ་དང་བཅས་པ། དཔལ་སྟོང་པའི་ཏིང་ངེ་འཛིན་རྡོ་རྗེས་མཛད་པ་དཔྱལ་སེར་ཚའི་འགྱུར། ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། ནག་པོ་ཆེན་པོའི་བསྒྲུབ་ཐབས་སློབ་དཔོན་བསོད་ནམས་སྙོམས་པས་མཛད་པ། །པྲཛྙྱ་གྷིརྟིའི་འགྱུར། ནག་པོ་ཆེན་པོའི་གཏོར་མའི་ཆོ་ག །ཏི་པམ་ཀ་ར་ཤྲི་ཛྙྱ་ནས་མཛད་པ་འབྲོམ་སྟོན་པའི་འགྱུར། ལེགས་ལྡན་ནག་པོའི་བསྒྲུབ་ཐབས། དལ་བདུན་གྱི་རིམ་པ་རྣམ་པར་ཕྱེ་བ་སློབ་དཔོན་སྣང་མཛད་མྱུ་གུས་མཛད་པ། དཔལ་ལྷ་མོ་ནག་མོ་ལ་བསྟོད་པ། རྐང་པ་བརྒྱད་པ། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། དཔལ་ལྷ་མོ་ནག་མོ་ཆེན་མོའི་བསྒྲུབ་ཐབས། ལོ་ཀ་ཤྲིས་བསྒྱུར་བ་རྣམས་བཞུགས་སོ། །དཔལ་ལྡན་མ་ཧ་ཀ་ལ་དང་། ལྷ་མོའི་བསྐོར་རིམ་པ་ཕྱེ་བའོ། དེ་ནས་གསང་སྔགས་སྙིང་མའི་བསྐོར་ལ། སྐུ་གསུང་ཐུགས་ཀྱི་གསང་བ། དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱ་ཆེར་བཤད་པ་བདུད་རྩི་ཐིགས་པ་ཞེས་བྱ་བ། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། གཉན་ཀུ་མ་རིའི་འགྱུར། འཕགས་པ་ཐབས་ཀྱི་ཞགས་པ་པདྨའི་ཕྲེང་གི་འགྲེལ་པ། གསང་སྙིང་གི་འགྲེལ་པ། ཉི་མའི་སེང་གེ་འོད་ཀྱིས་མཛད་པ་ལེའུ་བཅོ་ལྔ་པ་ཡན་ཆོད་བཞུགས། ༼ཁེ༽པ་ལ་དེའི་སྨད་དང་ཡོངས་སུ་རྫོགས་པ་དང་། གསང་སྙིང་གི་འགྲེལ་བཤད། སྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་བརྒྱ་པ་དེ་ཉིད་ཀྱིས་མཛད་པ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བའི་དབང་གི་གལ་པོ། དབང་གི་དོན་རབ་ཏུ་བྱེད་པ། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་རབ་ཏུ་མཛད་པ། སྒྱུ་འཕྲུལ་ཐུགས་ཀྱི་ཐེག་པ། གསང་བའི་ཐེག་པའི་མན་ངག་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། ཤེས་རབ་སྤྱན་འབྱེད་ཀྱི་མན་ངག་བི་མ་ལས་མཛད་པ། མན་ངག་གི་རྒྱལ་པོ་ལྟ་བའི་ཕྲེང་བ། ལས་ཤན་ལྟ་བའི་སྒྲོན་མ་བཞད་པའི་རྡོ་རྗེས་མཛད་པ། ལྟ་བའི་རིམ་པའི་མན་ངག །སྐ་བ་དཔལ་རྩེགས་ཀྱིས་མཛད་པ། གཡུའི་ཐང་མ་སྲས་དགུ། བི་མ་ལས་འཕན་ཡུལ་དུ་གཉའ་ལ་གཏད་པའོ། །སྒྱུ་འཕྲུལ་དྲ་མེ་ལོང་ལྟ་བུའི་བསྒྲུབ་ཐབས། སློབ་དཔོན་ཛྙྱ་ན་ཛ་ཡས་མཛད་པ། སྒྱུ་འཕྲུལ་དྲ་བའི་འོད་ཀྱི་རིམ་པའི་མན་ངག །སངས་རྒྱས་གསང་བས་མཛད་པ སྒྱུ་འཕྲུལ་ཕྱག་རྒྱ་བསམ་གཏན་བི་མ་ལས་མཛད་པ། ལམ་རྣམ་པར་བཀོད་པ་སངས་རྒྱས་གསང་བའི་མན་ངག ཡུལ་ཁྲི་བབས་སུ་ཛྙྱ་ན་ཀུ་མ་རས་བསྒྱུར་བ། མན་ངག་རྣམ་པར་བཀོད་པ། ཐུགས་ཀྱི་ཐིགས་པ་སྒྱུ་འཕྲུལ་སྤྱི་གཅོད། སངས་རྒྱས་གསང་བ། བྷི་མ་ལ་མི་ཏྲ། སྒེག་པ་རྡོ་རྗེ་གསུམ་གྱིས་མཛད་པ། རྨ་རིན་ཆེན་མཆོག་གི་འགྱུར། སྒྱུ་འཕྲུལ་མན་ངག་གསལ་བའི་སྒྲོན་མེ། སྒྱུ་འཕྲུལ་དྲ་བའི་ལམ་བཤད་པ་བྷི་མ་ལ་མི་ཏྲས་མཛད་པ། རིམ་པ་དྲུག་པ་སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པ། མན་ངག་རིམ་པ་གསུམ་པ། སེམས་སྐྱེད་པའི་ཆོ་ག་མདོར་བསྡུས་པ། དམ་ཚིག་གསལ་བཀྲ་སྒེག་པ་རྡོ་རྗེས་མཛད་པ། སྦྱིན་སྲེག་གི་རིམ་པ་མདོར་བསྡུས་པ་བྷི་མ་ལ་མི་ཏྲས་མཛད་པ། རོ་བསྲེགས་ལས་ཀྱི་ཕྲེང་བ་བྷི་མ་ལས་མཛད་པ། སྒྱུ་འཕྲུལ་པེ་ཆུང་རང་གནས་ཀྱི་རིམ་པ་སྒེག་པ་རྡོ་རྗེས་མཛད་པ། སྐུ་གདུང་ལས་ཀྱི་ཕྲེང་བ། ཟ་ཚོགས་གཏོར་མའི་མུ་གསང་བའི་མདོ་དོན་བསྡུས་པ། སློབ་དཔོན་དར་མ་བོ་དེས་མཛད་པ། སྐབས་འགྲེལ་བྱེ་བྲག་རྣམ་པར་བཤད་པ་སློབ་དཔོན་སྟི་ར་མ་ཏིས་མཛད་པ། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་སྟི་ར་མ་ཏིས་མཛད་པ། ཡོ་ག་རྒྱུད་ཕྱི་མ་ལས་ངེས་དོན་མདོར་བསྡུས་ཏེ་མཛད་པ་རྒྱན་དམ་པ། ཅོག་རོ་ཀླུའི་རྒྱལ་མཚན་གྱི། སྐད་ཕྱི་མ་དང་ཐུག་པའོ།། །། ཱ།། སྐབས་འདིར། བསྟན་ཆོས་སུ་མི་ཐེ་ནའང་། ཆོས་རྗེ་རང་བྱུང་རྡོ་རྗེའི་ཐུགས་དམ་རྙིང་མའི་སྐོར་ལས། དགོས་ཀྱི་བསྟན་འགྱུར་གྱི་ཟླ་མ་བཞེངས་པ་ལ། རྫོགས་ཆེན་གྱི་རྒྱུད། བཀའ་བསྲུངས་ཀྱི་བསྐོར་དང་བཅས་པ་ལ། ༼ཀ༽པ་ལ་སྒྲ་ཐལ་འགྱུར་གྱི་རྒྱུད་དེའི་འགྲེལ་པ་རིན་ཆེན་སྣང་བྱེད་སྒྲོན་མ་ཞེས་བྱ་བ། མཁས་པ་བྱེ་མ་ལ་མུ་ཏྲས་མཛད་པ་བཞུགས། ༼ན།༽པ་ལ་རྣལ་འབྱོར་སྣང་བའི་ཚོགས་རྒྱུད་ཆེན་པོ་དང་། སྐབས་སྦྱོར་བདུན་པའི་རྒྱུད་ངེས་པར་བསྟན་པའི་འབྲས་བུས་བསྐོར་བ་དང་། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་དང་། དཔལ་སྙིང་རྗེ་རོལ་པའི་རྒྱུད་གསང་བ་ཟབ་མོའི་མཆོག་ཅེས་བྱ་བ་དང་། ལྷ་མོ་སྒྱུ་འཕྲུལ་ཞེས་བྱ་བའི་རྒྱུད་གསང་བའི་དེ་ཁོ་ན་ཉིད་ངེས་པ་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་དང་། ཁྲོ་བོ་ཆེན་པོའི་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་བསྒྲུབ་པའི་རྒྱུད། སངས་རྒྱས་ཀྱི་གསང་སྔགས་བསྟན་པ་སུམ་བཅུ་པ་ཞེས་བྱ་བ། རྣལ་འབྱོར་ཆེན་པོའི་རྒྱུད་དང་། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསལ་བར་བྱེད་པ། ཐེག་པ་ཆེན་པོའི་རྒྱུད། དམ་ཚིག་ཆེན་པོ་ཐམས་ཅད་བཀོད་པའི་རྒྱལ་པོའི་རྒྱུད་རྣམས་བཞུགས། ༼པ༽པ་ལ་ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཐམས་ཅད་ཀྱི་མེ་ལོང་། བཀའ་ཐམས་ཅད་ཀྱི་འགྲེལ་པ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ། ཀུན་འདུས་རིག་པའི་མདོ་བཞུགས། ༼ཕ༽པ་ལ་ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་འདུས་པའི་མདོ། ཡེ་ཤེས་རྔམ་པ་ཀློག་གི་འཁོར་ལོའི་མདོ། སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད། རྡོ་རྗེ་སེམས་དཔའི་ལྟ་བ་མན་ངག་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། མན་ངག་མངོན་ཤེས་རིག་པའི་གནད་དགུ རྨད་དུ་བྱུང་བའི་མདོ། ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཆེ་བ་རང་ལ་གནས་པའི་རྒྱུད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ། རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་དང་། ཕུར་པ་བཅུ་གཉིས་འབྱུང་བའི་རྒྱུད་ཆེན་པོ་རྣམས་བཞུགས། ༼བ༽པ་ལ་འཕགས་པ་རྡོ་རྗེ་ཕུར་བུ་རྩེ་མོའི་ཆེན་པོ། དྲག་པོ་རྒྱུད་པའི་ཕྲེང་བ་ཞེས་བྱ་བ་དང་། དཔལ་ཁྲག་འཐུང་ཆེན་པོ་མངོན་དུ་འབྱུང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་དང་། རྡོ་རྗེ་ཕུར་བུའི་རྒྱུད་ཕུར་པ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད། འཕགས་པ་འཇམ་དཔལ་གསང་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད། འཕགས་པ་ཐབས་ཀྱི་ཞགས་པ་པད་མ་འཕྲེང་གི་དོན་བསྡུས་པའི་རྒྱུད། དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད་གཤིན་རྗེ་འཕྲུལ་འཁོར་རྒྱན་མེ་ལོང་འཕྲིན་ལས་བསྒྲུབ་པའི་རྒྱུད། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཉི་མ་བཞི་པ་གསང་བའི་རྒྱུད་འཁོར་ལོ་ནག་པོ། གཤིན་རྗེ་ནག་པོའི་རྒྱུད། གནོད་སྦྱིན་རོ་ལངས་གསང་བའི་རྒྱུད། ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་དང་། འཕགས་པ་རིན་ཆེན་དཔུང་བརྒྱན་གྱི་རྒྱུད། དཔལ་ནག་པོ་ཆེན་པོའི་རྟོག་པ་དུར་ཁྲོད་ཆེན་པོའི་རྒྱུད། ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ་དང་། དུར་ཁྲོད་ལྷ་མོ་ནག་མོའི་རང་རྒྱུད། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་པ་གཅིག་མའི་རྒྱུད། འཕགས་པ་ལས་བཞི་འཁོར་ལོ་གསང་རྒྱུད་ཕྱི་མ་རྣམས་བཞུགས། ༼མ༽པ་ལ་དཔལ་དངོས་གྲུབ་ཐམས་ཅད་བརྟན་པར་གཟིགས་པའི་རྒྱུད་དང་། དེའི་རྒྱུད་ཕྱི་མ་དང་། དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་དང་། དེའི་རྒྱུད་ཕྱི་མ་དང་། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་དང་། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད། རྣལ་འབྱོར་དབང་ཕྱུག་ཆེན་མོ། རལ་པ་གཅིག་མའི་རྒྱུད་དང་། དེའི་རྒྱུད་ཕྱི་མ་དང་། དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་དང་། ལྷ་མོ་ནག་མོའི་སྔགས་རྒྱུད་དང་། མ་མོ་སྲོག་ལས་ཀྱི་ཐིག་ལེའི་རྒྱུད་དང་། དཔལ་ལྡན་ལྷ་མོའི་ཐུགས་གསང་བའི་རྒྱུད་དང་། དཔལ་ལྷ་མོ་ནག་མོ་གནོད་སྦྱིན་དམ་ཅན་མའི་རྒྱུད་རྣལ་འབྱོར་གྱི་རྒྱུད་ལུང་ཆེན་མོ་ལྷ་མོའི་དངོས་གྲུབ་བསྒྲུབ་པའི་ཐབས་དང་། དེའི་རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་མོ། བྱང་ཆུབ་སེམས་གསང་བའི་བརྒྱུད་དང་། ལྷ་མོ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་རྣམས་བཞུགས་སོ།། །།ད་ནི་ནང་རིག་པ་སྟོན་པ་གཉིས་པ་མཚན་ཉིད་ལ། ཐེག་པ་ཆེན་པོ་དང་། ཐེག་པ་ཆུང་ངུ་གཉིས་ལས། ཐེག་པ་ཆེན་པོ་ལ། བཀའ་འཁོར་ལོ་བར་པ་དང་། ཐ་མའི་དགོངས་འགྲེལ་གཉིས་ཡིན་པ་ལ། བཀའ་འཁོར་ལོ་བར་པའི་དགོངས་འགྲེལ་ལ། ཡུལ་ཅན་མངོན་པར་རྟོགས་པའི་ཆ་དང་། དེ་དག་གི་ཡུལ་ལྟ་བའི་ཆ་གསལ་བར་བྱེད་པ་རྣམས་དང་། མངོན་པར་རྟོགས་པའི་བསྒོམ་པའི་རིམ་པ་སྟོན་པ་རྣམས་དང་། དེ་དག་གི་རྗེས་སུ་སྤྱོད་པ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཇི་ལྟར་བསླབ་པའི་ཚུལ་སྟོན་པ་རྣམས་དང་། དེ་དག་དང་རྗེས་སུ་མཐུན་པ་གཙོ་བོར་སྟོན་པ། གཏམ་དང་། སྤྲིང་ཡིག །རྟོགས་བརྗོད་སྣ་ཚོགས་ཀྱི་བསྐོར་རྣམས་ལས། ཡུམ་ཅན་མངོན་པར་རྟོགས་པའི་ཆ་རྣམས་གཙོ་བོར་སྟོན་པའི་བསྐོར་ལ། ༼ཀཱ༽པ་ལ་མདོ་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ། མགོན་པོ་བྱམས་པས་མཛད་པ། མངོན་པར་རྟོགས་པའི་རྒྱན་དང་། དེའི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ། དོན་གསལ་བ་བམ་པོ་ལྔ་པ་གཉིས་དཔལ་རྩེགས་དང་རྔོག་ལོའི་འགྱུར། དེའི་འགྲེལ་བཤད་ཚིག་རབ་དུ་གསལ་བ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྒྱན་གྱི་འགྲེལ་པའི་བསྡུས་དོན་ཤེས་རབ་འབྱུང་གནས། བློ་གྲོས་ཀྱིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བསྡུས་དོན་ཀུ་མ་ཤྲི་བཛྭས་མཛད་པ། བཀྲ་ཤིས་རྒྱན་གྱི་འགྱུར། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བཤད་རྟོགས་པར་བཀའ་བའི་སྣང་བ། སློབ་དཔོན་རིགས་ཀྱི་བྱིན་པས་མཛད་པ། རིན་ཆེན་བཟང་པོ་དང་། ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས། ༼ཁཱ༽པ་ལ་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཤས་ཞེས་བྱ་བ་སློབ་དཔོན་རིན་ཆེན་གྲགས་པས་མཛད་པ། ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། མངོན་པར་རྟོགས་པའི་བརྒྱན་གྱི་འགྲེལ་པ། ཤེས་རབ་སྒྲོན་མའི་འཕྲེང་བ་ཁ་ཆེའི་སློབ་དཔོན་སངས་རྒྱས་དཔལ་གྱིས་མཛད་པ་བྱམས་པ་དཔལ་གྱི་འགྱུར། ཐེག་པ་ཆེན་པོ་རྒྱུད་བླ་མ་འཕགས་པ་མི་ཕམ་པས་མཛད་པ་ལེའུ་ལྔ་པ་དང་། དེའི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། ངེས་པའི་དོན་དེ་དག་ལ་སྐྲག་པ་སྤངས་པའི་ཕྱིར་རེ་ཤིག་རིགས་དང་ཐེག་པ་གསུམ་དུ་སྟོན་པ་དྲང་བའི་དོན་གྱི་མདོ་ཐམས་ཅད་ཀྱི་དགོངས་པར་བྱེད་པའི་བསྟན་བཅོས་མགོན་པོ་བྱམས་པས་མཛད་པ་མདོ་སྡེའི་རྒྱན་བམ་པོ་གསུམ་པ་དང་། དེའི་འགྲེལ་པ་ལེའུ་ཉི་ཤུ་རྩ་གཅིག་སྟོང་དྲུག་རྒྱ་ལྔ་བཅུ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ༼གཱ༽པ་ལ་མདོ་སྡེ་རྒྱན་གྱི་འགྲེལ་ཆེན་དུ་གྲགས་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་བསྒྲུབ་པའི་སྐབས་ཀྱི་སྟོད་ཡན་ཆད་ལྕེ་བཀྲ་ཤིས་ཀྱི་འགྱུར་རྣམས་བཞུགས། ༼ངཱ༽པ་ལ་དེའི་འཇུག་རྫོགས་པ་དང་། མདོ་སྡེ་རྒྱན་གྱི་ཚིགས་བཤད་དང་པོ་གཉིས་བཤད་པ་པཎྜྻི་ཏ་གཞན་ལ་ཕན་པས་བཤད་པ། གཞོན་ནུ་མཆོག་གི་འགྱུར། མདོ་སྡེ་རྒྱན་གྱི་དོན་བསྡུས་ཁ་ཆེ་ཛྙྱ་ན་ཤྲིས་མཛད་པ། དབུས་དང་མཐའ་རྣམ་པར་འབྱེད་པ་ལེའུ་ལྔ་པ་མགོན་པོ་བྱམས་པས་མཛད་པ། དེའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཡེ་ཤེས་རྡོ་རྗེའི་འགྱུར། དེའི་འགྲེལ་བཤད་སློབ་དཔོན་བློ་བརྟན་གྱིས་མཛད་པའི་ལེའུ་གསུམ་པའི་འགོག་བདེན་ཡན་ཆད་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས། ༼ཅཱ༽པ་ལ་དེའི་འཇུག་དང་། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ། ལྷུག་པ་དང་ཚིག་བཤད་གཉིས་མགོན་པོ་བྱམས་པས་མཛད་པ། ཆོས་དང་ཆོས་རྣམ་པར་འབྱེད་པའི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། བློ་ལྡན་ཤེས་རབ་ཀྱི་འགྱུར། འབུམ་ཏིག་ལེའུ་ཉེར་ལྔ་པའི་བསྟོད་པ་ཡན་ཆད་བཞུགས། ༼ཆཱ༽པ་ལ་དེའི་འཇུག་ཅུང་མ་འགྱུར་བ་དང་། ཁ་ཆེ་དྷརྨཱ་ཤྲིའི་བུམ་ཏིག ཡུམ་གསུམ་མཐུན་པར་དོན་བརྒྱད་ཀྱིས་བསྟན་པ་སྨྲིས་ཏིས་མཛད་པ་དེ་ཉིད་ཀྱི་རང་འགྱུར། ཤེས་རབ་སྙིང་པོའི་འགྲེལ་པ་སློབ་དཔོན་པདྨས་མཛད་པ་རྣམས་བཞུགས། ༼ཇཱ༽པ་ལ། འབུམ་ཏིག་བ་པོ་ཏི་ཉི་ཤུ་རྩ་བདུན་པ་གཞུང་འགྲེལ་དུ་གྲགས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཡུམ་བར་མ་འགྲེལ་པའི་ཕྱོགས་ལ། ཉི་ཁྲི་ལེའུ་བརྒྱད་ལ་བསྡུས་དོན་གྱི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ། དུམ་བུ་དང་པོའི་བམ་པོ་བརྒྱད་ཡན་ཆད་བཞུགས། ༼ཉཱ༽པ་ལ་དེའི་བམ་པོ་དགུ་པ་ནས། དུམ་བུ་གཉིས་པའི་བམ་པོ་བཅུ་དགུ་ཡན་ཆད་བཞུགས། ༼ཏཱ༽པ་ལ། དུམ་བུ་བཞི་པའི་བམ་པོ་བཅུ་གསུམ་པ་ཡན་ཆད་བཞུགས། ༼ཐཱ༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་ཡེ་ཤེས་སྡེ་ལགས་པའི་འགྱུར་ལ། རྔོག་ལོ་ཙྪ་བས་བཅོས་ཤིང་། གསལ་བ་གྲགས་ཀྱིས་ཞུས་པ་དང་། ཉི་ཁྲི་སྣང་བ་འཕགས་པ་རྣམ་གྲོལ་སྡེས་མཛད་པ། བློ་ལྡན་ཤེས་རབ་ཀྱི་འགྱུར། ཉི་ཁྲི་རྣམ་འགྲེལ་ལྔ་སྟོང་བཞི་བརྒྱ་པ་བཙུན་པ་གྲོལ་སྡེས་མཛད་པའི་ལམ་ཤེས་ཡན་ཆད། འབྲོ་སེང་དཀར་ཤཱཀྱ་གྲགས་ཀྱིས་བསྒྱུར་བ་བཞུགས། ༼དཱ༽པ་ལ་དེའི་འཇུག་རྫོགས་པ་དང་། ཉི་ཁྲི་དག་ལྡན་སློབ་དཔོན་ཤན་ཏི་ནས་མཛད་པ། ཤཱཀྱ་བློ་གྲོས་དང་དགེ་བའི་བློ་གྲོས་ཀྱི་བསྒྱུར་བ་ལ་འགོ ས་ལྷ་བཙས་ཀྱི་འགྱུར་བཅོས་པ། ཡུམ་བསྡུས་པ་འགྲེལ་པའི་ཕྱོགས་ལ། འཕགས་པ་བརྒྱད་སྟོང་པའི་འགྲེལ་ཆེན། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ། སློབ་དཔོན་བཟང་པོས་མཛད་པ། རིན་ཆེན་བཟང་པོ་དང་། བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་ལེའུ་བཞི་པ་ཡན་ཆད་བཞུགས། ༼ནཱ༽པ་ལ་དེའི་འཇུག་དང་། འཕགས་པ་བརྒྱད་སྟོང་པའི་རྣམ་པར་བཤད་པ་མན་ངག་གི་རྗེས་སུ་འབྲེལ་པ་སྟོང་ཕྲག་བརྒྱད་པ་དཔལ་ལྡན་རྒྱ་པོ་ཛ་གད་ཏ་ལར་གནས་པས་མཛད་པའི་ལེའུ་དགུ་པ་ཡན་ཆད། ག་རོད་ཚུལ་ཁྲིམས་འབྱུང་གནས་སྦས་པས་བསྒྱུར་བ་རྣམས་བཞུགས། ༼པཱ༽པ་ལ་དེའི་འཇུག་རྫོགས་པ་དང་འཕགས་པ་བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་རད་ན་ཨ་ཀ་ར་ཤན་ཏི་བས་མཛད་པ། ཤཱཀྱ་བློ་གྲོས་ཀྱི་བསྒྱུར་བ་བཞུགས། ༼ཕཱ༽པ་ལ་འཕགས་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ཨ་བྷྱ་ཀ་ར་པ་ཏས་མཛད་པ་ཤེས་རབ་དཔལ་གྱི་འགྱུར། བརྒྱད་སྟོང་དོན་བསྡུས་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། དེའི་འགྲེལ་པ་ལྔ་བརྒྱ་བཞི་བཅུ་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། འཕགས་པ་ཚིགས་སུ་བཅད་པའི་བཀའ་འགྲེལ། རྟོགས་པར་སླ་བ་སློབ་དཔོན་སེང་གེ་བཟང་པོས་མཛད་པ། འབྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། བསྡུད་པའི་བཀའ་འགྲེལ་སློབ་དཔོན་བྷུད་དྷ་ཤྲིས་མཛད་པ་དཔལ་རྩེགས་ཀྱི་འགྱུར་བམ་པོ་གསུམ་པ་ཡན་ཆད་བཞུགས། ༼བཱ༽པ་ལ་དེའི་འཇུག་རྫོགས་པ་དང་། སྡུད་པའི་ལྡེ་མིག་ཁ་ཆེ་ཤཱཀྱ་ཤྲིས་མཛད་པ། རྡོ་རྗེ་གཅོད པའི་རྒྱ་ཆེར་འགྲེལ་དབུ་མའི་ལུགས་སུ་བཀྲལ་བ་བཾ་པོ་ལྔ་པ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་ནམ་མཁའ་སྐྱོང་གི་འགྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བདུན་བརྒྱ་པའི་རྒྱ་ཆེར་འགྲེལ་སློབ་དཔོན་བྷི་མ་ལ་མི་ཏྲས་མཛད་པ། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་བི་མ་ལ་མི་ཏྲས་མཛད་པ་སྒྲོ་རིན་ཆེ་དང་། བན་དེ་ནམ་མཁའི་འགྱུར། ཤེས་རབ་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ། ཤེས་རབ་སྙིང་པོའི་བཀའ་འགྲེལ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ། འཕགས་པ་ཤེས་རབ་ཀྱི་འགྱུར། ཤེས་རབ་སྙིང་པོའི་འགྲེལ་པ་དོན་བཅུས་གསལ་བར་སྟོན་པ་སློབ་དཔོན་པྲ་ཤསྐྲ་སེ་ནས་མཛད་པ། ཤེས་རབ་སྙིང་པོའི་འགྲེལ་པ་ཇོ་བོ་རྗེས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཤེས་སྙིང་གི་རྒྱ་ཆེར་འགྲེལ་པ་ཅིག །ཤེས་སྙིང་གི་འགྲེལ་པ་སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པ། ཤེས་སྙིང་གི་འགྲེལ་པ་དོན་གསལ་བའི་སྒྲོལ་མ་ཤི་རི་སིང་ཧས་མཛད་པ། ཤེས་རབ་སྙིང་པོའི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། གླན་ཆུང་གི་འགྱུར། ཤེས་སྙིང་གི་དོན་ཡོངས་སུ་ཤེས་པར་བྱེད་པ་བི་མ་ཧ་ཛ་ནས་མཛད་པ། སེང་གེ་རྒྱལ་མཚན་གྱི་འགྱུར། ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་ཚིགས་སུ་བཅད་པ་དགུ་པ་དང་། དེའི་རྒྱ་ཆེར་འགྲེལ་པ་གཉིས་ཀམ་པ་ལས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་དོན་བསྡུས་སྒྲོན་མ་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས། ཡུལ་ལྟ་བའི་ཆ་སྟོན་པ། ཐེག་པ་ཆེན་པོ་དབུ་མའི་ཕྱོགས་ལ། ༼མཱ༽པ་ལ་དབུ་མ་བསྟོད་ཚོགས་ཀྱི་གནས་ཆེན་པོ་བརྒྱད་ལ་བསྟོད་པ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བསམ་གྱིས་མི་ཁྱབ་པར་བསྟོད་པ། དཔེ་མེད་པར་བསྟོད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཇིག་རྟེན་ལས་འདས་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། དོན་དམ་པར་བསྟོད་པ་ཡེ་ཤེས་རྡོ་རྗེའི་འགྱུར། བླ་ན་མེད་པར་བསྟོད་པ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། སྐུ་གསུམ་ལ་བསྟོད་པ་བན་དེ་ཉི་མ་གྲགས་ཀྱི་འགྱུར། དེའི་རང་འགྲེལ་རིན་ཆེན་བཟང་པོའི་འགྱུར། ཕྱག་འཚལ་བའི་བསྟོད་པ། རྣམ་པར་མི་རྟོག་པའི་བསྟོད་པ། སེམས་ཀྱི་རྡོ་རྗེ་མཛད་པ་བསྟོད་པ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། སེམས་མགུ་བར་བྱ་བའི་ཚིགས་སུ་བཅད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར་རྣམས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། བསྟོད་ཚོགས་འདི་ཚོགས་དཀར་ཆག་ན་འདུག་སྟེ། པོ་ཏི་ན་ཆད་འདུག་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་ཤུ་ལོ་ཁ་བརྒྱ་བཞི་བཅུ་རྩ་དགུ་བཾ་པོ་གཅིག་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཀླུའི་རྒྱལ་མཚན་དང་པ་ཚབ་ཀྱི་འགྱུར། དེའི་རང་འགྲེལ་ག་ལས་འཇིགས་མེད་ཉིས་སྟོང་ཚིག་བཞི་བརྒྱ་པ་ཀླུའི་རྒྱལ་མཚན་གྱི་འགྱུར། དབུ་མ་རྩ་བའི་འགྲེལ་པ་བྷུད་དྷ་པ་ལི་ཏ་སུམ་སྟོང་བམ་པོ་བཅུ་པ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པ་ཀླུའི་རྒྱལ་མཚན་གྱི་འགྱུར། དབུ་མ་རྩ་བའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རབ་ཏུ་བྱེད་པ་ཉི་ཤུ་པའི་འགྲེལ་པ་ཡན་ཆད་པ་ཚབ་ཀྱི་འགྱུར་རྣམས་བཞུགས། ༼ཙཱ༽པ་ལ་དེའི་འཇུག་དང་། དབུ་མ་རྩ་བའི་སྒྲོན་མེ་ཤོ་ལོ་ཀ་དྲུག་སྟོང་བམ་པོ་ཉི་ཤུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་ཀླུའི་རྒྱལ་མཚན་གྱི་བསྒྱུར་བ་དང་། དེའི་འགྲེལ་བཤད་སྤྱན་རས་གཟིགས་བརཏལ་ཞུགས་ཀྱིས་མཛད་པའི་སྟོད་བམ་པོ་ལྔ་པ་ཡན་ཆད་བཞུགས། ༼ཚ་ཛ་ཝ༽རྣམས་ལ་དེའི་འཇུག་བམ་པོ་བརྒྱ་བཅུ་པ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་དང་། དབུ་མ་རིན་པོ་ཆེའི་སྒྲོན་མའི་སྟོད་དྲང་བའི་དོན་གྱི་ཀུན་རྫོབ་ཀྱི་ཤེས་པ་ཡན་ཆད་བཞུགས། ༼ཞཱ༽པ་ལ་དེའི་འཇུག་ཡོངས་སུ་རྫོགས་པ་བརྩོན་འགྲུས་སེང་གེ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། རིག་པ་དྲུག་བཅུ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པ་ཚབ་ཉི་མ་གྲགས་ཀྱི་འགྱུར། རིག་པ་དྲུག་བཅུ་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་བཀྵུ་ན་ཀྵའི་འགྱུར། སྟོང་ཉིད་བདུན་བཅུ་པ་ཀླུ་སྒྲུབ་ཀྱིས་མཛད་པ་གཞོན་ནུ་མཆོག་གི་འགྱུར། དེའི་རང་འགྲེལ་བརྡ་སྤྲོད་པ་ཆེན་པོ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཞིབ་མོ་རྣམ་པར་འཐག་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། གྲགས་འབྱོར་ཤེས་རབ་ཀྱི་འགྱུར། དེའི་རང་འགྲེལ་གཞོན་ནུ་མཆོག་གི་འགྱུར། ཐེག་ཆེན་ཉི་ཤུ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཡི་གེ་བརྒྱ་པ་རྩ་འགྲེལ་ཀླུ་གྲུབ་ཀྱིས་མཛད་པ་གཉིས་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། དེ་ཁོ་ན་ཉིད་རྣམ་པར་འབྱེད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཡེ་ཤེས་འབྱུང་ག གནས་ཟླ་བའི་རང་འགྱུར། སྐྱེ་མེད་རིན་པོ་ཆེའི་མཛོད་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པུ་རྒྱ་ཀིརྟིའི་འགྱུར། རང་བཞིན་གསུམ་ལ་འཇུག་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཟླ་བ་གྲགས་པའི་རང་འགྱུར། མ་རྟོགས་པ་རྟོགས་པར་བྱེད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། དབུ་མ་རྟེན་འབྲེལ་སྙིང་པོ་རྩ་འགྲེལ་ཀླུ་སྒྲུབ་ཀྱིས་མཛད་པ་ཡེ་ཤེས་སྡེ་ལགས་པའི་འགྱུར། རབ་ཏུ་བྱེད་པ་ལག་པའི་ཚད་རྩ་འགྲེལ། འཁྲུལ་པ་བཟློག་པའི་རིམ་པ། རིག་པ་གཏན་ཚིགས་བསྒྲུབ་པ། དཔལ་རྩེགས་ཀྱི་འགྱུར། འཁྲུལ་པ་འཇོམས་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཆ་ཤས་ཀྱི་ཡན་ལག་རྩ་འགྲེལ་གཉིས་རིན་ཆེན་བཟང་པོའི་འགྱུར། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་དང་ལྔ་འཕགས་པ་ལྷས་མཛད་པ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་འགྲེལ་པ་སློབ་དཔོན་བྱང་ཆུབ་སྙིང་པོ་མཛད་པ། སྐུ་གསུམ་དུ་འཇུག་པའི་སྒོ་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། དེའི་འགྲེལ་པ་སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པ་ཡེ་ཤེས་སྡེའི་འགྱུར། དབུ་མ་ལུགས་ཀྱི་སྙིང་པོ་བིརྻ་ཀ་རས་མཛད་པ་དཔལ་རྩེགས་རཀྵི་ཏའི་འགྱུར། དབུ་མ་རིན་པོ་ཆེའི་ཕྲེང་བ་སློབ་དཔོན་ཙན་ཏྲ་ཧ་རི་ལས་མཛད་པ། ཏིང་ངེ་འཛིན་བཟང་པོའི་འགྱུར། རྟོག་གེ་ཐོ་བ་སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ། ཚད་མ་རྣམས་འཇོམས་ཀྱི་འགྲེལ་པ་པཎྜྻི་ཏ་ལཀྵི་ཀ་རས་མཛད་པ། བསོད་ནམས་རྒྱལ་མཚན་གྱི་འགྱུར། ཕུང་པོ་ལྔ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྲིད་པ་འཕོ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དེའི་འགྲེལ་པ་པཎྜྻི་ཏ་བྱམས་པ་མགོན་པོས་མཛད་པ་གཞོན་ནུ་ཟླ་བའི་རང་འགྱུར། དབུ་མ་ཤེས་རབ་ལ་འཇུག་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། རྣམ་པ་མེད་པའི་ཚིག་ལེའུར་བྱས་པ་པཎྜྻི་ཏ་དགའ་བའི་དཔལ་གྱིས་མཛད་པ། ལྟ་བ་ཐ་དད་པ་རྣམ་པར་ཕྱེ་བ་སློབ་དཔོན་དབུ་མ་སེང་གེས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དབུ་མའི་དོན་བསྡུས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ། དབུ་མ་རྟེན་ཅིང་འབྲེལ་པར་འབྱུང་བ། སློབ་དཔོན་ནག་པོ་བས་མཛད་པ། སྣང་བའི་ཕྲེང་བ་ཞེས་བྱ་བའི་རབ་དུ་བྱེད་པ། སློབ་དཔོན་ཀམ་པ་ལས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་རབ་ཏུ་བྱེད་པ་བཅུ་དྲུག་པ་འཕགས་པ་ལྷས་མཛད་པ་དང་། དེའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའི་སྟོད་རྣམས་བཞུགས། ༼ཟཱ༽པ་ལ་དེའི་འཇུག་དང་། ཛ་ཡ་ཨ་ནན་ཏས་མཛད་པའི་འགྲེལ་བཤད་ཀྱི་སྟོད་ཡན་ཆད་བཞུགས། ༼འཱ༽པ་ལ་དེའི་འཇུག་རྫོགས་པ་དང་། བདེན་གཉིས་རྩ་འགྲེལ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། བདེན་གཉིས་ཀྱི་བཀའ་འགྲེལ་སློབ་དཔོན་ཞི་བ་འཚོས་མཛད་པ་བམ་པོ་གཉིས་པ་ཡན་ཆད་བཞུགས། ༼ཡཱ༽པ་ལ་དེའི་འཇུག་རྫོགས་པ་དང་། དབུ་མ་རྒྱན་རྩ་འགྲེལ་སློབ་དཔོན་ཞི་བ་འཚོས་མཛད་པ་ཡེ་ཤེས་རྡོ་རྗེའི་འགྱུར། དབུ་མ་རྒྱན་གྱི་བཀའ་འགྲེལ་ཤོ་ལོ་ཀ་སུམ་བརྒྱ་བམ་པོ་བཞི་པ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ། ཡེ་ཤེས་རྡོ་རྗེའི་འགྱུར། དབུ་མ་བརྒྱན་གྱི་མན་ངག་སློབ་དཔོན་ཞི་བ་འཚོས་མཛད་པ་ཤཱཀྱ་འོད་དང་འོ་རུ་ལོ་ཙཱ་བའི་འགྱུར། དབུ་མ་སྣང་བ་ཀ་མ་ལ་ཤི་ལས་མཛད་པ། དཔལ་རྩེགས་ཀྱི་འགྱུར། དབུ་མ་སྙིང་པོའི་ཚིག་ལེའུར་བྱས་པ་བཅུ་གཅིག་པ་དང་། དེའི་འགྲེལ་པ་རྟོག་གེ་ལ་འབར་བ་ལེའུ་བཅུ་གཅིག་པ་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར་གྱི་བམ་པོ་དགུ་པ་ཡན་ཆད་བཞུགས། ༼རཱ༽པ་ལ་དེའི་འཇུག་རྫོགས་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ་དཔལ་རྩེགས་ཀྱི་འགྱུར། དེ་ཁོ་ན་ཉིད་སྣང་བའི་རབ་ཏུ་བྱེད་པ་གཉིས་ཀ་མ་ལ་ཤི་ལས་མཛད་པ། དེ་ཁོ་ན་ཉིད་ལ་འཇུག་པའི་འགྲེལ་པ་སློབ་དཔོན་དཔལ་སྦས་ཀྱིས་མཛད་པ། བདེ་གཤེགས་གཞུང་གི་རབ་དབྱེའི་ཚིག་ལེའུར་བྱས་པ་ཤོ་ལོ་ཀ་བརྒྱད་པ་འཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། དེའི་རང་འགྲེལ་ཤེས་རབ་གྲགས་ཀྱི་བསྒྱུར་བ། བསྒོམ་པའི་རིམ་པའི་ཕྱོགས་ལ། བསྒོམ་པའི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རིམས་ཀྱིས་འཇུག་པའི་བསྒོམ་རིམ་བི་མ་ལ་མི་ཏྲས་མཛད་པ། ཡེ་ཤེས་རྡོ་རྗེའི་འགྱུར་རྣམས་བཞུགས། ༼ལཱ༽པ་ལ་བསྒོམ་རིམས་དང་པོ་དང་། བར་པ། ཐ་མ། རིམས་ཀྱིས་འཇུག་པའི་བསྒོམ་རིམས་དང་བཞི། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ་ཡེ་ཤེས་སྡེའི་འགྱུར་རོ། །བསྒོམ་པའི་ལམ་ཡེ་ཤེས་སྙིང་པོས་མཛད་པ། རྣལ་འབྱོར་སྒོམ་པ་འཇུག་པ་ལས་མི་གཙང་བ་བསྒོམ་པ། སློབ་དཔོན་དགེ་བའི་གོ་ཆས་མཛད་པ་འགྱུར་སྙིང་མི་རྟག་པ་བསྒོམ་པའི་བསྟན་བཅོས་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་དང་། ལུས་ཡོངས་སུ་སྤྱད་པའི་བསྒོམ་རིམ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཕ་རོལ་དུ་ཕྱིན་པའི་ཐེག་པའི་རིམ་པ་བསྒོམ་པ་སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་རྣལ་འབྱོར་པ་བཞིའི་བཤད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་བསྡུས་པ་གཉིས་རད་ན་ཨ་ཀ་ར་ཤན་ཏི་བས་མཛད་པ་འགོས་ཀྱི་འགྱུར། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་བསྒོམ་པ་སློབ་དཔོན་མ་ཧ་མ་ཏིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྣལ་འབྱོར་སྤྱོད་པའི་དོན་མདོར་བསྡུས་པ་སློབ་དཔོན་ཡེ་ཤེས་བཟང་པོས་མཛད་པ་ཡེ་ཤེས་སྡེའི་འགྱུར། རྣལ་འབྱོར་ལ་འཇུག་པ་སློབ་དཔོན་ཆོས་ཀྱི་བཟང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམ་ངག་དུ་བྱ་བ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྣལ་འབྱོར་གྱི་བདེན་པ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། དེས་མཛད་པའི་ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་དང་། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་སློབ་དཔོན་ནག་པོ་པས་མཛད་པ་གཉིས་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ་ཤཱཀྱ་བློ་གྲོས་ཀྱི་འགྱུར། བསམ་གཏན་གྱི་ཆོས་དྲུག་རྣམ་པར་བཞག་པ་ཨ་བ་དྷུ་ཏི་པས་མཛད་པ། དེའི་འགྲེལ་པ་དྷ་ན་ཤི་ལས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྣལ་འབྱོར་རྟོགས་པའི་གེགས་སེལ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་འགྱུར་རྙིང་། དོན་དམ་བྱང་ཆུབ་སེམས་བསྒོམ་པ་རིན་པོ་ཆེའི་སྒྲོན་མ་དང་། ཀུན་རྫོབ་བྱང་ཆུབ་སེམས་བསྒོམ་པ་པདྨ་སྤུངས་པ་གཉིས་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། བསམ་གཏན་གྱི་སྒྲོན་མ་སློབ་དཔོན་ཐོག་མེད་ཀྱིས་མཛད་པ། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཇོ་བོས་མཛད་པ། བརྩོན་འགྲུས་སེང་གེ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། བདེན་པ་གཉིས་ལ་འཇུག་པ་ཇོ་བོས་མཛད་པ་བརྩོན་གྲུས་སེང་གེའི་འགྱུར། དབུ་མའི་མན་ངག་ཇོ་བོས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དེའི་འགྲེལ་པ་སློབ་དཔོན་ཤེས་རབ་ཐར་པས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཚད་མེད་བཞི་རྒྱ་ཆེར་འགྲེ་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། བྱང་ཆུབ་སེམས་ཀྱི་བསྒོམ་པ་དོན་བཅུ་གཉིས་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ལྷོ་ཟ་མོ་ཚངས་པའི་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བྱེ་བྲག་བསྟན་པ། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ། རྣམ་པར་གྲོལ་བའི་ལམ་ལ་སྦྱངས་པའི་ཡོན་ཏན་བསྟན་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའི་མན་ངག་ཀམ་པ་ལས་མཛད་པ། ཐེག་པ་ཆེན་པོ་བསྡུས་པའི་སྒྲོན་མ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། སྐྱབས་འགྲོ་དང་སེམས་བསྐྱེད་ལ་སོགས་སྤྱོད་པ་དང་བསླབ་པ་སྟོན་པའི་ཕྱོགས་ལ། བསྟན་པ་ལ་འཇུག་པའི་རིམ་པ་རད་ན་ཀིརྟིས་མཛད་པ། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། སྐྱབས་འགྲོ་ཡན་ལག་དྲུག་པ་བི་མ་ལ་མི་ཏྲས་མཛད་པ། སྐྱབས་སུ་འགྲོ་བ་བསྟན་པ་ཇོ་བོས་མཛད་པ། སྐྱབས་འགྲོ་ཡན་ལག་བདུན་པ་པཎ་ཆེན་ཤཱཀ་ཤྲིས་མཛད་པ་སེམས་བསྐྱེད་པའི་ཆོ་ག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། སེམས་བསྐྱེད་སྡོམ་པའི་ཆོ་ག་ཇོ་བོ་རྗེས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། ཚུལ་ཁྲིམས་རྒྱལ་བས་བཅོས་པ་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། དར་མ་གྲགས་ཀྱི་འགྱུར། །སེམས་བསྐྱེད་དང་ཡི་དམ་བླང་བའི་ཆོ་ག་འཛེ་ཏ་རི་དགྲ་ལས་རྒྱལ་བས་མཛད་པ། བློ་ལྡན་ཤེས་རབ་ཀྱི་འགྱུར། སྡོམ་པ་བསྲུང་བའི་ཆོ་ག་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། ཆག་དགྲ་བཅོམ་གྱི་འགྱུར། བྱང་ཆུབ་ཀྱི་སེམས་བཟུང་བ་ནག་པོ་ཞབས་ཀྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྡོམ་པ་ཉི་ཤུ་པ་ཙན་ཏྲ་གོ་མིས་མཛད་པ། དེའི་འགྲེལ་པ་ཤན་ཏ་རཀྵི་ཏས་མཛད་པ་མན་འཛུ་ཤྲི་ཝརྨ་འགྱུར། སྡོམ་པ་ཉི་ཤུ་པའི་བཀའ་འགྲེལ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། བྱང་ཆུབ་ཤེས་རབ་ཀྱི་འགྱུར། སྡོམ་གསུམ་འོད་ཀྱི་འཕྲེང་བ་བི་པུ་ཏ་ཙན་ཏྲས་མཛད་པ་དེ་ཉིད་ཀྱི་རང་འགྱུར། སྡོམ་པ་གསུམ་གི་རིམ་པ་རྙོག་མེད་རྡོ་རྗེས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། མདོ་ཀུན་ལས་བཏུས་པ་རིན་པོ་ཆེའི་གཏམ་བམ་པོ་ལྔ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས།། ༼ཤཱ༽པ་ལ་དེའི་འགྲེལ་པ་ལུང་གི་ཚད་མ་རིན་ཆེན་སྣང་བའི་རྒྱན་སུམ་སྟོང་ལྔ་བཅུ་རྩ་གཅིག་བམ་པོ་བཅུ་པ་རད་ན་ཨ་ཀ་ར་ཤན་ཏི་བས་མཛད་པ། མདོ་ཀུན་ལས་བཏུས་པ་ཆེན་པོ། མདོ་ཀུན་ལས་བཏུས་པའི་མན་ངག དོན་བསྡུས་པའི་མན་ངག་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ། ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ་སྒྲ་གཅན་འཛིན་བཟང་པོས་བྱམས་པ་དཔལ་གྱི་འགྱུར། བསླབ་པ་མེ་ཏོག་སྙི་མ་བི་པུ་ཏ་ཙན་ཏྲས་མཛད་པ་གཞོན་ནུ་འབར་གྱི་འགྱུར་ལ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་དག་བྱས་པ། ཕ་རོལ་དུ་ཕྱིན་པ་དྲུག་བསྡུས་པ་སློབ་དཔོན་དཔའ་བོས་མཛད་པ། བཱེ་རོ་ཙ་ན་རཀྵའི་ཏའི་འགྱུར་རྣམས་བཞུགས། ༼སཱ༽པ་ལ་བསླབ་པ་ཀུན་ལས་བཏུས་པ་ཤན་ཏ་དྷེ་བས་མཛད་པ། ཡེ་ཤེས་སྡེའི་འགྱུར། བསླབ་པ་ཀུན་ལས་བཏུས་པ་ལས་བྱུང་བའི་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་ཆོ་ག་དང་། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་ཤན་དྷེ་བས་མཛད་པ། བསླབ་བསྡུས་ཀྱི་མངོན་པར་རྟོགས་པ་གསེར་གླིང་བས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ལེའུ་བཅུ་པ། ཤན་ཏ་དྷེ་བས་མཛད་པ་དཔལ་རྩེགས་དང་། རིན་ཆེན་བཟང་པོ་དང་། ཤཱཀྱ་བློ་གྲོས་དང་། རྔོག་ལོ་ཙཱ་བ་རྣམས་ཀྱི་འགྱུར། དེའི་ལེགས་པར་སྦྱར་བའི་འགྲེལ་པ་སྟོང་དགུ་བརྒྱ་བདུན་བཅུ་རྩ་ལྔ་པ་དགེ་བའི་ལྷས་མཛད་པ་དགའ་བའི་བློ་གྲོས་ཀྱི་འགྱུར། སྤྱོད་འཇུག་གི་རྟོགས་དཀའ་བའི་གནས་གཏན་ལ་དབབ་པ་སློབ་དཔོན་ནག་པོ་པས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྤྱོད་འཇུག་གི་དཀའ་འགྲེལ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བའི་སྟོད་ཡན་ཆད་བཞུགས། ༼ཧཱ༽པ་ལ་དེའི་འཇུག་རྫོགས་པ་དང་། ཤེས་རབ་ལེའུའི་བཀའ་འགྲེལ་ལྡན་ཤེས་རབ་ཀྱི་འགྱུར། སྤྱོད་པ་ལ་འཇུག་པའི་འགྲེལ་པ་བཱེ་རོ་ཙ་ན་རཀྵ་ཏས་མཛད་པ། སྤྱོད་འཇུག་གི་གཙོ་བོའི་མདོ་བསྡུས་སུམ་བཅུ་རྩ་དྲུག་དུ་བསྡུས་པ་དང་། གཙོ་བོའི་དོན་བཅུ་གཅིག་དུ་བསྡུས་པ་དང་། གསེར་གླིང་བས་མཛད་པ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྤྱོད་འཇུག་གི་དཀའ་འགྲེལ་ཆེན་མོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་དར་མར་གྲགས་ཀྱིས་བསྒྱུར་བ་རྣམས་བཞུགས། ༼ཨཱ༽པ་ལ་སྤྱོད་འཇུག་གི་འགྲེལ་པ་བྷི་བྷུ་ཏ་ཙན་ཏྲས་མཛད་པ་དེ་ཉིད་ཀྱི་འགྱུར། སྐྱེས་རབས་ཀྱི་བསྐོར་ལ་ཆོས་ཀྱི་གྷན་དྷེའི་སྒྲ་བསྒྲགས་པ་སློབ་དཔོན་དཔའ་བོས་མཛད་པ་བྱམས་པ་དཔལ་གྱི་འགྱུར། སྐྱེས་རབས་སུ་བཅུ་རྩ་བཞི་པ། སློབ་དཔོན་དཔའ་བོས་མཛད་པ་བྱམས་པ་དཔལ་གྱི་འགྱུར་མཛྙྱུ་ཤྲི་ཝརྨས་བསྒྱུར་བ། སྐྱེས་རབས་སུམ་བཅུ་རྩ་བཞིའི་རྒྱ་ཆེར་འགྲེལ་གསེར་གླིང་པ་ཆོས་ཀྱིས་གྲགས་པས་མཛད་པ། ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ། མྱོས་བྱེད་མའི་སྐྱེས་རབས་ཀྱི་འགྲེལ་ཡན་ཆད་བཞུགས། ༼ཀཱ༽ པ་ལ་དེའི་འཇུག་རྫོགས་པ་དང་། སྐྱེས་པ་རབས་ཀྱི་རྒྱུད་སུམ་བཅུ་རྩ་ལྔ་པ་རྒྱལ་པོའི་སྲས་སེང་གེ་ཞབས་འབྲིང་བས་མཛད་པ། ཚུལ་ཁྲིམས་འབྱུང་གནས་སྦས་པས་བསྒྱུར། སྐྱེས་རབས་དཔག་བསམ་འཁྲི་ཤིང་སྙན་ངག་མཁན་ཆེན་པོ་རུ་དགེ་བའི་དབང་པོས་མཛད་པ་ཤོན་སྟོན་གྱིས་བསྒྱུར་བའི་ཡལ་འདབ་གསུམ་པ་ཡན་ཆད་བཞུགས། ༼ཁཱི༽པ་ལ་དེའི་འཇུག་རྫོགས་པ་དང་། སངས་རྒྱས་ཀྱི་སྤྱོད་པའི་སྙན་ངག་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། བློ་གྲོས་རྒྱལ་པོས་འགྱུར་བའི་ལེའུ་གསུམ་པ་ཡན་ཆད་བཞུགས། ༼གཱི༽པ་ལ་དེའི་འཇུག་རྫོགས་པ་དང་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཞོན་པའི་སྐྱེས་རབས་ཀླུ་ཀུན་དགའ་བའི་ཟློས་གར་དཔལ་དགའ་བའི་ལྷས་མཛད་པ་ཤོང་སྟོན་གྱི་འགྱུར། གཞོན་ནུ་གཙུག་ན་ནོར་བུའི་སྐྱེས་རབས་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཡན་ལག་ལྔ་པ་སློབ་དཔོན་ཙན་ཏྲ་གོ་མིས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། བྱང་ཆུབ་ལམ་གྱི་སྒྲོན་མ་ཇོ་བོས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར། དེའི་རང་འགྲེལ་དང་སྤྱོད་པ་བསྡུས་པའི་སྒྲོན་མེ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྙིང་པོ་བསྡུ་བ་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར། སྙིང་པོ་ངེས་པར་བསྡུ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བྱང་ཆུབ་སེམས་ཀྱི་ནོར་བུའི་ཕྲེང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམ་ངག་དུ་བྱ་བ། ཐེག་པ་ཆེན་པོའི་ལམ་གྱི་བསྒྲུབ་ཐབས་ཡི་གེར་བསྡུས་པ། ཐིག་པ་ཆེན་པོའི་བསྒྲུབ་ཐབས་ཤིན་ཏུ་བསྡུས་པ། རང་གི་བྱ་བ་ལ་བསྐུལ་བ་ཡིག་གེར་བྲིས་པ་དང་ལྔ་དགེ་བློའི་འགྱུར། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་དང་། ལས་རྣམ་པར་འབྱེད་པ་གཉིས་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པ། ཁ་ཏོན་དག་གླེགས་བམ་ཀློག་པའི་སྔོན་དུ་བྱ་བའི་ཆོ་ག །ཕ་རོལ་དུ་ཕྱིན་པ་ཐེག་པ་ཆེན་པོའི་ཚ་ཚ་གདབ་པའི་ཆོ་ག །བླ་མའི་བྱ་བའི་རིམ་པ། དྲན་པ་གཅིག་པའི་མན་ངག་དང་བཅུ་བདུན་ཇོ་བོ་རྗེས་མཛད་པ། སྤྱོད་པ་བསྡུས་པའི་སྒྲོན་མ་རིན་པོ་ཆེའི་ཕྲེང་བ། སློབ་དཔོན་ཆོས་ལྡན་རབ་འབྱོར་གྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་གྲུའོ་ཨ་ཛི་ཏ་མི་ཏྲ་གུ་པ་ཏས་མཛད་པ། ཁ་ཆེའི་པཎྜྻི་ཏ་བྷུ་དྷ་ཤྲིས་བསྒྱུར་བ་ལ། སྣུབས་ཆུང་ཚུལ་ཁྲིམས་འབར་གྱིས་བསྒྱུར་བ། རྒྱལ་བའི་ལམ་འཇུག་སྟོང་ཆིག་བརྒྱ་བམ་པོ་སུམ་བཅུ་པ་དང་། ལམ་རིམ་བསྡུས་པ་གཉིས་པཎྜྻི་ཏ་བྷུད་དྷ་ཤྲི་ཛྙྱ་ནས་མཛད་པ། ཆག་ལོ་ཙཱ་བ་དགྲ་བཅོམ་གྱི་འགྱུར། བྱང་ཆུབ་སེམས་དཔའི་ཡང་དག་པའི་ལམ་རིམ་མདོར་བསྡུས་པ། ཤོ་ལོ་ཀ་སུམ་བཅུ་རྩ་གཅིག་དང་ཚེག་བར་གསུམ་པ་ཁ་ཆེ་པཎྜྻི་ཏ་ཤཱཀྱ་ཤྲི་བྷ་ཏྲས་མཛད་པ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་འགྱུར། ཐེག་པ་ཆེན་པོའི་མན་ངག་གི་ཚིགས་སུ་བཅད་པ་དང་། དུས་མཆོད་བཞིའི་ཚིག་ལེའུར་བྱས་པ་དང་། ཚིགས་སུ་བཅད་པ་ཁ་འཐོར་བ་དང་། བསྟན་རྩིས་ཀྱི་ཚིགས་སུ་བཅད་པ་བཞི། ཁ་ཆེའི་པཎྜྻི་ཏ་ཤཱཀྱ་ཤྲི་བྷ་ཏྲས་མཛད་པ། དགེ་བའི་སྙིང་པོ་པཎྜྻི་ཏ་རད་ན་ཀིརྟིས་མཛད་པ། ལས་དང་པོ་བའི་ས་སྦྱང་བ་འཛི་ཏ་རིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བྱང་ཆུབ་གཞུང་ལམ་བརྒྱ་ཉི་ཤུ་པ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ཆག་ད གྲ་བཅོམ་དང་ཉི་མ་རྒྱལ་མཚན་གྱི་འགྱུར། ལས་དང་པོ་བའི་འཇུག་པ་ལྔ་བཅུ་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། བདེ་བར་གཤེགས་པ་སུམ་བཅུ་རྩ་ལྔའི་བསྟོད་པ་མཚན་རིན་པོ་ཆེ་སྤྲས་པ། མ་ཏི་ཙི་ཏྲས་མཛད་པ། རིན་ཆེན་བཟང་པོའི་འགྱུར། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་མཛད་པ། སྙིང་དེ་ཝ་ཀོ་ཤའི་འགྱུར། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་བཤད་པ། སློབ་དཔོན་དམ་ཚིག་རྡོ་རྗེས་མཛད་པ། དགེ་སློང་དར་མ་གྲགས་ཀྱི་འགྱུར། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ། བསླབ་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་འཛེ་ཏ་རི་དགྲ་ལས་རྒྱལ་བས་མཛད་པ་ཆགས་ལོ་ཙཱ་བའི་འགྱུར། བྱང་ཆུབ་ལྟུང་བ་བཤགས་པའི་ཆོ་ག་རྒྱས་བསྡུས་གཉིས། ཏི་པཾ་ཀ་རས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བྱང་ཆུབ་ལྟུང་བཤགས་ཀྱི་བསྒྲུབ་ཐབས་དྷི་པཾ་ཀ་རས་མཛད་པ། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་སྡེ་ལས་ཕྱུང་བའི་སྡིག་པ་བཤགས་པ་དང་བསྒྲུབ་པའི་ཆོ་ག །ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་བཅད་པ་ཉི་ཤུ་པ། རིན་པོ་ཆེའི་ཕྲེང་བ་ལས་བྱུང་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ་སློབ་དཔོན་ཞི་བ་འཚོའི་མཛད་པ་དེ་བཞིན་གཤེགས་པ་བདུན་གྱི་མཆོད་པའི་ཆོ་ག་རྒྱས་པ་རྣམས་བཞུགས། ༼ངཱི༽པ་ལ་སྨན་ལྷའི་ཆོ་ག་འབྲིང་པོ་དང་། བསྡུས་པ་གསུམ་ཞི་བ་འཚོས་མཛད་པ། གཏམ་གྱི་བསྐོར་ལ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དེའི་དོན་འགྲེལ་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། ཉན་ཐོས་ཀྱི་ཐེག་པ་དད་པར་བྱེད་པའི་གཏམ། སྲིད་པ་ལས་འདས་པའི་གཏམ། དབྱེན་པའི་གཏམ་དང་བཞི་ཀླུ་སྒྲུབ་ཀྱིས་མཛད་པ། དགེ་བློའི། སྦྱིན་པའི་གཏམ་ཀླུ་སྒྲུབ་ཀྱིས་མཛད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ཡོན་ཏན་བདུན་བརྗོད་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་གཉིས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ཚུལ་ཁྲིམས་གཏམ་གྱི་འགྲེལ་པ་གསལ་བ་གྲགས་ཀྱིས་མཛད་པ། ཚོགས་ཀྱི་གཏམ་རིན་ཆེན་བཟང་པོའི་འགྱུར། མི་ཁོམ་པ་བརྒྱད་ཀྱི་གཏམ་དང་། རིན་པོ་ཆེའི་ཟ་མ་ཏོག་ལྟ་བུའི་གཏམ་ལེའུ་ཉེར་བརྒྱད་པ་གཉིས་སློོབ་དཔོན་རྟ་དབྱངས་ཀྱིས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། ཕྱིན་ཅི་ལོག་བཞི་སྤོང་བའི་གཏམ་རིན་ཆེན་བཟང་པོའི་འགྱུར། རྩོད་པའི་དུས་ཀྱི་གཏམ་ཤཱཀྱ་འོད་ཀྱི་འགྱུར། དབེན་པའི་གཏམ་དགེ་བའི་བློ་གྲོས་ཀྱི་འགྱུར། མི་ཁོམ་པ་བརྒྱད་ཀྱི་གཏམ་དང་། མི་རྟག་པའི་དོན་གྱི་ག ཏམ་གཉིས་སྙན་ངག་མཁན་དགའ་བའི་དབང་པོས་མཛད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ཆོས་སྨྲ་བ་ལ་ཉན་པ་དང་གུས་པར་བྱེད་པའི་གཏམ། ཆེད་དུ་བརྗོད་པའི་གཏམ། དྲང་སྲོང་ཟླ་བས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། མི་རྟག་པའི་དོན་གྱི་གཏམ་སྙན་ངག་མཁན་དགེ་བའི་དབང་པོས་མཛད་པ། གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ཤེས་རབ་བརྩོམ་པ་དུས་ཀྱི་གཏམ་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། ལེགས་པའི་ལམ་བསྟན་པའི་གཏམ་བམ་པོ་ཕྱེད་དང་གསུམ་པ། སློབ་དཔོན་དཔའ་བོས་མཛད་པ། ཆེད་དུ་བརྗོད་པའི་གཏམ་དྲང་སྲོང་ཟླ་བས་མཛད་པ། སྤྲིང་ཡིག་གི་བསྐོར་ལ། བཤེས་པའི་སྤྲིང་ཡིག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དེའི་རྒྱ་ཆེར་འགྲེལ་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། སློབ་མ་ལ་སྤྲིང་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། དེའི་འགྲེལ་པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་མ་ལ་སྤྲིང་བའི་བཀའ་འགྲེལ་བཱཻ་རོ་ཙ་ན་རཀྵི་ཏས་མཛད་པ། སེམས་རིན་པོ་ཆེ་སྦྱངས་པའི་ཕྲིན། སློབ་དཔོན་དགྲ་ལས་རྒྱལ་བས་གསང་བས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིང་བའི་འཕྲིན་ཡིག་སྤྱན་རས་གཟིགས་ཀྱིས་མཛད་པ། མངའ་བདག་ཁུ་དབོན་ལ་སྤྲིང་བའི་འཕྲིན་ཡིག་སུམ་བཅུ་པ་ཇོ་བོས་མཛད་པ། རྒྱལ་པོ་ནི་རྒྱ་ཕ་ལ་ལ་བརྗངས་པ་དྲི་མ་མེད་པའི་ཕྲིན་ཡིག་ཇོ་བོས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། རྒྱལ་པོ་ཀ་ནི་ཀ་པ་ལ་སྤྲིང་བ་སློབ་དཔོན་དཔའ་བོས་མཛད་པ་རིན་ཆེན་མཆོག་དང་། དཔལ་བརྩེགས་ཀྱི་འགྱུར། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རྗེ་འབངས་དང་། བོད་བཙུན་རྣམས་ལ་སྤྲིང་པའི་ཕྲིན་ཡིག་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། བུ་ལ་སྤྲིངས་པའི་ཕྲིན་ཡིག་ལེའུ་བཞི་པ་པད་ཛ་ནས་མཛད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ཤེས་རབ་སྤྲིང་ཡིག་སློབ་དཔོན་པད་མས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར། བླ་མ་ལ་སྤྲིང་ཡིག་ལེའུ་བཞི་པ་བཙུན་པ་དགོན་པ་བས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བསྟན་ཆོས་མྱ་ངན་སངས་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། ཤཱཀྱ་འོད་ཀྱི་འགྱུར། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། དྲན་པ་ཉེར་བཞག་གི་ཚིག་ལེའུར་བྱས་པ་དྲུག་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ་རྩངས་དེ་བཱཻནྟ་རཀྵི་ཏའི་འགྱུར། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། སློབ་དཔོན་རྟ་དབྱངས་ཀྱི་མཛད་པ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བསྟན་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྟོགས་བརྗོད་ཀྱི་བསྐོར་ལ། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་སློབ་དཔོན་གསང་བས་བྱིན་གྱིས་མཛད་པ། གསེར་མདོག་གི་རྟོགས་པ་བརྗོད་པའི་སྟོད་ཡན་ཆད་བཞུགས། ༼ཅཱི༽པ་ལ་དེའི་འཇུག་དང་། དགྲ་བཅོམ་པ་དགའ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ། ཀུ་ན་ལ་ནའི་མིག་གི་རྟོགས་པ་བརྗོད་པ། རིན་ཆེན་བཟང་པོའི་འགྱུར་དགྲ་བཅོམ་པ་དགེ་འདུན་འཕེལ་ལུང་བསྟན་པ། ལིའི་ཡུལ་ལུང་བསྟན་པ། ཆོས་རྒྱལ་མྱ་ངན་མེད་ཀྱི་ཀླུ་བརཏལ་བ་ཤཱཀྱ་འོད་ཀྱིས་མཛད་པ། དཔེའི་འཕྲེང་བ་དྲང་སྲོང་གར་པ་ཏས་ཀྱི་རྣམ་པ་བསྟན་པའི་གཙུག་ལག གནས་བརྟན་སྤྱན་དྲང་བ་སློབ་དཔོན་བྷ་བ་ཀན་ཐས་མཛད་པ། འདི་དག་མདོའི་ནང་དུ་བྲིས་པ་ནི། བཀའ་བསྟན་བཅོས་ཀྱི་ཁྱད་པར་མ་ཤེས་པའི་ནོར་པའི་ཕྲེང་བ་ཡིན་ལ། འདིར་བྲིས་པ་ནི་འཐད་པའི་རིགས་པ་ཡིན་ནོ། །དེ་དག་ནི་ནང་རིག་པ་མཚན་ཉིད་དོ། །ཕ་རོལ་དུ་ཕྱིན་པའི་བསྐོར་ལས་མཆོག །བཀའ་བར་པ་མཚན་ཉིད་མེད་པའི་དགོངས་འགྲེལ་རྣམས་རིམ་པར་ཕྱེ་བའི་སྐབས་སྟེ་གསུམ་པའོ། །གཉིས་པ་བཀའ་འཁོར་ལོ་གསུམ་པའི་དགོངས་འགྲེལ་ལ། མདོ་སོ་སོའི་དགོངས་འགྲེལ་དང་། ངེས་པའི་དོན་སྟོན་པ་མདོ་སྤྱིའི་དགོངས་འགྲེལ་དང་། དྲང་བའི་དོན་སྟོན་པ་མདོ་སྤྱིའི་དགོངས་འགྲེལ་གསུམ་ལས། མདོ་སོ་སོ་བ་རྣམས་ཀྱི་དགོངས་འགྲེལ་ནི། རྒྱས་པའི་རྣམ་པར་བཤད་པ་བམ་པོ་གཉིས་པ་སློབ་དཔོན་ངང་ཚུལ་བཟང་པོས་མཛད་པ། མདོ་སྡེ་ས་བཅུ་པའི་གླེང་བཞིའི་བཤད་པ་ཤཱཀྱ་བློ་གྲོས་ཀྱི་མཛད་པ། མདོ་སྡེ་ས་བཅུ་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས། ༼ཆཱི༽པ་ལ་མདོ་སྡེ་ས་བཅུ་པའི་འགྲེལ་བཤད་སློབ་དཔོན་འོད་བྱེད་གྲུབ་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། དཀོན་མཆོག་བརྩེགས་འོད་སྲུང་ལེའུའི་རྒྱ་ཆེར་འགྲེལ་སློབ་དཔོན་བློ་ལྡན་གྱིས་མཛད་པ། འཕགས་པ་ག་ཡ་གོ་རིའི་མདོའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ག་ཡ་གོ་རིའི་མདོ་དང་སྤེལ་མར་བཤད་པ་མདོ་སྡེ་ཆོས་བཞི་པ། འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དེའི་རྣམ་བཤད་རྒྱ་ཆེར་འགྲེལ་པ་ཡན་ཆད་ཚུལ་ཁྲིམས་རྒྱལ་བའི་འགྱུར་བཞུགས། ༼ཇཱི༽པ་ལ་དེའི་འཇུག་རྫོགས་པ་དང་། ལང་ཀར་གཤེགས་པའི་འགྲེལ་པ། དེ་བཞིན་གཤེགས་པའི་སྙིང་པོ་བརྒྱན། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་བཞུགས། ༼ཉཱིཏཱིཐཱི༽པ་ལ་ལང་ཀར་གཤེགས་པའི་འགྲེལ་པ་ལེའུ་ལྔ་པ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མཛད་པ་དང་། བློ་གྲོས་མི་བཟད་པས་བསྟན་པའི་མདོ་འགྲེལ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པད་མ་དཀར་པོའི་འགྲེལ་པ་བམ་པོ་བརྒྱད་པ་སློབ་དཔོན་སའི་རྩ་ལག་གིས་མཛད་པ། རྒྱ་ནག་ལས་འགྱུར་བ། མདོ་སྡེ་དགོངས་པ་ངེས་པར་འགྲེལ་པའི་འགྲེལ་ཆུང་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། ཡེ་ཤེས་སྡེ་དང་། འོ་རུ་ལོ་ཙཱ་དར་མ་སེང་གེའི་འགྱུར་དགོངས་པ་ངེས་པར་འགྲེལ་པའི་བྱམས་པའི་བཤད་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་ཡེ་ཤེས་སྡེའི་འགྱུར། དགོངས་པ་ངེས་པར་འགྲེལ་པའི་འགྲེལ་ཆེན། སློབ་དཔོན་ཐོགས་མེད་ཀྱིས་མཛད་པར་གྲགས་པ་རྣམས་བཞུགས། ༼དཱི༽པ་ལ་དགོངས་པ་ངེས་པར་འགྲེལ་པའི་འགྲེལ་ཆེན་རྒྱའི་མཁན་པོ་ཝན་ཚེགས་གིས་མཛད་པ་འགོས་ཆོས་གྲུབ་ཀྱི་བསྒྱུར་བའི་བམ་པོ་སོ་དགུ་ཡན་ཆད་བཞུགས། ༼ནཱི༽ལ་དེའི་འཇུག་ཡོངས་སུ་རྫོགས་པ་དང་། འདའ་ཀ་ཡེ་ཤེས་ཀྱི་འགྲེལ་པ་པྲ་ཉ་པ་མུ་ཏྲས་མཛད་པ། འདའ་ཀ་ཡེ་ཤེས་ཀྱི་འགྲེལ་པ་ཞི་བ་ལྷས་མཛད་པ། འཕགས་པ་ཤེས་རབ་ཀྱི་འགྱུར། རྣམ་པར་མི་རྟོག་པ་ལ་འཇུག་པ་གཟུངས་ཀྱི་འགྲེལ་པ་བམ་པོ་སོ་གཉིས་པ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ། ཚིགས་སུ་བཅད་པ་གཉིས་པའི་འགྲེལ་པ་སློབ་དཔོན་མཛེས་བཀོད་ཀྱིས་མཛད་པ། སྒོ་དྲུག་པའི་གཟུངས་ཀྱི་རྣམ་བཤད་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དེའི་འགྲེལ་བཤད་སློབ་དཔོན་ཡེ་ཤེས་བྱིན་གྱིས་མཛད་པ་རྣམས་བཞུགས། ༼པི༽པ་བསྒོམ་མཐས་གྲུབ་པའི་གཟུངས་ཀྱི་འགྲེལ་པ་དང་། དོན་བསྡུས་ཚིག་ལེའུར་བྱས་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་ཡེ་ཤེས་སྡེའི་འགྱུར། ས་ལུ་ལྗང་པའི་མདོའི་ཚིགས་སུ་བཅད་པ་རྩ་འགྲེལ་གཉིས་པ་བམ་པོ་སོ་བཞི་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ལེགས་པའི་བློ་གྲོས་དང་། གཉན་ན་ཀུ་མ་རས་བསྒྱུར་བ་ལས་དཔལ་རྩེགས་ཀྱིས་བཅོས་པ། ས་ལུ་ལྗང་པའི་རྒྱ་ཆེར་འགྲེལ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ། རྟེན་ཅིང་འབྲེལ་པ་འབྱུང་བའི་ཚིག་ལེའུར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དེའི་རྣམ་བཤད་སློབ་དཔོན་དུལ་བའི་གོ་ཆས་མཛད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་། རྣལ་འབྱོར་འབྱེད་པའི་འགྲེལ་པ་བམ་པོ་བཞི་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་། རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་འགྲེལ་པ་བམ་པོ་བཅུ་གཅིག་པ་སློབ་དཔོན་བློ་གྲོས་ཀྱིས་མཛད་པ་འོ་རུ་དགེ་སློང་ནམ་མཁས་བསྒྱུར་བ་རྣམས་བཞུགས། ༼ཕཱི༽པ་ལ་སེམས་ཙམ་རྒྱན་རྩ་འགྲེལ་གཉིས་རད་ན་ཨ་ཀ་ར་ཤན་ཏི་བས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། ཐེག་པ་གསུམ་རྣམ་པར་བཞག་པ་རད་ན་ཨ་ཀ་ར་ཤན་ཏི་བས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྣམ་རིག་གྲུབ་པ་རད་ན་ཨ་ཀ་ར་ཤན་ཏི་བས་མཛད་པ། ཀློག་སྐྱ་ཤེས་རབ་གྲགས་རྩེགས་ཀྱི་འགྱུར། དོན་དམ་པར་གདོན་མི་ཟ་བའི་མདོའི་འགྲེལ་པ་མཚན་ཉིད་ཀྱི་ཕྱོགས་མ་ལུས་པར་འགྲེལ་པར་བྱེད་པ། ཐུབ་པ་དགོངས་པའི་རྒྱན་གྱི་སྟོད་ཡན་ཆད་བཞུགས། ༼བཱི༽པ་ལ་དེའི་འཇུག་རྫོགས་པ་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། གསལ་བ་གྲགས་ཀྱིས་བསྒྱུར་བ། དེ་དག་ནི་བཀའ་འཁོར་ལོ་ཐ་མ་དོན་དམ་པར་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ། མདོ་སོ་སོའི་དགོངས་པ་འགྲེལ་བར་བྱེད་པའི་མདོ་འགྲེལ་རྣམས་སོ། ད་ནི་ངེས་དོན་རིགས་དང་ཐེག་པ་གཅིག་དུ་སྟོན་པའི་བསྟན་བཅོས་དང་ཕྱོགས་མཐུན་པ་ལ། རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ་འཕགས་པ་ཐོགས་མེད་ཀྱིས་མཛད་པ། ཤིན་ཏུ་རྒྱས་པར་བསྟན་པ་ལ། སའི་དངོས་བཞི་བཅོ་ལྔ་པ། བརྒྱད་སྟོང་དགུ་བརྒྱ་བརྒྱད་བཅུ་རྩ་བཞི་པ། བམ་པོ་ཉི་ཤུ་རྩ་དྲུག་པ་བཞུགས། ༼མཱི༽པ་ལ་བྱང་ཆུབ་སེམས་དཔའི་ལེའུ་ལྔ་དྲུག་སྟོང་བདུན་བརྒྱ་བམ་པོ་ཉི་ཤུ་རྩ་གཉིས་པ་ཡེ་ཤེས་སྡེའི་འགྱུར་དང་ཉན་ཐོས་ཀྱི་ས་བཞུགས། ༼ཙཱི༽པ་ལ་རྣམ་པར་གཏན་ལ་དབབ་པའི་བསྡུ་བའི་བམ་པོ་བཞི་བཅུ་པ་ཡོན་ཏན་གྱི་ལེའུ་ཡན་ཆད་བཞུགས། ༼ཚཱི༽པ་ལ་དེའི་འཇུག་ཡེ་ཤེས་སྡེས་བསྒྱུར་བ་དང་། བཞི་བསྡུ་བ། རྣམས་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་རྣམས་ཤོ་ལོ་ཀ་བཞི་ཁྲི་ཉིས་སྟོང་པ་ཡེ་ཤེས་སྡེ་དང་། ཅོག་གྲུ་གླུའི་རྒྱན་མཚན་གྱི་འགྱུར། །སའི་བསྟོད་འགྲེལ་སྟོང་ཕྲག་གཉིས་པ་རྒྱ་མཚོའི་སྤྲིན་གྱི་སྟོད་ཡན་ཆད་བཞུགས། ༼ཛཱི༽པ་ལ་དེའི་སྨད་དང་། སའི་བསྟོད་འགྲེལ་ཇི་སྙེད་འགྱུར་བ་ཡོན་ཏན་འོད་ཀྱི་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས། ༼ཝཱི༽པ་ལ་སའི་བསྟོད་འགྲེལ་ཇི་འགྱུར། ཚུལ་ཁྲིམས་ལེའུའི་འགྲེལ་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་ས་མུན་ཏྲ་མེ་གྷས་མཛད་པ། ཚུལ་ཁྲིམས་ལེའུའི་འགྲེལ་པ་འཛི་ན་མུ་ཏྲས་མཛད་པ་ཡེ་ཤེས་སྡེས་བསྒྱུར་བ། སྡོམ་རྣམ་གཉིས་ལས། ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོ་བསྡུས་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པ་དང་། དེའི་བཤད་སྦྱར་ཉིས་སྟོང་བདུན་བརྒྱ་བདུན་ཅུ་རྩ་བཞི་པ་བམ་པོ་བདུན་པ་སློབ་དཔོན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཤེས་བྱའི་གནས་ཀྱི་བཤད་སྦྱར་དོན་གསང་རྣམ་པར་ཕྱེ་བའི་སྟོད་ཡན་ཆད་བཞུགས། ༼ཞཱི༽པ་ལ་དེའི་འཇུག་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སྟོང་དང་བརྒྱད་བརྒྱ་བཅུ་བཾ་པོ་བརྒྱད་པ་སློབ་དཔོན་ནོར་གྱི་རྩ་ལག་གིས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། ཐུན་མོང་གི་ཐེག་པའི་སྡོམ་པ་མངོན་པ་ཀུན་ལས་བཏུས་པ་ལྔ་དང་། དེའི་འགྲེལ་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཆོས་མངོན་པ་བའི་འགྲེལ་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པར་གྲགས་པ་ཡེ་ཤེས་རྡོ་རྗེའི་འགྱུར་ལ་གྲགས་པ་རྒྱལ་མཚན་གྱིས་བཅོས་པ་རྣམས་བཞུགས། ༼ཟཱི༽པ་ལ་ཆོས་མངོན་པ་ལ་འཇུག་པའི་རབ་ཏུ་བྱེད་པ་དང་། དེའི་རྒྱ་ཆེར་འགྲེལ་སྙིང་པོ་ཀུན་ལས་བཏུས་པ་བམ་པོ་ལྔ་པ་ཡེ་ཤེས་སྡེའི་འགྱུར། ཐེག་པ་ཆེན་པོ་ཆོས་བརྒྱ་གསལ་བའི་སྒོ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་ནག་གི་ལྷ་བཙུན་ཆོས་རིན་གྱི་འགྱུར། ཐེག་པ་ཆེན་པོའི་མཚན་ཉིད་ཀུན་ལས་བཏུས་པ། སངས་རྒྱས་ཡེ་ཤེས་ཀྱི་མཛད་པ། པྲཛྙྱ་སིང་ཧའི་འགྱུར། ཕུང་པོ་ལྔའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཕུང་པོ་ལྔའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་སའི་རྩ་ལག་གིས་མཛད་པ། ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཕུང་པོ་ལྔའི་བྱེ་བྲག་ཏུ་བཤད་པའི་བམ་པོ་དང་པོ་ཡན་ཆད་སློབ་དཔོན་བློ་བརྟན་གྱིས་མཛད་པ། ཡེ་ཤེས་སྡེས་བསྒྱུར་བ་རྣམས་བཞུགས། ༼འཱི༽པ་ལ་དེའི་འཇུག་རྫོགས་པ་དང་། ཉི་ཤུ་པའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དེའི་རང་འགྲེལ། འགྲེལ་བཤད་སློབ་དཔོན་དུ་ལས་མཛད་པ་ཡེ་ཤེས་སྡེའི་འགྱུར། རང་བཞིན་གསུམ་ངེས་པར་བསྟན་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། སུམ་བཅུ་པའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། དེའི་འགྲེལ་པ་བམ་པོ་གཉིས་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ། ཡེ་ཤེས་སྡེའི་འགྱུར། སུམ་བཅུ་པའི་འགྲེལ་བཤད་སློབ་དཔོན་དུས་ལྷས་མཛད་པ། ཡེ་ཤེས་སྡེའི་འགྱུར། ལས་གྲུབ་པའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་། དེའི་འགྲེལ་པ་བམ་པོ་གསུམ་པ་སློབ་དཔོན་བློ་བཟང་ངང་ཚུལ་གྱིས་མཛད་པ། གཉིས་རྩངས་དེ་བཱཻནྟ་རཀྵི་ཏ་དང་དཔལ་རྩེགས་ཀྱི་འགྱུར། རྣམ་བཤད་རིག་པ་མདོའི་དུམ་བུ་བརྒྱ་པ་ལྷའི་དབང་པོ་བློ་གྲོས་བསྲུང་བ་དང་། འཇམ་དཔལ་གོ་ཆའི་འགྱུར། དེའི་འགྲེལ་པ་རྣམ་བཤད་རིག་པ། བམ་པོ་བཅུ་པ་ལྷའི་དབང་པོ་བསྲུང་བའི་འགྱུར་རྣམས་བཞུགས། ༼ཡཱི༽པ་ལ་དེའི་འགྲེལ་བཤད་སྟོང་ཕྲག་བཞི་བརྒྱ་ཕྲག་གཅིག་དང་ལྷའི་དབང་པོ་བསྲུང་བའི་འགྱུར་དང་། ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་དེ་དག་ནི་བཀའ་གསུམ་པ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོའི་ཐེག་པ་ཐུན་མོང་པ་སྟོན་པའི་མདོའི་དགོངས་པ་འགྲེལ་བར་བྱེད་པའི་བསྟན་བཅོས་རྣམས་རིམ་པར་ཕྱེ་བའི་སྐབས་སྟེ་བཞི་པའོ། །ད་ནི་བཀའ་འཁོར་ལོ་དང་པོ་བརྗོད་བྱ་བདེན་པ་བཞི་ལན་གསུམ་དུ་བཟླས་སྟེ་བསྟན་པ་རྣམ་བཅུ་བཞི་པའི་དགོངས་འགྲེལ་ལའང་། མངོན་པ། གདུལ་བ། མདོ་སྡེ་རྣམས་ལས། ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ། ཐེག་པ་ཆུང་ངུ་མངོན་པའི་ཕྱོགས་ལ་འཇིག་རྟེན་བཞག་པ་དང་། ལས་གདགས་པ་གཉིས་ཡེ་ཤེས་སྡེས་བསྒྱུར་བ་བཞུགས། ༼རཱི༽པ་ལ་རྒྱུ་གདགས་པ་ཡེ་ཤེས་སྡེའི་འགྱུར། མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། གནས་བརྒྱད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་། དེའི་རང་འགྲེལ་དཔལ་རྩེགས་ཀྱི་བསྒྱུར་བ། གནས་ལྔ་པའི་སྟོད་པ་ཡན་ཆད་བཞུགས། ༼ལཱི༽པ་ལ་དེའི་འཇུག་དང་། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད། སྟོང་ཕྲག་བཅོ་བརྒྱད་པ་བམ་པོ་དྲུག་བཅུ་རྩ་གཅིག་པ་རྒྱལ་པོའི་སྲས་གྲགས་པ་བཤེས་གཉེན་གྱིས་མཛད་པ། བམ་པོ་ཉི་ཤུ་ཡན་ཆད་བཞུགས། ༼ཤཱི༽པ་ལ་དེའི་གནས་དྲུག་པ་ཡན་ཆད་བཞུགས། ༼སཱི༽པ་ལ་དེའི་འཇུག་རྫོགས་པ་དང་། ཆོས་མངོན་པ་བ་མཛོད་ཀྱི་འགྲེལ་བཤད། མཚན་ཉིད་ཀྱི་རྗེས་སུ་འབྲངས་པ་སློབ་དཔོན་གངས་པ་འཕེལ་བས་མཛད་པ་པ་ཚབ་ཉི་མ་གྲགས་ཀྱི་བསྒྱུར་བའི་སྟོད་ཡན་ཆད་བཞུགས། ༼ཧཱི༽དང་། ༼ཨཱི༽པ་ལ་གངས་སྤེལ་རྫོགས་པ་དང་། ཆོས་མངོན་པ་བ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་སློབ་དཔོན་འདུས་བཟང་གིས་མཛད་པ་པ་བཞུགས། ༼ཀཱུ༽པ་ལ་མངོན་པ་མཛོད་ལ་ཉེ་བར་མཁོ་བ་ཞེས་བྱ་བ་མདོ་དང་སྦྱར་བའི་ཏི་ཀ་སློབ་དཔོན་ཞི་གནས་ལྷས་མཛད་པ་ཤེས་རབ་འོད་ཟེར་གྱིས་བསྒྱུར་བ་བཞུགས། ༼ཁཱུ༽པ་ལ་ཆོས་མངོན་བ་མཛོད་གྱི་འགྲེལ་པ་གནད་ཀྱི་སྒྲོན་མ་བཞི་སྟོང་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་འཇམ་དཔལ་གཞོན་ནུས་བསྒྱུར་བ་རྣམས་བཞུགས་ཏེ། དེ་དག་ནི་ཐེག་པ་ཆུང་ངུའི་མངོན་པའི་ཕྱོགས་རྣམས་སོ། །ད་ནི་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ཐེག་པ་ཆུང་གི་མདོའི་འགྲེལ་པའི་ཕྱོགས་ལ། ཆེད་དུ་བརྗོད་པའི་ཚོམས་སུམ་ཅུ་རྩ་གསུམ་པ་བམ་པོ་བཞི་པ་དགྲ་བཅོམ་པ་ཆོས་སྐྱོབས་ཀྱིས་སྡེབས་པ་རིན་ཆེན་མཆོག་དང་དཔལ་བརྩེགས་ཀྱིས་བསྒྱུར་བ་དང་། དེའི་འགྲེལ་པ་སྟོང་ཕྲག་གཉིས་དང་ལྔ་བརྒྱ་པ། སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ཤཱཀྱ་འོད་ཀྱིས་བསྒྱུར་བ་ལས་དྲན་པའི་ཚོམས་ཀྱི་འགྲེལ་པ་ཡན་ཆད་བཞུགས། ༼གཱུ༽པ་ལ་དེའི་འཇུག་ཡོངས་སུ་རྫོགས་པ་དང་། ཚིགས་སུ་བཅད་པ་བསྡུས་པ་ཉི་ཤུ་རྩ་གཅིག་པ་རྩ་འགྲེལ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་གཉིས་པ། ཡེ་ཤེས་སྙིང་པོ་དང་དཔལ་རྩེགས་ཀྱི་འགྱུར། ཆོས་ཀྱི་སྙིང་པོའི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དེ་དག་ནི་ཐེག་པ་ཆུང་ངུའི་མདོ་སྡེའི་ཕྱོགས་རྣམས་སོ། །ད་ནི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་ཕྱོགས་ལ་ལུང་བཞིའི་འགྲེལ་པ་བམ་པོ་བཅུ་གསུམ་པ་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ཇི་སྙེད་འགྱུར་བ་ལས་བམ་པོ་བདུན་པ་ཡན་ཆད་བཞུགས། ༼དཱུ༽པ་ལ་དེའི་འཇུག་རྫོགས་པ་དང་། གཞུང་བླ་མའི་ཞུ་བ་མ་རྫོགས་པའི་འགྲེལ་པ་མདོ་སྡེ་འཛིན་པ་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ཇི་སྙེད་འགྱུར། ལུང་རྣམ་པར་འབྱེད་པའི་འགྲེལ་པ་སྟོང་གཅིག་བརྒྱ་བམ་པོ་བཅུ་བདུན་པ། སློབ་དཔོན་དུལ་བའི་ལྷས་མཛད་པ་ཀླུའི་རྒྱན་མཚན་གྱིས་བསྒྱུར་བ་བཞུགས། ༼ཅཱུ༽པ་ལ་ལུང་ཕྲན་ཚེགས་ཀྱི་སྒོ་བརྒྱད་པ་རྫོགས་པ་དགྲ་བཅོམ་པ་བདུན་བརྒྱ་བསྡུ་བ་བརྒྱ་པའི་འགྲེལ་པ་སློབ་དཔོན་ཚུལ་ཁྲིམས་བརྐྱངས་ཀྱིས་མཛད་པ། དགེ་བའི་བློ་གྲོས་ཀྱི་འགྱུར། བཀའ་ལུང་སོ་སོ་ཐར་པའི་འགྲེལ་པ་སློབ་དཔོན་ཁྱར་བཤེས་གཉེན་གྱིས་མཛད་པའི་འདུལ་བ་སྡུས་པ་རྒྱལ་བ་ཤེས་རབ་དང་། ཤཱཀྱ་བཤེས་གཉེན་གྱི་འགྱུར་རྣམས་བཞུགས། ༼ཆཱུ༽པ་ལ་འདུལ་བ་མེ་ཏོག་འཕྲེང་རྒྱུད་དགྲ་བཅོམ་པ་ས་གའི་ལྷས་མཛད་པ་ཤེས་རབ་གྲགས་ཀྱི་འགྱུར། སོ་སོ་ཐར་པའི་འགྲེལ་པ་དགུ་སྟོང་བམ་པོ་ཉི་ཤུ་རྩ་བདུན་པ་སློབ་དཔོན་དཔའ་བོས་མཛད་པར་གྲགས་པ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་བཞུགས། ༼ཇཱུ༽པ་ལ་སོ་སོ་ཐར་པའི་འགྲེལ་པ་དྲི་མེད་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་ཁྲི་ལྔ་སྟོང་བམ་པོ་ལྔ་བཅུ་པར་གྲགས་པ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་ལས་བམ་པོ་བཅུ་བདུན་ཡན་ཆད་བཞུགས། ༼ཉཱུ༽པ་ལ་དེའི་འཕྲོ་བམ་པོ་བཞི་བཅུ་ཞེ་གཅིག་པ་ཡན་ཆད་བཞུགས། ༼ཏཱུ༽པ་ལ་དེའི་འཇུག་རྫོགས་པ་དང་། དགེ་སློང་མའི་སོ་སོ་ཐར་པའི་སྟོད་ཡན་བཞུགས། ༼ཐཱུ༽པ་ལ་དེའི་འཇུག་དང་། སོ་སོ་ཐར་པའི་འགྲེལ་པ་མི་བརྗེད་པའི་དྲན་པ་ལས་བརྒྱ་རྩ་གཅིག་སུམ་སྟོང་བདུན་བརྒྱ་པ་བམ་པོ་དགུ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་འདུལ་བ་མདོའི་རྩ་བ་ཉིས་སྟོང་བརྒྱ་དང་། བམ་པོ་དགུ་པ་སློབ་དཔོན་ཡོན་ཏན་གྱིས་མཛད་པ། ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་བཞུགས། ༼དཱུ༽དང་། ༼ནཱུ༽པ་ལ་རང་འགྲེལ་གྱི་སྟོད་ཡན་ཆད་བཞུགས། ༼པཱུ༽པ་ལ་དེའི་འཇུག་དང་། འགྲེལ་ཆུང་རྫོགས་པ། རྒྱ་ཆེར་འགྲེལ་གྱི་སྟོད་བམ་པོ་བརྒྱད་ཡན་ཆད་བཞུགས། ༼ཕཱུ༽པ་ལ་རྒྱ་ཆེར་འགྲེལ་བམ་པོ་སུམ་ཅུ་རྩ་བདུན་པ་ཡན་ཆད། ༼བཱུ༽པ་ལ་དེའི་འཕྲོ་བཾ་པོ་དྲུག་བཅུ་རེ་བཞི་ཡན་ཆད། ༼མཱུ༽པ་ལ་དེའི་འཇུག་བམ་པོ་བདུན་བཅུ་རྫོགས་པ་ཤོ་ལོ་ཀ་ཉི་ཁྲི་གཅིག་སྟོང་པ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ་ཀླུའི་རྒྱན་མཚན་གྱི་འགྱུར། འདུལ་བ་མདོའི་འགྲེལ་པ་ཤེས་རབ་བྱེད་ཀྱིས་མཛད་པ་བཞུགས། ༼ཙཱུ༽པ་ལ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པ། དེའི་རང་འགྲེལ་འོད་ལྡན་བམ་པོ་བརྒྱད་པ་ལྷའི་དབང་པོ་བསྲུང་བའི་འགྱུར། སུམ་བརྒྱ་པའི་འགྲེལ་པ་སློབ་མ་ལ་ཕན་པ་དུལ་བའི་ལྷས་མཛད་པ་དགེ་བའི་བློ་གྲོས་གྱི་འགྱུར། འདུལ་བ་ལ་བསྟོད་པ་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱི་མཛད་པ། དེའི་འགྲེལ་པ་སློབ་དཔོན་དུལ་བའི་ལྷས་མཛད་པ། གཉིས་ཀླུའི་རྒྱལ་མཚན་གྱི་འགྱུར། གྷ་ཏྲའི་བསྟོད་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་དར་མ་ཡོན་ཏན་གྱི་འགྱུར། གནས་ཆེན་པོ་བརྒྱད་ཀྱི་མཆོད་བརྟེན་ལ་ཕྱག་འཚལ་བའི་བསྟོད་པ་ཁ་ཆེའི་རྒྱལ་པོ་ཤྲི་ཧ་རིའི་ཤ་དེ་བས་ཡུམ་གྱི་ཆེད་དུ་མཛད་པ་ཁེའུ་རྒད་ཡོན་ཏན་དཔལ་གྱི་འགྱུར། འདུལ་བ་བྱ་བའི་ཕུང་པོ། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པའི་འགྲེལ་པ་ལེའུ་བཞི་པའི་སྟོད་ཡན་ཆད་བཞུགས། ༼ཚཱུ༽པ་ལ་དེའི་འཇུག་རྫོགས་པ་མདོ་སྡེ་འཛིན་པ་དགེ་ལེགས་བཤེས་གཉེན་གྱིས་མཛད་པ། དཔལ་རྩེགས་ཀྱི་འགྱུར་ཀ་རི་ཀ་ལྔ་བཅུ་པ་ཁ་ཆེའི་སློབ་དཔོན་དགེ་འདུན་བཟང་པོས་མཛད་པ། ཡེ་ཤེས་སྡེའི་འགྱུར། སྡེ་པ་ཐ་དད་པ་བཀླགས་པའི་འཁོར་ལོ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལས། སློབ་དཔོན་དུས་ལྷས་བཏུས་པའི་སྡེ་པ་ཐ་དད་པ་བསྟན་པ་ཐ་དད་པ་རྣམ་པར་བྱེད་པ་རྣམ་པར་བཤད་པ་ལས། སློབ་དཔོན་བ་བྷྱ་མཛད་པ་ནག་ཚོའི་འགྱུར། གླེང་བཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་པ། ཁ་ཆེ་བི་མ་ལ་ཤྲི་བྷ་ཏྲས་མཛད་པ་གཞོན་ནུ་མཆོག་གི་འགྱུར། དགེ་སློང་གི་དང་པོའི་ལོ་དྲི་བ་སློབ་དཔོན་པད་མས་མཛད་པ་ནག་ཚོའི་འགྱུར། དགེ་ཚུལ་གྱི་ལོ་དྲི་བ་པད་མས་མཛད་པ་རྒྱལ་བ་ཤེས་རབ་ཀྱི་འགྱུར། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་རྩ་འགྲེལ་གཉིས་པཎྜྻི་ཏ་པུ་ཎྭ་ཤྲིས་མཛད་པ། ཀློག་སྐྱ་གཞོན་ནུ་འབར་གྱི་འགྱུར། དགེ་བསྙེན་གྱི་སྡོམ་པ་བསྟན་པ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། རྒྱས་པ་ལས། ཤྲི་ཏི་པཾ་ཀ་ར་ཙན་ཏྲས་མདོར་བསྡུས་པ་ལས་ཤཱཀྱ་འོད་ཀྱིས་བསྒྱུར་བ། དེ་དག་ནི་ཐེག་པ་ཆུང་ངུའི་འདུལ་བའི་སྡེ་སྣོད་ཀྱི་ཕྱོགས་རྣམས་སོ། །དེ་དག་ནི་ནང་རིག་པ་སྟོན་པ་མཚན་ཉིད་ཐེག་པ་དམན་པའི་བསྐོར་ལ། བཀའ་འཁོར་ལོ་དང་པོའི་དགོངས་འགྲེལ་ཏེ། བཀའ་སོ་སོའི་དགོངས་འགྲེལ་རིམ་པར་ཕྱེ་བའི་སྐབས་སྟེ་ལྔ་པའོ། །རིམ་པ་དེ་དག་ནི་ནང་རིག་པ་སྟོན་པའི་བསྟན་བཅོས་ཀྱི་སྐབས་སུ་གཏོགས་པ་ལ། བཀའ་སྤྱིའི་ཚིག་དང་དོན་གྱི་ཆ་གཏན་ལ་འབེབས་པ་སྒྲ་དང་ཚད་མའི་བསྟན་བཅོས་དང་། གསུང་རབས་ཀྱི་དོན་གདུལ་བྱའི་རྒྱུད་ལ་བསྒྲུབ་པའི་ཡན་ལག་སྟོན་པའི་བསྟན་བཅོས་བཟོ་དང་གསོ་བ་རིག་པ་ལས། དོན་གྱི་དགོངས་འགྲེལ་ཚད་མའི་བསྟན་བཅོས་ཀྱི་བསྐོར་ལ། ཡང་དག་པའི་ཚད་མའི་མདོ། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ལེའུ་དྲུག་པ། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་དང་། དེ་ཉིད་ཀྱི་རང་གི་འགྲེལ་པ་གཉིས་དགེ་བསྙེན་སེང་གེ་རྒྱན་གྱི་འགྱུར། ཚད་མ་རིག་པར་འཇུག་པའི་སྒོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། ཕྱོགས་ཆོས་བཅུའི་འཁོར་ལོ་ཕྱོགས་ཀྱི་གླང་པོས་མཛད་པ། དར་མ་ཨ་ལོ་ཀའི་འགྱུར། དམིགས་པ་བརྟག་པ་རྩ་འགྲེལ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་དེའི་འགྲེལ་བཤད་སློབ་དཔོན་དུལ་ལྷས་མཛད་པ་དཔལ་རྩེགས་ཀྱི་འགྱུར། ཚད་མའི་མདོ་ཀུན་ལས་བཏུས་པའི་རྣམ་འགྲེལ་རྟོག་གེ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཆོས་ཀྱི་གྲགས་པས་མཛད་པ་སྡེ་བདུན་ལས། ཚད་མ་རྒྱས་པར་སྟོན་པ་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་བཞི་པ། དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ལ་བློ་ལྡན་ཤེས་རབ་ཀྱིས་ཅུང་ཟད་བཅོས་ཤིང་། ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་གཏན་ལ་ཕབས་པ་ལ་རྣམ་འགྲེལ་ལེའུ་དང་པོའི་འགྲེལ་པ་སྟོང་ཕྲག་ཕྱེད་དང་བཞི་པ། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ་རྣམས་བཞུགས། ༼ཛཱུ༽པ་ལ་རྣམ་འགྲེལ་གྱི་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་བམ་པོ་བདུན་པ་སློབ་དཔོན་ལྷ་དབང་བློ་གྲོས་མཛད་པ་དང་། རྣམ་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་དང་། ལྷ་དབང་བློ་གཉིས་ཀའི་འགྲེལ་བཤད་བམ་པོ་དྲུག་ཅུ་རྩ་གསུམ་པའི་སྟོད་བཞུགས། ༼བཱུ་ཞཱུ༽པ་ལ་དེའི་འཇུག་ཤཱཀྱ་བློ་གྲོས་ཀྱི་མཛད་པ་དང་། དགེ་བློའི་འགྱུར་དང་། རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་བརྒྱན་བམ་པོ་དྲུག་བཅུ་པ་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་གྱི་འཇིག་རྟེན་ཕ་རོལ་བསྒྲུབ་པ་ཡན་ཆད་བཞུགས། ༼ཟཱུ༽པ་ལ་དེའི་འཇུག་རྫོགས་པ་དང་། རྣམ་འགྲེལ་རྒྱན་གྱི་ལེའུ་དང་པོའི་འགྲེལ་བཤད་ཛ་མ་རིས་མཛད་པའི་སྟོད་བཞུགས། ༼འཱུ༽པ་ལ་དེའི་འཇུག་རྫོགས་པ་དང་། རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་བམ་པོ་དྲུག་ཅུ་པ་སློབ་དཔོན་རྒྱལ་བས་བྱིན་གྱིས་མཛད་པ་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་བའི་སྟོད་བཞུགས། ༼ཡཱུ་རཱུ༽པ་ལ་རྒྱལ་བ་བྱིན་རྫོགས་པ་དང་། ཉི་མ་སྦས་པའི་རྣམ་འགྲེལ་ལེའུ་གཉིས་པ་དང་གསུམ་པའི་འགྲེལ་པ་བམ་པོ་བརྒྱད་པ་རྣམས་བཞུགས། ༼ལཱུ༽པ་ལ་དེའི་འཇུག་རྫོགས་པ་དང་། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་བྲམ་ཟེ་བདེ་བྱེད་ཀུན་དགས་མཛད་པ་རྣམ་འགྲེལ་རྗེས་འབྲང་མར་གྲགས་པ་ཇི་སྙེད་འགྱུར་བ་བཞུགས། ༼ཤཱུ༽པ་ལ་ཚད་མའི་ལུས་འབྲིང་པོ་བསྟན་པ་ཚད་མ་རྣམ་པར་ངེས་པ་ལེའུ་གསུམ་པ་དཔལ་ཆོས་ཀྱི་གྲགས་པས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། དེའི་ཊཱིཀྐ་འཐད་ལྡན་སློབ་དཔོན་ཆོས་མཆོག་གིས་མཛད་པ་ལེའུ་གཉིས་པའི་འགྲེལ་པ་ཡན་ཆད་བཞུགས། ༼སཱུ༽པ་ལ་དེའི་འཇུག་རྫོགས་པ་དང་། བློ་ལྡན་ཤེས་རབ་ཀྱི་འགྱུར་དང་། ཚད་མ་རྣམ་ངེས་ཀྱི་འགྲེལ་པ་ཡེ་ཤེས་དཔལ་བཟང་པོས་མཛད་པ་ཚད་མའི་ལུས་བསྡུས་ནས་བསྟན་པ་རིག་པའི་ཐིགས་པ་ཆོས་ཀྱི་གྲགས་པས་མཛད་པ། རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་པ་སྟོང་བཞི་བརྒྱ་བདུན་ཅུ་རྩ་བདུན་པ། ཆོས་མཆོག་གིས་མཛད་པ་དྷརྨ་ཨ ལོ་ཀའི་འགྱུར་ལ་བློ་ལྡན་ཤེས་རབ་ཀྱི་བཅོས་པ། ཆོས་མཆོག་ཆུང་ངའི་རྨད་དང་། རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་བམ་པོ་གསུམ་པ་ཡན་ཆད་བཞུགས། ༼ཧཱུ༽པ་ལ་དེའི་འཇུག་རྫོགས་པ་སློབ་དཔོན་དུལ་བའི་ལྷས་མཛད་པ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་ཀ་མ་ལ་ཤི་ལས་མཛད་པ་དཔལ་རྩེགས་ཀྱི་འགྱུར། རིགས་པའི་ཐིགས་པའི་དོན་བསྡུས་པ་ཛི་ན་མི་ཏྲས་མཛད་པ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཚད་མའི་མན་ངག་གི་བསྟན་བཅོས་བཞི་ལས་གཏན་ཚིགས་ཐིགས་པ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ། གཏན་ཚིགས་ཐིགས་པའི་འགྲེལ་པ་བྲམ་ཟེ་ཨ་ཛ་ཏས་མཛད་པ། གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ། །སློབ་དཔོན་དུལ་བའི་ལྷས་མཛད་པ་དཔལ་རྩེགས་ཀྱི་འགྱུར། འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ་ཆོས་ཀྱི་གྲགས་པས་མཛད་པ་རིན་ཆེན་བཟང་པོའི་འགྱུར། འབྲེལ་པ་བརྟག་པའི་རང་འགྲེལ་དུ་གྲགས་པ། འགྲེལ་བརྟག་རྒྱ་ཆེར་འགྲེལ་སློབ་དཔོན་དུལ་ལྷས་མཛད་པ་བན་དེ་ནམ་མཁའི་འགྱུར། །འབྲེལ་བརྟག་རྗེས་འབྲང་མ་བྲམ་ཟེ་ཤང་ཀ་ར་ཨ་ནན་ཏས་མཛད་པ་དགའ་བ་རྡོ་རྗེའི་འགྱུར། ཡན་ལག་གི་བསྟན་བཅོས་རྒྱུད་གཞན་གྲུབ་པ་ཆོས་ཀྱི་གྲགས་པས་མཛད་པ། དེའི་འགྲེལ་བཤད་དུལ་ལྷས་མཛད་པ་དཔལ་རྩེགས་ཀྱི་འགྱུར། ཡན་ལག་གི་བསྟན་བཅོས་རྩོད་པ་རིགས་པའི་རབ་ཏུ་བྱེད་པ་ཆོས་ཀྱི་གྲགས་པས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར། དེའི་འགྲེལ་པ་དུས་ལྷས་མཛད་པ་ཇི་སྙེད་པ་བཞུགས། ༼ཨཱུ༽པ་ལ་རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞི་བ་འཚོས་མཛད་པ་འབྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། རིག་པ་གྲུབ་པའི་སྒྲོན་མ་སློབ་དཔོན་ཙན་ཏྲ་གོ་མིས་མཛད་པ་བཱེ་རོ་ཙ་ན་འགྱུར། ཐམས་ཅད་མཁྱེན་པ་གྲུབ་པ་སྐད་ཅིག་མ་ཉིད་དུ་གྲུབ་པ། དེ་བཞིན་གཤེགས་པ་རྟག་པར་གྲུབ་པ་འཇིག་རྟེན་ཕ་རོལ་གྲུབ་པ། ཐོས་པ་བརྟག་པའི་ཚིག་ལེའུར་བྱས་པ། དབང་ཕྱུག་ཞིག་པ། ཕྱི་རོལ་གྱི་དོན་གྲུབ་པར་བྱས་པའི་ཚིག་ལེའུར་བྱས་པ། དེའི་རང་འགྲེལ་དང་བརྒྱད་སློབ་དཔོན་དགེ་བསྲུངས་ཀྱིས་མཛད་པ་དཔལ་རྩེགས་ཀྱི་འགྱུར། གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ་སློབ་དཔོན་དགེ་བསྲུངས་ཀྱིས་མཛད་པ། གཞན་སེལ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། སྐད་ཅིག་མ་འཇིག་པ་གྲུབ་པ་ཆོས་མཆོག་གིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་དེའི་འགྲེལ་པ་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ཚད་མ་བརྟག་པ་ཆོས་མཆོག་གིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། གཞན་སེལ་གྲུབ་པ་ཤང་ཀ་ར་ཨ་ནན་ཏས་མཛད་པ། འབྲེལ་པ་ཤང་ཀ་ར་ཨ་ནན་ཏས་མཛད་པ་གཉིས་བློ་ལྡན་ཤེས་རབ་ཀྱི་འགྱུར། བཀའ་ཡང་དག་པའི་ཚད་མ་མདོ་ལས་བཏུས་པ་བཅོ་ལྔ་པ། ནང་གི་ཁྱབ་པ་ཤན་ཏི་བས་མཛད་པ། ཚད་མ་བསྡུས་པ་རད་ན་ཀིརྟིས་མཛད་པ་ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། ཆོས་དང་ཆོས་ཅན་གཏན་ལ་དབབ་པ་མཛེ་ཏ་རིས་མཛད་པ། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་མཛེ་ཏ་རིས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར་ལ་གཉན་ལོ་ཙཱ་བས་བཅོས་པ། བྱིས་པ་འཇུག་པའི་རྟོག་གེ་དགྲ་ལས་རྒྱལ་བས་མཛད་པ་དཔལ་མཆོག་དང་པོའི་རྡོ་རྗེའི་འགྱུར། རིགས་པའི་སྦྱོར་བ་རིན་ཆེན་བཟང་པོས་མཛད་པ་ཏིང་ངེ་འཛིན་བཟང་པོའི་འགྱུར། རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཛི་ན་མི་ཏྲས་མཛད་པ། ཏིང་ངེ་འཛིན་བཟང་པོའི་འགྱུར། ཐེག་པ་ཐམས་ཅད་ཀྱི་རབ་ཏུ་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པའི་བྲམ་ཟེའི་བཙུན་པ་རབ་འབྱོར་དབྱངས་ཀྱིས་མཛད་པ། ཏིང་ངེ་འཛིན་བཟང་པོའི་འགྱུར། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ། རྟག་པ་སུམ་ཅུ་པ་ཞི་བ་འཚོས་མཛད་པ། ལྷ་བླ་མ་ཞི་བ་འོད་ཀྱིས་བསྒྱུར་བའི་ལེའུ་ཉི་ཤུ་རྩ་བདུན་པ་ཡན་ཆད་བཞུགས། ༼ཀཱེ༽པ་ལ་དེའི་འཇུག་དང་། སློབ་དཔོན་ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་བཀའ་འགྲེལ་སྟོང་ཕྲག་བཅོ་བརྒྱད་པ་བམ་པོ་དྲུག་བཅུ་པ་ཀ་མ་ལ་ཤི་ལས་མཛད་པ་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའི་དུས་གསུམ་བརྟག་པ་ཉེར་དྲུག་པ་ཡན་ཆད་བཞུགས། ༼ཁཱེ༽པ་ལ་དེའི་འཇུག་རྫོགས་པ་དང་། དེ་ནས་ཚིག་གིས་དགོངས་འགྲེལ་སྒྲའི་བསྐོར་ལ། སྒྲའི་མདོ་ཀ་ལ་པ་འཚམ་སྦྱོར་ལྔ་པ་རྩ་འགྲེལ་ནག་མོ་ཁོལ་གྱིས་མཛད་པ། ཆ་བསགས་ཀྱི་མདོའི་འགྲེལ་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། ཡི་གེའི་མདོ་ཙན་ཏྲ་གོ་མིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྣམ་དབྱེའི་ཚིག་ལེའུར་བྱས་པ་སེང་གེ་བཟང་པོས་མཛད་པ་ཤོང་བློ་བརྟན་གྱི་འགྱུར། ལུང་དུ་སྟོན་པ་སུམ་བན་ཏ་ཇི་སྙེད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། ཉེར་བསྒྱུར་ཉི་ཤུ་པའི་འགྲེལ་པ། ཙནྟྲ་གོ་མིས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། རྐྱེན་གསུམ་བཤད་པ་རོང་ཟོམ་དང་། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། གནས་བརྒྱད་ཆེན་པོའི་རྩ་བ་ཆེ་ཁྱི་འབྲུག་གི་འགྱུར། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་དྲན་པ་ཡེ་ཤེས་གྲགས་པས་བསྒྱུར་བ་བཞུགས། ༼གཱེ༽པ་ལ་སྨྲ་སྒོའི་འགྲེལ་པ་སྨྲ་བ་ཀུན་ལ་འཇུག་པ་སུ་བ་ཤ་ཀིརྟིས་མཛད་པ། དེའི་རང་འགྲེལ། ལྡོག་པ་བསྡུས་པའི་ཚིག་ལེའུར་བྱས་པ་སྦྱོར་བའི་སྒོའི་འགྲེལ་པ། བཟློག་པ་བསྡུས་པ་བསྟན་པའི་མ་འགྲེལ་ལེའུ་བཞི་པ་ན་སི་དྷརྨས་མཛད་པ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་རིན་ཆེན་འབྱུང་གནས་ཞི་བས་མཛད་ཆོས་ལྡན་ར་ཟ་པས་ཅི་རིགས་པར་བསྒྱུར་བ་ལས་གྲགས་པ་རྒྱལ་མཚན་གྱི་ཡོངས་སུ་རྫོགས་པར་བསྒྱུར་བ། སྙན་ངག་གི་མེ་ལོང་དབྱུག་པ་ཅན་གྱིས་མཛད་པ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་འགྱུར། འཇམ་དབྱངས་ལ་སྙན་ངག་གི་བསྟོད་པ་བྱ་ཀའི་ཁྱད་པར་གྱི་འཇུག་ཚུལ་གྱི་ཕྲེང་བ་ཛྙྱ་ན་ཤྲི་མི་ཏྲས་མཛད་པ་བློ་བརྟན་གྱི་འགྱུར། མ་མེད་པའི་དྲི་ལན་རིན་པོ་ཆེའི་ཕྲེང་བ་སྙན་ངག་མཁན་ཆེན་པོ་དོན་ཡོད་འབར་གྱིས་མཛད་པ། འཆི་བ་མེད་པའི་མཛོད་འཆི་བ་མེད་པའི་སེང་གེས་མཛད་པ། གྲགས་པ་རྒྱ་མཚན་གྱི་འགྱུར། འཆི་བ་མེད་པ་མཛོད་ཀྱི་རྒྱ་ཆེར་འགྲེལ་པ། འདོད་འཇོའི་བ་རབ་སྦྱོར་ཟླ་བས་མཛད་པ། ལས་བསྟོད་ཀྱི་ཆ་ཅུང་ཟད་བསྡུས་ནས་བསྒྱུར་བ་གྲགས་པ་རྒྱ་མཚན་གྱི་འགྱུར། དམ་པ་བྱུང་བའི་སྐད་རྣམ་པར་བཤད་པ་པཎྜྻི་ཏ་ཨ་ཙརྻ་བི་མ་ལ་པ་ཏྲ་ལ་སོགས་པ་དང་། ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པ་རྣམས་ཀྱིས་མཛད་པ། སྒྲ་སྦྱོར་བྷུད་པ་ཏ་ཆེན་པོ། ལོ་པཎ་རྣམས་ཀྱི་མཛད་པའི་སྒྲ་སྦྱོར་བམ་པོ་གཉིས་པའང་བཞུགས། དེ་དག་ནི་སྒྲ་རིག་པའི་མདོ་དང་། འགྲེལ་པ་ཡན་ལག་དང་བཅས་པ་རིམ་པར་ཕྱེ་བའོ། །དེ་ནས་གསོ་བ་རིག་པའི་བསྐོར་ལ། སྦྱོར་བ་བརྒྱད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། འཚོ་བའི་མདོ་ཚིགས་སུ་བཅད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཇི་སྙེད་པ་སྨན་པ་ཆེན་པོ་ཕ་གོལ་གྱིས་མཛད་པ། རིན་ཆེན་བཟང་པོས་བསྒྱུར་བའི་གསོ་བའི་གནས་ཀྱི་ལེའུ་དང་པོ་ཡན་ཆད་བཞུགས། ༼ངཱེ༽པ་ལ་དེའི་འཇུག་རྫོགས་པ་དང་། ཡན་ལག་བརྒྱད་པའི་སྨན་གྱི་མིང་གི་རྣམ་གྲངས་ཟླ་བ་ལ་དགའ་བས་མཛད་པ། ཡན་ལག་བརྒྱད་པའི་སྙིང་པོ་རྒྱ་ཆེར་བཤད་པ་ཕ་གོལ་གྱིས་མཛད་པ། ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བའི་ལུས་ཀྱི་གནས་ལེའུ་གཉིས་པ་ཡན་ཆད་བཞུགས། ༼ཅཱེ༽པ་ལ་དེའི་འཇུག་ཡོངས་སུ་རྫོགས་པ་བཞུགས། ༼ཆཱེ༽པ་ལ་ཡན་ལག་བརྒྱད་པའི་སྙིང་པོ་རྒྱ་ཆེར་འགྲེལ་པ་ཟླ་བ་ལ་མངོན་པར་དགའ་བས་མཛད་པ། རིན་ཆེན་བཟང་པོས་བསྒྱུར་བའི་གནས་གཉིས་པ་ལུས་གནས་ལེའུ་ལྔ་པ། རྫོགས་ནས། ཕོ་ཉ་དྲི་བའི་ལེའུ་དང་པོའི་སྟོད་ཡན་ཆད་བཞུགས། ༼ཇཱེ༽པ་ལ་དེའི་འཇུག་ནས་གནས་ལྔ་པའི་འགྲེལ་པ་རྫོགས་པ་བཞུགས། ༼ཉཱེ༽པ་ལ་གནས་དྲུག་པ་ལེའུ་བཞི་བཅུ་རྫོགས་པ་རྣམས་ཏེ། གསོ་བ་རིག་པ་སྨན་སྤྱད་ཀྱི་སྐོར་རིམ་པར་ཕྱེ་བའོ། །གཟོ་རིག་པའི་གནས་ལ། དྲང་སྲོང་ཆེན་པོ་ཨན་ཏྲེའི་བུས་མཛད་པའི་སྐུ་གཟུགས་ཀྱི་ཚད་ཀྱི་མཚན་ཉིད་དང་། སྐུ་གཟུགས་ཀྱི་ཚད་ཀྱི་རྣམ་འགྲེལ། སངས་རྒྱས་ཀྱི་སྐུའི་གཟུགས་ཅན་གྱི་མཚན་ཉིད་མཐོ་བཅུ་པ་ཤིང་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པ་ཞེས་བྱ་བ་སངས་རྒྱས་ཀྱིས་གསུངས་པ་སྐུ་གཟུགས་རི་མོའི་མཚན་ཉིད་ཚངས་པས་གསུངས་པ་ལེའུ་གསུམ་གྲགས་པ་རྒྱལ་མཚན་གྱི་འགྱུར། གསེར་འགྱུར་གྱི་བསྟན་བཅོས་བསྡུས་པ་ཇི་སྙེད་པ། སྤོས་སྦྱོར་གྱི་བསྟན་བཅོས་རེའུ་ཆར་བྱས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ་ཀླུ་སྒྲུབ་ཀྱིས་མཛད་པ་སྟེ། གཟོ་རིག་པ་རིམ་པར་ཕྱེ་བའོ། །དེ་ནས་འཇིག་རྟེན་པའི་ཆོས་ལུགས་གསལ་བར་བྱེད་པ། ལུགས་ཀྱི་བསྟན་བཅོས། སྐྱེ་བོ་གསོ་བའི་ཐིགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། མ་པུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་ལེའུ་བདུན། ཤཱཀྱ་བློ་གྲོས་ལ་སོགས་པའི་འགྱུར། ཤེས་རབ་བརྒྱ་པ་ཀླུ་སྒྲུབ་གྱིས་མཛད་པ་དཔལ་རྩེགས་ཀྱི་འགྱུར། ཙ་ན་ན་ཀ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལེའུ་བརྒྱད་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་སྡོང་བུ་ལེའུ་གཉིས་ལོགས་ཤིག་ཏུ་འགྱུར་བ། ཚིགས་སུ་བཅད་པའི་མཛོད་ཉི་མ་སྦས་པས་མཛད་པ་དཔལ་གྱི་ལྷུན་པོའི་འགྱུར། ཚིགས་སུ་བཅད་པ་བརྒྱ་པ་དེ་མཆོག་སྲེད་ཀྱིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། མིའི་མཚན་ཉིད་བརྟག་པ་རྒྱ་མཚོ་མེ་སྦྱིན་གྱིས་གསུངས་པ་གྲགས་པ་རྒྱ་མཚན་གྱི་འགྱུར། རྒྱ་མཚོས་བསྟན་པའི་མཚན་བཅོ་ལྔ་པ་དང་། བུད་མེད་ཀྱི་མཚན་བཅུ་པ་དབུ་ཤ་པ་རིན་ཆེན་དཔལ་གྱི་འགྱུར། དབུ་བརྒྱན་པས་རྡོ་རྗེ་གདན་དུ་བསྒྱུར་བའི་མི་དཔྱད། བྱ་རོག་སྐད་བརྟག་པ་དྷ་ན་ཤི་ལའི་འགྱུར། ཀ་པེད་ཀྱི་ཤོ་མོ་སློབ་དཔོན་ཞི་བ་ལྷས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཀྱི་བསྐོར་རིམ་པར་ཕྱེ་བའོ། །དེ་དག་ནི་ཕྱི་རིག་པའི་བསྟན་བཅོས་ཀྱི་སྐབས་ཏེ་དྲུག་པའོ། །དེ་ནས་བསྔོ་བ་སྨོན་ལམ་དང་བདེ་ལེགས་ཀྱི་ཚོགས་ལ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ། འཕགས་པ་བཟང་པོར་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། དེའི་འགྲེལ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་རྣམས་བཞུགས་སོ། ༼ཏཱེ༽པ་ལ་བཟང་པོར་སྤྱོད་པའི་རྒྱ་ཆེར་འགྲེལ་པ་ཤཱཀྱ་བཤེས་གཉེན་གྱི་མཛད་པ་དཔལ་རྩེགས་ཀྱི་འགྱུར། བཟང་པོ་སྤྱོད་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། བྷུད་དྷ་པ་ལའི་འགྱུར། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་དོན་བསྡུས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་སློབ་དཔོན་རྒྱལ་མཚན་བཟང་པོས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། འཕགས་པ་འཇམ་དཔལ་གྱི་སྨོན་ལམ་ཉི་མ་རྒྱན་མཚན་གྱི་འགྱུར། འཕགས་པ་བྱམས་པའི་སྨོན་ལམ། གསེར་འོད་དམ་པ་ལས་གསུངས་པའི་སྨོན་ལམ། རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ། ལག་བཟང་གིས་ཞུས་པ་ལས་གསུངས་པའི་སྨོན་ལམ། སྦྱིན་པའི་རབས། རིན་ཆེན་ཕྲེང་བ་ལས་བྱུང་བའི་སྨོན་ལམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། སྤྱོད་འཇུག་ལས་བྱུང་བའི་སྨོན་ལམ། སློབ་དཔོན་ཞི་བ་ལྷས་མཛད་པ་བྱང་ཆུབ་འབྱུང་བའི་སྨོན་ལམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། བཙུན་པ་ཟླ་བའི་སྨོན་ལམ། ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རིགས་ཀྱི་སྨོན་ལམ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དམ་པའི་ཆོས་སྤྱོད་ལ་འཇུག་པ། ཡན་ལག་བདུན་པ། ཤཱཀྱ་ཤྲི་བྷ་ཏྲས་མཛད་པ་བྱམས་པ་དཔལ་གྱི་འགྱུར། རྟ་དབྱངས་ཀྱིས་མཛད་པའི་བསྔོ་བ་ཤིན་ཏུ་བསྡུས་པ། རྐང་པ་བཞི་པ་དྷ་ན་ཤི་ལའི་འགྱུར། རྒྱལ་བའི་ལམ་འཇུག་ལས་བྱུང་བའི་སྨོན་ལམ་སངས་རྒྱས་དཔལ་ཡེ་ཤེས་ཀྱིས་མཛད་པ། ཆག་དགྲ་བཅོམ་གྱི་འགྱུར། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཚིག་ལེའུར་བྱས་པ་ཤཱཀྱ་ཤྲི་བྷ་ཏྲས་མཛད་པ། བྱམས་པ་དཔལ་གྱི་འགྱུར། སྨོན་ལམ་བདུན་ཅུ་པ་བཙུན་པ་གཞན་ལ་ཕན་པའི་དབྱངས་ཀྱིས་མཛད་པ་དཔལ་གྱི་ལྷུན་པོའི་འགྱུར། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ལྷས་ཞུས་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། ལྷས་ཞུས་པའི་བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ལྷའི་རྒྱལ་པོ་དབང་པོ་རབ་འཚེ་མས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་ཚིགས་སུ་བཅད་པས་བསྟོད་པ་རྣམས་ཕལ་པོ་ཆེ་ལས་བྱུང་བ། འཕགས་པ་རྒྱ་ཆེར་རོལ་པའི་མདོའི་ཚོང་པ་ག་གོན་དང་། བཟང་པོའི་ལེའུ་ལས་བྱུང་པའི་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཚིགས་སུ་བཅད་པ། འཕགས་པ་སྟོང་ཆེན་མོ་རབ་དུ་འཇོམས་པ་ལས་སངས་རྒྱས་པའི་སྨོན་ལམ། རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ཚིག་དཔལ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ལ་སོགས་པའི་སྨོན་ལམ། མཆོག་གི་སྤྱོད་པའི་སྨོན་ལམ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རིན་ཆེན་རྡོ་རྗེས་མཛད་པ་བཀྲ་ཤིས་ཚུལ་ཁྲིམས་ཀྱི་འགྱུར། སངས་རྒྱས་སྐུ་གསུངས་ཆོས། དགེ་འདུན་དང་བཅས་པའི་བཀྲ་ཤིས། སྣང་བྱེད་ཟླ་བས་མཛད་པ། དེ་བཞིན་གཤེགས་པ་ལྔ་ཡི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རྣལ་འབྱོར་གྱི་རྒྱུད་ཀྱི་དམ་ཚིག་ལྷ་སུམ་ཅུ་རྩ་བདུན་གྱི་བཀྲ་ཤིས་ཚིགས་སུ་བཅད་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མས་གསུང་པའི་བཀྲ་ཤིས་བརྒྱད་པ་ཚུལ་ཁྲིམས་པའི་འགྱུར། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ཡེ་ཤེས་སྡེའི་འགྱུར། དཀོན་མཆོག་གསུམ་དང་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཚིགས་སུ་བཅད་པ། འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པ་ཡེ་ཤེས་སྡེའི་འགྱུར། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། སློབ་དཔོན་ཀླུ་སྒྲུབ་ཀྱི་མཛད་པ། ཡེ་ཤེས་སྡེའི་འགྱུར། སངས་རྒྱས་རབ་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ཀྱི་ཁྱིམ་བདག་དེས་པ་ལ་གསུངས་པའི་ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རིགས་མི་འདྲ་བ་གསུམ། རིགས་གསུམ་མགོན་པོའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བྱང་ཆུབ་ཆེན་པོའི་བསྔོ་བ་དང་། སྨོན་ལམ། བཀྲ་ཤིས་དང་། བདེ་ལེགས་ཀྱི་སྐོར་རིམ་པར་ཕྱེ་བའོ།། །།ཡང་མཛད་པ་མ་སྨོས་པ་དང་།།

བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག །

གང་ཞིག་སྲིད་འདིར་དྲེགས་པའི་ང་རོ་ཅན། །ཚངས་དང་ཁྱབ་འཇུག་མིག་སྟོང་ལྡན་ལ་སོགས། །འཇིག་རྟེན་གསུམ་ན་སྟོན་པར་རློམ་རྣམས་ཀྱང་། །ཆུ་སྐྱེས་ཞབས་ན་ལྷག་པར་སྐྱབས་འགྲོ་པའི། །ཟླ་མེད་སྟོན་པ་གཅིག་པུ་ཟས་གཙང་སྲས། །རྒྱལ་བ་ཤཱཀྱ་སེང་གེའི་ཞབས་ལ་འདུད། །སྐུ་བཞིའི་བདག་ཉིད་སྟོན་པ་སངས་རྒྱས་དང་། །དེས་བསྟན་ཐབས་ཤེས་དབྱེར་མེད་དམ་པའི་ཆོས། །དེར་གནས་འཕགས་པའི་དགེ་འདུན་ཐམས་ཅད་ལ། །སྒོ་གསུམ་ཀུན་ནས་དང་བས་ཕྱག་འཚལ་ལོ། །རྒྱལ་དང་རྒྱལ་སྲས་དགྲ་བཅོམ་འཕགས་པའི་ཚོགས། །བཀའ་ཡི་བསྡུ་བ་མཛད་པ་ཐམས་ཅད་དང་། །ལྔ་རིག་པཎ་གྲུབ་སྒྲ་བསྒྱུར་འཇིག་རྟེན་མིག །བཀའ་དྲིན་ཅན་གྱི་སྐྱེས་མཆོག་ཐམས་ཅད་རྒྱལ། །འདིར་བདག་ཅག་གི་སྟོན་པ་ལྷ་དང་བཅས་པའི། འཇིག་རྟེན་པ་ཐམས་ཅད་ཀྱི་སྐྱབས་གཅིག་པུ་སྟོན་པར་ཁས་འཆེ་བ་གཞན་ཐམས་ཅད་ཀྱི་འགྲན་པར་བཟོད་དཀའ་བ། ལྷ་ཡི་ཡང་ལྷར་གྱུར་པའི་སྟོན་པ། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྐྱོན་ཐམས་ཅད་སྤངས། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་བདག་ཉིད། ས་བཅུ་གཉིས་ཀྱི་དབང་ཕྱུག །མཁས་པ་ཆེན་པོ་སྒྱུ་འཕྲུལ་འཆང་བ། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན་དུ་སངས་རྒྱས་ཟིན་ནས། འཛམ་བུའི་གླིང་ལས་ཀྱི་ས་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ནས། དེའི་རྗེས་སུ་རྒྱལ་སྲས་ས་བཅུའི་དབང་ཕྱུག་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་རྣམས་དང་། དགྲ་བཅོམ་པ་ཆོས་ཀྱི་སྤྱན་དང་ལྡན་པའི་འཕགས་པ་རྣམས་དང་། སོ་སོ་སྐྱེ་བོ་དང་། འཕགས་པའི་གང་ཟག་གི་པཎྜྻི་ཏ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པ་གསུམ་གྱིས་རྒྱལ་བའི་གསུང་རབ་ཐོག་མཐའ་བར་གསུམ་དུ་དགེ་བ་རྣམས་རིམ་པར་བསྡུས་ཤིང་རབ་ཏུ་ཕྱི་བའི་སྒོ་ནས་བསྟན་པ་དམ་པའི་ཆོས་འཇིག་རྟེན་ན་གནས་ཤིང་གསལ་བར་མཛད་ལ། ཁྱད་པར་དུ་འཇིག་རྟེན་གྱི་འདྲེན་ཕྱིར་དམ་པར་གྱུར་པའི་སྐྱེས་མཆོག་སྐད་གཉིས་སྨྲ་བའི་ལོ་པཎ་ཁྱད་པར་ཅན་རྣམས་དང་། བོད་ཀྱི་རྒྱལ་སྔོན་བྱང་ཆུབ་སེམས་དཔའ་ཆོས་རྒྱལ་མེ་དབོན་རྣམས་གསུམ་ལ་སོགས་པས་གངས་རིའི་ཁྲོད་དུ་བསྟན་པ་དམ་པའི་ཆོས་ཕལ་ཆེར་བསྒྱུར་ཞིང་། འཆད་ཉན་གྱིས་གཏན་ལ་ཕབ་ནས་ཞུས་ཆེན་བགྱིས་ཏེ་དར་ཅིང་རྒྱས་པར་མཛད་དོ། །དེས་ན་དམ་པ་དེ་རྣམས་ཀྱི་རྣམ་པར་ཐར་པ་ངོ་མཚར་བ་དག་གདུལ་བྱ་གཞན་རྣམས་ལ་བསྟན་ཏེ་དང་བ་བསྐྱེད་པའི་ཆེད་དང་། བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་ཕྱིར། ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱིས་འདྲེན་པ་དམ་པ་མཚུངས་པ་མེད་པའི་ཆོས་ཀྱི་རྗེ་རིན་པོ་ཆེའི་ཀརྨ་པའི་ཞལ་སྔ་ནས་ཀྱིས་བསྟན་བཅོས་བོད་དུ་འགྱུར་རོ་འཚལ་ཐུག་དམ་དུ་བཞེངས་པའི་བསྟན་བཅོས་རྣམས་ཀྱི་མཚན་གྱི་རྣམ་གྲངས་ཙམ་ནི་འདིར་གང་བརྗོད་པར་བྱ་བའི་ཆོས་སོ། །འདི་ལ་གཉིས། སྔགས་དང་། མཚན་ཉིད་ཀྱི་ཐེག་པའི་བསྟན་བཅོས་ཀྱི་ཕྱོགས་གཉིས་སོ། །དང་པོ་ལ་གསུམ། མཆོད་པར་བརྗོད་པ་བསྟོད་ཚོགས་ཀྱི་སྐོར། དངོས་གཞིའི་བསྟན་ཆོས་རྣམས་དང་། བསྟན་སྲུང་ཆོས་སྐྱོང་དང་ནོར་ལྷ་སོགས་ཀྱི་སྐོར་རོ། །དང་པོ་ལ། ༼ཀ༽པའི་ནང་དུ། ཐོག་མར་སྟོན་པ་སངས་རྒྱས་ལ་ཁྱད་པར་དུ་འཕགས་པའི་བསྟོད་པ། སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པ། དཔལ་བརྩེག་འགྱུར། དེའི་འགྲེལ་པ་ཤེས་རབ་གོ་ཆས་མཛད་པ། ལོ་ཆེན་འགྱུར། ཐམས་ཅད་མཁྱེན་པ་དབང་ཕྱུག་ཆེན་པོའི་བསྟོད་པ་མཐོ་བཙུན་གྲུབ་རྗེས་མཛད་པ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ། སློབ་དཔོན་བདེ་བྱེད་བདག་པོས་མཛད་པ། དེའི་འགྲེལ་པ་ཤེས་རབ་གོ་ཆས་མཛད་པ། དེ་རྣམས་ལོ་ཆེན་འགྱུར། བསྔགས་པར་འོས་པ་བསྔགས་པ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་ལེའུ་བཅུ་གཉིས་པ་ཡན་དཔལ་བརྩེག་འགྱུར། ནོར་རྒྱུན་མས་བསྟོད་པ་ཉི་མ་རྒྱལ་མཚན་འགྱུར། མྱ་ངན་ལས་འདས་པ་ལ་བསྟོད་པ་ཆོས་ཀྱི་གྲག་པས་མཛད་པ། དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ་ཞི་བ་འཚོས་མཛད་པ། དབང་བསྐུར་བའི་བསྟོད་པ། དེ་བཞིན་གཤེགས་པ་ལྔ་ལ་བསྟོད་པ། དེ་བཞིན་གཤེགས་པ་བདུན་ལ་བསྟོད་པ་རྣམས་འགྱུར་གོང་ལྟར་ལོ་ཆེན་འགྱུར། རྒྱལ་བ་བརྒྱད་པའི་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། སངས་རྒྱས་ཐུབ་པ་ལ་བསྟོད་པ་དཀོན་མཆོག་འབངས་ཀྱིས་མཛད་པ། སངས་རྒྱས་ཀྱི་མཚན་ལ་བསྟོད་པ་མ་ཏི་ཙི་ཏྲས་མཛད་པ། རབ་ཏུ་བསྔགས་པར་ནམ་ལངས་པའི་བསྟོད་པ་ཧ་ས་དེ་བས་མཛད་པ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་སློབ་དཔོན་ཤིར་ཧ་རི་དེ་བས་ཡུམ་གྱི་ཆེད་དུ་མཛད་པ། དེ་གཉིས་ཛི་ན་མི་ཏྲ་དང་། ཡོན་ཏན་དཔལ་གྱིས་འགྱུར། མཆོད་རྟེན་བརྒྱད་ཀྱི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ་གཉིས། དཀོན་མཆོག་གསུམ་གྱི་བསྟོད་པ་མ་ཏི་ཙི་ཏྲས་མཛད་པ། དཀོན་མཆོག་གསུམ་ལ་དབྱིག་གཉེན་གྱི་བསྟོད་པ། སངས་རྒྱས་ཀྱི་མཚན་ལ་བསྟོད་པ། གཅིག་ལས་འཕྲོས་པའི་བསྟོད་པ་སྟེ་གཉིས་མ་ཏི་ཙི་ཏྲས་མཛད་པ། གཎྜྻིའི་བསྟོད་པ་རྟ་དབྱངས་ཀྱི་མཛད་པ། དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ་མ་ཏི་ཙི་ཏྲས་མཛད་པ། བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པ་རྟ་དབྱངས་ཀྱིས་མཛད་པ། ཤྲ་དྷ་དང་། ཤཱཀྱ་བློ་གྲོས་ཀྱི་འགྱུར། ཡོན་ཏན་མཐའ་ཡས་པར་བསྟོད་པ་དཀོན་མཆོག་འབངས་ཀྱིས་མཛད་པ། སརྦ་དེ་བ་དང་། རིན་ཆེན་མཆོག་གི་འགྱུར་ལས། སླར་ཡང་དཔལ་བརྩེག་ཀྱིས་ཞུས་པ། སྤེལ་མར་བསྟོད་པ། ཤཱཀྱ་ཙི་ཏྲ་དང་། ཕྱོགས་གླང་དག་གིས་མཛད་པ། ཀུ་མ་ར་ཀ་ལ་ཤ་དང་། བསོད་ནམས་བཟང་པོས་བསྒྱུར་བ། ཆོས་ཀྱི་དབྱིངས་སུ་བསྟོད་པ། ཤེར་ཕྱིན་ལ་བསྟོད་པ་རྔོག་འགྱུར། དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། སེམས་ཀྱི་རྡོ་རྗེའི་བསྟོད་པ། དོན་དམ་པར་བསྟོད་པ། སྐུ་གསུམ་གྱི་བསྟོད་པ། སེམས་ཅན་མགུ་བར་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ། དམྱལ་བ་ནས་འདོན་པའི་བསྟོད་པ་རྣམས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། ཏི་ལ་ཀ་དང་། པ་ཚབ་འགྱུར། དེ་བཞིན་གཤེགས་པའི་མཛད་པ་བཅུ་གཉིས་ལ་བསྟོད་པ་ཀླུ་སྒྲུབ་ཐེ་ཚོམ་ཀྱིས་མཛད་པ། མཛད་པ་བཅུ་གཉིས་ཀྱི་བསྟོད་པ་མདོར་བསྡུས་ཇོ་བོ་ཐེ་ཚོམ་རྗེས་མཛད་པ། བཤགས་བསྟོད་ཙན་ཏྲ་གོ་མིས་མཛད་པ། བཤགས་བསྟོད་ཀྱིས་འགྲེལ་པ་སློབ་དཔོན་སངས་རྒྱས་ཞི་བས་མཛད་པ། དེ་ཉིད་དང་། ལོ་ཆེན་འགྱུར། དེ་བཞིན་གཤེགས་པའི་མཚན་བརྗོད་པ་སྐལ་བཟང་རྒྱན་གྱི་ཕྲེང་བ། ཁ་ཆེ་པཎ་ཆེན་གྱིས་མཛད་པ། མ་ཏི་ཙི་ཏྲས་མཛད་པའི་དཀོན་མཆོག་གསུམ་གྱི་བསྟོད་པའི་འགྲེལ་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ། དེའི་དོན་གྱི་ཚིག་ལེའུར་བྱས་པ་ཕྱོགས་གླང་གིས་མཛད་པ། དཔལ་བརྩེགས་འགྱུར། སྐུ་གསུམ་ལ་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། དེའི་འགྲེལ་པ་ཤྲ་དྷས་མཛད་པ། ལོ་ཆེན་འགྱུར། བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པའི་འགྲེལ་པ་དགའ་བྱེད་སྙན་པས་མཛད་པ། ཤྲ་དྷ་དང་། ཤཱཀྱ་བློ་གྲོས་ཀྱིས་འགྱུར། བཅོམ་ལྡན་འདས་ལ། བསྟོད་པ་རྡོ་རྗེ་འཛིན་གྱི་དབྱིངས། བིརྻ་ཀ་ར་པྲ་བྷ་དང་། དཔལ་བརྩེགས་འགྱུར། དེའི་འགྲེལ་པ་ཞི་བ་འཚོས་མཛད་པ། དཔལ་བརྩེགས་འགྱུར། འཇམ་དབྱངས་ལ་བསྟོད་པ་རིག་པའི་ཁུ་བྱུག་གིས་མཛད་པ། འདུལ་བ་ལ་བསྟོད་པ་སློབ་དཔོན་ཆོས་ཀྱི་ཚང་དཔོན་གྱིས་མཛད་པ། ཛི་ན་མི་ཏྲ། ཀླུའི་རྒྱན་གྱིས་མཛད་པ། འཇམ་དབྱངས་ལ་བསྟོད་པ་ཕྱོགས་གླང་གིས་མཛད་པ་གུ་གུམ་གཞོན་ནུ་ལྟ་བུའི་བསྟོད་པ་མི་གཡོ་སེང་གེས་མཛད་པ། ཇོ་བོ་དང་། ནག་ཚོ་འགྱུར། འཇམ་དབྱངས་ཀྱི་བསྟོད་པ་བྱིན་བརླབས་དང་བཅས་པ་ཙན་དྲ་གོ་མིས་མཛད་པ། མར་པ་དོ་པའི་འགྱུར། དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་རྡོ་རྗེ་མཚོན་ཆ་ལ་སོགས་པས་མཛད་པ། དཔལ་བོ་གཅིག་གྲུབ་ཀྱི་བསྟོད་པ་གསེར་ཕྲེང་ངག་དབང་གྲགས་པས་མཛད་པ། འཇམ་དབྱངས་ཀྱི་བསྟོད་པ་ཇོ་བོ་མ་ཏིས་མཛད་པ། གཉན་ལོ་དར་མ་གྲགས་ཀྱིས་འགྱུར་རོ། །དེ་བཞིན་གཤེགས་པ་དང་འཇམ་དཔལ་འཇིག་རྟེན་དབང་ཕྱུག་སྒྲོལ་མ་རྣམས་ལ་རྒྱལ་བའི་སྙན་བཟང་པོས་བསྟོད་པ། དེ་ཉིད་དང་། ཉི་མ་རྒྱལ་མཚན་དཔལ་བཟང་པོའི་གྱུར། འཇམ་དཔལ་གྱི་བསྟོད་པ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཀློག་སྐྱ་གཞོན་ནུ་འབུམ་བུར་གྱི་འགྱུར། འཇམ་དཔལ་རྣོན་པོ་ལ་བསྟོད་པ། འཇམ་དཔལ་ལ་ཁྱེའུ་བཅུ་དྲུག་གིས་བསྟོད་པ། འཇམ་དཔལ་ལ་དོན་དམ་པའི་བསྟོད་པ། སྙིང་རྗེ་ལ་བསྟོད་པ་གཉིས་ཀླུ་སྒྲུབ་ཀྱིས་མཛད་པ། འཇམ་དཔལ་ལ་བུ་མོ་བརྒྱད་ཀྱི་བསྟོད་པ། མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ལ་བསྟོད་པ་སོ་མ་ཤྲིས་མཛད་པ། མ་ཧཱ་ཛ་ན་དང་། གཞོན་ནུ་འོད་ཀྱི་འགྱུར། ངག་གི་དབང་ཕྱུགས་གཙོ་འཁོར་ལ་བསྟོད་པ་ཐིག་ལེ་བུམ་པས་མཛད་པ། ངག་གི་དབང་ཕྱུག་གི་བསྟོད་པ་ཛེ་ཏ་ཀརྞ་དང་། ཉི་མ་རྒྱལ་མཚན་འགྱུར། ཁྱད་པར་གྱི་བསྟོད་པ་ཨ་ནནྟ་ཤྲིས་མཛད་པ། དེ་ཉིད་དང་ཆོས་ཤེས་འགྱུར། འཇམ་དབྱངས་ལ་བསྟོད་པ་ཙནྡྲ་གོ་མིས་མཛད་པ། སུ་མ་ཏི་དང་གཉན་ཆུང་དར་མ་གྲགས་ཀྱི་འགྱུར། འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ་ཙནྡྲ་གོ་མིས་མཛད་པའོ། །དོན་ཞག་ལྷ་བཅུ་དྲུག་ལ་དོན་རྟགས་ཀྱི་སྒོ་ནས་བསྟོད་པ་དྲི་མེད་འོད། ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་བ་དགེ་བསྙེན་ཟླ་བས་མཛད་པ། འགོས་འགྱུར། ཐུགས་རྗེ་ཆེན་པོ་དགེ་སློང་མ་དཔལ་མོས་བསྟོད་པ་ཚན་པ་གསུམ། སྤྱན་རས་གཟིགས་ཀྱི་སྙིང་རྗེ་ལ་བསྟོད་པ་ཀུན་སྦྱིན་ཟླ་བས་མཛད་པ། འཇིག་རྟེན་དབང་ཕྱུགས་ལ་ཟླ་བ་གྲགས་པས་སྨྲེ་སྔགས་ཀྱི་སྒོ་ནས་བསྟོད་པ། འཇིག་རྟེན་དབང་ཕྱུག་གིས་བསྟོད་པ་བརྒྱ་པ་ཤྲི་བཛྭ་དེ་བས་མཛད་པ། ལཀྵིཾ་ཀ་ར་དང་། ཤང་འགྱུར། འཇིག་རྟེན་དབང་ཕྱུག་ལ་ཨ་ཙརྻ་ཊི་པ་ཞབས་ཀྱི་བསྟོད་པ། ཉི་མ་རྒྱལ་མཚན་འགྱུར། ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ་རྟ་དབྱངས་ཀྱིས་མཛད་པ། འཇིག་རྟེན་དབང་ཕྱུག་འཁོར་བཅས་ལ་བསྟོད་པ། བསྟོད་པ་ཡིད་ཕྲོག་སྡིག་འཇོམས་གཉིས་ཙནྟྲ་གོ་མིས་མཛད་པ་ད་ན་ཤི་ལའི་རང་འགྱུར། དོན་ཡོད་ཞགས་པའི་དཀྱིལ་འཁོར་ལྷ་ཚོགས་ལ་བསྟོད་པ་དྲི་མེད་འོད། དོན་ཡོད་ཞག་པ་ལྷ་ལྔ་ལ་བསྟོད་པ་ཨེ་ར་པ་ཏིས་མཛད་པ། དོན་ཡོད་རྡོ་རྗེ་དང་། རིན་ཆེན་གྲགས་ཀྱི་འགྱུར། དོན་ཞག་ལྷ་ལྔ་ལ་བསྟོད་པ་ཙནྟྲ་གོ་མིས་མཛད་པ། ཐུགས་རྗེ་ཆེན་པོ་ལ་བསྟོད་པ་ཙནྟྲ་གོ་མིས་མཛད་པ། སེང་གེ་སྒྲའི་བསྟོད་པ་ཏི་ལ་ཀས་མཛད་པ། མལ་གྱོ་འགྱུར། སྤྱན་རས་གཟིགས་འཇིགས་པ་བརྒྱད་ལ་སྐྱོབ་པའི་བསྟོད་པ་ཙནྟྲ་གོ་མིས་མཛད་པ་མལ་གྱོ་འགྱུར། གོས་སྔོན་ཅན་གྱི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཕྱག་ན་རྡོ་རྗེ་ལ་བསྟོད་པ་ངག་དབང་གྲག་པས་མཛད་པ། ཕྱག་ན་རྡོ་རྗེ་ལ་དོན་རྟགས་ཀྱི་སྒོ་ནས་བསྟོད་པ་བློ་བོ་རྗེས་མཛད་པ་དེ་ཉིད་དང་། རྒྱ་བརྩོན་སེང་འགྱུར། མཚན་ཉིད་བསྡུས་པའི་སྒོ་ནས་བསྟོད་པ་བིརྻ་ཙནྟྲ་མཛད་པ། ཕྱག་ན་རྡོ་རྗེ་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པ་གཅིག །རྡོ་རྗེ་དབྱངས་ཆེན་མའི་བསྟོད་པ་དཔལ་འཛིན་གྱིས་མཛད་པ། མར་དོ་འགྱུར། འཁོར་ལོ་ཆེན་པོ་ལྷ་ཚོགས་ལ་བསྟོད་པ་ས་བ་རིས་མཛད་པ། དེ་བ་པུཎྭ་མ་ཏི་དང་། འགར་ཆོས་ཀྱི་བཟང་པོའི་འགྱུར། དབྱངས་ཆེན་མ་ལ་བསྟོད་པ་གྲུབ་པ་ངག་གི་འོད་ཟེར་བྲམ་ཟེ་ཕུར་བུས་མཛད་པ། སུམ་པ་དར་མ་ཡོན་ཏན་གྱི་འགྱུར། རྨུག་འཛིན་ལ་བཙུན་པ་ཟླ་བས་མཛད་པ། པ་ཙབ་འགྱུར། རྨུག་འཛིན་ལ་ཛྙྱ་ན་བཛྭས་བསྟོད་པ། འཛམ་བྷ་ལ་ལ་མིའི་དབང་པོ་ཉི་མ་རྣམ་པར་གནོན་པས་བསྟོད་པ། ཡར་ལུང་བ་གྲགས་པ་རྒྱལ་མཚན་འགྱུར། རྨུག་འཛིན་འཆོལ་པའམ་མན་ངག་གི་བསྟོད་པ་ན་བྱང་ཆུབ་སེམས་དཔས་མཛད་པ། ནོར་རྒྱུན་མ་ལ་བསྟོད་པ་ཛ་མ་རིས་མཛད་པ། ནག་པོ་ཆེན་པོ་ལ་བསྟོད་པ་ཨ་ཝ་དྷུ་ཏིས་མཛད་པ། ནག་པོ་ཆེན་པོ་ལ་སྲེད་མེད་ཀྱི་བུས་བསྟོད་པ། གདོང་ཅན་ལ་བསྟོད་པ་སངས་རྒྱས་གྲགས་ཀྱིས་མཛད་པ། པྲེ་ཏའི་སྐད་ལས་སེ་ལོས་བསྒྱུར་བ། བདེ་མཆོག་གི་དཀྱིལ་འཁོར་ལ་བསྟོད་པ་ལུ་ཨི་པས་མཛད་པ། སུརྻ་གུཔྟ་དང་། འགོས་ལྷ་བཙས་འགྱུར་ལས། སུ་མ་ཏི་ཀིརྟི་དང་མར་པ་དོ་པས་ཞུས་པ། འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ་བསྟོད་པ་གར་གྱི་ཉམས་དགུ་དྲིལ་བུ་པས་མཛད་པ། བདེ་མཆོག་གི་དཀྱིལ་འཁོར་ལྷ་ཚོགས་ལ་བསྟོད་པ་ཨིནྟྲ་བྷུ་ཏིས་མཛད་པ། འཁོར་ལོ་སྡོམ་པ་ལ་རྣམ་དག་གི་སྒོ་ནས་བསྟོད་པ་ཨིནྟྲ་བྷུ་ཏིས་མཛད་པ། བདེ་མཆོག་འཁོར་ལོ་ལ་བསྟོད་པ་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ་ནོག་མི་པས་མཛད་པ། ཧེ་རུ་ཀའི་བསྟོད་པ་མཚན་བརྒྱ་ཙ་བརྒྱད་པ་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོས་བསྐུལ་བའི་རྒྱུད་ལས་ཕྱུང་བ། བདེ་མཆོག་འཁོར་ལོ་ལ་ཡོན་ཏན་གྱི་སྒོ་ནས་བསྟོད་པ། བདེ་མཆོག་གི་བསྟོད་པ་ཨིནྟྲ་བྷུ་ཏིས་མཁའ་འགྲོ་གནས་སུ་པྲཛྙྱ་ཀ་ར་བརྨ་དང་། རིན་ཆེན་བཟང་པོའི་གྱུར། འཁོར་ལོ་སྡོམ་པའི་བསྟོད་པ་དྷ་རི་ཀ་པས་མཛད་པ། དྷརྨ་བཛྭ་དང་། བརྩོན་སེང་འགྱུར། རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་པ་དཔལ་ཆོས་ཀྱི་གྲགས་པས་མཛད་པ། ཆགས་ལོཙྪའི་འགྱུར། འཁོར་ལོ་སྡོམ་པའི་བསྟོད་པ་ཨིནྟྲ་བོ་དྷིས་མཛད་པ། འཁོར་ལོ་སྡོམ་པའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ་ཅིག འཁོར་ལོ་སྡོམ་པའི་བསྟོད་པ་ཤུ་ར་ཀ་ལ་ཤས་མཛད་པ། བསོད་ནམས་བཟང་པོའི་འགྱུར། འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་བསྟོད་པ་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ། བསྟོད་པ་དྷ་རི་ཀ་པས་མཛད་པ། དཀྱིལ་འཁོར་ལ་བསྟོད་པ་རིན་ཆེན་སྒྱུ་འཕྲུལ་ཞི་བ་དྲིལ་བུ་པས་མཛད་པ། མར་དོ་འགྱུར། འཁོར་ལོ་སྡོམ་པའི་བསྟོད་པ་མཻ་ཏྲི་པས་མཛད་པ། ཡང་བསྟོད་པ་ཆོས་དབྱིངས་རྣམ་དག་མ། ཇོ་བོ་རྗེས་ཞལ་གཟིགས་དུས་བསྟོད་པ། །སྨྲེ་བཤགས་ཨིནྟྲ་བུ་ཏིས་མཛ་པ། བྷུ་ཏི་པའི་རྒྱུན་བཤགས་ཉུང་ངུ་། རྡོ་རྗེ་ཕག་མོའི་བསྟོད་པ་མདོར་བསྡུས་ངག་གི་དབང་ཕྱུག་དང་། ཀློག་སྐྱ་འགྱུར། མཁའ་སྤྱོད་མ་དཀར་མོའི་བསྟོད་པ་ཇོ་བོས་མཛད་པ། ལོ་ཆེན་འགྱུར། ཞིང་གི་དབང་ཕྱུག་མའི་བསྟོད་པ་རྒྱུ་རིགས་ཤིན་ཏུ་དགའ་བའི་པཎྜྻི་ཏས་མཛད་པ། བྷུ་རི་པས་མཛད་པའི་རྒྱུན་བཤག