Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
དཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་མཆོད་གཞི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་གདངས་དབྱངས་འཐེན་གྲངས་སྦྱིན་སྲེག་འདོན་ཟིན་ཕྱག་ལེན་རྣམས་ཁ་གསལ་ཕྱོགས་གཅིག་ཏུ་བཀོད་པ།
   
   
   
   
   


 
previousདཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་མཆོད་གཞི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་གདངས་དབྱངས་འཐེན་གྲངས་སྦྱིན་སྲེག་འདོན་ཟིན་ཕྱག་ལེན་རྣམས་ཁ་གསལ་ཕྱོགས་གཅིག་ཏུ་བཀོད་པ།next

དཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་མཆོད་གཞི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་གདངས་དབྱངས་འཐེན་གྲངས་སྦྱིན་སྲེག་འདོན་ཟིན་ཕྱག་ལེན་རྣམས་ཁ་གསལ་ཕྱོགས་གཅིག་ཏུ་བཀོད་པ།


KMC001_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་མཆོད་གཞི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་གདངས་དབྱངས་འཐེན་གྲངས་སྦྱིན་སྲེག་འདོན་ཟིན་ཕྱག་ལེན་རྣམས་ཁ་གསལ་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ། །


KMC001_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིགས་བདག་ཧེ་རུ་ཀ་དཔལ་དང་། བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །འདིར་དཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་ཆོག་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་མཐོང་རྒྱུན་ཕྱག་བཞེས་༧རྒྱལ་བ་གོང་མ་རིམ་བྱོན་གྱིས་གཏན་འབེབས་མཛད་པར་སྒར་ཆེན་དབུ་མཛད་རིམ་བྱོན་ནས་ཕྱག་ལེན་འཆུགས་མེད་འགེལ་དགོས་པས་མ་ཕྱི་གཙོ་བོ་ཟིན་བྲིས་ཆེན་མོ་ལས་ཇི་ལྟར་གསུངས་པ་ལྟར་འབྲི་བར་བྱ་སྟེ། དེ་ཡང་རི་བོའི་རྩེ་དང་དུར་ཁྲོད་ལ་སོགས་པའི་གནས་དབེན་པར་མར་ངོའི་ཚེས་བཅུ་ལ་སོགས་པར་དུས་ཁྱད་པར་ཅན་ལ་སློབ་དཔོན་སྟན་བདེ་བར་རྣམ་པར་རྟོག་པ་ནུབ་པའི་བརྡར་ཞལ་ནུབ་ཏུ་ཕྱོགས་པས་འཁོད་ལ། ས་སྟེགས་དབུས་སུ་མཎྜལ་སྟེང་ཚོམ་བུ་མེ་ཏོག་དཀར་པོ་


KMC001_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེའི་མཐར་མཆོད་ཕྲེང་གཡོན་བསྐོར་བྱ། སློབ་དཔོན་མདུན་དུ་རྡོ་དྲིལ་ཌཱ་རུ་སྐྱེས་པའི་ཐོད་པ་ཆ་གཅིག་པའམ། གསུམ་པར་མྱོས་བྱེད་བཞིས་བཀང་བ་སྒྲོན་ཐུར་གཡས་ངོས་ནས་བརྩམས། མཆོད་ཡོན་མེ་ཏོག རེང་བུ། སྣང་གསལ། དྲི་ཆབ། ཞལ་ཟས། མཚམས་འཛིན་བཅས་བཀོད་དེ། ཚོགས་མང་ཐམས་ཅད་ཌཱ་དྲིལ་བཅས། ཐོག་མར་ཚིག་བདུན་གསོལ་འདེབས། ཞོག་འདོན་ཆོས་སྤྱོད་གོ་རིམ་ལྟར་དང་། བདག་ཉིད་སྐད་ཅིག་གིས་སོགས། བསང་ཆུའི་དོན་དུ་གཡོན་མཐེབ་སྲིན་ས་རླུང་སྦྱར་བ་ཆོས་འབྱུང་ལྷུན་གྲུབ་ཏུ་འབྱུང་བ་འོག་ཏུ་སྦུབ་ནས་ནང་མཆོད་ནས་བདུད་རྩི་བླངས་པ་དེ་ཉིད་འཐོར། འདི་ལ་ཆུ་ཆབ་དང་། དེ་ཕྱིན་སློབ་དཔོན་གྱིས་བདུད་རྩི་བྲན་དགོས། ༀ་ཨཱཿ བིགྷྣན་སོགས། ༀ་སྭ་བྷ་ཝ་སོགས་བརྗོད་བཞིན་པས་


KMC001_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་གི་སྟེང་དུ་མདུན་ནས་གཡོན་ངོས་ཟླུམ་བསྐོར་དང་། ༀ། མདུན་ནས་གཡས་སུ་ཁྱེར། ཨཱཿ དེ་ནས་གཡོན་དུ། ཧཱུྃ། དེ་ནས་མདུན་དུ་ཁྱེར་བའི་ཆོས་འབྱུང་གྲུ་གསུམ་བྲིས། དེའི་དབུས་སུ་ཧྲཱིཿ ཤར་དུ་ཧ། ལྷོར་རི། ནུབ་ཏུ་ནི། བྱང་དུ་ུས། ཐིག་ལེ་ལྔ་བཀོད། ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་སོགས། ཆང་ནང་གི་ལྷ་བསྐྱེད་པ་ནི་ཆང་ནང་གི་དཀྱིལ་འཁོར་རོ། །སློབ་དཔོན་གྱི་སྒྲོན་ཐུར་བཟུང་། $ལག་གཡོན་གྱིིས་བདུད་རྩི་བླངས་ཤིང་གཡས་བསངས། ༀ་བཛྲ་བཻ་རོ་སོགས་བརྗོད། གཡས་པས་གཡོན་པར་བསངས། ༀ་བཛྲ་བཻ་རོ་སོགས། དེ་བཞིན་གཡས་ཀྱི་མཐེབ་སྲིན་སྦྱར་བས་བདུད་རྩི་བླངས་ཏེ་གཡོན་གྱི་མཐིལ་དུ་ཟླུམ་བསྐོར་དང་ཆོས་འབྱུང་ཐིག་ལེ་ལྷ་བསྐྱེད་སྔར་བཞིན་བྱ། དེ་ཡོངས་སུ་གྱུར་པ་ལས་དབུས་སུ་རྗེ་བཙུན་རྡོ་རྗེ་སོགས། ལག་པའི་དཀྱིལ་འཁོར་རོ། །དེ་གཉིས་ཐུན་མོང་དུ་མཆོད་ཡོན་ནས་རོལ་མོའི་བར་དང་། དྲིལ། ནང་མཆོད་དང་གསང་མཆོད་སོགས་ཕུལ། བཞི་དྲིལ་གྱིས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། མ་ལུས་སེམས་ཅན་སོགས། ༀ་ཨེ་ཨཱ་ར་ལི་སོགས། དྲི་ཤྱ་ཧོ། ཕེཾ་ཕེཾ་ཕེཾ། མཆོད་པ། དྲིལ། བསྟོད་པ། མ་ལ་འདུད།= དྲིལ་བཞག །ལག་གཡས་པད་སྐོར་ནང་ནས་ལེན་པ། ནམ་མཁའི་ལྷ་ཚོགས་རྣམས་སོགས། ལག་པའི་ལྷ་ཚོགས་རྣམས་སོགས། ཆེན་པོར་


