Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
རྒྱལ་བ་རྒྱ་མཚོའི་སྦྱིན་སྲེག
   
   


 
previousརྒྱལ་བ་རྒྱ་མཚོའི་སྦྱིན་སྲེགnext

རྒྱལ་བ་རྒྱ་མཚོའི་སྦྱིན་སྲེག


KMC001_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞི་སྤྱིན་སྲེག་ལས། རྒྱལ་བ་རྒྱ་མཚོའི་སྤྱིན་སྲེག་གི་ཐབ་ཐིག་དང་། བསྲེག་རྫས་སོགས་ཡིག་ཆུང་ལྟར་དང་། ཐབ་ཁུང་དགུག་པ་ཟླ་བ་ཕྱེད་པའི་དབྱིབས། ཐབ་ཚང་ཁུང་བུ་ཐབ་ཀྱི་ཕྱེད་སྟེང་མེ་དར་དཀར་པོ། ཡམ་ཤིང་འོམ་བུ། སློབ་དཔོན་གཡས་ཕྱོགས་བསྲེག་རྫས་རྣམས་དང་། གཡོན་ཕྱོགས་མཆོད་ཁྲི་བང་རིམ་གཉིས་སྟེང་མཆོད་གདན་དང་མར་གྱིས་བཟོས་པའི་བླ་གཏོར་གཙོ་འཁོར་དགུ་དེ་མདུན་དཀྱིལ་འཁོར་པའི་མཆོད་འཕྲེང་ཆུ་བཞི་ཉེར་སྤྱོད་མཆོད་མགོ་གཡས་བསྟན། དེ་འོག་བང་རིམ་གཉིས་པར་མེ་ལྷའི་གཏོར་མ་མར་གྱིས་བཟོས་པ་པདྨ་བཞིའི་སྟེང་ཟླུམ་གཏོར་དཀར་པོ་རྒྱན་ཉིས་རྒྱན་ཅན་ཉི་ཟླ་ནོར་བུས་མཚན་པ་ཆུ་བཞི་ཉེར་སྦྱོང་གོང་ལྟར། མཆོད་པ་ཁ་གསོ་རྒྱུ་ཆུ་ནས། མེ་ཏོག ། སྤོས། མར་མེ། ཞལ་ཟས་བཅས་ཐེང་ལྔ་བཞག །རླུང་གཡབ་དམར་པོ་སློབ་དཔོན་གྱི་མདུན་གཡས་མར་ཁུ་དགང་བླུགས། ལག་མཆོད། ཌཱ་དྲིལ། འཐོར་ནས། ཆས་གོས་དམར་པོ་མགུལ་དར་བཅས། ཞལ་ནུབ་ཕྱོགས་སུ་བསྟན་ཏེ་བདེ་བའི་སྟན་དམར་པོ་ལ་འདུག །ཐོག་མར་རྡོ་དྲིལ་བྱིན་རླབས་སློབ་དཔོན་གྱིས་རྡོར་དྲིལ་ཀུན་ལ་ནང་མཆོད་གཏོར་ལ། ༀ་ཧྲཱིཿཔདྨའི་སོགས། འདི་མན་ཀུན་ལ་སློབ་དཔོན་གྱིས་བདུད་རྩི་བྲན་མེ་ལྷའི་གདངས་ཀྱིས། རྡོར་དྲིལ་མི་དམིགས་སོགས། ༀ་མ་ཧཱ་བཛྲ་ཧཱུྃ། རྡོ་རྗེ་ལེན། ༀ་བཛྲ་གྷཎྜེ་ཨ། དྲིལ་བུ་ལེན། ༀ་སརྦ་ཏ་ཐཱ་སོགས། ལན་གཅིག་ལ་རྡོ་རྗེ་ལན་གསུམ་གསོར། མཚམས་བཞག ། སླར་ལན་གསུམ་གསོར། རྡོ་རྗེ་སྙིང་གར་


