cover

ཀཾ་ཚང་མན་ངག་གཅེས་བཏུས།

གླེགས་བམ། ༽

ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།

Nitartha international
Selected Esoteric Instructions of the Karma Kamtsang (25 vols.) Publication supported by Tsadra Foundation

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཀཾ་ཚང་མན་ངག་བཅེས་བཏུས་ལས་རྒྱུད་སྡེ་དང༌། སྒྲུབ་དཀྱིལ་སྐོར་གྱི་གླེགས་བམ་ ཐ༽ པའི་དཀར་ཆག


KMC010_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ཚང་མན་ངག་བཅེས་བཏུས་ལས་རྒྱུད་སྡེ་དང༌། སྒྲུབ་དཀྱིལ་སྐོར་གྱི་གླེགས་བམ་ ཐ༽ པའི་བཞུགས་བྱང་ལ། ༡ 1-2 མར་ལུགས་རྒྱུད་སྡེ་སྤྱིའི་བརྒྱུད་པའི་གཙོ་བོ་རགས་བསྡུས་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང༌། ༣ 3-8 བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། ༣༢ 9-72 དཔལ་དགྱེས་པ་རྡོར་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རྒྱ་མཚོ། ༥༥ 73-181 མར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ། ༥༥ 183-198 རྔོག་དཀྱིལ་ཚོགས་མཆོད་འདོན་སྒྲིགས་དཔལ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལྟར། ༢ 199-201 དགྱེས་པ་རྡོ་རྗེའི་བསྙེན་པའི་ཟུར་འདེབས། ༥ 203-212 བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར། ༡༤ 213-239 བསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས། ༧ 241-253


KMC010_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་འབྲིང་པོ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ། ༡༧ 255-288 ཀུན་རིག་བརྒྱུད་འདེབས། ༢ 289-291 ཀུན་རིག་གི་ཆོ་ག་ནག་འགྲོས་སུ་བཀོད་པ་རྣམ་གྲོལ་སྒོ་ཆེན། ༧༧ 293-446 བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་བའི་སྒོ་ནས་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་ག་མངོན་པར་དགའ་བའི་ཞིང་གི་རྒྱན། ༢༥ 447-496 བཅས་བཞུགས་སོ།།

མར་ལུགས་རྒྱུད་སྡེ་སྤྱིའི་བརྒྱུད་པའི་གཙོ་བོ་རགས་བསྡུས་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།


KMC010_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལུགས་རྒྱུད་སྡེ་སྤྱིའི་བརྒྱུད་པའི་གཙོ་བོ་རགས་བསྡུས་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །


KMC010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་མཛད་ཧེ་རུ་ཀ་དཔལ་སྤྲུལ་པའི་སྐུ། །སྒྲུབ་ཆེན་ན་རོ་མཻ་ཏྲིའི་ཐུགས་ཀྱི་སྲས། །བཀའ་བརྒྱུད་ཡོངས་ཀྱི་སྤྱི་མེས་ལྷོ་བྲག་པ། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །བཤད་བརྒྱུད་ཆུ་བོ་ལྟ་བུའི་བཀའ་ཆེན་བབ། །རྣམ་སྨིན་ལུས་ཀྱིས་མཁའ་སྤྱོད་ཆེན་པོར་གཤེགས། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྔོག་པ་ཆེ། །ཆོས་སྐུ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །དབེན་གསུམ་ལམ་ལས་རྡོ་རྗེ་གསུམ་དངོས་གྲུབ། །སྒྱུ་འཕྲུལ་དྲྭ་བའི་རོལ་མོ་མཁའ་


KMC010_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་སྤྲོ། །དཔལ་ལྡན་འདུས་པའི་རང་གཟུགས་མཚུར་སྟོན་མཆོག །དབང་གི་རྡོ་རྗེའི་ཞབས་ལ༴ བླ་མའི་ཐུགས་ཟིན་གདམས་པའི་གསང་མཛོད་ཐོབ། །མྱུར་བདེའི་ཐབས་ཀྱིས་གྲུབ་པའི་རྒྱལ་སྲིད་སྐྱོང་། །འོད་གསལ་གཉུག་མའི་གར་མཁན་མེས་སྟོན་རྗེ། །བསོད་ནམས་རྒྱལ་མཚན་ཞབས་ལ༴ དཀའ་སྤྱད་ཆེན་པོས་མཆོག་གི་དངོས་གྲུབ་བརྙེས། །སྒྲུབ་པའི་རྒྱལ་མཚན་ཚད་ལས་འདས་པ་བཙུགས། །གྲུབ་པའི་ཆོ་འཕྲུལ་སྲིད་གསུམ་ཁྱབ་པར་སྟོན། །རྗེ་བཙུན་


KMC010_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལའི་ཞབས་ལ༴ ལྷག་པའི་ལྷ་དང་བླ་མས་ལུང་བསྟན་ཅིང་། །རྡོ་རྗེ་འཆང་གི་རྒྱལ་ཚབ་རིམ་བྱོན་པ། །མདོ་སྡེ་རྒྱལ་ཚ་ཐོགས་མེད་གྲགས་པ་སོགས། །རྔོག་སྟོན་རིན་ཆེན་ཕྲེང་བར༴ རྒྱལ་བ་གཉིས་པ་རང་བྱུང་ཐམས་ཅད་མཁྱེན། །གར་དབང་རྡོ་རྗེ་འཆང་དངོས་ཆོས་ཀྱི་གྲགས། །རྡོ་རྗེ་རྣོན་པོ་བསྟན་པའི་ཉིན་མོར་བྱེད། །ཆོས་ཀྱི་རྒྱལ་པོ་གསུམ་ལ༴ བཀའ་བརྒྱུད་རྒྱལ་བ་རྒྱ་མཚོའི་རྣམ་ཐར་འཆང་། །སྙིགས་མའི་གདུལ་བྱར་སངས་རྒྱས་མཛད་པ་སྟོན། །ལྷན་སྐྱེས་གྲུབ་པའི་གཟི་བརྗིད་ལྷམ་མེ་བ། །པདྨ་ཉིན་བྱེད་དབང་པོར༴ བཻ་རོའི་རྣམ་སྤྲུལ་ཤེས་བྱ་ཀུན་གཟིགས་ཤིང་། །གསར་རྙིང་མདོ་རྒྱུད་རྒྱ་མཚོའི་དགོངས་དོན་ཀུན། །མཛོད་ཆེན་ལྔར་བཟླུམས་རྒྱལ་བས་ལུང་བསྟན་བརྙེས། །འཇམ་མགོན་པདྨ་གར་དབང་༴ ས་བཅུའི་སྤོ་ལ་གནས་པའི་མི་ཕམ་མགོན། །ཞིང་འདིར་དགྱེས་མཛད་དངོས་བྱོན་མར་སྟོན་རྗེ། །བསམ་བཞིན་སྲིད་བཟུང་སྒྲུབ་


KMC010_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བསྟན་པའི་མགོན། །པདྨ་དབང་མཆོག་རྒྱལ་པོར༴ རབ་འབྱམས་ཡེ་ཤེས་ལས་གྲུབ་བརྩེ་བའི་སྤྱན། །ནམ་ཡང་འགྲོ་ལ་གཟིགས་པ་མི་གཡེལ་བ། །ཕན་བདེའི་འབྱུང་གནས་སྲིད་དང་ཞི་བའི་ནོར། །རིག་པའི་རྡོ་རྗེའི་ཞབས་ལ༴ དགྱེས་པ་རྡོ་རྗེ་དཔལ་ལྡན་གསང་བ་འདུས། །མཱ་ཡཱ་གདན་བཞི་འཇམ་དཔལ་རིགས་བསྡུས་ལྷ། །རིགས་ཀྱི་བཙུན་མོ་འཁོར་ལོ་བཀའ་ཉན་བཅས། །བཅོམ་ལྡན་དཀྱིལ་འཁོར་ལྷ་ལ་གསོལ་བ་འདེབས། །དབང་བཞིའི་ཆུ་བོས་ལུས་སེམས་དྲི་མ་བཀྲུས། །རིམ་གཉིས་ལམ་གྱིས་རྡོ་རྗེའི་ས་མཆོག་བགྲོད། །སྤྱོད་པའི་ཉེ་རྒྱུས་འབྲས་བུར་མཚམས་སྦྱར་ཏེ། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག །ཅེས་པའི་གསོལ་འདེབས་འདིའང་མར་ལུགས་ཀྱི་རྒྱུད་སྡེའི་བསྐྱེད་རྫོགས་རྣམས་ཀྱི་ཡན་ལག་ཏུ་བློ་གྲོས་མཐའ་ཡས་ཀྱིས་རྒྱལ་བ་ལྷ་ལས་བབ་པའི་དུས་ཚེས་བཟང་པོར་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །


KMC010_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས།


KMC010_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


KMC010_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭསྟི། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ཞེས་བྱ་བ། བླ་མ་དང་དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷན་ཅིག་སྐྱེས་དགའི་རོལ་རྩེ་སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེ་ནི། །སྙིང་རྗེ་རྣམ་གསུམ་རོ་མཉམ་ཞི་བའི་མཐར་སྤངས་མཚན་འཛིན་བཅོམ་པས་སྲིད་ལས་གྲོལ། །ཁྲག་འཐུང་བྱེ་བའི་འཁོར་ལོའི་དབང་ཕྱུག་བདག་མེད་ལྷ་མོས་བདེ་བའི་གར་གྱིས་འཁྱུད། །ཁྱོད་ཞབས་པདྨོར་གུས་པས་འདུད་དོ་ཐུགས་བརྩེས་བྱིན་རློབས་གྲུབ་གཉིས་མཆོག་སྩོལ་མཛོད། །དགྱེས་མཛད་སྤྲུལ་པའི་སྐུར་བཞེངས་ལོ་ཙཱ་བ། །སྙན་གྲགས་ཕྲིན་ལས་ཕུལ་བྱུང་མར་སྟོན་རྗེ། །བརྒྱུད་པའི་སྲོག་འཛིན་ཀརྨ་པ་ཡབ་སྲས། །ངོ་མཚར་རྩ་བརྒྱུད་


KMC010_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ། །རྡོ་རྗེ་འཆང་དབང་ཚེ་འདིར་བརྙེས་བྱེད་པ། །བརྒྱུད་དང་གདམས་པའི་ཟབ་དོན་འཁྲུལ་མེད་ནི། །རྗེ་བཙུན་རྔོག་པའི་བཀའ་སྲོལ་ཇི་ལྟ་བར། །སྒྲུབ་ཐབས་རིམ་པ་བྱིན་རླབས་གཟི་ལྡན་འཆད། །དེའང་དགྱེས་པ་རྡོ་རྗེའི་རྣལ་འབྱོར་ལ་གནས་པར་འདོད་པས་ཇི་སྐད་དུ། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པའི་ལུས་སེམས་དངོས་པོའི་གནས་ལུགས་སྦྱང་གཞི་བྱས་ནས། སྦྱོང་བྱེད་ལམ་གྱི་རིམ་པ་སྒོམ་པ་ལ་གཉིས་ཏེ་བསྐྱེད་རིམ་དང་རྫོགས་རིམ་མོ། །བསྐྱེད་རིམ་ལ་གཉིས། དངོས་དང་ཡན་ལག་གོ །དང་པོ་ལ་ལྔ། བསྒོམ་པར་བྱ་བ། སྒོམ་པའི་དགོས་པ། སྒོམ་པའི་གནས། སྒོམ་པ་པོའི་གང་ཟག །ཇི་ལྟར་


KMC010_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ཚུལ་ལོ། །དང་པོ་ལ་རིགས་བསྡུས་པ་དང་རིགས་བྱེ་བྲག་པའི་དཀྱིལ་འཁོར་འཁོར་ལོ་ལམ་དུ་བྱེད་པའི་ཚུལ་གཉིས་ལས་འདིར་ནི་རིགས་བྱེ་བྲག་པ་མི་བསྐྱོད་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་གྱི་རྣལ་འབྱོར་བསྟན་པར་བྱ་བའོ། །དེ་ལའང་གཙོ་བོའི་ཞལ་ཕྱག་དབང་གིས་དབྱེ་བ་བཞིར་འགྱུར་བ་ལས་སྐབས་འདིར་ཕྱག་བཅུ་དྲུག་པ་གཙོ་བོར་བྱས་པའི་དཀྱིལ་འཁོར་རོ། །གཉིས་པ་ནི། ཀུན་རྫོབ་པའི་རྣམ་རྟོག་གི་གཉེན་པོར་ལྷའི་རྣལ་འབྱོར་བསྒོམ་པས་མུན་པ་ལ་སྒྲོན མེ་བཏེགས་པ་ལྟར་གློ་བུར་འཁྲུལ་པ་སྐད་ཅིག་གིས་སེལ་ཞིང་། བརྟེན་པ་རྫོགས་རིམ་བདེ་བ་ཆེན་པོའི་ཡེ་ཤེས་འདྲེན་པའི་རྟེན་ཏུ་གྱུར་པས་མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བ་ཡིན་ནོ། །གསུམ་པ་ནི། རྒྱུད་ལས། དུར་ཁྲོད་དང་ནི་ཆུ་འགྲམ་དང་། །ནགས་ཚལ་སྐྱེ་བོ་མེད་གྲོང་དུ། །སྙིང་རྗེ་ཆེན་པོ་ཀྱེ་རྡོ་རྗེ། །བསྙེན་བཀུར་བ་ལ་དངོས་གྲུབ་སྟེར། །ཞེས་གསུངས་པ་ལྟར་རམ། གོང་མས་བྱིན་གྱིས་བརླབས་ཤིང་ཡིད་དང་མཐུན་པའི་གནས་སུའོ། །བཞི་པ་ནི། སློབ་དཔོན་མཚན་ཉིད་དང་ལྡན་པ་ལས་འདི་ཉིད་ཀྱི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས་སོ། །ལྔ་པ་ལ་ཉེར་བསྡོགས་དང་དངོས་སོ། །དང་པོ་ཡོ་བྱད་ཉེ་བར་བསྡོགས་པ་ནི། གནས་ཁང་ལེགས་པར་བརྒྱན་པའི་གུང་དུ་བརྟགས་པ་ཕྱི་མའི་ལེའུ་དྲུག་པ་ལས་གསུངས་པ་ལྟར་རམ། བྲིས་སྐུ་རབ་


KMC010_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་ལྡན་པ་བཀྲམ་པའི་མདུན་དུ་སྟེགས་ཀྱི་ཁར་མཎྜལ་དང་། མཆོད་པ་དང་གཏོར་མ་ཕྱག་ལེན་བཞིན་དུ་བཤམ། སྒྲུབ་པ་པོ་སྟན་བདེ་བར་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་པའི་མདུན་དུ་གཡོན་ནས་ཐོད་པ་མཚན་ལྡན་བདུད་རྩི་ལྔའི་རིལ་བུ་དང་ལྡན་པའི་ཆང་གིས་གང་བ། ཌཱ་མ་རུ། རྡོ་རྗེ། དྲིལ་བུ་རྣམས་དང་། བསངས་གཏོར་དང་། ཆུ་གཉིས་ཀྱི་དུང་ཆོས་ཆུ་གཙང་འོ་མ་འདྲེས་པས་གང་བ། བཟེད་ཞལ། མེ་ཏོག་གི་སྣོད་དང་བཅས་པ་བཤམ། གཡས་ནས་བརྩམས་སྟེ་ཉེར་སྤྱོད་ལྔ་ཡང་བཀོད་ཅིང་། གཞན་ཡང་དགོས་པའི་ཡོ་བྱད་ཚོགས་པར་བྱའོ། །གཉིས་པ་བསྒོམ་ཚུལ་དངོས་ལ་སྤྱི་དང་ཁྱད་པར་རོ། །སྤྱིར་མངལ་སྒོང་བརྫུས་སྐྱེས་གསུམ་གྱི་སྦྱོང་བྱེད་དམ་དབང་པོ་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་རམ། ཡང་ན་གང་ཟག་བསྡུས་པ་ལ་དགའ་བས་རྡོ་རྗེ་རྣམ་པ་བཞིས་བསྐྱེད་པ་ལ་དབྱེ་བ་བཅུ་གཉིས། སྤྲོས་པ་ལ་དགའ་བས་ཆོ་ག་གསུམ་བསྐྱེད་ལ་དབྱེ་བ་བཅུ་དྲུག །ཤིན་ཏུ་སྤྲོས་པ་ལ་དགའ་བས་དོན་ཚན་བཞི་ལས་དབྱེ་སྟེ་བསྐྱེད་པ་གསུམ་ཡོད། །དོན་ཚན་བཞི་ནི། བསྐྱེད་རིམ། བཟླས་པ། རྫོགས་རིམ། ཐུན་མཚམས་ཀྱི་ཆོས་སོ། །དང་པོ་ལ་རྒྱུའི་ཧེ་རུ་ཀ་བསྐྱེད་པའི་ཆོས་བཅུ། འབྲས་བུའི་ཧེ་རུ་ཀ་བསྐྱེད་པའི་ཆོས་བཅུ། གཉིས་པ་ལ་དམིགས་པ་ཐ་དད་པ། གསུམ་པ་ལ་ཆགས་གྲོལ་གྱི་དབྱེ་བ། བཞི་པ་ལ་དག་པ། གཏོར་མ།


KMC010_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གླུ། སྨོན་ལམ་བཞིར་དབྱེ་བ་རྗེ་མར་རྔོག་གི་བཞེད་པ་ཐུན་མོང་མ་ཡིན་པའོ། །ཁྱད་པར་རྗེ་རང་བྱུང་ཞབས་དང་སྤྱན་སྔ་ཐམས་ཅད་མཁྱེན་པའི་ཕྱག་བཞེས་སུ་གོང་བཤད་གསུམ་ཀ་ཚང་བའི་ཉམས་ལེན་གྱི་ཆིངས་སུ་མཛད་པ་བཞིན་འདིར་ཡང་དེའི་རྗེས་སུ་འབྲང་སྟེ། ཐོག་མར་ཚོགས་པ་ཡོད་ན། ལས་ཀྱི་རྡོ་རྗེས་ཕྱག་འཚལ། མཎྜལ་སྤྱི་མཐུན་ཚོམ་བུ་བདུན་མའི་གཤམ་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ། ལྷའི་རྣལ་འབྱོར་གྱི་རིམ་པ་ལ་གནས་པར་བསྐུལ་བའི་ཆེད་དུ་འབུལ་བར་བགྱིའོ། །ཞེས་ཕུལ། ཡོ་ག་ས་མཱ་དྷིཀྲ་མ་ཧཱུྃ། ཞེས་རྣལ་འབྱོར་ལ་གནས་བར་བསྐུལ་ལོ། །དེ་ནས་ལུས་ཀྱི་མངོན་ཞེན་བཟློག་པའི་ཕྱིར་ཡན་ལག་དྲུག་ལྡན་གྱི་བསྐྱེད་རིམ་བསྒོམ་པ་དང་། ངག་གི་མངོན་ཞེན་བཟློག་པའི་ཕྱིར་བཟླས་པ་བྱ་བ་དང་། སེམས་ཀྱི་མངོན་ཞེན་བཟློག་པའི་ཕྱིར་རྫོགས་རིམ་བསྒོམ་པ། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ལ་གཉིས། སྦྱོར་བ་དང་། དངོས་སོ། །སྦྱོར་བ་ལའང་དགུ་སྟེ། དམ་ཚིག་བསྟེན་དང་གཏོར་མ་སྦྱིན། །མཆོད་པ་བྱིན་རླབས་སྐྱབས་སེམས་དང་། རྡོར་སེམས་བླ་མ་དག་པ་དང་། །ཚངས་གནས་ཡེ་ཚོགས་སྲུང་འཁོར་རོ། །ཞེས་པའི་དང་པོ་བདུད་རྩི་མྱང་བ་ནི། ཚུལ་བཞིན་བསྒྲུབ་པའི་རིལ་བུ་ཡོད་ན་ལྕེར་བཞག །མེད་ན་ནང་མཆོད་བྱིན་གྱིས་བརླབ་སྟེ། རང་


KMC010_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཟླ་བའི་འོད་ལྟར་དཀར་བའི་ཧཱུྃ་ལས་འོད་ཟེར་དཀར་པོ་འཕྲོས། ལུས་ཐམས་ཅད་གང་། སྡིག་པ་དང་སྒྲིབ་པ་མ་ལུས་པ་སྦྱངས་ནས་སྟོང་པར་གྱུར། ངག་ཏུ་ཧཱུྃ་ཞེས་བརྗོད་པས། བདག་ཉིད་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། །ལྐོག་མར་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཨཱཿདམར་པོ། །སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོས་མཚན་པར་གྱུར། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་གིས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ༀ་ཨཱཿཧཱུྃ་ལས་ཐོད་པའི་སྒྱེེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་བུཾ་ཨཾ་ཛཱིཾ་ཁཾ། ལཱཾ་མཱཾ་པཱཾ་ཏཱཾ་པཱཾ་ལས་སྐྱེས་པའི་བདུད་རྩི་ལྔ་དང་། ཤ་ལྔར་གྱུར། ཧ་ཧོཿཧྲཱིཿ ཞེས་བརྗོད་པས། ཐ་མལ་པའི་ཁ་དོག་དང་དྲི་དང་ནུས་པ་ཕྲོགས་


KMC010_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། རླུང་གཡོས། མེ་སྦར། བཅུད་རྣམས་བསྐོལ་བས། ཉི་མ་འཆར་ཁ་ལྟ་བུའི་མདོག་ཅན་གྱི་རླངས་པ་ཧཱུྃ་ལས་རྡོ་རྗེ་ཁ་ཊྭཱྃ་ག་འབར་བར་གྱུར་པ་ཞུ་ཞིང་། དེ་ཉིད་དུ་ལན་གསུམ་ལྷུང་བས་དྲི་མ་ཐམས་ཅད་དང་བྲལ་བ་ཤེལ་ལྟར་གསལ་བའི་དམ་ཚིག་གི་བདུད་རྩིས་གང་བའི་སྟེང་དུ། ༀ་ལས་བྱུང་བའི་ཟླ་བ་ཁ་ཆོད་ཀྱི་ཚུལ་དུ་གནས་པ་ལ་གཡས་སྐོར་དུ་ཨཱ་ལི་གཡོན་སྐོར་དུ་ཀཱ་ལི་ཡོངས་སུ་གྱུར་པའི་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། ཕྱོགས་བཅུར་བཞུགས་པའི་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་བདུད་རྩི་བཀུག །ཟླ་བ་ཡི་གེ་གསུམ་དང་བཅས་པ་ཞུ་བས་བདུད་རྩིའི་རྒྱ་མཚོར་གྱུར། ཞེས་བྱིན་གྱིས་རླབས་པའི་བདུད་རྩི་གཡོན་པའི་མཐེབ་སྲིན་སྦྱར་བས་མྱང་། ལག་གཉིས་བསྣོལ་བས་རྡོར་དྲིལ་བླང་སྟེ། རྡོ་རྗེ་ཐབས་བདེ་ཆེན་གྱི་བདག་ཉིད་དུ་མོས་ལ། ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་བརྗོད་ཅིང་གསོར། དྲིལ་བུ་ཤེས་རབ་སྟོང་ཉིད་ཀྱི་རང་བཞིན་དུ་མོས་ཏེ། ༀ་བཛྲ་གྷཎྚེ་ཨཱཿ ཞེས་པས་དཀྲོལ་ལ་པང་དུ་བཞག་གོ །གཉིས་པ་འབྱུང་པོ་ལ་


KMC010_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་སྦྱིན་པ་ནི། ཆུ་གཙང་དང་ནང་མཆོད་ཀྱིས་བྲན་ལ། བསངས་སྦྱང་། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་མཐའ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་རྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ༀ། སྲོག་ལ་ཨཱཿ དེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ་མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས་ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ༀ་དང་ཨཱཿལས་འོད་ཟེར་འཕྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ༀ་ཨཱཿཧཱུྃ། གསུམ། མཐར་ཟླ་


KMC010_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུངས་ཏེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། པད་ཀོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་ཨིནྡྲ། ཛ་མ། ཛ་ལ། ཛཀྑ། བྷཱུ་ད། བཧྣི། བཱ་ཨུ། རཀྑ། ཙནྡ། སཱུཛྫ། མཱ་ད། བཔྤ། ཏ་ལ། པཱ་ཏཱ་ལ། ཨཊྠ་སཔྤ་སྭཱ་ཧཱ། ཨི་དཾ། བ་ལིཾ། བྷུཉྫ། ཛིགྷ། པུལླ། དྷུཔྤ། མཱཾ་ས། བི་གྷ། ཨམྦྷ། སཔྤ། ཀཛྫ། སཔྤ། ས་བྷཱ། ཁཱནྟི། ཁུ་ནི། ཕེ་ཌ། གཱ་ད། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ། ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། གཡས་རྡོ་རྗེ་དང་བཅས་པའི་ཐལ་མོ་སྙིང་ཁར་བཞག །གཡོན་པས་དྲིལ་བུ་འཁྲོལ་བཞིན་པས། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་རྣམས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་


KMC010_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་པ་འབྱུང་པོའི་ཚོགས། །མ་ལུས་འཁོར་དང་བཅས་པ་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །དབང་དང་མངོན་སྤྱོད་དགྲ་སྡེ་འཇོམས། །དགར་དང་བསད་དང་དགུག་པ་དང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །མཁའ་འགྲོའི་བྱད་སོགས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་


KMC010_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་རྫོགས་མཛོད། །ཅེས་ཕྲིན་ལས་བཅོལ་ལ། གཏོར་མ་བཏང་ངོ་། །སླར་ཡང་དྲིལ་བུ་གསིལ་ཞིང་། ༀ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། བདག་དང་གནས་དང་རྣལ་འབྱོར་བསྲུང་བར་གྱུར། །གསུམ་པ་མཆོད་པ་བྱིན་རླབས་ནི། ༀ་སརྦ་སཾ་ཤོ་དྷ་ནི་ཨཱཿཧཱུྃ་སྭཱ་ཧཱས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསང་གཏོར། མཆོད་ཡོན། །ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པ་ཡོ་བྱད་རྣམས་རང་བཞིན་སྟོང་པ། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པ་གྱུར། །ༀ་སརྦ་སཾ་ཤོདྷ་ནི་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ནཱི་རཱི་ཏི་ཧཱུྃ་ཁ་ཨཱཿཧཱུྃ་སྭཱ་ཧཱ། ༀ་


KMC010_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། སོགས་དང་རོལ་མོ་བྱ་ཞིང་། ༀ་བཛྲ་གྷཎྚར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ་པྲཛྙཱ་པ་ར་མི་ཏཱ་མཱ་ད་སཾ་བྷཱ་ཝ་བཛྲ་དྷརྨ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཨཱཿཁཾ་སྭཱ་ཧཱ། བཞི་པ་སྐྱབས་སུ་འགྲོ་བ་ནི། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་དུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ༴ བརྒྱའམ་


KMC010_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཅིག་ལ་སོགས་པ་བྱ། སེམས་བསྐྱེད་པ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིང་། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །ལན་གསུམ། ལྔ་པ་རྡོར་སེམས་བསྒོམ་བཟླས་ནི་ནག་པོ་དམ་ཚིག་རྡོར་རྗེའི་བཞེད་པ་ལྟར། བདག་ཉིད་ཀྱི་སྤྱི་བོར་པད་ཟླ་ལ་ཧཱུྃ་ལས་རྡོར་སེམས་ཧེ་རུ་ཀ་སྐུ་མདོག་དཀར་པོ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་སྙེམས་པ་དཀུར་བརྟེན་པ། །དར་དང་རུས་པ་དང་། རིན་པོ་ཆེས་བརྒྱན་པ། ཞབས་སེམས་སྐྱིལ་གྱིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་ཅན་གྱིས་འཁྱུད་པ། གཉིས་ཀའི་གནས་གསུམ་དུ་ཡིག་འབྲུ་གསུམ་དང་ཁྱད་པར་ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡིག་བརྒྱ་དཀར་པོས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་ལ་ཐིམ། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཧཱུྃ་གི་འོད་ཀྱིས་དབང་


KMC010_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྤྱན་དྲངས་ཏེ་དབང་བསྐུར། བདུད་རྩིས་སྐུ་གང་། ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཐུགས་ཀའི་སྔགས་འཁོར་ལས་བདུད་རྩི་བབས། རྡོར་སེམས་ཀྱི་སྐུ་གང་སྦྱོར་མཚམས་ནས་ལུད་དེ། རང་གི་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་ཉེས་ལྷུང་རྣམ་སྨིན་གྱི་ཕུང་པོ་དང་བཅས་པ་དག་ནས་རང་ལུས་འོད་གསལ་བར་གྱུར། ༀ་བཛྲ་ཧེ་རུ་ཀ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ ཤྲེ་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱ་ན། ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་བ་མ་ཧཱ་ས་མ་ཡ་ས ཏྭ་ཨཱཿཧཱུྃ་ཕཊ། ཞེས་ཅི་ནུས་དང་ཡང་སྙིང་བཟླ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །


KMC010_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བད ག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་གོ །ཞེས་གསུངས་ཤིང་མཐར་རྡོར་སེམས་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ་པར་གྱུར། ༀ་ཨཱཿཧཱུྃ། གཉིས་སུ་མེད་པར་གྱུར་པར་མོས། དྲུག་པ་བླ་མ་དག་པའི་ཆོ་ག་ལ་རྔོག་པ་གོང་མ་རྣམས་ཀྱི་བཞེད་པས་གསལ་བ་གདབ་པ་དང་། ཚོགས་བསགས་གཉིས། དང་པོ་ནི། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས་། སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །རིགས་ཀུན་གཙོ་བོ་དྲུག་པ་རྡོ་རྗེ་འཆང་། །དུས་གསུམ་རྒྱལ་བ་སྐྱེད་མཛད་རྣལ་འབྱོར་མ། །གསང་བའི་མཛོད་འཛིན་རྡོ་རྗེ་སྙིང་པོ་དང་། །གྲུབ་


KMC010_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱི་མེས་ས་ར་ཧ་པར་འདུད། །ཐེག་མཆོག་དབུ་མའི་སྲོལ་འབྱེད་ཀླུ་སྒྲུབ་དང་། །མུ་སྟེགས་རྒོལ་བ་ཚར་གཅོད་འཕགས་པ་ལྷ། །གནས་ལྔ་རིག་པའི་པཎ་ཆེན་ཟླ་བ་གྲགས། །རྣལ་འབྱོར་མཱ་ཏངྒི་པའི་ཞབས་ལ་འདུད། །ས་བཅུའི་དབང་ཕྱུག་རྗེ་བཙུན་ཏིལླི་པ། །མཁས་གྲུབ་ཀུན་གྱི་གཙུག་རྒྱན་ནཱ་རོ་པ། །ཕྱག་རྒྱ་ཆེ་བརྙེས་མངའ་བདག་མཻ་ཏྲི་པ། །སྒྲ་སྒྱུར་མར་པ་ལོ་ཙཱའི་ཞབས༴ །ཟུང་འཇུག་སྐུ་བརྙེས་ཆོས་སྐུ་རྡོ་རྗེའི་ཞབས། །དེ་སྲས་ཞེ་སྡང་རྡོ་རྗེ་སེང་གེ་སྒྲ། །ཀུན་དགའ་རྡོ་རྗེ་རྒྱ་སྒོམ་ཡེ་ཤེས་འོད། །གྲུབ་ཆེན་ཀརྨ་པཀྴིའི་ཞབས་ལ༴ བླ་མ་གཉན་རས་ཚུལ་ཁྲིམས་རིན་ཆེན་མཚན། །རང་བྱུང་རྡོ་རྗེ་ཆོས་ཀྱི་རྒྱལ་མཚན་མཆོག །ཡེ་ཤེས་དཔལ་བ་རིག་པའི་རལ་གྲི་དང་། །ཀུན་མཁྱེན་མཐོང་བ་དོན་ལྡན་ཞབས་ལ༴ །དཔལ་འབྱོར་དོན་གྲུབ་སྤྱན་སྔ་ཆོས་ཀྱི་གྲགས། །ཀརྨ་ཕྲིན་ལས་མི་བསྐྱོད་རྡོ་རྗེའི་ཞབས། །དཀོན་མཆོག་ཡན་ལག་གྲགས་པ་


KMC010_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ་དང་། །རྣམ་རྒྱལ་དཔལ་བཟང་ཡབ་སྲས་ཞབས་ལ༴ བཀྲ་ཤིས་དཔལ་གྲུབ་མཁན་ཆེན་ཉི་མའི་མཚན། །ཕྲིན་ལས་ཞབས་དང་གོ་ཤྲཱི་དོན་ཡོད་སྙིང་། །ཆོས་ཀྱི་དོན་གྲུབ་བསྟན་པའི་ཉིན་མོར་བྱེད། །ཚེ་དབང་ཀུན་ཁྱབ་ཀརྨ་རཏྣར་འདུད། །བློ་གྲོས་མཐའ་ཡས་པདྨ་དབང་མཆོག་དང་། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་ཐམས་ཅད་ལ། །སྒོ་གསུམ་གུས་པ་ཆེན་པོས་གསོལ་བཏབ་པས། །འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཟབ་མོའི་ལམ་བཟང་རྒྱུད་སྡེ་དུ་མའི་བཅུད། །ཉམས་སུ་བླངས་ནས་ཡེ་ཤེས་སྐུ་འགྲུབ་ཤོག །ཕུན་ཚོགས་དགེ་ལེགས་ཀུན་སྩོལ་དཀོན་མཆོག་གསུམ། །རྒྱ་ཆེན་སྨོན་ལམ་ཡོངས་གྲུབ་ལ་བཏུད་དེ། །རྣམ་དག་མོས་པའི་བློ་ཡིས་རབ་དད་པས། །གཅིག་ཏུ་འདོད་པའི་དོན་རྣམས་གསོལ་བར་བགྱི། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །རིགས་གཟུགས་སྐལ་པ་མཆོག་དང་ལྡན་པ་དང་། །ཐེག་པ་བླ་ན་མེད་པ་ལེགས་འདོམས་


KMC010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །དགེ་བའི་བཤེས་ཀྱིས་རྗེས་སུ་འཛིན་གྱུར་ཅིག །ཁྱད་པར་དཔལ་ལྡན་བླ་མ་མཆོག་གི་ནི། །སྐྱེས་པའི་རབས་ཀྱི་ཕྲེང་བ་ཀུན་ཏུ་ཡང་། །ཟབ་ཅིང་རྒྱ་ཆེའི་གསུང་ལས་སྐྱེས་གྱུར་ཏེ། །བླ་ན་མེད་པའི་བྱང་ཆུབ་མྱུར་ཐོབ་ཤོག །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །གཉིས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། ཧེ་བཛྲ་ཞེས་བརྗོད་པས། རང་ཉིད་སྐད་ཅིག་གིས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད། །ཕྱག་བཅུ་དྲུག །ཞབས་བཞི་པ། །རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཡུམ་བདག་མེད་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པའི་སྙིང་གར་ཧྲཱི་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ། །རལ་ལས་ཉི་མའི་དཀྱིལ་འཁོར་དམར་པོ། དེའི་དབུས་སུ་ཧཱུྃ་སྔོན་པོ་


KMC010_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ལྔ་དང་བཅས་པ། ཧཱུྃ་གི་འོད་ཟེར་གྱིས་བཅོམ་ལྡན་འདས་འཁོར་གྱི་ལྷ་མོས་མཆོད་པ་བྱེད་བཞིན་པ་དང་བཅས་པའི་དཀྱིལ་འཁོར་གྱི་ཤར་ཁྱམས་ན་རང་གི་བླ་མ་བཞུགས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། །སྙིང་གའི་ས་བོན་ལས་འཕྲོས་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་ཀྱིས་མཆོད་པར་གྱུར། དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨརཱི་ནི་སྨན་འཛིན་ཞིང་། པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་བ་མོ་ནི་ཅང་ཏེའུ་བརྡུང་། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ༀ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཙཽ་རཱི་ཙཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཻ་ཏཱ་ལཱི་པཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་གྷསྨ་རཱི་གྷཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་པུཀྐ་སཱི་པཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཤ་པ་རཱི་ཤཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཙཎྜ་ལཱི་ཙཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཌོམྦི་ནཱི་ཌཾ་ཨཱཿཧཱུྃ་


KMC010_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཞེས་པའི་སྔགས་རྣམས་ལ་ཐལ་མོ་སྦྱར་བ་སྔོན་ཏུ་འགྲོ་བས། ལྷ་མོ་རྣམས་ཀྱིས་རིམ་བཞིན་མཆོད་པར་བལྟས་ལ། །མཐར་སེ་གོལ་གཏོགས་སོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་བྱ་སྟེ། ཇི་སྲིད་ཐོག་མ་མེད་པའི་འཁོར་བར་ཕྱིན་ཅི་ལོག་གི་རྟོག་པས་བསགས་པའི་སྡིག་པའི་ལས་བདག་གིས་བགྱིས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤགས་ཤིང་ཕྱིས་བསྡམས་པར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བ་ཇི་སྙེད་པ་ཐམས་ཅད་ལ་རྗེས་སུ་ཡི་རང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཁམས་གསུམ་ཐམས་ཅད་བདེ་བ་ཆེན་པོའི་རྣམ་པར་རོ་གཅིག་པའི་སངས་རྒྱས་ཀྱེའི་རྡོ་རྗེ་དང་། དེས་གསུངས་པའི་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པའི་ཆོས་དང་། དེའི་འཁོར་ན་གནས་པའི་ལྷ་མོའི་ཚོགས་ལ་བདག་སྐྱབས་སུ་མཆི་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་རྣམ་པ་


KMC010_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཡང་དག་པར་བསྟེན་པར་བགྱིའོ། །ཞེས་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིས་ཏེ། །བདག་དང་གཞན་དོན་རབ་སྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨཻ་མའོ་སེམས་ཅན་ཀུན་འགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །སངས་རྒྱས་སྲས་བཅས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བས་ནི། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། ཇི་ལྟར་དུས་


KMC010_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་


KMC010_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། ཧེ་བཛྲ་མཎྜལ་མུཿ ཚོགས་ཞིང་དེ་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཞེས་བསྒོམ། །བདུན་པ་ཚངས་པའི་གནས་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ནས། ཉེ་རིང་ཆགས་སྡོང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཅེས་པའི་དོན་དྲན་པར་བྱས་ལ་ནན་ཏན་ཏུ་བསྒོམ་མོ། །བརྒྱད་པ་ཡེ་


KMC010_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཚོགས་བསགས་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། སྣོད་ཀྱི་འཇིག་རྟེན་བཅུད་ཀྱི་སེམས་ཅན་ལ་བསྡུ། དེ་རྣམས་རང་གི་ལུས་ལ་ཐིམ་ཞིང་། ལུས་ཀྱང་སྙིང་གའི་པདྨ་འདབ་བརྒྱད་ལ་ཐིམ་སྟེ་རིམ་པ་བཞིན་ཏུ་ཉི་མ་དང་། ཧཱུྃ་ཡང་ཞབས་ཀྱུ་ཁོག་པ་ཟླ་ཚེས་ཐིག་ལེའི་བར་དུ་འདུས་ནས། ནཱ་དའི་རྣམ་པར་གནས་པ་ལས་སྟོང་ཉིད་ཀྱི་རང་སྒྲ་བྱུང་བར་གྱུར། །ༀ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སྟོང་ཉིད་ཀྱི་དོན་ངེས་པར་བྱས་ནས་མཉམ་པར་བཞག་གོ །འདི་ནི་རྡོ་རྗེ་བཞི་ལས་སྟོང་ཉིད་བྱང་ཆུབ་ཅེས་བྱའོ། །དགུ་པ་སྲུང་འཁོར་ནི་སློབ་དཔོན་མཚོ་སྐྱེས་སོགས་དང་རྔོག་ལུགས་པ་རྣམས་རྩ་རྒྱུད་དངོས་བསྟན་ལྟར་བསྡུས་པ་བཞེད་ཀྱང་། རང་ལུགས་པ་དང་རང་བྱུང་ཡབ་སྲས་རྣམས་ཀྱིས་བཤད་རྒྱུད་ནས་ཁ་སྐོང་བའི་ལུགས་སུ་མཛད་པ་ལྟར་སྤྲོ་ན། སྟོང་པའི་ངང་ལས། ར་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེའི་འོད་ཟེར་གྱི་རྩེ་མོ་ལས། རྡོ་རྗེ་རྒྱ་གྲམ་དཔག་ཏུ་མེད་པ་སྤྲོས་


KMC010_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པས། འོག་ཏུ་རྡོ་རྗེའི་ས་གཞི། བར་སྣང་དུ་རྡོ་རྗེའི་ར་བ་དང་དྲ་བ། སྟེང་དུ་རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བ། །འོག་གཞིའི་ཉི་མ་ལས་འོད་ཟེར་ཕྱི་རོལ་ཏུ་འཕྲོས་པས་མེ་རི་དང་། རྡོ་རྗེ་རྒྱ་གྲམ་ལས་རྡོ་རྗེ་རྐྱང་པ་དཔག་ཏུ་མེད་པ་སྤྲོས་པས། །རྡོ་རྗེའི་དྲ་མིག་རྣམས་ཀྱང་བཀག་པར་གྱུར། །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྟན་པར་བྱིན་གྱིས་བརླབ་བོ། །དེའི་དབུས་སུ་བྲུཾ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་རྩེ་མོ་རྣོ་དབལ་དང་ལྡན་པ་གཡས་སྐོར་དུ་མྱུར་བར་མི་མངོན་པར་འཁོར་ཞིང་རབ་ཏུ་མི་གཡོ་བའི་དབུས་དང་རྩིབས་རྣམས་ལ། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། །ཧཱུྃ་རེ་རེ་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་ཧཱུྃ་མཛད་སྐུ་མདོག་མཐིང་ནག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། མི་བསྐྱོད་པའི་དབུ་རྒྱན་ཅན། །ཤར་དུ་གཤིན་རྗེ་གཤེད་ནག་པོ་གཡས་ཐོ་བ་


KMC010_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ། རྣམ་སྣང་གི་དབུ་རྒྱན་ཅན། ལྷོར་གཞན་གྱིས་མི་ཐུབ་པ་དཀར་པོ་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་བསྣམས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། ནུབ་ཏུ་རྟ་མགྲིན་དམར་པོ་ཆུ་སྐྱེས་དམར་པོ་བསྣམས་པ། འོད་དཔག་མེད་ཀྱི་དབུ་རྒྱན་ཅན། བྱང་དུ་བདུད་རྩི་འཁྱིལ་བ་སྔོན་པོ་རྡོ་རྗེ་བསྣམས་པ། དོན་གྲུབ་ཀྱི་དབུ་རྒྱན་ཅན། ཤར་ལྷོར་འདོད་པའི་རྒྱལ་པོ་ལྕགས་ཀྱུ་བསྣམས་པ། ལྷོ་ནུབ་ཏུ་དབྱུག་སྔོན་ཅན་དབྱུག་པ་སྔོན་པོ་བསྣམས་པ། །ནུབ་བྱང་དུ་སྟོབས་པོ་ཆེ་རྩེ་གསུམ་བསྣམས་པ། བྱང་ཤར་དུ་མི་གཡོ་བ་རལ་གྲི་བསྣམས་པ། །བཞི་ཀ་ཡང་རོལ་པའི་ཁྲོ་བོ་སྐུ་མདོག་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་འཁོར་ལོ་བསྣམས་པ། རྣམ་སྣང་གི་དབུ་རྒྱན་ཅན། །འོག་ཏུ་གནོད་མཛེས་ནག་པོ་གཏུམ་ཤིང་འཛིན་པ། །མི་བསྐྱོད་པའི་དབུ་བརྒྱན་ཅན། །ཐམས་ཅད་ཀྱང་ཞལ་གཅིག་


KMC010_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ། གཡས་རང་རང་གི་ཕྱག་མཚན་ཕྱག་ཐབས་སུ་བསྣམས་ཤིང་། གཡོན་ཐུགས་ཀར་སྦྲུལ་གྱི་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། །དབུ་སྐྲ་དང་སྨིན་མ་སྨ་ར་དམར་སེར་འབར་བ། སྤྱན་གསུམ་དམར་ལ་ཟླུམ་ཞིང་ཞལ་མཆེ་བ་གཙིགས་པ། སྐུ་སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། །སྤྲུལ་གྱི་ཆུན་པོ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། །རོལ་པའི་ཁྲོ་བོ་བཞི་ནི། ལྷའི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། བསྐལ་པའི་མེ་ལྟར་འབར་བའི་གཟི་བརྗིད་མངའ་བ། སྤྲུལ་པའི་སྤྲིན་དུ་མས་བགེགས་ཀྱི་ཚོགས་རྣམས་བརླག་པར་བྱེད་པའོ། །གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ། །དེ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་སྲུང་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། །བཛྲ་ས་མཱ་ཛཿ


KMC010_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཛྲཿཧཱུྃ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་པས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། བསྲུང་བྱ་རྣམས་འཁོར་ལོའི་ལྟེ་བར་དམིགས། སྔགས་བཟླས་པའི་ཚེ་གནོད་བྱེད་ཉེ་བ་རྣམས་རྩིབས་ཀྱིས་གཏུགས། སྤྲུལ་པའི་ཁྲོ་བོའི་ཚོགས་ཀྱིས་རྒྱང་རིང་དུ་གནས་པའི་བགེགས་བཅོམ་པར་བསྒོམ་ལ། ན་མཿས་མནྟ་བུདྡྷ་ནཱཾ། ན་མཿས་མནྟ་དྷ རྨཱ་ཎཱཾ། ན་མཿས་མནྟ་སཾ་གྷཱ་ནཱཾ། ༀ་སི་ཏཱ་ཏཱ་ཡ་ཏྲེ། ༀ་བི་མ་ལ། ༀ་ཤང་ཀ་ར། ༀ་པྲ་ཏྱངྒི་ར། བཛྲ་ཨུཥྞིཥ་ཙཀྲ་བརྟི། སརྦ་ཡནྟྲ་མནྟྲ། མཱུ་ལ་ཀརྨ། བནྡྷ་ནཾ། ཏཱ་ཌ་ནཾ། ཀཱི་ལ་ནཱཾ་ཐཱ། མ་མ་ཀྲྀ་ཏ་ཡེ་ན་ཀེན་ཙིཏ་ཀྲྀ་ཏནྟ་ཏྲ། སརྦནྟུ། ཚིནྡྷ་ཚིནྡྷ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མཱ་ར་མཱ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་ཕྱིར་བཟློག་ལ་སོགས་པའི་དུས་སུ་ཅི་འགྲུབ་བཟླའོ། །དེ་རྣམས་ཀྱིས་སྦྱོར་བའི་ཆོས་དགུ་གྲུབ་བོ། ༈ །གཉིས་པ་དངོས་གཞི་ལ་དྲུག །ཕོ་བྲང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག །རྗེས་སུ་ཆགས་པ་རྡོ་རྗེ་འཆང་གི་ཡན་ལག །དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག །བདུད་


KMC010_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག །མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག །བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་གོ །དེ་ལ་ཡན་ལག་དང་པོ་ནི། སྲུང་བའི་འཁོར་ལོའི་དབུས་སུ། ཨེ་ལས་ཆོས་ཀྱི་འབྱུང་གནས་དཀར་པོ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་ཆེ་བ་གྱེན་ཏུ་བསྟན་པའི་ནང་དུ། །པཾ་ལས་སྣ་ཚོགས་པདྨ་དང་། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཕྱོགས་ཀྱི་མདོག་ཅན་གྱི་ལྟེ་བར། ལཾ་ལས་སའི་དཀྱིལ་འཁོར་གྲུབ་བཞི་སེར་པོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། །དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་དུད་ཁ། དེའི་སྟེང་དུ་བྲུཾ་ལས་འཁོར་ལོ་དཀར་པོ་རྩིབས་སུམ་ཅུ་རྩ་གཉིས་པའི་དབུས་སུ། ནམ་མཁའི་ནཱ་ད་ཆ་གཅིག་ཞུགས་པས། དེ་ཐམས་ཅད་འདྲེས་པ་ལས་བྱུང་བ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་པ་བརྩེགས་པ་གྲུ་བཞི་སྒོ་བཞི་པ། ཕྱི་ནས་དཀར་སེར་


KMC010_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་ཞིང་། རིན་པོ་ཆེའི་ཕ་གུ་དང་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། །ཤར་བུ་དང་མདའ་ཡབ་ཀྱིས་མཛེས་པ། ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་དུ། པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་རི་དྭགས་དང་བཅས་པ། འདོད་ཡོན་གྱི་སྣམ་བུ་ད མར་པོ་ལ་ལྷ་མོ་བཅུ་དྲུག་དཀྱིལ་འཁོར་པ་ལ་མཆོད་པའི་ཚུལ་གྱིས་འཁོད་ཅིང་། སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེས་སྤྲས་པ། ལྷ་རྣམས་ཀྱི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ཀ་བ་བརྒྱད་དང་ལྡན་ཞིང་། རྡོ་རྗེའི་གདུང་ཉེ་བར་སྤྲས་པ། ཐོག་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤུད་པ། གཞན་ཡང་གོས་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་དཀར་པོ་དང་། གདུགས་དང་། བ་དན་ཁ་དོག་སྣ་ཚོགས་པ་རླུང་གིས་བསྐྱོད་པ་དང་དྲིལ་བུ་འཁྲོལ་བ་ལ་སོགས་པས་


KMC010_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའི་དབུས་སུ། པདྨ་དམར་པོ་འདབ་མ་བརྒྱད་པ་གེ་སར་དང་བཅས་པ། གཞལ་ཡས་ཁང་གི་ཕྱི་རོལ་རྡོ་རྗེའི་ཕྲེང་བས་བསྐོར་བའི་ནང་དུ། ཤར་དུ་གཏུམ་དྲག །ལྷོར་འཇིགས་སུ་རུང་བ། །ནུབ་ཏུ་འབར་བ་འཁྲུགས་པ། བྱང་དུ་ཚང་ཚིང་འཁྲིགས་པ། བྱང་ཤར་དུ་ཧ་ཧ་རྒོད་པ། ཤར་ལྷོར་དཔལ་གྱི་ནགས། ལྷོ་ནུབ་ཏུ་འཇིགས་པའི་མུན་པ། ནུབ་བྱང་དུ་ཀི་ལི་ཀི་ལི་སྒྲོགས་པ། དུར་ཁྲོད་ཆེན་པོ་དེ་རྣམས་སུ་ཤཱིཪྵ་ལ་སོགས་པའི་ཤིང་ཆེན་པོ་བརྒྱད་ཀྱི་དྲུང་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད་ཡུམ་དང་བཅས་པ། །ལྷའི་དགེ་འདུན་ལ་སོགས་པའི་ཞིང་སྐྱོང་བརྒྱད་ཕྱོགས་སྐྱོང་གི་བཞོན་པའི་གདོང་ཅན་ཤིང་ལོའི་གསེབ་ནས་ལུས་སྟོད་ཕྱུང་བ། མཚོ་ཆེན་པོ་བརྒྱད་ལ་གནས་པའི་ནོར་རྒྱས་སེར་པོ་ལ་སོགས་ཀླུ་ཆེན་བརྒྱད་ཡུམ་དང་བཅས་པས་ཐལ་མོ་སྦྱར་བའི་སྟེང་དུ་སྒྲོགས་བྱེད་སོགས་སྤྲིན་བརྒྱད་ལྡིང་བ། གཞན་ཡང་མེ་དང་རི་བོ་མཆོད་རྟེན་རྣལ་འབྱོར་


KMC010_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་ཕྱུག་བརྒྱད་བརྒྱད་གནས་ཤིང་། དུར་ཁྲོད་ཀྱི་བཀོད་པ་འཇིགས་སུ་རུང་བ་དང་ལྡན་པའི་གཞལ་ཡས་ཁང་གི་དབུས་ཀྱི་པདྨའི་ལྟེ་བར་ཚངས་པ། དབང་པོ། །ཉེ་དབང་། དྲག་པོ་སྟེ་བདུད་བཞིའི་གདན། འདབ་མ་བརྒྱད་ལ། ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། །ནུབ་ཏུ་ཉེ་དབང་དམར་པོ། །བྱང་དུ་དྲག་པོ་སྔོན་པོ། །བྱང་ཤར་དུ་གཤིན་རྗེ་ནག་པོ། །ཤར་ལྷོར་ནོར་བདག་སེར་པོ། །ལྷོ་ནུབ་ཏུ་སྲིན་པོ་སྔོ་ནག །ནུབ་བྱང་དུ་ཐག་བཟང་རིས་ལྗང་གུ་རྣམས་གན་རྐྱལ་དུ་གནས་པའི་སྙིང་གར་ཉི་མའི་གདན་དང་བཅས་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནཱི་ལ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡན་ལག་གཉིས་པ་ལ་གསུམ། མངོན་བྱང་ལྔས་གཙོ་བོ་རྒྱུ་རྡོར་འཛིན་སྐྱེད་པ། །མཁའ་གསང་བྱིན་གྱིས་བརླབ་སྟེ་སྙོམས་འཇུག་བྱ་བ། སྔགས་ཀྱིས་རྒྱས་གདབ་པའོ། །དང་པོ་ནི། དབུས་ཀྱི་གདན་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཉིས་འགྱུར་ལས་ཟླ་བའི་དཀྱིལ་


KMC010_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མངོན་པར་བྱང་ཆུབ་པ་དང་པོ་དང་། མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵཿ ཡ་ར་ལ་ཌ་ཌྷ་ཎ། ཉིས་འགྱུར་ལས་ཉི་མའི་དཀྱིལ་འཁོར་མངོན་བྱང་གཉིས་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་དབུས་སུ་ཧཱུྃ་དང་ཨཾ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང་། གྲི་གུག་ཨཾ་གིས་མཚན་པ་མངོན་བྱང་གསུམ་པ་དང་། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས། དེ་དག་ལས་འོད་ཟེར་འཕྲོས་ཤིང་། སླར་འདུས་པས་ཉི་ཟླ་ས་བོན་ཕྱག་མཚན་རྣམས་འདྲེས་པ་མངོན་བྱང་བཞི་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ་རྡོ་རྗེ་བཞི་ཡིས་ས་བོན་བསྡུ་བའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་ནག་པོ་ཞལ་བརྒྱད་དང་ལྡན་པའི་རྩ་བའི་ཞལ་ནག་པོ། །གཡས་ཞལ་ཀུནྡ་ལྟར་དཀར་བ། གཡོན་ཞལ་དམར་ཞིང་ཆེར་འཇིགས་པ། ལྷག་མ་


KMC010_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཞལ་གཉིས་དང་གཡོན་ཞལ་གཉིས་བུང་བ་ལྟར་ནག་ཅིང་། སྟེང་ཞལ་དུད་ཁ་གཙིགས་པའི་ཉམས་ཅན། སྤྱན་ཉི་ཤུ་རྩ་བཞི་ཕྱེ་བ། དབུ་སྐྲ་སེར་པོ་གྱེན་ཏུ་བརྫེས་པ། དཔྲལ་བའི་སྟེང་དུ་ཐོད་པ་ལྔ་ལྔའི་ཕྲེང་བ་དང་། སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན་པ། ཞལ་ནས་ཧཱུྃ་གི་སྒྲ་སྤྲོ་ཞིང་། འཁོར་ལོ། སྙན་ཆ། མགུལ་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས། ཐལ་བས་བྱུགས་པ་སྟེ་ཕྱག་རྒྱ་དྲུག་དང་ལྡན་པ། མགོ་བོ་ལྔ་བཅུའི་ཕྲེང་བའི་དོ་ཤལ་འཕྱང་བ། ཕྱག་བཅུ་དྲུག་གི་གཡས་ཀྱི་ཕྱག་གི་ཐོད་པ་བརྒྱད་ན། རིམ་པ་བཞིན་ཏུ། གླང་པོ་ཆེ་དཀར་པོ། རྟ་སྔོན་པོ། བོང་བུ་ཁམ་པ། གླང་དམར་པོ། རྔ་མོང་ཐལ་ཀར། མི་དམར་པོ། ཤར་བྷ་སྔོན་པོ། །བྱི་ལ་གྭ་པ། གཡོན་གྱི་ཕྱག་གི་ཐོད་པ་བརྒྱད་ན། །སའི་ལྷ་མོ་སེར་མོ། །ཆུའི་ལྷ་མོ་དཀར་མོ། །རླུང་གི་ལྷ་མོ་དུད་ཁ། །མེའི་ལྷ་མོ་དམར་མོ། །ཟླ་བའི་ལྷ་མོ་དཀར་མོ། །ཉི་མའི་ལྷ་མོ་དམར་མོ། །


KMC010_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ནག་པོ། ནོར་བདག་སེར་པོ། །སྙིང་གར་ཐལ་མོ་སྦྱར་བ་རྣམས་བསྣམས་པའི་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། །གཅེར་བུ་ཞབས་བཞིའི་མདུན་མ་གཉིས་གཡས་བརྐྱང་བའི་གར་དང་རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་ཉི་མའི་དཀྱིལ་འཁོར་ལ་བདུད་བཞི་མཉམ་པར་མནན་ཞིང་། གར་གྱི་ཉམས་དགུ་དང་ལྡན་པ། འཇིགས་པའང་འཇིགས་པར་མཛད་པའོ། །ཡུམ་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མངའ་བ། །མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་ཏུ་བརྫིས་པ། ཕྱག་གཡས་གྲི་གུག །གཡོན་ཐོད་པ་བསྣམས་པས་ཡབ་ལ་འཁྱུད་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། ཞབས་གཡོན་བརྐྱང་། གཡས་བསྐུམ་པས་ཡབ་ལ་འཁྱུད་པ། མངོན་པར་བྱང་ཆུབ་པ་ལྔ་པ་དང་། ཆོས་དབྱིངས་ཡེ་ཤེས་ཀྱི་བདག་


KMC010_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །གཉིས་པ་ནི། ཡུམ་གྱི་གསང་གནས་སྟོང་པའི་ངང་ལས། ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ། ཨཱཿལས་ཟེའུ་འབྲུ། ཕཊ་སེར་པོས་བུ་ག་བཀག་པར་གྱུར། ༀ་པདྨ་སུ་ཁ་དྷར་མ་ཧཱ་རཱ་ག་སུ་ཁཾ་དད་ཙ་ཏུར་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀཱཪྻཾ་ཀུ་རུ་ཥྭ་མེ། ཞེས་ཡབ་ཀྱིས་བསྐུལ་བར་བསྒོམ། ཡབ་ཀྱི་གསང་གནས་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ། །ༀ་དཀར་པོ་ལས་ནོར་བུ། ཕཊ་སེར་པོས་བུ་ག་བཀག་པར་གྱུར། ༀ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུར་ནནྡ་དཱ་ཡ་ཀ་ཁ་ག་མུ་ཁཻ་ཀར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀཱཪྻཾ་ཀུ་རུ་ཥྭ་མེ། ཞེས་ཡུམ་གྱིས་བསྐུལ་བར་བལྟས་ལ། བསྲུབ་པ་དང་དང་སྲུབ་པའི་སྦྱོར་བས། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། དགའ་བ་སྒྱུ་མ་ལྟ་བུ་སིད་དང་ཕཊ་ཀྱི་སྒྲ་དང་བཅས་པའི་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་བསྐུལ། ཚུར་འདུས་ཏེ་ཞལ་དུ་ཞུགས། ཐུགས་ཀར་ཞུ། རྩ་དབུ་མ་ནས་སོང་།


KMC010_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ལམ་ནས་བྱང་ཆུབ་སེམས་ཀྱི་ངོ་བོ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ཙཾ་ཌཾ་ས་བོན་བརྒྱད་ཡུམ་གྱི་པདྨར་སྤྲོས་པ་ལས། ཡབ་ཡུམ་གཉིས་དང་སངས་རྒྱས་ཐམས་ཅད་ཟག་པ་མེད་པའི་བདེ་བས་ཚིམ་པར་གྱུར། གསུམ་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཝ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་། ཡན་ལག་གསུམ་པ་ལའང་གསུམ། གང་ལ་དབང་བསྐུར་བ་ལྷའི་བསྐྱེད་ཆོག་ཇི་ལྟར་དབང་བསྐུར་བ་དངོས། དེ་རྒྱས་གདབ་པའི་སྔགས་སོ། །དང་པོ་ལ་ལྔ། འཁོར་སྤྲོ་བ། བར་སྲིད་ཞུགས་ཏེ་ཞུ་བ་གླུས་བསྐུལ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ། སེམས་དཔའ་དང་སྐྱེ་མཆེད་གནས་གསུམ་བྱིན་གྱིས་བརླབ་པ། དམ་ཡེ་དབྱེར་མེད་དུ་བྱ་བའོ། །དང་པོ་ནི། ཡུམ་གྱི་མངལ་དུ་གནས་པའི་ས་བོན་ལྷ་མོ་སོ་སོའི་སྐུར་གྱུར་པ་རྣམས་རང་རང་གི་སྟན་ལ་འཁོར། ༀ་གཽ་རཱི་གཾ་སྭཱ་ཧཱ། ཡུམ་གྱི་མཁའ་ནས་གཾ་སྤྲོས་པ་ལས། གཽ་རཱི་ནག་མོ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་བསྣམས་པ་ཕྱུང་སྟེ། །ཤར་གྱི་པདྨའི་འདབ་མར་ཚངས་པའི་གདན་ལ་བཞུགས་པར་གྱུར། ༀ་ཙཽ་རཱི་ཙཾ་སྭཱ་ཧཱ། ཙཾ་སྤྲོས་པ་


KMC010_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཙཽ་རཱི་དམར་མོ་གཡས་ཅང་ཏེའུ། གཡོན་ཕག་པ་བསྣམས་པ་ཕྱུང་སྟེ། ལྷོའི་པདྨའི་འདབ་མར་དབང་པོའི་གདན་ལ་བཞུགས་པར་གྱུར། ༀ་བཻ་ཏཱ་ལཱི་བཾ་སྭཱ་ཧཱ། བཾ་སྤྲོས་པ་ལས། བཻ་ཏཱ་ལཱི་སེར་མོ་གཡས་རུ་སྦལ། གཡོན་ཐོད་པ་བསྣམས་པ་ཕྱུང་སྟེ། ནུབ་ཀྱི་པདྨའི་འདབ་མར་ཉེ་དབང་གི་གདན་ལ་བཞུགས་པར་གྱུར། ༀ་གྷསྨ་རཱི་གྷཾ་སྭཱ་ཧཱ། གྷཾ་སྤྲོས་པ་ལས། གྷསྨ་རཱི་ལྗང་གུ་གཡས་སྦྲུལ། གཡོན་ཐོད་པ་བསྣམས་པ་ཕྱུང་སྟེ། བྱང་གི་པདྨའི་འདབ་མར་དྲག་པོའི་གདན་ལ་བཞུགས་པར་གྱུར། ༀ་པུཀྐ་སཱི་པཾ་སྭཱ་ཧཱ། པཾ་སྤྲོས་པ་ལས། པུཀྐ་སཱི་སྔོན་མོ་གཡས་སེང་གེ །གཡོན་དགྲ་སྟྭ་བསྣམས་པ་ཕྱུང་སྟེ། བྱང་ཤར་གྱི་པདྨའི་འདབ་མར་གཤིན་རྗེའི་གདན་ལ་བཞུགས་པར་གྱུར། ༀ་ཤ་བ་རཱི་ཤཾ་སྭཱ་ཧཱ། ཤཾ་སྤྲོས་པ་ལས། ཤ་བ་རཱི་དཀར་མོ། གཡས་དགེ་སློང་། གཡོན་གསིལ་བྱེད་བསྣམས་པ་ཕྱུང་སྟེ། ཤར་ལྷོའི་པདྨའི་འདབ་མར་ནོར་བདག་གི་གདན་ལ་


KMC010_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་གྱུར། ༀ་ཙཎྜ་ལཱི་ཙཾ་སྭཱ་ཧཱ། ཙཾ་སྤྲོས་པ་ལས། ཙཎྜ་ལཱི་སྔོན་མོ། གཡས་འཁོར་ལོ། །གཡོན་ཐོད་གཤོལ་བསྣམས་པ་ཕྱུང་སྟེ། ལྷོ་ནུབ་ཀྱི་པདྨའི་འདབ་མར་སྲིན་པོའི་གདན་ལ་བཞུགས་པར་གྱུར། ཨོཾ་ཌོམྦི་ནཱི་ཌཱཾ་སྭཱ་ཧཱ། ཌཱཾ་སྤྲོས་པ་ལས། ཌོམྦི་ནཱི་སྣ་ཚོགས་པའི་མདོག་ཅན། གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ་ཕྱུང་སྟེ། ནུབ་བྱང་གི་པདྨའི་འདབ་མར་ཐག་བཟང་རིས་ཀྱི་གདན་ལ་བཞུགས་པར་གྱུར། ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་ཏུ་བརྫེས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། ཞབས་གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པའོ། །གཉིས་པ་ནི། ནམ་མཁའི་ནཱ་ད་དཀར་མདའ་འཕོ་བ་བཞིན་ཏུ་བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས་ནས་ཡུམ་གྱི་པདྨར་བབས་པས། ཡུམ་


KMC010_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ངོ་བོར་ཞུ། ཡུམ་ཞུ་ུབས་ཡབ་ཀྱང་བདེ་བའི་ངོ་བོར་ཞུ་ནས། དངུལ་ཆུའི་རྣམ་པ་ལྟ་བུར་གྱུར་བས། མཚམས་ཀྱི་ལྷ་མོ་བཞིས་ཚད་མེད་པའི་རང་བཞིན་གྱི་གླུས་བསྐུལ་བ་ནི། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མེད་ན་ནི་བདག་འགུམས་པས། ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་འགྲོན་གཉེར་བ། །སྟོང་པ་ཉིད་ལ་ཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱི། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱི། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ཉིད་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག གསུམ་པ་ནི། ཤིན་ཏུ་སྙན་པའི་གླུས་བསྐུལ་བས།


KMC010_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་དངུལ་ཆུའི་རྣམ་པ་ལས། ཧཱུྃ་དང་ཨཾ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང་། གྲི་གུག་ཨཾ་གིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། འདུས་པ་ལས། བཅོམ་ལྡན་འདས་འབྲས་བུ་རྡོ་རྗེ་འཛིན་པ་སྐུ་མདོག་ནག་པོ་ཞལ་བརྒྱད་དང་ལྡན་པའི་རྩ་བའི་ཞལ་ནག་པོ། །གཡས་ཞལ་ཀུནྡ་ལྟར་དཀར་བ། གཡོན་ཞལ་དམར་ཞིང་ཆེར་འཇིགས་པ། ལྷག་མ་གཡས་ཞལ་གཉིས་དང་གཡོན་ཞལ་གཉིས་བུང་བ་ལྟར་ནག་ཅིང་། སྟེང་ཞལ་དུད་ཁ་གཙིགས་པའི་ཉམས་ཅན། སྤྱན་ཉི་ཤུ་རྩ་བཞི་ཕྱེ་བ། དབུ་སྐྲ་སེར་པོ་གྱེན་ཏུ་བརྫེས་པ། དཔྲལ་བའི་སྟེང་དུ་ཐོད་པ་ལྔ་ལྔའི་ཕྲེང་བ་དང་། སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན་པ། ཞལ་ནས་ཧཱུྃ་གི་སྒྲ་སྤྲོ་ཞིང་། འཁོར་ལོ། སྙན་ཆ། མགུལ་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས། ཐལ་བས་བྱུགས་པ་སྟེ་ཕྱག་རྒྱ་དྲུག་དང་ལྡན་པ། མགོ་བོ་ལྔ་བཅུའི་ཕྲེང་བའི་དོ་ཤལ་འཕྱང་བ། ཕྱག་བཅུ་དྲུག་གི་གཡས་ཀྱི་ཕྱག་གི་ཐོད་


KMC010_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱད་ན། རིམ་པ་བཞིན་ཏུ། གླང་པོ་ཆེ་དཀར་པོ། རྟ་སྔོན་པོ། བོང་བུ་ཁམ་པ། གླང་དམར་པོ། རྔ་མོང་ཐལ་ཀར། མི་དམར་པོ། ཤར་བྷ་སྔོན་པོ། །བྱི་ལ་གྭ་པ། གཡོན་གྱི་ཕྱག་གི་ཐོད་པ་བརྒྱད་ན། །སའི་ལྷ་མོ་སེར་མོ། །ཆུའི་ལྷ་མོ་དཀར་མོ། །རླུང་གི་ལྷ་མོ་དུད་ཁ། །མེའི་ལྷ་མོ་དམར་མོ། །ཟླ་བའི་ལྷ་མོ་དཀར་མོ། །ཉི་མའི་ལྷ་མོ་དམར་མོ། །གཤིན་རྗེ་ནག་པོ། ནོར་བདག་སེར་པོ། །སྙིང་གར་ཐལ་མོ་སྦྱར་བ་རྣམས་བསྣམས་པའི་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། །གཅེར་བུ་ཞབས་བཞིའི་མདུན་མ་གཉིས་གཡས་བརྐྱང་བའི་གར་དང་རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་ཉི་མའི་དཀྱིལ་འཁོར་ལ་བདུད་བཞི་མཉམ་པར་མནན་ཞིང་། གར་གྱི་ཉམས་དགུ་དང་ལྡན་པ། འཇིགས་པའང་འཇིགས་པར་མཛད་པའོ། །ཡུམ་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མངའ་བ། །མཆེ་བ་གཙིགས་པ།