KMC001_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ༀ་ཨཱཿ ཧཱུྃ། བརྗོད་བཞིན་ཆོས་འབྱུང་སྐྱེ་གནས་གྱི་རྒྱ་གཡོན་དུ་ལན་གསུམ་བསྐོར། སློབ་དཔོན་གྱིས་སྒྲོན་ཐུར་བཟུང་། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ནས་ཕྱོགས་མཚམས་གཏོར་ཞིང་། ༀ་བཛྲ་བཻ་རོ་ཙ་ན་སོགས། རང་གི་བ་སྤུའི་སྐབས། རང་ལ་གཏོར། དེ་ནས་མཆོད་རྫས་ལ་གཏོར། མཆོད་པའི་ཡོ་བྱད་སོགས། ༀ་ཨཱཿཧཱུྃ། དཔྲལ་བའི་ཐད་ནས། བྱིན་རླབས་རྩ་བ་སོགས། མགྲིན་ཐད་ནས། ཡི་དམ། སྙིང་ཐད་ནས། ཆོས་སྐྱོང་། འགྲོ་བ་རིགས་དྲུག་པུས་གཡོན་སྟེང་ནས་ཕྱིར་གཏོར། ༀ་ཨཱཿཧཱུྃ་བརྗོད། ལྕེ་ཐོག་བདུད་རྩི་མྱང་བ་བཅས་བྱ། ས་སློང་གི་དོན་དུ་སྔོན་འགྲོ། གཏོར་མ་ཟུར་གསུམ་དཔུང་རིང་ཅན་དཀར་རྒྱན། གཉིས་པ་ཤ་དུམ་བཅས་བཤམས་ཤིང་། ཆུ་དང་བདུད་རྩི་བྲན་ལ། ༀ་ཨཱཿབིགྷྣན་སོགས་ནས། ༀ་ཨཱཿཧཱུྃ། ལན་གསུམ་ལག་གཉིས་མཛུབ་མོ་ལྕགས་སྒྲོགས་ལྟར་མདུད་ཅིང་། མཐེ་བོང་དང་གུང་མོ་གཉིས་རྩེ་སོ་སོར་སྤྲད་ཅིང་ལྷག་མ་རྣམས་འབར་བའི་ཕྱག་རྒྱ་དཔྲལ་བར་གཡོན་དུ་བསྐོར་ཞིང་། ཕཻཾ། གསུམ་གྱི་པད་སྐོར་རྡོར་ཐལ་ཁ་ཕྱེ་ལ། ༀ་བཛྲ་ཨ་ར་ལི་ཧོ་སོགས་གསུམ། ༀ་བཛྲ་ཨརྒྷཾ་ནས་ཤབྡ་མཆོད་རོལ་འུར་དང་། ༀ་ཁ་ཁ་སོགས་ལན་བཞི། བཞི་དྲིལ་གྱིས། ཞིང་སྐྱོང་ཆེན་པོ་སོགས། མཆོད་རོལ། གཏོར་མ་ཕྱི་རོལ་དུ་དོར། ༀ་ཨཱ་བིགྷྣན་སོགས། ༀ་སུམྦྷ་ནི་སོགས་དྲག་ཏུ་


KMC001_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། སྲུང་འཁོར་བསྒོམ། ལས་རྡོར་གྱིས་ཕྱག་གསུམ་དང་འདུད་རྒྱ་བཅས་ཏིང་འཛིན་བསྐུལ། མཐར། ༀ་ཨཱཿབིགྷྣན་སོགས་སློབ་དཔོན་དང་ལས་རྡོར་གྱིས་བདུད་རྩི་བྲན། མཆོད་པ་བྱིན་རླབས་ལ་ཐལ་སྦྱར་བྱ། མཆོད་རོལ། ཌཱ་དྲིལ་བཞག ། སྐྱབས་འགྲོ་ཉེར་གཅིག སེམས་བསྐྱེད། རྡོར་སེམས། ཡན་ལག་བདུན་པ། མཎྜལ། བླ་མའི་རྣལ་འབྱོར། ཚད་མེད་བཞི་བསྒོམ་པ། རྟེན་བརྟེན་པར་བསྒོམ་པ། བཟླས་པ། བསྡུ་རིམ་སོགས་ཟུང་འཇུག་བསྡུ་ལྡང་བར་བྱས་ཏེ་བདག་བསྐྱེད་དོ། ༈ ལྷ་སྟ་གོན་བྱིན་གྱིས་བརླབ་པའི་ཕྱིར་མཛེས་པའི་མཎྜལ་ལ་མི་རྟ་ཁྱི་གསུམ་གྱི་ཁྲག་དང་། དྲི་བཟང་། རང་བྱུང་གི་མཚལ། ལག་མཆོད་བསྲེས་པའི་ཆགས་ཆགས་བྱ་ཞིང་། སྟེགས་བུ་དབུས་མཐོ་ཞིང་ཤར་དང་བྱང་གཞོལ་བ་འཇམ་ཞིང་བརྟན་པ་ཇི་ལྟར་མཚམས་པར་བྱས་ཏེ། བ་བྱུང་ལྔ་དང་གོང་གི་རྫས་དག་གིས་བ་ཡི་ཀོ་བ་རྩམ་དུ་བྱུག །གཞི་དེར་མཆོད་པ་བཤམས་པར་བྱ་སྟེ། དེ་ཡང་ཤར་ལྷོ་ནས་བཟུང། མཆོད་ཡོན། ཀ་མ་ལ། རེང་བུ། ཏ་མ་ལ། དྲི་ཆབ། ཞལ་ཟས། མཚམས་འཛིན་བཅས་གཡོན་བསྐོར་དུ་བཀོད། ལྷ་སྟ་གོན་གྱི་དོན་དུ་ནམ་མཁའི་དཀྱིལ་འཁོར་བྲི་བ་ནི། སྟེགས་བུའི་སྟེང་གི་ནམ་མཁར་བདུད་རྩིས་བསངས་ཏེ། ༀ་ཨཱཿབིགྷྣན་སོགས། གཡོན་པས་མཐེབ་སྲིན་གྱིས་བདུད་རྩི་བླངས་པའི་ནམ་མཁར་བྲི་བའི་ཚུལ་གྱིས་རང་གི་སྨིན་མཚམས་ནས་བཟུང་གཡོན། ༀ་སྭ་བྷ་ཝ་སོགས། བསྐོར་བྱ། ༀ་རྣ་བ་གཡོན་ནས་གཡས་ཀྱི་བར། ཨཱཿགཡས་ནས་ནུབ། ཧཱུྃ་ནུབ་ནས་རྣ་བ་གཡོན་དུ་འཐེན་


KMC001_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པ་གདན་ཐབས་གྱི་ཆོས་འབྱུང་དང་། སླར། ༀ་སྨིན་མཚམས་ནས་རླུང་དང་། ཨཱཿ རླུང་ནས་བདེན་བྲལ། ཧཱུྃ་ནས་སླར་སྨིན་མཚམས་སུ་འཐེན་པ་ཁང་ཐབས་ཀྱི་ཆོས་འབྱུང་གྲུབ། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བརྗོད་ཅིང་དབུས་སུ་བདུད་རྩི་ཐིག་པ་འཐོར་ཏེ་ཐིག་ལེ་དམར་པོ་བསམ། དེ་བཞིན་དུ་ཤར་དུ། ༀ་བཛྲ་ཌཱ་ཀི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཐིག་ལེ་སྔོན་པོ་བསམ། ལྷོར། རཏྣ་ཌཱ་ཀི་ནི་སོགས། ནུབ། པདྨ་ཌཱ་ཀི་ནི་སོགས། བྱང་། ཀརྨ་ཌཱ་ཀི་ནི་སོགས། བརྗོད་ཅིང་བདུད་རྩི་འཐོར་བའི་ཕྱོགས་རང་མདོག་ཐིག་ལེ་བསམ། སླར་བདུད་རྩིའི་ཐིག་པ་སོ་སོར་རེག་བཞིན་པར། ཧྲཱིཿཧ་རི་ནི་ས་བརྗོད་དེ། དབུས་དང་ཕྱོགས་བཞིར་ཡི་གེ་ལྔར་གྱུར་པར་བསམ་ལ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཨེ་ལས་ཆོས་ཀྱི་འབྱུང་གནས་སོགས་མདུན་བསྐྱེད་ལྟར་དང་། གཙོ་མོའི་གསང་གནས་སོགས། བཛྲ་ས་མ་ཛཿ མཆོད་རོལ་འུར། ཧཱུྃ། སྣང་བ་ཆོས་སྐུའི་སོགས་ནས་ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། མཆོད་རོལ་འུར། སྔགས་རྣམས་རོལ་འོག་འདོན། བཅོམ་ལྡན་འདིར་ནི་བྱོན་པ་ལེགས་སོགས། བཞི་དྲིལ། སྟོང་གསུམ་ཀུན་དང་སོགས། རྡོ་དྲིལ་འཛིན་བཞིན། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་པདྨ་ཀ་མ་ལ་ཡ་སྟྭཾ།= ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་པྲ་ཏི་ཙྪ་སྭ་ཧཱ། ནས་ཤབྡ་བར།