KMC001_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་དྲིལ་བུ་གསིལ་བཞིན། ༀ་བཛྲ་གྷཎྜེ་སོགས་ལན་གཅིག མཚམས་བཞག །དྲིལ་སྟབས་གསུམ། སྔོན་འགྲོའི་གཏོར་མ་ལ་བདུད་རྩི་བྲན་ཏེ། ༀ་ཧྲཱིཿཔདྨནྟ་སོགས། རྒྱ་མཚོ་ལྟ་བུར་གྱུར། ༀ་ཧྲཱིཿཔདྨནྟ་སོགས། སྟོང་པའི་ངང་ལས་རང་རང་གི་སོགས། སུམྦྷ་ནི་སོགས། མཆོད་རོལ། ཡུངས་ཀར་གྱིས་ཐབ་དང་རྫས་ཀུན་ལ་བྲབ་ཅིང་བགེགས་བསྐྲད། བསྲུང་འཁོར། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སོགས། ༀ་བཛྲ་རཀྵ་ཧཱུྃ་ཧཱུྃ་བར། ༀ་ཧྲཱིཿཔདྨནྟ་སོགས། མེ་ལ་བྲན། ༀ་ཧྲཱིཿཔདྨནྟ ་སོགས། དཔལ་འབར་བསངས། ༀ་བཛྲ་ཛྭ་ལ་སོགས་ལན་གསུམ་གྱིས་དཔལ་འབར་གཡས་བསྐོར་གྱིས་ཤར་ལྷོ་ནས་མེ་སྒོར་གཏུག་མེ་སྤར། ༀ་ཨཱཿཧཱུྃ་གསུམ་གྱིས་རླུང་གཡབ་ལན་གསུམ་གཡབ། ༀ་ཧྲཱིཿཔདྨནྟ་སོགས་བདུན་གྱིས་མར་ཁུ་ལན་བདུན་ཕུལ། ༀ་ཀུ་ཤ་འདི་ནི་སོགས། སློབ་དཔོན་བཞེངས། ༀ་བཛྲ་ས་ཏྭ་ཨཱཿ ལན་བཅུ་ཡིག་ཆུང་ལྟར་ཀུ་ཤ་དགྲམ། མཆོད་པ་ལ་བདུད་རྩི་བྲན། ༀ་ཧྲཱིཿསོགས། སྟོང་པར་གྱུར། སྟོང་པའི་ངང་ལས་ཨ་ལས་སོགས། རྡོ་རྗེ་མཆོད་ཡོན༴ ཞབས་བསིལ༴ ཞལ་བསིལ༴ གསང་གཏོར༴ བདུག་སྤོས་སོགས། ༀ་བཛྲ་ཨརྒྷཾ་ཨ་ཧཱུྃ་སྭཱ་ཧཱ། པཱདྱཾ༴ ཨ་ཙ་མཱ་ཎཾ༴ པྲོཀྵ་ནཾ༴ ངྷུ་པེ་སོགས། མཆོད་རོལ། བསྲེག་རྫས་བྱིན་རླབས་བདུད་རྩི་བྲན། ༀ་ཧྲཱིཿཔདྨཱ་སོགས། རྒྱ་མཚོ་ལྟ་