KMC010_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སྐྲ་སེར་པོ་གྱེན་ཏུ་བརྫིས་པ། ཕྱག་གཡས་གྲི་གུག །གཡོན་ཐོད་པ་བསྣམས་པས་ཡབ་ལ་འཁྱུད་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། ཞབས་གཡོན་བརྐྱང་། གཡས་བསྐུམ་པས་ཡབ་ལ་འཁྱུད་པའོ། །ཞེས་པའི་བར་གྱིས་གཙོ་བོ་ཡབ་ཡུམ་སྔར་ལྟར་གསལ་བར་བསྒོམ་པ་ནི་རྡོ་རྗེ་བཞི་ལས་གཟུགས་རྫོགས་པའོ། །བཞི་པ་ནི། བཅོམ་ལྡན་འདས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་སྔོན་པོ། །ཡུམ་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་སྔོན་པོ་འོད་ཟེར་དང་བཅས་པ། མིག་ཏུ་མོཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་དྭེཾ་ལས་ཞེ་སྡང་རྡོ་རྗེ་མ་ནག་མོ། སྣ་ལ་མཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེ་ལ་རཱཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨིཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་


KMC010_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གུ། སྙིང་གའི་ཆ་སྟོད་དུ་ཨ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོ། སྤྱི་བོར་ༀ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། སྙིང་གའི་ཆ་སྨད་དུ་ཧཱུྃ་ལས་ཐུགས་རྡོ་རྗེ་མ་སྔོན་མོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག །གཡོན་ན་ཐོད་པ་བསྣམས་ཤིང་ཁ་ཊཱྃ་ག་མཆན་ཁུང་དུ་བཅུག་པ། སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་ཏུ་བརྫེས་པ། ཕྱག་རྒྱ་ལྔ་དང་ལྡན་པ། སྟག་གི་པགས་པས་སྨད་དཀྲིས་པ། རོའི་སྟན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་དཱི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་བྷུ་ཙ་རི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་བ་ཏ་ལ་ཝཱ་སི་ནཱི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱ་སྟེ་རྡོ་རྗེ་བཞི་ལས་ཡིག་འབྲུ་དགོད་པའོ། །ལྔ་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་སྤྱན་དྲངས། རྡོ་རྗེའི་རྩེ་མོས་བསང་


KMC010_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གྱི་ཆུ་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་བརྗོད་པས་བགེགས་བསྐྲད་ནས། ལག་པ་གཡས་རྡོ་རྗེ་དང་བཅས་པས་མཆོད་པ་རྣམས་ལ་བསྐོར་ཞིང་། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པས། མཆོད་པའི་ཡོ་བྱད་རྣམས་རང་བཞིན་སྟོང་པ། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པར་གྱུར། ཞེས་བྱིན་གྱིས་བརླབས་ལ། གཡོན་དྲིལ་བུ་དཀྲོལ་ཞིང་། གཡས་པས་མཆོད་རྫས་སྟོབ་པའི་ཚུལ་གྱིས་དབུལ་བཞིན་པས། ༀ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པའི་མཆོད་ཡོན། ༀ་ནཱི་རི་ཏི་ཧཱུྃ་ཁཿཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་ཞབས་བསིལ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་མེ་ཏོག །དེ་བཞིན་དུ། དྷུ་པེ༴ གནྡྷེ༴ ནཻ་བི་དྱེ༴ ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པའི་མཆོད་པ་ལྔས་མཆོད། །གོང་བཞིན་གཽ་རཱི་མ་ལ་སོགས་པ་ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད་ནས། རྡོ་རྗེ་དང་དྲིལ་བུ་བཟུང་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་


KMC010_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེ་བདག་མགུར་འགྱུར། །ཞེས་པས་བསྟོད། སོ་སོའི་ཕྱག་རྒྱ་བཅིངས་ལ་གཽ་རཱི་ཛཿ ཞེས་པས་ཡེ་ཤེས་པ་དགུག །ཙཽ་རཱི་ཧཱུྃ་གིས་གཞུག །པཻ་ཏཱ་ལཱི་བཾ་གྱིས་བཅིངས། །གྷསྨ་རཱི་ཧོཿ ཞེས་པས་དགྱེས་པར་བྱས། གཉིས་པ་དབང་བསྐུར་བ་དངོས་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པར་འཕྲོས་པས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་པ་ལ། གཽ་རཱི་མ་ལ་སོགས་པས་མཆོད། མགོན་པོ་དེ་བཞིན་གཤེགས་པ་ཀུན། ཁྱེད་ཀྱིས་བདག་ལ་དབང་སྐུར་ཅིག །ཅེས་གསོལ་བ་བཏབ་པས། སངས་རྒྱས་དེ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ནས་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར་བ་ན། མེ་ཏོག་གི་ཆར་འབབ་པ་དང་། རྔའི་སྒྲ་གྲགས་པ་དང་། གུར་གུམ་གྱི་ཆར་འབབ་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་པ་དང་། རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པས་ལེན་པ་དང་། རིག་པའི་རྒྱལ་པོ་ཁྲོ་བོ་རྣམས་ཀྱིས་


KMC010_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྐྲད་ཅིང་དབང་བསྐུར། ཆུའི་ལྷག་མ་ཅུང་ཟད་ཡར་འཁྱིལ་བ་ལས་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ནི། །གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། པུཀྐ་སཱི་དང་གཽ་རཱི་ལ་མི་བསྐྱོད་པ། ཤ་བ་རཱི་དང་ཙཽ་རཱི་ལ་རྣམ་པར་སྣང་མཛད། ཙཎྜ་ལཱི་དང་བཻ་ཏཱ་ལཱི་ལ་རིན་ཆེན་འབྱུང་ལྡན། ཌོམྦི་ནཱི་དང་གྷསྨ་རཱི་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསམ་ལ། གསུམ་པ་སྔགས་རྒྱས་གདབ་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཻ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡན་ལག་བཞི་པ་ལའང་གསུམ། བྱིན་གྱིས་བརླབ་པ། བདུད་རྩི་མྱང་བ། སྔགས་རྒྱས་གདབ་པའོ། །དང་པོ་ནི། བདུད་རྩི་བྱིན་རླབས་གོང་དུ་འབྱུང་བ་ལྟར་འདིར་ཡང་བྱ་སྟེ། བསྡུ་ན་གོང་དུ་སོང་བས་འཐུས་པར་མཛད། གཉིས་པ་ནི། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་རྡོ་རྗེར་གྱུར་པའི་འོད་ཀྱི་སྦུ་གུས་བདུད་རྩི་དྲངས་ཏེ་གསོལ་བར་དམིགས་ལ། གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ནས་འབུལ་ཞིང་། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་རྩ་


KMC010_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བླ་མ་དམ་པའི་ཞལ་དུ་ༀ་ཨཱཿཧཱུྃ། བཅོམ་ལྡན་འདས་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ཞལ་དུ་ༀ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་རྡོ་རྗེ་ཕག་མོའི༴ རྒྱལ་སྲས་རྡོ་རྗེ་སྙིང་པོའི༴ གྲུབ་ཆེན་ས་ར་ཧ་པའི༴ དཔལ་ལྡན་འཕགས་པ་ཀླུ་སྒྲུབ༴ རྒྱལ་སྲས་ཨཱཪྻ་དེ་བའི༴ པཎ་ཆེན་ཟླ་བ་གྲགས་པའི༴ རྣམ་འབྱོར་མཱ་ཏངྒི་པའི༴ ཏཻ་ལོ་ཤེས་རབ་བཟང་པོའི༴ ནཱ་རོ་ཛྙ་ན་སིདྡྷིའི༴ མངའ་བདག་རྒྱལ་བ་མཻ་ཏྲིའི༴ མར་པ་ཆོས་ཀྱི་བློ་གྲོས༴ རྔོག་སྟོན་ཆོས་སྐུ་རྡོ་རྗེའི༴ རྔོག་སྟོན་ཞེ་སྡང་རྡོ་རྗེའི༴ རྔོག་སྟོན་སེང་གེ་སྒྲ་ཡི༴ རྔོག་སྟོན་ཀུན་དགའ་རྡོ་རྗེའི༴ རྒྱ་སྒོམ་ཡེ་ཤེས་འོད་གྱི༴ གྲུབ་ཆེན་ཀརྨ་པཀྴིའི༴ གཉན་རས་དགེ་འདུན་འབུམ་གྱི༴ བཤེས་གཉེན་ཚུལ་ཁྲིམས་རིན་ཆེན༴ ཀུན་མཁྱེན་རང་བྱུང་རྡོ་རྗེའི༴ བླ་མ་ཆོས་ཀྱི་རྒྱལ་མཚན༴ ཡོར་པ་ཡེ་ཤེས་དཔལ་པའི༴ བཀའ་བཞིར་རཏྣ་བྷ་དྲའི༴ རྗེ་བཙུན་མཐོང་བ་དོན་ལྡན༴ བྱང་སེམས་དཔལ་འབྱོར་དོན་


KMC010_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ༴ སྤྱན་སྔ་ཆོས་ཀྱི་གྲགས་པའི༴ རྗེ་བཙུན་ཀརྨ་ཕྲིན་ལས༴ འཇིགས་བྲལ་མི་བསྐྱོད་རྡོ་རྗེའི༴ སྤྲུལ་སྐུ་དཀོན་མཆོག་ཡན་ལག༴ རྒྱལ་ཚབ་གྲགས་པ་དོན་གྲུབ༴ སྟག་ལུང་རྣམ་རྒྱལ་དཔལ་བཟང་༴ ཆོས་རྗེ་ངག་དབང་རྣམ་རྒྱལ༴ མཚུངས་མེད་བཀྲ་ཤིས་དཔལ་གྲུབ༴ མཁན་ཆེན་ཀརྨ་ཉི་མའི༴ མཁན་མཆོག་ཕྲིན་ལས་མཚན་ཅན༴ གོ་ཤྲཱི་དོན་ཡོད་སྙིང་པོའི༴ དཔལ་ཆེན་ཆོས་ཀྱི་དོན་གྲུབ༴ ཀུན་གཟིགས་ཆོས་ཀྱི་འབྱུང་གནས༴ ཀརྨ་ཚེ་དབང་ཀུན་ཁྱབ༴ མཆོག་སྤྲུལ་ཕྲིན་ལས་རབ་རྒྱས༴ རྒྱལ་སྲས་བློ་གྲོས་མཐའ་ཡས༴ པདྨ་དབང་མཆོག་རྒྱལ་པོའི་༴ རང་བྱུང་རིག་པའི་རྡོ་རྗེའི་༴ དྲིན་ཅན་རྩ་བརྒྱུད་བླ་མའི་ཞལ་དུ་ༀ་ཨཱཿཧཱུྃ། ཞེས་བརྒྱུད་པའི་བླ་མ་རྣམས་ལ་འབུལ། ༀ་དེ་བ་པི་ཙུ་བཛྲཱ་ཡ་ༀ་ཨཱཿཧཱུྃ། ༀ་ཨཾ་ནཻ་རཱཏྨ་ཡཻ་ༀ་ཨཱཿཧཱུྃ། ༀ་གཽ་རཱི་གཾ་སོགས་ཀྱིས་གཙོ་བོ་ཡབ་ཡུམ་འཁོར་བརྒྱད་བཅས་པ་དང་། ༀ་ཧཱུྃ་ཤྲི་ཡ་སོགས་ཀྱིས་དུད་སོལ་མ་དག ༀ་མ་ཧཱ་ཀཱ་ལཱ་ཱཡ། ༀ་མ་ཧཱ་ཀཱ་ལི་ཡི། ཞེས་པས་ཆོས་


KMC010_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་སྤྱི་སྟེ་ཐམས་ཅད་ལ་འབྲུ་གསུམ་སྦྱར་བས་ནང་མཆོད་འབུལ། གསུམ་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ད་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སྔགས་རྒྱས་གདབ་བོ། །ཡན་ལག་ལྔ་པ་ལ་དངོས་དང་། རྒྱས་གདབ་བོ། དང་པོ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འཇིག་རྟེན་ན་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ་ལ་སོགས་པ་འོད་ཟེར་གྱིས་བསྡུས། ལྷ་རྣམས་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་པ། དེ་རྣམས་ཀྱིས་བདག་ལྷ་དགུར་གསལ་བ་ལ་མཆོད་པར་བསམ་ཞིང་། སོཾ་སརྦ་སཾ་ཤོདྷ་ནི་སོགས། བསང་གཏོར་དང་མཆོད་ཡོན་ནས་ལྷ་མོ་བརྒྱད་ཡན་གྱིས་མཆོད། གཉིས་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་རྒྱས་གདབ་བོ། །ཡན་ལག་དྲུག་པ་ལ་གསུམ། དངོས་དང་། རྒྱས་གདབ། ཁྱད་པར་ལྷའི་རྣལ་འབྱོར་རོ། །དང་པོ་ནི། སྔགས་ཚན་གཉིས་བརྗོད་ཅིང་དོན་དྲན་བཞིན་པས་རྡོར་དྲིལ་བཟུང་ལ། ཁྱོད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་ཁྱོད་དགོངས་འགྲུབ། །ཁྱོད་ནི་རྒྱུ་དང་མི་རྒྱུ་


KMC010_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཀུན་སྒྲུབ་པ། སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མ་བྱང་ཆུབ་སྒྲུབ་པ་ཡི། །དགྱེས་པ་རྡོ་རྗེ་དཔལ་གྱི་ཧེ་རུ་ཀ་ལ་བསྟོད། །གཉིས་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གསུམ་པ་ནི། འོག་ཏུ་འབྱུང་བའི་སྙིང་པོ། ཉེ་སྙིང་། རྩ་སྔགས་ལན་རེ་བརྗོད་པས། གཙོ་བོ་ཡབ་ཡུམ་གྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཤིན་ཏུ་གསལ་བར་གྱུར། འཁོར་བརྒྱད་ཀྱི་སྔགས་བརྗོད། ལྷ་མོ་བརྒྱད་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཤིན་ཏུ་གསལ་བར་གྱུར། ༀ་ཨཱཿཧཱུྃ། གཞལ་ཡས་ཁང་དུ་དུར་ཁྲོད་ཆེན་པོ་བརྒྱད་རྡོ་ར་མེ་རི་དང་བཅས་པ་ཤིན་ཏུ་གསལ་བར་གྱུར། ཞེས་མོས་ལ་རིམ་གྱིས་གསལ་བཏབ་སྟེ་ཇི་སྲིད་མི་སྐྱོའི་བར་བསྒོམ་མོ། ༈ །གཉིས་པ་ངག་གི་མངོན་ཞེན་བཟློག་པའི་དོན་དུ་བཟླས་པ་བྱ་བ་ལ་གསུམ། །ཕྲེང་བ་བྱིན་བརླབ། ཏིང་ངེ་འཛིན། བཟླས་བ་དངོས་སོ། །དང་པོ་ནི། ལས་མཐུན་ནམ་བོདྷི་ཙིའི་ཕྲེང་བ་འདུ་བྱས། རང་གི་ལག་པ་གཡོན་པའི་སོར་མོ་རྣམས་པདྨ་འདབ་མ་ལྔ་པ། །མཐིལ་དུ་ཟླ་དཀྱིལ་ལ་ཨཱ་ལི་གཡོན་སྐོར་


KMC010_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པའི་ལྟེ་བར་ཨ། ལག་པ་གཡས་པའི་སོར་མོ་རྣམས་རྡོ་རྗེ་རྩེ་ལྔ་པ། མཐིལ་དུ་ཉི་དཀྱིལ་ལ་ཀཱ་ལི་གཡས་བསྐོར་དུ་གནས་པའི་ལྟེ་བར་ཧཱུྃ། པད་ཀོར་དང་བཅས་ཕྲེང་བ་བླང་སྟེ་ཐལ་མོ་སྦྱར་བའི་བར་དུ་བཟུང་ལ། བསངས་སྦྱང་། སྟོང་པའི་ངང་ལས་བདུད་རྩིའི་ཡི་གེ་སུཾ་དཀར་པོ་འོད་ཟེར་འཕྲོ་བར་གྱུར། ཐལ་མོ་བསྲུབ་པའི་ཚུལ་བྱ་ཞིང་། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས། བྱང་ཆུབ་ཀྱི་སེམས་སུཾ་ལ་ཁྱབ། དེས་ཨཱ་ལི་ཀཱ་ལི་ལ་ཁྱབ། དེ་ཕྲེང་བ་དང་གཉིས་སུ་མེད་པར་གྱུར། ཞེས་མོས་ལ། ༀ་པ་དེ་པ་དེ་མ་ཧཱ་ཛྙཱ་ན། སརྦ་བུདྡྷ་མ་ཡཾ་བྷ་བེ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱ། ཞེས་ཐོག་མར་བརྒྱ་རྩ་དཀྱུས་ལ་གསུམ་རེ་བཟླས་པས་མཐུ་དང་ལྡན་པར་འགྱུར་རོ། །གཉིས་པ་ནི། ཡུམ་གྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཨ་ཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་རང་མདོག་གཡས་བསྐོར་དུ་གནས་པ་ལས་འོད་ཟེར་དང་སྔགས་ཀྱི་ཕྲེང་བ་བྱུང་། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས། ཨ་བ་དྷཱུ་ཏི་ནས་མར་སོང་། རྡོ་རྗེ་


KMC010_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་ནས་ཡུམ་གྱི་པདྨར་བབ་སྟེ་ཐུགས་ཀར་ཞུགས། སླར་ཡང་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཏེ་ཐི་གུ་སྒྲོ་ཆུན་ལྕགས་སྒྲོག་མདའི་ཤུགས་ཀྱི་འགྲོས་ཀྱིས་འཁོར་བས་ཕྲིན་ལས་བཞི་བསྒྲུབ་པར་གྱུར། གསུམ་པ་ནི། ༀ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྙིང་པོའོ། །ༀ་བཛྲ་ཀརྟརི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཉེ་བའི་སྙིང་པོའོ། །ༀ་ཨཥྚཱ་ན་ནཱ་ཡ། པིཾ་གོདྷ་ཀེ་ཤ་བརྟྨནེ། ཙ་ཏུར་པིཾ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛི་མཱུ་ཏ་པ་པུ་ཥཻ། ཀ་པཱ་ལ་མཱ་ལ་ཨ་ནཻ་ཀཾ་དྷཱ་རི་ཎེ། ཨཱཏྨཏ་ཀྲུར་ཙིཏྟ་ལ། ཨཥྞིནྡུ་དཾཥྚི་ནེ། ༀ་མཱ་ཱར་ཡ་མཱ་ར་ཡ། ཀཱར་ཡ་ཀཱར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ཱན། བནྡྷ་བནྡྷ། ནཱ་གཱཨཱཥྚ་ཀཱན། གྲྀཧྞ་གྲྀཧྞ། ཤ་ཏྲཱུ་ནྲ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཾཿཕཊ་སྭཱ་ཧཱ། རྩ་བའི་སྔགས་སོ། །ༀ་གཽ་རི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ལ་སོགས་པ་ནི་ལྷ་མོ་བརྒྱད་སོ་སོའི་སྙིང་པོ་སྟེ། རྩ་རྒྱུད་ལས། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་གཙོ་འཁོར་


KMC010_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཟླས་པའི་གྲངས་སུ་གསུངས་པ་བཞིན་བཟླ་སྟེ། །འཁོར་ལོའི་བདག་པོ་ལ་ནི་རྩ་སྔགས་ཉིད་གཙོ་བོར་བཟླ་བར་བཞེད་དོ། །གསུམ་པ་སེམས་ཀྱི་མངོན་ཞེན་བཟློག་པའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པ་ལ། དངོས་པོའི་གནས་ཐབས། ལམ་གྱི་གནས་ཐབས། འབྲས་བུའི་གནས་ཐབས་སོ། །དང་པོ་ལ་གཉིས་ཏེ། སེམས་དངོས་པོའི་གནས་ཐབས་ཀྱིས་བསྒོམ་རྒྱུའི་དོན་གྱི་ངོ་བོ་ཤེས་པར་བྱ་བའི་ཕྱིར་ལྟ་བའི་དོན་གཏན་ལ་དབབ་པ་དང་། ལུས་དངོས་པོའི་གནས་ཐབས་ཀྱིས་བསྒོམ་པའི་གནད་ཤེས་པར་བྱ་བའི་ཕྱིར་ལུས་ཀྱི་གནས་ལུགས་གཏན་ལ་དབབ་པའོ། །ལམ་གྱི་གནས་ཐབས་ལ་གཞན་ལུས་ཤེས་རབ་དང་། རང་ལུས་ཐབས་ལྡན་ནོ། །འདི་ལ་གཏུམ་མོ་སྒྱུ་ལུས་འོད་གསལ་རྣམས་བསྒོམ་པ་སྟེ། །སྒོམ་པའི་ཐབས་བླ་མའི་ཞལ་ལས་ཤེས་པར་བྱའོ། །འབྲས་བུའི་གནས་ཐབས་ལ་མཉམ་བཞག་རྗེས་ཐོབ་གཉིས་ལས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གོང་ནས་གོང་དུ་སྐྱེ་བ་ལ་བྱའོ། །སྐབས་འདིར་དེ་དག་ཇི་བཞིན་མི་ནུས་པས་གཞུང་གི་དགོངས་པ་ཧོལ་ཁོང་དུ་མི་ལུས་པའི་ཕྱིར་རྫོགས་རིམ་གྱི་ས་བཅད་དུ་སྨོས་པ་ལ་གཉིས། རྣམ་དག་དྲན་པ་དང་། ཐུན་བསྡུ་བའོ། །དང་པོ། སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། །རྡོ་རྗེ་གསུམ་གྱིས་དག་པའི་སྤྱན། །བྱམས་པའི་ཐུགས་ལ་ཡན་ལག་


KMC010_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོར་བྱས། །གཟུགས་ལ་དཀར་མོ་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་གྲགས། །ཤ་ཡིས་པུཀྐ་སཱི་རུ་བྱས། །དེ་བཤིན་ཁྲག་གིས་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་དག །པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་པས་ཀུན་རྫོབ་སྒྲ་སོ་སོའི་རྣམ་དག་དང་། དེ་ཐམས་ཅད་ཀྱང་བདེ་སྟོང་དབྱེར་མེད་ཀྱི་རང་བཞིན་དུ་རྣམ་པར་དག་པའོ། །ཞེས་པས་དོན་དམ་དེ་བཞིན་ཉིད་ཀྱི་རྣམ་དག་བསྒོམ་པའོ། །གཉིས་པ་ནི། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་བརྟན་གཡོ་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་བསྡུ། དེ་ཡང་ལྷ་མོ་བརྒྱད་ལ་ཐིམ་དེ་རྣམས་


KMC010_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གཙོ་བོའི་ཞལ་བརྒྱད་ལ་ཐིམ་ཞིང་། ཡུམ་ཡབ་ལ། ཡབ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་ལ་རིམ་གྱིས་འདུས་པས། དེ་ཉིད་ཀྱང་ཞབས་ཀྱུ། ཁོག་པ་ཟླ་ཚེས་ཐིག་ལེ་ནཱ་དའི་རྣམ་པར་སྣང་བ་མི་དམིགས་པར་གྱུར་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་འོད་གསལ་བའི་དེ་ཁོ་ན་ཉིད་ལ་ཞུགས་པར་གྱུར། ཞེས་མཉམ་པར་བཞག །སླར་རང་ཉིད་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཞེས་མོས་ལ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །གཉིས་པ་ཐུན་མཚམས་ཀྱི་ཆོས་ལ་གསུམ། གཏོར་མ་བཏང་བ། རྡོ་རྗེའི་གླུ་བླང་བ། སྨོན་ལམ་གདབ་པའོ། །དང་པོ་ནི། འབྱུང་པོ་ཐམས་ཅད་པའི་གཏོར་མ་བཤམས་ལ། མདུན་གྱི་ནམ་མཁར་ཆོས་འབྱུང་གྲུ་གསུམ་པའི་ནང་དུ། པདྨ་འདབ་མ་བརྒྱད་པ། དཀར་སྔོ་དམར་བའི་མདོག་ཅན་གསུམ་བརྩེགས་མར་གནས་པ། རང་གི་གནས་གསུམ་གྱི་ༀ་ཨཱཿཧཱུྃ་ལས་འོད་ཟེར་


KMC010_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་མཐིང་ཁ་འཕྲོས་པས་ས་བླ་ས་འོག་ས་སྟེང་གི་འགྲོ་བ་ཐམས་ཅད་ལ་ཕོག །ཚུར་འདུས་པས། སྟེང་དུ་ༀ་དཀར་པོ། །བར་དུ་ཧཱུྃ་སྔོན་པོ། །འོག་ཏུ་ཨཱཿདམར་པོ། དགུ་དགུ་ཡོངས་སུ་གྱུར་པ་ལས་སྟེང་དུ་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་དཀར་པོ། །བར་མ་ལ་ཐུགས་རྡོ་རྗེ་ཕྱོགས་སྐྱོང་བརྒྱད་དང་བཅས་པ་མཐིང་ཁ། །འོག་མ་ལ་གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་དམར་པོའི་མདོག་ཅན། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་འོད་ཀྱི་ཡུམ་ལ་འཁྱུད་ཅིང་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཐམས་ཅད་ཀྱི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་བར་བསམ་ལ། གཽ་རཱི་ཨཱངྐུ་ཤ་ཛཿ ཙཽ་རཱི་པཱ་ཤ་ཧཱུྃ། བཻ་ཏཱ་ལཱི་བནྡྷ་བཾ། གྷསྨ་རཱི་གྷཎྚ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་བྱས་ལ། སླར་ཡང་སྙིང་ཁའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་རྒྱལ་བ་སྲས་དང་བཅས་པ་སྤྱན་


KMC010_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་མཆོད་པ་ལྔས་མཆོད། དེ་རྣམས་ཀྱིས་དབང་བསྐུར་བས་སྐུ་རྡོ་རྗེ་འཁོར་བཅས་ལ་རྣམ་པར་སྣང་མཛད། །ཐུགས་རྡོ་རྗེ་འཁོར་བཅས་ལ་མི་བསྐྱོད་པ། གསུང་རྡོ་རྗེ་འཁོར་བཅས་ལ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་བསྒོམས་ནས་གཏོར་མ་སྔར་ལྟར་བྱིན་གྱིས་བརླབས་ལ། གཏོར་མགྲོན་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་དགྱེས་པར་གྱུར་པར་བལྟས་ཏེ། རྡོར་དྲིལ་དང་བཅས་པའི་རྡོར་ཐལ་ཁ་ཕྱེ་བས། །ༀ་ཨིནྡྲ་སོགས་ཀྱི་མཐར། དྲིལ་བུ་བསིལ་ཞིང་། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་བསྔོ། ལྷ་ཆེན་བརྒྱད་པོ་སོགས་གོང་ལྟར་བརྗོད་ལ་ཕྲིན་ལས་བཅོལ། ཡིག་བརྒྱ་བརྗོད་ལ་བཟོད་པར་གསོལ། བཛྲ་མུཿཞེས་བརྗོད་ལ་སེ་གོལ་ལན་གསུམ་གཏོགས་ཤིང་། གཏོར་མའི་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར་ཞེས་མོས། ཆོས་སྐྱོང་གི་གཏོར་མ་བཏང་བར་འདོད་ནའང་སྐབས་འདི་ཉིད་དུ་བྱའོ། །གཉིས་པ་ནི་ཅང་ཏེའུ་བརྡུང་ལ། །ཀོལླ་ཨི་རི ཊྚ་སོགས་སམ། དག་པོ་བཀླག་མི་ཤེས་ན་མངའ་བདག་མར་པས་བོད་སྐད་དུ་བསྒྱུར་བ། པདྨ་ལ་ནི་རྡོ་རྗེ་གནས། །པདྨ་ཉིད་ནི་ཞིང་


KMC010_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རྒྱུན་ཏུ་ཅང་ཏེའུ་བརྡུང་བྱ་སྟེ། །སྙིང་རྗེས་ཀུ་ཅོ་བསྒྲག་མི་བྱ། །དེ་རུ་སྟོབས་ལྡན་འབད་པས་བཟའ། །ཆང་ཡང་མང་པོ་བཏུང་བར་བྱ། །གྲོགས་པོ་སྐལ་ལྡན་གཞུག་པར་བྱ། །སྐལ་བ་མེད་པ་རྣམ་པར་སྤང་། །བཞི་མཉམ་གླ་རྩི་སིཧླ་དང་། །ག་བུར་རྣམས་ཀྱིས་བྱུགས་པར་བྱ། །དེར་ནི་ཚོད་མ་ཤ་ཆེན་གྱིས། །བཀང་བ་དག་ཀྱང་བཟའ་བར་བྱ། །འགྲོ་དང་འོང་བ་འགོག་མི་བྱེད། །དག་དང་མ་དག་བསམ་མི་བྱ། །རུས་པའི་རྒྱན་གྱིས་ལུས་ལ་བརྒྱན། །དེ་རུ་རོ་ནི་གཞུག་པར་བྱ། །འདུས་ཕྱིར་གཉིས་ནི་སྦྱོར་བ་བྱ། །དེར་ནི་རེག་མིན་སྤང་མི་བྱ། །ཞེས་དབྱངས་དང་བཅས་ཏེ་བྱའོ། །གསུམ་པ་ནི། རྡོ་རྗེ་ཐལ་མོ་སྙིང་གར་བཞག་ལ། སྐྱེ་ཞིང་སྐྱེ་བར་རིགས་མཆོག་ཏུ། །སྐྱེ་ཞིང་ཁེངས་མེད་དམ་ཚིག་ལྡན། །དགྱེས་པ་རྡོ་རྗེ་སྟོན་པ་དང་། །བརྩེ་ལྡན་བླ་མར་གུས་གྱུར་ཅིག །སྐྱེ་ཞིང་སྐྱེ་བར་གྱུར་པ་ན། །ལག་པ་རྡོ་རྗེ་རིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་སྟོན་པ་དང་། །བཙུན་མོའི་ཤུ་


KMC010_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲ་ལེན་འགྱུར་ཤོག །ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །དགེ་བ་འདི་ཡིས་ཐོབ་འགྱུར་ཞིང་། །འགྲོ་བ་ལྔས་ཀྱང་ཐོབ་པར་ཤོག །བྱང་ཆུབ་རྡོ་རྗེས་བསྔགས་པ་ཡི། །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་གང་། །བདག་ཀྱང་དེ་ཉིད་སྤྱོད་པར་ཤོག །ཅེས་པ་ལ་སོགས་པ་བྱའོ། །དེ་དག་གིས་བསྐྱེད་རིམ་དངོས་གཞི་བཤད་ཟིན་ནས། གཉིས་པ་ཡན་ལག་ལ་གཉིས། དམ་ཚིག་དང་། སྤྱོད་པའོ། དང་པོ་ནི། རྩ་བའི་དམ་ཚིག་བཅུ་བཞི་དང་། །ཡན་ལག་གི་དམ་ཚིག་ལྔ་ལ་སོགས་པ་སྲོག་བཞིན་དུ་བསྲུང་ངོ་། །གཉིས་པ་ནི། གཏོར་མ་ཆུ་སྦྱིན་སྭཙྪ་ལ་སོགས་ལས་དང་པོ་པའི་བྱ་བ་བཅོ་ལྔར་གྲགས་པ་རྣམས་སྐབས་སུ་ཅི་ནུས་བྱའོ། །དེ་ལྟ་བུས་བསྐྱེད་པའི་རིམ་པ་མཐར་ཕྱིན་པ་ན། རང་བྱིན་རླབས་དང་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་རྫོགས་པའི་རིམ་པ་ལ་བསླབ་ཅིང་། བསྲུང་བ་དང་བཟའ་བའི་དམ་ཚིག་ལ་སོགས་པ་བསྟེན་པས་ཡེ་ཤེས་ལ་དབང་བར་གྱུར་བ་ན། སྤྲོས་བཅས། སྤྲོས་མེད། ཚོགས་སྤྱོད། ཕྱོགས་ལས་རྣམ་པར་རྒྱལ་བ་མཐར་ཕྱིན་པའི་བར་གྱི་སྤྱོད་པ་རྣམ་པ་བཞིས་མཚམས་སྦྱར་བས་འབྲས་བུ་སྐྱེ་བའི་


KMC010_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ལའང་གསུམ། བསྐྱེད་རིམ། རྫོགས་རིམ། གཉིས་ཀའི་མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། ལུས་ཐ་མལ་དུ་འཛིན་པའི་ཞེན་པ་སྤངས་ཤིང་ཕྲིན་ལས་ཆེན་པོ་བཞི་དང་ཕྲན་ཚེགས་རྣམས་འགྲུབ་པས་གཞན་གྱི་དོན་བྱེད་དོ། །གཉིས་པ་ལ་རྟགས་དང་ཡོན་ཏན་གཉིས་ལས། རྟག་ནི་དུབ་ལ་སོགས་པ་ངེས་པ་ཅན་ལྔ་དང་། ངེས་པ་མེད་པ་ལྔ་དང་། སྐུའི་སྒོ་དགུ་བཀག་པས་ཡན་ལག་གི་རླུང་ལ་དབང་ཐོབ་པ་དང་། གསུང་གི་སྒོ་བཀག་པས་འཁོར་ལོའི་རྩ་རླུང་ལས་སུ་རུང་བ་དང་། ཐུགས་ཀྱི་སྒོ་དབྱེ་བ་ལས་མངོན་ཤེས་ལྔ་འཆར་ཞིང་ཡེ་ཤེས་ཀྱི་རླུང་དབུ་མར་ཟིན་པའོ། །ཡོན་ཏན་ལ་གཉིས་ཏེ་ཐུན་མོང་གི་ཡོན་ཏན་ལྟ་སྟངས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། །ཐུན་མོང་མ་ཡིན་པ་གསང་གནས་ནས་གཙུག་ཏོར་གྱི་བར་དུ་རྩ་རླུང་བྱང་ཆུབ་ཀྱི་སེམས་བརྟན་པས་དག་པའི་ས་ཐོབ་པར་འགྱུར་ཏེ། །བརྒྱ་ཕྲག་བཅོ་བརྒྱད་ལས་རླུང་འགག་པ་ཡིས། །རིམ་པ་བཞིན་དུ་ས་རེ་འཐོབ་བར་འགྱུར། །ཞེས་པ་ལྟར་རོ། །གསུམ་པ་ནི། སྐུ་བཞི་ཡེ་ཤེས་ལྔ་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པ་སངས་རྒྱས་རྡོ་རྗེ་འཆང་གི་གོ་འཕང་སྟེ། དེ་ཉིད་ཚེ་འདི་ལ་མངོན་ཏུ་བྱེད་པར་འགྱུར་རོ། །དགྱེས་རྡོར་རྒྱུད་ཀྱི་རྒྱ་མཚོ་བསྲུབས་པ་ལས། །སྒྲུབ་ཐབས་སྙིང་པོ་དྲི་མེད་བཻཌཱུརྱ། །རང་བཟོས་མ་བསླད་བརྒྱུད་པའི་ཕྱག་བཞེས་ཅན། །


KMC010_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་གྲུ་ཆར་འཇོ་བའི་དཔྱིད་འདི་གྲུབ། །མར་རྔོག་རིང་ལུགས་བྱིན་རླབས་རྒྱུན་འབར་བ། །རང་བྱུང་ཡབ་སྲས་རྣམ་དཔྱོད་ཀྱིས་ཕྱེས་པའི། །རྒྱས་པ་གང་དེ་དེང་སང་སྐྱེ་བོ་ཡི། །སྤྱོད་ཡུལ་འཚམས་པར་ཉུང་ངུ་རྣམ་གསལ་བྱས། །ནོངས་པ་གང་མཆིས་བཅོམ་ལྡན་རྣལ་འབྱོར་མར། །བཤགས་ཤིང་དགེ་བས་དགྱེས་མཛད་སྤྲུལ་བའི་སྐུའི། །བསྟན་པ་ཉིན་མོའི་དཔལ་བཞིན་གསལ་བ་དང་། །འགྲོ་ཀུན་ཟུང་འཇུག་ཧེ་རུ་ཀ་འགྲུབ་ཤོག །ཅེས་པ་འདིའང་དཀྱིལ་འཁོར་གྱི་དབང་ཕྱུག་ཧེ་རུ་ཀའི་ངོ་བོར་བཞུགས་པའི་དཔལ་ལྡན་བླ་མ་དམ་པ་དག་གིས་གསེར་གྱི་མེ་ཏོག་དང་བཅས་ཏེ་རྗེས་སུ་གནང་བ་ཡང་ནས་ཡང་དུ་བསྩལ་བ་དང་། མཁྱེན་པའི་སྤྱན་རས་ཡངས་ཤིང་བསྟན་འགྲོ་ལ་ཐུགས་གཅིག་ཏུ་གཞོལ་བའི་སྐྱེས་ཆེན་ཁྱད་པར་ཅན་དག་གིས་ཀྱང་ཡང་ཡང་བཀས་བསྐུལ་ལྟར། མར་རྔོག་གི་གསུང་རྣམས་གཞིར་བཞག །རྗེ་རང་བྱུང་བ་དང་སྤྱན་སྔ་ཐམས་ཅད་མཁྱེན་པའི་དགོངས་དོན་སྲོག་ཏུ་བཟུང་སྟེ་རྒྱས་བསྡུས་ཀྱི་བསྣོན་འབྲིད་ཕྲན་བུ་ཙམ་ལས་རང་བཟོའི་ཚིག་གིས་མ་བསླད་བར། ཀུན་མཁྱེན་ཏཱའི་སི་ཏུའི་བཀའ་འབངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་དབེན་དུ་སྦྱར་བ་དགེ་ལེགས་འཕེལ། །བླ་མའི་བཀས་གནང་རང་བཟོ་མེད་པའི་གཞུང་། །བྱིན་རླབས་དད་ལྡན་བརྒྱུད་པའི་ཟམ་མ་ཆད། །


KMC010_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལུགས་དགྱེས་རྡོར་སྒྲུབ་པའི་ཐབས་འདི་ཡང་། །དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཆེན་པོ་ན། །ཡི་གེའི་སྤྲིན་ཆེན་འཕྲོ་བའི་ཕྱི་མོ་རུ། །དགོས་པ་ཆེན་པོས་བསྒྲུབས་པའི་དགེ་གང་དེས། །རྗེ་བཙུན་བླ་མའི་དགོངས་པ་ཡོངས་རྫོགས་ཤིང་། །ཀཾ་ཚང་བསྟན་པའི་རྫོགས་ལྡན་གསར་འཆར་ཤོག། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

དཔལ་དགྱེས་པ་རྡོར་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རྒྱ་མཚོ།


KMC010_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དགྱེས་པ་རྡོར་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །


KMC010_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཟུང་འཇུག་ཆེན་པོའི་རྒྱལ་སྲིད་སྐྱོང་ཞིང་བདེ་ཆེན་བདག་མེད་དགའ་མར་འཁྱུད། །སྲིད་པ་གསུམ་པོར་འཇིག་རྟེན་དང་ནི་འཇིག་རྟེན་འདས་པའི་དབང་བསྐུར་སྩལ། །མཆོག་བདེའི་གནས་ལས་རྟག་ཏུ་ཉམས་མེད་དགྱེས་པའི་རྡོ་རྗེའི་གར་མཛད་པ། འགྲོ་བ་མཐའ་དག་ཁྱོད་ཀྱི་གོ་འཕང་མི་འགྱུར་མཆོག་ཏུ་དབང་བསྐུར་སྩོལ། །གང་དེའི་ངོ་བོ་ཉིད་གྱུར་མར་རྔོག་གཞུང་གི་སྲོལ། །རང་བྱུང་ཡབ་སྲས་ཆོས་ཀྱི་སྤྱན་གྱིས་ལེགས་ཕྱེས་བ། །དུས་འདིའི་སྐལ་མཉམ་རྣམས་ཀྱི་ལག་ལེན་ཁྲིགས་བསྡེབ་སྟེ། །བསླད་མེད་བཀོད་ལ་དཔའ་བོ་མཁའ་


KMC010_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་བརྩེ་བར་མཛོད། །ཟབ་མོ་སྔགས་ཀྱི་ལམ་བཟང་ལས་འོངས་བ། །ཡེ་ཤེས་སྐུ་ཅན་རྣམས་ཀྱི་གཤེགས་པའི་ཤུལ། །དངོས་གྲུབ་ནོར་བུ་འབྱུང་པའི་རྒྱ་མཚོ་ནི། །སྐལ་བཟང་འདོ་པ་འཇོ་བའི་གཉེན་དུ་སྦྱིན། །དེའང་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་འདོད་པས་ཐོག་མར་ཤེས་པར་བྱ་བ་རྒྱུད་ཀྱི་རྒྱལ་པོ་འདིའི་བསྡུས་པའི་དོན་ནི། འགྲེལ་པ་ལུགས་དང་མན་ངག་ལུགས་གཉིས་སུ་གྲགས་པ་ལས། འདིར་དཔལ་ཛྙཱ་ན་སིདྡྷིས། །གཞི་དངོས་པོའི་གནས་ལུགས། ལམ་གྱི་རིམ་པ། འབྲས་བུ་སྐྱེ་བའི་རིམ་པ་གསུམ་དུ་གསུངས་པ་ལ་བོད་ཀྱི་མཁས་པ་སོ་སོས་འགྲེལ་ཚུལ་མང་ཡང་། དཔལ་རང་བྱུང་ཀུན་མཁྱེན་གྱི་བཞེད་པས། གཞི་ལ་གཉིས་ཏེ་དངོས་


KMC010_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལམ་གྱི་གཞི་དབང་ངོ་། །དངོས་ལ་གཉིས། ལུས་དངོས་པོའི་གནས་ལུགས་རྡོ་རྗེའི་ལུས་སྐུ་གསུམ་དང་ཐབས་ཤེས་ཀྱི་རང་བཞིན་རྩ་རླུང་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་དང་། སེམས་དངོས་པོའི་གནས་ལུགས་རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་གསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་སེམས་ཀྱི་ཆོས་ཉིད་སྤྲོས་པ་ཀུན་ཞི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་སྙིང་པོ་དང་། སེམས་ཕུང་ཁམས་སྐྱེ་མཆེད་བག་ཆགས་ཐམས་ཅད་ཀྱིས་བགོས་པ། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་གློ་བུར་གྱི་དྲི་མ་དང་ལྷན་ཅིག་པའོ། །དེ་ལ་ལུས་དང་སེམས་དངོས་པོའི་གནས་ལུགས་བདེ་གཤེགས་སྙིང་པོ་ནི་སྦྱང་གཞིའོ། །གློ་བུར་དྲི་མ་མ་རྟོགས་ལོག་རྟོག་སྦྱོར་བའི་ལམ་ལ་ཞུགས་པའི་འཁྲུལ་པ་གནས་སྐབས་བཞི་ལ་སོགས་པ་ནི་སྦྱང་བྱའོ། །ལམ་གྱི་རིམ་པ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ནི་སྦྱོང་བྱེད་དོ། །འབྲས་བུའི་རིམ་པ་གསུམ་ནི་སྦྱངས་འབྲས་སོ། །གཞི་གཉིས་པ་དབང་བསྐུར་བ་ལྔ་སྟེ། ངོ་བོ་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ། ངེས་ཚིག་སྒོ་གསུམ་གྱི་དྲི་མ་འཁྲུད་པ་དང་སྐལ་བ་འཇོག་པ། དབྱེ་བ་བུམ་གསང་ཤེར་ཡེ་ཚིག་དབང་བཞི། ཆོ་གའི་རིམ་པ་འོག་ཏུ་འབྱུང་ཞིང་། དགོས་པ་ནི་དབང་གིས་མ་སྨིན་པར་ལམ་


KMC010_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་དུ་མི་རུང་བས་ལམ་སྒོམ་པ་ལ་དབང་བ་དང་། །གསང་བ་མཛོད་ཀྱི་རྒྱུད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒོམས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་སོ། །དེ་ལྟར་ན་དབང་བསྐུར་བ་ནི། རང་གི་ལུས་སེམས་ཀྱི་དངོས་པོའི་གནས་ལུགས་རྟོགས་པར་བྱེད་པའི་ཆ་ནས་ལམ་དང་། ལམ་རིམ་པ་གཉིས་ཀྱི་གཞིའམ་བྱ་བ་ཡིན་པས་ལམ་གྱི་གཞི་སྟེ་ལོ་ཏོག་འདོད་པ་ལ་ས་བོན་ལྟར་རིམ་གཉིས་ལ་འཇུག་པའི་ཐོག་མར་མེད་ཀ་མེད་དུ་སོང་བས་དེ་འཆད་པ་ལ་གསུམ། གང་གིས་དབང་བསྐུར་བ་པོ་སློབ་དཔོན་གྱི་མཚན་ཉིད། གང་ལ་བསྐུར་བ་སློབ་མའི་མཚན་ཉིད། ཚུལ་ཇི་ལྟར་དབང་བསྐུར་བའོ། །དང་པོ་ནི། རྒྱུད་ལས། རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་དང་། རིན་ཆེན་འབར་བར། རྡོ་རྗེ་དྲིལ་བུ་ཡེ་ཤེས་དང་། ལྷ་དང་དཀྱིལ་འཁོར་སྦྱིན་སྲེག་དང་། །སྔགས་དང་རྡུལ་ཚོན་གཏོར་མ་དང་། །དབང་བསྐུར་དེ་ཉིད་བཅུ་རིག་པ། །ཞེས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །གཉིས་པ་ནི། །དེས་ཤིང་འཇམ་ལ་སྙན་པར་སྨྲ་བ། བྱམས་པ་དང་སྙིང་རྗེའི་སེམས་དང་ལྡན་པ། ཐོས་བསམ་སོགས་དགེ་ལ་བརྩོན་པ། བླ་མ་ལ་གུས་ཤིང་གསང་བ་ཟབ་མོར་མི་སྐྲག་ཅིང་དད་པ། གཏོང་སེམས་ཆེ་ཞིང་བསྟན་བཅོས་མཁས་


KMC010_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སློབ་མ་ནི་སྐལ་པ་དང་ལྡན་པའོ། །གསུམ་པ་ལ་བཞི། སྔོན་ཏུ་བྱ་བ་བསྙེན་པའི་རིམ་པ། །སའི་ཆོ་ག །སྟ་གོན་ཏུ་གནས་པ། དངོས་གཞིའོ། །དང་པོ་ནི་སྒྲུབ་ཐབས་སུ་བཤད་པའི་གྲངས་བསྙེན་ལ་སོགས་པ་སྦྱིན་སྲེག་གིས་ཁ་བསྐངས་བ་སྔོན་ནས་ལེགས་པར་གྲུབ་པའི་སློབ་དཔོན་ལ། སློབ་མས་ལན་གསུམ་དུ་གསོལ་བ་བཏབ་པར་གྱུར་པ་ན། བསྙེན་པ་ཁ་གསོར་གྲགས་པ་ལྷ་ལ་གནང་བ་ཞུ་བའི་དོན་ཏུ་མཚན་མ་མཐོང་གི་བར་རམ་ཞག་བདུན་ལ་སོགས་པར་བསྙེན་པ་ལ་འཇུག་པར་བྱ་སྟེ། མདོ་སྦྱར་ལས། ཡང་ན་དེ་ལྟར་བཟླས་པ་ལས། ལྷ་ཡི་སྣང་བ་གསལ་བའམ། །མཚན་མ་བཟང་དང་ལྡན་གྱུར་ན། །དེས་ཀྱང་དཀྱིལ་འཁོར་བྲི་བ་ཡིན། །ཞེས་སོ། །གཉིས་པ་ལ་ལྔ། །ས་བརྟག་པ། སློང་བ། སྦྱོང་བ། སྲུང་ཞིང་བཟུང་བ། །བགེགས་བསལ་བའོ། །དང་པོ་ནི། །ཇི་སྐད་དུ། ཚལ་དང་སྐྱེ་བོ་མེད་གནས་དང་། །བྱང་ཆུབ་སེམས་དཔའི་ཁྱིམ་དང་ནི། །དཀྱིལ་འཁོར་ཁང་པའི་ནང་དུ་ཡང་། །དཀྱིལ་འཁོར་དམ་པ་རབ་ཏུ་བཞེངས། །ཞེས་གསུངས་པ་ལྟ་བུའི་གནས་སུ་དཀྱིལ་འཁོར་བྲི་སྟེ། གནས་རྙིང་པར་ནི་ས་བརྟག་ཏུ་མེད་པས་དེའི་ཚུལ་འདིར་མི་འབྲི་ཡི། དགོས་པ་བྱུང་ན་གཞུང་གཞན་ཏུ་ཤེས་པར་བྱའོ། །གཉིས་པ་ནི། སྒྲུབ་ཐབས་ལྟར། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཟླ་བའི་འོད་ལྟར་


KMC010_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བའི་ཧཱུྃ་ལས་འོད་ཟེར་དཀར་པོ་འཕྲོས། ལུས་ཐམས་ཅད་གང་། སྡིག་པ་དང་སྒྲིབ་པ་མ་ལུས་པ་སྦྱངས་ནས་སྟོང་པར་གྱུར། ངག་ཏུ་ཧཱུྃ་ཞེས་བརྗོད་པས། བདག་ཉིད་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། །ལྐོག་མར་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཨཱཿདམར་པོ། །སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོས་མཚན་པར་གྱུར། །ནང་མཆོད་བྱིན་གྱིས་བརླབས་ནས་མྱང་ཞིང་རྡོ་དྲིལ་བཟུང་། གཏོར་མ་ཅིག་བཤམས་ལ་སྔོན་འགྲོ་ལྟར་བྱིན་གྱིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་གྱིས་འབུལ། རྡོར་དྲིལ་བཅས། གང་ཡང་འདི་ན་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་ཡང་རུང་། །ས་འདི་བདག་གིས་སློང་བགྱིད་ན། །དཀྱིལ་འཁོར་ཆེད་དུ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས་གང་བ་བྱིན་པར་མོས་ལ་གཏོར་མ་གཙང་སར་བསྐྱལ། དཀྱིལ་འཁོར་གྱི་ས་གཞིར་པ་བྱུང་ལྔས་ཟླུམ་པོར་བྱུག་པའི་དབུས་སུ་དྲི་བཟང་གི་ཆུས་ཐིག་ལེ་བྱ། མེ་ཏོག་སེར་པོའི་ཚོམ་བུ་བཀོད་པའི་མདུན་དུ་མཆོད་


KMC010_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར། ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཤམ། །ལག་གཡས་ས་གནོན་གྱི་ཕྱག་རྒྱ་ས་ལ་ལན་གསུམ་བསྣུན་ཚུལ་བྱས་ལ། པཾ་ལས་བྱུང་བའི་སའི་ལྷ་མོ་ལྟེ་བ་ཡན་ཆད་ས་གསེབ་ནས་འཐོན་པ། སྐུ་མདོག་གསེར་བཙོ་མ་ལྟ་བུ། གཡས་པ་ཁས་ལེན་གྱི་ཕྱག་རྒྱ་དང་། གཡོན་རིན་པོ་ཆེའི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བདག་གིས་ལས་ཅི་བགྱི་ཞེས་བཀའ་ནོད་པར་གྱུར། དྲིལ་སྟབས་བཅས། ༀ་ཚུར་སྤྱོན་ཚུར་སྤྱོོན་ལྷ་མོ་ཆེ། །ས་ཡི་ལྷ་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་བའི། །མཆོག་གི་རྒྱན་གྱིས་རབ་ཏུ་བརྒྱན། །མགུལ་དོ་ཞབས་གདུབ་སིལ་སིལ་ཅན། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་མཛོད་ལ། །དཀྱིལ་འཁོར་ལས་རྣམས་རབ་ཏུ་སྒྲུབས། །ཧྲཱིཿཧཱི་ཧཱི་ཧཱི་པཾ་སྭཱ་ཧཱ། ཞེས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་མེད་དུ་གྱུར། ཆུ་གཉིས་དང་། ༀ་པྲྀ་ཐི་བཱི་དེ་བཱི་ས་པ་རི་ཝཱ་ར་པུཥྤེ་


KMC010_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། གཏོར་མ་བསངས་སྦྱང་། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། ༀ་པྲྀ་ཐི་བཱི་དེ་བཱི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་འབུལ། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཆེ་གེ་བདག་ནི་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས། སའི་ཕྱོགས་འདིར་ཁྱོད་ཀྱིས་དཀྱིལ་འཁོར་བྲིས་ཤིག་ཅེས་གནང་བ་བྱིན་ནས་ཡེ་ཤེས་པ་གཤེགས། དམ་ཚིག་སེམས་དཔའ་གནས་དེ་ཉིད་དུ་ཐིམ་པར་གྱུར། ཞེས་མོས་ལ་མཆོད་གཏོར་བསྡུའོ། །གསུམ་པ་ནི། རྡོ་རྗེ་སློབ་དཔོན་ལྷའི་ང་རྒྱལ་གྱིས་སྟེགས་བུའི་དབུས་སུ་སེམས་སྐྱིལ་གྱིས་འདུག་ལ། ༀ་བྷཱུ་ཁཾ་ཧཱུྃ། ས་གཞི་སྟོང་པ་ཉིད་དུ་གྱུར། ཧཱུྃ་ལཾ་ཧཱུྃ། གསེར་གྱི་ས་གཞིར་གྱུར། ༀ་མེ་དི་ནཱི་བཛྲཱི་བྷ་བཛྲ་བནྡྷ་ཧཱུྃ། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། །རྡོ་རྗེ་དང་བཅས་པའི་ལག་པ་ས་ལ་བཞག་ནས། ཨཱཥྚ་ལན་


KMC010_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བརྗོད། ས་གཞིའི་ཉེས་སྐྱོན་ཐམས་ཅད་དག་པར་གྱུར། བཞི་པ་ས་སྲུང་བ་ནི། སྟེགས་བུའི་དབུས་སུ་བདུད་རྩི་ལྔའི་ཆུས་བྱུགས་ལ། ར་ལས་ཉི་མའི་དཀྱིལ་འཁོར་ནས། བཛྲ་རཀྵའི་སྔགས་ལན་གསུམ་བརྗོད་པའི་བར་གྱིས་སྲུང་འཁོར་བསྒོམ་མོ། །བཟུངས་ནི། མཆོད་གཏོར་འདུ་བྱས་ལ། སྔོན་འགྲོ་གཏོར་མ་བཏོང་བ་ནས། བཟླས་པ་དང་རྣམ་དག་དྲན་པ་ཡན་སྒྲུབ་ཐབས་ལས་འབྱུང་བ་ལྟར་རྫོགས་པར་བྱའོ། །ལྔ་པ་ནི། སློབ་དཔོན་གྱི་ཕྱོགས་བཞིའམ་མདུན་དུ་ཆུ་གསུམ་ཉེར་སྤྱོད་བཅས་བཤམ། །ཕྱོགས་བཞིའི་སློབ་མ་རྣམས་ཀྱིས་ཐུན་མོང་དུ་བྱིན་རླབས་བྱ་ཞིང་ཆུ་གསུམ་ཉེར་སྤྱོད་རོལ་མོ་བཅས་དང་། དཀར་མོ་རི་དྭགས་སོགས་ཀྱིས་མཆོད། ཁྱོད་ནི་རྣལ་འབྱོར་མ་ཡི་སོགས་ཀྱིས་བསྟོད་ལ། །ཤར་ཕྱོགས་པས། རང་ཉིད་སྐད་ཅིག་གིས་གཽ་རཱི་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་བསྣམས་པ། ཞབས་གཡོན་བརྐྱང་བ་སྐྱིལ་ཀྲུང་


KMC010_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་པའི་གར་གྱིས་པདྨ་དང་ཚངས་པའི་གདན་ལ་བཞུགས་པར་གྱུར། མཎྜལ་ཚོམ་བུ་བདུན་མའི་མཐར། མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་ཡོན་ཏུ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་འབུལ་ལ་དྲིལ་སྟབས་བཅས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ཞེས་བསྐུལ། དེས་འགྲེས་ཏེ་ལྷོ་ཕྱོགས་པས། རང་ཉིད་སྐད་ཅིག་གིས་ཙཽ་རཱི་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་ཅང་ཏེའུ། གཡོན་ཕག་པ་


KMC010_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ། ཞབས་གཡོན་བརྐྱང་བ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་དབང་པོའི་གདན་ལ་བཞུགས་པར་གྱུར། མཎྜལ། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ནུབ་ཕྱོགས་པས། རང་ཉིད་སྐད་ཅིག་གིས་བཻ་ཏཱ་ལི་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་རུས་སྦལ། གཡོན་ཐོད་པ་བསྣམས་པ། ཞབས་གཡོན་བརྐྱང་བ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་ཉེ་དབང་གི་གདན་ལ་བཞུགས་པར་གྱུར། མཎྜལ། ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱངས་པ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་


KMC010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བྱང་ཕྱོགས་པས། རང་ཉིད་སྐད་ཅིག་གིས་གྷསྨ་རཱི་ལྗང་གུ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་སྦྲུལ། གཡོན་ཐོད་པ་བསྣམས་པ། ཞབས་གཡོན་བརྐྱང་བ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་དྲག་པོའི་གདན་ལ་བཞུགས་པར་གྱུར། མཎྜལ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་གོས་པ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ཞེས་བསྐུལ། སློབ་དཔོན་སྟེགས་བུའི་དབུས་སུ་འགྲེང་སྟེ། རྟེན་གཞལ་ཡས་ཁང་འཁོར་གྱི་ལྷ་མོ་བརྒྱད་ལ་བསྡུ། དེ་རྣམས་ཀྱང་གཙོ་བོའི་ཞལ་བརྒྱད་ལ་ཐིམ་ཞིང་། རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གསལ་བའི་རྐང་པ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་


KMC010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རེ་རེ། མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་། ཟླ་བའི་དཀྱིལ་འཁོར། མིག་གཉིས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་རབ་ཏུ་འབར་བ་རེ་རེས་མཚན་པར་གྱུར། བཛྲ་ཊིཥྚ་ཧཱུྃ། ཞེས་བརྗོད་ལ་མྱུར་ཞིང་གཡོ་བའི་མིག་གིས་བལྟ། རྡོར་དྲིལ་དང་བཅས་པའི་ལག་གཉིས་སྙིང་གར་འཁྱུད་པའི་ཚུལ་གྱིས་ཧེ་རུ་ཀའི་ང་རྒྱལ་བསྐྱེད་པ་ནི། ཁ་ཡི་པདྨ་འཛུམ་དང་བཅས། །ཅུང་ཟད་དམར་བའི་མཆེ་བ་འཆང་། །ཀུནྡ་དཀར་གསལ་སོ་ཡི་ཕྲེང་། དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །སེམས་ཅན་སྒྲོལ་བ་རྨད་དུ་བྱུང་། །དེ་ལ་སོགས་པའི་གར་གྱིས་ནི། །བགེགས་ལ་སོགས་པ་བསྐྲད་པར་བྱའོ། །ཞེས་བརྗོད་ལ། བྱང་ཤར་མཚམས་སུ་སོང་ནས། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་རྩེ་མོ་འབར་བ་ཡིས། །ལུས་གསུམ་ལས་སྐྱེས་དགས་བྱ་སྟེ། །རྨོངས་པའི་བདག་ཉིད་གང་མགོ་བོ། །ཚལ་པར་དགས་ཀྱིས་གཞན་དུ་མིན། །བདེ་ཆེན་ཡེ་ཤེས་རྫོགས་སངས་རྒྱས། །རྡོ་རྗེ་སེམས་དཔའ་


KMC010_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ལས་སྐྱེས། །ལུས་སྲུལ་པོ་ནི་གང་སུ་དག །བགེས་ཆེན་པོ་རྣམས་སོ་སོར་སོང་། །ཞེས་ལན་གསུམ་མཐར། ས་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་འདི་ཞེས་བྱ་བས་སློབ་མ་ཆེ་གེ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་རྟོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་འབྲི་ཡིས། །གང་སུ་ཡང་རུང་བ་ས་ཕྱོགས་འདིར་གནས་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། རྗེད་བྱེད་དང་། འབྱུང་པོ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་འཛིན་ལ་སོགས་པ་རྒན་པོ་དང་། རྒན་མོ་དང་། གཡོག་དང་འཁོར་དང་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །དེ་ལྟར་རྡོ་རྗེ་འཛིན་གྱི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག །གང་དག་


KMC010_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲོ་བ་དེ་དག་ནི་ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ། །ཧཱུྃ་ཀ་ར་ཤིན་ཏུ་ཁྲོས་པ། ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ནས་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་། ན་མཿས་མནྟ་བུདྡྷེ་བྷྱཿ ༀ་ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚཊྐ་ཊ་བྷཻ་ར་ཝཱ་ཡ། བཛྲ་སནྟོ་ཧ་དཪྤཱ་ཡ། ༀ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ཅེས་པའི་སྔགས་བཟླ་བ་དང་། བཀའ་བསྒོའི་ཚིགས་བཅད་ལན་གསུམ་དུ་བརྗོད་དེ། རྡོ་རྗེ་གསོར། དྲིལ་བུ་དཀྲོལ། ཧཱུྃ་ལན་མང་དུ་བརྗོད་ཅིང་དེ་ཉིད་ནས་གཡས་སུ་བསྐོར་བ་གསུམ་གྱི་རྗེས་སུ། ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བགེགས་ཐམས་ཅད་ཤིན་ཏུ་བསྐྲད་པར་གྱུར། ཞེས་པ་ནི་ཧེ་རུ་ཀ་འཇིགས་པའི་གར་རོ། །སླར་ཡང་བདག་མེད་མའི་ང་རྒྱལ་གྱིས། ཧཱི་མང་དུ་བརྗོད་ཅིང་དེ་ཉིད་ནས་གཡོན་དུ་བསྐོར་བ་གསུམ་གྱི་རྗེས་སུ། སྙིང་གའི་ཨ་ལས་བདེ་བའི་འོད་ཟེར་འཕྲོས་པས་བགེགས་རྣམས་མྱོས་པར་གྱུར། ཞེས་པ་ནི་བདག་མེད་མ་བདེ་བའི་གར་རོ། །སླར་དཀྱིལ་འཁོར་གྱི་དབུས་སུ་གཡས་བརྐྱང་གིས་འདུག་སྟེ། རང་ཉིད་ཧེ་རུ་ཀར་གསལ་བར་གྱུར། ཧཱུྃ་ཞེས་བརྗོད་པ་


KMC010_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཡོན་སྔོན་འགྲོའི་གཞི་བཅའ་པད་དཀོར་དང་སྦྲགས་པའི་མཐར་གཡས་བརྐྱང་། ལག་གཉིས་གར་གཡས་སུ་ཕྱིར་བསྒྱུར་དང་སྡིགས་མཛུབ་གཉིས་སྟེང་དུ་ཕྱར་ལ་འོག་ཏུ་སྤྲུགས་པ་གསུམ་གསུམ་སྤེལ། གཡོན་བརྐྱང་གིས་འདུག་སྟེ། རང་ཉིད་བདག་མེད་མར་གསལ་བར་གྱུར། །ཧཱི་ཞེས་གཡས་སྔོན་འགྲོའི་བཞི་བཅའ་པད་དཀོར་དང་སྤྲགས་པའི་མཐར་གཡོན་བརྐྱང་། ལག་གཉིས་གར་གཡོན་ཏུ་ཕྱིར་བསྒྱུར། སྡིགས་མཛུབ་གཉིས་སྟེང་དུ་ཕྱར་ལ་འོག་ཏུ་སྤྲུགས་པ་གསུམ་གསུམ་སྤེལ། སླར་ཡང་རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་གསལ་བར་གྱུར། ར་ལས་ཉི་མ་ནས་བཛྲ་རཀྵའི་སྔགས་ཀྱི་བར་སྲུང་འཁོར་བསྒོམ། །སྤྲོ་ན་འདིར་རྡོ་རྗེ་གུར་ལས་འབྱུང་བའི་གར་རྣམས་རྒྱས་པར་བྱའོ། །གསུམ་པ་སྟ་གོན་ལ་བཞི། །ལྷ་སྟ་གོན། །བུམ་པ་སྟ་གོན། །སྦྱིན་སྲེག་སྟ་གོན། སློབ་མ་སྟ་གོན་ནོ། །དང་པོ་ནི། བའི་རྣམ་ལྔ་དང་བདུད་རྩི་ལྔ་སྦྱར་བས་ཕོ་བྲང་གི་ཚད་ཙམ་དུ་ཟླུམ་པོར་བྱུགས། ཐིག་ཚོན་གྱི་བྱ་བ་འོག་ཏུ་འབྱུང་ཡང་སྐབས་འདིར་ཚོམ་བུའི་གནས་མི་འཁྲུལ་པའི་ཕྱིར་ཐིག་ཆེན་བརྒྱད་འདེབས་པ་ཕྱག་ལེན་ཏུ་འབྱུང་། སློབ་དཔོན་གྱིས་གཙོ་འཁོར་སོ་སོའི་སྔགས་བརྗོད་བཞིན་དུ་དབུས་སུ་དྲིའི་ཐིག་ལེ་གྲུ་བཞི་དང་། །ཕྱོགས་མཚམས་བརྒྱད་ལ་ཟླུམ་པོ་རེ་བྱ། དེ་སྟེང་


KMC010_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་གི་ཚོམ་བུ་གཙོ་བོ་ལ་ཆེ་ཞིང་འཁོར་རྣམས་ལ་དེའི་སུམ་འགྱུར་གྱི་ཆུང་བ་བཀོད་པའི་མཐར། མདུན་དུ་ཆུ་གསུམ་གཙོ་འཁོར་སྤྱི་ཁྱབ་དང་། མེ་ཏོག་ལ་སོགས་པ་ཆ་དགུ་དགུ་གཡས་བསྐོར་དུ་བཤམ། བསངས་སྦྱང་། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོའོ་དབུས་སུ་ནས། །ཕྱོགས་ཀྱི་མདོག་ཅན་གྱི་ལྟེ་བར་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་པ་བརྩེགས་པ་ནས། ཉི་མའི་གདན་དང་བཅས་པའོ། །ཨ་ནཱི་ལའི་སྔགས་ཀྱིས་རྒྱས་གདབ། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་དང་ཨཾ་སྔོན་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ནས། གཡས་བསྐུམ་པས་ཡབ་ལ་འཁྱུད་པ། འདབ་མ་བརྒྱད་ལ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ཙཾ་ཌཾ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་བསྣམས་པ། ལྷོར་ཙཽ་རཱི་སོགས་ནས། ནུབ་བྱང་དུ་ཌོཾམྦི་ནཱི་སྣ་ཚོགས་པའི་མདོག་ཅན་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། ལྷ་མོ་ཐམས་ཅད་ནས་གར་གྱིས་གནས་


KMC010_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་ནམ་མཁར་བཞུགས་པར་གྱུར། ཧཱུྃ་དང་བསངས་གཏོར་གྱིས་ཕྱི་འབྲང་གི་བགེགས་བསྐྲད། འབྲུ་གསུམ་གྱིས་བྱིན་བརླབས་ནས། ཆུ་གཉིས་ཉེར་སྤྱོད་ལྷ་མོ་བརྒྱད་ཀྱིས་མཆོད། ཞེ་སྡང་རྡོ་རྗེ་སོགས་ཀྱིས་བསྟོད། གཽ་རཱི་ཛཿ ནས་ ཧོཿ སླར་ཡང་ཐུགས་ཀའི་ཧཱུྃ་ནས། དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས། འོག་ནས་འབྱུང་བ་ལྟར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད། སྔགས་ཀྱིས་རྒྱས་གདབ། རྡོར་དྲིལ་སྔགས་ཀྱིས་བསྲུང་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །དམ་པའི་སྲིད་པ་བྱེད་པར་ཤོག །ཅེས་དང་། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ནས། དེས་ནི་འཇིག་རྟེན་དེ་མཚུངས་ཤོག །བར་དང་། སྒྲུབ་ཐབས་སུ་བཤད་པ་ལྟར་བདུད་རྩི་འབུལ་ཞིང་མྱང་། སྔགས་རྒྱས་གདབ། སློབ་དཔོན་གྱིས་སྤོས་དང་རྡོར་དྲིལ་འཛིན་པས། གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན། །


KMC010_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །བདག་མེད་མ་དང་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ལྡན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་བས། །ནང་པར་དཀྱིལ་འཁོར་འདྲི་བར་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ་ལ། སྟ་གོན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རྣམས་ནམ་མཁར་བཞུགས་པར་གྱུར། ཞེས་བྱའོ། །གཉིས་པ་ནི། རིན་པོ་ཆེའི་བུམ་པ་དགུ་ལས་བུམ་དང་བཅས་པའམ། མ་འབྱོར་ན་བུམ་པ་གཉིས་གུ་གུལ་གྱིས་འདུག །ཡུངས་ཀར་གྱིས་བྲབས་ཤིང་། བདུད་རྩི་འཁྱིལ་བའི་སྔགས་རིང་ཐུང་གང་མོས་བཟླས་པས་བགེགས་བསལ། ཧཱུྃ་ལན་བདུན་བཟླས་ལ་རས་ཁ་ཚར་མ་ཉམས་པ་སྣ་ལྔས་མགུལ་ཆིངས་ཕྲོག་ལྔ་པ་བྱ་ཞིང་སྲད་བུས་བཅིང་། ༀ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་


