Nitartha Digital Library
Tibetan
 
no previousno next

(༡)རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་གསུང་མགུར་མཛོད་ནག་མ་ཞེས་པ་ཀརྨ་པ་རང་བྱུང་རྡོ་རྗེས་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ།།

(༢)ན་མོ་གུ་རུ་དོ་ཝ་ཌཱ་ཀི་ཡེ། མཁྱེན་བརྩེའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་ཤིང་། ཕུལ་བྱུང་མཛད་པའི་འོད་དཀར་དྲ་བ་ཅན་རིག་འཛིན་རྒྱུ་སྐར་བྱེ་བས་ཡོངས་བསྐོར་བའི། སྐྱབས་གསུམ་ངོ་བོ་དཔལ་ལྡན་བླ་མར་འདུད། ཐོག་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀ །རྡོ་རྗེ་འཆང་དབང་རིགས་ལྔ་ཞི་ཁྲོའི་ཚོགས། བདེ་ཆེན་སྒྱུ་མའི་གར་གྱིས་རྣམ་རོལ་བ། །ཡི་

(༣)དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། རྒྱལ་བའི་གསང་བ་ཀུན་སྡུད་རྡོ་རྗེ་ཆོས། དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། ཤྲི་སིང་གཅིག་རིག་འཛིན་པདྨ་འབྱུང་། བཻ་རོ་ལ་སོགས་སྔ་འགྱུར་བརྒྱུད་པ་དང་། ས་ར་ཧ་ས་ཀླུ་སྒྲུབ་ཡབ་སྲས་ཞབས། ནཱ་རོ་མཻ་ཏྲི་ཇོ་བོ་ཡབ་སྲས་དང་། དམ་པ་སངས་རྒྱས་མར་མི་ཡབ་སྲས་དང་། རྒྱ་བོད་མཁས་གྲུབ་ཀུན་ལ་ཕྱག་འཚལ་ལོ། གང་ལྗོང་འགྲོ་བའི་གཉེན་གཅིག་པུ། ཉི་ཤུ་ལྟར་གྲགས་ཕྱག་གིས་གནས།

(༤)མི་ལ་ཞེས་བྱར་ཡོངས་གྲགས་པའི། རྗེ་རས་པ་དེ་ལ་ཕྱག་འཚལ་ལོ། འཁོར་བ་སྙིང་པོ་མེད་པ་ཐུགས་ལ་ཤར། ཟས་གོས་འདུན་པ་བྲལ་བས་རི་གྲོད་འགྲིམ། བདེ་དྲོད་ངོ་ཕྲོད་སྲོག་རྩོལ་གནད་དུ་ཚུད། རྗེ་བཙུན་མི་ལའི་སྐུ་ལ་ཕྱག་འཚལ་ལོ་བསྟོད། འོག་མིན་གནས་སུ་རྒྱལ་བ་རྡོ་རྗེ་འཆང་། འཕགས་པའི་ཡུལ་དུ་འཇམ་དཔལ་བཤེས་གཉེན་ཏེ། གངས་རིའི་ཁྲོད་འདིར་བཞེད་པའི་རྡོ་རྗེ་ཞེས། རྣམ་འདྲེན་མཚུངས་པ་མེད་རྣམས་རྒྱལ་གྱུར་ཅིག །རྗེ་བཙུན་ཆེན་པོས་ཕལ་

(༥)པའི་ཚུལ་བཟུང་ནས། མར་སྟོན་གསུང་གིས་བདུད་རྩི་བླང་བྱས་ཏེ། དཀའ་སྤྱད་དུ་མས་གསང་སྔགས་ལམ་སྒྲུབ་པའི། ཕུལ་བྱུང་རྣམ་ཐར་གསུང་རབ་འདིར་བཀོད་བྱ། །རྒྱལ་བ་མ་ལུས་པའི་ཁྱབ་བདག་རྡོ་རྗེ་ཐེགས་པའི་གསང་བ་ལེགས་པར་གྲུབ་པ། འཕགས་པའི་ཡུལ་གྱིས་བདག་ཉིད་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་རྣམ་འཕྲུལ། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ། རྗེ་བཙུན་མི་ལ་

(༦)རས་པ་ཆེན་པོ་དེ་ཉིད་ལ་ཡོན་ཏན་གཉིས་སྟེ། རིགས་དང་འབྲེལ་པ་དཀའ་བ་སྤྱད་པའི་ཡོན་ཏན་དང་། ཏིང་ངེ་འཛིན་དང་འབྲེལ་པ་ཉམས་སུ་མྱོང་བའི་ཡོན་ཏན་ཏེ་གཉིས་སོ། ༈ དེ་ལ་དཀའ་བ་སྤྱད་པའི་ཡོན་ཏན་ནི། སྐུ་འཁྲུངས་པའི་ཡུལ་ནི་མང་ཡུལ་གུང་ཐང་བྱ་བ་ཡིན་ཏེ། དེ་ཡང་དང་པོ་ཕ་མྱེས་ཀྱི་བྱུང་ཁུང་ཡུལ་ལ་སྟོད། བྱང་གིས་ཕྱོགས་ཀྱི་བཅུང་པ་སྤྱི་པ་ཞེས་བྱ་བ། དེ་ལས་ཀྱང་གདུང་རུས་ནི་ཁྱུང་སོ། ནང་ཚན་མི་ལ་མོས་པོ་མདོ་སྟོན་སོང་གེ་བྱ་བའི་

(༧)སྲས་རྡོ་རྗེ་སེངྒེ་ཞེས་བྱ་བ་བྱུང་སྟེ། དེ་ཆོ་ལོ་ལ་ཤིན་ཏུ་དགའ་བས་ཡུལ་ཞིང་བང་ཁང་ཐམས་ཅད་ཆེ་ལོའི་ཕྱོགས་སུ་སོང་སྟེ་རང་ཡུལ་དུ་མ་ཆགས་ནས་ལ་སྟོད་གུང་ཐང་གིས་ཕྱོགས་སྐྱ་རྩའི་ཀོ་རོན་དུ་ཕེབ། མདོ་སྟོན་སེངྒེ་ཀློག་འདོན་པ་དང་། ཆབ་གཏོར་དང་ཀྱུ་བརྒྱད་པོར་སྲུང་བྱས། དེས་རྙེད་པའི་ཟས་ནོར་ཅུང་ཟད་བྱུང་བ་རྣམས། རྡོ་རྗེ་སེངྒེས་གུང་ཐང་དུ་ཚོང་བྱས་ཏེ་ཅི་རིགས་ལྟར་ན་ཕྱུགས་པོར་གྱུར། རྡོ་རྗེ་སེངྒེ་ལ་སྲས་མི་ལ་ཤེས་རབ་རྒྱལ་མཚན་ཞེས་བྱ་

(༨)བ་བྱུང་། དེ་ལ་སྲས་མིང་སྲིང་གཉིས་ཡོད་པའི་རྗེ་བཙུན་ཆེན་པོ་ཆུ་ཕོ་འབྲུག་གིས་ལོ་ལ་སྐུ་བལྟམ་པ་ལ། བྱིས་པ་གཟུགས་མཛེས་པ་ལྷ་ལ་བབས་པ་འདྲ་བ་ཅིག་བྱུང་ངོ་། ཕ་ན་རེ། ང་ཡིས་བུ་རྒྱུད་ཐམས་ཅད་ཀྱི་མགོ་ཡག་པས་འདི་ལ་མགོ་ཡག་མིང་ཐོག་གཅིག་ཟེར། །མ་ན་རེ་ང་ཡིས་བུ་རྒྱུད་ཆོས་རྒྱུད་ཅིག་འོང་བས། ཆོས་རྒྱུད་ཐམས་ཅད་གྱིས་མགོ་ཡག་པ་ཡིན་པས་མགོ་ཡག་ཟེར་རོ། དེ་ནས་ལོ་གསུམ་ཞགས་བདུན་ནས་སྲིང་མོ་

(༩)པྲེ་ཏ་མགོན་སྐྱིད་སྐྱེས་སོ། མི་ལ་དགུང་ལོ་བདུན་ལོན་པའི་དུས་སུ་ཡབ་འདས་པའི་ཞལ་ཆོས་ལ། ཨ་ཁུ་གཡུང་རྒྱལ་དང་། ཨ་ནེ་བདུད་མོ་སྟག་འདྲེན་གྱིས་མགོས་བྱས་པའི་ཡུལ་མི་རྣམས་ལ་བཞགས་སྟེ། ང་ཡི་ཤོལ་གྱིས་དངོས་པོ་འདི་རྣམས་གྱི་ཆ་ཤས་རྩམ་ང་རང་གིས་རྗེས་སུ་ཐོང་། བུ་འདི་ན་སོ་མ་རྒྱས་ཀྱི་བར་དུ་ཨ་ཁུ་དང་ཨ་ནེས་དངོས་པོ་རྣམས་ཉ་ར་གྱིས་ལ་མ་གོད་པར་ཁོ་རོང་ལ་སྤྲོད་ཟེར་རོ། །

(༡༠)དེར་ཡབ་ཀྱི་གཤེགས་རྫོགས་བྱས་ནས་ལྷག་མ་ནོར་རྫས་བསམ་གྱིས་མི་ཁྱབ་པ་ཡོད་པ་རྣམས་ཨ་ཁུ་དང་ཨ་ནེས་ཕྱེད་མར་དགོས། མི་ལའི་ཞང་པོ་ལ་སོགས་རྣམས་ཀྱིས་ལོ་རྒྱུས་བྱས་ཀྱང་མ་ཉན་ཏེ། ཡུམ་ཉང་ཟ་དཀར་བརྒྱན་རང་ནོར་ལ་དབང་བྱེད་ཐབས་མ་བྱུང་། ཨ་ཁུ་དང་ཨ་ནེ་གཉིས་ན་རེ། ཁྱོད་མ་བུ་ལ་ངེད་གཉིས་ཀྱི་གོས་གསར་པ་རེ་བྱེད་པ་ཡིན་ཟེར་ནས། དབྱར་ཨ་ཁུའི་གཡོག་བཅོལ། དགུན་ཨ་ནེའི་གཡོག་བཅོལ། ལྟོ་ཁྱི་ཡིས་ལྟོ་འདྲ་བ་ལ། ལས་བུང་

(༡༡)བུའི་རྒྱབ་འདྲ་བ་བྱས་པ་ལ། རྐང་ལགས་ཀྱང་སེར་ཀར་སོང་ཏེ་ཤིན་ཏུ་སྡུག་བསྔལ་བར་བྱུང་ངོ་། དེའི་ཚེ་ཡབ་བཞུགས་དུས་ཆུང་གཉེན་བྱས་པའི་ལེགས་པོའི་ཕ་མ་གཉིས་ཀྱིས་ཁོང་ལ་གོས་དང་ལྷམ་བྱིན། ནོར་མེད་ཉམས་པ་མི་དགོས་ཀྱིས་ཞེས་སེམས་གསོས། ཅི་ཞིག་ལྟར་ན་ཁོང་ལོ་བཅོ་ལྔ་ལོན། ཡུམ་གྱིས་ཞིང་སྲེད་པོ་སྟན་ཆུང་གིས་ཐོགས་ལ་ཡོ་བྱད་སྒྲུབ་ཏེ་ཨ་ཁུ་དང་ཨ་ནེས་གཙོས་བྱས་ཡུལ་མི་ཁྱིམ་ཚེས་ཉེ་དྲུང་དང་བཅས་པ་བོས། བཟའ་བཏུང་དྲངས། ཡབ་ཀྱིས་ཞལ་ཆེམ་བཞིན་དུ་བུ་ལ་ནོར་རྣམས་གཏད་དགོས་བྱས་པས། མ་ཉན་ཏེ། ཨ་ཁུ་དང་ཨ་ནེས་གཉིས་ཁྲོས་ནས། ཡུམ་ལ་རྡོ་ལྕགས་མང་པོ་རྒྱབ་བོ། མིང་

(༡༢)སྲིང་གཉིས་གོས་ཀྱི་འཐུ་བས་བརྒྱུང་། ཕྱིན་ཅི་ལོགས་གིས་ཚིགས་ངན་མང་དུ་སྨྲས། ཁང་པ་ཡང་ཕྲོག་ཁྱེད་མ་སྨད་ཀྱི་མང་ན་དམགས་གྱིས་ཉུང་ན་མཐུ་གྱིས་ཟེར་ཏེ་སོང་ངོ་། དེ་ནས་ཡུམ་གྱིས་ཙའི་མི་ཐོད་གད་པ་ཅན་དུ་མི་ལ་སློབ་གཉེར་ལ་བཏང་པས། ཤེས་པ་ཡང་འགའ་རོ་ལོབ་པ་གྲོང་ཆོག་ཀྱང་བྱས། དེ་ཙ་ན་ལེགས་པོས་ཀྱང་བརྒྱག་དང་ཆུ་སྟོར་ཡང་སྐྱལ་གྲོང་པས་སྟོན་མོ་ཅི་བྱེད་པ་ལ་སྤྲང་ཡིན་གླུ་ལྷག་ལྷིབ་ཅིག་ཤེས་པ་ཡང་ལེན། །སྐབ་སྐབས་སུ་ཡུལ་པའི་བ་ར་ཡང་ཚོས། །དེའི་དུས་སུ་ངའི་ལགས་དུ་ཐོགས་པའི་འུར་རྡོ་འདི། སྒོམ་ཐགས་གོན་པ་ཅིག་

(༡༣)ཡིན་ན་ཨང་། ང་ཡིས་རྒྱབ་ཏུ་གྱོན་པའི་གོ་ཅོག་འདི་རས་གོས་རྐྱང་ཅིག་ཡིན་ན་ཨང་། ཞེས་པ་ལ་སོགས་པའི་སྒྲུབ་པ་ལ་ཡིད་སྨོན་པའི་གྱུ་མཆིད་དཔག་ཏུ་མེད་པ་ལེན་ཅིང་གླུའི་སྟོབ་སྦྱོར་དང་གཏམ་རྒྱུད་ལ་སོགས་པ་ཤིན་ཏུ་མཁས། སྒྲུང་མང་པོ་ཤེས་པས་ཀྱང་ཉལ་བྲང་དང་འཕང་ར་ཐམས་ཅད་དུ་བྱེད་པས་ཀུན་དགའ་ནས་མི་ལ་ཐོས་པ་དགའ་མིང་བཏགས། དུས་ལན་ཅིག་གི་ཚེ་ཡུལ་དུ་ཆང་སྟོན་ཆེན་པོ་ཅིག་བྱུང་། མི་ལ་དཔོན་སློབ་ཀྱང་དེར་བྱོན། གཞན་ཡང་ཆང་འདྲེན་མང་དུ་བྱུང་ཏེ། སྲང་ཁ་ཅིག་ན་ཡར་གླུ་ལེན་ཡིན་བྱོན་པས་ཡུམ་གྱིས་ཐོས་ཏེ་མདུན་དུ་ཡོང་ནས། ངེད་རང་མ་སྨད་གཉིས་ཀྱི་འདུག་ཚུལ་འདི་ལ་ང་ནི་ངུ་བྲོ། ཁྱོད་གླུ་ལེན་པ་ཡིན་ནམ་ཟེར་ནས་མང་དུ་བཤུམ། དེར་ཁོང་གིས་ཡུམ་ལ་མ་ངུ་ངས་ཁྱོད་གང་འདོད་པ་དེ་བྱ་ཡིས་གསུང་སྐད། དེ་ནས་ཡུམ་ན་རེ་འོ་ན་

(༡༤)ཁྱོད་མཐུ་གཏད་པོར་གསུམ་ལ་མཁས་པ་ཅིག་གྱིས་ལ་ཡུལ་མི་ཁྱིམ་ཚེས་འདི་ཀུན་ཙད་ནས་གཅོད་པ་ཅིག་བྱེད་དགོས་ཟེར་ཏེ་འོ་ན་ང་འགྲོ་བའི་ཆས་ཅིག་གྱིས་གསུང་སྟེ། དེར་ཡུམ་གྱིས་ཞིང་སྲེད་པོ་སྟན་ཆུང་གིས་ཕྱེད་ཙོང་པའི་རིན་ལ། གཡུ་སྐར་ཆེན་འོད་འཕྲོ་དང་རྟ་ཁམ་པ་སྡེ་ལོ་གྲགས་བྱ་བ་ཅིག་དང་ཚོས་བཏང་བཞི་རྣམས་བྱུང་། དེར་རྒྱག་གིས་གྲབ་ཟིན་ཀྱང་ཟླའོ་མེད་པས། གུང་ཐང་གིས་རྒྱབ་ལྷུན་སྒྲུབ་མགྲོན་ཁང་བྱ་བ་ཀ་བ་བརྒྱ་བཅུ་ས་ཅིག་ཡོད་པ་དེར་ཞགས་འགའ་སྡད་པས། སློབ་དཔོན་དོལལ་ས་རས་པ་བྱ་བའི་དཔོན་སློབ་འགའ་བྱུང་། དེ་རྣམས་ལ་ཡུམ་གྱིས་བསྙེན་བཀུར་བྱས། གཡུ་དེ་བྱིན་ནས་ངེད་ཀྱིས་བུ་འདི་ལ་སྙིང་མེད་པས་ཁྲོད་གྲོགས་པོ་རྣམས་གྱི་ཡང་ཡང་བསྐུལ་མ་གྱིས་ལ་མཐུ་ཤིན་ཏུ་མཁས་པ་ཅིག་སློབ་ལ་འཐོང་ཅིག་ཞེས་བསྒོས་གཏམ་བྱས། སྲས་ལོགས་ཅིག་རུ་ཁྲིད་ནས་བུ་ཁྱོད་ཀྱི་ཡུལ་འདིར་ངེས་པར་རྟགས་འཐོན་པ་ཅིག་གྱིས། ཁོང་ཅེས་ཕྲུག་གིས་མཐུ་དང་འོ་ཅག་མི་འདྲ། ངེད་རང་མ་སྨད་གྱིས་སྟོད་ཁོས་འདི་ལ་སོམ་

(༡༥)ལ་སྙིང་རུས་བསྐྱོད། བརྒྱག་དང་རུང་ཡང་རྩལ་ལ་སྐུར་གྱིས་ཁྱོད་མཐུ་མེད་པར་ལེགས་བྱུང་ན་ང་ལྕེབ་ཏེ་འཆིའོ་ཞེས་ཟེར་རོ། དེར་ཁོང་བྱོན་ཏེ་རོང་གཡགས་རྒལ་ནས་སྙེ་མོ་བྱ་བར་སླེབ། དེར་རྟ་དང་བུར་ཚོས་བཙོང་པས་རིན་ཐམས་ཅད་གསེར་དུ་བྱུང་བ་རྣམས་སྟེ། འཐོན་ལུགས་ར་ཁ་ནས་མར་བྱོན་དབུས་ནས་ཡོང་པའི་འགྲོས་པ་མང་པོ་དང་ཕྲད་མཐུ་གཏད་སེར་གསུམ་ལ་སུ་མཁས་དྲིས་པས་དབུས་གཙང་གཉིས་ན་གཡུང་སྟོན་ལས་མཐུ་ཆེ་བ་མེད་བསྙེན་པ་ཡང་ཁོང་ཆེ། མཐུ་ཡང་ཁོང་མཁས་ཟེར། དེའི་ལམ་རྒྱ་ཡོད་ཟེར་བའི་གཡེར་ཆེན་པོ་འདུག་པ་དང་དེར་བྱོན། གཡུང་སྟོང་ས་སྔགས་པ་སྐྲ་པོ་འབལ་ལེ་བ་ཅིག་འདུག་པ་ལ། གྲོགས་པོ་རྣམས་གྱི་ཕྱག་བརྟེན་ཅུང་ཟད་རེ་ལས་མ་བཏང་། ཁོང་གིས་གསེར་ཐམས་ཅད་ཕུལ་ནས་བདག་གིས་ལུས་ངག་ཡིད་གསུམ་འབུལ་ལགས་ཞུས་པས། བླ་མའི་ཞལ་ནས་ང་ཡིས་མཐུ་འདི་སློབ་པ་ལ་སྟོད་མངའ་རིས་གྱི་ས་ཆ་ནས་གསེར་སྲང་བརྒྱ་འབུལ་དང་། སྟོང་འབུལ་བྱེད་པ་བྱུང་དེ་ལྟར་འབུལ་

(༡༦)བ་བྱེད་པ་བྱུང་ཡང་ལུས་ངག་ཡིད་གསུམ་འབུལ་ཟེར་བ་ཁྱོད་ལས་མ་བྱུང་གསུང་། མི་ལས་ཞུས་པ་བདག་ལ་གྲོང་པ་ཁྱིམ་ཚེས་སྐྱིད་དུ་འཕང་པ་འགའ་བདོག་པས། མཐུ་ཤིན་ཏུ་མཁས་པ་ཅིག་ཐུགས་ལ་འདོགས་པར་ཞུ་བྱས་པས། ཁྱོད་ཀྱི་གཏམ་དེ་ལ་རྟགས་པ་ཅིག་བྱེད་དགོས་གསུང་སྟེ། ཁོང་ཐམས་ཅད་ལ་མཐུ་ཡང་དག་པ་ནི་མ་གནང་། གདམས་པ་སྣ་རེ་ཙམ་བྱིན་སྒྲུབ་པ་བྱས་ལོ་ཅིག་སོང་བ་དང་། གྲོགས་པོ་རྣམས་འགྲོ་བ་ལ་བླ་མས་གོས་རེ་རྫང་། བཏང་རག་གིས་མཆོད་པ་བྱས། བློའི་ཞལ་ནས། ཐོས་པ་དགའ་མི་འགྲོའི་གསུང་པས། ཐོས་པ་དགའ་ང་ནི་འགྲོ་པ་ཏིག་པོ་ཡང་མེད་ལགས་ཞུས་པས། ཁྱོད་སྙིང་རྗེ་བའི་མི་རིགས་ཅིག་འདུག་གསུང་། མི་ལས་བླ་མས་གང་བའི་གོས་དེ་གྱོན་ནས་གྲོགས་པོ་རྣམས་གྲོ་ལམ་ཅིག་དུ་སྐྱེལ་ཐུགས་བྱས། ཚུར་ལོགས་པའི་ལམ་མཁར་རྟ་ལུད་ལ་སོགས་པ་འཐུ་བ་གང་རྙེད་པ་བློའི་ཞིང་ཅིག་རུ་བླུགས་པ། བློ་གྲོས་ཁང་ཐོགས་ནས་གཟིགས་པས། ང་ལ་སློབ་མ་བྱུང་ཡང་འདི་ལས་

(༡༧)ཤ་ཚ་བ་མ་བྱུང་། དང་པོ་བྱུང་ཙ་ན་ཡང་ལུས་ངག་ཡིད་གསུམ་འབུལ་ཟེར། ཡུལ་མི་ཁྱིམ་ཚེས་སྐྱིད་དུ་འཕང་པ་ཡང་ཡོད་ཟེར། དེ་རྣམས་བདེན་ན་མཐུ་མ་བྱིན་ནས་མི་ཡོང་གསུང་པ་ཁོང་རྣམས་གྱིས་ཐོས་པས་དེ་རྣམས་གྱིས་མི་ལ་སྨྲས་པ། མི་ལས་ཁོ་རང་གིས་གནང་བའི་གོས་དེ་ཕྱག་རྟེན་དུ་ཕུལ་ཏེ། བདག་གིས་ཟླ་བོ་གཅེས་ཕྲུག་བརྩེད་མོའི་ཞོར་ལ་མཐུ་སློབ་པ་ཡིན་པར་གདའ་བདག་ནི་མཐུ་མ་ལོབ་ཅིང་ཡུལ་དུ་རྟགས་ཅིག་མ་འཐོན་ན་མ་རྒན་མོ་དེ་ལྕིབས་ཏེ་འཆི་བར་ཡོད་ལགས་ཞུས་པས། བུ་ཁྱོད་ཀྱིས་གཏམ་དེ་ཨེ་བདེན་ལྟ་བཏང་གིས་ཁྱོད་རང་ཀྱིས་སློབ་ཅིག་གསུང་པས། མི་ལས་བྲིས་སྦྱངས། བླ་མས་འབངས་སྟོབས་ཆེན་ལྟ་བཏང་བས་འཁོར་ཏེ་བདེན་པར་མཁྱེན་ནས་བླ་མས་མི་ལ་ལ་གསུང་པ། ངའི་མཐུ་དྲགས་སྔགས་གཟའ་གདོང་དམར་ནག་ཧཱུྃ་ཤི་ཕགས་འགྱེལ་བྱ་བ་ཅིག་ཡོད་པ་དེ་ཙང་གིས་ཕྱོགས་ཡུལ་སྣུབ་ཀྱི་ཕུ་ལུང་ན་ལྷ་རྗེ་སྣུབ་ཆུང་བྱ་བ་ཅིག་ཡོད་པ་དེ་ལ་བྱིན། ཁོའི་སེར་བ་ཅིག་ཁྲིད་དུ་ཡོད་པ་དེ་ང་ལ་

(༡༨)བྱིན། ངེད་གཉིས་ཚིགས་བཟུང་ཡོད་པ་དེས་མཐུ་དྲག་ཐལ་བ་ཅིག་སློབ་ན་དེར་འགྲོ་དགོས་གསུང་པས། དེ་ལ་འབུལ་བ་མེད་པར་ཨེའུ་སྣང་ཞུས་པས། ཁྱོད་ཀྱི་རྟ་ཁྲ་ཁྱེར་ཡང་མི་སྟེར་ངའི་རྟ་དཀར་པོ་སྟོང་ལ་གྲགས་བྱ་བ་འདི་ཁྱེར་གསུང་ཏེ། ཁོང་རང་གིས་བུ་ལ་སྣ་ཁྲིད་བཅོལ་ནས་བཏང་སྟེ་རྟ་ཕྱག་རྟེན་དུ་བཏང་ནས། སྲས་དར་མ་དབང་ཕྱུག་གིས་དེའི་རྒྱུ་མཚན་ཞིབ་པར་བཤད་པས། འཛད་རྟ་ནག་གིས་བོན་པོ་ལྷ་རྗེ་སྣུམ་ཆུང་བྱ་བ་དེ་ན་རེ། ང་ཡིས་གྲོགས་པོ་ཕྱི་ཐགས་རིང་གསུང་ནས་མཉེས། ད་ཁོ་ལ་མཐུ་དགོས་པར་འདུག །རི་སྣར་ཕ་ཀིར་སྒྲུབ་ཁང་ཅིག་ཙིག་གསུང་ཏེ་སྒྲུབ་ཁང་བྱས་ཏེ་དེར་བོན་པོའི་བུ་དང་མི་ལ་གཉིས་ཀྱི་མཐུ་སླབ་ནས་སྒྲུབ་པས་ཞགས་བདུན་སོང་ནས། བློའི་ཞལ་ནས་སྔར་ཡང་ཞགས་བདུན་གྱིས་ཆོག་ཡི་ཡོད། ད་ལེན་ཡང་ཆོག་མཆིས་གསུང་། དེ་ནུབ་དཀྱིལ་འཁོར་གྱིས་དབུས་སུ་མི་མགོ་སུམ་བཅུ་སོ་ལྔ་དོན་སྙིང་དང་བཅས་པ་སྐྱལ། བསྲུང་མ་རྣམ་ན་རེ། ངེད་ཁར་སང་ནས་བསྐུལ་བས་འདི་དགོས་པ་མིན་ནམ་ཟེར། ནང་པར་བློ་བྱོན་ནས་མདང་ས་རྟགས་བྱུང་ངམ་གསུང་། བྱུང་ལུགས་རྣམས་ཞུས་ཏེ་བློའི་ཞལ་

(༡༩)ནས། ད་བསྒྲལ་རྒྱུ་གཉིས་འདུགས་པ་དེ་བཞག་གི་སྒྲལ་གསུང་། གཉིས་པོ་དེ་སྙིང་ཚིམས་དྷར་ས་ལ་འཇོགས་པར་ཞུ་ཞུས་ཏེ་དེའི་ཚེ་མི་ལའི་ཕ་ཡུལ་དུ་སིང་ལྡེང་གིས་ཕུར་པ་ཅིག་ཡོད་པ་རྐང་མགྱོགས་པ་གཉིས་ལ་བསྐུར་ནས། འདི་ང་ཡིས་མའི་ལགས་ཏུ་གཏོད་ལ་ངའི་ཕ་ཡུན་འཚོའི་མཁར་དེ་ལ་ཚད་ཚད་ཅིག་གྱིས་ལ་ཡར་འགྱོགས་པར་བཀུར་བྱས་པས། མ་སྙིང་ན་ནས་མཁར་ལ་ཕུར་པས་རྒྱབ་བཏང་མང་དུ་བྱས་པས། ཁོལ་མོ་ཅིག་གིས་མཐོང་བས་སྡིག་པ་གླང་ཤད་ཙམ་ཅིག་གིས་མཁར་གྱིས་ཀ་བ་ནས་ཐོན་པ་མཐོང་ཙ། མི་ལའི་ཁུ་བོས་མནའ་མ་ཅིག་བླང་པའི་ས་ན་ཕྱི་མི་གྱེས་ནང་མི་མ་བྱེ་བ་ལ་མཁར་གྱི་ཀ་བ་ཆགས་ནས་འགྱེལ་ཏེ། མི་སུམ་བཅུ་པོ་ལྔ་གཏིབ་འོག་ཏུ་ཤི། །ཅུང་ཤི་མ་ནུས་པ་འགའ་ཏེ་མི་ལ་ཐོས་པ་དགས་བཏང་བ་ཡིན་ཟེར་སྐད་དེ། དེའི་དུས་སུ་གུང་ཐང་བས་གྲོས་བྱས། མི་ལ་ཐོས་པ་དགའ་འདིས་ཁང་ཞིང་མ་འཚོང་པ་འདི་ལ་མི་འདི་ཙམ་བསད། འདི་ལ་རྔན་ཟན་བཏང་ལ་ཐོས་པ་དགའ་བསད་དགོས་བྱས་པའི་ལྐོག་གྲོས་བྱས། བྱ་

(༢༠)ཤོར་དོགས་ནས་གཞན་ལ་གསང་བ་ལ། གཙོ་བོ་དེའི་ཆུང་མ་དེ་སྔོན་མི་ལ་མ་སྨད་གྲིས་གཡོགས་མོ་བྱས་པ་ཡིན་པས། སྙིང་ཐགས་ཉེ་བར་ཡོད་པ་དེས་ཕར་ཉན་ཙ་མོའི་རྒད་པོས་ཁ་བླས་བྱས་པས་མི་ལ་ཐོས་པ་དགའ་ལ་བསོད་མི་སྔོན་ལ་བཏང་དགོས་ཆུང་མས་ཐོས། དེ་ཐོས་དགའི་མ་ལ་བཤད་པས་མ་བྲེད་ནས་མྱུར་དུ་བང་ཆེན་དུ་འོས་པའི་རྣལ་འབྱོར་པ་ཅིག་བཙལ་ནས་བཟའ་བཏུང་སོགས་བྱིན་ཏེ། བེམ་པོ་ལ་ལྷན་པ་མདའ་གང་རྒྱབ། དེའི་ནང་དུ་རྣལ་འབྱོར་པ་དེ་ལ་རྒྱུས་མེད་པའི་གསེར་སྲང་བདུན་སྦས་རྒྱབ་གཏབ་པའི་ཡི་གེ་ཅིག་བསྐུར་རྔན་པ་བྱིན་ཏེ་བཏང་། དེས་ཀྱང་མི་ལ་དྲི་ཡིན་ཕྱིན་ཏེ་སྦྲག་གུ་ལུང་དུ་མཇལ། ཡི་གེ་ཕུལ་བས་དོ་ནུབ་བཞུགས་ཅིག་གསུང་། བླ་མའི་རྩར་ཡི་གེ་ཁྱེར་ཏེ་གཟིགས་པས། མ་རྒན་མོ་ལ་མུ་སྐྱེས། ཕ་མི་ལ་ཤེས་རབ་རྒྱལ་མཚན་གྱི་རབ་ཟིན། མི་སུམ་བཅུ་སོ་ལྔ་ཤི། ང་ལ་ཡང་ཀ་ཆ་འགའ་རེ་གཏད་ནས་བརྒྱགས་འདང་བར་ཡོད། ཁྱོད་ཡུལ་དུ་མ་ཡོང་ཅིག །ཡུལ་མི་རྣམས་གྲོས་བྱས་ནས་ཁྱོད་བསོད་མི་སྔོན་ལ་བཏང་དགོས་ཟེར་ཡིན་འདུག་པས། འདི་ནས་ཡོང་བའི་མི་

(༢༡)དང་མ་ཕྲད་ཅིག་ཟོན་དོག་གྱིས། ད་རུང་ཡུལ་འདིར་སེར་བ་བརྒྱང་རིམ་པ་གསུམ་ཡོད་ཟེར་བ་ཅིག་ཕེབ་དང་། དེ་ནས་མ་རྒན་མོའི་བསམ་པ་མཐར་ཕྱིན། བརྒྱག་ཆད་ན་ཁ་བྱང་དུ་བལྟ་བའི་སྤྲིན་ནག་པོའི་འོག་སྐར་མ་སྨིན་བདུན་ཤར་བའི་ས་ན་རང་གིས་གཉན་མཚན་ཡོད་པའི་ས་དེར་ཕྱིན་ནས་བརྒྱགས་ཡོང་བར་ཡོད་ཅེས་ཟེར་བ་འདུག དཔོན་སློབ་གཉིས་པོས་གོ་རྟོགས་མ་རྙེད་དེ་ད་བརྒྱགས་ཆད་པ་ལ་མཁོ་བ་ཅིག་ཡོད་པར་འདུག་སྙམ་དུ་དགོངས་ནས། གཞན་ཡང་མང་ལ་བསྟན་ཀྱང་གོ་རྟོགས་མ་རྙེད་དེ་བླ་མའི་ཞལ་ནས་བྱང་ན་གཉེན་ཚན་ཡོད་གསུང་སྔར་ཡོད་ཟེར་བ་ནི་མ་ཐོས་ཞུས། དེར་བླ་མའི་ཇོ་མོ་ན་རེ། རྣལ་འབྱོར་པ་དེ་བོས་ཅིག་གསུང་། དེ་ལྟར་བྱས་ནས་མདུན་དུ་མེ་བཏང་ཆང་བཟང་པོ་བླུད་དེ། ཇོ་མོས་རྣལ་འབྱོར་པའི་བརྒྱབ་ནས་བེམ་པོ་བླང་ཏེ་གོས་འདི་འདྲ་གྱོན་པའི་མི་ལ་སྐྱིད་ཡོད་པ་ཡིན་ཟེར་ཡིན་གྱོན་ནས་ཐོགས་ཁར་སོང་། ལྷན་པ་ནག་པོའི་འོག་ནས་གསེར་རྣམ་བཏོན། བླ་མའི་ཞལ་ནས་ཐོས་པ་དགའ་འདིར་ཤོག་གསུང་། གསེར་སྲང་བདུན་པོ་བཏད་ནས་ཁ་བྱང་དུ་ལྟ་བ་