KMC001_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བུར་གྲྱུར། ངོ་བོ་རང་བཞིན་སོགས། སོ་སོར་གྱུར། ༀ་ཨཱཿཧཱུྃ་གསུམ། ༀ་ཋ་ཋ་སོགས། ཀུ་རུ་སྭཱ་ཧཱ། བར་ལན་གསུམ་རེ། ཐབ་ལ་བདུད་རྩི་བྲན། ༀ་ཧྲཱིཿཔདྨནྟ་སོགས། མེ་གདངས་ཀྱིས། ཐབ་ཁུང་མི་དམིགས་སོགས། དྲིལ། མེ་ལྷ་འཁོར་བཅས་སྦྱན་དྲངས་ཏེ། ཕྱག་རྒྱ་ཡིག་ཆུང་ལྟར། ༀ་ཚུར་བྱོན་སོགས། ༀ་ཊཀྐི་ཧཱུྃ་ཛཿདྲིལ། ཀུ་ཤའི་རྒྱ་གྲམ་ཐབ་ནང་ཕུལ། ཐབ་ཀྱི་ཤར་ལྷོར་སོགས། གྱུར། ཆུ་བཞི་འབུལ། ཕྱག་རྒྱ་ཡིག་ཆུང་ལྟར། དྲིལ་གསིལ་བཞིན། ༀ་བཛྲ་ཨ་ན་ལ་སོགས་ལན་གཅིག གདངས་ཀྱིས། ཛཿཧཱུྃ་བཾ་ཧོཿ རང་རྒྱ། འོད་དཔག་མེད་ཀྱིས་དབུར་བརྒྱན་གྱུར། ༀ་ཨགྣ་ཡེ་སོགས། པུཥྤེ་ནས་མཆོད་ཕྲེང་རེ་རེ་བཞིན་པད་སྐོར་རང་རྒྱ་རྗེས་སེལ་གོལ་བཅས་ཕུལ། འོག་མ་རྣམས་རིགས་འགྲེས། མཆོད་རོལ། འཇིག་རྟེན་དབང་ཕྱུག་སོགས། མཆོད་རོལ། མེ་གདངས་ཀྱིས། དགང་བླུག་སོགས། ན་མཿསྶམནྟ་སོགས། བདུན། གདངས་ཀྱིས། བདག་དཔོན་སློབ་སོགས། མཆོད་རོལ། ཡམ་ཤིང་ནས་བཟུང། ༀ་ཨགྣ་ཡེ་སོགས་ལན་བདུན་རེ། བདག་ཅག་དཔོན་སློབ༴ དྲིལ་གསིལ་རེ། ཤིང་ཏོག་མཐར། བདག་ཅག་དཔོན་སློབ་སོགས། མཆོད་རོལ། གཙང་ཞིང་གཙང་མར་སོགས། མེ་ལྷའི་མཆོད་འཕྲེང་རྣམས་ཕྱག་རྒྱ་བཅས་སྔར་བཞིན་འབུལ། པཉྩ་ཨ་མྲྀ་ཏ་ལག་གཡོན་གྱིས་བདུད་རྩི་ཐབ་ནང་མཆོད། མ་ཏཾ་


KMC001_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཁྱུད་རྒྱ། འཇིག་རྟེན་དབང་ཕྱུག་སོགས། མཆོད་རོལ། གདངས་ཀྱིས། དྲང་སྲོང་ཆེན་པོ་སོགས། མར་ཁུ་ལན་གསུམ་ཕུལ། ༀ་ཧྲཱིཿ པདྨནྟ་ཏྲི་སོགས། མེ་ལྷ་འཁོར་དང་སོགས། གྱུར། མདུན་བསྐྱེད་ལྟར། དེའི་དབུས་སུ་འོད་ཟེར་ལས་གྱུར་པའིི་སོགས། ཐུགས་ཀར་ཧ་རི་ནི་སས་མཚན་པའོ། །སིལ་སྙན་ཐང་ཐང་ལེན། ལས་རྡོར་གྱིས་སྤོས་སྣ་བྱས། སློབ་དཔོན་གྱིས་ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྒྲེང་། རྟེན་ནི་རྡུལ་ཚོན་སོགས། སྤྱན་འདྲེེན་གཤེགས་སུ་གསོལ། ཞེས་སྙན་གསན་དབབ་སྟེ་གཙོ་འཁོར་སོ་སོའི་སྙིང་པོ་བརྗོད་བཞིན་པས་མེ་ཏོག་ལྷའི་ངོ་བོར་མོས་ཏེ། རྡུལ་ཚོན་ནས་ལེན་པའི་ཚུལ་གྱིས་རིན་པོ་ཆེའི་སྣོད་དུ་བླངས་ཤིང་བཀུར་བསྟི་དང་བཅས་པས་སྤྱན་འདྲེན་གྱིས་ཐབ་ལ་གཡས་བ སྐོར་གཅིག་ནས་བཞེངས་ཏེ་མཆོད་རོལ་འུར་མཐར། ཕེཾ་ཕེཾ་ཕེཾ། ༀ་མཆོད་ཡོན་བདུག་སྤོས་སོགས། ཤབྡ་མཆོད་རོལ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ་བཛྲ་ས་མ་ཡ་སྟྭཾ། ༀ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ་ཧ་རི་ནི་ས་ར་ཙ་ཧཱུྃ་ཛཿ བཛྲ་ས་མ་ཡ་སྟཱཾ། ཐབ་ཀྱི་པདྨའི་དབུས་སུ་བཞུགས་པར་གྱུར། བཞུགས། རང་གི་ཐུགས་ཀའི་ཧྲཱིཿལས་སོགས། བཛྲ་ས་མ་ཛཿཛཿ མཆོད་རོལ་འུར། ཧཱུྃ། ལྷོ་ནུབ་སྲིན་པོ་གདངས་ཐུང་སོགས། མཆོད་རོལ་འུར། རྒྱལ་བ་རྒྱ་མཚོ་སོགས་ནས། ཤབྡ་