KMC001_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རོལ་བཞག །རྡོ་དྲིལ་བཅས། པཉྩ་ཨ་མྲྀ་ཏ་དང་མཱངྟ་གི་བར་མཆོད། རྡོ་དྲིལ་བཞག །དེ་རྣམས་ཀྱི་སྐུ་ལ་སོགས། བཟླས་པ་བརྒྱ་དང་བརྒྱད་བྱས་ཏེ། སྟེགས་ཀྱི་ཁར་མཆོད་ཁ་གསོ་ཞིང་། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་ཨ་ཧཱུྃ་སྭཱ་ཧཱ་ནས་ཤབྡའི་བར་མཆོད་རོལ། རྡོ་དྲིལ་བཟུང་ཏེ་ནང་མཆོད་དང་གསང་མཆོད། མཐར་བཞི་དྲིལ་གྱིས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ ། ནས་རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །མཆོད་རོལ། བཞེངས་མི་དགོས། སློབ་དཔོན་གྱི་རྡོར་དྲིལ་དང་སྤོས་རེང་བཅས་ཐལ་མོ་སྦྱར་ཏེ། རྡོ་རྗེ་འཛིན་པ་བདག་གིས་ཕྱོགས་འདིར་བཅོམ་ལྡན་འདས་མའི་དཀྱིལ་འཁོར་བྲི་ཞིང་དངོས་གྲུབ་སྒྲུབ་པར་འདོད་པས་རྗེས་སུ་གནང་བ་སྩལ་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དྲིལ་གསིལ་དང་ལན་གསུམ།= ཕྱོགས་དེར་དཀྱིལ་འཁོར་བྲིས་ལ་རང་གཞན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག་ཅེས་པའི་གནང་བ་བྱིན་པར་གྱུར།=༡ དབུ་མཛད་གྱིས་བསྐུལ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་ནས་ཤབྡ་མཆོད་རོལ། མ་ཏངྒི་བར་མཆོད། བཅོམ་ལྡན་རྣམ་ཀུན་སོགས། བཞི་དྲིལ་བྱ། མ་ལ་འདུད། མཆོད་རོལ་བཞག །རྟེན་དང་བརྟེན་པར་བཅས་པའི་ནམ་མཁའི་ཁམས་དེ་ཉིད་དུ་བཞུགས་པར་


KMC001_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར།= བསོད་ནམས་འདི་ཡིས་སོགས་ཚོགས་གྲོལ། ༈ དེ་ནས་ཐིག་གདབ་པ་ནི། ཐིག་རྐུད་སྒྲུབ་པ་དང་། རྡུལ་ཚོན་སྒྲུབ་པ་ནི་རྒྱལ་རྒྱམ་ས་ཆོག་གིས་འགེབས་དགོས། གནམ་ཐིག་ས་ཐིག དེ་ནས་རྡུལ་ཚོན་བླུག་གྲུབ་ནས། བུམ་པ་མཚན་ཉིད་དང་ལྡན་པ་གུ་གུལ་གྱིས་བདུག །ལྔ་ཚན་ལྔའི་བུམ་རྫས་བླུག །ཆུ་གཙང་གིས་བཀང་བ་མགུལ་ཆིངས་དམར་པོ་བཅིངས་ནས་དཀྱིལ་འཁོར་དབུས་སུ་རྐང་གསུམ་ཁར་བཞག །དེ་ནས་རིམ་བཞིན་ཐོད་པ་མཚན་ལྡན། མེ་ལོང་དར་དམར་བུག་པ་མེད་པ་སོགས་སོ་སོར་བཤམས་ནས་ལག་མཆོད་ཀྱིས་སོ་སོར་བགེགས་བསངས་ནས་བཞག །རང་གི་ཚད་ཙམ་སྟེང་དུ་ནམ་མཁའི་དཀྱིལ་འཁོར་བསྐྱེད་དེ་གནང་བར་གསོལ་བ་དང་། དེ་ནས་སིང་ཧས་ག་བུར་གུར་གུམ་སྦྱར་བས་ཐོད་པའི་ནང་དར་དམར་ངོས་དང་མེ་ལོང་གི་ངོས་རྣམས་ལ་ཟླུམ་སྐོར་ཆོས་འབྱུང་པདྨ་ས་བོན་ལྔ་དགའ་འཁྱིལ་དང་དྲུག་བཅས་བྲི། འདི་རྣམས་ནམ་མཁའི་དཀྱིལ་འཁོར་འབྲི་བར་གསོལ་བ་དང་། མེ་ལོང་ནང་ངོས་སུ་ལག་མཆོད་ཀྱི་རྫས་བྱུག །སིནྡྷཱུ་རའི་དར་ཚག་གདབ་སྟེ་ཟླུམ་སྐོར་ཆོས་འབྱུང་གོང་བཞིན་དབུས། ཧྲཱིཿཡིག་མཐའ་སྐོར་ལ། ༀ་བཛྲ་བཻ་རོ་ཙ་ནི་ཡེ། ཧ་རི་ནི་ས། རི་ནི་ས་ཧ། ནི་རི་ཧ་ས། ས་ནི་རི་ཧ། ཨ་ཀཪྵ་ཡ་ཧྲཱིཿཛཿ ཞེས་པ་གཡོན་བསྐོར་དུ་བྲི། དཀྱིལ་འཁོར་དྲུག་པོ་མདུན་ཤར་དུ་ཕྱོགས་པར་བརྩེགས། སྟེང་ན་དར་དམར་གྱི་གུར་དང་གཟུངས་རྡོར་རྣམས་བཞག །འདིའི་གཡོན་ཕྱོགས་སུ་ལས་བུམ་


KMC001_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་ལ་སྤྱིར་སྒྲུབ་པའི་དུས་སུ་དྲུག་བརྩེགས། དུས་བཟང་གི་དུས་སུ་ལྔ་བརྩེགས། མཆོད་པ་ལ་གསུམ་བརྩེགས། དེ་ལྟར་བྲི་བཀོད་གྲུབ་ནས་ལྷག་ཆད་བརྟགས་ཟིན་མ་ཐག་ཏུ། ཧཱུྃ་ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླས་པའི་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་ངོས་སུ་བྱུག །དེའི་ཕྱིར་ཐ་སྣུམ་བྱུག །རྡུལ་ཚོན་ལྷག་མ་རྣམས་ལ། ༀ་བཛྲ་ཨརྒྷཾ་སོགས་མཆོད་ལ། ༀ་ཨཱཿཧཱུྃ་བཛྲ་མུཿ ཡེ་ཤེས་ཀྱི་རྡུལ་ཚོན་ནམ་མཁའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་ཞུགས་པར་གྱུར། ཞེས་ཚོན་བཀྱེ། སློབ་དཔོན་གྱིས། ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་ཡི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཐིམ་པས་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་ངོ་བོ་ཉིད་དུ་གྱུར། རྡོ་རྗེ་བསྡུ་བའི་རྒྱས། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་དེ་བསྟིམ་མོ། །དཀྱིལ་འཁོར་གྱི་ཕུག་གཏོར་ཡི་དམ་ལྔ་ཚར་བདེ་ཕག་གཉིས་མཚུངས་གཙོ་བོ་ལ་རྒྱན་ལྔ་སྒྲོམ་ཉི་ཟླ་ནོར་བུའི་མཚན་པ། འཁོར་བཞི་རྒྱན་ཉིས་རྒྱན་ཅན། བར་མཚམས་ལ་བ་ལེཾ་བཞི་གཏོར་རྫས་འབྲུ་སྣ་བཅས་བཀོད་དེ་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བཤམས། དཀྱིལ་འཁོར་གྱི་ཤར་ལྷོ་ནས་བཟུང་གཡོན་བསྐོར་དུ་མཆོད་འཕྲེང་བཀོད། རྡུལ་མཚོན་གྱི་དཀྱིལ་འཁོར་