KMC010_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་ཞིང་ཆུ་གཙང་མས་དགང་ལ་བུམ་རྫས་སོ་ལྔ་གཞུག །འབྲས་བུ་ཅན་གྱི་ཤིང་གིས་ཁ་རྒྱན། བུམ་མཚན་གཟུགས་དངོས་བཏགས་པའམ་དྲི་ངར་བདུད་རྩི་ལྔའི་ཆུས་པདྨ་ལ་གནས་པའི་སོ་སོའི་ཕྱག་མཚན་དང་། ལས་བུམ་ལ་སྣ་ཚོགས་རྡོ་རྗེ་བྲི་བའམ་ཕྱག་བཞེས་སླ་ཐབས་སུ་དེ་ལྟར་བྲིས་པས་གདན་བྱ། རས་དཀར་པོ་དྲི་མ་མེད་པའི་སྟེང་དུ་མེ་ཏོག་དཀར་པོ་གཅལ་དུ་བཀྲམ་པར་ལྷ་གྲངས་དང་མཉམ་པ་ཡོད་ན། རྣམ་རྒྱལ་དབུས་དང་། གཞན་རྣམས་ཕྱོགས་མཚམས་དང་། ལས་བུམ་བྱང་ཤར་དུ་དགོད། རྣམ་རྒྱལ་གྱི་སྟེང་དུ་བདུད་རྩི་ལྔ་དང་སྦྱར་བའི་ཆང་གིས་གང་བའི་ཐོད་པའི་སྟེང་དུ་རྡོ་རྗེའི་ལྟེ་བར་མེ་ཏོག་གི་ཕྲེང་བ་བརྒྱུས་པའི་གཟུངས་ཐག་བཏགས་པ་བཞག །ལྷ་གྲངས་དང་མཉམ་པའི་མཆོད་པ་བཤམས་ལ། སོ་སོར་བསྐྱེད་པ་ནི། རྣམ་རྒྱལ་དུ་གཙོ་བོ་ཡབ་ཡུམ་དང་། བུམ་པ་གཞན་རྣམས་སུ་རིམ་པ་བཞིན་ཏུ་གཽ་རཱི་ནག་མོ་ཞེས་སོགས་ཀྱིས་བསྐྱེད་ཅིང་ཡེ་ཤེས་པ་རྣམས་གཞུག །ཉེར་སྤྱོད་ལྔས་མཆོད་ལ། །གཾ་ལས་སྐྱེས་པའི་གཽ་རཱི་ཤར། ཞེས་སོགས་ཀྱིས་བསྟོད། བདུད་རྩི་མྱང་ནས། གཙོ་བོ་ཡམ་ཡུམ་ལ་འོག་ཏུ་འབྱུང་བ་ལྟར་དང་། གཟུངས་ཐག་རྡོ་རྗེ་དེ་གཽ་རཱིའི་བྷ་གར་ཆུད་པར་བལྟས་ཏེ་བཟླས་པ་བྱས་ལ། རྡོ་རྗེ་བཏོན་པས་ལྷ་མོ་དེ་ཉིད་བདུད་རྩིའི་རང་བཞིན་དུ་ཞུ་བར་བསྒོམ། །བུམ་པ་གཞན་འདུན་ལ་ཡང་ལྷ་བསྐྱེད་པ་


KMC010_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རིམ་པ་དེ་ལྟར་ཤེས་པར་བྱའོ། །བུམ་པ་གཉིས་ལ་ནི་རྣམ་རྒྱལ་སྟེང་ཐོད་པའི་བདུད་རྩི་སོགས་བཅའ་གཞི་དེ་དང་འདྲ་བ་ལས། བསངས་སྦྱངས། སྟོང་པའི་ངང་ལས། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་གྱི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཚངས་པ་ལ་སོགས་པའི་གདན་གྱི་སྟེང་དང་། བུམ་མཚན་པད་ཉི་བདུད་བཞིའི་གདན་ལ་སྐད་ཅིག་གིས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ནས་ཡབ་ལ་འཁྱུད་པ། འདབ་མ་བརྒྱད་ལ། ཤར་དུ་ཚངས་པ་ནས་ཉི་མའི་གདན་དང་བཅས་པའི་སྟེང་དུ། ཤར་དུ་གཽ་རཱི་ནག་མོ་སོགས་ནས། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། མིག་ཏུ་མོཾ་སོགས་ནས་སྐྱེ་མཆེད་དང་གནས་གསུམ་བྱིན་རླབས། ཡེ་ཤེས་པ་གཞུག་པ། དབང་བསྐུར་རྒྱས་གདབ་པར་སྒྲུབ་ཐབས་བཞིན་བྱ། མཆོད་པ་བྱིན་བརླབས་ལ། དག་ཅིང་དྲི་མེད་སོགས་ཆུ་གསུམ་ཉེར་སྤྱོད་རོལ་མོ། །གཽ་རཱི་སོགས་ལྷ་མོ་བརྒྱད་ཀྱིས་མཆོད། ཐམས་ཅད་དངོས་པོ་སོགས་བསྟོད་པ་ཉི་ཤུ་པས་བསྟོད། གཟུངས་ཐག་གི་སྣེ་གཡོན་པའི་


KMC010_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ཚུར་གྱིས་བཟུང་ལ། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་སོང་བས། བཅོམ་ལྡན་འདས་ཡབ་ཡུམ་གྱིས་ཐུགས་རྒྱུད་བསྐུལ། བྱང་ཆུབ་སེམས་ཀྱིས་བུམ་པ་གང་བར་གྱུར། ཞེས་གཙོ་འཁོར་སྙིང་པོ་བརྒྱ་རྩ་ལ་སོགས་པ་བཟླས་པའི་མཐར་ཐོད་པའི་བདུད་རྩི་བུམ་པར་བླུགས་པས། བཅོམ་ལྡན་འདས་ཡབ་ཡུམ་འཁོར་དང་བཅས་པ་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། ལས་ཐམས་ཅད་པའི་བུམ་པའི་དབུས་དང་། སྣ་ཚོགས་རྡོ་རྗེའི་མཚན་མ་དང་བཅས་པ་པདྨ་དང་ཉི་མའི་སྟེང་དུ། ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་བསྣམས་ཤིང་གཡོན་སྡིགས་མཛུབ་མཛད་པ། ཞབས་གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། དབུ་སྐྲ་དང་སྨིན་མ་སྨ་ར་དམར་སེར་འབར་བ། སྤྱན་གསུམ་དམར་ལ་ཟླུམ་ཞིང་ཞལ་མཆེ་བ་གཙིགས་པ། སྐུ་སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། སྦྲུལ་གྱི་ཆུན་པོ་བརྒྱད་ཀྱིས་བརྒྱན་པ། སྟག་གི་


KMC010_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པའི་ཤམ་ཐབས་ཅན་གྱི་བར་སྲུང་འཁོར་གྱི་སྐབས་ལྟར་བསྐྱེད། ༀ་བཛྲ་པུཥྤེ་ནས། ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱའི་བར་ཉེར་སྤྱོད་ལྔ་དང་རོལ་མོས་མཆོད། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་སྤྲུལ་སྐུ་སྣ་ཚོགས་སྟོན་མཛད་ཅིང་། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ཁྱོད་ལ་འདུད། །ཅེས་བསྟོད། གཟུངས་ཐག་ལས་བུམ་གྱི་སྟེང་དུ་སྤོས་ལ་བཟུང་སྟེ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ཅེས་བརྒྱ་རྩ་སོགས་བཟླས་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་བགེགས་མ་རུངས་པ་རྣམས་ལས་མ་གྲུབ་ཀྱི་བར་དུ་བསྲུང་དུ་གསོལ། །ཞེས་ཕྲིན་ལས་བཅོལ། སློབ་མ་རྗེས་སུ་འཛིན་པའི་ཚེ་སྐབས་འདིར་ལས་བུམ་གྱི་ཆུས་དགྱེས་རྡོར་གྱི་སྐུ་བརྙན་ལ་ཁྲུས་གསོལ། དེས་དཔོན་སློབ་ཐམས་ཅད་ལ་ཁྲུས་བྱ་ཞིང་གནས་ཁང་རྫས་དང་ཡོ་བྱད་ཀུན་ལ་འཐོར། །ཡུངས་ཀར་དང་ཟན་བསྲེས་པས་ལུས་དྲིལ་གྱིས་བྱས་ཏེ་ལུས་ངག་ཡིད་གསུམ་གྱི་དྲི་མ་བསྡུས་པར་བསམ་ལ་ཆངས་བུ་བྱས་པ་གྱོ་མོའི་ནང་དུ་བླུགས་ལ་རྒྱབ་ཏུ་བོར་བས་བྱུར་བསལ། ཞི་བའི་སྦྱིན་སྲེག་ཡིག་རྙིང་ལས་འབྱུང་བ་ལྟར་རམ་སྤྱི་


KMC010_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་རྒྱས་པ་ཞིག་བྱ་སྟེ་སྒྲུབ་མཆོད་ཀྱི་དཀྱུས་སུ་དེ་དག་མི་དགོས་སོ། །བཞི་པ་ནི། སློབ་མའི་བར་ཆད་བསལ་བའི་དོན་དུ་སྔོན་འགྲོའི་སྐབས་ལྟར་འབྱུང་པོ་ལ་གཏོར་མ་བཏང་། སྡོམ་ནི། ཁྲུས་བྱས་མཎྜལ་ཕུལ་ནས་ནི། །གཞན་དོན་ལ་བསྐུལ་གསོལ་བ་གདབ། །སྤྲོ་བ་བསྐྱེད་ཅིང་ཉན་པར་བསྐུལ། །སྒྲིབ་སྦྱང་ཚོགས་བསགས་སེམས་བསྐྱེད་ཅིང་། །གནས་གསུམ་བྱིན་བརླབས་མཆོད་བྱས་ལ། །སོ་ཤིང་སྦྱིན་ཞིང་སྐྱོར་ཆུ་བླུད། །ཀུ་ཤུ་སྦྱིན་ཞིང་སྲུང་སྐུད་གདག །ཆོས་བཤད་རྨི་ལམ་བརྟག་པའོ། །ཞེས་པ་རྣམས་སོ། །དེ་ལ་ཉེར་ལྔའི་བར་ཟུར་དུ་མ་གྱུར་པའི་སློབ་མ་རྣམས་ཡོལ་བའི་ཕྱི་རོལ་དུ་ལས་ཐམས་ཅད་པའི་ཆུས་ཁྲུས་བྱས། སློབ་དཔོན་ལ་ཕྱག་གསུམ་སྔོན་དུ་འགྲོ་བས། སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་ཐལ་མོ་སྦྱར་ཏེ་འཁོད་པ་ལ། བླ་མས། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་ནི་འཇིག་རྟེན་ཕ་རོལ་གཉེར། །སླར་ཡང་དད་དང་ལྡན་པ་ཡིས། །འཇིག་རྟེན་ཕ་རོལ་ལ་དམིགས་ཏེ། །བློ་ལྡན་དཀྱིལ་འཁོར་གཞུག་པར་བྱ། །འདི་ཡི་འབྲས་བུ་མི་


KMC010_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་ཏེ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་པའི་དོན་བཀྲོལ་ལ་བཤད་དོ། །དེ་ནས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པའི་དོན་ཏུ་སློབ་མས་གསོལ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་པོས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ། སྔགས་ཀྱི་ཐེག་པར་བློ་དགུག་ཅིང་སྤྲོ་བ་བསྐྱེད་པ་ནི། བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །གང་དག་དེ་བཞིན་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་


KMC010_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །སྐྱོབ་པ་སངས་རྒྱས་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་དང་། ཉན་པར་གདམས་པ་ནི། རྟོགས་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་ཧེ་རུ་ཀ་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་པའི་དོན་གོ་བར་བྱ། རྒྱུད་དག་པའི་ཕྱིར་ལྷ་རྣམ་པར་དག་པར་བྱ་སྟེ། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་བསྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བྱ། །


KMC010_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །སྒོམ་དང་བཟླས་བརྗོད་བསོད་ནམས་གང་། །དེ་ལ་བདག་ནི་ཡི་རང་ངོ་། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་དགྲོལ། །སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་ཉིད་དུ་ནི་སེམས་བསྐྱེད་དོ། །ཞེས་ལན་གསུམ། དེ་ནས་སློབ་མ་ལྷར་བསྐྱེད་པ་ནི། ཁྱེད་རང་རྣམས་སྐད་ཅིག་གིས་སྣ་ཚོགས་པདྨའི་ཟེའུ་འབྲུར་རོའི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཞུགས་པའི་བཅོམ་ལྡན་འདས་ཀྱེ་


KMC010_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་ཐོད་པ་འཛིན་ཅིང་། གཡོན་པའི་གྲུ་མོར་ཁ་ཊྭཱཾ་ག་དང་ལྡན་པ། །དབུ་སྐྲ་སེར་པོ་གྱེན་ཏུ་བརྫེས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། །རློན་པ་ལྔ་བཅུའི་དོ་ཤལ་ཅན། སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་པ། ཕྱག་རྒྱ་དྲུག་གིས་བརྒྱན་པར་སྒོམས་ཤིག །ཅེས་བརྗོད་ཅིང་དྲི་བཟང་གི་ཆུས་སྙིང་ཁ། མགྲིན་པ། སྤྱི་བོ་རྣམས་སུ་བྱུགས་ལ། ཧཱུྃ་ཨཱཿༀ། ཞེས་བརྗོད། ཡང་དེ་བཞིན་དུ་རྡོ་རྗེ་གཏུགས་ལ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། མགྲིན་པར་ཨཱ་ལས་པདྨ་དམར་པོ་ཨཱཿས་མཚན་པ། སྤྱི་བོར་ༀ་ལས་འཁོར་ལོ་དཀར་པོ་ༀ་ཀྱིས་མཚན་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་བཀུག་སྟེ། རང་རང་གི་ས་བོན་ལ་ཐིམ་པར་སྒོམས་ཤིག་བྱས་ལ། སློབ་དཔོན་གྱིས་དྲིལ་བུ་འཁྲོལ་བཞིན་པས་མེ་ཏོག་ལ་སོགས་པ་སློབ་པའི་གནས་སོ་སོར་འབུལ་བའི་ཚུལ་བྱས་ལ། །ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཉེར་སྤྱོད་ལྔས་


KMC010_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་རིགས་གསུམ་གྱི་ལྷ་མཉེས་པར་བསམ་པ་ནི་སྐུ་གསུང་ཐུགས་ཀྱི་ལྷས་སློབ་མ་ལྷག་པར་གནས་པར་བྱས་པ་ཡིན་ནོ། །དེ་ནས་དངོས་གྲུབ་ཀྱི་མཚན་མ་བརྟག་པའི་དོན་དུ་སོ་ཤིང་སྦྱིན་པ་ནི། ཇི་སྐད་དུ། ཨུ་དུམ་ཝཱ་ར་ཨ་ཤྭ་ཏྭ། །མེ་ཏོག་བཅིངས་ཤིང་དྲི་ཡིས་བྱུགས། །སོར་ནི་བཅུ་གཉིས་ཚད་དུ་བྱ། །ཞེས་གསུངས་པ་ལྟ་བུའི་སོ་ཤིང་ངམ། དེ་དག་མ་རྙེད་ན། །ལྕང་མའམ། ཤུག་པའམ། བལ་བུ་ལ་སོགས་པ་འབུས་མ་ཟོས་ཤིང་། ཡ་ཡོ་གས་ཆག་ལ་སོགས་པའི་སྐྱོན་དང་བྲལ་བ་སོར་བཅུ་གཉིས་པ་དྲིའི་ཆུས་བརླན་ཞིང་། རྩེ་མོར་མེ་ཏོག་སྔོན་པོ་བཅིངས་པ། ༀ་ཨཱཿཧཱུྃ་བཟླས་ཏེ་བྱིན་ལ། བའི་རྣམ་ལྔས་བྱུགས་པའི་མཎྜལ་ཁྲུ་གང་ངམ་ཁྲུ་བཞི་པ་བྱས་ནས། སོ་འདྲུད་པའི་ཚུལ་གྱིས། དེའི་དབུས་སུ་དོར་དུ་གཞུག་པ་ནི། ཤར་ཕྱོགས་ངོས་སུ་ཁ་བལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་བཅའ། །བཅའ་ཞིང་དེ་བཞིན་མི་དགས་ཤིང་། །ཕན་ཚུན་ཏུ་ཡང་མི་འདོར་རོ། །སོ་ཤིང་མདུན་ཏུ་དྲང་པོར་དོར། །ཞེས་པ་བཞིན་སོ་ཤིང་མཎྜལ་དུ་དོར་མཛོད་བྱས་ལ་འདོར་དུ་བཅུག་པས། རྩེ་མོ་བདག་དང་གྱེན་དུ་ལྟ་ན་མཆོག་གི་དངོས་གྲུབ། ཤར་ལྷོ་ནུབ་ཏུ་ལྟ་ན་དངོས་གྲུབ་འབྲིང་། མཚམས་དང་བྱང་དུ་ལྟ་ན་འཇིག་རྟེན་པའི་དངོས་གྲུབ། འོག་ཏུ་བལྟས་ནས་འོག་


KMC010_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་འགྲུབ་པར་ལུང་བསྟན་ནོ། །སྒྲིབ་པ་སྦྱོར་བའི་དོན་ཏུ་ཁྱོར་ཆུ་སྦྱིན་པ་ནི། །དྲི་བཟང་གི་ཆུ། ༀ་ཧྲཱིཿབི་ཤུདྡྷ་དྷརྨཱཿསརྦ་པཱ་པཱ་ནི་ཙཱ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པཱ་ན་ཡ་ཧཱུྃ་གིས་བསྔགས་ཏེ། ཧུབ་གསུམ་འཐུང་དུ་གཞུག་ཅིང་རྣམ་རྟོག་ཐམས་ཅད་སྦྱངས་བར་བསམ། རྨི་ལམ་གྱི་ལྟས་བརྟག་པའི་དོན་ཏུ། ༀ་ཨཱཿཧཱུྃ་བཟླས་པའི་ཀུ་ཤ་ཉུང་བསྔས་དང་། མང་བསྟན་ཏུ་སྦྱིན། བར་ཆད་སྲུང་བའི་ཕྱིར་སྐུད་པ་དམར་པོ་ལ་རྩ་བའི་སྔགས་ཀྱིས་བཏབ་པའི་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་གདབ། དེ་ལ་དྲི་བཟང་ཆུས་བྱུག །སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་བཤད་པ་ནི། འཇིག་རྟེན་ཁམས་ནི་མ་ལུས་པར། །ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་བཞིན། །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་བྱེད་པ་ཡིན། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་ཏུ་བྱས་


KMC010_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་སྨིན་གང་། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །ཞེས་བརྗོད་ལ་རང་གནས་སུ་བཏང་། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་མདོར་སྡུས་དང་ཡི་གེ་བརྒྱ་པ་ཅི་འགྲུབ་བཟླས་པས་ནོངས་པ་འཆགས། དགེ་བ་བསྔོ། མར་མེ་དང་སྤོས་སོགས་མཆོད་པ་རྒྱུན་མ་ཆད་པར་ཕུལ། །སློབ་མ་རྣམས་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་པས་ཉལ་ཏེ་རྨི་ལམ་གང་བྱུང་ནངས་པར་བླ་མ་ལ་ཞུ་ཞིང་བཟང་ན་སྐལ་བ་དང་ལྡན་པར་བཟང་ལ། ངནན་་དྲག་པོའི་སྦྱིན་སྲེག་གམ། བའི་རྣམ་ལྔའི་བཏུང་བ་ལ་འཁྱིལ་བའི་སྔགས་བཟླས་པའམ་བདུད་རྩི་ལྔའི་ཆུ་སྦྱིན། བཟང་ངན་གང་བྱུང་ཡང་རྨི་ལམ་དང་སྣང་བ་བསྲེས་ལ་སྒྱུ་མའི་དོན་དྲན་པར་བྱར་བཅུག་སྟེ། གཟུགས་ནི་དབུ་བ་གདོས་པ་འདྲ། །དབུ་བ་དེ་ལ་སྙིང་པོ་མེད། །དེ་ལ་རྣལ་འབྱོར་བློ་མི་ལྟོས། །ཆོས་ཀུན་དེ་ལྟར་ཡིད་ལ་བྱོས། །ཞེས་ཚོར་བ་སོགས་ལའང་དེ་བཞིན་ཏུ་སྦྱར་ལ་བཤད་དོ། །ལྔ་པ་དངོས་གཞི་ལ་གསུམ། དཀྱིལ་འཁོར་ཞག་གི་ཆོ་ག །དབང་བསྐུར་བ། རྗེས་ཀྱི་བྱ་བའོ། །དང་པོ་ལ་གསུམ། ཐིག་ཚོན་གྱི་ཆོ་ག །དཀྱིལ་འཁོར་སྒྲུབ་པ། དེ་ལ་མཆོད་པའོ། །དང་པོ་ནི། སྟ་གོན་དང་ཞག་གིས་བར་དུ་མཆོད་ན་ནང་པར་བསྐྱེད་རིམ་རྒྱས་པ་བསྡུ་རིམ་ཡན་གྲུབ་ནས་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པས་ལས་


KMC010_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། བར་མཆོད་ན་བསྐྱེད་རིམ་བསྐྱར་བལྡབས་མི་དགོས། དཀྱིལ་འཁོར་གྱི་གཉིས་འགྱུར་གྱི་སྲད་བུ་གསར་པ་ལྔ་ཚན་རེ་རེ་ཁ་དོག་ལྔར་བསྒྱུར་བ་ཚངས་བུར་བྱས་ཏེ་རིན་པོ་ཆེའམ་ཐོད་པའི་སྣོད་དུ་དབུས་སུ་སྔོན་པོ། ཕྱོགས་བཞིར་དཀར་སེར་དམར་ལྗང་བཀོད་ལ། བསངས་སྦྱང་། སྟོང་པའི་ངང་ལས་སྲད་བུ་སྔོན་པོ་ཧཱུྃ་ལས་མི་བསྐྱོད་དགྱེས་པ་རྡོ་རྗེ་སྔོན་པོ། དཀར་པོ་བྷྲཱུཾ་ལས་རྣམ་སྣང་དགྱེས་པ་རྡོ་རྗེ་དཀར་པོ། སེར་པོ་ཨཱཾ་ལས་རིན་འབྱུང་དགྱེས་པ་རྡོ་རྗེ་སེར་པོ། དམར་པོ་ཛྲཱིཾ་ལས་སྣང་མཐའ་དགྱེས་པ་རྡོ་རྗེ་དམར་པོ། །ལྗང་གུ་ཁཾ་ལས་དོན་ཡོད་དགྱེས་པ་རྡོ་རྗེ་ལྗང་གུ་རྣམས་ཞལ་བརྒྱད་དང་ལྡན་པའི་རྩ་ཞལ་རང་རང་གི་སྐུ་མདོག་དང་མཚུངས་ཤིང་། གཡས་ཞལ་ཀུནྡ་ལྟར་དཀར་བ། ནས། འཇིགས་པར་མཛད་པ། རང་གི་མིག་ཉི་ཟླ་འབར་བའི་འོད་ཟེར་གྱིས། སྟ་གོན་གྱི་ལྷའི། ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་སྐུད་ལྔ་སྤྱན་དྲངས། གཽ་རཱི་ཛཿསོགས་ཀྱིས་བསྟིམ། མཆོད་ཡོན་སོགས་ཀྱིས་མཆོད། ཞེ་སྡང་རྡོ་རྗེ་སོགས་ཀྱིས་བསྟོད། ༀ་ཨཱཿཧཱུྃ། རིགས་ལྔ་ཞུ་བ་


KMC010_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་སྐུད་སོ་སོའི་རྣམ་པར་གྱུར་རང་ཉིད་ཧེ་རུ་ཀ་དང་སློབ་མ་གྷསྨ་རཱིར་གྱུར། ༀ་ཨཱཿཧཱུྃ་བརྗོད་བཞིན་པས་ལྔ་པོ་གཅིག་ཏུ་བསྒྲིལ་ཞིང་བསྐྱིལ་ནས་སྣོད་དུ་བཞག །ༀ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། བརྒྱ་རྩས་བརྟན་པར་བྱ། ཐིག་སྐུད་ཀྱི་མཐའ་གཉིས་དང་དབུས་སུ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པར་གྱུར། དེ་ནས་དང་པོར་ཡེ་ཤེས་ཀྱི་ཐིག་གདབ་པ་ནི། སློབ་དཔོན་ཤར་ན་གནས་པས། ཛ་ཛཿ ཞེས་ཐིག་གི་སྣ་གྲོགས་ཀྱི་ལག་ཏུ་གཏད། །དེས་ཀྱང་སྐུད་པའི་སྣ་བཟུང་ལ་རྒྱབ་ནས་བསྐོར་ཏེ་ནུབ་ཏུ་སོང་ལ། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཏི། ཞེས་བརྗོད་ཅིང་། ཐིག་སྐུད་ཀྱི་སྒྲས་འཇིག་རྟེན་གྱི་ཁམས་ཀྱི་བདེ་བར་གཤེགས་པ་ཐམས་ཅད་ལ། ཁྱེད་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་ཡིན་ནོ། །ཞེས་བསྐུལ་བར་གྱུར་བར་མོས་ལ་སློབ་དཔོན་རྡོར་དྲིལ་དང་བཅས་པའི་ཁུ་ཚུར་གཡོན་པས་ལྟེ་བའི་ཐད་དུ་བཟུང་། གཡས་ཀྱི་མཐེབ་སྲིན་གྱིས་སྟེང་ནས་བཅུས་ཏེ་འོག་ནས་གྱེན་དུ་ལན་གསུམ་བཏབ། དེ་བཞིན་དུ། གྲོགས་ལྷོ་དང་། སློབ་དཔོན་རྒྱབ་ནས་བསྐོར་ཏེ་བྱང་དུ་གནས་པས་གཉིས་པ། དེ་ནས་གྲོགས་ཀྱིས་རྒྱབ་ནས་བསྐོར་ཏེ་དབང་ལྡན་དང་། སློབ་


KMC010_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་བསྐོར་ཏེ་མེར་འདུག་ལ་ཤར་གྱི་ལོགས་ཐིག །སློབ་མས་བསྐོར་ཏེ་བདེན་བྲལ་དང་། སློབ་དཔོན་གྱིས་བསྐོར་ཏེ་རླུང་དུ་གནས་པས་ནུབ་ཀྱི་ལོགས་ཐིག །སློབ་དཔོན་དེ་ཉིད་དང་། གྲོགས་ཀྱིས་བསྐོར་ཏེ་དབང་ལྡན་དུ་གནས་པས་བྱང་གི་ལོགས་ཐིག །སློབ་དཔོན་གྱིས་རྒྱབ་ནས་བསྐོར་ཏེ་མེ་དང་། །གྲོགས་ཀྱིས་བསྐོར་ཏེ་བདེན་བྲལ་དུ་གནས་པས་ལྷོའི་ལོགས་ཐིག །སློབ་དཔོན་དེ་ཉིད་དང་། གྲོགས་ཀྱིས་བསྐོར་ཏེ་རླུང་དུ་གནས་པས་ཟུང་ཐིག་དང་པོ། །སློབ་དཔོན་བདེན་བྲལ་དང་། གྲོགས་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་རྣམས་གདབ་སྟེ་སྲད་བུ་ཆད་པ་དང་ཕྱོགས་འཁྲུལ་རིང་ཐུང་སོགས་སྐྱོན་སྤང་བ་ནན་ཏན་ཏུ་བྱ། ཐམས་ཅད་དུ་གཡས་བསྐོར་གྱིས་འགྲོ་ཞིང་སློབ་དཔོན་དབང་ལྡན་དང་སློབ་མ་མེ་མཚམས་སུ་མི་འགྲོའོ། །དེ་ལྟར་ལེ་ཐིག་ནམ་མཁར་བཏབ་ནས། ཐིག་སྐུད་གཞན་དཀར་ཆལ་དུ་སྤགས་པས་ལས་ཀྱི་ཐིག་གདབ་པ་ནི། དང་པོ་ཤར་ནུབ་ཚངས་ཐིག་གདབ། དབུས་ནས་མཐའ་བར་ཆ་བཞི་བགོ །གཅིག་གིས་དབུས་སུ་ཟླུམ་པོར་བསྐོར། །ཤར་ནུབ་ཚངས་ཟླུམ་འཛོམ་པ་ནས། །སྔ་མའི་ཚད་ལས་གཉིས་འགྱུར་གྱིས། །གཡས་གཡོན་བྱ་རྗེས་བཙལ་བའི་སྟེང་། །ལྷོ་བྱང་ཐིག་གདབ་དེ་བཞིན་དུ། །ཕྱོགས་བཞིའི་ཚངས་ཟླུམ་འཕྲད་མཚམས་ནས། །བྱ་རྗེས་བཙལ་སྟེང་ཟུར་ཐིག་གདབ། །ཟུར་ནས་


KMC010_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གྱི་བྱ་རྗེས་སྟེང་། །ངོས་སུ་གྲུ་ུབ ཞིར་བཅད་པ་ནི། །མདའ་ཡབ་ཕྱི་མཐའི་ཐིག་ཡིན་ནོ། །དེ་ཉིད་ཚངས་ནས་ཟུར་ཐིག་བར། །དུམ་བུ་དྲུག་བགོས་དུམ་རེ་ལ། །ཆ་ཆེན་དང་ནི་སྒོམ་ཚད་གྲགས། །དེ་ཡི་བཞི་ཆ་ཆ་ཆུང་ངོ་། །ཚངས་ནས་གཡས་གཡོན་ཆ་ཆེན་གཉིས། དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་བཞི་ཆར་གདབ་པར་བྱ། །སྒོ་དང་སྒོ་ཁྱུད་སྒོ་འགྲམ་ལོགས། །མུན་པ་ཀ་བ་ཀ་རྒྱན་ནོ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །རྩིགས་པ་འདོད་སྣམ་ཕ་གུ་དང་། །དྲ་ཕྱེད་ཤར་བུ་མདའ་ཡབ་བོ། །དང་པོ་དང་ནི་གཉིས་པ་གཉིས། །མདའ་ཡབ་ལས་ཀྱང་ཕྱི་རོལ་ཏུ། །ཆ་ཆེན་གཅིག་གི་ཚོད་ཙམ་གདབ། །ལྔ་པ་དྲུག་པའི་ཆ་རྣམས་ནི། །རང་རང་ཟུར་ཐིག་བར་དུ་གདབ། །ལྔ་པའི་ནང་མཐའ་རྩ་བའི་ཐིག །དབུས་ནས་ཆ་ཆེན་གཅིག་དང་གཉིས། །བསྐོར་ཞིང་སོ་སོའི་ནང་ལོགས་ནས། །ཆ་ཕྲན་རེས་བསྐོར་ལྟེ་བ་དང་། །འདབ་མ་མུ་ཁྱུད་བཅས་པའོ། །དེ་རྒྱབ་ལྷ་སྣམ་ཆ་ཕྲན་གཉིས། །ལོགས་སུ་ཐིག་གདབ་དཀྱུས་ཐིག་ནི། །ཤར་སྒོའི་གཡས་ལོགས་ཀ་རྒྱན་གྱི། །རྩེ་ནས་ནུབ་གཡས་ཀ་རྒྱན་རྩེར། །དབུས་སུ་ལྟེ་བ་ལ་རེག་གདབ། །ཤར་སྒོའི་གཡོན་ནས་ནུབ་སྒོའི་གཡོན། །དེ་བཞིན་ལྷོ་བྱང་ཕན་ཚུན་སྒོའི། །གཡས་ནས་གཡས་དང་གཡོན་ནས་གཡོན། །ལྟེ་བ་ལ་རེག་ཐིག་བརྒྱད་པོ། །དུར་ཁྲོད་ས་གཞིའི་


KMC010_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བར་གདབ། །པདྨའི་མུ་ཁྱུད་ནང་སྐོར་དང་། །ཚངས་ཟུར་སོ་སོ་འདོམས་པ་ནས། །ལོགས་ནས་ལོགས་དང་ཟུར་ནས་ཟུར། །གྲུབ་བཞི་བསྣོལ་མའང་སྤྲོ་ན་གདབ། །མདའ་ཡབ་ཕྱི་རུ་སྒོ་ཆད་གཅིག །ཚངས་ནས་ཀ་རྒྱན་ཕྱི་ཐིག་པར། །རྟ་བབ་དོན་ཏུ་བཞི་ཆར་གདབ། །ཚངས་ནས་གཡས་གཡོན་བརྒྱད་བདུན་དྲུག །ལྔ་རྣམས་བཅད་པས་གསེར་སྣམ་དང་། །ཤར་བུ་རིན་ཆེན་མདའ་ཡབ་ཡུལ། །གསེར་སྣམ་ཕྱི་དང་ཚངས་ཐིག་ནས། །ཆ་ཆུང་གཉིས་བསྐོར་གླང་རྒྱབ་སྟེ། །མདའ་ཐིག་ཕྱི་དང་ཚངས་ནས་གཉིས། །དོར་ཏེ་གཉིས་བསྐོར་གླང་སྣ་འབྱུང་། ནང་དུ་སུམ་ཆ་རེ་ཡང་ངོ་། །མདའ་ནས་གཅིག་དང་ཚངས་ནས་གསུམ། །དོར་ཏེ་ཀ་རྒྱན་རྩེ་ནས་བཟུང་། །སྟེང་དུ་བསྐོར་རོ་མདའ་ནས་གཉིས། །ཚངས་ནས་ཕྱེད་ལྔ་འཕགས་པ་ནས། །ཚད་དེས་བསྐོར་བ་རྡོ་རྭའོ། །རྟ་བབ་སྣམ་བུའི་སྟེང་ནས་ཕྱིར། །ཆ་ཆེན་གཅིག་གདབ་དབུས་དོར་ལ། །མཐའ་གཉིས་བཅད་པས་པདྨ་དང་། །འཁོར་ལོ་གདུགས་དང་དབུས་རྭའི་ཡུལ། །དབུས་རྭའི་སྨད་ཆ་སྒོ་ཚད་མཉམ། །རྩེ་མོ་དེ་ཕྱེད་གསེགས་འགྲོས་བཅད། །མདའ་ཡབ་ཟུར་ནས་ཟླུམ་ཐིག་བསྒོས་དེ་རྒྱབ་སྒོ་ཚད་གཅིག་གསུམ་པའོ། །དང་པོ་པད་རྭ་ཕྱོགས་རེ་ལ། །བརྒྱད་ཆར་བསིལ་ཞིང་ཕྱི་མ་གཉིས། །དུར་ཁྲོད་ས་སྟེ་ཕྱོགས་མཚམས་རྣམས། །དཀྱུས་ཐིག་རྩེས་བཅད་ཆ་ཕྲན་ནི། །


KMC010_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཚད་ཙམ་ཕྱོགས་བཞི་ཟླུམ། །མཚམས་བཞི་ཞུ་མཆོག་དབྱིབས་སུ་བཅད། །དེ་རྒྱབ་ཆ་ཆེན་གཅིག་གཉིས་བགོས། །ནང་མ་རྡོ་ར་ཕྱི་མ་ནི། །མེ་རིའོ་ཕྱོགས་རེར་བཞིའམ་དྲུག །བཅད་དེ་གཡོན་བསྐོར་འབར་བར་བྱ། །ཡེ་ཤེས་ཀྱི་ཐིག་སྐུད་ལ་ཉེར་སྤྱོད་ལྔ་དང་རོལ་མོས་མཆོད། ཡེ་ཤེས་ཀྱི་ཐིག་སྐུད་ལྔ་པོ་སྟ་གོན་གྱི་ལྷའི་ཐུགས་ཀར་གཤེགས་པར་གྱུར། རྡུལ་ཚོན་ཁ་དོག་ལྔ་དབུས་སྔོན་པོ་སོགས་ཐིག་སྐུད་ལྟར་བཀོད། །བསངས་སྦྱང་། སྟོང་པའི་ངང་ལས། རྡུལ་ཚོན་སྔོན་པོ་ཧཱུྃ་ལས་སོགས་ཐིག་གི་སྐབས་ལྟར་འདོན་པ་བརྗེས་ཏེ་མཆོད་བསྟོད་ཡན་བྱ། ༀ་ཨཱཿཧཱུྃ། རིགས་ལྔ་ཞུ་བ་རྡུལ་ཚོན་སོ་སོའི་རྣམ་པར་གྱུར། ༀ་བཛྲ་བེ་ག་ཀྲམ་ཧཱུྃ། ཞེས་ཡེ་ཐིག་ནམ་མཁར་བཏེགས་པའི་འོག་ཏུ་ཞུགས་པར་མོས། མིག་གཉིས་ཧཱི་ཧཱི་ལས་ཉི་ཟླར་གྱུར། ཧཱི་ཧཱི་ཞེས་བརྗོད་ལ་ཐར་པའི་སྒོར་འཇུག་པའི་སྡིག་སྒྲིབ་བསལ་བར་མོས་ཏེ་དྲི་བཟང་ཆུས་སྒོའི་ཕྱི་ཐིག་དབྱེ། སློབ་དཔོན་གྱིས་བྱང་ཤར་ནས་གཡས་བསྐོར་ཆ་ཆེན་གཅིག་གི་བར་དུ་ཕྱི་ནས་རིམ་པར་དཀར་སེར་དམར་ལྗང་ནག་པོའི་རྩིག་པ་མཁྱིད་གང་ཙམ་དུ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་འཐེན་ཅིང་། ཐོད་པས་བཀབ་པའི་སྟེང་དུ་རྡོ་རྗེ་བཞག་ལ། ཆོས་དབྱིངས་འདི་ནི་དག་པ་


KMC010_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བ། །རྒྱལ་ཆེན་དགྱེས་པ་རྡོ་རྗེ་ཡི། །དཀྱིལ་འཁོར་རབ་ཏུ་བྲི་བར་བྱ། །ཞེས་བརྗོད་ཅིང་མེ་ཏོག་གཏོར་ནས་ཚོན་བྲ་བརྟག་གོ །དེ་ཡང་། །སྒོ་ཡི་ཉི་ཤུའི་ཆ་རུ་ནི། །རི་མོ་མཉམ་པར་དགྱེ་བར་བྱ། །སྦོམ་པོར་དགྱེས་པས་ནད་ཀྱིས་འདེབས། །ཕྲ་མོས་ནོར་རྣམས་རྣམ་པར་འཇིག །ཡོན་པོས་རྣམ་འགྲེས་ཆད་པ་ཡིས། །བླ་མ་དང་ནི་སློབ་མ་འཆི། །གཡས་བསྐོར་མིན་པར་དགྱེས་པ་ཡིས། །ཚོན་ནི་ཕུར་བུས་བཏབ་པར་འགྱུར། །ཞེས་གསུངས་པའི་སྐྱོན་དང་བྲལ་བར་བྲིའོ། །ཚོན་ཐོབ་ནི། པད་ལྟེ་ནག་ལ་ཟེའུ་འབྲུ་ནི། སྣ་ལྔ་པད་འདབ་བརྒྱད་དམར་པོ། །གོང་རས་མུ་ཁྱུད་ནག་པོ་ལ། །ཐོད་པའི་ཕྲེང་ངམ་རྡོར་ཕྲེང་སེར། །ལྷ་སྣམ་སྒོ་ཡི་ཁྱམས་དང་བཅས། །ཕྱོགས་མདོག་བུམ་པ་བརྒྱད་ཀྱིས་མཛེས། །རྩིག་པ་སྔོ་ལྗང་དམར་སེར་དཀར། །འདོད་སྣམ་དམར་ལ་སྒོ་ཁྱུད་ཀྱི། །མཚམས་སུ་ཟླ་ཕྱེད་རྡོ་རྗེས་མཚན། །ཕ་གུ་སེར་པོ་རིན་ཆེན་བཀྲ། །དྲྭ་ཕྱེད་དཀར་ལ་གཞི་མ་ནག །ཤར་བུ་སྔོན་པོ་མདའ་ཡབ་དཀར། རིན་ཆེན་དྲྭ་བ་དྲྭ་ཕྱེད་ནི། །ཆུ་སྲིན་ཁ་ནས་དཔྱངས་བ་དང་། །རིལ་བ་ཐུར་བསྟན་པད་འདབ་ཀྱི། །དབྱིབས་ཅན་རི་མོས་རྣམ་པར་མཛེས། །རྟ་བབ་སྣམ་བུ་འོག་རིམ་བཞིན། །གསེར་སྣམ་སེར་ལ་ཤར་བུ་སྔོ། །རིན་ཆེན་དམར་ལ་མངའ་


KMC010_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་དཀར། །དེ་སྟེང་པདྨ་སྣ་ཚོགས་མདོག །འཁོར་ལོ་སེར་པོ་གཡས་གཡོན་ཏུ། །རི་དྭགས་ཕོ་མོ་བཅས་པའོ། །གླང་རྒྱབ་ནང་དང་རྡོ་རྗེའི་རྭ། །རྟ་བབ་ཀ་བ་ཕྱོགས་ཀྱི་མདོག །མུན་པ་ནག་ལ་རྒྱན་མཛེས་ཚོན། །བར་ཁྱམས་ལྗང་གུ་པ་ཏྲ་རིས། །རྟ་བབ་གཡས་གཡོན་བུམ་བཟང་ལས། །འཐོན་པའི་ཤིང་ལ་རྒྱལ་སྲིད་བདུན། །ཡང་ན་པདྨ་མདོག་ལྔ་དང་། །སེང་སོགས་རྒྱལ་མཚན་བརྒྱད་སྤེལ་བྱ། །དུར་ཁྲོད་ས་གཞི་ལྗང་གུ་ལ། །ཆུ་ཡིས་བཅད་པའི་ལིང་ཚེ་བརྒྱད། །ཤིང་ཆེན་བརྒྱད་དྲུང་ཕྱོགས་སྐྱོང་ནི། །ཤར་དུ་བརྒྱ་བྱིན་སེར་པོ་ཡིས། །རྡོ་རྗེ་བསྣམས་ཤིང་གླང་ཆེན་ཞོན། །ལྷོ་རུ་གཤིན་རྗེ་དུད་པའི་མདོག །བེ་ཅོན་འཛིན་ཅིང་མ་ཧེ་ཞོན། །ནུབ་ཏུ་ཆུ་ལྷ་དཀར་པོ་ནི། །སྤྲུལ་ཞགས་འཛིན་ཅིང་ཆུ་སྲིན་ཞོན། །བྱང་དུ་གནོད་སྦྱིན་གསེར་མདོག་ཅན། །དབྱུག་པ་ཐོགས་ནས་རྟ་མཆོག་ཞོན། །བྱང་ཤར་འབྱུང་པོ་ཁ་དོག་དཀར། །རྩེ་གསུམ་འཛིན་ཅིང་ཁྱུ་མཆོག་ཞོན། །ཤར་ལྷོར་མེ་ལྷ་དམར་སེར་ཕྱག །བགྲང་ཕྲེང་རིལ་བ་ར་སྐྱེས་ཞོན། །ལྷོ་ནུབ་སྲིན་པོ་སྔོ་ནག་སྟེ། །རལ་གྲི་ཕྱར་ནས་རོ་ལངས་ཞོན། །ནུབ་བྱང་རླུང་ལྷ་ལྗང་ནག་ནི། །བ་དན་འཛིན་ཅིང་ཤ་བ་ཞོན། །མེ་ལྷ་མ་གཏོགས་གཡོན་པ་རྣམས། །ཐོད་པ་བསྣམས་པ་ཡུམ་ལ་འཁྱུད། །ཤིང་ལོའི་གསེབ་ནས་ལུས་འཐོན་ཞིང་། །ཕྱོགས་སྐྱོང་བཞོན་པའི་གདོང་ཅན་གྱི། །ཞིང་སྐྱོང་བརྒྱད་ནི་གྲི་ཐོད་འཛིན། །


KMC010_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དཀར་ལྷོ་སྔོ་ནུབ་དམར་པོ། །བྱང་སེར་བྱང་ཤར་སོགས་རིམ་བཞིན། སྔོ་སྐྱ་དམར་སྔོ་ལྗང་གུའོ། །ཆུ་བརྒྱད་དབུས་གནས་ཀླུ་ཆེན་བརྒྱད། །ཡུམ་བཅས་སྦྲུལ་འཇུག་ཐལ་སྦྱར་ཅན། །ཤར་དང་དབང་ལྡན་ནས་རིམ་བཞིན། །སེང་དཀར་དམར་ནག་སེར་སྔོ་དཀར། །ཁྲོ་བོ་དག་གོ་སྤྲིན་ཆེན་བརྒྱད། །སེར་སེར་དཀར་སྔོ་དམར་སྔོ་སེར། །དཀར་པོ་རྣམས་སོ་རི་བོ་བརྒྱད། །སྣ་ཚོགས་དཀར་གཉིས་ལྗང་གུ་ཕྱོགས། །ནག་པོ་སེར་གཉིས་སྔོན་པོ་མཚམས། །སོ་སོར་མེ་ཆེན་འབར་བ་བརྒྱད། །རི་རྩེར་མཆོད་རྟེན་བརྒྱད་པོ་ཡང་། །ལྷོ་ནག་ཤར་ལྷོ་དམར་ལྷོ་ནུབ། །ལྗང་གུ་གཞན་རྣམས་དཀར་པོའོ། །ལོགས་ཀྱི་ཕུག་པར་གྲུབ་ཆེན་བརྒྱད། །ཨིནྡྲ་བོ་དྷི་བཙུན་མོ་ཤར། །ཀུ་ཀུ་རི་པ་ཁྱི་བཅས་བྱང་། །པདྨ་བཛྲ་ཡུག་ས་ནུབ། །ཀླུ་སྒྲུབ་སྙིང་པོ་དགེ་སློང་ལྷོ། །ཌོམྦི་སྟག་ཞོན་ཤར་ལྷོ་སྟེ། །ལཱུ་ཧི་ཉ་གསོལ་ལྷོ་ནུབ་མཚམས། །ནུབ་བྱང་དྲིལ་བུ་པ་ཡུམ་བཅས། །བྱང་ཤར་མདའ་བསྣུན་མདའ་གཞུ་འཛིན། །དུར་ཁྲོད་བཀོད་པ་འཇིགས་རུང་བྲི། །རྡོ་རྭ་གཞི་དཀར་ཕྲེང་བ་ནག །མེ་རི་ཁ་དོག་སྣ་ཚོགས་སྤེལ། །མ་བརྗོད་སྤྱི་ལྟར་ཤེས་པ་བྱ། །དེ་ནས་ལྷ་མཚན་དགོད་པ་ནི། །པདྨའི་དབུས་སུ་ཐོད་པ་དཀར། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི། །པད་འདབ་ཤར་ནས་གཡས་བསྐོར་དུ། །གྲི་གུག་ཅང་ཏེའུ་རུས་སྦལ་སྦྲུལ། །ནག་དམར་སེར་དང་ལྗང་


KMC010_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གུའི་མདོག །བྱང་ཤར་ནས་བརྩམས་སེང་གེ་དང་། །དགེ་སློང་འཁོར་ལོ་རྡོ་རྗེ་རྣམས། །སྔོ་དཀར་སེར་པོ་སྣ་ཚོགས་མདོག །འདོད་སྣམ་ཤར་ནས་རིམ་པ་བཞིན། །པི་ཝང་མ་སེར་གླིང་བུ་དམར། །རྔ་ཟླུམ་མ་ནག་རྔ་ཆེན་དཀར། །བཞད་མ་སེར་ལ་སྒེག་མོ་དམར། །གླུ་མ་དམར་སེར་གར་ཁྲ་བོ། །མེ་ཏོག་མ་དཀར་སྤོས་མ་ནག །མར་མེ་མ་དམར་དྲི་མ་སེར། །གཟུགས་དཀར་རོ་དམར་རེག་མ་ལྗང་། །ཆོས་འབྱུང་མ་དཀར་དེ་དག་རྣམས། །གཟུགས་སམ་ཕྱག་མཚན་ཐིག་ལེ་དགོང་། དེ་ལྟར་ཚོན་བཀྱེ་གྲུབ་མ་ཐག་ཏུ་རྡུལ་ཚོན་ལྷག་མ་ལ་མཆོད་ཅིང་གཤེགས་པ་ཐིག་གི་སྐབས་ཀྱིས་འགྲེའོ། །དེ་ནས་བུམ་པ་རྣམས་སྤོས་དང་རོལ་མོས་སྣ་དྲངས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་རྣམ་རྒྱལ་ཤར་དང་། གཞན་རྣམས་ཕྱོགས་མཚམས། ལས་བུམ་བྱང་ཤར་དུ་བཀོད། །བླ་བྲེ་འཕན་གདུགས་ལྡ་ལྡི་རྒྱལ་མཚན་བརྒྱད་ལ་སོགས་པས་བརྒྱན། །སྐུ་བརྙན་རིས་སུ་བྲིས་པའམ་འབུར་དུ་གཏོད་པའང་བཞུགས་སུ་གསོལ། སྲུང་བའི་ཡན་ལག་ཏུ་མདའ་བོ་ཆེ་བཞི་དར་ཁ་དོག་བཞི་བཏགས་པ་དང་། རལ་གྲི་བཞི་དང་། མེ་ལོང་བཞི་ལ་སོགས་པ་ཟུར་བཞིར་བཙུག་ལ་ཚོན་སྐུད་ཀྱི་དྲྭ་བ་སྦྲེལ། ཉེར་སྤྱོད་ལྔ་པོ་རེ་རེ་ལའང་རབ་བརྒྱ་རྩ། ཐ་ན་བཅུ་ལས་མི་ཉུང་བས་བསྐོར། སྟེགས་གཞན་ནམ། ཀཾ་ཚང་གི་ཕྱག་རྒྱུན་ལྟར་ན་དཀྱིལ་འཁོར་གྱི་ལྷོར་དབུ་རྒྱན་ཐོར་ཚུགས་སུ་


KMC010_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱངས། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དབུས་སུ་མིང་དབང་རྡོ་རྗེ། ཉེ་ལོགས་སུ་བརྟུལ་ཞུགས་རྗེས་གནང་གྲི་ཐོད། མིག་དར། མེ་ཏོག །དམ་ཆུ་བདུད་རྩི། མཆོག་དབང་གསུམ་པོའི་བཅའ་གཞི་རྒྱས་པའམ། བསྡུ་ན་དཀྱིལ་འཁོར་ལྷོ་དང་ནུབ་ཏུ་ཐོད་ཆང་རིག་ཙཀ་སོགས་འདུ་བྱའོ། །ཚོགས་ཀྱི་ཡོ་བྱད་བཟའ་བཅའ་བཏུང་བའི་རིགས་གྱུར་ཅི་འབྱོར་དང་། །འབྱུང་པོ་སྤྱི་དང་ཆོས་སྐྱོང་གི་གཏོར་མ། ཁྱད་པར་དུ་དཔལ་ནཱ་རོ་པ་ཡབ་སྲས་ཀྱིས་ཐུན་མོང་མ་ཡིན་པའི་ཆོས་སྐྱོང་བ་དུད་པའི་སོལ་བ་མའི་གཏོར་མ་ཆེ་ཞིང་ལེགས་པ་བཤམ། བསངས་ཆུ་ལ་ལས་བུམ་གྱི་ཆུ་ཅུང་ཟད་རེ་བསྲེའོ། །གཉིས་པ་ནི། སྒྲུབ་པ་པོ་རྣམས་ཁྲུས་བྱས་ཤིང་། དྲི་བཟང་པོས་བྱུགས་པ་དང་། རུས་པའི་རྒྱན་ཆ་ལྔས་བརྒྱན་ཏེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྟན་ན་འཚངས་ཅན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ནས་བདུད་རྩིའི་རིལ་བུ་ཁར་བཅུག་པའམ་ནང་མཆོད་བྱིན་གྱིས་བརླབས་ལ་ལྕེར་བཞག་ཅིང་། གཏོར་མ་སྦྱིན་པ་ནས་རྡོར་སེམས་བསྒོམ་བཟླས་ཡན་ཆད་གྲུབ་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་བསངས་སྦྱང་། ༀ་ཨཱཿཧཱུྃ། བརྗོད་ཅིང་ནང་མཆོད་དཀྱིལ་འཁོར་ལ་འཐོར་ལ། ཕྱག་མཚན་རྣམས་བདུད་རྩིའི་ཐིག་ལེར་གྱུར། ཉིན་ཕྱི་མ་རྣམས་ལ། ལྷ་ཚོགས་འོད་དུ་ཞུ་བའི་ཞེས་སྦྱར་མཆན། རྡུལ་ཚོན་གྱི་


KMC010_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཐབས་ཤེས་རབ་ཀྱི་ངང་ལས་ལྷ་དགུ་གཞལ་ཡས་ཁང་དང་བཅས་པར་གསལ་བ་ནི། ཨེ་ལས་ཆོས་ཀྱི་འབྱུང་གནས་དཀར་པོ་གྲུ་གསུམ་པ་ནས་ཕྱོགས་ཀྱི་མདོག་ཅན་གྱི་ལྟེ་བར། བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་པ་བརྩེགས་པ་ནས་ཉི་མའི་གདན་དང་བཅས་པ། སྔགས་ཀྱིས་རྒྱས་གདབ། དབུས་ཀྱི་གདན་ལ་ཐོད་པ་དང་སྣ་ཚོགས་རྡོ་རྗེ་ཐིག་ལེའི་རྣམ་པར་གནས་པ་དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ནས་གཡས་བསྐུམ་པས་འཁྱུད་པའི་བར་གྱིས་གཙོ་བོ་ཡབ་ཡུམ་དང་། འདབ་མ་བརྒྱད་ལ་སོ་སོའི་ཕྱག་མཚན་ཐིག་ལེའི་རྣམ་པར་གནས་པ་དེ་ཡོངས་སུ་གྱུར་པ་ལས། ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག་གཡོན་ཉ་རོ་ཧི་ཏ་བསྣམས་པ། ལྷོར་ཙཽ་རཱི་དམར་མ་གཡས་ཅང་ཏེའུ་གཡོན་ཕག་པ་བསྣམས་པ། ནུབ་ཏུ་བཻ་ཏཱ་ལི་སེར་མོ་གཡས་རུས་སྦལ་གཡོན་ཐོད་པ་བསྣམས་པ། བྱང་དུ་གྷསྨ་རཱི་ལྗང་གུ་


KMC010_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སྦྲུལ་གཡོན་ཐོད་པ་བསྣམས་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་སེང་གེ་གཡོན་དགྲ་སྟྭ་བསྣམས་པ། ཤར་ལྷོར་ཤ་བ་རཱི་དཀར་མོ་གཡས་དགེ་སློང་གཡོན་གསིལ་བྱེད་བསྣམས་པ། ལྷོ་ནུབ་ཏུ་ཙཎྜ་ལཱི་སྔོན་མོ་གཡས་འཁོར་ལོ་གཡོན་ཐང་གཤོལ་བསྣམས་པ། ནུབ་བྱང་དུ་ཌོམྦི་ནཱི་སྣ་ཚོགས་པའི་མདོག་ཅན། །གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། ལྷ་མོ་ཐམས་ཅད་ནས་གནས་པའོ་ཞེས་པའི་བར་དང་། སྐྱེ་མཆེད་ཀྱི་ལྷ་རྡོ་རྗེ་གསུམ་དང་བཅས་པ་བསྒོམ་ལ་རྒྱས་གདབ། སྟ་གོན་གྱི་ལྷ་ནམ་མཁར་བཞུགས་པ་རྣམས་སྤྱན་དྲངས་ཏེ་ཐིམ། གཽ་རཱི་ཛཿ ཙཽ་རཱི་ཧཱུྃ། བཻ་ཏཱ་ལཱི་བྃ། གྷསྨ་རཱི་ཧོཿ རྡུལ་ཚོན་གྱི་དཀྱིལ་འཁོར་དང་རོ་གཅིག་ཏུ་གྱུར། ཞེས་མདུན་བསྐྱེད་བསྒྲུབ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པའི་དོན་དུ་བདག་བསྐྱེད་བསྒོམ་པ་ནི། བླ་མ་དག་པའི་གསོལ་འདེབས་བླ་མ་མཉམ་མེད་ཅེས་སོགས་ནས་བརྩམ། མངོན་རྟོགས་ཡོངས་རྫོགས། བཟླས་པ་དང་དག་པ་བརྗོད་པ་ལ་ཐུག་གི་བར་བཏང་། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་


KMC010_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གཞལ་ཡས་ཁང་འཁོར་གྱི་ལྷ་མོ་བརྒྱད་ལ་བསྡུ། དེ་རྣམས་ཀྱང་གཙོ་བོའི་ཞལ་བརྒྱད་ལ་ཐིམ་སྟེ། རང་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བ་སྙོམས་པར་ཞུགས་པའི་སིད་ཀྱི་སྒྲས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་རྣམས་བདག་ཉིད་ཀྱི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་བབ་པ། སླར་ཡང་ནམ་མཁར་ཐོན་ཏེ་གནས་པར་གྱུར། སྒྲུབ་ཐབས་ལྟར་བགེགས་བསྐྲད་བྱིན་རླབས་མཆོད་པ་ནས་ཨ་བྷི་ཥེ་ཀའི་སྔགས་ཀྱིས་རྒྱས་གདབ་པའི་བར་གྱིས་མདུན་བསྐྱེད་ལ་ཡེ་ཤེས་པ་བསྟིམ་དབང་བསྐུར་རྒྱས་གདབ་གྲུབ་ནས་བདུད་རྩི་འབུལ་མྱང་སྔགས་ཀྱིས་རྒྱས་གདབ་པའང་བྱའོ། །མདུན་བསྐྱེད་ལ་མཆོད་བསྟོད་རྒྱས་པར་བྱ་སྟེ། དེ་ལ་བཞི། ཕྱི་ནང་གསང་མཆོད་བསྟོད་པའོ། །དང་པོ་ལའང་ལྔ། ཆུ་གསུམ་ཉེར་སྤྱོད་རོལ་མོར་བཅས་པ། འདོད་ཡོན་ལྔ། །རྒྱལ་སྲིད་བདུན། སྒེགས་སོགས་བརྒྱད། ཕྱག་རྒྱ་ཉི་ཤུའི་མཆོད་པའོ། །དང་པོ་ནི། བསངས་སྦྱང་། མཆོད་པ་བྱིན་གྱིས་བརླབ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་བསང་གཏོར་མཆོག་འདི་དག །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་


KMC010_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཞེས་སུ་གསོལ། །པད་ཀོར་སྔོན་དུ་འགྲོ་བས། གཡས་པའི་མཐེབ་མཛུབ་ཀྱིས་བསང་གཏོར་དབུལ་ཞིང་། ༀ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་སརྦ་སཾ་ཤོདྷ་ནི་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བསང་གཏོར་གྱི་གནས་སུ། མཆོད་ཡོན་ཞེས་བཅུག་ལ། །རྡོ་རྗེའི་ཐལ་མོ་གཉིས་ཀྱིས་དུང་ཆོས་བཟུང་ལ་མཆོད་ཡོན་བཟེད་ཞལ་དུ་དབུལ་ཞིང་། ༀ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ་དང་། ཛཿཧཱུྃ་སོགས་ཀྱི་གནས་སུ། ནཱི་རཱི་ཏི་ཧཱུྃ་ཁཿཞེས་བཅུག་ལ། གཡས་པའི་མཐེབ་མཛུབ་སྦྱར་བའི་ཁུ་ཚུར་གྱིས་མེ་ཏོག་བླངས་ལ་ལན་གསུམ་བསྐོར་ནས། །མཐེབ་ཆུང་ནས་མཛུབ་མོའི་བར་རིམ་གྱིས་བཀྲོལ་ཏེ་བཟེད་ཞལ་དུ་སྒྲེང་ངོ་། །དེ་ནས་ལག་པ་གཡོན་པས་དྲིལ་བུ་འཁྲོལ་ཞིང་། གཡས་པས་མཆོད་རྫས་སོ་སོར་བླངས་ནས་བསྟབ་པའི་ཚུལ་གྱིས་དབུལ་བའམ། སོ་སོའི་ཕྱག་རྒྱ་དང་བཅས་པས། མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ།


KMC010_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ་ལས་བྱུང་ཕན་པ་ཡི། །གང་ཞིག་དྲི་དང་བདུག་སྤོས་མཆོག །བདག་གིས་དད་པས༴ བཞེས་ནས༴ ༀ༴ དྷཱུ་པེ༴ སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགེ་ཞིང་མུན་པ་རྣམ་སེལ་བ། །བདག་གིས༴ བཞེས་ནས༴ ༀ༴ ཨཱ་ལོ་ཀེ༴ ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །ཚིམ་བྱེད་དག་པའི་བདུད་རྩི་འདི། །བདག་གིས༴ བཞེས་ནས༴ ༀ༴ གནྡྷེ༴ གཤོས་གཙང་བཟའ་བ་དང་བཅས་པའི། ཁ་དོག་དྲི་དང་རོ་ལྡན་པ། །བདག་གིས༴ བཞེས་ནས༴ ༀ༴ ནཻ་ཝི་དྱ༴ ཞེས་ཉེར་སྤྱོད་ལྔའི་མཆོད་པ་གུར་ལས་གསུངས་པ་དང་། སྣ་ཚོགས་དྲིལ་བའི་སྒྲ་རྣམས་དང་། །ཅང་ཏེའུ་ལ་སོགས་སྒྲ་ཡི་ཚོགས། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་བཛྲ་ཤཔྡ་ཨཱ༔ཧཱུྃ་སྭཱ་ཧཱ། གཉིས་པ་ནི། རང་གི་སྙིང་ག་ནས་སྤྲོས་པའི་འདོད་ཡོན་གྱི་ལྷ་མོ་དུ་མས་མཆོད་པར་བསམ་ལ། གཟུགས་ལ་རྣམ་གསུམ་ཤེས་བྱ་སྟེ། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་


KMC010_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་རྒྱལ་བ་ནི། །མངའ་བདག་རྡོ་རྗེ་རྣམ་སྣང་མཛད། །གཡོན་ཁུ་ཚུར་གྱི་སྟེང་དུ་གཡས་པའི་ཐལ་མོ་མེ་ལོང་གི་ཚུལ་ལྟར་བཞག་ལ། ༀ་ཤྲཱི་ཧེ་རུ་ཀ་སོགས་ཀྱི་མཐར། རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྒྲ་ལ་རྣམ་གསུམ༴ ལྷ་རྣམས་ལ༴ དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་གྲགས་ཆེན་པོ། །རཱུ་པའི་གནས་སུ་ཤཔྡ་ཞེས་བཅུག་ལ་རོལ་མོ་བྱ། དྲི་ལ་རྣམས་གསུམ༴ ལྷ་རྣམས་ལ༴ དེ་ཉིད་བཅོམ་ལྡན་སངས་རྒྱས་ནི། །རིན་ཆེན་ཕུང་པོར་རབ་ཏུ་གྲགས། །གཡོན་ཁུ་ཚུར་ལས་མཛུབ་མོ་བརྐྱང་བ་ཁ་སྟེང་དུ་ཕྱོགས་པ་ལ་གཡས་པའི་ཐལ་མོས་དྲི་བླངས་ནས་བྱུགས་པའི་ཚུལ་གྱིས། གནྡྷེ༴ རོ་ལ་རྣམ་གསུམ༴ ལྷ་རྣམས་ལ༴ དེ་ཉིད་བཅོམ་ལྡན་འདོད་ཆགས་ཆེ། །རྡོ་རྗེ་ཆོས་ཀྱིས་བཞེས་སུ་གསོལ། །ཐལ་མོ་གཉིས་བཀན་ནས་ཞལ་ཟས་འབུལ་བའི་ཚུལ་གྱིས། ར་ས༴ རེག་ལ་རྣམ་གསུམ༴ ལྷ་རྣམས་ལ༴ དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །དོན་ཡོད་འབྲས་བུ་སྟེར་བ་པོ། །གོས་ཟུར་དབུལ་ཞིང་། སྤཪྴེ༴ ཞེས་དང་། སྲབ་འཇམ་


KMC010_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་པ་ལྷ་ཡི་གོས། །སོགས་དང་། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །སོགས་ཀྱི་མཐར། ༀ་བཛྲ་བསྟྲ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་གོས་ཟུང་འབུལ་ལོ། །གསུམ་པ་ནི། རིན་ཆེན་སྣ་བདུན་རི་མོར་བྲིས་པ་སོགས་འབུལ་བའམ་སོ་སོའི་ཕྱག་རྒྱ་སྤྱི་མཐུན་བྱས་ལ། གསེར་ལས་ལེགས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་ས་ལས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ༀ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཆོས་བླ་ན་མེད་པ་ཀུན་ཏུ་སྤྱོད་པ་ཐོབ་པར་གྱུར་ཅིག །གཞན་ལའང་དེས་འགྲེ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རྩེ་འབྲའི་གླང་པོ་མཆོག །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན༴ ཧ་སྟི༴ ཤེས་རབ་ཡང་དག་བྱང་ཆུབ་ཀྱི་ཆོས༴ ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་


KMC010_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་གང་། །རྨ་བྱའི་མགྲིན་འདྲ་སྤུ་ནི་ཡིད་འོང་བའི། །རྟ་མཆོག་རིན་ཆེན༴ ཨ་ཤཱ་རཏྣ༴ བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཆོས༴ དྲི་མེད་བཻ་ཌཱུཪྱ་འདྲའི་རིན་པོ་ཆེ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་པ། །སྒྲིབ་མེད་མཚན་མོ་ཅི་འདྲ་ཉིན་དེ་བཞིན། །ནོར་བུ་རིན་ཆེན༴ མ་ཎི་རཏྣ༴ དགའ་བ་ཡང་དག་བྱང་ཆུབ་ཀྱི་ཆོས༴ གང་ཞིག་རེག་དྲི་གཟུགས་དང་མདངས་ལྡན་པ། །བུད་མེད་དམ་པ་དྲེགས་ལྡན་རྣམས་ཀྱིས་མཆོག །ལྷ་མོ་བཞིན་དུ་ཡོན་ཏན་ཀུན་ལྡན་པ། །བཙུན་མོ་རིན་ཆེན༴ སྟྲཱི་རཏྣ༴ ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཆོས༴ གང་ཡང་འདི་ན་རྒྱལ་ལ་མུ་ཏིག་དང་། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ཡི། །ནོར་ལྡན་མཚུངས་པར་ནོར་མང་ལྡན་པ་ཡི། །ཁྱིམ་བདག་རིན་ཆེན༴ གྲྀ་ཧསྤ་ཏི་རཏྣ༴ ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཆོས༴ །འགྲོ་དང་ཀུན་ཏུ་གནས་དང་རྣམ་ལྡོག་པར། །མ་ལུས་དཔུང་


KMC010_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པར་བྱེད་པ་ཡི། །དཔལ་ལྡན་བདུན་པ་འབྱུང་འགྱུར་མི་ཡི་ནི། །བློན་པོ་རིན་ཆེན༴ པུ་རུ་ཥ་རཏྣ༴ བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཆོས་སོགས། བཞིས་ནི། སྒེག་མོའི་ལག་པས་སྒེག་མོ་སྟེ། །ཕྲེང་བས་ཕྲེང་བའི་མཁའ་འགྲོ་མ། །ཧཱུྃ་གི་གླུ་ཡིས་དམ་ཚིག་གླུ། །ལག་བསྐུམ་པས་ནི་གར་ཉིད་དེ། །མཆོད་པ་འདི་དག་བླ་ན་མེད། །སངས་རྒྱས་ཐམས་ཅད་མཉེས་པར་བྱེད། །སངས་རྒྱས་རྣམས་ནི་མཆོད་པས་མཆོད། །འདོད་པའི་དངོས་གྲུབ་བྱེད་པར་འགྱུར། །ཕྱག་རྒྱ་མཐོར་བརྒྱུད་ལྟར་བྱ་ཞིང་། ༀ་བཛྲ་ས་ཏྭ་སུ་སཾ་གྲ་ཧཱ་ད། ༀ་བཛྲ་ལཱ་སྱ་ཧཱུྃ། ༀ་བཛྲ་རཏྣ་མཱ་ནུཏྟ་རཾ། ༀ་བཛྲ་མཱ་ལེ་ཏྲཱཾ། ༀ་བཛྲ་དྷརྨ་གཱ་ཡ་ནི། ༀ་བཛྲ་གཱི་ཏི་ཧྲཱིཿ ༀ་བཛྲ་ཀརྨ་ཀ་རོདྡྷ་བེ། ༀ་བཛྲ་ནྲྀ་ཏཱི་ཨཱཿ མེ་ཏོག་གི་སྐྱུར་བའི་ཚུལ་གྱིས་དང་། བདུག་པས་བདུག་པའི་ཚུལ་གྱིས་དང་། སྡོང་བུ་མར་མེའི་མཆོད་པ་དང་། །བྱུག་པའི་ཚུལ་གྱིས་རྗེས་སུ་དྲི། མཆོད་པ་འདི་རྣམས་སོགས་སྔར་བཞིན་དང་། བཛྲ་ས་ཏྭ་


KMC010_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་གླུ་བཞི་པོ་སྔོན་ཏུ་འགྲོ་བས། ༀ་བཛྲ་དྷཱུ་པེ་ཧཱུྃ། པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨཱཿ ལྔ་པ་ནི། རིན་ཆེན་འབར་བ་དང་བཟང་པོ་ཡོངས་བཟུང་དགོངས་པ་ལྟར་ཕྱག་ལེན་ཏུ་རྒྱས་པར་སྦྱར་བའི་ཚུལ་འབྱུང་ཡང་བསྡུ་ན། གར་པད་བཅས། ཏེ་ན་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། ཧཱུྃ་ཧཱུྃ། པི་ཝང་ཚུལ་གྱིས་སྒྲེང་བ་དང་། །གླིང་བུའི་ཚུལ་གྱིས་སྒྱུར་བ་དང་། །དུང་གི་ཚུལ་གྱིས་འབུད་པ་དང་། །སིལ་ཁྲོལ་ཚུལ་གྱིས་རྡེབ་པ་དང་། །ཕྱག་འཚལ་ཚུལ་གྱིས་འདུད་པ་དང་། །རྔ་ཡབ་ཚུལ་གྱིས་གཡོབ་པ་དང་། །རྒྱལ་མཚན་ཚུལ་གྱིས་སྒྲེང་བ་དང་། །བླ་བྲེའི་ཚུལ་གྱིས་བྲེ་བ་དང་། །བ་དན་ཚུལ་གྱིས་འཕྱར་བ་དང་། །གདུགས་ཀྱི་ཚུལ་གྱིས་དགབ་པ་དང་། །རྔ་ཟླུམ་ཚུལ་གྱིས་རྡེབ་པ་དང་། །རྫ་རྔའི་ཚུལ་གྱིས་རྡུང་བ་དང་། །གར་གྱི་ཚུལ་གྱིས་ཡན་ལག་སྐྱོད། །བཞད་པའི་ཚུལ་གྱིས་འཛུམ་པ་དང་། །སྒེག་པའི་ཚུལ་གྱིས་སྒེག་པ་དང་། །ཁྲོ་བའི་ཚུལ་གྱིས་འཇིགས་པ་དང་། །མདའ་འཕེན་ཚུལ་