(༢༢)རྣལ་འབྱོར་པ་ལ་ཟེར་བར་གདའ། སྤྲིན་ནག་པོ་ལྷན་པ་ལ་ཟེར་བར་འདུག སྐར་མ་སྨིན་བདུན་གསེར་ལ་ཟེར་བར་འདུག །ཁྱོད་ལ་མ་དྲུང་མོ་ཅིག་ཡོད་པར་འདུག བུད་མེད་བློ་རྣོ་ཟེར་བ་ཡང་བདེན་པར་འདུག །ངེད་རང་གཉིས་ཀྱིས་མ་ཤེས་པ་ཇོ་མོས་ཤེས་པར་བྱུང་གསུང་། གསེར་སྲང་གང་བླ་མ་ལ་ཕུལ། ཇོ་མོ་དང་རྣལ་འབྱོར་པ་གཉིས་ལ་གསེར་སྲང་གང་བྱིན་པས་རྣལ་འབྱོར་པ་དེ་དགའ། མི་ལས་ང་ལ་ངན་ཤོལ་ཡིན་ལུགས་ཟེར་བ་བོན་བོ་ལ་བཤད་པས། ཁོ་ན་རེ། ང་ལ་ཐབས་ཡོད་ཀྱིས་ང་ལ་མངོན་ཤེས་ཡོད་པ་སྐད་བྱ་ཟེར་ནས། ཁྱོད་གུང་ཐང་བ་རྣམ་ཐོས་པ་དགའ་བསད་པའི་གྲོས་ཤོམ་ཡིན་འདུག་པ་ངེད་གཉིས་ཀྱི་ཆོས་སྐྱོང་གིས་ཚོར་ནས་བྱུང་། བསད་པས་ཨེ་མཛད་ལྟ་ང་ལ་སློབ་འབང་རིང་རྩམ་ཡོད་པ་ཐོས་པ་དགའ་ཡིན། གཡུང་སྟོན་ལ་མི་ཚན་འདི་ཙམ་ཡོད་པ་ཐོས་པ་དགའ་ཡིན། གཙོ་བོ་ལ་སྲོང་ལས་བྱེད་ཡུལ་པ་ལ་སེར་བ་བྱེད། ད་བསམ་ངན་བྱེད་པ་ཙམ་བྱུང་ན་ཡང་འདུག་བྱེད་པ་ཡིན་ཟེར་བའི་ཡི་གེ་བསྐུར་ནས་འདི་སུ་ཕྲད་པ་ལ་སྟོན། ལི་པོ་

(༢༣)ཆེར་བྲིས་ལ་ཐོགས་བྱས་ནས་བརྒྱགས་སྐྱེལ་མི་དེ་བཟློག་ནས་གཏང་། དེས་དེ་བཞིན་བྱས་པས་ཡུལ་མི་ཐོས་ནས་འདི་བསད་པས་མཛད་པའི་གཏད་ཀྱང་མེད། ཙ་བ་བཟང་པོ་ཅིག་འདུགས་བསད་པས་བསོད་པའི་གཏད་ཀྱང་མེད། མངོན་ཤེས་ཡོད་པར་འདུག་ཟེར་ནས་ངན་ཤོམ་པ་དེ་ཡང་བཤོལ་ལོ། དེར་མི་ལས་བདག་གིས་མའི་བསམ་པ་སྒྲུབ་པའི་ཕྱིར་སེར་བའི་གདམ་ངག་ཐུགས་ལ་འདོགས་པར་ཞུ་ཞུ་བྱས་པས། བོན་པོས་བུ་རེ་རེ་ཞོ་གཉིས་བསྐུར་ནས་གཡུང་སྟོན་ཁྲོ་རྒྱལ་ལ་ཞུས་ཅིག་གསུང་ནས་ཕྱིན་ཏེ། གཡུང་སྟོན་གྱི་ཞལ་ནས་མཐུ་གོ་ཆོད་པོ་བྱུང་ངམ་གསུང་མི་སུམ་ཅུ་སོ་ལྔ་བསད་ལགས་སྟེ། བདག་གིས་མ་དེ་ད་རུང་བསམ་པ་མ་ཚིམ་ནས་སེར་བ་ཕོབ་བྱ་བའི་ཡི་གེ་བྱུང་བས། ད་རེས་སེར་བ་ཅིག་མི་གཏོང་ཁ་མེད་ན་འདུག་ཞུས་པས། བླ་མའི་ཞལ་ནས། འོ་ན་སེར་བའི་མན་ངག་བྱའོ་ཞེས་སྒྲུབ་ཁང་རྙིང་ས་ཅིག་ཏུ་ཞག་བཅུ་བཞི་སྒྲུབ་པས་ཐུན་རྫས་ལ་དངོས་སུ་འབྲུགས་སྡིར་བ་དང་གློགས་ཁྱུགས་པ་བྱུང་བླ་མ་ན་རེ། ད་ཁྱོད་ཀྱིས་ཡུལ་ན་ལོ་ཐོགས་མཐོ་དམན་ཅི་ཙམ་ཡོད་གསུང་། ད་ཙམ་

(༢༤)སྙི་མ་ཆལ་ཆོལ་ཙམ་ཡོད་མཆིས་ཞུས་པས། འོ་ན་འགྲོ་རན་ནས་འདུ་གསུང་སྟེ། མི་ལའི་རོག་ལ་འབང་སྟོབ་ཆེན་དེ་བཏང་། ཡི་གེ་ལ་སྔ་སེར་ལོ་བདུན་བཏང་། ཕྱི་སོར་ལོ་བརྒྱད་ཡོང་བྱས་པ་བྲིས་ནས་མདའ་ཅིག་ལ་བཏགས་དེ། འདི་གཙོ་བོ་ཅིག་གིས་ཞིང་དཀྱིལ་དུ་ཚུགས་ཅིག་གསུང་གཉིས་པོར་རྣལ་འབྱོར་པར་རྫུས་ཏེ་གུང་ཐང་དུ་ཕྱིན། ཡུལ་དུ་ཙས་མ་རྔ་རན་ལ་ཐུགས་དེར་ཐུན་པོས། སྔགས་བཟླས་འདེབས་པར་བཞེད་པ་ལ་ནམ་མཁའ་ལ་སྤྲིན་མེད་པར་གྱུར་པས། མི་ལས་བསྲུང་ལ་རྣམས་ལ་བོས། བེམ་པོ་གདབ་མང་དུ་བཤུམ་པ་ལ་དེའི་མདོ་ལ་སྤྲིན་བསམ་གྱི་མི་ཁྱབ་པ་ཁྲིག །མི་ཅིག་གིས་ཟན་ཟ་རིན་ལ་གྱང་རིམ་པ་གསུམ་ཡོད་པ་ཅིག་བབས། འབྲུ་མིག་གིས་མ་མཐོང་། ལུང་པ་ཐམས་ཅད་དུ་གཅོམ་དུ་སོང་། དེའི་རྗེས་ལ་ཆར་དྲག་པོ་ཅིག་བྱུང་སྟེ། ཁོང་གཉིས་བྲག་སྐྱིབས་ཅིག་ཏུ་མེ་བཏང་ནས་བསྡད་པ་ལ། རི་དག་པས་མཐོང་། ཁོང་ཚོས་གླིང་ལང་བྱས་ཏེ། ད་ལོའི་ལོ་ཐོགས་ལེགས་པ་འདི་ལ་འབྲུ་མིག་གིས་མ་མཐོང་བར་བྱས། ན་ནིང་མི་དེ་ཙམ་བསད་

(༢༥)དེ་ཐམས་ཅད་ཐོས་པ་དགའ་ཅིག་པུའི་མཐུ་ཡིན་ཟེར་ཞིང་གླེང་། དེའི་ཚེ་རྒན་ས་ཅིག་ན་རེ། བྲག་ཕུག་ཕ་ཀའི་ནང་དུ་དུ་བ་ཅིག་འདུག །དེ་ན་ཐོས་པ་དགའ་ཡོད་ངེས་ཁྱེད་རྣམས་ཡིབ་ལ་སྡོད་ཅིག །ང་འགྲོ་ནས་མི་རྣམས་འབོད་ནས་ཡོང་ཟེར་ནས་སོང་། ཡུལ་མི་རྣམས་གོ་གྱོན་མཚོན་ཐོགས་ཚིགས་ངན་མང་པོ་སྨྲ་ཞིང་གཉིས་བསྐོར་སྟེ་དབང་སྟོབས་ཆེན་ན་རེ། ང་ཁྱེད་ཡིན་པ་ལྟར་བྱ་ལ་ཁོང་རྣམས་གྱིས་དཀྱིལ་དུ་འགྲོ་ཡིས། ཁྱེད་རང་དལ་གྱིས་བྲོས་ཅིག་ཟེར་ཏེ། དིང་རི་གླང་འཁོར་གྱིས་འགྲོན་ཁང་དུ་ཞགས་ལྔའི་དུས་བྱས་ཡུལ་མིའི་དམག་གིས་ཉེ་མོར་སློབ་པ་དང་། གྲི་བཏོན་ཏེ་དམག་གིས་དཀྱིལ་བཤགས་ནས་ཕྱིན། སུས་ཀྱང་རྒོལ་མ་ནུས་པ་ལ། ངས་ན་ནིང་མི་སུམ་ཅུ་སོ་ལྔ་བསད། དེ་ཁྱེད་རྣམ་ལ་ཕན་པ་མེན་ནམ། ད་ལོའི་སེར་འདི་ཡང་ཁྱེད་རྣམས་ལ་ཤིན་ཏུ་འཁོ་བ་མིན་ནམ། ད་རུང་ལུང་པ་འདི་ཡི་ཕུ་ཏུ་གཏད་འཛུད། མདའ་ལ་སེལ་འཛུད། ཡུལ་འདིར་བསྡོད་མཁན་གྱིས་མི་མེད་པ་ཅིག་བྱ། ང་ངོ་མ་ཤེས་ན་མི་ལ་

(༢༦)ཐོས་པ་དགའ་ཡིན། ཞེས་རྔན་མང་པོ་བསྒྲང་ཡིན་ཕྱིན་པས། ཡུལ་མི་རྣམས་གྱིས་ཁོ་དད་པ་འདྲ་ནི་བྱེད། ཉེ་བར་བརྒྱུད་ནི་མ་ཕོད་ཅི་ཞིག་ལྟར་ན་ཐང་ཆད་དེ་ང་མ་ལེན་ཁྱོད་ལེན་ཟེར་ཞིང་ལོག་གོ། ཁོང་རྣམས་དེ་ལྟར་བྱེད་པའི་བར་ལ་ཐོས་པ་དགའ་དལ་གྱི་འགྲོ་བས་ཆོགས་པ་བྱུང་སྟེ་འབང་ཨེ་སྔོན་ལ་གླང་འཁོར་དུ་སླེབ། ཁོང་འབད་ནས་ཞབས་བཅོ་ལྔའི་ཉིན་པར་དིང་རིར་ཕྱིན། རྒན་མོ་ཅིག་ན་རེ། ཁྱེད་སེར་གཏད་སྐྱེལ་མཁན་དེ་ཡིན་ནམ་ཟེར། ཡིན་ངའི་རོགས་དེ་གར་སྣང་བྱས་པས་ཁྱེད་ཀྱི་རོག་དེ་ཞགས་དྲུག་སྔོན་ནས་འདིར་ཕྱིན་ནས་ཡོད། དེ་རིང་ཁྱེད་མ་ཕྱིན་ན་སང་ཉིན་འགྲོ་ཟེར། ཁོ་འོག་འདིར་སྟོན་མོ་བྱེད་པ་ལ་སྤྲང་སོང་། ད་ཁྱོད་དེར་སྡོ་ང་ཁོང་འོང་ཟེར། རྒོང་ཁ་ཁོ་ཕྱིན་པས་ཁྱེད་དེ་ཙམ་འགོར་བ་ཅི་ཡིན་ཟེར། ང་ལམ་དུ་ཁྱིས་དམུགས་ནས་རྐང་པ་མ་ཙད་བ་ཡིན་གསུང་དེར་ནུབ་དེར་སྡད་དེ་ནས་ཁོང་གཉིས་བླ་མའི་དྲུང་དུ་ཕྱིན། བླ་མས་གསུང་པ། ཁྱོད་ལ་ཁ་རྗེ་ཆེན་པོ་བྱུང་ཨང་གསུང་། སྔོན་ལ་སོང་བ་ནི་མེད་སུ་ལ་བསན་ཞུས་པས། ང་ཡིས་བསྲུང་མ་རྣམས་ཚོས་བཅོ་ལྔའི་

(༢༧)ངོ་རྩལ་བྱས་ནས་བྱུང་། ངས་བཏང་རག་ཀྱང་བཏང་། ད་བློ་བདེའི་གསུང་། དེ་ནས་ཡང་ཕྱི་དེ་ལོ་ལ་ཕྱིན་པ་དང་ཐུན་གསོས་ཏེ་རྟགས་རྣམས་མྱུར་དུ་བྱུང་། ད་རེས་ནི་ཁྱེད་རང་གིས་ཚོད་གྱིས་ལ་སྙི་མ་བྱུང་ཙ་དེ་ལ་ཕྱིན་དགོས་པ་ཡིན། ཡུལ་གྱིས་འཐིལ་དུ་ད་ལོ་འགྲོ་མི་དགོས། རི་ཀ་ཡུལ་མཐོང་པར་མཐུན་གཏོར། འཕྲིང་ཡིག་ལ་སྔ་སེར་ལོ་བདུན། ཕྱི་སེར་ལོ་བརྒྱད་ཡོང་ངོ་གྱིས་ལ་མདའ་ལ་ཐོགས་ལ་འཕང་དེས་ཚོགས་མེད་དཀའ་ལས་མི་དགོས་གསུང་ནས་མི་ལ་གྲོགས་མཆེད་གཉིས་སོང་། ལ་ཁར་ཕྱིན་པ་དང་། ཐུན་དང་། མདའ་འཕང་། གཡབ་མོ་བརྡབ་དམོད་བཅོལ་བྱས་པས་དེ་ཉིན་རང་ལ་སྤྲིན་གཡོས་སྟེ་ལོ་ཐོགས་རྣམས་སྔོ་རྗེས་མེད་པར་བཏང་ངོ་། དེ་ནས་འོངས་པ་དང་དཔོན་སློབ་གཉིས་ཀྱིས་ཞབ་རྟོགས་བྱེད་ཡིན་ཡོད་པ་ལ། ཉིན་ཅིག་སློབ་དཔོན་ཉིད་ཀྱིས་ཞལ་ནས། ད་མི་ལ་ཁྱོད་ཀྱིས་དོན་ནི་གྲུབ། ཁྱེད་ངེད་ཀྱིས་ཞབས་རྟོགས་དཀའ་སླས་མི་ནུས། ཁྱོད་ལ་རོག་མི་སུ་ཡང་མེད། ཁྱོད་རང་གིས་ཡུལ་དུ་སོང་

(༢༨)ལ་ཁང་ཞིང་ཀུན་བདག་པོ་གྱིས་ཟེར་བ་ལ། མི་ལ་འགྲོ་མ་ཕོད། ང་དེར་ཅི་མི་བྱེད་སྙམ་ནས་སློབ་དཔོན་གཉིས་ཀྱིས་ཞབ་རྟོགས་དང་རིང་རྒྱུགས་ཁོ་ན་བྲས། ཉིན་ཅིག་གཡུང་སྟོན་གྱིས་དྲུང་དུ་སོང་ཙ་གཡུང་སྟོན་པ་གཡུང་སྟོན་པ་གསུང་ཞིང་བཤུམ་ཡིན་འདུགས་པས་སློབ་དཔོན་ཅི་ལགས་ཞུས་པས་ཁོ་དེ་བཟང་པོ་མ་བྱས། ཕུ་ན་ཡང་མི་མང་པོ་ཤི་ཟེར། མདའ་ན་ཡང་མི་མང་པོ་ཤི་ཟེར། འདི་ན་ཡང་མི་མང་པོ་ཤི་ཤིང་འདུག་གསུང་། མི་ཤི་བས་བཟོད་བཤུམ་མི་རུང་ཞུས་པས། ཁོ་དེ་ངེད་རང་གཉིས་ཀྱང་འཆི་བ་ཡིན་པས་ང་རང་ལ་སྡིག་པ་ཆེན་པོ་ཡོད་པའི་ཁ་ལ་ཁྱེད་ལ་ཡང་སྡིག་པ་རྔམ་པོ་ཆེ་བྱེད་བཅུགས་པས། དེ་འོ་སྐོལ་གཉིས་འགྲོ་ས་དམྱལ་བ་མིན་པ་མེད་པ་ལས། ང་ཤིན་ཏུ་འཇིགས་ཡིན་འགྱོད་པས་ངུས་པ་ཡིན་ཟེར་བས། སྙིང་མ་དགའ་ཕྱོད་དེ་བཏང་བས་སློབ་དཔོན་ངེས་པར་བདེན་ལགས་སམ་ཞུས་པས། ད་ཁྱེད་རང་བོན་པོ་ལ་ཡང་དྲིས་དང་གསུང་པས། བོན་པོའི་ཙར་སོང་ཙ་བོན་པོ་ཡང་ངུ་ཞིང་འདུགས་པས། ཅི་ལགས་ཞུས་པས། གཡུང་སྟོན་སྐད་ཟེར་བས་དེ་བས་ཀྱང་བློ་

(༢༩)མ་བདེ། སྤྱིར་བྱིས་པའི་དུས་ན་ཆོས་ཁོ་ན་བྱ་བར་དགོངས་ཀྱང་། ཉེ་ངུ་འབྲེལ་པ་རྣམས་ཀྱིས་བྱས་པ་དང་། གཙོ་བོར་ཡུམ་གྱི་བཅིང་ཏེ་ཆོས་སྒྲུབ་པའི་སྐབ་མ་བྱུང་། མའི་འདོད་པ་སྒྲུབ་ནས་བླ་མའི་ཞབ་རྟོགས་མཛད་དགོས་པ་བྱུང་སྟེ་གློ་བུར་དུ་ཆོས་ལ་འགྲོ་བའི་ཞུ་བ་བྱེད་མི་ནུས་པར་ཡོད་པ་ལ། ལན་ཅིག་གིས་ཚེ་བླ་མ་ཤིན་ཏུ་མོས་པའི་ཡོན་བདག་ཕྱུགས་པོ་ཅིག་ནད་གྱིས་བཏབ་དེ་བླ་མ་དེའི་སྔས་སྲུང་ལ་བྱོན། ཞགས་འགག་ནས་རང་གིས་གནས་སུ་ཕེབ་སྟེ། འདུས་བྱས་སྤྱི་ཡི་མཚན་ཉིད་མི་རྟགས་པ་ཡིན་པས་ཁོ་བོ་ཡིས་ཡོན་བདག་དེ་ཡང་ཤི། ལར་མི་རྒན་ངས་ཀྱང་མཐུ་སེར་མང་དུ་བཏང་དེའི་རྣམ་པར་སྨིན་པ་ཡང་རང་གིས་སྟེང་དུ་ཏོང་། ད་ང་ཆོས་ཅིག་བྱ་བར་འདོད། བུ་ཁྱོད་ཀྱིས་སློབ་མ་འདི་རྣམས་གྱིས་སྐྱོང་བྲན་གྱིས། ཡང་ན་ཁྱོད་སྙིང་རུས་ཅན་ཅིག་འདུག་པས་ཆོས་ཅིག་ཨེ་ནུས་ན་བོན་པོ་ངེད་གཉིས་ཀྱི་ཁྱོད་ལ་བརྒྱགས་བཀུར་ཟེར་བ་ལ། མི་ལའམ་སེམས་ལ་དགའ་བ་ཚད་མེད་པ་ཅིག་སྐོས་ནས་དེ་ཞུ་ངས་ཆོས་ཅིག་བྱེད་ནས་ཡོང་ཟེར། བོན་པོ་ཅན་དུ་སོང་ནས་

(༣༠)དྲིས་པས། དཔོན་སློབ་སྡིག་བཤགས་བྱའི་ཞུས་པས་བོན་པོ་ཡང་མོས་པར་བྱུང་ནས། འོ་སྐོལ་གཉིས་ཀྱིས་ཕྱིར་མི་དེ་ཙམ་བསད། སེར་བ་བཏང་ནས་སྲོགས་ཆགས་དཔག་ཏུ་མེད་པ་སོང་། ད་འོ་སྐོལ་གཉིས་ཀྱིས་སྡིག་བཤགས་ཆོས་ཅིག་གྱིས་དང་། གཡུང་སྟོན་དེ་གཉིས་ཀྱིས་རྒྱག་སྐུར་ཟེར་ནས། དེར་མི་ལས་གཡུང་སྟོན་གྱིས་ཀྱང་དེ་གསུང་བྱས་པས། འོ་ན་ད་སོང་གསུང་། བུང་བུ་ཅིག་དང་ཆོས་རང་རྩོ་གཉིས་བསྐུར། གཡུང་སྟོན་གྱིས་སྣམ་བུ་ཁྲོས་ཅིག་བསྐུར། ད་ཆོས་ལ་སུ་གྲགས་ཅུག་བྱེད་ཞུས་པས། ༈ འོ་ན། ཉང་སྟོད་གྱིས་བླ་མ་རང་སྟོན་ལྷ་དགའ་བྱ་བ་དེ་ཆོས་རྫོགས་པ་ཆེན་པོ་འཆད་པའི་གྲུབ་ཐོབ་ཅིག་བཞུགས་པ་དེར་སོང་ཅིག་གསུང་ནས་བྱོན། བླ་མ་དང་མཇལ། བོང་བུ་རང་ཙམ་རྣམ་ཁྲེ་དང་བཅས་པ་ཕུལ་ནས། བདག་ལ་སྡོད་ཀྱིས་ཕྱོགས་ནས་ཡོང་བའི་སྡིག་ཅན་ཅིག་ལགས། ཆོས་ཅིག་ཐུགས་ལ་འདོགས་པར་ཞུ་བྱས་པས། བླ་མ་རང་སྟོན་གྱིས་ཞལ་ནས། ཁྱོད་ཡོང་པ་ལེགས། ད་མ་ནོར་གདམ་ངག་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས་རྫོགས་པ་ཆེན་པོ་བྱ་བ་ཙ་བ་ཨོ་དོ་ལེགས་རྩེ་མོ་བྱུང་རྒྱལ་སྡོང་པོ་འདབ་རྒྱས་ནང་ཐོས་

(༣༡)པས་ནང་སངས་རྒྱས། ནུབ་ཐོས་པས་ནུབ་སངས་རྒྱས། ཁ་གསེར་དང་ཁ་གཡུ། བྱ་རྒྱ་འུར་རྡོ་ཅིག་གིས་འདོད་པ། སྤྲིན་ཕུང་རླུང་འཁོར་ཅིག་གིས་གཏོར་བ། མུན་ཁང་མར་མེ་ཅིག་གིས་འཇོམས་པ། རང་བྱུང་གིས་ཡེ་ཤེས་སངས་རྒྱས་རང་ལ་ངོ་སྤྲོད་པ། དབང་པོ་ཡང་རབ་སྐལ་ལྡན་གྱིས་ཆོས་བསྒོམ་མི་དགོས་སྟེ་ཐོས་གྲོལ་དུ་འགྲོ་བའི་ཆོས་དེ་ང་ལ་ཡོད་པའི་ཡིན་གསུང་སྐད། དེར་མི་ལའི་བསམ་པ་ལ་མཐུ་སེར་ལ་ཡང་ཞགས་མང་རེ་སྒྲུབ་དགོས་པར་འདུག་པ་ལ། ཆོས་འདི་དཔེ་ལས་ཀྱང་སླ་བ་ཅིག་ཡོད་པར་འདུག །སྒོམ་མི་དགོས་པར་འདི་ལྟ་བུ་དང་ཕྲད་ལུགས་ཀྱིས་བདག་ཀྱང་སྐལ་ལྡན་ཅིག་ཡིན་ཏེ་འོང་དགོངས་ནས་རྫོགས་ཆེན་ཞུས་ནས་ཉིན་མཚན་མེད་པར་སྐད་ཅིག་ཀྱང་མ་ཡོང་པར་སྙིང་རུས་ཆེན་པོ་བྱས་ནས་བསྒོམ་པ་ལ་བླ་མས་གཟིགས་པས། བླ་མ་འཇིགས་འུབ་སྟེ་སོང་སྟེ། ག་རེ་འདི་སྙིང་རུས་ཅན་འདི་འདྲ་ཅིག་འདུགས་པས། གེགས་འདྲ་བྱུང་ན་ཡང་ཟབ་མོད། ལར་ཡང་དད་པ་ཅན་ཅིག་འདུག་དགོངས་ཏེ། ཉིན་ཅིག་ཡིད་ལ་མེད་པར་ཁོ་དེ་འདིར་ཤོག་གསུང་ནས། ཁང་ཐོགས་དུ་མི་ལས་སྟན་གཏིང་པའི་སྟེང་ན་བླ་མ་

(༣༢)བཞུགས། མི་ལས་མདུན་དུ་བསྡད་པ་ལས་ཀ་པ་ལི་ཁ་མ་ཕྱེས་པར། མི་ལ་ལོང་ལ་ཕར་ཚུར་ལྟོས་དང་སུ་སྣང་ངམ་གསུང་། ཕར་ཚུར་ལྟས་པས་སུ་མི་སྣང་ལགས་བྱས་པས། ད་མི་ལ་འོ་སྐོལ་དཔོན་སློབ་གཉིས་གྲོས་ཡིན། ས་ཁ་སང་མང་པོ་བྱས་ཀྱང་ང་ཡིས་ཆོས་རྫོགས་པ་ཆེན་པོ་འདི་ལྟ་བ་མཐོ་བ་ནམ་མཁའ་དང་འདྲ་སྟེ། སྒོམ་པའི་ཉམས་མྱོང་གིས་ཙིས་མ་ཟིན། སྤྱོད་པ་ལ་ཐབས་ནག་དགུ་སྡུག་པ་ཅིག་འདུག་པས། ང་རང་ཡང་ཡིད་ཆེས་རྒྱུ་མེད་པས། ཇོ་མོ་ཁྲོ་གཉེར་མའི་ཟླས་པ་འདི་ལ་འབད་ཡིན་ཡོད་པ་ཡིན། ལར་ཆོས་ཉམས་སུ་ལེན་པ་འདི་ལ་བླ་མ་རྒྱུད་ལྡན་བྱིན་བརླབ་ཉམས་མྱོང་རྟོགས་པ་ཅན་ཅིག་དགོས་པ་འདྲ། འདི་སྡིག་པ་མེད་པ་ཅིག་གིས་ཆོས་ཡིན། ཁྱོད་ལ་སྡིག་པ་རྔམ་པོ་ཆེ་ཡོད་པས། ༈ ཉི་མ་ལྷོ་བྲག་གི་ཕྱོགས་ན་རྗེ་མར་སྟོན་ཆོས་ཀྱིས་བློ་གྲོས་བྱ་བ་རྒྱ་གར་གྱིས་བླ་མ་ན་རོ་པཎ་ཆེན་དང་མེ་ཏྲི་པའི་སློབ་མ་ཙ་རླུང་ཐིག་ལེའི་མན་ངག་གིས་སངས་རྒྱས་ལགས་བཅངས་སུ་གཏད་པ་ཐབ་ལུས་ལ་སྒྲིགས་པས་སེམས་སངས་རྒྱས་པ་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་ན་རོའི་ཆོས་དྲུག་ཞེས་བྱ་བ་སྟོན་པ་ཅིག་ཡོད་པར་

(༣༣)འདུག །ཁྱད་ཆོས་བསྲེ་བ་དང་འཕོ་བ་ཞེས་བྱ་བ་མཆོག་ཐུན་མོངས་གིས་དངོས་གྲུབ་ཐོབ་པར་བྱེད་པ་མཁྱེན་པ་རྣམ་ཐར་དང་ཁ་གླུ་དང་མི་འབྲལ་བ། ལགས་པ་གར་དང་མི་འབྲལ་བ། སེམས་ཏིང་ངེ་འཛིན་དང་མི་འབྲལ་བ་འོད་གསལ་རྒྱུན་པར་འཆར་བ་མཉམ་རྗེས་འདྲེས་པ་ཡོད་པར་འདུག་པས། ང་ཡང་དེར་འགྲོ་བསམ་པ་ཡིན་ཏེ་ཁོང་གིས་སྒོམ་དེ་དྲང་བུལ་ཅན་ཅིག་ཡོད་པར་འདུག་པས། ང་རྒས་ནས་སྲོང་རྩོལ་མི་ནུས་ཀྱང་བླ་མ་ལ་མོས་གུས་བྱས་པ་ནི་ཅི་གསུང་མཉན་ན་ཆོས་གཞན་ཆེ་བར་མི་དགོས་པར་དུས་ཚོད་ཅི་ཞིག་ཙམ་ན་གྲོལ་འགྲོ་བ་ཅིག་ཡོད་པར་འདུག་པས། པོ་རང་ཕ་སྤད་ཀྱང་དེར་འགྲོ་གསུང་། དེར་ཁོང་གིས་ཆོས་ལ་ཡིད་མ་ཆེས་རིང་པོར་སོང་སྟེ། ཨ་ཏོ་དཔོན་སློབ་ཁོང་རང་ཡང་ཡིད་མ་ཆེས་པའི་ཆོས་ལ། ངས་ཉམས་ལེན་བྱས་ཀྱང་ཕན་པ་མེད་བསམ་པ་ཅིག་བྱུང་། རྗེ་ལོཙྪ་ཆེན་པོའི་མཚན་བསན་པ་ཙམ་གྱིས་མོས་གུས་ཐུན་མོངས་མ་ཡིན་པ་སྐྱེས་སྤྱན་ཆབ་མང་དུ་བྱུང་། བདག་བླ་མའི་དེའི་དྲུང་དུ་ནམ་སློབ་སྙམ་དུ་གདུང་

(༣༤)བས་བཟོད་ཐབས་མེད་པར་གྱུར། བླ་མ་ལ་མྱུར་དུ་འབྱོན་པར་བསྐུལ་ནས་དཔོན་སློབ་གཉིས་བྱོན་དེར་སློབ་དཔོན་ལམ་དུ་སྙུང་སྟེ། སློབ་དཔོན་ན་རེ་མཁའ་འགྲོ་མ་དགའ་བའམ་ལས་འཕྲོ་མེད་དོ། བདག་མི་ཐོན་པར་འདུག་པས་ཚེ་ཕྱི་མ་ལ་སྨོན་ལམ་འདེབས་པ་ཡིན། ཁྱོད་རང་ཐེ་ཚོམ་མེད་པར་སོང་གསུང་འོ་ན་ཅུག་བྱེད་ལགས་ཞུས་པས། ཕྱག་བརྟེན་རྒྱུ་སྣམ་བུ་དཀར་པོ་བུབ་ཅིག་དང་དང་། བུ་རམ་རྐྱལ་པ་ཅིག་གྲོ་ཕྱེ་བསྐུར་བས་སོང་ནས་དྲག་གསུང་ནས། ཁོང་གི་དེ་རྣམས་ཀྱི་སྟེང་དུ་རྫོགས་ཆེན་པོ་ཏི་བཞགས་ནས་ཁུར་སོང་སྟེ། ཆུ་ཁ་ཅིག་ཏུ་ལྷམ་ཕུད་ནས་སོ་དི་སྟེང་དུ་ཡིད་ལ་མེད་པར་བཞགས་ནས་འགྲོ་ཡིན་ཡོད་ཙ་ལམ་དུ་བུ་ཚ་འགའ་དང་ཕྲད་པས་ཁྱོད་ཆོས་ཀྱིས་སྟེང་དུ་ལྷམ་ཁུར་བ་ཅུག་ཡིན་ཟེར། ཁོང་སྐྱིང་ཏེ་ང་ཐགས་རིང་པོ་བས་ཡོང་པས་དབང་པོ་མེད་པས་ལེན་པ་ཡིན་གསུང་པས། ད་གར་འགྲོ་ཟེར། ལྷོ་བྲག་མར་པའི་དྲུང་དུ་ཆོས་ཞུ་བ་ལ་འགྲོ་བས་གར་བཞུགས་ཨེ་ཤེས་བྱས་པས་སུ་ཡིན་ཟེར་ཅིག་ན་རེ་ཨ་ཁུ་བློ་གྲོས་ན་ནིང་བརྒྱ་གར་དུ་སོང་བ་དེ་ལ་ཟེར་བ་ཨེ་ཡིན་ཟེར་

(༣༥)རོ། འོད་དེ་གང་ཡིན་གཞལ་སྟོན་བྱས་པས་ཕ་ཀི་འཕྲུ་བྱེད་པ་དེ་ཡིན་ཟེར་སྐད། དེ་ནས་བུ་ཙ་རྣམས་ཀྱིས་སླབ་པའི་ལམ་དེ་ལ་སོང་། དེར་དྲུང་དུ་ཕྱིན་ཏེ་སྔགས་རྒན་ཚོན་པོ་བོང་རྐེ་རིང་བ་རཀྵའི་ཕྲེང་བ་རིང་པོ་མགུལ་དུ་འཁྱུད་ནས་སྤང་རྐོ་ཡིན་འདུག་པ་དང་མཇལ། ཐེ་ཚོམ་པས་འཕྲིན་ཅིག་ཞུ་དགོས་ལགས། འདི་ན་མར་པ་ལོཙྪ་བྱ་བ་ཅིག་བཞུགས་ཟེར་བས། དེ་དང་ལན་ཅིག་མཇལ་བར་ཞུ་གྱི་བྱས་པ་ལ། བླ་མས་སྤང་ལ་རི་མོ་ཅིག་བྱས་ནས་འདི་ཚུན་ཆ་དེ་རྐོས་དང་ངས་ཕྲིན་བྱའོ་བ་སུང་ནས། བླ་མ་དམ་པའི་གདམས་ངག་གིས་རྩ་ཁང་དབུས་མར་སྡུས་བྱས་སྟེ། ཉོན་མོངས་ཀྱི་ཐལ་བ་འདུལ་ལགས་ནས། འབྲས་བུས་མྱུར་དུ་སྨིན་ཏེ་མཆིས། ཅེས་གསུང་སོ། མི་ལས་སད་པོ་མ་གོ་སྟེ་དེ་བར་སྐོས་པ་ལ་བླ་མ་མགུ་ནས་རྣལ་འབྱོར་པ་ལས་ཡོང་བ་ཅིག་འདུག་གསུངས་སོ། ད་ཕྲིན་ཞུ་བྱས་པས། ཡང་སྤང་ལ་རི་མོ་ཅིག་མཛད་ནས་འདི་བར་རྐོས་དང་ངས་ཕྲིན་བྱའོ་གསུངས་སོ། རྒྱུད་ལྡན་བླ་མའི་བྱིན་རླབས་གྱིས། སེམས་ཉིད་ལྷུབ་པའི་ངོ་བོར་གནས། དྲག་པས་ཐལ་བ་འདུལ་ལགས་ན། སྟོན་ཐོགས་