ཀྱཻ་རྡོར་བསྟོད་པ་ཉི་ཤུ་པ་མཚོ་སྐྱེས་ཀྱིས་མཛད་པ། དགྱེས་པ་རྡོ་རྗེ་ལ་བསྟོད་པ་རིན་ཆེན་རྡོ་རྗེས་མཛད་པ། བྱང་ཆུབ་ཤེས་རབ་ཀྱི་འགྱུར། བདག་མེད་མ་ལྷ་མོ་བཅོ་ལྔའི་བསྟོད་པ་འཕགས་པ་ལྷས་མཛད་པ། ཀུ་རུ་ཀུ་ལེའི་བསྟོད་པ་ཌོམྦྷི་ཧེ་རུ་ཀས་མཛད་པ། གཙུག་ཏོར་རྣམ་པར་རྒྱལ་མའི་བསྟོད་པ། གདུག་དཀར་བསྟོད་པ་གིརྟི་བརྟས་མཛད་པ། ཐུགས་རྗེ་ཆེན་པོ་སྒྲོལ་ལ་མཚན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་བསྟོད་པ་གཉིས། སེང་གེ་ལྡིང་ནག་སྒྲོལ་གྱི་བསྟོད་པ། དཔལ་འཕེལ་ལྷ་མོའི་བསྟོད་པ་སྟེ་གཉིས་ཀླུ་སྒྲུབ་ཀྱིས་མཛད་པ། རྣམ་དག་གཙུག་གི་ནོར་བུ་སུརྻ་ཧི་པས་མཛད་པ། དེས་མཛད་པའི་མཚན་སུམ་བཅུ་རྩ་གཉིས་ཀྱི་སྒོ་ནས་བསྟོད་པ་དོན་ཐམས་ཅད་གྲུབ་པ། ཕྲེང་བ་འཛིན་པའི་བསྟོད་པ། སྨྲེ་སྔགས་ཀྱི་སྒོ་ནས་བསྟོད་པ་གཉིས་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། མེ་ཏོག་ཕྲེང་བའི་བསྟོད་པ། མུ་ཏིག་ཕྲེང་བའི་བསྟོད་པ་སྟེ་གཉིས་ཙིནྟྲ་གོ་མིས་མཛད་པ། སྒྲོལ་མའི་བསྟོད་པ་འཛུབ་ཀེར་མ་ཙནྟྲ་གོ་མིས་མཛད་པ། འཇིགས་པ་བརྒྱད་སྐྱོབ་མའི་བསྟོད་པ་དཔལ་བཙུན་ཟླ་བས་མཛད། དམ་ཚིགས་སྒྲོལ་མའི་བསྟོད་པ་ངག་གི་དབང་ཕྱུག་གིས་མཛད་པ། སྒྲོལ་དཀར་བསྟོད་པ་འཁོར་བ་ལས་སྒྲོལ་ཏ་རེ་མ། སྒྲོལ་མ་ལ་བསྟོད་པ་མར་མེ་མཛད་བཟང་པོས་མཛད་པ། ཙནྟྲ་གོ་མིས་ཆུས་ཁྱེར་དུས་བསྟོད་པ། བསྟོད་པ་དོན་ཐམས་ཅད་གྲུབ་པ། སྒྲོལ་མ་མེ་ཏོག་རྒྱས་མཛད་མའི་བསྟོད་པ་འབུམ་ཕྲག་གསུམ་པས་མཛད་པ་རྣམས་བཞུགས་སོ། །གཉིས་པ་ལ་བཞི། རྣལ་འབྱོར་བླ་མེད་དང་། རྣལ་འབྱོར་དང་། སྤྱོད་པ་དང་། བྱ་བའི་རྒྱུད་དོ། །དང་པོ་ལ་གཉིས། གསང་སྔགས་གསར་མ་དང་། སྔ་འགྱུར་རྙིང་མའི་སྐོར་གྱི་བསྟན་བཅོས་སོ། དང་པོ་ལ་གསུམ། གཉིས་མེད་ཀྱི་རྒྱུད་དུ་གྲགས་པ་དུས་འཁོར་དང་རྣལ་འབྱོར་མ་རྒྱུད་དང་། ཕ་རྒྱུད་ཀྱི་ཕྱོགས་ཀྱི་བསྟན་བཅོས་སོ། །༼ཁ༽པའི་ནང་དུ། སྔ་རབ་པ་རྣམས་ལ་གཉིས་མེད་ཀྱི་རྒྱུད་དུ་གྲགས་པའི་དུས་འཁོར་གྱི་སྐོར་ལ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་ལེའུ་དང་པོའི་རྒྱས་འགྲེལ་དང་། ནང་གི་ལེའུ་དང་། དབང་གི་ལེའུ་ཡི་རྒྱས་འགྲེལ་དང་གསུམ་བཞུགས། ༼ག༽པའི་ནང་དུ། བསྒྲུབ་ཐབས་ཀྱི་ལེའུ་དང་གཉིས་ཀྱི་རྒྱས་འགྲེལ་སྟེ། མདོར་ན་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་པད་མ་དཀར་པོས་མཛད་པ། ཁ་ཆེའི་པཎྜྻི་ཆེན་པོ་སོ་མ་ན་ཐཱ་དང་། འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་གཏན་ལ་ཞུས་ཏེ་གཏན་ལ་ཕབ་པ་ལས། དུས་ཕྱིས་ལོཙྪ་བ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུག་ཅིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པ་ལས། སླར་ཡང་ལོ་ཙྪ་བ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་དང་། བློ་གྲོས་དཔལ་བཟང་པོས་རྒྱ་དཔེ་མང་པོ་ལ་གཏུགས་ནས་དག་པ་རྣམས་དང་མཐུན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང་། གོ་སླའི་འགྲེལ་པ་པདྨ་ཅན་དུས་ཞབས་པས་མཛད་པའི་ལེའུ་དང་པོ་ཡན་བཞུགས། ༼ང༽པ་ལ། ལེའུ་ལྷག་མ་བཞི་སོ་མ་ན་ཐས་རང་འགྱུར་མཛད་པ། དྲི་མེད་འོད་ཀྱི་མདོར་བསྡུས་དང་པོའི་བཤད་སྦྱར་ཨ་ཙ་ལ་ཀརྨས་མཛད་པ་ཡང་བློ་བརྟན་གྱིས་བསྒྱུར་བ། རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་འཇམ་དཔལ་གྲགས་པས་མཛད་པ་བལ་པོའི་པཎྜྻི་ཏ་མཉྫྱུ་ཤྲི་དང་། ཆོས་གྲགས་དཔལ་བཟང་པོས་བསྒྱུར་བ་དང་། པད་མ་དཀར་པོས་མཛད་པའི་དོན་དམ་བསྙེན་པ་ཁ་ཆེ་ཟླ་མགོན་གྱིས་རང་འགྱུར་དུ་མཛད་པ། དབང་མདོར་བསྟན་གྱི་འགྲེལ་པ་དུས་ཞབས་པས་མཛད་པ་ཁ་ཆེ་ཟླ་མགོན་དང་འབྲོ་འགྱུར། རྣལ་འབྱོར་གསུམ་སྙིང་གི་རང་འགྲེལ་དང་། ནཱ་རོ་པས་མཛད་པའི་སྦྱོར་དྲུག་ཤཱཀྱ་ཤྲི་བྷ་ཏྲའི་རང་འགྱུར། ཨ་བྷྱ་ཀཱ་རས་མཛད་པའི་སྦྱོར་དྲུག་དེ་ཉིད་དང་། རྩི་མི་སངས་རྒྱས་གྲགས་ཀྱིས་བསྒྱུར་བ། སྦྱོར་བ་ཡན་ལག་དྲུག་དུས་ཞབས་པ་མཛད་པ། བྷུད་དྷཱ་ཀཱ་ར་བྷ་ཏྲ་དང་གྱིས་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ་རྣམས་བཞུགས་སོ། །༼ཅ༽པ་ལ། དབང་མདོར་བསྟན་འགྲེལ་པ་ན་རོ་པས་མཛད་པ་ཁ་ཆེའི་པཎྜྻི་དྷརྨ་དྷ་ར་དང་། ལོཙྪ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ། དབང་མདོར་འགྲེལ་པ་སྟོན་ལོ་ཙྪས་བསྒྱུར་བ། དབང་རབ་བྱེད་འགྲེལ་པ་དྷ་རི་ཀ་པས་མཛད་པ་འབྲོམ་འགྱུར། སྦྱོར་དྲུག་གི་རྒྱུད་ཀྱི་འགྲེལ་པ་ཨ་ཝ་དྷུ་ཏྲིས་མཛད་པ་སྦས་པ་མི་འབྱེད་ཅེས་བྱ་བ། རྒྱ་གར་གྱི་མཁན་པོ་ཟླ་བ་གྲགས་པའི་འགྱུར། དུས་འཁོར་གྱི་དཀྱིལ་ཆོག་དཔལ་བོ་ཡིད་དུ་འོང་བ་དུས་ཞབས་པས་མཛད་པ་པཎྜྻི་ཏ་བྷི་ཤྲི་དང་། འཆི་ཡོན་ཏན་འབར་གྱི་འགྱུར། བསྒྲུབ་ཐབས་ཡན་ལག་བཞི་པ་འགྱུར་གོང་དང་འདྲ་བ་དང་། བསྒྲུབ་ཐབས་རྒྱས་པ་ཡན་ལག་བཅུ་གཅིག་པ། ཟླ་མགོན་དང་། འབྲོམ་འགྱུར། དེ་གསུམ་དུས་ཞབས་པས་མཛད་པ་དང་། ས་དྷུ་སུ་ཏྲས་མཛད་པའི་བསྒྲུབ་ཐབས་དང་། དཀྱིལ་ཆོག་གཉིས་རྒྱ་གར་གྱི་མཁན་པོ་བྷ་ཀི་ཤྭ་ར་གུཔྟ་དང་། ལོ་ཙྪ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་བ་དུར་ཁྲོད་ལྷན་སྐྱེས་ཀྱི་བསྒྲུབ་ཐབས་རོལ་པའི་རྡོ་རྗེ་མཛད་པ་རྣམས་བཞུགས། ༼ཆ༽པ་ལ། རབ་གནས། ཚོགས་འཁོར། སྦྱིན་སྲེག་རྣམས་དུས་ཞབས་པས་མཛད་ཅིང་འགྱུར་གོང་དང་འདྲ། རོ་བསྲེག་གི་ཆོ་ག་ས་དྷུ་པུ་ཏྲས་མཛད་པ་འགྱུར་གོང་དང་འདྲ་བ་དང་། དུས་འཁོར་བསྟོད་པ་རྒྱུན་ཆགས་ས་དྷུ་ཀིཏྟིས་མཛད་པ། པཎྜྻི་ཏ་བི་ན་ཡ་ཤྲི་མི་ཏྲ་དང་། འདན་མ་ཚུལ་ཁྲིམས་སེང་གེའི་འགྱུར། སྙིང་པོ་རྒྱན་ཅེས་བྱ་བའི་བསྒྲུབ་ཐབས་བྲམ་ཟེ་བསོད་སྙོམས་པས་མཛད་པ་པཎྜྻི་ཏ་བྷ་ཏྲ་བོ་དྷེ་དང་། གྱི་ཇོ་འགྱུར། ནང་གི་སྙེ་མ་བྷི་བྷུ་ཏི་ཙནྟྲས་མཛད་པ་དེ་ཉིད་ཀྱིས་རང་འགྱུར། རྩ་མི་སངས་རྒྱས་གྲགས་པས་མཛད་པའི་སྦྱོར་ཕྲེང་ཁམས་པ་དགེ་ཚུལ་ཤེས་རབ་དཔལ་གྱི་འགྱུར། སྡོམ་ཚིག་ཨ་བྷྱ་ཀ་རས་མཛད་པ། པཎྜྻི་ཏ་ཇོ་བོ་རི་དང་། ཁེའུ་རྒད་པ་འཁོར་ལོ་གྲགས་པས་བསྒྱུར་བ་དང་། དུས་ཀྱི་འཁོར་ལོ་ལ་འཇུག་པ་ཨ་བྷྱ་ཀཱ་རས་མཛད་པ་དེ་ཉིད་དང་། དྷརྨྨ་ཀི་རྟི་ཤྲིས་བསྒྱུར་བ་ལས། སླར་ཡང་ར་ཧཱུ་ལ་ཤྲི་བྷ་ཏྲ་དང་། ཆག་ལོས་བསྒྱུར་བ། རྩིས་ཀྱི་མན་ངག །ཉི་ཟླ་གཟས་འཛིན་གྱི་མན་ངག །གཟའ་ལྔ་སོ་སོའི་རྐྱང་རྩིས་ཀྱི་མན་ངག་རྣམས་ཤཱཀྱ་ཤྲིས་མཛད་པ། སྦྱོར་དྲུག་གི་གཞུང་དཔེ་མེད་མཚོས་མཛད་པ། བྷི་བྷུ་ཏི་ཙནྟྲ་དང་། གཉལ་ལོ་ཙྪ་བ་མི་མཉམ་བཟང་པོས་བསྒྱུར་བ་དང་། དེའི་འགྲེལ་པ་ཉི་མ་དཔལ་གྱིས་མཛད་པ་བྷི་བྷུ་ཏི་ཙྪནྟྲའི་འགྱུར། ལྷན་སྐྱེས་རོལ་པའི་རྡོ་རྗེ་མཛད་པ་ཐར་ལོ་འགྱུར། ཕྱག་ན་རྡོ་རྗེས་མཛད་པའི་སྦྱོར་དྲུག་ཅོག་རོ་ཏིང་ངེ་འཛིན་བཟང་པོས་བསྒྱུར་བ། ཤ་བ་རིས་མཛད་པའི་སྦྱོར་དྲུག་བྷི་བྷུ་ཏི་ཙནྟྲའི་འགྱུར། རྡོ་རྗེ་ཚིག་གིས་རྒྱས་འགྲེལ་ཤཱཀྱ་ཤྲིས་མཛད་པ་དེ་ཉིད་དང་དཔྱལ་ཆོས་བཟང་གི་འགྱུར། ཟབ་ལམ་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་རྡོ་རྗེའི་ཚིགས་རྐང་། དྲི་མེད་བཤེས་གཉེན་ཏི་པུ་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཟབ་མོ་བསྙེན་བསྒྲུབ་ཀྱི་གདམས་པ། ༈ མཚན་བརྗོད་འགྲེལ་པ་འཇམ་དཔལ་གྲགས་པས་མཛད་པ། ཨ་བྷ་ཡ་དང་། སྦས་རྡོ་རྗེ་རྒྱལ་པོའི་འགྱུར། མཚན་བརྗོད་འགྲེལ་པ་དྲི་མེད་འོད་པད་མ་དཀར་པོས་མཛད་པ་དགེ་སློང་རྡོ་རྗེ་འཛིན་པ་བསོད་སྙོམས་པས་བསྒྱུར་བ། མཚན་བརྗོད་ཕན་ཡོན་གྱི་འགྲེལ་པ་སྔགས་དོན་སྙིང་པོ་བསྡུས་པ་དུས་ཞབས་པས་མཛད་པ། ཨ་བྷ་ཡ་དང་། རྡོར་རྒྱལ་འགྱུར། མཚན་བརྗོད་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ་སྤྱན་རས་གཟིགས་ཀྱིས་མཛད་པ་རྣམས་བཞུགས། ༼ཇ༽པ་ལས། མཚན་བརྗོད་འགྲེལ་པ་བདུད་རྩི་ཐིགས་པ་སྒྲོན་མ་གསལ་བ་ཞི་མོ་རྣམས་འཐག་ཅེས་བྱ་བ་པཎྜྻི་ཏ་ཆེན་པོ་ཨ་ནུ་ས་མ་རཀྵི་ཏས་མཛད་པ་ཁ་ཆེའི་པཎྜྻི་ཏ་སུ་ག་ཏ་ཤྲི་དང་། ལོ་ཙྪ་བ་དྷརྨ་ཀིརྟི་དང་། དགེ་སློང་རྡོ་རྗེ་རྒྱལ་མཚན་འགྱུར། མཚན་བརྗོད་འགྲེལ་པ་བདུད་རྩི་ཐིགས་པ་ཉི་མ་དཔལ་ཡེ་ཤེས་ཀྱི་མཛད་པ། རྒྱ་གར་གྱི་པཎྜྻི་ཏ་ནོར་བུ་དཔལ་ཡེ་ཤེས་དང་། རེ་ཝེན་ཏྲ་དང་། ཆགས་ལོས་བསྒྱུར་བ་ལས། སླར་ཡང་དགེ་སློང་སློབ་དཔོན་དཔལ་བཟང་པོས་བཅོས་པ་དང་། མཚན་བརྗོད་འགྲེལ་པར་རད་ན་ཨཀ་ར་གུཔྟས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་ལ་ཙཀྲ་དང་། ལོཙྪ་བ་ཛྙྱ་ན་གརྦ་སོགས་ཀྱི་འགྱུར། མཚན་བརྗོད་འགྲེལ་པ་ཌོམ་བྷི་ཧེ་རུ་ཀས་མཛད་པ་ཁྱུང་གྲགས་འགྱུར། འགྲེལ་པ་མངོན་པར་རྟོགས་པ་གཉིས་མེད་རྡོ་རྗེས་མཛད་པ་པྲཛྙྱ་ཤྲི་ཀིར་ཏིས་རང་འགྱུར་དུ་མཛད་པ། མཚན་བརྗོད་འགྲེལ་པ་ཨ་ཝ་དྷུ་ཏིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲི་མི་ཏྲ་དང་། ལོཙྪ་བ་ཆོས་བཟང་གིས་བསྒྱུར་བ། ཉེ་བར་བསྡུས་པའི་རྟོག་གེ་གཉིས་མེད་རྡོ་རྗེས་མཛད་པ། ཤ་དྷ་བོ་དྷེ་དང་། དཔྱལ་བསོད་ནམས་རྒྱལ་མཚན་འགྱུར། མན་ངག་སྔགས་དོན་རྣམས་གཟིགས་དང་དེའི་རྗེས་སུ་འབྲང་བ་གཉིས་མེད་རྡོ་རྗེས་མཛད་པ་ཉེ་བར་སྦྱར་བའི་རྟོག་གེ་སྦྱར་བའི་བསྡུས་དོན་དང་། མེ་ཏྲི་པའི་གདམས་ངག་ཉེ་བར་བསྡུས་པ་ཕྲེང་བཞི། མེ་ཏྲི་པས་མཛད་པ་ལས་ཉེ་བར་བསྡུས་ཤིང་ཟབ་ཅིང་རྒྱ་ཆེ་བའི་འགྲེལ་པ་དྲིལ་བུ་པས་མཛད་པ། མཉྫྱུ་ཤྲི་སིདྷི་དང་། བློ་ལྡན་ཤེས་རབ་འགྱུར། མཚན་བརྗོད་འགྲེལ་པ་མཚན་དོན་གསལ་བར་བྱེད་པ་གཉིས་མེད་སྦས་པས་མཛད་པ། དྷརྨ་ཤྲི་མི་ཏྲ་དང་ལོཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོའི་འགྱུར་རྣམས་བཞུགས། གཉིས་པ་ལ། རིག་དྲུག་ཀ་མཉམ་པར་སྟོན་པའི་རྒྱུད་དང་། ཧེ་རུ་ཀའི་རིགས་དང་། རྟག་པའི་རིག་དང་། རྡོ་རྗེ་ཉི་མའི་རིགས་དང་། པད་མ་གར་དབང་གི་རིགས་དང་། རྟ་མཆོག་གི་རིགས་རྡོ་རྗེ་འཆང་གི་རིགས་དང་བདུན་དུ་གནས་པ་ལ། དང་པོ་ནི། སྔགས་རྙིང་མ་བ་རྣམས་ཀྱི་རྒྱུད་སྡེ་བཅོ་བརྒྱད་དུ་ཕྱེ་བའི་ཚེ་སྐུའི་རྒྱུད་དུ་གསུངས་པ་ལྟར་དེར་བཞུགས་སོ། གཉིས་པ་ལ་བདེ་ཆོག །ཀྱཻ་རྡོར། སངས་རྒྱས་ཐོད་པ། མ་ཧཱ་མ་ཡ། ཨ་ར་ལི་སྟེ་ལྔ་གསུངས་པ་ལས། དང་པོ་ལ་རྩ་རྒྱུད་དང་། བཤད་རྒྱུད། བསྒྲུབ་དཀྱིལ་སོགས་དང་། ཞར་ལ་ཕག་མོའི་སྐོར་རྣམས་སོ། །དང་པོ་ནི། ༼ཉ༽པ་ལ། མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ལེའུ་དང་པོའི་རྒྱས་འགྲེལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ་རྒྱ་གར་གྱིས་མཁས་པ་ཆེན་པོ་དཔལ་འབྱོར་ཞི་བ་དང་། ཅོག་གྲུ་ལོ་ཙྪ་བ་དགེ་སློང་ཏིང་འཛིན་བཟང་པོས་བསྒྱུར་བ་ལས། དུས་ཕྱིས་ཤོང་བློ་བརྟན་གྱིས་བཅོས་ཤིང་། སླར་ཡང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་བཅོས་པ་དང་། བསྒྲུབ་ཐབས་ཀྱི་གླིང་གཞི་ཞེས་བྱ་བ་ལ་བ་པས་མཛད་པ། མཁན་པོ་སུརྻ་གུཔྟ་དང་། འགོས་ལྷ་བཙས་འགྱུར། བསྒྲུབ་ཐབས་གནས་པའི་མན་ངག་ཐམས་ཅད་རྒྱ་ཆེར་བཤད་པ་ལྷ་སྦས་ཀྱིས་མཛད་པ་དང་འདི་གཉིས་གཅིག་ཏུ་སྣང་། དཀའ་འགྲེལ་ལང་ཀ་རྒྱལ་བཟང་གིས་མཛད་པ། གཉིས་ཀའི་བཤད་སྦྱར་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་དེ་ཉིད་དང་། ལོ་ཙྪ་བ་དར་མ་བློ་གྲོས་ཀྱི་འགྱུར་རྣམས་བཞུགས། ༼ཏ༽པ་ལ། བསྒྲུབ་ཐབས་ཀྱི་གླིང་གཞི་སློབ་དཔོན་ཀཾ་པ་ལས་བཤད་པ། བཻ་རོ་ཙ་ན་དང་གྱི་ཇོ་འགྱུར། རྣམ་འགྲེལ་ཡོན་ཏན་མ་ལུས་པའི་གནས་ཅེས་བྱ་བ་དཔལ་བོ་རྡོ་རྗེས་མཛད་པ། བ་རི་ལོ་ཙྪ་དང་། པཎྜྻི་ཏ་ཆོས་སྐྱོང་གི་འགྱུར། ཨིནྟྲ་བཱོ་དྷིས་མཛད་པའི་འགྲེལ་པ་རྣམས་སོ། །༼ཐ༽པ་ལ། དཀའ་འགྲེལ་རིན་པོ་ཆེའི་ཚོགས་དཀའ་རྒྱལ་ཟླ་བས་མཛད་པ། མཁན་པོ་ཏ་ར་ཤུ་ཀླ་དང་། དགེ་སློང་ཀུན་ཤྲིའི་འགྱུར། དཔའ་བོ་ཡིད་དུ་འོང་བ་སྐལ་ལྡན་གྲགས་པས་མཛད་པ། དྷརྨ་ཤྲི་བྷ་ཏྲ་དང་། ལོ་ཆེན་རིན་ཆེན་བཟང་པོའི་འགྱུར། དཀའ་འགྲེལ་བྷ་བ་བྷ་ཏྲས་མཛད་པ། མི་ཉམ་རྡོ་རྗེ་དང་བ་རི་འགྱུར། བསྡུས་དོན་གྱི་འགྲེལ་པ། ཇོ་བོ་རྗེ་དང་། ཁུ་སྟོན་དངོས་གྲུབ་ཀྱི་འགྱུར་རྣམས་བཞུགས། ༼ད༽པ་ལ། རྒྱས་འགྲེལ་ཚིག་དོན་རབ་ཏུ་གསལ་བ་དཔའ་བོ་རྡོ་རྗེས་མཛད་པའོ། །དེ་དག་རྩ་རྒྱུད་ཀྱི་སྐབས་སོ། གཉིས་པ་བཤད་རྒྱུད་དང་བསྒྲུབ་དཀྱིལ་སོགས་ཀྱིས་སྐོར་ལ། རྩ་རྒྱུད་ཀྱི་མན་ངག་ཐམས་ཅད་མངོན་ཞིང་ངེས་པར་བརྗོད་པའི་རྒྱུད་ཀྱི་འགྲེལ་པ་ཤུ་རམ་ག་མཛད་པ། ཟངས་སྐར་འཕགས་པ་ཤེས་རབ་ཀྱིས་འགྱུར་རྣམས་བཞུགས། ༼ན༽པ་ལ། འཁོར་ལོ་བདེ་མཆོག་གི་བསྒྲུབ་ཐབས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ། སོ་མ་ན་ཐའི་རང་འགྱུར། ཕྱི་རོལ་མཆོད་ཆོག་མདོར་བསྡུས་རྟག་པའི་རྡོ་རྗེས་མཛད་པ་སུ་མ་ཏི་ཀིཏྟི་དང་མར་དོ་འགྱུར། ཕག་མོའི་ལག་པ་མཆོད་པའི་ཆོ་ག་མཛད་པ་པོ་སོགས་གོང་དང་འདྲ། བདེ་མཆོག་གི་གཏོར་ཆོག་མཛད་པ་པོ་སོགས་འདྲ་བ་དང་། དཔའ་བོ་དྲུག་གི་མངོན་རྟོགས་ཀ་ན་ཀ་ཤྲིས་མཛད་པ་འགྱུར་འདྲ་བ་དང་། དཔའ་མོ་དྲུག་གི་མངོན་རྟོགས་འགྱུར་གོང་དང་འདྲ། ལུ་ཨི་པའི་མངོན་རྟོགས་ཀྱི་དཀའ་འགྲེལ་པྲཛྙྱ་རཀྵི་ཏས་མཛད་པ་དང་། མངོན་རྟོགས་ཀྱི་དཀའ་འགྲེལ་རྣམ་པར་འབྱེད་པ་ཇོ་བོ་རྗེས་མཛད་པ་དེ་ཉིད་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ལི་ཧི་པས་མཛད་པའི་བསྒྲུབ་ཐབས་མར་དོ་འགྱུར། མངོན་རྟོགས་གི་བཤད་པ་ཞེས་བྱ་བ་དང་། མངོན་རྟོགས་ཀྱི་འགྲེལ་པ་སྡོམ་པ་འབྱུང་བ་བདེ་བའི་རྡོ་རྗེས་མཛད་པ་བི་བྷུ་ཏིའི་རང་འགྱུར། མངོན་རྟོགས་ཀྱིས་འགྲེལ་པ་ཁྱད་པར་གསལ་བྱེད་དེ་བཞིན་གཤེགས་པའི་རྡོ་རྗེས་མཛད་པ་སྔ་འགྱུར་འདྲ་བ་ལས་ཁྲོ་ཆུ་ལོ་ཙྪས་དག་པར་བཅོས་པ་དང་། བདེ་མཆོག་བཅུ་གསུམ་མའི་མངོན་རྟོགས་རབ་ཏུ་དགའ་བའི་རྡོ་རྗེས་མཛད་པ་དང་། མངོན་རྟོགས་ཀྱི་མན་ངག་འཁྲུལ་སྤོངས་ཨ་བྷྱ་ཀ་རས་མཛད་པ་ད་ན་ཤི་ལའི་རང་འགྱུར། དབང་རབ་བྱེད་ཨ་བྷྱས་མཛད་པ་དང་། དྲིལ་བུ་པའི་གཞུང་ལྔ་ཡོང་གྲག་གཞུང་གསུམ་ཟེར་ན། བདེ་ཆོག་ལྷ་ལྔའི་བསྒྲུབ་ཐབས་སུ་མ་ཏི་ཀིཏྟི་དང་། མར་དོ་འགྱུར། ལུས་དཀྱིལ་རཏྣ་རཀྵི་ཏ་དང་། ཆག་འགྱུར། དབང་གི་བྱ་བའི་རིམ་པ་མདོར་བསྡུས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱི་འགྱུར། རིམ་པ་ལྔ་པ། སུ་མ་ཏི་ཀིཏྟི་དང་། བློ་ལྡན་ཤེས་རབ་ཀྱི་འགྱུར། བདེ་མཆོག་ཕྱག་གཉིས་པའི་བསྒྲུབ་ཐབས་རཏྣ་རཀྵི་དང་། ཆག་འགྱུར་སྟེ་ལྔའོ། །ལྷན་སྐྱེས་ཨ་བྷྱས་མཛད་པ། རིམ་ལྔའི་འགྲེལ་པ་སངས་རྒྱས་འབྱུང་གནས་ཆེན་པོ་དང་འགོས་འགྱུར། ནག་པོ་པས་མཛད་པའི་བསྒྲུབ་ཐབས། ངག་གི་དབང་ཕྱུག་དང་། མར་དོ་འགྱུར། དཀྱིལ་འཁོར་དྷརྨ་ཤྲི་བྷ་ཏྲས་དང་། ལོ་ཆེན་འགྱུར། སྦྱིན་སྲེག་དྷརྨཱ་ཤྲི་བྷ་ཏྲ་དང་། དགེ་སློང་རིག་པ་གཞོན་ནུའི་གྱུར་རོ། །སྦྱིན་བསྲེགས་འཇམ་པའི་རྡོ་རྗེས་མཛད་པ། འདི་བོད་ཡིན་ཀྱང་བྲིས་ཟིན་ནས་བཞག །དཔྱིད་ཀྱི་ཐིག་ལེ། སུ་མ་ཏི་ཀིཏྟི་དང་། མར་དོ་འགྱུར། གསང་བའི་དེ་ཁོ་ན་ཉིད་གྷ་ཡ་དྷ་ར་དང་། འགོས་འགྱུར་ལས་སླར་ཡང་སུ་མ་ཏི་ཀིརྟ་དང་། མར་དོ་འགྱུར། རིམ་པ་བཞི་པ་འགྱུར་གོང་དང་འདྲ། རིམ་པ་བཞི་པའི་རང་འགྲེལ་འབྲོ་ཤེས་རབ་གྲགས་ཀྱི་འགྱུར། སྒྲོན་མ་བཞི་ཅེས་བྱ་བ་མན་ངག་གི་ཊིཀྐ་ཤི་དྷ་ར་ཉིད་ཀྱི་བརྩམས་ཏེ་བསྒྱུར་བ་སྟེ་དེ་རྣམས་ནག་པོ་པས་མཛད་པས་སོ། །སྒྲོན་མ་བཞིའི་དཀའ་འགྲེལ་རིན་ཆེན་རྡོ་རྗེས་མཛད་པ་ཤྲི་དྷ་རས་བསྒྱུར་ཅིང་ཞུས་པ་རྣམས་བཞུགས། ༼པ༽པ་ལ། བསྒྲུབ་ཐབས་ཐུབ་དཀའ་ཟླ་བས་མཛད་པ་བདུད་རྩི་འཛག་པ། བདེ་མཆོག་ཤེས་པར་བྱེད་པ་ཞེས་བྱ་བ་བྱང་ཆུབ་རྡོ་རྗེས་མཛད་པ། བཛྭ་ཤྲི་བོ་དྷི་དང་དགེ་བའི་བློ་གྲོས་ཀྱིས་འགྱུར། སྒྲུབ་ཐབས་ལང་ཀ་རྒྱལ་བཟང་གིས་མཛད་པ། དོན་ཡོད་རྡོ་རྗེ་དང་། རིན་ཆེན་གྲགས་ཀྱི་འགྱུར། ཧེ་རུ་ཀའི་བསྒྲུབ་ཐབས་མདོར་བསྡུས་བྲམ་ཟེ་བྷྲིཾ་ག་རས་མཛད་པ། བཅུ་གསུམ་མ་དང་། ལྷ་ལྔའི་བསྒྲུབ་ཐབས་ཏི་པཾ་ཀ་ར་ཤྲི་ཛྙྱ་ནས་མཛད་པ་དེ་ཉིད་དང་། ལོ་ཆེན་འགྱུར། ཧེ་རུ་ཀ་ལྷ་རེ་གཉིས་པའི་བསྒྲུབ་ཐབས་རིན་ཆེན་རྡོ་རྗེས་མཛད་པ་དྷརྨ་ཤྲི་བྷ་ཏྲ་དང་། རིན་ཆེན་བཟང་པོའི་འགྱུར། བསྒྲུབ་ཐབས་ཉིན་མོར་མཛད་ཀྱིས་མཛད་པ། ཤྲི་སུ་བྷུ་ཏི་ཤན་ཏི་དང་། དགེ་བློའི་འགྱུར། དཀྱིལ་ཆོག་ཡིད་འོང་ཕྲེང་བ་དཔའ་བོ་རྡོ་རྗེས་མཛད་པ། དཀྱིལ་མཆོག་བྷུ་བ་བློ་ལྡན་གྱིས་མཛད་པ། དཀྱིལ་ཆོག་རྒྱ་གུ་བརྒྱ་པ་ལང་ཀ་རྒྱལ་བཟང་གིས་མཛད་པ། པཎྜྻི་ཏ་འཇམ་དཔལ་དང་། བ་རིའི་འགྱུར། དཀྱིལ་ཆོག་དེ་བཞིན་གཤེགས་པའི་རྡོ་རྗེས་མཛད་པ་བྷི་བྷུ་ཏི་ཙནྟྲའི་རང་འགྱུར་རྣམས་ལྟ་ཏེ་གཉིས་པ་འོ། །བདེ་མཆོག་གི་དབང་གི་ཆོ་གའི་རབ་བྱེད་བདེ་བའི་རྡོ་རྗེས་མཛད་པ། ཤྲི་བ་ར་ཧེ་ཏ་དང་། དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་འགྱུར། ལཱ་བ་པས་མཛད་པའི་བཅུ་གསུམ་མའི་སྒྲུབ་ཐབས་དང་། དཀྱིལ་ཆོག་གཉིས་སུ་མ་ཏི་ཀཏྟི་དང་མར་དོ་འགྱུར། བཅུ་གསུམ་མའི་བསྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ། སློབ་དཔོན་ཤ་བ་རི་པའི་རིམ་པ་བྷ་རན་ཏྲ་རུ་རྩེ་དང་། རྨ་བན་ཆོས་འབར་འགྱུར། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་བཤད་སྦྱར་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་དེ་ཉིད་དང་། དྷརྨ་ཀིཏྟིའི་འགྱུར། གསང་བ་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པ་ཡང་དག་ལམ་སྟོན། ཌོམྦྷི་པས་མཛད་པ། རིན་ཆེན་རྡོ་རྗེ་དང་། འབྲོག་འགྱུར། རྩ་རྒྱུད་ཀྱི་མཚམས་སྦྱར་ནཱ་རོ་པའི་རྗེས་སུ་འབྲང་པ་སུ་མ་ཏི་ཀིཏྟིས་མཛད་པ་དེ་ཉིད། གྲགས་འབྱོར་ཤེས་རབ་འགྱུར། སྡོམ་པ་བཤད་པ་ནག་པོ་པས་མཛད་པ་འོར་སྟོན་ཆོས་འབྱུང་གི་འགྱུར། རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་དཀའ་འགྲེལ་དེ་ཉིད་རབ་ཏུ་བསྟན་པ་ནོར་བཟང་གིས་མཛད་པ། གྷ་ཡ་དྷ་ར་དང་། གྱི་ཇོ་འགྱུར། ༼ཕ༽པ་ལ། རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་འགྲེལ་པ་བྷ་བ་བྷ་ཏྲས་མཛད་པ། གྷ་ཡ་དྷ་ར་དང་། འགོས་འགྱུར། རྡོ་རྗེ་མཁའ་འགྲོའི་བསྒྲུབ་ཐབས་བྱང་སེམས་ཀུན་ཏུ་གཟིགས་པའི་ཕྲེང་བ་ཤྲི་ཀ་ར་ཡ་དང་། འགོས་འགྱུར། རྡོ་རྗེ་མཁའ་འགྲོའི་དཀྱིལ་ཆོག་དཔའ་བོ་རྡོ་རྗེས་མཛད་པ་རྣམས་བཞུགས་སོ། །༼བ༽པ་ལ། བདེ་མཆོག་དང་ཆ་མཐུན་གྱི་རྒྱུད་མཁའ་འགྲོ་རྒྱ་མཚོའི་སྐོར་ལ་རྒྱུད་ཀྱི་འགྲེལ་པ་གྲུ་གཟིང་པད་མ་བཛྭ་གྱིས་མཛད་པ། མཁས་པ་ཛ་ཡ་སེ་ནས་མཛད་པའི་རིན་ཆེན་སྣ་བདུན་ལ། སྒྲུབ་ཐབས་རིན་པོ་ཆེ་པད་མ་ར་གའི་གཏེར། སུམ་པ་དར་མ་ཡོན་ཏན་གྱི་འགྱུར་རྣམས་བཞུགས། ༼མ༽པ་ལ། དཀྱིལ་ཆོག་རིན་པོ་ཆེ་དབང་གི་རྒྱལ་པོའི་མཛོད། ཡེ་ཤེས་རྡོ་རྗེའི་འགྱུར། བསྟོད་པ་རྐང་པ་བཞི་བཅུ་རྩ་བརྒྱད་པ་ཤྲི་ཛ་ཡ་སེ་ན་དང་། དར་མ་ཡོན་ཏན་གྱི་འགྱུར། གཏོར་མའི་ཆོ་ག་རིན་པོ་ཆེ་ཨསྨ་གརྦྷ་དང་། བླ་མའི་མཎྜྻལ་རིན་པོ་ཆེ་མར་གད། སྦྱིན་སྲེག་གི་ཆོ་ག་རིན་པོ་ཆེ་མེ་ཤེལ་སྟེ་གསུམ་པོ་ཡེ་ཤེས་རྡོ་རྗེའི་འགྱུར། འདིར་རབ་གནས་དང་། ཚོགས་འཁོར་གཉིས་བཙལ་དགོས། སྡོམ་འབྱུང་གི་རྒྱུད་ཀྱི་འགྲེལ་པ་པད་མ་ཅན་རད་ན་རཀྵི་ཏས་མཛད་པ་ཐམས་ཅད་མཁྱེན་པ་དང་དཔལ་བཟང་པོས་རང་འགྱུར་དུ་མཛད་པ་ལས། སླར་ཡང་བློ་བརྟན་གྱིས་བསྒྱུར་བ་དང་། སྡོམ་འབྱུང་གི་དཀྱིལ་ཆོག་རད་ན་རཀྵི་ཏས་མཛད་པ་ཐམས་ཅད་མཁྱེན་པ་དཔལ་བཟང་པོས་རང་འགྱུར་དུ་མཛད་པ་ལས། སླར་ཡང་རད་ན་རཀྵི་ཏ་དང་པཎྜྻི་ཏ་མ་ཎི་ཀ་ཤྲི་ཛྙྱ་ནའི་ཞལ་སྔ་ནས། ཆག་ལོ་ཙྪས་བཅོས་པ་དང་། བདེ་མཆོག་ནམ་མཁའ་དང་མཉམ་པའི་སྒྲུབ་ཐབས་རྡོ་རྗེ་མཚོན་ཆས་མཛད་པ། ཁ་ཆེ་ཛྙྱ་ན་བཛྭ་རང་འགྱུར། བདེ་མཆོག་ལྷ་ལྔའི་བསྒྲུབ་ཐབས། མཎྜྻལ་གྱི་ཆོ་ག ནང་གི་མཆོད་ཆོག །སྦྱིན་སྲེག་གི་ཆོ་ག །ཞི་བའི་སྦྱིན་སྲེག་རྣམས་ནཱ་རོ་པས་མཛད་པ་རྣམས་དང་། ཡིག་གེ་བདུན་པ་ལྷ་བདུན་གྱི་བསྒྲུབ་ཐབས་ནག་པོ་པས་མཛད་པ། མཁན་པོ་ངག་གི་དབང་ཕྱུག་དང་། ཀློག་སྐྱ་ཤེས་རབ་རྩེགས་དང་མར་དོ་འགྱུར། ཡིག་གེ་བདུན་པ་ལྷ་བདུན་གྱི་སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ། མར་དོ་འགྱུར། ཡིག་གེ་བདུན་པའི་བསྒྲུབ་ཐབས་ལྷ་བདུན་མ་རྒྱལ་དཀའ་ཟླ་བས་བཏུས་པ་དང་། བདག་བྱིན་བརླབས་པ་རི་ཁྲོད་ཆེན་པོའི་གསུང་མེ་ཉག་ལོཙྪའི་འགྱུར། བདག་བྱིན་བརླབས་པ་རི་ཁྲོད་ཆེན་པོའི་གསུང་ཕྲེང་བཞི། རང་བྱིན་བརླབས་པའི་མན་ངག་མ་ཚང་བ། བདེ་མཆོག་གི་བསྒྲུབ་ཐབས་སློབ་དཔོན་འི་པས་མཛད་པ། དེ་ཁོ་ནའི་སྙིང་པོ་ཞེས་བྱ་བའི་བསྒྲུབ་ཐབས་དར་བྱེད་གོ་ཆས་མཛད་པ་ཁ་ཆེ་བི་ན་ཡ་ཀ་དང་རྔོག་འགྱུར། བདེ་མཆོག་དཔའ་གཅིག་ཞལ་ཕྱག་རྫོགས་པའི་བསྒྲུབ་ཐབས་ལོ་ཧི་པས་མཛད་པ། དྷརྨ་ཤྲི་བྷ་ཏྲ་དང་ལོ་ཆེན་འགྱུར་ལས། ཆག་དགྲ་བཅོམ་གྱི་འགྱུར། གཞན་ཡང་དཔའ་གཅིག་གི་སྒྲུབ་ཐབས་ལ། རིན་ཆེན་རྡོ་རྗེས་མཛད་པ། རབ་འབྱོར་ཞི་བ་དང་། ཏིང་འཛིན་བཟང་པོའི་འགྱུར། གརྦྷ་རིས་མཛད་པ། མ་ཎི་ཀ་ཤིས་མཛད་པ། པྲཛྙྱ་ཀིརྟི་དང་། སུ་མ་ཏི་ཀིཏྟི་དང་། མར་དོ་འགྱུར། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་དེ་ཉིད་དང་། ནག་ཚོ་འགྱུར། ཌོཾ་བྷི་ཧེ་རུ་ཀས་མཛད་པ་འགྱུར་གོང་དང་འདྲ་བ་རྣམས་སོ། །རབ་གནས་ཀྱི་ཆོ་ག་ནག་པོ་པས་མཛད་པ། འདི་ཀྱེ་རྡོར་དུ་སྣང་། བདེ་མཆོག་གི་རབ་གནས་གཉིས་མེད་རྡོ་རྗེས་མཛད་པ་བཛྭ་པ་ཎི་དང་། ཆོས་འགྱུར། རབ་གནས་ཆོ་ག་ཐུན་མོང་བ་སུ་མ་ཏི་ཀིརྟིས་མཛད་པ། ཚོགས་འཁོར་ཆོ་ག་ནག་པོ་པས་མཛད་པ། སྦྱིན་སྲེག་གི་ཆོ་ག་དྷརྨ་ཤྲི་བྷ་ཏྲ་དང་། རིག་པ་གཞོན་ནུའི་འགྱུར། སྦྱིན་བསྲེག་གི་ཆོ་ག་བྲམ་ཟེ་ཆེན་པོས་་མཛད་པ་རབ་འབྱོར་ཞི་བ་དང་། ཏིང་འཛིན་བཟང་པོའི་འགྱུར། རོ་སྲེག་གི་ཆོ་ག་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། རིག་ལྡན་མའི་དེ་ཁོ་ན་ཉིད་ངེས་པ་ཨུ་རྒྱན་དུ་གྲུབ་པས་མཛད་པ་ཏི་པཾ་ཀ་རའི་འགྱུར། གཞོན་ནུ་མའི་མཆོད་ཆོག་སྟོང་ཉིད་སྙིང་རྗེ་ཏིང་འཛིན་གྱིས་མཛད་པ་བྷི་བྷུ་ཏི་ཙནྟྲའི་རང་འགྱུར། བདུད་རྩི་ལྔ་ཡི་ལུས་གྲུབ་པའི་ཐབས་བྷི་བྷུ་ཏི་ཙནྟྲས་ཕྱག་རྡོར་དང་། ལ་བ་པའི་འགྲེལ་པ་ནས་ཕྱུང་སྟེ་མཛད་པ་དེ་ཉིད་ཀྱི་རང་འགྱུར། ཐོད་པ་མཆོད་ཆོག །གཏོར་མ་བྱིན་བརླབས། གཏོར་མས་མཆོད་ཆོག་རྣམས་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་དེ་ཉིད་དང་། ལོ་ཆེན་འགྱུར། ཨོ་ཊི་ཡ་ནའི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་རང་བྱུང་གི་ལོངས་སྤྱོད་དུར་ཁྲོད་ཀྱི་རྟོག་པ་བིར་ཝ་པས་བསྡུས་པ་པྲཛྙྱ་ཀིཏྟིའི་རང་འགྱུར། བཟང་སྦྱིན་གྱིས་མཛད་པའི་ཚོགས་འཁོར་ཆོ་ག །ཤཱཀྱ་ཤྲི་བྷ་ཏྲ་དང་། ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། འདུ་བ་བསྒྲག་པ་ཌོམྦྷི་པས་མཛད་པ་པྲཛྙྱ་ཤྲི་ཛྙྱ་ནའི་རང་འགྱུར། ལས་རྒྱ་བརྟག་པ་རྣལ་འབྱོར་མའི་རྒྱུད་ཆེན་པོ་ནས་ཨ་མོ་གྷ་བཛྭས་ཕྱུང་བ་དེ་ཉིད་དང་། འགོས་འགྱུར། རྗེས་ཆགས་ཀྱི་སྦྱོར་བས་དེ་ཁོ་ནའི་རྣལ་འབྱོར་ལ་འཇུག་པའི་མན་ངག་དོན་ཡོད་རྡོ་རྗེས་མཛད་པ་དང་། དབང་ཆོས་རྟེན་འབྲེལ་གྱི་འགྲོ་ལྡོག་ནཱ་རོ་པས། ཏེ་པུ་པ་དང་། རྨ་འགྱུར། དུག་ལྔ་སྤངས་པ་འཕགས་པ་ལྷས་མཛད་པ། སྙིང་པོ་རིར་བསྒྲུབ་པ་ཛ་ལན་དྷ་རིས་མཛད་པ་དང་། ལྷན་སྐྱེས་དེ་ཉིད་སྣང་བ་དཔག་མེད་རྡོ་རྗེས་མཛད་པ། ཏི་པཾ་ཀ་ར་རཀྵི་ཏ་དང་། མར་དོ་འགྱུར། བསམ་གཏན་གྱི་མན་ངག་རྣལ་འབྱོར་གྱི་གཏུམ་མོ་དགེ་བའི་མགོན་པོས་མཛད་པ། བལ་པོ་ཝ་ཀི་ཤྭ་དང་། མར་དོ་འགྱུར། སྙིང་པོའི་དེ་ཉིད་བསྡུས་པ་ཀུ་སུ་ལུ་པས་མཛད་པ། འགྱུར་གོང་དང་འདྲ་བ་དང་། དེ་ཁོ་ན་ཉིད་ཀྱི་མན་ངགས་ཀུ་སུ་ལུ་པས་མཛད་པ། ཁ་ཆེ་བྷ་ཏྲ་བོ་དྷི་དང་། མར་དོ་འགྱུར། ལྷན་ཅིག་སྐྱེས་པའི་དེ་ཉིད་སྣང་བ་ཀུ་སུ་ལུས་མཛད་པ་ཁ་ཆེ་དེ་བ་ཨ་ཀ་ར་ཙནྟྲ་ཀིརྟིའི་རང་འགྱུར་རྣམས་བཞུགས་སོ། །ཞར་ལ་རྡོ་རྗེ་རྣལ་འབྱོར་མའི་སྐོར་ལ། ༼ཙ༽པ་ལ། མཆོག་ཏུ་སྦས་པ་ཀེང་རུས་ཏ་ར་ནའི་རིམ་པ་རྡོ་རྗེ་རྣལ་འབྱོར་མའི་བསྒྲུབ་ཐབས་བདག་བྱིན་གྱིས་བརླབས་པ་རྡོ་རྗེ་གདན་ན་བཞུགས་པ་ལྷ་འདྲེ་བྲན་དུ་འཁོལ་བའི་སློབ་དཔོན་ཆེན་པོ་རྒྱ་ཡིས་མཛད་པ། དེའི་འགྲེལ་པ་གཞན་ལ་ཕན་པ་ཞེས་བྱ་བ་ཀུ་མ་ར་བྷོ་དིས་མཛད་པ། ཞིང་གི་དབང་ཕྱུག་མ་མཆོད་པའི་རིམ་པ་པ་ར་ཧེ་ཏ་དང་། ཤེས་རབ་རྒྱལ་མཚན་གྱི་འགྱུར། རྣལ་འབྱོར་མའི་བསྒྲུབ་ཐབས་ནཱ་རོ་ཏ་པས་མཛད་པ། སུ་མ་ཏི་ཀིརྟི་དང་། པྲཛྙྱ་ཀིརྟིའི་འགྱུར། རྣལ་འབྱོར་མའི་བསྒྲུབ་ཐབས་མངོན་རྟོགས་ཀྱི་སྙེ་མ་ད་ན་ཤི་ལའི་རང་འགྱུར། ཕག་མོའི་བསྒྲུབ་ཐབས་བྱང་སེམས་རྒྱལ་པོ་སེང་གེའི་གདན་ཅན་ཁྱབ་འཇུག་སྦས་པས་སྦྱར་བ། འཇིག་མེད་ལྷ་དང་པྲཛྙྱ་ཀིཏྟིས་བསྒྱུར་བ། དཔའ་མོ་གཅིག་པའི་བསྒྲུབ་ཐབས། རྡོ་རྗེ་ཕག་མོའི་བསྒྲུབ་ཐབས་པྲཛྙྱ་བྷ་ཏྲས་མཛད་པ་ཨུ་རྒྱན་ནས་བྱུང་བའི་རྡོ་རྗེ་ཕག་མོའི་བསྒྲུབ་ཐབས་གཉིས་མར་དོ་འགྱུར། ཕག་མོའི་བསྒྲུབ་ཐབས་དྲིལ་བུ་པས་མཛད་པ། རྣལ་འབྱོར་མའི་བསྒྲུབ་ཐབས་ཛ་ལན་དྷ་རི་པས་མཛད་པ། ཇོ་བོ་རྗེས་མཛད་པ། རི་ཁྲོད་དབང་ཕྱུག་གིས་མཛད་པ། ཨིནྟྲ་བོ་དྷིས་མཛད་པ། ཕག་མོ་དཀར་མོའི་བསྒྲུབ་ཐབས་ཀང་ཀས་མཛད་པ། ཡང་ཕག་དཀར་མའི་བསྒྲུབ་ཐབས། སྔགས་ཀྱི་བྱིན་བརླབས་ཨིནྟྲ་བོ་དྷིས་མཛད་པ། ཕག་མོ་བརྟག་པ་དོན་ཐམས་ཅད་གྲུབ་པ་དང་། སྦྱིན་བསྲེག་གི་དེ་ཉིད། བསྒྲུབ་ཐབས་ལེག་སྨིན་ཀ་རས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་དྷ་རི་ཀ་པས་མཛད་པ། ད་ན་ཤི་ལའི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་མན་ངག་མཛད་པ་པོ་སོགས་གོང་དང་འདྲ། བསྒྲུབ་ཐབས་མེ་ཏྲི་པས་མཛད་པ། མཆོད་ཆོག་བ་རི་བས་མཛད་པ། མངོན་པའི་ཀུ་མ་དའི་གདམས་པ་དང་། གྲུབ་ཐོབ་རྔོན་པས་མཛད་པའི་མཁའ་སྤྱོད་མ་དམར་པོའི་བསྒྲུབ་ཐབས། སློབ་མ་རྗེས་བཟུང་གི་ཆོ་ག་དང་། ཚོགས་འཁོར་ཆོ་ག་གཉིས་ཤ་བ་རིས་མཛད་པ། ཕག་མོའི་བསྒྲུབ་ཐབས་དོན་ཐམས་ཅད་གྲུབ་པ་དང་། ཡང་ཕག་མོའི་བསྒྲུབ་ཐབས་གཉིས་ཨ་ཝ་དྷུ་ཏི་གཉིས་མེད་རྡོ་རྗེས་མཛད་པ། རྡོ་རྗེ་ཕག་མོ་ལ་སོགས་པ་མཆོད་སོགས་མདོར་བསྡུས་བཛྭ་པཱ་ཎི་དང་མཚུར་དབང་ངེའི་འགྱུར། སློབ་མ་རྗེས་གཟུང་། གཏོར་མའི་ཆོ་ག་སོགས་དང་། ཡེ་ཤེས་དབབ་པ། ཡེ་ཤེས་འཕོ་བའི་རིམ་པ་ཨ་ཝ་དྷུ་ཏིས་མཛད་ཅིང་། ལག་མཆོད། མཆོད་ཆོག་དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་དེ་ཁོ་ན་ཉིད་བཤད་པ་བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་མཛད་པ། པཎྜྻི་ཏ་མཉྫྱུ་ཤྲི་དང་ཉི་མ་རྒྱལ་མཚན་གྱི་འགྱུར། ཧེ་རུ་ཀ་མངོན་འབྱུང་གི་དཀའ་འགྲེལ་ཟླ་བ་གཞོན་ནུས་མཛད་པ་མཁན་པོ་ཏ་ཐཱ་ག་ཏ་རཀྵི་ཏའི་ཞལ་སྔ་ནས། ལོཙྪ་བ་དར་མ་བློ་གྲོས་ཀྱི་འགྱུར། ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་ཤིནྟི་པས་མཛད་པ། པཎྜྻི་ཏ་ཤུ་ནྱ་ཏ་ས་མ་ཏི་དང་། ཤེས་རབ་ཡེ་ཤེས་ཀྱི་འགྱུར། གསང་ཆེན་པད་མའི་རྒྱ་ཆེན་འགྲེལ་པ་ཁ་ཆེ་ལོངས་སྤྱོད་རྡོ་རྗེས་མཛད་པ་དེ་ཉིད་ཀྱི་འགྱུར། ཕག་མོ་མངོན་བྱུང་ལྷ་སོ་བདུན་མ་ཨུ་མ་པ་ཏི་ཏྲས་མཛད་པ། མཁན་པོ་ཝ་ཏི་པ་དང་ཆོས་རབ་ཀྱི་འགྱུར། དེའི་དཀྱིལ་ཆོག་མཛད་པ་པོ་སོགས་འདྲ་བ་དང་། ནཱ་རོ་མཁའ་སྤྱོད་ཀྱི་གཞུང་ནཱ་རོ་པས་མཛད་པ་དང་། མཱཻ་ཏྲི་མཁའ་སྤྱོད་ཀྱི་བསྒྲུབ་ཐབས་དང་རྗེས་གནང་རྒྱལ་བའི་སྡེ་མིང་གཞན་ཁང་པས་མཛད་པ་དང་། ཕག་མོ་ལས་བཅུའི་བསྒྲུབ་ཐབས་སློབ་མ་རྗེས་བཟུང་དང་བཅས་པ། སྔགས་ཀྱི་དེ་ཉིད་རྣམས་ཨིནྟྲ་བྷུ་ཏིས་མཛད་པ། སློབ་མ་རྗེས་བཟུང་ཕྱིར་ཟློག་གི་ཆོ་ག་དང་བཅས་པ་བྷ་རན་ཏྲ་རུ་ཙེས་མཛད་པ། ཡེ་ཤེས་རྡོ་རྗེའི་འགྱུར། ཕག་མོ་རིན་ཆེན་རྒྱན་གྱི་སྒྲུབ་ཐབས་ཚན་པ་གཉིས་དང་། ཕག་མོ་བརྡ་བཞིའི་གཞུང་ཇོ་བོས་མཛད་པ་དེ་ཉིད་དང་། རྒྱ་བརྩོན་སེང་གེ་འགྱུར། རུ་སྦལ་ཞབས་ཀྱི་བསྒྲུབ་ཐབས་ཨ་ནན་ཏ་ཀ་རའི་ཞལ་སྔ་ནས་དཔྱལ་ཆོས་བཟང་གི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་གསང་བསྒྲུབ། ཞལ་གཟིགས་ཀྱི་བསྒྲུབ་ཐབས། ཉེ་བསྒྲུབ་གསང་བསྒྲུབ་ཡིད་བཞིན་ནོར་བུ། སྐུ་གསུང་ཐུགས་རྒྱུན་མཛད་མའི་བསྒྲུབ་ཐབས་རྣམས་ནཱ་རོ་པས་མཛད་པ་དེ་ཉིད་དང་། ཆོས་བློ་འགྱུར། ཕག་མོ་གཞུང་དྲུག་གི་ཞལ་གཉིས་མ་ཆུང་བའི་བསྒྲུབ་ཐབས། མཁན་པོ་བསོད་ནམས་འབྱུང་གནས་འགྱུར། དབུ་བཅད་མའི་བསྒྲུབ་ཐབས་ཆེ་ཆུང་གཉིས་བིར་ཝ་པས་མཛད་པ། བྷ་རན་ཏྲ་རུ་རྩེ་དང་། འདི་གསུམ་རྨ་ཆོས་འབར་འགྱུར། ཤེས་རབ་གསལ་བྱེད་མའི་བསྒྲུབ་ཐབས། དབང་དུ་བྱ་བ། བསྟོད་པ་རྣམས་ཀཾ་ཀ་ན་པ་ཏས་རིན་ཆེན་སྲུང་བ་དང་། གྲུབ་པ་དཔལ་བཟང་པོའི་འགྱུར་སྟེ་བདེ་མཆོག་གི་སྐོར་རྣམས་སོ། གཉིས་པ་ཀྱཻ་རྡོར་གྱི་སྐོར་ལ། རྩ་རྒྱུད་ཀྱི་སྐབས་ནི། ཀྱཻའི་རྡོ་རྗེའི་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ། མཁན་པོ་ད་ན་ཤི་ལ་དང་། འབྲོ་སེང་དཀར་ཤཱཀྱ་འོད་སོགས་ཀྱི་འགྱུར་ལས་དཔང་ལོས་དག་པར་བཅོས་པ་རྣམས་བཞུགས། ༼ཚ༽པ་ལ། དེའི་སྨད་མཻ་ཏྲ་པ་ལས་མཉན་ཏེ་འགྲོ་ཤེས་རབ་གྲགས་ཀྱིས་འགྱུར། དཀའ་འགྲེལ་ནཱ་རོ་པས་མཛད་པ་ཤཱཀྱ་ཤྲི་བཟང་པོའི་ཞལ་སྔ་ནས། ལོཙྪ་བ་ཆོས་ཀྱི་བཟང་པོ་དང་དཔང་ལོའི་འགྱུར། དཀའ་འགྲེལ་རྡོ་རྗེའི་ཚིག་བསྡུས་ཀ་མ་དྷེ་ནུས་མཛད་པ། མཁན་པོ་བི་ན་ཡ་དེ་བ་དང་། ལོཙྪ་བ་ཆོས་ཤེས་ཀྱིས་འགྱུར། དཀའ་འགྲེལ་པད་མ་ཅན་མཚོ་སྐྱེས་ཀྱིས་མཛད་པ། མཁན་པོ་ཀྵི་ཏི་གརྦའི་ཞལ་སྔ་ནས། ལོཙྪ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་བ། དཀའ་འགྲེལ་ཀུ་མུ་ཊི་མི་ཐུབ་ཟླ་བས་མཛད་པ། པྲཛྙྱ་ཨིནྟྲ་ཏུ་ཙི་དང་། ཤཱཀ་ཡེའི་འགྱུར་རྣམས་བཞུགས། ༼ཛ༽པ་ལ། དཀའ་འགྲེལ་དྲན་པའི་འབྱུང་གནས་ནག་པོ་པས་མཛད་པ། མཁན་པོ་སྐལ་ལྡན་དགའ་བ་དང་། འགོས་ལྷ་བཙས་འགྱུར། འགྲེལ་བཤད་ཁ་སྦྱོར་དྲི་མ་མེད་པ་དམ་ཀ་དྷ་ཤས་མཛད་པ་ཧྶྭི་ར་མ་ཏིའི་འགྱུར་རྣམས་བཞུགས། ༼ཝ༽པ་ལ། ཤནྟི་པས་མཛད་པའི་འགྲེལ་པ་མུ་ཏིག་ཕྲེང་བ་ཨ་ཝ་དྷུ་ཏི་པ་དང་། ཤཱཀྱ་བརྩོན་འགྲུས་ཀྱིས་འགྱུར། རྣམ་འགྲེལ་བྷ་ཝ་བྷ་ཏྲས་མཛད་པ། མཁན་བུ་ར་ན་ཀིརྟི་དང་། ལོཙྪ་བ་བསོད་ནམས་རྒྱལ་མཚན་གྱིས་འགྱུར། དཀའ་འགྲེལ་སྤྱན་འབྱེད་སྒྲོན་མ་དྷརྨ་ཀིརྟིས་མཛད་པ་རྣམས་བཞུགས་སོ། །༼ཞ༽པ་ལ། དཀའ་འགྲེལ་རིན་པོ་ཆེའི་སྦྱོར་བའི་ཕྲེང་བ་དམ་ཚིག་རྡོ་རྗེས་མཛད་པ། པཎྜྻི་ཏ་ཆེན་པོ་ནག་པོའི་ཞལ་སྔ་ནས་དང་། འགོས་འགྱུར། རྩ་རྒྱུད་ཀྱི་སྐབས་སོ། །བསྒྲུབ་དཀྱིལ་གྱི་སྐོར་ལ། ཀྱེའི་རྡོ་རྗེའི་བསྒྲུབ་ཐབས་མཚོ་སྐྱེས་ཀྱིས་མཛད་པ། གྷ་ཡ་དྷ་ར་དང་། འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཌོམ་བྷི་པས་མཛད་པའི་བདག་མེད་མའི་མན་ངག་བདུད་རྩི་འོད་ཀྱི་བསྒྲུབ་ཐབས་འགྱུར་གོང་དང་འདྲ་བ་དང་། ཚོགས་འཁོར་ཆོ་ག །འདུ་བ་བསྒྲགས་པ། དེ་ཁོ་ན་ཉིད་བཅུ་པ་ཇོ་བོ་དང་། དགེ་བློ་འགྱུར། ལྷན་ཅིག་སྐྱེས་གྲུབ་འབྲོག་མི་འགྱུར་རྣམས་ཌོམ་བྷི་ཧེ་རུ་ཀས་མཛད་པའོ། །ཚོགས་འཁོར་དམ་ཚིགས་ལྔ་པ་དང་། མར་མེའི་རྩེ་མོ་ལྟ་བུའི་གདམས་པ་མཚོ་སྐྱེས་ཀྱིས་མཛད་པ་ཕྱི་མ་འབྲོག་མི་འགྱུར། བསྒྲུབ་ཐབས་ཡན་ལག་དྲུག་པ། གཏོར་མའི་ཆོ་ག་གཉིས་མི་ཐུབ་ཟླ་བས་མཛད་པ་འབྲོག་མི་འགྱུར། བསྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ་ནག་པོ་པས་མཛད་པ། ནག་ཙོ་འགྱུར། དཀྱིལ་ཆོག་ནག་པོ་པས་མཛད་པ་དེ་ཉིད་དང་། ཆོས་ཤེས་འགྱུར། བསྒྲུབ་ཐབས་རྣམ་པར་དག་པའི་གཏེར་མཻ་ཏྲི་པས་མཛད་པ། ཨ་དྷུ་ལྱ་དྷ་ས་བཛྭ་དང་། མར་དོ་འགྱུར། བསྒྲུབ་ཐབས་རིན་ཆེན་འབར་བ་དཔའ་བོ་རྡོ་རྗེས་བྱས་པ་དེ་ཉིད། འབྲོག་འགྱུར། རྡོ་རྗེ་གླུའི་བཤད་པ་སྒྲོན་མ་མཁན་གྱིས་སྡེས་མཛད་པ་འབྲོག་འགྱུར། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་བཤད་པ་རྣམས་གྲངས་བདུན་གྱི་ལེའུ་ཀླུ་སྒྲུབ་ཀྱིས་མཛད་པ། མཉྫྱུ་གྷོ་ཤ་དང་། ཤེས་རབ་གྲགས་ཀྱི་འགྱུར། སློངས་མོའི་འགྲེལ་པ་ཌོ་བྷི་པས་མཛད་པ། ཨུ་རྒྱན་ནས་འོངས་པའི་ཀྱཻ་རྡོར་གྱི་རྒྱུད་རིན་པོ་ཆེའི་མངོན་རྟོགས་ཀྱི་རིམ་པ་འབྲོག་འགྱུར། དེ་ཁོ་ན་ཉིད་ཀྱི་རིམ་པ། དུར་ཁྲོད་བརྒྱད་ཀྱི་བཤད་པ་གཉིས། བརྡ་ངེས་པར་བཟུང་བ། གླུའི་དེ་ཉིད་པད་མས་མཛད་པ་རྣམས་འབྲོག་འགྱུར། རིམ་པ་བཞི་པ་ནག་པོ་པས་མཛད་པ་དང་། དེ་ཉིད་སྣང་བ་སོ་མ་ནཱ་ཐའི་འགྱུར། བསྒྲུབ་ཐབས་ཀྱི་དོན་གསལ་བར་བྱེད་པ་དྲིལ་བུ་པས་མཛད་པ་འབྲོག་འགྱུར། འཁྲུལ་སྤོང་ཤནྟིས་མཛད་པ། བསྒྲུབ་ཐབས་རིན་ཆེན་སྒྲོན་མ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དཔའ་བོ་གཅིག་པ་ཌོམ་བྷི་ཧེ་རུ་ཀས་མཛད་པ་དང་། ནག་པོ་པས་མཛད་པ། ཞལ་གསུམ་པའི་བསྒྲུབ་ཐབས་ཡན་ལག་མེད་པའི་རྡོ་རྗེས་མཛད་པ། ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་ཀྲིཥྞས་མཛད་པ། ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་བསྒྲུབ་ཐབས་དང་། བསྒྲུབ་ཐབས་བདེ་བའི་རྡོ་རྗེས་མཛད་པ་རྣམས་བཞུགས། ༼ཟ༽པ་ལ། ཕྱག་གཉིས་པའི་བསྒྲུབ་ཐབས་ས་ཧ་བཛྭ་བི་ལ་པས་མཛད་པ་རྨ་འགྱུར། ལྷན་སྐྱེས་ཀྱི་བསྒྲུབ་ཐབས་ཤྲི་ཨ་ནན་ཏས་མཛད། ཧེ་རུ་ཀ་མཉེས་པར་བྱ་བའི་ཆོ་ག་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པ་རོང་ཟོམ་འགྱུར། དེ་ཁོ་ན་བཞིའི་རིམ་པ་ཀཾ་པ་ལས་མཛད་པ་གླན་འགྱུར། ཕྱག་གཉིས་པའི་བསྒྲུབ་ཐབས་མ་ཏི་ཤྲི་བ་དྲ་དང་། ཤཱཀྱ་འོད་ཀྱི་འགྱུར། ཕྱག་གཉིས་པ་བཛྭ་ཨ་ལ་ལས་མཛད་པ། ཕྱག་གཉིས་པ་ཏ་ར་ཤྲིས་མཛད་པ་མར་དོ་འགྱུར། བསྒྲུབ་ཐབས་བྱང་ཆུབ་སྙིང་པོའི་མཛད་པ། དཔའ་བོ་གཅིག་པ་དྲིལ་བུ་པས་མཛད་པ་འབྲོག་མི་འགྱུར། དྲན་པ་གཅིག་པ་གྷར་བྷ་རིས་མཛད་པ་འབྲོག་འགྱུར། མཎྜྻལ་དང་། སྦྱིན་སྲེག་གི་ཆོ་ག་མཚོ་སྐྱེས་ཀྱི་མཛད་པ་དང་། སྦྱིན་སྲེག་གསང་བའི་མན་ངག་རིན་ཆེན་དཔལ་གྱིས་མཛད་པ། རླུང་དངས་སྙིག་གཉིས་རྩེ་སྤྲད་པའི་མན་ངག་སྦྱིན་སྲེགས་ལས་ཀྱི་རིམ་པ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་གྱིས་མཛད་པ། རོ་བསྲེག་གི་ཆོ་ག་ཡེ་ཤེས་སྙིང་པོས་མཛད་པ་། རོ་སྲེག་གི་ཆོ་ག་ནག་པོ་པས་མཛད་པ་འགོས་འགྱུར། སྦྱིན་སྲེག །རབ་གནས། ཚོགས་འཁོར་རྣམས་ནག་པོ་པས་མཛད་པ་འགོས་འགྱུར། གཏོར་ཆོག་མི་ཐུབ་ཟླ་བས་མཛད་པ། གཏོར་མའི་དེ་ཉིད་བསྡུས་པ་ད་མ་ཀས་མཛད་པ། གཏོར་མའི་ཆོ་ག་ཨ་ལ་བཛྭས་མཛད་པ། ཁྲོ་བོ་བཅུའི་རིག་པའི་ཆོ་ག་ཛེ་ཏ་རིས་མཛད་པ། གཏོར་མའི་ལས་རིམ་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ། སློབ་མའི་ཁྲུས་ཀྱི་ཆོ་གའི་རིམ་པ། གཤིན་པོ་རྗེས་བཟུང་གི་ཆོ་ག་ནག་པོ་པས་མཛད་པ། བདག་མེད་མའི་སྒྲུབ་ཐབས་ཀྲཥྞི་པཎྜྻི་ཏས་མཛད་པ། བདག་མེད་མའི་སྒྲུབ་ཐབས་མི་ཐུབ་ཟླ་བས་མཛད་པ་འབྲོག་འགྱུར། བདག་མེད་མའི་སྒྲུབ་ཐབས་ཉེ་བར་བསྟན་པ་དཀོན་མཆོག་འབྱུང་གནས་ཀྱིས་མཛད་པ། བདག་མེད་མའི་བསྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ། གུར་གྱི་སྒྲུབ་ཐབས་ལྷའི་བརཏལ་ཞུགས་ཀྱིས་མཛད་པ། དཔའ་མོ་གཅིག་པའི་སྒྲུབ་ཐབས་བསྐྱེད་པ་དང་རྫོགས་པར་ལྡན་པ་སྒྲ་གཅན་འཛིན་གྱིས་མཛད་པ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་གུར་ལས་བྱུང་བ་གྲུབ་ཐོབ་སྣ་ཚོགས་དམར་པོ་ཞབས་ཀྱིས་ར་ན་མཛད་པ། ཀུ་རུ་ཀུ་ལེའི་བསྒྲུབ་ཐབས་ལྷན་སྐྱེས་སྒེགས་པས་མཛད་པ། ཀུ་རུ་ཀུ་ལེའི་མན་ངག་ཆེན་པོ་ལྔ་ཞི་བ་འཚོས་མཛད་པ་སྟེ་གསུམ་པོ་དྭ་ན་ཤི་ལའི་རང་འགྱུར། ཀུ་རུ་ཀུ་ལེའི་བསྒྲུབ་ཐབས་དྲན་པའི་དོན་དུ་བྲིས་པ། རྡོ་རྗེ་གུར་གྱི་མན་ངག་དེ་ཁོ་ན་ཉིད་བཅུ་པ་དྲི་མེད་གྲགས་པ་མར་པ་ཆོས་བློའི་འགྱུར། གདུང་བསྲེག་པའི་ཆོ་ག་གུར་གྱི་དོན་ཨ་ཤོ་ཀའི་མན་ངག །རོ་བསྲེག་པའི་ཆོ་ག་ནཱ་རོ་པས་མཛད་པ། མཆོད་རྟེན་གྱི་ཆོ་ག་ནག་པོ་པས་མཛད་པ། དེ་ཉིད་བཅུ་པ་ཇོ་བོ་དང་དགེ་བློའི་གྱུར། བདག་མེད་མའི་མན་ངག་སྟོང་ཉིད་ཏིང་འཛིན་རྡོ་རྗེས་མཛད་པ། དེ་ཁོ་ན་ཉིད་བཞིའི་མན་ངག་གསང་བའི་སྒོ་ཏཻ་ལོ་པས་མཛད་པ། ཐིག་ལེ་ཆེན་པོའི་རིམ་པ་སྒེགས་རྡོར་གྱིས་མཛད་པ། ལྷན་གཅིག་སྐྱེས་པའི་དགའ་སྦྱོར་ཤིནྟི་པས་མཛད་པ། བདེ་ཆེན་བདུད་རྩིའི་འོད་ཡེ་ཤེས་རིན་པོ་ཆེས་མཛད་པ་ཐབས་ཤེས་གཉིས་སུ་མེད་པའི་བྱང་སེམས་ཐེག་པའི་མན་ངག་ལས་ཀྱི་ཞབས་ཀྱིས་མཛད་པ། མན་ངག་གི་རིམ་པ་གསུམ་པ་ཌོམ་བྷི་ཧེ་རུ་ཀས་མཛད་པ། རིམ་པ་ལྔ་ཤེས་རབ་གསང་བས་མཛད་པ། ལྷན་ཅིག་སྐྱེས་དགའ་ལ་ཡང་དག་པར་སྦྱོར་བ་ཤནྟི་པས་མཛད་པ། ལྷན་ཅིག་སྐྱེས་དགའི་རྣལ་འབྱོར་དམ་པ་དང་། ལྷན་ཅིག་སྐྱེས་པའི་འགྲེལ་བ་སྙིང་པོ་གསལ་བ་བྲམ་ཟེ་ཐ་ག་ནས་མཛད་པ། ཡེ་ཤེས་འབྱུང་བའི་མན་ངག་ཀ་ཡཧྶྭ་པ་གྷ་ཡ་དྷ་རས་མཛད་པ། བུང་བའི་བསྒྲུབ་ཐབས་རད་ན་ཚ་ཧས་མཛད་པ། རིན་ཆེན་ཐིག་པའི་བསྒྲུབ་ཐབས་དང་། ཡེ་ཤེས་མཁའ་འགྲོའི་བསྒྲུབ་ཐབས་གཉིས་ཤེས་རབ་གསང་བས་མཛད་པ། ཡན་ལག་བརྒྱད་པའི་རིམ་པ་ཡེ་ཤེས་གསང་བས་མཛད་པ། རིན་པོ་ཆེའི་ཆར་ཡང་ཤེས་རབ་གསང་བས་མཛད་པ། དེ་ཁོ་ན་ཉིད་བདུད་རྩིའི་མན་ངག་མཆོག་གི་དངོས་གྲུབ་བརྙེས་པ་ཨིནྟྲ་བུ་ཏིས་མཛད་པ། གོ་བྱེད་སྙིང་པོ་སྣང་བ་མཐས་རྡོ་རྗེས་མཛད་་པ། འདོད་པའི་བསྟན་བཅོས་མདོར་བསྡུས་པ་གཟུགས་བཟང་གིས་མཛད་པ། གུར་གྱི་འགྲེལ་པ་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་མཛད་པ། གྷ་ཡ་དྷ་ར་དང་། འགོས་འགྱུར། ༼འ༽པའི་ནང་དུ། རྡོ་རྗེ་གུར་གྱི་འགྲེལ་པ་རྒྱལ་པོ་ཨིན་ཏྲ་བོ་དྷིས་མཛད་པ། གུར་གྱི་བསྟོད་འགྲེལ་ནག་པོ་པས་མཛད་པ་ལྷ་ཡ་དང་། འབྲོག་མི་འགྱུར། མཁའ་འགྲོ་ལྔ་རིག་བསྡུས་པའི་བསྒྲུབ་ཐབས་མི་ཐུབ་ཟླ་བས་མཛད་པ། དེས་མཛད་པའི་དཀྱིལ་ཆོག་བཟང་པོ་ཡོངས་བཟུང་། བཛྭ་པ་ཎི་དང་། ཚུལ་ཁྲིམས་ཤེས་རབ་ཀྱི་འགྱུར་རྣམས་བཞུག །སཾ་བྷུ་ཊིའི་འགྲེལ་པ་མན་ངག་སྙེ་མ་མཁས་པ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། སངས་རྒྱས་གྲགས་པའི་གྱུར། ༼ཡ༽པའི་ནང་དུ། སམ་བྷུ་ཊིའི་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བའི་གཞུང་ཨིནྟྲ་བོ་དྷིས་མཛད་པ་མཁན་པོ་ཤྲི་བཛྭ་བོ་དྷི་དང་། གྱི་ཇོ་འགྱུར། ཁ་སྦྱོར་འགྲེལ་པ་དཔའ་བོ་རྡོ་རྗེས་མཛད་པ་རིན་པོ་ཆེའི་ཕྲེང་བ། རྒྱུད་འདི་བདེ་མཆོག་གི་བཤད་རྒྱུད་དུ་མི་ཐུབ་ཟླ་བས་སོགས་བཞེད་ནའང་། འདིར་ས་སྐྱ་པའི་རྒྱུད་གསུམ་གྱི་རྣམ་་གཞག་ལྟར་མཛད་སྣང་། དེ་ལྟར་ན་ཐུན་མོང་མིན་པ་གུར་དང་། ཐུན་མོང་བ་སམ་བྷུ་ཊི་སྟེ་བཤད་རྒྱུད་གཉིས་སོ། །རྒྱུད་ཕྱི་མ་ནི། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་དོན་གསལ་རྨད་དུ་བྱུང་བ་ནང་དང་གསང་བ་རྒྱ་ཆེར་བཤད་པ་ཟབ་པའི་རྡོ་རྗེས་མཛད་པ་ཤེས་རབ་དཔལ་གྱི་འགྱུར་རྣམས་བཞུགས། ༼ར༽པ་ལ། ཕྱག་ཆེན་ཐིག་ལེའི་དཀའ་འགྲེལ་དགའ་བའི་སྤྱན་ཤེས་རབ་གསང་བས་མཛད་པ། བཤད་པའི་རྒྱུད་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། ཨ་ཙརྻ་ཛྙྱ་ན་པ་ར་ཡ་མིས་མཛད་པ། བྱང་ཆུབ་འབྱུང་གནས་ཀྱི་འགྱུར། འབྲས་བུའི་འགྱུར་ནི་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དཀའ་འགྲེལ་མ་ཧཱ་སུ་ཀ་ཏ་བཛྭ་གྱིས་མཛད་པ་བྱང་ཆུབ་འབྱུང གནས་ཀྱི་འགྱུར། ལྷན་སྐྱེས་ཀྱི་དཀྱིལ་འཁོར་གསུམ་གསལ་བར་བྱེད་པ་ཛྙྱ་ན་ཤྲིས་མཛད་པ་ཞི་བ་འོད་ཀྱི་འགྱུར། དཀྱིལ་འཁོར་ལས་རིམ་མཚོ་སྐྱེས་ཀྱིས་མཛད་པ་འབྲོག་མི་འགྱུར། ཧེ་རུ་ཀ་འབྱུང་བ་ཉིན་མོ་འབྱུང་གནས་ཀྱིས་མཛད་པ། དབང་རིན་ཆེན་སྣང་བ་ཤེས་རབ་གསང་བས་མཛད་པ། དབང་རིན་ཆེན་ཕྲེང་བའི་མན་ངག་ཤེས་རབ་དཔལ་གྱིས་མཛད་པ། དབང་གི་རིམ་པ་མདོར་བསྡུས་ཤེས་རབ་གསང་བས་མཛད་པ། དབང་གི་མེ་ཏོག་ཤེས་རབ་དཔལ་གྱིས་མཛད་པ། གསང་བའི་དབང་གི་རབ་བྱེད་བི་ན་པས་མཛད་པ། དབང་རྣམ་པར་གཏན་ལ་དབབ་པ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། དགའ་བའི་མེ་ཏོག་ཨིནྟྲ་བོ་དྷིས་མཛད་པ། དབང་བསྐུར་ཆོ་ག་པྲཛྙྱ་ན་ཤྲིས་མཛད་པ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། གསང་དབང་གི་རབ་བྱེད་བི་ན་པས་མཛད་པ། རྫོགས་རིམ་གྱི་མན་ངག་དང་། དབང་བསྐུར་རབ་བྱེད་དགེ་སློང་འོད་སྲུང་གཞོན་ནུས་མཛད་པ། རང་བྱིན་བརླབས་པ་དཔལ་ཏིང་འཛིན་རྡོ་རྗེས་མཛད་པ། རང་བཞིན་དགའ་བའི་སྒྲོན་མའི་དཀའ་འགྲེལ་རྡོ་རྗེ་གསང་བས་མཛད་པ། རིན་ཆེན་སྙེ་མའི་རྒྱ་ཆེན་འགྲེལ་པ་ཤྲི་གུཔྟས་མཛད་པ་དེ་ཉིད་ཀྱི་འགྱུར། དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ་དཔལ་ཀུམ་པ་ལའི་ཡུམ་གྱིས་མཛད་པ་བཀྲ་ཤིས་ཀྱི་ཚིགས་བཅད་ཌོམ་བྷི་ཧེ་རུ་ཀས་མཛད་པ་རྣམས་བཞུགས་སོ། །གསུམ་པ་སངས་རྒྱས་ཐོད་པའི་སྐོར་ལ། ༼ལ༽པ་ལས། ས་ར་ཧའི་ཆོས་ལྔ་ནི། དཀའ་འགྲེལ་ཡེ་ཤེས་ལྔ་ལྡན། བསྒྲུབ་ཐབས་རྒྱས་པ་ལྷ་ཉེར་ལྔ་མ། གཏོར་ཆོག །དཀྱིལ་ཆོག །བསྒྲུབ་ཐབས་བསྡུས་པ་སྟེ་ལྔ། གྱི་ཇོ་འགྱུར། སངས་རྒྱས་ཐོད་པའི་རྒྱ་ཆེར་འགྲེལ་ཨ་བྷ་ཀ་ར་གུབྟས་མཛད་པ། དིང་རི་ཆོས་གྲགས་ཀྱིས་བསྒྱུར་བ་ལས། སྤང་བློ་བརྟན་གྱིས་ཧོར་ཁོང་བསབ་པ། ས་ར་ཧའི་གཏོར་ཆོག་རྣམས་སོ། །མ་ཡ་འོག་ཏུ་བཞུགས་སོ། །གཉིས་པ་རྟག་པའི་རིག་ནི། གདན་བཞིའི་རྒྱུད་འགྲེལ་དྲན་པའི་རྒྱུན་བྷ་བ་བྷ་ཏྲས་མཛད་པ། ག་ཡ་དྷ་ར་དང་། འགོས་འགྱུར། ༼ཤ༽པ་ལ། གདན་བཞིའི་རྣམ་བཤད་དྲན་པ་ཡེ་ཤེས་གྲགས་པས་མཛད་པ་དེ་ཉིད་ཀྱི་འགྱུར། གདན་བཞིའི་བསྒྲུབ་ཐབས་ཨརྻ་དེ་བས་མཛད་པ། ཀ་མ་ལ་གུཔྟས་དང་། ལོ་ཆེན་འགྱུར། རྣལ་འབྱོར་ནམ་མཁའི་ཡེ་ཤེས་མཁའ་འགྲོ་མའི་བསྒྲུབ་ཐབས་རྣམ་པར་རྒྱལ་བ་དཔའ་བོའི་སྡེས་མཛད་པ། ཡེ་ཤེས་དབང་ཕྱུག་མའི་བསྒྲུབ་ཐབས་ཨརྻ་དེ་བས་མཛད་པ། དཀྱིལ་མཆོག་སྙིང་པོ་མདོར་བསག་ཨརྻ་དེ་བས་མཛད་པ་འབྲོག་མི་འགྱུར། རྩ་ཤིང་གི་སྦྱོར་བ་ཀླུ་སྒྲུབ་ཀྱིས་མཛད་པ། ཤིང་ཅིག་གི་འགྲེལ་པ་ཨརྻ་དེ་བས་མཛད་པ། མཆན་ཁུང་སྦྱོར་བ་ཀླུ་སྒྲུབ་ཀྱིས་མཛད་པ། རྡོ་རྗེ་དྲིལ་ཐབས་ཀྱིས་མཆོད་པའི་རིམ་པ་ཨརྻ་དེ་བས་མཛད་པ། དེ་ཁོ་ན་ཉིད་དྲུག་རྣམ་པར་བཞག་པ་ཛྙྱ་ན་ཀརྟིིས་མཛད་པ་དེ་ཉིད་གྱི་འགྱུར། ཡེ་ཤེས་སྣང་བའི་བསྒྲུབ་ཐབས་བྷ་བས་མཛད་པ། དེ་ཁོ་ན་ཉིད་བཞིས་ཛི་ཏ་རིས་མཛད་པ་འགོས་འགྱུར། ཡན་ལག་པའི་ཡེ་ཤེས་སྣང་བའི་སྒྲུབ་ཐབས་སོ། ཧེ་རུ་ཀའི་རིགས་མ་ཧ་མ་ཡའི་སྐོར་ལ། མ་ཧཱ་མ་ཡའི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་རྒྱན་པས་མཛད་པ། ཨ་ནི་ལ་བཛྭ་དང་། འགོས་འགྱུར། དཀའ་འགྲེལ་དཔལ་དུ་ཛ་ཡ་ཙནྟྲས་མཛད་པ་བདེ་གཤེགས་གྲག་པའི་གྱུར། རྒྱུད་ཀྱི་འགྲེལ་པ་ཡོན་ཏན་ལྡན་པ་ཤིནྟི་པས་མཛད་པ་ཞི་བ་བཟང་པོ་དང་། འགོས་འགྱུར། འགྲེལ་པ་དྲན་པ་ནག་པོ་དམ་ཚིག་རྡོ་རྗེས་མཛད་པ། ཛི་ན་ར་དང་། འགོས་འགྱུར། ཀུ་ཀུ་རི་པས་མཛད་པའི་དཀྱིལ་ཆོག་ཀརྨ་བཛྭ་དང། །གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། རྒྱུད་ཀྱི་རྗེས་སུ་འབྲང་བའི་བསྒྲུབ་ཐབས། རྨོངས་པ་དགྲོལ་བའི་རབ་བྱེད་འགོས་འགྱུར་རོ། །དེ་ཁོ་ན་ཉིད་ཀྱི་མན་ངག་བློ་བཟང་སྙིང་པོས་མཛད་པ་དང་། དེའི་འགྲེལ་པ་འགྲོ་བཟང་གིས་མཛད་པ་གཉིས། བསྒྲུབ་ཐབས་ཀྱི་དཀྱིལ་ཆོག་ནག་པོས་པས་མཛད་པ། དཀྱིལ་ཆོག་རིམ་པ་གསལ་བ་ནག་པོ་པས་མཛད་པ་སྟེ་གཉིས། དཀྱིལ་ཆོག་འདུལ་བ་བྱིན་གྱིས་མཛད་པ། བསྟོད་པ་ཞལ་གཟིགས་མ་རྣམས་བཞུགས་སོ། །༼ས༽པ་ལ། སྒྲུབ་ཐབས་ཀུ་ཀུ་རིས་མཛད་པ། རྡོ་རྗེ་མཁའ་འགྲོ་མའི་བསྒྲུབ་ཐབས། ཤིན་ཏུ་སྤྲོས་མེད་ཀྱི་མན་ངག་ཀུ་ཀུ་རིས་པ་མཛད་པ། སྒྲུབ་ཐབས་ཤིན་ཏི་པས་མཛད་པ་དང་། མཁན་པོ་སྐུ་མེད་རྡོ་རྗེས་མཛད་པ། དཀྱིལ་ཆོག་སྦྱིན་སྲེག་ནག་པོ་པ་དང་གཅིག་སྣང་བ་བཅས་པ་གཅིག །དེ་ཁོ་ན་ཉིད་ཀྱི་མན་ངག་དང་། དེ་ཁོ་ན་ཉིད་ཀྱི་མན་ངག་སུ་ཛ་ལ་ཡ་ཤྲི་བྷ་ཏྲས་མཛད་པ། བསྒྲུབ་ཐབས་མཁའ་འགྲོ་མ་ཉིད་ཀྱི་ཨུ་རྒྱན་པས་གསུངས་པ། སངས་རྒྱས་མཁའ་འགྲོའི་བསྒྲུབ་ཐབས་ནག་པོས་པས་མཛད་པ། རྫོགས་རིམ་གྱི་མན་ངག་ཆོས་ཞབས་ཀྱིས་མཛད་པ། བྱང་སེམས་ཐེག་པའི་མན་ངག་ལས་ཀྱི་ཞབས་ཀྱིས་མཛད་པ། ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས། ཡང་སངས་རྒྱས་མཁའ་འགྲོའི་བསྒྲུབ་ཐབས། ཆོས་སྤྱོད་ལ་འཇུག་པའི་མན་ངག་རྣམས་ནག་པོ་པས་མཛད་པ། རོ་སྦྱོང་བའི་སྒྲུབ་ཐབས་དཀྱིལ་འཁོར་པ་རྣམས་ལ་བསྟོད་པ། དགེ་བའི་ཆོས་སྤྱོད་ཀྱི་རིམ་པ། བདུན་ཚིག་གིས་དུས་སུ་དགེ་རྩ་བསྒྲུབ་པ་ནག་པོ་པས་མཛད་པ། གཏོར་ཆོག་ཀུ་ཀུ་རིས་མཛད་པའོ། །བཞི་པ་རྡོ་རྗེ་ཉི་མའི་རིག་ནི། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་འགྲེལ་པ་སྨྲི་ཏིས་མཛད་པ་དེ་ཉིད་ཀྱི་འགྱུར། རྡོ་རྗེ་བདུད་རྩིའི་རྒྱ་ཆེར་འགྲེལ་པ་བདུད་རྩི་འཛག་པ་བྷ་ནོས་མཛད་པ། མཁན་པོ་ཏཱ་ར་བཱ་ལོ་དང་། ལོ་ཙྪ་བ་ཆིང་ཡོན་ཏན་འབར་གྱི་འགྱུར་རྣམས་སོ། །པད་མའི་རིག་འཇིག་རྟེན་དབང་ཕྱུག་ནི་ཕ་རྒྱུད་ཀྱི་པད་མའི་རིག་དང་ཕྱོགས་གཅིག་ཏུ་བཞུགས་སོ། །དྲུག་པ་རྟ་མཆོག་གི་རིག་ནི། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་ཉི་མ་སྦས་པས་མཛད་པ། སྒྲོལ་མ་ཉེར་གཅིག་གིས་ལས་ཀྱི་ཡན་ལག་དང་མལ་གྱོ་འགྱུར། ལས་སྦྱོར་སྲུང་བའི་འཁོར་ལོ་དང་། ཡང་ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་ཤཱཀྱ་ཤྲི་དང་། ཁྲོ་ལོའི་འགྱུར། བསྟོད་པ་སྟེ་དེ་རྣམས་ཉི་མ་སྦས་པས་མཛད་པ། སྒྲོལ་མ་ལ་མར་མེ་མཛད། ཨ་ཀྵོ་བྷྱ་བཛྭ། ངག་དབང་གྲགས་པ། མི་བསྐྱོད་རྡོ་རྗེས། འབུམ་ཕྲག་གསུམ་པ། ཙནྟྲ་གོ་མི་རྣམས་ཀྱི་བསྟོད་པ། སྒྲོལ་མ་སྒོམ་པའི་ཆོ་ག་མར་མེ་མཛད་ཀྱིས་མཛད་པ། མེ་ཏོག་ཕྲེང་འཛིན་གྱི་སྒྲུབ་ཐབས་ཏ་ཐ་ག་ཏ་རཀྵི་ཏས་མཛད་པ། སྟོང་ཉིད་བསྒོམ་པ། ལོག་ལྟ་སུན་ཕྱུང་བ། ཆོམ་རྐུན་བཅིང་བ། རིག་པ་བསྐྱེད་པ། འཆི་བ་བསླུ་བ་རྣམས་དང་། ཕྲེང་འཛིན་གྱི་སྒྲུབ་ཐབས་བསྟོད་པ་དང་བཅས་པ་ཞང་ལོཙྪའི་འགྱུར། སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། འཇིག་པ་བརྒྱད་སྐྱོབས་མར་མེ་མཛད་ཀྱིས་མཛད་པ། སྒྲོལ་དཀར་བསྒྲུབ་ཐབས་ཐུ་བོས་མཛད་པ། འཇིག་པ་བརྒྱད་སྐྱོབས་སྒྲུབ་ཐབས་ཙནྟྲ་གོ་མིས་མཛད་པ། སྒྲོལ་མའི་བསྒྲུབ་ཐབས་མར་མེ་མཛད་ཀྱིས་མཛད་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། ཆོམ་རྐུན་བཅིང་བ། ཁྲུས་ཀྱི་ཆོ་ག་བྷ་བ་བྷ་ཏྲས་མཛད་པ། མཎྜྻལ་གྱི་ཆོ་ག་སྙིང་རྗེ་ཆེན་པོས་མཛད་པ། གསོ་སྦྱོང་གི་ཆོ་ག་བྷ་བ་བྷ་ཏྲས་མཛད་པ། ཚེ་འཕེལ་བའི་ཆོ་ག་ཙནྟྲ་གོ་མིས་མཛད་པ། སྒྲོལ་མས་མཆོག་ཐོབ་བསོད་སྙོམས་པས་མཛད་པ། བསྟོད་པ་ཉེར་གཅིག་གདོན་ཐབས་ཤཱཀྱ་ཤྲིས་མཛད་པ། འཆི་ཁ་མའི་ཉམས་ལེན་ཤཱཀྱ་ཤྲིས་མཛད་པ། དཀྱིལ་འཁོར་ལ་འཇུག་པའི་བྱ་བ་བྷ་ཝ་བྷ་ཏྲས་མཛད་པ་དང་། དེས་མཛད་པའི་དཀྱིལ་འཁོར་ལ་འཇུག་པ་མདོར་བསྡུས་པ། དབང་བསྐུར་བའི་ཆོ་ག་ས་པ་ར་ཧེ་ཏས་སྦྱར་བ། རྡོ་རྗེ་སྒྲོལ་མའི་བསྒྲུབ་ཐབས་ཤིནྟ་པས་མཛད་པ་ཆག་འགྱུར། ཨུ་རྒྱན་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་མཁའ་འགྲོ་མ་རྡོ་རྗེ་ལྡན་མ་མཛད་པ། སྒྲུབ་ཐབས་ཤཱཀྱ་ཤྲི་བྷ་ཏྲས་མཛད་པ། སྒྱུ་འཕྲུལ་དྲ་བའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པ། མངོན་རྟོག་བསྡུས་པ་མར་མེ་མཛད་ཀྱིས་མཛད་པ། བསྟོད་པ་མ་ཏི་ཙི་ཏྲས་མཛད་པ་རྣམས་སོ། །དེ་རྣམས་ཀྱི་འགའ་ཞིག་བྱ་སྤྱོད་ཡིན་ནའང་སྒྲོལ་མ་རྣམས་ཕྱོགས་མཐུན་དུ་བྲིས་པའོ། །རལ་གཅིག་མའི་བསྒྲུབ་ཐབས་རྟག་པའི་རྡོ་རྗེས་མཛད་པ། གཏོར་ཆོག་ད་ན་ཤི་ལས་མཛད་པ། བློ་འཕེལ་རྟག་པ་རྡོ་རྗེས་མཛད་པ། རལ་གཅིག་མའི་བསྒྲུབ་ཐབས་མི་ཕམ་པས་བསྡུས་པ། རོལ་པའི་རྡོ་རྗེས་མཛད་པ། ཀྲི་ར་ཏིས་མཛད་པ། རལ་གཅིག་མ་དམར་མོའི་བསྒྲུབ་ཐབས་དང་། དེའི་བྱིན་བརླབས་ཀྱི་ཆོ་ག་ནག་པོ་པས་མཛད་པ་དང་། རལ་གཅིག་མ་དཀར་མོའི་སྒྲུབ་ཐབས་རོལ་པའི་སྦས་པས་མཛད་པ། འོད་ཟེར་ཅན་གྱི་སྒྲུབ་ཐབས་མྱ་ངན་མེད་པའི་དཔལ་གྱིས་མཛད་པ་དང་། ཀུན་དགའ་སྙིང་པོས་མཛད་པ་གཉིས་ལོ་ཆེན་འགྱུར། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲུབ་ཐབས་ཛེ་ཏ་རི་དགྲ་ལས་རྒྱལ་བས་མཛད་པ། མར་དོ་འགྱུར་རྣམས་བཞུགས། གསུམ་པ་རྣལ་འབྱོར་བླ་མེད་ཐབས་ཀྱི་རྒྱུད་ལ། མི་བསྐྱོད་པ། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྡོ་རྗེ་འཆང་གི་རིག་དང་དྲུག་དུ་མཛད་པ་ལ། མི་བསྐྱོད་པའི་རིགས་ལ་གསང་འདུས་དང་། ཕྱག་ན་རྡོ་རྗེ་དང་། གཤིན་རྗེ་གཤེད་ཀྱི་སྐོར་སྟེ་གསུམ་མོ། །དང་པོ་ལ། ༼ཧ༽པ་ལ། གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་ཀླུ་སྒྲུབ་ཀྱི་མཛད་པ་མཁན་པོ་ཀརྨ་བཛྭ་དང་། གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར་བཞུག ༼ཨ༽པ་ལ། དཀྱིལ་ཆོག་ཀླུ་སྒྲུབ་ཀྱིས་མཛད་པ། བསྒྲུབ་ཐབས་མདོར་བྱས་ལོ་ཆེན་འགྱུར། མདོ་དང་བསྲེས་པ་འགྱུར་འདྲ་བ་དང་། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཟླ་གྲགས་ཀྱིས་མཛད་པ། བ་རི་འགྱུར། རྣམ་བཞག་རིམ་པ་དང་། ཆོ་ག་ཉི་ཤུ་པ་གཉིས་ཀླུ་བྱང་་གིས་མཛད་པ། ནག་པོ་པས་མཛད་པའི་དཀྱིལ་འཁོར་ཆོ་ག་མཆོད་ཆོག་གཉིས། ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ་ལོ་ཆེན་འགྱུར། རིམ་ལྔ་བསྡུས་པ་གསལ་བ་ནཱ་རོ་པས་མཛད་པ། རིམ་ལྔའི་འགྲེལ་པ་གནད་ཀྱི་ཟླ་ཟེར་ཨ་བྷྱས་མཛད་པ། བྷི་བུ་ཏིའི་རང་འགྱུར། ཨརྻ་དེ་བས་མཛད་པའི་སྤྱོད་བསྡུས་སྒྲོན་མེ་ལོ་ཆེན་འགྱུར། སྤྱོད་བསྡུས་འགྲེལ་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། རོ་བསྲེག་གི་ཆོ་ག །མངོན་པར་བྱང་ཆུབ་པའི་རིམ་པ་འབྲས་བུ་དང་བཅས་པ་གཉིས་ལོ་ཆེན་འགྱུར། བདག་བྱིན་བརླབ་པ་དང་། སེམས་ཀྱི་སྒྲིབ་སྦྱོང་སྟེ་བཞི་པོ་ཨརྻ་དེ་བས་མཛད་པ། རིམ་པ་ཁོངས་སུ་བསྡུ་བའི་མན་ངག་དང་། བྱང་ཆུབ་སེམས་འགྲེལ་ཆེ་ཆུང་གཉིས་ཀླུ་སྒྲུབ་ཀྱིས་མཛད་པ། བྱང་ཆུབ་སེམས་ཀྱི་འགྲེལ་བཤད་སྨྲི་ཏིས་མཛད་པ། ལམ་གྱི་རིམ་པ་སྒྲ་དབྱངས་བཅུ་གཅིག་པས་མཛད་པ། རྒྱན་བདུན་དགྲོལ་པ་ཤྲ་དྷས་མཛད་པ་གཉིས་ལོ་ཆེན་འགྱུར། རྩ་རྒྱུད་ཚུལ་བཞིས་བཤད་པ་ཨརྻ་དེ་བས་མཛད་པ། མངོན་རྟོགས་རྒྱན་རྩ་འགྲེལ་གཉིས་ཟླ་བ་གྲགས་པས་མཛད་པ་དང་། དེས་མཛད་པའི་སྦྱོར་དྲུག་འགྲེལ་པ། བསྒྲུབ་པའི་སྤྱོད་པ་ལ་འཇུག་པ་ཛྙྱ་ན་བཛྭས་མཛད་པ། རྒྱུད་དོན་ལ་འཇུག་པ་བསྡུས་པ་ཤྲ་དྷས་མཛད་པ། རྡོ་རྗེ་སེམས་དཔའི་བསྒྲུབ་ཐབས་ཀྱིས་བཤད་པ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་རྣམས་བཞུགས། ༼ཀི༽པ་ལ། རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་ཟླ་བ་གྲགས་པས་མཛད་པ་འགོས་འགྱུར་ལ་སླར་ཡང་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པས་འགོས་འགྱུར་གྱི་རྒྱུད་འགྲེལ་མང་པོ་ལ་གཏུག་ནས་དག་པར་བྱས་པ་དང་། རྒྱུད་ཕྱི་མའི་འགྲེལ་པ་ནཱ་རོ་པས་མཛད་པ་དང་། སྒྲོན་གསལ་གྱི་འགྲེལ་བཤད་ཨརྻ་དེ་བས་མཛད་པ་དང་། སྒྲོན་་གསལ་གྱི་དཀའ་བ་བཏུས་པའི་བཤད་པ་ལེགས་ལྡན་འབྱེད་ཀྱིས་མཛད་པ་དང་། བཤད་སྦྱར་ཀུ་ལན་དྷ་རི་པས་བྱས་པ་རྣམས་བཞུགས། ༼ཁི༽པ་ལ། སྒྲོན་གསལ་གྱི་འགྲེལ་བཤད་དགོངས་པ་རབ་གསལ་ལ་བྷ་བྷྱ་ཀིཏྟིས་བྱས་པའི་ལེའུ་བཅུ་གཅིག་པ་ཡན་བཞུགས། ༼གི༽པ་ལ། དེའི་སྨད་རྫོགས་པ་ཀུ་མ་ར་ཉིད་ཀྱི་འགྱུར། སྒྲོན་གསལ་གྱི་ས་གཅད་སྙིང་གི་མེ་ལོང་ལཀྵི་ཀ་རས་བྱས་པ། གཞོན་ནུ་འབུམ་དང་། ཤ་ཀ་བློའི་གྱུར། རྡོ་རྗེ་ཕྲེང་བའི་འགྲེལ་པ་ཨ་ལང་ཀ་ཀ་ལ་ཤས་མཛད་པ་ལེའུ་བཞི་བཅུ་རྩ་བཞིའི་ཕྱེད་བར་དུ་རྩོམ་གཞི་ལ་བྲིས་པ་སྟེངས་པ་ལོ་ཙྪའི་འགྱུར་རྣམས་བཞུགས། ༼ངི༽པ་ལ། ལྷ་མོ་བཞིས་ཞུས་ཀྱི་འགྲེལ་པ་སྨྲི་ཏིས་མཛད་པ་དེ་ཉིད་ཀྱི་འགྱུར་རྒྱུད་དེའི་འགྲེལ་པ་ཡེ་ཤེས་སྙིང་པོས་མཛད་པ་དྲན་པ་ཡེ་ཤེས་གྲགས་པའི་འགྱུར། དབང་གི་ཆོ་ག་ཟུང་འཇུག་གསལ་བ་སྒྲ་གཅན་འཛིན་དཔལ་བཤེས་གཉེེན་གྱིས་མཛད་པ། ཤཱཀྱ་ཤྲི་དང་། ཀུན་དགའ་རྒྱལ་མཚན་གྱི་འགྱུར་མདོར་བྱས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཤན་ཏི་པས་མཛད་པ་ཀརྨ་བཛྭ་ཉིད་ཀྱི་འགྱུར། གཏོར་མའི་ཆོ་ག་ནག་པོ་པས་མཛད་པ། ཕྱིར་ཟློག་གི་ཆོ་ག་དང་། གཏོར་ཆོག་གཉིས་བལ་པོ་འབའ་རོས་མཛད་པ། རྡོ་རྗེ་གྲག་ཀྱིས་བསྒྱུར་བ། རབ་གནས་ཆོ་ག་ཇོ་བོ་རྗེས་མཛད་པ། རིམ་ལྔའི་འགྲེལ་པ་ནོར་བུའི་ཕྲེང་བ་ཀླུ་བྱང་གིས་མཛད་པ། ཀརྨ་བཛྭ་དང་། གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར་རྣམས་བཞུགས། ༼ཅི༽པ་ལ། རིམ་ལྔའི་འགྲེལ་པ་ནག་པོ་པས་མཛད་པ། ནག་ཚོ་འགྱུར། རིམ་ལྔའི་འགྲེལ་པ་དོན་གསལ་ཚུལ་ཁྲིམས་བཟང་གིས་མཛད་པ། བིརྻ་བྷ་ཏྲ་དང་། ཤེས་རབ་བརྩོན་འགྲུས་ཀྱི་འགྱུར། རིམ་ལྔའི་དཀའ་འགྲེལ་བྷ་བྷྱ་ཀིརྟིས་བྱས་པ། རྒྱལ་མཆོག་དང་། ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། རྡོ་རྗེ་བཟླས་པའི་བཤད་པ་ཤྲ་དྷས་མཛད་པ། ལོ་ཆེན་འགྱུར་རྣམས་དང་། ཀུན་སྙིང་གི་འགྲེལ་ཆེན་ལེའུ་ལྔ་ཡན་བཞུགས། ༼ཆི༽པ་ལ། ལེའུ་དྲུག་པ་ནས། བཅུ་གཉིས་པ་མ་རྫོགས་པ་ཙམ་དང་། ༼ཇི༽པ་ལ། དེ་ནས་བཅུ་བཞི་པ་མ་རྫོགས་ཙམ་དང་། ༼ཉི༽པ་ལ། ཡོངས་སུ་རྫོགས་པ་པཎྜྻི་ཏ་ཤྲ་ཏས་ཀྱིས་བསྒྱུར་བ་བཞུགས། ༼ཏི༽པ་ལ། ཀུན་སྙིང་གིས་མཛད་པའི་འགྲེལ་ཆུང་ལོ་ཆེན་འགྱུར། རྒྱུད་ཕྱི་མའི་འགྲེལ་པ་བི་ཤྭ་མི་ཏྲས་མཛད་པ་དང་། དཀའ་འགྲེལ་རྒྱལ་བས་བྱིན་གྱིས་མཛད་པའི་ལེའུ་བཅུ་བཞི་ཡན་བཞུགས། ༼ཐི༽པ་ལ། དེའི་སྨད་ཡོངས་སུ་རྫོགས་པ་ཞི་བ་བཟང་པོ་དང་། དར་མ་གྲགས་ལ་སོགས་པའི་འགྱུར་དང་། བཤད་སྦྱར་སྙིམ་པའི་མེ་ཏོག་ཤནྟི་པས་མཛད་པ། ཞལ་ལུང་འགྲེལ་པ། བོ་དྷི་པས་མཛད་པ། རྩ་རྒྱུད་ཀྱི་འགྲེལ་པ་རིན་ཆེན་ལྗོན་ཤིང་ཙེ་ལུ་པས་མཛད་པ། མངའ་བདག་ཡེ་ཤེས་རྒྱལ་མཚན་ཤན་ཏ་བྷ་ཏྲ་དང་། འགོས་འགྱུར་རྣམས་བཞུགས། ༼དི༽པ་ལ། འཇམ་དཔལ་ཞལ་ལུང་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། ཀ་མ་ལ་གྷུ་་དང་། མངའ་བདག་ཡེ་ཤེས་རྒྱན་མཚན་གྱིས་འགྱུར། རྩ་རྒྱུད་འགྲེལ་པ་ཐ་ག་ནས་མཛད་པ་སྨྲི་ཏིའི་གྱུར། དྲི་མེད་སྦས་པས་མཛད་པའི་འགྲེལ་པ་འདུས་པའི་རྒྱན་གྱི་ལེའུ་དགུ་པ་ཡན་བཞུགས། ༼ནི༽པ་ལས། དེའི་སྨད་རྫོགས་པ་དང་། རྒྱུད་ཕྱིའི་འགྲེལ་པ་ཟླ་བའི་འོད་ཀྱིས་མཛད་པ། དར་མ་གྲགས་ཀྱི་འགྱུར། རྒྱུད་ཕྱིའི་འགྲེལ་པ་བིརྻ་པས་མཛད་པ། མན་ངག་གི་འགྱུར། རྒྱུད་ཀྱི་འགྲེལ་པ་སྨྲི་ཏིས་མཛད་པ་དེ་ཉིད་ཀྱི་རང་འགྱུར། མི་བསྐྱོད་པ་ལྷ་བཅུ་དགུའི་སྒྲུབ་ཐབས་རིན་ཆེན་རྡོ་རྗེས་མཛད་པ་སྨྲི་ཏི་དང་། ཡེ་ཤེས་རིན་པོ་ཆེའི་འགྱུར་རྣམས་བཞུགས། ༼པི༽པ་ལ། འདུས་པའི་དཀྱིལ་འཁོར་ཆོ་ག་ཕྱེད་བཅས་བཞི་བརྒྱ་པ་མར་མེ་མཛད་བཟང་པོས་མཛད་པ། ལོ་ཆེན་འགྱུར། དེའི་འགྲེལ་པ་ཤིནྟ་པས་མཛད་པ། བིད་་བྷ་ཏྲ་དང་། ལོ་ཆེན་འགྱུར། སྦྱོར་བ་བདུན་པ་བྷི་དྷི་པས་མཛད་པ་ལྷ་འགྱུར། དཀྱིལ་ཆོག་བསོད་སྙོམས་པས་མཛད་པ་ལོ་ཆེན་འགྱུར། དབང་རབ་བྱེད་དགའ་བའི་རྡོ་རྗེས་མཛད་པ་དྷརྨ་ཀིརྟིའི་འགྱུར། དབང་བསྐུར་ཆོ་ག་ངག་དབང་གྲགས་པས་མཛད་པ། མར་པ་ཆོས་དབང་འགྱུར་དེ་ཁོ་ན་ཉིད་བཅུ་པ་དར་མ་གྲགས་ཀྱི་འགྱུར། བསྟོད་པ་མི་གནས་རྡོ་རྗེས་མཛད་པ། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་གཉིས་ལོ་ཆེན་འགྱུར། ཞལ་ལུང་གི་མན་ངག་གི་སྒྲུབ་ཐབས་དང་། སྒྲུབ་ཐབས་ཀུན་བཟང་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། དེའི་འགྲེལ་པ་ཐ་ག་ནས་མཛད་པ་དང་། ཤྲི་ཕ་ལས་མཛད་པ་རྣམས་ལོ་ཆེན་འགྱུར། བསྒྲུབ་ཐབས་ཀུན་ཏུ་བཟང་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་རྣམས་བཞུགས། ༼ཕི༽པ་ལ། ཀུན་ཏུ་བཟང་མོའི་འགྲེལ་པ་སྨྲི་ཏིའི་འགྱུར། སྒྲུབ་ཐབས་དངོས་གྲུབ་འབྱུང་བའི་གཏེར་བི་ཏ་པ་དྷས་མཛད་པ་ལྷ་ཡེའི་འགྱུར། སྒྲུབ་ཐབས་རྟོག་སླ་སུ་ན་ཤྲི་མི་ཏྲས་མཛད་པ། མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་ཐབས་སྨྲི་ཏི་དང་། ཡེ་ཤེས་རིན་པོ་ཆེའི་འགྱུར། བསྟན་པའི་ནོར་ཐམས་ཅད་པ་ཅེས་བྱ་བའི་སྒྲུབ་ཐབས་རད་ན་ཀིརྟྟིིས་མཛད་པ། པད་མ་འབྱུང གནས་དང་། གཉེན་དར་མ་གྲགས་ཀྱི་འགྱུར། ༼བི༽པ་ལ། སྒྱུ་འཕྲུལ་དྲ་བའི་དཀའ་འགྲེལ་རབ་ཞི་བཤེས་གཉེན་གྱིས་མཛད་པ་ལོ་ཆེན་འགྱུར། ལས་མཐའ་རྣམ་འབྱེད་ཀླུ་བྱང་གིས་མཛད་པ་ཆག་འགྱུར་རོ། །གཉིས་པ་ཕྱག་རྡོར་གྱི་སྐོར་ལ། ཛ་ཝ་རིས་མཛད་པའི་གཞུང་ཕྲན་རྣམས་ནི་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་བསྒྲུབ་ཐབས། དཀྱིལ་ཆོག །བསྟོད་པ། རྒྱུད་དྲག་པོ་གསུམ་འདུལ་གྱི་འགྲེལ་པ། གཏོར་ཆོག །མཛེ་ནད་ཀྱི་མཚན་ཉིད། རིམ་པ་དྲུག་པ། ཀླུ་རིག་བཞིའི་བསྒྲུབ་པ། གནོད་སྦྱིན་གྱི་སྡེ་རྣམ་པར་སྦྱང བའི་སྒྲུབ་ཐབས། ཡི་དྭགས་དང་། ཤ་ཟ་དང་གྲུལ་བུམ། རྗེད་བྱེད་རྣམ་པར་སྦྱོང་ཞིང་སྒྲུབ་ཐབས། ཐབས་སྒུད་པ། སྦྱིན་སྲེག་གི་ཆོ་ག །ཀླུ་ཁྲོ་བོ་གསད་པ། ཀླུ་རིག་བཞི་གནན་པ། ཀླུ་གསད་པ། གསོལ་བ། ལས་ཐམས་ཅད་པའི་སྦྱིན་སྲེག་རྣམས་འགར་ཆོས་བཟང་གི་འགྱུར། སྲུང་བའི་འཁོར་ལོ། རྟེན་འབྲེལ་གྱི་སྲུང་བ་གཉིས་ཤེའུ་ལོཙྪའི་འགྱུར་རྣམས་སོ། །ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་་་དང་། དྲག་པོ་ཕུར་བུའི་མན་ངག་དང་། རྡོ་རྗེ་གཏུམ་པོ་ཕུར་གཅིག་མའི་ཕྱི་སྒྲུབ་དང་། གཏུམ་པོའི་ནང་བསྒྲུབ་རྣམས་ལས་ཀྱི་རྡོ་རྗེས་མཛད་པ་གླན་འགྱུར། དེས་མཛད་པའི་ཁྱུང་ཤམ་ཅན་གྱི་སྒྲུབ་ཐབས། དྲག་པོའི་ཁོར་ལོ་ཙནྟྲ་གོ་མིས་མཛད་པ། ཨུ་ཙ་མའི་སྒྲུབ་ཐབས་དང་། གཟུངས་ཀྱི་འགྲེལ་པ་གསལ་སྒྲོན་ཀླུ་སྒྲུབ་ཀྱིས་མཛད་པ། བརྩོན་སེང་གི་འགྱུར། གཟུངས་ཀྱི་སྒྲུབ་ཐབས། གཟུངས་ཀྱི་འགྲེལ་པ། བུམ་པའི་སྒྲུབ་ཐབས། བུམ་པའི་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག །དེ་ཁོ་ན་ཉིད་སྒྲོན་མ། སྤུར་གསད་ལས་ཚོགས་བསྡུས་པ་རྣམས་སློན་དཔོན་སུ་བི་ཀི་ཤྭ་ར་ཀིརྟིས་མཛད་པ། མཆོད་རྟེན་གྱིས་མན་ངག་ཏེ་ལོ་པས་མཛད་པ། མདོ་ལུགས་ཀྱི་མན་ངག་གི་སྒྲུབ་ཐབས་བྷིརྻ་ཙནྟྲ་པ་མཛད་པ། སྒྲུབ་ཐབས་ཤྲ་དྷས་མཛད་པ། །རྣམ་ཐོས་ཀྱི་གསང་བའི་སྒྲུབ་ཐབས་དགའ་རབ་རྡོ་རྗེས་མཛད་པ། སྒྲུབ་ཐབས་གཏོར་མའི་མན་ངག་དང་། གཟུངས་ཀྱི་གཏོར་ཆོག །སྒྲུབ་པའི་གོ་རིམ། སྒྲུབ་ཐབས། གནོད་སྦྱིན་སྡེ་དཔོན་བཞིའི་བསྒྲུབ་ཐབས་འཁོར་ལོའི་མན་ངག་རྣམས་སུ་བཱ་ཀི་ཤྭ་རས་མཛད་པ་དང་། སྤུར་གསད་ཀྱི་ལས་སྦྱོར། སྔགས་བཟླས་ཐབས། སྒྲུབ་ཐབས་རྣམས་བྷིརྻ་ཙནྟྲ་མཛད་པ་དང་། སྒྲུབ་ཐབས་ཡིད་བཞིན་ནོར་བུ་བྲམ་ཟེ་ཉིན་བྱེད་རྡོ་རྗེས་མཛད་པ། སྒྲུབ་ཐབས་སྟོང་ཉིད་ཏིང་འཛིན་ཞབས་ཀྱིས་མཛད་པ། དཀྱིལ་འཁོར་ཆོ་ག་སྟོང་ཉིད་སྙིང་རྗེས་མཛད་པ་གཉིས་བ་རི་འགྱུར། རྡོ་རྗེ་སྙིང་པོའི་མན་ངག་སྒྲུབ་ཐབས་ཛྙྱ་ན་ཤྲིས་མཛད་པ། རིགས་སྔགས་གཏད་པའི་ཆོ་ག །སྒྲུབ་ཐབས་དེ་ཁོ་ན་ཉིད་སྒྲོན་མེ་དང་། དེའི་འགྲེལ་པ་དཔའ་བོས་མཛད་པ། ཕྱག་རྡོར་གྱི་སྐུར་སྤྲུལ་ནུས་པ་མཚན་ལག་ན་རྡོ་རྗེར་གྲགས་པས་མཛད་པའི་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཉིད་སྣང་བ། མཉྫྱུ་ཤྲི་དང་། གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། ཕྱག་ན་རྡོ་རྗེ་མེ་ལྕེ་དབབ་པའི་འགྲེལ་པ་མུ་ཏིག་ཕྲེང་བ་དང་། ལྕེ་དབབ་པའི་བྱ་རྟེན་འབྲེལ་གྱིས་སྲུང་བ་དང་བཅས་པ་དང་། ལྕེ་དབབ་པའི་སྒྲུབ་ཐབས་གསང་བ་ཡང་བཀོལ་དང་། རྣལ་འབྱོར་གྱི་སྤྱོད་ལམ་བརྒྱད་པ་རྣམས་རྒྱལ་བུ་སྤྲིན་གྱི་ཤུག་ཅན་གྱིས་མཛད་པ་མར་འགྱུར། ཕྱག་ན་རྡོ་རྗེའི་དཀྱིལ་ཆོག །ཚོགས་འཁོར་ཆོ་ག །ཚོགས་འཁོར་གྱི་སྦྱོར་བ། གཏོར་ཆོག །ཞི་བ་དང་། དྲག་པོའི་སྦྱིན་སྲེག་གཉིས། རྒྱས་པ་དང་། དབང་གི་དང་། གསང་བའི་དང་། སྦྱིན་སྲེག་ལས་ཀྱི་ཆོ་ག་དང་། ལས་ཀྱི་རིམ་པ་མུ་ཏིག་ཕྲེང་བ་དང་། ལས་ཀྱི་ཚོགས་རིམ་པར་ཕྱེ་བའི་ཆོ་ག་དང་། སྦྱོར་ཁ་ཆེན་པོའི་མན་ངག་དང་། སྒྲུབ་ཐབས་གསུམ་རྣམས་སློབ་དཔོན་བྷ་བས་མཛད་པ། ཚུལ་ཁྲིམས་གཞོན་ནུའི་འགྱུར། གོས་སྔོན་ཅན་གྱི་སྒྲུབ་ཐབས་སུ་ན་ཏྲས་མཛད་པ་དང་། ཆེན་པོ་ཞབས་ཀྱིས་མཛད་པ་རྣམས་བཞུགས་སོ། །༼མི༽པ་ལ། རྡོ་རྗེ་གཏུམ་མོ་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དང་། ལམ་ཡན་ལག་བརྒྱད་པ་གཉིས་ཀླུ་སྒྲུབ་ཀྱིས་མཛད་པ། གོས་སྔོན་ཅན་གྱི་སྒྲུབ་ཐབས་སུ་ཙ་ན་པྲ་ཏིས་མཛད་པ། སྒྲུབ་ཐབས། གཏོར་ཆོག་ལས་ཐམས་ཅད་པའི་སྲུང་བ་གསུམ་སློབ་དཔོན་བ་སུ་དྷ་བཛྭ་མཛད་པ། སྲུང་བའི་ཐབས་རིགས་སྔགས་གཅོད་པ་དང་གནོན་པའི་ཆོ་ག་དང་། སྦྱིན་སྲེག་གི་ཆོ་ག་ལས་ཀྱི་རྡོ་རྗེས་མཛད་པ། ཀླུ་གཏོར་རྒྱས་པ་དང་། རྡོ་རྗེ་ཁྱུང་གི་སྒྲུབ་པའི་མན་ངག་སློབ་དཔོན་རྡོ་རྗེ་པད་མས་མཛད། གནམ་ལྕག་འབར་བའི་སྒྲུབ་ཐབས་དང་། དཀྱིལ་ཆོག་གཉིས་མཱཻ་ཏྲི་པས་མཛད་པ་གཉིས་འགར་ཆོས་བཟང་གི་འགྱུར། གོས་སྔོན་ཅན་གྱི་སྒྲུབ་ཐབས་མ་ཚང་བ་ཅིག །དཀྱིལ་ཆོག་རིན་ཆེན་ཕྲེང་བ་དང་། རྣམ་སྲས་སྒྲུབ་ཐབས་ཤུ་རམ་གས་མཛད་པ། རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས། པྲ་དབབ་ཕྱིར་ཟློག་གི་སྦྱིན་སྲེག །དྲེག་བྱེད་ཀྱི་ཆོ་ག ལས་བརྟག་པའི་སྒྲུབ་ཐབས་དང་། སྒྲུབ་ཐབས་སྟེ་དྲུག་པོ་འགྲོ་བཟང་སྙིང་པོས་མཛད་པ། ཟངས་དཀར་འགྱུར། གཟུངས་ཀྱི་འབྲེལ་པ་དང་། དཀྱིལ་ཆོག་གཉིས་ཀརྨ་མ་བཛྭས་མཛད་པ་གླན་འགྱུར་རྣམས་སོ། །དེ་རྣམས་ཕྱག་རྡོར་གྱི་སྐོར་རོ། །གསུམ་པ་གཤིན་རྗེ་གཤེད་སྐོར་ལ། དགྲ་ནག་གི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ་བྲམ་ཟེ་དཔལ་འཛིན་གྱི་མཛད་པ། པཎྜྻི་ཏི་བར་གཉིས་དང་། ཚུལ་ཁྲིམས་རྒྱལ་བའི་འགྱུར། སློབ་དཔོན་དེས་མཛད་པའི་དཀྱིལ་མཆོག་ཨ་ཏུ་ས་དང་། རྭ་ལོ་ཙྪ་ལ་སོགས་པའི་འགྱུར་རྒྱུད་ཀྱི་འགྲེལ་པ་མངོན་པར་མཐོ་བ་ལམ་གྱི་སྒྲོན་མ་ཀྲིཥྞ་པ་ཆེན་པོས་མཛད་པ་པྲཛྙྱ་ཛྙྱ་ན་ཀིརྟྟིའི་རང་འགྱུར། དཀའ་འགྲེལ་ནག་པོ་ཞབས་ཀྱིས་མཛད་པ་ཨ་ཙརྻའི་ན་ཡ་ཙནྟྲ་དང་། ཆོས་ཤེས་ཀྱིས་འགྱུར། དཀའ་འགྲེལ་རིན་ཆེན་སྒྲོན་མ་ཤིནྟྲ་པས་མཛད་པ་ཆོས་ཤེས་འགྱུར། དཀའ་འགྲེལ་རིན་ཆེན་ཕྲེང་བ་གཞོན་ནུ་ཟླ་བས་མཛད་པ། མངོན་རྟོགས་དཀྲུགས་པ་འབྲེལ་པ་དང་། རྫོགས་རིམ་གྱི་མན་ངག་ནག་པོ་པས་མཛད་པ། དཀྱིལ་འཁོར་གྱི་མངོན་རྟོགས་ནག་པོ་པས་མཛད་པ། མན་ངག་གི་འཁོར་ལོ་ནག་པོ་སྙིང་འབྱིན་ནག་པོ་པས་མཛད་པ་དང་། རྡོ་རྗེ་རྣོན་པོ་ཞེས་བྱ་བའི་འཁོར་ལོའི་སྒྲུབ་ཐབས་ཤྲི་དྷ་རས་མཛད་པ་དང་། བསམ་གཏན་བརྟག་པ། ངག་བཅིང་བའི་འཁོར་ལོ། ལས་ཀྱི་འཁོར་ལོ་རྣམས་ཤྲི་དྷ་རས་མཛད་པ། པྲཛྙྱ་ཤྲིའི་རང་འགྱུར། སྦྱིན་སྲེག་ཆོ་ག་ནག་པོ་པས་མཛད་པ་དང་། གཏོར་ཆོག་པྲཛྙྱ་ཤྲི་ཛྙྱ་ན་ཀིརྟིས་རང་འགྱུར་དུ་མཛད་པ་དང་། ལས་ཐམས་ཅད་གྲུབ་པར་བྱེད་པའི་སྒྲུབ་ཐབས་དང་། སྤྱོད་པའི་དམ་ཚིག་སྒྲུབ་ཐབས་དང་། འཁོར་ལོའི་ཆོ་ག་དང་། རབ་གནས་ཆོ་ག་རྣམས་ནག་པོ་པས་མཛད་པ་དང་། རྨོངས་པ་དགྲོལ་བའི་བརྟག་པ་དང་། ཚད་མ་མངོན་པར་རྟོགས་པའི་སྙིང་པོ་གཉིས་ཀ་རོ་པས་མཛད་པ་དང་། རྫོགས་པའི་རིམ་པ་སྦྱོར་བ་གཅིག་པའི་མན་ངག་ནི་ལ་བཛྭ་གྱིས་མཛད་པ་རྣམས་པྲཛྙྱ་ཤྲི་ཛྙྱ་ན་ཀིརྟིའི་རང་འགྱུར། ཧེ་རུ་ཀའི་མངོན་རྟོགས་ཞེས་བྱ་བ་རྣམས་བཞུགས། ༼ཙི༽པའི་ནང་དུ། དཀྱིལ་ཆོག་གཤིན་རྗེ་གཤེད་འབྱུང་བ་ལ་ལི་ཏས་མཛད་པ་ཅོག་གྲུ་ཤེས་རབ་བླ་མའི་འགྱུར། མཎྜྻལ་ཆོ་ག་དང་། སྦྱིན་སྲེག་གཉིས་བསོད་སྙོམས་པ་དེ་ཉིད་ཀྱི་འགྱུར། མཆོད་རྟེན་ཆོ་ག་ཀ་ལ་མ་ཧས་མཛད་པ་འགྱུར་གོང་དང་འདྲ། བསྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་དང་། དོན་ཡོད་རྡོ་རྗེས་མཛད་པ་གཉིས་ཀ་ཉོས་འགྱུར། བསྒྲུབ་ཐབས་བསོད་སྙོམས་པ་ཀ་མ་ལ་རཀྵི་ཏས་མཛད་པ་ནག་ཚོ་འགྱུར། དེས་མཛད་པའི་སྒྲུབ་ཐབས་པྲཛྙྱ་ཤྲི་ཛྙྱ་ན་ཀིརྟིའི་རང་འགྱུར། སྒྲུབ་ཐབས་ཀུ་མུ་ཏ་ཁ་ཕྱེ་བ་ཤིནྟ་པས་མཛད་པ། ཆོས་ཤེས་འགྱུར། གཤིན་རྗེ་གཤེད་དུས་མཐར་འབྱིན་པ་ཀྲིཥྞ་པཎྜྻི་ཏས་མཛད་པ། སྒྲུབ་ཐབས་མར་མེ་མཛད་ཀྱིས་མཛད་པ། ཉི་མ་བྱེ་བར་གྲགས་པས་མཛད་པ། ཉི་མ་བྱེད་པས་མཛད་པ་འགྲོ་བཟང་སྙིང་པོས་མཛད་པ། ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་ལ་ལི་ཏས་མཛད་པ། འོ་མ་བསྒྲུབ་པའི་མན་ངག་ཨ་ཙརྻ་ཛི་མུ་ཏྲེ་པ་ཏ་ལས་མཛད་པ། འཁོར་ལོའི་མན་ངག་ནག་པོ་དེ་ཧས་མཛད་པ། སྦྱིན་སྲེག་གི་ཆོ་ག་ལ་ལི་ཏས་མཛད་པ། མཆོད་པའི་ཆོ་ག་ཀཥྞི་པཎྜྻི་ཏས་མཛད་པ། གཤིན་རྗེ་གཤེད་ཁྲོ་བོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེའི་བློས་མཛད་པ། ཁྲོ་བོ་རྣམ་པར་རྒྱལ་བའི་སྦྱིན་སྲེག་གི་རིམ་པ་དོན་ཡོད་ཞབས་ཀྱིས་མཛད་པ། ཚོགས་འཁོར་ཆོ་ག་ཀ་མ་ལ་མ་ཧས་མཛད་པ། མ་སྨོས་པ་རྣམས་དགྲ་ནག་གོ །གདོང དྲུག་གི་སྒྲུབ་ཐབས་ཨ་ཀ་ར་ཙནྟྲས་མཛད་པ་ཅོག་གྲུ་འགྱུར། འཁོར་ལོའི་སྒྲུབ་ཐབས་ཀླུ་དབྱང་གིས་མཛད་པ། གཤིན་རྗེ་གཤེད་རྣམ་སྣང་དང། །རིན་འབྱུང་། མི་བསྐྱོད་པའི་སྙིང་པོ་འདོད་ཆགས་གཤིན་རྗེ་ག ཤེད། གཤིན་རྗེ་གཤེད་རྣོན་པོ། ཐོ་བ་གཤིན་རྗེ་གཤེད། དབྱུག་པ་གཤིན་རྗེ་གཤེད། པད་མ་གཤིན་རྗེ་གཤེད། རལ་གྲི་གཤིན་རྗེ་གཤེད། བདེ་སྤྱོད་མའི་སྒྲུབ་ཐབས། རྡོ་རྗེ་མཁའ་འགྲོ་མའི་རྣལ་འབྱོར་མའི་སྒྲུབ་ཐབས། རྡོ་རྗེ་བདེ་རྒྱས་དབྱངས་ཆེན་མའི་སྒྲུབ་ཐབས། རྡོ་རྗེ་སེམས་མ་གོ་རི་མའི་སྒྲུབ་ཐབས་རྣམས་མར་མེ་མཛད་ཀྱིས་མཛད་ཅིང་། པྲཛྙྱ་ཛྙྱ་ན་ཀིརྟིའི་རང་འགྱུར། དེ་རྣམས་ཕལ་ཆེར་དགྲ་ནག་གི་སྐབས་སོ། །གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་དང་དཔའ་བོ་གཅིག་གཉིས་དཔའ་བོའི་རྒྱལ་པོས་མཛད་པ། དཔའ་བོ་གཅིག་པ་དང་། ལྷན་སྐྱེས་བི་རུས་པས་མཛད་པ་རྣམས་ཆག་འགྱུར། ལྷན་སྐྱེས་བིར་བ་པས་མཛད་པ། རང་བྱིན་གྱིས་བརླབ་པའི་མན་ངག་རེ་ཝནྟྲས་མཛད་པ། སྒྲུབ་ཐབས་རྣམ་པར་སྣང་མཛད་སྲུང་བས་མཛད་པ། བློ་གྲོས་བཟང་པོས་མཛད་པ། རྫོགས་པའི་རྣལ་འབྱོར་འཇིག་མེད་འབྱུང་གནས་སྦས་པས་མཛད་པ། ཏིང་ངེ་འཛིན་གྱི་ཆོ་ག་དང་། དམར་ནག་གཉིས་ཀྱི་མཆོད་ཆོག་དཔལ་འཛིན་གྱིས་མཛད་པ་སྟེ་དེ་རྣམས་ཆགས་འགྱུར། ལག་པ་མཆོད་པའི་ཆོ་ག་ད་ན་ཤི་ལས་མཛད་པ། འཁྲུལ་འཁོར་ཕྲེང་བ་བིར་བ་པས་མཛད་པ་ད་ན་ཤི་ལའི་རང་འགྱུར། འཁྲུལ་འཁོར་གྱི་ལས་མངོན་སྤྱོད་ཀྱི་དུས་ངེས་པར་བསྟན་པ། གཏོར་མའི་ཆོ་ག་བི་རུ་པས་མཛད་པ་ཆག་འགྱུར། མཆོད་ཆོག་དཔྱལ་འགྱུར། གཏོར་མའི་ཆོ་ག་དཔལ་འཛིན་གྱིས་མཛད་པ། གཏོར་ཆོག་བིར་བ་པས་མཛད་པ། དམར་ནག་གཉིས་ཀྱི་མཆོད་ཆོག་དཔལ་འཛིན་མཛད་པ། དཀྱིལ་ཆོག་དཔལ་འཛིན་གྱིས་མཛད་པ་རྣམས་ཆག་འགྱུར། རྫོགས་རིམས་རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་དཔལ་འཛིན་མཛད་པ་དང་། འཚོ་བའི་དེ་ཁོ་ན་ཉིད་གཉིས་གློ་བོ་འགྱུར། འོད་འཛིན་མའི་སྒྲུབ་ཐབས་དང་། བྱིན་བརླབས། སྲུང་འཁོར་བྱིན་རླབས། རང་གི་སེམས་གོང་དུ་འཕོ་བའི་མན་ངག་བྱིན་བརླབས་དང་བཅས་པ་རྣམས་དཔལ་འཛིན་གྱིས་མཛད་པ། འཁྲུལ་འཁོར་ཆོ་ག་རེ་ཝནྟྲས་མཛད་པ་ཆགས་འགྱུར། འཁོར་ལོའི་གསལ་བྱེད་ནི་སྐ་ཨ་ལམ་ཀ་དང་དཔྱལ་འགྱུར། འཁོར་ལོའི་དེ་ཉིད་གསལ་བྱེད་བྱང་ཆུབ་བཟང་པོས་མཛད་པ་འགྱུར་གོང་ལྟར། རྡོ་རྗེ་དབྱངས་ཆེན་མའི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ། པཎྜྻི་ཏ་ཆེན་པོའི་བྷུ་ཏི་ཙཎྜྻའི་རང་འགྱུར་སྟེ། གཤིན་རྗེ་གཤེད་དམར་གྱིས་སྐབས་སོ། །རྡོ་རྗེ་འཇིག་བྱེད་ཀྱི་རྒྱུད་ཀྱི་མདོ་མདོར་བཤད་པ་རྡོ་རྗེ་གྲུབ་པས་མཛད་པ། དཀའ་འགྲེལ་སོ་ན་ཤྲིས་མཛད་པ། དཀའ་འགྲེལ་གཞོན་ནུ་ཟླ་བས་བྱས་པ་དར་མ་གྲགས་ཀྱི་འགྱུར། དཀའ་འགྲེལ་སློབ་དཔོན་མི་སྤྱོད་པས་མཛད་པ། མཁན་པོ་བི་ན་ཡ་ཙནྟྲ་དང་། དགེ་བསྙེན་ཆོས་ཀྱི་བཟང་པོ་དང་། ཆོས་ཀྱི་ཤེས་རབ་དང་། སླད་ནས་ཁ་ཆེ་ཨ་ཀ་ར་དང་། འོ་རུ་ལོ་ཙྪ་བས་བཅོས་པ་དང་། དཀའ་འགྲེལ་མན་ངག་རྒྱན་ཅེས་བྱ་བ་ལ་ལི་ཏས་མཛད་ལས་ཀྱི་རྡོ་རྗེ་དང་། ཀུ་མ་ར་ཤི་ལའི་གྱུར། རྡོ་རྗེ་འཇིག་བྱེད་ལ་དེ་ཉིད་ལྔའི་བསྟོད་པ་དང་། ཡང་ཤོ་ལོ་ཀ་གསུམ་པ་གཅིག་དང་། བསྟོད་པ་དོན་ཡོད་རྡོ་རྗེས་མཛད་པ་དང་། མཚན་གྱིས་བསྟོད་པ་ལས་ཀྱི་རྒྱལ་པོས་མཛད་པ། ཞེ་དགུ་མའི་སྒྲུབ་ཐབས་ལ་ལི་ཏས་མཛད་པ་དང་། ལ་ལི་ཏས་མཛད་པའི་རོ་ལངས་བརྒྱད་སྐོར་དང་། སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་དང་། ལས་བྱ་བའི་ཆོ་ག་སེམས་དཔའ་བསྡུས་པ་དོན་ཡོད་རྡོ་རྗེས་མཛད་པ་དང་། དེས་མཛད་པའི་དཀྱིལ་ཆོག་དང། །སྒྲུབ་ཐབས་མདོར་བསྡུས་པ་ཤྲི་བྷ་ཏྲས་མཛད་པ་དང་། སྦྱིན་སྲེག་གི་ཆོ་ག་དང་། ཤནྟི་པས་མཛད་པའི་ཚོགས་འཁོར་དང་བཞི་པོ་རྭ་ལོ་ཙའི་འགྱུར། ཙུ་ཙུནྡྷ་རའི་ཆོ་ག་དང་། རྟོག་གསུམ་དོན་འགྲེལ་དྲག་པོའི་ལས་བདུན་དང་། ཞི་བའི་ལས་བདུན་སྙེན་པའི་ཆོ་ག་དང་། དྲག་པོའི་ཕྱོག་གཅིག་པ་གཉིས་ཞི་བ་ཡེ་ཤེས་ཀྱིས་མཛད་པ་དང་། སྒྲུབ་ཐབས་མདོར་བསྡུས་ཤྲི་བྷ་ཏྲས་མཛད་པ། མནའ་རྒྱུད་ཀྱི་ཆོ་ག །འཇམ་པའི་དབྱངས་ཀྱིས་མཛད་པའི་ཕྱག་གཉིས་པའི་སྒྲུབ་ཐབས་དང་། འདིའི་ཞར་ལ་ཕྱག་བཞི་དྲུག་ཀྱང་སྟོན། ཡང་བསྟོད་པ་གཅིག