KMC001_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྤྲོའི་སྐབས་མཆོད་པ་ཆ་བཞི་སོགས་སྐོར་བཤམས་བྱ་ཞིང་། ཤར་དུ་མིང་དྲིལ་དང་གྲི་གུག་རྡོ་རྗེས་མཚན་པ། ལྷོར་དབུ་རྒྱན་དར་དཔྱངས་དང་རིན་པོ་ཆེ། ནུབ་ཏུ་རྡོ་རྗེ་དང་པདྨ། བྱང་དུ་དྲིལ་བུ་དང་རལ་གྲི་བཅས་བཀོད། དེ་རྒྱབ་སྒབ་བསྐོར་བཀོད་སྟེང་ཤར་དང་ནུབ་ཏུ་དབུ་གདུགས། རྒྱལ་མཚན་གཉིས། ཕྱེ་ཕུར་གཉིས། ཕན་བཞི་བཅས་བཀོད། གཙོ་བུམ་སྟེང་གཟུངས་རྡོར་བཞག །དཀྱིལ་འཁོར་གྱི་ཤར་ངོས་སུ་མཆོད་སྟེགས་ཁེབས་ལྡན་གྱི་སྟེང་སྒོ་མཆོད་ཕྲེང་ཚར་མཆོད་མགོ་གཡོན་བསྟན་དང་། ནང་མཆོད་ཀ་པ་ལ། སྒྲོན་ཐུར། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། གང་བདེར་མཆོད་པའི་མཎྜལ་སོགས་བཤམས། དེའི་ཕྱིར་ཡོལ་བ་རྒྱབ། དེའི་ཕྱིར་གང་བདེར། ཡོན་ཆབ། མེ་ཏོག བདུག་སྤོས། མར་མེ། ཞལ་ཟས་བཅས་བརྒྱ་ཚང་བ་རེས་བཀོད། ༈ དངོས་གཞིའི་ཉིན་རྣམ་འཇོམ་རྒྱལ། ཚིག་བདུན་གསོལ་འདེབས་དང་ཞོག་འདོན་ཆོས་སྤྱོད་གོ་རིམ་ལྟར། བདག་ཉིད་སྐད་ཅིག་གི་སོགས། སྔོན་འགྲོ་གཏོར་མ་བྲན། ༀ་ཨཱཿབིགྷྣན་སོགས། སྟོང་པའི་ངང་ལས་སོགས། ཆེན་པོ་གྱུར། ༀ་ཨཱཿཧཱུྃ་གསུམ། ཕེཾ་གསུམ། ཨ་རལླི་གསུམ། ཨརྒྷཾ་ནས་ཤབྡ་མཆོད་རོལ་འུར། ༀ་ཁ་ཁ་སོགས་ལན་བཞི་ལ་གཏོར་རྒྱ། བཞི་དྲིལ་གྱིས། ཞིང་སྐྱོང་ཆེན་པོ་སོགས། བགེགས་གཏོར་ཕྱིར་ཕུལ་བཤལ་ཆུ་དགོས། གང་དག་ནག་པོའི་སོགས། གྱུར། མཆོད་རོལ། ལས་སྔགས་དང་སུམྦྷ་ནི་བརྗོད། རྡོ་རྗེ་བཞག །སྲུང་འཁོར་ནི། འོག་


KMC001_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སོགས། ཧཱུྃ་འདི་ལྟར་ལྷ་མོ་སོགས། ཚིག་མཚམས་སུ་མཚམས་རྒྱག བཟློག་ཏུ་གསོལ། མཆོད་རོལ། རོལ་འོག་སྔགས་འདོན། ལས་རྡོར་གྱིས་ཕྱག་གསུམ་སྔོན་དུ་འགྲོ་བས། རྡོ་རྗེ་འཛིན་སོགས་ཀྱིས་ཏིང་འཛིན་བསྐུལ། ལས་རྡོར་གྱིས་མཆོད་པར་བདུད་རྩི་བྲན། སློབ་དཔོན་གྱིས་མདུན་མཆོད་ལ་བདུད་རྩི་བྲན། ཐལ་སྦྱར་བྱས། ༀ་ཨཱཿབིགྷྣན་སོགས། མཆོད་པ་བྱིན་རླབས། སེ་གོལ་མེད། ཤབྡ་མཆོད་རོལ་མཐར་ཌཱ་དྲིལ་སིལ་སྙན་བཅས་བཞག སྐྱབས་འགྲོ་ཉེར་གཅིག རྡོར་སེམས་ཡིག་བརྒྱ་ཉེར་ཅིག །ཡིག་དྲུག་ཕྲེང་སྐོར་གཅིག །མདུན་གྱི་ནམ་མཁར་སོགས། བསྡུ་རྒྱས་བཛྲ་ས་མཱ་ཛཿ ཧཱུྃ་བཞེངས་ཤིག་སོགས། རྒྱལ་བ་འཁོར་བཅས༴ བཅོམ་ལྡན་འདིར་ནི་སོགས། བཞི་དྲིལ། གདན་རྒྱ། ༀ་སརྦ་ནས་དྲིལ་གསིལ་བཞིན་པད་སྐོར་གདན་རྒྱ། ནམ་མཁའི་སོགས་ཐལ་སྦྱར། གྱུར། དྲིལ་བཅད། བསྟོད།= ལྟེ་བའི་ས་བོན་ལས་སོགས། ༀ་བཛྲ་བཻ་རོ་ཙ་ནི་སོགས། ཨརྒྷཾ་ནས#་ཤབྡ་མཆོད་རོལ་མཐར་སིལ་སྙན་བཞག ། རྡོར་དྲིལ་འཛིན་བཞིན། པཉྩ་ཨ་མྲྀ་ཏ་སོགས་བདུད་རྩི་མཆོད། ལས་རྡོར་གྱིས་མཆོད། རྡོར་དྲིལ་བཞག །ཐལ་སྦྱར་གྱིས། ཇི་སྙེད་སུ་དག །འཐོར་ནས་འགྱེད། ཡིག་བརྒྱ་དང་མཎྜལ། བདག་དང་མཐའ་ཡས་པའི་སོགས། ཐམས་ཅད་སོགས། ཟུང་འཇུག་མ། ལྷ་ཚོགས་རྣམས་ཀྱི་སོགས། ཚད་མེད་བཞི།=


KMC001_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཐོར་རྒྱུ་མེད། ༀ་སྭ་བྷ་ཝ་སོགས།= གཟུང་བ་དང་འཛིན་པ་སོགས་བསྐྱེད་རིམ་དང་། དེའི་སྤྱི་བོར་ཧ་ལས་སོགས། བཛྲ་ས་མ་ཛཿ མཆོད་རོལ་འུར། མཐར་སིལ་སྙན་ཌཱ་དྲིལ་བཅས་བཞག །དེ་རྣམས་ཀྱི་སོགས། གཉིས་སུ་མེད་པར་གྱུར། ༀ་བཛྲ་བཻ་རོ་སོགས། གསུམ་བརྒྱ་འགོག་བཟླས་བྱ། མཐར་ཕྱི་རོལ་སྣོད་བཅུད་སོགས། སླར་ཡང་ཟུང་འཇུག་གི་སྐུར་ལྡང་། དེས་བདག་བསྐྱེད་གྲུབ། ༈ །དེ་ནས་ལག་མཆོད་ཀྱི་ཆོ་ག་ནི་གོང་གི་སྟ་གོན་སྐབས་ལྟར་བྱའོ། ༈ །བུམ་བསྐྱེད་ནི། ༀ་ཨཱཿ བིགྷྣན་སོགས་བུམ་དཀྱིལ་ལ་བདུད་རྩི་འཐོར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེ་སོགས། རང་བཞིན་གྱི་གནས་ནས་སོགས། བཛྲ་ས་མ་ཛཿ མཆོད་རོལ་འུར། མཐར་སིལ་སྙན་དང་ཌཱ་དྲིལ་བཞག །མེ་ལོང་གི་སོགས། བཟུངས་ཐག་ཕུལ། བཟླས་པ་གསུམ་བརྒྱ། མཐར་མེ་ལོང་ཐོད་པ་སོགས། བུམ་བསྐྱེད་གྲུབ། ༈ །མདུན་བསྐྱེད་ནི། མཆོད་པ་ཁ་གསོ། རྡུལ་མཚོན་གྱི་དཀྱིལ་འཁོར་ལ་བྲན། ༀ་ཨཱཿ་བིགྷྣན༴ སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སོགས། དེའི་ཤར་དུ་ཧ་ལས་སོགས། བཛྲ་ས་མ་ཛཿ མཆོད་རོལ་འུར། ཧཱུྃ་སྣང་བ་ཆོས་སྐུའི་སོགས་བཞི་དྲིལ། ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། །མཆོད་རོལ་འུར། སྔགས་རྣམས་རོལ་ཞབས་སུ་གསུང་། བཅོམ་ལྡན་འདིར་