(༣༦)འབྲས་བུ་མྱུར་དུ་སྨིན། ཞེས་གསུང་པ་ལ། མི་ལའི་བསམ་པ་བན་རྒན་ཁས་གླས་བྱེད་པ་ཅིག་འདུག་སྙམ་པ་བྱུང་སྐད། དེ་ནས་བླ་མས་བོང་བའི་སེབ་དུ་ཆང་ཐོ་ལོམ་ཆེན་པོ་ཅིག་གིས་གང་བྱུང་བ། དང་པོ་ཁོ་རང་གི་ཐོད་པ་ཆེན་པོ་ཅིག་གསོལ། དེ་འཕྲོ་ཁོང་ལ་བྱུང་པས་མི་ལ་ཐང་ཆད་པས་འཇང་པ་ལ་ངོམ་ཚད་ཅིག་བྱུང་སྐད། བདེ་བ་ཆེན་པོ་ཆང་གིས་དངོས་ཡང་དག་དོན་ཆེན་གསང་བ་འདི། ཡང་དག་གིས་ཐལ་བ་འདུ་ལགས་ན། སྟོན་ཐོགས་འབྲས་བུ་སྨིན་ཏེ་མཆིས། ཞེས་གསུང་པ་ལ། མི་ལས་ཀྱང་། ཆོས་ཚིགས་སུ་འདུག་སྟེ། བན་རྒན་ཆང་གིས་གཟི་ནས་ཅི་ཟེར་མ་ཚོར་བ་ཡིན་སྙམ་པ་བྱུང་སྐད་། དེའི་དྲུང་དུ་རྗེ་མར་པས་མི་ལ་ཕྱག་རྒྱ་ཆེན་པོ་རབ་འབྲིང་གིས་ཆོས་སྐོམ་ཁྲིད་བྱས་པ་ཡིན་ཏེ་མ་གོ་བར་འདུག་སྐད། དེ་ཡང་རི་མོ་གཉིས་མཛད་དེ་ཞབས་རྟོགས་གིས་དཀའ་སླས་ཅིག །དེའི་རྗེས་ལ་ཆང་ངོམ་ཚད་བླུད་པ་དེ་ནི་དངོས་གྲུབ་ཉམས་རྟོགས་བློ་བུར་དུ་ཤུགས་འབྱུང་སྐྱེ་བའི་བརྡའོ། དེ་ནས་བླ་མས་མི་ལ་ལ་ད་རྣལ་འབྱོར་པ་ཁྱོད་དེར་སྡོད་དང་ངས་འཕྲིན་བྱའོ་གསུང་ནས། སྟ་མོ་དང་སིལ་པོ་

(༣༧)མི་ལ་ལ་ཁུར་བཅུག་ནས་བན་རྒན་ཁྲིམ་དུ་གཞུད། མི་ལ་དེར་བསྡད་པས། ཇོ་མོ་འབོད་བྱུང་ནས་ཤོགས་གསུང་སྟེ། ཁྲིད་ནས་ཁྱིམ་དུ་ཕྱིན་ཙ་ན། ད་ཅིའི་སྔགས་རྒན་དེ་འབོལ་དང་བྲུམ་རྩེ་སུམ་བཅེག་གིས་སྟེང་དུ་དབྱི་ཐུལ་དང་ཕྲུག་འཕྱམ་སྤྲུག་མ་གསོལ་ནས་སུང་ངེ་བཞུགས་འདུག །དབྱངས་སྐད་ཆུང་ངེ་བ་ཅིག་ལེན་ཕྱག་ནམ་མཁའ་ལ་ཡུག་ཡུག་མཛད་སྤྱན་བར་སྣང་ལ་ལོགས་གོ་གཟིགས་འདུག་པས། བལྟས་ཙ་སྙན་གྱིས་ནང་གིས་རྫུ་འཕྲུལ་རྣམས་མ་ཕྱིས་པར་ཆོ་མོ་འདུག །སྔར་མཇལ་དུས་ངོ་མ་ཤེས་པ་ལ་ཅུང་གནོང་པར་གྱུར་པ་ལ་སྔར་ངས་ངོ་མ་ཤེས་པ་བཟོད་པར་མཛད་པར་ཞུ་བྱས་པས། ཁྱོད་མི་དགོས་རྔོག་སྟོན་ལ་སོགས་པས་ཀྱང་ངོ་མ་ཤེས་པ་ཡིན་གསུང་། དེར་ཕྱག་འཚལ་སྟེ་བུར་སྐྱལ་དང་སྣམ་བུ་དཀོར་ཕྱག་རྟེན་དུ་ཕུལ་ནས། བདག་ལ་སྟོད་གྱིས་མང་ཡུལ་གུང་ཐང་བྱ་བ་ནས་ཡོང་པའི་སྡིག་པོ་ཆེ་ཅིག་ཡིན་ལགས། ལུས་ངག་ཡིད་གསུམ་འབུལ། ལྟོ་གོས་ཆོས་གསུམ་ཞུ་ཞུས་པས། ཞལ་འཛུམ་འཛུམ་མཛད་ནས་སྡིག་པོ་ཆེ་སྡིག་པོ་ཆེ། སྡིག་པ་ངས་སོགས་བཏང་བ་ནི་མོན། ཆོས་

(༣༨)དགོས་ན་སྦྱིན་གྱིས་ལྟོ་གོས་གཞན་ནས་ཚོལ་གསུང་། ཡོང་ལུགས་རྣམས་གསུང་གླིང་བྱུང་བས་རོང་སྟོན་དེ་བཟང་པོ་ཅིག་ཡོད་པར་འདུག །གཞན་ཡིན་ན་ཁྱོད་གཏང་མི་སྟེར་གསུང་སྐད། དེ་ནས་དུས་ཚོད་སྟོན་ཡིན་པས་ཕྱིར་ནང་ནས་ལྷོ་བྲག་ཕུ་མདའ་ན་གླུ་ལེན་ཅིང་བསོད་ནམས་སྙོམ་མཛད། ཉིན་ཅིག་བུད་མེད་ཅིག་ན་རེ་ཁྱོད་ཀྱིས་གླུ་སྐད་དེ་འདྲ་དུ་ཤེས་ཟེར་བས་ཅི་ཙམ་དགོས་པ་ཤེས། ང་མི་ལ་ཐོས་པ་དགའ་བྱ་བ་དེ་ཚེ་སྟོད་མི་ཚེ་གླུ་ལ་སྐྱལ་བས། གླུ་མཁས་པ་སྙན་པ་དེ་གྲོ་འགྱུར་བདེ་བ་ལ་ང་འདྲ་བ་མེད། ང་ཡིས་གླུ་སྐད་ཐོས་བས་ཕོ་མོ་རྒན་གཞོན་ཐམས་ཅད་དགའ་སིང་སིང་ཡོང་བས་ཐོས་པ་དགའ་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་བྱས་པས། མོ་ན་རེ་འོ་ན་ཁྱོད་དེ་རིང་ཉིན་ཕྲིལ་ལེ་གླུ་ལོང་ཅིག །ངས་ང་རང་གིས་ཞིང་སྐལ་གྱིས་ཐོག་གིས་སུམ་ཆ་སྟེར་ཟེར་བས། དེར་ཉིན་ཅིག་གླུ་སྐད་བརྒྱ་བླང་པས་དེས་ཀྱང་བྱིན་པ་དང་། གཞན་བསོད་སྙམས་བྱས་པས། ནས་མཁལ་ཉི་ཤུ་རྙེད་པའི་ཁལ་བདུན་གྱིས་ཟང་ལུང་བཞི་པ་ཅིག་ཉན་ཐོས། མཁལ་དྲུག་མི་ལ་བཙོལ། མཁལ་བདུན་ཟང་དང་བཅས་པ་ཁུར་ནས་བྱོན་

(༣༩)གཟིམ་ཁང་ཐོགས་སུ་ཕོག་པས་ཐོག་གཡོས་ཏེ། བླ་མས་ཤེད་ཆེན་པོ་འདུག་སྟེ་ཐོགས་བརྡིབ་ནས་བསོད་སྙམ་པ་ཨེ་ཡིན། ཁུར་ཚ་ཕྱིར་ཐོན་གསུང་། ཐུགས་ལྟ་བུ་སྙམས་པའི་ལོགས་རྟ་ཅུང་ཟད་ཀྱང་མ་སྐྱེས་ཏེ་ཕྱག་འཚལ་ནས་ཟང་ཕུལ་བས། རྟེན་འབྲེལ་བཟང་སློབ་མ་སྣོད་ལྡན་ཡོང་ཟང་འདི་རིན་པོ་ཆེ་ལ་ཁ་དོག་དམར་བས་ཆོས་པ་ཅིག་ཡོང་བར་འདུག །ཕྱིའི་མདོག་ནག་པས་ཁྱོད་རང་ཕྲལ་ལས་སྡུག་གེ་བ་ཅིག་ཡོང་བར་འདུག །ཁྱོད་ཀྱིས་ལུས་ངག་ཡིད་གསུམ་དབང་བ་ཡིན། ཡོ་ཏི་དཱི་ངའི་ལྷ་ཁང་དུ་མ་ཁྱེར། ངའི་ལྷ་ལ་ཚོམ་ས་ཡང་གསུང་པས། འདི་ལ་ཙིས་ཆུང་ཟིན་སྙེ་ཟང་དེ་ཕུལ་བས་ཤིན་ཏུ་མཉེས་ནས་སྦ་བེར་གྱིས་ཟང་ལ་རྒྱབ་ཡིན་ཕྱིང་མེད་པར་གཟིགས་ནས། བཟང་བཟང་འབུལ་བ་འདི་རང་བཟང་། ཟང་འདི་ཚོ་རྒྱུ་མེད་པས་ནང་དེ་མནོག །ལུང་བཞི་ཡོད་པས་ཕྱོགས་བཞི་ཁྱབ། སྐད་བཟང་བས་སྙན་པ་ཆེ། ཕྱི་དྲགས་པ་མེད་པས་དགེ་སྡིག་དམ་ཚིག་གཙང་། ནང་འདི་དམར་བས་མཁའ་འགྲོ་འདུ། རྒྱུ་བཟང་བས་རྒྱུད་པ་ཇོ་བཟང་ལ་འགྲོ། ཁྱེད་ཀྱི་ངེ་ལ་འབུལ་དུས་དེར་ནང་དུ་ནས་འབྲུ་མ་བཏབ་པས་ཆོས་བརྒྱག་དཀོན་

(༤༠)མོ་ཡོང་ཏེ་མཆིས། ལྟོག་གྲིར་ཡང་ནི་མི་མཆི་གསུང་། འོ་ན་ད་ནས་ཀྱི་དགོང་ནས་འབུལ་ཞུས་པས། ད་ཕར་གནོད་མེད་གསུང་ནས་དེ་ཇོ་མོ་ལ་ཕུལ་བས་ཤིན་ཏུ་མཉེས་ཏེ། བླ་མ་རྔོག་གཞུང་པ་དང་། མོས་སྟོན་དང་། ཚུར་སྟོན་དབང་དེ་ལ་སོགས་པ་སྒྲ་ཆེ་འབུལ་བ་ཡང་ཆེ་སྟེ། ང་ལ་མི་ལའི་འབུལ་བ་འདི་རང་སྐབ་ལ་བབ་པར་བྱུང་གསུང་། ཁྱོད་ལ་མཐུ་ཆེན་པོ་ཡོད་ཟེར་ཡིན་འདུག་པས། ང་ལ་དབུས་གཙང་གིས་སློབ་མ་འགའ་རེ་ཡོང་བའི་དེ་ལ་གསང་སྔགས་སྡོད་པའི་མི་ངན་གྱིས་བཅོམ་ཏེ་མགོ་མ་ཐོན། གྱོད་དེར་སོང་ལ་སེར་བ་ཕོབ་ལ་ཤོག་གཅིག་དེ་ནས་ཆོས་སྦྱིན་གསུང་། དེར་མི་ལས་བླ་མའི་གསུང་བཞིན་སེར་བ་ཕོབ་སྟེ་བླ་མ་མཉེས་ནས་མིང་མཐུ་ཆེན་བྱ་བར་བཏགས། ད་ཆོས་ལ་ཐུགས་འདོག་པར་ཞུ་ཞུས་པས། ཁྱོད་སེར་རྟོག་གསུམ་ཕབ་པ་ལ། ངས་རྒྱ་གར་ནས་དཀའ་བ་སྤྱད་དེ་བཙལ་བའི་ཆོས་རང་ཨེ་ཡོང་ངམ་གསུང་། ཁྱོད་ལས་རོམ་པ་ཅིག་འདུག་པས། ངའི་ཇོ་སྲས་དར་མ་མདོ་སྡེ་འབོག་པའི་མཁར་ཅིག་རྩིག་དགོས་གསུང་ནས། ཞབས་རྟོགས་སྡུག་བསྔལ་བྱས་པས་སྒྲིབ་པ་ཅིག་འདག་ལ། བླ་མ་མཉེས་

(༤༡)པས་ཚོགས་གཉིས་རྫོགས་པའི་ཆད་དུ་ཤར་ཕྱོགས་སུ་མཁར་ཟླུམ་པོ་ཅིག་གཙིགས། ང་འཁྲུལ་ཟིན་བཤིག་གསུང་། ལྷོ་ཕྱོགས་སུ་མཁར་སོགས་ཀ་ཅིག་གཙིགས། ཡང་དང་འཁྲུལ་ཟིན་བཤིག་གསུང་ཏེ། ས་ཚོ་ས་མལ་རྡོ་ཚོ་རྡོ་མལ་དུ་སྐྱེལ་བཅུག །ཡང་ནུབ་ཕྱོགས་སུ་མཁར་ཟླ་གོ་ཅིག་གཙིགས་སྟེ། འདི་ཡང་ཁྱི་ཚང་འདྲ་བ་ཅིག་བྱུང་བཤིག་གསུང་། སྔགས་པའི་མཁར་དེ་གྲུ་གསུམ་པ་ཅིག་དགོས་པ་ཡིན་གསུང་། བྱང་དུ་མཁར་གྲུ་གསུམ་པ་ཅིག་ཙིག་སྟེ་རྩིགས་ཟིན་པ་དང་བཤིགས་ཟིན་པ་མཛད། དེའི་དུས་སུ་མཐུ་ཆེན་གྱིས་སྐུ་སྡོད་ལ་སྒལ་པ་ཆེན་པོ་བྱུང་བས། ཇོ་མོས་ཞགས་འགལ་ངལ་བསོ་བཅུགས་ནས། མི་ལ་སྒལ་པ་ཡོང་བ་ཚོར་མ་མྱོང་ཞུས་པས། ཁྱོད་མ་ཚོར་བའི་ལས་ཚམ་པ་མེད། སྒལ་ཁང་བྱེད་པས་ཆོག་གསུང་སྟེ། སྒལ་ཁང་བྱས་ནས་ས་འགགས་དམ་པོ་ཅིག་ཏུ་མཁར་གྲུ་བཞི་པ་ཅིག་ཙིགས་པས། ཕ་སྤུན་རྣམས་ན་རེ། འདིར་རྩིགས་པས་མི་ཡོང་སྲུང་དགོས་ཟེར་བ་ལ། ལ་ལ་ན་རེ། ཙིག་ཀྱང་ཁོང་རང་གིས་བཤིག་གཏོང་ཟེར། མར་པ་སྨྱོ་ནས་བན་ཆུང་ལས་རེམ་པ་དེ་གསོད་པར་འདུག་ཟེར། དེ་ནས་མཁར་

(༤༢)གྱིས་ཐོག་ཕལ་ཆེར་ཚར། མི་ལའི་སྐུ་སྨད་ལ་ཡང་སྒལ་པ་བྱུང་། བླ་མའི་ཞལ་ནས་མཁར་ལ་མདོ་འཁྱམ་མེད་པར་ཅི་མི་རུང་གསུང་སྟེ། མདོ་འཁྱམ་ཀ་བ་སུམ་བཅུ་སོ་དྲུག་པ་ཅིག་གཙིགས། མི་ལས་རྡོ་ཁུར་རེ་སྐྱལ་ཡིན། བླ་མས་ཐེགས་པ་ཐུན་མོང་གིས་ཆོས་མཐུན་རེ་གནང་། དགེ་གཉེན་མཛད་མཚན་རྡོ་རྗེ་རྒྱལ་མཚན་བཏགས། ལན་ཅིག་མི་མང་པོས་དབང་བསྐུར་ཞུ་ཟེར་ཡིན་ཚོགས་པར་འདུགས་པས་བདག་ལ་ཡང་འདི་རྣམས་གྱིས་ཟླ་ལ་དབང་ཅིག་ཐུགས་ལ་འདོག་པར་ཞུས་པས། ཁྱོད་ལ་དབང་ཁྲལ་ཨེ་ཡོད་གསུང་པས། ཇོ་མོའི་རྩར་སོང་བས་མར་སྐྱལ་ཅིག་བཀུར་བ་དེ་ཁྱེར་ནས་བདག་གིས་དབང་ཁྲལ་འདི་ལགས་ཞུས་པས། འདི་ཁྱོད་ལ་གང་ནས་བྱུང་གསུང་། འདི་ཇོ་མོས་གནང་བ་ཡིན་ཞུས་པས། འདི་ང་རང་གིས་མར་དུ་འདུག་པས། ཁྱོད་ཀྱིས་དབང་ཁྲལ་མི་ཡོང་གསུང་ནས་མ་གནང་བ་དང་། ཡིད་སྐྱོ་རྟིང་པ་ཅིག་བྱུང་། ཇོ་མོའི་རྩར་སོང་བས་སློབ་དཔོན་ཅི་དགོངས་མི་ཤེས་པས་ཁྱོད་ཡིད་མ་ཆད་གསུང་ནས། བདེན་བསམ་ན་ཡང་མཁར་ལེན་གྱིས་ས་རྡོ་བསྐྱལ་བསྐྱལ་བས་དུབ་ཅིང་ངལ་བསོས་ཙ་དབང་སོ་ཤོར་

(༤༣)ལ་ཁད་པ་བྱུང་། ཉིན་ཅིག་གིས་ཚེ་བླ་མ་རྔོག་གཞུང་པ་ན་རེ། མང་པོ་མཐུ་ཆེན་འདིར་སྡོད་པ་ལ་རིང་རྒྱུ་མེད། ངེད་ཡུལ་དུ་རིང་རྒྱག་ཆད་པ་ལ་ཉེ་བས། དེ་དཔོན་སློབ་སྔོན་ལ་ཆོས་ཞུ། ཁོད་དལ་གྱིས་མཛོད་ཅིག་ཟེར་བ་ལ། མི་ལ་ན་རེ། ཁྱོད་ཡུལ་དུ་འགྲོ་འདོད་དེ་ང་ཡང་སངས་རྒྱས་ཐོབ་རིང་། ང་ཡིས་སྒལ་པ་འདི་ལ་ལྟོས་དང་གསུང་སྐུ་རྒྱབ་བསྟན་པས་རྔོག་སྤྱན་ཆབ་བྱུང་ངོ་། དེ་ཙ་ན་བླ་མ་ཆེན་པོའི་ཕ་སྤུན་རྣམས་ན་རེ། ད་མཁར་མི་བཤིག་པར་འདུག །དམགས་བྱེད་པས་དྲག་ཟེར་ཏེ། དམག་གིས་བསྐོར་བ་ལས་བླ་མ་ཆེན་པོས་སྤྲུལ་པའི་དམགས་མང་པོས་བཀང་སྟེ་དོད་པ་ཤིན་ཏུ་སྐྲགས་ཅིང་བྲོས། མར་པ་ལོཙྪ་ལ་དམགས་དེ་ཙམ་གང་ནས་བསྐུལ་ཟེར་བ་བྱུང་། མདོ་འཁྱམས་ཡང་འཁྱང་སྟེ། དེ་ཙམ་ལ་མི་ལའི་སྐུ་རྐེད་ལ་རྒལ་པ་བྱུང་། རྒལ་མིག་ཆེན་པོ་གསུམ་ནས་སྣ་ཁྲག་མང་དུ་འཛག་ཀྱང་། ཆོས་ཀྱི་ཕྱིར་ཀ་བ་དང་དུ་ལེན་པའི་བཟོད་པའི་གོ་ཆ་ཆེན་པོ་མཛད། བདག་གིས་བསྐལ་པ་མང་པོར་བསགས་པའི་སྡིག་སྒྲིབ་ཐམས་ཅད་འདིས་འདག་པར་འགྱུར་རོ་དགོངས། དེའི་

(༤༤)བར་ཡུམ་བདག་མེད་མས་བྱམས་པར་མཛད། ནང་ནུབ་ཉིན་གསུམ་པོར་དུས་ལ་མ་ཡོལ་བ་དང་། ཆང་གཟི་མོར་རེ་བ་མ་ཆང་བར་བྱས་ཞལ་ནས་ཀྱང་། བུ་སློབ་གཞན་དང་ཁྱོད་མི་འདྲ་བས་ཐུགས་ལ་མི་འདོགས་པ་ལྟར་འདུག་ཀྱང་། འོན་ཀྱང་ལོག་ལྟ་མ་བྱེད། ངས་ཀྱང་ཆོས་ཀྱི་ཞུ་བ་བྱ་ཡིས་གསུང་། ཁོང་སྐུ་ལུས་ཀྱིས་སྟོབ་གཞན་དང་མི་འདྲ་བས་གཞན་མ་སུས་ཀྱང་མི་ཐེགས་པའི་རྡོ་ཁུར་སྟེ་དེང་སང་ཡང་མི་ལའི་གྱད་རྡོ་བྱ་བར་གྲགས་པ་ཡོད། ངས་མཁར་འདི་མཚན་བཙིགས་པ་ལ། རྡོ་ལགས་མགོ་ཙམ་ཅིག་གམ། འདམ་པ་ཁོམ་གང་ཙམ་འམ། ཤིང་ལགས་ངར་ཙམ་ཅིག་འཇོགས་པའི་རོགས་ནི་མེད། ད་ཆོས་གནང་སྟེ་འོང་དགོས་པ་ཡང་བྱུང་། ལེན་ཅིག་བླ་མ་རྔོག་དཔོན་སློབ་ཀྱི་རྡོར་གྱིས་དབང་མོ་ཆེ་ཞུ་བྱུང་བས། ཡུམ་གྱིས་ཞལ་ནས་ད་ལེན་དེ་ཁྱོད་ཀྱིས་དབང་ཅིག་ཨེ་ཐོབ་ལྟ། མར་ཧྲིལ་ཅིག་སྣམ་བུ་གསུམ་གནང་ནས་དབང་ཁྲལ་བྱེད་པ་ལགས། བདག་ལ་ཡང་དབང་ཐུགས་ལ་འདོག་པར་ཞུ་ཞུས་པས། ཁྱོད་ལ་འདི་རྣམས་གང་ནས་བྱུང་གསུང་། ཡུམ་གྱིས་གནང་བ་ལགས་ཞུས་པས། འདི་ང་ལ་ཡོན་བདག་ཚོས་ཕུལ་

(༤༥)བའི་མར་དུ་འདུག །འདི་ཡོན་བདག་ཚོས་ཕུལ་བའི་སྣམ་བུར་འདུག །ཁོ་བོའི་དངོས་པོ་ཁྱོད་ཀྱིས་དབང་ཁྲལ་དང་ཕྱག་རྟེན་མི་ཡོང་། གསང་སྔགས་ཟབ་མོའི་དབང་ཁྲལ་དུ་མ་སྡོད་སྒོར་སོང་གསུང་། དེར་མ་དགྱེས་སྟེ་ཡལ་གྱིས་བཤུམ། ཡུམ་གྱིས་ཚོགས་བསྐལ་དང་ཆང་སྐྱལ་བུ་ཁྱོད་མ་ངུ་དང་ཅི་ཞིག་ལྟར་ན་ཆོས་ཐོས་པ་ཅིག་ཡོང་གིས་གསུང་། ནང་པར་ཤོག་གསུང་ཆོས་གནང་བ་ཨེ་ཡིན་སྙམ་ནས་བྱོན་པས་མདང་དབང་མ་བསྐུར་བས་ང་ལ་སྙིང་ན་བ་མ་བྱུང་གསུང་། བླ་མ་ལ་སྙིང་ན་བདག་ནས་ཡོང་སྟེ་ང་རང་ལས་ངན་གྱིས་སྒྲིབ་པ་ཆེ་བས་ལེན་སྙམ་ནས་བཤུམ་པས། ང་ལ་ངུ་ཤག་བྱེད་པའི་ཁྱོད་ལ་ཡུས་ཅི་ཡོད་པ་ཡིན་གསུང་ནས་འགྲམ་ལྕགས་ཅིག་བརྒྱབ་དེ་ཕྱིར་བཏང་། དེར་ཐུགས་དགོངས་ལ་འདོད་པ་ཆོས་ཅིག་འདོད་ཀྱང་གནང་དུ་མི་བཞེད་པར་འདུག །ངས་མཐུ་སེར་བྱས། མི་མང་པོ་བསད་པ་དེས་ལེན། ད་ཆོས་མེད་ཀྱི་མི་ལུས་ཅི་བྱེད། ལྕེབ་པ་རང་གྲགས་སྙམ་པ་བྱུང་། ཇོ་བོ་ལ་ཞུས་པས། ཇོ་མོས་ལྷན་ཅིག་སྐྱེ་སྦྱོར་ཅིག་གནང་བས་སེམས་ལ་ཕན་པ་ཅིག་བྱུང་། དེ་

(༤༦)ནས་མཁར་ལེན་བྱེད་ཡིན་ཡོད་པ་ལ་ཇག་པ་ཡོང་ནས་བླ་མའི་འབུལ་སྐྱེལ་བ་བཅོམ་པས། ཁྱེད་འདི་ལ་སེར་བ་ཅིག་ཕོབ་དང་། ངས་གདམས་ངག་གཏེར་གསུང་པས། སེར་བ་ཕབ་པ་ཇག་པའི་ཡུལ་ཁམས་ཐམས་ཅད་བཤིག །ཇག་པ་ཤི་བས་ད་གནང་བར་ཞུ་ཞུས་པས། མི་བསད་པའི་རྔན་པ་ལ་གདམས་ངག་སྟེར་མི་རུང་བས། འོ་ན་ད་རེས་དེ་ང་རང་ཡང་འགྲོ་ཞུས་པས། དེ་སོང་གསུང་། ཇོ་མོ་ལ་ཡང་འགྲོ་ཞུས་པས། ཇོ་མོས་བླ་མ་ལ་ཞུས་པས། འོ་སྐོལ་ལ་འདིས་ལས་དང་མཐུ་དང་ཕན་འདི་ཚན་ཅིག་བཏགས་པ་ལ་འདི་ལ་གདམས་ངག་མི་སྟེར་བར་གཏོང་བ་སློབ་དཔོན་ཁྲེལ་མེད་བྱེད་པ་ཨེ་ལགས་ཞུས་པས། ཁོ་བོའི་ལུས་ངག་ཡིད་གསུམ་ང་ལ་ཕུལ་ནས་ཡོད་པས། སོང་ཡང་སྐྱིད་མི་ཨའུ་ཡོང་གསུང་པས། ཇོ་མོས་སློབ་དཔོན་ཁྲེལ་མེད་བྱེད་པ་རེད་ཟེར་ནས། གྲོ་ཕྱེ་གྲོ་མིག་དང་བཅས་པ་བསྐུར་ནས་བཏང་ཙ། དེ་ནུབ་བྲག་གཅིག་གིས་ཙ་ན་ཉལ་ཙ་ཁ་བ་འདོམ་པ་གང་བབས་ནས་འདུགས་པས། ཚ་བ་བྱེད་པའི་མེ་ཤིང་དང་སྒྱེད་པུ་ཚོལ་བ་དང་། ཀ་རེ་ཀོ་ར་མང་དུ་བྱེད་ལ་ཐུགས་ཐུགས་པས། ཚ་བ་ཚར་ཙ་རྗེས་

(༤༧)གྱིས་གང་འདུག་པས་བསམ་བློ་མང་དུ་སྐྱེས་ཏེ་ང་ཅིག་སུ་ཡིན། ཙམ་པ་ནི་བཏག་པ་ལ་ཡོད་པ་ལ། ད་ནང་ཚ་བ་ཅིག་བྱེད་པ་ལ་རྗེས་འདི་ཀ་ཙམ་བྱུང་བས། དེ་སྔའི་ལས་དེ་རྣམས་ཀྱང་ཕྱེད་བླ་མའི་ཡིན་ཡང་ཕྱེད་ང་རང་གིས་ཟ་མའི་གཡོག་རེད། བླ་མས་ཐུགས་ལ་མ་བཏགས་ཀྱང་ཇོ་མོས་དེས་ཐང་ཆད་པའི་དུས་སུ་ཡང་ཟན་བྱ་ན་ཅན་འགྲགས་པ་རེ་དང་། སྐོམ་གཟི་བ་རེ་ཕྲོད་པར་བྱས་པས་དྲིན་ཆེ། འགྲོ་པ་ཡང་རིག་པོ་ཅིག་ཀྱང་མེད། བླ་མ་འདི་འདྲ་བའི་བླ་མ་གདམས་ངག་ཡོད་པ་ཡང་མ་ཚོར་སྙམ་པ་བྱུང་ནས། ཁ་བ་ལ་མ་ཐོན་པ་དང་ལོགས་ནས་ཡོང་སྟེ། ཇོ་མོ་ཤིན་ཏུ་དགའ་བར་གྱུར་ནས། ཁྱོད་ཡོང་བ་ལེགས་བླ་མས་ཡུན་རིང་ན་གདམས་ངག་ཀྱང་ཨེ་གནང་ཟེར་སྟེ། ཇོ་མོས་བླ་མ་ལ་མཐུ་ཆེན་གྱིས་འོ་སྐོལ་བློས་མ་ཐེང་ནས་ཡོང་འདུག་པས། ད་གདམ་ངག་གནང་བར་ཞུ་ཞུས་པས། འོ་སྐོལ་བློས་མ་ཐེང་བ་མིན། ཁོ་རང་བློས་མ་ཐོང་ཡིན་། ད་ངའི་མཁར་ཙིགས་རོགས་གྱིས་དང་གདམས་ངག་སླ་ནས་འོང་གསུང་ནས་ཙིགས་ཡིན་ཡོད་ཙ་ན། ཞགས་འགའ་ནས་དོལ་གྱིས་ཚུལ་སྟོན་དབང་ངེ་

(༤༨)དཔོན་སློབ་རྡོ་རྗེ་བདེ་མཆོག་འཁོར་ལོའི་དབང་ཞུ་བྱུང་བས། ཡུམ་ན་རེ། ད་རེས་ཁྱོད་དབང་ཅིག་བྱ་དགོས་གསུང་ཏེ། གཡུ་ཅིག་གནང་ནས་དང་པོ་ཁྱེད་རང་གིས་ཞུས། དེ་ནས་ངས་ཞུ་ཡིས་གསུང་། གཡུ་ཕུལ་ཏེ་བདག་ལ་ཡང་དབང་ཐུགས་ལ་འདོག་པར་ཞུ་ཞུས་པས། ཁྱོད་ལ་གཡུ་འདི་གང་ནས་བྱུང་གསུང་། ཡུམ་གྱིས་གནང་བ་ལགས་ཞུས་པས། བདག་མེད་མ་བསོ་ལ་ཤོག་གསུང་། ཕེབ་པ་དང་འོ་ལྕགས་ལ་གཡུ་འདི་གང་ནས་བྱུང་གསུང་། ཡུམ་ན་རེ། གཡུ་འདི་བླ་མ་ལ་ཡང་ཐུགས་རྒྱུས་མེད། ཤུད་པ་ལ་སོགས་པའི་མི་ཆེན་ཀུན་དཔང་པོར་བཞགས་ནས། ང་ལ་གཡུ་འདི་མས་ལྐོག་དུ་བྱིན་ནས་བླ་མ་ཡང་ཐུགས་གཏི་མུག་པོ་ཅིག་ཡོད་པར་འདུག །གལ་ཏེ་བྱེ་བྲལ་དུ་སོང་བའི། ཞབས་རྟོགས་བྱེད་པའི་སྐལ་བ་ཅན་དུ་མ་སོང་ན། ཁྱོད་རང་ལ་ཡང་འདི་ཙམ་དགོས་པ་ཡིན་པས་སུ་ལ་མ་སྟོན་སྦོས་ཅིག་ཟེར་ནས་སྦས་ནས་ཡོད་པ་ཡིན་ཏེ། མི་ལ་འདི་བས་མོས་གུས་ཚ་བ་དང་ཞབ་རྟོགས་ལ་གུས་པ་ནི་ཅིག་ཀྱང་མ་བྱུང་བས། ད་འདི་ཡིད་ཆད་པར་འདུག་པས། གཡུ་འདི་ཁོ་ཡིས་མེ་ཏོག་བྱ་

(༤༩)ལ་དབང་སྐུར་ཐུགས་རྗེ་འཛིན་པར་ཞུ་ཞུས་པས། བླ་མའི་ཞལ་ནས་ཇོ་མོ་ཁྱོད་ལ་མས་བྱིན་པ་ཡིན་ཡང་ང་རང་གིས་ནོར་དུ་གདའ་བས། བདག་མེད་མ་བསམ་བློ་མ་ཆུང་། ཁྱོད་རང་ཧྲིལ་པོ་ངས་དབང་བ་ལགས། ཁྱོད་ཀྱི་བག་ནོར་ཡོད་ན་ངས་ལོས་དབང་། ཁྱོད་རང་ལ་ནོར་ཡོད་ན་ཁྱེར་ཤོག །མེད་ན་ཕྱིར་དོན་གསུང་ནས་ཆོས་མང་གནང་། སྙིང་རླུང་འཇུག་པ་ལྟ་བུ་བྱུང་། རང་ཡུལ་དུ་འགྲོ་དགོངས་ནས། ཡུམ་ན་རེ་ཐབས་ཅིག་ཡོད་ཀྱི་གསུང་། ཕྱེ་ཕང་བུ་གང་གིས་སྟེང་དུ་པོ་ཏི་ཞོག་ལ་འགྲོ་བ་སྐད་གྱི། ངས་འཛིན་པ་ལྟར་བྱ་ཡིས་གསུང་། དེར་གཟིམ་ཁང་གིས་སྒོ་འགགས་རུ་དེ་ལྟར་བྱས་པས་བླ་མས་གཟིགས་སྟེ། ཁྱེད་གཉིས་ཕར་ཐོན་ཚུར་ཐོན་བྱེད་པ་ཅུག་ཡིན་གསུང་ཡུམ་ན་རེ་ལ་སྡོད་པ་ཟགས་རིང་པོ་ནས་འོང་། ཆོས་མ་གནང་བའི་སྟེང་དུ་དཀའ་སྐྱོན་དང་བརྒྱུགས་རྟགས་བྱུང་བས། བླ་མ་གཞན་ཚོལ་དུ་འགྲོ་བ་ཡིན་ཟེར་བ་ལ། ངས་བཤོལ་བཏབ་པ་ཡིན་ལགས་ཞུས་པས། བླ་མའི་ཞལ་ནས། ཁྱོད་དང་པོ་