KMC001_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རོལ། དབང་སྐུར། རྒྱས་གདབ། པདྨ་དབང་གི་སོགས། སྩལ་དུ་གསོལ། མཆོད་རོལ། དགང་བླུགས་ཁ་ལ་སོགས། གདངས། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ་དྷུ་མ་གྷ་ཡེ་སོགས། ཧཱུྃ་ཛཿ བདུན། བདག་ཅག་སོགས། སརྦ་ཝ་ཤཾ་ཀུ་རུ་ཧོ། མཆོད་རོལ། མཆོད་པ་བྱིན་རླབས་བདུད་རྩི་བྲན། ༀ་ཧྲཱིཿསོགས། སྟོང་པར་གྱུར། སྟོང་པའི་ངང་ལས་ཨ་ལས་སོགས། ཆུ་བཞི། ཤབྡ་མཆོད་རོལ། རྒྱལ་བའི་སྐུ་ལ་སོགས། པད་སྐོར་རང་རྒྱ་མཆོད་འཕྲེང། ཆུ་བཞི་བཅས་ཕུལ། མཆོད་བཞི་བསྟོད་བཞི་རྣམས་དང་། བཞེས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ་བར་དང་། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ་དྷུ་མ་ག་ཡེ་ན་མ་སྭཱ་ཧཱ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ས་པ་རི་ཝ་ར་ༀ་བྷོ་ངྷི་བྲིཀྵ་ཡ་སྭཱ་ཧཱ། བདག་ཅག་དཔོན་སློབ་སོགས། སརྦ་ཝ་ཤཾ་ཀུ་རུ་ཧོ། མཆོད་རོལ། ཤིང་ཏོག་བར་སོ་སོར་འབུལ། དཔག་མེད་བསོད་ནམ་སོགས། ངོ་ཚ་ཁྲེལ་ཡོད་སོགས། ༀ་བཛྲ་ཝསྟྲ་པྲ་ཏིཙྪ་སྭཱ་ཧཱ། དར་གོས་ཕུལ། དཀྱིལ་འཁོར་ཀུན་ཏུ་སོགས། ༀ་ཨཱཿཧཱུྃ་ཧྲཱི་ༀ་མ་ཎི་སོགས། པུཥྤེ་སོགས། ས་མ་ཡེ་ཧཱུྃ། མེ་ཏོག་ཕུལ། ཚུལ་ཁྲིམས་དྲི་ལྡན་སོགས། དྷུ་པེ་སྤོས་ཕུལ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ༀ་ཨཱཿཧཱུྃ རིན་པོ་ཆེ་སྨན་ཕྱེ་འབུལ། རྗེས་ཀྱི་མཆོད་བསྟོད་མཆོད་པ་བྱིན་


KMC001_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རླབས། ༀ་ཧྲཱིཿསོགས། བདུད་རྩི་བྲན། སྭ་བྷ་ཝས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་སོགས། མཆོད་ཡོན༴ ཞབས་བསིལ༴ ཞལ་བསིལ༴ གསང་གཏོར༴ འདུག་སྤོས་སོགས། ཨརྒྷཾ༴ པཱདྱཾ༴ ཨ་ཙ་མཱ་ནཾ༴ པྲོཀྵ་ནཾ༴ དྷུཔེ་སོགས། ཤབྡ་མཆོད་རོལ། རྒྱལ་བའི་སྐུ་སོགས། མཆོད་ཕྲེང་ཆུ་བཞི་བཅས་སོ་སོར་ཕུལ། ཤབྡ་མཆོད་རོལ། ཧྲཱིཿ ཐུགས་རྗེ་ཆེན་པོ་སོགས། བཞི་དྲིལ། མཆོད་རོལ། གཏོར་བསྔོ་གཏོར་མ་དགང་གཟར་ནང་བཞག ༀ་ཧྲཱིཿསོགས། བདུད་རྩི་བྲན། སྟོང་པར་གྱུར་སོགས། འོ་མའི་རྒྱ་མཚོ་ལྟ་བུར་གྱུར། མདུན་གྱི་ནམ་མཁའ་སོགས། ཕྱོགས་རྣམས་གསལ་དུ་གསོལ། མཆོད་རོལ། ༀ་ཨཱཿཧཱུྃ་ཧྲཱིཿༀ་མ་ཎི་པདྨེ་ཧཱུྃ་དྷུ་མ་གྷ་ཡེ་སོགས། ཧཱུྃ་ཛཿ མར་ཁུ་དགང་གཟར་བདུན་འབུལ། མེ་གདངས་ཀྱིས། ལྷག་པའི་ལྷ་མཆོག་སོགས། མཛད་དུ་གསོལ། མཆོད་རོལ། དེ་ནས་བཏང་རག་གི་མཆོད་པ་བདུད་རྩིས་བྲན་ཏེ། ༀ་མཆོད་ཡོན་བདུག་སྤོས་སོགས། ཆུ་གསུམ་བཞག་མཆོད་ཕྲེང་རྣམས་ཡོངས་རྫོགས་འབུལ། མཆོད་རོལ། བསྟོད་པ། ས་ཁམས་རང་བཞིན་སོགས། མཆོད་རོལ། བཅོམ་ལྡན་འདས་སོགས། ཡིག་བརྒྱ་ལན་གསུམ་དྲིལ་གསིལ། མ་འབྱོར་པ་དང་ཤོ་ལོ་ཀ་གཉིས། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ་བཛྲ་ཨ་ཙ་མ་ནཾ་སོགས།