KMC001_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སོགས། སྟོང་གསུམ་ཀུན་སོགས། ཀ་མ་ལ་ཡསྟྭཾ།= ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱི ཙྪ་སྭཱ་ཧཱ། མཆོད་རོལ་འོག་སློབ་དཔོན་དང་ལས་རྡོར་གྱིས་བདུད་རྩི་ལག་གཡོན་གྱིས་མཆོད་བཞིན། བཛྲ་ཝཱ་རཱ་ཧཱི། ༀ་ཨཱཿ ཧཱུྃ། བུདྡྷ་ཌཱི་ཀི་ནི་སོགས། མཐར་སིལ་སྙན་ཌཱ་དྲིལ་བཅས་བཞག དེ་རྣམས་ཀྱི་སྐུ་ལས་སོགས། བཟླས་པ་གསུམ་བརྒྱ་མཐར། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སོགས་བཞི་དྲིལ། ཧཱུྃ་དཔལ་དང་སོགས། འཁོར་ལོ་སྡོམ་པའི་ཞབས་ལ་ཕྱག་འཚལ་ལོ། །མཆོད་རོལ། སྔགས་དང་བདུད་རྩི་མཆོད། ཆབ་སིལ་གྲོལ། ཡར་ཚོགས། རྒྱལ་!བའི་སྐུ་ལ་སོགས་སོ་སོར་ཕྱག་རྒྱ་དང་བཅས། ཤབྡ་མཆོད་རོལ་གོང་ལྟར་མཆོད། བཞི་དྲིལ། བཅོམ་ལྡན་འདས་མ་སོགས། མཆོད་རོལ། སྔགས་དང་བདུད་རྩི་མཆོད། རང་རྒྱ་དང་། ཁ་དོག་དབྱིབས་ལེགས༴ ཤབྡ་མཚམས་རྒྱག །སྤཪྴེ་མཆོད་རོལ། སྔགས་དང་བདུད་རྩི་མཆོད། བཞི་དྲིལ། ཧཱུྃ་ལྟེ་བའི་དབུས་ནས་སོགས། མཆོད་རོལ། སྔགས་དང་བདུད་རྩི་མཆོད། ཐལ་སྦྱར་གྱིས། ཤ་ཆེན་སྤོས་དང་སོགས། མཆོད་རོལ། སྔགས་དང་བདུད་རྩིའི་མཆོད། བཞི་དྲིལ། ཧཱུྃ་རྡོ་རྗེ་ཕག་མོ་སོགས། མཆོད་རོལ། སྔགས་དང་བདུད་རྩིའི་མཆོད། ཆང་སྣ་བཞི་ཡི་སོགས། ལན་གསུམ་དཀྲུགས་པའི་སོགས། མཆོད་རོལ། སྔགས་དང་བདུད་རྩི་མཆོད་མཐར་སིལ་


KMC001_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ཌཱ་དྲིལ་བཅས་བཞག །བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་སོགས། ༀ་ཨཱཿཧཱུྃ། བརྗོད། ཇི་ལྟར་བལྟམས་པ་སོགས། ས་གཞི་སྤོས་ཆུ་སོགས། ཐལ་སྦྱར་གྱིས། བདག་ནི་འཁོར་བའི་སོགས། ལན་གསུམ་རྣམས་ཕྱི༵་དྲོ་ལན༵་རེ་བྱ་ད༵གོས། སློབ་!དཔོན་ཁྱོད་ནི་སོགས་ལན་གསུམ། དཀོན་མ!ཆོག་གསུམ་ལ་སོགས་ལན་གསུམ། ༀ་ཨཱཿ བིགྷྣན་སོགས། སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་སློབ་མ་རྣམས་སོགས། ༀ་ཨཱཿཧཱུྃ། དཔྲལ་བར་ༀ་ལས་སོགས། པུཥྤེ་དྷཱུ་པེ་སོགས། ཕྱག་རྒྱ་ཡིག་ཆུང་ལྟར་གྱིས། ལྟེ་བ་ཕག་མོའི་སོགས་གནས་སོ་སོར་རེག་ལ། ས་གཞི་སྤོས་ཆུ་སོགས། ཐལ་སྦྱར་གྱིས། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། ཐལ་མེད། བླ་མ་དང་ནི་སོགས། ༀ་ཙཀྵུ་སོགས། མིང་དར་བཅིང་། ༀ་ཨཱ་ཁཾ་སོགས། ༀ་ཨཱ་བིགྷྣན་སོགས། སྭ་བྷ་ཝ་སོགས། སྔོན་འགྲོ་གཏོར་མ་བཏང་། ཧཱུྃ་འདི་ལྟར་ལྷ་མོ་སོགས། མཆོད་རོལ་མཐར་སིལ་སྙན་དང་ཌཱ་དྲིལ་བཅས་བཞག ལག་ཏུ་རྡོ་རྗེ་ཐོགས་ཏེ། སྙིང་གར་ཀུན་རྫོབ་སོགས། རྡོར་ཐལ་བར་རྡོ་རྗེ་བཟུང་ལ། ༀ་སརྦ་ཡོ་ག་སོགས་ལན་གསུམ་བསྐོར་ལ། ལག་གཡས་ཀྱིས་རྡོ་རྗེ་སྙིང་གར་བཞག་ཏེ། ༀ་སུ་ར་ཏེ་སོགས་ལན་ཅིག་གིས་བརྟན་པར་བྱས། རྡོ་རྗེ་སྤང་དུ་བཞག །ཐལ་སྦྱར་གྱིས། མགོན་པོ་སངས་རྒྱས་སོགས་ལན་


KMC001_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། རྡོ་རྗེ་མགོ་བོར་བཞག་ལ། ཁྱོད་ནི་རྣལ་འབྱོར་སོགས། རྡོ་རྗེ་མཁའ་འགྲོ་ནས་སྙིང་གར་བཟུང་། འདི་ནི་ཁྱོད༴ རྡོ་རྗེ་སྤྱི་བོར་བཞག་ལ། དུས་འདི་ནས་ནི་སོགས། གནས་པར་གྱིས། རྡོ་རྗེ་བཞག །ཐལ་སྦྱར་གྱིས། བདག་དུས་འདི་ནས་སོགས་ལན་གསུམ། ཆོས་འབྱུང་གི་རྒྱ་བཅས། རླུང་གི་དཀྱིལ་འཁོར་སོགས་ནས། དཔག་ཏུ་མེད་པར་སྤྱན་དྲངས། མོས་པ་མཛོད། བྱིན་འབེབས་མཆོད་རོལ་སྔགས་རྣམས་གསུང་། མཐར་སིལ་སྙན་དང་ཌཱ་དྲིལ་བཅས་བཞག །ལྟོས་ཤིག་རང་གི་སོགས། ཏིཥྛ་བཛྲ། སྤྱི་བོར་རྒྱ་གྲམ་བཀོད། རྡོ་རྗེ་མཁའ་འགྲོའི་སྐབས་རྡོ་རྗེ་བསྟན་ཏེ། བཛྲ་ཧོ་མེ་ཏོག་འཐོར། བཅོམ་ལྡན་འདས་མ་སོགས། གཟུང་བར་མཛོད། མེ་ཏོག་སྤྱི་བོར་བཀོད། སྤྱན་ལྔ་རྣམ་དག ། རྡོ་རྗེ་བསྟན་ཏེ། ༀ་བཛྲ་ནེ་ཏྲ་ལག་གཡོན་གྱིས་ཧཱུྃ་ཏྲཱྃ་སྒྲེང་ཏེ་བསྐོར་བའི་སྐབས་མིག་དར་བསལ། རྡོ་རྗེ་བསྟན་ཏེ། དཀྱིལ་འཁོར་གཉན་པོ་སོགས། པར་གྱིས། ནང་ནས་བསྐོར་ཏེ་སར་བཞག །མཎྜལ་ཕུལ། བླ་མ་རྡོ་རྗེ་འཛིན་པ་སོགས། བསྐུར་དུ་གསོལ།= ལྷ་མོ་དཔལ་གྱི་ནས། མཛད་དུ་གསོལ། ལན་གསུམ་དང་། རྡོ་རྗེ་རྣལ་འབྱོར་མ་རྣམས་སོགས། སྩོལ།= སློབ་དཔོན་གྱི་སོགས། སྤྱན་དྲངས། གདན་རྒྱ། བཛྲ་ས་མ་ཛཿ བསྡུ་རྒྱ། སློབ་མ་ལ། སངས་རྒྱས་ཀུན་