KMC010_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དྲང་བར་བྱ། །རྡོ་རྗེ་གསོར་ཞིང་ཕྱག་འཚལ་ལོ། །ཆགས་པའི་ཚུལ་གྱིས་ནུ་མ་འཇིབ། །གུས་པའི་ཚུལ་གྱིས་ཐལ་མོ་སྦྱོར། །རྡོ་རྗེའི་མཆོད་པ་ཉི་ཤུ་པོས། །ཧེ་རུ་ཀ་དཔལ་འཁོར་བཅས་མཆོད། །གཉིས་པ་ནང་གི་མཆོད་པ་ནི། ཟླ་ཞུན་བྱང་སེམས་ག་བུར་གྱིས་གང་བའི། །པདྨའི་སྣོད་འཛིན་ལྷ་མོ་གཽ་རཱི་མ། །ཞིང་གི་རྡུལ་དང་མཉམ་པར་སྤྲུལ་ནས་ཀྱང་། །བདེ་ཆེན་མངོན་པར་འཕེལ་སླད་ལྷ་རྣམས་མཆོད། །གཡོན་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་གཡས་པའི་ཐལ་མོ་བཀན་ལ་བཞག་པ་དཀར་ཆའི་སྣོད་འཛིན་པའི་ཚུལ་གྱིས། ༀ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། །ཉི་འོད་མདངས་ཆགས་རང་བྱུང་མེ་ཏོག་ནི། །སིཧླས་ཡོངས་བཀང་སྣོད་འཛིན་ཙཽ་རཱི་མ། །ཞིང་གི༴ གཏུམ་མོའི་ནུས་པ་རྒྱས་ཕྱིར་ལྷ་རྣམས་མཆོད། །སྔ་མ་ལས་ཟློག་པར་མར་ཆའི་སྣོད་འཛིན་པའི་ཚུལ་གྱིས། ༀ་ཙཽ་རཱི་ཙཾ༴ ནང་གི་གདུང་བ་སེལ་བྱེད་གླ་རྩི་སྟེ། །རྡོ་རྗེ་དྲི་ཆུའི་སྣོད་འཛིན་བཻ་ཏཱ་ལི། །ཞིང་གི༴ མཚན་འཛིན་དྲི་མ་སྦྱོང་ཕྱིར་ལྷ་རྣམས་མཆོད། །མཆོད་ཡོན་གྱི་


KMC010_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱས། ༀ་བཻ་ཏཱ་ལི་བཾ། བཞི་མཉམ་བདུད་རྩིས་གང་བའི་ཐོད་པ་ཡིས། །ཕྱག་གཉིས་རྟག་ཏུ་བྲེལ་གྱུར་གྷསྨ་རཱི། །ཞིང་གི༴ འཆི་མེད་ཐོབ་པར་བྱ་ཕྱིར་ལྷ་རྣམས་མཆོད། །གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་སོར་མོ་རྣམས་ཀྱི་རྩེ་མོ་བསྡུས་ཏེ་བཞག་པ་སྨན་འཛིན་པའི་ཚུལ་གྱིས། ༀ་གྷསྨ་རཱི་གྷཾ༴ སཱ་ལི་སྐྱེས་པ་རབ་བརྗོད་ཙནྡ་དམར། །རྡོ་རྗེ་སྟོབས་ཀྱི་སྣོད་འཛིན་པུཀྐ་སཱི། །ཞིང་གི༴ མཐའ་ཡས་མཐུ་སྟོབས་རྒྱས་ཕྱིར་ལྷ་རྣམས་མཆོད། །ཁུ་ཚུར་གཉིས་མཉམ་དུ་གཤིབས་ཏེ་ཁ་དྲུང་དུ་འཇོག་པ་ཤ་ལ་རོལ་པའི་ཚུལ་བྱས་ལ། ༀ་པུཀྐ་སཱི་པཾ༴ རོ་བཅུད་སྦྲང་རྩིའི་བཏུང་བ་དང་བཅས་པའི། །རྣལ་འབྱོར་ལྷུང་བཟེད་ཐོགས་པའི་རི་ཁྲོད་མ། །ཞིང་གི༴ རྡོ་རྗེའི་ལུས་ཐོབ་བྱ་ཕྱིར་ལྷ་རྣམས་མཆོད། །རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་སྣོད་འཛིན་པ་ལྟར་བྱས་ལ། ༀ་ཤ་བ་རཱི་ཤཾ༴ གཞོམ་མེད་ནཱ་དའི་རང་བཞིན་ཅང་ཏེའུ། །དབྱངས་གསལ་རྡོ་རྗེའི་སྒྲ་སྒྲོགས་ཙཎྜ་ལཱི། །ཞིང་གི༴ རྡོ་རྗེ་ཆོས་ནི་འགྲུབ་ཕྱིར་ལྷ་རྣམས་མཆོད། །གཡོན་དགུར་བཞག་ཅིང་


KMC010_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པའི་ཁུ་ཚུར་གྱི་མཛུབ་མོ་དང་མཐེའུ་ཆུང་འཁྱོག་པོར་བྱས་པ་ཅང་ཏེའུ་འཁྲོལ་པའི་རྣམ་པས། ༀ་ཙཎྜ་ལཱི་ཙོ༴ ཐབས་ཤེས་སྙོམས་པར་འཇུག་ལས་དགའ་བ་བཞི། །ཟག་མེད་ཡོངས་སུ་བསྐྱེད་པའི་ཌོམྦི་ནཱི། །ཞིང་གི༴ བདེ་སྟོང་དབྱེར་མེད་ཐོབ་ཕྱིར་ལྷ་རྣམས་མཆོད། །སྙིང་གར་ཁུ་ཚུར་བསྣོལ་བ་འཁྱུད་པའི་ཚུལ་གྱིས། ༀ་ཌོམྦི་ནཱི་ཌོཾ༴ ཐམས་ཅད་ལའང་མཐར་སེ་གོལ་དང་བཅས་པ་བྱའོ། །གསུམ་པ་གསང་བའི་མཆོད་པ་ནི། གཙོ་འཁོར་ཐམས་ཅད་དཔའ་བོའི་ཆ་ལུགས་སུ་བསྒྱུར་ཏེ་གཡུང་མོས་འཁྱུད་པ་ལས་བྱུང་བའི་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་སྐུ་ཉམས་སུ་བསྟར་བའི་མོས་པས། གང་གིས་རྣམ་རྟོག་རྣམ་སྤངས་ཏེ། །བྱང་ཆུབ་སེམས་ནི་རྣམ་བསྒོམ་ཞིང་། །ལུས་དང་སེམས་ནི་རྣམ་དག་པ། །འདི་ནི་དོན་དམ་མཆོད་པ་ཡིན། །ཞེས་པ་རྣམས་ཀྱི་མཐར། པཱུ་ཛ་བཛྲའི་སྔགས་ཀྱིས་རྒྱས་གདབ་པར་བྱའོ། །བཞི་པ་བསྟོད་པ་བྱ་བ་ནི། དོན་དྲན་པ་དང་སྔགས་ཀྱིས་རྡོར་དྲིལ་བཟུང་ལ། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱེའི་རྡོ་


KMC010_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལ་ཕྱག་འཚལ། །བདག་མེད་མས་ནི་མགུལ་ནས་འཁྱུད། །དབུ་སྐྲ་སེར་པོ་གྱེན་ཏུ་འབར། །ཞལ་བརྒྱད་པ་ལ་སྤྱན་གསུམ་པ། །མགོན་པོ་དེ་ལ་གུས་ཕྱག་འཚལ། །སྤྱི་བོའི་སྟེང་ན་ནག་པོ་མཛེས། །དཀར་དང་དམར་པོ་གཡས་དང་གཡོན། །གང་གི་ལྷག་མའི་ཞལ་རྣམས་ནི། །ནག་པ་དེ་ལ་བདག་ཕྱག་འཚལ། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །གཡས་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ས་དང་ཆུ་དང་རླུང་དང་མེ། །ཟླ་ཉི་གཤིན་རྗེ་གསང་བ་པ། །གཡོན་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ཞབས་བཞི་ཡིས་ནི་བདུད་བཞི་པོ། །མཉམ་པར་མནན་ཞིང་གཅེར་བུ་ཉིད། །ཉི་མར་ཞབས་གཡས་བརྐྱང་དང་བསྐུམ། །གར་མཛད་དེ་ལ་བདག་ཕྱག་འཚལ། །འཁོར་ལོ་བཞི་ཡི་བདག་ཉིད་མཛེས། །འཛག་པའི་མགོ་བོས་རྣམ་པར་བརྒྱན། །དེ་བཞིན་


KMC010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམ་དག་པའི། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །དཔྲལ་བར་རིགས་ཀྱི་བདག་པོ་ཉིད། །དམ་པའི་དགའ་བ་ཡང་དག་ཐོབ། །བདེ་ཆེན་དེ་ལ་བདག་ཕྱག་འཚལ། །གཾ་ལས་སྐྱེས་པའི་གཽ་རཱི་ཤར། ཁ་དོག་ནག་ཅིང་གཡོན་པ་ཉ། །གཡས་པ་ན་ནི་གྲི་གུག་འཛིན། །ཚངས་པ་མནན་ལ་བདག་ཕྱག་འཚལ། །ཙཾ་ལས་བྱུང་བའི་ཆོམ་རྐུན་མ། །བཙོད་ཀྱི་ཁ་དོག་ལྷོ་ཕྱོགས་སུ། །ཕྱག་ན་ཕག་དང་ཅང་ཏེའུ་བསྣམས། །དབང་པོ་མནན་ལ་བདག་ཕྱག་འཚལ། །བཾ་ལས་སྐྱེས་པའི་སེར་མོ་ནུབ། །རོ་ལངས་མ་ནི་ཉེ་དབང་མནན། །ཕྱག་གཡོན་ལྷུང་བཟེད་གཡས་པ་ཡིས། །རུས་སྦལ་འཛིན་ལ་བདག་ཕྱག་འཚལ། །གྷསྨི་རཱི་ནི་བྱང་གི་སྒོར། །ལྗང་གུ་གྷཾ་ལས་བྱུང་བ་ཡི། །ཕྱག་ན་སྦྲུལ་དང་ཐོད་པས་བྲེལ། །དྲག་པོ་མནན་ལ་བདག་ཕྱག་འཚལ། །གཤིན་རྗེ་མནན་ཞིང་པཾ་ལས་བྱུང་། །གཡོན་པ་དགྲ་སྟྭ་སེང་གེ་གཡས། །


KMC010_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྡན་དུ་ནི་འཇིགས་གཟུགས་མ། །ཕྱག་འཚལ་པུཀྐ་སཱི་སྔོན་ལའོ། །རི་ཁྲོད་མ་དཀར་ཤཾ་ལས་བྱུང་། །མེ་རུ་གནོད་སྦྱིན་སྟེང་དུ་གནས། །གཡོན་ན་གསིལ་བྱེད་གཡས་པ་ན། །དགེ་སློང་འཛིན་ལ་བདག་ཕྱག་འཚལ། །གཏུམ་མོ་ནམ་མཁའི་སྔོ་བསངས་མ། །སྲིན་པོར་ཙཾ་ལས་བྱུང་བ་ཡི། །གཡོན་ན་ཐོང་གཤོལ་འཁོར་ལོ་གཡས། །ཕྱག་འཚལ་སྲིན་པོ་མནན་ཁྱོད་ལའོ། །ཌོཾ་ལས་འཁྲུངས་པའི་གཡུང་མོ་ནི། །རླུང་མཚམས་ཐག་བཟང་རིས་སྟེང་གཤེགས། །ཕྱག་གཡོན་སྡིག་མཛུབ་གཡས་རྡོ་རྗེ། །སྣ་ཚོགས་མདོག་ལ་བདག་ཕྱག་འཚལ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཅེར་བུ་སྤྱན་གསུམ་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཕུང་པོ་ཁམས་རྣམས་རྣམ་དག་པ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །བདེ་རབ་སྟེར་འདི་ཐམས་ཅད་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་


KMC010_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཉིད་ཀྱི་ཕྱག་ན་གཟུང་བ་ཡི། །ཕྱག་མཚན་ས་བོན་ལས་བྱུང་བའི། །བདེ་ཆེན་འདོད་པ་ཐམས་ཅད་ལ། །རྟག་ཏུ་ཡང་དག་ཕྱག་འཚལ་ལོ། །གང་ཞིག་ཉི་ཟླ་ཁ་སྦྱོར་གནས་ས་བོན། །གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས། །ཉིད་ཀྱིས་ཉིད་ཀྱི་དཀྱིལ་འཁོར་འདི་ལ་ནི། །འཇིག་རྟེན་གསུམ་པོ་སྤྲུལ་པར་མཛད་དང་ལྡན། །ཉིད་ལ་འདི་དག་ཐམས་ཅད་མ་ལུས་པའི། །ཞི་བ་བདེ་གསོལ་རིག་མ་བསྡུ་བྱེད་པའི། །ཤེས་རབ་ཆགས་པ་བདུད་རྩིའི་རོ་ཉིད་ཀྱིས། །གནས་སུ་ཞི་བ་དེ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་གཙོ་ཀྱེའི་རྡོ་རྗེ། །ལྷ་མོ་འཁོར་ལོ་བཅས་བསྟོད་པས། །བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་འཇིག་རྟེན་དེ་མཚུངས་ཤོག །ཅེས་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་བསྟོད་པ་ཉི་ཤུ་པ་དང་། ཁྱོད་ནི་རྣལ་འབྱོར་མ་ཡི་སོགས་ཀྱིས་བསྟོད་ནས། སྟུ་ཏི་བཛྲའི་སྔགས་ཀྱིས་རྒྱས་གདབ་བོ། །སྒྲུབ་མཆོད་ཞག་མང་དུ་སྒྲེལ་ན་སྐབས་འདིར་བུམ་བསྐྱེད་བཟླས་པ། ལས་བུམ་ཕྲིན་ལས་བཅོལ་བའི་བར་སྟ་


KMC010_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གོན་སྐབས་ལྟར་བྱའོ། །གཉིས་པ་དབང་བསྐུར་བ་ལ་བཞི། བདག་ཉིད་འཇུག་ཅིང་དབང་བླང་བ། །བར་ཆད་ཞི་བའི་ཕྱིར་གཏོར་མ་སྦྱིན་པ། སློབ་མ་དཀྱིལ་འཁོར་དུ་གཞུག་པ། དབང་བཞི་བསྐུར་བའི་ཆོ་གའོ། །དང་པོ་ལ་གསུམ། །གླུ། གཏོར་ཆོག །བདག་འཇུག་དངོས་སོ། །དང་པོ་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་དོན་དུ་དམ་ཚིག་གི་གླུས་བསྐུལ་བ་ནི། རྡོར་དྲིལ་འཛིན་པས། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་མཐའ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག ། ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་


KMC010_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །དངོས་གྲུབ་ཆེན་པོ་མཆོག་གི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བའི་རྒྱལ། །གྲུབ་པའི་རྡོ་རྗེ་ཆེར་གསལ་བས། །རྡོ་རྗེ་བསྙེམས་པར་བདག་སྒྲུབས་ཤིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཅེས་པ་དང་། བདེན་པ་བསྒྲག་པ་ཡང་བྱ་སྟེ། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པའི། །མགོན་པོ་ཁྱོད་ཀྱི་བདེན་པ་དེས། །བདག་གི་འདོད་པ་སྐོངས་གྱུར་ཅིག །ཅེས་སོ། འདི་ད་ལྟའི་ཕྱག་བཞེས་སུ་བདག་འཇུག་གི་རྗེས་སུ་མཛད་དོ། །གཉིས་པ་བདག་ཉིད་ཀྱི་བར་ཆད་ཞི་བའི་ཕྱིར་འབྱུང་པོ་ཐམས་ཅད་གཏོར་མ་བཏང་བ་ནི་འོག་ནས་འབྱུང་བ་ལྟར་བྱའོ། །གསུམ་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་བླ་མ་དབྱེར་མེད་པས་སློབ་དཔོན་གྱི་བྱ་བ་མཛད་པར་མོས་ལ་སློབ་མ་གཞུག་པ་ཇི་ལྟ་བ་བཞིན་དུ་ཚིག་གི་འདོར་ལེན་ཕྱེད་བར་བྱས་ལ་རང་ཉིད་ཀྱིས་དཀྱིལ་འཁོར་དུ་འཇུག་ཅིང་དབང་རྫོགས་པར་བླང་ངོ་། །གཉིས་པ་ནི། སྒྲུབ་པའི་གྲོགས་རྩ་སྔགས་བཟླ་བཞིན་དུ་དཀྱིལ་འཁོར་གྱི་སྲུང་བར་


KMC010_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལ། སློབ་དཔོན་ལ་སོགས་པ་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་ཕྱིན་ཅིང་། ས་ཕྱོགས་གཙང་མར་དབུས་སུ་མཆོད་གཏོར། གཡས་ཆུ་གཉིས། གཡོན་དུ་མདུན་ནས་རྒྱབ་ཏུ་བརྩམས་ཏེ་ཉེར་སྤྱོད་ཕྲེང་ཚར། །མདུན་དུ་ནང་མཆོད་ཆུ་སྣོད་སོགས་འདུ་བྱས་ལ། མདུན་གྱི་ནམ་མཁར་ཆོས་འབྱུང་ནས་དབུ་བརྒྱན་པར་གྱུར། ཞེས་པའི་བར་སྒྲུབ་ཐབས་ལྟར་ལ། ༀ་པྲ་ཝ་ར་སཏྐར་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨཱརྒྷཾ་གྱི་གནས་སུ། པཱ་དྱཾ་སྦྱར་ནས་ཆུ་གཉིས། ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཉེར་སྤྱོད་རོལ་མོས་མཆོད། གཏོར་མ་བསངས་སྦྱང་། བྱིན་གྱིས་བརླབ། ༀ་ཨིནྡྲ་སོགས་ལན་གསུམ་གྱིས་ཕུལ། དབང་པོ་མཐར་བྱེད་ཆུ་བདག་དང་། ནོར་བྱིན་བྱིན་ཟ་བདེན་བྲལ་རླུང་། །འབྱུང་པོ་ས་ལྷ་འཁོར་དང་བཅས། །ཚངས་དང་ཟླ་ཉི་ལ་སོགས་གཟའ། །གཞན་ཡང་ཚངས་རིས་དམ་པ་དང་། །ཚངས་པའི་འདུན་ན་འདོན་པ་ཉིད། །དགའ་ལྡན་དང་ནི་འཐབ་བྲལ་བ། །རྒྱལ་པོ་ཆེན་པོ་བཞི་ཡི་རིས། །གཞན་འཕྲུལ་དབང་བྱེད་པ་རྣམས་དང་། །གང་ཞིག་འཕྲུལ་དགའ་ཡི་ནི་ལྷ། །གཙང་མའི་གནས་ན་གང་


KMC010_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དག་གནས། །བདེ་བ་ཅན་ན་གནས་རྣམས་དང་། །འོག་མིན་གནས་ན་གནས་པ་དང་། །འོད་ཟེར་ཅན་གྱི་འཇིག་རྟེན་གནས། །སུམ་ཅུ་རྩ་གསུམ་གནས་པ་རྣམས། །ཀླུ་ཆེན་སྟོབས་རྒྱུད་དུད་སྐྱོད་དང་། །དེ་བཞིན་མཐའ་ཡས་ནོར་རྒྱས་ཉིད། །འཇོག་པོ་དང་ནི་རིགས་ལྡན་ཏེ། །པད་ཆེན་པདྨ་བཟང་པོ་ཅན། །ལྷ་མིན་སེམས་ཅན་དམྱལ་བར་བཅས། །རྡོ་རྗེ་གསུམ་གྱི་རང་བཞིན་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། ནས། ཡིད་ལ་འདོད་པ་ཀུན་རྫོགས་མཛོད། །ཅེས་པའི་བར་གྱིས་ལས་བཅོལ། རྡོ་རྗེའི་གླུ་བླང་། ༀ་པྲ་ཝར་སཏྐ་ཨཱཉྩ་མཱ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། །ཞེས་པས་མཆོད་ཡོན་སྤྲེང་ལ་མཆོད་གཏོར་གཤེགས། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལ། ༀ་ཨཱཿཧཱུྃ་བཛྲ་མུཿ བཏགས་ལ་སེ་གོལ་གཏོགས། གཏོར་མགྲོན་རྣམས་རང་རང་གི་གནས་སུ་གཤེགས་པར་གྱུར། ཉེ་རེག་སྤྲོ་ན་སྐབས་འདིར་བྱ། ཧེ་རུ་ཀ་ཕྱག་གཉིས་པའི་ང་རྒྱལ་གྱིས་ནང་དུ་འོངས་ཏེ་རྡོར་དྲིལ་རོལ་མོ་བཅས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར། ཤར་དུ་གཡོན་སྔོན་འགྲོའི་གཞི་བཅའ་དང་


KMC010_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲགས་ལ། ཧཱུྃ་ཧཱུྃ་ཧཱི་ཧཱི་བརྗོད་དེ་གཡས་བརྐྱང་སྟབས་ཀྱིས། ༀ་བཛྲ་བེ་ག་ཧཱུྃ། དཀྱིལ་འཁོར་གྱི་ནང་དུ་རྡོ་རྗེ་ཤུགས་ཀྱི་འཇུག་པས་ཞུགས་པར་གྱུར། མེ་ཏོག་སྔོན་པོའི་ཕྲེང་བ་གཙོ་བོ་ལ་འབུལ་བའི་མོས་པས། ༀ་པ་ར་མ་ས་ཁཱ་ཤ་ཡ་སུ་ལ་ལི་ཏ་བི་ལཱ་ས་ན་མ་ཏེ་ན་མཱ་མི་བྷ་ག་བནྟཾ་ཛཿཧཱུྃ་བཾ་ཧོཿ ཧི་ཧི་ཧི་ཧི་ཧཱིཿཔྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོཿ ཞེས་དཀྱིལ་འཁོར་དུ་དོར་ཞིང་། སླར་ཡང་ཕྲེང་བའི་དབང་བསྐུར་བའི་མོས་པས། རང་གི་སྤྱི་བོར་བཅིངས་ཏེ་ཕྱག་བྱས་ལ། དེ་རིང་འགྲོ་བ་ཀུན་ལ་དངོས་གྲུབ་མཆོག །ལུས་པ་མེད་པའི་བཀའ་དྲིན་སྩོལ་བར་མཛོད། །ཅེས་གསོལ་ཏེ་སྐོར་བ་ནས་འདི་བར་སློབ་མ་དབང་བསྐུར་སྐབས་མི་དགོས་སོ། །གསུམ་པ་ནི། ལས་ཀྱི་སློབ་དཔོན་གྱིས་ཡོལ་བའམ་ཕྱི་རོལ་ཏུ་སྤོས་ཆུའི་བསང་གཏོར། མཎྜལ། མེ་ཏོག །གདོང་གཡོགས་རྣམས་ཉེར་བསྡོག་བྱ། སློབ་མ་རྣམས་གོས་གཙང་གྱོན་ཅིང་མཆིལ་ལྷམ་ཕུད་དེ་གནས་པ་འཁྲུས་བྱ། མཎྜལ་སྤྱི་མཐུན། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། །ཞེས་ཕུལ།


KMC010_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ནི། གསོལ་གདབ་གདོང་བཅིང་ནང་དུ་གཞུག །བགེགས་བསལ་དྲི་ལན་གསོལ་བ་བཏབ། །སྒོ་བཞིར་ཞུགས་དང་ལྔ་རྣམ་དང་། །སྡོམ་པ་བསྒྲག་གཟུང་མེ་ཏོག་སྦྱིན། །དོན་དམ་སེམས་བསྐྱེད་དམ་བསྒྲག་གཉིས། །མནའ་ཆུ་སློབ་དཔོན་དམ་བཞག་དང་། གསོལ་བ་གདབ་ཅིང་བདུད་རྩི་བླུད ། །ཡེ་ཤེས་དབབ་དང་བརྟན་པར་བྱ། །སྣང་བ་བརྟག་ཅིང་མེ་ཏོག་གཏོར། །མིག་དབྱེ་དཀྱིལ་འཁོར་བསྟན་པའོ། །ཞེས་བྱ་བ་རྣམས་ལས་ཐོག་མར་གསོལ་བ་གདབ་པ་ནི། །ཐལ་སྦྱར་བཅས། སངས་རྒྱས་ཀུན་ཀྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོ་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ལན་གསུམ། ༀ་ཨཱཿཧཱུྃ་དང་སྤོས་ཆུས་བསངས་པའི་གདོང་གཡོགས་དམར་པོ་བཅིང་། ལས་རྡོར་གྱི་རྡོ་རྗེ་ལ་འཛིན་དུ་བཅུག་ནས་ནང་དུ་ཁྲིད་དེ་སློབ་དཔོན་གྱི་མདུན་དུ་འཁོད་པ་ལ། ན་མཿས་མནྟཿསོགས་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་དང་། ན་མཿས་མནྟ་བུདྡྷེ་བྷྱཿ སོགས་བདུད་རྩི་འཁྱིལ་བའི་སྔགས་རིང་ལན་རེ་བརྗོད་པས་བགེགས་བསལ། གུ་གུལ་བདུག །ཡུངས་ཐུན་བྲབས། སློབ་དཔོན་གྱིས། བུ་ཁྱོད་སུ་


KMC010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་འདྲི། སློབ་མས་ཀྱང་བདག་སྐལ་པ་བཟང་པོ་ལགས་ཞེས་ལན་གསུམ་བརྗོད་ཅིང་། སློབ་དཔོན་གྱིས། དཀྱིལ་འཁོར་པ་ལ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བ་བཏབ་བོ། །དེ་ནས། དཀྱིལ་འཁོར་གྱི་ཤར་གྱི་སྒོ་ཕྱེས་ཏེ་ནང་དུ་ཞུགས་ནས་ཤར་གྱི་ལྷ་སྣམ་ལ་གནས་པར་གྱུར་པར་མོས་མཛོད། ཐལ་མོ་གནས་གསུམ་སྦྱར་ཏེ། ༀ་ན་མ་སྟེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་ན་མ༔ཧཱུྃ་སྭཱ་ཧཱ། ཞེས་གནས་ལྔ་ས་ལ་གཏུགས་པའི་ཕྱག་བྱ་ཞིང་ཡིད་ཀྱིས་ལྷ་དགུའི་ཞབས་ལ་བཏུད་པའི་ཕྱག་བྱས་པས་ཤིན་ཏུ་མཉེས་པར་སེམས་སུ་བཅུག་གོ །སྒོ་དེ་ཉིད་ནས་ཐོན་ཏེ་གཡས་བསྐོར་གྱིས་ལྷོའི་སྒོ་སོགས། ནུབ། བྱང་རྣམས་ནས་ཕྱག་བྱ་བ་རིགས་འགྲེ། སླར་ཡང་ཤར་སྒོ་ནས་ཞུགས་ཏེ་ཤར་གྱི་ལྷ་སྣམ་ལ་འཁོད་པར་གྱུར་པར་མོས་ལ་སྡིག་པ་བཤགས་པ་སོགས་ལྔ་རྣམ་དག་སྟ་གོན་གྱི་སྐབས་ལྟར་ལན་གསུམ་བྱའོ། །དེ་ནས་སྡོམ་པ་བསྒྲག་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་


KMC010_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་མ་ཁྱོད་ཀྱིས་བཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞིན་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་པས་རིགས་ལྔའི་སྡོམ་པ་དང་། གང་ཕྱིར་རྡོ་རྗེ་


KMC010_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་སེམས་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་པ་ནི་ལྔ་པ་ཡིན། །རང་དང་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །སྨོད་པར་བྱེད་པ་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །


KMC010_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དད་དང་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ལ་ནི་ཇི་བཞིན་ཉིད། །མི་བསྟེན་པ་དེ་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། སྨོད་པར་བྱ་པ་བཅུ་བཞི་པ། །སྔགས་པས་འདི་དག་སྤང་ན་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་སློབ་དཔོན་གྱིས་ལན་གཅིག་བསྒྲག ། སློབ་མས་སྡོམ་པའི་འཛིན་ཅིང་དམ་ཚིག་བསྲུང་བར་ཁས་ལེན་པ་ནི། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་སོགས་ལན་གསུམ་གྱིས་སྡོམ་པ་བཟུང་ངོ་། །དེ་ནས། སློབ་མ་རྣམས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད། ཕྱག་བཅུ་དྲུག །ཞབས་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཡུམ་བདག་མེད་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། ལས་ཐམས་ཅད་པས་བསངས་པའི་མེ་ཏོག །ༀ་ཨཱཿཁཾ་བཱི་ར་ཧཱུྃ། ཞེས་པས་གཏད་པ་ཐལ་མོའི་བར་དུ་བཅུག་སྟེ་སྙིང་


KMC010_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གར་བཟུང་། སློབ་དཔོན་གྱིས་དེའི་སྙིང་གར་རྡོ་རྗེ་བཞག་ལ། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། རྗེས་ཟློས་ལན་གསུམ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ། ༀ་བོ་དྷི་ཙིཏྟ་བཛྲ་ཡ་ཐཱ་སུ་ཁཾ། ལན་གཅིག་གིས་དོན་དམ་སེམས་བསྐྱེད་བརྟན་པར་བྱས་ནས། ལྷའི་དམ་ཚིག་བསྒྲག་པ་ནི། དེ་རིང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱའོ། །ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། སྙིང་གར་རྡོ་རྗེ་བཞག་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་དོ། །མནའ་ཆུ་བླུད་པ་ནི། ཐོད་པའི་ནང་དུ་བདུད་རྩིའི་རིལ་བུ་མ་དཱ་ན་དང་སྦྱར་བ། ཡི་གེ་


KMC010_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་བྱིན་གྱིས་བརླབས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ། ཞེས་པས་འཐུང་དུ་གཞུག་ཅིང་། །སློབ་དཔོན་གྱིས་དམ་ཚིག་བསྒྲག་པ་ནི། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ངས་གང་བྱོས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པའི་ལས་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་བསྒྲག་གོ །དེ་ནས་ཡེ་ཤེས་པ་དབབ་པའི་དོན་དུ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་ཕོབ་ཅིག །ལན་གསུམ་གསོལ་བ་གདབ་ཏུ་གཞུག །བདུད་རྩི་ལྔའི་ཆུ་བྱིན་ནས། ཁྱོད་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར། །དེའི་དབུས་སུ་ཧཱུྃ་སྔོན་པོ་འོད་ཟེར་དང་བཅས་པ། དེའི་མཐའ་མ་ན་སྙིང་པོའི་སྔགས་མེ་མར་གྱི་རྣམ་པ་བཞིན་དུ་དམར་


KMC010_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་ལྷག་པ་སྒོམས་ཤིག །དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་སེམས་དཔའ་སུམ་བརྩེག་ཏུ་བཞུགས་པའི་ས་བོན་ཧཱུྃ་སྔོན་པོ་ལས་འོད་ཟེར་དཀར་པོ་ཕྲེང་མ་ཆད་པར་ན་ར་ར་བྱུང་བ། ཁྱོད་རང་གི་སྙིང་གར་ཞུགས་པས་རྐྱེན་བྱས་པས་ལུས་འོད་དུ་མེ་རེ་རེ་ཞུ་བར་གྱུར། དམིགས་པ་དེ་ལ་སེམས་རྩེ་གཅིག་ཏུ་གཏོད་ལ་གཞན་གང་ལའང་ཡེངས་སུ་མ་གཞུག །ཅེས་བརྡ་སྦྱར་ལ་འབེབས་རྫས་སམ་གུ་གུལ་བདུག་ཅིང་རོལ་མོའི་སྒྲ་དྲག་ཏུ་བྱ། མཁའ་འགྲོ་ཐམས་ཅད་ཀྱི་བྱིན་རླབས་སློབ་མའི་རྒྱུད་ལ་ཤར་བར་བལྟས་ཏེ། སྙིང་པོའི་གཤམ་དུ་ཨ་ཨ། བཏགས་པ་བཟླས་ལ་ཡེ་ཤེས་པ་དབབ་པོ། །དེ་ཡང་། སྐུ་ཕེབས་ན་འཕར་བ་དང་འདར་བ་སོགས་དང་། གསུང་ཕེབས་ན་ཆོས་སྨྲ་བ་དང་། ཐུགས་ཕེབས་ན་མི་རྟོག་པའི་ཏིང་ངེ་འཛིན་འབྱུང་ངོ་། །དེས་མ་ཕེབས་ན་སྔ་མ་བཞིན་དུ་ཡང་ཡང་བསྐྱར་ཏེ་དབབ་པས་ཕེབས་པར་འགྱུར་རོ། །ཕེབས་པར་གྱུར་ན། སློབ་མ་སྣང་བ་མཐའ་ཡས་སུ་བསྒོམས་ཏེ། ལྕེ་ལ་ཨཱཿདམར་པོ་བསམ་ནས། སྨྲོས་ཤིག་བུ་ཡིས་དགེ་མི་དགེ །ཞེས་དྲིས་པས་དགེ་བ་དང་མི་དགེ་བ་ཐམས་ཅད་སྟོན་པར་བྱེད་དོ། །ཡེ་ཤེས་པ་བབས་པ་ན་སློབ་དཔོན་གྱི་ལག་པ་སྤོས་ཆུས་བརླན་


KMC010_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སློབ་མའི་སྤྱི་བོར་བཞག་ལ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱ་ཞིང་། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཁ་དོག་ཇི་ལྟ་བུ་མཐོང་ཞེས་འདྲིའོ། །དེ་རྣམས་ཀྱིས་ཀྱང་རང་གིས་ཇི་ལྟར་མཐོང་བ་བཞིན་བརྗོད་པར་བྱ་སྟེ། དཀར་སེར་དམར་ལྗང་སྣ་ཚོགས་རྣམས་ལ་རིམ་པ་བཞིན་དུ་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། ལས་ཐམས་ཅད་པ་འགྲུབ་པའི་ལྟས་སུ་ངེས་པར་བྱའོ། །དེ་ནས་སློབ་དཔོན་གྱིས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བྱ། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །ཅེས་བརྗོད་པའི་རྗེས་སུ། སློབ་མས་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་མེ་ཏོག་ཕྲེང་བ་དཀྱིལ་འཁོར་གྱི་དབུས་སུ་དམིགས་ལ་དོར་རོ། །དེ་ཡང་གཙོ་བོ་ལ་ཕོག་ན་མཆོག་གི་དངོས་གྲུབ་འཁོར་རྣམས་ལ་ཕོག་ན་ཐུན་མོང་གི་དངོས་གྲུབ། ཕོ་བྲང་གི་ནང་དུ་ཚུད་ན་འཇིག་རྟེན་དངོས་གྲུབ་ཐོབ་ཅིང་། ལན་གསུམ་བསྐྱར་ཡང་ཕོ་བྲང་དུ་མ་ཆུད་ན་གདོན་མི་ཟ་བར་འཆིའོ། །ཞེས་བཤད། སློབ་དཔོན་གྱིས་སླར་ཡང་མེ་ཏོག་གི་ཕྲེང་བ་དེ་བླངས་ཏེ། སེམས་ཅན་སྟོབས་ཅན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་བར་གྱིས། །ཤེས་མེ་ཏོག་གི་ཕྲེང་བ་མགོ་ལ་བཅིང་། སློབ་མའི་མིག་ཏུ་ༀ་


KMC010_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རེ་རེ་གསལ་བར་གྱུར། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛོད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་གདོང་གཡོགས་བསལ་ནས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀྱང་། །ཐམས་ཅད་འདི་ལས་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་ལྟ་བར་བསྐུལ་ནས། དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་སོགས་ནས་དུར་ཁྲོད་མེ་རིའི་བར་མངོན་རྟོགས་ལྟར་ལྷ་ངོ་རྒྱས་པར་བསྟན། །བདག་འཇུག་སྐབས་སོགས་བསྡུ་ན། ཆོས་འབྱུང་གི་ནང་དུ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་དུར་ཁྲོད་རྡོ་རྗེའི་རྭ་བ་མེ་རིས་བསྐོར་བའི་གཞལ་ཡས་ཁང་གི་


KMC010_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ། པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་བཅོམ་ལྡན་འདས་ཡབ་ཡུམ། །འདབ་མ་བརྒྱད་ལ་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་སོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར། ཞེས་སམ། མཚན་ཙམ་གྱིས་ལྷ་ངོ་བསྟན་ལ། དེ་ལས་ཀྱང་ཁྱོད་ཀྱི་མེ་ཏོག་ཕོག་པའི་ལྷ་ནི་འདི་ཡིན་ནོ་ཞེས་བསྟན་ནོ། །བཞི་པ་ལ་བཞི། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། དབང་བཞི་པའོ། །དང་པོ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ལ་བཅོ་བརྒྱད་དེ། གསོལ་གདབ་རིག་པའི་དབང་ལྔ་དང་། །ཐུན་མོང་རྗེས་གནང་དམ་ཚིག་གསུམ། །རིགས་ལྔའི་རྗེས་སུ་གནང་བ་དང་། །ལུང་བསྟན་གཟེངས་བསྟོད་དབུགས་དབྱུང་དང་། སློབ་དཔོན་དབང་དང་བརྟུལ་ཞུགས་སོ། །དེ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་གདབ་པ་ནི། ཧེ་རུ་ཀ་དཔལ་དབང་བསྐུར་བ། འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་ལ་སོགས། །དེ་བཞིན་བདག་ལའང་དེ་སྩོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །


KMC010_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ལན་གསུམ། དེ་ནས་རྒྱུ་དབང་ནི། །སློབ་མ་བའི་རྣམ་ལྔས་བྱུགས་པའི་མཎྜལ་ཤར་དུ་བཀོད་པ་ལ་བཞག་ནས། ༀ་བཛྲ་ཨ་མྲྀ་ཏས་བསངས། རཀྵའི་སྔགས་ཀྱིས་བསྲུང་ལ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་མཆོད་པའི་བཀོད་པ་དུ་མ་དང་ལྡན་པའི་དབུས་སུ། །སློབ་མ་སྐད་ཅིག་གིས་པད་ཉིའི་གདན་ལ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། མཱ་མ་ཀི་སྔོན་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་ལ། །མཁའ་འགྲོ་མ་དུ་མས་བདུད་རྩིའི་བུམ་པས་དབང་བསྐུར་བར་སྒོམས། བུམ་པ་རྒྱས་པར་ཡོད་ན་སོ་སོའི་བུམ་ཆུ་རྣམ་རྒྱལ་དུ་བསྡུས་ཏེ། སློབ་མའི་སྤྱི་བོར་བཀོད་དེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་ལས། །རབ་ཏུ་བྱུང་བ་སྦྱིན་པར་བྱ། །ཞེས་དང་སྙིང་པོའི་མཐར། །ༀ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ཅིང་བུམ་པའི་ཆུ་བདུད་རྩི་བྱང་ཆུབ་སེམས་སུ་དམིགས་ལ་སྤྱི་བོར་བླུགས། ཁ་གདོང་བཀྲུས་ཤིང་ཅུང་ཟད་


KMC010_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་དུ་གཞུག་གོ །དེ་ལྟར་ཆུའི་དབང་བསྐུར་བས་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་གྱིས་ཤིག །དབུ་རྒྱན་དབང་ནི། བསངས་ཤིང་སྲུང་། སློབ་མ་སྐད་ཅིག་གིས་པད་ཉིའི་གདན་ལ་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་། དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། དབང་རྫས་བསངས་སྦྱང་། སྟོང་པའི་ངང་ལས། པད་ཉིའི་གདན་ལ་དབུ་རྒྱན་ཨཱཾ་ལས་རིན་ཆེན་འབྱུང་ལྡན༴ ནས། མཉམ་པར་སྦྱོར་བ། གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སྭཱ་རཏྣ་དྷྲྀཀ་གསུམ། ༀ་བཛྲ་པུཥྤེ་སོགས་ཉེར་སྤྱོད་རོལ་མོས་མཆོད། རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བ་དབུ་རྒྱན་གྱི་གཟུགས་སུ་གསལ་བ་མཁའ་འགྲོ་མ་དུ་མས་དར་དཔྱངས་དང་བཅས་


KMC010_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྣམས་ཏེ་དབང་བསྐུར་བར་གྱུར། མགོར་བསྐོན་ལ། ཐོར་ཚུར་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུལ་སྦྱིན་པར་བྱ། །ༀ་རཏྣ་ཨ་བྷི་ཥིཉྩ་མི། དེ་ལྟར་དབུ་རྒྱན་དར་དཔྱངས་དང་བཅས་པས་དབང་བསྐུར་བས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་གྱིས་ཤིག །རྡོ་རྗེའི་དབང་ནི། བསངས་སྲུང་། །ཚིག་རྣམས་དབུ་རྒྱན་གྱིས་འགྲེས་ཏེ། སློབ་མ་སྐད་ཅིག་གིས་པད་ཉིའི་གདན་ལ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དེས་ཡུ་བ་བྱས་པའི་རིལ་བུ་འཛིན་པ། ཡུམ་གོས་དཀར་མོ་དམར་མོ་གྲི་ཐོད་འཛིན་པ་སོགས། དབང་རྫས་བསངས་སྦྱང་། སྟོང་པའི་ངང་ལས་པད་ཉིའི་གདན་ལ་རྡོ་རྗེ་ཛྲཱིཾ་ལས་སྣང་བ་མཐའ་ཡས་ནས། མཉམ་པར་སྦྱོར་བ། སྤྱན་དྲངས། བསྟིམ། མཆོད། སྣང་བ་མཐའ་ཡས་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བ་རྡོ་རྗེའི་རྣམ་


KMC010_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་བ་མཁའ་འགྲོ་མ་དུ་མས་བསྣམས་ཏེ་དབང་བསྐུར་བར་གྱུར། ལག་པ་གཡས་སུ་གཏད་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ༀ་བཛྲ་ཨ་བྷིི་ཥིཉྩ། རྡོ་རྗེའི་དབང་བསྐུར་བས་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་ནས། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་གྱིས་ཤིག །དྲིལ་བུའི་དབང་ནི། བསངས་སྲུང་། སློབ་མ་སྐད་ཅིག་གིས་པད་ཉིའི་གདན་ལ་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། དབང་རྫས་བསངས་སྦྱང་། སྟོང་པའི་ངང་ལས་པད་ཉིའི་གདན་ལ་དྲིལ་བུ་ཁཾ་ལས་དོན་ཡོད་གྲུབ་པ་ནས། མཉམ་པར་སྦྱོར་བ། དྲངས། བསྟིམ། མཆོད། དོན་ཡོད་གྲུབ་པ་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བ་དྲིལ་བུའི་རྣམ་པར་གསལ་བ་མཁའ་འགྲོ་མ་དུ་


KMC010_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མས་བསྣམས་ཏེ་དབང་བསྐུར་བར་གྱུར། ལག་གཡོན་དུ་གཏད། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་༴ སངས་རྒྱས༴ དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོངས། །ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། དེ་ལྟར་དྲིལ་བུའི་དབང་བསྐུར་བས་སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་ནས། བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་གྱིས་ཤིག །མིང་དབང་ནི། བསངས་སྲུང་། སློབ་མ་སྐད་ཅིག་གིས་པད་ཉིའི་གདན་ལ་རྣམ་སྣང་དཀར་པོ་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། མཁའ་འགྲོ་མ་དུ་མས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་བརྡར་རྡོ་རྗེ་སྤྱི་བོར་བཞག་སྟེ་མིང་གི་དབང་བསྐུར་བར་གྱུར། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་༴ སངས་རྒྱས༴ མིང་གི་དབང་ནི་ཁྱོད་ཀྱིས་ལོངས། །ༀ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩ་མི། ༀ་བཛྲ་ནཱ་མ་


KMC010_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥཻ་ཀ་ཏཿ ཀྱེ་དཔལ་ཆེ་གེ་མོ་ཞེས་བྱའོ། །མིང་གི་བྱེ་བྲག །རྡོ་རྗེ་བཞད་པ། རྡོ་རྗེ་རྣམ་པར་སྒེག་པ། ཞེས་སྐྱེས་པ་དང་། རྡོ་རྗེ་བསྙེམས་མ། རྡོ་རྗེ་མཚོན་ཆ་མ། རྡོ་རྗེ་ཨེ་མ་འོ་བདེ་བ། རྡོ་རྗེ་བདག་མེད་མ། ཞེས་པ་བུད་མེད་རྣམས་ལའོ། །གཙོ་བོ་ལ་མེ་ཏོག་ཕོག་ན། རྡོ་རྗེ་སེམས་དཔའ། དགྱེས་པ་རྡོ་རྗེ། རང་བྱུང་རྣམ་སྣང་ཆེན་པོ། །རྡོ་རྗེ་ཨཱ་ར་ལི། །ཐུགས་རྡོ་རྗེ་ཁྲོ་བོ། །རྡོ་རྗེ་ཁྲོ་བོ། །རྡོ་རྗེ་བདུད་རྩི། བདུད་རྩི་འཁྱིལ་བ། ཧེ་རུ་ཀ །སྙིང་རྗེའི་སྟོབས་ཤེས་གདགས་ཤིང་། དེ་ལྟར་མིང་གི་དབང་བསྐུར་བས་མིང་གཞིའི་ཕུང་པོ་གནས་གྱུར་ནས། །ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་གྱིས་ཤིག །དེས་མ་རིག་པ་ལྔ་གནས་གྱུར་ཏེ་རིག་པའི་ཡེ་ཤེས་ལྔ་མངོན་ཏུ་བྱེད་པས་རིག་པའི་དབང་ངོ་། །ཞེས་བརྡ་སྤྲད། ཐུན་མོང་གི་དངོས་གྲུབ་རྗེས་སུ་གནང་བ་ནི། །སློབ་མ་སྐད་ཅིག་གིས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད། ཕྱག་བཅུ་དྲུག །ཞབས་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཡུམ་བདག་མེད་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། གྲི་ཐོད་བསངས་སྦྱང་། སྟོང་པའི་ངང་


KMC010_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཨ་ལས་གྲི་གུག་ཤེས་རབ་གྱི་རང་བཞིན་དང་། ཧཱུྃ་ལས་ཐོད་པ་ཐབས་བདེ་བའི་རང་བཞིན་དུ་བསམ། ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁ་ཊྭཱྃ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔའ་པོ་ཆེན་པོས་བླང་བར་གྱིས། །དབང་བསྐུར་སྐབས། དེ་རྣམས་དང་ལྡན་པས་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། བསྐྲད་པ་དང་། རྨོངས་པར་བྱ་བ་དང་། །དགྲའི་སྡེ་འཇིག་པ་དང་། བསད་པ་ལ་སོགས་པ་ལས་དེ་རྣམས་ཐོགས་པ་མེད་པར་བྱོས་ཤིག །མཆིལ་ལྷྭམ་བགོ་བ་དང་། ཆར་དབབ་པ་དང་། ཉི་མ་དང་ཟླ་བ་བཟུང་བ་ལ་སོགས་པ་མཁའ་འགྲོ་མའི་དངོས་གྲུབ་ཐམས་ཅད་ཀྱང་ཅི་དགའ་བར་བསྒྲུབ་པར་གྱིས་ཤིག །ཅེས་གྲི་གུག་གཡས། ཐོད་པ་གཡོན་ཏུ་སྦྱིན། དམ་ཚིག་གསུམ་སྦྱིན་པ་ནི། །སློབ་མ་པད་ཟླའི་གདན་ལ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་


KMC010_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྡོ་རྗེ་བསངས་ཤིང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེར་གྱུར། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་བརྗོད་དེ། །ལག་པ་གཡས་བྱིན་ལ། དེས་ཀྱང་བདག་འཇུག་ལ་འདི་རིགས་མ་བརྗོད་ཀྱང་རུང་། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་དུ་རྟོགས་པར་བྱའོ། །སྙམ་པའི་བློས་སྙིང་གར་རྡོ་རྗེ་བཟུང་བ་ནི་ཐུགས་ཀྱི་དམ་ཚིག་གོ །དྲིལ་བུ་བསངས་ལ། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དྲིལ་བུར་གྱུར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེ་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་པས་བཤད། །སྲིད་པ་ངོ་བོ་ཉིད་ཀྱིས་


KMC010_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །ཞེས་དྲིལ་བུ་གཡོན་དུ་བྱེད་ལ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་ཐམས་ཅད་ལ་སྒྲོགས་པར་བྱའོ་སྙམ་པའི་བློས་དཀྲོལ་དུ་གཞུག་པ་ནི་གསུང་གི་དམ་ཚིག་གོ །དེ་ནས་རང་གི་མེ་ཏོག་ཕོག་པའི་ལྷ་བསྒོམ་པར་གསུངས་ཀྱང་སྤྱི་ཁྱབ་ཏུ། སློབ་མ་བཅོམ་ལྡན་འདས་ཡབ་ཡུམ་གྱི་སྐུར་གསལ་བར་གྱུར། །རྡོར་དྲིལ་འཁྱུད་པའི་ཚུལ་གྱིས། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བརྗོད། །དམ་ཚིག་ཡིད་ནི་བརྟན་པ་གང་། །དེ་ཕྱིར་ཕྱག་རྒྱར་རབ་ཏུ་གྲགས། ཤེས་དང་། དུས་འདི་ནས་བཟུང་སྟེ་ཡི་དམ་གྱི་ལྷ་དང་སྐད་ཅིག་ཀྱང་མི་འབྲལ་བར་གྱིས་ཤིག་ཅེས་བྱ་བ་ནི་སྐུའི་དམ་ཚིག་གོ །རིགས་ལྔའི་རྗེས་གནང་ནི། བདག་འཇུག་སྐབས་ལྷ་བསྐྱེད་དོར་ཏེ་ཚིགས་བཅད་རྐྱང་པས་རུང་། །སློབ་མ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་པད་ཟླའི་སྟེང་ལ་རྡོ་རྗེ་


KMC010_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་གིས་བཞུགས་པར་གྱུར། དེའི་ཕྱག་རྒྱ་བྱེད་དུ་གཞུག །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར། །ཞེས་དང་། ཁྱོད་ཀྱི་གདུལ་བྱ་གཏི་མུག་ཅན་རྣམས་ཀྱི་དོན་གྱིས་ཤིག །ཅེས་བརྗོད། དེ་བཞིན་དུ་སྦྱར་ཏེ། མི་བསྐྱོད་པ་སྔོན་པོ་ས་གནོན་དང་མཉམ་བཞག་གི༴ ཆོས་ཀྱི་གནས་སུ། རྡོ་རྗེའི་འཁོར་ལོ༴ གདུལ་བྱ་ཞེ་སྡང་ཅན༴ རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་མཉམ་བཞག་གི༴ ནོར་བུའི་འཁོར་ལོ༴ སེར་སྣ་ཅན༴ སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱི༴ །པདྨའི་འཁོར་ལོ༴ འདོད་ཆགས་ཅན༴ དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཉམ་བཞག་གི༴ ལས་ཀྱི་འཁོར་ལོ༴ ལེ་ལོ་ཅན༴ ཞེས་བསྒྱུར་རོ། །སློབ་དཔོན་དབུ་ཞྭ་ཕུད་ཆོས་གོས་སྣམ་སྦྱར་བགོས་པའི་སྣེ་ལ་སློབ་མ་དག་གིས་འཛིན་དུ་བཅུག་པའམ། །གཞུང་གཞན་ནས་འབྱུང་བ་བཞིན། །གྲྭ་གཉིས་རྣ་བ་ལྟར་བྱས་པ་གཡོན་པའི་ཁུ་ཚུར་གྱིས་གཟུང་། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། འདིར་ནི་


KMC010_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ངས་ཁྱོད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། ཤྲཱི་ཆེ་གེ་མོ་ནཱ་མ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭ། ཞེས་དང་། དབང་བསྐུར་སྐབས། ཁྱོད་ཀྱི་གཟུགས་ཀྱི་ཕུང་པོ་དང་གཏི་མུག་རྣམ་པར་དག་པ་ནི་གཽ་རཱི་མའོ། །ཚོར་བའི་ཕུང་པོ་དང་སེར་སྣ་རྣམ་པར་དག་པའི་ཙཽ་རཱི་མའོ། །འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་རྣམ་པར་དག་པ་ནི་བཻ་ཏཱ་ལིའོ། །འདུ་བྱེད་ཀྱི་ཕུང་པོ་དང་ཕྲག་དོག་རྣམ་པར་དག་པ་ནི་གྷསྨ་རཱིའོ། །རྣམ་པར་ཤེས་པའི་ཕུང་པོ་དང་ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པ་ནི་བདག་མེད་མའོ། །འབྱུང་བས་རྣམ་པར་དག་པ་ནི་པུཀྐ་སཱིའོ། །ཆུ་རྣམ་པར་དག་པ་ནི་ཤ་བ་རཱིའོ། །མེ་རྣམ་པར་དག་པ་ནི་ཙཎྜ་ལཱིའོ། །རླུང་རྣམ་པར་དག་པ་ནི་ཌོམྦི་ནཱིའོ། །མིག་གི་དབང་པོ་དང་མིག་གི་རྣམ་ཤེས་རྣམ་པར་དག་པ་ནི་གཏི་མུག་རྡོ་རྗེའོ། །རྣ་བའི་དབང་པོ་དང་


KMC010_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བའི་རྣམ་ཤེས་རྣམ་པར་དག་པ་ནི་ཞེ་སྡང་རྡོ་རྗེའོ། །སྣའི་དབང་པོ་དང་སྣའི་རྣམ་ཤེས་རྣམ་པར་དག་པ་ནི་སེར་སྣ་རྡོ་རྗེའོ། །ལྕེའི་དབང་པོ་དང་ལྕེའི་རྣམ་ཤེས་རྣམ་པར་དག་པ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ཀྱི་དབང་པོ་དང་ལུས་ཀྱི་རྣམ་ཤེས་རྣམ་པར་དག་པ་ནི་ཕྲག་དོག་རྡོ་རྗེའོ། །ཡིད་ཀྱི་དབང་པོ་དང་ཡིད་ཀྱི་རྣམ་ཤེས་རྣམ་པར་དག་པ་ནི་རེག་བྱ་རྡོ་རྗེ་མ་སྟེ། ཁྱོད་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་བསྟན་པ་ཡིན་ནོ། །དེ་ལྟར་ལུང་བསྟན་པས་སྔོན་མ་ཤེས་པའི་རང་ངོ་ལྷར་ཤེས་པའི་དགའ་བ་སྐྱེས་པ་ལ་གཟེངས་བསྟོད་པ་ནི། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་འདས་པའོ། །དབང་བསྐུར་སྐབས། ཁྱེད་ཅག་ཐོག་མ་མེད་པ་ནས་ཁམས་གསུམ་འཁོར་བར་འཁོར། ངལ་བ་དོན་མེད་པ་འབའ་ཞིག་ཏུ་སོང་། ད་ནི་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར།


KMC010_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང་སྡོམ་པ་ཐོབ་པས། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་འཇིགས་པ་མེད་པར་བྱོས་ལ། ཐབས་བསྐྱེད་རྫོགས་གཉིས་བསྒོམས་པས་ངེས་པར་འཚང་རྒྱའོ། །ཞེས་པས་དབུགས་དབྱུང་། དེ་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ནི། རྡོར་དྲིལ་གཏད་ལ་འཁྱུད་པའི་ཚུལ་བྱེད་དུ་གཞུག་ཅིང་། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་དང་། རྡོ་རྗེ་ཆེ་དང་དྲིལ་ཆེན་ལོང་། །རྡོ་རྗེ་ལ་ནི་རྡོ་རྗེ་གནས། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཤད་ཅིང་སློབ་མ་བསྡུ་བར་བྱའོ། །སྙམ་དུ་རྡོ་རྗེ་གསོར་ཞིང་། དྲིལ་བུ་དཀྲོལ། རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་སྦྱིན་པ་ནི། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་


KMC010_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན། ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཱཾ་དྷཱ་ར་ཡ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱུྃ། སློབ་མའི་ལག་པ་གཡས་པར་རྡོ་རྗེ་གཏད་ལ་ལན་གསུམ་གསོར་ཏེ་མཐར་སྙིང་གར་གཟུང་དུ་གཞུག་ཅིང་། ཁྱོད་ཀྱིས་འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་བརྟུལ་ནས་སྔགས་ཀྱི་སྤྱོད་པ་ལ་ཞུགས་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱོས་ཤིག །ཅེས་བརྗོད་དོ། །དེ་ལྟར་དབང་བསྐུར་བས། །ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་པའི་རིམ་ལ་བསྒོམ་པ་དང་། རྒྱུད་ཉན་ཞིང་འཆད་པ་ལ་སོགས་པས་རང་གཞན་གྱི་དོན་བྱེད་པ་ལ་དབང་ངོ་། །བུམ་དབང་རྫོགས་པར་ཐོབ་པའི་གཏང་རག་གི་མཎྜལ་དབུལ་ལོ། །གཉིས་པ་ལུས་ཀྱི་དཀྱིལ་འཁོར་དུ་གསང་དབང་བསྐུར་བ་ནི། །གསོལ་གདབ་ལུས་ཀྱི་དཀྱིལ་འཁོར་སྒྲུབ། ཡེ་ཤེས་དབབ་ཅིང་མེ་ཏོག་དོར། །མིང་དང་སྙོམས་འཇུག་དབང་བསྐུར་དང་། རྗེས་གནང་ཡན་ལག་བཅས་པའོ། །ཞེས་པའི་རིམ་པ་བཞིན་དུ་ངེས་པར་བྱ་སྟེ། ནམ་ཕྱེད་ཀྱི་དུས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ། བདུད་རྩི་ལྔའི་མཎྜལ་གྱི་དབུས་སུ། སློབ་དཔོན་སྟན་བཟང་པོའི་སྟེང་དུ་གནས་པ་ལ། སློབ་མས་མཎྜལ་སྔོན་དུ་འགྲོ་བས་ཡིད་ལས་བྱུང་བའི་རིག་མ་གུས་པས་


KMC010_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ཏེ། ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། བདེ་གཤེགས་རྣམས་ཀྱི་བདེ་སྩོལ་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡི། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་དག་ནི་བསལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་ཉེས་པའི་རབ་རིབ་འཇོམས། །གང་གིས་བླ་མེད་བྱང་ཆུབ་པ། །དེ་འདིར་བདག་གིས་ཐོབ་པར་མཛོད། །ཅེས་གསོལ་བ་ལན་གསུམ་གདབ་བོ། །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ནས། འཇིགས་པར་མཛད་པ། ཡིད་ལས་བྱུང་བའི་རིག་མ་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མངའ་བ། །མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་ཏུ་བརྫིས་པ། ཕྱག་གཡས་གྲི་གུག །གཡོན་ཐོད་པ་བསྣམས་པས་ཡབ་ལ་འཁྱུད་


KMC010_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡོན་གྱི་གྲུ་མོར་ཁ་ཊྭཱཾ་ག་དང་ལྡན་པ། སྟག་གི་པགས་པས་སྨད་དཀྲིས་པ། །ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པས་པདྨ་དང་རོའི་སྙིང་གར་ཉི་མའི་གདན་ལ་བཞུགས་པ། གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས། གཽ་རཱི་ཛཿསོགས། དམ་ཚིག་པ་དང་གཉིས་མེད་དུ་གྱུར། ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི་བདུད་རྩིའི་བུམ་པ་ཐོགས་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བས། རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན། ཉེར་སྤྱོད་ལྔས་མཆོད་ཅིང་། །དེ་ནས་རང་གི་སྙིང་ག་ལ་སོགས་པར་དྲིའི་ཆུས་ཐིག་ལེ་བྱ་ཞིང་། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་རིག་མ་བདག་མེད་མར་གསལ་བའི་སྙིང་གར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྟེ་བར་དོན་གྲུབ་ལྗང་གུ་རལ་གྲི་དང་དེས་ཡུ་བ་བྱས་པའི་དྲིལ་


KMC010_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འཛིན་པ། གསང་བར་རྡོ་རྗེ་འཆང་ཆེན་པོ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྐོག་མར་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། དཔྲལ་བར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། སྤྱི་གཙུག་ཏུ་རྣམ་སྣང་དཀར་པོ་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཉིའི་གདན་ལ་བཞུགས་པ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། སླར་ཡང་ཉེར་སྤྱོད་ཀྱིས་མཆོད། །གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་ཀྱི་བདུད་རྩི་གནས་དེ་རྣམས་སུ་འཐོར་ཞིང་། ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་དྲུག་བརྗོད་པས། ལྷ་ཐམས་ཅད་མཉེས་པར་བསམ་ལ་དཀྱིལ་འཁོར་བསྒྲུབ་བོ། །ལུས་དཀྱིལ་སྔོན་མ་མཐོང་བའི་བརྡར་འབྲུ་གསུམ་གྱིས་གདོང་གཡོགས་བཅིང་། སློབ་དཔོན་ལ་གཡོན་དུ་བསྐོར་བ་ལན་གསུམ་བྱས་ནས་ཁ་ཤར་དུ་བལྟས་ཏེ། རྐང་པ་གཉིས་གཤིབས་ལ་འགྲེང་། ཨཱཿཁཾ་བཱི་ར་ཧཱུྃ། གིས་མེ་ཏོག་ཐལ་སྦྱར་བར་དུ་བཟུང་། སློབ་མ་སྐད་ཅིག་གིས་བདག་མེད་མ་


KMC010_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བཞུགས་པའི་ལྟེ་བར་ཆོས་འབྱུང་དམར་པོའི་དབུས་སུ་རང་འདྲ་བའི་བདག་མེད་མ། སླར་ཡང་དེའི་ལྟེ་བར་ཆོས་འབྱུང་དམར་པོའི་དབུས་སུ་བདག་མེད་མ། དེའི་ལྟེ་བར་ཆོས་འབྱུང་དམར་པོ་བར་མེད་དུ་འཁོར་བས་ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བ་ཆེན་པོས་ཁྱབ་པར་གྱུར། ཞེས་དམིགས་ལ། ༀ་ཨཾ་སྭཱ་ཧཱ་ཨ་ཨཱ། ཞེས་བདུག་པ་རོལ་མོ་དང་བཅས་ཡེ་ཤེས་པ་དབབ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་ལུས་དཀྱིལ་དུ་མེ་ཏོག་དོར་ལ་རིགས་ངེས་པར་བྱ། སེམས་ཅན་སྟོབས་ཅན་ཁྱོད་ཀྱིས་ནི། །འདི་ནས་ཡང་དག་བཟུང་བར་གྱིས།་མེ་ཏོག་སླར་བཟུང་། འབྲུ་གསུམ་གྱིས་གདོང་གཡོགས་བསལ། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་གསུངས་པའི་ཚུལ་གྱིས་སློབ་དཔོན་གྱི་སྙིང་གར་མི་བསྐྱོད་པ། ལྟེ་བར་དོན་གྲུབ། གསང་བ་རྡོ་རྗེ་འཆང་། ལྐོག་མར་སྣང་བ་མཐའ་ཡས། དཔྲལ་བར་རིན་འབྱུང་། སྤྱི་གཙུག་ཏུ་རྣམ་སྣང་རྣམས་མངོན་


KMC010_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་མཐོང་བར་མོས། མེ་ཏོག་ཕོག་པའི་གོ་རིམ་ལྟར་མིང་གདགས་ཚུལ་ཡིག་རྙིང་ལས་ཤེས། ཡིད་ལས་བྱུང་བའི་རིགས་མ་བདག་མེད་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐབས་ཤེས་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་དགའ་བ་སྒྱུ་མ་ལྟ་བུ་སིད་དང་ཕཊ་ཀྱི་སྒྲ་དང་བཅས་པའི་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་བསྐུལ། ཚུར་འདུས་ཏེ་ཞལ་དུ་ཞུགས། ཐུགས་ཀར་ཞུ། རྩ་དབུ་མ་ནས་སོང་། རྡོ་རྗེའི་ལམ་ནས་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་ཞུ་བའི་ངོ་བོ་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་། འོ་མ་དང་བདུད་རྩི་ལྔ་སྦྱར་བ་ཉ་ཕྱིས་ལ་སོགས་པའི་སྣོད་དུ་བླུགས་པ། སློབ་དཔོན་གྱི་མཐེབ་སྲིན་གྱིས་བླངས་ཏེ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་པོར་དབང་བསྐུར་ལྟར། །དེ་བཞིན་གསང་བའི་སེམས་རྒྱུན་གྱིས། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཞེས་བརྗོད་ཅིང་ལྕེ་ཐོག་ཏུ་བྱིན་པས། ལུས་ཐམས་


KMC010_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཟག་མེད་ཀྱི་བདེ་བས་ཁྱབ་པར་གྱུར། ཞེས་མོས། དམ་ཚིག་འབོགས་པ་ནི། ཁྲག་ཆེན་པོ་ནི་ག་བུར་བཅས། །ཙནྡན་དམར་དང་ཡང་དག་སྦྱར། །དེ་བཞིན་རྡོ་རྗེ་ཆུ་དང་བཅས། །ལྔ་པ་སེམས་ལས་བྱུང་བར་བཤད། །སངས་རྒྱས་ཀུན་དང་མཐུན་པར་གསུངས། །དམ་ཚིག་འདི་ནི་བླ་ན་མེད། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ། །དེ་ལྟར་གསང་བའི་དབང་བསྐུར་བས་ངག་གི་དྲི་མ་དག །ཤ་ལྔ་དང་བདུད་རྩི་ལྔ་བརྟེན་པ་དང་། །རྩ་རླུང་བྱང་ཆུབ་སེམས་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང་བ་ཡིན་ནོ། །གསང་དབང་ཐོབ་པའི་གཏོང་རག་ཏུ་མཎྜལ་འབུལ། གསུམ་པ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མཎྜལ་མཆོད་དང་གསོལ་བ་གདབ། །འཁོར་ལོ་བསྒྲུབ་ཅིང་ཡེ་ཤེས་དབབ། །མེ་ཏོག་དབུལ་དང་ལྷ་ངོ་བསྟན། །ཕྱག་རྒྱ་གཏད་ཅིང་དབང་དོན་བསྟན། །ཞེས་པ་སྟེ། ཐོ་རངས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ། །བདུད་རྩི་བྱང་ཆུབ་སེམས་ཀྱིས་བྱུག་པའི་མཎྜལ་གྱི་སྟེང་དུ། ཚོན་དཀར་པོས་ཆོས་འབྱུང་གྲུ་གསུམ་པའི་ལོགས་དཀྱིལ་འཁོར་ལ་བསྟན་པ་བྲིས་པའི་དབུས་དང་། །ཕྱོགས་བཞི། སླར་ཡང་ཕྱོགས་


KMC010_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བརྒྱད། །ཕྱིའི་ཤར་ནུབ་ཏུ་དྲིའི་ཐིག་ལེ་བྱ་ཞིང་། མེ་ཏོག་གི་ཚོམ་བུ་བཀོད། ལྷ་གྲངས་དང་མཉམ་པའི་ཉེར་སྤྱོད་ལྔས་བསྐོར། །ཞིམ་པའི་བཟའ་བ་བཏུང་བ་དང་། བ་ལ་ཚེ་མཆོག་མ་དཱ་ན། ཞེས་སོགས་བཤད་པ་ལྟར་ཚོགས་ཀྱི་ཡོ་བྱད་ཀྱང་བཤམ། བླ་མ་ལ་མཆོད་པའི་མཎྜལ་ཕུལ་ནས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེང་སྩོལ་ཅིག །འཁོར་བ་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །གསོལ་གདབ་ལན་གསུམ། མཎྜལ་བསངས་སྦྱང་། སྟོང་པའི་ངང་ལས། ཆོས་འབྱུང་གི་ནང་དུ་པདྨ་འདབ་མ་བཞི་པ་དང་བརྒྱད་པ་རིམ་པ་གཉིས་ཀྱི་ལྟེ་བ་དང་འདབ་མ་རྣམས་ལ་རོ་དང་ཉི་མའི་གདན་ལ་ལྷ་མོ་བཅོ་ལྔར་སྐད་ཅིག་གིས་གསལ་བ་ནི། །དབུས་སུ་བདག་མེད་མ། ཕྱོགས་བཞིའི་ཤར་དུ་རྡོ་རྗེ་མ། ལྷོར་གསང་བའི་གཽ་རཱི། ནུབ་ཏུ་ཆུའི་རྣལ་འབྱོར་མ། །བྱང་དུ་རྡོ་རྗེ་མཁའ་


KMC010_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ། ཕྱི་སྐོར་གྱི་ཤར་དུ་དཀར་མོ། །ལྷོར་ཆོམ་རྐུན་མ། ནུབ་ཏུ་རོ་ལངས་མ། །བྱང་དུ་གྷསྨ་རཱི། བྱང་ཤར་དུ་པུཀྐ་སཱི། ཤར་ལྷོར་རི་ཁྲོད་མ། ལྷོ་ནུབ་ཏུ་གདོལ་པ་མ། ནུབ་བྱང་དུ་ཌོམྦི་ནཱི། འོག་ཏུ་ས་སྤྱོད་མ། སྟེང་དུ་མཁའ་སྤྱོད་མ་རྣམས་སྐུ་མདོག་ནག་མོ་ནས། ཉི་མའི་གདན་ལ་བཞུགས་པ། གཙོ་མོའི་ཐུགས་ཀའི་འོད་ཟེར་སོགས་དྲངས་བསྟིམ་དབང་བསྐུར་གོང་ལྟར་ལ། བདུད་རྩིའི་བུམ་པ་ཐོགས་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར། །ཆུ་ལྷག་ཡར་འཁྱིལ་བ་ལས། གཙོ་མོ་དང་པུཀྐ་སཱི་དང་དཀར་མོ་ལ་མི་བསྐྱོད་པ། རྡོ་རྗེ་མ་དང་རི་ཁྲོད་མ་དང་ཆོམ་རྐུན་མ་དང་ས་སྤྱོད་མ་ལ་རྣམ་པར་སྣང་མཛད། གསང་བའི་གཽ་རཱི་དང་གདོལ་པ་མོ་དང་རོ་ལངས་མ་ལ་རིན་ཆེན་འབྱུང་ལྡན། ཆུའི་རྣལ་འབྱོར་མ་དང་ཌོམྦི་ནཱི་དང་གྷསྨ་རཱི་དང་མཁའ་སྤྱོད་མ་ལ་འོད་དཔག་མེད། རྡོ་རྗེ་མཁའ་འགྲོ་མ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཞེས་རྒྱས་གདབ། བདག་འཇུག་སྐབས་སོགས་ཚིག་གི་སྤྲོས་པ་མི་