KMC001_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པྲོཀྵ་ནི་སོགས། ཆུ་གཉིས་དང། ཡིག་བརྒྱ་ལན་གཅིག་ལ་ལག་གཉིས་ཀྱིས་མཆོད་ཡོན་ཕུལ། སློབ་དཔོན་བཞེངས་ལ། ༀ་ཁྱེད་ཀྱིས་སེམས་ཅན་སོགས། རྡུལ་ཚོན་གནས་སུ་སོགས། མཛད་དུ་གསོལ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ་བཛྲ་ས་མ་ཡ སྟྭཾ། ༀ་དྷུ་མ་ག་ཡེ་སོགས། ར་ཙ་ཧྲཱིཿཡ་ཧཱུྃ་ཛཿ བཛྲ་ས་མ་ཡསྟྭཾ། སིལ་སྙན་ཐང་ཐང་ལེན། ཡར་བྱོན། རྡུལ་ཚོན་གྱི་ནི་སོགས། ཐིམ་པར་གྱུར། མེ་ཏོག་དཀྱིལ་འཁོར་ནང་གཏོར། མར་ཕེབས་གདན་དུ་བཞུགས་མཆོད་རོལ་འུར་དང་། རྗེས་ཆོག་ནི། ༀ་ཨགྣ་ཡེ་ཛྭ་ལ་རཾ། གསུམ་ལ་མར་ཁུ་ཕུལ། སླར་ཡང་མེ་ལྷ་སོགས། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ལན་གསུམ་རེ། བདག་ཅག་སོགས། དྲིལ་གསིལ་རེ། ཤིང་ཏོག་བར་དང་། བདག་ཅག་དཔོན་སློབ་སོགས། མཆོད་རོལ། མཆོད་བསྟོད་ནི། གཙང་ཞིང་གཙང་མར་སོགས། ཆུ་གསུམ་བཞག གཞན་མཆོད་ཕྲེང་ཡོངས་རྫོགས་ཕུལ། ཤབྡ་མཆོད་རོལ། མ་ཏངྒི་བར། འཇིག་རྟེན་དབང་ཕྱུག་སོགས། མཆོད་རོལ། མེ་ལྷའི་གཏོར་མ་དགང་གཟར་ནང་བཞག་བདུད་རྩི་བྲན། ༀ་ཨ་ཀཱ་རོ་ལན་གསུམ། ༀ་ཨགྣ་ཡེ་སོགས། ཁཱ་ཧི། ལན་གསུམ་གྱིས་འབུལ། མེ་ཏེ་བསྲེག་བྱ་སོགས། བཞི་དྲིལ། མཆོད་རོལ། དྲང་སོང་ཆེན་པོ་སོགས། མེ་གདངས། མཛད་དུ་