KMC001_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སོགས། ཁྱོད་ལ་བསྐུར། ཇི་ལྟར༴ རྡོ་རྗེ་མཁའ་འགྲོ་སོགས། ཧ་ཨོ་བཛྲ་ རིག་འགྲེ་ཞིང་། དབང་གི་སོགས། དབུ་རྒྱན། རིན་ཆེན། རྡོ་རྗེ། པདྨ། དྲིལ་བུ། རལ་གྲི། མིང་དབང་། གྲི་གུག ཧྲཱི་ༀ་བཛྲ་དྲིལ་བཞག དེ་ལྟར་རྡུལ་མཚོན་སོགས། བྱས་སོ།= བླ་མ་རྡོ་རྗེ་སོགས། སངས་རྒྱས་ཀུན་གྱི་ཐོད་པའི་སོགས། བྱང་ཆུབ་སེམས་གྱི་སོགས། སངས་རྒྱས་ཀུན་གྱི་སོགས། ༀ་བཛྲ་བཻ་རོ་སོགས། མེ་ལོང་གི་སོགས།= དེ་ལྟར་སོགས། བྱས་སོ། ཕྱག་རྒྱ་ཆེན་པོའི་སོགས། བྱས་སོ། །ཐལ་སྦྱར་= གྱིས། བླ་མ་རྡོ་རྗེ་འཛིན་པ་སོགས་ལན་གསུམ། སློབ་མ་རྣམས་སོགས།= རྡོ་དྲིལ་བཟུང་ཏེ། དབང་བསྐུར་སོགས། ཡེ་ཧཱུྃ། དྲིལ་པང་དུ་འཇོག སུ་པྲ་ཏིཥྛ་འབྲུ་འཐོར། ཧཱུྃ་ལས༴ རྡོ་རྗེ་བཏེག་ཙམ་ནས་གསོར་ཞིང་། ཨཱ་ལས༴ དྲིལ་བཏེག་ཙམ་ནས་ཟུངས། འཁྱུད་པའི་ཡུམ་དང་བཅས་བཞིན་པར་འཁྱུད་རྒྱ། རྡོ་རྗེ་དང་ནི་སོགས། གྱིས་ཤིག །ཐལ་སྦྱར་ཙམ་ནས་རྡོ་དྲིལ་འཇོག །བླ་མ་རྡོ་རྗེ་འཆང་ནས། ༀ་བཛྲ་བཻ་རོ་སོགས་ལན་གསུམ་ཕྲེང་བ་བགྲང་། བཟླས་པ་སོགས། རིགས་ལྔ་མཁའ་འགྲོ་སོགས། གཙོ་བོ་ཇི་ལྟར༴ ས་གཞི་སྤོས་ཆུ༴ དེང་ནས་བརྩམ་ཏེ་སོགས། དེ་ནས་མཆོད་པ་ཁ་གསོ། སློབ་དཔོན་མདུན་མཆོད་པ་ཁ་གསོ། ༀ་


KMC001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿབིགྷྣན་སོགས། གོང་གི་མཆོད་པ་བྱིན་རླབས། མཆོད་རོལ། སྐྱབས་འགྲོ་ལན་གཅིག་གིས་གུང་སེང་གྲོལ། ༈ ཕྱི་དྲོ་ཡར་ཚོགས། དཔལ་ལྡན་བླ་མ་དམ་པ་ནས་བཟུང་སྔོན་མ་ལྟར་ལས། དབང་གི་ནང་ལན་གསུམ་རེ་དགོས་པ་དེ་རྣམས་ཚར་རེ་ལས་མི་དགོས། ༈ དེ་ནས་ཚོགས་ཀྱི་ཡོ་བྱད་ཀུན་འཛོམ་པར་བྱས་ཤིང་དེ་དག་ལ་ཆུ་ཆབ་བྲན། སྤོས་རེང་འཛུག །ༀ་ཨཱ་བིགྷྣན་སོགས་གོང་གི་སྔོན་གཏོར་ལྟར་བྱིན་རླབས་བྱ་ཞིང་བདུད་རྩི་བྲན། ན་མོ་ཐབས་དང་ཤེས་རབ་སོགས་ལན་གསུམ་མཐར་མཆོད་རོལ་འུར། བཞི་དྲིལ་གྱིས། ཧཱུྃ་བཞེངས་ཤིག་སོགས། མཆོད་རོལ་དང་སྔགས་སོ་སོར་གསུང་། ཡི་དམ༴ རྡོ་རྗེ༴ སངས་རྒྱས༴ རིན་ཆེན༴ པདྨ༴ ལས་ཀྱི༴ སྣ་ཚོགས༴ འཇིག་རྟེན༴ ཆོས་སྐྱོང་༴ ཞིང་སྐྱོང་༴ མཐར་ཚོགས་ཕུད་གོང་གཏོར་དྲུང་དུ་ཕུལ། ཆང་ཕུད་ཕུལ། གཙང་ལྷག་བཞག མཆོད་རོལ་མཐར་ཌཱ་དྲིལ་བཞག ། སིལ་སྙན་པང་དུ་ཉར་སྲོལ། ཕུག་གཏོར་ལ་བདུད་རྩི་བྲན། ༀ་ཨཱཿབིགྷྣན་སོགས། གོང་ལྟར་བྱིན་རླབས། ཕཻཾ། འབར་བའི་རྒྱ། ༀ་བཛྲ་ཨཱ་ར་ལི་ཧོ་སོགས། ན་མོ་རཏྣ་གུ་རུ་སོགས་ལན་གསུམ་ལ་གཏོར་རྒྱ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སོགས་གསང་སྔགས་ནང་གཏོར་གསུང་མཐར། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་སོགས་ལན་གསུམ། བཛྲ་ཌཱ་ཀི་ནཱི་སོགས་ལན་གསུམ། ལྷ་ཚོགས་རྣམས་


KMC001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སོགས། ༀ་ཤྲཱི་བཛྲ་ཝཱ་ར་ཧི་བཛྲ་ཨརྒྷཾ་ནས། ཤབྡ་མཆོད་རོལ། མཱཏངྒི་བར།= ༀ་བཅོམ་ལྡན་རྣམ་ཀུན་སོགས་འདུད།= ༀ་ཁ་ཁ་སོགས་ལན་བཞི། ༀ་ཧྲཱིཾ་ཧྲཱིཾ་སོགས་རང་རྒྱས་ལན་གསུམ། ཞིང་སྐྱོང་ཆེན་པོ་སོགས་བཞི་དྲིལ། མཆོད་རོལ་མཐར་སུམ་རྡུང་གིས། མ་དག་མ་གསུང་། འབེབས་དང་བཞག །ལས་རྡོར་པས་ཚོགས་བཏེག །ཚོགས་དབྱངས་འཐེན། ཞབས་བརྟན་རྣམས་གསུང་། ཚོགས་ལྷག་བསྡུ། དེའི་སྟེང་གཙང་ལྷག་བཞག་བདུད་རྩི་བྲན། ༀ་ཨཱ་ཀ་རོ་སོགས། ཕུད་དང་ལྷག་མའི་སོགས། དཔལ་འབར་གཙུག །བཞི་དྲིལ་གྱིས། ༀ་གཞན་ཡང་ལས་ཀྱི་སོགས། མེལ་ཚེ་མཛོད། མཆོད་རོལ་འུར། སྔགས་གསུང་། མཆོད་པ་ཁ་གསོ། ༀ་ཤྲི་བཛྲ་ཝཱ་ར་ཧི་བཛྲ་ཨརྒྷཾ་ནས། ཤབྡ་མཆོད་རོལ། མཱ་ཏངྒི།= ཧྲཱིཿ ཞལ་གཅིག་སྤྱན་གསུམ་སོགས། བཞི་དྲིལ། མ་འབྱོར་པ་དང་སོགས། བཟོད་པར་མཛོད། ཡིག་བརྒྱ་ལན་གསུམ། ལྷ་མོ་ཚད་མ་རྡོ་དྲིལ་བཅས་ཐལ་སྦྱར། གནས་ལ་དགོད། བདག་དང་འགྲོ་ལ་སོགས། གདན་རྒྱ། དགེ་བ་འདི་ཡིས་སོགས། ཡི་དམ་ལྷ་ཚོགས་སོགས། ཤོག= བཀའ་བརྒྱུད་བླ་མའི་ལེགས་བྱིན་པའི་སོགས་བཞི་དྲིལ་མེ་ཏོག་འཐོར། མཐའ་རྟེན་བཀྲ་ཤིས་གང་འོས་བརྗོད་ཅིང་། མི་འགྱུར་ལྷུན་པོ༴ བསོད་ནམས་རི་