(༥༠)བྱུང་ཙ་ན་ལུས་ངག་ཡིད་གསུམ་འབུལ་ཟེར་བ་དེ་གོ་བཅད། ད་ཁྱོད་བླ་མ་གཞན་ཚོལ་བ་ལ་ངས་ཕྱེ་བཀུར་མི་ཡོང་གསུང་ཏེ་ང་འགྲམ་ལྕགས་དྲབ། ཕྱེ་ཕྲོག་སེམས་ཕམ་པ་ལ་ཚད་མེད་པ་བྱུང་ཡང་བླ་མའི་ཟིལ་མ་ཐོད་པས་སྡད་གསུང་། ཇོ་མོས་བུད་སྦའི་ལགས་ནས་གཡུ་ཤད་ཀྱིས་ཁྱེར་ནས་ད་རེས་ཁོ་ལ་དབང་མི་བསྐུར་ན་ངས་ཁོ་ལ་གཡུ་སྦྱིན་ལ་ལོགས་སུ་དབང་དང་ཆོས་ཞུ་བཏང་བ་ཡིན་ཞུས་པས། བླ་མའི་ཞལ་ནས་ཐམས་ཅད་ང་ཡིས་ཡིན་ཀྱང་ད་རེས་ཁོ་ལ་དབང་སྐུར་བྱ་ཡིས་གཡུ་ཁྱེར་ཤོག །དེར་བླ་མའི་ཕྱག་དུ་གཡུ་ཕུལ་ཏེ། དབང་བསྐུར་ནས་མཚོ་སྐྱེས་ཀྱིས་མན་ངག་ཐོ་རེ་བ་ཅིག་གནང་། འདི་ངོ་བོར་ཅན་གྱིས་གདམས་ངག་ཡིན་གསུངས། དེ་ཕྱིན་ཆད་རྒྱུད་བཤད་པ་ཐམས་ཅད་གྱིས་ཙར་བཞགས་ནས། བྲེལ་པའི་དུས་ཀྱང་རྒྱུད་ཀྱིས་བཤད་པ་ཐམས་ཅད་ཉན་བཅུག །དེ་ནས་བདེ་མཆོག་ལྷན་སྐྱེས་གྱིས་སྒྲུབས་ཐབ་ཅིག་གནང་ནས་ད་བསྒོམ་ཅིག་གསུང་པས། དེར་མི་ལས་དེ་ལ་ནན་ཏན་བྱས་ཏེ་བསྒོམ་ཀྱང་ཉམ་ཡེ་མ་སྐྱེས་པས་གདམས་ངག་ལ་ཡིད་མ་ཆེས་པ་བྱུང་སྐད། དེ་ལ་གདམས་ངག་

(༥༡)ལ་བདེ་མཆོག་ལྷན་སྐྱེས་ལས་ལྷགས་པ་མེད་དོ། སྤྱིར་སྒྲིབ་པ་ཅིག་བྱང་བ་གནད་ཆེ་བའི་རྡ་ཡིན། སྒྲིབ་པ་བྱ་བ་དང་གདམས་ངག་ཟབ་པ་གཉིས་རྟེན་འབྲེལ་འཛོམ་ན་བཟོད་སྙམ་སྐྱེ་བ་ལ་ཚོགས་མི་གདའ་ཟེར་བའང་སྣང་། ཡང་ལེན་ཅིག་དམྱལ་བའི་འབུལ་སྐྱེལ་བ་རྣམས་ལྷོ་སྨད་པའི་ཇག་པས་བཅོམ་པས། ད་རེས་འདི་ལ་སེར་བ་ཅིག་ཕོབ་དང་། སྡིག་པས་མི་གནོད་པའི་གདམས་ངག་ཡོད་པ་མྱུར་དུ་སྟེར་གསུང་པས་དེ་མི་གསུང་བར་ཞུ། ངས་སྡིག་པ་ལ་ཨེ་ཕན་བསམ་ཀྱིན་ཆོས་ཅིག་ཞུ་བ་ལ་ཡོང་པ་ལགས་ཞུས་པས། ཇོ་མོ་ན་རེ་ད་རེས་གཞན་དང་མི་འདྲ་བ་ཁག་ཆེ་བས་སེར་བ་ཅིག་ཕོབ་ཟེར་ཏེ། ཇོ་མོའི་ངོ་མ་ཆོག་པར་སེར་བ་ཕབ་སྟེ་ཆོས་གནང་མ་ཉན་པས་མཐུ་ཆེན་ངུས་སྟེ། ང་སྡིག་པ་ཆེ་བས་ཆོས་ཅིག་ཨེ་ཐོབ་ལ་ཡོང་ཙ། དམྱལ་བ་འགྲོ་བ་ལ་གཏིང་ཨེ་ཟབ་ལྟ་བ་ཅིག་བྱུང་བས། ད་ལས་ངན་ཆེན་པོ་ཅིག་གིས་ཟིན་པས་གཞན་ཞིག་དུ་སྡིག་སྦྱོང་ལ་འགྲོ་ཞུས་པས། གཞན་དུ་སོང་བས་སྡིག་པ་མི་དག་

(༥༢)སྡིག་པ་ཨེ་དག་བསམ་ན་ང་ཡིས་མཁར་ཆེ་བ་འདི་ཙིགས་རོག་གྱིས་དང་། གཞན་དུ་འགྲོ་པ་མེད་སོང་ཡང་མི་དགའ་གསུང་བས་ཇོ་མོ་ན་རེ། སློབ་དཔོན་གྱིས་ཁྱོད་ལ་ཁྲེལ་མེད་ཅིག་བྱེད་པར་འདུག་ཟེར་ནས་ཇོ་མོས་ཕག་མོའི་མངོན་རྟོགས་ཅིག་དང་། ཕྱག་རྒྱ་ཆེན་པོ་བཞི་ལམ་འབྲས་བུ་སྐད་ཅིག་གཅིག་ཆོད་ཀྱིས་གདམས་ངག་བྱ་བ་སེམས་རང་རིགས་གཉུག་མ་འདི་ཀ་རང་ངོ་འཕྲོད་པར་གྱིས་ལ་སེམས་མ་བཅོས་པའི་ངང་དུ་ཞོག་གཅིག་ཅེས་རང་ནོ་སྤྲད་པ་ལ། འདི་གདམས་ངག་ལེགས་པ་ཅིག་བྱུང་སྙམ་ནས་ཡིད་ཆེས་པ་ཅིག་བྱུང་། བླ་མ་ཆེན་པོ་ལ་ཡུམ་གྱིས་ཞུས་པས། མང་པོ་མཐུ་ཆེན་འདིས་ཀ་བ་འདི་ཙམ་ཅིག་བཅད། ལུས་པོ་བྱིན་པོར་རྨ་་སོང་འདུག །རྟ་བོང་ལ་སྒལ་པ་ཡོང་བ་རྣ་བས་ཐོས་པས་མིག་གིས་མ་མཐོང་མི་ལ་སྒལ་པ་བྱུང་བ་འདི་ལས་མ་མཐོང་། ཐོས་ཀྱང་མ་ཐོས། གཞན་ལ་ངོ་ཡང་ཚ་སྙིང་ཡང་རྗེ། གདམས་ངག་ཡོད་ན་ཐུགས་ལ་འདོགས་པར་ཞུ་ཞུས་པས། རྨ་བྱུང་ན་ཡར་ལ་ཤོག་གྱིས་དང་གསུང་། ད་ཆོས་ཅིག་གནང་བ་ཡིན་ནམ་སྙམ་ན། མི་ལ་སོང་བས་ཁྱོད་ལ་སྒལ་པ་

(༥༣) བྱུང་ངམ་གསུང་། བྱུང་ལགས་ཞུས་པས། འོ་ན་རྟ་བོང་ལ་ཡང་འདི་ལྟར་འོང་གིན་འདུག །ཁྱོད་རང་ཡང་སྒལ་ཚག་གྱིས་ལ་ས་སྐྱེལ་ལ་ཞ་ལ་གྱིས་ཅིག་གསུང་། རྒྱབ་རིལ་པོར་སྒལ་པར་སོང་བ་ལ་སྒལ་ཚགས་བྱས་པས་ཅི་ལ་ཕན་ཞུས། རྨ་ལ་ས་མི་འགྲོ་བ་ལ་ཕན་པ་ཡིན་མེད་གསུང་ནས། ཀྱི་མོའི་སྒལ་ཁང་ཀོ་རེ་བ་ཅིག་བྱས་ནས་བླ་མའི་བཀའ་མ་བཅག་ནས་བསྐྱལ་ནས་ཞ་ལ་བྱས། ད་ཆོས་ཐུགས་ལ་འདོག་པར་ཞུ་ཞུས་པས། ཁྱོད་དཔེའུ་ཆུང་ལགས་ངར་ཙམ་ཅིག་ཙིགས་པ་ལ་ངས་རྒྱ་གར་ནས་དཀའ་བ་མང་དུ་སྤྱད་པའི་ཆོས་ཟབ་མོ་ཐོབ་དུ་རེ་བ་འདུག་སྟེ། དེ་འདྲས་ཐོབ་པ་མིན། ངའི་བླ་མ་ཆེན་པོ་ན་རེ་པ་དེས་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་སྟེ། དེའང་ཤི་སྲོག་ལ་ཐུགས་པ་བཅུ་གཉིས་བྱས་པ་ཡིན། ཁྱོད་དེ་སྔ་ཤི་སྲོག་ལ་ཐུག་པ་ལན་ཅིག་ཀྱང་མ་བྱུང་། ཡུས་མ་ཆེ་གསུང་། དེར་ཡུམ་གྱིས་ཞལ་ནས། ཁོ་བོའི་བླ་མ་ཆེན་པོས་འདིས་ངས་རྒྱ་གར་ནས་བླང་པའི་ཆོས་རྣམ་སེམས་ཅན་ལ་ཕན་དུ་རེ་བ་ཡིན། ཞུ་མཁན་ལ་ཁྱི་ཅིག་བྱུང་ཡང་སྟེར་གསུང་ནས་ཞུས་ཚད་ལ་

(༥༤)གནང་བ་ཅིག་ཡིན་ཏེ་ཁྱོད་ལ་མི་གནང་བ་ཅུག་ཡིན་ནམ། འོན་ཀྱང་སེམས་ཁྲལ་མ་བྱེད་གསུང་ནས་ཡུམ་གྱིས་བྱམ་པར་མཛད། བཀའ་དྲིན་ཆེ་བས་ཞབས་རྟོགས་མཐའ་དག་གིས་གུས་པར་མཛད་དེ། དབྱར་འདམ་པའི་ནང་དུ་བ་གཞོ་བའི་བཞོ་སྐྱགས་མཛད་དེ། བླ་མའི་ཕྱི་ལ་གཤེགས་པའི་ཚེ་ཡང་སྒུར་བཏོགས་དང་ཆིབ་ཁ་ཁྲིད་པ་སོགས་མདོར་ན་ཅི་གསུང་པ་སྒྲུབ་ཀྱང་གདམས་ངག་གནང་བའི་དུས་མ་བྱུང་བས་ཇོ་མོས་སྒྱིད་ལུགས་པའི་སྙིང་རྗེ་ཆེན་པོ་སྐྱེས་སྟེ། ད་མི་ལ་ཁྱོད་སྡུག་བསྔལ་ཆེ་། ཚེ་ཅིག་སྐྱིལ་ལ་རེ་ཙམ་སྡུག་ཚེ་ཐལ། ད་བླ་མ་རྔོག་འདིས་སྤོང་དག་ལན་ལེན་གསུམ་བྱས། བླ་མའི་གདམས་ངག་མྱུས་པ་ཁོང་ལ་ཡོད་རྩ་ཁྱོད་དེར་འགྲོ་ཟེར་ནས་བླ་མ་ཆེན་པོ་ན་རེ་པ་དེས་ཚེས་བཅུ་ལ་ཐམས་ཅད་གྱིས་ཐིལ་མཛད་པ་ཡོད་པར་འདུག །ངེད་རང་གིས་བླ་མ་ཆེན་པོས་ཀྱང་ཚེས་བཅུའི་མཆོད་པ་མཛད་གིན་ཡོད། དེ་ནུབ་ཐབས་ཅིག་བྱ་གསུང་ནས་ཚེས་བཅུ་ལ་ཆང་གིས་ཁུ་བ་ཅིག་ལ་གཅིགས་བརྒྱགས་བྱས་ནས་ཡུམ་དང་ཐོས་དགའ་གཉིས་རེ་མོས་བྱས་ནས་བླ་མ་ལ་དྲང་། ཅི་ཞིག་ལྟར་ནས་བླ་མ་བད་ནས་རྣལ་དུ་སོང་། དེའི་ཚེ་ན་རོ་པ་ཆེན་པོའི་རྒྱན་དྲུག་དང་

(༥༥)ཐམས་ཅད་པདྨའི་ཕྲེང་བ་རྡོག་པོ་གསུམ། དབུ་སྐྲ་ཕྱག་མཁར་ནམ་བཟའ་རྣམས་བཀུར་ནས་ཇོ་མོས་ཡིག་ཕྲེང་ལ་བླ་མ་ན་རོ་པའི་དབུ་སྐྲ་ལ་སོགས་པའི་མཆོད་རྟེན་ཡོད་པ་འདི་རྣམས་སུ་ལའང་མ་བྱིན་ཁྱོད་ལ་བསྐུར་ཡོད། ཐོས་པ་དགའ་འདིས་ཞབ་རྟོགས་དང་དཀའ་བ་སུམ་བྱས་པའི་ལ་ང་ཕར་ཚུར་གཡེང་བར་སོང་ནས། ཁོ་ལ་ཆོས་བཤད་མ་ཁོམ་ངས་ཁྱོད་ལ་ན་རོ་པའི་གདམས་ངག་མ་ལུས་པ་བསྟན་ཡོད་པས་དེ་རྣམས་མི་ལ་ལ་སྟོན་ཕྱིས་ཞུ་བཏུག་ཐུབ་པ་གྱིས་ཅེས་པ་བྲིས་ནས་འདི་གཏོད། ཁ་ཕྲིན་ཡང་དེ་སྐད་ཀྱིས་ལ་ཆོས་ཞུས་ཅིག་གསུང་ནས་མི་ལ་དེར་བྱོན། དེའི་རྗེས་སུ་བླ་མ་ཆེན་པོ་རྣལ་པད་སྟེ། མང་པོ་མཐུ་ཆེན་གར་སོང་གསུང་། ཡུམ་གྱིས་ཤོལ་ཅི་བཏབ་ཀྱང་མ་ཉན་པར་སོང་ལགས་ཞུས་པས། དེར་ཞལ་ནག་ཏིང་གི་སོང་། དེ་ནས་དར་ཅིག་ཏིང་ངེ་འཛིན་ལ་བཞུགས་པ་དང་། ང་ཡིས་བུ་དེ་ཐག་རིང་ཅིག་ཏུ་མ་སོང་བར་བོང་བུའི་རྣ་བ་བཞིན་རང་ལ་འཁོར་བ་ཅིག་དུ་སོང་ཟིན་ཏེ། ལར་ཇོ་མོ་ཁྱེད་ཀྱང་ངས་ཅི་བསམ་མི་ཤེས་པའི་རྩམ་ལས་བྱེད་པ་ཅིག་འདུག་གསུངས་སོ། མཁར་ཆེ་བ་དེ་ཙིག་ན་ཐོས་གྲོལ་དུ་འགྲོ་སྟེ་མ་

(༥༦)ཤེས། མཁར་དེ་རྣམས་མི་ལའི་སྡིག་སྒྲིབ་ཨེ་དག་དང་། དབུས་ཀྱིས་མཁར་དེ་ཕ་སྤྲན་ཚོས་ཙིགས་དུ་མ་བཅུག་པས་ཕ་སྤུན་རྣམ་མགོ་སྐོར་བའི་ཐབས་དང་། མི་ལས་ཞི་རྒྱས་དབང་དྲག་གིས་ལས་སྣ་ཚོགས་པ་འགྲུབ་པའི་རྟེན་འབྲེལ་དུ་བརྩིགས་པའོ། ༈ མི་ལས་མར་པའི་དྲུང་དུ་དཀའ་སྤྱད་ལ་ལ་བསམ་གྱིས་མི་ཁྱབ་སྟེ་ཐོས་གྲོལ་ཉིད་དུ་འགྲོ་བ་ཅིག་དགོ་སྟེ་བག་མ་བྱུང་བར་འདུག །ཡང་ཁ་ཅིག་ཏུ་བླ་མ་གཟིམ་པའི་ཚེ་དབུ་སྐྲ་ལ་སོགས་པ་རྣམས་དང་གོང་གིས་ཕྲེང་ཡིག་དང་བཅས་པ་རྣམ་བཀུར་ནས། ངེད་གཉིས་གང་གིས་བཤོལ་ཡང་མ་སྡོད་པར་སོང་། ངས་ཁྱོད་བདའ་བ་སྐད་བྱེད་ཙ། ཁྱོད་ང་ལ་ཕུལ་རྒྱག་གྱིས་ད་ངས་འགྱེལ་བ་སྐད་བྱེད། དེ་ནས་ཁྱོད་ཤད་དེ་སོང་ལ་དགེ་བཤེས་རྔོག་གིས་དྲུང་དུ་ཆོས་ཞུས། དེ་ནས་མ་བྱུང་ན་ཁྱོད་རང་དཔྱོད་ལ་དགེ་བཤེས་གང་ལེགས་ཅིག་གིས་དྲུང་དུ་སོང་ལ་ཆོས་སློབ་ཡིན་སྒྲུབ་པ་གྱིས། དེ་ནས་ཁྱོད་གར་འདུག་པར་ལྐོག་དུ་ང་ལ་ཕྲིན་གྱིས་དང་ངས་ལྐོག་དུ་རྒྱག་བསྐུར། ཅེས་ཁ་དམ་རྣམ་བྱས། ཕྱག་རྟེན་རྣམས་ཁོང་གིས་གོང་བར་གྲུབ། ཕྱེ་བྲེ་དེ་ཙམ་ཅིག་ཁུར་བཅུག་ནས་ད་བླ་མ་ལ་ཕྱི་

(༥༧)ཕྱག་འཚལ་ལ་ཤེད་སོང་ཟེར། དེར་མི་ལ་བླ་མའི་དྲུང་དུ་སོང་ཙམ་བླ་མས་གཟིགས་སྟེ། མི་ལ་ཁྱོད་འགྲོའི་གསུང་། འགྲོ་ཞུས་པ་ལ་བླ་མའི་ཞལ་ནས་ད་མ་འགྲོ། དེ་སྔ་ཕན་ཆོད་འོ་སྐོལ་བྲེལ་བས་ཁྱོད་ཀྱིས་ཆོས་ཀྱང་མ་ཁོམ་རྒྱ་གར་ན་ནཱ་རོ་པཎ་ཆེན་གྱིས་གདམས་ངག་མ་ལུས་པ་ང་ལ་ཡོད་པ་ཡིན། ད་ནི་ཕྲུ་བ་ཡང་ཟིན་དུ་ཉེ། མཁར་ལེན་ཡང་ཚར་ལ་ཁད་པ་ཡིན། ད་མ་འགྲོ་བར་སྡོད་དང་གདམས་ངག་ཡོང་བ་ཡིན། ཅེས་གསུངས་པ་ལ་མི་ལས་འ་བུ་འགྲོ་བར་ཞུ། ཁྱོད་ཐུགས་བདེ་བར་བཞུགས་ཅེས་ཞུས་ནས། ཕྱག་གསུམ་འཚལ་ཏེ་ཤེད་ཐལ་ལོ། དེར་བླ་མས་ཇོ་མོ་ལ་སྐད། ཁྱོད་ཀྱི་མི་ལ་ནི་འགྲོ་ཟེར་ནས་ཐལ་ལོ། ཁྱོད་མི་རྡའམ་གསུང་། ཇོ་མོས་མི་དེས་སྡུག་བསྔལ་དེ་ཙམ་བྱས་པ་ལ། འོ་སྐོལ་གྱིས་ཆོས་མ་བྱིན། ངས་ད་ནང་ཡང་བཤོལ་སྟེ་ཚུར་སྒོལ་ཡིན་བྱུང་། ད་བདའ་བས་མིང་ཡོང་ཅེས་ཞུས་པ་ལ་རྒྱུག་ལ་ཤོལ་ཐོབ་དང་། ད་ནི་གདམས་ངག་སྦྱིན་གྱིས་ཁྲིད་ལས་ཤོག །དེར་ཇོ་མོས་བདས་པའི་འགབ་དུ་བླ་མ་ཡང་རྒྱབ་རུ་ཉག་གཅིག་ཡོད་པའི་སྒང་འབུར་དེར་ཕར་གཞུང་ཚུར་གཞུད་མཛད་ཡིན་ཕྱིར་གཟིགས་སྐད། ཇོ་མོས་ཁོ་

(༥༨)སློབ་པ་དང་། མི་ལས་ཇོ་མོ་ལ་ཕུལ་རྒྱག་གཅིག་བྱས། ཇོ་མོས་འགྱེལ་བ་སྐད་བྱ། མི་ལ་ཤེད་ཐལ་ཇོ་མོ་ཡར་ལོགས། བླ་མས་གཟིགས་ནས་བླ་མ་མར་བྱོན་པ་དང་། ཇོ་མོ་དང་ལམ་དུ་ཕྲད་བླ་མའི་ཞལ་ནས་མ་ཉན་པ་ཡིན་ནམ་གསུང་། ཇི་བྱས་ཀྱང་མ་ཐུབ་ཚུར་ལ་ཕུལ་རྒྱག་བྱས་ནས་ཤེལ་ཐལ། མི་དེ་བདེན་པ་ཡིན། མི་དེ་ཡུས་པ་ཡིན་བྱས་ཙ་བླ་མ་གཞུད་པས་སྐད་ཅིག་གིས་སློབ་ནས། ཕྱེ་འདི་ཡང་ངའི་ཡིན་ཚུར་བྱིན་ཟེར་ནས་ཕྱེ་རྐྱལ་ཕྲོག་ནས། ད་སོང་ཕྱིར་ལེགས་པའི་སེམས་བྱུང་ཅ་ཤོག་གསུང་། བླ་མ་ཡར་ལོང་ཁོ་ཤད་གྱིས་སོང་བས། གཞུང་དུ་བླ་མའི་དྲུང་དུ་ཕྱིན། རྔོག་སྟོན་གྱིས་ཀྱེ་རྡོར་གསུང་པ་དང་། མཇལ་བླ་མས་ཁྱེད་མཐུ་ཆེན་འབོད་མ་དགོས་པར་ཡོང་པ་ལེགས། དེ་བླ་མའི་བཀའ་དྲིན་རེད་གསུང་། དེ་ནས་བླ་མ་ཆེན་པོས་མཆོད་གནས་ཏེ་ལོ་ན་རེའི་དབུ་སྐྲ་ཕྱག་ཕྲེང་ན་བཟའ་འདི་རྣམས་བཀུར་ནས། བདག་ལ་དབང་བསྐུར་ཅིང་ཆོས་ཤེད་གསུང་པའི་འཕྲིན་ཡིག་འདི་ལགས་ཞུས་ནས་ཕྱག་དུ་བཏང་། མཆོད་གནས་གདན་དྲང་བ་དེ་ཤིན་ཏུ་ཡང་བཟང་གསུང་སྟེ། རོལ་མོའི་སྒྲ་དང་བཅས་པས་བསུ་བ་བྱས་ཏེ། གཟིམ་ཁང་གིས་

(༥༩)ནང་དུ་གདན་དྲངས་ཏེ་མཆོད་པ་རྒྱ་ཆེན་པོ་ཡང་མཛད་དོ། དེར་བླ་མ་རྔོག་གིས་ཞལ་ནས། ཁྱོད་འབོད་བཏང་དགོས་སྙམ་པ་ལ་བླ་མ་ཆེན་པོའི་སྐུ་མཁར་ཡང་མ་ཚར་བ་དང་། ལགས་བདེ་ཡིན་པས་མི་ཁོམ་པ་དང་། དེར་མི་བཅུ་རྩམ་གྱི་ལགས་སྐྱིན་ལ་བཏང་ནས་ཁྱོད་བླང་བསམ་པ་ཡིན། ད་དེའི་སྟེང་དུ་ཁྱོད་ཕྱིན་པ་འདི་རྒྱུད་ལྡན་གྱི་ཆོས་སྐྱོངས་རྣམས་གྱིས་བྱས་པ་ཡིན། ཁྱེད་ལ་གདམས་ངག་ལོས་སྦྱིན། ད་ངེད་ཀྱིས་འབྲོག་ཏུ་ཅིག་ཡོད་པ་གླིང་པས་ཁྱེར། དེ་ལ་སེར་བ་ཅིག་ཕབ་དགོས། མྱུར་དུ་སེར་བ་མི་བྱ་ཁ་མེད་ཅེས་གསུང་པ་ལ། མི་ལ་མ་དགའ་སྟེ། ག་རེ་ངས་སྔོན་ཕ་ཡུལ་དུ་དེ་ལྟ་བུ་ཅིག་བྱས། དེའི་སྡིག་བཤགས་འདོད་པའི་ཕྱིར། བླ་མ་ལྷོ་བྲག་པའི་དྲུང་དུ་རྣ་ཉན་ལ་ཡོང་ཙ་སྡིག་པ་དེ་ཙམ་པ་ཅིག་བྱས་ཀྱང་གདམས་ངག་ནི་མ་སྣང་། ད་རེས་འདིར་ཡང་འདི་ལྟ་བུ་ཅིག་གིས་སྟེང་དུ་ཕྱིན་། ངའི་སྡུག་བསྔལ་ལ་བསམ་སྟེ་ཡི་མུག་པ་ཅིག་བྱུང་ངོ་། དེ་ནས་མི་གཉིས་ཀྱི་རོག་བྱས་ནས་ཐུན་ཁྱེར་རེ་གཏོར་བ་ལས། ཡར་ལོགས་ནས་བྲོས་ཀྱང་མ་ཁོམ་པར་སེར་བ་བྱུང་ནས་ཡུལ་གྱིས་ལོ་ཐོགས་ཐམས་ཅད་དང་། གནམ་གྱི་བྱ་པའི་བྱི་བ་ཡན་ཆད་སེམས་ཅན་མང་པོ་ཤི་

(༦༠)ཇག་པ་རྣམ་ལ་ཡང་སེར་བས་སྒོ་འགྲིམ་བྱས་པས་ཚང་བུག་དུ་ཐམས་ཅད་སོང་། ཚེར་ཕུང་རེ་རེའི་རྩར་ཡང་བྱེལ་རོ་ཐུ་བ་རེ་ཙམ་སྣང་། དེ་ནས་མི་ལས་བྱེལ་རོ་ཐུ་བ་གང་བཟུང་བ་དང་ངུ་ཡིན་ཡོང་སྟེ་བྱེལ་རོ་རྣམས་བླ་མའི་མདུན་དུ་སྤུང་ནས། བདག་ཡོང་བ་དམ་པའི་ཆོས་ལ་བསམ་ནས་འོང་བ་ལ། སྤྱོད་པ་སྡིག་པའི་ཡོ་ལང་ལ་སྤྱོད་པ་ཅིག་བྱུང་ཞུས་ནས་མདུན་དུ་འགྱེལ་བས། བླ་མ་དང་ཇོ་མོས་བྲིད་ཀྱང་མ་ཕན་པར་མཆི་མས་རྣང་ཞིང་སྐད་ཆེར་སོང་ནས། བླ་མས་ད་མ་ངུ་དང་ང་ལ་གསང་སྔགས་བྱིན་རླབས་གྱིས་ལམ་ཞེས་བྱ་བ། རྩྭ་ཁུར་ལ་ཟེར་བས་མི་ལྗི་བའི་གདམས་ངག་ཡོད་དེ། སྔར་འཚམས་མེད་པ་ལྔ་བྱ་པ་ཞིགས་ཀྱང་རྟེན་འབྲེལ་གྱིས་གནད་ཟབ་མོས། ཚེ་ཅིག་སངས་རྒྱས་ཀྱི་འབྲས་བུ་ཐོབ་པས་ཁྱེད་དེ་ཙམ་ལ་འཇིགས་མི་དགོས་འཚལ། སེམས་ཅན་ཤི་བ་འདི་རྣམས་ཀྱིས་ཀྱང་མ་འོངས་པ་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ་འོང་། འོན་ཀྱང་ཁྱོད་དེ་ཙམ་མ་དགའ་ན་ཁོ་རང་རྣམས་སླང་བས་ཆོག་གསུང་། བྱེལ་རོ་ཚོ་མེ་འདི་ཡིས་ནང་དུ་ཐོབ་ཅིག་གསུང་། མདུན་དུ་མེ་དོང་ཆེན་པོའི་ནང་དུ་བཏབ་ནས། བླ་མས་སེ་གོལ་ཅིག་མཛད་ནས་བྱ་བྱེལ་ཐམས་ཅད་ནམ་མཁའ་ལ་

(༦༡)ཙི་དི་རི་ཕུར་ནས་སོང་། དེ་རུང་འདྲེ་མ་ལོགས་ཀྱུ་ཀྱུ་བྱས་ནས། ཇོ་མོས་བླ་མ་ལ་ཞུས་པ། མི་ཤི་ཙ་ཆོས་ཀྱི་ཅུ་བྱེད་ད་ལྟ་བྱིན་ཟེར་བ་ལ། བླ་མས་ད་ལྟ་དབང་མ་བསྐུར་བར་ཅི་རུང་གསུང་པ་ལ་ཇོ་མོས་ནན་ཏན་སྐྱོད་པས། བླ་མས་ཀ་པ་ལི་ཁྱེར་ཤོག་གསུང་ནས། ཀ་པ་ལི་ཁྱེར་འོང་པས་མགོ་ལ་བཞགས་ནས། ད་ལྟ་ཁྱོད་ལ་དབང་བསྐུར་བྱས་ལ་གདམས་ངག་ཐམས་ཅད་མི་སྟོན་རེ། ཁྱོད་ལ་སྟོན་མི་ཁོམ་པར་ངས་ཇི་ལྟར་བྱེད། བླ་མའི་བཀའ་བཅོག་པ་ཡིན་ནམ་གསུང་པས། བཟོད་མི་ལའི་དུ་འཕྲོ་ཆད། དེ་ནས་ཕྱི་ཕྲེད་དེར་རང་ལ་ཆང་བཙལ་ནས་ཀྱཻ་རྡོ་རྗེ་དང་བདག་མེད་མ་གཉིས་ཀྱིས་དབང་བསྐུས་སྟེ། ངས་བླ་མ་ལ་སྤོང་དག་ལན་ལྔ་བྱས་སྟེ་མན་ངག་ཞུས་པ་ཐམས་ཅད་ཁྱོད་ལ་སྦྱིན། དེར་ཇགས་པ་རྣམས་གྱིས་བླ་མ་ལ་བབ་བྱས་ནས། ཆེ་བ་ཟང་གྱིས་བཏོན་ནོར་ཐམས་ཅད་ཀྱང་བཟློག །མི་ལའི་སྙན་པ་ཡུལ་ཐམས་ཅད་དུ་ཁྱབ། དེ་ནས་བླ་མ་དང་ཇོ་མོའི་ཞལ་ནས། ད་ཁྱོད་ལ་ན་རོའི་ཆོས་དྲུག་ལ་སོགས་པའི་གདམས་ངག་ནི་ཅི་འདོད་པ་སྦྱིན། ཕན་ཚུན་གར་མ་འགྲོ་བར་འདིར་བསྒོམ་དང་བརྒྱག་ནི་ཅི་འདོད་པ་ངེད་ཀྱིས་སྦྱོར། ཁྱོད་ཀྱང་སྐྱིད་ངེད་ཀྱི་ཡང་ནོར་བསྲུང་དུ་འགྲོ་

(༦༢)འོ་སྐོལ་ལ་སུས་ཀྱང་རག་མི་ཕོད་གཉིས་ཀའི་དོན་འགྲུབ་པ་ཡིན། ད་བསྒོམ་གསུང་པས་དེར་ཁང་སྟགས་སུ་ཕུག་པ་བྲུས། དེའི་ནང་དུ་འདག་ཆར་ལ་སྡད་པ་བུག་སྒོའི་ནང་དུ་འཚོ་བ་དུས་ལ་སྐྱལ། བླ་མས་བུག་སྒོ་ནས་ཆོས་དྲུག་ལ་སོགས་པའི་གདམས་ངག་རྣམས་གསུང་ནས་ཐུགས་དམ་ལ་བརྩོན་འགྲུས་མཛད་ཀྱང་བླ་མ་ཆེན་པོའི་བཀའ་མེད་པའི་སྟོབས་ཀྱིས་ཉམས་རྟོགས་ནི་མ་སྐྱེས། གདམས་ངག་གནང་བར་ཐག་ཆོད་ཀྱང་སྡིག་སྒྲིབ་མ་བྱང་བ་ཡིན་སེམས་པ་བྱུང་ཉིན་ཅིག་བླ་མ་རྔོག་གིས་ཁོ་དེ་མཐུ་ཆེན་ང་ཡིས་རྒྱུད་པ་འདི་ལ་དམ་ཚིག་ལ་སེལ་བྱུང་ན་མན་པ་དགེ་སྦྱོར་མི་སྐྱེ་བའི་དཔེ་མེད་པ་ཡིན། ཁྱོད་འདིར་འོང་དུས་བླ་མའི་བཀའ་ཨེ་ཡོད་གསུང་པས། བླ་མའི་བཀའ་མེད་ཇོ་མོའི་གསུང་ཡོད་ཞུས་པས། ཨ་ཨ་དེ་ནས་མི་ཡོང་བར་འདུག །འོ་སྐོལ་གཉིས་ཁྲིད་བསྒོམ་པ་སྟོང་ལས་ཡིན། ཡང་ནན་ཏན་བྱས་ཡིན་བསྒོམ་པས་ནང་ནང་དུ་སྙིང་རྗེ་ཚད་མེད་པ་ཤར་བས་ཕྱི་རུ་སེམས་སྣང་དག་པ་ཡིན་ཏེ། དེའི་དུས་སུ་མི་ལ་མཐུ་འོ་ཆེ་སྒོམ་སྲན་ཅན་དེ་ལྟ་བུ་བྱུང་ཅེས་པའི་བསྙེན་པ་ཆེ་བས། བླ་མ་རྔོག་ལ་འབུལ་བ་ཆེན་པོ་ཅིག་བྱུང་