KMC010_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལྕོག་ན། ཉི་མའི་གདན་ལ་དབུས་སུ་བདག་མེད་མ། ཕྱོགས་བཞིར་རྡོ་རྗེ་མ་སོགས་བཞི་དང་། འདབ་མ་བཅུ་ལ་གཽ་རཱི་ལ་སོགས་བཅུ། གཙོ་འཁོར་ཐམས་ཅད་ཀྱང་སྐུ་མདོག་ནག་མོ་སོགས་སྔར་ལྟར་ལ། དབང་བསྐུར་བས་མི་བསྐྱོད་པ་སོགས་རིགས་བདག་སོ་སོས་དབུ་བརྒྱན་པར་གྱུར་ཞེས་པ་ཙམ་གྱིས་རུང་ངོ་། །གང་ལྟར་ཡང་། ཉེར་སྤྱོད་ལྔས་མཆོད། དབྱངས་ཡིག་བཅོ་ལྔ་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། །འབྲུ་གསུམ་གྱིས་གདོང་གཡོགས་བཅིང་། ཆོས་འབྱུང་གི་དཀྱིལ་འཁོར་ལ་གཡོན་བསྐོར་ལན་གསུམ། ཁ་ལྷོར་ཕྱོགས་པས་འགྲེང་ཞིང་མེ་ཏོག་འཛིན་པ་སོགས་སྔར་ལྟར་ལ། སློབ་མའི་སྙིང་གར་བདག་མེད་མ་སྐུ་མདོག་ནག་མོ་ནས། གདན་ལ་བཞུགས་པ་ཚོན་གང་བར་གསལ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་བསྒོམས་པ་དང་འདྲ་བའི་བདག་མེད་མའི་སྐུ་ཕྲ་མོ་དཔག་ཏུ་མེད་པ་བྱུང་སྟེ། །རང་གི་སྙིང་གར་ཞུགས། །ལུས་ཐམས་ཅད་ཤིག་ཤིག་གང་། །ཟག་མེད་ཀྱི་བདེ་བ་ཆེན་པོ་རྒྱུད་ལ་སྐྱེས་པར་གྱུར། །སྔགས་སོགས་གོང་ལྟར་


KMC010_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཡེ་ཤེས་པ་དབབ་བོ། །དེས་མ་ཕེབ་ན། སློབ་མའི་སྨིན་མཚམས་སུ་དུས་པའི་ཆོས་འབྱུང་དམར་པོའི་དབུས་སུ་གཡུང་དྲུང་རིས་དམར་པོ་འཁོར་བར་བསྒོམས་ལ་བསྐྱར་ནས་དབབ་བོ། །དེ་ནས་དཀྱིལ་འཁོར་དུ་མེ་ཏོག་དོར་ཞིང་སླར་བཟུང་། གདོང་གཡོགས་བསལ་བ་སོགས་སྔར་དང་མཚུངས། རྡོ་རྗེ་སྙེམས་མ་ལ་སོགས་མིང་གདགས། འདི་ལྟར་རྟེན་དང་བརྟེན་པར་བཅས་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ་ཞེས་དང་། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་ཏེ། ཆོས་འབྱུང་དང་དེར་བཞུགས་པའི་ལྷ་ཡང་བདེ་སྟོང་དབྱེར་མེད་ལས་མ་འདས་པའོ། །ཞེས་གོ་བར་བྱས་ལ། སློབ་མ་ཞལ་ཕྱག་རྒྱས་པར་བསྐྱེད་དགོས་ཀྱང་བདག་འཇུག་སྐབས་སོགས་སུ། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད། ཕྱག་བཅུ་དྲུག །ཞབས་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ། དཀྱིལ་འཁོར་གྱི་


KMC010_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོས་ཡིད་ལས་བྱུང་བའི་རིག་མ་བདག་མེད་མའི་རྣམ་པ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་གཏད་པར་མོས་ཏེ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ལྷ་མོ་དེ་དག་སྙོམས་འཇུག་གི་མཐུས་དགའ་བ་བཞི་རིམ་པར་སྐྱེས་པའི་མཐར་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་བར་མོས། དེ་ནས། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་རྩ་རྦ་རླབས་བཙིར་ལ། །དཔེའི་ལྷན་སྐྱེས་ངོས་བཟུང་སྟེ། དེ་ཡང་། དེ་ལས་ཅི་ཞིག་སྐྱེས་ཞེས་ན། །གཞོན་ནུའི་དགའ་བ་ཇི་བཞིན་ནམ། །ལྐུགས་པའི་རྨི་ལམ་ཇི་བཞིན་ནོ། །མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་


KMC010_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ །ཞེས་གསུངས་པ་ཡིན་ནོ། །ཞེས་བརྗོད་དོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་རྟོག་པའི་སྒྲོ་འདོགས་བཅད་ཅིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བར་བྱས། སེམས་ཀྱི་དྲི་མ་སྦྱོང་ཞིང་ཡེ་ཤེས་དང་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་ངོ་། །གཏོང་རག་མཎྜལ་འབུལ། བཞི་པ་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཚིག་དབང་བསྐུར་བ་ལ་གཉིས་ཏེ། སློབ་མར་དབང་བསྐུར་བའི་ཚེ་རྔོག་པའི་ཕྱག་ལེན་ཇི་ལྟར་བ་གུར་རིགས་བསྡུས་ཀྱི་དཀྱིལ་ཆོག་ལས་འབྱུང་བ་ཉིད་འདིར་སྦྱར་དགོས་ཤིང་དཀྱུས་འདི་མི་དགོས་སོ། །བདག་འཇུག་ཙམ་གྱི་སྐབས་དེ་ཉིད་མི་ལྕོགས་ན་མདོ་སྦྱར་གྱི་དགོངས་པ་ནི། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་སློབ་མ་གནས་པའི་མོས་པས་མཎྜལ་ཕུལ། ཡང་དག་ཡེ་ཤེས་མཆོག་ཐོབ་སྟེ། །རང་རིག་པ་ཡི་ངོ་བོ་ལ། །བདག་ནི་ཤིན་ཏུ་ངེས་ཤེས་སྐྱེས། །གཉིས་མེད་ཡེ་ཤེས་འདི་ཉིད་ནི། །འགྲོ་བ་གཞན་ལ་ཡོད་མ་ཡིན། །ཆོས་ཀྱི་བདུད་རྩི་འདི་འཐུང་ཕྱིར། །བླ་མ་ཆེ་ལ་གསོལ་བ་འདེབས། །གལ་ཏེ་བཀའ་དྲིན་ཐོབ་གྱུར་ན། །འཇིགས་པ་མེད་


KMC010_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཀའ་དྲིན་སྩོལ། །ལན་གསུམ་གསོལ་བ་གདབ་པས། གང་གི་ཚེ་དབང་གསུམ་པའི་ཉམས་སུ་མྱོང་བ་དེ་ཉིད་ཚིག་གིས་ངོ་སྤྲད་པའི་བཀའ་དྲིན་བསྩལ་བར་གྱུར། ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོག་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མཆོག་དགར་སྒོམ་པ་མེད་ཅིང་སྒོམ་པ་པོའང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་ལ་འཛིན་པ་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤང་དང་གཅི་བ་མེད། །སྐྱུགས་བྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་དང་། ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། །སེར་སྣ་མེད་དང་ང་རྒྱལ་མེད་ཅིང་མཐོང་བྱ་མེད། །བསྒོམ་དང་སྒོམ་པ་པོ་མེད་བཤེས་དང་དགྲ་མེད་ཅིང་། །རློམས་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །ཅེས་དང་། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དབྱིངས་ལྟ་བུ། །རྡུལ་བྲལ་ཐར་སྦྱིན་ཞི་བ་


KMC010_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བས། །ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་སྦྱངས། བདེ་སྟོང་གཉིས་སུ་མེད་པའི་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་ངོ་། །ཞེས་པ་རྣམས་ཀྱིས་གྲུབ་བོ། །དེ་ནས་དམ་ཚིག་ཁས་ལེན། དབང་བཞི་རྫོགས་པར་ཐོབ་པའི་གཏོང་རག་ཏུ་མཎྜལ་ལུས་འབུལ་བ། དགེ་བསྔོ་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱིས་སོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ། ཚོགས་ཀྱི་འཁོར་ལོ། གཏོང་རག་མཆོད་བསྟོད། རྗེས་ཀྱི་བྱ་བ་དངོས་སོ། །དང་པོ་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། མཆོད་པ་བྱིན་གྱིས་བརླབས་ལ། ཆུ་གསུམ་ཉེར་སྤྱོད་རོལ་མོ་དང་། ལྷ་མོ་བརྒྱད་ཀྱིས་མཆོད་ཅིང་བསྟོད་པ་བཅས་དཀྱུས་སུ་རྒྱས་བསྡུས་སྐབས་དང་སྦྱར་ལ། སྒྲུབ་མཆོད་ཉིན་ཐ་མར་ཚིགས་བཅད་བཅས་རྒྱས་པར་བྱའོ། །གསུམ་པ་ལ། ཐོག་མར་ལྷག་ཆད་སྐོང་བ་ནི། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་ཡི་གེ་བརྒྱ་པ་ལན་གསུམ་བཟླ། གཙོ་བོ་ནུས་པ་མ་མཆིས་ཤིང་། །མ་ཚང་བ་དང་ལྷག་གྱུར་དང་། །གང་ཡང་འགལ་བར་གྱུར་པ་རྣམས། དེ་ཀུན་བཟོད་པར་མཛད་པར་


KMC010_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། །གསང་སྔགས་ཉམས་དང་བྱ་བ་ཉམས། །ཆོ་ག་ཉམས་པར་གྱུར་པ་གང་། །དེ་ཡང་ཁྱོད་ཀྱིས་བཟོད་པར་མཛོད། །ཅེས་བཟོད་པར་གསོལ། །སྐྱེ་ཞིང་སྐྱེ་བར་རིགས་མཆོག་ཏུ། །སོགས་ཀྱིས་སྨོན་ལམ་གདབ། རས་བྲིས་ཡིན་ན། ཡེ་ཤེས་པ་རྣམས་རྟེན་འདི་ཉིད་ལ་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། རྡུལ་ཚོན་གྱི་ནུབ་མཐའ་མ་ལ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་གྱུར། །ལས་ཀྱི་ཧེ་རུ་ཀར་གསལ། གནས་གསུམ་སྲུང་། བཀྲ་ཤིས་བརྗོད་པ་ནི་མེ་ཏོག་ཆར་དུ་བསྙིལ་ལ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་གྲུབ་པ། །དགྱེས་པའི་རྡོ་རྗེ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་བདག་མེད་པདྨ་ལ་ནི་རྡོ་རྗེས་རོལ། །བདེན་པ་


KMC010_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་པདྨ་དམར་པོ་གེ་སར་བཅས། །འདབ་བརྒྱད་ལ་གནས་ལྷ་མོས་ཞལ་བརྒྱད་ལ་ཕྱོགས་ཤིང་། །རོལ་ཐབས་སྣ་ཚོགས་ཀྱིས་ནི་གཙོ་བོ་མཉེས་པར་བྱེད། །བདེན་པ༴ རབ་དམར་སྤྱན་གྱིས་དུས་གསུམ་གདུལ་བྱ་ལ་གཟིགས་ཤིང་། །ནང་སྟོང་ལ་སོགས་བཅུ་དྲུག་ཕྱག་གིས་དུག་གསུམ་སེལ། །བསྡུ་དངོས་ཞབས་བཞི་ཡིས་ནི་བདུད་བཞི་འཇོམས་མཛད་པ། །བདེན་པ༴ ལོག་རྟོག་བསལ་ཕྱིར་དབུ་སྐྲ་དམར་སེར་གྱེན་དུ་འབར། །སྒེག་པ་ལ་སོགས་རོ་དགུའི་ཆ་བྱད་རབ་ཏུ་གསལ། །འཁོར་ལོ་ལ་སོགས་ཕྱག་རྒྱ་ལྔ་ཡིས་རབ་ཏུ་བརྒྱན། བདེན་པ༴ མེ་ལོང་ལ་སོགས་ཡེ་ཤེས་བཞི་ལས་གྲུབ་པའི་སྐུ། །གཽ་རཱི་ལ་སོགས་ཕྱོགས་ཀྱི་པདྨ་ལ་གནས་པ། །ཚངས་པ་ལ་སོགས་བདུད་བཞི་ཞབས་ཀྱིས་གནོན་མཛད་པ། བདེན་པ༴ བྱམས་པ་ལ་སོགས་ཚད་མེད་བཞི་ལས་གྲུབ་པའི་སྐུ། །པུཀྐ་སཱི་སོགས་


KMC010_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་པདྨ་ལ་གནས་པ། །གཤིན་རྗེ་ལ་སོགས་བདུད་བཞི་ཞབས་ཀྱིས་གནོན་མཛད་པ། བདེན་པ༴ བཀྲ་ཤིས་གང་ཞིག་དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང་། །ཡང་དག་སྤོང་བ་རྫུ་འཕྲུལ་དབང་པོ་སྟོབས་ལ་སོགས། །བྱང་ཆུབ་ཕྱོགས་རྣམས་སུམ་ཅུ་རྩ་བདུན་ཡོངས་རྫོགས་པ། །བདེན་པ༴ བཀྲ་ཤིས་གང་ཞིག་རིན་ཆེན་ཕ་གུས་མཛེས་པའི་གཞལ་ཡལ་ཁང་། །འདོད་པ་ལྔ་ཡི་ལོངས་སྤྱོད་མཆོག་གི་བཀོད་པ་དང་། །མུ་ཏིག་དྲ་བ་རིན་ཆེན་ཉི་ཟླ་གསེར་གྱི་དྲིལ་བུ་དཔྱངས། །བདེན་པ༴ བཀྲ་ཤིས་གང་ཞིག་རྟ་བབ་པདྨ་འཁོར་ལོ་གདུགས་ཀྱིས་ཕུབ། །མཛེས་པའི་རི་དྭགས་བ་དན་བཅུ་དྲུག་ལེགས་བརྐྱང་བ། །རླུང་གིས་བསྐྱོད་པའི་དྲིལ་བུ་དམ་པའི་ཆོས་སྒྲ་སྒྲོགས། །བདེན་པ༴ བཀྲ་ཤིས་གང་ཞིག་དུར་ཁྲོད་བརྒྱད་ཀྱིས་ལེགས་བསྐོར་བ། །ཤཱིཪྵ་ལ་སོགས་བྱང་ཆུབ་ཤིང་བརྒྱད་གནས་པ་ལ། །གླང་ཆེན་གདོང་ཅན་ལ་སོགས་


KMC010_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པོ་གནས་པ་ཡི། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །ཅེས་ཌོམྦི་ཞབས་ཀྱིས་མཛད་པ་དང་། ཉིན་མོ་བདེ་ལེགས་སོགས་བརྗོད་པར་བྱའོ། །རྡུལ་ཚོན་ཨ་ཀཱ་རོ་བརྗོད་ཅིང་མཐའ་ནས་བསྡུས་ཏེ། བུམ་པར་བླུགས་ནས་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ཞིང་ཆུ་གཙང་མས་གང་བ་ཁྱེར་ལ། དཀྱིལ་འཁོར་གྱི་ཁང་པར་བསང་གཏོར་བྱས་པས་བཀྲ་ཤིས་ཤིང་བྱིན་ཆགས་པར་འགྱུར་རོ། །ནཱ་རོ་མཻ་ཏྲཱི་ཞལ་ལུང་བདུད་རྩིའི་རྒྱུན། །དགྱེས་མཛད་ལོ་ཙཱའི་ཐུགས་ཀྱི་བུམ་པར་བསྐྱིལ། །རྔོ་སྟོན་རྡོ་རྗེ་འཛིན་པའི་ཕྲེང་སོགས་ཀྱིས། །སྐལ་ལྡན་རྣམས་ལ་རྟོགས་གྲོལ་གསོས་སུ་བཀྱེས། །གྲུབ་པའི་སྐྱེ་བོའི་ཕྱག་ཏུ་བརྒྱུད་པ་ལས། །མཁས་འདོད་བློ་གྲོས་ཆུ་ཡིས་མ་བསླད་པས། །དུས་ཀྱི་མཐར་ཡང་བྱིན་རླབས་ཟིལ་དངར་བརྒྱས། །བློ་བཟང་རྣམས་ཀྱི་སྙིང་གི་བཅུད་དུ་གྲུབ། །སོ་སྐྱེའི་བློ་ཡིས་སྐྱོན་གྱུར་གང་མཆིས་བླ་མ་ལྷ་ལ་བཤགས། །བསོད་ནམས་གཟི་བརྗིད་སྣ་ཚོགས་འབར་བས་འགྲོ་བ་མཐའ་ཡས་པའི། །ལྷན་སྐྱེས་སྙིང་གི་མུན་པ་རབ་བསལ་ཐར་པའི་གྲོང་ཁྱེར་དུ། །ཟུང་འཇུག་སྣང་བའི་དགའ་སྟོན་ཆེན་པོར་ལོངས་སྤྱོད་ཡོངས་གྲུབ་ཤོག །ཅེས་པ་འདིའང་དཀྱིལ་འཁོར་གྱི་དབང་ཕྱུག་ཧེ་རུ་ཀའི་ངོ་བོར་བཞུགས་པའི་དཔལ་ལྡན་བླ་མ་དམ་པ་དག་གིས་གསེར་གྱི་མེ་ཏོག་དང་བཅས་


KMC010_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་གནང་བ་ཡང་ནས་ཡང་དུ་བསྩལ་བ་དང་། མཁྱེན་པའི་སྤྱན་རས་ཡངས་ཤིང་བསྟན་འགྲོ་ལ་ཐུགས་གཅིག་ཏུ་གཞོལ་བའི་སྐྱེས་ཆེན་ཁྱད་པར་ཅན་དག་གིས་ཀྱང་ཡང་ཡང་བཀས་བསྐུལ་བ་ལྟར། མར་རྔོག་གི་གསུང་རྣམས་གཞིར་བཞག །རྗེ་རང་བྱུང་བ་དང་སྤྱན་སྔ་ཐམས་ཅད་མཁྱེན་པའི་དགོངས་དོན་སྲོག་ཏུ་བཟུང་སྟེ་རྒྱས་བསྡུས་ཀྱི་བསྣོན་འབྲིད་ཕྲན་བུ་ཙམ་ལས་རང་བཟོའི་ཚིག་གིས་མ་བསླད་པར། ཀུན་མཁྱེན་ཏཱའི་སི་ཏུའི་བཀའ་འབངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་དབེན་ཏུ་སྦྱར་བ་དགེ་ལེགས་འཕེལ། ཞེས་པ་འདིའང་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་པར་དུ་བསྒྲུབས་པའོ། །མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

མར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ།


KMC010_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །


KMC010_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ་ཞེས་བྱ་བ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་ཧེ་རུ་ཀ་དཔལ་དགྱེས་པ་ཆེ། །འཁོར་ལོའི་འདྲེན་པ་རྣལ་འབྱོར་མས་འཁྱུད་དེ། །ས་གསུམ་ཁྱབ་པར་ཟག་མེད་བདེ་སྩོལ་མཛད། །བདག་གི་སྙིང་ལ་བདེ་ཆེན་གར་མཛོད་ཅིག །སྐད་ཅིག་འགྲོ་ལ་མཆོག་གི་དངོས་སྟེར་བ། །མིག་འཕྲུལ་ལྟ་བུའི་ཡེ་ཤེས་སྒྱུ་མ་ནི། །སྤྱོད་པའི་ཡན་ལག་ཉིད་དུ་བྱིན་བརླབས་པ། །ཚོགས་ཀྱི་འཁོར་ལོའི་བྱ་བ་མདོ་ཙམ་བཤད། །དེ་ལ་གཉིས། སྤྱོད་པའི་སྐབས་སུ་བྱ་བ་ཚོགས་ཀྱི་དཀྱིལ་འཁོར་གྱི་རིམ་པ་དང་། ལས་དང་པོ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་རིམ་པའོ། །དང་པོ་ལ་


KMC010_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ཐུན་མོང་། ཐུན་མོང་མིན་པ། སྤྲོས་པ་དང་བཅས་པའི་གནས་སྐབས་སོ། །དེ་རེ་རེ་ལའང་གནས་དུས་རྣལ་འབྱོར་པ་དང་བྱ་བའི་རིམ་པ་ཐུན་མོང་དང་ཁྱད་པར་གྱི་རྣམ་དབྱེར་འབྱུང་བ་དག་ནི་འདིར་མི་སྤྲོ་བས། དགྱེས་རྡོར་བརྟག་པ་ཕྱི་མའི་ལེའུ་བདུན་པ་དང་། གདན་བཞི་མནྟྲ་ཨཾ་སའི་ཊཱི་ཀ་སོགས་ནས་ཇི་སྐད་བཤད་པའི་ཁུངས་དང་སྦྱར་བའི་རྣམ་གཞག་དང་ལག་ལེན་གྱི་རིམ་པ་གཞན་དག་ལས་ཤེས་པར་བྱའོ། །གཉིས་པ་ལ་ལྔ། དགོས་ཆེད། གནས། དུས་གང་ཟག །ལག་ལེན་ཏུ་བྱ་བའི་རིམ་པའོ། །དང་པོ་ནི། སྤྱིར་དབང་རྫོགས་པའི་གང་ཟག་གིས་རབ་ཉིན་རེ། འབྲིང་ཟླ་བ་རེ་རེ། །ཐ་མ་ལོ་རེ་རེ་ལ་ཚོགས་འཁོར་ལན་རེ་མ་བྱས་ན་བཟའ་བའི་དམ་ཚིག་ཉམས་པར་


KMC010_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང་། ཁྱད་པར་དངོས་གྲུབ་བསྒྲུབ་པ་དང་དམ་ཚིག་ཉམས་པ་གསོ་བ། བར་ཆད་ཀྱི་བགེགས་བསལ་བ། ནད་ཞི་བ། བསོད་ནམས་ཀྱི་ཚོགས་གསོག་པ་སྟེ་རྣམ་པ་ལྔའི་དོན་ཏུ་ནན་ཏན་བྱ་བར་གསུངས་སོ། །གཉིས་པ་ནི། དུར་ཁྲོད་ལ་སོགས་པར་བརྩིགས་པའི་ཚོགས་ཁང་མཚན་ཉིད་དང་ལྡན་པའམ། མ་འབྱོར་ན་དབང་མ་ཐོབ་པའི་སྐྱེ་བོ་ཕོ་མོའི་སྤྱོད་ཡུལ་དུ་མ་གྱུར་བའི་གནད་དབེན་ཞིང་ཉམས་དགའ་བར་བྱ་སྟེ་གྲོང་པའི་མི་ནག་འདུས་པའི་དབུས་ལ་སོགས་པར་གསང་བའི་སྤྱོད་པ་བྱ་བ་ནི་ཚུལ་མ་ཡིན་ནོ། །གསུམ་པ་ནི། སྤྱིར་དབང་བསྐུར་བ་དང་སྒྲུབ་པའི་མཆོད་པ་ལ་སོགས་པའི་དུས་སུ་བྱ་ཞིང་། ཁྱད་པར་དུ། སློབ་དཔོན་རཏྣ་རཀྵི་ཏས། རྣལ་འབྱོར་ཀུན་སྤྱོད་ལ་སོགས་པ། འཁོར་ལོ་སྡོམ་པའི་རྒྱུད་ཀྱིས་ནི། །ནག་པོའི་ཕྱོགས་དང་དཀར་ཕྱོགས་ཀྱི། །བཅུ་པ་ལ་ནི་དེ་རབ་མཆོད། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། དེ་བཞིན་ཏུ་ནི་བརྒྱད་པ་ལ། དཔལ་ལྡན་དགྱེས་མཛད་རྡོ་རྗེ་མཆོད། །དུས་ཀྱི་འཁོར་ལོ་ཉ་གཉིས་ལ། །གསང་བ་འདུས་པ་ཟླ་རེ་བཞིན། །ལྔ་བརྒྱད་བཅུ་དང་བཅུ་བཞི་དང་། དེ་བཞིན་བཅོ་ལྔ་ནག་ཕྱོགས་ལའང་། །ལྔ་སྟེ་དུས་ནི་བཅུ་རུ་འགྱུར། །དེ་དག་དུས་ཀྱི་ཁྱད་པར་རོ། །འདིར་ནི་རྟག་ཏུ་ཕུན་ཚོགས་སམ། །ཇི་ལྟར་འདོད་ཅིང་ཇི་ལྟར་ནུས། །གྲུབ་པར་ནུས་ན་ཉིན་རེའམ། །ལོ་ཟླ་ཀུན་ཏུ་བྱ་བའོ། །ཞེས་གསུངས་


KMC010_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དེ་དག་གིའང་མཚན་མོའི་ཆ་ཁོ་ན་མཁའ་འགྲོ་འདུ་བའི་ཁྱད་པར་གྱི་དུས་སོ། །བཞི་པ་ནི། རྣལ་འབྱོར་པ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་ལ་བསྐྱེད་རྫོགས་གཉིས་ཀའམ་གང་ཡང་རུང་བ་ལས་སུ་རུང་ཞིང་། སྔགས་ཀྱི་ཀུན་སྤྱོད་ལ་ཐེ་ཚོམ་བྲལ་ཞིང་མ་དད་པ་མི་འབྱུང་བའི་འདུས་པ་དག་གིས་བརྩོན་པར་བྱ་བའོ། །ལྔ་པ་ལ་གཉིས། སྤྱིར་སྨོས་པ་དང་ལག་ལེན་དངོས་སོ། །དང་པོ་ནི། སྤྱིར་ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་བཟའ་བཏུང་གི་ཚོགས་དང་ཀུནྡུ་རུའི་སྤྱོད་པས་གཟུང་འཛིན་བཅོམ་སྟེ་ཕྱི་ནང་གསང་བའི་ཧོ་ར་ཀ་དང་གྲུབ་པ་རྣམས་མཉེས་པའི་བྱེད་པས་འདོད་པའི་དོན་སྐད་ཅིག་ལ་འགྲུབ་པར་བྱེད་གཞིག་ལ་ཟེར་བས། མེད་དུ་མི་རུང་བ་ཤ་ལྔ་བདུད་རྩི་ལྔ་པོ་མཚོན་བྱེད་མཱ་ཱཾས་དང་མ་དཱ་ནའི་རྫས་ཙམ་ལ་བརྟེན་ཏེ་བསམ་གཏན་གྱིས་ནན་ཏན་དུ་བསྒྲུབ་པ་དང་། ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་ཏེ་མོས་ངོར་རྣལ་འབྱོར་ཕོ་མོ་གྲངས་མཉམ་དུ་བྱས་ནས་སྙོམས་པར་ཞུགས་པ་དང་། ཐ་མལ་པའི་ངག་དང་འདུ་ཤེས་ཀྱི་ཀུན་རྟོག་སྤང་སྟེ་རྒྱུད་ལས་འབྱུང་བའི་བརྡ་དང་བརྡའི་མིང་གིས་མཚོན་ཅིང་ལྷ་སོ་སོའི་དཀྱིལ་འཁོར་པ་གཙོར་འཁོར་གྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ནི་ངེས་པར་དགོས་སོ། །གཉིས་པ་ལ་གཉིས། ཚོགས་འཁོར་ཁོ་ན་དམིགས་སུ་བྱ་བ་དང་། དཀྱིལ་འཁོར་གཞན་དག་འབྲེལ་བའི་


KMC010_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སོ། །དང་པོ་ནི། ཡོ་བྱད་ཚོགས་པར་བྱས་ལ་སྔོན་འགྲོ་ནས་བདག་བསྐྱེད་བཟླས་པ་ལ་ཐུག་གི་བར་བྱས་ནས་དཀྱིལ་འཁོར་རང་ཉིད་ལ་བསྡུ། །གཞན་ནས་འབྱུང་བ་ལྟར་མཎྜལ་གྱི་ཆོ་གས་མདུན་བསྐྱེད་བསྒྲུབ། ཚོགས་བྱིན་བརླབས་ནས་ལྷག་མ་རྡོ་རྗེའི་གླུ་སྨོན་ལམ་ལ་ཐུག་གི་བར་བཏང་། མདུན་བསྐྱེད་ལ་མཆོད་བསྟོད་ནོངས་བཤགས་གཤེགས་བསྡུ་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །གཉིས་པ་ནི། སྟེགས་བུ་སྟག་ལྤགས་ཀྱི་ཁེབས་དང་ལྡན་པའི་དབུས་སུ་མཎྜལ་ལ་ཆོས་འབྱུང་གཉིས་བརྩེགས་བྲིས་པའི་སྟེང་དུ་ཐོད་ཆུང་ལྔ་ལ་ཤ་ལྔ་བདུད་རྩི་ལྔའི་རིལ་བུ་ཕྱོགས་མ་ནོར་བར་བཀོད་པའམ། མ་འབྱོར་ན་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་གཅིག་ལ་བདུད་རྩི་རིལ་བུའི་ཕབ་རྒྱུན་ཚད་ལྡན་བཏབ་པ་བཤམས་པའི་མཐའ་བསྐོར་དུ་བཟའ་བཏུང་བའི་རིགས་གྱུར་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བས་བསྐོར། དུད་སོལ་མའི་གཏོར་མ་སྤོས་མར་མེ་མེ་ཏོག་བཙུག་པའང་བཤམ། བདག་མདུན་ལ་སོགས་པའི་སྒྲུབ་མཆོད་ཟིན་ནས་ཚོགས་ཀྱི་ཆོ་གའི་སྐབས་སུ་བབ་པའི་ཚེ། བྱིན་བརླབས་བྱས་པའི་ནང་མཆོད་བྲན་ལ་ཆོ་ག་སོ་སོའི་གཏོར་ཆོག་ལྟར་བྱིན་གྱིས་བརླབ་སྟེ་ཇི་སྐད་དུ། རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །སྐྱེ་བོ་གང་དང་གང་རྣམས་ཀྱི། །ཤ་ནི་མཁས་པས་བཟའ་བར་བྱ། །སེམས་ཅན་དེ་དེ་དབང་དུ་འགྱུར། །ཅེས་སོ། །དེ་ནས་ཚོགས་ཞིང་སྤྱན་འདྲེན་


KMC010_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བྱིན་རླབས་འབེབས་པ་ནི། གནས་རྡོ་རྗེ་བཙུན་མོའི་གསང་བ་ནས། །དཔལ་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན། །གནས་གསང་བ་མཆོག་གི་དགྱེས་པ་ནས། །ཡུལ་ཡེ་ཤེས་མཁའ་འགྲོ་གནས་འདིར་བྱོན། །གནས་ཆོས་འབྱུང་ཐར་པའི་གྲོང་ཁྱེར་ནས། །བཀའ་བཞི་བརྒྱུད་པའི་བླ་མ༴ གནས་དག་པ་བདེ་སྟོང་མཁའ་སྤྱོད་ནས། །མདའ་བསྣུན་ཀླུ་སྒྲུབ་པ་ཡབ་སྲས༴ གནས་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་ནས། །རྣལ་འབྱོར་དབང་ཕྱུག་ཏཻ་ལོ༴ ཡུལ་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔའ་བོ་ཆེན་པོ་ནཱ་རོ༴ རི་མེ་ལྟར་འབར་བའི་དུར་ཁྲོད་ནས། །མངའ་བདག་མཻ་ཏྲི་གུཔྟ༴ ནུབ་དུ་ལཀྵེ་ཏྲའི་དགོན་པ་ནས། །པཎ་ཆེན་ཡེ་ཤེས་སྙིང་པོ༴ ལྷོ་ཧ་ལ་པ་ཊའི་མཚོ་ངོགས་ནས། །ནག་པོ་ཤཱནྟི་བྷ་དྲ༴ གནས་སོ་ས་གླིང་གི་དུར་ཁྲོད་ནས། །ཌཱ་ཀི་མི་རུས་རྒྱན་ཅན༴ ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །རྗེ་ལྷོ་བྲག་ཆེན་པོ༴ ཤར་སེང་གེ་ལྟ་བུའི་ཀ་


KMC010_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པ། །དོལ་གྱི་མཚུར་སྟོན་དབང་ངེ་༴ རིམ་ལྔའི་ལམ་གྱི་ཤི་རྟ་བ། །རྗེ་འཁོན་སྟོན་ཡབ་སྲས༴ ལྷོ་རྒྱ་སྟག་ལྟ་བུའི་ཀ་ཆེན་པ། གཞུང་གི་རྔོག་སྟོན་ཆོས་རྡོར༴ བཤད་བརྒྱུད་བཀའ་བབ་ཧེ་རུ་ཀ །རྗེ་མདོ་སྡེ་ཡབ་སྲས༴ ནུབ་ཁྱུང་ཆེན་ལྟ་བུའི་ཀ་ཆེན་པ། །གཙང་རོང་མེས་སྟོན་ཚོན་པོ༴ འོད་གསལ་གྱི་སྣང་བ་སྦ་མཛད་པ། །རྗེ་ཞང་སྟོན་ཡབ་སྲས༴ བྱང་རྒོད་པོ་ལྟ་བུའི་ཀ་ཆེན་པ། །གུང་ཐང་མི་ལ་རས་ཆེན་གནས་འདིར་བྱོན། །སྒྲུབ་བརྒྱུད་ཀྱི་ཆུ་བོ་མཁའ་ཁྱབ་འདྲེན། །དགེ་སློང་འཚོ་བྱེད་ཡབ་སྲས་གནས་འདིར་བྱོན། །སྣང་སྲིད་ཟིལ་གནོན་གྱི་རྫུ་འཕྲུལ་ཅན། །གྲུབ་ཐོབ་ཀརྨ་པཀྴི་གནས་འདིར་བྱོན། །མཁའ་སྤྱོད་བཙུན་མོའི་ཚོགས་ཁང་ནས། །རྗེ་རང་བྱུང་ཡབ་སྲས་གནས་འདིར་བྱོན། །ཁ་སྦྱོར་ལོངས་སྤྱོད་ཁང་བརྩེགས་ནས། །གར་དབང་སྤྲུལ་པའི་སྐུ་མཆོག༴ གནས་རྟག་བརྟན་རྡོ་རྗེའི་གྲོང་ཁྱེར་ནས། །གསང་བདག་ཏཱ་ར་ནཱ་ཐ་གནས་འདིར་བྱོན། །


KMC010_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བདེ་ཆེན་པདྨོ་བཀོད་པ་ནས། །གྲུབ་བརྙེས་ཆགས་མེད་ཡབ་སྲས༴ སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ནས། །ཀུན་མཁྱེན་བསྟན་པའི་ཉིན་བྱེད༴ དཔལ་པདྨ་འོད་ཕུང་འཁྱིལ་བ་ནས། །པདྨ་ཉིན་བྱེད་དབང་པོ༴ རིས་མེད་མཁས་གྲུབ་ཚང་དབུས་ནས། །རྗེ་བློ་གྲོས་མཐའ་ཡས་༴ སྣང་སྲིད་ཟིལ་གནོན་གྱི་ཕྲིན་ལས་ཅན། །བྱམས་མགོན་པདྨ་དབང་མཆོག་༴ རྗེ་འགྲོ་བའི་མགོན་པོ་འཛམ་གླིང་རྒྱན། །རྒྱལ་དབང་རིག་པའི་རྡོ་རྗེ་༴ གང་འདུལ་སྤྲུལ་པའི་ཕོ་བྲང་ནས། །དྲིན་ཆེན་རྩ་བརྒྱུད་བླ་མ༴ ཨེ་བྃ་ཟུང་འཇུག་གཞལ་ཡས་ནས། །བཅོམ་ལྡན་དཀྱིལ་འཁོར་ལྷ་ཚོགས༴ གནས་ཡུལ་དུར་ཁྲོད་ཞིང་རྣམས་ནས། །དཔའ་བོ་རྣལ་འབྱོར་མ་ཚོགས༴ བདུད་འདུལ་ཕྲིན་ལས་ཕོ་བྲང་ནས། །དཔལ་མ་མགོན་ལྕམ་དྲལ་གནས་འདིར་བྱོན། །ཁྱེད་བཀའ་བརྒྱུད་རྣམས་སྐུ་ལ་གཟི་བརྗིད་འབར། །སྐུ་མི་བཟོད་ཆགས་པའི་ཉམས་དང་ལྡན། །ཁྱེད་གྲུབ་ཐོབ་


KMC010_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གསུང་ལ་རྡོ་རྗེའི་གླུ། །བརྗོད་མེད་ནཱ་དའི་སྒྲ་རུ་འབར། །ཁྱེད་བླ་མ་རྣམས་ཐུགས་བདེ་ཆེན་གྱིས་མྱོས། །དེ་མྱོས་པས་བདུད་རྩི་ཆར་དུ་བབ། །དེ་བབས་པས་སྣོད་བཅུད་ཚོགས་སུ་གྱུར། །ཚོགས་དེ་ལ་ཡེ་ཤེས་ཀྱི་མཆོད་སྦྱིན་གྱུར། །དེ་མྱོང་ཙམ་ཕྱག་ཆེན་གྱི་དངོས་གྲུབ་ཐོབ། །བཟའ་བཏུང་ལ་བཅུད་ཅིག་དེ་ན་གདའ། །ཕ་བཀའ་བརྒྱུད་ལ་མཆོད་པ་འབུལ་སྙིང་འདོད། །དུས་དེ་ཙ་ན་གདུང་ཤུགས་མེ་ལྟར་འབར། །དེ་ནས་ལས་ཀྱི་རྡོ་རྗེས་སློབ་དཔོན་ནས་བཟུང་། ཐམས་ཅད་ཀྱི་གནས་གསུམ་དུ་དྲིའི་ཐིག་ལེ་འབུལ། མེ་ཏོག །སྤོས། དྲི་ཆབ། ལྷབ་ཤོས། མར་མེ། དྲིལ་བུའི་སྒྲས་མཆོད་ཅིང་། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང་། ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་དགུ་རྣམས། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །མཁའ་ཁྱབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ༀ་ཨཱཿཧཱུྃ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་ཏུ། དྷཱུ་པེ། གནྡྷེ། ནཻ་བིདྱ། ཨཱ་ལོ་ཀེ །ཤབྡ། སྦྱར། ལས་ཀྱི་རྡོ་རྗེས་སློབ་དཔོན་


KMC010_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་བྱས་ཏེ་པད་ཀོར་སྔོན་དུ་འགྲོ་བས། །གཡས་ཐོད་པ་མ་དཱ་ནས་གང་བ་སོགས་ཚོགས་ཀྱི་ཡོ་བྱད་བཟུང་། གཡོན་རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ལ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་བརྗོད་ལ་རིམ་པ་དྲང་། །ལེན་པ་པོས་ཀྱང་པད་ཀོར་བཅས། རིན་ཐང་མེད་ལས་ལེགས་འོངས་ཆོས། །འདོད་ཆགས་དྲི་མ་དང་བྲལ་ཞིང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། །ཞེས་བླངས། མཐེབ་སྲིན་སྦྱར་བས་སྤྱི་བོར་བླ་མ། །མགྲིན་པར་བདུད་རྩིའི་ལྷ་མོ། །སྙིང་གར་ཡེ་ཤེས་སེམས་དཔའ་མཆོད་པར་མོས་ལ། ༀ་ཨཱཿཧཱུྃ། ལན་གསུམ་གྱི་བདུད་རྩིའི་ཐིགས་གཏོར་འབུལ། །དེ་ནས་སེམས་ཀྱི་རྒྱལ་པོ་ཨ་ཡོད་པ་ལ་མཆོད་པར་བསམ་ལ་བཏུང་། །ཐམས་ཅད་ཀྱི་ཕུད་བསྡུས་ལ་ཆ་གཉིས་སུ་བྱས་པ་གཡོན་དང་གཡས་སུ་བཞག་ནས་ཡི་དམ་དང་ཆོས་སྐྱོང་ལ་འབུལ་བར་བཤད་པས། །ད་ལྟའི་ལག་ལན་ཏུ་ཆ་དང་པོ་ཤིན་ཏུ་ཕུད་ཡི་དམ་དང་། ཆ་གཉིས་པ་ཕུད་ལྷག་ཆོས་སྐྱོང་གི་གཏོར་མ་ལ་བསྟབ། །ཆོས་སྐྱོང་ལ་བསྟབ་པའི་ཕུད་ལྷག་ཆ་ཤས་


KMC010_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་དུ་བཞག་པ་ཕྱོགས་སྐྱོང་སོགས་ལ་སྦྱིན། །དེའང་གཞུང་སོ་སོའི་གཏོར་ཆོག་གམ་བདུད་རྩིའི་མཆོད་པ་ལྟར་བྱིན་གྱིས་བརླབ་ཅིང་དཀྱིལ་འཁོར་བ་ལ་འབུལ། །འཇིག་རྟེན་པ་ལ་ཕུད་གཏོར་སོ་སོའི་ཆོ་ག་ལྟར་གཏང་། དེ་ནས་ལོངས་སྤྱོད་དེ། ཌོམྦི་བས། །དེ་ནས་རྣལ་འབྱོར་པ་རྣམས་ཀྱིས། །ཆུ་གནས་སུ་ནི་རཾ་ལས་ཀྱང་། །འབར་བའི་ཁུང་བུ་འོད་འབར་བསམ། དེ་ནང་པཾ་ལས་ཆུ་སྐྱེས་གདན། དེ་སྟེང་ལྷ་ཡི་དཀྱིལ་འཁོར་བསམ། ཁ་ནི་ཧོམ་ཁུང་རབ་བསམས་ཏེ། ལག་གཉིས་ཧཱུྃ་ལས་རྡོ་རྗེ་ཡི། །གཟར་བུ་གཉིས་སུ་ཡང་དག་བསྒོམ། ཞེས་དང་། གཟར་བུས་བདུད་རྩི་བླངས་ནས་ནི། འབར་བའི་ནང་དུ་བསྲེག་པར་བྱ། །ཞེས་གསུངས་པ་ལྟར་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ་ཞིང་། ཡེ་རྒྱ་དང་སྙོམས་པར་འཇུག་པའི་བདེ་བ་བསྒོམ་ལ། ཀོལླ་ཨི་རེ་ཊཱ་ཨཱ་པོལླ་སོགས་སམ། དེ་བོད་སྐད་དུ་བསྒྱུར་བ། པདྨ་ལ་ནི་རྡོ་རྗེ་གནས། །སོགས་རྡོ་རྗེའི་གླུ་ལེན། རྡོ་རྗེ་འཛིན་སོགས་ཕྱག་འཚལ་ལོ། །ཁྱོད་ལ་རབ་ཏུ་དད་པ་ཡིས། །མཆོད་པའི་ཚོགས་ནི་རབ་ཕུལ་བས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བའི་སྡུག་བསྔལ་སྤངས་ནས་ཀྱང་། །བདེ་ཆེན་རྡོ་རྗེ་འཛིན་རྒྱལ་ཤོག །ཅེས་སོགས་སྨོན་ལམ་གདབ།


KMC010_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་བསྡུས་ལ་ཆ་གཉིས་སུ་བྱས་པའི་ཆ་དང་པོ་དུད་སོལ་མ་ལ་འབུལ་བར་བཤད་ཀྱང་རྣལ་འབྱོར་པ་རྟོག་པ་དམན་ན་གོང་གི་ཕུད་ལྷག་འབུལ་བ་ཕྱག་ལེན་ཡིན་པས། འབར་བའི་ཕྱག་རྒྱ་བསྟན། ཕུར་གཏོར་བདུད་རྩིས་བྲན་ལ། ༀ་བྷྱོ་བཏྟ་ལི་བཏྟ་ལི་བ་ཏ་ལིཙྪེ་ཞེས་བརྗོད་ལ། །ལྷ་མོ་ཞལ་གཅིག་ཕྱག་བཞི་མ་བོང་བུ་གྭ་པ་ལ་ཞོན་པ་སྤྱན་དྲངས་ལ། ༀ་ཀུ་རུ་ཀུ་རུ་བཏྟ་ལི་མ་ཧཱ་བཏྟ་ལི། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀཱི་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། དུར་ཁྲོད་རོ་ཡི་ཚལ་དབུས་ན། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་གསོལ་མ། གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་སུ་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གི་ལས་འདི་ཅི་བྱེད་ཀྱང་། དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ཞེས་ཕྲིན་ལས་བཅོལ་ལ། ༀ་གྷྲྀཧྣ་གྷྲྀཧྣ་སརྦ་དུཥྚ་ནཱཾ་བྷཀྵ་ཕེཾ་ཕོཾ་ཕེཾ་ཕཊ་སྭཱ་


KMC010_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཞེས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་མཆེ་བའི་ཚུལ་གྱིས་ཁའི་འགྲམ་བཞག་ལ་གཤེགས་སུ་གསོལ་ལོ། །ཤིན་ཏུ་ལྷག་མ་རྣམས་སྣོད་གཅིག་ཏུ་བསགས། ཆུ་གཙང་གིས་བྲན་ལ། ༀ་ཨ་ཀཱ་རོ་སོགས་ཀྱི་བྱིན་གྱིས་བརླབ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྚི་ཙྪིནྡ་བྷིནྡ་ས་ནེ་ཧཱུྃ་སྭཱ་ཧཱ། ཞེས་རོལ་མོའི་སྒྲ་དང་བཅས་ཕྱི་རོལ་དུ་འབྱུང་པོ་རྣམས་ལ་སྦྱིན་ཞིང་དྲག་སྔགས་ཀྱིས་མཚམས་བཅད། །སྒོ་དྲུང་དུ་གཏོར་སྐྱེལ་ལ་མར་མེ་དང་མེ་ལོང་བསྟན། ཆུ་གཙང་ཁར་སྦྱིན། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་རང་གཞུང་ལྟར་བྱས་པས་འགྲུབ་བོ། །དེ་ལ་བཟའ་བཏུང་གིས་ལུས་ལྷ་མཆོད་པ་ཕྱི། ཀུནྡུ་རུས་རྩ་ཁམས་ཀྱི་ལྷ་མཆོད་པ་ནང་། གཟུང་འཛིན་བཅོམ་པས་དེ་ཁོ་ན་ཉིད་ཀྱི་ལྷ་མཆོད་པ་ནི་གསང་བ་སྟེ་ཚོགས་འཁོར་རྣམ་པ་གསུམ་ཆབས་ཅིག་ཏུ་བསྒྲུབ་པ་ནི་མཚན་ཉིད་དང་ལྡན་པ་ཡིན་པས་ཇི་སྐད་བཤད་པའི་ལས་དང་དངོས་གྲུབ་ཐམས་ཅད་འགྲུབ་ལ། ནང་དང་གསང་བའི་འཁོར་ལོར་འདུ་བར་མི་ནུས་པས་ནི་བཟའ་བཏུང་སོགས་རྒྱ་ཆེན་པོས་མཆོད་ཅིང་བསྒྲུབས་ཀྱང་ཁ་ཟས་ཀྱི་རྣལ་འབྱོར་ཙམ་དུ་འགྱུར་རོ། །དེ་དག་གི་སྐབས་སུ་ཤེས་པར་བྱ་བ་གལ་པོ་ཆེ་དཔལ་ནཱ་རོ་ཞབས་ཀྱིས་ཚོགས་ཀྱི་འདུ་བ་བསྒྲགས་པས་གསུངས་པའི་རྣམ་བཞག་བཅོ་ལྔ་ནི། དགེ་སློང་དང་བྲམ་ཟེ་ཡིན་ཀྱང་བརྟུལ་ཞུགས་དང་རིགས་ཀྱི་རྟོག་པ་མི་རུང་། །མ་


KMC010_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྲིང་དང་ཤ་ཟ་ཡིན་ཀྱང་ངོ་ཚ་དང་འཇིགས་པའི་རྟོག་པ་མི་རུང་། དམ་ཚིག་གི་རྫས་ལ་མི་གཙང་བའི་རྟོག་པ་མི་རུང་བ་སྟེ་མི་བྱ་བ་གསུམ། །རྡོ་རྗེ་འཛིན་པ་དང་ལས་རྡོར་ལ་མིང་གཞན། རྡོ་རྗེ་སྤུན་ལ་བླ་དྭགས་ཀྱི་མིང་། དམ་རྫས་ལ་ཐ་མལ་གྱི་མིང་ནས་བཟུང་སྟེ་མི་འབོད་པ་གསུམ། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་དེ་མི་འབྲལ་བ་གསུམ། བྱ་བའི་དུས། བྱས་པའི་གྲགས་པ། ཇི་ལྟར་བྱ་བའི་ཚུལ་གསང་བ་སྡེ་གསང་བ་གསུམ། ཚོགས་གྲལ་དུ་མ་བསྡད་པ་ལ་མི་སྦྱིན། རང་གིས་བྱིན་གྱིས་བརླབས་པ་གཞན་ལ་མི་སྦྱིན། །ལྷག་མ་ཁྱི་དང་བྱ་རོག་ལྟ་བུ་གསོ་བའི་ཕྱིར་དུ་མི་སྦྱིན་པ་སྟེ་མི་སྦྱིན་པ་གསུམ་རྣམས་འབད་པས་བསྲུང་ཤིང་། ཚོགས་གྲལ་དུ་རྩོད་པ་དང་ཀུ་ཅོ་བག་མེད་ཀྱི་སྤྱོད་པ་སྤང་ཞིང་ཇི་ཙམ་འདོད་པ་ལོངས་སྤྱོད་པའི་ཟོས་ལྷག་གཞན་དུ་ཁྱེར་མི་རུང་བས་དེ་ཉིད་དུ་ལྷག་གཏོར་ལྟོས་མེད་དུ་བཏང་དགོས་པར་གསུངས། །རྡོ་རྗེ་ཐེག་པའི་རྣལ་འབྱོར་པས་ཚོགས་ཀྱི་འདུ་བ་ཚུལ་བཞིན་དུ་སྤྱད་བ་ནི་འདུས་བྱས་ཀྱི་བསོད་ནམས་ཐམས་ཅད་ལས་མཆོག་གམ་ཕུལ་དུ་གྱུར་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔགས་ཀྱི་དངོས་གྲུབ་ཆེན་པོ་མྱུར་དུ་འགྲུབ་པའི་ཉེ་རྒྱུར་བྱེད་པ་ནི་རྡོ་རྗེ་འཆང་གི་གསང་ཚིག་གོ །ཚོགས་གཉིས་གཏེར་ལྡན་རྒྱ་མཚོ་འདི་འཁྱིལ་བས། །ཐར་བའི་དབུལ་བ་སྲིད་ན་མི་གནས་པར། །གསང་བའི་


KMC010_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པས་རོལ་བའི་རྒྱལ་ས་ན། །ཧེ་རུ་ཀ་དཔལ་འཕྲུལ་གྱིས་དབང་བྱེད་ཤོག །ཅེས་པའང་རྔོག་དཀྱིལ་རྣམས་དང་འདུས་པ་སོགས་མར་ལུགས་བླ་མེད་ཀྱི་དཀྱིལ་འཁོར་སྤྱིའི་ཆ་ལག་ཏུ། །རྔོག་པའི་བཞེད་གཞུང་གཞིར་བཞག །ཀཾ་ཚང་བརྒྱུད་པའི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་རྣལ་འབྱོར་མོས་པས་སྤྱོད་པ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ། ཞེས་པ་འདིའང་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་པར་དུ་བསྒྲུབས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

རྔོག་དཀྱིལ་ཚོགས་མཆོད་འདོན་བསྒྲིགས་དཔལ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལྟར།


KMC010_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། རྔོག་དཀྱིལ་ཚོགས་མཆོད་འདོན་བསྒྲིགས་དཔལ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལྟར་ན། དགྱེས་རྡོར་ལ། ཚོགས་བྱིན་རླབས་སྔོན་གཏོར་ལྟར་བྱ། གནས་རྡོ་རྗེ་ནས། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ་བར། ཚོགས་ཕུད་གཏོར་མ་ལ་སྤྲོན་ཏེ་སླར་ཡང་བྱིན་རླབས་གོང་ལྟར་དང་། ཕྱོགས་བཅུ་དུས་གསུམ་གྱི་ནས། མ་ཧཱ་ཀཱ་ལི་ཡེ་ༀ་ཨཱཿཧཱུྃ་བར་བདུད་རྩི་མྱང་བའི་སྐབས་ལྟར་ཆུ་གཉིས་ཉེར་སྤྱོད། གཽ་རཱི་བརྒྱད། ཁྱོད་ནི་རྣལ་འབྱོར་མ་སོགས་ཀྱིས་བསྟོད། དེ་ནས་དུད་སོལ་མའི་གཏོར་ཆོག་ཚང་བར་འདོན། དེ་མཚམས། ༀ་ཨིནྡ། ཛ་མ་སོགས་ནས། ཡིད་ལ་འདོད་པ་ཀུན་རྫོགས་ཤོག་གི་བར། ཚོགས་འབུལ་ལེན་བྱ། རྡོ་རྗེའི་གླུ། སྨོན་ལམ། ཕུད་ལྷག་ཤིན་ཏུ་ལྷག་མ་བཏང་ནས་མཐར་དབྱུང་ངོ་། །རྔོག་དཀྱིལ་གཞན་ལའང་དེས་རིགས་འགྲེ་སྟེ། ༈ གསང་འདུས་ལ། བྱིན་རླབས་ནང་མཆོད་ལྟར། གནས་རྡོ་རྗེ་སོགས། ཚོགས་ཕུད་གཏོར་མར་སྤྲོ་ན། སླར་ཡང་བྱིན་རླབས། ལྷ་རྣམས་ཀྱི་ལྗགས་སོགས། རྡོ་རྗེ་འཆང་ཆེན་སོགས་ནས། ༀ་སརྦ་དྷརྨ་པཱ་ལ་སོགས་ཀྱི་བར། ཆུ་བཞི་ཉེར་སྤྱོད། འདོད་ཡོན་བཅས་སྔགས་མཆོད། དེ་ཉིད་ལྔ་པས་བསྟོད། ༀ་ཨཱཿཧཱུྃ་ཨི་དཾ་སྠཱ་ན་སོགས་ནས། ཞི་དང་བཀྲ་ཤིས་མཛད་དུ་གསོལ།


KMC010_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱའི་བར། འབུལ་དྲངས་ཡན་སྔར་ལྟར་ལ་རྡོ་རྗེའི་གླུ་དགྱེས་རྡོར་ནས་བླང་ངོ་། ༈ །མཱ་ཡཱ་ལ། ནང་མཆོད་ལྟར་བྱིན་བརླབ། གནས་རྡོ་རྗེ་སོགས། ཚོགས་ཕུད་ཕུལ་ནས་སླར་ཡང་བྱིན་བརླབ། དཀྱིལ་ཆོག་ལྟར། ཧེ་རུ་ཀ་དཔལ་སོགས་ནས། རྩ་བརྒྱུད་བླ་མའི་ཞལ་དུ་ༀ་ཨཱཿཧཱུྃ། སྒྲུབ་ཐབས་ལྟར། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་པྲ་ཏཱིཙྪེ་མཾ་ནས། མཆོད་བསྟོད། སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། བར། ༀ་ཨཱཿཧཱུྃ། གནས་བདག་གཞི་བདག་ནས། ཀུན་འགྲུབ་མཛོད། བར། ཚོགས་འབུལ་དྲངས་ཡན་སྔར་ལྟར་རོ། །ཞེས་པ་འང་གུ་ཎས་སོ། །དགེ་ལེགས་འཕེལ།། །།རྡོ་རྗེའི་གླུ་ནི། པདྨ་ལ་ནི་རྡོ་རྗེ་གནས། །པདྨ་ཉིད་ནི་ཞིང་ཡིན་ནོ། །རྒྱུན་ཏུ་ཅང་ཏེའུ་བརྡུང་བྱ་སྟེ། །སྙིང་རྗེས་ཀུ་ཅོ་བསྒྲག་མི་བྱ། །དེ་རུ་སྟོབས་ལྡན་འབད་པས་བཟའ། །ཆང་ཡང་མང་པོ་བཏུང་བར་བྱ། །གྲོགས་པོ་སྐལ་ལྡན་གཞག་པར་བྱ། །སྐལ་པ་མེད་པ་རྣམ་པར་སྤང་། །བཞི་མཉམ་གླ་རྩི་སིཧླ་དང་། །ག་པུར་རྣམས་ཀྱིས་བྱུགས་པར་བྱ། །དེར་ནི་ཚོད་མ་ཤ་ཆེན་གྱིས། །བཀང་བ་དག་ཀྱང་བཟའ་བར་


KMC010_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །འགྲོ་དང་འོང་བ་འགོག་མི་བྱེད། །དག་དང་མ་དག་བསམ་མི་བྱ། །རུས་པའི་རྒྱན་གྱིས་ལུས་ལ་བརྒྱན། དེ་རུ་རོ་ནི་གཞུག་པར་བྱ། །འདུས་ཕྱིར་གཉིས་ནི་སྦྱོར་བ་བྱ། །དེར་ནི་རིག་མིན་སྤང་མི་བྱ། །ཞེས་དབྱངས་དང་བཅས་ཏེ་བྱའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

དགྱེས་པ་རྡོ་རྗེའི་བསྙེན་པའི་ཟུར་འདེབས།


KMC010_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་རྡོ་རྗེའི་བསྙེན་པའི་ཟུར་འདེབས་བཞུགས་སོ། །


KMC010_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་བསྙེན་པ་བཏང་བའི་སྐབས་དམིགས་པའི་སྤྱི་གཞུང་བསྙེན་ཡིག་ལྟར་ལ། དེར་མ་སྨོས་པའི་དམིགས་པ་དང་ངག་འདོན་སྤེལ་མས་ཁ་སྐོང་བར་འོས་པ་ནི། ནང་མཆོད་བྱིན་རླབས་ཀྱི་ཐོག་མར། བདག་ཉིད་ལས་ཀྱི་ཧེ་རུ་ཀར་སྐད་ཅིག་གིས་གསལ་བ་ནི། སྣ་ཚོགས་པདྨའི་ཟེའུ་འབྲུར་རོའི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའི་བཅོམ་ལྡན་འདས་ཀྱི་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་། གཡོན་ཐོད་པ་འཛིན་ཅིང་།


KMC010_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པའི་གྲུ་མོར་ཁ་ཊྭཱཾ་ག་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་ཏུ་བརྫེས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་པ། ཕྱག་རྒྱ་དྲུག་གིས་བརྒྱན་པའི་སྤྱི་བོར་ཟླ་བའི་སྟེང་དུ་སོགས་སྦྲེལ། ནང་མཆོད་བསངས་སྦྱང་། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་དུད་ཁ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་ཟུར་མདུན་ལ་བསྟན་པའི་ཟུར་གསུམ་དུ་ༀ་ཨཱཿཧཱུྃ་དཀར་དམར་


KMC010_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་གསུམ་ལས་མི་མགོའི་སྒྱེད་བུ་སོ་སོའི་མདོག་ཅན་གསུམ། དེའི་སྟེང་དུ་ཨ་དཀར་པོ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ཧཱུྃ་སྔོན་པོ་ལས་དྲི་ཆུ། ཤར་དུ་བུཾ་དཀར་པོ་ལས་དྲི་ཆེན། ལྷོར་ཨཱཾ་སེར་པོ་ལས་རཀྟ། ནུབ་ཏུ་ཛྲིཾ་དམར་པོ་ལས་ཁུ་བ། བྱང་དུ་ཁཾ་ལྗང་གུ་ལས་ཤ་ཆེན། ཤར་ལྷོར་ལཾ་དཀར་པོ་ལས་བ་ལང་གི་ཤ །བདེན་བྲལ་དུ་མཾ་སྔོན་པོ་ལས་ཁྱིའི་ཤ །རླུང་དུ་པཱཾ་དམར་པོ་ལས་གླང་པོ་ཆེའི་ཤ །དབང་ལྡན་དུ་ཏཱཾ་ལྗང་གུ་ལས་རྟའི་ཤ །དབུས་སུ་བཱཾ་སྔོན་པོ་ལས་ཀླད་པ་སྟེ་བདུད་རྩི་ལྔ་དང་། ཤ་ལྔར་གྱུར་སོགས་དང་། གཡས་སྐོར་དུ་ཨཱ་ལི་དཀར་པོ། གཡོན་སྐོར་དུ་ཀཱ་ལི་དམར་པོ་ཡོངས་སུ་གྱུར་པའི་ཞེས་སྦྲེལ། སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ཞེས་པའི་མཚམས་སུ། རྔོག་ཞེ་སྡང་རྡོ་རྗེ་ཆོ་ག་ཉི་ཤུ་པར་སྙན་བརྒྱུད་ཀྱི་མན་ངག་གསལ་པར་མཛད་པ་ཉིད་མཚོ་སྐྱེས་ཀྱི་དགོངས་པ་ཡིན་པས་མཆད་པར་བྱ་དགོས་ཏེ། ནམ་མཁའི་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་


KMC010_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐིག་ལེ་དཀར་དམར་བདག་གི་ལྕེ་ཐོག་ཏུ་བཞག །ལྷ་མོ་རེག་བྱ་རྡོ་རྗེ་མ་བདག་ཉིད་ལ་གཏད་ནས་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས། ཡེ་ཤེས་འདི་ནི་ཆེས་གྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡིན་པ། །ཞེས་ཆོས་ཐམས་ཅད་སྟོང་ཉིད་འོད་གསལ་དུ་གཏན་ལ་འབེབས་པའི་ཚིགས་སུ་བཅད་པས་ངོ་སྤྲོད་བསྩལ་བར་གྱུར། ༀ་སརྦ་ཏ་ཐཱ་སོགས་སྔགས་རྒྱས་གདབ། ཐུན་བཞིའམ་གསུམ་གང་བྱེད་ཀྱང་སྔ་མ་ལ་བདུད་རྩི་མྱང་བ་ནས་བསྔོ་སྨོན་བར་རྫོགས་པར་བཏང་། ཕྱི་མ་རྣམས་ལ་མཆོད་ཁ་གསོས་ཏེ་མཆོད་པ་བྱིན་རླབས་མན་ཆད་བསྐྱང་བ་ལས། བླ་མ་དག་པའི་གསོལ་འདེབས་བསྒྱུར། ཧེ་བཛྲ་ནས་འཇུག །ཡན་ལག་བདུན་པ་ཚིག་ལྷུག་གྲུབ་ཆེན་མཚོ་སྐྱེས་གསུམ་མར་རྔོག་ཞལ་རྒྱུན་ཡིན་པ་དང་། དཀོན་མཆོག་གསུམ་སོགས་རྒྱུད་ཚིག་མར་པའི་འགྱུར་ཡིན་པས་དེ་གཉིས་འདོན་རེས་བྱ། སྲུང་འཁོར་སྔགས་ཐུན་དང་པོ་ཉེར་གཅིག་ཙམ་དང་། ཕྱི་མ་རྣམས་ལ་གསུམ་རེ་ཙམ་བྱ། བདུད་རྩི་འབུལ་བའི་སྐབས། བཅོམ་ལྡན་འདས་


KMC010_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དྲུག་པ་ནས། རྩ་བརྒྱུད་བླ་མའི་བར་བསྐྱུར། སྲོད་ཀྱི་ཐུན་མཐར་དུས་བཟང་སོགས་ལ་ཚོགས་དང་། དཀྱུས་སུ་རྔོག་ལུགས་གུར་མགོན་དང་དུད་སོལ་མའི་གཏོར་འབུལ་མ་ཆད་པར་བྱ། གཏོར་ཆོག་ཀྱང་ནུས་ན་རྒྱས་པར་གལ་ཆེ་བས་དེའི་ཚུལ་ནི། མདུན་གྱི་ནམ་མཁར་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་ནང་གི་དབུས་དང་སྟེང་འོག་ཏུ་སྣ་ཚོགས་པདྨ་འདབ་མ་བརྒྱད་དང་ལྡན་པ་རེ་རེ། དབུས་མའི་འདབ་མ་རྣམས་ཀྱི་ཕྱོགས་མཚམས་བརྒྱད་དུ། བརྒྱ་བྱིན་སེར་པོ་གཡས་རྡོ་རྗེ་འཛིན་ཅིང་། གླང་པོ་ཆེ་ཞོན་པ། གཤིན་རྗེ་ནག་པོ་གཡས་བེ་ཅོན་འཛིན་ཅིང་། མ་ཧེ་ལ་ཞོན་པ། ཆུ་ལྷ་དཀར་པོ་གཡས་ཀུ་མུད་འཛིན་ཅིང་། ཆུ་སྲིན་ལ་ཞོན་པ། གནོད་སྦྱིན་སེར་པོ་གཡས་དཔལ་འབྲས་འཛིན་ཅིང་། མི་ལ་ཞོན་པ། འབྱུང་བོ་དཀར་པོ་གཡས་རྩེ་གསུམ་འཛིན་ཅིང་། ཁྱུ་མཆོག་ལ་ཞོན་པ། མེ་ལྷ་དམར་སེར་གཡས་བགྲང་ཕྲེང་། གཡོན་རིལ་བ་འཛིན་ཅིང་། ར་སྐྱེས་ལ་ཞོན་པ། སྲིན་པོ་སྔོ་ནག་གཡས་རལ་གྲི་འཛིན་ཅིང་། རོ་


KMC010_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ལ་ཞོན་པ། རླུང་ལྷ་ལྗང་ནག་གཡས་བ་དན་འཛིན་ཅིང་། ཤ་བ་ལ་ཞོན་པ། མེ་ལྷ་མ་གཏོགས་པ་ཐམས་ཅད་ཀྱང་གཡོན་ཐོད་པ་བསྣམས་པ། པདྨའི་ལྟེ་བར་བཟང་པོའི་སྟན་ལ་གནས་པའི་ལྷ་མོ་སེར་མོ་ཕྱག་གཉིས་བུམ་པ་འཛིན་ཅིང་ལྷའི་གོས་དང་རྒྱན་གྱིས་སྦྲས་པ། ཡི་དྭགས་ཀྱི་འཁོར་གྱིས་བསྐོར་བ། གཤིན་རྗེ་མེ་ལྷ་སྲིན་པོ་རྣམས་ཉི་མ་དང་གཞན་རྣམས་ཟླ་བའི་གདན་ལ་འཁོད་པའོ། །སྟེང་གི་པདྨའི་འདབ་མ་རྣམས་ལ། ཤར་དུ་རྟ་དཀར་པོ་ལ་གནས་པའི་ཟླ་བ་དཀར་པོ་ཕྱག་གཉིས་ཀུ་མུད་འཛིན་པ། ལྷོར་རྟ་ལྗང་གུ་ལ་གནས་པའི་ཉི་མ་དམར་པོ་པདྨ་འཛིན་པ། ནུབ་ཏུ་བྱི་ལ་ལ་གནས་པའི་ལྷག་པ་སེར་པོ་མདའ་འཛིན་པ། བྱང་དུ་པ་སངས་སྔོན་པོ་མདུང་འཛིན་པ། དབང་ལྡན་དུ་བཀྲ་ཤིས་དམར་པོ་སྐྲ་གྱེན་དུ་གྲོལ་བ་པདྨ་འཛིན་པ། མེར་ཕུར་བུ་སེར་པོ་བེ་ཅོན་འཛིན་པ། བདེན་བྲལ་དུ་སྤེན་པ་ནག་པོ་རྩེ་གསུམ་འཛིན་པ། རླུང་དུ་


KMC010_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་གཅན་དུད་ཁ་ཟ་བའི་རྣམ་པ་ཅན་གྱི་ལག་པ་གདེངས་པ་དང་། མཇུག་རིང་ཐལ་མོ་སྦྱར་བ། པདྨའི་ཟེའུ་འབྲུར་དང་པོ་ལ་གནས་པའི་ཚངས་པ་སེར་པོ་གདོང་བཞི་པ་ཕྱག་བཞིའི་དང་པོ་གཉིས་དབྱུག་གུ་གསུམ་དང་མི་འཇིགས་པའི་ཕྱག་རྒྱ། འོག་མ་གཉིས་ཕྲེང་བ་དང་སྤྱི་བླུགས་འཛིན་པ། མཆོད་ཕྱིར་ཐོགས་འཆང་བ། ཚངས་རིས་ནས་འོག་མིན་གྱི་མཐར་ཐུག་པའི་ལྷས་བསྐོར་བ། ཟླ་བ་དང་ཚངས་པ་དག་བསིལ་ཟེར་བྱེད་པ་དང་། གཞན་རྣམས་ཉི་མའི་གདན་ལ་འཁོད་པའོ། །འོག་གི་པདྨའི་འདབ་མའི་ཕྱོགས་མཚམས་རྣམས་ལ་རིམ་པ་བཞིན་དུ། ནོར་རྒྱས་སེར་པོ། པདྨ་དཀར་པོ། སྟོབས་རྒྱུ་དམར་པོ། འཇོག་པོ་ནག་པོ། དུང་སྐྱོང་སེར་པོ། པདྨ་ཆེན་པོ་སྔོ་སངས། མཐའ་ཡས་དཀར་པོ། རིགས་ལྡན་ཁྲ་བོ། ལྟེ་བར་ཀླུ་ལྷག་མ་དཀར་པོ་ཐམས་ཅད་ཀྱང་མིའི་གདོང་པ་ཅན། སྦྲུལ་གྱི་གདེངས་ཀ་དང་ལྡན་ཞིང་ཐལ་མོ་སྦྱར་བ་རིན་པོ་ཆེའི་རྒྱན་གྱིས་