KMC001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བོ༴ བདུད་བཞི་ལས་རྒྱལ་སོགས། མཆོད་རོལ་འུར་བྱ། ཉིན་གཉིས་པར། འབད་དང་༴ སྒར་ཆེན ༴ ཉིན་མོ་བདེ་ལེགས༴ གསུམ་པར། གནས་སྐབས༴ བདག་སོགས༴ བསྟན་པའི་དཔལ་གྱུར༴ བཞི་པར། བགེགས་རིགས༴ ལོ་བརྒྱ༴ སྟོན་པ་འཇིན་རྟེན་སོགས་དང་། རྒྱུན་ལྟར་འཇུག་བསྡུ། ཆབ་གསིལ་གྲོལ། སྦྱིན་སྲེག་ཚོགས། ཉིན་ལྔ་པར། བདག་འཇུག་ལེན་ཉིན་ཞལ་འདོན་རྣམས་རྒྱུན་ལྟར་དང་། བདག་བསྐྱེད་མཐར་སློབ་དཔོན་མདུན་གྱི་མཆོད་འཕྲེང་བསྡུ། མཆོད་བཞི་བསྟོད་བཞི་གསུང་སྐབས་དབང་རྫས་རྣམས་འགྱེད། དང་པོ་དབང་རྫས་རྣམས་བཞག་གདན་རས་དཀར་བཏིང་། དེ་ནས་མིག་དར་དང་མེ་ཏོག་ཙམ་པ་ཀ་རེར་འགྱེད། པང་གདན། སྟོད་ལེ། ཐོར་ཚུགས། དབུ་རྒྱན། དར་དཔྱངས། འཐོར་ནས་བཅས་འགྱེད། ལྷར་གསལ་བའི་ཞལ་དུ་ༀ་ཨཱཿ་ཧཱུྃ། རྒྱ་གླིང་བཏང་། དབང་རྫས་བཞེས་རྒྱ་བཅད། བདག་འཇུག་མ་གྲུབ་པར་ཐམས་ཅད་ཀྱིས་རྡོ་དྲིལ་བཟུང་དགོས། ལས་རྡོར་པས་ལས་བུམ་སློབ་དཔོན་ཕྱག་ཏུ་ཕུལ། ཇི་ལྟར་སོགས་སློབ་དཔོན་ཀྱང་བཞེས། ཀུན་ལ་བུམ་ཆུ་འགྱེད། སློབ་མ་བསང་། སློབ་དཔོན་གྱིས་ནང་མཆོད་ནས་བདུད་རྩི་ཐམས་ཅད་ལ་བྲན། དཔྲལ་བར་ༀ་ལས་སྐབས་ནང་མཆོད་ནས་དྲི་ཆུ་གནས་གསུམ་ལ་འཐོར། པུཥྤེ་སོགས་གྲལ་མདོ་ནས་སློབ་མ་མཆོད་པ་བཏེགས། འདི་ནས་ཁྱོད་ཀྱི་སྐབས་སློབ་དཔོན་གྱིས་ནང་མཆོད་སྒྲོན་


KMC001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་གྱིས་ཅུང་ཟད་རེ་དམ་ཆུ་གཉིས་ནང་བསྲེས་ཏེ་ལས་རྡོར་ནས་ཀུན་ལ་འགྱེད། ༀ་བཛྲ་ནེ་ཏྲའི་སྐབས་གདོང་གཡོགས་དང་དཀྱིལ་འཁོར་གྱི་ཡོལ་བ་དུས་གཅིག་ཏུ་བསལ། སློབ་དཔོན་གྱི་ལྟེ་བའི་སྐབས་ལས་རྡོར་པས་གཙོ་བུམ་བཏེག ། སློབ་དཔོན་ལ་ཕུལ། དབང་ནི་ཁྱོད་ལ་བསྐུར༴ སྤྱི་བོར་བཞག །ཇི་ལྟར་བལྟམས་པ༴ སྤྱི་བོར་བཞག་བུམ་ཆུ་བཞེས། གཙོ་བུམ་སློབ་དཔོན་མདུན་དུ་བཞག ། རྡོ་རྗེའི་ཙཀླི་ཕུལ། ཧ་ༀ་བཛྲ་སོགས། ཐུགས་ཀར་གཏུགས་ཙམ་རེ་བྱ། དབང་གི་ལྷ་རྣམས་སྐབས་གཙོ་བུམ་གྱི་སྒྲོའི་ཆུ་ཀུན་ལ་གཏོར་བ་སོགས་རིགས་འགྲེ། ལས་རྡོར་པས་དབང་རྫས་དབུ་རྒྱན་བཏེག ། སོ་སོའི་དབུ་རྒྱན་ཕྱག་གཡོན་དུ་བཟུང་སྟེེ། ཁྱོད་ལ་བསྐུར་སྐབས་ཐམས་ཅད་ཀྱིིས་དབུ་ལ་གསོལ། རིན་ཆེན་ཙགླི་གོང་ལྟར། དབང་རྫས་རྡོ་རྗེ་བསྐོར་ཏེ་ཐུགས་ཀར་གཏུག་ཙམ་བྱ། པདྨའི་ཙགླི་གོང་ལྟར། དབང་དྲིལ་ལག་གཡོན་གྱིས་ལེན་མཐར་དཀུར་བརྟེན་ཙམ་བྱ། རལ་གྲིའི་ཙཀླི་གོང་ལྟར། མིང་དྲིལ་ལག་གཡས་ཀྱིས་ལེན། ཀྱཻ་དཔལ་སྣང ་མཛད་རྡོ་རྗེ་སྐབས་སྤྱི་བོར་རྐྱང་པ་དཀྲོལ། གྲི་གུག་ཙཀླི་གོང་ལྟར། བུམ་ཆུ་གཏོར་གྲུབ་ནས་གཙོ་བུམ་དཀྱིལ་འཁོར་དབུས་སུ་འཇོག །བླ་མ་རྡོ་རྗེའི་སྐབས་ལས་རྡོར་གྱིས་གསང་ཐོད་ཕུལ། ཡིག་ཆུང་ལྟར། ལག་གཡོན་གྱིས་སྒྲོན་ཐུར་བཟུང་སྟེ་བདུད་རྩི་འཐུང་མཐར་ཀུན་ལ་འགྱེད། དེ་ལྟར་བླ་མ་ཡབ་ཡུམ་སྐབས་མེ་ལོང་ཕུལ། ལྟེ་བར་བཞག་ལ། སངས་རྒྱས་


KMC001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་སོགས། མེ་ལོང་མདུན་དུ་བཞག །བླ་མ་རྡོ་རྗེ་འཛིན་པ་སོགས་ལན་གསུམ་ལ་ཐལ་སྦྱར་བྱ། སློབ་མ་རྣམས་པད་ཉིད་སོགས། གཙོ་བུམ་ཕུལ། དབང་བསྐུར་སོགས། སྦྱིན་པར་བྱ། སྤྱི་བོར་བཞག་བུམ་ཆུ་བཞེས་གྲལ་ཀུན་ལ་འགྱེད། སུ་པྲ་ཏིཥྛ། མེ་ཏོག་འཐོར་རྡོ་རྗེ་གསོར་ནས། ཧཱུྃ་ལས་སོགས། དྲིལ་བུ་གསོར། ཨ་ལས་སོགས། འཁྱུད་པའི་ཡུམ་དང་སོགས་འཁྱུད་རྒྱ། རྡོ་རྗེ་དང་ནི་སོགས། སྤྱི་བོར་སིནྡྷཱུ་ར་བྱུག་ལ། བླ་མ་རྡོ་རྗེ་འཆང་སོགས། ལྟེ་བར་བྱུག་ཤིང་། ཁྱོད་ཀྱི་ལྷ་སོགས། སྒོམས་ཤིག ། ཕྲེང་བ་ཕུལ། བགྲངས་ལ། ༀ་བཛྲ་བཻ་རོ་སོགས་ལན་གསུམ། མགྲིན་པར་བྱུགས་ལ། བཟླས་པའི་རིམ་པ་སོགས། རིགས་ལྔ་མཁའ་འགྲོ་སོགས། སྒྲུབ་པར་བྱོས། རྡོར་དྲིལ་བཞག །གཙོ་བོ་ཇི་ལྟར༴ ས་བཞི༴ དེང་ནས་སོགས། དབང་རྫས་རྣམས་ཕུད་རིམ་པར་བསྡུ། ཚོགས་ལ་འཇུག །ལྷག་མ་བཅས་གོང་ལྟར་རོ། །མཆོད་པ་ཁ་གསོ། རྒྱལ་བའི་སྐུ༴ མཆོད་རོལ། ཕྱོགས་བཞི་མཆོད་པ་རྣམས་བསྡུ། སློབ་དཔོན་ལ་ཆབ་ཕུལ། ཧྲཱི་ཞལ་གཅིག་སོགས་གྱེར། སློབ་དཔོན་རྡོར་དྲིལ་བཅས་དཀྱིལ་འཁོར་ཤར་སྒོའི་ཐད་བཞེངས་ཕྱེད་ཕྱག་གྱིས་ཡིག་རྒྱ་ལན་གསུམ་ལ་སྐོར་བ་གསུམ་བྱོན། སླར་ཤར་སྒོའི་ཐད་བཞེངས་ཏེ་རྡོར་དྲིལ་དང་བཅས་ཐལ་སྦྱར་གྱིས། ལྷ་མོ་ཚད་མ༴ གནད་ལ་འགོད། ༀ་ཁྱེད་ཀྱི་སེམས་ཅན༴ བཛྲ་མུ། སེ་གོལ་གདབ་