(༦༣)དེའི་ནང་དུ་མི་ལ་ལ་ཡང་འབུལ་བ་སྣ་ཅིག་བྱས། དེར་བླ་མའི་ཞལ་ནས། མི་ལ་ཁྱོད་ལ་ཡང་འབུལ་བ་བྱུང་བ་ཡིན་པས། སྔོ་བ་ཡོན་བཤད་ཁྱོད་ཀྱིས་གྱིས་ཅེས་གསུང་པ་ལ། མི་ལས་མ་ཤེས་པ་ལ་ནམ་མཁའ་ལ་སྒྲོན་མ་བྱོན་ནས་སྔོ་བ་ཡོན་བཤད་བྱས་པས། མི་ལའི་སེམས་ལས་ས་ལེ་གསལ་བར་བྱུང་སྟེ། དེ་ནས་མི་ལས་སྔོ་བ་ཡོན་བཤད་བྱས་པ་ལ་ཤིན་ཏུ་མཁས་པའི་གྲགས་པས་ཐམས་ཅད་ཡིད་རང་སར་གྱུར་ཏེ། བཞུགས་གནས་དེ་ལ་དེང་སང་གིས་བར་དུ་མི་ལ་ཕུག་པ་ཞེས་གྲགས་སོ། དེ་ཙ་ན་བླ་མ་ཆེན་པོའི་གསུང་ཡིག་བྱོན་ནས། ཁོ་བོ་ཡིས་མཁར་གྱི་སྤོན་ཝད་གཏོང་སྲས་ཀྱིས་ཆེ་འདོན་བྱེད་པས། སྤོན་ཁུར་ཅི་ལྕོག་དང་། ལུག་ཚོར་མོ་བརྒྱ་སྣམ་ཕྲུག་བརྒྱ་ནས་ཡ་བརྒྱ་མར་ཐུད་བརྒྱ་ལ་སོགས་པ་ཁྱེར་ཤོག །ངེད་ཀྱིས་མི་ཅིག་ཀྱང་དེར་ཡོད་པ་ཁྲིད་ལ་ཤོག །ཅེས་པ་བླ་མ་རྔོག་གིས་མི་ལའི་བུག་སྒོར་གླུགས་སྟེ་ད་ཁྱོད་འགྲོའི་ཇི་ལྟར་བྱ་གསུང་། བདག་ཀྱང་ལན་ཅིག་འགྲོ་བར་ཞུ་བྱས་ནས། དེའི་བར་ལ་འཚམས་མཛོད་ཅིག་གསུང་། བང་ཆེན་པ་དེ་ཡང་

(༦༤)མི་ལའི་དྲུང་དུ་ཕྱིན་ཏེ། ཡུམ་གྱིས་ཞལ་ནས། ངེད་ཀྱི་མི་དེ་ལ་ཆོ་ལོ་འདི་གཏོད། ཁོ་ཆོ་ལོ་ཙེ་བ་ཅིག་ཡོད་པ་ཡིན། མ་ཟུགས་ལས་ཆེ་གསུང་པའི་འཕྲིན་དང་བཅས་པ་ཕུལ། མི་ལའི་ཐུགས་དགོང་ལ། བདག་ཆོ་ལོ་ལགས་དུ་ལན་མ་མོང་བས་ཅི་གསུང་པ་ཡིན་དགོ་པ་པ་བྱུང་ནས་ཆོ་ལོ་དེ་བརྒྱུང་པས་ཤོག་དྲིལ་ཆུང་ངུ་ཞིག་ལ་བླ་མས་ཆོས་གསུང་བར་ཡོད། ཁྱེད་རང་ཡང་ད་རེས་ཤོག་ཅེས་པ་འདུག །དེར་རྔོག་གིས་མི་ལ་བླ་མ་ཡབ་ཡུམ་ལ་འབུལ་རྒྱུ་དར་ཡུག་གཅིག་དང་ཐུད་ཀྱིལ་ཅིག་གནང་། ཁོ་རང་གིས་དཀོན་མཆོག་རྩེགས་པ་བརྒྱད་དུ་ཅིག་གིས་སྣ་དྲངས་པའི་མཁོ་རྟ་གོ་ཁྲབ་དགུ་ཚན་དགུ། སྤོན་ཁུར་བརྒྱ་དང་བཅས་པ་ལྷོ་བྲག་གིས་མདར་སློབ། རྔོག་གིས་ཞལ་ནས། མི་ལ་ཁྱོད་སྔོན་ལ་སོང་། དེ་འོང་གིན་ཡོད་ཞུས་གསུང་། དེར་མི་ལ་བྱོན་ཐོགས་མར་ཡབ་ཡུམ་དང་མཇལ་ཏེ་མཉེས་མཉེས་མཛད་ཐུད་རྐྱལ་ཕུལ། གཞན་འབུལ་བ་རྣམས་ཡོང་བ་ལས་ཁྱོད་རང་ཡོད་པ་དགའ། བླ་མ་རྔོག་འབྱོན་ཡིན་ཡོད་ཞུས་པས། ད་ཁྱོད་རང་སོང་ལ་བླ་མའི་དྲུང་དུ་ཞུ་བ་བགྱིས། རྔོག་

(༦༥)འབྱོན་ཡིན་ཡོད་ཙ་མི་ཆེ་བས་འོ་སྐོལ་གྱིས་བསུ་བ་དགོས་མེད་ཟེར། བླ་མའི་དྲུང་དུ་ཕྱིན་ནས་ཕྱག་ཕུལ་ཙ་སྐུ་བརྒྱབ་བསྟན་ཕྱག་མ་གཞེད། བདག་ལ་བཀའ་སྐྱོན་རྗེས་སུ་མཛད་པས་ཆོག་ལགས། བླ་མ་རྔོག་གིས་ཆོས་དང་མཛོད་རྟ་མང་པོའི་འབུལ་བ་སྣ་ཚོགས་ནས་བྱོན་ཡོད་པས་བསུ་བ་ཅིག་མཛད་ན་ཐད་པར་གདའ་ལགས་ཞུས་པས། ངས་རྒྱ་གར་ནས་བཀའ་སྡེ་སྣོད་རྒྱུད་སྡེའི་གདམས་ངག་པ་བསམ་གྱིས་མི་ཁྱབ་པ་གདན་དྲངས་ནས་ཡོང་བའི་དུས་སུ་བསུ་བ་མི་དགོས་ཁྱི་ཅིག་ཀྱང་མ་བྱུང་། ད་རྔོག་གིས་དུད་འགྲོ་དེད་ནས་ཡོང་བ་ལ་བསུ་བ་དགོས་ན་ཕྱིར་དེད་ལས་སོང་གྱིས་གསུང་པ་ལ་ཇོ་མོ་ལ་ཞུས་པས། སློབ་དཔོན་ཐུགས་སྟུམ་པ་ཡིན། རྔོག་ལ་བསུ་བ་དགོས་གསུང་ནས་ཇོ་མོས་བསུ་བ་མཛད་དེ། བླ་མས་རྔོག་དང་བུ་ཆེན་རྣམས་འབྱོན་པའི་སྣ་ཆེན་ལ་གསང་སྔགས་ཀྱིས་དཀྱིལ་འཁོར་བཞེང་མཆོད་པ་དཔག་ཏུ་མེད་པ་བཀྲི་ནས་བཞུགས་ཏེ་རྔོག་དང་མེས་དང་དོལ་དང་མི་ལ་ལ་སོགས་པའི་བུ་ཆེན་རྣམས་དང་སློབ་མ་ཐམས་ཅད་བསྡུས་ནས་ཚོགས་འཁོར་རྒྱ་ཆེན་པོ་མཛད་དེད་

(༦༦)བླ་མ་མར་པས་རྔོག་ལ། ང་ཡི་བུ་མཐུ་ཆེན་ཁྱོད་ཅན་དུ་སོང་བ་ལ་གདམས་ངག་ཨེ་བྱིན་གསུང་པ་ལ། ཏེ་ལོ་ན་རོའི་དབུ་སྐྲ་ཕྱག་ཕྲེང་ན་བཟའ་ཚོ་བསྐུར་བྱུང་བས་བྱིན་ལགས་ཞུས་པས། དེར་ཡུམ་གྱིས་ཞལ་ནས། ངས་བཀུར་བ་ཡིན་ལགས་ཞུས་པས། ཡུམ་ལ་བེར་མ་ལྕགས་བརྒྱབ་སྟེ་ཡུམ་བྲོས་ནས་སོང་། དེར་ཅུང་དམ་ཅིག་དགོངས་པ་ལ་བཞུགས་ཏེ། བདག་མེད་མ་ལ་ཡར་ཤོག་གྱིས་གསུང་། དེར་ཡུམ་ལ་ནང་མཆོད་གྱིས་ཀ་པ་ལ་དེ་ཡར་ཐོག་གསུང་། དེ་ནས་མི་ལ་མཐུ་ཆེན་འདི་འཐུང་གསུང་། མི་ལས་ལྷག་མ་མ་ལུས་པར་གསོལ། ངས་ཁྱོད་ལ་འབར་ཡིན་ལས་བཅོལ་བརྒྱུང་བཏང་བྱས་པས། ལོགས་ལྟ་མ་སྐྱེས་པ་དེ་བུ་ཁྱོད་སྣང་བ་དག་པ་ཡིན། ཁྱོད་བུད་མེད་གྱིས་རིགས་འདི་བློ་ཆུང་། ང་བུ་འདི་ལ་ཡིད་ཆད་ཐང་དགུ་ཐེང་ན་བོད་འདིར་འཇའ་ལུས་ཐོབ་པ་མང་དུ་མ་འབྱུང་ཞིང་ཁྱོད་རང་ཡང་ཕུང་པོ་ལྷག་མ་མེད་པ་ལ་སངས་རྒྱས་པ་ཡིན་གསུང་། དེ་ནས་བྱིན་པོ་གཟིམ་པ་དང་། བླ་མ་ཡབ་ཡུམ་གཉིས་རྔོག་དང་མི་ལ་དང་བཞི་མིན་པ་མེད་པ་ལ་ཇོ་མོ་ལ་ཕུད་དང་ཚོགས་ལ་ཤོག་གསུང་

(༦༧)ནས་ཟབ་མོ་བརྡའི་དབང་བཞི་དང་། གདམས་ངག་གཏུམ་མོའི་ངོ་སྤྲོད་རྒྱུད་སྡེ་ཟབ་མོའི་བཀའ་ལུང་ཐམས་ཅད་གནང་བས། མི་ལས་ཀྱང་བླ་མ་གཉིས་ཀ་ལ་སངས་རྒྱས་ཀྱི་འདུ་བཤེས་ཁ་ཞེ་མེད་པར་སྐྱེས་སོ། ཕྱིང་དགའ་སྟོན་གྱི་སྟོན་མོ་ཆེན་པོ་མཛད། དེའི་ཚོགས་གྲལ་དུ་མར་པས་འགུར་འདི་གསུངས་སོ། ན་མོ་བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། ང་ཡིས་རྒྱུད་པ་རིན་ཆེན་ལ་ཉེས་ལྟུང་མེད་པའི་བཀྲ་ཤིས་ཡོད། བཀྲ་ཤིས་དཔེ་ཀྱང་བཀྲ་ཤིས་ཤོག །གདམས་ངག་ཟབ་མོའི་ཉེ་ལམ་ལ། ནོར་འཁྲུལ་མེད་པའི་བཀྲ་ཤིས་ཡོད་བཀྲ་ཤིས་ང་རང་མར་པ་ལོཙྪ་ལ། ཟབ་མོ་གནད་ཀྱིས་བཀྲ་ཤིས་ཡོད། བཀྲ་ཤིས་དེས་ཀྱང་། བླ་མ་ཡི་དམ་མཁའ་འགྲོ་ལ། བྱིན་རླབས་དངོས་གྲུབ་ཀྱིས་བཀྲ་ཤིས་ཡོད། བཀྲ་ཤིས་དེས་ཀྱང་། བུ་ཆེན་སློབ་མ་འཁོར་ཚོགས་ལ། དད་པ་དམ་ཚིག་གིས་བཀྲ་ཤིས་ཡོད། བཀྲ་ཤིས་དེས་ཀྱང་། ཡོན་བདག་ཡུལ་མི་ཉེ་རིང་ལ། མཐུན་རྐྱེན་ཚོགས་པའི་བཀྲ་ཤིས་ཡོད། བཀྲ་ཤིས་དེས། ལས་དང་བྱ་བ་ཐམས་ཅད་ལ། རོག་གདན་བྱང་ཆུབ་ཀྱིས་བཀྲ་ཤིས་ཡོད། བཀྲ་ཤིས་

(༦༨)དེས་ཀྱང་། སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། ཆད་མདོ་བཙན་པའི་བཀྲ་ཤིས་ཡོད། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཡོད། བཀྲ་ཤིས་དེས་ཀྱང་། འདིར་ཚོགས་ཁྲོམ་གྱི་ལྷ་མི་ལ། བདེ་སྐྱིད་སྨོན་ལམ་གྱིས་བཀྲ་ཤིས་ཡོད། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཅེས་གསུངས་སོ། དེ་ནས་རྔོག་ལ་བསྙེན་བཀུར་གནས་སྟེ། གྲ་པ་མང་པོ་ལ་བཤད་དགོས་པས་སོང་གསུང་། རྔོག་ཀྱང་ཉམས་དགའ་ནས་ཨེན་ཅིག་སྡོད་དགོས་སྙམ་ནས་བཞུགས་མ་བཅུག་པར་འགྱོང་དུ་བཏང་། སང་ཕོད་ང་ཡིས་ཇོ་སྲས་མདོ་སྡེ་འདི་འཚམས་དོན་པའི་དུས་སུ་ཐམས་ཅད་ཚོགས་པ་ཡིན་གསུང་། བླ་མའི་ཞལ་ནས། མི་ལ་ཁྱོད་འགྲོའི་སྡོད་གསུང་། མི་ལས་ང་ལེན་ཅིག་ཁོང་བསྐྱེལ་དུ་འགྲོན་ཞུས་པས། འོ་ན་ཁོང་སྐྱེལ་སོང་ལ། རྔོག་ལ་མ་ཟེར་བར་ཕ་ཀི་གཞུང་དུ་ཕྱིན་ཙ་མ་བསྡོད་ལ་ཤོག་གསུང་། དེ་ནས་མི་ལས་རྔོག་སྐྱེལ་སྐྱལ་བ་ལ། ཕར་ལམ་རྔོག་གིས་ཡོན་བདག་སློབ་རིས་རྣམས་གྱིས་སྣ་ལེན་བྱས་ཡིན་སོང་བ་དང་། གཞིར་ཕྱིན་ནས་སློབ་རིས་ཡོན་བདག་ཐམས་ཅད་ཀྱི་སྣ་ལེན་ལ་ཡོང་ནས་ཟླ་བ་ཅིག་ཐོག །དེ་ནས་མི་ལས་བླ་མ་རྔོག་ལ། ང་བླ་མ་ལྷོ་

(༦༩)བྲག་པའི་དྲུང་དུ་ལན་ཅིག་འགྲོ་ཞུས་པ་ལ། བླ་མ་དང་ཇོ་མོ་གཉིས་ཀྱིས་ད་འདིར་རང་དང་སྐྱིད་པ་བྱ། ཁྱོད་བསྒོམ་པས་ཆོག །ངེད་ཀྱི་ཞབས་རྟོགས་ལ་འབད། ངེད་ཀྱིས་བསྟན་པ་ལ་ཡང་ཕན་གསུང་པ་ལ། ང་ལེན་ཅིག་འགྲོ་བར་ཞུ་ཞུས་པས། བླ་མ་དང་ཇོ་མོ་གཉིས་ཀྱིས་ཞལ་ནས། ལེན་ཅིག་སོང་ལ་ཡང་འདིར་ཤོག་གསུང་། དེར་མི་ལ་ཤད་ཀྱི་སོང་བ་ལ། ལྷོ་བྲག་དུ་བླ་མའི་དྲུང་དུ་ཕྱིན་པ་དང་ཕྱག་འཚལ་བླ་མས་མི་ལ་ཁྱོད་ཕྱིན་ནམ་གསུང་ནས་དྲི་རྨེད་ཐམས་ཅད་བྱས། ཇོ་མོ་ཡང་ཤིན་ཏུ་རྙེས་སྟེ་ཁོང་ལ་བསྙེན་བཀུར་བྱས། དེ་ནས་ཕྱིར་ནང་བླ་མའི་ཞལ་ནས་ཇོ་མོ་ལ་ཁྱོད་རང་མི་ལའི་མཆོད་པ་བཟང་པོ་ཅིག་གྲབ་གྱིས་དང་། མི་ལའི་ཆོས་ཅིག་ཞགས་དགུ་བྱ་དགོས། དེའི་ཚེ་སློབ་མ་ཐམས་ཅད་ལ་བླ་མས་རྨི་ལམ་ངན་པས་ཞགས་འགའ་རྨིས་བསྒྱུར་ཆོས་སྤོད་ཅིག་བྱེད་པས། སུ་ལའང་མ་ཡོང་གྱིས་ལ་མ་སྟེན། ཁྱོད་ཀྱིས་ཀྱང་ངེད་གཉིས་ལ་བཟའ་བ་བུག་པ་ནང་ན་ཡར་བྱིན། ངེད་གཉིས་འཚམས་ཅིག་གཅོད་པ་ཡིན། ཇོ་མོས་ཀྱང་དེ་ལྟར་བྱས་ནས་ཤ་ཆང་ལ་སོང་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་གྲབ་བྱས་ནས་

(༧༠)མཆོད་པ་བཤིས་ཏེ། ནུབ་དང་པོ་ས་ཆོག གཉིས་པ་སྟ་གོན། གསུམ་པ་དངོས་གཞི། བཞི་པ་ལ་བཏང་རག་བྱས་ནས་དབང་དང་བྱིན་རླབས་གཉིས་སྤྲུག་མཛད། དེའི་ཕྱི་དེ་ནུབ་མོ་གཏང་རག་གི་མཆོད་པ་ཆེན་པོ་བཤིས་ནས་ཚོགས་ཐོན་པའི་ཐོ་རང་ཁར། དཔལ་འཁོར་ལོ་སྡོམ་པའི་ནང་གི་ལྷ་ཚོགས་དང་། ཕྱི་ཞིང་སྐྱོང་གིས་ཌཱཀྐི་མ་སུམ་བཅུ་སོ་གཉིས་དང་། རིགས་མའི་ལྷ་མོ་བཅུ་དྲུག་མཆོད་པའི་ལྷ་མོ་ཐམས་ཅད་མདུན་གྱིས་ནམ་མཁའ་ན་བཞུགས་པ་སྐད་ཅིག་གི་ཡུད་ཙམ་ལ་ཞལ་གཟིགས། དེའི་དུས་སུ་བླ་མ་དང་ཌཀྐི་མས་རྗེས་སུ་གནང་བའི་མཚན་གཞད་པའི་རྡོ་རྗེ་ཞེས་བྱའོ། བུ་དེ་དེ་ཡིན་དེ་དེ་ཉིད་མིན། ང་ལ་འདི་འདྲའི་གདམས་ངག་ཡོད། མཁའ་འགྲོ་མ་དང་བླ་མ་ཏེ་ལོ་ས་དང་ན་རོ་པ་དང་ང་ལ་ཡང་ཅིག་རྒྱུད་ཡིན། འདི་མདོ་སྡེ་ལ་སྦྱིན་སྙམ། མདོ་སྡེ་ཁྱོད་གཉིས་སྣོད་ལྡན་དུ་འདུག །ཁྱེད་གཉིས་ཀྱང་གནམ་པ་འདྲེན་དུ་མ་བཏུབ། མཁའ་འགྲོ་མ་ཐམས་ཅད་ཁྱོད་ལ་དགའ་བར་འདུག་པས། ད་གདམས་ངག་འདི་ཁྱོད་ལ་སྦྱིན་དགོས། དེ་ནས་ཁྱོད་ཀྱིས་ཀྱང་མདོ་སྡེ་ལ་སོགས་པ་ཅིག་ལ་སྦྱིན། སྣོད་པ་མི་ལྡན་པ་སུ་ཐོད་ཐོད་ལ་མ་སྦྱིན་གསུང་ནས་བཀའ་རྒྱ་དམ་པར་མཛད། དེ་ནས་སྙན་རྒྱུད་ཚེ་རིམ་པར་

(༧༡)ཁྲིགས་གྱིས་བཤད་ནས་ཚར་བར་བྱས། གཞན་ཡང་རྒྱུད་འགྲེལ་མན་ངག་དུ་མ་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་མཛད། ཁྱད་པར་དུ་ཡེ་ཤེས་ཀྱི་ཌ་ཀྐིའི་ཐུགས་ནས་ཕྱུང་པའི་གདམས་པ་ཆོས་དྲུག་བསྲེ་འཕོའི་མན་ངག་ཞིབ་རྒྱད་དུ་གནང་། གཞན་ཡང་ཐབས་ལམ་གྱི་གདམས་ངག་མང་པོ་བྱིན་ནས་ཐམས་ཅད་རྫོགས་པར་བྱས་ནས་ཏེ་ལོ་ས་ལ་ཡེ་ཤེས་ཀྱི་ཌཀྐིས་བླ་མ་ན་རོ་པ་ཆེན་པོའི་ལུང་ངན། དཔལ་ན་རོ་པ་ལ་ཏེ་ལོ་པས་ཆེན་པོས་ཁོ་བོ་ལུས་ངན་པ་ཡིན། ཁོ་བོ་ལ་ཡང་དཔལ་ན་རོ་པ་ཆེན་པོས་གདུལ་བྱ་སྣོད་དང་ལྡན་པ་ཁྱོད་ལུང་ངན་པ་ཡིན་ཞེས་གསུང་། དེའི་ཚེ་མི་ལས་འོ་ན་རྗེ་བཙུན་ཆེན་པོས་བདག་དྲུང་དུ་སློབ་པའི་ཚེ་བཅས་པར་རྐྱང་པར་མ་མཛད། ཡུན་དུ་ཆོས་ཀྱང་མ་གནང་ཕྲུ་བྱེད་པ་དང་། གནག་ལུང་སྐྱོང་བ་དང་སྐུ་མཁར་དགུ་ཐོགས་རྩེགས་པ་ལ་སོགས་པ་འདི་དག་ཅི་ལ་དགོངས་པ་ལགས་ཞུས་པས། རྗེ་མར་པའི་ཞལ་ནས། ཡང་དེང་སང་གིས་དུས་ལྟ་བུ་ཡིན་ན་ཅི་ལྟར་བྱས་ཀྱང་བཏུབ་དེ། ཕྱི་རབ་ཀྱིས་དུས་སུ་སློབ་མ་ངན་པས། བླ་མ་གནད་ལ་འབེབས་པའི་དུས་འོང་སྟེ་དེ་ལྟ་བུ་དགགས་པའི་ཕྱིར་ཁོ་བོས་ཁྱོད་ལ་དེ་ལྟར་བསྟན་

(༧༢)པ་ཡིན་ནོ། བུ་ཁྱོད་ཀྱང་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་བའི་ལས་ཅན་གྱི་སྐྱེས་བུ་ཡིན་ཅིང་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱང་ཁྱོད་ཁོ་ན་ལ་དགའ་ནས་ཚོགས་པར་འདུག་སྟེ་ང་ཡིས་བཀའ་ཟུར་ཅིག་བཅག་པའི་ཉེས་པ་རྒྱུད་པ་ལ་འོང་བར་འདུ་གསུང་། དེ་ཇི་ལྟར་ལགས་ཞུས་ཀྱང་། བུ་ཁྱོད་ཀྱི་མཁར་དགུ་ཐོགས་རྩེགས་པ་དེའི་བར་མ་བཞད་པར་ཚར་བར་བྱས་ནས་ཁྱོད་རང་དང་རྟོགས་པ་ཡོན་ཏན་མཉམ་པའི་རྒྱུད་པ་དགུའི་བར་བྱིན་གྱི་རླབས་པར་འདུག་པ་ལ། ང་རྒྱུད་ས་བདུན་ཁྱོད་རང་མཉམ་པ་འོང་རྒྱུད་པ་གཉིས་ཀྱིས་བར་དུ་སྤྱོད་པ་རྩིགས་པ་འགའ་རེ་འབྱུང་གསུང་། འོ་ན་བདག་གི་བྷོ་ཁུར་ནས་ཙིགས་ནས་འོང་ལགས་སམ་ཞུས་པས། མི་འོངས་སྟེ་ཁྱོད་ཀྱི་ལས་དད་ཅན་དུ་མཐོང་བ་དང་། རྟེན་འབྲེལ་གྱི་འགྲིགས་ཚུལ་དང་སེམས་ཅན་སོ་སོའི་ལས་ཡིན་གསུང་། དེ་ནས་བླ་མའི་ཕྱག་མི་ལའི་སྤྱི་བོར་བཞགས་སྟེ། ༈ དད་ལྟན་མོས་གུས་ལྡན་པ་ལ། འོད་གསལ་བ་ནི་རྒྱུན་ཆད་མེད། བར་དོའི་གྲོང་ཁྱེར་དེ་མི་མཐོང་། དོན་གཉིས་མཁྱེན་པ་དུ་མར་འཆར། ཐེགས་པའི་མཐར་ཐུགས་སྙིང་པོའི་དོན། མཐའ་བྲལ་ཡིད་ལ་མི་བྱེད་པ།

(༧༣)འོད་གསལ་རྒྱུན་ཆད་མེད་བསྒོམ་ན། བར་དོའི་སྣང་བ་དེ་ལ་མེད། གཞན་དོན་གཟུགས་སྐུ་སྣ་ཚོགས་འཆར། ཞེས་གསུང་སྟེ། ཚེ་ཅིག་ལ་མཆོག་གིས་དངོས་གྲུབ་ཐོབ་པར་ལུང་བསྟན་པའོ། །ཡང་སྐབ་ཅིག་དུ་རྔོག་གིས་སྙན་དྲིལ་ཡིད་བཞིན་ནོར་བུ་ཞུ་ཞུས་པས། ང་ལ་བསྙན་དྲིལ་ཞུ་ན་འབུལ་བ་དགོས་གསུང་པ་ལ། འབུལ་བ་ནོར་ལུགས་ཐམས་ཅད་དེད་ནས་ཕུལ་བ་ལ་འབུལ་བ་ཆུང་གསུང་པས། བླ་མ་ལགས་ང་ཡིས་ཞོ་མེ་རྒན་མོ་དེ་ནི་ནོར་ཐམས་ཅད་གྱིས་ཕྱི་མོ་ཡིན་པས་མ་ཐོན་ལགས་ཞུས་པས། འོ་ན་ངའི་སྙན་དྲིལ་ཡང་ཆོས་ཐམས་ཅད་གྱི་ཕྱི་མོ་ཡིན་པས་ཐོབ་ཅིག་ལ་མི་ཐོན་གསུང་པས། ཁོལ་མོ་དལ་གྱི་བྱས་ནས་ཡོང་སྟེ་འོ་ད་འོང་བ་རང་གི་ཆོག །ང་ལ་ཞོལ་མོ་འདི་བྱེད་རྒྱུ་མེད་དེ། ཆོས་ཀྱི་ཆེ་བ་མེད་ན་ཆོས་ཤི་བ་ཡིན་པས་གོ་བར་མདོ་ལར་ངའི་གདམ་པ་འདི་རྣམས་འཇིག་རྟེན་བློས་བཏང་བའི་མི་ལ་འབུལ་བ་ལེན་དུ་མི་རུང་། བསྒོམ་ནུས་ན་འབུལ་བ་ཐམས་ཅད་ཞོར་ལ་འོང་བ་ཡིན། ཚེ་འདིས་མིག་བྲིད་པའི་སྐྱེ་བོ་ལ་སྟོན་མི་རུང་། བྱེད་རྔོག་ལྟ་བུ་རེ་རེ་ནི་བསྐལ་པ་དུ་མར་ཚོགས་བསགས་པའི་ལས་ཅན་ཡིན་པས་གཞན་ལ་དེ་བཞིན་མི་བཏུབ་

(༧༤)གསུང་། སྙན་ནས་སྙན་དྲིལ་བཏོན་ཏེ་རྔོག་དང་མི་ལ་ཡབ་སྲས་གཉིས་ལ་གནང་སྟེ་མཉེས་པར་མཛད་དོ། དེ་ནས་ཡང་ལན་ཅིག་གིས་ཚེ་མོས་སྟོན་ཆེན་པོ་དང་། མཚུར་སྟོན་དབང་ངེ་དང་གཞན་གིས་རྔོག་སྟོན་ཆོས་རྡོར་དང་། གུང་ཐང་གིས་མི་ལ་རས་པ་བཞི་བུ་ཆེན་བཞི་ཡིན་པ་ལ་གཞན་དང་མི་འདྲ་བའི་གདམས་ངག་དང་དབང་བསྐུར་ཟབ་མོ་མཛད་དེ་ནམ་སྡོད་ལ་དབང་མཛད་ནམ་སྨད་ལ་སྒོམ་མཛད་སྔ་དྲོ་ཆོས་བཤད། དགོངས་མོ་བསྒོམ་མཛད་ཤིང་བཞུགས་པ་ལ། ནུབ་ཅིག་བདག་མེད་མའི་ཟས་དབང་མཛད་པའི་ཐོ་རང་ཁ་ཅིག་ལ། བུ་ཆེན་རྣམས་ཅི་མཛད་གཟིགས་པ་ལ། ཙང་རོང་གིས་མེས་སྟོན་ཆེན་པོས་འོད་གསལ་བསྒོམ་ཡིན་འདུགས་པ་ལ། བདག་ལ་འོད་གསལ་བུམ་ནང་གིས་མར་མེ་འདྲ་བ་ཅིག་ཡོད་པ་འདིས་ཁྱེར་བར་འདུག་དགོངས། དོལ་གྱིས་ཚུར་སྟོན་དབང་ངེས་དེས་འཕོ་བ་བསྒོམ་ཡིན་འདུག་པས་བདག་ལ་འཕོ་བ་སྐར་ཁུང་དུ་མདའ་འཕང་པ་འདྲ་བ་ཅིག་ཡོད་པ་དེ་འདིས་ཁྱེར་བར་འདུག་དགོངས། གཞུང་གིས་རྔོག་སྟོན་ཆོས་རྡོར་གྱིས་དཔེ་ལ་གཟིགས་ཤིང་འདུགས་པས་བདག་ལ་བཤད་རྒྱུད་ཆུ་བོ་ཡིས་གཞུང་དང་འདྲ་

(༧༥)བ་ཅིག་ཡོད་པ་དེ་འདིས་ཁྱེར་བར་འདུག་དགོངས་སོ། དེ་ནས་མི་ལ་རས་པའི་རླུང་འཛིན་ཡིན་འདུག་པས། བདག་ལ་གཏུམ་མོ་སྟོང་སྐམ་ལ་མེ་སྦར་བ་འདྲ་བ་ཅིག་ཡོད་པ་དེས་འདི་ཁྱེར་བར་དགོང་སྟེ། གྲུབ་ཐོབ་ཅིག་དེ་འདི་ལ་འོང་བར་འདུག་དགོངས་སོ། དེ་ནས་མི་ལ་འགོལ་པར་ཇོ་མོ་ལ་ཕུད་དང་ཚོགས་འཁོར་ཤི་ཤིག་གསུང་ནས་སྙན་རྒྱུད་བརྡའི་དབང་བཞི་དང་། གཏུམ་མོ་གནད་གྱིས་གདམས་ངག་སྲོག་ལོ་བསྲེ་འཕོ་སྙན་རྒྱུད་གྱིས་མན་ངག་རིམ་ལྔ་དམར་ཁྲིད་ལ་སོགས་པ་རྣམ་ལེགས་པར་ངོ་སྤྲད་དེ་སྦ་སྲི་དང་ཁ་ཞེ་མེད་པར་གནང་ནས་འགུར་འདི་གསུངས་སོ། ༈ ན་མོ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། བསམ་པའི་གདམས་ངག་དེ་ཀ་ཉིད། མང་པོ་ཐོས་འདོད་གཡེང་བའི་རྒྱུད། གནད་ཀྱི་གདམས་ངག་སེམས་ལ་ཆོང་། དེ་དེ་མང་ཡང་དེ་ཉིད་མེད། སྡོང་པོ་མང་ཡང་འབྲས་བུ་མེད། ཡོན་ཏན་མང་ཡང་དོན་སྟན་མེད། དེ་སླ་སླབ་ཀྱང་འདི་མཐོང་མེད། བཤད་རྒྱུ་མང་ཡང་ཕན་པ་མེད། ཕན་སྙིང་ལ་ཐོགས་པ་དམ་པའི་ནོར། ནོར་ཕྱུགས་པོ་འདོད་ན་འདི་ལ་དྲིལ། ཆོས་ཉོན་མོངས་འདུལ་བ་ཐབས་ཀྱི་

(༧༦)མཆོག །ལམ་བཙན་ས་འཛིན་ན་འདི་ལ་དྲིལ། སེམས་ཁོ་ཐག་ཆོད་པ་ཆོག་ཤེས་དཔོན། དཔོན་བཟང་པོ་འདོད་ན་འདི་ལ་དྲིལ། འཁོར་བ་ངུ་བྲོའི་སྒྱིད་ལུགས་སྐྱུར། མི་མེད་རྫ་བྲག་ཕའི་མཁར། གྲོགས་མེད་ཅིག་པུ་ལྷའི་ལུས། སེམས་ལ་སེམས་ཞན་ཆད་མེད་རྟགས། རང་ལུས་དགོན་པ་ལྷའི་ཁང་། ཡོང་མེད་དགེ་སྦྱོར་སྨན་གྱི་ཆོག །དོན་དང་ལྡན་པའི་སྐྱེས་བུ་ལ། དོན་ལ་ཐོགས་མེད་ཀྱིས་གདམས་ངག་སྦྱིན། ང་དང་གདམས་ངག་ཁྱེད་དང་གསུམ། མ་རུལ་མ་སད་མ་སྐམ་པར། ད་བུ་ཡིས་ལགས་དུ་བཞགས་པ་འདིས། འབྲས་བུ་ལོ་འདབས་རྒྱས་པར་ཤོག །ཅེས་གསུང་སྟེ་ངའི་གདམས་ངག་འདི་ཇོ་སྲས་མདོ་སྡེ་འདྲ་བ་རེ་རེ་མིན་པ་ལ་སྦྱིན་དུ་མི་རུང་བ་ལ། གང་ཡིན་ལ་མ་སྦྱིན་ཅིག་གསུང་ནས་བཀའ་རྒྱས་བཏབ་བོ། ད་ཁྱོད་ལྷོ་བྲག་རྟ་ཉའི་ཕུག་ཏུ་བསྒོམ་དུ་སོང་གསུང་། མི་ལ་དེར་བྱོན་ཏེ་ཐམས་ཅད་མཛད་པའི་ཚེ། ཌཀྐིའི་ལུང་ངན་བྱུང་ནས་བླ་མའི་དྲུང་དུ་བྱོན་ཏེ་ཁྱད་པར་གྱིས་འཕོ་བའི་གདམས་པ་ཞུས་པས། ཁོ་བོ་རྒྱ་གར་དུ་ལན་ཅིག་འགྲོའོ་གསུང་ནས་རྒྱ་གར་དུ་གཤེད། མི་ལས་ཡུམ་སྲས་ཀྱི་གཡོག་མཛད་