KMC010_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་པ། ལྷ་མ་ཡིན་དང་དམྱལ་བའི་སེམས་ཅན་དང་བཅས་པའོ། །དེ་དག་ཐམས་ཅད་སྐད་ཅིག་གིས་ཧཱུྃ་སྔོན་པོ་དང་། ༀ་དཀར་པོ་དང་། ཨཱཿཡིག་དམར་པོའི་རྣམ་པ་ཡོངས་སུ་གྱུར་པ་ལས། བར་མ་རྣམས་ཐུགས་རྡོ་རྗེ་སྔོན་པོ། སྟེང་མ་རྣམས་སྐུ་རྡོ་རྗེ་དཀར་པོ། འོག་མ་རྣམས་གསུང་རྡོ་རྗེ་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སོགས། ཡེ་ཤེས་པ་དང་དབྱེར་མེད་དུ་བྱ་བ་ནས་གླུའི་བར་སྒྲུབ་ཐབས་ལྟར་རོ། །སྐབས་འདིར་ཡིག་བརྒྱ་གུར་ལས་འབྱུང་བ་ལྟར་ཏེ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲི་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཤྭ་ཤྭ་ཏྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀཪྻེཥུ་མེ་ཙིཏྟཾ་ཤྲེ་ཡེཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བི་ཛྲཱ་བྷ་བ་མ་ཧཱ། ས་མ་ཡ་སྟྭ་ཨཱཿ མུཿ ཞེས་བརྗོད་པར་བྱ། སྐྱེ་ཞིང་སྐྱེ་བ་སོགས་ཀྱི་ཚིགས་བཅད་གཉིས་མར་


KMC010_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྱུར་གཙང་མ་ཡིན། ཡོངས་གྲགས་པ་རིའི་འགྱུར ། རིགས་སུ་སྐྱེ་དང་སོགས་རྒྱུད་ཚིག་པ་འདྲ་ཡང་འགྱུར་བྱེད་ཀྱི་ཁྱད་ཞུགས་པ་ཡིན་ཅིང་། ཞེས་པའང་བློ་གྲོས་མཐའ་ཡས་ཀྱིས་ཉམས་ལེན་མཁན་ལ་ཕན་འདོད་ཀྱི་བསམ་པས་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར།


KMC010_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར་ཞེས་བྱ་བ་བཞུགས་སོ། །


KMC010_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར་ཞེས་བྱ་བ། །བླ་མ་དང་དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཕུང་ཁམས་དྲི་མ་ཀུན་ཟད་ཡེ་ཤེས་ཀྱི། །མེ་ཕུང་དབུས་ན་དཔྱིད་ཐིག་བསྲེག་བླུག་རོལ། །དགའ་བཞིའི་མཐར་སོན་ལས་བཞིའི་གར་མཛད་པ། །མར་སྟོན་ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །ཕྱི་ནང་བསྲེག་བྱ་ལྷ་ཞལ་མེ་ཡི་ལྕེར། །སྟོབས་པས་ལས་དང་དངོས་གྲུབ་ཐོགས་མེད་དུ། །འགྲུབ་འགྱུར་གནད་ཤེས་འཇུག་པའི་ལམ་བཟང་ནི། རྒྱུན་དོན་མན་ངག་བསྡེབས་ཏེ་འཆད་པ་ཡིན། །དཔལ་དགྱེས་པ་རྡོ་རྗེའི་བསྙེན་པ་སྔོན་ཏུ་སོང་བའི་རྣལ་འབྱོར་པས་ལྷག་ཆད་ཁ་སྐོང་ངམ། རབ་གནས་སྒྲུབ་མཆོད་སོགས་སྔགས་ཀྱི་ནུས་པ་འབྱིན་པའི་


KMC010_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་སྦྱིན་སྲེག་བྱ་བ་ནི། དཔལ་བརྟག་པ་གཉིས་པ་ལས། ཅི་གསུང་སྦྱིན་སྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །ཞེས་སོགས་དང་། རྡོ་རྗེ་གུར་གྱི་རྒྱུད་དོན་གྲུབ་ཆེན་མཚོ་སྐྱེས་སོགས་ཀྱིས་བཀྲལ་བ་མར་རྔོག་གི་མན་ངག་གིས་བརྒྱན་པའི་གཞུང་ལག་ལེན་ཏུ་བསྟར་བ་ལ་དོན་གཉིས་ཏེ། དངོས་དང་འཕྲོས་དོན་ནོ། །དང་པོ་ནི། སྤྱིར་རྒྱུད་སྡེ་རྣམས་ནས་དགུག་པ་དང་། རྨོངས་རེངས་སོགས་ལས་ཀྱི་བྱེ་བྲག་སྒྲུབ་པའི་སྦྱིན་སྲེག་གི་དབྱེ་སྒོ་མང་དུ་གསུངས་པ་རྣམས། ཡེ་ཤེས་ཐིག་ལེ་དང་རྡོ་རྗེ་མཁའ་འགྲོར་རྩ་བའི་དབྱེ་གཞི་ཕྲིན་ལས་བཞིར་བསྡུས་ཏེ་བསྟན་པའི་རྗེས་སུ་ད་ལྟའི་ཕྱག་ལེན་མཁན་རྣམས་འབྲངས་པ་ལྟར་འཆད་པ་སྟེ། དེ་ལ་བཞི། ཞི་བ། རྒྱས་པ།


KMC010_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། མངོན་སྤྱོད་དོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གསུམ། སའི་ཆོ་ག །བཅས་དང་ཡོ་བྱད། ཆོ་གའི་སྔོན་འགྲོའོ། །དང་པོ་ནི། སྔར་སྦྱིན་སྲེག་མ་བྱས་པ་སོགས་ས་གཞི་མ་དུལ་བ་ཡིན་ན་དཀྱིལ་ཆོག་ནས་འབྱུང་བ་ལྟར་སའི་ཆོ་ག་རྒྱས་པའམ། སྡོོམ་འབྱུང་གི་དགོངས་པ་ལྟར་ས་བདག་ལ་གཏོར་མ་སྦྱིན་ཅིང་། རྩ་བའི་སྔགས་བརྗོད་དེ་སྟོང་ཉིད་དུ་སྦྱང་པ་ཙམ་བྱའོ།། །།གཉིས་པ་ལ་གསུམ། ཐབ་དང་འབྲེལ་བ། རྫས་དང་འབྲེལ་བ། སྒྲུབ་པ་པོ་དང་འབྲེལ་པའོ། །དང་པོ་ནི། འདི་ཉིད་ཀྱི་རྒྱུད་དགོངས་འགྲེལ་དང་བཅས་པ་ལས་བྲུ་ཐབ་དང་བྲི་ཐབ་གཉིས་གསལ་བར་བསྟན་ཅིང་། གཤེད་དམར་རྒྱུད་ལེའུ་བཅུ་དགུ་པ་ནས་བརྩིགས་ཐབས་གསུངས་པས་ལུགས་སྲོལ་གསུམ་ལས་ད་ལྟ་ཕལ་ཆེར་གྱི་ལག་ལེན་བདེ་བའི་དབང་གིས་བྲི་ཐབ་ཁོ་ན་མཛད་པ་ལྟར་ན། སྟེགས་བུ་འཐས་པར་གཅག་ཅིང་ཙནྡན་དཀར་པོ་སོགས་ཀྱིས་བྱུགས་པའི་སྟེང་དུ་ཐིག་ཆེན་བརྒྱད་བཏབ། དབུས་ནས་མཐོ་གང་ཚད་ཀྱིས་ཟླུམ་པོར་བསྐོར་བ་ཐབ་ཀྱི་དངོས་གཞི་དང་། དེའི་ཕྱི་རོལ་སོར་བཞི་བསྐོར་བ་མཆུ། དེ་རྒྱབ་སོར་བཞི་ཁ་ཁྱེར། དེ་དང་ཟུར་ཐིག་འཇོམ་པའི་ས་ནས་སོར་བཞིའི་མཚན་མ་བཏབ་པ་རྩེ་སྦྲེལ་བསྟེགས་བུ། དེའི་ཕྱི་རོལ་དུའང་སོར་བཞི་པའི་གྲུ་བཞི་མཛད་པ་བསྒོམ་དོན་སྟེགས་བུའི་དཔངས་དང་བྲི་ཆར་མིག་


KMC010_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་མཛེས་པའི་དོན་ཏུ་བཞེད། ཐབས་ཀྱི་དབུས་སུ་འཁོར་ལོ་སོར་བརྒྱད་པའི་ལྟེ་བར་རྡོ་རྗེ། ཤར་དུ་འཁོར་ལོ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲི་རྣམས་སོར་གཅིག་པས་མཚན་པ། ཁ་ཁྱེར་ནང་ངོས་རྡོ་རྗེའི་ཕྲེང་བ་དང་། ཕྱི་ངོས་པད་ཕྲེང་མཚོན་བྱེད། སྟེགས་བུའི་གྲྭ་བཞིར་རྡོ་རྗེ་རྩེ་གསུམ་པ་རེ་རེ་སྟེ། གཞི་ཐམས་ཅད་དཀར་པོ་ལ་བཅད་ཚོན་དམར་སྐྱ་ཁོ་ནས་བྲི། འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའམ་སྲོག་ཆགས་མེད་པའིབ་ལང་གི་ལྕི་བ་སྐམ་པོས་ཐབ་ཀྱི་ནང་ཟླུམ་པོར་བརྩིག་ཅིང་ཤར་ལྷོར་མེ་ཚང་བཞག །ཐབ་དང་སྒྲུབ་པ་པོའི་བར་དུ་གདན་གཞི་ལས་གསུངས་པ་ལྟར་མེ་ཡོལ་འཇིམ་པ་སོ་ཕག་སོགས་ལས་བྱས་པའི་གངས་རིའི་གཟུགས་དཀར་པོ་རྒྱར་མཐེབ་སོར་བཅུ་གཉིས། དཔངས་སུ་སྐེད་པར་སླེབ་པ་ཞིག་བཞག་ལ་དངོས་གཞིའི་ཚེ་རི་བོ་གངས་ཅན་བདག་ཉིད་ཀྱི་ཚ་གདུང་སེལ་བའི་ནུས་པ་དང་ལྡན་པར་བསམ་པའམ། གལ་ཏེ་མ་འགྲུབ་ན་མེ་ལྷ་སྤྱན་དྲངས་པའི་རྗེས་སྒྲུབ་པ་པོ་ལ་འཚེ་བའི་ཕྱི་འབྲང་གི་འབྱུང་པོ་ལས་ཐམས་ཅད་པའི་སྔགས་སོགས་ཀྱིས་བསྐྲད་དགོས་པར་གསུངས། སྤོར་བྱེད་མེ་རྒྱུན་བཞག་དང་། དགོན་པའི་མེའམ། འོ་མ་ཅན་གྱི་ཤིང་དང་གཙུབས་ཤིང་ལས་བྱུང་བ་སྣོད་དུ་འདུ་བྱ་ཞིང་འབྲུ་གསུམ་གྱིས་བསྲུངས་ལ་བཞག་གོ །གཉིས་པ་ནི། སྟེགས་བུ་དཀར་པོ་གཉིས་སྒྲུབ་པ་པོའི་


KMC010_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་ཏུ་བཞག་པའི་གཡས་སུ་དངུལ་ཤེལ་དུང་སོགས་དཀར་ཞིང་ཟླུམ་པའི་སྣོད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཟླུམ་གཏོར་དཀར་པོ་གཉིས། མེ་ཏོག །བདུག་སྤོས། དྲི་ཆབ། ཞལ་ཟས། མར་མེ་སྟེ་མཆོད་རྫས་རྣམས་དང་། འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་བཅུ་གཉིས་པའི་རྩེ་གཉིས་སྤྲད་འོ་མ་མར་ཁུས་ཞུགས་པ། མར་དཀར་ཁུ་བ། ཏིལ་ནག །འབྲས་མ་གྲུགས་པ། ཟས་མཆོག་སྟེ་ཞོ་བག་ཕྱེ་བུ་རམ་གསུམ་བསྲེས་པའི་རིལ་བུ། འབྲས་སོ་བ། ནས། མོན་སྲན་གྲེའུ། གྲོ། དཱུརྦ་དང་ཀུ་ཤ་མ་ཉམས་པ། འོ་མ་ཅན་གྱི་ཤིང་སྔར་མོས་པའི་ཡམ་ཤིང་ཚོ་ལྔ། ཁྱད་པར་རྫས་ཤིང་ཏོག །བདུད་རྩི་ལྔ། གོས་ཟུང་། གྲངས་འཛིན་བསངས་ཆུ་བཅས་རིམ་པར་བཞག །གཡོན་དུ་ཆུ་གསུམ། མདུན་ཏུ་བཟེད་ཞལ། ནང་མཆོད། རྡོར་དྲིལ་བར་དུ་དགངས་གླུགས་པ་སྦྱར་བ་བཅས་བཞག །སོ་སོར་ཕྲལ་ན་བར་ཆད་ཀྱི་ཆོས་ཡིན་གསུངས། ཐམས་ཅད་ཀྱང་དངོས་སམ་མོས་པས་བརྟགས་ཏེ་ཁ་དོག་དཀར་པོ་འབའ་ཞིག་པའོ། །གསུམ་པ་ནི། སྒྲུབ་པ་པོ་དར་རས་དཀར་པོའི་གོས་དང་ཤེལ་དཀར་སོགས་ཀྱི་རྒྱན་གྱིས་སྤྲས་ལ་སྲོད་དམ་དགོངས་ཀའི་དུས་སུ་ཞི་བའི་བསམ་པས་ཁ་ཤར་དུ་ཕྱོགས་ཏེ་འཇམ་པའི་སྟན་ལ་པདྨའི་སྐྱིལ་ཀྲུང་གིས་འཁོད་ཅིང་ཕྲིན་ལས་ལ་འཇུག །དེའང་དོན་དམ་པར་ཕྱོགས་མེད་པས་གནས་


KMC010_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་རྟེན་འབྲེལ་དབང་གིས་ཕྱོགས་སུ་རྟོག་པས་བཞག་པ་སྟེ། དཀྱིལ་འཁོར་དང་འབྲེལ་ན་དེའི་ཤར་དུ་ཐབ་བཅའ་ཞིང་། སྒྲུབ་པ་པོ་དཀྱིལ་འཁོར་གྱི་ཤར་ལ་ཁ་ཕྱོགས་ཏེ་ཐབ་དང་ཞལ་སྤྲོད་བྱ་བ་དང་། དུས་གཞན་ཏུ་འབྱུང་བའི་ཤར་ལ་ཁ་ཕྱོགས་པའི་མདུན་ཏུ་ཐབ་ཀྱི་ཁ་ཚུར་བསྟན་ཏུ་བྱ་དགོས་སོ།། །།གསུམ་པ་ཆོ་གའི་སྔོན་འགྲོ་ནི། རྗེ་མར་རྔོག་ཡབ་སྲས་ཀྱི་ཕྱག་བཞེས་ཏེ་སྒྲུབ་མཆོད་དང་འབྲེལ་ན་བདག་མདུན་བུམ་སྒྲུབ་བདག་ཉིད་འཇུག་པ་ཟིན་པའི་རྗེས་སུ་ཁྲུས་དང་བགེགས་སྦྱང་ནས་སྦྱིན་སྲེག་ལ་འཇུག །སྦྱིན་སྲེག་གྲུབ་རྗེས་ཚོགས་འཁོར་མན་ཆད་མཐར་དབྱུང་བ་ཡིན་ལ། འདི་ཉིད་སྒེར་དུ་བྱ་བའི་ཚེ། བདག་ཉིད་ལས་ཀྱི་ཧེ་རུ་ཀ་སོགས་ནང་མཆོད་བྱིན་གྱིས་བརླབ་ཅིང་མྱང་བ་ནས་རྡོར་སེམས་བསྒོམ་བཟླས་ཡན་གྲུབ་པ་དང་། རྣམ་རྒྱལ་དང་ལས་བུམ་བསྒྲུབ་འོད་ཞུ་སོགས་ཟིན་ནས་རྣམ་རྒྱལ་བུམ་པའི་ཆུས་དཀྱིལ་འཁོར་ངམ། རས་བྲིས་ལ་ཁྲུས་གསོལ་སྦྱི་མཐུན་བྱས་པའི་ཆུ་དེས་སྒྲུབ་པ་པོ་རྣམས་ལ་ལས་སྔགས་བཟླས་ཏེ་ཁྲུས་བྱ་ཞིང་། གནས་ཁང་དང་ཡོ་བྱད་ལའང་བསངས་གཏོར་བྱ། དེ་ནས་ཡུངས་ཀར་དང་བསྲེས་པའི་ཟན་གྱི་ཆངས་བུས། ལས་སྔགས་བཟླས་ཏེ་རང་དང་གྲོགས་ལ་བསྐོར། ལུས་ངག་ཡིད་ཀྱི་ཉེས་པ་ཐམས་ཅད་བསྡུས་ཏེ་ཆངས་བུ་ལ་ཐིམ་པར་མོས། གྱོ་མོ་ལ་སོགས་པའི་སྣོད་


KMC010_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅུག་ཏེ་རོལ་མོའི་སྒྲ་དང་བཅས་ཕྱི་རོལ་དུ་དོར་རོ།། །།གཉིས་པ་དངོས་གཞི་ལ་གསུམ། ལྷའི་རྣལ་འབྱོར་བསྒོམ་པ། འཇིག་རྟེན་པའི་མེ་ལྷ་མཆོད་པ། དཀྱིལ་འཁོར་པ་མཆོད་པའོ། །དང་པོ་ནི། སྒྲུབ་མཆོད་སྔོན་ཏུ་སོང་ན་སྐབས་འདིར་མི་དགོས་ཀྱང་། གཞན་ཏུ་བླ་མ་དག་པ་ནས་བརྩམ། རྡོ་རྗེ་པདྨ་བྱིན་གྱིས་བརླབ་པའི་བར་གྱིས་ཆོག་པའི་སྐབས་ཀྱང་ཡོད་མོད་ཀྱི། དཀྱུས་སུ་བཟླས་པ། དག་དྲན། བསྡུ་རིམ་གྱི་བར་དུ་བཏང་ལ་རང་ཉིད་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་གནས་པར་བྱའོ། །གཉིས་པ་ནི། ལས་བུམ་གྱི་ཆུ་བསྲེས་པའི་བསངས་ཆུ་ཀུ་ཤས་འཐོར་ལ། བསངས་སྦྱང་། སྒྲུབ་ཐབས་ལྟར་མཆོད་པ་བྱིན་རླབས་བྱ། བསྲེག་རྫས་རྣམས་བསངས་སྦྱང་། བདུན་རྩི་ལྟར་བྱིན་བརླབས། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམས་པ་བསྲེག་རྗས་སོ་སོར་གྱུར། དགང་བླུགས་ཁ་སྦྱར་བས་རེག་ལ། ༀ་སྭཱ་ཧཱ། རྫས་བཀྲུ་བའི་སྔགས་སོ། །ༀ་ཨཱཿསྭཱ་ཧཱ། ཡམ་ཤིང་དང་། ༀ་ཤྲིཾ་སྭཱ་ཧཱ། ཞུན་མར་དང་། ༀ་ཛྲིཾ་སྭཱ་ཧཱ། འབྲུ་དང་། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་ལྷག་མ་སྦྱར་བའི་སྔགས་ཏེ་དེ་རྣམས་ལན་གསུམ་གསུམ་བརྗོད། དམ་པ་ཁ་ཅིག་གིས། རང་གི་ལག་པ་གཉིས་ཀྱི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སྟེ་བར་ཧཱུྃ་གིས་མཚན་པ། དེ་


KMC010_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་འཕྲོས་ནས་རྫས་རྣམས་ལ་ཕོག་པས། རྗས་རྣམས་ཀྱི་སྐྱོན་ཐམས་ཅད་དག་ནས་དྭངས་ཤིང་ཐོགས་པ་མེད་པ་ལས་བསྒྲུབ་པའི་ནུས་པ་དང་ལྡན་པར་བསམས། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་གཤིབ་ལ་བརྐྱང་སྟེ། ༀ་ཤྲཱིཾ་སྭཱ་ཧཱ། ཞེས་སོགས་ཀྱིས་བསྲེག་རྫས་སྦྱང་ཞེས་བཤད། མེ་ཐབ་བསངས་སྦྱང་། སྟོང་པའི་ངང་ལས། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་དང་ཨཾ་ལས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ། ཞལ་བརྒྱད་པ། ཕྱག་བཅུ་དྲུག་པ། ཞབས་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཡུམ་བདག་མེད་མ་དང་མཉམ་པར་སྦྱོར་བ། ཡབ་ཡུམ་སྙོམས་པར་ཞུགས། འོད་དུ་ཞུ་བ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་ཡངས་ཤིང་རྒྱ་ཆེ་ལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། མེ་གཡས་བསྐོར་གྱིས་སྦར་ཞིང་། ༀ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་བརྗོད། རླུང་གཡབ་གཡོབ་ལ། ༀ་ཨཱཿཧཱུྃ། ཞེས་བརྗོད། སྙིང་པོའི་སྔགས་དང་ལས་སྔགས་ཀྱིས་མར་ཁུ་དགང་བླུགས་གསུམ་མམ་བདུན་འབུལ། ཀུ་ཤའི་ཆུན་པོ་མ་གྲུགས་པ། ཤིན་ཏུ་རིང་བ་མ་ཡིན་པ་ཟུང་དུ་བྱས་


KMC010_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་རིམ་པས་བླངས་ཏེ། ༀ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་འདི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་དང་། ༀ་བཛྲ་ས་ཏྭ་ཨཱཿ ཞེས་ཆུན་པོ་གཅིག་ཐབ་ཀྱི་སྟེང་དུ་བཞག་པ་མེ་ལྷའི་གདན་ཏུ་བསམ་མོ། །ཆུན་པོ་གཞན་དག་ནི་ཐབ་ཀྱི་གཡས་རང་གི་གཡོན་ནས་གཡས་བསྐོར་དུ་རྩེ་མོ་ཤར་དང་། ལྷོ་དང་། ནུབ་དང་། བྱང་དུ་ལྟ་བ་སྔ་མའི་རྩེ་དང་། ཕྱི་མའི་རྟིང་བ་སྤྲོད་པའི་ཚུལ་གྱིས་སྟེགས་བུ་གཡོགས། མེ་ལྷ་བསྐྱེད་པ་ནི། ཐབས་ཀྱི་དབུས་སུ། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་དང་ༀ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང་། གྲི་གུག་ༀ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སོགས་སྔར་ལྟར་ལ། འོད་དུ་ཞུ་བ་ལས། རཾ་དང་ཛཿལས་མེ་ལྷ་སྐུ་མདོག་དམར་པོ། ཞལ་བཞི་དང་ལྡན་པའི་རྩ་ཞལ་དམར་པོ། གཡས་ཞལ་ནག་པོ། རྒྱབ་ཞལ་


KMC010_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ། གཡོན་ཞལ་དཀར་བའི་ཞལ་རེ་རེ་ལ། སྤྱན་གསུམ་གསུམ་དང་ལྡན་པ། རལ་པའི་ཐོར་ཚུགས་ཆེན་པོ་འཆང་བ། ལྟོ་བ་འཕྱང་ཞིང་། མེའི་དཀྱིལ་འཁོར་གྲུ་གསུམ་གྱི་ལྟེང་དུ་པདྨ་དང་ཉི་མའི་གདན་ལ་བཞུགས་པ། འོད་ཟེར་འབར་བས་བརྒྱན་པ། ཕྱག་བཞིའི་གཡས་དང་པོས་མཆོག་སྦྱིན། གཉིས་པས་བགྲང་ཕྲེང་། གཡོན་དང་པོས་རིལ་བ་སྤྱི་བླུགས། གཉིས་པས་དབྱུ་ུགུ་འཛིན་པ། རང་སྣང་གི་རིག་མ་ལ་འཁྱུད་ཅིང་། །དྲང་སྲོང་གི་ཚོགས་ཀྱིས་བསྐོར་བར་གྱུར། ལག་པ་གཡས་པའི་ཐལ་མོ་བརྐྱང་པའི་མཐེ་བོང་གཡབ་ཅིང་། ༀ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །སྙིང་རྗེས་ཐམས་ཅད་དོན་གྲུབ་མཛད། །འདིར་ནི་ཉེ་བར་མཛད་དུ་གསོལ། །ༀ་ཨེ་ཧྱེ་ཧི། མ་ཧཱ་བྷཱ་ཏ་དེ་ཝ་རྀ་ཥི་དི་ཛ་སཏྟ་མ་གྲྀ་ཧཱི་ཏྭཱ་ཨཱ་ཧཱུ་ཏི་མ་ཧཱ་ཨ་སྨིན་སནྣི་ཧི་ཏོ་བྷ་ཝེ། ཞེས་ཡེ་ཤེས་ཀྱི་མེ་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ། ཧཱུྃ་བརྗོད་ཅིང་བསང་གཏོར་གྱི་ཆུས་བགེགས་བསྐྲད་ནས། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་


KMC010_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད་དོ། །གཽ་རཱི་ཛཿ སོགས་ཀྱིས་དགུག་གཞུག་བཅིང་མཉེས་བྱས་ཏེ། ལག་པ་གཡས་རྡོ་རྗེ་དང་བཅས་པའི་མཐེ་བོང་གིས་མཐེའུ་ཆུང་མནན་ཞིང་། སོར་མོ་གཞན་གསུམ་བསྒྲེང་བའི་རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ལ། ༀ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷ་སྨཱི་ཀུ་རུ་སརྦ་དུཥྚཱཾ་ཧཱུྃ་ཕཊ། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ། ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་གུར་ལས་གསུངས་པའི་སྔགས་ཀྱིས་དམ་ལ་གཞག་ཅིང་། ལག་པ་གཉིས་ཁུ་ཚུར་ཁ་སྦྱར་བ་ལས། གུང་མོ་གཉིས་རྩེ་སྤྲད། མཐོ་བོང་གཤིབས་པའི་སྟེང་དུ་མཛུབ་མོ་གཉིས་བཀུག་ལ་བཞག་པ་རིན་པོ་ཆེའི་ཕྱག་གྱིས། ༀ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་དེ། རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བ་དང་ལྡན་པར་གྱུར། དེ་ནས་བསྲེག་བླུགས་འབུལ་བ་ནི། ༀ་སརྦ་སཾ་ཤོ་དྷ་ནིའི་སྔགས་ཀྱིས་བསང་གཏོར་དང་། ༀ་པྲ་ཝ་ར་སཏྐཱ་རཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སྟྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱས་ཞབས་བསིལ་དབུལ་ཏེ། སྔགས་ཕྱི་མ་དག་གུར་ལས་བྱུང་བའོ། །གཞན་ཡང་ཉེར་སྤྱོད་ལྔ་དང་ༀ་དྷཱཾ་དྷཱཾ་ཞེས་པའི་མཐར། ཨི་དཾ་བ་ལིཾ་སོགས་བཏགས་པས་གཏོར་མ་ཡང་ཕུལ་ལ། གླུ་བླང་བ་སྔོན་ཏུ་འགྲོ་


KMC010_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྒེག་སོགས་བརྒྱད་ཀྱིས་མཆོད་ཅིང་། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། ཤེས་རབ་མཆོག་གིས་ཉོན་མོངས་མ་ལུས་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། དམ་བཞག་གི་སྔགས་མཐར། ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་བཏགས་པའི་སྔགས་ཀྱིས་ཡམ་ཤིང་ཟུང་དུ་བྱས་པ་དག་ག ཡས་པའི་གུང་མཐེབ་ཀྱིས་བཟུང་ལ་གྱེན་ཏུ་བསྐོར་ནས་མཆོག་སྦྱིན་གྱི་ཚུལ་གྱིས་ཉི་ཤུ་རྩ་གཅིག་སོགས་འབུལ་མཐར། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཤཱ ནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་སྦྱར། དེ་བཞིན་ཏུ་ལག་པ་གཡོན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཁ་སྟེང་དུ་བསྟན་པས་དགང་གཟར་མར་ཁུས་གང་བ་དང་། ལས་པ་གཡས་ཕྱག་རྒྱ་དེ་ཉིད་འོག་ཏུ་ཕྱོགས་པས་བླུག་གཟར་ཁ་གྱེན་བསྟན་བཟུང་ལ། དགང་བླུགས་ཀྱི་ཁ་ལ་རང་གི་ལྷའི་ས་བོན་ཡི་གེ་གསུམ་གྱི་བར་དུ་སྦེལ་བའམ། ཧཱུྃ་འོད་ཟེར་དང་བཅས་པ་དང་། མེ་ལྷའི་ཞལ་དུ་རཾ་གྱིས་མཚན་པར་གྱུར་པར་བལྟས་ལ་དགང་བླུགས་ཁ་སྦྱར་ཏེ་ལག་པ་གཉིས་པུས་མོ་


KMC010_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕྱིར་མི་འདའ་བར་གཡོན་སྐོར་གྱིས། སྔགས་མཐར། ༀ་ཨཱགྣ་ཡེ་ཧཱུྃ། ཞེས་བཏགས་པས་མར་ཁུ་འབུལ་ཞིང་འདོད་གསོལ་སོགས་འགྲེའོ། །དེ་ནས། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སྟྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཏིལ་ལོ། །ༀ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། འབྲས་མ་ཆག་པའོ། ༀ་སརྦ་སམྤ་དེ་སྭཱ་ཧཱ། ཟས་མཆོག་གོ །ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། འབྲས་སོ་བའོ། །ༀ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། ནས་སོ། །ༀ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མོན་སྲན་གྲེའུ་འོ། །ༀ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོའོ། །ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུརྦའོ། །ༀ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའོ། །ༀ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམྦ་རའོ། །ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། བྱང་ཆུབ་ཤིང་ངོ་། །ༀ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པཱཀྵའོ། །ༀ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའོ། །ༀ་ས་ཧཱ་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲ་སྟེ་ཤིང་ལྔ་པོ་དངོས་སུ་མི་འབྱོར་བས་འོ་མ་ཅན་ཤིང་གང་ཡང་རུང་བ་དེ་དག་ཏུ་མོས་ནས་འབུལ། རྫས་དེ་རྣམས་ལས་འབྲུ་ལ་སོགས་པ་ནི་བླུགས་གཟར་གྱིས་དབུལ་ལོ། །དེ་ཡང་ཞུ་བའི་རྫས་རྣམས་ཞལ་དུ། ཡམ་ཤིང་བདུག་སྤོས་སོགས་འོད་ཀྱི་དཀྱིལ་འཁོར་ལ། ཏིལ་ལ་སོགས་པ་ཕྱག་ཏུ། མེ་ཏོག་དབུལ། དྲི་ཐུགས་ཀར། མར་མེ་དང་


KMC010_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་མདུན་ཏུ། ཞབས་བསིལ་ཞབས་ལ། བསངས་གཏོར་སྐུ་ཐམས་ཅད་ལ་ཕུལ་བར་མོས་པར་བྱ། ཁྱད་པར་རྫས་ཤིང་ཏོག །བདུད་རྩི་ལྔ། གོས་ཟུང་སོགས་ཀྱང་འབུལ་ཞིང་སྔགས་ནི་དམ་བཞག་གི་སྔགས་ཀྱིས་སོ། །སྐབས་འདི་དག་ཏུ་མེ་པྲ་བརྟགས་ལ་ངན་ན་བསངས་གཏོར་དང་དགང་བླུགས་འབུལ། མཐར་སྤྱན་སྔ་སོགས་ཀྱིས་མ་གསུངས་ཀྱང་ཨགྣ་ཡེས་དགང་བླུགས་ཀྱང་འབུལ་ལོ། །གསུམ་པ་ནི། བུད་ཤིང་ཁ་གསོས། མེ་ལྷ་ཡབ་ཡུམ་མེ་ཕུང་འབར་བའི་རྣམ་པར་གྱུར་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་པ་བརྩེགས་པ་ནས། ཨ་ན་ལའི་སྔགས་ཀྱིས་རྒྱས་གདབ་པའི་བར་བྱ། རྡུལ་ཚོན་དང་འབྲེལ་བའི་ཚེ་སློབས་མས་དཀྱིལ་འཁོར་གྱི་དྲུང་ནས་མེ་ཏོག་སྔགས་བརྗོད་པས་སྤྱན་དྲངས། སློབ་དཔོན་ལ་ཕུལ་ཏེ་ཐབ་ཏུ་རིམ་བཞིན་སྔགས་བཟླ་ཞིང་དོར་བ་ཕྱག་བཞེས་སོ། །དབུས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་དང་ཨཾ་སྔོན་པོ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་ཨཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ནས། གཡས་བསྐུམ་པས་ཡབ་ལ་འཁྱུད་པ། འདབ་མ་བརྒྱད་ལ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ཙཾ་ཌོཾ་རྣམས་


KMC010_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས། ཤར་དུ་གོ་རཱི་ནག་མོ་གཡས་གྲི་གུག་སོགས་མདུན་བསྐྱེད་སྐབས་ལྟར། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀར་སོགས་སྐྱེ་མཆེད་གནས་གསུམ་བྱིན་རླབས་ནས། མདུན་གྱི་ནམ་མཁར་སྤྱན་དྲངས། རིན་ཆེན་འབར་བ་ལས་བཤད་པ་ལྟར། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང་། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཧཱུྃ་ཧཱུྃ་ཧཱུྃ་གིས་བསངས་གཏོར་བྱ་བ་ནས། ཨ་བྷི་ཥེ་ཀ་ཏེའི་སྔགས་ཀྱིས་རྒྱས་གདབ་པ་ཡན་སྒྲུབ་ཐབས་ལྟར་བྱ། དཀྱིལ་ཆོག་ལྟར་མཆོད་བསྟོད་རྒྱས་པའམ། མི་ལྕོགས་ན་མདོར་བསྡུས་སྐྱོར་ཞིང་སྒྲུབ་ཐབས་ལྟར། བྱིན་རླབས་སྔོན་ཏུ་འགྲོ་བའི་ལྷ་རྣམས་ཀྱི་ལྗགས་སོགས་བདུད་རྩི་ཕུལ། དེ་ནས་བསྲེག་རྫས་གཙོ་འཁོར་སོ་སོ་ལ་འབུལ་དགོས་པས། ཐོག་མར་གཙོ་བོའི་སྙིང་པོའི་མཐར། བོ་དྷི་བྲྀཀྵ་བཏགས་ལ་ཡམ་ཤིང་འབུལ་བ་ནས། སྙིང་པོར་འབྲུ་གསུམ་བཏགས་པས། གོས་ཟུང་བར་འཇིག་རྟེན་པའི་སྐབས་ལྟར་ཕུལ། དེ་ནས་གཽ་


KMC010_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རཱི་སོགས་སོ་སོའི་སྔགས་དང་རྫས་སྔགས་སྤེལ་བས་ལྷ་མོ་བརྒྱད་རེ་རེ་བཞིན་འབུལ་བ་རྗེ་བཙུན་ཞེ་སྡང་རྡོ་རྗེའི་བཞེད་པ་བཞིན་ཕྱག་ལེན་ཏུ་བྱའོ། །དེའང་ལས་བྱེ་བྲག་པ་སྒྲུབ་པའི་ཚེ་སོ་སོའི་ཁྱད་པར་གྱི་རྫས་བུང་བསྐྱེད། བསྙེན་པའི་ཁ་སྐོང་ལྟ་བུར་འཇིག་རྟེན་པར་བདུན། གཙོ་བོར་ཉེར་གཅིག །འཁོར་རྣམས་ལ་བདུན་རེས་མཚན་མང་ཉུང་སྐབས་བསྟུན་འབུལ་བའི་མཐར། གཙོ་བོའི་སྙིང་པོའི་མཐར། ས་པ་རི་བཱ་ར་ༀ་ཨཱཿཧཱུྃ་བཏགས་པས་རྫས་བསྡུས་ཕུལ་བས་བཅུ་ཆའི་གྲངས་གསོག་པ་ཉིད་ད་ལྟའི་ཕྱག་རྒྱུན་ཏུ་སྣང་ངོ། །མཐར་གཏོར་མ་བསངས་སྦྱང་བྱིན་རླབས་གཏོར་སྔགས་འཇིག་རྟེན་པའི་སྐབས་ལྟར་གསུམ་མམ་བདུན་བརྗོད་པས་འབུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་དང་། དཀར་མོ་རི་དྭགས་ཀྱིས་མཆོད། ཁྱོད་ནི་རྣལ་འབྱོར་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱི་མཐར། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་གནས་སྐབས་སུ་འགལ་རྐྱེན་བར་ཆད་ཞི་བ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་ནས། བླ་ན་མེད་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། བཟོད་གསོལ་དང་། ཡིག་


KMC010_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱས་ལྷག་ཆད་བསྐང་། ༀ་ཁྱེད་ཀྱི་སེམས་ཅན་སོགས་དང་། གུར་གྱི་ཡིག་བརྒྱ་ལ་མུཿ བཏགས་པས་ཡེ་ཤེས་པ་གཤེགས་སུ་གསོལ། རྡུལ་ཚོན་སོགས་ལ་ཚོམ་བུ་ཕྱག་ལེན་ལྟར་གཤེགས། དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ་པར་གྱུར། ཞེས་མོས། གསུམ་པ་རྗེས་ཀྱི་བྱ་བ་ནི། དགང་བླུགས་ཕུལ་ལ། སླར་ཡང་མེ་ལྷ་འབར་བའི་རྣམ་པ་ལས་བཞེངས་ཏེ་ཞལ་ཕྱག་ཡོངས་སུ་རྫོགས་པར་གསལ་བར་གྱུར། གཏང་རག་ཏུ་ཡམ་ཤིང་དང་མར་ཁུ་སོགས་བསྲེག་རྫས་ཚང་ལ་ལན་གསུམ་ལ་སོགས་པ་འབུལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད་ཅིང་། བསྟོད་པ་གོང་ལྟར་བྱ། བཟོད་པར་གསོལ་ནས། བདག་གི་དོན་དང་གཞན་གྱི་དོན། །བསྒྲུབས་ཀྱིས་བསྲེག་བྱ་ཟ་བ་གཤེགས། ཇི་ལྟའི་དུས་བཞིན་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་བསྒྲུབས། །ཞེས་པས། མེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་ཧ་བཛྲ་ཡབ་ཡུམ་དུ་གྱུར་པ་རང་གི་ཐུགས་ཀར་ཐིམ་པར་གྱུར། ཞེས་མོས། མེ་དེ་ལོང་ཡོད་ན་མ་ཤིའི་བར་དུ་དཀྲུག་བརྡལ་མི་བྱ་བར་བཞག །ལོང་མེད་ན་འོ་མ་དང་དྲིའི་ཆུ་ལ་སོགས་པས་


KMC010_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གཞིལ་ཏེ་ཐལ་སོལ་རྣམས་བུམ་པར་བླུགས་ལ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར། །བུམ་པ་དེ་ཉིད་ཆུ་གཙང་མས་བཀང་ལ་སླར་ཁྱེར་ནས་སྦྱིན་སྲེག་ཁང་པར་བསངས་གཏོར་བྱ་ཞིང་། ལས་ཀྱི་རྗེས་མི་མངོམ་པར་བྱའོ། །གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། ཆོ་གའི་སྤྱི་འགྲོས་ཞི་བའི་སྦྱིན་སྲེག་སོར་བཞག་ལ། ཁྱད་པར་གྱི་ཆོས་ནི། གུར་གུམ་སོགས་ཀྱིས་བྱུགས་པའི་སྟེགས་བུར། ཐབ་དབུས་འཁོར་ལོའི་ལྟེ་བར་རིན་ཆེན། ཤར་དུ་རྡོ་རྗེ། ལྷོར་འཁོར་ལོ་སོགས་དང་། རྡོར་ཕྲེང་ཚབ་རིན་ཆེན་ཕྲེང་བ། གྲྭ་བཞིར་རིན་པོ་ཆེ་འབར་བ། གཞི་སེར་པོ། བཅད་ཚོན་དམར་སེར། བུད་ཤིང་འབྲས་བུ་ཅན་གྱི་ཤིང་གི་དབུས་ཀྱི་ཆ་ལས་བྱུང་བས་གྲུབ་བཞིར་བརྩིག །མེ་དགེ་འདུན་གྱི་བསྲོ་ཁང་དང་རྒྱལ་པོའི་གཡོས་ཁང་ནགས་ཚལ་རིན་པོ་ཆེ་རྣམས་ལས་བྱུང་བ། གདན་དང་ཆས་གོས་རྒྱན་སོགས་སེར་པོ། །སྣོད་ཀྱི་དབྱིབས་དང་གཏོར་མ་གྲུབ་བཞི། ཡམ་ཤིང་བུད་ཤིང་དང་རྒྱུ་འདྲ་བ་ཁྲུ་གང་བ། གུར་གུམ་འོ་མ་མར་གྱིས་སྦགས་པ། མཆོད་བསྲེག་རྗས་གཞན་ཞི་བ་ལྟར་ལ། ཁྱད་པར་རྫས། སཱ་ལི་དམར་པོ། མངར་གསུམ། ཞོ། སྦྲང་རྩི་མར་སྦྱར། བིལྦ། གེ་སར་རྣམ་གསུམ་སོགས་འདུ་བྱ། ཚེ་བསོད་ཕུན་ཚོགས་རྒྱས་པའི་ཆེད་དུ་དགའ་ཞིང་ཚིམས་པའི་བསམ་པས་སྔ་དྲོའི་དུས་སུ་ཁ་བྱང་དུ་ཕྱོགས་ལ་ཁྲིའུའི་སྟེང་དུ་བཟང་པོའི་སྟབས་ཀྱིས་


KMC010_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད། ཐབ་བསྐྱེད་སྐབས། རྒྱས་པའི་ཐབ་ཁུང་གྲུབ་བཞི་སེར་པོ་ཞེས་བསྒྱུར། མེ་ལྷ་ལས་བཞི་ཀར་སྐུ་མདོག་དམར་པོ་ལས་བསྒྱུར་མི་དགོས། ཀུ་ཤ་རྩེ་བྱང་བསྟན། སྤེལ་ཚིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་པུ་ཥྚིཾ་ཀུ་རུ་པཽ་ཥ་ཊྲ། ཞེས་སྦྱར། དཀྱིལ་འཁོར་པའི་གཏོར་འབུལ་མཇུག་གསོལ་གདབ་ནི། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་གནས་སྐབས་སུ་ཚེ་བསོད་དཔལ་འབྱོར་སྙན་གྲགས་མངའ་ཐང་ཐམས་ཅད་རྒྱས་པ་དང་། ཉམས་དང་རྟོགས་པ་ལེགས་པའི་ཡོན་ཏན་ཐམས་ཅད་གོང་དུ་འཕེལ་ཞིང་། བླ་ན་མེད་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། ཞེས་སྦྱར། རབ་གནས་ཀྱི་སྐབས་ལྟ་བུར་དགེ་ལེགས་ཀྱི་ཡོན་ཏན་མྱུར་དུ་སྐྱེད་པའི་རྟེན་འབྲེལ་དུ་འོ་ཐུག་སྒྲུབ་པའི་ཕྱག་བཞེས་ལྟར་ན། མེ་ལྷའི་རྗེས་ཆོག་སྐབས་རིན་པོ་ཆེའི་སྣོད་གཙང་མ་དྲིས་བྱུགས། མེ་ཏོག་གི་ཕྲེང་བས་བཅིངས་བའི་ནང་དུ་ཧཱུྃ་ཡིག་ལས་བྱུང་བའི་ཞལ་ཟས་རོ་བརྒྱ་ནུས་པ་སྟོང་ལྡན་ཏུ་མོས་ལ། འབྲས་མ་གྲུགས་པ་དང་། མར་། སྦྲང་རྩི། ཀ་ར་རྣམས་འོ་


KMC010_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་སྦྱར་བ་བླུགས་གཟར་གྱིས་བླུགས་ལ་ཐབ་ནང་ལྕགས་སྒྱེེད་ལྟ་བུར་བཙུགས་ལ་བསྐོལ། སྙིང་པོའི་མཐར། ༀ་དེ་བྱ་ཨགྣི་ས་མཱ་དྷི་དྷྱ་ན་པྲྀ་ཎ་ནེ་སྭཱ་ཧཱ། ཞེས་བཏགས་པ་བཟླས་ཏེ་མེ་ལྷ་ལ་མཆོད་ཅིང་། རང་གིས་རོལ། གཞན་ལའང་དངོས་གྲུབ་ཏུ་འབྲིམ་པ་ནི་ཙཱ་རུའི་བཟའ་བ་ཞེས་བྱའོ།། །།གསུམ་པ་དབང་གི་སྦྱིན་སྲེག་གི་ཁྱད་ཆོས་ནི། ཙནྡན་དམར་པོ་དང་སིནྡྷུ་རས་བྱུགས་པའི་སྟེགས་བུར། ཐབ་དབུས་འཁོར་ལོའི་ལྟེ་བར་ལྕགས་ཀྱུ། རྩིབས་བཞིར་རྡོ་རྗེ་རིན་ཆེན་པདྨ་རལ་གྲི། ཁ་ཁྱེར་པད་ཕྲེང་། གྲྭ་བཞིར་ཆུ་སྐྱེས་ཀྱིས་མཚན་པའི་ལྕགས་ཀྱུ། གཞི་དམར་པོ། བཅད་ཚོན་སྨུག་ནག །བུད་ཤིང་མངར་ཞིང་སྐྱུར་ལ་འབྲས་བུ་དམར་པོ་ཆགས་པའི་ཡལ་གའི་ཆ་ལས་བྱུང་བས་ཟླ་གམ་དུ་བརྩིག །མེ་ལས་དཀྱིལ་དུ་བྱུང་བའམ་སྨད་ཚོང་མའི་ཁྱིམ་ནས་བྱུང་བས་བྱས། གདན་དང་ཆས་གོས་རྒྱན་སོགས་དམར་པོ། སྣོད་ཀྱི་དབྱིབས་དང་གཏོར་མ་ཟླ་གམ། ཡམས་ཤིང་བུད་ཤིང་གི་རྒྱུ་ལས་སོར་བརྒྱད་པ་དྲི་དང་མར་ཁུས་བྱུགས། ཁྱད་པར་རྫས། ཏིལ་དམར་པོ། པྲི་ཡང་ཀུ། ཨུ་ཏྤལ་སོགས་མེ་ཏོག་དང་འབྲས་བུ་དམར་པོའི་རིགས་ཉེ་བར་བསྡོག །ཆགས་ཤིང་དབང་དུ་སྡུད་པའི་བསམ་པས་དགོངས་མོའི་དུས་སུ་ཁ་ནུབ་ཏུ་ཕྱོགས་ལ་པདྨའམ་རྡོ་རྗེའི་སྐྱིལ་ཀྲུང་གིས་འཁོད། ཐབ་བསྐྱེད་སྐབས། དབང་གི་


KMC010_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་ཁུང་ཟླ་གམ་དམར་པོ། ཞེས་བསྒྱུར། ཀུ་ཤ་རྩེ་ནུབ་བསྟན། སྤེལ་ཚིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་ལས་དང་དངོས་གྲུབ་ལྷ་འདྲེ་མི་གསུམ་ཐམས་ཅད་བཱ་ཤཾ་ཀུ་རུ་ཧྲཱིཿཛཿ། ཞེས་སྦྱར། དཀྱིལ་འཁོར་པའི་གསོལ་གདབ་ནི། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་ལྷ་འདྲེ་མི་གསུམ། ཟས་ནོར་ལོངས་སྤྱོད། ལས་དང་དངོས་གྲུབ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་དབང་དུ་གྱུར་ནས། བླ་ན་མེད་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། ཞེས་སྦྱར་རོ།། །།བཞི་པ་དྲག་པོའི་སྦྱིན་སྲེག་གི་ཁྱད་ཆོས་ནི། དུག་ཁྲག་གིས་བྱུགས་པའི་སྟེགས་བུར་དྲག་པོའི་འཁོར་ལོའི་ལྟེ་བར་རལ་གྲི། ཁ་ཁྱེར་རལ་གྲིའི་ཕྲེང་བ། གྲུ་བཞིར་རལ་གྲི་མེ་འབར། །གཞི་ནག་པོ། བཅད་ཚོན་མཐིང་ག །བུད་ཤིང་ཚེར་མ་ཅན་དང་དུག་ཤིང་གི་རྩ་བའི་ཆ་ལས་བྱུང་བས་གྲུ་གསུམ་དུ་བརྩིག །མེ་དོ་ལྕགས་གཙུབས་པའམ་ཤན་པ་དང་དུར་ཁྲོད་ལས་བྱུང་བ། གདན་དང་ཆས་གོས་སོགས་ནག་པོ། རུས་པ་དང་དུར་ཁྲོད་ཀྱི་རྒྱན་གདག །སྣོད་ཀྱི་དབྱིབས་དང་གཏོར་མ་གྲུ་གསུམ། ཡམས་ཤིང་བུད་ཤིང་གི་རྒྱུ་


KMC010_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོར་བཅུ་བ་དུག་ཁྲག་ཐལ་ཆེན་གྱིས་བྱུགས་བ། ཁྱད་པར་གྱི་རྫས་ཁྲག་ཆེན་རུས་ཆེན་རྣམ་སྣང་། བོང་བུའི་སྤང་དང་སྤུ། ཁྱིའི་བྲུན་དང་སྤུ་དང་སེན་མོ་འབྲུ་མར་གྱི་བྱུགས་པ། མར་ནག་ཚན་མོ་སོགས་འདུ་བྱ། ངོ་བོ་སྙིང་རྗེ་རྣམ་པ་ཞེ་སྔང་གི་སེམས་ཀྱི་སྲོད་ཀྱི་དུས་དུ་ཁ་ལྷོར་ཕྱོགས་ལ་བསྒྲུབ་བྱའི་གཟུགས་ཀྱི་བྲང་ངམ་དེར་བརྟགས་པའི་སྲ་བའི་སྟན་ལ་ཙོག་པུར་རྐང་པས་རྐང་པ་མནན་ལ་འཁོད། མཆོད་བསྲེག་རྫས་གཡས་གཡོན་གོ་ལྡོག་ཏུ་བཤམ། དགང་བླུགས་བཟུང་སྟབས་སོགས་སྡམ་གསུམ་ལས་གོ་ལྡོག་ཏུ་བྱ། ཐབ་བསྐྱེད། དྲག་པོའི་ཐབ་ཁུང་གྲུ་གསུམ་ནག་པོ། ཞེས་དང་། ཀུ་ཤ་རྩེ་མོ་ལྷོར་བསྟན་གཡོན་བསྐོར། སྤེལ་ཚིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ། ཞེས་སྦྱར། དཀྱིལ་འཁོར་བའི་གསོལ་གདབ། བདག་ཅག་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བ་དང་། ཐར་པ་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་བདུད་བཞི་ལོག་པར་འདྲེན་པ་ཐམས་ཅད་མིང་གི་ལྷག་མ་ཙམ་ཡང་མི་དམིགས་པར་མྱུར་དུ་ཚར་བཅད་པ་དང་།


KMC010_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། ཞེས་དང་མེ་དུག་ཆུས་བསད། ཐལ་བ་ལམ་རྒྱ་གྲམ་དུ་མནན་པའམ་རླུང་ཆེན་ལ་བསྐུར་རོ། གཞན་ཡང་ལས་བཞི་ཀའི་ལག་ལེན་བཤམ་བཀོད་དམིགས་གནད་སོགས་གསང་བ་སྤྱིའི་ཆོ་ག་ཤེས་པས་འཕྲུལ་ལོ། །གཉིས་པ་འཕྲོས་དོན་ཏུ་སྨོས་པ་ནི། སམྦུ་ཊིའི་རྒྱུད་ཀྱི་དགོངས་པ་རིན་ཆེན་འབར་བ་ལས། ལས་ཐམས་ཅད་པའི་སྦྱིན་སྲེག་ཀྱང་ཞར་བྱུང་དུ་བསྟན་ཏེ། དེའི་ཐབས་ཀྱི་ཚད་དབྱིབས་སོགས་ཞི་བ་དང་མཐུན་ཅིང་། ཁ་ཤར་དུ་ལྟ། བསྲེག་རྫས་འདོད་གསོལ་སོགས་ལས་བཞི་ཀ་སྤེལ་བས་འགྲུབ། ཡབ་བཀའ་དངོས་སུ་བཤད་པ་འདིས། ཡུམ་བཀའ་བདག་མེད་མ་དང་གུར་རིགས་བསྡུས་ལའང་ལྷ་སྔགས་བསྒྱུར་བ་ཙམ་གྱིས་འགྲུབ་པ་ཡིན་ཏེ། དེ་ལྟར་ན་ཕྱིའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་བཤད་ཟིན་ཏོ། རྣལ་འབྱོར་པ་རྫོགས་པའི་རིམ་པ་ལ་གཞོལ་བ་རྣམས་ཀྱིས་གཙོ་བོར་ཉམས་སུ་ལེན་པ་དང་། བསྐྱེར་རིམ་པ་དག་གིས་ཀྱང་ཞར་བྱུང་དུ་བགྱིད་པར་བྱ་བ་ནི། །བཟའ་བཏུང་ལ་ལོངས་སྤྱོད་པའི་ཚེ། དེ་ནས་རྣལ་འབྱོར་པ་རྣམས་ཀྱིས། །ཆུ་གནས་སུ་ནི་རཾ་ལས་ཀྱང་། །འབར་བའི་ཁུང་དུ་འོད་འབར་བསམ། དེ་ནང་ཁཾ་ལས་ཆུ་སྐྱེས་གདན། །དེ་སྟེང་ལྷ་ཡི་དཀྱིལ་འཁོར་བསམ། ཁ་ནི་ཧམ་ཁུང་རབ་བསམ་ཏེ། །ལག་གཉིས་ཧཱུྃ་ལས་རྡོ་རྗེ་ཡི། །གཟར་བུ་གཉིས་སུ་ཡང་དག་བསྒོམ། །ཞེས་དང་། གཟར་བུས་བདུད་


KMC010_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་བླངས་ནས་ནི། འབར་བའི་ནང་དུ་བསྲེགས་པར་བྱ། །ཞེས་ཌོམྦི་པས་གསུངས་པ་ལྟར་བསྒོམས་ཏེ་ནང་གི་སྤྱིན་སྲེག་གོ །དཔལ་སམྦུ་ཊིའི་ལེའུ་དྲུག་པའི་རབ་ཏུ་བྱེད་པ་གསུམ་པ་ལས། མགོ་བོའི་ཐོད་པ་ཉིད་ཀྱང་ནི། །བསྲེག་རྫས་ཀྱི་ནི་སྣོད་དུ་གསུངས། །བླུགས་གཟར་རོ་མར་བཤད་པ་སྟེ། །སྙིང་གའི་འཁོར་ལོ་རྐྱང་མ་དག །དགའ་གཟར་ཞེས་བྱར་ཡང་དག་བརྗོོད། །ཐབ་ཁུང་ལྟེ་བའི་དཀྱིལ་འཁོར་དུ། །ལས་ཀྱིས་རླུང་གིས་བསྐྱོད་པ་ཡི། །ཚངས་པའི་མེ་ནི་སུམ་མདོར་གནས། །ཞེས་གཏུམ་མོ་འབར་འཛག་གི་ཚུལ་ལ་སྦྱིན་སྲེག་ཏུ་གསུངས་པ་དང་། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ཀྱི་ལེའུ་བཅུ་གཅིག་པ་ལས། ལྟེ་བའི་གནས་ན་ཚུལ་ཡོད་ལ། །ཚུལ་གྱི་མཐའ་ན་གསང་པང་ངོ་། །དེ་རུ་རང་འབར་གྱི་ནི་རླུང་། །བསྐོར་བ་བྱས་ནས་ངལ་བསོ་སྟེ། །དབང་པོ་གཉིས་ནི་སྦྱོར་བ་ཡིས། རླུང་གི་མེ་ནི་སྦར་བའོ། །མར་ཡོད་པ་ནི་སྟེང་འཁོར་ལོ། དེ་ནི་མར་སྣོད་ཅེས་སུ་དྲན། །ཧཾ་ནི་བླུགས་གཟར་ཞེས་སུ་བཤད། །དགང་གཟར་འདི་རུ་རྡོ་རྗེ་བསྟན། །ཧོཾ་ཁུང་བྷ་ག་ཞེས་སུ་བཤད། །འབྲུ་ནི་དབང་པོ་ལྔ་རུ་དྲན། ཡམས་ཤིང་ཕུང་པོ་ཞེས་བྱར་བསྟན། །བྱང་ཆུབ་སེམས་ནི་མར་དུ་བསྲེག །ཅེས་ལས་རྒྱའི་རྣལ་འབྱོར་གྱི་སྲེག་བླུགས་བྱ་བར་གསུངས་པ་དག་ཉམས་སུ་ལེན་པ་ནི་གསང་བའི་སྦྱིན་སྲེག་གོ །དཔལ་བདེ་བ་དམ་པ་རྟོག་པའི་རྒྱུད་ལས། རྣམ་པར་མི་རྟོག་སེམས་ཉིད་གང་། །ཐབ་ཀྱི་


KMC010_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཡིས་མཚན་པ་ཡིན། །རྣམ་པར་དབེན་པའི་མེད་བུས་སུ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། སེམས་ཉིད་བུད་ཤིང་གྱུར་པ་ཡིས། མ་ལུས་པ་རྣམས་སྦྱིན་སྲེག་བྱ། །གཟུགས་ལ་སོགས་པའི་དངོས་རྣམས་གང་། །བུད་ཤིང་དུ་ནི་རབ་ཏུ་བཤད། །མར་ནི་འདི་ཡི་ཟླ་བའི་རྒྱུན། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། ཁམས་གསུམ་མ་ལུས་གཉིས་སུ་ནི། །དབྱེར་མེད་ཤེས་རབ་མེ་ལ་ནི། །དགང་བླུགས་སྦྱིན་སྲེག་དབུལ་བར་བྱ། །ཞེས་རྒྱས་པར་གསུངས་པའི་དོན་ལ་རྣལ་འབྱོར་དུ་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་སྟེ་དེ་དག་གི་དགོས་པ་ནི། རྡོ་རྗེ་གུར་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མཐའ་དག་ཆོ་ག་འདིས་ཚིམས་པའི་ཚུལ་ཤིན་ཏུ་རྒྱས་པར་གསུངས་པ་དང་། ཁ་སྦྱོར་ལས། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམས། །ཚིམས་པར་གྱུར་ལས་དངོས་གྲུབ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །དེ་ཀུན་སྦྱིན་སྲེག་གིས་ནི་དགང་། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། དེ་བས་ཀུན་ནས་འབད་པ་ཡིས། །རྣམ་པ་ཐམས་ཅད་མཆོག་གི་རྒྱུར། །མཆོད་སྦྱིན་སྦྱིན་སྲེག་གཏོར་མ་བྱ། །བསོད་ནམས་ཚོགས་ནི་འཕེལ་ཕྱིར་དང་། །སེམས་ཅད་ཕན་འདོད་དེ་དག་བྱ། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། དེ་ཡིས་མཁའ་འགྲོ་མ་རྣམས་དང་། །གཞན་ཡང་རྣལ་འབྱོར་མ་མོ་རྣམས། །གང་ཞིག་ཡིད་ལ་ཅི་བསམ་པ། །དངོས་གྲུབ་ཆེན་པོ་མཐའ་ཡས་སྟེར། །རེ་བ་ཐམས་ཅད་འགྲུབ་བྱེད་པ། །དེ་ལྟའི་སྦྱིན་སྲེག་


KMC010_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་གསུངས། །ཞེས་འབྱུང་ངོ་། །གདུག་པའི་འབྱུང་པོ་བརྔན་ཏེ་འཕྲལ་རྐྱེན་གྱི། །སྐྱབས་སུ་རེ་བ་མུར་འདུག་གྲུབ་མཐའ་ཡིན། །རྡོ་རྗེ་འཆང་གིས་རྒྱུད་ལས་རབ་གསུངས་པ། །འདི་ཙམ་ལག་ལེན་བགྱིད་པའི་སྐལ་དམན་པ། །ད་ལྟའི་སྐྱེ་ངན་ཕལ་ཆེར་བྱ་སླ་བའི། །དོན་ཆེན་བོར་ནས་བྱ་དཀའ་དོན་ཆུང་བ། འབད་པས་སྒྲུབ་པའི་བློ་ངག་སྤངས་ནས་ཀྱང་། །འཁྲུལ་མེད་ལུགས་བཟང་འདི་ལ་འཇུག་པར་ཤོག །དཔལ་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་གི་རིམ་པ་རྒྱུད་དང་རིན་ཆེན་འབར་བ་སོགས་རྒྱ་གཞུང་གི་དགོངས་དོན། མར་རྔོག་གི་གདམས་ངག་གིས་བརྒྱན་པ་སྤྱན་སྔ་བ་ཐམས་ཅད་མཁྱེན་པས་རྩ་བར་མཛད་པ་ཉིད་ལག་ལེན་དང་འདོན་བྱ་གསལ་བར་ཕྱེས་ཏེ། དཔལ་སྤུངས་ཀྱི་གཙུག་ལག་ཁང་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

བསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས།


KMC010_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །


KMC010_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ུར་བེ། བདེ་ཆེན་རྡོ་རྗེ་བཙུན་མོ་ནི། །འཇིགས་བྱེད་གཏུམ་མོར་སྣང་དེ་ལ། །བཏུད་ནས་རྔོག་པའི་ཕྱག་བཞེས་བཞིན། །གཏོར་ཆོག་མདོར་བསྡུས་འབྲི་བར་བྱ། །དེ་ལ་རྗེ་ནཱ་རོ་པ་དང་མར་རྔོག་གི་བཀའ་སྲུང་བརྒྱ་རྩ་བརྒྱད་ཀྱི་གཙོ་བོ་དུད་པའི་སོལ་བ་མ་འདི་ནི་བཀའ་བརྒྱུད་འཛིན་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐྱོང་གི་གཙོ་བོར་བསྟེན་དགོས་ལ། ཁྱད་པར་དགྱེས་གསང་སོགས་མར་ལུགས་ཀྱི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དབང་དང་བསྙེན་སྒྲུབ་བགྱེད་པའི་ཚེ་ཅི་ནས་ཀྱང་འདི་ཉིད་མཆོད་པ་ལ་བརྩོན་པར་བྱའོ། །དེའང་ཆོས་སྐྱོང་འདི་ཉིད་ཀྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐོབ་པ་དག་གི་བསྙེན་སྒྲུབ་བྱ་བའི་ཚུལ་ནི་གཞན་ཏུ་ཤེས་ལ། གཏོར་ཆོག་དཀྱུས་མ་


KMC010_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་ཚེ། ཐོད་པ་མཚན་ལྡན་ལ་སོགས་པའི་སྣོད་བཟང་པོར་དཔའ་ཤོས་ཟུར་གསུམ་ཁྲུ་གང་པ་མེ་རིའི་རྒྱན་ལྡན་གཅིག་ལ་མཐེབ་ཀྱུ་མང་པོས་བསྐོར། ར་ནག་བྱ་ནག་གཙོ་བོར་གྱུར་པའི་ཤ་ཁྲག་གི་འཕན་དར། །ཡུངས་ཀར་གོང་བུ་ལ་སོགས་པས་བརྒྱན། །ཁུར་བ་ཤིང་ཏོག་ཆང་གི་བྱེ་བྲག་བླུགས་ལ་མཉྫིའི་སྟེང་དུ་བཞག །ཕྱི་མཆོད་རྣམས་དང་། །གསེར་སྐྱེམས། རཀྟ་མདུན་དུ་བཤམ། བདག་བསྐྱེད་དགྱེས་རྡོར་མཱ་ཡཱ་གདན་བཞི་སོགས་སྔོན་དུ་སོང་ནས། ཡི་དམ་གྱི་སྒྲུབ་ཐབས་ལྟར་མཆོད་པ་བྱིན་གྱིས་བརླབ། མདུན་ཏུ་སྐད་ཅིག་གིས་ལྷ་མོ་དུད་སོལ་མ་བཞུགས་པའི་སྙིང་གར། ༀ་དཀར་པོ་ལ་གནས་པའི་ར་ཡིག་དམར་


KMC010_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །ར་ལས་མེ་འོད་འཕྲོ་བས། །སྐུ་ལུས་སྐད་ཅིག་གིས་བསྲེགས། ༀ་དེའི་སྡེར་དུ་བཾ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་བདུད་རྩི་གང་བ། དེ་ལས་བདུད་རྩི་ལུད་དེ། ༀ་བཀྲུས་པས་འོད་ཟེར་དཀར་པོ་རབ་ཏུ་འབར་བར་གྱུར། ༀ་ཨཾ་མ་ཧཱ་ཀཱ་ལི་དེ་ཝཱི་ཀཱ་ལི་བི་ཀྲཱནྟ་ཙཎྜ་རཱུ་པི་ཎཱི་ཧཱུྃ་ཕཊ། དེ་ཉིད་སྐད་ཅིག་གིས་དཔལ་ལྡན་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་ནག་མོ་ཀེང་རུས་ལྟར་སྐེམ་པའི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། གཡས་ཀྱི་དང་པོ་ན་ར ལ་གྲི། །གཉིས་པ་ན་བྷཉྫ་དམར་ཆེན་གྱིས་བསྐྱིལ་བ། གཡོན་གྱི་དང་པོ་ན་ཤཀྟི། གཉིས་པ་ན་ཏྲི་ཤཱུ་ལ་དར་དཔྱངས་ཅན་འཛིན་པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་བ། དབུ་སྐྲ་རལ་པ་དམར་སེར་གྱིན་བརྫེས་ལན་བུ་གཡོན་ཏུ་འཁྱིལ་ཞིང་སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ། སྙན་གཡས་ན་དྲིལ་བུའི་མགུལ་རྒྱན་ཅན་གྱི་སྦྲུལ་དང་། གཡོན་ན་སེང་གེས་


KMC010_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། མེ་ཏོག་དང་དར་ནག་གི་ཅོད་པན་ཅན། ལྷ་མ་ཡིན་གྱི་མགོ་བོས་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། བ་གླང་གི་པགས་པ་རེ་ལྡེ་སེར་པོའི་ཤམ་བུ་ཅན་གྱིས་སྨད་དཀྲིས་པ་ལ་ཀླུའི་རྒྱལ་པོ་གཤིབས་བས་སྐ་རགས་བྱས་པ། ལྕགས་སྒྲོག་གིས་བརྒྱན་པའི་ཞབས་གཉིས་བོང་བུ་གྭ་པའི་སྟེང་ན་བཙན་བསྐྱིལ་གྱིས་བཞུགས་པ། དུར་ཁྲོད་ཀྱི་དབུས་ན་སྒྲ་དྲག་པོ་སྒྲོག་ཅིང་། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེ་བསྐོར་བ། དེའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་པ། དེའི་དབུས་སུ་ཧཱུྃ། མཐའ་སྐོར་དུ་ༀ་ཧཱུྃ་ཤྲི་ཡ་དེ་བཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཞེས་པས་བསྐོར་བར་གྱུར། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡཱ་མི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱིས་འགྲུབ་པའི་དཔལ་ལྷ་མོ་ནག་མོ་འབུམ་སྡེ་དང་བཅས་པ་ༀ་


KMC010_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མཱ་ཛཿ དབྱངས་རོལ་དང་བཅས་ཏེ། བྷྱོ། རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེ་གཏིང་གི་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་དབུས། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་མཐིང་ནག་འཇིག་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་མ་མོ་འབུམ་སྡེའི་ཚོགས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ད་ལྟ་སྙིང་མའི་དུས་ཉིད་དུ། །དམ་ཅན་གཤེགས་པར་མི་འོས་ཀྱང་། །སྔོོན་ཚེ་བྱང་ཆུབ་ཤིང་དྲུང་དུ། །ཐུབ་པ་ཆེན་པོའི་སྦྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་བསྲུང་བ་དང་། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ༀ་ཧཱུྃ་ཤྲཱི་ཡ་དེ་བཱི་ཀཱ་ལི་ཀཱ་ལི་མ་


KMC010_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཀཱ་ལི་ཧཱུྃ་བྷྱོ། དྲྀ་ཤྱ་ཛཿཧཱུྃ་བྂ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་པས་གཉིས་སུ་མེད་བར་ཐིམ། འཁོར་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་གཅེར་བུ་རལ་པ་ཅན། གཡས་མི་སྙིང་དང་། གཡོན་བནྡྷ་སྐྲ་ཅན་ཐོགས་པའོ། །ཐམས་ཅད་ཀྱི་ཐུགས་ཀར་བྷྱོ་ཡིག་གི་མཚན་པ། དུད་པའི་སོལ་བ་མ་ཁྱོད་ཀྱིས་སྐུ་མྱུར་དུ་སྟོན་ཅིག །སྐུ་མི་སྟོན་ན་ཡང་ཡིད་ལ་གང་འདོད་པ་ཐམས་ཅད་འགྲུབ་པར་གྱིས་ཤིག །ནང་མཆོད་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཧ་ན་ཧ་ན་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ནཾ་ཧཱུྃ་ཕཊ། ཅེས་དམ་ལ་བཞག ༀ་ཧཱུྃ་ཤྲི་ཡ་སོགས་སྙིང་པོའི་མཐར། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ། དེ་བཞིན་ཏུ། དྷུ་པེ༴ གནྡྷེ༴ ནཻཝིདྱ༴ ཨཱ་ལོཀེ༴ ཞེས་སྦྱར། གཏོར་མའི་ནང་དུ་ཧ་སེར་པོ་ཧོཿདཀར་པོ་ཧྲཱིཿསྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ་