KMC001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡེ་ཤེས་པ་གཤེགས། ༀ་ཨཱཿཧཱུྃ། མཆོད་སྦྱིན་གནས་འདིར༴ སེ་གོལ་གདབ་དམ་ཚིག་པ་སྙིང་གར་བསྡུ། དཀོན་མཆོག་རིན་ཆེན་སོགས། སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཐོབ་པར་ཤོག །ༀ་ཨ་ཀ་རོ་ནས། སྭཱ་ཧཱ། སིལ་སྙན་ཐང་ཐང་རིང་བས་ལག་གཡས་རྡོ་རྗེའི་མེ་རེ་ནས་ལྟེ་བའི་ས་བོན་བར་གཤག་ཏེ་ཕྱོགས་གཞན་རྣམས་གཤག་ཚུལ་མཐར་ཅུང་ཟད་སྤྱི་བོར་བླུག་རྡུལ་ཚོན་རྣམས་བུམ་པར་བླུག་ཏེ་བཞག་གོ །ཐིག་རི་རྣམས་མི་མངོན་པར་ཆུའི་ལེགས་པར་བཀྲུ་བར་བྱའོ། མཐར་སློབ་དཔོན་གྲལ་དུ་བཞུགས་མཆོད་རོལ་བྱ། བཀྲ་ཤིས་ལ་འཇུག་མཐར་མཆོད་རོལ། བདག་གི་དུས་གསུམ༴ སྒར་ཆེན་བཀྲ་ཤིས༴ བདེན་གྲུབ་མ༴ བཀྲིས་དཔལ་འབར་བཅས། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་ཉིན་ལྔ་ཡི་ཐེན་གྲངས་ལ། དངོས་གཞི་ཉིན་དང་པོར། ཞིང་སྐྱོང་ཆེན་པོ་རང་གདངས་ཡོངས་རྫོགས། ཚོགས་བཞེངས་ཤིག་མ་རང་གདངས་ཡོངས་རྫོགས། ལག་མཆོད་དཔལ་ལྡན་རྡོ་རྗེ་ལ་གཞུང་གདངས་ཐུང་། སྣང་བ་ཆོས་སྐུ་རང་གདངས། མི་འགྱུར་གནས་ནས་ཐུང་། བཅོམ་ལྡན་འདིར་ནི་ཧྲུག་འདོན། རྒྱལ་བའི་སྐུ་ལ་མཆོག་གཙང་མས་འགེབས། ཉོན་མོངས་དུག་སྲེག་ནས་ཐུང་། ཁ་དོག་དབྱིབས་ལེགས་རང་གདངས་རིང་ཐུང་། ཤ་ཆེན་གསུར་རང་གདངས། ཆང་སྣ་བཞི་ལ་གཞུང་གདངས་ཐུང་། ཁྱོད་ནི་རྣལ་འབྱོར། འདི་ནི་ཁྱོད། དུས་འདི་ནས་ནི། བཅས་གཞུང་གདངས་ཐུང་བ། བུམ་


KMC001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རིང་། རྡོ་རྗེ་མཁའ་འགྲོ་ལ་མཆོག་གཙང་མས་འགེབས། རྡོ་རྗེ། མིང་དབང་། ཐོད་པ། མེ་ལོང་བཅས་རིང་། དབང་བསྐུར་རྡོ་རྗེ་རིང་། ༈ ཕྱི་དྲོ་ཟུང་འཇུག་མ་རང་གདངས། བཅོམ་ལྡན་མགོན་པོ་ལ་བཅོམ་ལྡན་འདས་མས་འགེབས། སྣང་བ་ཆོས་སྐུ་དང་། བཅོམ་ལྡན་འདིར་ནི་གཉིས་ལ་གཞུང་གདངས་ཐུང་། ཨེ་མ་ཧོ། རང་གདངས། བཅོམ་ལྡན་འདས་མ་རང་གདངས། ལྟེ་བའི་དབུས་རང་གདངས། རྡོ་རྗེ་ཕག་མོ་གཞུང་གདངས་ཐུང་། བདག་ནི་འཁོར་བའི། སློབ་དཔོན་ཁྱོད། དཀོན་མཆོག་གསུམ། སངས་རྒྱས་ཀུན་གྱི། འདི་ལྟར་ལྷ་མོ། མགོན་པོ་སངས་རྒྱས་བཅས་ལ་གཞུང་གདང་ཐུང་། ལྟོས་ཤིག་རང་གི་གཞུང་གདངས་རིང ་བ། རྡོ་རྗེ་མཁའ་འགྲོ་དང་དཀྱིལ་འཁོར་གཉན་པོ་གཞུང་གདངས་ཐུང་། དབུ་རྒྱན་ལ་རིང་། རིན་ཆེན་མཁའ་འགྲོ་མཆོག་གཙང་མས་འགེབས། དྲིལ་བུ་རིང་། རིག་ལྔ་མཁའ་འགྲོ་གཞུག་གདངས་ཐུང་། གཙོ་བོ་ཇི་ལྟར། ས་བཞི། དེང་ནས་སོགས་ཐུང་། ཚོགས་སྤྱན་འདྲེན་རྣམས། བླ་མ་ལ་ཤ་ཆེན་གསུར་གདངས་ལྟར། སངས་རྒྱས། སྣ་ཚོགས། ཞིང་སྐྱོང་གསུམ་ལ་གཞུང་གདངས་ཐུང་། ཧྲཱིཿཞལ་གཅིག་ལ་ལྟེ་བའི་དབུས་ལྟར། བཀྲ་ཤིས་གསུམ་ལ་གཞུང་གདངས་རིང་བ་ལྟར་རོ། ཉིན་གཉིས་པར། གོང་ལྟར་ལས་ཤ་ཆེན་གསུར་གཞུང་གདངས། ཆང་སྣ་བཞི་ལ་ཤ་ཆེན་གསུར་ལྟར། སྔ་དྲོ་པདྨ་མཁའ་འགྲོ་ལ་མཆོག་གཙང་མ། ཕྱི་དྲོ་ལས་ཀྱི་མཁའ་འགྲོ་ལ་མཆོག་གཙང་མ། ཚོགས་ནང་ཡི་དམ། རིན་ཆེན། ལས་ཀྱི། ལྷག་དབྱངས། བཀྲ་ཤིས་གསུམ་བཅས། ༈ ཉིན་གསུམ་པར། གོང་


KMC001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལས་སྔ་དྲོ་སངས་རྒྱས་མཁའ་འགྲོ་ལ་མཆོག་གཙང་མ་ལྟར། ཚོགས་ནང་རྡོ་རྗེ། པདྨ། ཆོས་སྐྱོང་། བཀྲ་ཤིས་བཀའ་རྒྱུད་བླ་མ་གཞུང་གདངས་བཅས། ཉིན་བཞི་པར། ཞིང་སྐྱོང་ཆེན་པོ་གདངས། ཚོགས་བཞེངས། ལག་མཆོད། དཔལ་ལྡན་རྡོ་རྗེ། ཁ་དོག་དབྱིབས་ལེགས་བཅས་ཧྲུག་འདོན། སྣང་བ་ཆོས་སྐུ་གདངས་ཐུང་། གཞན་སྔར་ལྟར་གྱེར། ཕྱི་དྲོ་འཇིག་རྟེན་མཁའ་འགྲོ་དང་ལྷག་དབྱངས་གཉིས་གྱེར། གཞན་ཐམས་ཅད་ཧྲུག་འདོན་བྱ། མཐའ་རྟེན་བཀྲ་ཤིས་གསུམ། སྦྱིན་སྲེག་ལ་བྱོན། ༈ །ཉིན་ལྔ་པའི་ཉིན་ཞིང་སྐྱོང་ཆེན་པོ། སྣང་བ་ཆོས་སྐུ་གདངས་ཐུང་། བུམ་དབང་། དབུ་རྒྱན། ཐོད་དབང་། མེ་ལོང་། དབང་བསྐུར་རྡོ་རྗེ་བཅས་རིང་། གཙོ་བོ། དེང་ནས་བཅས། བསྟོད་པ་ཧྲཱི་ཞལ་གཅིག་ལ་ལྟེ་བའི་དབུས་ལྟར། མཐའ་བརྟེན་བཀྲ་ཤིས་ལྔ་བཅས།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་མཆོད་གཞི་བཅའ་སྒྲིགས་འདོན་ཟིན་ཕྱག་ལེན་རྣམས་ཞིབ་བཀོད་གདངས་དབྱངས་འཐེན་གྲངས་སྦྱིན་སྲེག་འདོན་ཟིན་ཕྱག་ལེན་རྣམས་ཁ་གསལ་ཕྱོགས་གཅིག་ཏུ་བཀོད་པ།next