(༧༧)ལོ་ཅིག་མ་ལོན་ཙམ་ནས་བླ་མ་ཆེན་པོ་ཕྱག་ཕེབ། སླར་ཆོས་གདམས་ངག་མང་དུ་གནང་། དེའི་ཕྱིར་ལོ་ཇོ་སྲས་དར་མ་མདོ་སྡེ་སྐུ་གཤེགས། དེའི་ལོ་དུས་ཀྱི་མཆོད་པ་ནུབ་མོ་མི་ལས་བླ་མ་ཆེན་པོའི་དྲུང་དུ་ཞུས་པ། བླ་མ་ཆེན་པོ་ལགས། སྲས་འདྲེན་ཟླ་དང་བྲལ་བ་དེ་གདུལ་བྱ་རྣམ་ཀྱི་བསོད་ནམས་ལ་མ་ཤོང་། ད་ཆོས་རྒྱུད་གང་གིས་འཛིན་གང་དང་གང་དུ་ཇི་ལྟར་གསུང་བར་ཞུ་ཞུས་པས། བུ་ཁྱོད་རང་རྨི་ལམ་རྟོགས་དང་གསལ་བར་འོང་གིས་གསུང་། དེར་རྗེ་མི་ལའི་རྨི་ལམ་དུ། ཕྱོགས་བཞིར་ཀ་བ་ཆེན་པོར་བཞི་བཙུག་དེ་རྣམ་ཀྱི་སྟེང་དུ་སེངྒེ་འཆོང་བ་དང་། སྟག་མོ་ངར་བ་དང་། ཁྱུང་ཆེན་ཕུར་བ་དང་རྒོད་པོ་ལྡིང་བ་རྣམ་བྱུང་སྟེ་རྣལ་པད་པ་དང་། བླ་མ་ཆེན་པོ་ལ་ཕྱག་འཚལ་ནས་མཎྜལ་ཕུལ་སྟེ། རྨི་ལམ་བརྡའ་མཐོང་གིས་ཞུ་དོན་འདི་འཕུལ་ལོ། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ། ཉི་མ་ཤར་དུ་ཀ་ཆེན་ཅིག་བཙུག་པ་རྨིས། ཀ་ཐོག་དུ་སོང་ཆེན་འགྱིང་བ་རྨིས། གཡུ་རལ་མཐའ་ནས་རྒྱས་པ་རྨིས། གང་དཀར་སྡོད་དུ་འཕྱོ་བ་རྨིས། ཤར་རྨི་ལམ་མི་ངན་རྨི་ལམ་བཟང་། རྗེ་རིན་པོ་ཆེ་ལ་ཞུ་བ་ལགས།

(༧༨)ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་རྨིས། ཀ་ཐོག་དུ་སྟག་མོ་ངར་བ་རྨིས། སྟག་གྲ་འཛུམ་མཐའ་ནས་རྒྱས་པ་རྨིས། ཁོང་འཛུམ་ལེན་གསུམ་བྱས་པ་རྨིས། ཐང་ཤིང་རྒྱུད་དུ་སྦྲེལ་བ་རྨིས། ནང་མའི་གསེབ་དུ་འཕྱོ་བ་རྨིས། ལྷོར་རྨི་ལམ་མི་ངན་རྨི་ལམ་བཟང་། རྗེ་རིན་པོ་ཆེ་ལ་ཞུ་བ་ལགས། ཉི་མ་ནུབ་དུ་ཀ་ཆེན་བཙུགས་པ་རྨིས། ཀ་ཐོག་དུ་ཁྱུང་ཆེན་ལྡིང་བ་རྨིས། རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། བྱ་སྤུ་གནམ་དུ་གཟིང་བ་རྨིས། བྱ་མིགས་གྱེན་ལ་བལྟ་བ་རྨིས། ནམ་མཁའི་དབྱིངས་སུ་ཕུར་བ་རྨིས། ནུབ་རྨི་ལམ་མི་ངན་རྨི་ལམ་བཟང་། རྗེ་རིན་པོ་ཆེ་ལ་ཞུ་བ་ལགས། ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་རྨིས། ཀ་ཐོག་དུ་རྒོད་པོ་ལྡིང་བ་རྨིས། རྒོད་ཚང་བྲག་ལ་བཅས་པ་རྨིས། བྱ་ཕྲན་གྱིས་ནམ་མཁའ་གང་བ་རྨིས། རྒོད་དེ་ལ་བུ་ཅིག་སྐེས་པ་རྨིས། རྒོད་ནམ་མཁའི་དབྱིངས་སུ་ཕུར་བ་རྨིས། བྱང་རྨི་ལམ་མི་ངན་རྨི་ལམ་བཟང་། རྗེ་རིན་པོ་ཆེ་ལ་ཞུ་ལགས། ཞེས་ཞུས་པས། བླ་མའི་ཞལ་ནས་བུ་སློབ་ཐམས་ཅད་བོས་ཅིག་གསུང་སྟེ། ཐམས་ཅད་འདུས་པའི་ཚེ་མདངས་མི་ལ་རས་པའི་རྨི་ལམ་ལ་ཀ་

(༧༩)བ་ཆེན་པོ་བཞི་བཙུག་པ་རྨིས་ཟེར། དེར་ཁོ་བོས་བཤད་གྱིས་ཉོན་ཅིག་ཅེས་ཀ་བཞི་ངོ་སྤྲོད་གྱིས་འགུར་འདི་གསུངས་སོ། ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་སྟེ། དོལ་གྱིས་ཚུར་སྟོན་དབང་ངོ་ཡིན། ཀ་ཐོག་སོང་ཆེན་འགྱིང་བ་དེ། ཁོང་མི་བཞི་སེང་དང་འདྲ་བ་ཡིན། གཡུ་རལ་མཐའ་ནས་རྒྱས་པ་དེ། སྙན་རྒྱུད་གདམས་པ་ཐེབ་པ་ཡིན། གངས་དཀར་སྟོངས་སུ་འཕྱོ་བ་སྟེ། གདམས་ངག་རྒྱུད་ས་ཟིན་པ་ཡིན། རྨི་ལམ་མི་ངན་རྨི་ལམ་བཟང་། ལྷོ་རུ་ཀ་ཆེན་བཙུགས་པ་དེས། གཞུང་གིས་རྔོག་སྟོན་ཆོས་རྡོར་ཡིན། ཀ་ཐོགས་དུ་སྟག་མོ་ངར་བ་དེ། ཁོང་མི་བཞི་སྟགས་དང་འདྲ་བ་ཡིན། གྲ་འཛུམ་མཐའ་ནས་རྒྱས་པ་དེ། སྙན་རྒྱུད་གདམས་པ་ཐེབ་པ་ཡིན། ཁོང་འཛུམ་ལེན་གསུམ་བྱས་པ་དེས། བཤད་རྒྱུད་སྟན་པ་དར་བ་ཡིན། ཐང་ཤིང་རྒྱུད་ལ་སྦྲེལ་བ་དེས། བུ་ཚ་བོས་རྒྱུད་པ་ཟིན་པ་ཡིན། ནང་མའི་སེབ་དུ་འཕྱོ་བ་དེས། ཐར་པའི་ཞིང་དུ་གཤེགས་པ་ཡིན། རྨི་ལམ་མི། ནུབ་དུ་ཀ་ཆེན་བཙུགས་པ་དེ། ཙང་རོང་གིས་མེ་སྟོན་

(༨༠)ཆེན་པོ་ཡིན། ཀ་ཐོག་དུ་ཁྱུང་ཆེན་ལྡིང་བ་དེ། ཁོང་མི་བཞི་ཁྱུང་དང་འདྲ་བ་ཡིན། ཙོ་སྒྲོ་མཐའ་ནས་རྒྱས་པ་དེས། སྙན་རྒྱུད་གདམས་པ་ཐེབ་པ་ཡིན། སྤྱན་མིགས་གྱེན་དུ་གཟིགས་པ་དེ། འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། ནམ་མཁའི་དབྱིངས་སུ་ཕུར་བ་དེ། ཐར་པའི་ལམ་སྣ་ཟིན་པ་ཡིན། རྨི་ལམ་མི། བྱང་དུ་ཀ་ཆེན་བཙུགས་པ་དེ། ཁྱོད་གུང་ཐང་གིས་མི་ལ་རས་པ་ཡིན། ཀ་ཐོག་དུ་རྒོད་པོ་ལྡིང་བ་དེ། ཁྱོད་མི་བཞི་རྒོད་དང་འདྲ་བ་ཡིན། དང་སྒྲོ་མཐའ་ནས་རྒྱས་པ་དེ། སྙན་རྒྱུད་གདམས་པ་ཐེབ་པ་ཡིན། རྒོད་ཚང་བྲག་ལ་བཅས་པ་དེས། ཚེ་སྲོག་བྲག་ལས་སྲ་བའི་རྟགས། བྱ་ཕྲན་གྱིས་ནམ་མཁའ་གང་བ་དེ། བཀའ་རྒྱུད་ཀྱིས་བསྟན་པ་དར་བ་ཡིན། རྒོད་དེ་ལ་བུ་ཅིག་སྐྱེས་པ་དེ། འདྲེན་གྱིས་དོ་མེད་ཅིག་འོང་བ་ཡིན། བུ་རྨི་ལམ་མི་ངན་རྨི་བཟང་། ང་མི་རྒན་ཁ་ལ་ལྟད་ཡོད་ན། ཆོས་སྒྲུབ་རྒྱུད་བསྟན་པ་དར་ཏེ་མཆིས་ཞེས་གསུང་སྟེ། ཁོ་བོ་ནི་ན་རོ་ཆེན་པོའི་ལུང་ངན་ཅི་ལྟ་བ་བཞིན་དུ་དར་མ་མདོ་སྡེ་ནི་མེད། ཁྱོད་རྣམས་འགྲོ་དོན་འཕེལ་ཞིང་བསྟན་པ་དར་བར་

(༨༡)འོངས་ཏེ་ཁྱེད་རང་རྣམ་ཚོགས་འཁོར་ཤོམ་ཤིག །ངས་ཆོས་ཀྱི་ཕས་ཕོག་བྱའོ་གསུང་། དེར་ཚོགས་ཀྱིས་འཁོར་ལོ་བཤིས་ཤིང་གསོལ་བཏབ་པས་བླ་མའི་ཞལ་ནས་དོལ་གྱིས་ཚུར་སྟོན་དབང་ངེ་འཕོ་བ་རྒྱ་སྐར་ཁ་ཕྱེས་པ་ལྟ་བུའི་གདམས་ངག་གནང་འགྲོ་དོན་གྱིས་ཤིག་གསུང་། གཞུང་གིས་རྔོག་སྟོན་ཆོས་རྡོར་ལ་བཤད་རྒྱུད་མུ་ཏིག་ཙར་ལ་རྒྱུས་པ་ལྟ་བུའི་གདམས་ངག་ཅིག་གནང་། གྲ་བུ་སློབ་སྐྱོང་ཤིག་གསུང་། རྩང་རོང་གིས་མོས་སྟོན་ཆེན་པོ་ལ་འོད་གསལ་མུན་ཁང་ན་མར་མེ་སྟོག་པ་ལྟ་བུའི་གནང་བར་དོ་ཆོད་ཅིག་གསུང་། མི་ལའི་ཐུགས་ཀར་ཕྱག་མཁར་གཏད་དེ་གཏུམ་མོ་ཤིང་བཤགས་པ་མེ་སྦར་བ་ལྟ་བུའི་གདམས་ངག་གནང་། གངས་ཁྲོད་འགྲིམ་ཅིག་གསུང་། ད་མི་ལ་ངེད་གཉིས་འཚམས་ལ་སྡོད་གསུང་ནས་སྐུ་འཚམས་མཛད། འཚམས་འོག་ཏུ་བླ་མས་ཆོས་གསུང་། གཞན་རྣམས་ལ་གདམས་པ་སྣ་རེ་ལས་མ་བྱིན་། ཁྱོད་ལ་ཁོ་བོ་ཡིས་གདམས་ངག་བུམ་པ་གང་བྱོ་བྱིན་ཡོད་པས་ཉམས་སུ་ལོང་ཅིག་གསུང་། དེར་མི་ལས་བླ་མ་དང་ཉེ་བའི་ས་ཅིག་ཏུ་བསྒྲུབ་པ་མཛད་ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུང་། བླ་མ་ཡབ་ཡུམ་གྱིས་ཤིན་ཏུ་ཐུགས་ལ་བཏང་སོ།

(༨༢)དེ་ལྟར་མི་ལས་བླ་མའི་དྲུང་དུ་ལོ་མང་དུ་བཞུགས་སྟེ་ཤིན་ཏུ་འཕང་པའི་ལུས་དང་སྲོག་ལའང་ལྟོས་པ་མེད་པར་བླ་མ་བསྟན། བླ་མས་མཉེས་པས་རྒྱུད་གདམས་ངག་མ་ལུས་པ་རྫོགས་པར་གནང་། སྔོན་སྦྱང་གིས་ལས་འཕྲོ་པད་པས་ཉམས་རྟོགས་ཕུལ་དུ་ཕྱིན་པ་སྐྱེས་སྟེ། དེ་བླ་མའི་སྐུ་དྲིན་དུ་དགོང་ནས་ད་བདག་གི་བླ་མ་སྐུ་དྲིན་ཅན་ཡབ་ཡུམ་ལ་ནོར་རྫས་དངོས་པོའི་ཞབས་རྟོགས་ནི་བདག་ལ་མེད། དབེན་པའི་གནས་སུ་སྒྲུབ་པའི་ཞབས་རྟོགས་གིས་མཉེས་པར་བྱའོ་དགོངས་ཤིང་ཡོད་པ་ལ་ནུབ་ཅིག་རྨི་ལམ་ན་ཌཀྐི་མ་བུད་མེད་ཀྱིས་ཆ་བྱེད་དུ་བྱས་པ་ཅིག་གིས་ཞལ་ནས། ཁྱོད་ལྷོ་བལ་གྱིས་འཚམས་སུ་སོང་ཅིག་དང་། ཌ་ཀྐིའི་བྱིན་རླབས་འཇུག་ཅིང་གྲུབ་ཐག་ཉེ་བར་འོང་ངོ་། ཞེས་རས་དཀར་པོ་ཅིག་ནམ་མཁའ་ལ་རྐྱང་བ་རྨིས། ཡང་དེའི་རྗེས་རྣལ་ཐུན་ཅིག་གིས་རྨི་ལམ་ན་འཁྲུང་ཡུལ་དུ་ཕེབ་པས། ཡུམ་འདས་ ཁང་པ་ཞིག་ སྲིང་མོ་ཁྱར་བ་ཅིག་རྨིས་ནས་ཡུན་དུ་མ་ཕྲད་པའི་སྟོབས་གྱིས་མང་དུ་བཤུམ་པས། རྣལ་སད་ཙ་དབུས་རྔས་སྤྱན་ཆབ་ཀྱི་གང་བ་ཙམ་བྱུང་སྟེ། སྐྱོ་བ་ལ་བཟོད་བརླག་མེད་པ་

(༨༣)བྱུང་། དེར་འཚམས་སྒོ་ཕྱེས་ནས་ནམ་ལང་པ་དང་བླ་མའི་དྲུང་དུ་བྱོན་ཙ་ན་བླ་མ་རྣལ་དུ་གདའ་བའི་ཞབས་ལ་ཕྱག་འཚལ་ཏེ་ཞུ་དོན་གླུ་འདི་ཕུལ་ལོ། ༈ རྗེ་མི་སྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། སྤྲང་ལན་ཅིག་ཡུལ་དུ་གཏོང་བར་ཞུ། ཡུལ་ངན་ཙྭའི་ཀོང་རོན་ན། ཉེ་བ་དགྲ་ལང་གིས་མ་སྨད་གསུམ་སོ་སོར་བྱེ་ནས་ལོ་འགའ་སོང་། སྤྲང་ལན་ཅིག་ཡུལ་དུ་གཏོང་བར་ཞུ། ཞེས་ཞུས་པ་དང་། བླ་མ་ཆེན་པོ་རྣལ་སད་པ་དང་། གཟིམ་ཁང་ལ་ཉི་མ་ཤར་བ་དང་། ཡུམ་གྱིས་བཞེས་པ་འདྲེན་པ་ལ་བྱོན་པ་དང་འཛོམ་སྟེ། བླ་མའི་ཞལ་ནས། བུ་ཁྱོད་ཚམས་དམ་པོ་ཡོད་པ་ཧར་འདོན་བྱེད་པའི་ལུགས་མེད། སྒོང་ང་མའི་དྲོད་ལ་སྐྱེ་བ་ཡིན་ཡུལ་དུ་འགྲོ་ལོང་ཡོད། སྒྲུབ་པ་གྱིས་ལར་ཁྱོད་ལ་ཕྲེང་བ་ཡུལ་ན་མེད། འཚམས་ཧར་འོ་ན་བྱེད་པ་དེ་ཅུག་ཡིན་གསུང་པ་ལ་འགུར་འདི་ཕུལ་ལོ། ༈ རྗེ་མི་སྐྱོད་ངོ་བོ་ཐུགས་རྗེ་ཅན། སྤྲང་ལན་ཅིག་ཡུལ་དུ་གཏོང་བར་ཞུ། ཡུལ་ངན་ཙྭའི་ཀོ་རོན་ན། ནོར་ལུས་པ་བྱ་

(༨༤)བ་མི་གདའ་སྟེ། སེམས་ལ་ཕྲེང་བ་རྣམ་གསུམ་ཡོད། ཡི་དམ་དཀོན་མཆོག་རྩེགས་དུམ་དེ། དུས་ད་ལྟ་བཞུགས་སམ་མི་བཞུགས་ལྟ། ཨ་མ་ལུས་ཀྱི་སྒྲོམ་བུ་དེས། དུས་ད་ལྟ་གུམ་མམ་མ་གུམ་ལྟ། སྲིང་མོ་སྲེ་ཏ་དཔལ་འདྲེན་དེ། དུས་ད་ལྟ་ཤིའམ་མ་ཤི་ལྟ། ལས་ཀྱི་སྐོས་པའི་ལེགས་པོ་དེ། ཁྱིམ་སོ་ཟིནམ་མ་ཟིན་ལྟ། ཁྱིམ་ཚེས་ཨ་ཁུ་གཡུང་དཔལ་དེ། དུས་ད་ལྟ་ཤིའམ་མ་ཤི་ལྟ། ཨ་ནེ་ཁྱུང་པ་དཔལ་འདྲེན་དེ། དུས་ད་ལྟ་སྐྱིད་དམ་མི་སྐྱིད་བལྟ། ཁང་པ་ཀ་བཞི་གདུང་དྲུག་དེ། དུས་ད་ལྟ་འགྱེལ་ལམ་མ་འགྱེལ་ལྟ། བཙན་མཁར་ཟུར་བཞི་ལོགས་བརྒྱད་དེ། དུས་ད་ལྟ་ཞིག་གམ་མ་ཞིག་ལྟ། གཤོང་ཞིང་འོར་མོ་གྲུ་གསུམ་དེ། འཇག་སྐྱ་ཕྱུར་རམ་མ་ཕྱུར་ལྟ། བླ་མཆོད་དཀོར་གཉེར་ལྷ་འབུམ་དེ། དུས་ད་ལྟ་སྐུ་ཁམས་ཨེ་བཟང་བལྟ། རྗེ་མི་སྐྱོད་ངོ་བོ་ཐུགས་རྗེ་ཅན། སྤྲང་ལན་ཅིག་ཡུལ་དུ་འགྲོ་བ་ལ། སྐྱེལ་མ་དང་སུན་མ་ཐམས་ཅད་མཛོད། བར་ཆད་རྐྱེན་ངན་གྱིས་བཟློག་པར་མཛོད། ལུས་ངག་དང་བསམ་པའི་བསྲུང་མ་

(༨༥)མཛོད། སྨོན་ལམ་དང་ཐུགས་ཁུར་གྱིས་རྟེན་འབྲེལ་མཛོད། ཐུགས་རྗེ་དང་ནུས་པའི་དབང་བསྐུར་མཛོད། རྒྱུད་ལུང་དང་མན་ངག་གིས་རྒྱབ་བརྟེན་མཛོད། ཚེ་རིང་དང་ནད་མེད་ཀྱིས་བཀྲ་ཤིས་མཛོད། སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། རི་ཁྲོད་ཐུབ་པར་བྱིན་གྱི་རླབས། ཅེས་གསུང་ནས་ཡུལ་དུ་འགྲོ་འདོད་པས་འགྲོ་ལགས་ཞུས་པས། ད་རུང་ཁྱོད་ཞང་ཁ་ཡར་ཅིག་མ་འགྲོ་དང་ངས་རྟེན་འབྲེལ་ཟབ་མོ་སྒྲིག་རྒྱུ་ཡོད་གསུང་། དེ་ནས་ཉིན་གཅིག་བླ་མའི་དྲུང་ནས་ད་ཁྱོད་འགྲོ་ན་ཡང་སོང་ལ་བསྒོམ། རྒྱ་གར་དུ་ལུས་མེད་བ་ཁྲོ་བོའི་ཆོས་སྐོར་དགུ་ཡོད་པ་ལ་བཞིས་ངས་བླང་པ་ཡིན། ལྔ་ད་རུང་ཡོད་པ་ཡིན་པས་ན་རོ་པའི་བུ་རྒྱུད་ཅིག་སོང་ན་ལོན་པར་ཡོད་པས་ཁྱོད་འགྲོ་ནུས་ན་སེམས་ཅན་ལ་ཕན་པས་སོང་། སྒྲུབ་པ་ནུས་ན་བླ་མའི་ཞབ་རྟོགས་དང་། ཕ་མའི་དྲིན་ལེན་སེམས་ཅན་གྱིས་འགྲོ་དོན་ཐམས་ཅད་དུས་ཅིག་ལ་འགྲུབ་པ་ཡིན། བསྒྲུབ་པ་མ་ནུས་ན་ཚེ་རིང་པོར་བསྡད་ཀྱང་དགོས་པ་མེད། ཚེ་ངན་རིང་དང་ལས་ངན་དབང་དུ་མ་སོང་བ་ལ་འབུང་ཤིག །བུ་ཁྱོད་ཕྱིན་ཀྱང་མ་དང་མི་ཕྲད་པར་འདུག །སྲིང་མོ་དབུས་

(༨༦)ཙང་གིས་ཕྱོགས་འདིར་ཡོང་ནས་ལོ་མང་པོ་རེད་འདུག །འགྲོ་ན་བཏང་གིས་ཆོག །ལར་ཁྱོད་ནང་དུ་ཡོང་བ་དང་ང་གཉིད་སོང་བ་གཉིས་ཕྲད་པས་ངེད་རང་ཕའུ་གཉིས་ཕྱིས་མི་ཕྲད་པར་འདུག །འོན་ཀྱང་མཁའ་ལ་ཉི་མ་ཤར་བ་དེ་བཀའ་རྒྱུད་ཀྱི་བསྟན་པ་ཟླ་བ་ཡར་གྱིས་ངོ་བཞིན་དུ་ཁྱོད་ཀྱི་དར་བ་ཅིག་འོང་བར་འདུག །ཡུམ་བཞེས་པ་འདྲིན་བྱུང་བ་དང་འཛོམ་པས་དབུ་ཁྱོད་ལ་ཕྱིས་བསྟེན་ཟས་ཀྱིས་འཚོ་བ་ཅིག་ཡོང་བར་འདུག་ལར་ཁོ་བོས་རྒྱ་གར་ནས་དཀའ་ལས་བྱས་པའི་ཆོས་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་བྱིན་ཟེར། ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ངོ་སྤྲད་ཡོད་པས་བུ་ཁྱོད་གྱིས་ཀྱང་དེ་ལྟར་ཤེས་པར་གྱིས། ཡུལ་དུ་ཡང་ཞགས་བདུན་ལས་ལྷག་པར་མ་སྡོད། རྩ་རླུང་ཐབས་ལམ་གྱིས་གདམས་ངག་རྣམས་བཀའ་རྒྱས་ཐོབ་ལ་མང་པོ་ལ་མ་ཡེལ། གནས་གཡའ་ཁྲོད་དང་གང་ཁྲོད་ཁོ་ན་འགྲིམ། སྐབས་ལན་ཅིག་རྩ་རླུང་གིས་གེགས་ཅུང་ཟད་ཅིག་ཡོང་བར་འདུག །དེ་ཙ་ན་འདི་ལྟོས་ཅིག་ཤོག་དྲིལ་ཅིག་རྒྱས་བཏབ་པ་ཅིག་གནང་། དེ་ཚུན་ལ་ལ་ལྟ། ཡང་དང་ཡང་དུ་ང་དྲན་པར་གྱིས་ཡིན་

(༨༧)འབུང་། ངས་ཀྱང་ཁྱོད་ཡང་དང་ཡང་དུ་དྲན་པར་བྱེད། དྲན་རེས་མ་འཛོལ་ན་ངེ་རང་གཉིས་འཛོལ་བའི་ཐབས་མེད་པ་ཡིན་གསུང་པ་རྣམས་ཀྱི་སེམས་ལ་ཕན་ཏེ་སྙིང་ལ་ལྕགས། ཤ་ལ་བྲད་པ་ཅིག་བྱུང་བས་ཕྱིས་སྒྲུབ་པ་ལ་སྙིང་རུས་བྱེད་དུས་ཀྱང་གསུང་རེ་རེ་དྲན་ཡིན་སྒོམ་ཤེད་ཀྱང་ཇོ་ཆེ་ཇོ་ཆེར་སོང་སྐད། དེ་ནས་མི་ལ་འགྲོ་ཟེར་བས་བདག་མེད་མས་མི་རྟགས་པའི་ཉམས་མང་པོ་མཛོད་མཐུ་ཆེན་ལ་འདི་གསུངས་སོ། ༈ ཁྱོད་སྙིང་རུས་ཅན་གྱིས་སྡུག་སྲན་ཅན། ཕྱི་ཐག་རིང་ཞིང་ངང་རིང་པོ། སྐལ་བ་ཅན་གྱིས་བུ་ཁྱོད་ཀྱིས། །བླ་མའི་བདུད་རྩི་ཡེ་ཤེས་ཆས། ངོ་བོ་པར་འཐུང་ལ་གཞུད་པར་ཞུ། ཕ་དང་མ་གཉིས་མ་བརྗེད་པར། གསོལ་བས་འོ་དོད་ཡང་ངང་བོས། སྙིང་ལ་ཕན་པའི་གདམས་ངག་ལ། འགྲང་པར་ཟོ་ལ་བཞུད་པར་ཞུ། དྲིན་དང་ཕན་པ་མ་བརྗེད་པར། བཀའ་དྲིན་སོམ་ཡིན་སྙིང་རུས་མཛོད། མཁའ་འགྲོའི་ཁ་རླུང་ཟབ་མོའི་གོས། གྲོ་བར་གྱོན་ལ་བཞུད་པར་ཞུ། མ་ནུས་སེམས་ཅན་མ་བརྗེད་པར། རང་སེམས་བྱང་ཆུབ་ལམ་ལ་ཚུད། སྐལ་བ་བཟང་མོའི་བདག་མེད་མས།

(༨༨)བུ་ལ་སྙིང་གཏམ་བསྐུལ་བསྐུལ་བས། བུས་ཀྱང་མ་བརྗེད་སྙིང་ལ་ཟང་། མས་ཀྱང་ཡི་དམ་མགོན་དུ་སྐྱོབ། སེམས་ཡིད་མཐུན་པའི་མའུ་གཉིས། ཨོ་རྒྱན་དྲུང་དུ་མཇལ་བར་ཤོག །དྲིན་ལེན་ཆོས་ཀྱི་འཁོར་བར་ཤོག །ཅེས་གསུང་པས། མི་ལ་དགའ་སྟེ། ང་ད་རུང་ཆོས་ཅིག་མི་བྱེད་ཨེ་གོ་བསམ་པ་བྱུང་ངོ་། དེ་ནས་བླ་མ་དང་ཇོ་མོས་ཐུགས་ལ་བཏགས་ཡིན་གདམས་ངག་ཐམས་ཅད་རྫོགས་པས། འོ་མཐུ་ཆེན་ཐེ་ཚོམ་དང་ཡིད་གཉིས་མི་དགོས། ཁྱོད་ལ་ཡང་ང་ཤེས། ང་ལ་མང་ཁྱོད་ཤེས་ཆོས་ནུས་ན་ང་ཡང་དགའ་དང་འདི་ནས་དགའ་མེད་པར་འདུག །ཁྱོད་ལ་ཡང་གང་ནས་སྐྱིད་དང་འདི་ནས་སྐྱིད་མེད་པར་སྐྱིད་རེམ་ཅིག་རེམ་ཅིག་གསུང་ཏེ་འགུར་འདི་རྗེ་མར་པས་གསུངས་སོ། ༈ རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། ལས་བྱ་བ་ཆོས་དང་མཐུན་པའི་བུ་ལུས་སྤྲུལ་སྐུ་སངས་རྒྱས་འགྲུབ་པར་ཤོག །ངག་རྡོ་རྗེའི་ཟླས་པ་བདུད་རྩིའི་རོ། རྟེན་འབྲེལ་ལོ་སྐུ་འགྲུབ་པར་ཤོག །སེམས་ཙ་བ་བྱང་ཆུབ་སྡོང་པོ་ལ། ཆོས་སྐུའི་ལོ་འདབ་རྒྱས་པར་ཤོག །བླ་མའི་བཀའ་ཚིག་རྡོ་རྗེའི་གསུང་། སྙིང་ལ་བརྗེད་མེད་གནས་པར་ཤོག །ཡི་དམ་མཁའ་འགྲོའི་བྱིན་རླབས་དེ། སྲོག་གིས་ཙ་བར་

(༨༩)གནས་པར་ཤོག །ཆོས་སྐྱོངས་བསྲུང་མའི་རྒྱ་བརྟེན་དེ། འབྲལ་བ་མེད་པར་སྐྱོང་བར་ཤོག །རྟེན་འབྲེལ་ཟབ་མོའི་སྨོན་ལམ་དེ་ལྟ་བུར་བ་ཉིད་དུ་འགྲུབ་པར་ཤོག །ཆོས་མཛད་ཀུན་གྱིས་ཐུགས་རྗེ་དེ། དུས་རྣམས་ཀུན་ཏུ་འཛིན་པར་ཤོག །ཁྱོད་ཙང་སིལ་མ་ལའི་ལ་ཐོགས་སུ་བརྟེན་མ་བཅུ་གཉིས་ཀྱིས་སུན་མ་ཡོད། སང་ཉིན་འགྲོ་བའི་ལམ་ཁ་ན། དཔའ་བོ་དཔའ་མོའི་སྐྱེལ་མ་ཡོད། ཕ་ཡུལ་གཉེན་པའི་འཁོར་ཤིང་ན། མི་རྟགས་སྒྱུ་མའི་དམ་ཆོས་ཡོད། ཨ་ནེ་སྲིང་མོའི་ཉེ་འཁོར་ན། སྒྱུ་མ་ཞིགས་པའི་གདམས་ ངག་ཡོད། མི་མེད་ལུང་པའི་བྲག་ཕུག་ན་འཁོར་འདས་རྗེ་བའི་ཚོང་འདུས་ཡོད། སྙིང་རུས་ལུས་གྱིས་དགོན་པ་ན། །ལྷ་བདེ་གཤེགས་འདུས་པའི་མཆོད་ཁང་ཡོད། །ན་མེད་ཟའི་ཚོགས་འཁོར་ལ། མཁའ་འགྲོ་མཉེས་པའི་བདུད་རྩི་ཡོད། འཁྲུལ་འཁོར་གནད་ཀྱིས་ཁ་བསྒྱུར་ལ། འབྲས་བུ་རིན་ཆེན་སྐྱེ་བའི་སོོ་ནམ་ཡོད། ཡུལ་མི་ཙིས་ཆུང་བའི་རང་ཡུལ་དེར། འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། འཚོ་དམ་པོ་མི་མེད་ཁྱི་མེད་ན། རྟགས་མྱུར་དུ་མཐོང་བའི་སྒྲོན་མེ་ཡོད། ཟས་

(༩༠)བཀྲ་ཤིས་ངོས་དཀར་ས་གཞི་ལ། ཕུན་སུམ་ཚོགས་པའི་ལོ་ལྗང་སྐྱེད། རིམ་གཉིས་ཟབ་མོའི་འབྲས་བུ་སྨིན། སད་སེར་མེད་པའི་བཀྲ་ཤིས་ཤོག །

(༩༡)དཀོར་ཟས་མེད་པའི་རང་ཟས་ལ། བདེ་བ་ལྷའི་ཕ་འབབ་ཡོད། གྲིབ་དང་ས་ལྷའི་གཞལ་ཡས་ན། རང་དོན་ཆེན་འགྲུབ་པའི་ལྟད་མོ་ཡོད། ངེས་ལྐོག་མེད་པའི་ལྷ་ཆོས་ལ། དམ་ཚིག་གཙང་མའི་འཕྲིན་ལས་ཡོད། བཀའ་བཞིན་སྒྲུབ་པའི་སོ་ནམ་ལ་དངོས་གྲུབ་ཀུན་གྱིས་གཏེར་ཁ་ཡོད། དམ་ཆོས་མཁའ་འགྲོའི་སྲོག་སྙིང་ལ། འཁོར་འདས་ཀུན་གྱིས་གྱེས་པོ་ཡོད། ཕ་མར་པ་ལོ་ཙཙྪའི་བུ་རྒྱུད་ལ། གཏམ་སྙན་མང་པོའི་ཡོང་སྒོ་ཡོད། མི་ལ་རས་པའི་སྙིང་རུས་ལ། སངས་རྒྱས་བསྟན་པའི་སྲོག་སྙིང་ཡོད། ཅེས་གསུང་སྟེ། ད་ཀུན་འགྲོ་ན་ཡང་ངས་ཡར་སྐྱོལ་གསུང་ནས་ཇོ་མོས་ཕུད་བཟང་པོ་དང་ཚོགས་འཁོར་བཤེས་ལམ་ཆས་གང་དགོས་པའི་གྲོ་བརྒྱག་སྤྲད་དེ་ཇོ་མོ་ཡང་ཐུགས་སྐྱོ་བའི་སྤྱན་ཆབ་མང་པོ་བྱུང་སྟེ་ཡབ་ཡུམ་སྐུ་འཁོར་སུམ་བཅུ་རྩམ་གྱིས་སྔ་གྲོ་ཅིག་གིས་བར་སྐྱེལ་མ་མཛད་དེ། ཡིད་ཕྲེང་བའི་སྐྱོ་བས། ངག་ཕྲེང་བའི་སྙིང་གཏམ་ལུས་ཕྲེང་བའི་ཕྱག་རྒྱ་མང་དུ་མཛད། ཚོགས་འཁོར་ཅིག་ཤར་ནུབ་གསལ་བའི་ལ་ཁར་མཛད་ནས་རྗེ་མར་པས་མི་ལའི་ཕྱག་ལ་འཇུས་ནས་