KMC001_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། མཆོད་རོལ། ཡིག་བརྒྱ་གཅིག མ་འབྱོར་བ་དང་ཤོ་ལོ་ཀ་གཅིག །ༀ་ཨགྣ་ཡེ་སོགས། ཨ་ཙ་མཱ་ནཾ༴ པྲོཀྵ་ནཾ༴ ཡིག་བརྒྱ་གཅིག་གོང་ལྟར་མཆོད་ཡོན་སྦྲེངས་མེ་གདངས། བདག་གི་དོན་དང་སོགས། དྲིལ་སྟབས། ༀ་ཨགྣ་ཡེ་ས་རི་ཝཱ་ར་བཛྲ་མུཿ ཡེ་ཤེས་མེ་ལྷ་སོགས། སྙིང་གར་ཐིམ། བགེགས་རིག་སྟོང་ཕྲག༴ ཚངས་དང་ལྷ་དབང་༴ སྟོན་པ་འཇིག་རྟེན༴ མཆོད་རོལ་འུར། བསོད་ནམས་འདི་ཡིས་སོགས། ༈ རྒྱལ་རྒྱམ་དབྱངས་འཐེན་གྲངས་ལ། སྔ་དྲོ་ཉིན་བཞིན། གང་དག་དཀྱིལ་འཁོར། བཞེངས་ཤིག་མ་ཚིག་དགུ། མཆོད་ཡོན་བདུག་སྤོས། བུམ་བསྐྱེད་ནང་མཆོད་པ་མེ་ཏོག་བདུག་སྤོས་དང་གཟུགས་དང་སྒྲ་གཉིས་ལ་མེ་ལྷའི་གདངས་རིང་ཙམ། སྔགས་གཉིས་ཧྲུག་འདོན། རང་རྒྱ། ས་ཁམས་རང་བཞིན་ལ་ཐུགས་ཀྱི་ལྷ་མཆོག་ལྟར་འགེབས། ལྷོ་ནུབ་སྲིན་པོ་དབྱངས་རེས་མོས། དག་པ་སྐུ་ཡི་ནས་ཧྲུག་འདོན། རྒྱལ་བའི་སྐུ་ཕྱག་རྒྱ་བཅས། དུག་ལྔ་རྣམ་པར་རང་གདངས། ཐབས་དང་ཤེས་རབ་ཕག་མོའི་གཞུང་གདངས། ཆོས་སྐུ་སྐྱེ་འགགས་ལ་དུག་ལྔ་རྣམ་གདངས། ལག་མཆོད་རྗེ་བཙུན་འཕགས་པ་ལ་བདེ་མཆོག་གཞལ་ཡས་ཁང་གདངས། ཁྱོད་ནི་རྣལ་འབྱོར༴ འདི་ནི་ཁྱོད་ཀྱི༴ དེང་འདི་ནས་ནི་སོགས་ཕག་གཞུང་ལྟར། པདྨ་དབང་གི་ལན་གསུམ་ལ་འཕགས་གཞུངས་ལྟར། འདི་ཕྱིན་པདྨ་དབང་གི་བཞི་དང་གང་གི་བདག་བཅས་ཉིན་རེ་ལེ་མཚན་རེ་འཐེན། བུམ་དབང་གླེགས་བཾ་དྲིལ་བུ་


