Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
མེ་ཐབ་དཔེ་རིས།
   


 
previousམེ་ཐབ་དཔེ་རིས།next

མེ་ཐབ་དཔེ་རིས།


KMC001_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྒྱམ་ལྷ་དགུའི་སིནྡྷུ་རའི་དཀྱིལ་འཁོར་གྱི་དཔེའུ་་་ཕག་མོ་ལྷ་ལྔའི་སིནྡྷུ་རའི་དཀྱིལ་འཁོར་གྱི་དཔེའུ་རིས་འདི་བཞིན་༧རྗེ་རིས་འདི། མཁས་གྲུབ་ཆགས་མེད་ཞབས་ཀྱི་གསུངས་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་ལྷན་ཅིག་སྐྱེས་མའི་ལྷ་ཁྲིད་རྣམ་རྒྱལ་རྒྱམ་ལྷ་དགུའི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བཤད་ཟབ་མོ་རྣམས་འགྱེད་ཀྱི་སྙིང་པོ་བསྡུས་པ་ལས་གསུངས་པ་ལྟར་བའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གསང་སྒྲུབ་དྲིལ་བཀོད་པ་དགེ ༈ ཐོད་པ་དང་མེ་ལོང་གི་ནང་ངོས། དར་དམར་སྒྲུབ་གསུམ་གྱི་སྟ་གོན་ལས་བྱུང་བ་བཞིན་བཀོད་པའོ། བཅས་ལ་ཡང་འདི་ལྟར་རྫས་གསུམ་དང་སྦྱར་བའི་མཚལ་གྱིས་བྲིས་ཤིང་ས་བོན་ལྔ་མ་གཏོགས་སྔགས་ཕྲེང་མི་དགོས་ལགས།


KMC001_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་ལ་ཆེན། ༡ གེ་སར་ལ་ཆ་ཆུང་། ༡ འདབ་མ་ལ་ཆ་ཆེན་ ༢ མ་ཁྱུད་ལ་ཆ་ཆུང་། ༡ རྡོར་རྭ་ལ་ཆ་ཆུང་། ༢ པད་ཕྲེང་ལ་ཆ་ཆུང་། ༢ རེ་སྤྱི་འགྲོའོ།


previousམེ་ཐབ་དཔེ་རིས།next