(༩༢)ང་ཡིས་ཆོས་རྒྱུད་འདི་ཁྱོད་འཛིན་པའི་རྟེན་འབྲེལ་ཁྱད་པར་ཅན་ཅིག་ཡོད་པས་ང་མི་རྒན་གྱིས་ཁ་ལ་གཏད་པ་ཡོད་ན་ཆོས་སྒྲུབ་རྒྱུད་ཀྱིས་བསྟན་པ་དར་བ་ཅིག་འོང་ཏེ་མཆིས། ཅེས་གསུང་སྟེ་སེམས་དཔའ་ཏིང་ངེ་སོང་སྟེ། ངས་སྙིང་རུས་ཅིག་ནུས་ན་དོག་མེད་པར་འདུག་སྙམ་པའི་སྣང་བ་ཐོ་ཏིང་ངེ་བ་ཅིག་དུས་རྒྱུན་དུ་བྱུང་ངོ་། དེ་ནས་བླ་མ་ཆེན་པོ་རྗེ་མར་པ་དང་རྔོག་གཉིས་ལ་སངས་རྒྱས་དངོས་ཀྱིས་འདུ་བཤེས་ཀྱིས་དད་པ་བརྟེན་པོ་ཐོབ་ཅིང་བླ་མའི་ཞབས་ལ་འཇུས་སྟེ་སྨོན་ལམ་བཟང་པོ་བཏབ། བླ་མས་ཀྱང་ཕྱག་འཛུབ་སྙིང་ཁར་གཏད་ནས་སྨོན་ལམ་བཟང་པོ་གསུང་སྟེ། དཔོན་སློབ་གཉིས་འབྲས་མི་ཕོད་པའི་གདུང་དབྱང་མང་པོ་མཛད་ནས་ས་ཕག་མ་བུད་གྱིས་བར་དུ་ཡིད་ཕྲེང་བའི་ཕྱི་མིག་མང་པོ་ཡང་བལྟས་ཙ། བླ་མ་དཔོན་སློབ་རྣམས་ལྷོ་བྲག་གང་དཀར་གྱིས་ལ་ཁར་དེ་རུང་སྨུགས་དཔུང་ངེ་འདུག་པས། ཡིད་ལ་བཅད་རྡོ་ཆེན་པོ་ཡོད་པ་ཡིན་པས། དེ་ལ་ལོགས་ཕྱིས་ཅིག་བྱས་ཅེས་སོ། ཕྱི་མིག་མང་པོ་ཡང་བལྟས་ཏེ། རྗེ་མར་པའི་ཞལ་ནས། ཁོ་ཕྱི་མིག་ཡང་ངང་ལྟ་བ་དེ་ང་ལ་ཕྲེང་བས་ལོགས། ཚད་དེ་སྙིང་ལ་རུས་པ་ཅིག་ཡོད་དོ་གསུང་

(༩༣)རྗེ་བཙུན་གྱིས་ཐུགས་ལ་ཡང་ལས་ཅི་ལ་ཐུགས་ཀྱང་ཆོས་ཅིག་བྱེད་སྙམ་པའི་ངེས་ཤེས་དང་མ་བྲལ་བའི་བླ་མ་ལ་ཡིད་སྲོང་ངེ་བ་ཅིག་བྱུང་བས་སྐྱེ་ཏིང་ངེ་བ་ལ་ཡུལ་དུ་བྱོན་ནོ། བླ་མ་མར་པ་ཡར་བྱོན་ཏེ་ངའི་བུ་དེ་ཆོས་བཤའ་མ་ཅིག་ནུས་པར་འདུག་གསུངས་སོ། ཡང་རྣམ་ཐར་ཅིག་ལ་བླ་མ་མར་པ་ལ་མི་ལས་ཕྱག་འཚལ་ཏེ། ཞབས་སྤྱི་བོར་བླང་ནས་ཤད་ཀྱིས་སོང་བས་བླ་མ་རྔོག་གིས་དྲུང་དུ་ཕྱིན། བླ་མ་ཡབ་ཡུམ་གྱིས་ད་གདམས་ངག་ཅི་འདོད་པ་ནི་བླ་མ་སངས་རྒྱས་ངེད་གཉིས་ཀྱི་སྦྱིན། འཚོ་བ་ཅི་དགོས་པ་ནི་ངེད་གཉིས་ཀྱིས་འདྲེན། ད་ཁྱོད་འདག་ཆར་སྦད་ཀྱིས་ཆོད་དང་། ངེད་ཀྱི་ཁས་གཉེན་པ་ལ་ཁྱོད་ཡོད་པས་སུས་རག་མི་ཕོད། ཁྱོད་དྲིན་ཆེ་བ་ཡིན་གསུང་པ་ལ། ཡང་མི་ལས་ཞུས་པ་དེ་ལྟར་བགྱི། རྗེ་མར་པའི་སྤྱན་སྔར་ལན་ཅིག་འགྲོ། ཁོང་ལ་ཞུ་རྒྱུ་འགའ་ཡོད་དེ་ནས་ཚུར་ཡོང་བ་སྲིད། མི་ཡོང་མ་སྲིད་ཞུས་པས་ཅི་ནས་ཀྱང་འབྱོན་པར་ཞུ་ཟེར། ང་ལན་ཅིག་མཇལ་ན་ཅིས་ཀྱང་ཡོང་ཞུས་ནས་གཞུད་དོ། དེ་ནས་རྗེ་མར་པའི་སྤྱན་སྔར་ཕྱིན་ནས་ཕྱག་འཚལ་ནས་ཞུས་པ་ང་ཤིན་ཏུ་

(༩༤)ཡང་དམན་སྡིག་པ་དཔག་ཏུ་མེད་པ་ཡང་བྱས། འོན་ཀྱང་ཁྱེད་ཡབ་སྲས་ཀྱི་ཐུགས་ལ་ཤིན་ཏུ་བཏགས། ད་ལན་ཅིག་སློབ་དཔོན་རྣམས་ལ་ཕྱག་རེ་འཚལ་དུ་འ། ཁང་ཞི་།།།དེ་ཀྱི་བདག་པོ་མེད་པར་འདུག་ཀྱང་ཟེར། དཀོན་མཆོག་གཙེགས་པ་ཅིག་ཡོད་པ་དང་། ཁང་ཞིང་རྩོང་པའི་རིན་ཁྱོད་ཡབ་སྲས་གཉིས་ལ་མཎྜལ་རེ་འབུལ་སློབ་དཔོན་རྣམས་ལ་ཡང་བག་ཙམ་རེ་འབུལ་སྙམས་ཞུས་པས། རང་རེ་དཔོན་སློབ་མིན་པ་གཞན་ལ་དེ་མ་ཟེར། རང་ལ་ཡང་གནོད། ཕྱི་རབ་ཀྱི་སེམས་ཅན་རྣམས་ལ་ཡང་གནོད་པ་ཡིན། ལར་ཚོགས་རྣམ་པ་གཉིས་མ་རྫོགས་པར་སྒྲིབ་པ་རྣམ་པ་གཉིས་མི་བྱང་བས། ཁོ་བོ་ནོར་ལ་གནག་ནག་བྱེད་པ་ཡང་སེམས་ཅན་གྱི་དོན་ཡིན། ངས་འཇིག་རྟེན་ཐམས་ཅད་ནས་ཁྱབ་ནས་ཡོད། ངས་ནོར་ལ་བདག་དུ་བཟུང་བ་མེད་པ་ཡིན། དེ་ཡང་སང་དུས་ཚོད་ཅིག་ན་ཁྱོད་ཀྱང་ཤེས་ནས་འོང་། ང་ལ་ཐེ་ཚོམ་ཡང་མི་སྐྱེའོ། ང་ལ་འབུལ་བ་མི་དགོས། འབུལ་བ་བྱེད་སྙམ་པ་ཁྱོད་ཀྱིས་བདུད་ཡིན། ཁྱོད་དཔོན་སློབ་གཞན་རྣམས་ལ་དེ་དག་ཕུལ་གསུངས་སོ། འོ་ན་ཡང་ཇོ་མོ་ལ་ཡང་མཎྜལ་འབུལ་འདོད་ཞུས་པས།

(༩༥)དེ་ཡང་མི་དགོས་སང་ཆོས་ཀྱི་གོ་ཡུལ་ཅིག་ནི་སྐྱེས་ཙ་ཁོ་བོའི་དྲུང་དུ་ལེན་ཅིག་ཤོག་དང་དེ་བཟོད་ཁྱོད་གོ་གསུང་། དེར་ཕྱག་ཕུལ་ནས་མི་ལ་སོང་སྟེ། སློབ་དཔོན་རྣམས་ལ་རིམ་པ་བཞིན་དུ་ཕྱག་འཚལ་ཏེ་བླ་འོ་སྐད། བན་བོན་གཉིས་ཀྱིས་ཞལ་ནས། འོ་གོ་བཅད་ཟིན། ངེད་རང་དཔོན་སློབ་སྡིག་ཆེ་བས་སྡིག་བཤགས་ལ་ཁྱོད་ཆོས་སྒོར་ཞུགས་པ་ཤིན་ཏུ་ལེགས་གསུང་སྟེ་མཉེས་ནས། ཉི་མ་གསུམ་ལ་སྐྱལ་ནས་མཇལ་བའི་སྨོན་ལམ་བཏབ། དཔོན་སློབ་གསུམ་ཀ་ལ་སྤྱན་ཆབ་བྱུང་བས་ས་ལ་གན་སྐྱལ་དུ་འགྱེལ་ནས་ཡུན་རིང་དུ་བཤུམ་སྐད། དེ་ནས་རྩང་རོང་དུ་ཕྱིན་ནས་སྔ་མའི་སློབ་དཔོན་རྙིང་མ་བ་རོང་སྟོན་ལྷ་དགའ་དང་མཇལ་ནས། འོ་ན་མི་ལ་ཁྱོད་གོ་བཅད་གྲགས་པ་ཐོན། བསྙེན་པ་ཆེ་ད་ཁྱོད་རང་གིས་ཁང་ཞིང་དང་། ཨ་ཁུའི་ཁང་ཞིང་རྣམས་བདག་པོ་བྱས་བས་ཆོག །ཁྱོད་ལ་བལྟ་ཕོད་མི་མེད། དོ་ནུབ་སྡོད་དང་འོ་སྐོལ་གཉིས་བླའོ་བྱེད་གསུང་པ་ལ། ཁོང་འགྲོ་རིང་པ་དང་བྱུང་བས། ང་དོ་ནུབ་ནས་འགྲོ་བྱས་སྟེ་གྲོས་བྱས་ནས་སོང་བས། དེ་ནུབ་རང་ཡུལ་དུ་ཕྱིན་ཞིང་

(༩༦)ཞིང་ཐམས་ཅད་ཐལ་བར་སོང་། ཁང་པ་ཐམས་ཅད་ཐིག་ཚག་དུ་སོང་ནས་ཤིང་རྣམས་རུལ། ཕྱེད་སྡིབ་ཕྱེད་ཁྲོལ་མང་བཞིན་དུ་སོང་ནས་རྩ་སྐྱེས་སྣང་དཀོན་ཙེགས་དེ་ཕྱེད་པ་ནང་དུ་སོང་ནས་རུལ། ཕྱེད་མངོན་པ་པ་འདི་ཅང་དེ་སྣང་མ་སྔོན་ནས་ཤི། སྲིང་མོ་སྲེ་ཏ་ལ་སྡོད་ཕྱོགས་སུ་སྤྲང་སོང་ཟེར། ཁང་སྟོང་དེར་ནུབ་མོ་ཉལ་བ་ལ། འཁོར་བའི་རང་བཞིན་འདི་ལ་ཡི་མུག་བསམ་ཞིང་སྒྱིད་ལུགས་པ་ཅིག་བྱུང་བས་རང་ཤུགས་གིས་འགྱུར་འདི་གསུངས་སོ། ཀྱཻ་མ་འཁོར་བ་སྙིང་རྗེ་མེད། མི་རྟགས་མི་རྟགས་སྙིང་རྗེ་མེད། ཅེས་སོགས་མི་རྟགས་པའི་འགུར་གསུང་ནས་དེ་ཡང་འཇིག་རྟེན་འདི་ལ་སྐྱུར་ལོགས་པ་ཅིག་བྱུང་ནས་འཁོར་བའི་བདེ་སྡུག་འདི་ཐམས་ཅད་དོན་མེད་དུ་འདུག་སྙམ་པ་བྱུང་། ཐམས་ཅད་མི་རྟགས་པ་འགྱུར་བ་ཅན་དུ་གོ་ཅིར་ཡང་སྣང་བ་མ་ངེས་སྒྱུ་མར་གོ་སྔོན་ཕ་མ་བུ་གསུམ་འཛོམ་ཡང་དོན་མི་སྣང་། ངེད་མ་སྨད་གཉིས་འཛོམ་ནས་ནོར་མེད་པའི་དུས་ཀྱང་དོན་མི་སྣང་། ད་ནོར་རྣམ་ཡོད་དེ་མ་སྨད་མེད་ཀྱང་དོན་མི་སྣང་། སྔོན་མ་ཡོད་ང་བུ་མེད་པའི་དུས་ཀྱང་དོན་མི་སྣང་། ད་བུ་ང་ཡོད་མ་མེད་པའི་དུས་ཀྱང་དོན་མི་སྣང་། མ་སྨད་གཉིས་ཀ་འཛོམ་པའི་དུས་ཀྱང་སྙིང་རྗེའི་

(༩༧)དོན་མི་སྣང་། མ་ཡོད་བུ་ཡོད་ནོར་ཡོད་ཐམས་ཅད་འཛོམ་པའི་དུས་ཀྱང་འཁྲུལ་བར་སྣང་། སྐད་ཅིག་གིས་རྣམ་རྟོགས་མིན་པ་དོན་མི་སྣང་། སྒྱུ་མ་ལྟ་བུར་འཁྲུར་པར་འདུག །ད་ང་འཁྲུལ་པར་གོ་བའི་གནས་སྐབས་འདིར། སེམས་སྐྱེ་བ་མེད་པའི་ངོ་བོ་དེ་ཙམ་དགོས་སྙམ་པ་བྱུང་ངོ་། དེ་ནས་ཞིང་གིས་ཕྱེད་དེ་སློབ་དཔོན་རྫོགས་ཆེན་པ་དེ་ལ་ཕུལ། ཕྱེད་དེ་སློབ་དཔོན་དེ་ལ་གཏད་པས་སློབ་དཔོན་ཁྲོ་རྒྱལ་དང་བོན་པོ་གཉིས་ལ་འབུལ་ཞུས་པས་སློབ་དཔོན་དེའི་ཞལ་ནས། ང་ཡང་རྒས་ཞིང་གིས་ཅི་བྱེད་གསུང་པ་ལ་བཞེས་པར་ཞུ་ཞུས་ནས་བཞེས། དེ་ནས་མི་ལས་རང་གིས་ཁང་རྟགས་ཏུ་ཕུག་པ་ཅིག་སྐོས་ཏེ་སློབ་དཔོན་རྙིང་མ་བས་ནས་ཡ་གང་བྱིན་པ་ཟོས་ནས། ཟླ་བ་ལྔ་བསྒོམ་པ་ལ་དྲོད་ཀྱང་མ་བྱུང་ཤེས་པ་ཙབ་ཙུབ་དུ་སོང་ནས་རྗེ་མར་པའི་སྤྱན་སྔར་ཆས་སྙམ་སྟེ། ཕྱིར་གཞུད་པར་ཞུས་བྱས་པས་ཡང་བསམ་པ་ཅིག་སྐྱེས་སྟེ། རྗེ་མར་པས་ཆོས་ཅིག་ནི་རྟོགས་ཙ་ཤོག་གསུང་པས། ཆོས་བས་ང་ལ་དྲོད་ཀྱང་མེད་སྙམ་ནས་ལྷོབ་གྱི་བསྡོད། དེ་ནས་ཡང་ཤེས་པ་ཚོམ་ཚོམ་དུ་འདུག །སྒང་པར་ཆུ་མ་ཆགས་

(༩༨)སྟེ། སློབ་དཔོན་རྙིང་མའི་ཡན་

(༩༩)སྟེ། སློབ་དཔོན་རྙིང་མའི་སློབ་མ་གཅིག་གིས་ཆང་རྒན་གཅིག་བྱུང་བ། དཔོན་སློབ་རྣམས་ཀྱིས་གསོལ་བས། ཐུན་གཅིག་གཉིད་ཙ་རླུང་རེད་པས་སོང་ངེ་སོས་སོང་། དེ་ནས་ཡང་ཕུག་པར་སོང་ཏེ། བཙོན་འགྲུས་ཕྱུང་ནས་བསྒོམས་པས། དྲོད་ཀྱང་མ་བྱུང་སྐད། དེ་ནས་སློབ་དཔོན་ལ་ཕྱག་འཚལ་སོང་བས། ལམ་དུ་ངོ་བོས་གྱིས་ཉ་མ་གཉིས་དང་འཕྲད་པས། སྙག་ཁྲོ་རྒྱལ་དང་། བོན་པོ་གཉིས་རིམས་ཕྲན་གཅིག་གིས་འདས། བར་ན་ཞགས་བདུན་ལས་མི་ཁྱད། དགེ་བར་ཆེ་བར་བྱས། ཅེས་ཐོས་པས། མྱུར་བར་རྫོགས་ཆེན་པའི་སྤྱན་སྔར་ཕྱིན་ནས་ཕྱག་འཚལ་སྟེ་ཞུས་པས། ངའི་སློབ་དཔོན་གཉིས་འདས་པར་སྣང་། སློབ་དཔོན་གཉིས་ལ་བསྔོས་པའི་ཞིང་དེ་ཁྱོད་ལ་འབུལ།

(༡༠༠)བསྔོ་བ་སྨོན་ལམ་ཞུ། ཅེས་ཞུས་པས་བསྔོ་བ་དང་སྨོན་ལམ་མཛད་དོ། དེ་ནས་ཞགས་བདུན་སློབ་དཔོན་གྱིས་བཤོལ་སྟེ། ཆང་གསོལ་ཡིན་བཞུགས་སོ། དེ་ནས་ཡང་ཕུག་པར་སོང་སྟེ། བཙོན་འགྲུས་འཕྱུང་ཞིང་བསྒོམས་པས་དྲོད་ཀྱང་ཡེ་མ་བྱུང་། གད་ཞབས་ཀྱིས་ཞིང་རིང་བྱ་བ་རྔོག་ཡབ་ཡུམ་ལ་བསྔོས་པ་དེ། ཡུལ་གྱིས་མི་ཆེན་དེ་ལ་གཏད་པས། རིན་དེ་ངས་བླ་མ་ལ་བསྔོས་པ་ཡིན།

(༡༠༡)ཞིགས་གིས་ཐོག་ཨེ་ཡོད་དེ་ནས་ཁྱོད་ལ་གཏད་ཐུགས་ལ་ཐོག་ཞུས་པས། དེ་ཆོག་ཟེར་ནས་ཁས་བླང་ངོ་། དེ་ནས་ཡང་ཕུག་པར་སོང་ནས་བཙོན་འགྲུས་ཕྱུང་ནས་བསྒོམ་པས་ནུབ་ཅིག་གིས་རྨི་ལམ་དུ་ཞིང་ཅིག་རྨོས་པ་ལ། བཤོལ་ཡེ་མ་ཆོད་པར་འདུགས་པ་རྨིས། མི་ལའི་བསམ་པ་ལ། ག་རེ་སྒོམ་ཀྱང་ཉམས་མྱོང་ཡེ་མ་སྐྱེ་བ་སྙམ་པ་བྱུང་། འོན་ཀྱང་སྒྲིབ་པ་ཆེ་བ་ཡིན་ནམ་མ་ཤི་བར་དུ་བསྒོམ་དགོས་དང་ཉམས་མྱོང་མི་སྐྱེ་དོགས་མེད་སྙམ་སྟེ་འགུར་འདི་གསུངས་སོ། མཉམ་པ་ཉིད་ཀྱི་ས་གཞི་ལ། དད་པ་སྔོན་འགྲོའི་ཆུ་ལུད་བྲན། གཏུམ་མོ་འབར་འཛག་བརླན་གྱི་བརླན། འཛིན་མེད་ངེས་ཤེས་ས་བོན་བཏབ། ཟུང་འཇུགས་གླང་ཆེན་གཉིས་སྡེབ་ནས། ཐབ་དང་ཤེས་རབ་ཤོལ་བཏགས་སྟེ། བློ་ལྡན་ཡེང་མེད་མཐོང་མཁན་བྱས། བཙོན་འགྲུས་ལྕག་གིས་ཡོང་བསྐུལ་ནས། ཐལ་བ་སྲ་ཡང་།།།འཆིས། འབྲས་བུ་དུས་སུ་སྨིན་ཏེ་མཆིས། ཞིང་པའི་དཔེ་དང་སྦྱར་བ་འདི། རྣལ་འབྱོར་པའི་རྨི་ལམ་ཡིན། ཕྱི་རབ་བརྟེན་གྱིས་གང་གིས། ཉམས་སུ་ལེན་ནས་འདི་བཞིན་ལོང་། ཅེས་གསུང་དེ་ནས་ཞེ་བཅད་ཆེན་པོ་

(༡༠༢)བྱས་ནས་བྲག་དཀར་སྤོམ་ཐོན་ལ་འགྲོ་སྙམ་སྟེ། སྒྱེ་རུལ་ཅིག་ཏུ་ནས་ཕུལ་ཉི་ཤུ་རྩ་གཉིས་ཙམ་གཉིས་རྩམ་ཡོད་པ་བཟུང་། རྐྱལ་པ་ཅིག་དུ་ཕྱེ་མ་ཡོས་ཕུལ་གསུམ་དང་བཞི་ཆ་ཅིག་དང་། སློབ་དཔོན་གྱིས་གནང་བའི་ཕག་ཤ་གཟུགས་ཕྱེད་ཅིག་ཡོད་པ་ཁུར་ནས་སོང་བས་མི་ཆེན་དེ་དང་ཕྲད་དེ་སྤྲིན་དཀར་པོ་ཡ་ཀི་དེའི་ཞབས་སུ་ངའི་སློབ་དཔོན་མར་རྔོག་གཉིས་ལ་མཎྜལ་རེ་འབུལ་སྙམ་ཙ། རྗེ་མར་པས་བཀའ་རྒྱ་མཛད་ནས་མ་བཞེས་སློབ་དཔོན་རྔོག་ཡབ་ཡུམ་ལ་མཎྜལ་རེ་འབུལ་འདོད་པས་ཐལ་བ་ཤིན་ཏུ་རྨོ་དཀའ་སྟེ། དབྱར་ཁྱོད་ཀྱི་ཕྲུ་ཅིག་ཨེ་ཐུབ་ལྟོས། ཁྱེད་ལ་ངས་ད་རེ་བ་ཡིན་བྱས་པས་མི་ན་པོ་ཆུང་ཡང་སེམས་གསལ་བ་ཅིག་འདུག་པས། ཁྱོད་ཁང་ཞིང་མི་ཆེ་བ་ཅིག་གིས་ཕྱིར་མི་ལས་དེ་ཙམ་མེད་པ་བྱས། ཆུས་ཉེས་བཅུག་ཟེར། ཁྱེད་མ་བུ་དང་ང་ཡི་མ་དེ་སྙིང་ཉེ་ནས་སྣང་། ཨ་མས་ང་ལ་མི་ན་བའི་དུས་ནས་ཁ་ཆེམ་བཞགས་ཏེ། ཐོས་དགའ་མཐུ་ཆེན་དེ་བྱུང་ནས། འོ་སྐོལ་མ་བུ་ལ་ལྟ་སེམས་ཤིན་ཏུ་བཟང་བས། ཁྱོད་བློ་ལྷན་ནེ་གཏོད་ལ་ཅི་ཟེར་གྱིས་ཟེར་ནས་ང་ལ་མས་ཁ་ཆོམ་

(༡༠༣)ཡང་བཞགས། ད་ངས་ཁྱོད་ཅི་མཉེས་བགྱི་ཟེར་དེ་ནས་སྒྱེ་ཁུར་བ་དང་བྲག་དཀར་སྤོམ་ཐོན་ལ་སོང་ནས་བྲག་ཕུག་གཅིག་དུ་བཙོན་འགྲུས་ཕྱུང་སྟེ་བསྒོ། ཟ་ཁོ་ན་ལ་ཡལ་བྲོ་བ་ཙམ་བྱས་ཡིན་གསོལ། དེར་ལུས་ལ་ཤ་མེད་ཟ་མདོག་བསྔོ་ལྷང་ངེ་རུས་མགོ་གཡོག་ཏུ་སོང་། ཉིན་ཅིག་ཀུ་རྒྱང་ཆེན་པོ་ཅིག་གྲགས་པས་བལྟས་ཙ། ཁྱིས་རི་དྭགས་བདས་ནས་མཐའ་ལ་བཙུད་དེ་ཁ་དམར་བཏང་ངེ་བྱུང་། དེའི་རྗེས་མ་རྔོན་པ་མང་པོ་བྱུང་ནས། རི་དྭགས་མང་པོ་མཐའ་ལ་ཙུད་ཅིང་བསོད་པར་འདུག །སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ཏེ་བྱ་ཐབས་མེད་གསུང་རྔོན་པ་ཀུན་གྱི་ཁོང་མཐོང་ནས། ཁྱོད་མིའི་གཟུགས་ལ་རུས་མགོ་ལྤགས་གཡོག་འདི་འདྲ་བསྔོ་ནག་ལྷང་ངེ་བ་འདི་སུ་ཡིན། གར་བྱུང་གང་ནས་ཡོད་པ་ཡིན་ཅེས་དྲི་སྨད་བྱས་པ་ལ། མི་ལ་ན་རེ། ང་མི་ལ་ཐོས་དགའ་བྱ་བ་ཡིན། བྲག་འདི་ལ་བསྒོམ་པ་ཡིན། ཟ་རྒྱུ་མེད་ཟ་ཁོ་ན་ལ་ཟོས་པས་སྔོན་པོར་གྱུར་པ་ཡིན་གསུང་པས། རྔོན་པ་རྣམ་དད་པ་སྐྱེས་སྟེ་ཤ་མང་པོ་དང་ཕྱེ་ཀུན་བསྡུས་ནས་བྱིན་ཏེ། ད་ཁྱེད་བུ་ལ་ལྟ་སེམས་ཤིན་ཏུ་བཟང་ཀུན་

(༡༠༤)གསོལ་ལ་བསྒོམ་དང་ངེད་ཀྱི་ཡོན་བདག་བྱེད་བརྒྱག་སྐྱེལ་ཟེར། དེ་ནས་མི་ལས་དེ་རྣམས་སྲིས་ཞིང་གསོལ་བས་ཡུན་རིང་ཅིག་གིས་བརྒྱག་བྱུང་གསུང་། ཡང་དེ་ཀུན་ཟད་ཙ་ན་བྲག་དེ་ལ་སྒྲོ་ཚོལ་མི་རྣམ་པ་དང་། གུང་ཐང་པའི་སྒྲོ་འཐུན་མང་པོ་བྱུང་བ་དང་ཕྲད་དེ། ཁོང་ཟ་མདོག་ཤ་མེད་སྔོན་པོ་རུས་མགོ་ལྤགས་གཡོག་དུ་འདུག་ཀྱང་། ཏིང་ངེ་འཛིན་གྱི་སྟོབས་གྱིས་བརྙེན་པ་དང་ཡང་བ་བྱ་བཞིན་སོང་བས། བྲག་ལ་འཛེག་ཡིན་སྒྲོ་རྣམ་བརུས་ཏེ་སྒྲོ་ཐུན་ལ་བྱིན་ནས་དྲོ་ཕྱེ་རྣམས་བཞགས། དེ་ལ་བརྟེན་ནས་མ་ཡེང་པར་སྒོམ་པས་སྒྲོ་ཐུན་རྣམས་དང་རྔོན་པ་ལ་སོགས་པས་བྲག་དཀར་སྤོན་ཐོན་ནམ་མཁའ་རྫོང་ལ་མི་ལ་བསྒོམ་པས་གྲུབ་པ་ཐོབ་ནས་ལུས་པོ་རིལ་གྱི་གཡུར་སོང་ཟིན་དང་རིན་པོ་ཆེ་སྣ་ལྔར་གྱུར་ལ་ཁད་བྱས་པས། ཡུལ་ཐམས་ཅད་དུ་དེ་ལས་གླིང་རྒྱུ་མེད་པ་སྐད། དེ་ནས་སྲིང་མོ་སྲེ་ཏ་སྤྲང་ཡིན་སོང་བས། སྣ་ནམ་དུ་ཆང་གྲལ་ཅིག་ཏུ་མི་ལའི་གླིང་གླང་བྱེད་ཡིན་འདུག་མི་ཅིག་ན་རེ། སྒོམ་ལ་ཁྱོད་གང་ནས་འོང་སུ་ཡིན་དྲིས་པས། པྲེ་ཏ་ན་རེ་ང་ཁྱུང་པོ་ཟ་ཅིག་ཡིན། ཕ་མ་མེད་མིང་པོ་ཐོས་དགའ་བྱ་བ་

(༡༠༥)ཅིག་ཡོད་པ་བོད་ཡུལ་དུ་འཁྱམས་ཐལ། ང་སྤྲང་བ་ཡིན་བྱས་པ་ལ། མི་དེ་ན་རེ། ཁྱོད་མི་ལའི་ཐོས་དགའི་སྲིང་མོ་ཡིན་ན་བྲག་དཀར་སྤོ་ཐོན་ནམ་མཁའ་རྫོང་ལ་ཐོས་དགའ་ནི་ལུས་པོ་ཐམས་ཅད་གཡུ་ཏུ་ཧྲིལ་གྱི་སོང་ནས་ད་རིན་པོ་ཆེ་སྣ་ལྔ་འབབ་ལ་ཁད་ནས་སྣང་། ཁྱོད་མིང་པོའི་དྲུང་དུ་སོང་ཟེར། དེར་མོས་དྲིས་པ་ལ། སྒྲོ་ཐུན་རྣམས་ཀྱང་བདེན་ངེད་དང་འཕྲད་ཟེར། ཡང་གཞན་རྣམས་ལ་དྲིས་ཀྱང་བདེན་རྔོན་པ་ཀུན་དང་ཕྲད་ཟེར་དེར་པྲེ་ཏ་མས་ཐག་ཉེར་ནེ་ནེ་ཡོད་པའི་ཙར་ཕྱིན་ནས། ཕྱུགས་རྫིའི་རྗེས་སུ་སོང་ནས་བྲག་གསེབ་དུ་གཡང་པ་ཆེན་པོ་ཅིག་དུ་འགྲོ་དགོས་པའི་སར་ཕུགས་པ་ཅིག་ཏུ་རྡོ་ཅིག་སྣང་བ་དེར་མོས་ལྟས་པ་ལ། མི་སྔོ་ཡལ་ལེ་བ་ཅིག་བསྒོམ་ཡིས་སྣང་། པྲེ་ཏ་མས་མི་འདི་ང་ཡི་མིང་པོ་ཡིན་ནམ་སྙམ་ཞིང་བལྟས་ཙ། མི་ལས་མོ་མཐོང་སྟེ། སྒོམ་ཆུང་མ་ཅིག་ང་ལ་ལྟ་ཞིང་འདུག་པ་ཁྱོད་ཅི་བྱེད་པ་ཡིན་བྱས་པས། པྲེ་ཏ་མས་སྐད་ངོ་ཤེས་སྟེ་ངུ་ཡིན་ཙར་སོང་བ་དང་། མི་ལས་ཁྱོད་པྲེ་ཏ་མ་ཡིན་ནམ་བདེ་ནམ་ཅེས་དྲི་སྨད་བྱས་སྟེ། ངས་ཁྱོད་ལ་སྦྱིན་རྒྱུ་ཡང་མེད་པས། པྲེ་ཏ་ན་རེ། ང་ལ་ཟན་ལྷགས་ཡོད་ཟེར་

(༡༠༦)ནས་ཟན་ཟ་འཕྲོ་ཅིག་སྣང་བ་གཉིས་ཀས་ཟ་ཚོད་ཀྱིས་ནང་དུ་བཏབ་ནས་འཐུང་། དེ་ནས་པྲེ་ཏ་མ་སོང་ནས་ཞགས་འགའ་ལོན་ནས་ཡང་ཟན་ལྷགས་འགའ་ཟོ་བ་ཅིག་དུ་བཅུགས་ནས་གསོལ་ཡིན་བསྒོམ་པས་ཀྱང་ཉམས་མྱོང་ཡེ་མ་སྐྱེ་གསུང་། གོས་སྔ་མ་ཀུན་རྨིང་མེད་དུ་སོང་ནས་གཅེར་བུར་ཡོད་པ། སྤྲང་པོ་ཅིག་ཤི་བའི་གློགས་ཧྲུལ་ཤིག་མེར་རེ་བ་དེ་གྱོན་པ། དང་པོ་ལན་ཅིག་ཤིག་གིས་མེར་ཏེ་གང་། དེ་ནས་ཤིགས་ཀུན་བྱེར་ནས་གར་སོང་ཆ་མེད་དེ་ལྟར་དུ་དུག་པོ་དེ་གསོལ་ཡིན་བཞུགས་སོ། ཡང་ཉིན་ཅིག་པྲེ་ཏ་མ་ཕྱིན་པས། མོ་ན་རེ། ཕ་ཀི་ལུང་པ་འདིར་སོང་དང་ཨ་ནེ་འབྲོག་དུ་བྱུང་ནས་ཡོད་པ་ལ་སྤྲོང་དང་བག་ཙམ་ཅིག་སྦྱིན་ཏེ་འོང་ཟེར། དེར་མི་ལ་ཨ་ནེ་ལ་སྤྲང་སོང་བས་སྦྲ་ཙར་ཕྱིན་ཏེ་བསྡད་ནས། འོ་ཨ་ནེ་ང་དི་རིང་སྤྲང་ཡོང་པ་ཡིན་བྱས་ནས་བསོ་ཙ། ཨ་ནེས་འབྲི་དང་བེལ་མ་ཐུབ་པས་བདའ་ཡིན་འདུགས་པའི་འཕྲོ་སྐྱུར་ནས་བཙུགས་ཤིང་བླང་ནས་མི་ལའི་སྟེང་དུ་རྒྱུགས་སྟེ་ཨ་ཙ་མ་སྤྲང་པོ་བླ་ཙོང་པོ་ཁྱོད་འདིར་ཤོག །ང་ཡི་ཕ་མིང་ཀུན་བསད་པའི་གཤན་པ། ལགས་དམར་པོ་ས་ཕུང་པོ། བླ་ཙོང་པོ་ངོ་དམར་པོ་འདིར་