རྒྱུན་བཤགས་དང་སྒྲུབ་ཐབས་གཉིས་ཨ་མོ་གྷ་བཛྭས་མཛད་པ། སྒྲུབ་ཐབས་སྒེགས་པའི་རྡོ་རྗེས་མཛད་པ་དེ་དང་། དེ་རྣམས་འཇིག་བྱེད་ཀྱི་སྐོར་རོ། །རྣམ་སྣང་གི་རིག་ནི་སྒྱུ་འཕྲུལ་དྲ་བའི་སྐོར་རྣམས་ཡིན་ཅིང་། རིན་པོ་ཆེའི་རིག་བཅས་དགོས་སོ། །བཞི་པ་འོད་དཔག་མེད་ཀྱི་རིགས་ཀྱི་སྐོར་ལ། བཅོམ་ལྡན་འདས་རལ་གཅིག་མའི་སྒྲུབ་ཐབས་པཎྜྻི་ཏ་ཨཛི་ཏ་མི་ཏྲ་གུཔྟས་མཛད་པ་དང་། རལ་གཅིག་ལྷ་བཅུ་བདུན་གྱིས་སྒྲུབ་ཐབས་མི་ཕམ་བཤེས་གཉེན་གྱིས་མཛད་པ་གཉིས། མི་ཏྲ་དང་། ཁྲོ་ཕུ་ལོཙྪའི་འགྱུར། རལ་གཅིག་མ་དམར་མོའི་སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ་དང་། བྱིན་རླབས་ཀྱི་ཆོ་ག་ནག་པོ་པས་མཛད་པ་གཉིས། གཞོན་ནུ་ཤེས་རབ་པའི་འགྱུར། ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པའི་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་དང་། དཀྱིལ་ཆོག་བཟང་པོ་ཡོངས་བཟུང་། ཚེ་བསྒྲུབ་ཆོ་ག །རྟ་མགྲིན་གྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། དེ་རྣམས་པཎྜྻི་ཏ་ཟླ་བ་བཟང་པོ། གླན་དར་མ་ཚུལ་ཁྲིམས་འགྱུར། ཐུགས་རྗེ་ཆེན་པོ་པད་མ་དྲ་བའི་སྒྲུབ་ཐབས་དང་། དཀྱིལ་འཁོར་ཆོ་ག་གསུམ་རྒྱལ་བ་དཔལ་ཡེ་ཤེས་ཀྱིས་མཛད་པ་གཉིས་ཁ་ཆེའི་པཎྜྻི་ཏ་སུ་མ་ཤྲི་བྷ་ཏྲ་དང་། བུ་སྟོན་རིན་ཆེན་གྲུབ་ཀྱི་འགྱུར་རོ། རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པའི་རྒྱུད་ཀྱི་འགྲེལ་པ་ཁ་ཆེའི་པཎྜྻི་ཏ་དྲི་མེད་དཔལ་བཟང་པོས་མཛད་པ། ཡར་ལུང་བ་ཤུད་ཀེ་གྲགས་པ་རྒྱལ་མཚན་འགྱུར། སློབ་དཔོན་དེས་མཛད་པའི་བྱིན་བརླབས་ཀྱི་ཆོ་ག་དང་། སྒྲུབ་ཐབས་མ་ཧི་ལས་མཛད་པ་གཉིས་འགྱུར་གོང་དང་འདྲ་བ་རྣམས་བཞུགས། རིགས་ཀྱི་འཇིག་རྟེན་མགོན་པོ་འདིའི་མ་རྒྱུད་ཀྱི་པད་མའི་རིགས་སུ་བླ་མ་རྣམས་གསུངས་སོ། བླ་མེད་གསར་འགྱུར་གྱི་སྐོར་རྣམས་རྫོགས་སོ། གཉིས་པ་སྔ་འགྱུར་གྱི་སྐོར་ལ། ༼ཚི༽པའི་ནང་དུ། རྒྱུད་ཐམས་ཅད་ཀྱི་ཆིང་དང་། མན་ངག་ཐམས་ཅད་འཇིག་རྟེན་ཀྱི་དོན་བསྡེབ་པ་ཉམས་ལེན་ཐམས་ཅད་ཀྱི་གཟེར་བསྟན་པ་སྙིང་གི་མུན་སེལ་ཞེས་བྱ་བ་མཁས་པ་བི་མ་ལ་མི་ཏྲས་མཛད་པ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་འགྲེལ་པ རིན་པོ་ཆེ་སྣང་བྱེད་ཀྱི་སྒྲོན་མའི་ལེའུ་དང་པོ་ཅུང་མ་རྫོགས་པ་རྣམས་བཞུགས། ༼ཛི༽པ་ལ། དེའི་མཇུག་ཡོངས་སུ་རྫོགས་པ་དང་། ཐལ་འགྱུར་ཆོས་རྣམས་ཀུན་གྱི་རྒྱབ་བརྟེན་ཡེ་ཤེས་དམ་པ་བཞུགས། ༼ཝི༽པ་ལ་རྒྱུད་ཉི་ཟླ་ཁ་སྦྱོར་གྱི་འགྲེལ་པ་བར་དོ་གཏན་ལ་འབེབས་པའི་འགྲེལ་པ་རིན་ཆེན་གསེར་ཕྲེང་དང་། སྐུ་གདུང་འབར་བའི་འགྲེལ་པ་སྒྲོན་མ་ཕྲེང་བཀོད་དང་། མུ་ཏིག་ཕྲེང་བའི་འགྲེལ་པ་མུ་ཏིག་རིན་ཆེན་གསལ་བར་བྱེད་པ་ཞེས་བྱ་བ་སྟེ་དེ་བཞི་བི་མ་ལས་མཛད་པ་རྣམས་བཞུགས། རྫོགས་ཆེན་མན་ངག་གི་སྡེའི་སྐབས་སོ། ༼ཞི༽པ་ལ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་རྒྱུད་ཀྱི་དོན་རྣམ་པར་བཤད་པ་སློབ་དཔོན་རྒྱལ་པོ་བརྒྱ་བྱིན་སྡོང་པོས་མཛད་པ། མཁན་པོ་བི་ད་ཀ་ར་སིང་ཧ་དང་། ལྷ་རིན་པོ་ཆེའི་འགྱུར། དཀའ་འགྲེལ་ཨིནྟྲ་བོ་དྷིས་མཛད་པ། ལོ་ཆེན་འགྱུར། རྒྱུད་ཀྱི་རྣམ་བཤད་སྣང་བར་བྱེད་པ་ཀུན་དགའ་སྙིང་པོས་མཛད་པ་སྨྲི་ཏིའི་འགྱུར། དཀའ་འགྲེལ་རབ་ཞི་བཤེས་གཉེན་གྱིས་བཤད་པ་ལོ་ཆེན་འགྱུར། འགྲེལ་པ་མཉམ་སྦྱོར་གྱིས་རྒྱན་རབ་དགའ་རྡོ་རྗེས་མཛད་པ་སྟེ་རྒྱུད་ཀྱི་འགྲེལ་པའོ། །དཀྱིལ་ཆོག་རིན་ཆེན་རྡོ་རྗེས་མཛད་པ། ཡེ་ཤེས་རྡོ་རྗེ་དང་གཉན་བསོད་དེའི་འགྱུར། དཀྱིལ་འཁོར་སྒྲུབ་པ་དང་དབང་བསྐུར་བའི་ཆོ་ག་ཧཱུཾ་ཀ་རས་མཛད་པ་དང་། དཀྱིལ་འཁོར་ཆོ་ག་ཀུ་ཀུ་རས་མཛད་པ་དང་་གཉིས། ལྷ་རིན་པོ་ཆེའི་འགྱུར་རྣམས་བཞུགས་སོ། །མཉམ་སྦྱོར་གྱི་སྐབས་ཏེ་གུར་ལ་མ་རྒྱུད་ཀུན་གྱི་ཐོག་མར་གསུངས་སོ། ༼ཟི༽པ་ལ། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་བསྟན་པ་ལ་འཇུག་པའི་ཆོ་ག་ལྔ་པ་སློབ་དཔོན་ཀུ་ཀུ་རས་མཛད་པ། རྨ་རིན་ཆེན་མཆོག་གི་འགྱུར། བཅོམ་ལྡན་འདས་ལ་བསྟོད་པ་རྡོ་རྗེ་འཛིན་གྱིས་དབྱངས་དང་། བསྟོད་པ་རྡོ་རྗེ་འཛིན་གྱི་དབྱངས་ཀྱི་འགྲེལ་པ་གཉིས་དཔལ་བརྩེག་འགྱུར། ཧེ་རུ་ཀའི་སྒྲུབ་ཐབས་ཐུ་བོ་ཧ་སྟིས་མཛད་པ། ཧེ་རུ་ཀའི་སྒྲུབ་ཐབས་ཧཱུཾ་མཛད་རྡོ་རྗེས་མཛད་པ། ཡན་ལག་བཞིའི་དོན་སྣང་བར་བྱེད་པ་ཧཱུཾ་མཛད་གྲགས་པས་མཛད་པ། རྡོ་རྗེ་སེམས་དཔའི་དོན་རྣམ་པར་བཀོད་པ་ཀུ་ཀུ་རས་མཛད་པ། རྣམ་པར་སྣང་མཛད་ཀྱི་དོན་རྣམ་པར་བཀོད་པ་དང་། ཧེ་རུ་ཀའི་གསང་དོན་རྣམ་པར་བཀོད་པ་དང་། པད་མ་གར་དབང་གི་གསང་དོན་རྣམ་པར་བཀོད་པ་དང་། རྡོ་རྗེ་རིན་ཆེན་ཉི་མའི་གསང་དོན་རྣམ་པར་བཀོད་པ་དང་། རྟ་མཆོག་རོལ་པའི་གསང་དོན་རྣམ་པར་བཀོད་པ་རྣམས་ཀུ་ཀུ་རས་མཛད་པ་ལྷ་རིན་པོ་ཆེས་བསྒྱུར་བ། རྡོ་རྗེ་སེམས་དཔའ་དང་། ཧེ་རུ་ཀ་རྗེས་སུ་དྲན་པའི་ཆོ་ག་གཉིས་ཐུ་བོ་ར་ཙ་ཧ་སྟིས་མཛད་པ། རྡོ་རྗེ་སེམས་དཔའ་དང་ཧེ་རུ་ཀའི་སྒྲུབ་ཐབས་ཐུ་བོ་ར་ཙ་ཧ་སྟིས་མཛད་པ། སངས་རྒྱས་མཉམ་སྦྱོར་གྱི་ཚོགས་འཁོར་ཆོ་ག་ཨིནྟྲ་བོ་དྷིས་མཛད་པ། ཡང་དག་གི་རྩ་བའི་གཞུང་ཧཱུཾ་ཀ་རས་མཛད་པ་རྣམས་སོ། །ཡང་དག་གི་སྐོར་རོ། །རྒྱུད་ཀྱི་རྒྱལ་པོ་གསང་བའི་སྙིང་པོ་སྤར་ཁབ་སྒེག་རྡོར་གྱིས་བྱས་པ། སྒྱུ་འཕྲུལ་ལམ་རིམ་སངས་རྒྱས་གསང་བས་མཛད་པ་སྙག་ཛྙྱ་ན་ཀུ་མ་རས་བསྒྱུར། སྒྱུ་འཕྲུལ་མན་ངག་རྣམ་པར་བཀོད་པ་སངས་རྒྱས་གསང་བས་མཛད་པ། སྒྱུ་འཕྲུལ་གྱི་ཐིགས་པ་དང་། སྒྱུ་འཕྲུལ་གསལ་བའི་སྒྲོན་མེ། སྒྱུ་འཕྲུལ་དྲ་བའི་ལམ་བཤད་པ་རྣམས་བི་མ་ལ་མི་ཏྲས་མཛད་པ། རིམ་པ་དྲུག་པ་སྒེག་རྡོར་གྱིས་མཛད་པ། སྒྱུ་འཕྲུལ་གྱི་མན་ངག་རིམ་པ་གསུམ་པ་བི་མ་ལ་མི་ཏྲས་མཛད་པ། དམ་ཚིག་པའི་ཆོ་ག་མདོར་བཤད་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བདེ་བ་ཆེན་པོའི་མན་ངག་ཇོ་བོ་དང་། ཕོ་བྲང་ཞི་བ་འོད་ཀྱི་འགྱུར། སྒྱུ་འཕྲུལ་གྱི་མན་ངག་རིམ་པ་གསུམ་པ་བི་མ་ལ་མི་ཏྲས་མཛད་པ། རྡོ་རྗེ་དམ་ཚིག་རྡོ་རྗེ་གསལ་བཀྲ་སྤྱིའི་དམ་ཚིག་མདོར་བསྡུས་སྒེག་རྡོར་མཛད་པ། ཏོག་ཙེ་པའི་བསམ་མི་ཁྱབ་རྣམས་བཞུགས་སོ། །༼འི༽པ་ལ། གསང་སྙིང་གི་འགྲེལ་པ་ཉི་མ་སེང་གེ་འོད་ཀྱིས་མཛད་པ་མཁན་པོ་པྲ་སྭ་ཏ་དང་། པད་མ་ཙ་རུ་རྩའི་འགྱུར། སྒྱུ་འཕྲུལ་དྲ་བ་རྡོ་རྗེ་ལས་ཀྱི་རིམ་པ་དབང་གི་དོན་རབ་ཏུ་འབྱེད་པ། སྒྱུ་འཕྲུལ་དྲ་བའི་དབང་གི་གལ་པོ། དབང་གི་དོན་ངེས་པར་འབྱེད་པ་རྣམས་སངས་རྒྱས་གསང་བས་མཛད་པ། སྒྱུ་འཕྲུལ་ཐུགས་ཀྱི་ཐིགས་པ། གསང་བའི་ཐིགས་པའི་མན་ངག་བི་མ་ལ་མི་ཏྲས་མཛད་པ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་ཤེས་པའི་མཚན་ཉིད་བཤད་པ་ཤེས་རབ་སྤྱན་འབྱེད་ཞེས་བྱ་བ་མི་མ་ལ་མི་ཏྲ་མཛད་པ། མན་ངག་གི་རྒྱལ་པོ་ལྟ་བའི་ཕྲེང་བ། ལས་ཤན་ལྟ་བའི་སྒྲོན་མ་ཞེས་བྱ་བ་སྣང་བ་བཅུ་བདུན་པ་བཞད་པ་རྡོ་རྗེས་མཛད་པ། ལྟ་བའི་རིམ་པའི་མན་ངག་ཀ་བ་དཔལ་བརྩེགས་ཀྱི་མཛད། གཡུའི་ཐང་མ་ཀྲས་དགུ་བི་མ་ལས་འཕན་ཡུལ་དུ་མཛད་པ། སྒྱུ་འཕྲུལ་དྲ་བ་མེ་ལོང་ལྟ་བུའི་སྒྲུབ་ཐབས་ཛྙྱ་ན་ཛ་ཡས་མཛད་པ། སྒྱུ་འཕྲུལ་དྲ་བའི་སེམས་བསྐྱེད་པའི་ཏིང་ངེ་འཛིན་དཀྱིལ་འཁོར་ལྔའི་དབང་དུ་སྦྱར་བ་འོད་ཀྱི་རིམ་པའི་མན་ངག་སངས་རྒྱས་གསང་བས་མཛད་པ། སྒྱུ་འཕྲུལ་ཕྱག་རྒྱ་བི་མ་ལས་མཛད་པ། སྒྱུ་འཕྲུལ་ཞི་བ་དྲ་ཆེན། ཞི་བ་དྲ་ཆུང་། དེ་ཁོ་ན་ཉིད་སྣང་བ་དམ་པའི་རྒྱན། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ཧྶྭི་ར་མ་ཏིས་མཛད་པ། དམ་ཚིག་ཕྲ་རྒྱས་བསྟན་པ། སྒྱུ་འཕྲུལ་སྦྱིན་སྲེག་གི་རིམ་པ་མདོར་བསྡུས་བི་མ་ལས་མཛད་པ། སྒྱུ་འཕྲུལ་དྲ་བའི་སྲེག་ལས་འཕྲེང་བ་བི་མ་ལས་མཛད་པ། སྒྱུ་འཕྲུལ་སེའུ་ཆུང་རང་གནས་ཀྱི་རིམ་པ་སྒེག་རྡོར་གྱིས་མཛད་པ། སྐུ་གདུང་ལས་ཀྱི་རིམ་པ། ཟ་ཚོགས་གཏོར་མའི་ལུང་། གསང་བ་མདོ་དོན་བསྡུས་པ་དྷརྨ་བོ་དྷེས་མཛད་པ། སྐབས་འགྲེལ་བྱེ་བྲག་རྣམ་པར་བཤད་པ་དང་། ཡོ་གའི་ཕྱི་ནང་གཞུང་རྒྱུད་ལས་ངེས་དོན་མདོར་བསྡུས་པ་རྒྱན་དམ་པའི་ལེའུ་བམ་པོ་གཅིག་ཏུ་བྱས་པ་གཉིས་ཧྶྭི་ར་མ་ཏིས་མཛད། ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱ་ཆེར་བཤད་པ་བདུད་རྩི་ཐིག་པ་མཚོ་སྐྱེས་རྡོ་རྗེས་མཛད་པ། པད་མའི་ཐོད་ཕྲེང་ཅན་དང་། ཛྙྱ་ན་ཀུ་མ་རའི་འགྱུར། འཕགས་པ་ཐབས་ཀྱི་ཞགས་པ་པད་ཕྲེང་གི་འགྲེལ་པ་གཤིན་རྗེ་གཤེད་ཁ་ཐུན་གྱི་ཕྲན་ཚེག་དྲུག་གི་སྒྲོམ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཁ་ཐུན་ནག་པོ་རྒྱས་པར་འབྱེད་པའི་རྩ་བ་འཁོར་ལོ་འདུས་པ་འཇམ་དཔལ་བཤེས་གཉེན་མཛད་པ། ཁུ་ལོང་ཡོན་ཏན་རྒྱ་མཚོའི་འགྱུར། དེ་ཉིད་གསུམ་པ་ཞེས་བྱ་བ། གཤིན་རྗེ་གཤེད་ཁ་ཐུན་གྱི་སྒྲུབ་ཐབས་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། གནུབ་སངས་རྒྱས་ཡེ་ཤེས་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོ་ལས་ཀྱི་འཁོར་ལོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྡོ་རྗེ་བཀོད་པའི་རྒྱུད་བསྟན་པ་སྲུང་བ་རྣལ་འབྱོར་ཡོངས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི་བསྒྲུབ་ཐབས་དཀྱིལ་འཁོར་བདུན་གྱི་རིམ་པ་རྣམ་པར་ཕྱེ་བ་རྣམ་སྣང་མྱུ་གུས་མཛད་པ་རྣམས་བཞུགས། །སྒྱུ་འཕྲུལ་དང་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐོར་རྣམས་སོ། །གཉིས་པ་རྣལ་འབྱོར་རྒྱུད་ཀྱི་སྐོར་ལ། རྩ་རྒྱུད་ཀྱི་སྐོར་ནི། ༼ཡི༽པའི་ནང་དུ། རྩ་བའི་རྒྱུད་དེ་ཉིད་སྣང་བའི་འགྲེལ་པ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་དུམ་བུ་གཉིས་པ་གཟུངས་དཀྱིལ་ཡན་བཞུགས། ༼རི༽པ་ལ། ཕྱི་མའི་ཡང་ཕྱི་མའི་བཤད་པ་རྫོགས་པ་དང་། ༼ལི༽པ་ལ། འཇུག་ཡོངས་སུ་རྫོགས་པ། པཎྜྻི་ཏ་ཐུགས་རྗེ་ཆེན་པོ་དང་། ཟངས་དཀར་ལོཙྪས་བསྒྱུར་བ་དང་། སློབ་དཔོན་དེས་མཛད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ཆོག་རྡོ་རྗེ་འབྱུང་བ་དང་། དེའི་བསྡུས་པའི་དོན་ཨ་ཙརྻ་མུ་ནན་ཏྲ་བྷ་ཏྲས་མཛད་པ་དེ་ཉིད་དང་། ཆོས་ཤེས་ཀྱི་འགྱུར། དཀྱིལ་འཁོར་གྱི་རྣམ་པར་བཞག་པ་མུ་ཏིག་ཏ་ཀོ་ཤས་མཛད་པ་ལོ་ཆེན་འགྱུར། ཡུམ་མཆོག་སྤྲོས་པ་མེད་པའི་སྒྲུབ་ཐབས་དང་། ཁམས་གསུམ་རྣམ་རྒྱལ་ཀྱི་དཀྱིལ་ཆོག་དང་གཉིས་པོ་ཀུན་སྙིང་གིས་མཛད་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་དང་། སེམས་དཔའ་འབྱུང་བ་གཉིས་དགེ་བློའི་འགྱུར། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཨིནྟྲ་བོ་དྷེས་མཛད་་པ། དཔལ་ལྡན་རྒྱ་ཆེ་བ་ཞེས་བྱ་བའི་ཆོ་ག་དང་། དེ་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་དུམ་བུ་དང་པོ་ཡན་བཞུགས། ༼ཤི༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ་བཞུགས་སོ། །༼སི༽པ་ལ། སངས་རྒྱས་གསང་བས་མཛད་པའི་འགྲེལ་པ་ཨ་ཝ་ཏ་འཇམ་དཔལ་གོ་ཆའི་འགྱུར། འཇིག་རྟེན་གསུམ་རྒྱལ་གྱི་འགྲེལ་པ་མུ་ཏིག་གཅིག་ཀོ་ཤས་མཛད་པ་རྒྱུད་དོན་ལ་འཇུག་པ་ཅེས་བྱ་བའི་འཇུག་ཅུང་མ་ཚང་བ་དང་། ཀུན་དགའ་སྙིང་པོས་མཛད་པའི་དཔལ་མཆོག་འགྲེལ་ཆེན་གྱི་དུམ་བུ་དང་པོ་ཡན། ལོ་ཆེན་འགྱུར་བཞུགས། ༼ཧི༽པ་ལ། གསང་བ་རས་རིས་ཀྱི་སྐབས་ཀྱི་ལོ་ཆེན་གྱི་འགྱུར་འཚམས་ཡན་བཞུགས། ༼ཨི༽པ་ལ། འཇུག་ཡོངས་སུ་རྫོགས་པ་དང་། ཐམས་ཅད་གསང་བའི་བཤད་སྦྱར་གསང་བའི་སྒྲོན་མ་ཤནྟི་པས་མཛད་པ་ལོ་ཆེན་འགྱུར། སྦྱོངས་རྒྱུད་ཀྱི་བརྟག་པ་དང་པོ་དང་ཕྱི་་མའི་དང་ཕྱི་མ་ཡང་བཤད་པ། གསལ་བའི་སྒྲོན་མ་ཀུན་སྙིང་གིས་མཛད་པ། ཀུ་མ་ར་ཀ་ལ་ཤ་དང་། ཁྱུང་པོ་ཆོས་བརྩོན་གྱིས་བསྒྱུར་བ་རྣམས་བཞུགས། ༼ཀུ༽པ་ལ། སྦྱོངས་རྒྱུད་འགྲེལ་པ་སྣང་བའི་རྒྱན་མཁན་པོ་བིད་དྷ་ཀ་ར་ཝརྨ་དང་། དགེ་སློང་དབང་ཕྱུག་རྒྱལ་མཚན་གྱི་འགྱུར། སྦྱོང་རྒྱུད་ཀྱི་འགྲེལ་པ་མཛེས་རྒྱན་ཀུན་དགའ་སྙིང་པོས་མཛད་པ་དང་། འབྲུ་འགྲེལ་སངས་རྒྱས་གསང་བས་མཛད་པ་རྣམས་བཞུགས། ༼ཁུ༽པ་ལ། སྦྱོངས་རྒྱུད་ཀྱི་འགྲེལ་པ་ཀ་མ་དྷེ་ནུས་མཛད་པ་ལ་ཙརྻ་པ་ཎི་ཡ་ཙནྟྲ་དང་། དགེ་སློང་ཆོས་ཤེས་ཀྱི་འགྱུར། ངན་སོང་སྦྱོང་བའི་ཆོ་ག་ཨ་ནན་ཏ་པ་ར་ཧི་པས་མཛད་པ། ཚིག་ཐ་མའི་ཆོ་གའི་རྣམ་གྲངས་དཔལ་ལྡན་ཏིང་འཛིན་རྡོ་རྗེས་མཛད་པ། པྲཛྙྱ་ཀིཏྟིའི་འགྱུར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དོན་བསྒོམ་པའི་དོན་བསྡུས་པ་ཀུ་མ་ར་ཀླ་ཤུས་བསྒྱུར་བ། རོ་བསྲེག་གི་ཆོ་ག་དྷརྨ་ཀིརྟིས་མཛད་པ་དགེ་བློའི་འགྱུར། རོ་བསྲེག་གི་ཆོ་ག་མདོ་དང་བསྲེས་པ་ཀུན་སྙིང་གིས་མཛད་པ། ལོ་ཆེན་འགྱུར། སྦྱིན་སྲེག་གི་ཆོ་ག་སྐལ་བཟང་དགའ་བས་མཛད་པ་གཡུང་དྲུང་འོད་ཀྱི་འགྱུར། དཀྱིལ་ཆོག་གི་རིམ་པ་སངས་རྒྱས་གསང་བས་མཛད་པ། རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་གཅིག་པ་སྒོམ་པའི་སྒྲུབ་ཐབས། སྤྱན་དབྱེ་ཡི་ཆོ་ག་ཀུན་སྙིང་གིས་མཛད་པ། སྦྱིན་སྲེག་གི་ཆོ་ག་རབ་འབྱོར་སྐྱོང་གིས་མཛད་པ། སྦྱིན་སྲེག་གི་ཆོ་ག་ཀུན་བཟང་། ངན་སོང་སྦྱོང་བའི་དཀྱིལ་ཆོག་ཀུན་སྙིང་གིས་མཛད་པ་སྨྲི་ཏིའི་འགྱུར་རྣམས་སོ། །ཆ་མཐུན་དང་། འཕྲོས་པའི་རྒྱུད་ཀྱི་སྐབས་སོ། །མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲལ་བའི་སྐོར་ལ། མཚན་བརྗོད་ཀྱི་འགྲེལ་པ་སློབ་དཔོན་ཆེན་པོ་འཇམ་དཔལ་གྲགས་པས་མཛད་པ་ལོ་ཆེན་འགྱུར་རྣམས་བཞུགས། ༼གུ༽པ་ལ། ནམ་མཁའ་དྲི་མ་མེད་པ་འཇམ་དཔལ་གྲགས་པས་མཛད་པ། མཚན་བརྗོད་འགྲེལ་པ་སྔགས་དོན་རྣམས་གཟིགས་སྒེགས་པའི་རྡོ་རྗེས་མཛད་པ། སྨྲི་ཏིའི་འགྱུར། དཀྱིལ་འཁོར་ཆོ་ག་བྱང་ཆུབ་མཆོག་གི་མཛད་པའི་ཡོན་ཏན་འབྱུང་གནས་སྨྲི་ཏིའི་འགྱུར། གསང་ལྡན་གྱི་ཐིག་ལེ་ཆོ་ག་སྨྲི་ཏིས་མཛད་པ། སྒྲུབ་ཐབས་བྱང་ཆུབ་མཆོག་གིས་མཛད་པ། དེའི་འགྲེལ་པ་སྨྲི་ཏིས་མཛད་པ། གསང་ལྡན་གྱི་ཐོ་ཡིག་སྨྲི་ཏིས་མཛད་པ། དེ་རྣམས་སྨྲི་ཏིའི་འགྱུར། གསང་བའི་དཀའ་འགྲེལ་བཤད་པ་དོན་བསྡུས་སྒྲོན་མེ། དེ་བ་ཨ་ཀ་ར་ཙནྟྲ་དང་། གློག་སྐྱའི་འགྱུར་རྣམས་བཞུགས། ༼ངུ༽པ་ལ། མཚན་བརྗོད་ཀླག་པའི་སྒོམ་ཁོག་བྱང་ཆུབ་མཆོག་གིས་མཛད་པ། མཚན་བརྗོད་ཀླག་པའི་མན་ངག་ཤཱཀྱ་ཤྲི་བྷ་ཏྲས་མཛད་པ། འཇམ་དཔལ་གྱི་སྒྲུབ་ཐབས་དགེ་བསྙེན་སྙན་གྲགས་དགེ་བས་མཛད་པ། སྦྱིན་སྲེག་གི་ཆོ་ག་རྒྱས་པ་བྱང་ཆུབ་མཆོག་གིས་མཛད་པ། །རིན་པོ་ཆེའི་སྒྲུབ་ཐབས་དགེ་བསྙེན་མ་གྲགས་སྦྱིན་མས་མཛད་པ་གཉིས་སྨྲི་ཏིའི་འགྱུར། ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་ཨ་ཝ་དྷུ་ཏིས་མཛད་པ་དང་། དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས། དྷརྨ་ཤྲི་མི་ཏྲའི་འགྱུར། འཇམ་དཔལ་དང་པོའི་སངས་རྒྱས་ཀྱི་སྒྲུབ་ཐབས་དང་། མཚན་བརྗོད་ཀྱི་བསྒྲུབ་ཐབས་གཉིས་ཨ་ཝ་དྷུ་ཏིས་མཛད་པ། དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་གསལ་བ་གཉིས་མེད་སྦས་པས་མཛད་པ་རྣམས་དྷརྨ་ཤྲི་མི་ཏྲ་དང་། ཆོས་ཀྱི་བཟང་པོའི་འགྱུར། མཆོད་རྟེན་སྒྲུབ་པའི་ཆོ་ག གཏོར་མའི་ཆོ་ག །རྣམ་པ་ཉི་ཤུས་བྱང་ཆུབ་པའི་སྒྲུབ་ཐབས། འཇམ་དཔལ་གྱི་སྒྲུབ་ཐབས། དཀྱིལ་འཁོར་ཆོ་ག་རྣམས་སོ་མ་ཤྲིས་མཛད་པ། དགེ་སློང གཞོན་ནུ་འོད་ཀྱིས་འགྱུར། འཇམ་དཔལ་རིག་བསྡུས་པ་དང་ཕྱེ་བའི་ཆོ་ག་ཡིད་བཞིན་ནོར་བུ་ཟླ་བཟང་གྲགས་པས་མཛད་པ། དཀྱིལ་འཁོར་ཆོ་ག་ཤནྟི་གརྦྷས་མཛད་པ། སློབ་དཔོན་དེས་མཛད་པའི་མཚན་བརྗོད་ཀྱི་རྡོ་རྗེའི་གླུར་བླངས་བླའི་ལེའུ་ཡི་སྒྲུབ་ཐབས་མདོ་དང་བསྲེས་པ་དང་། དཀྱིལ་འཁོར་གྱི་ཆོ་ག་རྣམས་སོ། བྱང་སེམས་རྡོ་རྗེའི་དབང་ཕྱུག་དབྱུང་། རྣམ་སྣང་དབང་ཕྱུག་དབྱུང་། མི་བསྐྱོད་མེད་པ་དབང་ཕྱུག་དབྱུང་། སྣང་མཐའ་དབང་ཕྱུག་དབྱུང་། རིན་འབྱུང་དབང་ཕྱུག་དབྱུང་། དོན་གྲུབ་དབྱུང་། རོ་སྲེག་ཆོ་ག །བདུན་ཚིག་ཆོ་ག །སྦྱིན་སྲེག །ཚ་ཚ་རབ་གནས། ངན་སྔགས་ཀྱི་འཁོར་ལོ། བསྟོད་པའི་རིམ་པ། ཁྲུས་ཆོག །མཎྜྻལ་ཆོ་ག། སྐོར་བ་བྱ་ཐབས། ཟས་ཀྱི་རྣལ་འབྱོར། འབྱུང་པོའི་གཏོར་ཆོག །ས་ཆོག །ཤེས་པ་དུག་གསུམ་ལས་བཟློགས་པའི་མན་ངག །བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་བལྟ་བ། སྒྲུབ་ཐབས། སྤྱོད་ཆེད་ཆོ་ག དེ་ཁོ་ན་ཉིད་སྒོམ་པ། རྟེན་འབྲེལ་བཅུ་གཉིས་བསྒོམ་པ་དང་། རྗེས་དྲན་དུ་བསྒོམ་པ། ནམ་གྱི་ཆ་སྨད་མཉམ་པར་བཞག་པའི་མན་ངག་སྟེ་དེ་རྣམས་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཡིག་གེ་བརྒྱ་པའི་ཆོ་ག་པད་མ་བཛྭ་གྱི་མཛད་པ། སྒྲུབ་ཐབས། སྤྱོད་ཆེད་ཆོ་ག །བུམ་པའི་ཆོ་ག །སྦྱིན་སྲེག་ཆོ་ག །དེ་བཞི་མྱ་ངན་མེད་པའི་དཔལ་གྱིས་མཛད་པ་དང་། འགྲེལ་ཆུང་ལོ་ཆེན་འགྱུར། མན་ངག་གི་འགྲེལ་པ་གཞོན་ནུ་གྲགས་པས་མཛད་པ། འཇམ་དཔལ་གྱི་མཚན་བརྗོད་པའི་འགྲེལ་པ་སྨྲི་ཏིས་མཛད་པ། གསང་སྔགས་ཀྱི་ཚུལ་བཤད་པ། ཚུལ་གསུམ་གསལ་བར་བྱེད་པའི་སྒྲོན་མ། མཚན་བརྗོད་ཀྱི་རྒྱ་ཆེར་བཤད་པ་ཙནྟྲ་གོ་མིས་མཛད་པ་འགོས་སྨྲ་ལྷ་བཙས་དང་། ཤེས་རབ་བརྩོན་གྲུས་འགྱུར། མཚན་བརྗོད་འགྲེལ་པ་ཟླ་བཟང་གྲགས་པས་མཛད་པ། འཕགས་པ་ཤེས་རབ་འགྱུར། མཚན་བརྗོད་འགྲེལ་པ་སྤུ་གྲི་རེག་གཅོད་མ་རྒྱུད་གཅོད་དགའ་རབ་རྡོ་རྗེས་མཛད་པ་རྣམས་བཞུགས། ༼ཅུ༽པ་ལ། མཚན་བརྗོད་འགྲེལ་པ་མཚན་དོན་གསལ་བ་བི་མ་ལས་མཛད་པ་སྙག་གི་འགྱུར། ནཱ་རོ་པས་མཛད་པའི་བར་མ་དོའི་ཆོ་ག་སྡོག་བུདྷ་པ་ལའི་འགྱུར་རོ། མཚན་་་བརྗོད་ཀྱི་སྐོར་འདི་ཐམས་ཅད་ཡོ་ག་ཡིན་ངེས་མི་སྣང་ཡང་མཚན་བརྗོད་སྐོར་རྣམས་ཕྱོགས་མཐུན་དུ་བྲིས་པའོ། གསུམ་པ་སྤྱོད་རྒྱུད་ཀྱི་སྐོར་ལ། རྣམ་སྣང་མངོན་བྱང་གི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སངས་རྒྱས་གསང་བ་མཛད་པ་དང་། སློབ་དཔོན་དེས་མཛད་པའི་བསྡུ་དོན་དཔལ་བརྩེགས་འགྱུར། ཐུགས་རྗེ་འབྱུང་བ་ཞེས་བྱ་བའི་སྒོམ་བཟླས་ཡེ་ཤེས་རྡོ་རྗེས་མཛད་པ་ལོ་ཆེན་འགྱུར་རྣམས་བཞུགས། བཞི་པ་བྱ་རྒྱུད་ལ་བྱ་བ་སྤྱིའི་རྒྱུད་དང་། སོའི་རྒྱུད་གཉིས་ལས། དང་པོ་ནི། ༼ཆུ༽པ་ལ། དཔུང་བཟང་གི་ཞུས་པའི་རྒྱུད་ཀྱི་དོན་བསྡུས་སངས་རྒྱས་གསང་བས་མཛད་པ། རྒྱུད་དོན་དགྲོལ་བའི་བརྗེད་བྱང་། ཚིགས་དོན་བཤད་པའི་བརྗེད་བྱང་ཡེ་ཤེས་རྡོ་རྗེས་མཛད་པ། ལེགས་སྒྲུབ་ཀྱི་སྒྲུབ་ཐབས་གཉིས་མར་མེ་མཛད་ཀྱིས་མཛད་པ། ལེགས་གྲུབ་ཀྱི་སྒྲུབ་ཐབས་བྱང་ཆུབ་མཆོག་གིས་མཛད་པ། བསམ་གཏན་ཕྱི་མའི་རིམ་པར་ཕྱེ་བའི་རྒྱ་ཆེར་བཤད་པ་སངས་རྒྱས་གསང་བས་མཛད་པ་དཔལ་བརྩེག་འགྱུར་སྟེ་རྒྱུད་གཉིས་སོ། །འཇམ་དཔལ་གསང་རྒྱུད་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ངག་གི་དབང་ཕྱུག་གཞོན་ནུས་མཛད་པ། འཇམ་དཔལ་གསང་རྒྱུད་ཀྱི་དཀྱིལ་འཁོར་ཆོ་ག་དོན་ཡོད་ཞབས་ཀྱིས་མཛད་པ། མན་ངག་བདུད་རྩིའི་འཁོར་ལོ་ལག་ན་རྡོ་རྗེས་བསྡུས་པ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་རྒྱུད་ཀྱི་རྒྱ་ཆེར་བཤད་པ། འདི་སྤྱོ་རྒྱུད་དུ་བཞེད་དོ། །གོས་སྔོན་ཅན་ལ་ཀླུ་སྒྲུབ་དང་། ཛ་བ་རི་གཉིས་ཀྱིས་བསྟོད་པ་གཉིས། རྣམ་འཇོམས་ལ་མ་ནི་བཛྭས་བསྟོད་པ་རྣམས་བཞུགས་སོ། །བཞི་པ་བྱ་བའི་རྒྱུད་སྒོ་དྲུག་ལ། ༼ཇུ༽པའི་ནང་དུ། དམ་ཚིག་གསུམ་བཀོད་པའི་བསྒྲུབ་ཐབས་ཀུ་མུ་ཏ་ཨ་ཀ་རས་མཛད་པ་ཀྲིཥྞ་པ་དང་། ནག་ཚོ་འགྱུར། མི་འཁྲུག་པའི་གཟུངས་སྒྲུབ། དཀྱིལ་ཆོག །སྒྲུབ་ཐབས། སྦྱིན་སྲེག །བུམ་ཆོག་རྣམས་ཇོ་བོ་རྗེས་མཛད་པ། སྒྲུབ་ཐབས་འཛེ་ཏ་རིས་མཛད་པ། གཙུག་ཏོར་དྲི་མེད་འགྲེལ་པ་ལྷན་གཅིག་སྐྱེས་པའི་རོལ་པས་མཛད་པ། ཛ་ཡེ་ད་བ་དང་། ལོང་སོ་ཚུལ་ཁྲིམས་བརྩེག་ཀྱི་འགྱུར། དྲི་མེད་སྒྲུབ་ཐབས་ཇོ་བོ་རྗེས་མཛད་པ། གཟུང་ཆོག་ཇོ་བོས་མཛད་པ། དྲི་མེད་ཀྱི་གཟུངས་ཀྱི་ཆོ་ག་མཆོད་རྟེན་སྒྲུབ་པའི་ཆོ་ག་ཞི་བ་སྙིང་པོས་མཛད་པ། མཆོད་པའི་ཆོ་ག་ཤནྟ་རཀྵི་ཏས་མཛད་པའོ། །གདུག་དཀར་དཀྱིལ་ཆོག་པད་མ་ལྕགས་ཀྱུས་མཛད་པ། གདུག་དཀར་སྒྲུབ་ཐབས་གཉིས་ཙནྟྲ་གོ་མིས་མཛད་པ། ལས་ཚོགས་སྲུང་བ་ཆེན་མོ། གཟུངས་ཀྱི་ཆོ་ག་མཉྫྱུ་ཤྲིས་མཛད་པ། གཟུངས་ཀྱི་འགྲེལ་པ་དང་། དཀྱིལ་འཁོར་ཆོ་ག་གཉིས་ཤུ་རང་ག་བཛྭས་མཛད་པ་ཟང་དཀར་འགྱུར། སྦྱིན་སྲེགས་རྡོ་རྗེ་རྣོན་པོས་མཛད་པ། རིམ་བསྲུང་བ། ནོར་བསྲུང་བ། ཞི་བའི་སྦྱིན་སྲེགས། མངོན་སྤྱོད་ཀྱི་ལས། རྒྱས་པའི་སྦྱིན་སྲེག །དབང་གི་སྦྱིན་སྲེག །སྲི་བུ་གསོ་བ། ཟློག་པའི་ཟོར་ལས་རྣམས་ཙནྟྲ་གོ་མིས་མཛད་པ། སྒྲུབ་ཐབས་ཤེར་ཕྱིན་འགྱུར། རབ་གནས་ཆོ་ག །ཚ་ཚའི་ཆོ་ག་གཉིས་པད་མ་ལྕགས་ཀྱུས་མཛད་པ། མཆོད་རྟེན་བསྒྲུབ་པའི་ཆོ་ག་ཙནྟྲ་གོ་མིས་མཛད་པའོ། །བསྲུང་བ་ལྔའི་སྒྲུབ་ཐབས། སྟོང་ཆེན་མོ། རྨ་བྱ་ཆེན་མོ། གསང་སྔགས་རྗེས་འཛིན། བསིལ་བའི་ཚལ། སོ་སོ་འབྲང་མ་རྣམས་ཀྱི་སྒྲུབ་ཐབས། སོ་སོ་འབྲང་མའི་འཁོར་ལོ་བའི་ཆོ་ག་རྣམས་ཛེ་ཏ་རིས་མཛད་པ། སོ་འབྲང་མའི་སྒྲུབ་ཐབས་ཀྱི་ཆོ་ག་སངས་རྒྱས་ཡེ་ཤེས་ཀྱི་གདམས་པ། སོ་སོ་འབྲང་བའི་སྲུང་འཁོར་བྲི་ཐབས་ཤིནྟ་པས་མཛད་པ། སློབ་དཔོན་དེས་མཛད་པའི་སྲུང་བ་ལྔའི་སྒྲུབ་ཐབས། འབྲང་མའི་འཁོར་ལོ་བྲི་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། འཕགས་པ་གཉིས་བྱི་ཏའི་བུམ་ཆོག །ཤེར་ཕྱིན་མའི་དཀྱིལ་ཆོག །སྒྲུབ་ཐབས་ཐམས་ཅད་ཀྱི་ལས་ཀ་བྱེད་གསལ་བྱེད་གཉིས་རད་ན་ཀིརྟིས་མཛད་པ། བལ་པོ་མ་ཧཱ་པ་ནའི་འགྱུར་རོ། །འཇམ་དཔལ་དཔལ་བོ་གཅིག་སྒྲུབ་ཀྱི་སྒྲུབ་ཐབས་མར་མེ་མཛད་ཀྱིས་མཛད་པ། དགེ་བློའི་འགྱུར། འཇམ་དཔལ་གྱི་སྒྲུབ་ཐབས་མ་ཏིས་མཛད་པ། ཨ་ར་པ་ཙའི་སྒྲུབ་ཐབས་ཤྲ་དྷས་མཛད་པ། དེའི་མཆོད་ཆོག །མཚན་བརྗོད་སྒྲུབ་ཐབས་མི་གཡོ་སེང་གེས་མཛད་པ། འཇམ་དཔལ་བློ་འཕེལ་ཀླུ་སྒྲུབ་ཀྱིས་མཛད་པ། འཇམ་དཔལ་གཡོ་བའི་འཁོར་ལོ་ཤཱཀྱ་ཤྲིས་མཛད་པ། གསུང་གི་སྒྲུབ་ཐབས་ཀ་མ་ལ་ཤི་ལས་མཛད་པ། ཤེས་རབ་འཁོར་ལོའི་སྒྲུབ་ཐབས་ཙནྟྲ་ཀ་ར་གུཔྟས་མཛད་པའོ། །སྤྱན་རས་གཟིགས་ཕྱག་སྟོང་པའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། དཔལ་མོས་མཛད་པ་གཉིས་ལོ་ཆེན་འགྱུར། དཔལ་མོས་མཛད་པའི་བསྟོད་པ་ཚན་པ་ལྔ། སྙིང་རྗེ་ལ་བསྟོད་པ་ཀུན་སྦྱིན་གྱིས་མཛད་པ། ཟླ་བ་གྲག་པས་བསྟོད་པ། ཡིག་གེ་དྲུག་པའི་སྒྲུབ་ཐབས་ཙནྟྲ་གོ་མིས་མཛད་པ། ཚན་གཉིས། མར་མེ་མཛད་ཀྱིས་མཛད་པ་འབྲོམ་འགྱུར། ཕྱག་སྟོང་པའི་སྒྲུབ་ཐབས་ཏ་ཐཱ་ག་ཏ་བཛྭ་གྱིས་མཛད་པ། ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཛེ་ཏ་རིས་མཛད་པ། སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། ཡི་གེ་དྲུག་གི་སྒྲུབ་ཐབས་དང་གཉིས། ཡི་གེ་དྲུག་པའི་སྒྲུབ་ཐབས་སུ་ཛ་བཛྭས་མཛད་པ། སེང་གེ་སྒྲའི་སྒྲུབ་ཐབས་མར་པ་ཆོས་དབང་གིས་འགྱུར། དོན་ཞག་གི་སྒྲུབ་ཐབས། གཏོར་ཆོག །གསོ་སྦྱོང་བླང་བ། གསོ་སྦྱོང་གི་ཆོ་གའི་མན་ངག་སྟེ་བཞི་པོ་ཤཱཀྱ་ཤྲི་མཛད་པ། རབ་མཆོག་དཔལ་གྱིས་བསྒྱུར་བ། ཡིག་གེ་དྲུག་པའི་རྒྱུད་ཀྱི་རིམ་པ་དཀྱིལ་འཁོར་བསྟན་པའི་སྒྲུབ་ཐབས་གཞོན་ནུ་འོད་ཀྱི་འགྱུར། ཡིག་གེ་དྲུག་པའི་སྒྲུབ་ཐབས་ཇོ་བོས་མཛད་པ་ནག་ཚོ་འགྱུར། རྟ་མགྲིན་གྱི་སྒྲུབ་ཐབས་ན་ག་ཉྫྱུ་ནས་མཛད་པ། ཇོ་བོས་མཛད་པའི་རྟ་མགྲིན་སྒྲུབ་ཐབས་གཉིས། ཙནྟྲ་གོ་མིས་མཛད་པའི་གཏམ་རྒྱུད། བིཀྵི་ཏེ་དེ་བས་ཐུགས་རྗེ་ཆེན་པོའི་གྲུབ་པ་ཐོབ་པའི་གཏམ་རྒྱུད། ཤིང་བཟོ་བས་གྲུབ་པ་ཐོབ་པའི་གཏམ་རྒྱུད། བུད་མེད་ཀྱི་གྲུབ་པ་ཐོབ་པའི་ལོ་རྒྱུས། སུ་ཁ་དེ་བས་གྲུབ་པ་ཐོབ་པའི་ལོ་རྒྱུས་སྟེ་བཞི་པཎྜྻི་ཏ་པུ་ན་ཡ་ཤྲིས་བསྒྱུར་བ། རྡོ་རྗེ་ལྕགས་སྒྲོག་གི་་་་་་གཟུངས་ཆོག་པོ་ཏ་ལི་ཀས་མཛད་པ། ལྟ་སྤྱོད་རྣམ་དག་གམ། ཡི་གེ་དྲུག་པའི་མན་ངག །འཕོ་བ་སྦྱོང་བའི་དུས་སུ་བླ་མའི་རྣལ་འབྱོར་སྟེ་གསུམ་པོ་ཤཱཀྱ་ཤྲིས་སྦྱར་བ། འཆིང་བ་རྣམ་གྲོལ་གྱི་མན་ངག་མི་ཏྲས་མཛད་པ། དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ཀྱིས་འགྲེལ་པ་སུ་བྲ་ཀ་རས་མཛད་པ་ད་ལ་ཤི་ལའི་རང་འགྱུར། དགེ་བའི་འདོད་འཇོའི་བཤད་པ་ཀླུ་སྒྲུབ་མཛད་པ་འགོས་འགྱུར། སྒྲོལ་མ་བརྒྱ་རྩ་བརྒྱད་ཀྱི་སྒྲུབ་ཐབས་ཙནྟྲ་གོ་མིས་མཛད་པ། ནག་ཚོ་འགྱུར། མེ་ཏོག་ཕྲེང་འཛིན་ལྷ་ལྔའི་སྒྲུབ་ཐབས་ལས་ཆོག་དང་བཅས་པ། སྒྲོལ་དཀར་སྒྲུབ་ཐབ་ཐུབ་བོ་དང་། ཇོ་བོ་རྗེས་མཛད་པ་དང་། འཇིག་པ་བརྒྱད་སྐྱོབས་ཐམས་ཅད་མཁྱེན་པའི་བཤེས་གཉེན་མཛད་པ། ཆུ་སྲིན་བཅིང་བ་ཆག་འགྱུར། སྙིང་པོ་དང་ཉེ་སྙིང་གི་སྒྲུབ་ཐབས་ཌོམ་བྷི་པས་མཛད་པ། མི་གཡོ་བའི་སྒྲུབ་ཐབས་ཁ་རྒས་མཛད་པ། ཤེར་ཕྱིར་མའི་སྒྲུབ་ཐབས་ཨརྻ་དེ་བས་མཛད་པ། བདེ་མཆོག་གི་སྒྲུབ་ཐབས་བྷུ་སུ་ཀུས་མཛད་པ། ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ཀ་མ་ལས་མཛད་པ། འཛམ་བྷ་ལའི་མན་ངག་ཀུ་ལན་དྷ་རིས་མཛད་པ། བདེ་མཆོག་གི་སྒྲུབ་པ་བྱ་བ་ཀ་མ་ལས་མཛད་པ། བྱམས་པའི་སྒྲུབ་ཐབས་ཐོགས་མེད་ཀྱིས་མཛད་པ། ཤེར་ཕྱིན་མའི་སྒྲུབ་ཐབས་དྷ་རིས་པས་མཛད་པ། མི་ཕམ་མགོན་པོའི་སྒྲུབ་ཐབས་ནི་རི་ཏིས་མཛད་པ། ཤེར་ཕྱིན་མའི་སྒྲུབ་ཐབས་གསེར་གླིང་བས་མཛད་པ། ཇོ་བོས་མཛད་པ། བསྟོད་པ་ཇོ་བོ་རྗེ་མཛད་པ་གཉིས། པྲ་བྷ་ར་ཀིཏྟིས་མཛད་པའི་བསྟོད་པ་སྒྲུབ་ཐབས་གཉིས། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། མི་གཡོ་བའི་སྒྲུབ་ཐབས་གཉིས་ཨ་ཤྭ་ཤྲིས་སྦྱར་བ། མི་གཡོ་བསྟོད་པ། འཁོར་ལོ་ཛེ་ཏ་རིས་མཛད་པ། ཁམས་གསུམ་རྣམ་པར་རྒྱལ་བསྒྲུབ་ཐབས་དང་། ནག་པོ་ཆེན་པོའི་སྒྲུབ་ཐབས་ལས་ཀྱི་རྡོ་རྗེས་མཛད་པ། བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་ཐང་ལོ་པས་མཛད་པ། ཛམྦྷ་ལའི་སྒྲུབ་ཐབས་དང་། གནོད་སྦྱིན་ནག་པོ་ཆེན་པོའི་སྒྲུབ་ཐབས་གཉིས་ལས་རྡོར་གྱིས་སྦྱར་བ། གནོད་སྦྱིན་ནག་པོ་ཆེན་པོའི་བསྟོད་པ་ཀ་ན་ཀ་རིས་མཛད་པ། ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། དམ་ཚིག་གསུམ་བཀོད་ཀྱི་ཡིག་གེ་བརྒྱ་པའི་སྒྲུབ་ཐབས་ཀེ་དྷ་པ་ཎི་ཏས་པས་མཛད་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྡོ་རྗེ་གདན་པས་མཛད་པ། ཡིག་བརྒྱའི་སྒྲུབ་ཐབས་རྡོ་རྗེ་ལྕགས་ཀྱུས་མཛད་པ། ལུས་ངན་པོའི་སྒྲུབ་ཐབས་དཔའ་བོས་མཛད་པ། མི་འཁྲུག་པའི་སྒྲུབ་དཀྱིལ་གཉིས་ཛེ་ཏ་རིས་མཛད་པ། ཕྱག་རྡོར་འགྲོ་བཟང་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། དྲག་བྱེད་ཀྱི་ཆོ་ག་འགྲོ་བཟང་གིས་མཛད་པ་སྟེ་གཉིས་ཟངས་དཀར་འགྱུར་རྣམས་བཞུགས། གསུམ་པ་ལ། རྣམ་འཇོམས་གཟུངས་ཀྱི་འགྲེལ་པ་རྡོ་རྗེ་སྒྲོན་མ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཛད་པ། བོ་དྷེ་ས་ཏྭས་མཛད་པའི་འགྲེལ་པ་དཔལ་བརྩེགས་འགྱུར། གཟུངས་ཀྱི་འགྲེལ་པ་རྡོ་རྗེ་གོ་ཆས་མཛད་པ། བི་མ་ལ་མི་ཏྲས་མཛད་པ། རྒྱ་ཆེར་འགྲེལ་སྒྲོན་མེ་ཡེ་ཤེས་རྡོ་རྗེས་མཛད་པ་ལོ་ཆེན་པོ་འགྱུར། ཡང་བི་མ་ལས་མཛད་པ་བདེ་བའི་མྱུ་གུས་མཛད་པ། སྨྲི་ཏིས་མཛད་པ། རང་འགྱུར། དེས་མཛད་པའི་གཟུངས་ཀྱིས་མན་ངག །རང་འགྱུར། སངས་རྒྱས་གསང་བས་མཛད་པ་སྟེ་འགྲེལ་པ་བརྒྱད། ཁྲུས་ཀྱིས་ཆོ་ག་རད་ན་ཤི་ལས་མཛད་པ་གཉིས། ཡེ་ཤེས་རྡོ་རྗེས་མཛད་པ། སྦྱིན་སྲེག་རྡོ་རྗེ་གོ་ཆས་མཛད་པ། གཟུངས་སྒྲུབ་མ་ཀུ་མ་ར་སེ་ནས་མཛད་པ། དཔའ་བོ་གཅིག་པ། ལས་ཀྱི་སྒྲུབ་པ། གཏོར་ཆོག །སྦྱིན་སྲེག་སྟེ་བཞི་སངས་རྒྱས་གསང་བས་མཛད་པ། དཀྱིལ་ཆོག་དགའ་བའི་སྒྲོན་མ། ཆོ་གའི་རིམ་པ། ཁྲུས་ཆོག་སྟེ་གསུམ་རྡོ་རྗེ་གོ་ཆས་མཛད་པ། གཟུངས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཤ་ཝ་རིས་མཛད་པ། རྣམ་འཇོམས་ཆོ་ག་རིན་པོ་ཆེའི་མིག་ཐུར་ཤུ་རང་ག་བཛྭ་མཛད་པ། དཀྱིལ་འཁོར་དྲུག་གི་ཆོ་ག་འདི་གསུམ་ལ་མ་ཚང་། སྒྲུབ་ཐབས་དང་། ཁྲོ་བོ་གསང་བའི་ཕྲིན་ལས་ཤ་ཝ་རིས་མཛད་པ། སྦྱིན་སྲེག་ཆོ་ག་དང་གཉིས་བལ་པོ་དེ་ས་པུནྣྱཻ་དང་། ཆོས་བཟང་གིས་འགྱུར། སྒྲུབ་ཐབས་མདོར་བསྡུས་ཙནྟྲ་གོ་མིས་མཛད་པ། སྒྲུབ་ཐབས་ག་ག་དྷ་རས་མཛད་པ། གཟུངས་སྒྲུབ་མ་ཎི་བཛྭས་མཛད་པ། སློབ་དཔོན་དེས་མཛད་པའི། བུམ་པའི་ཆོ་ག །ཞི་བའི་སྦྱིན་སྲེག། གཏོར་ཆོག །ལས་བཞི་སྒྲུབ་པའི་ཆོ་ག་རྡོ་རྗེས། ལས་བཞིའི་སྦྱིན་སྲེག །བུམ་པའི་ཆོ་ག །འཁོར་ལོའི་ཆོ་ག་གསུམ་ཛྙྱ་ན་ཤྲིས་མཛད་པ། ལས་བཞིའི་སྒྲུབ་ཐབས་མ་ཎི་བཛྭས་མཛད་པ། ལས་སྣ་ཚོགས་སྒྲུབ་པའི་ཆོ་ག་ཛྙྱ་ན་ཤྲིས་མཛད་པ། ལས་མཐའ་བཅོ་བརྒྱད་པའི་མན་ངག་རྡོ་རྗེ་གོ་ཆས་མཛད་པ། ཁྲུས་ཀྱི་ཆོ་ག་བྱང་ཆུབ་སྙིང་པོས་མཛད་པ། དཀྱིལ་འཁོར་ཆོ་ག་བྲམ་ཟེ་ཛ་ཡ་ཝརྨས་མཛད་པ། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང་། དཀྱིལ་འཁོར་ཆོ་ག་ཡེ་ཤེས་རྡོ་རྗེས་མཛད་པ། སྒྲུབ་ཐབས་སངས་རྒྱས་གསང་བས་མཛད་པ། བཀྲ་ཤིས་ལྷ་མོ་བརྒྱད། རིག་གསུམ་གྱི་རྩེ་མོ་སོགས་ལ་བསྟོད་པ་སོགས་ཡན་ལག་བདུན་པ། ཁྲུས་ཆོག་དང་། གཟུངས་ཀྱི་འགྲེལ་གཉིས་སངས་རྒྱས་གསང་བས་མཛད་པ། སློབ་དཔོན་ཡེ་ཤེས་རྡོ་རྗེ། མར་མེ་མཛད་རྣམས་ཀྱིས་མཛད་པའི་རྣམ་འཇོམས་བརྒྱ་རྩར་གྲགས་པའི་སྨད་ཅུང་མ་ཚང་བ་རྣམས་བཞུགས། བྱ་རྒྱུད་ཀྱི་སྐབས་སོ། །གཉིས་པ་རྒྱུད་སྡེ་སྤྱིའི་སྐོར་ལ། སྒྲུབ་ཐབས་དང་དཀྱིལ་ཆོག་སྣ་ཚོགས་ཀྱི་སྐོར་ནི། ༼ཏུ༽པ་ལ། སྒྲུབ་ཐབས་རྒྱ་མཚོ་དང་། སྒྲུབ་ཐབས་བརྒྱ་རྩ་དང་། སྒོ་དྲུག་གི་གཟུངས་ཀྱི་སྒྲུབ་ཐབས་དང་། དཀྱིལ་ཆོག་གཉིས་རིན་ཆེན་གྲགས་པས་མཛད་པ་བལ་པོ་མ་ཧཱ་ས་ནིའི་འགྱུར་རྣམས་བཞུགས་སོ། །༼ཐུ༽པ་ལ། མཁས་པ་ཨ་བྷྱ་ཀ་རཱ་གུཔྟས་མཛད་པའི་ཕྲེང་བ་སྐོར་གསུམ་དང་། བྱ་བ་བསྡུས་པའི་པིཉྩྨ་རཀ་རིག་བྱིན་གྱིས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། དཀྱིལ་འཁོར་སྤྱིའི་རིམ་པ་ཀུན་དགའ་སྙིང་པོས་མཛད་པ གསང་བ་སྤྱིའི་ཆོ་ག