KMC001_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་དབང་མེ་ལོང་དབང་སྐུར་རྡོ་རྗེ་བཅས་ཞིང་སྐྱོང་ཆེན་པོ་ལྟར་རིང་དགོས། རིགས་ལྔའི་རྗེས་གནང་འཇིག་རྟེན་ཁམས་ནི་བདེ་མཆོག་ཡིག་ཕྲེང་འོད་ཟེར་ལྟར་བཅོམ་ལྡན་བདག་གི་སྦྱིན་ལགས་དང་བཟུང་ལགས་སོགས་འཕགས་གཞུང་ལྟར། ནམ་མཁའ་ལས་བྱུང་རིང་ཐུང་བཅས། ཕྱི་དྲོ་གང་དྲིན་མ། བདག་བསྐྱེད། ༀ་མཆོད་ཡོན་བདུག་སྤོས་ལ་མེ་ལྷའི་གདངས། བུམ་སྐྱེད་མཆོད་པ་ཤ་ཆེན་སྤོས་དང་། སེམས་ཉིད་ལྷན་ཅིག་གཉིས་ལ་ཀུན་རིག་ཡོག་གདངས། སྔགས་གཉིས་འདུར་གདངས་ཕྱག་རྒྱ་བཅས། ཐུགས་ཀྱི་ལྷ་མཆོག་ལ་ཐུགས་རྗེ་ཆེན་པོའི་གདངས་ལྟར་འགེབས་དགོས་སོ། །ལྷོ་ནུབ་སྲིན་པོ་དང་། རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས་ཕག་གཞུང་གདངས་ཐུང་། དུས་གསུམ་རང་གདངས། འགྲོ་བ་ཀུན་ལ་བཅོམ་ལྡན་འདས་མའི་འགེབ་ཚིག་དྲུག་ཧྲུག་འདོན། མི་འགྱུར་ཐུགས་ལ་དུག་ལྔ་རྣམ་དག་ལྟར། བདག་ནི་འཁོར་བའི༴ སངས་རྒྱས་ཀུན་གྱི༴ དེ་བཞིན་གཤེགས་པ༴ སངས་རྒྱས་བྱང་ཆུབ་སེམས་དཔའ་བཅས་ཕག་གཞུང་གདངས་ཐུང་། ལྟོས་ཤིག་རང་གི་ལ་ཞིང་སྐྱོང་ཆེན་པོ་ལྟར་རིང་། ཡང་དག་པ་ཡི༴ བདེ་གཤེགས་སྙིང་པོའི༴ སྤྱན་རས་གཟིགས་དབང་། ལྟོས་ཤིག་བཅས་ལ་ཕག་གདངས་ཐུང་བ། རྡོ་རྗེ། དབུ་རྒྱན་མིང་དབང་བཅས་རིང་བ། བུམ་པའི་དབང་ནི་དང་པོ། གཙོ་བོ༴ ས་བཞི༴ དེང་ནས་སོགས་ཐུང་བ་ལྟར། ཚོགས་ཆོས་ཀྱི་དབྱིངས་ལ་ཉིན་དང་པོ་དུས་གསུམ་བདེ་གཤེགས་ལྟར། ཉིན་གཉིས་པ་ལྷག་གདངས། ཉིན་གསུམ་པ་བཀྲ་ཤིས་བཀའ་བརྒྱུད་བླ་མའི༴ ཆོས་དབྱིངས་ལྷུན་གྱིས་


KMC001_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གདངས་ཐུང་ལྟར། ཉིན་ལྟར་བཀྲ་ཤིས་གསུམ་རེ་བརྗོད་དགོས། ཉིན་གཉིས་པ་སྔ་དྲོ་དུག་ལྔ་རྣམ་དག་བཅོམ་ལྡན་འདས་མ་ལྟར། ཕྱི་དྲོ་མི་འགྱུར་ཐུགས་ལ་དུག་ལྔ་རྣམ་དག་ལྟར། ཉིན་གཉིས་པ་མེ་ཏོག་བདུག་སྤོས་དང་། གཟུགས་དང་སྒྲ་དང་གཉིས་ལ་ཀུན་རིག་ཡོག་གདངས། སྔགས་འདུར་གདངས། ཕྱི་དྲོ་ཤ་ཆེན་དང་སེམས་ཉིད་གཉིས་མེ་གདངས། སྔགས་ཧྲུག་འདོན། ཉིན་དྲུག་པ་སྔ་དྲོ་ཉིན་བཞིན་ལས་བདག་བསྐྱེད་གི་མཆོད་ཡོན་བདུག་སྤོས་ཤར་གདངས། ལྷོ་ནུབ་སྲིན་པོ་དང་རྒྱལ་བ་རྒྱ་མཚོ་གདངས་ཐུང་བྱེད། ཕྱི་དྲོ་ལྷོ་ནུབ་སྲིན་པོ་གོང་ལྟར་གདངས་ཐུང་། ཉིན་བདུན་པ། གང་དག་དཀྱིལ་འཁོར༴ ལྷོ་ནུབ་སྲིན་པོ་དང༴ གདངས་ཐུང་། དབང་ནང་། དབུ་རྒྱན། ཐོད་པ། མེ་ལོང་། བུམ་དབང་བཅས་རིང་། ནམ་མཁའ་ལས་བྱུང་རིང་ཐུང་། རྗེས་ཆོག་བསྟོད་པ་ས་ཁམས་རང་བཞིན་ལ་ཐུགས་རྗེ་ཆེན་པོ་ལྟར་གྱེར། །མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྒྱལ་བ་རྒྱ་མཚོའི་སྦྱིན་སྲེགnext