KMC010_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ལན་གསུམ་བརྗོོད། ༀ་ཧཱུྃ་སོགས་ཀྱི་མཐར། ༀ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཨི་དཾ་བ་ལིཾ་གྲྀཧྣ་གྲྀཧྣ་པཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བས་འཁོར་དང་བཅས་པས་གསོལ་བར་བསམ། བར་འདིར་བསྟོད་པ་ཏིལ་མར་མ་དང། གཞན་ཡང་བསྟོད་པའི་བྱེ་བྲག་ཅི་ཤེས་ཀྱིས་བསྟོད་པ་ཡིན་ལ། བསྡུ་ན། ཧཱུྃ་བྷྱོ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་ལ་གཞོལ་ཡང། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །ཁམས་གསུམ་སྐད་ཅིག་ཙམ་གྱིས་སྐོར་བར་བྱེད། །གཞན་ལ་དབང་སྒྱུར་འདོད་ཁམས་ཡ་མཐར་ཕྱིར། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །ལྷ་དབང་བརྒྱ་བྱིན་ལྷ་མིན་དབང་པོ་དང་། །ཚངས་པའི་རྒྱལ་པོ་ས་འོག་དབང་པོ་དང་། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་


KMC010_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མ། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་དངངས། །ཕྱོགས་བཅུའི་དུག་བསྡུས་ཉི་མ་ཚིམས་པར་མཛད། །ནད་རྣམས་སློང་བྱེད་ནད་བདག་དམ་ལ་འདུ། །བདུད་རྩིའི་བཅུད་བསྡུས་ཟླ་བར་ཐིམས་མཛད་མ། །ནད་ཡམས་གཅོད་མཛད་སྨན་མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་སྒྲུབས། །རཀྟ་དང་ཆང་གཏོར་མ་ལ་གཏོང་ཞིང་། ༀ་རོ་རུ་རོ་རུ་བི་ཏིཥྛ། བ་ཏོ་སཱི། ཀ་མ་ལ་རཱཀྵ་སཱི་ཧཱུྃ་བྷྱོཿ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད། ལྷ་མོའི་ཐུགས་ཀའི་སྔགས་ཕྲེང་ལ་དམིགས་ཏེ། ༀ་ཧཱུྃ་ཤྲི་ཡ་སོགས་ཅི་འགྲུབ་བཟླ། ལག་པ་ཁུ་ཚུར་མཛུབ་མོ་གཉིས་བསྒྲེང་སྟེ་ཁ་འགྲམ་གཡས་གཡོན་ཏུ་བཞག་ལ། ༀ་བྷྱོཿབཏྟ་ལི་བཏྟ་ལི་ཚེ། ལན་གསུམ་གྱིས་གཏོར་ལ་བདུད་རྩིའི་ཁ་ཕྲུས་བཏབ། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་


KMC010_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིགས་སྲུང་མ་ཁྲག་དགའ་མ། །ཀཱི་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉ་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་འགྲུབ་པར་གྱིས། །བདག་གིས་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་ཏུ་བྱ་ར་གྱིས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གྲྀཧྣ་གྲྀཧྣ་སརྦ་དུཥྚཾ་བྷཀྵ་བྷཀྵ། །ཕྲེཾ་ཕྲུཾ་ཕྲིཾ་ཕྲོཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་སེ་གོལ་གདབ། མཁའ་འགྲོ་མ་དུད་པའི་སོལ་བ་མ། །འཁོར་ནག་མོ་འབུམ་སྡེ་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་


KMC010_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཁ་དོག་དྲི་རོ་རེག་བྱ་དམ་པ་དང་ལྡན་པ་འདི་གསོལ་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ནད་རིགས་བཞི་བརྒྱ་རྩ་བཞི། གདོན་རིགས་སྟོང་ཕྲག་བརྒྱད་ཅུ། རྨིི་ལྟས་མཚན་ངན་ཆག་ཆེ་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། བདག་གི་ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་ལ་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །བཀའ་བཞིན་བགྱིའོ་ཞེས་ཞལ་གྱིས་བཞེས་པར་བསམ། སྐམས་འདིར་སྤྲོོ་ན། བནྡྷ་རིན་ཆེན་ལྟ་བུས་བྱིན་བརླབ། བྱང་ཤར་ཆོས་དབྱིངས་དང་། དགོས་པ་ཡོད་ན་མ་མོ་འཁྲུགས་སྐོར་ཆགས་མེད་ཞབས་ཀྱིས་མཛད་པ་བཏང་། ཐལ་མོ་སྦྱར་ཏེ། ༀ་ཡེ་ཤེས་ལྷ་དང་ལྷ་མོ་མི་ཕམ་བདག །དང་པོ་བསྒྲུབ་དང་སྒྲུབ་ཏུ་བྱས་ནས་ནི། །མཐུན་པའི་དམ་རྫས་གཞུང་བཞིན་མ་ཚོགས་པ། །དཔལ་ལྡན་ལྷ་མོའི་ཐུགས་དང་འགལ་གྱུར་པ། །བཀའ་ཡི་ཆད་པའི་གནས་སུ་གྱུར་ནས་ཀྱང་། །དམ་ཉམས་ཁྲིམས་རལ་


KMC010_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གྱུར་ལ གས་ན། །ཡེ་ཤེས་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས། །དམ་ཚིགས་ཉམས་པར་གྱུར་པ་བསྐང་གྱུར་ཅིག །ཅེས་དང་། །ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། །བཛྲ་ལཱ་ཱསྱ་རཱ་ག་ཡཱ་མི་ཧཱུྃ། ཞེས་པས་གཏོར་མའི་ལྷ་དམ་ཡེ་དབྱེར་མེད་བྲིས་སྐུ་སོགས་རྟེན་གྱི་ཐུགས་ཀར་བསྡུ། བཛྲ་མུཿས་འཁོར་རྣམས་གཤེགས་ཤིང་གཏོར་མ་གཙང་སར་བསྐྱེལ། །བསྔོ་སྨོན་དང་བཀྲ་ཤིས་བྱའོ། །ཆོས་སྐྱོང་ཚོགས་རྗེས་ཉེས་བྱེད་ཅིང་། །རྡོ་རྗེ་སློབ་དཔོན་ཞལ་གྱི་རྒྱུན། །གཏོར་ཆོག་བྲིས་པས་དགེ་ཐོབ་པས། བསྟན་པའི་དབུ་འཕང་དགུང་སྙེགས་ཤོག །ཅེས་པའང་མར་ལུགས་སྒྲུབ་དཀྱིལ་རྣམས་ཀྱིས་ཟུར་འདེགས་སུ། །རྔོག་ཞེ་སྡང་རྡོ་རྗེ་ཡབ་སྲས་ཀྱི་གསུངས་རྒྱུན་འཁྲུལ་མེད་གསང་བདག་ཏཱ་ར་ནཱ་ཐ་མཁྱེར་བདེར་བསྡུས་པ་ཉིད་སོར་བཞག་ལ། །སྦྱོར་དངོས་མ ཇུག་ཚད་གྱི་ཁ་གསལ་ཕྲན་བུས་བརྒྱན་ཏེ་བློ་གྲོས་མཐའ་ཡས་ཀྱིས་གདན་ས་ཆེན་པོ་དཔལ་སྤུངས་ཡང་དབེན་ཏུ་བྲིས་པ་སྒྲུབ་བརྒྱུད་ བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་བའི་སྲོག་ཤིང་དུ་གྱུར་ཅིག །མདྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་


KMC010_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

བསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་འབྲིང་པོ་ཡོངས་འདུས་ལྗོན་པའིི་སྐྱེད་ཚལ།


KMC010_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་འབྲིང་པོ་ཡོངས་འདུས་ལྗོན་པའིི་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ། །


KMC010_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཨུཏྟ་ར་ཤྲཱི་ཧེ་རུ་ཀ་པཱ་དཱ་ཡ། འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན། །བདུད་འདུལ་ཁྲག་འཐུང་ཆེན་མོའི་སྐུར་བསྟན་པ། །འདོད་ཁམས་དབང་ཕྱུག་དགྱེས་པའི་འཛུམ་ཞལ་གྱིས། །བདག་འཁོར་བྱང་ཆུབ་བར་དུ་སྐྱོང་བར་མཛོད། བིརྦ་ནཱ་རོ་མར་པ་སོགས། །གྲུབ་པས་བསྟེན་ཅིང་མཁས་པས་བསྔགས། །ཐུབ་བསྟན་སྐྱོང་མཛད་ཚོགས་ཀྱི་རྗེ། །ཕྲིན་ལས་སྙིང་པོ་འདི་རྨད་དོ། །ཁྲག་འཐུང་ནག་མོ་ཆེན་མོ་དུད་པའི་སོལ་བ་མའི་གཏོར་ཆོག་འབྲིང་པོར་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། འདི་ཉིད་ཆེད་དུ་སྒྲུབ་པའི་གནས་ཕྱི་ནང་གི་རྟེན་དང་རྟེན་གྱི་གཏོར་མ་སོགས་རྒྱུན་དུ་ཡོད་པའི་སར། མཆོད་གཏོར་དང་ཕྱི་མཆོད་གསོ་བྲན་བྱ། འབུལ་གཏོར་


KMC010_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨན་རཀ་གི་ཕུད་མཆོད་བཤམ། རྟེན་མེད་ཅིང་ཉི་ཚེ་བའི་གསོལ་མཆོད་ལྟ་བུ་ལ། ལྕགས་སམ་ཐོད་པའི་སྣོད་དུ་མཆོད་གཏོར་གྲུ་གསུམ་བྲ་གཟུགས་མ་གྲོང་ངེ་བ་རྩེ་མོ་གསུམ་པའི་གཡས་གཡོན་མདུན་ལོགས་སུ་ཐོད་གཟུགས་ཀྱི་ནང་སྐུ་གསུང་ཐུགས་སྤྲུལ་གསུམ། དེ་རྒྱབ་མ་མོ་བཞི། དེ་རྒྱབ་གདོང་ཅན་བརྒྱད། དེ་རྒྱབ་སྒོ་མ་བཞི་རྣམས་ལ་ཟུར་གསུམ་རིམ་པར་སུམ་ཆས་ཆུང་དུ་བཏང་བའི་མཐར་ཐེབས་ཀྱུ་གྲངས་མང་གཡས་བསྐོར་དུ་བསྐོར། ཉི་ཟླ་དང་ཞི་རྒྱན་གྱི་རྩེར་མེ་རི་དུང་ཁོག་མས་མཚན་པ། གཏོར་རྩེ་གཡས་གཡོན་དབུས་གསུམ་དུ་མན་ཐིག་རེས་བརྒྱན་པས་ནོར་བུ་སུམ་ཚོམས་སུ་དོད་པ་ལ་ཤ་སྣ་སྙིང་སྣའི་འཕན་དར་གྱིས་བརྒྱན། ཁུར་བ་ཤིང་ཏོག་ཆང་དང་ཁྲག་སྣ་ཁྱད་


KMC010_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་མོ་ནག་མོ་དང་ར་རོག་པོའི་ཤ་ཁྲག་བླུགས། འབུལ་གཏོར་ཟུར་གསུམ་རྩེ་གསུམ་ཉམས་ཙམ་དོད་ཅིང་ཐེབས་ཀྱུ་བཅུ་དགུས་བསྐོར་བ་མེ་རི་དུང་ཁོག་མས་བརྒྱན་པ་དང་། ཕྱི་མཆོད་གྲང་ཚར། སྨན་རཀ་ཕུད་སྐྱེམས་རྣམས་བཤམ་མོ། །གཉིས་པ་དངོས་གཞི་ལ། བསྐྱེད་བསྟིམ་དམ་བསྒྲག་མཆོད་ཅིང་བསྟོད། །བཟླས་པ་སྟོང་བཤགས་བཅས་ཏེ་བརྒྱད། །ཅེས་པའི་དང་པོ་དམ་ཚིག་པ་བསྐྱེད་པ་ནི། བསྙེན་སྒྲུབ་སྐབས་བདག་བསྐྱེད་ཀྱང་ལྷ་མོར་བསྒོམ་པ་ཡིན་རུང་། གཏོར་ཆོག་ཙམ་ལ་དགྱེས་རྡོར་དང་གདན་བཞི་གང་ཡང་རུང་བའི་བདག་བསྐྱེད་རྒྱས་བསྡུས་གང་རུང་སྔོན་ཏུ་གྲུབ་པར་བྱས་ནས། རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་ལྷ་མོ་དུད་སོལ་མ་རྣམ་སྨིན་གྱི་ལུས་ཅན་དུ་གསལ་བའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་བྱེ་བའི་དབུས་སུ་ༀ་དཀར་པོ་འོད་ཟེར་དང་བཅས་པ། དེའི་སྟེང་དུ་རྃ་དམར་པོ། དེ་ལས་མེ་འབར་བའི་གཟུང་འཛིན་རྣམ་སྨིན་གྱི་ལུས་ཐུལ་གྱིས་བསྲེགས་ནས་ཐལ་བའི་ཕུང་པོར་གྱུར། དེའི་སྟེང་དུ་སྲོག་གི་ཨྃ་དཀར་པོ་འོད་ཟེར་དང་བཅས་པའི་སྟེང་དུ་བྃ་དཀར་པོ་ལས་བུམ་པ་དཀར་པོར་གྱུར་


KMC010_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁ་ནས་བདུད་རྩི་དཀར་ལྷུང་ལྷུང་བབ་པ་ཨྃ་ལ་ཐིམ་པས་ཨྃ་ཡིག་འོད་དུ་འབར་བར་གྱུར། ༀ་ཨྃ་མ་ཧཱ་ཀཱ་ལཱི་དེ་བཱི་ཀཱ་ལཱི་བེ་ཀྲཱནྟ་ཀཱ་ལ་རཱ་ཏྲི་ཙནྡ་རཱུ་བི་ནཱཾ་ཧཱུཾ་ཕཊ། ༀ་དེ་ཡོངས་སུ་གྱུར་པ་ལས་དུར་ཁྲོད་བརྒྱད་གཞལ་ཡས་ཁང་ཐོད་མཁར་ཟུར་གསུམ་པ་སུམ་རིམ་དང་བཅས་པ་མེ་རླུང་དམར་ནག་འཚུབས་པའི་དབུས་སུ། ཡེ་ཤེས་ཀྱི་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ནག་མོ་སྤྲིན་དང་བུང་བ་ལྟར་གནག་པ། ཤིིན་ཏུ་སྦེག་ལ་ཀེང་རུས་ཀྱི་ལུས་ཅན་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི་མེ་འབར་བ་འཕྱར་ཞིང་གཉིས་པ་ན་ཐོད་རློན་དམར་གྱིས་བཀང་ནས་ཞལ་དུ་གསོལ་བ། གཡོན་གྱི་དང་པོ་ན་ཤཀྟིའི་མཚོན་ཆ་འཛིན་ཅིང་འོག་མ་ན་ཏྲི་ཤཱུ་ལ་རྩེ་གསུམ་པའི་མགུལ་ན་དར་དཔྱངས་འཕུར་བ་བསྣམས་པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དམར་པོ་ཟློག་ཅིང་ཁམས་གསུམ་ལ་ལྟ་བ། དབུ་


KMC010_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་ཁམས་སེར་གྱེན་དུ་བརྫེས་ཤིང་ལན་བུ་གཡོན་དུ་འཁྱིལ་བ། དབུ་ལ་སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་ཅིང་རྨ་བྱའི་རྒྱལ་མཚན་སྤྱི་གཙུག་ན་ཕྱར་བ། སྙན་ཆ་གཡས་པ་སྦྲུལ་གྱི་མགུལ་ནས་དྲིལ་བུ་གསིལ་ཞིང་གཡོན་པ་སེང་གེ་རལ་དམར་ཅན་འཕྱོ་བ། རྣ་ལྟག་གཉིས་ན་མེ་ཏོག་དང་དར་ནག་གི་ཅོད་པན་འཕུར་བ། ལྷ་མ་ཡིན་ལ་སོགས་པའི་ཐོད་པས་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་བ་རློན་པས་སྟོད་གཡོགས་ཤིང་། བ་ལང་གི་ཀོ་རློན་ཆན་པས་དྲས་པ་ལ་རེ་ལྡེ་སེར་པོའི་ཤམ་བུ་བཏགས་པས་སྨད་དཀྲིས་པ། རུས་པས་རྒྱན་ཆ་ལྔས་བརྒྱན་ཅིང་ཀླུ་ཆེན་པོ་བརྒྱད་གཤིབས་པའི་སྐ་རགས་ཅན། ཁྲག་ཞག་དང་ཐལ་ཆེན་གྱི་ཐིག་ལེ་ཚོམ་བུར་བཀོད་པ། ཞབས་གཉིས་ལྕགས་སྒྲོག་གིས་མཛེས་པར་བརྒྱན་ཅིང་བོང་བུ་དམར་གའི་སྟེང་ན་བཙན་སྐྱིལ་བརྗིད་པའི་ཚུལ་གྱིས་བགྱིང་ཞིང་རོལ་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་གསུང་ནི་དུང་དང་འབྲུག་


KMC010_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒྲ་ལྟ་བུར་སྒྲོག་ཅིང་མ་མོ་མཁའ་འགྲོ་ཤ་ཟ་ཐམས་ཅད་དབང་དུ་སྡུད་པའི་སྐུར་གསལ་བར་གྱུར། གཙོ་རྐྱང་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་ཟིན་ནས་འཁོར་རྣམས་ཉི་མ་དང་ཟེར་བཞིན་བསྒོམ་པ་རྩ་གཞུང་རྣམས་ཀྱི་དགོངས་པ་ཡིན་ཀྱང། ཕྱིས་ཀྱི་བླ་མ་བརྒྱུད་པའི་ཕྱག་བཞེས་ལྟར་སྐབས་འདིར་མོས་བསྐྱེད་ཙམ་སྤྲོ་ན། ཐོད་མཁར་ནང་གི་གྲུ་གསུམ་དུ་སྐུ་གསུང་ཐུགས་སྤྲུལ་གྱི་མ་མོ་གསུམ། ནག་མོ་གཅེར་བུ་མི་སྙིང་དང་ཐོད་ཁྲག་ཐོགས་ཤིང་བོང་བུ་ལ་ཞོན་པ། ཞིང་གོས་རེ་ལྡེ་རུས་པས་བརྒྱན་པ། ཐོད་མཁར་ཕྱིའི་ཕྱོགས་བཞིར་རིགས་བཞིའི་ལྷ་མོ་དཀར་སེར་དམར་ལྗང་བཞི་གྲི་ཐོད་འཛིན་ཅིང་དུར་ཁྲོད་ཆས་ཅན་བོང་བུ་ལ་ཞོན་པ། དེ་རྒྱབ་ཤར་དུ་སེང་གདོང་མ། ལྷོར་སྟག་གདོང་མ། ནུབ་ཏུ་སྤྱང་གདོང་མ། བྱང་དུ་ཕག་གདོང་མ། བྱང་ཤར་བྱ་རྒོད་གདོང་མ། ཤར་ལྷོར་ཅུང་གའི་གདོང་མ། ལྷོ་ནུབ་ཏུ་དུར་བྱའི་གདོང་མ། ནུབ་བྱང་དུ་བྱ་རོག་གདོང་མ་རྣམས་ཀྱང་གྲི་ཐོད་འཛིན་ཅིང་དུར་ཁྲོད་ཆས་ཅན་དྲིལ་རྟ་


KMC010_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞོན་པ། ཕྱོགས་བཞིར་སྒོ་སྲུང་ཀམ་ཀའི་གདོང་ཅན་མཚོན་ཆ་སྣ་ཚོགས་ཐོགས་ཤིང་དྲིལ་ནག་སྟག་སྤྱང་སྤྲེའུ་ལ་ཞོན་པ། གཞན་ཡང་ཐུགས་སྤྲུལ་ནག་མོ་འབུམ་སྡེ་སོགས་སྤྲུལ་པའིིི་ལས་མཁན་བྱེ་བ་འབུམ་ཕྲག ཡེ་ཤེས་དང་ལས་དང་འཇིག་རྟེན་ལས་གྲུབ་པའི་མ་མོ་མཁའ་འགྲོ་ཤ་ཟ་ཐམས་ཅད་ཀྱིས་བསྐོར་བར་གྱུར། ལྷ་མོའི་ཐུགས་ཀར་འོད་སྒོ་ངའི་དབྱིབས་ལྟ་བུ་སོར་བཞིའི་ཚད་མེ་དམར་ལྟ་བུའི་དབུས་སུ་ཧཱུཾ་མཐིང་ནག་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཅན། དེ་ལས་འོད་འཕྲོས་དགྲ་བགེགས་ཐམས་ཅད་ཚར་བཅད་དྲེགས་བྱེད་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་བསྡུས་ཏེ་ཚུར་འདུས་པས་ཧཱུཾ་གི་མཐའ་སྐོར་འོད་ཀྱི་ཐིག་ལེའི་ནང་དུ། ༀ་ཧཱུཾ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུཾ་བྷྱོ། སྔ གས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པས་བསྐོར་བར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་གཅིག་ཆད་དེ་ལྷ་མོའི་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡ་མི་ཧཱུཾ། འདི་ནི་གསང་བའི་ལྷ་མོ་བྷ་


KMC010_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གར་གཞུག་པ་ཞེས་བྱ་སྟེ་ལྷ་མོ་བདག་སྒོམ་དུ་བྱེད་པའི་ཚེ། རང་གི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་ཆད་དེ་བདག་ཉིད་ཀྱི་གསང་བར་གཞུག་པ་ཡིན་ནོ། གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོ་ༀ་ཨཱཿཧཱུཾ། འཁོར་ཐམས་ཅད་ཐུགས་ཀར་བྷྱོ་ཡིག་གིས་མཚན་པ། བདག་མདུན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་ལྷ་མོ་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། གཉིས་པ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་པ་ནི། གུ་གུལ་སོགས་སྦྱར་སྤོས་འདུག །དབྱངས་རོལ་བཅས། བྷྱོ། རི་རབ་ཆེན་པོའི་བྱང་ཤར་མཚམས། གཡུ་མཚོ་མུ་ལེ་ཐིང་གི་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནང་། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་ནག་མོ་འབུམ་སྡེའི་ཚོགས། །གནས་


KMC010_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་དུ་གཤེགས་སུ་གསོལ། །ད་ལྟ་སྙིགས་མའི་དུས་འདི་རུ། །དམ་ཅན་བཞུད་པར་མི་འོས་ཀྱང་། །སྔོན་ཚེ་བྱང་ཆུབ་ཤིང་གི་དྲུང་། །ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་བསྲུང་བ་དང་། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །བྷྱོ། གཞན་ཡང་གཤིན་རྗེའི་ཕོ་བྲང་དང་། །ལྷ་ཁང་དུར་ཁྲོད་རི་སུལ་ནས། །ཆོས་སྐྱོང་སྲུང་མ་འཁོར་བཅས་རྣམས། །མཆོད་པ་འབུལ་བ་བཞེས་སླད་དུ། །ད་ལྟ་ཉིད་དུ་བྱོན་ནས་ཀྱང་། །གཉིས་མེད་བརྟན་པར་བཞུགས་སུ་གསོལ། །ཞེས་སྤྱན་དྲངས་པས་ཡེ་ཤེས་པ་འཁོར་བཅས་མདུན་གྱི་ནམ་མཁར་སྤྲིན་གྱི་ཕུང་པོ་འཐིབས་པའམ་བུང་བ་ཚང་ལ་འདུ་བ་བཞིན་དུ་ཐིབ་ཐིབ་བྱོན་པར་བསམ་ལ་དགུག་གཞུག་བཅིངས་མཉེས་ཀྱི་ཕྱག་རྒྱས། ༀ་ཧཱུཾ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་ཧཱུཾ་བྷྱོ་དྲི་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟཱཾ། ས་མ་ཡ་


KMC010_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿ ཞེས་དམ་ཡེ་གཉིས་མེད་ཆུ་ལ་ཆུ་འདྲེས་པ་ལྟར་བཞུགས་པར་བསམ། གསུམ་པ་བཀའ་བསྒོ་དམ་བསྒྲག་ནི། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཁྱོད་ཀྱིས་བདག་ལ་སྐུ་དངོས་སུ་སྟོན་ཅིག །གལ་ཏེ་སྐུ་དངོས་སུ་མི་སྟོན་ན། བླ་མ་གོང་མ་རྡོ་རྗེ་འཛིན་པ་རྣམས་ཀྱི་སྤྱན་སྔར་དམ་བཅས་པ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་གཉན་པོ་བསྲུང་བ་དང་། བླ་མ་དམ་པ་རྣམས་ཀྱི་ཕྲིན་ལས་སྒྲུབས་ཤིག །སྔགས་འཆང་སྒྲུབ་པ་པོ་བདག་ཅག་གི་དགྲ་བགེགས་ཐམས་ཅད་མྱུར་དུ་སྒྲོལ་ཅིག །ཚེ་དང་དཔལ་སྐྱེད་ཅིག །གཞན་ཡང་བདག་ཅག་གི་ཡིད་ལ་གང་འདོད་པ་ཐམས་ཅད་ཁྱེད་ཀྱིས་སྒྲུབས་ཤིག །སྔགས་མཐར། ཨེ་ཨཱ་རལླི་ཧྲིཾ་ཛཿ ནང་མཆོད་དམ་གུར་གུམ་གྱི་ཆུ་ལ་སྔགས་བཏབ་པ་འཐོར་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། ༀ་ཧ་ན་ཧ་ན་བཛྲ་ས་མ་ཡ་ཨ་ཏི་ཀྲ་མ་ནཾ་ཧཱུཾ་ཕཊ། སྤྱི་ལ་དེ་ཙམ་གྱིས་མཐུས།


KMC010_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཁྱད་པར་བ་དང་ལས་དྲག་པོའི་སྐབས་སུ་གནད་ཀྱི་དམ་བསྒྲག་ཕྲིན་ལས་རྒྱས་པའི་ལྟར་བྱའོ། བཞི་པ་མཆོད་པ་ལ་ཐོག་མར་མཆོད་རྫས་རྣམས། ༀ་སཾ་ཤོ་ངྷ་ནེ་ཧཱུཾ་ཕཊ། ༀ་སྭ་བྷཱ་བ་ཤུདྡྷཿ སོགས་ཀྱིས་བསང་སྦྱང་། ༀ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿལན་གསུམ། མཆོད་རྫས་ཀྱི་ཁ་དོག་དྲི་རོ་ངན་པ་བསལ་ནས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་ཕྱི་ནང་གསང་བའི་མཆོད་རྫས་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཕྱི་མཆོད་ནི། ༀ་ཧཱུཾ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུཾ་བྷྱོ། ༀ་བཛྲ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ་སྭཱ་ཧཱས་མཆོད་ཡོན་དང་། སྙིང་པོའི་མཐར། ༀ་བཛྲ་པྲ་བ་ར་སད་ཀ་ར་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སོགས་བཏགས་པས་ཞབས་བསིལ་འབུལ། ཉེར་སྤྱོད་ལྔའང་སྔགས་ཙམ་གྱིས་འབུལ་ཆོག་ཀྱང་ཚིགས་བཅད་སྤྲོ་ན། ཧཱུྃ། ཨུཏྤལ་པདྨ་དབང་ལྔའི་མེ་ཏོག་དང་། །ཙནྡན་ཨ་གར་གུ་གུལ་ཚིལ་ཆེན་སྤོས། །སྦྱར་དང་ལྷན་སྐྱེས་བདུད་རྩི་ལྔ་ཡི་དྲི། །འབྲུ་སྣ་འབྲས་ཟན་ཤ་ལྔ་དགྲ་བགེགས་ལུས། །ཉི་ཟླ་ནོར་བུ་ཞུན་ཆེན་མར་ནག་


KMC010_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མེ། །རོལ་མོ་སྙན་དབྱངས་ཐོད་རྔ་རྐང་གླིང་སྒྲ། །མ་གཅིག་ལྷ་མོ་འཁོར་དང་བཅས་ལ་འབུལ། སྙིང་པོའི་མཐར། ༀ་བཛྲ་པུཥྤེ་དྷཱུ་པེ་གནྡྷེ་ནཻ་བིདྱ་ཨཱ་ལོ་ཀེ་ཤཔྡ་པཱུ་ཛ་མེ་གྷ་སོགས། ནང་མཆོད་ནི། མཛེས་དགུའི་གཟུགས་དང་སྙན་བརྗིད་སྒྲ་དབྱངས་ཚོགས། །དྲི་ཞིམ་སྤོས་དང་རོ་ལྡན་ཤ་ཁྲག་ཟླས། །རེག་འཇམ་ན་བཟའི་བྱེ་བྲག་དཔག་མེད་རྣམས། །བསྟན་སྲུང་ཆེན་མོ་འཁོར་དང་བཅས་ལ་འབུལ། །རྡོ་རྗེའི་དབང་པོ་མཆོག་ཏུ་ཚིམ་གྱུར་ཅིག །སྙིང་པོའི་མཐར། ༀ་བཛྲ་རཱུ་པ་ཤཔྡ་གནྡྷེ་ར་ས་སྤཪྴེ་པཱུ་ཛ་མེ་གྷ་སོགས། གསང་མཆོད་ནི། ཧཱུཾ། རང་བྱུང་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམར་ཆེན་མཚོ་དང་མཱཾ་སའི་དྲི། །ག་བུར་ཤེལ་གྱི་པོག་སྤོས་འདི། །མཚན་བཟང་ནག་མོ་རེ་མ་ཏི། །མ་ཚོགས་སྟོང་གི་ཚོགས་བཅས་ལ། །དགྱེས་མཆོད་དམ་པ་འབུལ་ལགས་ན། །བཞེས་ནས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་མཱཾ་ས་རཀྟ་ལ་ཁཱ་


KMC010_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། ཁྱད་པར་གཏོར་མ་འབུལ་བ་ནི། བསང་སྦྱང་། གཏོར་མའི་ནང་དུ་ཧ་སེར་པོས་ཁ་དོག་ངན་པ་བཅོམ་ནས་ཁ་དོག་ཕུན་སུམ་ཚོགས་པར་གྱུར། ཧོཿདཀར་པོས་དྲི་ངན་པ་བཅོམ་ནས་དྲི་ཕུན་སུམ་ཚོགས་པར་གྱུར། ཧྲཱིཿསྔོན་པོས་རོ་ངན་པ་བཅོམ་ནས་རོ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུཾ། གསུམ། ༀ་ཧ་ཧོཿཧྲཱིཿསྭཱ་ཧཱ། གསུམ་པ་བརྗོད་པས་བྱིན་བརླབ། ཐལ་མོ་བརྐྱང་ལ་ཡིད་ཀྱིས་བཏེགས་ལ་ཞལ་དུ་བསྟབ་པའི་ཚུལ་གྱིས། ལྷ་མོ་ཁྱོད་ལ་མཆོད་པ་འབུལ་བ་ནི། །ཕྱི་ནང་གསང་བའི་ཚོགས་ཀྱི་མཆོད་པ་དང་། །དམ་ཉམས་བསྒྲལ་བའི་དོན་སྙིང་མཁལ་མར་བཅས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང་། སྙིང་པོའི་མཐར། ས་པཱ་རི་བཱ་ར། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཙིཏྟ༴ མ་ཧཱ་རཀྟ༴ མ་ཧཱ་བ་སུ་ཏ་ཁཱ་ཧི། ༀ་ཨི་དཾ་བ་ལིཾ་གྲིཧྞ་པཱ་ཡ་གྲིཧྞ་པཱ་ཡ་ཧཱུཾ་ཕཊ། ༀ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་


KMC010_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འབུལ་ལོ། །ལྔ་པ་བསྟོད་པ་དངོས་གྲུབ་འབྱུང་རྒྱུད་ནས་གསུངས་པ་ནི། ཧཱུཾ་བྷྱོ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་གསུམ་གཞོལ་ཡང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷ་མོ་སྐུ་མདོག་ནག་མོ་ཆར་སྤྲིན་མདོག །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། །ཤིན་ཏུ་སྦེག་ཅིང་ཀེང་རུས་ལུས་ཅན་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྗིད་པའི་སྐུ། །རལ་པ་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ། །སྐྲ་སེར་སྦྲུལ་དང་ཐོད་པའི་ཕྲེང་ཐོད་བཅིངས། །རྣ་ལྟག་མེ་ཏོག་དར་ནག་ཅོད་པན་ཅན། །ཁྲག་གི་ཆང་གིས་ར་རོ་སྤྱན་གསུམ་དམར། །མི་རོ་རེངས་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ནས་ཁྲག་ལ་ཤིན་ཏུ་དགྱེས། །སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་གསིལ་ཞིང་། །གདུག་པ་བཏུལ་ནས་ཚངས་པའི་སྒྲ་སྒྲོག་མ། །སྙན་ཆ་གཡོན་པ་སེང་གེ་རལ་པ་


KMC010_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དམར། །དཔའ་མོ་ཁམས་གསུམ་སེང་གེའི་སྒྲ་སྒྲོག་མ། །ཕྱག་བཞི་གཡས་ཀྱི་དང་པོ་རལ་གྲི་ཕྱར། །འོག་མས་བྷནྡྷ་རཀྟ་དམར་སྐྱིལ་བཀང་། །གཡོན་གྱི་དང་པོ་ཤཀྟིའི་མཚོན་ཆ་འཛིན། །འོག་མ་ཏྲི་ཤཱུལ་མགུལ་ནས་དར་ནག་འཕྱངས། །ཤཀྟི་རལ་གྲི་མཚོན་གྱིས་བསད་པ་ཡི། །ལྷ་མ་ཡིན་གྱི་ཐོད་སོགས་དོ་ཤལ་མཛད། །གླང་པོ་ཆེ་ཡི་ཀོ་རློན་སྟོད་གཡོགས་མཛེས། །སྨད་ནི་བ་གླང་ཀོ་རློན་དྲས་པ་ལ། །ཕྱེད་ནི་རེ་ལྡེ་སེར་པོའི་ཤམ་བུ་དཀྲིས། །ཀླུ་ཡི་དབང་པོ་གཤིབས་པའི་སྐེད་བཅིངས་མཛད། །ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །ཁྲག་ཞག་མེ་ཡི་ཐིག་ལེ་ཚོམ་བུར་བྲིས། །བྷྱོ། བོང་བུ་གྭ་ཞོན་མཚན་མོ་དུར་ཁྲོད་རྒྱུ། །བོང་བུའི་རྨིག་པ་གློག་གི་ཤུགས་ཅན་མ། །ཁམས་གསུམ་སྐད་ཅིག་གཅིག་ལ་བསྐོར་བ་མཛད། །གསུང་ནི་དུང་དག་འབྲུག་གི་སྒྲ་ལྟ་བུས། །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་སྡུད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་


KMC010_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གནས། །དམ་པའི་ས་ནས་གཟུགས་སྐུ་གཉིས་གཟིགས་མ། །ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན། །ཚངས་པའི་རྒྱལ་པོ་ལ་སོགས་ཕྱག་བྱས་མ། །གཞན་ལ་དབང་སྒྱུར་འདོད་ཁམས་མཐར་ཡང་ཕྱིན། །དབང་ཕྱུག་ཆེན་པོའི་སྐུ་ལ་དགེས་འཁྲིལ་མ། །སུམ་ཅུ་རྩ་གསུམ་ཚལ་བཞིར་བྱོན་པའི་ཚེ། །ལྷ་རྣམས་དབུགས་དབྱུང་བརྒྱ་བྱིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕམ་པར་མཛད་པའི་ཚེ། །ལྷ་མིན་དབང་པོ་ཀུན་གྱིས་ཕྱག་བྱས་མ། །སྐུ་མཆོག་རི་རབ་ཆེ་དང་འགྲན་པའི་ཚེ། །ལྟེ་བའི་ཐད་ཀྱི་ཕྱོགས་ནས་ཉི་ཟླ་འཆར། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །རྒྱ་མཚོའི་གཏིང་ནས་མེ་འབར་མཚོ་སྐེམ་ནུས། །ས་འོག་དབང་པོ་ཀུན་གྱིས་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱི་ཆོ་འཕྲུལ་འདི་བསྟན་པས། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་རྔམས། །ཙིཏྟ་རིན་ཆེན་གུར་


KMC010_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཕུབ་གཞལ་ཡས་ཁང་། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་འོད་ཟེར་འབར། །ཕྱོགས་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས། །ཉི་ཟླའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །དུག་གི་རླངས་པས་ནག་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སློང་མཛད་མ། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུས། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་གཅོད་མ། །བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུས། །གང་ཞིག་ཁྱེད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་བདག་སྨན་གྱི་གཙོ། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད། །རྒྱུན་དུ་དེ་ཙམ་གྱིས་འཐུས་ལ་སྤྲོ་ན་རྒྱུད་ལས་འབྱུང་བ་གཞན་རྣམས་དང་། ཏིལ་མར་མ་སོགས་ཀྱིས་བསྟོད་པར་བྱའོ། །དྲུག་པ་བཟླས་པ་བྱ་བ་ནི། ལྷ་མོའི་ཐུགས་ཀའི་ས་བོན་ཧཱུཾ་ཡིག་གི་མཐར་སྙིང་པོའི་སྔགས་


KMC010_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྲེང་བས་བསྐོར་བ་ལ་དམིགས་ཏེ་བཟླས་པ་བྱ། གང་བདག་བསྐྱེད་ཐུགས་ཀའི་འོད་ཟེར་ཕོག་པས་ཐུགས་རྒྱུད་བསྐུལ་སྔགས་ཕྲེང་འགལ་མེ་ལྟར་གཡོན་དུ་འཁོར། །ཅི་འདོད་པའི་ལས་རབ་འབྱམས་བསྒྲུབ་པར་མོས་ལ་སྔགས་ཅི་ནུས་སུ་བཟླས་པའི་མཐར། ཐུན་གཏོར་ལ་བདུད་རྩི་བྲན། །མཆེ་བའི་ཕྱག་རྒྱ་བཅས་ལ། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱི་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་ན། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་མཛོད། །བདག་གི་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱིས་གྲོགས་མཛོད་ཅིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱེད་ལ་ཕྱག་འཚལ་བསྟོད། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད། །


KMC010_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་དང་མཚན་དུ་བྱ་ར་མཛོད། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སྙིང་པོའི་མཐར། གྲྀཧྞ་གྲྀཧྞ་སརྦ་དུཥྚན་བྷཀྵ་བྷཀྵ་ཕྲེཾ་ཕྲུཾ་ཕྲིཾ་ཕཊ་སྭཱ་ཧཱ། ཞེས་སེ་གོལ་གཏོགས་ལ་ཐུན་གཏོར་འབུལ་ལོ། །བདུན་པ་སྐོང་བ་ནི། སྐོང་རྫ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་བཀོད་པ་འཇིགས་སུ་རུང་བའི་དབུས་སུ། ཧཱུཾ་ཡིག་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི། ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་སྐོང་རྫས་མཆོད་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་གྱི་ཁམས་རྒྱས་པར་གང་ཞིང་རྒྱུན་མི་ཆད་པར་འབྱུང་བ་དང་། སྨན་གཏོར་རཀྟ་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་ཤིང་ཟད་མི་ཤེས་པར་གྱུར། ༀ་ཧ་ཧོཿཧྲཱིཿསྭཱ་ཧཱ། ལན་གསུམ། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་སྤེལ་ལ། བྷྱོ། དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་སྲུང་བར་མངའ་གསོལ་


KMC010_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །ཆོས་སྐྱོང་སྲུང་མ་དུད་སོལ་མ། །ཁྱོད་ཀྱི་ཐུགས་དམ་གཉན་པོ་ནི། །རིག་འཛིན་རྣལ་འབྱོར་བདག་གིས་བསྐང་། །དམ་ཅན་སྲུང་མ་འདིར་བྱོན་ཅིག །རྣལ་འབྱོར་དགྲ་ལྷ་འདིར་བྱོན་ཅིག །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས་དམ་བསྐང་། །སྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར། །རྟག་གཏོར་ཆེན་པོས་ཐུགས་དམ་བསྐང་། །མ་དང་མི་འབྲལ་འགྲོགས་པའི་ཕྱིར། །རྒྱུན་གྱི་གཏོར་མས་ཐུགས་དམ་བསྐང་། །དམ་ཚིག་ཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །བསྟན་པའི་དམ་རྫས་ཡིན་པའི་ཕྱིར། །དགྲ་བགེགས་ཤ་དང་ནལ་བུའི་ཤ །མཱཾ་སའི་བྱེ་བྲག་དཔག་མེད་ཀྱིས། །བསྐང་ངོ་ཁྱེད་ཀྱི་ཐུགས༴ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །ར་ནག་ཁྲག་དང་བྱ་ནག་ཁྲག །དགྲ་བགེགས་ཁྲག་ལ་སོགས་པ་ཡི། །རཀྟའི་རྒྱ་མཚོས༴ དགྲ་བགེགས་གསུར་ལ་རྔམས་པའི་ཕྱིར། །ཚིལ་ཆེན་


KMC010_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པས་ཐུགས༴ ཆུ་དང་ཚལ་སྐྱེས་མེ་ཏོག་དང་། །ཙནྡན་ཨ་ཀ་རུ་སྤོས་དང་། དྲི་བཟང་སྦྱར་བའི་ཡོན་ཆབ་ཀྱིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གྲོ་ནས་འབྲས་ཀྱི་བཤོས་གཙང་དང་། །འབྲུ་རྩི་ཞུན་ཆེན་སྣང་གསལ་སོགས། །ཕྱི་ཡི་མཆོད་པ་རྣམ་ལྔ་ཡི། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་པ། །རོ་བཟང་རེག་བྱ་འཇམ་པ་ཡི། །འདོད་པའི་ཡོན་ཏན་རྣམ་ལྔ་ཡི། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །མི་རྟ་གླང་སོགས་ཤ་ལྔ་དང་། །བྱང་སེམས་རྒྱུད་པ་རཀྟ་སོགས། །བདུད་རྩི་ལྔ་ལ་སོགས་པ་ཡི། །གསང་བའི་མཆོད་པས་ཐུགས་དམ་བསྐང་། །བཟའ་བའི་དམ་རྫས་ཡིན་པའི་ཕྱིར། །བཤོས་གཙང་དམར་གྱིས་བརྒྱན་པ་དང་། །ཆང་དང་ཁུར་བ་སྒོག་བཙོང་སོགས། །ཚོགས་ཀྱི་མཆོད་པས༴ ཕྱི་ཡི་རྟེན་རྫས་ཡིན་པའི་ཕྱིར། །བོང་བུ་གྭ་དམར་ལུག་ནག་དང་། །དར་ནག་བྷཉྫ་མ་རལ་གྱིས། །བསྐང་ངོ་ཁྱེད་ཀྱི༴


KMC010_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་རྟེན་རྫས་ཡིན་པའི་ཕྱིར། །རྨ་བྱ་ནོར་བུའི་རྒྱལ་མཚན་དང་། །ནལ་བུའི་རྒྱལ་མཚན་བྷཉྫ་ཡིས། །བསྐང་ངོ་ཁྱེད་ཀྱི༴ གསང་བའི་རྟེན་རྫས་ཡིན་པའི་ཕྱིར། །ཨ་མྲྀ་ཏ་དང་མྱོས་བྱེད་བཅུད། །དགྲ་བགེགས་གྲི་སྙིང་ནལ་བུའི་སྙིང་། །ཙིཏྟ་སྙིང་གིས་ཐུགས་དམ༴ སྐུ་ཡི་རྟེན་རྫས་ཡིན་པའི་ཕྱིར། །ལུགས་སྐུ་འདག་སྐུ་བྲིས་སྐུ་དང་། །དར་སྐུ་སྐུ་འབག་ལ་སོགས་ཀྱིས། བསྐང་ངོ་ཁྱེད་ཀྱི༴ གསུང་གི་རྟེན་རྫས་ཡིན་པའི་ཕྱིར། །རྔ་དང་རྫ་རྔ་རྔ་ཆེན་དང་། །འཁར་རྔ་དུང་དང་ཆ་ལང་དང་། །གདུང་བའི་དབྱངས་ཀྱིས་ཐུགས་དམ༴ དམ་ཚིག་གཉན་པོ་བསྐུལ་བའི་ཕྱིར། །དམ་ཚིག་དྲིལ་བུས་ཐུགས༴ ཕྲིན་ལས་གཉན་པོ་བསྐུལ་བའི་ཕྱིར། །ཅང་ཏེའུ་སྒྲ་ཡིས༴ འཇིག་རྟེན་དབང་དུ་སྡུད་པའི་ཕྱིར། །གསང་བའི་རྔེའུ་ཆུང་༴ །ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར། །ཕྱག་རྒྱ་སྔགས་དང་ཏིང་འཛིན་དང་། །སྙིང་པོ་འཛབ་ཀྱི་བཟླས་པ་ཡིས། །


KMC010_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བྷྱོ། གཞན་ཡང་ཐུགས་དམ་བསྐང་བ་ནི། །ཤ་ཁྲག་དམར་གྱི་གཏོར་མ་འདིས། །འགུགས་བྱེད་མ་དང་གསོད་བྱེད་མ། །ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ཕྲིན་ལས་རྣམ་བཞི་སྒྲུབ་བྱེད་པའི། །མཁའ་འགྲོ་བཞི་ཡི༴ དགྲ་བགེགས་མ་ལུས་སྒྲོལ་བྱེད་པའི། །གདོང་ཅན་བརྒྱད་ཀྱི་ཐུགས་དམ་བསྐང་། །ཉམས་པའི་ཤ་ཁྲག་ཟ་བྱེད་པའི། །སྒོ་མ་བཞི་ཡི༴ དྲག་པོའི་ལས་ལ་འགྱེད་པའི་ཕྱིར། །ནག་མོ་འབུམ་སྡེའི༴ གཞན་ཡང་སྤྲུལ་པའི་ལས་མཁན་ནི། །དཀར་མོ་སེར་མོ་དམར་མོ་དང་། །ལྗང་ནག་ལ་སོགས་འབུམ་སྡེའི་ཚོགས། །བསྐང་ངོ་ཁྱེད་ཀྱི༴ བདུད་ཀྱི་དམག་དཔུང་བཟློག་པའི་ཕྱི། །ཡང་སྤྲུལ་བྱེ་བའི༴ མཉེས་པའི་རྟེན་དང་མ་ཉམས་ཕུད། །ཚོགས་དང་མཆོད་གཏོར་རྒྱ་ཆེན་འདིས། །འདོད་ཁམས་མ་མོ་ཀུན་གྱི་གཙོ། །འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །དེ་ལྟར་ལྷ་མོ་འཁོར་བཅས་ཀྱི། །


KMC010_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་བའི་བྱིན་བརླབས་ཀྱིས། །རིག་འཛིན་རྣལ་འབྱོར་བདག་ཅག་ལ། །མཁའ་འགྲོའི་ཉམས་ཆགས་བྱུང་བས་སྐང་། །འཇིག་རྟེན་མཁའ་འགྲོའི་གནོད་པ་ཟློག །མ་མོའི་དལ་ཡམས་བྱུང་བ་ཟློག །གཤིན་རྗེའི་ཁྲམ་ཁ་བཏབ་པ་ཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །བནྡེའི་བྱད་ཁ་སླར་ལ་སྒྱུར། །སྡེ་བརྒྱད་གནོད་པ་ཐམས་ཅད་ཟློག །གཞན་གྱི་རྦད་འདྲེ་ཕུར་ཁ་སྒྱུར། །རྨིས་ལྟས་མཚན་མ་ངན་པ་ཟློག །ལོ་ཀེག་ཟླ་ཀེག་ཐམས་ཅད་སྒྱུར། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །ཐམས་ཅད་ཐལ་བ་རྡུལ་དུ་རློག །བདག་ཅག་རྣལ་འབྱོར་ཐམས་ཅད་ཀྱི། །དམ་ཚིག་ཉམས་པ་སྐོང་གྱུར་ཅིག །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཚེ་དང་དབང་ཕྱུག་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །


KMC010_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་དང་མཚན་དུ་བྱ་ར་མཛོད། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །མཐུ་སྟོབས་སྐྱེད་ལ་དཔུང་གཉེན་མཛོད། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཉིན་དང་མཚན་དུ་བྱ་ར་མཛོད། །གཞན་ཡང་ཡིད་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་སྒྲུབ་པར་མཛོད། །ཅེས་རྔོག་ཀུན་དགའ་རྒྱལ་མཚན་གྱི་མཛད་པའོ། །ཚར་གྲངས་ལྟ་བུར་ཉུང་ངུར་མོས་ན། བྷྱོ། །སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང་། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་སྲུང་བར་ཞལ་བཞེས་པའི། །ཁྲག་འཐུང་དུད་སོལ་ལྷ་མོའི་ཐུགས་དམ་བསྐང་། །མཐའ་བྲལ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །སྣ་ཚོགས་རྫུ་འཕྲུལ་མཐའ་ཡས་སྤྲུལ་པའི་སྐུ། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་འཁོར་དང་བཅས། །དགྱེས་རྒུའི་མཆོད་སྤྲིན་རྣམས་ཀྱིས་ཐུགས་དམ་བསྐང་། །དཔལ་ལྡན་ལྷ་མོ་རྒྱལ་བ་ཀུན་གྱི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་མའི་ངོ་བོ་ཉིད། །མཆོག་དང་


KMC010_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་དངོས་གྲུབ་སྟེར་མཛད་པ། །དམ་ཚིག་རྫས་མཆོག་རྣམས་ཀྱིས༴ ཉེར་སྤྱོད་འདོད་ཡོན་ཤ་ལྔ་བདུད་རྩི་ལྔ། །རྟག་གཏོར་རྟེན་གཏོར་རྒྱུན་ག ཏོར་ཤ་རུས་ཁྲག །བདུད་རྩི་སྨན་དང་རཀྟའི་རྒྱ་མཚོ་ཡིས། །འདོད་ཁམས་དབང་ཕྱུག་འཁོར་བཅས༴ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་། །ཕྱི་ནང་གསང་རྟེན་སྤྱི་དང་ཁྱད་པར་མཆོག །ཕྱག་རྒྱ་སྔགས་བཟླས་ཏིང་འཛིན་བྱེ་བྲག་དང་། །སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོས༴ ལྷ་མོ་འཁོར་བཅས་ཐུགས་དམ་བསྐངས་བའི་མཐུས། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་བྱང་བ་དང་། །འགལ་རྐྱེན་མི་མཐུན་གནོད་པའི་ཕྱོགས་རྣམས་ཞི། །ཡིད་ལ་འདོད་པའི་དོན་ཀུན་ཐོགས་མེད་འགྲུབ། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །མཆོག་ཐུན་དངོས་གྲུབ་སྒྲུབ་པའི་གྲོགས་མཛོད་ཅིག །བརྒྱད་པ་བཤགས་པ་ནི། ཧཱུྃ། འགྲོ་བའི་དོན་ཏུ་སྐུ་མཆོག་འཇིགས་པ་ནི། །མ་ལུས་ཁྱབ་པར་གསལ་


KMC010_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་པ་ཡིས། །ང་རྒྱལ་དྲེགས་པ་ཅན་རྣམས་འཇོམས་མཛད་པ། །ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འདའ་དཀའ་རྡོ་རྗེའི་དམ་ཚིག་གཏན་གྱི་གཉེར། །བསྲུང་བར་དམ་བཅས་སྐུ་ཡི་དམ་ཚིག་ལ། །སྐུ་ཡི་སྤྱོད་པ་ཚུལ་བཞིན་མ་རྟོགས་ཏེ། །ཁམས་གསུམ་ཁྱབ་པའི་སྐུ་ལ་བཟོད་པར་གསོལ། །རྣལ་འབྱོར་གདུང་སོབ་བདག་ཅག་འདིར་འདུས་རྣམས། །སྤྱི་དང་ཁྱད་པར་དམ་ཚིག་མི་གཏོང་ཡང་། །ཀློང་དུ་གྱུར་པའི་གོམས་ཤས་རྩལ་ཆུང་བ། །མ་གཅིག་ལྷ་མོའི་སྐུ་ལ་བཟོད་པར་གསོལ། །ཐུགས་རྗེས་ངེས་པར་གཟིགས་པའི་ལྷ་མོ་ལ། །དམ་རྫས་གཙང་མའི་མཆོད་པ་མ་བཤམས་ཏེ། །ཕོངས་སེམས་དབང་གིས་མཆོད་པའི་རྒྱུ་ཆུང་བ། །རྫོང་མོ་དཀའ་ཟློག་སྐུ་ལ༴ མ་གཅིག་སྐུ་མདོག་ཕྱག་མཚན་ཆ་ལུགས་ལ། །དོན་དང་མཐུན་པར་ཚུལ་བཞིན་མ་བྲིས་ཏེ། །འཕགས་མའི་ཐུགས་རྗེས་གསལ་བར་གྱུར་པ་རྣམས། །བདུད་ལས་རྒྱལ་བའི་སྐུ་ལ༴ བུ་


KMC010_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཚུལ་གྱིས་རྒྱུ་ཡི་དམ་ཚིག་ལ། །ལེ་ལོ་གཉིད་དབང་གཡེང་བྲེལ་གཏམ་ལ་སོགས། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །ཐུགས་རྗེ་ཆེན་པོས་ཚངས་པར་སྩལ་དུ་གསོལ། །ཅེས་དང་མན་ངག་གི་ཡི་གེ་བརྒྱ་པ་བརྗོད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་ལྔ། དང་པོ་བསྐུལ་ཅིང་ཕྲིན་ལས་བཅོལ་བ་ནི། བྷྱོ། སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །ཁྱོད་ཀྱིས་དེང་ནས་འཁོར་བ་ཇི་སྲིད་བར། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་སོགས། །ཞི་བར་བྱ་ཕྱིར་ཚེ་དང་བསོད་ནམས་སྤེལ། །ནག་པོའི་ཕྱོགས་ནི་དགུགས་ཅིང་དབང་དུ་སྡུད། །སྨྱོ་འབོག་བསད་པ་ལ་སོགས་ལས་འདི་དག །བསྟན་པ་བསྲུང་ཕྱིར་ལས་འདི་འགྲུབ་པར་མཛོད། །འདི་ལས་འགལ་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་བའི་རྡོ་རྗེའི་མགོ་འགེམས་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་ཁས་བླངས་ཤིང་། །དམ་བཅས་བཞིན་དུ་ཕྲིན་ལས་གྲུབ་པར་མཛོད། །རྣལ་འབྱོར་བདག་དང་


KMC010_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་འཁོར་རྣམས་ལ། །ཞལ་ནས་བདུད་རྩིའི་ཆར་གྱི་རྒྱུན་ཕོབ་ལ། །ནད་སོགས་སྡུག་བསྔལ་ཚོགས་རྣམས་ཞི་བར་མཛོད། །ཚེ་དང་དབང་ཐང་ལོངས་སྤྱོད་རྒྱས་པར་མཛོད། །ཟང་ཟིང་ལོ་ཐོག་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོ་ཕྱོགས་རྣམས་འཕེལ་བར་མཛོད། །གཞན་ཡང་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བླ་མ་སྨོད་ཅིང་དཀོན་མཆོག་དབུ་འཕང་སྨད། །བདག་གི་དགེ་བའི་བར་ཆད་བྱེད་པའི་དགྲ། །བསྟན་དང་འགྲོ་ལ་འཚེ་བའི་ལས་ངན་འདི། །ཁྱོད་ཀྱི་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་རྣམས་ཁོང་ནས་སློང་། །པགས་བཞི་ལྷུ་རྣམས་ས་ལ་རྡེབ་ཏུ་ཆུག །དོན་སྙིང་རྣམ་ལྔའི་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་བཅས་བྲང་ཆེན་བརྡུང་དུ་ཆུག །སྨྲེ་སྔགས་ཆོ་ངེ་གནམ་ལ་འབོད་དུ་ཆུག །འཆི་བའི་དུས་འདས་སྨྱོ་འབོགས་བསད་པར་མཛོད། །གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཕོབ། །བསྟན་པ་སྲུང་བའི་ལས་


KMC010_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གྲུབ་པར་མཛོད། །གཉིས་པ་འདོད་པའི་དོན་ལ་གསོལ་བ་འདེབས་པ་ནི། མཁའ་འགྲོ་མ་དུད་པའི་སོལ་བ་མ་འཁོར་དང་བཅས་པ་ཁྱོད་རྣམས་ཀྱིས། མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དམ་པ་དྲི་དམ་པ་རོ་དམ་པ་དང་ལྡན་པ་འདི་གསོལ་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ། མཁྲིས་པ་ལས་གྱུར་པ། བད་ཀན་ལས་གྱུར་པ། འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་པོ་ཐམས་ཅད་ཞི་ཞིང་བཟློག་པར་གྱུར་ཅིག །གདོན་གྱི་རིགས་སུ་གྱུར་པ། ལྷ་ཡི་གདོན། ཀླུའི་གདོན། གནོད་སྦྱིན་གྱི་གདོན་ལ་སོགས་པ། གདོན་བརྒྱད་ཁྲི་བཞི་སྟོང་གི་གནོད་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛོད་ཅིག །ཆགས་ཆེ་བ་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལྟས་ངན་པ། །བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛོད་ཅིག །གཞན་ཡང་རྣལ་འབྱོར་པ་བདག་ཅག་དང་ལུས་དང་


KMC010_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་མའི་ཚུལ་བཞིན་དུ་འགྲོགས་པར་མཛོད་ཅིག །སྔོན་ནས་སུས། ཕྱི་ནས་སྐྱོལ། བསམ་པ་ཐམས་ཅད་འགྲུབ་ཏུ་ཆུག །བསམ་པ་ཐམས་ཅད་མཐར་ཕྱིན་ཏུ་ཆུག་ཅིག །གསུམ་པ་བསྙེན་སྒྲུབ་སོགས་དམིགས་བསལ་ལ་མཆོད་བསྟོད་མདོར་བསྡུས་ཙམ་བྱ། གཏོར་ཆོག་ཙམ་ལ་མི་དགོས། ཡིག་བརྒྱ་བརྗོད་ལ། གང་ཡང་བདག་རྨོངས་བློ་ཡིས་ནི། །མ་ཚང་བ་དང་ཉམས་པ་དང་། །ཁྱོད་ཀྱི་དགོངས་པ་མ་འགྲུབ་པ། །མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །ཅེས་ནོངས་པ་བཤགས། བཞི་པ་གཤེགས་བསྡུ་ནི། བཛྲ་ལཱ་སྱ་རཱ་ག་ཡ་མི་ཧཱུྃ། ཞེས་དམ་ཚིག་གི་ལྷ་མོ་དང་ཡེ་ཤེས་པ་དབྱེར་མེད་པར་རྟེན་རྫས་དང་བྲིས་སྐུའི་ཐུགས་ཀར་བསྡུ་བའམ། གཏོར་མ་དེ་ཉིད་གཤེགས་པ་ཡིན་ན། བཛྲ་མུཿ ཞེས་སེ་གོལ་ལན་གསུམ་གཏོགས་པས་སྒྲུབ་པ་པོ་ཁྱོད་ཀྱིས་ཇི་ལྟར་བསྒོ་བ་བཞིན་བྱའོ། །ཞེས་དགྱེས་བཞིན་ཞལ་གྱིས་བཞེས་ཏེ་འཁོར་དང་བཅས་ཤོ་དིར་གྱིས་དགྱེས་པར་བསམ་མོ། །གཏོར་མ་དཔལ་འབར་བཙུགས་ལ་ས་གཙང་སར་བསྐྱལ་ལོ། །ལྔ་པ་བསྔོ་སྨོན་ཤིས་བརྗོད་ནི། སེམས་ཅན་ཐམས་ཅད་ནད་མེད་ཅིང་། སེམས་ཅན་ཐམས་ཅད་བདེ་


KMC010_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་བགྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བའི། །ལམ་དེ་ཉིད་ལ་གནས་པར་ཤོག །ཅེས་དང་སྨོན་ལམ་ཤིས་བརྗོད་སྤྱི་མཐུན་རྒྱས་བསྡུས་འཚམས་པར་བརྗོད། །སྙིང་པོའི་བསྟན་པ་རྒྱས་པ་དང་། །འཇིག་རྟེན་རྒུད་པ་ཞི་འདོད་རྣམས། །གོང་མའི་གསུང་བཟང་ལེགས་བཤད་ཀྱི། །ལང་ཚོས་སྤྲས་འདི་བསྟེན་པར་རིགས། །མཆོད་སྒྲུབ་ཕྲིན་ལས་རྒྱས་པས་བསྟན་སྲུང་ཆེས། །མ་ཡིས་བུ་བཞིན་གཟིགས་པ་མི་གཡེལ་བར། །ནག་པོའི་རྩ་ལག་མཐུ་སྟོབས་ཕྱིར་བསྙེལ་ནས། །སྒྲུབ་བརྒྱུད་བསྟན་པའི་དབུ་འཕང་དགུང་སྙེགས་ཤོག །ཅེས་འདོད་ཁམས་དབང་ཕྱུག་དུད་སོལ་མའི་ཕྲིན་ལས་འབྲིང་པོ་འདི་ཉིད་བསྙེན་སྒྲུབ་ལའང་འཇུག་པ་བདེ་བ་དང་། རྒྱུན་གྱི་གཏོར་ཆོག་ལའང་རྒྱས་བསྡུས་མཚམས་པར་མཐོང་ཞིང་། སྒྲུབ་བརྒྱུད་བསྟན་པའི་སྒྲོན་མེ་རྗེ་དབོན་བསམ་འཕེལ་མཆོག་གི་སྤྲུལ་སྐུའི་ཞལ་སྔ་ནས་གསུང་བསྐུལ་གནང་བ་ལྟར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་ཤྲཱི་དེ་བཱི་ཀོ་ཊའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། ༈ །།མཁོ་


KMC010_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཀུན་རིག་བརྒྱུད་འདེབས།


KMC010_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤཱཀྱ་མུ་ནཱ་ཡེ། འཁོར་བའི་མཚོ་ལ་ཐུགས་རྗེའི་ཕྱག་བརྐྱངས་ནས། །འགྲོ་བ་བདེ་བར་འདྲེན་པའི་ཕྲིན་ལས་ཕུལ། །ཐེག་མཆོག་སྔགས་ཀྱི་དེ་ཉིད་སྟོན་མཛད་པ། །ཐུབ་དབང་ཐམས་ཅད་རིག་དེར་གསོལ་བ་འདེབས། །གང་གིས་དངོས་སུ་རྗེས་བཟུང་ཛེ་ཏཱ་རི། །ལམ་སྲོལ་ཆེ་འཛིན་ཀུན་དགའ་སྙིང་པོ་དང་། །འགྲོ་ལ་གཅིག་ཏུ་ཕན་མཛད་རབ་འབྱོར་བསྐྱངས། །ན་ཡ་ཀ་ཤྲཱི་རྣམས་ལ་གསོལ༴ རྡོ་རྗེའི་གནས་བརྙེས་གཉིས་མེད་རྡོ་རྗེ་དང་། །གྲུབ་པའི་རྒྱལ་ཚབ་རྡོ་རྗེ་གདན་པའི་མཚན། །སྔགས་རིག་དབང་པོ་རྙོགས་པ་མེད་པའི་ལྷ། །ཉི་དབང་སྲུང་བ་རྣམས་ལ༴ ཆགས་ཀྱི་རིགས་འཁྲུངས་མཁས་པ་ཆོས་རྗེས་དཔལ། །སྐད་གཉིས་སྨྲ་བ་བསོད་ནམས་སེང་གེ་དང་། །འཇིག་རྟེན་མིག་གཅིག་མཆོག་ལྡན་ལེགས་པའི་བློ། །དཔལ་ལྡན་སེང་གེ་རྣམས་ལ༴ བསྟན་པའི་གསལ་བྱེད་བུ་སྟོན་རིན་ཆེན་གྲུབ། །སྨྲ་བའི་དབང་ཕྱུག་རིན་ཆེན་རྣམ་རྒྱལ་


KMC010_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡོན་ཏན་རྒྱ་མཚོ་སྤེལ་བྱེད་ཟླ་བའི་ཞབས། །མཐོང་བ་དོན་ལྡན་རྣམས་ལ༴ གྲུབ་རིགས་འཁོར་ལོས་སྒྱུར་བ་འཇམ་དཔལ་བཟང་། །རྒྱལ་ཀུན་རང་གཟུགས་ཆོས་གྲགས་རྒྱ་མཚོའི་ཞབས། །བཀྲ་ཤིས་དཔལ་འབྱོར་མཚན་ཅན་སི་ཏུ་པ། །ཕྲིན་ལས་དབང་པོ་རྣམས་ལ༴ འཇིགས་མེད་མི་བསྐྱོད་རྡོ་རྗེ་དགའ་བའི་དབྱངས། །ཐུགས་རྗེའི་འོད་སྣང་དཔག་མེད་དཀོན་མཆོག་འབངས། །གདུལ་དཀའ་འདུལ་མཛད་དབང་ཕྱུག་རྡོ་རྗེ་དང་། །ཆོས་ཀྱི་དབང་ཕྱུག་རྣམས་ལ༴ བརྟུལ་ཞུགས་མཆོག་འཛིན་ཀརྨ་ཉི་མ་དང་། །སྙིང་པོའི་དོན་གཟིགས་ཀརྨ་ཕྲིན་ལས་པ། །མཁྱེན་པའི་གཏེར་གྱུར་དོན་ཡོད་སྙིང་པོ་སྟེ། །བརྒྱུད་པའི་བླ་མ་རྣམས་ལ༴ སྲས་བཅས་རྒྱལ་བའི་མི་ཟད་རྒྱན་འཁོར་ལྔ། །གཅིག་གྱུར་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་གཙོ། །རྡོ་རྗེ་སློབ་དཔོན་ཟོལ་གྱིས་རྣམ་རོལ་པ། །ཆོས་ཀྱི་དོན་གྲུབ་ཞབས་ལ༴ འཇམ་མགོན་ཆོས་རྗེ་བསྟན་པའི་


KMC010_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་བྱེད་དང་། །གངས་ཅན་མགོན་པོ་བདུད་ལས་རྣམ་པར་རྒྱལ། །པདྨ་ཉིན་བྱེད་ཐེག་མཆོག་རྡོ་རྗེ་དང་། །བློ་གྲོས་མཐའ་ཡས་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་དང་མར་གྱུར་མཐའ་ཀླས་འགྲོ་བ་རྣམས། །ཉེས་མང་འཛིན་འཁྲིས་གཏམས་པའི་འཁོར་མཚོ་ལས། །མྱུར་དུ་བརྒལ་ཏེ་ཐར་མཆོག་གནས་ཐོབ་ཤོག ། ཁྱད་པར་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །བཅོམ་ལྡན་ཐམས་ཅད་རིག་པས་རྗེས་བཟུང་སྟེ། །ནམ་ཡང་ལོག་པའི་གནས་སུ་མི་ལྟུང་བར། །ཐེག་པ་མཆོག་གི་སྐལ་བ་དགེ་གྱུར་ཅིག །ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་གོམས་པའི་མཐུས། །ཀུན་འབྱུང་འབྲས་བཅས་རྨེངས་མེད་སྦྱངས་བྱས་ཏེ། །སྒྲིབ་བྲལ་གཉུག་མའི་དཀྱིལ་འཁོར་མངོན་གྱུར་ནས། །རྣམ་པར་སྣང་མཛད་གོ་འཕང་མྱུར་ཐོབ་ཤོག །ཅེས་མཁྱེན་དཔྱོད་ཀྱི་ནོར་ཅན་གནས་སྒོ་བ་ཀརྨ་ཆོས་རྒྱལ་གྱིས་བཞེད་པ་བཞིན་སི་ཏུའི་མིང་ཅན་གྱིས་བྲིས་པའི།། །།

ཀུན་རིག་གི་ཆོ་ག་ནག་འགྲོས་སུ་བཀོད་པ་རྣམ་གྲོལ་སྒོ་ཆེན།


KMC010_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་གི་ཆོ་ག་ནག་འགྲོས་སུ་བཀོད་པ་རྣམ་གྲོལ་སྒོ་ཆེན་ཅེས་བྱ་བ་བཞུགས་སོ། །


KMC010_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། རྒྱལ་བ་ཐམས་ཅད་ཀྱི་ཁྱབ་བདག་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི་རིང་ལུགས་སྒྲུབ་བརྒྱུད་ཀརྨ་བཀའ་བརྒྱུད་མཆོག་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་མཆོག་གི་ལམ་གྱི་རིམ་པ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་མངོན་རྟོགས་ཀྱིས། །མངོན་པར་རྫོགས་སངས་རྒྱས་པའི་བཅོམ་ལྡན་འདས། །ངན་སོང་ཡོངས་སུ་སྦྱོང་དེར་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་སློབ་མ་རྗེས་འཛིན་ཚུལ། །བདག་གི་འདྲེན་མཆོག་རྒྱལ་བ་ཀརྨ་པ། །རང་བྱུང་མཚོ་སྐྱེས་རྡོ་རྗེས་མཛད་པ་ལས། །ཉུང་ངུར་བསྡུས་ཏེ་གཞན་གྱི་དོན་ཕྱིར་བརྗོད། །འདིར་བཅོམ་ལྡན་འདས་ཀུན་རིག་གི་དབང་བསྐུར་ཐོབ་ནས་རང་གཞན་གྱི་དོན་སྒྲུབ་པར་འདོད་