(༡༠༧)ཤོག་ཟེར་ཞིང་དེད་པས། མི་ལ་རི་ཐེལ་ཅིག་དུ་ཕྱག་འཚལ་བྲོས་པས་མོས་མ་སླེབ་ཡི་མུགས་ཅིང་ངུ་བྲོ་བ་ཅིག་བྱུང་ནས། ཡང་བྲགས་ཕུགས་དུ་ལོགས་སྟེ་ཟ་གསོལ་ཤིང་བསྒོམ་ཙ་ན། ཡང་པྲེ་ཏས་ཟན་ལྷག་འགའ་ཁུར་ནས་བྱུང་བས་མི་གཞན་རྣལ་འབྱོར་པ་རྣམ་ནི་ནང་ནུབ་གྲོང་དུ་སློང་ཞིང་ཉིན་པར་དབེན་པར་འདུགས་ནས་བསྒོམ་བཟླས་ཆོས་སྤྱོད་བྱེད། ནང་ནུབ་སློང་བས་ཟ་གྱོན་འབེལ་ལོ་བ་ཅི་འདོད་པ་ཤུགས་ལ་འོང་ཤིང་ཅིས་ཀྱང་སེམས་དགའ་ཡལ་ལ་མ་སྐྱིད་པར་འདུག །ལུས་སེམས་བདེ་བར་སྣང་བ་ལ། མིང་པོ་ཁྱོད་ཀྱིས་ཆོས་འདི་ནི་ལུས་སེམས་གཉིས་ཀ་གནར་བར་འདུག་གིས། འདི་སྤང་ནས་གྲོང་ཡུལ་དུ་བསོད་སྙོམས་བྱས་ཡིན་ཉིན་པར་ཆོས་བྱས་ན་དེ་མི་ལེགས་སམ་ཅེས་གྲོས་བཏབ་བོ། དེ་ནས་མི་ལའི་དགོངས་པ་ལ། ད་ནི་བཙོན་འགྲུས་ཅིག་ཕྱུང་དགོས་པར་འདུགས་སྙམས་ཏེ། ལུས་ཉལ་བ་མེད་པ་ཙེགས་པུའི་གནད་ཀྱི་ལུས་ཀྱི་བདེ་བ་རྩལ། ངག་སྨྲ་བ་མེད་པར་བརྒྱ་མདུད་ཀྱིས་ཆིང་གིས་ངག་གིས་བདེ་བ་བཙལ། ཡིད་ཡེང་ས་མེད་པར་སྦྲུལ་མདུད་ཀྱི་སྒྲོག་གིས་སེམས་གྱིས་བདེ་བ་ཙལ། སྒོ་གསུམ་ཡེངས་མེད་ཀྱིས་ངང་དུ་ཁྱེར་ནས་ནང་སེམས་གྱིས་རང་

(༡༠༨)ངོ་ཕྲད་དེ་ལུས་ཀྱིས་བདེ་དྲོད་ཤུགས་ལ་རྒྱས་ཏེ་ཏིང་ངེ་འཛིན་གྱིས་ཟས་དང་ཕྲད་ཁམས་གྱི་ཟས་དང་བྲལ། ཟོས་ན་ཙྭ་ཡང་འབོགས། མ་ཟོས་ན་འདོད་པ་མེད། འོད་གསལ་ཉམས་གྱི་གོས་དང་ཕྲད། འཇིག་རྟེན་འདུས་བྱས་གོས་དང་ཞེན་པ་བྲལ། གོས་གྱོན་ཀྱང་བདེ་ལ་མ་གྱོན་ཀྱང་བདེ་གྱོན་མ་གྱོན་ལ་ཁྱད་མེད་ཇི་ལྟར་བྱས་ཀྱང་བདེ་བའི་ངང་དུ་སོང་ནས་བསྒོམ་ཡིན་ཡོད་ཙ་ན། ཡང་ཉིན་ཅིག་པྲེ་ཏ་དང་ནེ་ནེ་གཉིས་ཕྲད་པས། ནེ་ནེས་སྲེ་ཏ་ལ། ཁྱོད་ཀྱིས་མིང་པོ་འོ་སྐོལ་གཉིས་ཀྱིས་བླ་ཙོང་སོ། རང་རེ་མི་ལ་མི་སྨོན་པའི་ཕ་མཚན་ཅིག་ཡོད་པ་དེ་ཆུ་ནང་དུ་བླུག །མི་ལ་ཙམ་ལས་བེར་ཀ་བྱིན་ཁར་སང་ང་ལ་སྤྲང་ཟེར་ནས་ཕྱིན་ཏེ་ང་དེད་ནས་ཟ་རྒྱུ་མ་བྱིན། ད་ཨ་ཕ་བུ་ཚ་ལ་ཁོ་ཡོད་པས་ང་ལ་ཡང་དེ་ལས་སྨོས་པ་མེད། ང་ཡང་ལན་ཅིག་འགྲོ། འོ་སྐོལ་གཉིས་ནམ་འགྲོ་ཟེར་བ་ལ། པྲེ་ཏས་སང་འགྲོ་ཟེར། དེ་ནེ་ནེས་མར་ལོགས་ཅིག་ཞོ་ཟོ་བ་གང་བཟུང་ནས་སོང་བས་ཁོང་དུ་དགོན་དུ་ཕྱིན་ཙ། གྱོ་ཚལ་ཅིག་ཏུ་ཆུ་ལེན་པ་དང་མཇལ། ནེ་ནེ་དང་སྲིང་མོ་གཉིས་ཨེན་ཅིག་མགོ་སྟུམ་ནས་སྡད། ཁོང་ནང་དུ་

(༡༠༩)གཞུད། ཁོང་གཉིས་རྗེས་སུ་སོང་བ་ནང་དུ་ཕྱིན་ཀྱང་གཅེར་བུར་སྣང་། དེར་ནེ་ནེ་འོ་སྐོལ་འདི་ཚུགས་སོང་ནས་འདི་ཚུགས་རེད་འདི་ཚུག་མ་བྱེད་མི་རུང་ཟེར། པྲེ་ཏས་ཟན་ལྷགས་རྐྱལ་ཆུང་གང་། ཁྱི་ཡུ་ར་བལ་ཅི་སྙེད་ལ་བྱས་པའི་སྣམ་བུ་ཁྲོད་ཅིག་འོང་བས་མིང་པོ་འདི་གྱོན་ཟེར་བ་ལ། མི་ལ་མཉམ་བཞག་ཕྱག་རྒྱ་གཅེར་བུར་ལྷོད་དེ་མི་ཡོ་མ་སྣང་བས། འོ་སྲིང་མོ་སྲེ་ཏ་མ་ཟན་དེ་ཀུན་ཡང་ཁྱོད་རང་ཟོ་སྣམ་བུ་དེ་ཡང་ཁྱོད་རང་གྱོན་ལ། ད་ཕྱིན་ཆད་ནས་རྒྱག་སྐྱེལ་མི་དགོས། ཁྱེད་གཉིས་ཀྱང་མ་ཡོང་ང་སྔར་དང་མི་འདྲ། ཟས་གོས་གཉིས་ཀྱི་མདུན་པ་མེད་པ། སྒོ་གསུམ་བདེ་སྟོང་འབའ་ཞིག་རྒྱུན་ཆད་མེད་པར་ཤར་བ་ཡིན་ཅི་ལྟར་བྱས་ཀྱང་བདེ་བར་འདུག་གསུང་། མོ་ན་རེ། མིང་པོ་ནི་ཁར་ཉིན་དང་མི་འདྲ་བར་འདུག །སྐུའི་ཤ་ཀྲག་ཀྱང་མདང་བཟང་བར་འདུག་ད་སངས་རྒྱས་པ་ཡིན་ཟེར། མི་ལ་ཟས་གོས་ཀྱི་མདུན་པ་དང་བྲལ་ནས་བཞུགས་སོ། དེ་ནས་ཡིབ་མ་གང་དུ་ཕྱིན་ནས་ཉིན་ཅིག་ཐུགས་དགོངས་འདི་ལྟར་བྱུང་སྟེ། རྗེ་མར་པའི་ཞལ། ཁྱོད་ལ་གོ་ཡུལ་ནམ་སྐྱེས་ཙ་

(༡༡༠)ཤོག་གསུང་པས། ད་ནི་འགྲོ་རན་པར་འདུགས་སྙམ་ཏེ་གློགས་ཧྲུལ་རྐེད་ལ་དཀྲིས་ནས་སྔར་གྱིས་མི་ཆེན་དེ་ཅན་དུ་སོང་ནས་རྡོ་རྗེ་ཡག་ལ་འདིར་བྱོན་བྱས་ནས་ཕྲིན་བཏང་བས། མི་ཆེན་དེ་ཕྱིན་ནས་དད་དཔོན་ཁྱོད་ལ་ཞུ་བ། ང་ལན་ཅིག་དབུས་ན་མར་རྔོག་ལ་ཕྱག་འཚལ་དུ་འགྲོ། ན་ནིང་ཞུས་པ་ལྟར་ཐུགས་ལ་ཐོགས་ཅེས་གསུང་ལ། ཁོ་ན་རེ་ཨ་ཕོ་ཁྱོད་གྲུབ་པ་ཐོབ་ཟིན། རྗེས་པར་ལྟར་སོང་སྣང་། ངས་ཨ་མ་ཤི་བའི་དགེ་ལས་བྱས་པས་དབུལ་པོར་སོང་ན་ཁྱོད་ལ་འབུལ་བ་མ་ཐོང་པས་ངོ་གནོང་ཟེར། འབུལ་བ་མ་ཐེང་པས་ངོ་གནོང་ཟེར་དེ་ཞིང་ལ་ཇི་ལྟར་གང་ཙམ་རི་ཨ་ཕོས་ཅི་ཟེར་བྱེད་ཟེར། དེ་ནས་ནང་དུ་མྱུར་དུ་བྱོན་ཟེར་བ་ལ། ང་གཅོར་བུར་ཡོད་པས་མནའ་མས་ངོ་ཚ་བྱེད་མི་འགྲོ། ངའི་ཟ་རྒྱུ་ཚུར་ཁུར་ཤོག་གསུང་བས། ལུགས་བྲང་ཅིག་ཆང་ཕྲོམ་ག་ཙམ་སྟེར་གང་དང་གསུམ་ཟོས་པས། ལེན་ཅིག་མི་བདེ་ཐམ་མེར་འདུག་སྐད། དེར་མི་ལས་ངས་མི་དྲན་ཏེ། ཁྱོད་ཀྱི་མ་དེ་ཤིན་ཏུ་གོ་ཆོད་ཅིང་བྱེད་ཙང་བ་དང་། ང་ཡིས་ཕ་མ་གཉིས་ཀྱིས་ང་དང་ཁྱད་མི་བྱེད་པར་འདུག །དེ་ནས་ཁྱོད་ཀྱི་ཡབ་སྒྲེས་པའི་ཞབས་རྟོགས་ལ་འབུལ་བར་འདུག །དེ་ལ་ཁྱོད་མིང་སྲིང་

(༡༡༡)བཞི་སྣང་བ་ཡང་སེམས་གསལ་བ། ང་ཤིན་ཏུ་འགུ། ཞིང་ཕྱེད་དེ་ཁྱེད་མིང་སྲིང་ལ་ངས་སྦྱིན་དེ་ཡང་ཕྱེད་དེ་ཁྱེད་མིང་པོའི་གྱིས་ཕྱེད་དེ་སྲིང་མོ་གསུམ་གྱི་བགྱི། ཞིང་ཕྱེད་དེ་ལ་ཞིང་ལྟ་བུའི་གོང་ཅི་ཡོད་གྱིས་གསུང་། དེ་ནས་དེས་ཕྲུག་གྱོན་ཕྲོ་ཅིག་ཡོད་པ་དང་ནས་ཡ་ཅིག་འབུལ་ཞུས་པས། ང་ལ་དེ་གང་ཡང་མི་དགོས་གསུང་ནས་གློགས་ཧྲུལ་ཡང་སྐྱུར་ནས་ལ་ལ་བྱ་ཕུར་བ་བཞིན་སོང་། དེའི་ནུབ་མོ་དྲོད་སྐྱེས་ནས་བཞུགས་ཐབ་མ་བྱུང་བས་གང་ཀྱི་རྩེ་ལ་ཡར་བྱོན། དེ་ཕྱིན་ཆད་ནས་འདོད་པའི་ཡོན་ཏན་ལྔ་ནི་ཆར་བཞིན་དུ་བབ། མཆོག་ཐུན་མོང་གིས་དངོས་གྲུབ་མཐར་ཐུགས་པ་ནི་ཐོབ། བྲག་དཀར་སྤོམ་ཐོན་ལ་རྒྱུན་དུ་བཞུགས། དེ་ནས་དགུན་ནན་ཏན་ཝའི་ཟླ་བ་ལ་ནུ་བོ་ཕྱིན་ནས་ཨ་ཕོ་འདོང་དང་ངས་གསེར་འགྲུབ་ཡོད་ཟེར། ལྷམ་ཅིག་དང་སྔར་གྱིས་ཕྲུག་གྱོན་ཕྲོ་དེ་གཉིས་མར་ལམ་བཞེས་པར་ཞུ་ཟེར། དེ་བྱེད་གསུང་ནས་ཐང་བར་སྙམ་དུ་བྱོན་། སྣག་པོ་ཆེ་ལ་ཕྱག་གིས་རྒྱབ་ཅིང་རྒྱུག་པས་སྐད་ཅིག་གིས་ཡུལ་དེར་ཕྱིན། ཨ་ནུ་ཡང་རྒྱུག་ཅིང་འོང་པས་ཕྱི་དགུ་ཙ་རྔུལ་ཤམ་ལོ་ཕྱིན། ཨ་ཕོ་རྣལ་འབྱོར་པ་

(༡༡༢)དེ་གར་བཞུག་བྱས་པས། མཛེ་མོ་ཅིག་ན་རེ། གྲམ་ཕུང་ཆེན་པོ་ཕ་ཀི་དེའི་ཕགས་ན། མི་དཀར་ལྷག་གེ་བ་ཅིག་གཅེར་བུར་སྣང་ཟེར། དེར་ནུ་བོས་རག་།།།སྦྲེལ་བ་དེ་ཁྱེར་ཕྱག་འཚལ་ཏེ་འདི་རྐེད་ལ་སྲི་བར་ཞུ་བྱས་པས་དེ་རུང་གསུང་ནས་རྐེད་ལ་དཀྲིས་ཏེ་བྲང་ཁང་དུ་གདན་དྲངས་སོ། དེར་ཚོགས་ཀྱི་འཁོར་ལོ་ཅིག་བསྐོར་བའི་སར་ཨ་ནུ་མིང་སྲིང་བཞི་མནའ་མ་དང་ལྔ་གྲོང་གིས་ཉེ་བ་ཅིག་དང་དྲུག་ལ་ཉམས་རེ་སྐྱེས་སྐད་མནའ་མས་དངུལ་གྱི་མེ་ལོང་གསེར་ཆུ་གཡུ་ཕྲ་ཅན་ཅིག་ཕུལ། ཁྱིམ་གྱིས་ཉེ་བས་གཡུ་ཅིག་ཕུལ། དེ་ནས་ཞིང་རིན་གྱིས་གསེར་བླང་སློབ་དཔོན་ལྷ་དགའ་གསེར་ཞོ་བཞི་དང་སུ་ནམ་ཅིག་བསྐུར། ང་ཡང་ལན་ཅིག་སྤྱན་སྔར་ན་འགྲོ་བསམ་ཙ་རྒས་པས་མ་ཐོན། ཁྱོད་མྱུར་དུ་ཤོག་དང་ངས་ཆོས་འདོད་གསུང་། སློབ་དཔོན་ལྷ་དགའི་སློབ་མ་རྣལ་འབྱོར་ས་ཅིག་དང་འགྲོགས་ནས་སོང་བས་སློབ་དཔོན་བན་བོན་གཉིས་ཀྱི་ཡུལ་དུ་སླེབ། གཉག་ཁྲོ་རྒྱལ་གྱི་རྒན་མོ་སྣང་བ་ལ་དངུལ་དང་གཡུ་ཕུལ། བེན་པོའི་བུ་སེར་བ་སྒྲུབ་རོག་དེ་ལ་གསེར་ཞོ་གང་ཕུལ། སློབ་དཔོན་བན་བོན་གཉིས་ཀྱི་གདུང་ལ་གསེར་ཞོ་

(༡༡༣)གཉིས་རེ་ཕུལ། དེ་ནས་མཁར་ཆུའི་དགོན་པར་ཕྱིན་ཇོ་མོས་མཉེས་པའི་བྲོ་བརྒྱུང་། རྗེ་མར་པས་ཐོས་དགའ་མྱུར་དུ་བྱོན་གསུང་ནས་སྤྱན་སྔར་ཕྱིན་ཕྱག་རྟེན་ཅིག་གཏོང་བར་ཞུ་ན་བྱས་པས་མི་འཚལ་གསུང་། དེར་ཇོ་མོས་ཐོས་དགའ་ཁྱོད་བཞུད་ཕྱིན་ཁམས་བཟང་ངམ། མདོ་སྡེ་བསུ་བ་ལ་མ་ཐེང་སྐྱེད་ཆེ་གསོལ་རྟགས་གསུང་ནས་ཉེས་སྐད། དེ་ནས་མི་ལས་འདི་ལྟར་བསྒོམ་པས་ཉམས་འདི་ལྟར་སྐྱེས་འདི་ལྟར་འདུགས་ཞུས་པས་ཤིན་ཏུ་མཉེས་ཏེ་ཕྱག་སྤྱི་བོར་བཞགས་ནས་ཚུལ་དང་ལྡན་པར་སྒྲུབ་པ་ཡིན། མི་ལ་རྡོ་རྗེ་རྒྱལ་མཚན་ཡིན། གདམས་ངག་སྤྲུགས་པ་ནི་དེ་བཙུགས་ལགས་བྱས་པ་དེ་ཁྱོད་ཀྱིས་ང་སུན་མ་བྱུང་གསུང་ནས་མཉེས་པ་ལ་དཔེ་མེད། མཎྜལ་འབུལ་བ་ནི་མ་བཞེད་ནས་དེ་ནས་སློབ་དཔོན་རྔོག་གིས་སར་ཕྱག་དང་མཎྜལ་འབུལ་འགྲོ་ཞུས་པས་ཁྲོད་དམ་ཚིག་ཅན་ཡིན་དེ་གྱིས་གསུང་ནས་མཉམ་སྟེ་བཏང་ངོ་། དེར་སོང་ནས་རྔོག་ཡབ་ཡུམ་ལ་ཕྱག་དང་མཎྜལ་ཕུལ། ང་སོང་བས་སློབ་དཔོན་རྣམས་དང་མཇལ་ཡིད་ཚིམ་པར་བྱས། སྒྲུབ་པ་ཡང་བག་ཙམ་བྱས་ཉམས་རྟོགས་ཡང་སྲག་སྡིག་ཙམ་སྐྱེས་ཞུས་པས་ཤིན་ཏུ་མཉེས། ཚོགས་འཁོར་མཛད་ཆོས་ཀྱི་བླའོ་བྱས་པ་ལ།

(༡༡༤)རྗེ་མར་པ་དང་ཐ་དད་མེད་གསུང་། ཨ་རང་བླ་མ་འདི་ལྟ་བུ་དང་མཇལ་གསུང་ནས་དགའ་བ་ཆེན་པོ་མཛད། སྤྱན་ཆབ་ཡང་ཤོར་སྐད། དེ་ནས་ཚུར་བྱོན་པ་མདོ་སྡེ་འཚམས་གཏོན་ནས་སློབ་རིས་རྣམས་གྱིས་འབུལ་བ་དཔག་ཏུ་མེད་པ་བྱས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཅིག་བསྐོར་བའི་པར་རྗེ་མར་པ་དང་མཉམ་པའི་ཁྲི་ཅིག་གཙིགས་ཏེ་དེའི་སྟེང་དུ་མི་ལ་བཞུགས་པ་ལ། གནས་གསུམ་མཁའ་འགྲོའི་སྤྲིན་ཚོགས་ཐམས་ཅད་མི་ལ་ལ་འདུ་བར་འདུགས་གསུང་ནས་བསྡོད་པ་མཛད། དེ་ཕྱིན་ཆད་མི་ལའི་སྣང་བ་དང་ཇོ་མོའི་སྣང་བ་ལ་བླ་མ་ལ་མཐོང་སྣང་དུ་མ་དང་། མཁའ་འགྲོས་མངོན་གསུམ་དུ་ཆོས་སྟོན་པ་དང་། མཁའ་འགྲོས་དངོས་གྲུབ་སྟེར་བ་ལ་སོགས་པ་དཔག་ཏུ་མེད་དོ། ཕྱོགས་ཅིག་གིས་ལོ་རྒྱུས་སོ། དེ་ལྟར་རྗེ་མི་ལ་རས་པ་དེ་ཉིད་དུས་སུམ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་ཅིང་མཉམ་ཉིད་བདེ་བ་ཆེན་པོའི་ངང་ལས་མ་གཡོས་ཀྱང་། ཀུན་རྫོབ་ཏུ་རྩོད་དུས་ཀྱིས་གདུལ་བྱ་ཡིས་སྣང་བ་ལ། ཐ་མལ་དུ་བྱོན་ནས་དཀའ་བ་དུ་མའི་སྒོ་ནས་བླ་མའི་ཞབ་རྟོགས་མཛད་ཅིང་སྙན་རྒྱུད་ཀྱིས་གདམས་ངག་རིན་པོ་ཆེ་མནོས། བར་དུ་དཀའ་ཐུབ་དང་སྒྲུབ་པ་ལྟེམ་ཀྱང་མེད་པར་མཛད་ནས་འགྲོ་བའི་དོན་མཛད་ནས་མཐར་མྱ་ངན་ལས་འདས་པའི་ཚུལ་

(༡༡༥)བསྟན་ཏེ། དེ་ཡན་ཆད་ཐམས་ཅད་དཀའ་སྤྱད་སྙིང་རུས་ཀྱི་བསྐོར་ཏེ་སྔ་མ་གོང་མའི་བསྐོར་རོ།

( དེ་ནས་ཏིང་ངེ་འཛིན་དང་འབྲེལ་པའི་ཡོན་ཏན་བཅོ་བརྒྱད་སྟེ། འཁོར་བ་ལ་སྙིང་པོ་མེད་པའི་ཡོན་ཏན་དང་། རྨི་ལམ་བརྡར་ཤར་བའི་ཡོན་ཏན་དང་། བདེ་དྲོད་ངོ་འཕྲོད་པའི་ཡོན་ཏན་དང་། ཟས་གོས་ཀྱི་འདུན་པ་དང་བྲལ་བའི་ཡོན་དང་དང་། ཉམས་མྱོང་བདེ་བར་ཤར་བའི་ཡོན་ཏན་དང་། རྟོགས་པ་ལམ་དུ་ཤར་བའི་ཡོན་ཏན་དང་། སྣང་བ་མཐུན་རྐྱེན་དུ་ཤར་བའི་ཡོན་ཏན་དང་། ཆོས་བརྒྱད་རང་གྲོལ་དུ་ཤར་བའི་ཡོན་ཏན་དང་། སྤྱོད་པས་མི་རྫི་བའི་ཡོན་ཏན་དང་། དྲིན་ལན་གསབ་པའི་ཡོན་ཏན་དང་། སྤྱོད་པ་ཆེ་བའི་ཡོན་ཏན་དང་། ལྷའི་ལྷར་གྱུར་པའི་ཡོན་ཏན་དང་། ཡེ་ཤེས་སྒྲོན་མེ་ལྟམ་པའི་ཡོན་ཏན་དང་། ནུས་པ་ཆེ་བའི་ཡོན་ཏན་དང་། བྱིན་རླབས་ཆེ་བའི་ཡོན་ཏན་དང་། ཏིང་ངེ་འཛིན་གྱིས་རྩལ་རྫོགས་པའི་ཡོན་ཏན་དང་། ཕྱག་རྒྱ་ཆེན་པོ་ངོ་འཕྲོད་པའི་ཡོན་ཏན་དང་། ཚེ་ཅིག་གིས་ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་ཅིང་འཇའ་ལུས་སུ་ཡལ་བའི་ཚུལ་བསྟན་པའི་ཡོན་ཏན་ནོ། དེ་ལ་དང་པོ་འཁོར་བའི་སྙིང་པོ་མེད་པའི་ཡོན་ཏན་ནི། ཁོ་རང་གིས་ཡུལ་དུ་སོང་ཙ་ཕའི་རུས་པ་ལ་རྩ་ཞེན་ནས་ཁང་པའི་ཕུགས་སུ་འདུག །མའི་རུས་པ་ཁང་པའི་

(༥༥༤)སྐབས་ཐམས་ཅད་དུའང་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །རྗེ་བཙུན་ཆེན་པོ་བཞད་པ་རྡོ་རྗེ་ཡི། གསུང་སྒྲོས་ཅི་སྙེད་བདག་གིས་བསགས་པ་འདིས། ཉམས་ལེན་བྲི་ཀློག་ཡིད་རང་གང་བྱས་རྣམས། རྡོ་རྗེ་འཛིན་པའི་ས་ལ་གནས་པར་ཤོག །དམ་ཆོས་འདི་བཞེངས་དགེ་བའི་ཙ་བ་འདིས། ཕ་མར་ཐོགས་དྲངས་འགྲོ་དྲུག་སེམས་ཅན་རྣམས། ཚེ་འདི་ཡིས་སྣང་བ་ནུབ་པར་གྱུར་ཙམ་ན། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། རྗེ་བཙུན་ཆེན་པོ་བཞེད་པའི་རྡོ་རྗེ་དང་། མཇལ་ནས་མྱུར་དུ་སངས་རྒྱས་ཐོབ་པར་ཤོག །རྗེ་རྣལ་འབྱོར་གྱིས་དབང་ཕྱུག་མི་ལ་བཞེད་པའི་རྡོ་རྗེའི་འགུར་ཚོགས་ལོ་རྒྱུས་ཀྱིས་སྤྲས་པ། བྱིན་རླབས་ཀྱིས་ཆུ་རྒྱུན་གྱིས་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པ་ཞེས་བྱ་བ་རྫོགས་སྟེ། སརྦ་མངྒ་ལམ། ཨོཾ་སྭཱ་ཏི། དུས་སུམ་སངས་རྒྱས་ཀུན་གྱིས་ངོ་བོ་ཉིད། དཀའ་སྤྱད་མཐར་ཕྱིན་བླ་མ་འདྲེན་ཟླ་བྲལ།

(༥༥༥)བོད་ཡུལ་གང་ཅན་བསྟན་པའི་བདག་པོ་མཆོག རྣལ་འབྱོར་དབང་ཕྱུག་ཁྱེད་ལ་སྐབས་སུ་མཆི། འདི་ཕྱི་བར་དོ་གསུམ་ལ་ཐུགས་རྗེས་གཟིགས། དེངས་བཟུང་འབྲལ་མེད་བཀའ་དྲིན་རྩལ་དུ་གསོལ། རྒྱལ་དབང་པདྨ་ཀཱ་རའི་བྱིན་རླབས་པའི། འོག་མིན་གཉིས་པ་བདེ་ཆེན་པདྨ་བཀོད། ཕག་མོ་ཀླུ་འདུལ་སྐུའི་འཁོར་ལོ་ལྔའི། སྙིང་ཁ་ཆོས་འཁོར་ཐར་གླིང་དབེན་ཁྲོད་དུ། སྒྲུབ་གནས་ཆེན་པོ་མཚན་ཉིད་ཀུན་དང་ལྡན། མེ་ཏོག་ཆར་པ་འཇའ་ཚོན་རྒྱུན་མི་ཆད། རི་དྭགས་མ་བུ་རྩེ་བྲོ་ཁྲབ་པའི་ཡུལ། ལྷ་བྱ་གོང་མོ་སྐྱིད་གླུ་འགྱུར་བའི་ས། དུས་གཞི་བུ་མོའི་རང་མདངས་ངོམ་པའི་ཡུལ། རྣལ་འབྱོར་ཕོ་མོ་ཉམས་རྟོགས་སྦིར་བའི་ཞིང་། སྒྲུབ་པའི་ཆོས་སྒྲ་སྒྲོགས་པའི་གནས་མཆོག་ནས། ཕྱོགས་ནས་བྱུང་བའི་སེར་གཟུགས་སྤྲང་བན་ངས། ཡི་གཟུགས་མེད་པ་རི་བོང་ར་དང་འདྲ། མཁྱེན་ལྡན་རྣམས་ཀྱི་ཐུགས་ཁྲེལ་བྱེད་པའི་རྒྱུར། རྗེ་བཙུན་ཆེན་པོ་བཞེད་པ་རྡོ་རྗེ་བའི། རྣམས་འགུར་ཆེན་པོ་དད་གསུམ་ཐལ་སྦྱོར་གྱིས། གསོལ་བ་འདེབས་པའི་རྟེན་དུ་བཞེང་ཁུལ་ཙམ། གནམ་ལོ་རྒྱལ་ལོ་ཆུ་ཕོ་སྟག་ལོ་ལ། ཡར་ཚེས་འགྲུབ་སྦྱོར་ཉིན་པར་དབུ་གཙུགས་ནས། ཆུ་མོ་ཡོས་ལོ་སྦོ་ཟླའི་ཆོས་ལ་འགྲུབ། གསུང་འགུར་ཆེན་པོ་བཞེང་པའི་དགེ་བའི་མཐུས། སྦས་ལྗོང་མ་རིགས་མུན་སེལ་འགྲོ་བའི་མགོན། བཀའ་དྲིན་གསུམ་ལྡན་པདྨ་བསྟན་འཛིན་མཚན་

(༥༥༦)སྐུ་ཚེ་བསྐལ་པ་རྒྱ་མཚོར་ཞབས་བརྟེན་ཤོག །དུས་འདས་བརྩེ་བའི་གྲོང་མི་བཀྲ་སྤེས་དང་། ཨ་ཕྲུག་གཙོས་བྱས་མཁའ་ཁྱབ་འགྲོ་བ་ཀུན། ས་ལམ་བར་ཆད་མྱུར་དུ་ཞི་ནས་ནི། མངོན་དགའི་ཞིང་དུ་རྗེ་བཙུན་དྲུང་ཁོད་ཤོག །གཞན་ཡང་འབྲེལ་བཏག་ཟུར་ཙམ་བརྗོད་ན་ནི། ཤཀྱའི་དགེ་སློང་དམ་ཆོས་ལྷུན་གྲུབ་ཀྱིས། རྩི་བཅུད་མར་དང་ཤོག་གུ་འབྲེལ་པ་བྱུང་། ཆོས་ལ་མོས་གུས་ཆེ་བ་ཚེས་བཅུ་ནས་། རྩི་བཅུད་སྙིང་པོ་རྒྱ་གང་འབྲེལ་བཏགས་བྱུང་། སྒྲུབ་གྲ་ཆེན་མོ་ཀློག་ཀློག་སྤང་འགོ་ནས། སྡོམ་གསུམ་བཙུབ་མ་ཤེས་རབ་བཟང་མོ་དང་། སྒྲོལ་མ་གཉིས་ཀྱིས་ཤོག་གུ་འབྲེལ་པ་བྱུང་། ནག་ལྡེམ་ལྷ་བཟོས་རྒྱལ་མཚན་འབྲེལ་པ་བྱུང་། སྔགས་བཙུན་དམ་ལྡན་དབུ་མཛད་ཀུ་རུག་ནས། ཤོག་གུ་རེ་ཟུང་ཙམ་གཅིག་འབྲེལ་པ་བྱུང་། མཁྱེན་ལྡན་ཡང་པ་དབུ་མཛད་།།།ནས། ཤོག་གུ་བཅུ་འདེབ་གཅིག་གིས་འབྲེལ་བཏག་བྱུང་། དམ་པའི་ཆོས་ལ་དད། དམ་ཆེ་བའི་མི་དབང་པདྨ་འཕྲིས་ཤོག་འབྲེལ་བྱུང་། རང་ཉིད་བརྩེ་བའི་ཆོས་གྲོགས་ཆོས་བཟང་ནས། ཤོག་གུ་བཅུ་འདེབས་གཅིག་གིས་འབྲེལ་པ་བྱུང་། ཆོས་ལ་དཀའ་བ་ཨོ་རྒྱན་དར་རྒྱས་གྱིས། ཤོག་གུ་རེ་ཟུང་གཅིག་གིས་འབྲེལ་བཏག་བྱུང་། འབྱོར་ལྡན་གནས་པོ་པདྨ་ནོར་བུ་ནས། གླུ་ལྤགས་ལེགས་པོ་གཅིག་གིས་འབྲེལ་པ་བྱུང་། ཆོས་ལ་མོས་གུས་ཆེ་བ་པད་གྲགས་ནས།

(༥༥༧)དཀར་གསུམ་ཞོ་ཡི་འབྲེལ་པ་ཡང་ཡང་བྱུང་། སྔོན་བསགས་འབྱོར་པ་ལྡན་པ་ལྷ་མགོན་གྱིས། དཀར་གསུམ་ཞོ་དང་ཤ་ཡི་འབྲེལ་པ་བྱུང་། པས་ཝི་རི་དཀར་པད་གྲགས་གཉིས་ཀྱིས་ནི། འབྱོར་ཁུལ་གང་ཡོད་ཤིང་འཐུ་ཆུ་ལེན་བྱུང་། གཞན་ཡང་འབྲེལ་ཐོགས་རྣམས་ཀྱིས་གཙོས་བྱས་པའི། མཁའ་ཁྱབ་འགྲོ་ཀུན་རྣམས་ཀྱིས་སྒྲིབ་སྦྱང་ནས། ཚེ་འདི་སྣང་བ་ནུབ་པར་གྱུར་ཙམ་ནས། སྐྱེ་བ་གཞན་གྱི་བར་དུ་མ་ཆོད་པའི། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། རྗེ་བཙུན་ཆེན་པོ་བཞེད་པ་རྡོ་རྗེ་དང་། མཇལ་ནས་མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཐོབ་ནས་འཁོར་བ་དོངས་ནས་སྤྲུག་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱཐཱ། པཉྩ་ཨ་མྲྀ་ཏ་ཝ་ཨ་ཝ་བྷོ་རྡི་ན་ཡེ་སྭཱ་ཧཱ། རྗེ་དེ་ཉིད་ཀྱི་རྣམ་འགུར་མཛོད་ནག་མ་འདི་ཉིད་མཁའ་འགྲོའི་ཞལ་རླུང་ཀྱི་དྲོད་མ་ཡལ་གདམས་ངག་ཕལ་པའི་སླད་མ་ཞུགས། བྱིན་རླབས་ཀྱི་དངོས་གྲུབ་མྱུར་བ་སྡིག་ཅན་རྣ་བར་ཐོས་ཚད་གྲོལ་ནུས་པ་སྒྲུབ་ཚད་མངོན་སངས་རྒྱས་པའི་དམ་ཆོས་འདི་དག་སྤུས་ལེགས་ཅིག་བཞེང་འདོད་ཀྱང་རང་ལ་ཕྱི་ནང་གསང་བའི་ཡོན་ཏན་མེད་པ། མ་ཚད་སྔོན་ནས་སྦྱིན་ཤུག་མེད་པའི་སྟོབ་ཀྱིས་ད་ལྟ་ལྟོ་གོས་མཐུན་རྐྱེན་དཀོན་པོའི་སྤྲང་པོ་ཡིན་སྟོབ་ཀྱིས་བདེ་བར་ཕབ་ནས་བྲི་རྒྱུ་མེད་པ་དང་དམ་ཁོམ་གང་ཡོད་དུས་བཞེང་པའི་ལེགས་པོ་མ་བྱུང་ཀྱང་མཁྱེས་ལྡན་རྣམས་ཀྱི་དྲུང་དུ་མཐོལ་ལོ་བཤགས་སོ། ཨོཾ་བཛྲ་ས་ཏྭ་ཧཱུྃ་ཨ།


no previousno next