སྙིང་པོ་རྒྱན་འཇམ་དཔལ་གྲགས་པས་མཛད་པ། ཀ་ན་ཤྲི་དང་། ཉི་མ་རྡོ་རྗེ་ལ་སོགས་པའི་འགྱུར། དཀྱིལ་འཁོར་ཆོ་ག་མདོར་བསྡུས་སངས་རྒྱས་གསང་བས་མཛད་པ། གཞལ་ཡས་གསལ་བའི་མུན་སེལ་སྒྲོན་མེ་པད་མས་མཛད་པ། དཀྱིལ་འཁོར་གྱི་ཐིག་གདབ་པའི་ཚུལ་རྩ་འགྲེལ་གཉིས་ཤྲ་དྷས་མཛད་པ་ལོ་ཆེན་འགྱུར། ཐིག་གདབ་པའི་རིམ་པ་དཀའ་བ་གཅོད་པ་ཤུད་དྷི་པྲ་བྷས་མཛད་པ། ཐིག་གི་ཆོ་ག་དྷ་རྨ་ཀིརྟིས་མཛད་པ་རྣམས་བཞུགས། ༼དུ༽པ་ལ། ཀྲི་ཡ་ས་མུ་ཙྪ་ཞེས་བྱ་བ་དར་པཎ་ཨརྻས་མཛད་པ། པཎྜྻི་ཏ་མཉྫྱུ་ཤྲི་དང་། ལོ་ཙྪ་བ་བློ་གྲོས་རྒྱལ་མཚན་གྱིས་འགྱུར། གྲུབ་ཆེན་མི་ཏྲའི་དབང་བརྒྱ་རྩའི་སྐོར་དོན་ཡོད་རྡོ་རྗེའི་རང་འགྱུར་རྣམས་བཞུགས། རྡོ་རྗེ་ཐེག་པའི་བསླབ་པ་ཡོངས་སུ་དག་པའི་ཐབས་འདུལ་བའི་སྐོར་ལ། ༼ནུ༽པ་ལ། རྩ་ལྟུང་བཅུ་བཞིའི་རྒྱ་ཆེར་འགྲེལ་འཇམ་དཔལ་གྲགས་པས་མཛད་པ། ཨ་ཙརྻ་ཨུ་པ་དང་། བཛྭ་ཤི་ལ་དང་། ལོཙྪ་བ་དགེ་བསྙེན་བརྩོན་འགྲུས་སེང་གེའི་འགྱུར། རྩ་ལྟུང་གི་འགྲེལ་པ་སྙིང་པོ་ཞབས་ཀྱིས་མཛད་པ། ཨ་མོ་ཀ་དང་འོ་རུའི་འགྱུར། རྩ་ལྟུང་གི་འགྲེལ་པ་པྲཛྙྱ་ཀིརྟི་འགྱུར། སྦོམ་པོའི་བཤད་པ་རྟ་དབྱངས་ཀྱིས་མཛད་པ། རྩ་ལྟུང་གི་འགྲེལ་པ། ཀྵ་ཡཾ་ཀ་རིས་མཛད་པ། རྩ་ལྟུང་གི་འགྲེལ་པ་ཤན་ཏི་བས་མཛད་པ། ཁྱུང་གྲགས་འགྱུར། རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ་ཨ་བྷྱས་མཛད་པ་དེ་ཉིད་དང་། རྩ་མི་འགྱུར། རྩ་ལྟུང་དྲི་མེད་སྦས་པས་མཛད་པ། རྩ་ལྟུང་གི་འགྲེལ་པ་ཇོ་བོ་རྗེ་དང་། ནག་ཚོ་འགྱུར། ལྟུང་བ་སྦོམ་པོ་བསྡུས་པ་རྟ་དབྱངས་ཀྱི་མཛད་པ། སྦོམ་པོའི་ལྟུང་བ་ཀླུ་སྒྲུབ་ཀྱི་མཛད་པ། ལས་དང་པོའི་དམ་ཚིག་མདོར་བསྡུས་པ་ཛྙྱ་ན་བོ་དྷིས་མཛད་པ། ཚུལ་ཁྲིམས་གྱི་སྡོམ་པ་མི་འགལ་བ་ཡེ་ཤེས་བཟང་པོས་མཛད་པ། དམ་ཚིག་བསྡུས་པ་ཇོ་བོ་རྗེས་མཛད་པ། དམ་ཚིག་ཀུན་ལ་བསྡུས་པ་ཉི་ཤུ་རྩ་ལྔ་པ་མར་མེ་མཛད་པ་ཡེ་ཤེས་ཀྱིས་མཛད་པ། སྡོམ་གསུམ་འོད་ཕྲེང་བི་བྷུ་ཏི་ཙནྟྲས་མཛད་པ་དེ་ཉིད་ཀྱིས་རང་འགྱུར་རྣམས་སོ། །གདམ་པ་སྣ་ཚོགས་དང་མན་ངག་སྣ་ཚོགས་ཀྱི་སྐོར་ལ་རྒྱུད་མ་ལུས་པའི་དམ་པའི་དོན་ངེས་པར་བསྐུལ་བ་དཔལ་གསང་བ་གྲུབ་པ་པད་མ་བཛྭས་མཛད་པ། ཀྲིཥྞ་པཎྜྻི་ཏ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་གྲུབ་པ་ཡན་ལག་མེད་པའི་རྡོ་རྗེས་མཛད་པ། ཤན་ཏ་བྷ་ཏྲ་དང་། མགོས་ལྷ་བཙས་འགྱུར། ཡེ་ཤེས་གྲུབ་པ་ཨིནྟྲ་བོ་དྷིས་མཛད་པ། ལོ་ཆེན་འགྱུར། གཉིས་མེད་གྲུབ་པ་ལྷ་མོ་དཔལ་ཆེན་མོས་མཛད་པ་ལོ་ཆེན་འགྱུར། དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ། བི་ལ་པས་མཛད་པས་འགོས་འགྱུར། ལྷན་ཅིག་སྐྱེས་གྲུབ་ཌོམ་བྷི་པས་མཛད་པ། གསང་བའི་དེ་ཁོ་ན་ཉིད་ཀྱི་མན་ངག་དྷ་རི་ཀ་པས་མཛད་པ་འགོས་འགྱུར། དེ་ཁོ་ན་ཉིད་གྲུབ་པ་ཀེར་ལི་པས་མཛད་པ་རྨ་ཆོས་འབར་འགྱུར། བསམ་གྱིས་མི་ཁྱབ་པའི་རིམ་པ་ཏོག་ཙེ་པས་མཛད་པ་འགོས་འགྱུར། བདེ་བ་ཆེན་པོ་གསལ་བ་ཨ་ཝ་དྷུ་ཏིས་མཛད་པ། རྙོག་པ་མེད་པའི་རྒྱུད་ཀྱིས་དཀའ་འགྲེལ་བིཀྵུ་ཀུ་མ་ར་ཙནྟྲས་མཛད་པ་བཛྭ་པཎི་དང་། མཚུར་ཛྙྱ་ན་ཀུ་མ་རས་བསྒྱུར་བ། ཕྱག་རྒྱ་བཞི་རྗེས་སུ་བསྟན་པ་ཀླུ་སྒྲུབ་མཛད་པ། ཕྱག་རྒྱ་བཞིའི་རྒྱ་ཆེར་འགྲེལ་པ་རིན་པོ་ཆེའི་སྙིང་པོ་བི་ཏ་ཀར་མས་མཛད་པ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ། ལྟ་བ་ངན་སེལ། གཉིས་ཚུལ་ཁྲིམས་རྒྱལ་བའི་འགྱུར། ལྟ་བ་ངན་སེལ། མཚུར་འགྱུར། དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཐེག་པ་ཆེན་པོ་ཉི་ཤུ་པ་མཚུར་འགྱུར། དེ་ཁོ་ན་ཉིད་ཉི་ཤུ་པ། དེ་ཁོ་ན་ཉིད་རབ་ཏུ་བསྟན་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། མི་ཕྱེད་པ་ལྔ་པ། དགའ་གཅུག་ལྔ་པ། དེ་ཁོ་ན་ཉིད་བཅུ་པ། མཚུར་འགྱུར། དེའི་འགྲེལ་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ། སྒྱུ་མ་ངེས་བསྟན་ཨ་ཝ་དྷུ་ཏིས་མཛད་པའི་དེས་མཛད་པའི་རྨི་ལམ་ངེས་བསྟན། ཟུང་འཇུག་གསལ་བ། དྷོ་ཧ་ཏི་དེ་ཁོ་ན་ཉིད་ཀྱི་མན་ངག་ཐབས་དང་ཤེས་རབས་བརྩེ་བ་ལྔ་པ། རབ་ཏུ་མི་གནས་པ་གསལ་བར་སྟོན་པ། ལྷ་ཡེ་ཤེས་དྲུག་པ། དབུ་མ་དྲུག་པ། ཡིད་ལ་མི་བྱེད་པ་སྟོན་པ་རྨ་འགྱུར་དབང་གི་དགོས་པ་མདོར་བསྡུས་སྟེ་དེ་རྣམས་གཉིས་མེད་རྡོ་རྗེས་མཛད་པ་མཚུར་དང་། ཚུལ་ཁྲིམས་་རྒྱལ་བའི་འགྱུར། རྡོ་རྗེའི་ཚིགས་ཅེས་བྱ་བ་བཛྭ་པཱ་ནིས་མཛད་པ། སྒོམ་རིམ་དྲུག་པ་པྲཛྙྱ་ཀ་ལ་ཤྲིས་བསྒྱུར་བ། གནས་པ་བསྡུས་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ་རྨ་འགྱུར། དབང་སྐུར་ངེས་བསྟན་མེ་ཏྲི་པས་མཛད་པ། དེའི་དཀའ་འགྲེལ་ར་མ་ཕ་ལས་མཛད་པ། ཤེས་རབ་ཡེ་ཤེས་གསལ་བ། དེ་བ་ཙནྟྲ་ཀཱ་དས་མཛད་པ་དེ་གསུམ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས། ༼པུ༽པའི་ནང་དུ། རིན་པོ་ཆེ་འོད་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་ནཱ་རོ་པས་མཛད་པ། བཛྭ་གུ་ན་བ་ཏྲ་དང་། རིན་ཆེན་རྒྱལ་མཚན་འགྱུར། གདམ་པ་རིན་ཆེན་འབྲུ་དགུ་ཤཱཀྱ་ཤྲིས་མཛད་པ། ཤཱཀྱ་ཤྲི་མྱ་ངན་ལ་འདའ་ཁར་ནམ་མཁའ་ལ་བྱོན་པའི་ཚིག་བཅད། བྱང་ཆུབ་ཀྱི་ཡན་ལག་བདུན་པ་ཤཱཀྱ་ཤྲིའི་སྤུར་སྦྱངས་ཚེ་ནམ་མཁའ་ལ་བྱུང་བ་ཁྲོ་ལོ་འགྱུར། ཐིག་ལེ་བཅུ་དྲུག་གི་ཉམ་ལེན་ན་ཀཾ་ཀ་ལི་པས་མཛད་པ། ཕྱི་ནང་བྱང་སེམས་བཅིང་བའི་མན་ངག་མི་ན་པས་མཛད་པ། རླུང་གི་དེ་ཉིད་སྒོམ་པའི་མན་ངག་གྷོ་ར་ཀྵས་མཛད་པ། རླུང་གི་དེ་ཉིད་སྒོམ་པའི་མན་ངག་ཙི་རང་གིས་མཛད་པ། རྡོ་རྗེ་མཁའ་འགྲོའི་རྫོགས་རིམ་བྷི་ན་པས་མཛད་པ། རྣལ་འབྱོར་བཞི་ཉམས་སུ་ལེན་ཐབས་སྟན་ཏ་པིས་མཛད་པ། ཐབས་དང་ཤེས་རབ་གཏན་ལ་དབབ་པའི་བསྡུས་པ་ཙ་མ་རིས་མཛད་པ། རང་བཞིན་གྲུབ་པ་མེད་པ་གཞིའི་མན་ངག་ཀླུ་སྒྲུབ་མཛད་པ། ཡིག་གེ་བརྒྱ་པའི་སེམས་དཔའ་གསུམ་ཀྱི་སྒོམ་ཐབས་ནཱ་རོ་པས་མཛད་པ། རིན་ཆེན་ཕྲེང་འདི་ལ་ཨ་ལིས་མཛད་པ། སྙིང་རྗེའི་སྒོམ་པའི་རླབས་ཏཻ་ལོ་པས་མཛད་པ། ཐེག་པ་ཆེན་པོའི་གནས་ལུགས་གཏན་ལ་དབབ་པ་དྷ་ཀན་དྷིས་མཛད་པ། སེམས་ལ་གྲོས་འདེབས་ཨ་ཛོ་ཀ་སིས་མཛད་། གཞི་ལམ་འབྲས་བུ་ཡི་སྒོམ་པ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཏི་པམ་ཀ་རས་མཛད་པ། རླུང་གི་སྒོ་ནས་རྣལ་འབྱོར་གྱི་སྤྱོད་པ་ཌོམ་བྷི་པས་མཛད་པ། ཡེ་ཤེས་གཉིས་པའི་མན་ངག་དྷཾ་གི་པས་མཛད་པ། དེ་ཉིད་བདེ་བ་སྒོམ་པའི་རྗེས་འབྲང་རྡོར་སྒོམ་པའི་མན་ངག་ཀུ་ཀུ་རིས་མཛད་པ། འཛག་པ་གཅོད་པའི་མན་ངག་ཀུ་ཛི་པས་མཛད་པ། མུ་སྟེགས་ཀྱི་གཏུམ་མོ་ཙིན་ཏིས་མཛད་པ། གསེར་འགྱུར་གྱི་རྩི་ན་ལིས་མཛད་པ། སེམས་དང་སེམས་ཉིད་གདུལ་བའི་ཐབས་མེ་ཀོ་ལས་མཛད་པ། ལྷ་ཀུན་རྫོབ་ཀྱི་རིམ་པའི་ལམ་ཀུ་དྷ་རིས་མཛད་་་པ། ཉི་ཟླ་བཅིང་བའི་ཐབས་ཀ་མས་རིས་མཛད་པ། སེམས་ཉིད་ཐིག་ལེ་ཧཱུཾ་ཡིག་སྒོམ་པའི་རིམ་པ་ཛ་ལན་དྷ་རས་མཛད་པ། བསམ་གྱིས་མི་ཁྱབ་པ་བསྒོམ་པ་དྷུ་ཧཱུ་ལས་མཛད་པ། ཧཱུཾ་ཡིག་སེམས་ཉིད་ཐིག་ལེར་བསྒོམ་པའི་རིམ་པ་དྷརྨ་པས་མཛད་པ། རང་བཞིན་གྲུབ་པ་ཞེས་བྱ་བ་དྷོ་ཀ་རིས་མཛད་པ། ལྷན་ཅིག་སྐྱེས་པའི་གདམས་པ་བྷ་ག་ཛས་མཛད་པ། ཨ་ཕྲེང་ཀ་ཕྲེང་བླགས་ཀྱིས་རིམ་པ། བླ་མེད་སྦྱོར་བའི་རིམ་པ་གྷན་དྷས་མཛད་པ། ཀ་ཕྲེང་བསྒོམ་པའི་ལམ་དྷ་མ་དྷུ་ཏ་མས་མཛད་པ་ཨ་ཕྲེང་ཀ་ཕྲེང་བདེ་མཆོག་འཁོར་ལོའི་རྣལ་འབྱོར་ཆེན་པོའི་སྒོམ་པ་ས་རས་མཛད་པ་རླུང་གནས་ཀྱི་ནད་ཀྱི་བརྟག་པ། སེམས་ཉིད་ཀྱི་དེ་ཉིད་བཅིང་བ་ཀོ་ལིས་མཛད་པ་གཏུམ་མོ་ཐིག་ལེ་བཀྲམ་པ་ལུས་ཙིས་ཀིས་མཛད་པ་ལུས་ཀྱི་རྩ་ཐིག་མཉམ་པ་ཉིད་ཀྱི་མན་ངག་ནི་ཀུ་ནིས་མཛད་པ། འབྱུང་བཞི་སྲིད་པའི་ཆག་ལུགས་ཙ་ར་པ་ཏྲིས་མཛད་པ། རང་རིག་ཡེ་ཤེས་ཀྱི་ལྟ་བའི་ཉམས་ལེན་ཙམ་པ་ཀས་མཛད་པ། འཇིགས་བརྒྱད་རྨོངས་པར་བྱེད་པའི་ཐབས་བེ་ཁ་ནས་མཛད་པ། ཕྱི་ནང་གི་དུག་སེལ་བའི་རིམ་པ་ཏེ་ལོ་པས་མཛད་པ། གཡུང་འཁྱིལ་པ་གསུམ་གྱི་གདམས་ངག་གི་ཉམས་ལེན་ཡུམ་ཀཾ་ཀ་ལ་མེ་ཀ་ལས་མཛད་པ། ལྷན་ཅིག་སྐྱེས་པའི་རང་བཞིན་ཁན་ཏ་རིས་མཛད་པ། ཨ་ཏི་རྣལ་འབྱོར་གྱི་སྒོམ་པའི་ཐབས་ཀླུའི་བྱང་ཆུབ་ཀྱིས་མཛད་པ། བྱང་ཆུབ་ཀྱི་རླུང་རྒྱུ་བའི་གདམས་ངག་སྒོམ་པ་སུ་ཏ་ལིས་མཛད་པ། ལྟ་བསྒོམ་སྐྱེ་མེད་ཀྱི་སྒོམ་པ་ན་ཧས་མཛད་པ། ཚེ་བསྒྲུབ་པའི་མན་ངག་པོ་ཀོ་ལིས་མཛད་པ། དུག་སེལ་བསྒོམ་པའི་རིམ་པ་ཨ་རང་གིས་མཛད་པ། གཉིས་མེད་ཀྱི་རྩ་བསྒོམ་པ་ནི་ལ་ཁན་དྷས་མཛད་པ། ཕྲ་བའི་རྣལ་འབྱོར་གྱི་ཉམ་ལེན་ས་མུ་ཏྲས་མཛད་པ། ཕྱི་ནང་བདུད་རྩིའི་བཅུད་ལེན་བྷྱ་རིས་མཛད་པ། རྨི་ལམ་བརྟག་པ་བྷི་བྷུ་ཏི་ཙནྟྲས་རང་འགྱུར་མཛད་པ། དྷོ་ཧ་མཛོད་ཀྱི་དཀའ་འགྲེལ་གཉིས་རྡོ་རྗེས་མཛད་པ། བ་རིའི་འགྱུར། དྷོ་ཧ་མཛོད་ཀྱི་འགྲེལ་པ་ཐར་པའི་འབྱུང་གནས་སྦས་པ། རྒྱ་ལོ་ཙྪའི་འགྱུར། དཔལ་ནག་པོ་ཆེན་པོ་རྡོ་རྗེ་ཞབས་ཀྱི་དྷོ་ཧ་མཛོད་ཀྱི་འགྲེལ་པ་འོད་དཔག་ཏུ་མེད་པའི་རྡོ་རྗེས་མཛད་པ་བ་རི་འགྱུར། སྤྱོད་པའི་གླུའི་མཛོད་ཀྱི་འགྲེལ་པ་ཐུབ་པས་བྱིན་གྱིས་མཛད་པ། པཎྜྻི་ཏ་ཆེན་པོ་ཀིརྟི་དང་། གྲགས་པ་རྒྱལ་མཚན་འགྱུར། ལྷན་ཅིག་སྐྱེས་གྲུབ་ཤེས་རབ་གྲགས་ཀྱིས་འགྱུར་མཛད་པ། དེའི་འགྲེལ་པ་དཔལ་མོས་མཛད་པ་འགྱུར་གོང་ལྟར། རང་བཞིན་གྱི་དྷོ་ཧ་མཛོད་ཀྱི་གླུའི་ལྟ་བ་ལོ་ཧི་པས་མཛད་པ། རྣམ་རྟོག་སྤང་པའི་གླུ་ལོ་ཧི་པས་མཛད་པ། ལས་ཀྱི་གཏུམ་མོའི་དྷོ་ཧ་མཛོད་ཀྱི་གླུ་བིར་བ་པས་མཛད་པ། ལྟ་བསྒོམ་སྤྱོད་འབྲས་དྷོ་ཧའི་གླུ་ས་ར་ཧས་མཛད་པ། དྷོ་ཧ་མཛོད་ཀྱི་དེ་ཉིད་ཀྱིས་གླུ་ཐ་ག་ནས་མཛད་པ། སྤྱོད་པའི་དྷོ་ཧ་མཛོད་ཀྱི་གླུ་ཀཾ་ཀ་ནས་མཛད་པ། ལྷན་ཅིག་སྐྱེས་པ་དྷོ་ཧ་མཛོད་ཀྱི་གླུ་བྷ་དྷེས་མཛད་པ། བདེ་གཤེགས་ཀྱི་ལྟ་བའི་གླུ་དྷརྨ་པས་མཛད་པ། རླུང་གི་དེ་ཉིད་ཀྱི་དྷོ་ཧའི་གླུ་མ་ཧི་ལས་མཛད་པ། དཔྱིད་ཀྱི་ཐིག་ལེའི་དྷོ་ཧ་མཛོད་ཀྱི་གླུ་ས་ར་ཧས་མཛད་པ། རྡོ་རྗེ་བཞིའི་གླུ་གཉིས་མེད་རྡོ་རྗེ། ཡང་མཻ་ཏྲི་པའི་གླུ། ས་ར་ཧའི་གླུ་གཉིས། བྷྀ་ར་བྱེད་པའི་གླུ། ཀ་ན་པའི་གླུ། དྷི་ཤ་ཛྙྱ་ནའི་གླུ་གཉིས། ཡང་གླུ་གཅིག །ཀ་ན་རིའི་གླུ། མ་ཏི་ཙ་ཏྲའི་གླུ། ཡང་གླུ་གཉིས། ཨ་ཙ་དཔའ་བོ་རྣམ་སྣང་མཛད་ཀྱི་གླུ། ནཱ་རོ་པཎ་དྷིའི་གླུ། ཀླུའི་པའི་གླུ། ཌོམ་བྷི་པའི་གླུ། བྷི་རུ་པའི་གླུ། ལ་བ་པའི་གླུ། མ་ཧ་སུ་ཏིའི་གླུ། པྲ་ས་རའི་གླུ། ཀླུའི་གླུ། ཏི་པ་ཀ་རའི་གླུ། ཡང་གླུ་གཅིག དྷོ་ཧ་སྤྱོད་པའི་གླུའི་ལྟ་བ་ཀ་ན་རིས་མཛད་པ། སྟོང་ཉིད་ལྟ་བ་ཤ་བ་རིས་མཛད་པ། བདེ་སྡུག་གཉིས་བྲལ་ལྟ་བ་ཤནྟི་པས་མཛད་པ། འབྲེལ་མེད་ལྟ་བ་ཀཾ་པ་ལས་མཛད་པ། སྟོང་ཉིད་སྙིང་རྗེའི་ལྟ་བ་ཙ་ཏ་པས་མཛད་པ། ཞེན་མེད་ལྟ་བ་ཀ་པ་ལས་མཛད་པ། སེམས་ཉིད་རིན་ཆེན་ལྟ་བ་དྷེ་ཏ་ནས་མཛད་པ། དེ་ཉིད་བརྒྱད་ཀྱི་ལྟ་བ་ཨིནྟྲ་བོ་དྷིས་མཛད་པ། སེམས་ཉིད་ཀྱི་རྟོག་པ་འཇོམས་པའི་ལྟ་བ་ལཀྵ་མས་མཛད་པ། མྱ་ངན་གྱི་ལྟ་བ་དྷའུ་རི་མཛད་པ། སེམས་ཙམ་གྱི་ལྟ་བ་མི་ཏྲས་མཛད་པ། སྙིང་རྗེ་སྤྱོད་པའི་ལྟ་བ་ས་ར་ཧས་མཛད་པ། འབྲེལ་མེད་ཀྱི་ལྟ་བ་ནག་པོ་པས་མཛད་པ། དེ་བཞིན་ཉིད་ཀྱི་ལྟ་བ་དྷ་རི་ཀ་པས་མཛད་པ། ཕྱག་རྒྱ་ཆེན་པོ་འཆི་ཁ་མའི་མན་ངག་ས་ར་ཧའི་གདམས་པ། ཀ་ཁ་དྷོ་ཧའི་བཤད་པ་ས་ར་ཧས་མཛད་པ། དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ་མོ་དྷོ་ཧའི་གླུ། ཚིགས་སུ་བཅད་པ་ཕྱེད་ཀྱི་འབྲེལ་པ་ཨ་བ་དྷུ་ཏིས་མཛད་པ། དངོས་པོ་སྦྱང་བ་ཏཻ་ལོ་པས་མཛད་པ། ཀོ་ས་ལའི་རྣལ་འབྱོར་བཱཻ་རོ་ཙ་ནའི་འགྱུར། དངོས་པོ་སྦྱང་བ་ཀླུ་སྒྲུབ་ཀྱིས་མཛད་པ། རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ་ཨརྻ་དེ་བས་མཛད་པ། མ་རྟོགས་པ་རྟོགས་པར་བྱེད་པ་གཉིས་མེད་རྡོ་རྗེས་མཛད་པ། རང་བྱིན་གྱིས་བརླབས་པའི་རིམ་པ་ས་ར་ཧས་མཛད་པ། སེམས་བརྟག་པ་ཚུལ་ཁྲིམས་འཕགས་པས་མཛད་པ། དེ་ལྔ་རྨ་འགྱུར། མན་ངག་གི་ཚིགས་སུ་བཅད་པ་བཅུ་གཉིས་པ་ས་ར་ཧས་མཛད་པ། དངོས་པོའི་གནས་ལུགས་བསྒོམ་པ་བདེ་བའི་རྡོ་རྗེས་མཛད་པ། ཚིགས་སུ་བཅད་པའི་མཛོད་སྤྱོད་པའི་ཞལ་སྔ་ནས་མཛད་པ། ཚིགས་སུ་བཅད་པ་ལྔ་པ་ནག་པོ་པས་མཛད་པ། དཔལ་རྡོ་རྗེའི་གླུ། རྣལ་འབྱོར་སྤྱོད་པའི་བསམ་གཏན་ཀ་རོ་པས་མཛད་པ། དེ་ཁོ་ན་ཉིད་གྲུབ་པའི་རབ་ཏུ་བྱེད་པ་སློབ་དཔོན་ཞི་བ་འཚོས་མཛད་པ། ལོ་ཆེན་འགྱུར། དེ་ཉིད་མཐོང་བའི་ལམ་ཡེ་ཤེས་རྡོ་རྗེས་མཛད་པ་དེ་ཉིད་དང་། རྡོག་བྷུད་དྷ་པཱ་ལའི་འགྱུར། སློབ་དཔོན་དེས་མཛད་པའི་སྔགས་ཀྱི་བསྒྱུར་བའི་ལམ་གྱི་རིམ་པ། སེམས་ཀྱི་ལམ་སྦྱང་བ་སྟེ་གཉིས་པ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་རྣམས་བཞུགས། སྔགས་ཀྱི་ལམ་གྱི་རིམ་པ་དང་ཆོ་ག་སྣ་ཚོགས་ཀྱི་སྐོར་ལ། ༼ཕུ༽པའི་ནང་དུ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་སློབ་དཔོན་ངན་པར་གྲགས་པ་དཔལ་བཟང་པོ་རྡོ་རྗེ་ཞེས་བྱ་བས་མཛད་པ། འབྲོག་མི་འགྱུར། ལྟ་བསྒོམ་ཆེན་མོ། ལྟ་བསྒོམ་འབྲིང་པོ། ལྟ་བསྒོམ་ཆུང་ངུ་། འབྱུང་བ་མེ་ལམ་དུ་ཁྱེར་བ། ཆུ་ལམ་དུ་ཁྱེར་བ། ཆུ་གཏོར་ཆོ་ག་རྣམས་རྒྱ་བརྩོན་སེང་འགྱུར། ཀླུ་གཏོར་ཆོ་ག་ལོ་ཆེན་འགྱུར་རྣམས་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའོ། དེ་ཁོ་ན་ཉིད་ལ་འཇུག་པ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ་ཡེ་ཤེས་གྲགས་པས་མཛད་པ། བླ་མ་བརྒྱུད་པའི་རིམ་པའི་མན་ངག་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་མཚོན་པར་བྱེད་པ་བཛྭ་པ་ཎིས་མཛད་པ་འབྲོ་མི་ཇོ་སྲས་འགྱུར། དེ་ཁོ་ན་ཉིད་སྙིང་པོ་བསྡུས་པ་ཆོས་ཀྱི་དབང་པོས་མཛད་པ་གསང་སྔགས་ཀྱི་གསང་བ་སློབ་དཔོན་མཐོ་བཙུན་བཙོ་ཡིག་གིས་མཛད་པ་གཉིས་ལོ་ཆེན་འགྱུར་ལུ་གསང་སྔགས་ལ་འཇུག་པའི་རབ་ཏུ་བྱེད་པ་དྲུག་ཅུ་པ་ཛྙྱ་ན་ཨ་ཀ་རས་མཛད་པ། དེའི་འགྲེལ་པ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་པ་གཉིས་ལོ་ཆེན་འགྱུར། ཚུལ་ཁྲིམས་གསུམ་སྒྲོན་མ་མཐོ་བཙུན་ཏྲི་བ་བྷི་ཀྲ་མས་མཛད་པ་ལོ་ཆེན་འགྱུར། ཚོགས་འཁོར་དབང་གི་རབ་བྱེད་རིན་ཆེན་སྙེ་མ། རྒྱུད་ཐམས་ཅད་ཀྱི་བསྐྱེད་རྫོགས་ཐུན་མོང་དུ་བསྟན་པ་མན་ངག་གི་སྙེ་མ་གསུམ་ཨ་བྷྱ་ཀ་ར་གུཔྟས་མཛད་པ་ཞང་གྲུབ་དཔལ་གྱི་འགྱུར། དབང་བསྐུར་ངེས་བསྟན་ཤནྟིས་པས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། མཐའ་གཉིས་སེལ་བ་ཛྙྱ་ན་ཤྲིས་མཛད་པ། ལས་དང་པོ་པའི་སྒྲོན་མ་ཨ་ནུ་པ་མས་མཛད་པ། པུ་ཏེ་པ་ལའི་འགྱུར། ལས་དང་པོ་པའི་བྱ་བ་རྙོག་མེད་རྡོ་རྗེས་མཛད་པ། མཆོད་པའི་ཆོ་ག་དྷརྨ་ཨ་ཀ་ར་མཻ་ཏྲི་པས་མཛད་པ་དར་མ་གྲགས་ཀྱི་འགྱུར། ལས་དང་པོ་པའི་བྱ་བ་མདོར་བསྡུས་པ་གཉིས་མེད་རྡོ་རྗེས་མཛད་པ། མཎྜྻལ་བྱ་བའི་ཆོ་ག་བསྡུས་པ་སངས་རྒྱས་གསང་བས་མཛད་པ། མཎྜྻལ་གྱི་ཆོ་ག་རིན་ཆེན་འབྱུང་གནས་སྦས་པས་མཛད་པ། མཎྜྻལ་གྱི་ཆོ་ག་རྙོགས་མེད་རྡོ་རྗེས་མཛད་པ། མཎྜྻལ་གྱི་ཆོ་ག་ཀ་མ་ལས་མཛད་པ། ལས་དང་པོ་པའི་བྱ་བ་བསྡུས་པ་མཻ་ཏྲི་པས་མཛད་པ། གཏོར་མའི་ཆོ་ག་ཇོ་བོ་རྗེས་མཛད་པ། གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་པ་མི་བསྐྱོད་རྡོ་རྗེས་མཛད་པ། ཆ་གསུམ་འབྲིང་པོ་ཤྲི་དྷས་མཛད་པ། ཆུ་གཏོར་དྲི་མ་མེད་པའི་ཆོ་ག །རྒྱལ་ཆེན་བཞིའི་ཆོ་ག་གཉིས་མར་མེ་མཛད་ཀྱིས་མཛད་པ། གཏོར་མའི་ཆོ་ག་ཉུང་ངུ་། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག་ཀླུ་སྒྲུབ་ཀྱིས་མཛད་པ་གཞོན་ནུ་ཚུལ་ཁྲིམས་འགྱུར། གཏོར་ཆོག་ཛ་ཡ་སེ་ནས་མཛད་པ། ཆུ་གཏོར་གྱི་རིམ་པར་ཕྱེ་བ་ཤཱཀྱ་ཤྲི་མི་ཏྲས་མཛད་པ། གཏོར་མའི་འགྲེལ་པ་སློབ་དཔོན་བྷི་དྷ་ངྷ་ཛྙྱ་ནས་མཛད་པ། ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་སློབ་དཔོན་ཆེན་པོ་བ་ལཾ་ཨ་ཙརྻས་མཛད་པ། དཔལ་དུས་ཀྱི་འཁོར་ལོ་ལས་རྣལ་འབྱོར་མ་དྲུག་བཅུ་རྩ་བཞིའི་གཏོར་ཆོག་བསྡུས་པ་པཎྜྻི་ཏ་ཀིརྟིས་ཙནྟྲས་མཛད་པ། དཀྱིལ་འཁོར་སྤྱིའི་རིམ་པ་ཏུ་སུ་ར་པ་ཏྲས་མཛད་པ། དབང་གི་དོན་ངེས་པར་བརྗོད་པ་རྒྱལ་བཟང་པོས་མཛད་པ། ཡི་གེ་བརྒྱ་པའི་གང་ན་ཚུལ་གྱི་སྔོན་འགྲོ་ཡི་བསྒྲུབ་ཐབས་བི་བྷུ་ཏི་ཙནྟྲས་མཛད་པ། ཡིག་བརྒྱ་ཡི་ཆོ་ག་པད་མའི་རྡོ་རྗེ་ལྕགས་ཀྱུས་མཛད་པ། ཡིག་བརྒྱའི་ཆོ་ག་རིན་ཆེན་བཟང་པོའི་འགྱུར་རྣམས་བཞུགས། ༼བུ༽པའི་ནང་དུ། རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་མི་འཇིགས་པའི་དབང་ཕྱུག་གིས་མཛད་པ། རབ་གནས་འབྱུང་གནས་གོ་ཆས་མཛད་པ། པ་ཚབ་འགྱུར། ཚོགས་འཁོར་ཆོ་ག་ཡིད་བཞིན་ནོར་བུ་རཏྣ་ཀ་ཏས་མཛད་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཨ་ཙརྻ་ཧེ་རུ་བཛྭས་མཛད་པ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ཀྱི་རྣམ་པར་བཤད་པ་གཟི་བརྗིད་སྣང་བ་ཀླུའི་དབང་ཕྱུག་གི་མཛད་པ་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། གཏོར་མའི་ཆོ་ག་གདོན་ཕལ་པ་ཚིམ་པར་བྱེད་པའི་ཐབས་རིན་ཆེན་བཟང་པོས་མཛད་པ། ཆུ་གཏོར་ཆོ་ག་ཇོ་བོས་མཛད་པ། རྣམ་པ་ལྔ་མངོན་པར་བྱང་ཆུབ་པའི་རིམ་པ་ཤེས་རབ་གྲགས་ཀྱི་འགྱུར། འཆི་བ་བསླུ་བའི་མན་ངག་ངག་དབང་གྲགས་པས་མཛད་པ། དུས་མཆོད་བཞིའི་ངོས་འཛིན་ཤཱཀྱ་ཤྲིས་མཛད་པ། དེ་ཁོ་ན་ཉིད་ལ་འཇུག་པ་ཡེ་ཤེས་གྲགས་ཅན་ནོ། །བདེ་མཆོག་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་མར་པ་ཆོས་ཀྱི་བློ་གྲོས་འགྱུར། དཔལ་འཁོར་ལོ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ། ལུས་མེད་མཁའ་འགྲོའི་ཆོས་བདུད་རྩིའི་འཁོར་ལོ། གསང་བ་རིན་པོ་ཆེ་ནཱ་རོ་པས་མཛད་པ། རྣལ་འབྱོར་མའི་བསྒྲུབ་ཐབས། གཏོར་ཆོག་གཉིས་ནཱ་རོ་པས་མཛད་པ། གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུ་ཡེ་ཤེས་མཁའ་འགྲོ་མས་ཏཻ་ལོ་པ་ལ་གདམས་པ་རྣམས་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། ཏཻ་ལོ་པས་མཛད་པའི་བསམ་མི་ཁྱབ་བརྒྱད་ནི། ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ། ཕྲིན་ལས་བསམ་མི་ཁྱབ། བདེ་བ་ཆེན་པོ་བསམ་མི་ཁྱབ། གླུ་གར་མཁན་ལ་གདམས་པ་བསམ་མི་ཁྱབ། མུ་སྟེགས་ལ་གདམས་པ་ཆོས་ཉིད་བསམ་མི་ཁྱབ། ཤན་པ་ལ་གདམས་པ་སྦྱོར་བ་བསམ་མི་ཁྱབ། རིག་བྱེད་ལ་གདམས་པ་སྣ་ཚོགས་བསམ་མི་ཁྱབ། སྒྱུ་མ་མཁན་ལ་གདམས་པ་དངོས་པོ་བསམ་མི་ཁྱབ་བོ། །ཀ་དཔེ་རྩ་བའི་སྡོམ་མཁའ་འགྲོ་མའི་ཞལ་ནས་བྱུང་བ། ནཱ་རོ་ཆོས་དྲུག་གི་ཉམས་ལེན་བཀའ་དཔེ་ཕྱི་མའོ། རྒྱུད་སྡེ་ཆེན་པོ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་བསྡུས་པ་གསལ་རྡོ་རྗེ་གདན་པས་མཛད་པ། ནི་གུ་མས་མཛད་པའི་བླ་མའི་དཀྱིལ་འཁོར་གྱི་ཆོ་ག །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆོ་ག་ནི་གུ་མས་སྡོམ་པ་རྒྱ་མཚོའི་རྒྱུད་ནས་ཕྱུང་བ། འཁོར་ལོ་སྡོམ་པ་མྱུར་དུ་འགྲུབ་པའི་ཐབས་ནི་གུ་མས་མཛད་པ། ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཁྱུང་པོ་ལ་གདམས་པ། སྒྱུ་མ་ལམ་རིམ། དེའི་འགྲེལ་པ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་ཚིག་རྐང། ཁྱད་འཕགས་ལམ་ཁྱེར་གྱི་ཆོས་གསུམ། སེམས་འཆི་མེད་རང་གྲོལ་གྱི་གཞུང དེ་རྣམས་ནི་གུས་མཛད་ཅིང་། གླན་དར་མའི་འགྱུར། འཆི་མེད་གྲུབ་པའི་འགྲེལ་པ། དེའི་རྩ་བ་བིར་བས་མཛད་པ། འཆི་མེད་གྲུབ་པའི་དཀྱིལ་ཆོག །མར་ལོཙྪའི་འགྱུར། བླ་མ་ཕྱི་ལྟར་བསྒྲུབ་པའི་གཞུང་ཏཻ་ལོ་པས་མཛད་པ། བླ་མ་ནང་ལྟར་བསྒྲུབ་པ་ནཱ་རོ་པས་མཛད་པ། བླ་མའི་གསང་སྒྲུབ་ཀླུ་སྒྲུབ་ཀྱིས་མཛད་པ་རྣམས་བྷི་བྷུ་ཏི་ཙནྟྲའི་འགྱུར། གྲུབ་ཐོབ་བརྒྱ་བཅུའི་མངོན་རྟོགས་དཔལ་སྡེས་མཛད་པ། བསྟོད་པ་རྡོ་རྗེ་གདན་པས་མཛད་པ། རྟོགས་བརྗོད་རྡོ་རྗེའི་གླུ་རྣལ་འབྱོར་པ་ཉི་མའི་འོད་ཟེར་གྱིས་བསྡུས་པ། རྫོགས་རིམ་རིན་པོ་ཆེའི་ཕྲེང་བ་ཌ་མ་རུས་མཛད་པའོ། རྣལ་འབྱོར་པ་ཆེན་པོ་ས་ར་ཧས་དྷོ་ཧ་སྤྱོད་པའི་གླུ་རྒྱལ་པོ་ལ་གདམས་པ། མཛོད་ཀྱི་གླུའི་མན་ངག་བཙུན་མོ་ལ་གདམས་པ། དྷོ་ཧ་མཛོད་ཀྱི་གླུ་འབངས་ལ་གདམས་པ། དེ་ཁོ་ན་ཉིད་རྣལ་དུ་མཚོན་པ་དོན་དམ་པའི་ཡི་གེ །ཀ་ཁའི་དྷོ་ཧ། བཱཻ་རོ་ཙ་ནའི་རང་འགྱུར་རྣམས་སོ། །གཞན་ཡང་དྷོ་ཧ་མཛོད་ཤ་བ་རིས་མཛད་པ། བིར་བ་པས་མཛད་པ། ཏཻ་ལོ་པས་མཛད་པ། ནག་པོ་པས་མཛད་པ་རྣམས་འགྱུར་གོང་ལྟར། ལྟ་བསྒོམ་སྤྱོད་འབྲས་ཀྱི་གླུ་མཻ་ཏྲི་པས་མཛད་པ། ཡིད་ལ་མི་བྱེད་པ་སྙིང་པོ་དོན་གྱི་གླུ། རྨ་རྡོ་རྗེ་སྙིང་པོའི་འགྱུར། ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུ། སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ་གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་གླུ་ཕྱག་རྒྱ་ཆེན་པོའི་གླུ་སྟེ། གླུ་དྲུག་པོ་ས་ར་ཧས་མཛད་པ་ནག་པོ་པའི་རང་འགྱུར། ཕྱག་རྒྱ་ཆེན་པོའི་མན་ངག་ཏཻ་ལོ་པས་མཛད་པ་གཾ་ག་མར་གྲག་པ། ལྟ་བ་མདོར་བསྡུས་ནཱ་རོ་པས་མཛད་པ་སྟེ་གཉིས་པོ་མར་ལོའི་འགྱུར། རང་གི་སེམས་ངལ་བསོ་བའི་མ་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་མི་ཏྲས་མཛད་པ་ཁྲོ་ལོ་འགྱུར། ལམ་འབྲས་རྡོ་རྗེའི་ཚིགས་རྐང་རྣམས་བཞུགས། ༼མུ༽པ་ལ། ཞི་བྱེད་ཀྱི་བརྒྱུད་པ་ཕྱི་མའི་བཀའ་བབས་སྙན་རྒྱུད་བཞིའི་གཞུང་ལས་མཆོག་གི་བརྒྱུད་པ་རྒྱལ་པོའི་བཀའ་ལུང་ཐོབ་པ་ལྟ་བུ་ཕྱག་རྒྱ་ཆེན་པོ་བརྡའི་གདམས་པ་བདེ་གཤེགས་བཅུ་གཉིས་ཀྱི་མན་ངག །ཁྱད་པར་གྱི་བརྒྱུད་པ་མཁའ་འགྲོའི་ཙི་ཏ་ཕྱུང ནས་སྙིང་ཁྲག་ཐང་ལ་ཕོ་བ་རིན་པོ་ཆེའི་གསེར་གླིང་དུ་ཕྱིན་པ་ལྟ་བུའི་མན་ངག་མཁའ་འགྲོ་མའི་སྐྱེས་ཆོས་བརྒྱད་ཀྱི་དང་པོ་བརྡ་སྐོར་བཞི་ནི། དམ་ཚིག་མཁའ་འགྲོས་གསུངས་པའི་བརྡ་དུམ་བུ་བཞི། དབྱངས་ཀྱིས་མཁའ་འགྲོ་གསུངས་པའི་མཁའ་འགྲོ་བརྡའི་གུར་ཆུང་། འཇིག་རྟེན་མཁའ་འགྲོ་གསུངས་པའི་བརྡ་བམ་པོ་ལྔ་པ། མཁའ་འགྲོའི་བརྡའི་གུར་ཆུང་དུམ་བུ་མཁའ་འགྲོ་མའི་འཇམ་གླུ་རིང་མོའོ། །དོན་སྐོར་བཞི་ནི། གྲུབ་ཐོབ་བརྒྱད ཅུའི་རྟོག་བརྗོད་ཐིག་ལེ་དག་པའི་ཕྲེང་བ། གྲུབ་ཐོབ་ལྔ་བཅུའི་རྟོགས་བརྗོད་ཐིག་ལེ་འོད་ཀྱི་ཕྲེང་བ། གྲུབ་ཐོབ་བཞི་བཅུའི་རྟོགས་བརྗོད་རིན་པོ་ཆེ་གསེར་ཕྲེང་། མཁའ་འགྲོ་མ་སུམ་བཅུ་སོ་ལྔའི་རྟོགས་བརྗོད་ཤེས་རབ་གསལ་བའི་ཕྲེང་བ་དམ་པ་རྒྱ་གར་ལ་གནང་བ་རྣམས་ཞ་མ་ལོཙྪའི་འགྱུར། ངོ་མཚར་བརྒྱུད་པའི་བཀའ་བབས་མཁའ་སྤྱོད་བླ་མ་སོ་དྲུག་གི་གདམས་པ། སྨན་པ་མཁས་པས་ནད་གཞི་ལུས་ཟུང་དུ་སྒྱུར་བ་ལྟ་བུའི་མན་ངག །ཐུན་མོང་གི་གདམས་པ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་པ་རྩི་མར་ལ་ཡང་ཞུན་བྱས་པ་ལྟ་བུའི་གདམས་པ་སྐོར་གསུམ་གྱི་དངོས་སོ། གཞུང་གི་གནད་བསྡུས་པ་ལམ་དྲི་མེད་དངུལ་སྒོང་དག་པ། ངོས་སྤྲོད་ཀྱི་གནད་བསྡུས་པ་ལམ་དྲི་མེད་གསེར་སྒོང་དག་པ་མི་ཕམ་མགོན་པོས་གསུང་པ། གདམས་པའི་གནད་བསྡུས་པ་ལམ་དྲི་མེད་ཤེལ་སྒོང་དག་པའི་སྐོར། ཐུན་མོང་བརྒྱུད་པའི་སྙན་རྒྱུད་ས་ར་ཧའི་དྷོ་ཧ་གསང་གླུ། དྷོ་ཧ་རྡོ་རྗེ་གསང་བའི་མགུར་གྱི་དཀའ་སྤྱོད། རྔོན་པ་ཆེན་པོས་མཛད་པའི་བརྡ་ཕྲད་བདུན། ཟབ་དོན་བརྡའི་གླུ་ཤ་བ་རི་པས་དམ་པ་ལ་གདམས་པ། རྣལ་འབྱོར་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་གྲུབ་ཐོབ་རྣམས་ཀྱི་རྡོ་རྗེའི་མགུར་གྲུབ་ཐོབ་སྟོང་གི་གསང་མཛོད། དམ་པ་རང་གིས་འགྱུར། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་མཛོད་རིན་པོ་ཆེ་དབང་གི་ཐིག་ལེ། མཁན་པོ་ཨ་བྷྱ་ཀ་ར་དང་། བློ་གྲོས་སེང་གེའི་འགྱུར། བསྟན་སྲུང་ཆོས་སྐྱོང་དང་། ནོར་ལྷའི་སྐོར་ལ། མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ས་ར་ཧས་མཛད། ནག་པོ་ཆེན་པོའི་གསང་སྒྲུབ་ཀླུ་སྒྲུབ་ཀྱིས་མཛད་པ་རྩ་མི་འགྱུར། བླ་མ་མགོན་པོ་དབྱེར་མེད་དུ་སྒྲུབ་ཐབས་ཤ་བ་རིས་མཛད་པ་གཉིས། ཡང་སྒྲུབ་ཐབས་ཤ་བ་རིས་མཛད་པ། གསང་སྒྲུབ་རྒྱན་ཅན། དེའི་བྱིན་བརླབས། ཞལ་གཟིགས་ཀྱི་སྒྲུབ་ཐབས། འཁོར་ལོས་གསད་པ་རྣམས་ཤ་བ་རིས་མཛད་པ། བསྒྲུབ་ཐབས་ར་ཧཱུ་ལས་མཛད་པ། དེའི་བྱིན་བརླབས་ཀྱི་ཆོ་ག་ཁྱུང་པོས་མཛད་པ། དབང་གི་ཆོ་ག །ཕྱག་དྲུག་པའི་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་མཁའ་འགྲོ་ཚེ་བདག །མགོན་པོ་དབང་གི་རྒྱལ་པོ་དམར་པོའི་སྒྲུབ་ཐབས་མཻ་ཏྲི་པས་མཛད་པ། རྡོ་རྗེ་མཁའ་སྤྱོད་མའི་སྒྲུབ་ཐབས། བྱིན་གྱིས་བརླབས་པའི་རྣལ་འབྱོར་མའི་སྒྲུབ་ཐབས། །ལྷ་བཞིའི་སྒྲུབ་ཐབས། ནག་པོ་ཆེན་པོའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་འགྲེལ་པ་རྟ་དབྱངས་ཀྱིས་སྣ་ནམ་བླ་མའི་འགྱུར། ནག་པོ་ཆེན་པོའི་རྒྱུད་ལས་དགྲ་རྣམ་པར་བརླག་པར་བྱེད་པའི་རིམ་པར་ཕྱེ་བ་ས་མན་ཏ་ཤྲིས་་་་་་་་་མཛད་པ་དེ་ཉིད་དང་། ཆོས་རབ་ཀྱི་འགྱུར། ཆར་དབབ་པ་ལ་སོགས་པའི་སྒྲུབ་ཐབས། ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འབྱུང་གནས། ཡེ་ཤེས་མེ་སྦར་ཞེས་བྱ་བའི་སྦྱིན་སྲེག་གི་ཆོ་ག་སྟེ་གསུམ་པོ་མཛད་པ་པོ་སོགས་གོང་ལྟར། ནག་པོ་ཆེན་པོའི་སྒྲུབ་ཐབས་བྱིན་བརླབས་དང་བཅས་པ་སློབ་དཔོན་བསོད་སྙམ་པས་མཛད་པ། སུ་མ་ཏི་ཀིརྟི་དང་། པྲཛྙྱ་ཀིརྟིའི་འགྱུར། ནག་པོ་ཆེན་པོའི་གཏོར་ཆོག་ཇོ་བོས་མཛད་པ་འབྲོམ་འགྱུར། ནག་པོ་ཆེན་པོ་ལྷ་བཅུ་བདུན་གྱི་སྒྲུབ་ཐབས། དེའི་དཀྱིལ་འཁོར་ཆོ་ག །གཉིས་པོ་གྱི་ལྗང་དབུ་དཀར་འགྱུར། སྲོག་གི་སྤུ་གྲིའི་སྒྲུབ་ཐབས་སྦྱིན་སྲེག་གི་ཆོ་ག་རྣམས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་འགྱུར་གོང་ལྟར། ནག་པོ་ཆེན་པོའི་བསྟོད་པ་ཨ་ཝ་དྷུ་ཏིས་མཛད་པ། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། ཡར་ལུང་བ་སེང་གེ་རྒྱལ་མཚན་གྱིས་གུད་དུ་བྱུང་བ། སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་བ་རིའི་འགྱུར། སྒྲུབ་ཐབས་རྒྱ་མཚོ་ལས་ཕྱུང་བ། ལས་མགོན་ནག་པོའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། མལ་གྱོ་འགྱུར། ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས། དུར་སོལ་ལྷ་མོའི་སྒྲུབ་ཐབས་སྟེ་གཉིས་པོ་མཛད་པ་པོ་སོགས་གོང་ལྟར། དུད་སོལ་མའི་གསང་སྒྲུབ་ནཱ་རོ་པས་མཛད་པ་མར་འགྱུར། ཞལ་བཞིའི་སྒྲུབ་ཐབས་ཀླུ་སྒྲུབ་ཅན། འཆར་ཀ་ནག་པོས་མཛད་པའི་པར་བུ་ནག་པོའི་སྒྲུབ་ཐབས། ལྷ་ཆེན་ཚོགས་བདག་གིས་སྒྲུབ་ཐབས། གསང་བསྟན་་སྒྲུབ་ཐབས། ནག་པོ་ཆེན་པོ་བྱ་རོག་མིང་ཅན་གྱི་ཁྱད་པར་གྱི་ལས་ཚོགས་བཅུ་དྲུག་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཕྱག་བཞི་པའི་སྒྲུབ་ཐབས་ཨརྻ་དེ་བས་མཛད་པ། བྱ་གདོང་གི་སྒྲུབ་ཐབས་རྩ་མིས་མཛད་པ། སེང་གདོང་ཅན་གྱི་སྒྲུབ་ཐབས་རྡོ་རྗེ་གདན་པས་མཛད་པ། དེས་མཛད་པའི་སྟག་གདོང ཅན་གྱི་སྒྲུབ་ཐབས། བཀའ་སྡོད་ལྕེ་སྤྱང་གདོང་གི་སྒྲུབ་ཐབས། མཁའ་འགྲོ་སྒྲོལ་བྱེད་མའི་སྒྲུབ་ཐབས་རྣམས་སོ། །ངན་སྔགས་ཀྱི་མཚོན་ཆ། དྲག་པོའི་བཙན་དུག་ཤ་ཟ་སེང་གདོང་གི་སྒྲུབ་ཐབས་ཨ་བྷྱ་དང་། རྩ་མི་འགྱུར། ནག་པོ་ཆེན་པོ་བྱ་རོག་གདོང་མའི་ཤམ་བུ་ཅན་བརྒྱད་ལ་གནོད་སྦྱིན་གང་པོའི་སྙིང་ཐིག་ཟབ་མོ་རྡོ་རྗེ་གདན་པས་མཛད་པ། ནག་པོ་ཆེན་པོ་ལྷ་ལྔའི་སྒྲུབ་ཐབས་བཀའ་མར་གྲགས་པ་ཀླུ་སྒྲུབ་ཅན་རྩ་མི་འགྱུར། བྱ་རོག་མིང་ཅན་གྱི་སྒྲུབ་ཐབས། ཚོགས་བདག་གི་བསྟོད་པ་ཨ་མོ་གྷ་བཛྭས་མཛད་པ། ཚོགས་བདག་གི་སྒྲུབ་ཐབས་མ་ཚང་བ། ཚོགས་བདག་གི་སྒྲུབ་ཐབས་ནཱ་རོ་པས་མཛད་པ་བ་རིའི་འགྱུར། ཚོགས་བདག་གི་འཁོར་ལོའི་གསལ་བྱེད་ཌོམ་བི་ཧེ་རུ་ཀས་མཛད་པ། འཁོར་ལོའི་གསལ་བྱེད་ནཱ་རོ་པས་མཛད་པ། བགེགས་སེལ་བའི་སྒྲུབ་ཐབས་ཇོ་བོས་མཛད་པ། ཚོགས་བདག་སྤྲེའུ་གསང་བའི་སྒྲུབ་ཐབས་ཨ་མོ་གྷས་མཛད་པ། ནག་ཚོ་འགྱུར། ཚོགས་བདག་གི་སྒྲུབ་ཐབས་རྒྱས་པ་ནག་པོ་པས་མཛད་པ་འབྲོག་མི་འགྱུར། ཛམྦྷ་ལ་ནག་པོ་པའི་སྒྲུབ་ཐབས་ཤཱཀྱ་ཤྲིས་མཛད་པ། སྨུག་འཛིན་ལ་བསྟོད་པ་ཟླ་བས་མཛད་པ། ཨུ་ཙུཤྨ་སྒྲུབ་ཐབས་ཐུན་མོང་མ་ཡིན་པས་སྒེག་རྡོར་གྱིས་མཛད་པ། སྨུག་འཛིན་ལ་བསྟོད་པ་བཙུན་པ་ཟླ་བས་མཛད་པ། སྨུག་འཛིན་ལ་བསྟོད་པ་ཛྙྱ་ན་བཛྭས་མཛད་པ། འཛམྦྷ་ལ་ལ་བསྟོད་པ་ཉི་མ་རྣམ་པར་གནོན་པས་མཛད་པ། རྨུག་འཛིན་འཆོལ་པའི་མན་ངག་གི་བསྟོད་པ་དྷ་བྱང་ཆུབ་སེམས་དཔས་མཛད་པ། རྨུག་འཛིན་ཆུའི་དབང་པོ་ལ་ཕྲིན་ལས་ཉི་ཤུའི་སྒོ་ནས་བསྟོད་པ་ཤྲི་ཛྙྱ་ན་དང་། བྱམས་པ་དཔལ་གྱི་འགྱུར། རྨུག་འཛིན་འཆོལ་པ་ནག་པོའི་སྒྲུབ་ཐབས་ནོར་སྦྱིན་གྱིས་མཛད་པ་འགྱུར་གོང་ལྟར། རྨུག་འཛིན་འཆོལ་བའི་སྒྲུབ་ཐབས་མུ་ཏི་ཏས་མཛད་པ། ཨུ་ཙུསྨ་ཞེས་བྱ་བ་ནོར་གྱི་བདག་པོའི་སྒྲུབས་ཐབས་ད་ན་ཤི་ལའི་རང་འགྱུར། འཛམ་བྷ་ལ་དམར་པོའི་སྒྲུབ་ཐབས་ཨ་བྷྱས་མཛད་པ། ཨ་པ་ར་ཙིཏྟའི་བསྒྲུབ་ཐབས་ཨིནྟྲ་བོ་དྷིས་མཛད་པ། ཚོགས་ཀྱི་བདག་པོ་འཇུར་འགེག་སེལ་བའི་སྒྲུབ་ཐབས་ཨིནྟྲ་བོ་དྷིས་མཛད་པ། གནོད་སྦྱིན་སྤུན་གཉིས་ཀྱི་སྒྲུབ་ཐབས་ཨ་ཛི་ཏ་མི་ཏྲས་མཛད་པ། ནོར་རྒྱུན་མའི་སྒྲུབ་ཐབས་ད་ན་ཤི་ལའི་རང་འགྱུར། ནོར་རྒྱུན་མའི་བསྟོད་པ་དང་བཅས་པ་རྣམས་བཞུགས་སོ། ༈ ཐ་མལ་གནས་ལུས་ལོངས་སྤྱོད་བྱ་བ་རྣམས། རྟེན་དང་བརྟེན་པའི་དཀྱིལ་འཁོར་འཁོར་ལོ་ཡིས། རྣལ་འབྱོར་ཐུན་བཞིར་གོམས་པས་སྦྱོང་བྱེད་པ། འབྲས་བུས་ལམ་བྱེད་སྔགས་ཀྱི་ཁྱད་པར་རོ།། །།རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཐེག་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ། བྱང་ཆུབ་སེམས་པའི་གནས་སྐབས་ན་ཕར་ཕྱིན་བཅུའི་སྒོ་ནས་དཀའ་བ་སྤྱད་པའི་ཚུལ་མཛད་པ་བསམ་གྱིས་མི་ཁྱབ་པ་རྣམ་པར་ཐར་པའི་སྐོར་སྐྱེས་པ་རབས་ཀྱི་སྡེ་ལ། ༼ཀ༽པའི་ནང་དུ། སྐྱེས་རབས་ཀྱི་རྒྱུད་སློབ་དཔོན་དཔའ་བོས་མཛད་པའི་སོ་བཞི་པ་ཡན། རྒྱ་གར་གྱི་མཁན་པོ་བིད་ཏྱ་ཀ་ར་སིང་ཧ་དང་། ཞུས་ཆེན་གྱི་ལོཙྪ་བ་བན་དྷེ་མཉྫྱུ་ཤྲིའི་འགྱུར། དེའི་ལྷག་མ་ཁ་སྐོང་དུ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་མཛད་པའི་སེང་གེར་སྐྱེས་པའི་རབས་ཡན་བཞུགས། ༼ཁ༽པ་ལ། དེད་དཔོན་བློ་ལྡན་གྱི་སྐྱེས་པའི་རབ་མན་ཆད་རྫོགས་དང་། སངས་རྒྱས་ཀྱི་སྤྱོད་པ་བཙུན་པ་རྟ་དབྱངས་ཀྱིས་མཛད་པ། སྐྱེས་རབས་འགྲེལ་པ་དྷརྨ་ཀིཏྟིས་མཛད་པའི། གཙུག་ཕུད་སྐྱེས་པའི་རབས་ཡན་ཆད་དང་། ༼ག༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ། པཎྜྻི་ཏ་ཛ་ནར་དྷ་ན་དང་། ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། སློབ་དཔོན་སེང་གེ་ཞབས་ཕྲེང་བས་མཛད་པའི་སྐྱེས་རབ་ཀྱི་ཕྲེང་བ། པཎྜྻི་ཏ་ཨ་ལཾ་ཀ་ར་དེ་བའི་ཞབས་དང་། ཚུལ་ཁྲིམས་འབྱུང་གནས་སྦས་པའི་འགྱུར། ༼ང༽པ་ལ། འཇིག་རྟེན་ཀུན་དགའ་བའི་ཟློས་གར་ཙན་ཏྲ་གོ་མིས་མཛད་པ། པཎྜྻི་ཏ་ཀིརྟི་ཙིནྟྲ་དང་། ཡར་ཀླུངས་བ་གྲགས་རྒྱལ་གྱི་འགྱུར། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དགའ་བའི་ལྷས་མཛད་པ་མཁན་པོ་ལཀྵ་ཀ་ར་དང་། ཤོང་སྟོན་འགྱུར། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས། བྱས་ཤེས་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་ཡན་དང་། ༼ཅ༽པ་ལ། དེའི་འཇུགས་ཡོངས་སུ་རྫོགས་སྙན་ངག་མཁན་དགེ་བའི་དབང་པོས་མཛད་པ་འགྱུར་གོང་ལྟར་རོ། །བཀའ་བར་པ་མཚན་ཉིད་མེད་པ་ལས་བཀའ་རྒྱས་འབྲིང་བསྡུས་གསུམ་སོགས་ཀྱི་འགྲེལ་པའི་སྐོར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་མགོན་པོ་བྱམས་པས་མཛད་པ། རྔོག་བློ་ལྡན་ཤེས་རབ་ཀྱི་འགྱུར། དེའི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་བཞུགས། ༼ཆ༽པ་ལ། མངོན་རྟོགས་རྒྱན་གྱིས་འགྲེལ་པ་ཚིག་གསལ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། མངོན་རྟོགས་རྒྱན་གྱི་འགྲེལ་པའི་བསྡུས་དོན་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པ་རྔོག་འགྱུར། མངོན་རྟོགས་རྒྱན་གྱི་འགྲེལ་པ་རྟོགས་པར་དཀའ་བའི་སྣང་བ་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པ། ལོ་ཆེན་འགྱུར་ལས་སླད་ནས་ཇོ་བོ་དང་ནག་ཚོའི་མ་དཔེ་ལས་མི་གསལ།ནས་མཛད་པ་དེ་ཉིད་དང་། བྱམས་པ་དཔལ་གྱི་འགྱུར། གྲགས་པའི་ཆ་རད་ན་ཀིརྟིས་མཛད་པའི་སྐབས་གསུམ་པ་ཡན་བཞུགས། ༼ཇ༽པ་ལ། དེའི་འཇུག་ཡོངས་སུ་རྫོགསམ་དཔེ་ལས་མི་གསལ།འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དེ་ཉིད་དང་། ནག་ཙོའི་གྱུར། འགྲེལ་པ་དག་ལྡན་ཤིནྟ་མ་དཔེ་ལས་མི་གསལ། ༼ཉ༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ་མཁན་པོ་ཤ་སུ་བྷུ་ཏི་ཤནྟི་དང་། ལོཙྪ་བ་ཤཱཀྱ་བློ་གྲོས་དང་། ཤནྟ་བྷ་ཏྲ་དང་། འགོས་ལྷ་བཙས་འགྱུར། ཡུམ་གསུམ་འགྲེལ་པ་མ་དཔེ་ལས་མི་གསལ། འཇུག་ཡོངས་སུ་རྫོགས་པ། མཁན་པོ་སུ་མནྟྲ་བོ་དྷེ་དང་། ཡེ་ཤེས་སྡེའི་འགྱུར། ཡུམ་གྱི་འགྲེལ་པ་དཾ་་སེ་ནས་མཛད་པའི་ལེའུ་དགུ་ཡན། ༼ཐ༽པ་ལ། ལེའུ་མ་དཔེ་ལས་མི་གསལ། དེའི་འཇུག་ཡོངས་སུ་རྫོགས་པ་དང་། སྟོང་ཕྲག་བརྒྱ་པའི་རྣམ་པར་བཤད་པ་དྷརྨ་ཤྲིས་མཛད་པ་དང་། སློབ་དཔོན་སེང་གེ་བཟང་པོའི་ཉི་ཁྲི་ལེའུ་བརྒྱད་མའི་བམ་པོ་བདུན་པ་མ་དཔེ་ལས་མི་གསལ།ལ་དེའི་འཇུག་ཡོངས་སུ་རྫོགས་པ། མཁན་པོ་བིད་ཏ་ཀ་ར་པྲ་བྷ་དང་། ལོཙྪ་བ་དཔལ་བརྩེགས་དང་། སླད་གོ་མི་འཆི་མེད་དང་། བློ་ལྡན་ཤེས་རབ་ཀྱི་འགྱུར་དང་། མ་དཔེ་ལས་མི་གསལ།མཐོང་ལམ་ཡན་དང་། ༼མ༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་དང་། བཙུན་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་རྣམས་འགྲེལ་གྱི་ཞིང་དག་པའི་སྦྱོར་བ་ཡན་དང་། ༼ཙ༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ། མཁན་པོ་ཤནྟི་བྷ་ཏྲ་དང་། འབྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར་དང་། བརྒྱད་སྟོང་དོན་བསྡུས་ཕྱོགས་ཀྱི་གླང་པོས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་དང་། བརྒྱད་སྟོང་འགྲེལ་ཆེན་སེང་གེ་བཟང་པོས་མཛད་པའི་ལེའུ་གསུམ་པ་མན་དང་། ༼ཚ༽པ་ལ། དེའི་འཇུག་ཡོངས་སུ་རྫོགས། མཁན་པོ་སུ་བྷ་ཤི་ཏ་དང་། ལོ་ཆེན་འགྱུར་ལས། ཏི་པམ་ཀ་ར་ཤྲི་ཛྙྱ་ན་དང་། ལོ་ཆེན་འགྱུར། བརྒྱད་སྟོང་འགྲེལ་པ་སྙིང་པོ་མཆོག་ཤནྟི་པས་མཛད་པའི་བསྒྲུབ་པའི་ཆེད་དུ་བྱ་བ་ཡན་དང་། ༼ཛ༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ་པཎྜྻི་ཏ་ཤི་ཀུ་མ་ར་དང་། ཤཱཀྱ་བློ་གྲོས་ཀྱི་འགྱུར། བརྒྱད་སྟོང་འགྲེལ་པ་གནད་ཀྱི་ཟླ་ཟེར་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ལེའུ་བརྒྱད་པ་ཡན་དང་། ༼ཝ༽པ་ལ། དེའི་མཇུག་ཡོངས་སུ་རྫོགས་པ་པཎྜྻི་ཏ་དེ་ཉིད་དང་། ཤེས་རབ་དཔལ་གྱི་འགྱུར། བརྒྱད་སྟོང་འགྲེལ་པ་མན་ངག་གི་རྗེས་འབྲང་ཤྲི་ཛ་ག་ཏ་ལེགས་གནས་པས་མཛད་པའི་ལེའུ་བཅུ་གཉིས་པ་ཡན་དང་། ༼ཞ༽པ་ལ། ཡོངས་སུ་རྫོགས་པ་ཨ་ལཾ་ཀ་དེ་བ་དང་། ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར། སེང་གེ་བཟང་པོས་མཛད་པའི་སྡུད་འགྲེལ་རྟོག་པར་སླ་བ་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྡུད་འགྲེལ། བིད་ཏྱ་ཀ་ར་སིང་ཧ་དང་། དཔལ་བརྩེགས་འགྱུར་རྣམས་བཞུགས། ༼ཟ༽པ་ལ། ཤེར་སྙིང་འགྲེལ་པ་ཀླུ་སྒྲུབ་ཀྱིས་མཛད་པ། གླན་ཆུང་དང་། སྟག་ལོཙྪའི་འགྱུར། ཤེར་སྙིང་འགྲེལ་པ་བི་མ་ལ་མི་ཏྲས་མཛད་པ་དེ་ཉིད་དང་། ནམ་མཁའ་ལ་སོགས་པའི་འགྱུར། ཤེར་ཕྱིན་བདུན་བརྒྱ་པའི་འགྲེལ་པ་ཀ་མ་ལ་ཤི་ལས་མཛད་པ་ཅུང་མ་ཚང་བ། དཀོན་མཆོག་གསུམ་རྗེས་སུ་མ་དཔེ་ལས་མི་གསལ།གཉེན་གྱིས་མཛད་པ་ད་ན་ཤི་ལའི་འགྱུར། སངས་རྒྱས་པའི་རྣམ་པར་བཤད་པ་ངང་ཚུལ་བཟང་པོས་མཛད་པ། དཀོན་བརྩེགས་ལས་འོད་སྲུང་ལེའུའི་འགྲེལ་པ་བློ་བརྟན་གྱིས་མ་དཔེ་ལས་མི་གསལ། པ་དཔལ་བརྩེགས་འགྱུར། ས་ལུ་ལྗང་པའི་མདོ་འགྲེལ་ཀ་མ་ལ་ཤི་ལས་མཛད་པ། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་འགྲེལ་པ་ཀ་མ་ལ་ཤི་ལས་མ་དཔེ་ལས་མི་གསལ། ༼འ༽པ་ལ། དྷ་ཀ་ཡེ་ཤེས་ཀྱི་མདོའི་འགྲེལ་པ་པྲཛྙྱ་ས་མུ་ཏྲས་མཛད་པ། དྷ་ཀ་ཡེ་ཤེས་ཀྱི་འགྲེལ་པ་ཞི་བ་ལྷས་མཛད་པ། འཕགས་པ་ཤེས་རབ་འགྱུར། ག་ཡ་མ་དཔེ་ལས་མི་གསལ།ཡེ་ཤེས་སྡེའི་གྱུར། ག་ཡ་གོ་རིའི་མདོ་འགྲེལ་ཤཱག་བློས་མཛད་པ། ཚིགས་སུ་བཅད་པ་གཅིག་པའི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ། སྒོ་དྲུག་པའི་གཟུང་མ་དཔེ་ལས་མི་གསལ།དབྱིག་གཉེན་གྱིས་མཛད་པ། ཆོས་བཞིའི་རྣམ་པར་བཤད་པ་ཡེ་ཤེས་བྱིན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར་ཚིགས་སུ་བཅད་པ་གཉིས་པའི་འགྲེལ་པ་སློབ་དཔོན་ཆེན་པོ་མཛེས་བཀོད་ཀྱིས་མཛད་མ་དཔེ་ལས་མི་གསལ།པས་མཛད་པ་གྲགས་པའི་ཕྲེང་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས། ༼ཡ༽པ་ལ། ས་བཅུ་པའི་མདོ་ཡི་གླེང་གཞིའི་བཤད་པ་ཤཱཀྱ་བློ་གྲོས་ཀྱིས་མཛད་མ་དཔེ་ལས་མི་གསལ།པ་དཔལ་བརྩེགས་འགྱུར། ས་བཅུ་པའི་འགྲེལ་བཤད་ཉི་མ་གྲུབ་ཀྱི་མཛད་པ། དཔལ་བརྩེགས་འགྱུར། ༼ར༽པ་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བའི་མདོ་སྡེ་རྣམ་པར་འགྲེ་པ་བ་སུ་བན་དྷུས་མཛད་པ། ནམ་མཁའི་འགྱུར། རྟེན་ཅིང་འབྲེལ་པར་འབྱུང་བ་ཐོག་མ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ་ཡོན་ཏན་བློ་གྲོས་ཀྱིས་མཛད་པ་འགྱུར་གོང་ལྟར། ལས་སྒྲིབ་རྣམ་པར་སྦྱོང་བའི་བཤད་པ་ཏི་པཾ་ཀ་ར་ཤྲི་ཛྙྱ་ནས་མཛད་པ། ཕུང་པོ་གསུམ་པའི་སྒྲུབ་ཐབས་སློབ་དཔོན་ཀྲིཥྞ་པས་མཛད་པ་དེ་གཉིས་ཇོ་བོ་དང་། ནག་ཙོ་འགྱུར། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་ཛེ་ཏ་རིས་མཛད་པ། ཆག་འགྱུར། ལྟུང་བཤགས་ཀྱི་འགྲེལ་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཤན་ཏ་རཀྵི་ཏ་དང་། རྙི་བ་དེ་བ་གྷོ་རའི་འགྱུར་རྣམས་བཞུགས་སོ། ༼ལ༽པ་ལ། དགོངས་པ་ངེས་འགྲེལ་གྱི་རྣམ་བཤད་ཐོག་མེད་ཀྱི་མཛད་པའི་ལེའུ་དགུ་པ་ཡན་དང་། ༼ཤ༽པ་ལ། ལྷག་མ་ཡོངས་སུ་རྫོགས་པ་དང་། དགོངས་པ་ངེས་འགྲེལ་གྱི་རྣམ་བཤད་སློབ་དཔོན་ཝན་ཚེག་གིས་མཛད་པའི་བམ་པོ་བཅུ་བཞི་པ་ཡན་དང་། ༼ས༽པ་དང་། ༼ཧ༽པ་གཉིས་ལ། དེའི་འཇུག་ཡོངས་སུ་རྫོགས་པ། ལོཙྪ་བ་མགོ་ཆོས་གྲུབ་ཀྱིས་འགྱུར་བཞུགས། ༼ཨ༽པ་ལ། པད་དཀར་འགྲེལ་པ་སིང་ག་གླིང་གི་སློབ་དཔོན་སའི་རྩ་ལག་གིས་མཛད་པ། རྒྱ་དཔེ་ལ་བསྒྱུར་བ་དང་། འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་ཡེ་ཤེས་བཟང་པོས་མཛད་པའི་ལེའུ་གསུམ་པ་ཡན་དང་། ༼ཀི༽པ་ལ། ལེའུ་བཞི་པ་མན་ཆད་རྫོགས་པ་དང་། ལང་གཤེགས་འགྲེལ་པ་ཛ་ན་བཛྭས་མཛད་པ་དེ་བཞིན་གཤེགས་པའི་སྙིང་པོ་རྒྱན་གྱི་ལེའུ་གསུམ་པ་ཡན་དང་། ༼ཁི༽པ་ལ། དེ་ལྷག་མ་ཡོངས་སུ་རྫོགས་པ་དང་། བློ་གྲོས་མི་བཟད་པས་བསྟན་པའི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པའི་ཆོས་སོ་སོ་ཡང་དག་པར་རིག་པ་ཡན་དང་། ༼གི༽པ་མ་དཔེ་ལས་མི་གསལ།མཆོད་པའི་ཆོ་ག་བསྡུས་པ་བ་བོདྷི་ས་ཏྭས་མཛད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚིགས་ལེའུ་བྱས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་བཤད་མ་དཔེ་ལས་མི་གསལ།ཀླུ་སྒྲུབ་ཀྱིས་མཛད་པ། ཡེ་ཤེས་སྡེའི་འགྱུར། མདོ་བཏུས་ཀྱི་རྣམ་བཤད་ཤནྟི་བས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་གྱུར་རྣམས་བཞུགས་སོ། །༼ངི༽པ་ལ། ཇོ་བོ་རྗེ་མ་དཔེ་ལས་མི་གསལ། མདོ་བཏུས་ཀྱི་མན་ངག་ཏུ་བྱ་བ་གཉིས། ནག་ཙོ་འགྱུར། ཐེག་པ་བསྡུས་པའི་སྒྲོན་མ་ནག་པོ་པས་མཛད་པ། དེ་ཉིད་དང་། ཆོས་ཤེས་འགྱུར། དབུ་མ་རྩ་བ་ཤེས་རབ་ཀླུ་མ་དཔེ་ལས་མི་གསལ། ཧ་སུ་མ་ཏི་དང་། ཀ་ན་ཀ་དང་། པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ། རྩ་བ་ཤེས་རབ་ཀྱི་འགྲེལ་པ་ག་ལ་འཇིགས་མེད་ཀླུ་སྒྲུབ་མཛད་པ། རྣམས་བཞུགས་མ་དཔེ་ལས་མི་གསལ།ལི་ཏས་མཛད་པ་དང་། རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མ་ལེགས་ལྡན་འབྱེད་ཀྱིས་མཛད་པ་གཉིས་ཅོག་རོ་འགྱུར། ༼ཆི༽པ་ལ། ཤེས་རབ་སྒྲོན་མེའི་འགྲེལ་མ་དཔེ་ལས་མི་གསལ།པའི་རབ་བྱེད་གསུམ་པ་ཡན་དང་། ༼ཇི༽པ་ལ། རབ་བྱེད་བཅུ་པ་ཡན་ཆད་དང་། ༼ཉི༽པ་ལ། རབ་བྱེད་ཉི་ཤུ་རྩ་གཉིས་པ་ཡན་དང་། ༼ཏི༽པ་ལ། དེའི་ལྷག་མ་དཔེ་ལས་མི་གསལ། འགྲེལ་པ་ཚིག་གསལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རབ་བྱེད་བཅུ་བདུན་པ་ཡན་དང་། ༼ཐི༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ་པ་ཚབ་ཉི་མ་གྲགས་ཀྱིས་འགྱུར་དང་། སྟོང་ཉིད་བཅུ་བདུན་པའི་རྩ་བ་དང་འགྲེལ་པ་གཉིས་ཀླུ་་སྒྲུབ་ཀྱིས་མཛད་པ། སྟོང་ཉིད་བདུན་བཅུ་པའི་འགྲེ ལ་པ་སློབ་དཔོན་གཞན་ལ་ཕན་པས་མཛད་པ། གཞོན་ནུ་མཆོག་གི་འགྱུར། རྩོད་པ་ཟློག་པ་རྩ་འགྲེལ་གཉིས་ཀླུ་སྒྲུབ་ཀྱིས་མཛད་པ། ཞིབ་མོ་རྣམས་འཐག་རྩ་འགྲེལ་གཉིས་ཀླུ་སྒྲུབ་ཀྱིས་མཛད་པ་ཁུ་མདོ་སྡེ་འབར་གྱི་འགྱུར། རིགས་པ་དྲུག་བཅུ་པ་ཀླུ་སྒྲུབ་ཀྱིས་མཛད་པ། པ་ཚབ་འགྱུར། དེའི་འགྲེལ་པ་ཟླ་བ་གྲགས་པས་མཛད་པ་འགྱུར་གོང་ལྟར། རིན་ཆེན་ཕྲེང་བ་ཀླུ་སྒྲུབ་ཀྱིས་མཛད་པ། དེའི་འགྲེལ་པ་མི་ཕམ་བཤེས་གཉེན་གྱིས་མཛད་པ། བཤེས་སྤྲིངས་ཀླུ་སྒྲུབ་ཀྱིས་མཛད་པ། དེ་གསུམ་དཔལ་བརྩེགས་འགྱུར། དབུ་མ་བཞི་བརྒྱ་པ་ཨརྻ་དེ་བས་མཛད་པ། བཤེས་སྤྲིངས་འགྲེལ་པ་ཚིག་གསལ་བློ་གྲོས་ཆེན་པོས་མཛད་པ་དཔལ་བརྩེགས་འགྱུར་རྣམས་བཞུགས། ༼དི༽པ་ལ། མ་རྟོགས་པ་རྟོགས་པར་བྱེད་པའི་རབ་བྱེད་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། སྐྱེས་མེད་རིན་པོ་ཆེའི་མཛོད་པ་ཚབ་འགྱུར། དེ་གཉིས་ཀླུ་སྒྲུབ་ཀྱིས་མཛད་པ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་འཕགས་པ་ལྷས་མཛད་པ། ཡེ་ཤེས་སྙིང་པོ་བཏུས་བྱང་ཆུབ་བཟང་པོས་མཛད་པ་དེ་གཉིས་ཆོས་ཤེས་འགྱུར། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིགས་ལེའུར་བྱས་པ་ཛེ་ཏ་རིས་མཛད་པ། ཤྭཀྱ་འོད་ཀྱི་འགྱུར། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ་དང་། དེའི་འགྲེལ་པ་འཁྲུལ་པ་བཟློག་པའི་རིག་པ་གཏན་ཚིགས་གྲུབ་པ། དེ་གསུམ་ཨརྻ་དེ་བས་མཛད་པ་དཔལ་བརྩེགས་འགྱུར། རྟོག་གེ་པའི་ཐོ་བའི་ཚིག་ལེའུ་བྱས་པས་པཎྜྻི་ཏ་ཛ་ཡ་ཨ་ནན་ཏས་མཛད་པ། ཁུ་མདོ་སྡེ་འབར་གྱི་འགྱུར། ཕུང་པོ་ལྔའི་རབ་བྱེད་ཟླ་བ་གྲགས་པས་མཛད་པ། དབུ་མ་རིན་ཆེན་སྒྲོན་མ་བྷ་བྷྱས་མཛད་པ། དབུ་མའི་དོན་བསྡུས་པ་ལེགས་ལྡན་བྱེད་ཀྱིས་མཛད་པ། དབུ་མ་རྟེན་ཅིང་འབྲེལ་པར་འབྱུང་བ་ནག་པོ་པས་མཛད་པ། དབུ་མ་འཁྲུལ་འཇོམས་བྷ་བྷྱས་མཛད་པ། དེ་རྣམས་ཇོ་བོ་དང་། ནག་ཚོ་འགྱུར། ཡི་གེ་བརྒྱ་པའི་རབ་ཏུ་བྱེད་པའི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བ། སྲིད་པ་འཕོ་བ་པཎྜྻི་ཏ་བྱམས་པ་མགོན་པོས་མཛད་པ། པཎྜྻི་ཏ་ཟླ་བ་གཞོན་ནུ་ལ། གྲུ་སྟོན་ཆུང་གིས་ཞུས་ནས་རང་འགྱུར་དུ་མཛད་པ། དབུ་མ་སྙིང་པོའི་ཚིག་ལེའུར་བྱས་པ་སློབ་དཔོན་བྷ་བྷྱས་མཛད་ནག་ཚོ་འགྱུར། དབུ་མ་སྙིང་པོ་རྟོག་གེ་འགྱུར་བ། དབུ་མ་ལ་འཇུག་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། མཁན་པོ་ཏི་ལ་ཀ་དང་། པ་ཚབ་ལ་སོགས་པའི་འགྱུར་རྣམས་བཞུགས། ༼ནི༽པ་ལ། འཇུག་པའི་འགྲེལ་པ་ཟླ་བ་གྲགས་པས་མཛད་པ། འཇུག་པའི་འགྲེལ་བཤད་དོན་གསལ་ཁ་ཆེའི་པཎྜྻི་ཏ་ཛ་ཡ་ཨ་ནན་ཏས་མཛད་པའི་ལེའུ་ལྔ་པ་ཡན་བཞུགས། ༼པི༽པ་ལ། དེའི་ལྷག་མ་ཡོངས་སུ་རྫོགས་པ་དེ་ཉིད་དང་། བན་དྷེ་ཀུན་དགའ་གྲགས་ཀྱི་འགྱུར། དབུ་མ་རྒྱན་གྱི་འགྲེལ་པ་ཞི་བ་འཚོས་མཛད་པ། དབུ་མ་རྒྱན་གྱི་དཀའ་འགྲེལ་ཀ་མ་ལ་ཤི་ལས་མཛད་པ། ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས། ༼ཕི༽པ་ལ། དབུ་མ་སྣང་བ་ཀ་མ་ལ་ཤི་ལས་མཛད་པ། དཔལ་བརྩེགས་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཞི་བ་ལྷས་མཛད་པ། དཔལ་བརྩེགས་དང་། ལོ་ཆེན་ལ་སོགས་པའི་འགྱུར། སྤྱོད་འཇུག་གི་འགྲེལ་པ་ལ། དཀའ་འགྲེལ་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། དཀའ་འགྲེལ་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པའི་ལེའུ་གསུམ་པ་ཡན་དང་། ༼བི༽པ་ལ། དེ་མན་ཆད་ཡོངས་སུ་རྫོགས་པ། སུ་མ་ཏི་ཀརྟི་དང་། དར་མ་གྲགས་ཀྱི་འགྱུར། དགོངས་འགྲེལ་ཁྱད་པར་གསལ་བི་བྷུ་ཏི་ཙནྟྲས་མཛད་པ། དེ་ཉིད་ཀྱིས་རང་འགྱུར་མཛད་པ་རྣམས་བཞུགས། ༼མི༽པ་ལ། ལེགས་པར་སྦྱར་བ་དགེ་བ་ལྷས་མཛད་པ། ཤྲི་ཀུ་མ་ར་དང་། དགེ་སློང་བློ་གྲོས་ཀྱི་འགྱུར། ཤེས་རབ་ལེའུ་ཡི་དཀའ་འགྲེལ་མི་མཉམ་ཁོལ་པོ་དང་། བློ་ལྡན་ཤེས་རབ་ལ་སོགས་པའི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ། སྤྱོད་འཇུག་གི་དོན་སུམ་ཅུ་རྩ་དྲུག་བསྡུས་པ་གསེར་གླིང་བ་ཆོས་སྐྱོང་གིས་མཛད་པ། ནག་ཚོ་གྱུར། དེས་མཛད་པའི་སྤྱོད་འཇུག་དོན་བཅུ་གཅིག་ཏུ་བསྡུས་པ་ན་ཚོ་འགྱུར། རྟོགས་དཀའི་གནས་གཏན་ལ་དབབ་པ་ཀྲིཥྞ་པས་མཛད་པ་དེ་ཉིད་དང་ཆོས་ཤེས་འགྱུར་རྣམས་སོ། །བསླབ་པ་ཀུན་ལ་བཏུས་པ་ཞི་བ་ལྷས་མཛད་པ་ལེའུ་བཅུ་གཉིས་པ་ཡན་དང་། ༼ཙི༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ། ཡེ་ཤེས་སྡེ་དང་། བློ་ལྡན་ཤེས་རབ་འགྱུར། བསླབ་བཏུས་ཚིག་ལེའུར་བྱས་པ་ཤན་ཏ་དེ་བས་མཛད་པ། མངོན་པར་རྟོགས་པ་མར་མེ་མཛད་ཡེ་ཤེས་དང་། ནག་ཚོ་འགྱུར། དུས་གསུམ་བརྟགས་པ་ཕྱོགས་གླང་གིས་མཛད་པ། ཤནྟ་ཨ་ཀ་ར་གུཔྟ་དང་། ཚུལ་ཁྲིམས་རྒྱལ་མཚན་འགྱུར། ཆོས་དང་ཆོས་ཉིད་གཏན་ལ་དབབ་པ་ཛེ་ཏ་རིས་མཛད་པ། བྱང་ཆུབ་སེམས་ཀྱི་ལེགས་ལམ་གྱི་རིམ་པ་མདོར་བསྡུས་ཤཱཀྱ་དཔལ་བཟང་གིས་མཛད་པ་དེ་ཉིད་ཀྱི་འགྱུར། ཚད་མེད་བཞིའི་འགྲེལ་པ་བུད་དྷ་གྷུ་ས་མཛད་པ། རྣལ་འབྱོར་གྲོལ་བའི་ལམ་ལ་སྦྱངས་པའི་ཡོན་ཏན་བསྟན་པ། དཔལ་བརྩེགས་འགྱུར། སྐྱབས་འགྲོ་ཡན་ལག་དྲུག་པ་བི་མ་ལས་མཛད་པ། ལྟུང་བ་སྤྱི་བཤགས་ཀྱི་ཆོ་ག་ཇོ་བོ་རྗེས་མཛད་པ། ལྟུང་བ་བཤགས་པའི་ཆོ་ག་དེ་བ་ཤནྟིས་མཛད་པ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་དོན་མདོར་བསྡུས་པ་དགྲ་གཅན་འཛིན་བཟང་པོའི་ཞབས་ཀྱིས་མཛད་པ། སྐྱབས་སུ་འགྲོ་བ་བསྟན་པ། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ་གཉིས་ཇོ་བོ་རྗེས་མཛད་པ། ནག་ཚོ་འགྱུར། བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་བསྡུས་པ་ཤཱཀྱ་དཔལ་བཟང་གིས་མཛད་པ། ཆག་འགྱུར། བསླབ་པའི་སྙེ་མ་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། མར་པ་ཆོས་དབང་གིས་བསྒྱུར་བ། བདེན་པ་གཉིས་རྣམ་པར་འབྱེད་པའི་འགྲེལ་པ་ཞི་བ་འཚོས་མཛད་པ། བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ་ཡེ་ཤེས་སྙིང་པོས་མཛད་པ། སློབ་མ་ལ་སྤྲིང་བའི་འགྲེལ་པ་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པ། སློབ་སྤྲིང་གི་དཀའ་འགྲེལ་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། ལེགས་པའི་ལམ་སྟོན་པ་དཔའ་བོས་མཛད་པ། ཤེས་རབ་ཀྱི་ཕྲིན་ཡིག་པད་མ་རྡོ་རྗེས་མཛད་པ། སེམས་རིན་པོ་ཆེ་རྣམ་པར་སྦྱོངས་པའི་རིམ་པ་ཞེས་བྱ་བའི་འཕྲིན་ཡིག་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། ཆོས་སྨྲ་བ་དང་ཆོས་ཉན་པ་ལ་བརྩོན་པར་བྱ་བའི་གདམ་པ་འཚོ་བྱིན་གྱིས་མཛད་པ། ཆེད་དུ་བརྗོད་པའི་གཏམ་དྲང་སྲོང་ཟླ་བས་མཛད་པ། མི་རྟག་པའི་དོན་གྱི་གཏམ་དགའ་བའི་དབང་པོས་མཛད་པ། ཤེས་རབ་བརྩམ་པ་དུས་ཀྱི་གཏམ་བྲམ་ཟེ་བྷ་ལོ་ལ་གདམས་པ། ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་པ་གསལ་གྲགས་ཀྱིས་མཛད་པ། དྲི་མ་མེད་པ་རིན་པོ་ཆེའི་ཕྲེང་ཡིག་ཏི་པཾ་ཀ་རས་མཛད་པ། བླ་མ་ལ་སྤྲིང་དགེ་སློང་དགོན་པས་མཛད་པ། བུ་ལ་སྤྲིང་བ་པཎྜྻི་ཏ་སཾ་ཛ་ནས་མཛད་པ། ལྟ་བའི་ཁྱད་པར་ཡེ་ཤེས་སྡེས་མཛད་པ། ལྷག་མཐོང་བསྐྱེད་ཐབས་རྣམས་བཞུགས། ༼ཚི༽པ་ལ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འཕགས་པ་བྱམས་པས་མཛད་པ། དེའི་འགྲེལ་པ་ཐོགས་མེད་ཀྱིས་མཛད་པ། བློ་ལྡན་ཤེས་རབ་འགྱུར། མདོ་སྡེ་རྒྱན་བྱམས་པས་མཛད་པ། དཔལ་བརྩེགས་ལ་སོགས་པའི་འགྱུར། མདོ་སྡེ་རྒྱན་གྱི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ། དཔལ་བརྩེགས་ལ་སོགས་པའི་འགྱུར་རྣམས་བཞུགས། ༼ཛི༽པ་ལ། མདོ་སྡེ་རྒྱན་གྱི་འགྲེལ་བཤད། བློ་བརྟན་གྱིས་མཛད་པ། མཁན་པོ་མུ་ནི་ཙནྟྲ་དང་། ལྕེ་བཀྲ་ཤིས་ཀྱིས་འགྱུར་བཞུགས། ༼ཝི༽པ་ལ། མདོ་སྡེ་རྒྱན་གྱི་འགྲེལ་པ་ངོ་བོ་ཉིད་མེད་པས་མཛད་པ། དཔལ་བརྩེགས་ལ་སོགས་པའི་འགྱུར། དབུས་དང་མཐའ་རྣམ་པར་འབྱེད་པ་མགོན་པོ་བྱམས་པས་མཛད་པ་ཡེ་ཤེས་རྡོ་རྗེའི་འགྱུར། མདོ་སྡེ་རྒྱན་གྱི་དོན་བསྡུས་ཛྙྱ་ན་ཤྲིས་མཛད་པ། གཞོན་ནུ་མཆོག་གི་འགྱུར། མདོ་སྡེ་རྒྱན་གྱི་དོན་བསྡུས་ཛྙྱ་ན་ཤྲིས་མཛད་པ། ཆོས་བརྩོན་འགྱུར། དབུས་མཐའི་རྣམ་བཤད་དབྱིག་གཉེན་གྱིས་མཛད་པ། དབུས་མཐའི་འགྲེལ་པ་བློ་བརྟན་མཛད་པའི་ལེའུ་གསུམ་པ་ཡན་དང་། ༼ཞི༽པའི་ནང་དུ། དེའི་ལྷག་མ་ཡོངས་སུ་རྫོགས་པ་དང་། ཆོས་ཉིད་རྣམ་འབྱེད་བྱམས་པས་མཛད་པ། དེའི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ་གཉིས། རྔོག་འགྱུར། རྣལ་འབྱོར་སྤྱོད་པའི་སའི་བམ་པོ་བཅུ་དྲུག་པ་ཡན་དང་། ༼ཟི༽པའི་ནང་དུ། དེའི་ལྷག་མ་ཡོངས་སུ་རྫོགས་པ་དང་ཉན་པ་ཡན་བཞུགས། ༼འི༽པའི་ནང་དུ། བྱང་ཆུབ་སེམས་དཔའི་ས། བྱང་སའི་གོ་རིམ་གཉིས་ཡེ་ཤེས་སྡེའི་འགྱུར། སའི་དངོས་གཞིའི་རྣམ་བཤད་མ་ཚང་བ་གཅིག་བཞུགས། ༼ཡི༽པའི་ནང་དུ། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ། ༼རི༽པ་ལ། གཞི་བསྡུ་བའི་དང་པོ་མདོ་སྡེའི་གཞི་བསྡུ་བ། འདུལ་བའི་མ་མོའི་སྡོམ། འདུལ་བ་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་རྣམས་འཕགས་པ་ཐོགས་མེད་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས། ༼ལི༽པ་ལ། བྱང་སའི་འགྲེལ་པ་ཇོ་བོ་དང་། ནག་ཚོ་འགྱུར། ཚུལ་ཁྲིམས་ལེའུ་ཡི་བཤད་པ་ཡེ་ཤེས་སྡེའི་འགྱུར། དེ་གཉིས་ཡོན་ཏན་འོད་ཀྱིས་མཛད་པ། ཚུལ་ཁྲིམས་ལེའུ་ཡི་འགྲེལ་པ་རྒྱལ་སྲས་ཀྱིས་མཛད་པ། ཡེ་ཤེས་སྡེའི་འགྱུར། བྱང་སའི་འགྲེལ་པ་རྒྱ་མཚོ་སྤྲིན་གྱིས་མཛད་པའི་ཚུལ་ཁྲིམས་ལེའུ་ཡན་བཞུགས། ༼ཤི༽པ་ལ་དེའི་འཇུག་ཡོངས་སུ་རྫོགས་པ། ཞི་བ་བཟང་པོ་དང་། ནག་ཚོ་འགྱུར། ཐེག་བསྡུས་ཀྱི་འགྲེལ་པ་རབ་ཏུ་གསལ་བ་དབྱིག་གཉེན་གྱིས་མཛད་པའི་བམ་པོ་ལྔ་པ་ཡན་དང་། ༼སི༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ། ཇོ་བོ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཐེག་བསྡུས་ཀྱི་འགྲེལ་པ་དོན་གསང་རྣམ་པར་ཕྱེ་བ། ཕུང་པོ་ལྔའི་རབ་བྱེད་དབྱིག་གཉེན་གྱིས་མཛད་པ། ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ་བློ་བརྟན་གྱིས་མཛད་པ། ཛི་ན་མི་ཏྲའི་འགྱུར། ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ་ཡོན་ཏན་འོད་ཀྱིས་མཛད་པ། ཕུང་པོ་ལྔའི་བཤད་པ་ཅུང་མ་ཚང་བ་རྣམས་བཞུགས། ༼ཧི༽པ་ལ། རང་བཞིན་གསུམ་ངེས་པར་བསྟན་པ་འགོས་འགྱུར། བསྟན་བཅོས་ཚིགས་སུ་བཅད་པ་བསྡུ་བ། ཚིགས་སུ་བཅད་པ་དོན་བསྡུ་བའི་བསྟན་བཅོས། དེ་གཉིས་དཔལ་བརྩེགས་འགྱུར། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས། ལྷ་བཙུན་ཆོས་རིན་འགྱུར། དེ་རྣམས་དབྱིག་གཉེན་གྱིས་མཛད་པ། རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ། མངོན་པ་ལ་འཇུག་པ་སྙིང་པོ་ཀུན་ལས་བཏུས་པ་ཡེ་ཤེས་སྡེའི་འགྱུར། ཉི་ཤུ་པ་དང་། སུམ་བཅུ་པའི་རབ་བྱེད་གཉིས་དབྱིག་གཉེན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། སུམ་བཅུ་པའི་རྣམ་བཤད་བློ་བརྟན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། སུམ་བཅུ་པའི་འགྲེལ་བཤད་དུལ་བའི་ལྷས་མཛད་པ། བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེེལ་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ་དེ་ཉིད་དང་། ནག་ཚོ་འགྱུར། སྡོམ་པ་ཉི་ཤུ་པའི་འགྲེལ་པ་ཤནྟི་རིཀྵི་ཏས་མཛད་པ་རྣམས་བཞུགས། ༼ཨི༽པ་ལ། རྣམ་བཤད་རིག་པའི་འགྲེལ་བཤད། དེ་བན་ཏྲ་རཀྵི་ཏའི་འགྱུར། ལས་གྲུབ་པའི་རབ་བྱེད་དབྱིག་གཉེན་གྱིས་མཛད་པ། དེའི་འགྲེལ་པ་ཟངས་ཚུལ་གྱིས་མཛད་པ་དེ་གཉིས་དཔལ་བརྩེགས་འགྱུར། ཆོས་ཀྱི་རྣམ་གྲངས་ཀྱི་བརྗོད་བྱང་དཔལ་བརྩེགས་རཀྵི་ཏ་ལ་་སོགས་པའི་འགྱུར། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། དེ་བནྟྲ་རཀྵི་ཏའི་འགྱུར། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་དབྱིག་གཉེན་གྱིས་མཛད་པ། དགྲ་བཅོམ་དགེ་འདུན་འཕེལ་ལུང་བསྟན་པ། མྱང་ངན་མེད་ཀྱི་སྒོ་ནས་ཀླུ་བཏུལ་བའི་ལེའུ། ཤཱཀྱ་འོད་ཀྱི་འགྱུར་དཔེ་ཡི་ཕྲེང་བ་རིན་ཆེན་བཟང་པོའི་འགྱུར། ལི་ཡུལ་ལུང་བསྟན་པའི་ལེའུ་སྟེ་རྣམས་བཞུགས། ༼ཀུ༽པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཤིནྟིས་པས་མཛད་པ། འགོས་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་ཤནྟི་པས་མཛད་པ་ལོ་ཆེན་འགྱུར། རྣལ་འབྱོར་སྤྱོད་པའི་བསམ་གཏན་ཀ་རོ་པས་མཛད་པ། དབུ་མའི་མན་ངག་གི་འགྲེལ་པ་ཤེས་རབ་ཐར་པས་མཛད་པ། མདོ་བཏུས་ཀྱི་དོན་བསྡུས་ཇོ་བོས་མཛད་པ། ཀ་མ་ལ་ཤི་ལས་ལྷོ་ཟ་མོ་ཚངས་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བྱེ་བྲག་བསྟན་པ། དབུ་མ་ཤེས་རབ་ལ་འཇུག་པ་ཟླ་བ་གྲགས་པས་མཛད་པ། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ་ཀ་མ་ལ་ཤི་ལས་མཛད་པ། དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཀ་མ་ལ་ཤི་ལས་མཛད་པ། དབུ་མའི་ལུགས་ཀྱི་སྙིང་པོ་མདོར་བསྡུས་བེརྻ་ཀ་རས་མཛད་པ། རྣལ་འབྱོར་བསྒོམ་པ་ལ་འཇུག་པ་ཀ་མ་ལ་ཤྲིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཀ་མ་ལ་ཤྲིས་མཛད་པ། རྣལ་འབྱོར་ལ་འཇུག་པ་ཕྱོགས་གླང་གིས་མཛད་པ། མི་སྡུག་པ་བསྒོམ་པ་དགེ་བའི་གོ་ཆས་མཛད་པ། ལུས་ཡོངས་སུ་དཔྱད་པ་བསྒོམ་པའི་རིམ་པ་ནག་པོ་ཞབས་ཀྱིས་མཛད་པ། ཕར་ཕྱིན་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག་ཡེ་ཤེས་གྲགས་པས་མཛད་པ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་བསྒོམ་པ་ཤནྟི་པས་མཛད་པ། རྣལ་འབྱོར་ལ་འཇུག་པའི་མན་ངག་ཆོས་དབང་གིས་མཛད་པ། ཤེར་ཕྱིན་བསྒོམ་པའི་མན་ངག་ཤནྟི་པས་མཛད་པ། རྣལ་འབྱོར་སྤྱོད་པའི་དོན་མདོར་བསྡུས་ཏེ་བསྟན་པ་ཀླུའི་བཤེས་གཉེན་གྱིས་མཛད་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་དོན་བཅུ་གཉིས་བསྟན་པ་འཇམ་དཔལ་བཤེས་གཉེན་གྱི་མཛད་པ། དགེ་བའི་བཤེས་གཉེན་གྱིས་རྟོགས་བརྗོད། རིན་པོ་ཆེའི་ཕྲེང་བ་ཙནྟྲ་ཧ་རིས་མཛད་པ། དགེ་བའི་སྡོང་པོའི་རབ་བྱེད་རད་ན་ཀིརྟིས་མཛད་པ། སྐུ་གསུམ་ལ་འཇུག་པའི་སྒོ་ཀླུའི་བཤེས་གཉེན་གྱིས་མཛད་པ། སྐུ་གསུམ་འགྲེལ་པ་ཡེ་ཤེས་ཟླ་བས་མཛད་པ། ལྟ་བ་ཐ་དད་རྣམ་པར་ཕྱེ་བ་མདོར་བསྡུས་པ་དབུ་མ་སེང་གེས་མཛད་པ། ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ཨརྻ་མཉྫྱུ་རས་མཛད་པ། དབུ་མའི་དོན་བསྡུས་པ་ལེགས་ལྡན་འབྱེད་ཀྱིས་མཛད་པ། དབུ་མ་རྟེན་ཅིང་འབྲེལ་པར་འབྱུང་བ་ནག་པོ་པས་མཛད་པ། བསམ་གཏན་གྱི་སྒྲོན་མ་ཞེས་བྱ་བའི་མན་ངག་ཐོགས་མེད་ཀྱིས་མཛད་པ། ཐེག་གསུམ་རྣམ་བཞག་ཤནྟི་པས་མཛད་པ་རྒྱལ་བའི་ལམ་ལ་འཇུག་པ་བུད་དྷ་ཤྲི་ཛྙྱ་ནས་མཛད་པ། དེ་ཁོ་ན་ཉིད་ལ་འཇུག་པའི་འགྲེལ་པ་དཔལ་སྦས་ཀྱིས་མཛད་པ། དབུ་མ་རྒྱན་གྱི་འགྲེལ་པ་དབུ་མའི་ལམ་གྲུབ་པ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། བསམ་གཏན་གྱི་ཆོས་དྲུག་རྣམ་པར་བཞག་པའི་འགྲེལ་པ་དཱ་ན་ཤི་ལས་མཛད་པ། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་བཞག་པ་སངས་རྒྱས་གསང་བས་མཛད་པ། རྣལ་འབྱོར་པའི་རྟོགས་པའི་གེགས་སེལ་སངས་རྒྱས་གསང་བས་མཛད་པ། རྣམ་པ་མེད་པའི་ཚིག་ལེའུར་རྒྱས་པ་བྱམས་པ་དཔལ་གྱིས་མཛད་པ་རྣམས་བཞུགས། ༼ཁུ༽པའི་ནང་དུ། བྱང་ཆུབ་ལམ་གྱི་སྒྲོན་མ་ལ་སོགས་ཇོ་བོ་རྗེའི་ཆོས་ཆུང བརྒྱ་རྩར་གྲགས་པ་བཞུགས། འདིའི་ནང་གི་གཞུང་འགའ་ཞིག་གཞན་དུ་ཡང་ཡོད་མོད་འདིར་ཡང་ཐམས་ཅད་ཕྱོགས་མཐུན་གྱི་དབང་གིས་བྲིས་པའོ། །༼གུ༽པ་ལ། ཐུབ་པ་དགོངས་རྒྱན་གྱི་བསྡུས་དོན་བློ་གྲོས་བརྟན་པས་མཛད་པ། ཐུབ་པའི་དགོངས་པའི་རྒྱན་ཨ་བྷྱ་ཡ་ཀ་ར་གུཔྟས་མཛད་པ། སྤོང་འགྱུར་བཞུགས། ༼ངུ༽པ་ལ། སྔོན་འཇུག་ལ་སོགས་པའི་ལམ་གྱི་རིམ་པ་ཇི་སྙེད་ཅིག་གི་སྡོམ་དང་བཅས་པ་ཡེ་ཤེས་སྡེའི་ཡིན་ནམ་སྙམ་ཟེར་བ་དང་། གཅེས་པ་བསྡུས་པའི་ཕྲིན་ཡིག་བཙུན་པ་དཔལ་དབྱངས་ཀྱིས་མཛད་པ། བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ། གཅིག་ཆར་འཇུག་པ་རྣམ་པར་མི་རྟོག་པའི་བསྒོམ་དོན་སློབ་དཔོན་བི་མ་མི་ཏྲས་མཛད་པ། དྲན་པ་གཅིག་པའི་མན་ངག་ཡེ་ཤེས་སྙིང་པོས་མཛད་པ། དེས་མཛད་པའི་རྣལ་འབྱོར་བསྒོམ་པའི་ལམ། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་སྙན་དངགས་པ་ཆེན་པོ་ཀྵི་ཀ་རས་མཛད་པ། ཤོང་འགྱུར། འཕགས་པ་ཆོས་དབྱིངས་སྙིང་པོའི་འགྲེལ་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཆོས་མངོན་པ་ཀུན་ལས་བཏུས་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པ་མཁན་པོ་ཛྙྱི་ན་མི་ཏྲ། ཤི་ལེནྟྲ་བོ་དྷེ། ཡེ་ཤེས་སྡེ་རྣམས་ཀྱི་འགྱུར། དེའི་འགྲེལ་པ་རྒྱལ་པོ་སྲས་ཀྱིས་མཛད་པའི་འགོག་བདེན་ཡན་བཞུགས ༼ཅུ༽པ་ལ། དེའི་ལྷག་མ་ཡོངས་སུ་རྫོགས་པ་ཡེ་ཤེས་སྡེ་དང་ཉི་མ་རྒྱལ་མཚན་གྱི་འགྱུར། མངོན་པ་མཛོད་དབྱིག་གཉེན་གྱིས་མཛད་པ། དེའི་རང་འགྲེལ་གྱི་ལོའི་ཚད་བཤད་པ་ཡན་བཞུགས། ༼ཆུ༽པ་ལ། དེའི་ལྷག་མ་ཡོངས་སུ་རྫོགས་པ་དང་། མངོན་པའི་འགྲེལ་བཤད་རྒྱལ་པོ་སྲས་ཆགས་པའི་བཤེས་གཉེན་གྱིས་མཛད་པའི་བམ་པོ་ལྔ་པ་ཡན་དང་། ༼ཇུ༽པ་ལ། གནས་གསུམ་པ་ཡན་དང་། ༼ཉུ༽པ་ལ། བམ་པོ་ཞེ་དགུ་པ་ཡན་དང་། ༼ཏུ༽པ་ལ། ཡོངས་སུ་རྫོགས་པ། ཤུད་དྷ་སེང་ཧ་དང་། དཔལ་བརྩེགས་འགྱུར། མངོན་པའི་འགྲེལ་བཤད་གང་བ་སྤེལ་གྱིས་མཛད་པའི་སྟོད། ༼ཐུ་དུ༽གཉིས་ལ་ཡོངས་སུ་རྫོགས་པ་ཀ་ན་ཀ་ཝ་རྨ་དང་། ཉི་མ་གྲགས་ཀྱིས་བསྒྱུར་བ་བཞུགས། ༼ནུ༽པ་ལ། མཛོད་ཀྱི་འགྲེལ་པ་ཕྱོགས་གླང་གིས་མཛད་པ། ཡོན་ཏན་དཔལ་དང་། བསོད་ནམས་འོད་ཟེར་སོགས་ཀྱི་འགྱུར། མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་སློབ་དཔོན་ཞི་གནས་ལྷས་མཛད་པའི་སྟོད་དང་། ༼པུ༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ་ཛ་ཡ་ཤྲི་དང་། ཤེས་རབ་འོད་ཟེར་ཀྱིས་བསྒྱུར་བ་དང་། མཛོད་ཀྱི་འགྲེལ་པ་ཁ་ཆེ་འདུས་བཟང་གིས་མཛད་པའི་གནས་གསུམ་པ་ཡན་དང་། ༼ཕུ༽པ་ལ། གནས་བཞིས་མན་རྫོགས་པ་དང་། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་དབྱིག་བཤེས་ཀྱིས་མཛད་པ། སྡེ་ཐ་དད་པར་བྱེད་པ་བསྡུས་པ་དུལ་བའི་ལྷས་མཛད་པ། སྡེ་ཐ་དད་པར་བྱེད་པ་བཤད་པ་བྷ་བྷྱས་མཛད་པ། ཆེད་དུ་བརྗོད་པའི་ཚོམ་དགྲ་བཅོམ་པ་ཆོས་སྐྱབས་ཀྱིས་བསྡུས་པ། དཔལ་བརྩེགས་འགྱུར། དེའི་འགྲེལ་པ་པྲཛྙྱ་ཝརྨས་མཛད་པ་ལེགས་པར་སྦྱངས་པའི་ཚོམ་ཡན། དེ་རྣམས་བཞུགས། ༼བུ༽པ་ལ། ཚུལ་ཁྲིམས་ཀྱི་ཚོམ་མན་ཆད་རྫོགས་པ། པཎྜྻི་ཏ་ཛ་ནར་དྷ་དང་། ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ་རྣམས་བཞུགས། ༼མུ༽པ་ལ། འདུལ་བ་ལུང་གཞིའི་རྒྱ་ཆེར་འགྲེལ་དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་བམ་པོ་བཅུ་གསུམ་པ་ཡན་དང་། འདུལ་བ་མདོའི་རྣམ་བཤད་པྲཛྙྱ་ཨ་ཀ་རས་མཛད་པའི་མ་བྱིན་གྱི་ལམ་གྱི་ཕམ་པ་ཡན་བཞུགས། ༼ཙུ༽པ་ལ། དེའི་ལྷག་མ་ཡོངས་སུ་རྫོགས་པ་དང་། སོ་ཐར་གྱི་འགྲེལ་པ་སརྦ་ཛྙྱ་དེ་བས་མཛད་པའི་ལྷག་མ་བརྒྱད་པ་ཡན་དང་། ༼ཚུ༽པ་ལ་དེའི་མཇུག་ཡོངས་སུ་རྫོགས་པ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་རྣམས་བཞུགས་པ་དང་། སོ་སོ་ཐར་པའི་ཚིག་གི་བརྗེད་བྱང་བམ་པོ་གཉིས་པ་བཞུགས། ༼ཛུ༽པ་ལ། ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སོ་སོ་ཐར་པའི་འགྲེལ་པ་དང་། དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་བྷ་བྷྱ་ཀིརྟིས་མཛད་པའི་སྨད་བཞུགས། ༼ཝུ༽པ་ལ། སོ་སོ་ཐར་པའི་འགྲེལ་པ་བི་མ་ལ་མི་ཏྲས་མཛད་པའི་བམ་པོ་བཅུ་པ་ཡན་དང་། ༼ཞུ༽པ་ལ། བརྟེག་པའི་ལྟུང་བྱེད་ཡན་དང་། ༼ཟུ༽པ་ལ། ཡོངས་སུ་རྫོགས་པ་དང་། སོ་ཐར་འགྲེལ་པ་མི་བརྗེད་དྲན་བྱེད་བཞུགས། ༼འུ༽པ་ལ། འདུལ་བ་ལ་བསྟོད་པ་དང་། ལུང་རྣམ་འབྱེད་ཀྱི་འགྲེལ་པ་དུལ་ལྷས་མཛད་པ་གཉིས་ཅོག་རོ་འགྱུར། ཕྲན་ཚིག་གི་འགྲེལ་པ་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་བམ་པོ་བདུན་པ་ཡན་་དང་། ༼ཡུ༽པ་ལ། དེའི་འཇུག་ཡོངས་སུ་རྫོགས་པ་དགེ་བའི་བློ་གྲོས་ཀྱི་འགྱུར། འདུལ་བ་བསྡུས་པ་ཁྱད་པར་བཤེས་གཉེན་གྱིས་མཛད་པ་མཁན་པོ་ཤི་ལེན་ཏྲ་ལ་སོགས་པའི་འགྱུར། འདུལ་བ་མདོ་རྩ་བ་ཡོན་ཏན་འོད་ཀྱིས་མཛད་པ། ཀླུའི་རྒྱལ་མཚན་གྱི་འགྱུར། དེ་རྣམས་བཞུགས། ༼རུ༽པ་དང་། ༼ལུ༽པ་གཉིས་ཀྱི་ནང་དུ། མདོ་རྩའི་འགྲེལ་པ་ཡོན་ཏན་འོད་ཀྱིས་མཛད་པ། ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར་བ་བཞུགས། ༼ཤུ༽པ་ལ། ཡོན་ཏན་འོད་ཀྱི་མདོ་རྩའི་རང་འགྲེལ་ཆུང་བ་བཞུགས། ༼སུ༽པ་ལ། ལས་བརྒྱ་རྩ་གཅིག་པ་ཡོན་ཏན་འོད་ཀྱིས་མཛད་པ་ཀླུའི་རྒྱལ་མཚན་གྱི་འགྱུར། འདུལ་བ་མདོ་རྩའི་འགྲེལ་པ་ཆོས་ཤེས་ཀྱིས་མཛད་པའི་མི་ཚངས་སྤྱོད་ཀྱིས་ཕམ་པའི་སྐབས་ཡན་དང་། ༼ཧུ་ཨུ༽ ༼ཀེ༽རྣམས་ལ་ཡོངས་སུ་རྫོགས་པ་དང་། མེ་ཏོག་ཕྲེང་རྒྱུད་ས་གའི་ལྷས་མཛད་པ་དང་། བྱ་བའི་ཕུང་པོ་ཞེས་བྱ་བ་དང་། དྲི་བའི་ཚིག་ལེའུར་བྱས་པས་ཀ་ལ་ཡ་ན་མི་ཏྲས་མཛད་པ། དཔལ་བརྩེགས་ཀྱིས་བསྒྱུར་བ་རྣམས་བཞུགས། ༼ཁེ༽པ་ལ། ཀ་རི་ཀ་སུམ་བརྒྱ་པ་རྩ་བ་དང་། འགྲེལ་པ་འོད་ལྡན་གཉིས་ཤཱཀྱ་འོད་ཀྱིས་མཛད་པ། པྲཛྙྱ་དེ་བ་དང་། བན་དྷེ་རྩང་དེ་བན་ཏྲ་རཀྵི་ཏའི་འགྱུར། སུམ་བརྒྱ་པའི་རྣམས་བཤད་ཤཱཀྱ་འོད་ཀྱིས་མཛད་པ། དགེ་བའི་བློ་གྲོས་ཀྱི་འགྱུར། ཀ་རི་ཀ་ལྔ་བཅུ་པ་སམ་གྷ་བྷ་ཏྲས་མཛད་པ། ཀ་རི་ཀ་ལྔ་བཅུ་པའི་འགྲེལ་པ་ཀ་མ་ལ་ཤི་ལས་མཛད་པ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་རྩ་འགྲེལ་གཉིས་སུ་ན་ཡ་ཤྲིས་མཛད་པ། དར་མ་གྲགས་ཀྱི་འགྱུར། གླེང་གཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་པ་ཤྲི་བྷ་ཏྲས་མཛད་པ། གཞོན་ནུ་མཆོག་གིས་བསྒྱུར་བ་རྣམས་བཞུགས། ༼གེ༽པ་ལ། ཕ་རོལ་གྱི་དོན་གྲུབ་པའི་ཚིག་ལེའུར་བྱས་པ་དགེ་སྲུང་གིས་མཛད་པ་དཔལ་བརྩེགས་འགྱུར། ཚད་མ་ཀུན་ལས་བཏུས་རྩ་འགྲེལ་གཉིས་ཕྱོགས་གླང་གིས་མཛད་པ། སུ་དྷ་ན་རཀྵི་ཏ་དང་། དགེ་བསྙེན་སེང་གེ་རྒྱལ་མཚན་འགྱུར། ཀུན་ལས་བཏུས་ཀྱི་འགྲེལ་བཤད་རྒྱལ་བའི་དབང་པོའི་བློ་གྲོས་ཀྱིས་མཛད་པའི་སྟོད་དང་། ལྷག་མ་ཡོངས་སུ་རྫོགས་པ་བློ་གྲོས་འགྱུར། ༼ངེ༽པ་ལ། ཚད་མ་རྣམས་འགྲེལ་ཆོས་ཀྱི་གྲགས་པས་མཛད་པ། རྣམ་འགྲེལ་གྱི་རྣམ་བཤད་ལྷ་དབང་བློས་མཛད་པའི་སྟོད་དང་། ༼ཅེ༽པ་ལ། དེའི་ལྷག་མ་ཅུང་མ་ཚང་བ་དང་། རྣམ་འགྲེལ་གྱི་འགྲེལ་བཤད་ཤཱཀྱ་བློས་མཛད་པའི་སྟོད་དང་། ༼ཆེ་ཇེ༽ གཉིས་ལ་དེའི་འཇུག་ཡོངས་སུ་རྫོགས་པ་སྟེ་དེ་གཉིས་དགེ་བློའི་འགྱུར། རྣམ་འགྲེལ་གྱི་འགྲེལ་པ་ཉི་མ་སྦས་པས་མཛད་པའི་སྟོད་དང་། ༼ཉེ༽པ་ལ། དེའི་སྨད་རྣམས་དང་། ཚད་མ་རྣམ་འགྲེལ་གྱི་རྒྱན་ཤེས་རབ་འབྱུང་གནས་སྦས་པས་མཛད་པའི་སྟོད་དང་། ༼ཏེཐེ༽གཉིས་ལ། དེའི་མཇུག་རྫོགས་པ། སྐལ་ལྡན་རྒྱལ་པོ་དང་རྔོག་འགྱུར། རྣམ་འགྲེལ་ལེའུ་དང་པོའི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བའི་སྟོད་དང་། ༼དེ༽པའི་ནང་དུ། དེའི་ལྷག་མ་ཡོངས་སུ་རྫོགས་པ་ཛ་མ་རིས་མཛད་པ་དང་། རྒྱན་གྱི་འགྲེལ་བཤད་རྒྱལ་བ་ཅན་གྱིས་མཛད་པ། བྱང་ཆུབ་ཤེས་རབ་འགྱུར་གྱི་སྟོད་དང་། ༼ནེ་པེ༽ གཉིས་ལ་ཡོངས་སུ་རྫོགས་པ་དང་། བདེ་བྱེད་དགའ་བས་བྱས་པའི་བམ་པོ་གཉིས་པ་ཡན་དང་། ༼ཕེ༽པ་ལ། དེའི་ལྷག་ལ་ཇི་སྙེད་འགྱུར་བ་དང་། ཚད་མ་རྣམ་ངེས་དཔལ་ཆོས་ཀྱི་གྲགས་པས་མཛད་པ། ཁ་ཆེ་གཞན་ལ་ཕན་པ་བཟང་པོ་དང་། རྔོག་བློའི་འགྱུར། དེ་རྣམས་བཞུགས། ༼བེ༽པ་ལ། ཚད་མ་རྣམས་ངེས་ཀྱི་འགྲེལ་བཤད་ཡེ་ཤེས་བཟང་པོས་མཛད་པ། ཆོས་ཀྱི་བརྩོན་གྲུས་ཀྱི་འགྱུར། རྣམ་ངེས་ཀྱི་འགྲེལ་བཤད་འཐད་ལྡན་ཆོས་་མཆོག་གིས་མཛད་པའི་སྟོད་དང་། ༼མེ་ཙེ༽གཉིས་ལ་རྫོགས་པ། རྔོག་འགྱུར། རིགས་པའི་ཐིག་པ། དེའི་འགྲེལ་པ་དུམ་བྷས་མཛད་པ། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཛེ་ཏ་རིས་མཛད་པ། རིག་ཐིག་གི་དོན་བསྡུས་ཛི་ན་མི་ཏྲས་མཛད་པ། རིག་ཐིག་གི་ཕྱོགས་སྔ་ལ་མདོར་བསྡུས་པ་ཀ་མ་ལ་ཤི་ལས་མཛད་པ། གཏན་ཚིགས་ཐིགས་པ་ཆོས་ཀྱི་གྲགས་པས་མཛད་པ། དེའི་འགྲེལ་པ་པྲཛྙྱ་བཱར་མ་དང་། དཔལ་བརྩེགས་འགྱུར། གཏན་ཚིགས་ཐིག་པའི་འགྲེལ་པའི་བྲམ་ཟེ་ལ་རྫ་ཏས་མཛད་པའི་སྟོད་བཞུགས། ༼ཚེ༽པ་ལ། དེའི་སྨད་རྫོགས་པ་དང་། རྩོད་པའི་རིགས་པ་དྷརྨ་ཀིརྟིས་མཛད་པ། དེའི་འགྲེལ་པ་དུམ་བྷས་མཛད་པ་མཇུག་མ་ཚང་བ། དེའི་འགྲེལ་པ་དོན་རྣམས་འབྱེད་ཤནྟི་རི་ཀ་ཏས་མཛད་པ། འབྲེལ་པ་བརྟག་པའི་རབ་བྱེད་དྷརྨཱ་ཀིརྟིས་མཛད་པ། ཛྙྱ་ན་གརྦ་དང་། ནམ་མཁའི་འགྱུར། སླར་ཡང་དཔལ་འབྱོར་ཞི་བ་དང་། ཏིང་ངེ་འཛིན་བཟང་པོའི་འགྱུར། སློབ་དཔོན་དེས་མཛད་པའི་རྒྱུད་གཞན་གྲུབ་པ་དཔལ་བརྩེགས་འགྱུར། འབྲེལ་པ་བརྟག་པ་དགའ་བའི་རང་འགྲེལ་བའི་རྡོ་རྗེའི་འགྱུར། འབྲེལ་བརྟག་གི་འགྲེལ་པ་སློབ་དཔོན་དུལ་བའི་ལྷས་མཛད་པ། ནམ་མཁའི་འགྱུར། འབྲེལ་བརྟག་རྗེས་སུ་འབྲང་བ་བྲམ་ཟེ་བདེ་བྱེད་དགའ་བས་མཛད་པ་རྣམས་བཞུགས། ༼ཛེ༽པའི་ནང་དུ། རྒྱུད་གཞན་གྲུབ་པའི་འགྲེལ་བཤད་དུལ་ལྷས་མཛད་པ། དཔལ་བརྩེགས་འགྱུར། དམིགས་པ་བརྟག་པ་ཕྱོགས་གླང་གིས་མཛད་པ། དེའི་འགྲེལ་པ་དང་། འགྲེལ་བཤད་གཉིས་དུལ་ལྷས་མཛད་པ། དཔལ་བརྩེགས་འགྱུར། རིག་པ་ལ་འཇུག་པ་ཕྱོགས་གླང་གིས་མཛད་པ། ཆོས་རིན་འགྱུར། རིག་པ་གྲུབ་པའི་སྒྲོན་མ་ཙནྟྲ་གོ་མིས་མཛད་པ། བཱཻ་རོ་ཙ་ནའི་འགྱུར། ནང་གི་ཁྱབ་པ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཤཱཀྱ་འོད་ཀྱི་འགྱུར། བྱིས་པ་འཇུག་པའི་རྟོག་གེ་དགྲ་ལས་རྒྱལ་བས་མཛད་པ། དཔལ་མཆོག་དང་པོའི་རྡོ་རྗེའི་འགྱུར། རིགས་པའི་སྦྱོར་བ་རིན་ཆེན་རྡོ་རྗེས་མཛད་པ། ཏིང་འཛིན་བཟང་པོའི་འགྱུར། རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཛྙྱ་ན་མི་ཏྲས་མཛད་པ། ཤཱཀྱ་འོད་ཀྱི་འགྱུར། སེལ་བ་གྲུབ་པ་བྲམ་ཟེ་ཤི་ཀཱ་ར་ནན་དས་་མཛད་པ། གཞན་སེལ་གྲུབ་པ། ཚད་མ་བརྟག་པ་གཉིས་དང་དེ་གསུམ་ཆོས་མཆོག་གི་མཛད་པ། འབྲེལ་པ་གྲུབ་པ་དགེ་བསྙེན་དམ་པ་ཤང་ཀ་ར་ན་དས་མཛད་པ། བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ། འདི་ཡི་བར་ན་ལེའུ་བཅུ་བཞི་པ་ཡན་མ་ཚང་འདུག །སྐད་ཅིག་མ་འཇིག་པ་གྲུབ་པ་ཆོས་མཆོག་དང་། དེ་རྣམས་སྐལ་ལྡན་རྒྱལ་པོ་དང་། བློ་ལྡན་ཤེས་རབ་འགྱུར། སྐད་ཅིག་མ་འཇིག་པ། གྲུབ་པའི་འགྲེལ་པ་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ། གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ཐོས་པ་བརྟག་པ། གཞན་སེལ་བརྟག་པ། དབང་ཕྱུག་འཇིག་པ། དེ་གསུམ་་དགེ་སྲུང་གིས་མཛད་པ། རྣམ་པར་རིག་འཇིག་རྟེན་ཕ་རོལ་གྲུབ་པ་ཆོས་མཆོག་གིས་མཛད་པ། སྐལ་ལྡན་རྒྱལ་པོ་དང་། ཉི་མ་གྲགས་ཀྱི་འགྱུར་གཏན་ཚིགས་གི་འཁོར་ལོ་གཏན་ལ་དབབ་པའི་ཕྱོགས་གླང་གིས་མཛད་པ། ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ་དགེ་སྲུང་གིས་མཛད་པ། །རྣམ་པར་རིག་པ་ཙམ་ཉིད་གྲུབ་པ་ཤནྟི་པས་མཛད་པ། དེ་ཁོ་ན་ཉིད་བསྡུས་པ་ཞི་བ་འཚོས་མཛད་པ། ཞི་བ་འོད་ཀྱི་འགྱུར་རྣམས་བཞུགས། ༼ཝེ༽པའི་ནང་དུ། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ཀ་མ་ལ་ཤི་ལས་མཛད་པའི་སྟོད་དང་། ༼ཞེ༽པ་ལ། དེའི་སྨད་རྫོགས་པ། མཁན་པོ་དེ་བན་ཏྲ་བྷ་ཏྲ་དང་། གྲགས་འབྱོར་ཤེས་རབ་འགྱུར། བཀའ་བཅད་ཀྱི་སྐོར་ཙན་ཏྲ་པ་མ་ཚང་བ་་བཞུགས། ༼ཟེ༽པའི་ནང་དུ། སྨྲ་སྒོ་མཚོན་ཆ་ཅན་སྨྲི་ཏིས་མཛད་པ་དེ་ཉིད་ཀྱི་འགྱུར། སྒྲ་ཀ་ལ་པའི་མདོ་སྨད་ནས་ཅུང་མ་ཚང་བ་དང་། སྙན་ངག་གི་མེ་ལོང་དབྱུག་པ་ཅན་གྱིས་མཛད་པ་ཤོང་འགྱུར། གནས་དྲུག་པའི་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་དགེ་འདུན་གསང་བའི་བུ་མ་ཁོལ་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛ་རན་དྷ་ར་དང་། དགེ་སློང་རིན་ཆེན་བཟང་པོའི་འགྱུར་བཞུགས། ༼འེ་ཡེ་རེ་ལེ་ཤེ་སེ༽རྣམས་ལ། ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པའི་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། ཆགས་པ་ལ་དགའ་བའི་བུ་ཟླ་བ་ལ་དགའ་བས་མཛད་པ། འགྱུར་གོང་དང་འདྲ་བ་བཞུགས། འགྲེལ་པ་འདི་ལ་གོང་འོག་འཁྲུག་ནས་ཐེ་ཚོམ་གྱི་གཞི་མང་དུ་མ་དཔེ་ལ་སྣང་ནས་རེ་ཤིག་བློ་མ་རྙེད་པས་འདི་ཡི་གཞུང་དང་བསྟུན་ནས་འཁྲུག་བསྡེབ་དགོས་སོ། །སྨན་འཚོ་བའི་མདོ་ཀླུ་སྒྲུབ་ཀྱིས་མཛད་པ། སྦྱོར་བ་བརྒྱ་པ་ཀླུ་སྒྲུབ་ཀྱིས་མཛད་པ་བྷུད་དྷ་ཤི་ཛྙྱ་ན་དང་། བློ་གྲོས་བརྟན་པའི་འགྱུར། ཐོར་བུ་སྦྱོར་བ་བརྒྱ་པ། ༼ཧེ༽པ་ལ། ལས་གདགས་པ་ཚིགས་བཅུ་གཅིག །འཇིག་རྟེན་བཞག་པ་ཚིག་བཅུ་བཞི་པ། རྒྱུ་གདགས་པ་ཚིག་བཅུ་དགུ་པ་རྣམས། ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ་བཞུགས་སོ། །པོ་ཏི་༼ཨེ༽པའི་ནང་དུ། ལོ་ཙྪ་བ་ཆེན་པོ་རྣམས་ཀྱིས་མཛད་པའི་བསྟན་བཅོས་གྲགས་ཆེ་བ་ལ་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་། དཔལ་བརྩེགས་རཀྵི་ཏ་ལ་སོགས་པ་རྣམས་ཀྱིས་མཛད། ཤེས་རབ་སྙིང་པོའི་འགྲེལ་པ་བྷེ་རོ་ཙ་ནས་མཛད། གཅེས་པ་བསྡུས་པའི་འཕྲིན་ཡིག་བཙུན་པ་དཔལ་དབྱངས་ཀྱིས་མཛད། འཕགས་པ་མདོ་སྡེ་སྣ་ཚོགས་ཀྱི་མདོ་བཏུས་དཔལ་བརྩེགས་ཀྱིས་མཛད་པ། ལྟ་བའི་རིམ་པའི་མན་ངག་ཀ་བ་དཔལ་བརྩེགས་ཀྱིས་མཛད། །ལྟ་བའི་ཁྱད་པར་ཡེ་ཤེས་སྡེས་མཛད། ལྷག་མཐོང་བསྐྱེད་པའི་ཐབས། སེམས་གནས་པར་བྱ་བའི་ཐབས། ཞི་གནས་ལ་འཇུག་པ། བཀས་བཅད་བམ་པོ་གཉིས་པ། སྒྲའི་རྣམ་པར་དབྱེ་བ་སུ་བན། བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་བརྡ་འཕྲད་སླ་བར་བརྗེད་བྱང་དུ་བྱས་པ། སློབ་དཔོན་བདུན་གྱི་ཉམས་ཀྱི་མན་ངག་གི་རྟོགས་ཚད་བསྟན་པ་བཞུགས། དབྱངས་འཆར་བ་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྒྱུད་ཕྱི་རོལ་པའི་སྟོན་པ་དབང་ཕྱུག་ཆེན་པོས་བཤད་པ། པེའུ་རིས་དང་བཅས་པ་བཞུགས་སོ། །དེ་ལྟར་སྔགས་དང་མཚན་ཉིད་ཐེག་པ་ཡི། །དགོངས་འགྲེལ་བསྟན་བཅོས་བོད་དུ་འགྱུར་རོ་འཚལ། །གླེགས་བམ་དག་ཏུ་ཕྱོགས་གཅིག་བྲིས་པ་ཡིས། །རྒྱལ་བའི་བསྟན་པ་ཡུན་རིང་གནས་གྱུར་ཅིག །འདི་ཡི་ཕྱོགས་སུ་སྒོ་་གསུམ་རེ་རེས་ཀྱང་། །ངལ་བ་མཆིས་པའི་བདག་སོགས་འགྲོ་བ་རྣམས། །དེང་ནས་བཟུང་ནས་ཚེ་རབས་ཐམས་ཅད་དུ། །མཚུངས་མེད་ཆོས་རྗེས་རྗེས་སུ་འཛིན་གྱུར་ཅིག །ཤུབྷཾ་མཾགྷལཾ་བྷ་ཝནྟུ།། །།