KMC010_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ། གནོད་སྦྱིན་བཟླས་པའི་ཆུས་ཁང་པ་དང་ཡོ་བྱད་རྣམས་བསངས། གནས་མཛེས་པར་བརྒྱན། དཀོན་མཆོག་གི་རྟེན་དང་མཆོད་རྫས་ཅི་འབྱོར་བ་ཡང་བཤམས། ཕྱག་རྒྱའི་སྐབས་སུ་མཐེ་བོང་སོགས་སོར་མོ་ལྔ་ལ་ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཞེས་པའི་མིང་འདོགས་ངེས་པར་བྱ། དེ་ནས། ས་མ་ཡ་སྟྭཾ། ཞེས་གདན་ལ་འདུག །སྔོན་འགྲོ་གཏོར་མ་བྱེད་པར་སྤྲོ་ན། བཟའ་བཅའ་སྣ་ཚོགས་པའི་གཏོར་མ་བཤམས། ཆུས་སྤྲན་ཏེ། རྡོ་རྗེ་ཁུ་ཚུར་ཨཿགཉིས་བརྐྱང་སྟེ་ཅུང་ཟད་བཀུག་པ་རྡོ་རྗེ་གནོད་སྦྱིན་གྱི་ལས་རྒྱས། ༀ་བཛྲ་ཡཀྵ་ཧཱུྃ། གཅིག་གམ་གསུམ། ནང་བསྡམས་ཁ་གྱེན་དུ་ཕྱེ་ལ་ༀ་གཉིས་རྩེ་སྤྲད་དེ་གུང་སྲིན་བར་དུ་བསྒྲེང་བ་མེའི་ཕྱག་


KMC010_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། གཅིག་གམ་གསུམ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ ཧཾ། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་སྐྱེད་པར་གྱུར། བསྡམས་པ་བསྐོར་ཞིང་འདེབས་ཚུལ་རལ་བྲིའི་རྒྱས། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྭནྣ་ཏྭཱ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། གསུམ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱོད་ལ་གསོལ་འདེབས་ཀྱི། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ༀ་སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧི། པདྨ་ཀཱ་མ་


KMC010_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡ་སྟྭཾ། ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། ༀ་དེ་བ་ནཱ་ག །ཡཀྵ། གནྡྷཪྦ། ཨ་སུ་ར། ག་རུ་ཌ། ཀིཾ་ན་ར། མ་ཧོ་ར་ག །མ་ནུ་ཥྱ། ཨ་མ་ནུ་ཥྱ། ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བལྱཱ་དི་སྭཱ་ཧཱ། གསུམ་མམ་བདུན་དང་སེ་གོལ་གཏོགས། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་ལ་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་གནས་རྣམས་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་


KMC010_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོ་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོའི་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །མཆོད་པ་བྱིན་རླབས་ནི། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་སོགས། ༀ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་ཡིག་དཔག་ཏུ་མེད་


KMC010_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ལས་ཀྱང་ཆེས་ཆེར་ལྷག་པ་རབ་འབྱམས་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འགེངས་ཤིང་། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་རྒྱུན་མི་འཆད་པར་འབྱུང་བ་འཕགས་པ་རྣམས་མཉེས་པར་བྱེད་པའི་རང་བཞིན་ཅན་དུ་གྱུར། །ཐལ་མོ་ཁོང་སྟོང་སྦྱར་བ་ནམ་མཁའ་མཛོད་ཀྱི་རྒྱས། ༀ་སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སཱུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། ༀ་སརྦ་བིད་ཨཱརྒྷཾ་ཨཱཿཧཱུྃ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། བཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། སྐྱབས་སེམས་ནི། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་


KMC010_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་ཉམས་སུ་བླང་བར་བྱའོ། །ལྕེ་ལག་བྱིན་རླབས་ནི། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་མདུན་གྱི་


KMC010_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་པཾ་ལས་ལྕེ་པདྨ་འདབ་མ་གཅིག་པའི་སྟེང་དུ། ཨ་ལས་ཟླ་བའི་དབུས་སུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་དེ་ལྕེ་ལ་ཐིམ་པས་ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར། ༀ་བཛྲ་ཛི་ཧྭཱ། ལག་གཉིས་བཀན་ལ། ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ། ཧཱུྃ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་རེ། དེ་ཞུ་བ་ལག་པ་ལ་ཐིམ་པས་ལག་པ་གཉིས་རྡོ་རྗེའི་རང་བཞིན། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་གྱུར། སྲུང་འཁོར་ནི། བདག་ཉིད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སྐུ་མདོག་སྔོན་པོ་དབུ་དང་ཕྱག་མཐའ་ཡས་པ། སྦྲུལ་དང་མི་སྡུག་པའི་རྒྱན་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རྩ་བའི་ཕྱག་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་རྣམས་མཚོན་ཆ་སྣ་ཚོགས། གཡོན་རྣམས་མགོ་ཐོད་ཤས་གང་བ་བསྣམས་པས་མ་རུངས་པའི་རྒྱུ་མ་དྲངས་ཏེ་གསོལ་བ། གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་


KMC010_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་གྱུར། རྡོ་རྗེ་ནང་བསྡམས་ཀྱི་ༀ་གཉིས་གཤིབས་ཏེ། སྙིང་། དཔྲལ། ལྐོག་མ། སྤྱི་བོ་རྣམས་སུ་རེག་ནས། ༀ་གྲྀཧྞ་བཛྲ་ས་མ་ཡ་ཧཱུྃ་བཾ། བཞི། རིགས་ལྔའི་དམ་རྒྱ་མགོ་བོའི་གནས་ལྔར་བཞག །ༀ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ཞེས་ལྔ་བརྗོད། སྙིང་མགྲིན་ལྟག །སྙིང་ནུ་བར་སྙིང་། མགྲིན་དཔྲལ་རྒྱབ་རྣམས་སུ་ཁུ་ཚུར་གཉིས་སྟེང་འོག་བརྗེ་བ་མདུད་པ་འཆིང་ཚུལ་གྱིས། ༀ་ཊུཾ། དགུ། དཔྲལ་བར་ཐལ་མོ་རྩེ་སྤྲད་པ་གཤམས་བརྡབས་ཏེ་པུས་མོའི་བར་དུ་གཞོལ་བས། ༀ་བཛྲ་ཏུ་ཥྱ་ཧོཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཧཱུྃ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོའི་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་


KMC010_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །པདྨའི་རྒྱས། ༀ་པདྨ་ཀ་མ་ལཱ་ཡ་སྟྭཾ། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ། པུཥྤེ་སོགས། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ༴ ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག༴ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟང་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་


KMC010_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་ལ༴ གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ༴ ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་སྒྲུབ། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཨཿགཉིས་མདུད། ཧཱུྃ་གཉིས་བསྒྲིང་སྟེ་ཅུང་ཟད་བཀུག་པ་ཧཱུྃ་མཛད་ཀྱི་རྒྱས། ༀ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ་


KMC010_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲཱ་ཎཱ་ན་ཧཱུྃ་ཕཊ། ཨ་དྷི་ཏིཥྛ་སྭ་མཾ། ཞེས་ལན་གསུམ་གྱིས་བདག་བསྲུང་། གསུམ་གྱིས་གནས་བསྲུང་། གསུམ་གྱིས་རྣལ་འབྱོར་བསྲུང་ངོ་། །ཚོགས་རྟེན་སྤྲུལ་པ་ནི། རང་ཉིད་རྡོ་རྗེ་རྒྱུར་གྱུར། དེའི་ཕྱག་རྒྱ་ཁུ་ཚུར་གཉིས་ཀྱི་ཧཱུྃ་ཨཿམདུད་དེ་བཀན་ནས་སྙིང་གར་གཡས་སུ་བསྐོར་ལ། ༀ་སརྦ་བིད་མཎྜལ་བཛྲ་ཙཀྲ་ཧཱུྃ། སྲུང་འཁོར་གྱི་ནང་། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་གསལ་བར་གྱུར། ཕྱག་རྒྱ་དེ་ཁར་བཞག་ལ། སྔགས་དེ་བརྒྱ་རྩ་བརྒྱད་བཟླ། བསོད་ནམས་ཀྱི་ཚོགས་བསག་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡ་ནཾ་ཀ་རོ་མི། ཞེས་ཕྱག་འཚལ། པུས་བཙུགས་ཐལ་མོ་སྦྱར་ནས། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །


KMC010_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་བ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་དག་ཐུགས་རྗེ་ལྡན་པ་ཡི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་རྟོགས་ཀྱིས་དགྲ་ལས་རྒྱལ་གྱུར་


KMC010_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་


KMC010_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་


KMC010_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་འགོད། །དེ་ནས་ལྷ་ཀླུ་ལ་སོགས་པའི་འགྲོ་བ་རྣམས་གློ་བུར་དུ་ལྷགས་ནས་མཆོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་སོགས་ནས། ཤབྡའི་བར་དང་། མཆོད་པ་རྒྱས་བསྡུས་གང་རུང་ཞིག་འབུལ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་སྦྱངས་ནས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །ཞེས་བརྗོད་དེ་མི་སྣང་བར་གྱུར་ཏོ། །ཡེ་ཤེས་ཀྱི་ཚོགས་བསགས་པ་གཟུགས་བརྙན་སྦྱོར་བ་ནི།


KMC010_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཉིས་བཀན་ལ། ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། གཡས་སུ་ཧཱུྃ་སྔོན་པོ། གཡོན་དུ་ཨ་དཀར་པོ་གཉིས་ཀྱི་མཐའ་བསྐོར་དུ། དབྱངས་ཡིག་བཅུ་དྲུག་འོད་ཟེར་འབར་བ་ཀུན་ཏུ་གང་ཞིང་འཕྲོ་བར་གྱུར། གཡས་གཡོན་གྱི་མཐེ་བོང་གཉིས་ལ་ༀ་དཀར་པོ། མཛུབ་མོ་གཉིས་ལ་ཧཱུྃ་སྔོན་པོ། གུང་མོ་གཉིས་ལ་ཏྲཱཾ་སེར་པོ། སྲིན་ལག་གཉིས་ལ་ཧྲཱིཿདམར་པོ། མཐེའུ་ཆུང་གཉིས་ལ་ཨཱཿལྗང་གུ་ལས། གཡས་རྣམས་རྣམ་སྣང་། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་ཡོད་གྲུབ་པ། གཡོན་རྣམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། རྡོ་རྗེ་ཐུགས་མ། རྡོ་རྗེ་དབང་བསྐུར་མ། རྡོ་རྗེ་མཚོན་ཆ་མ། རྡོ་རྗེ་ཀུན་མ། ཡབ་ཡུམ་ཕན་ཚུན་ཐབས་ཤེས་ཞལ་མངོན་པར་ཕྱོགས་པས་རེག །མཉམ་པའི་ཐལ་མོས། ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿ སརྦ་དྷརྨཱ ཿ རྡོ་རྗེ་ཐལ་མོས། པ་ར་སྤ་ར་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱ་བཛྲ་ཨཱཉྫ་ལི། ལྷ་ཕན་ཚུན་རོ་གཅིག་པར་གྱུར། རྡོ་རྗེ་


KMC010_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་པས། ཨཱ་དྱནྟཱ་ཨ་ནུ་པྲ་བིཥྚཿ སརྦ་དྷརྨཱཿ བཛྲ་བནྡྷ། བསྡམས་པ་སྙིང་གར་སྒྲ་དང་བཅས་པ་ལན་གསུམ་དྲལ་བས། བཛྲ་བནྡྷ་ཏྲཊ། གསུམ། བསྡམས་པ་ལས་ཨཿགཉིས་ནང་དུ་བཅུག་པ་འབེབས་པའི་རྒྱས། ༀ་བཛྲ་ཨཱ་བེ་ཤ་ཡ་ཨཿ ཨཿཉེར་གཅིག་བརྗོད། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དང་པོའི་རྡོ་རྗེ་དམར་པོ་འོད་འབར་བ་བདག་གི་སྙིང་གར་ཞུགས། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤཱ་ཤྭ་དྱོ་མེ་བྷ་ཝ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ ལན་གསུམ། རྡོ་རྗེ་ཁུ་ཚུར་གྱི་དམ་རྒྱས། བཛྲ་མུཥྚི། ༀ་བཛྲ་མུཥྚི་བཾ། ཏིང་ངེ་འཛིན་གསུམ་ལས་དང་པོའི་སྦྱོར་བ་ནི། སྐད་ཅིག་གིས་བདག་ཉིད་བཅོམ་ལྡན་འདས་ཀུན་རིག་ཏུ་གསལ་བར་གྱུར། ཕྱག་འཚལ་བའི་ཐལ་མོ་དཔྲལ་བར་སྦྱར་ནས། ༀ་བྲྀ་ཏ་བྲྀ་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། པདྨའི་ཕྱག་རྒྱ་མགྲིན་པར་སྦྱར་ནས། ༀ་ཏྲཊ་ཏྲཊ་སོགས། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ་ཏྲཱཾ་གཉིས་གཤིབས་ཏེ། ༀ་ཚིནྡ་ཚིནྡ་སོགས། རིགས་ལྔའི་དམ་རྒྱ་སྤྱི་བོ་སོགས་ལྔར་བཞག །ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ་ཧཱུྃ། རཏྣ་ཏྲཱཾ། པདྨ་


KMC010_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ ཀརྨ་ཨཱཿ རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡཱརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་རྩ་བའི་རིག་པ་ཡོངས་སུ་གྱུར་པ་ལས་ཀུན་རིག་གི་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ཐམས་ཅད་ཡོངས་སུ་གསལ་བར་གྱུར། སྒོ་བ་བཞིའི་སྔགས་རྒྱས། ༀ་བཛྲ་ཨངྐུ་ཤ་ཛཿ པཱ་ཤ་ཧཱུྃ། སྥོ་ཊ་བཾ། ཨཱ་བེ་ཤ་ཡ་ཧོཿ ནམ་མཁའི་དཀྱིལ་འཁོར་དང་སྙིང་གའི་དཀྱིལ་འཁོར་གཅིག་ཏུ་གྱུར་པའི་གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལ་རྩ་རིག་གིས་བསྐོར་བའི་ཡི་གེ་རེ་རེ་ལས་འོད་ཟེར་རིམ་པ་ལྔ་ལྔ་མཛོད་སྤུའི་སྒོ་ནས་ཐོན་ཏེ་ཁམས་གསུམ་གྱི་འགྲོ་བ་དང་ཁྱད་པར་ངན་སོང་གི་འགྲོ་བ་སྣང་བར་བྱས། ཁུ་ཚུར་གཉིས་ཀྱི་ཧཱུྃ་གཉིས་བཅིངས་ནས་གྱེན་དུ་དགྲོལ་བ་ལྟུང་བ་སློང་བའི་ཕྱག་རྒྱས། ༀ་ཤོ་དྷ་ནེ་ཤོདྷ་ནེ་སརྦ་ཨ་པཱ་ཡ་ཨ་


KMC010_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ཡ་ཧཱུྃ། ངན་འགྲོ་དང་ཁྱད་པར་ཚེ་འདས་བཀུག་སྟེ་དཀྱིལ་འཁོར་གྱི་ཁྱམས་ལ་བཞག་ནས་སྐྱབས་སུ་འགྲོ་བར་བྱེད། བསྡམས་པ་ལས་ༀ་ཏྲཱཾ་ཨཱཿ གསུམ་བརྐྱང་སྟེ་སྦྱར་ནས་ཕན་ཚུན་འདྲུད་པ་སྡིག་པ་འཇོམས་པའི་རྒྱས། ༀ་སརྦ་བིད་སརྦ་པཱ་པཾ་བི་ཤོདྷ་ནེ་ཧཱུྃ། རྒྱ་དེ་ལན་གསུམ་དྲལ་བས། ༀ་སརྦ་བིད་ཏྲཊ། དེ་དག་ཁམས་གསུམ་གྱི་སྡུག་བསྔལ་ལས་གྲོལ་ནས། ཤར་ཕྱོགས་པ་རྣམས་སྦྱོང་བའི་རྒྱལ་པོ། ལྷོ་ཕྱོགས་པ་རྣམས་རྒྱལ་མཆོག་རིན་ཆེན། ནུབ་ཕྱོགས་པ་རྣམས་ཤཱཀྱ་རིགས་དབང་། བྱང་ཕྱོགས་པ་རྣམས་མེ་ཏོག་ཆེར་རྒྱས་དང་མཐུན་པའི་ལྷའི་སྐུར་གྱུར། ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ་སོགས་ཀྱིས་དབང་བསྐུར་བས། དེ་དག་བྱང་ཆུབ་སེམས་དཔའ་ཀུན་དང་སྐལ་བ་མཉམ་པར་མཐོང་ནས་དྲིན་ལན་གྱི་ཚུལ་དུ་མཆོད་ཅིང་བསྟོད་པ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། གར་པད། ༀ་བཛྲ་སཏྭ་སུ་སཾ་གྲ་ཧཱཾ། སྒེག་པ་མོའི་ཕྱག་ཆེན། ༀ་བཛྲ་ལཱ་སྱེ་ཧཱུྃ། གཡོན་དུ་སེ་གོལ་གཏོགས། དེ་བཞིན་དུ། རྡོ་རྗེ་


KMC010_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་བླ་ན་མེད། །ༀ་བཛྲ་རཏྣ་མ་ནུདྟ་རཾ། ༀ་བཛྲ་མཱ་ལེ་ཏྲཱཾ། རྡོ་རྗེ་ཆོས་ཀྱིས་གླུ་བླངས་པས། །ༀ་བཛྲ་དྷརྨཱ་གཱ་ཡ་ནི། ༀ་བཛྲ་གཱིརྟི་ཧྲཱིཿ རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ༀ་བཛྲ་ཀརྨ་ཀ་རོཏྦྷ་ཝེ། ༀ་བཛྲ་ནྲྀ་ཏྱ་ཨཱཿ རྡོ་རྗེ་སེམས་དཔའ་སོགས་སྦྱར་བས། ༀ་བཛྲ་དྷཱུ་པེ་ཧཱུྃ། པུཥྤེ་ཏྲཱཾ། ཨ་ལོ་ཀེ་ཧྲཱིཿ གནྡྷེ་ཨཿ བསྟོད་པ་ནི། ཆོས་སྐུ་ནམ་མཁའ་སོགས། མཐར། ཐུགས་ཀའི་དཀྱིལ་འཁོར་གཞི་ལུས་ལ་ཐིམ་པར་གྱུར། དཀྱིལ་འཁོར་རྒྱལ་མཆོག་ནི། ཀུན་རིག་ཕྱག་ཆེན་གྱིས་ཨ་ཀཱ་རོ་བརྗོད། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་རཾ་བཾ་ལཾ་སུཾ་ལས་རླུང་མེ་ཆུ་ས་རི་རབ་རྣམས་རིམ་བརྩེགས་ཀྱི་སྟེང་དུ། རྡོར་བསྡམས་བརྐྱང་པ་ཁ་སྦུབས་ལ་བཞག །ༀ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་བནྡྷ་རཀྵ་སརྦཱཾ་སྭཱ་ཧཱ། སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་ཕྱི་ནང་གཉིས་ནི་གྲུ་བཞི་སྒོ་བཞི། དཀར་སྔོ་དམར་ལྗང་སེར་བའི་རྩིག་པ་རིམ་པ་ལྔ་ལྔ་དང་


KMC010_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱིས་བཏེག་པའི་རིན་པོ་ཆེའི་དྲ་བ་དྲ་ཕྱེད་འཕྱང་བ་ལ་ཤར་བུ་དང་མདའ་ཡབ་ཀྱིས་མཛེས་པ། སྒོ་བཞི་སོ་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཅུ་གཅིག་བཅུ་གཅིག་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་འཁོར་དང་། གདུགས་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ། རྟ་བབས་ཀྱི་སྣམ་བུ་སོ་སོ་དང་། གཞལ་ཡས་ཁང་གི་ལོགས་དང་། ཟུར་རྣམས་སུ་གདུགས་དང་། རྒྱལ་མཚན་དང་། འཕན་དང་། གོས་དང་། མེ་ཏོག་གི་ཕྲེང་བ་དང་། ཟླ་བ་རླུང་གིས་བསྐྱོད་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་ཅིང་འཇིག་རྟེན་པའི་ཁོར་ཡུག་དང་རྡོ་ར་འོད་ཟེར་གྱི་ཕྲེང་བ་དང་བཅས་པས་བསྐོར་བའི་རྩ་བའི་དཀྱིལ་འཁོར་གྱི་ལྟེ་བ་ལེའུ་ཚེ་དགུ་པའི་ཕྱོགས་བཞི་ནས་རྡོ་རྗེ་རིན་པོ་ཆེ་པདྨ་སྣ་ཚོགས་རྡོ་རྗེས་མཚན་པའི་


KMC010_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་ཟླུམ། དེའི་སྟེང་དུ་གདུང་བཞི་མིག་མང་རིས་སུ་བྲེས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་ནོར་བུའི་ཏོག་གིས་སྤྲས་པ། ཕྱི་ནང་གཉིས་ཀའི་སྟེང་འོག་ཐམས་ཅད་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བའི་དབུས་སུ་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པའི་ལྟེ་བར་རེའུ་མིག་དགུ་པའི་དབུས་སུ་སིཾ་ལས་སེང་གེ། ཤར་དུ་གཾ་ལས་གླང་ཆེན། ལྷོར་བཾ་ལས་རྟ་མཆོག །ནུབ་ཏུ་མཾ་ལས་རྨ་བྱ། བྱང་དུ་གཾ་ལས་མཁའ་ལྡིང་གི་ཁྲི། ལྷ་ཐམས་ཅད་ཀྱི་གནས་སུ་ཧྲཱིཿལས་སྣ་ཚོགས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར། གདན་དབུས་མའི་སྟེང་དུ་ཨཱ་ལི་གཡོན་བསྐོར་ཞུ་བ་ལས་ཤེས་རབ་ཀྱི་ཟླ་བའི་སྟེང་དུ་ཀཱ་ལི་གཡས་བསྐོར་ཞུ་བ་ལས་ཐབས་ཀྱི་ཟླ་བ། དེ་གཉིས་ཀྱང་འོད་དུ་ཞུ་བ་ལས་ༀ་ཤོ་དྷ་ནེ་སོགས། ཡིག་འབྲུ་དེ་རྣམས་ལས་འོད་ཟེར་འཕྲོས། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་


KMC010_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་མཛད། འོད་ཟེར་ཚུར་འདུས་ཡིག་འབྲུ་ལ་ཐིམ། ཡོངས་སུ་གྱུར་པ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ། དེ་ལས་རང་ཉིད་བཅོམ་ལྡན་འདས་ཀུན་རིག་དུང་དང་ཀུནྡ་ཟླ་བའི་མདོག་ཅན་ཞལ་བཞི་དཀར་བ་ཞི་བས་གཟིགས་པ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྣམས་ཤིང་དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེའི་རྒྱན་དང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཉི་མའི་རྒྱབ་ཡོལ་མངའ་བར་གྱུར། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྩ་རིག་གི་དབུས་སུ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ལས་འོད་འཕྲོས། འགྲོ་དོན་བྱས། འདུས་པ་ལས་སྦྱོང་བའི་རྒྱལ་པོ་དཀར་དམར་ས་གནོན་མཉམ་གཞག་མཛད་པ། རྒྱལ་མཆོག་རིན་ཆེན་སྔོན་པོ་མཆོག་སྦྱིན་མཉམ་གཞག་མཛད་པ། ཤཱཀྱ་རིགས་དབང་དམར་སེར་མཉམ་གཞག་མཛད་པ། མེ་ཏོག་ཆེར་


KMC010_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལྗང་གུ་སྐྱབས་སྦྱིན་མཉམ་གཞག་མཛད་པ་སྟེ། དེ་བཞིན་གཤེགས་པ་བཞི་ཞི་བའི་གཟིགས་སྟངས་ཅན་དར་དང་རིན་པོ་ཆེས་བརྒྱན་པ་ༀ་ཤོ་དྷ་ནེ་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧཱུྃ། དེ་བཞིན་དུ། ཏྲཱཾ་ཧྲཱིཿཨཱཿ ཐུགས་ཀ་ནས་ཕྱུང་། ཤར་ལ་སོགས་པའི་ཕྱོགས་བཞིར་ཉི་མའི་རྒྱབ་ཡོལ་ལ་བརྟེན་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་འཁོད། དེ་བཞིན་དུ། ཐུགས་ཀའི་ཧཱུྃ་ཏྲཱཾ་ཧྲཱིཿཨཿརྣམས་ལས་འོད་འཕྲོས། འདུས་པ་ལས་སྤྱན་མ་དཀར་མོ་མཱ་མ་ཀཱི་སྔོན་མོ། གོས་དཀར་མོ་དམར་མོ། སྒྲོལ་མ་ལྗང་གུ་སྟེ་ཡུམ་བཞི་གཡས་འཁོར་ལོ་རྡོ་རྗེ་པདྨ་ཨུཏྤ་ལ་ཐུགས་ཀར་འཛིན་ཅིང་གཡོན་གདན་ལ་བརྟེན་པ་སྒེེག་ཅིང་ཆགས་པའི་ཉམས་ཅན་ནུ་འབུར་ཟུང་གིས་མཛེས་པ། ༀ་ཤོ་དྷ་ནི་ཧཱུྃ། དེ་བཞིན་དུ། ཏྲཱཾ་ཧྲཱིཿཨཱཿ ཐུགས་ཀ་ནས་ཕྱུང་། མེ་ལ་སོགས་པའི་མཚམས་བཞིར་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཐུགས་ཀའི་ཧཱུྃ་ཛཿཧོཿ དྷུ་ཏྲཱཾ་ཪྱཾ་བྷྲཱྀ་ཧཱ་ཧྲཱིཿདྷཱིཿཀྲུཾ་བྷཱ་ཀཾ་རཾ་ཀྵཾ་སཾ་རྣམས་ལས་འོད་འཕྲོས། འདུས་པ་ལས་


KMC010_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འགེངས་པ། རྡོ་རྗེ་ལེགས་པ་ལྗང་གུ་ཐུགས་ཀར་སེ་གོལ་གཏོགས་པ། རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ཅན་གཡས་ཉི་མ་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱལ་མཚན་སྔོན་པོ་གཡས་རྒྱལ་མཚན་ཕྲག་པར་འཕྱར་བ། རྡོ་རྗེ་བཞད་པ་དཀར་པོ་གཡས་སོའི་ཕྲེང་བ་ཁ་འགྲམ་གཡས་སུ་འཛིན་ཅིང་། དེ་གསུམ་གྱི་ཕྱག་གཡོན་གདན་ལ་བརྟེན་པ། རྡོ་རྗེ་ཆོས་དཀར་དམར་གཡོན་པདྨ་དཀུར་འཛིན་ཅིང་། གཡས་དེའི་ཁ་འབྱེད་པ། རྡོ་རྗེ་རྣོན་པོ་སྔོ་བསངས་གཡས་རལ་གྲི་ཕྱར་ཞིང་གཡོན་པོ་ཏི་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱུ་གསེར་མདོག་གཡས་ཀྱི་གུང་མོའི་རྩེར་འཁོར་ལོ་འཛིན་པ། རྡོ་རྗེ་སྨྲ་བ་


KMC010_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ཀྱི་མདོག་ཅན་གཡས་རྡོ་རྗེས་མཚན་པའི་ལྕེ་འཛིན་ཅིང་། དེ་གཉིས་ཀྱི་ཕྱག་གཡོན་གདན་ལ་བརྟེན་པ། རྡོ་རྗེ་ལས་སྣ་ཚོགས་མདོག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་སྲུང་བ་སེར་པོ་གོ་ཆ་བསྐོན་པའི་ཚུལ་དུ་འཛིན་པ། རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་ཕྱག་གཉིས་ཀྱིས་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ། རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་གཉིས་ཀྱིས་དཀུ་གཡོན་དུ་རྡོ་རྗེ་འཚིར་བ་སྟེ། སེམས་དཔའ་བཅུ་དྲུག ༀ་སརྦ་བིད་བཛྲ་སཏྭ་ཧཱུྃ། དེ་བཞིན་དུ། ཛཿཧོཿདྷུ་ཏྲཱཾ་ཪྱཾ་བྷྲཱྀ་ཧཱ་ཧྲཱིཿདྷཱི་ཀྲུཾ་བྷཱ་ཀཾ་རཾ་ཀྵཾ་སཾ། ཐུགས་ཀ་ནས་ཕྱུང་། འཁོར་ལོའི་རྩིབས་བཅུ་དྲུག་ལ་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། །ཐུགས་ཀའི་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཛཿཧཱུྃ་བཾ་ཧོཿརྣམས་ལས་འོད་འཕྲོས། འདུས་པ་ལས་སྒེག་མོ་དཀར་མོ་རྡོ་རྗེ་གཉིས་དཀུར་འཛིན་པ། ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། གླུ་མ་དཀར་


KMC010_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པི་ཝཾ་འཛིན་པ། གར་མ་སྣ་ཚོགས་མདོག་གར་མཛད་པ། བདུག་སྤོས་མ་དཀར་མོ་སྤོས་སྣོད་འཛིན་པ། མེ་ཏོག་མ་སེར་མོ་གཡོན་མེ་ཏོག་གི་སྣོད་འཛིན་ཅིང་གཡས་ཀྱིས་འཐོར་བ། མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱུག་པ་མ་སྣ་ཚོགས་མདོག་གཡོན་དྲིའི་སྣོད་འཛིན་ཅིང་གཡས་ཀྱིས་མཆོད་པ། རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ་སྟེ་སྒེག་སོགས་བརྒྱད་དང་སྒོ་བ་བཞི། ༀ་བཛྲ་ལཱ་སྱ་ཧཱུྃ། དེ་བཞིན་དུ། མཱ་ལ་ཏྲཱཾ། གཱི་ཏཱི་ཧྲཱིཿ ནྲྀ་ཏཱི་ཨཱཿ དྷཱུ་པེ་ཧཱུྃ། པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨཱཿ ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུྃ། སྥོ་ཊ་བཾ། ཨཱ་བེ་ཤ་ཡ་ཧོཿ ཐུགས་ཀ་ནས་ཕྱུང་། འཁོར་ལོའི་ཕྱིའི་གྲྭ་ཕྱི་ནང་དང་སྒོ་བཞིར་མེ་དང་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་


KMC010_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད། ཐུགས་ཀའི་ༀ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། སྔགས་ཕྲེང་དེ་ལས་འོད་འཕྲོས། འདུས་པ་ལས། བྱམས་པ། འཇམ་དཔལ། སྤོས་ཀྱི་གླང་པོ། ཡེ་ཤེས་ཏོག་བཞི་སྔོན་པོ་རྡོར་དྲིལ་འཛིན་པ། བཟང་སྐྱོང་། མཐོང་བ་དོན་ཡོད། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ་བཞི་སེར་པོ་རིན་ཆེན་དྲིལ་བུ་འཛིན་པ། མཐུ་ཆེན་ཐོབ། ངན་སོང་ཀུན་འདྲེན། མྱ་ངན་མུན་འཇོམས། དྲ་བ་ཅན་གྱི་འོད་བཞི་དམར་པོ་པདྨ་དྲིལ་བུ་འཛིན་པ། ཟླ་འོད། བདུད་རྩི་འོད། ནམ་མཁའ་མཛོད། ཀུན་ཏུ་བཟང་པོ་བཞི་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྟེ་སྐལ་བཟང་གི་སེམས་དཔའ་བཅུ་དྲུག །ༀ་སརྦ་སཾ་སྐཱ་རི་སོགས། ཐུགས་ཀ་ནས་ཕྱུང་། ཕྱིའི་དཀྱིལ་འཁོར་གྱི་ལྷ་སྣམ་དང་པོར་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཐུགས་ཀའི་ༀ་བོ་དྷི་སཏྭ་སརྦ་སཾ་སྐཱ་རི་པ་རི་


KMC010_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་ཧཱ། སྔགས་ཕྲེང་དེ་ལས་འོད་འཕྲོས་འདུས་པ་ལས། ངན་སོང་སྦྱོང་བ། མུན་པ་སེལ་བ། སྡུག་བསྔལ་འཇོམས་པ། སྲིད་མཚོ་སྒྲོལ་བ་བཞི་དཀར་པོ་རྡོ་རྗེ་དཀར་པོ་འཛིན་པ། རིན་ཆེན་མཛོད། དགེ་བའི་བློ་གྲོས། དོན་མཐུན་ཡིད་འོང་། དྲན་སྟོབས་མཆོག་བཞི་སྔོན་པོ་རིན་ཆེན་སྔོན་པོ་འཛིན་པ། དགེ་བའི་འབྱུང་གནས། ལེགས་པའི་ཏོག །ཐམས་ཅད་སྒྲོལ། བདེ་བའི་འབྱུང་གནས་བཞི་དམར་པོ་པདྨ་དམར་པོ་འཛིན་པ། བརྩོན་འགྲུས་མི་ལྡོག་པ། ཡོན་ཏན་མཛོད། ཐེ་ཚོམ་ཡིད་མྱུར། ང་རོ་སྙན་པ་བཞི་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པ་སྟེ་དཔེ་བྲལ་གྱི་སེམས་དཔའ་བཅུ་དྲུག །ༀ་བོ་དྷི་སོགས། ཐུགས་ཀ་ནས་ཕྱུང་། ལྷ་སྣམ་གཉིས་པར་ཤར་ནས་གཡས་སྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད་པར་གྱུར། ལྷ་སྣམ་གསུམ་པར་ༀ་སརྦ་མུ་ནི་བྷྱཿཔ་རི་ཤུདྡྷེ་ག་ན་ས་མཱ་ནཱཾ་སྭཱ་ཧཱ། བཅུ་དྲུག་ལས། ཤར་ནས་གཡས་


KMC010_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་དུ་དགའ་བོ། སྒྲ་གཅན་འཛིན། ཤཱ་རིའི་བུ། མཽངྒལ། རབ་འབྱོར་འཆར་ཀ །མ་འགགས་པ། ཀཽཎྜི་ནྱ། ཉེ་བ་འཁོར། རྟ་ཐུལ། བ་ལང་བདག །ཀུན་དགའ་བོ། མིར་ཆེན། ནོར་འཛིན། གང་པོ། འོད་སྲུངས་ཏེ་ཉན་ཐོས་བཅུ་དྲུག་དང་ལྷ་སྣམ་བཞི་པའི་ཕྱོགས་མཚམས་རྣམས་སུ་ༀ་ན་མོ་བུདྡྷ་བྱ་ཝ་ལོ་ཀི་ཏེ་ཤུདྡྷེ་ག་ག་ན་ས་མ་ཡེ་སྭཱ་ཧཱ། བཅུ་གཉིས་ལས་ཤར་ནས་གཡས་སྐོར་དུ། གདུང་བ་སེལ་བ། སྣང་བ་བརྩེགས་པ། འཇིགས་པ་མེད་པ། དཔའ་བོ་འདུལ་བ། ཤེས་རབ་མགྱོགས་ཆེན། རི་བོའི་རྒྱལ། སྨྲ་བའི་སྒྲ་ཆེན། བསེ་རུ་ལྟ་བུ། དུག་ཆེན་འཇོམས། རྫུ་འཕྲུལ་ཆེར་སྟོན། སེང་གེའི་སྒྲ། ཡིད་མྱུར་བ་སྟེ་རང་རྒྱལ་བཅུ་གཉིས་དབུའི་གཙུག་ཏོར་ཅུང་ཟད་འབུར་བ། ཉན་རང་ཐམས་ཅད་ཀྱང་སྐུ་མདོག་མ་ངེས་ཤིང་ཆོས་གོས་གསུམ་གྱིས་བཀླུབས་པ། ལྷུང་བཟེད་འཁར་གསིལ་པོ་ཏི་འཛིན་ཅིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱི་རོལ་གྱི་


KMC010_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བཞིའི་གཡས་གཡོན་དུ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་པད་ཉིའི་གདན་ལ་ༀ་ཏྲཻ་ལོ་ཀྱ་ཀི་ར་ཧཱུྃ་ཕཊ། དེ་བཞིན་དུ། ཏྲཻ་ལོ་ཀྱ་ད་མ་ཀ །ཏྲཻ་ལོ་ཀྱ་ནཱ་ཤ། །ཏྲཻ་ལོ་ཀྱ་ཨཱནྟ། ཨ་མྲྀ་ཏ། ཀཱ་ལ་དཎྜ། ཀཱ་ཎ་ཧ་ནི། ཧྲཱིཿ རྣམས་ལས་ཤར་ནས་གཡས་སྐོར་དུ་འཇིག་རྟེན་གསུམ་སྣང་རྡོ་རྗེ་འཛིན་པ། འཇིག་རྟེན་གསུམ་འདུལ་དབྱུག་ཏོ་འཛིན་པ་གཉིས་དཀར་པོ། འཇིག་རྟེན་གསུམ་འཇིག་རྩེ་གསུམ་འཛིན་པ། འཇིག་རྟེན་གསུམ་མཐར་བེ་ཅོན་འཛིན་པ་གཉིས་སྔོན་པོ། བདུད་རྩི་འཁྱིལ་པ་སྣ་ཚོགས་རྡོ་རྗེ་འཛིན་པ། དབྱུག་སྔོན་ཅན་རལ་གྲི་འཛིན་པ་གཉིས་དམར་པོ། མི་གཡོ་བ་རལ་གྲི་འཛིན་པ། རྟ་མགྲིན་པདྨ་འཛིན་པ་གཉིས་ལྗང་གུ་སྟེ། ཁྲོ་བོ་བརྒྱད་སྦྲུལ་དང་མི་སྡུག་པའི་རྒྱན་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པར་གྱུར། དེའི་ཕྱི་རོལ་གྱི་མུ་རན་དཀར་པོར་སོ་སོའི་གདན་གྱི་སྟེང་དུ་ན་མོ་བྷ་ག་ཝ་ཏེ་སོགས་རྩ་


KMC010_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བརྗོད། རེ་རེ་ལས་ཤར་དུ་བརྒྱ་བྱིན་དང་ལྷ་དབང་དམར་སེར། ལྷོར་ཚངས་པ་དང་གཤིན་རྗེ་ནག་པོ། ནུབ་ཏུ་དབང་ཕྱུག་དང་ཆུ་ལྷ་དཀར་པོ། བྱང་དུ་ཁྱབ་འཇུག་དང་གནོད་སྦྱིན་སེར་པོ། མེར་མེ་ལྷ་དམར་པོ། སྲིན་པོར་བདེན་བྲལ་དམར་ནག །རླུང་དུ་རླུང་ལྷ་སྔོན་པོ། དབང་ལྡན་དུ་འབྱུང་པོ་ཐལ་མདོག་རྣམས་རང་རང་གི་འཁོར་དུ་མ་དང་བཅས་པའི་བར་བར་གྱི་ཤར་དུ། པ་སངས་དང་མིག་དམར་ལ་སྨིན་དྲུག་སོགས་བདུན་གྱིས་བསྐོར་བ། ལྷོར་ཕུར་བུ་དང་ཉི་མ་ལ་མཆུ་སོགས་བདུན་གྱིས་བསྐོར་བ། ནུབ་ཏུ་ཟླ་བ་དང་སྒྲ་གཅན་ལ་ལྷ་མཚམས་སོགས་བདུན་གྱིས་བསྐོར་བ། བྱང་དུ་གཟའ་ལྷག་དང་སྤེན་པ་ལ་མོན་གྲེ་སོགས་བདུན་གྱིས་བསྐོར་བ། སླར་ཡང་ཤར་དུ་རབ་བརྟེན་སོགས་ལྟོ་འཕྱེ་རྣམས་དང་། ལྷོར་གཉེའུ་ཐུང་སོགས་འདྲེ་རྣམས་དང་། ནུབ་ཏུ་གསེར་མིག་སོགས་མཁའ་ལྡིང་རྣམས་དང་། བྱང་དུ་བརྗེད་བྱེད་སོགས་བགེགས་


KMC010_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། གཞན་ཡང་འབྱུང་བ་བཞིའི་ལྷ་དང་། ཁྱིམ་དང་། རི་དང་། ཀུན་ར་དང་། ནགས་ཚལ་དང་། དུར་ཁྲོད་དང་། གྲོང་ཁྱེར་གྱི་ལྷ་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང་། སྲིད་མོ་བཞི་དང་། རིག་སྔགས་འཆང་གི་ཚོགས་རྣམས་དང་། ཁོར་ཡུག་གི་སྟོང་རྣམས་ཀྱི་མེར་དམྱལ་བ་ཆེན་པོ་བརྒྱད། བདེན་བྲལ་དུ་ཡི་དྭགས་ཀྱི་གྲོང་ཁྱེར། རླུང་དུ་བྱོལ་སོང་སྣ་ཚོགས། དབང་ལྡན་དུ་མིའི་འགྲོ་བ་སོགས་ཡོངས་སུ་གསལ་བར་གྱུར། ལས་རྒྱལ་མཆོག་ནི། ཁུ་ཚུར་གྱི་ཨཿགཉིས་སྦྲེལ། ཧཱུྃ་གཉིས་བརྐྱང་པ་ཁ་གྱེན་དུ་བསྟན་བསྒོ་དབྱེ་བའི་རྒྱས། ༀ་སརྦ་བིདདྭཱ་རོངྒྷ་ཊ་ཡ་ཧཱུྃ། ཕྱག་རྒྱ་སྔར་ལྟར་ལས། ༀ་སརྦ་བིད་མཎྜ་ལ་བཛྲ་ཙཀྲ་ཧཱུྃ། བསྡུ་བའི་རྒྱས། ༀ་སརྦ་བིད་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ འོག་མིན་གྱི་གནས་ནས་རྒྱལ་བ་སྲས་དང་བཅས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་མདུན་གྱི་ནམ་མཁར་གཤེགས་པར་གྱུར། གནོད་སྦྱིན་གྱི་སྔགས་རྒྱས་ཕྱི་འབྲང་གི་བགེགས་བསྐྲད། ༀ་བཛྲ་


KMC010_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡཀྵ་ཧཱུྃ། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་སོགས། ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། །ཞེས་དམ་ཚིག་པ་ལ་ཆེད་དུ་བརྗོད་ནས། །བསྡུ་བ་དང་སྤྲོ་བའི་ཚུལ་གྱིས་དམ་ཚིག་པ་དང་ཡེ་ཤེས་པ་རྣམས་གཅིག་ཏུ་འདྲེས་ཤིང་གཅིག་ཏུ་གྱུར། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་མེད། །རྡུལ་ཕྲན་ཐམས་ཅད་ཇི་སྙེད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བ་ནི། ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ། རཏྣ། པདྨ། ཀརྨ། ༀ་རཏྣ་མ་ལཱ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ༀ་བཛྲ་པཊྚ་ཨ་ཝ་ལཾ་བྷ་ན་ཨ་བྷི་ཥིཉྩ་ཏྲཱཾ། ༀ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ། རཏྣ། པདྨ། ཀརྨ། སོགས། ༀ་བུདྡྷ་ན་མ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ། རཏྣ། པདྨ།


KMC010_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་སོགས། དབང་ལྷ་རྣམས་ཀྱང་དམ་ཚིག་པ་དང་དབྱེར་མེད་དུ་གྱུར། ༀ་བཛྲ་ཨཱངྐུ་ཤ་ཛཿ དེ་བཞིན་དུ། པཱ་ཤ་ཧཱུྃ། སྥོ་ཊ་བཾ། ༀ་བཛྲ་ཨཱ་བེ་ཤ་ཡ་ཧོཿ བསྡུས་པར་ན། ༀ་བྲྀ་ཏ་བྲྀ་ཏ་སརྦ་ཨཱ་བ་ར་ཎི་ཧཱུྃ་ཕཊ། ༀ་ཏྲཊ་ཏྲཊ་སོགས། ༀ་ཚིནྡྷ་ཚིནྡྷ་སོགས། ༀ་སརྦ་བིད་བཛྲ་ཨ་དྷི་ཥྛཱ་ན་ཛྙཱ་ན་ས་མ་ཡ་ཧཱུྃ། ཞེས་ལན་གསུམ་བརྗོད་དོ།། །། ༈ རྒྱས་པར་སྤྲོན། ཕྱག་རྒྱ་བཞིས་རྒྱས་གདབ་པ་ལ་དམ་རྒྱ་ནི། རང་གི་དབང་པོ་བཤིག་ནས་ནི། །རྡོ་རྗེ་བཅིང་བས་བཟུང་བར་བྱ། །དེ་ཡི་ཕྱག་རྒྱས་གང་རེག་པ། །དེ་མ་ཐག་ཏུ་དེ་དབང་འགྱུར། །རིགས་ལྔ་ལ། ས་མ་ཡ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོདྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་བ་ར་ཎི་བི་ཤོ་དྷ་ན་སྭཱ་ཧཱ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཤོ་དྷ་ནི་སོགས་གོང་བཞིན་ལན་གསུམ། ས་མ་ཡ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧཱུྃ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་


KMC010_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་པཱ་ཡ་ཧཱུྃ། ལན་གསུམ་བརྗོད། ས་མ་ཡ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཤོ་དྷ་ནི་ཤོ་དྷ་སོགས། ཏྲཱཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཏྲཱཾ། ལན་གསུམ། ས་མ་ཡ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཤོ་དྷ་ནི་ཤོ་དྷ་ཡ་སོགས་ནས། ཧྲཱིཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧྲཱིཿ ལན་གསུམ། ས་མ་ཡ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཤོ་དྷ་ནི་ཤོ་དྷ་ཡ་སོགས། ཨཱཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ལན་གཉིས། ཨ་ཧཾ། ༀ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཨཱཿ ལན་གསུམ། ལྷག་མ་རྣམས་ལ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཤོ་དྷ་ནི་ཧཱུྃ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ལན་གཉིས། ཨཱ་ཧཾ་ༀ་ཤོ་དྷ་ནི་ཧཱུྃ། ལན་གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཤོ་དྷ་ནི་ཏྲཱཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཤོ་དྷ་ནི་ཏྲཱཾ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཤོ་དྷ་ནི་ཧྲཱིཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་


KMC010_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ། ༀ་ཤོ་དྷ་ནི་ཧྲཱིཿ ལན་གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཤོ་དྷ་ནི་ཨཱཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཤོ་དྷ་ནི་ཨཱཿ ལན་གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་ཧཱུྃ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་ཧཱུྃ། ལན་གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་ཛཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་ས ཏྭ་ཛཿལན་གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་ས ཏྭ་ཧོཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་ས ཏྭ་ཧོཿ གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་དྷཱུ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་དྷུ། གསུམ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་ཏྲཱཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་ཏྲཱཾ།


KMC010_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་ཪྱཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་ཪྱཾ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་བྷྲཱྀ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་བྷྲཱྀ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་ཧཱ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་ཧཱ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་ཧྲཱིཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་ཧྲཱིཿ གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་དྷཱིཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་དྷཱིཿ གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་ཀྲུཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་ཀྲུཾ། གསུམ།


KMC010_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་བྷཱ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་བྷཱ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་ཀཾ །དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་ཀཾ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་རཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་རཾ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་ཀྵཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་ཀྵཾ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་བིད་བཛྲ་སཏྭ་སཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་བིད་བཛྲ་སཏྭ་སཾ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་ལཱ་སྱེ་ཧཱུྃ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་ལཱ་སྱེ་ཧཱུྃ། གསུམ། སུ་ར་ཏ་


KMC010_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་མ་ལེ་ཏྲཱཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་མ་ལེ་ཏྲཱཾ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་གཱི་ཏཱི་ཧྲཱིཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་གཱི་ཏཱི་ཧྲཱི། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་ནྲྀ་ཏཱི་ཨཱཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་ནྲྀ་ཏཱི་ཨཱཿ གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་དྷཱུ་པེ་ཧཱུྃ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་དྷཱུ་པེ་ཧཱུྃ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་པུཥྤེ་ཏྲཱཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་པུཥྤེ་ཏྲཱཾ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་གནྡྷེ་ཨཱཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་གནྡྷེ་ཨཱཿ གསུམ།


KMC010_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་ཨཾ་ཀུ་ཤ་ཛཿ དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་ཨཾ་ཀུ་ཤ་ཛཿ གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་པཱ་ཤ་ཧཱུྃ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས།། ཨ་ཧཾ། ༀ་བཛྲ་པཱ་ཤ་ཧཱུྃ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་སྥོ་ཊ་བཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་སྥོ་ཊ་བཾ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བཛྲ་ཨཱ་བེ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བཛྲ་ཨཱ་བེ་ཤ་ཡ་ཧོཿ གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷེ་སོགས། སྭཱ་ཧའི་བར་གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་བོ་དྷི་སཏྭ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭཱ་ཧཱ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ


KMC010_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བོ་དྷི་སཏྭ་སོགས། སྭཱ་ཧཱའི་བར་གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་སརྦ་མུ་ནི་བྷྱཿཔ་རི་ཤུདྡྷེ་ག་ནཱ་ས་མཱ་ནཱཾ་སྭཱ་ཧཱ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་བོ་དྷི་སྟྭ་སརྦ་སོགས། སྭཱ་ཧཱའི་བར་གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ན་མོ་བུདྡྷ་བྱ་ཝ་ལོ་ཀི་ཏེ་ཤུདྡྷེ་ག་ག་ན་ས་མ་ཡེ་སྭཱ་ཧཱ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ན་མོ་བུདྡྷ་སོགས། སྭཱ་ཧཱའི་བར་གསུམ། སུ་ར་ཏ་སྟྭཾ། བཛྲ་མ་ཊ། ༀ་ཏྲཻ་ལོ་ཀྱ་ཀི་ར་ཧཱུྃ་ཕཊ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཏྲཻ་ལོ་ཀྱ་ཀི་ར་ཧཱུྃ་ཕཊ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཏྲཻ་ལོ་ཀྱ་ད་མ་ཀ་ཧཱུྃ་ཕཊ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཏྲཻ་ལོ་ཀྱ་ད་མ་ཀ་ཧཱུྃ་ཕཊ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཏྲཻ་ལོ་ཀྱ་ནཱ་ཤ་ཧཱུྃ་ཕཊ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཏྲཻ་ལོ་ཀྱ་ནཱ་ཤ་ཧཱུྃ་ཕཊ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་


KMC010_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཻ་ལོ་ཀྱ་ཨཱནྟ་ཧཱུྃ་ཕཊ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཨཱནྟ་ཧཱུྃ་ཕཊ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཏྲཻ་ལོ་ཀྱ་ཨ་མྲྀ་ཏེ་ཧཱུྃ་ཕཊ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཀཱ་ལ་དཎྜ་ཧཱུྃ་ཕཊ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཀཱ་ལ་དནྜ་ཧཱུྃ་ཕཊ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཀཱ་ཎ་ཧ་ནི་ཧཱུྃ་ཕཊ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཀཱ་ཎ་ཧ་ནི་ཧཱུྃ་ཕཊ། གསུམ། སུ་ར་ཏ་སྟྭཾ། བཛྲ་དྲྀཥྚི་མ་ཊ། ༀ་ཧྲཱིཿཧཱུྃ་ཕཊ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ༀ་ཧྲཱིཿཧཱུྃ་ཕཊ། གསུམ། དེ་ལྟར་དམ་ཚིག་གི་ཕྱག་རྒྱས་བསྒྲུབས་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་རེ་རེས་རྒྱས་བཏབ་པར་གྱུར། ཆོས་རྒྱ་ནི། ཡང་ལྷ་ཐམས་ཅད་ཀྱི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་


KMC010_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པའི་མདུན་གྱི་འདབ་མ་གཅིག་ལྕེར་གྱུར་པའི་སྟེང་དུ་ཟླ་བའི་དབུས་སུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཆུར་ཉལ་བའི་ལྟེ་བར་ལྷ་སོ་སོའི་སྔགས་རྣམས་གསལ་བར་གྱུར། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཡེ་ཤེས་ཕྱག་རྒྱས་བཅིང་བར་བྱ། །ཕྱག་རྒྱ་འདི་ཡི་ཚུལ་གྱིས་ནི། །ཡེ་ཤེས་ཕྱག་རྒྱ་དབང་དུ་གྱུར། །བཛྲ་ཛི་ཧཱ། ཞེས་པའི་རྗེས་སུ་འབྱིན་སྔགས་རྣམས་ནི། ༀ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝཱ་ར་ཎི་བི་ཤོ་དྷ་ན་སྭཱ་ཧཱ། ༀ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧཱུྃ། དེ་བཞིན་དུ། ཏྲཱཾ་ཧྲཱིཿཨཱཿ ༀ་ཤོ་དྷ་ནི་ཧཱུྃ། དེ་བཞིན་དུ། ཏྲཱཾ་ཧྲཱིཿཨཱཿ ༀ་སརྦ་བིད་བཛྲ་སཏྭ་ཧཱུྃ། དེ་བཞིན་དུ། ཛཿཧོཿདྷུ་ཏྲཱཾ་ཪྱཾ་བྷྲྀ་ཧཱ་ཧྲཱིཿདྷཱིཿཀྲུཾ་བྷཱ་ཀཾ་རཾ་ཀྵཾ་སཾ། ༀ་བཛྲ་ལཱ་སྱེ་ཧཱུྃ། དེ་བཞིན་དུ། མཱ་ལེ་ཏྲཱཾ། གཱི་རྟི་ཧྲཱིཿ ནྲྀ་ཏཱི་ཨཱཿ དྷཱུ་པེ་ཧཱུྃ། པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨཱཿ ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུྃ། སྥོ་ཊ་བཾ། ཨཱ་བེ་ཤ་ཡ་ཧོཿ ༀ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་


KMC010_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ༀ་བོ་དྷི་སཏྭ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭཱ་ཧཱ། ༀ་སརྦ་མུ་ནི་བྷྱཿཔ་རི་ཤུདྡྷེ་ག་ག་ན་ས་མཱ་ནཱཾ་སྭཱ་ཧཱ། ༀ་ན་མོ་བུདྡྷ་བྱ་ཝ་ལོ་ཀི་ཏེ་ཤུདྡྷེ་ག་ག་ན་ས་མ་ཡེ་སྭཱ་ཧཱ། ༀ་ཏྲཻ་ལོ་ཀྱ་ཀི་ར་ཧཱུྃ་ཕཊ། དེ་བཞིན་དུ། ཏྲཻ་ལོ་ཀྱ་ད་མ་ཀཿ ཏྲཻ་ལོ་ཀྱ་ནཱ་ཤ༴ ཏྲཻ་ལོ་ཀྱ་ཨཱནྟ༴ ཨ་མྲྀ་ཏ༴ ཀཱ་ལ་དནྟྲ༴ ཀ་ཎ་ཧ་ཎི༴ ཧྲཱིཿ ཧཱུྃ་ཕཊ། བརྗོད་པའོ། །ལས་རྒྱ་ནི། ཡང་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་རེ་རེས་རྒྱས་བཏབ་པར་གྱུར། གར་ལས་བྱུང་བའི་པད་ཀོར་བྱ་ཞིང་། གླུ་དང་གར་དང་རོ་དང་ཟས། །སྤྱོད་ལམ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་བྱས་ན། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །གར་པད་སྔོན་དུ་འགྲོ་བས་ལྷ་རང་རང་གི་སྔགས་གླུར་བླང་ཞིང་། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སོགས་སྔགས་ཐམས་ཅད་ཁྲོ་བོ་བརྒྱད་པར་གོང་བཞིན་བརྗོད། ཕྱག་ཆེན་ནི། ཡང་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ་རེ་རེས་རྒྱས་བཏབ་


KMC010_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། རྡོ་རྗེ་སྐུ་དང་གསུང་དང་ཐུགས། །ཇི་ལྟར་གནས་དང་མཐུན་བྱས་ལ། །མཚན་མའི་ཕྱག་རྒྱར་ལྡན་པ་ཡི། །སེམས་དཔའ་ཆེན་པོར་བདག་ཉིད་བསྒྱུར། །དེ་ནི་ཕྱག་རྒྱ་ཆེན་པོའོ། །ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སོགས་གོང་བཞིན་བརྗོད། ༀ་ཧྲཱིཿཧཱུྃ་ཕཊ་ཀྱི་བར་དང་། ན་མོ་བྷ་ག་སོགས་བརྗོད་མཐར། གནས་ཉེར་གཉིས་རེག་ལ། ༀ་སརྦ་བིད་བཛྲ་ཨ་དྷིཥྛ་ན་ཛྙཱ་ན་ས་མ་ཡ་ཧཱུྃ། ༈ །སྤྲོ་ན་ཕྱག་རྒྱ་བཞིས་རྒྱས་གདབ་པ་ལ། ཕྱག་རྒྱའི་ཟིན་བྲིས་དམ་རྒྱ་ནི། །རང་གི་དབང་པོ་སོགས་ནས། དེ་དབང་འགྱུར། །བར་དང་། རིགས་ལྔ་ལ། ས་མ་ཡ་སྟྭཾ། ཞེས་དང་། ལྷག་མ་རྣམས་ལ། སུ་ར་ཏ་སྟྭཾ། ཞེས་པས་རྡོར་བསྡམས་བཅས། དེ་མིག་ཏུ་བསྐོར་ནས། བཛྲ་དྲྀཥྚི་མ་ཊ། རྡོར་བསྡམས་གན་རྐྱལ་དུ་བཞག །ཀུན་རིག་གི་སྙིང་པོའི་མཐར། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། ཀུན་རིག་གི་སྙིང་པོ་ལན་གསུམ་བརྗོད། དེ་བཞིན་དུ་ཐོག་མཐའི་སྔགས་དང་། ལྷ་རང་རང་གི་འབྱིན་སྔགས་བརྗོད་པ་རིགས་འགྲེ་སྟེ། བསྡམས་པ་ལས་ༀ་ཏྲཱཾ་ཨཱཿརྣམས་གཤིབས་ཏེ་སྒྲེང་ཞིང་། ཧཱུྃ་ཧྲཱིཿགཉིས་པདྨ་ལྟར་བཀུག་པ་དང་། ཧཱུྃ་ཧྲཱིཿགཉིས་རིན་ཆེན་ལྟར་དང་། ༀ་ཨཿགཤིབས་


KMC010_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷག་མ་འབར་བར་བྱས་པ་དང་། དེ་ཁོ་གཡོན་དུ་བསྒྱུར་བ་རྣམས་གཤེགས་པ་བཞིའོ། །བསྡམས་པའི་ཏྲཱཾ་གཤིབས་པར་ཧཱུྃ་གཉིས་སྦྱར་བ་མིག་ལྟར་བྱས། ཧྲཱིཿཨཿགཉིས་ནང་དུ་བཅུག་པའི་སྟེང་ༀ་གྱིས་མནན་པ་དང་། རྡོ་རྗེ་ཐལ་མོ་ལས་ཏྲཱཾ་གཉིས་སྒྲེང་བའི་ངོས་ལ་ཧཱུྃ་གཉིས་རྡོ་ར་ལྟར་བཀུག་པ་དང་། ཐལ་མོ་ལས་ཏྲཱཾ་གཉིས་པདྨ་ལྟར་བྱས་པ་དང་། དེ་ལས་ཏྲཱཾ་གཉིས་གཤིབས་པའི་རྒྱབ་ནས་ཧཱུྃ་གཉིས་སྦྱར་ཞིང་ༀ་གཉིས་གཤིབས་པ་རྣམས་ཡུམ་བཞིའོ། །རྡོར་བསྡམས་ལས་ཧཱུྃ་གཉིས་རྡོར་སྦྱར་ཏེ་བརྐྱང་པ་དང་། དེ་ཉིད་ཀྱི་གཡས་པའི་ཧཱུྃ་བཀུག་པ་དང་། དེ་ལས་ཧཱུྃ་གཉིས་བརྐྱང་བའི་ཚིགས་དང་པོ་བཅག་པ་དང་། དེ་ལས་ཧཱུྃ་གཉིས་སླར་བཀུག་སྟེ་སེ་གོལ་གཏོགས་པ་དང་། དེ་ལས་ཧཱུྃ་ཚིགས་བར་པ་གཉིས་བཅག་པ་དང་། དེ་ལས་ཧཱུྃ་ཧྲཱི་ཨཿརྣམས་ཐལ་མོར་བྱས་པ་དང་། དེ་སྤྱི་བོར་བཞག་པ་དང་། དེ་ཁར་བཞག་པ་དང་། བསྡམས་པ་ལས་ཧཱུྃ་གཉིས་པདྨ་ལྟར་བྱས་པ་དང་། དེ་ལས་ཧཱུྃ་ཚིགས་དང་པོ་གཉིས་བཅག་པ་དང་། དེ་ལས་ཧཱུྃ་གཉིས་བཀུག་སྟེ་ཟླུམ་པོར་བྱས་པ་དང་། དེ་ལས་ཧཱུྃ་གཉིས་ཅུང་ཟད་ཁ་བྱེ་བ་དང་། དེ་ལས་ཀྱང་ཅུང་ཟད་ཁ་ཕྱེ་བ་དང་། ཤིན་ཏུ་ཁ་ཕྱེ་བ་དང་། དེ་ལས་རྩེ་གཉིས་བཀུག་པ་དང་། དེ་གཉིས་རབ་ཏུ་བཀུག་སྟེ་བསྡམས་པ་རྣམས་སེམས་དཔའ་བཅུ་དྲུག་གོ། །བསྡམས་པའི་ༀ་གཉིས་གཤིབས་ཏེ་བརྐྱང་པ་


KMC010_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ཁའི་ཐད་ནས་མདུན་དུ་བརྐྱང་བ་དང་། རྡོར་ཐལ་ཁའི་ཐད་ནས་ཕར་བརྐྱང་བ་དང་། དེ་གཡས་གཡོན་དུ་གར་བྱས་ཏེ་སྤྱི་བོར་བཞག་པ་དང་། རྡོར་བསྡམས་ཐུར་དུ་ལྡུགས་པའི་ཚུལ་དང་། རྡོར་བསྡམས་གྱེན་དུ་ཁ་ཕྱེ་བ་དང་། བསྡམས་པའི་ༀ་གཉིས་བསྒྲེང་སྟེ་བསྐོར་བ་དང་། བསྡམས་པ་བརྐྱང་པ་བྱུག་པའི་ཚུལ་རྣམས་སྒེག་སོགས་བརྒྱད་དོ། །བསྡམས་པའི་ཧཱུྃ་གཉིས་བཀུག་པ་དང་། དེ་ལས་ཧཱུྃ་རྩེ་སྤྲད་པ་དང་། དེ་ལས་མཐེབ་མཛུབ་རྣམས་ལྕགས་སྒྲོག་ལྟར་བཅོས་པ་དང་། བསྡམས་པ་ལས་ༀ་གཉིས་ནང་དུ་བསྐྱོད་པ་རྣམས་སྒོ་བ་བཞིའོ། །གཡོན་ཁུ་ཚུར་གྱི་ༀ་ཧཱུྃ་ལྟོ་སྦྱར་བ་གྱེན་དུ་བསྟན་པའི་སྟེང་དུ་གཡས་དེ་བཞིན་དུ་བྱས་པས་གཡོན་གྱི་ཨཿནས་རིམ་གྱིས་ཕྱེ་ལ་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནི་སྐལ་བཟང་བཅུ་དྲུག་གོ། །ཐལ་སྦྱར་ལས་ཨཿགཉིས་ནང་དུ་བཅུག །ཧཱུྃ་གཉིས་བཀུག་པའི་ངོས་ལ་ༀ་གཉིས་བཅར་བ་ནི་དཔེ་བྲལ་བཅུ་དྲུག་གོ། །ཐལ་མོ་མཉམ་དུ་སྦྱར་བ་ནི་ཉན་ཐོས་བཅུ་དྲུག་གོ། །གཡོན་ཁུ་ཚུར་ནང་བསྟན་ༀ་ཧཱུྃ་རྩེ་སྦྱར་བ་དང་གཡས་པའི་ༀ་ཧྲཱིཿསྦྱར་བ་སྤྲད་པ་ནི་རང་རྒྱལ་བཅུ་གཉིས་སོ། །བསྡམས་པ་ལས་ཧཱུྃ་ཨ་གཤིབས་ཏེ་སྦྲེང་ཞིང་ༀ་གཉིས་ཧཱུྃ་ལ་སྦྱར་བ་དང་། དེ་ལས་ཨ་གཉིས་བསྣོལ་བ་དང་། དེ་ལས་ༀ་གཉིས་ནང་དུ་བཅུག་པ་དང་། དེ་ལས་ཨཿགཉིས་སྦྱར་ཏེ་སྒྲེང་བ་དང་། རྡོར་བསྡམས་ལས་ཧཱུྃ་ཏྲཱཾ་ཧྲཱིཿརྣམས་སོ་


KMC010_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སོར་སྒྲེང་། ཨཿགཉིས་ནང་དུ་ལུ་གུ་རྒྱུད་དུ་སྦྲེལ་བ་དང་། བསྡམས་པ་ལས་ཧཱུྃ་ཏྲཱཾ་གཉིས་སྦྱར་ཏེ་སྒྲེང་བ་དང་། བསྡམས་པ་ལས་ༀ་གཉིས་རྩེ་སྤྲད་དེ་སྒྲེང་བ་དང་། བསྡམས་པ་ལས་ཧཱུྃ་གཉིས་སྒྲེང་ལྷག་མ་འོད་ཟེར་ལྟར་གཟིངས་པ་རྣམས་ཁྲོ་བོ་བརྒྱད་དོ། །དེ་ལྟར་དམ་ཚིག་སོགས་ནས། བཏབ་པར་གྱུར། ཆོས་རྒྱ་ནི། ཡང་ལྷ་སོགས་ནས། བཛྲ་ཛི་ཧྭཱ་ཞེས་པའི་རྗེས་སུ་འབྱིན་སྔགས་རྣམས་བརྗོད་པའོ། །ལས་རྒྱ་ནི། ཡང་ལྷ་སོགས་ནས། བཏབ་པར་གྱུར། བར། གར་ལས་བྱུང་བའི་པད་ཀོར་བྱ་ཞིང་། གླུ་དང་གར་སོགས་ནས། དབང་དུ་འགྱུར། བར། གར་པད་སྔོན་དུ་འགྲོ་བས་ལྷ་རང་རང་གི་སྔགས་གླུར་བླང་ཞིང་། གཡོན་ལྟེ་བར་མཉམ་གཞག །གཡས་ཐུགས་ཀར་རྡོ་རྗེ་གཏོད་དེ་འཛིན་པའི་ཚུལ་དང་། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག །གཡས་ས་གནོན་དང་། དེ་ལས་གཡས་མཆོག་སྦྱིན་དང་། མཉམ་གཞག་གི་རྒྱ་དང་། གཡོན་སྙིང་གར་ཁུ་ཚུར་དང་གཡས་སྐྱབས་སྦྱིན་རྣམས་རིགས་ལྔའོ། །སེ་གོལ་གཡོན་དུ་གཏོགས་ཏེ་འོག་མ་རྣམས་ལའང་སྦྱར་རོ། །གཡོན་རྣམས་གདན་ལ་བརྟེན་གཡས་རྣམས་སྙིང་གར་གུང་མཐེབ་སྦྱར་བ། ཁུ་ཚུར་གྱེན་བསྟན། མཐེབ་མཛུབ་སྦྱར་བ། མཐེབ་སྲིན་སྦྱར་བ་རྣམས་ཡུམ་བཞིའོ། །ཁུ་ཚུར་གཉིས་ཀྱི་གཡས་སྙིང་ག་དང་གཡོན་དཀུར་བཀན་


KMC010_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཁུ་ཚུར་གཡོན་གྱི་མདུན་དུ་གཡས་བཞག་པ་དང་། དེ་ལས་མདའ་འཕང་བའི་ཚུལ་དང་། དེ་ལས་སེ་གོལ་དང་། ༀ་ཧཱུྃ་སྦྱར་བ་དཔྲལ་བར་འཛིན་པ་དང་། །ཁུ་ཚུར་གཤིབས་པ་སྙིང་གར་བསྐོར་བ་དང་། ཁུ་ཚུར་གཡོན་གྱི་སྟེང་དུ་གཡས་པའི་གྲུ་མོ་བཙུགས། ཁུ་ཚུར་ཕྲག་པ་གཡོན་དུ་བརྟེན་པ་དང་། ཁུ་ཚུར་གཉིས་ཁ་བགྲམ་དུ་ཕྱིར་བསྟན་པ་དང་། གཡོན་པའི་ཁུ་ཚུར་གཡས་པའི་ༀ་ཧཱུྃ་གིས་འབྱེད་པ་དང་། ཁུ་ཚུར་གཡོན་སྙིང་གར་བཞག །གཡས་ཁུ་ཚུར་སྟེང་དུ་འཕྱར་བ་དང་། ཁུ་ཚུར་ཁ་སྦྱར་གཡས་སུ་བསྐོར་བ་དང་། ཁུ་ཚུར་གཉིས་ཁ་ནས་བཀན་ཏེ་དྲང་བ་དང་། ཁུ་ཚུར་གཉིས་བཀྲོལ་བའི་པད་ཀོར་འགྲམ་པ་གཉིས་དང་སྤྱི་བོར་བསྐོར་བ་དང་། ཁུ་ཚུར་གཉིས་གོ་བསྐོན་པའི་ཚུལ་དང་། གནོད་སྦྱིན་གྱི་ལས་རྒྱ་དང་། དཀུ་གཡོན་དུ་ཁུ་ཚུར་གཉིས་གཅིག་གིས་གཅིག་གནོན་པ་རྣམས་སེམས་དཔའ་བཅུ་དྲུག་གོ །ཁུ་ཚུར་དཀུ་གཉིས་སུ་བཞག་པས་ལུས་གཡོན་དུ་འདུད་པ་དང་། དེས་མགོ་ལ་ཕྲེང་བ་འཆིང་ཚུལ་དང་། དེས་ཁ་ནས་ཚིག་འབྱིན་ཚུལ་དང་། ཐལ་མོ་གཡས་གཡོན་དུ་བསྐོར་ནས་གྲུ་མོར་རེས་མོས་རེག་པ་དང་། ཁུ་ཚུར་གཉིས་ཐུར་དུ་ལྡུགས་པ་དང་། དེས་གྱེན་དུ་འཐོར་བ་དང་། དེ་ལས་ༀ་གཉིས་སྒྲེང་བ་དང་། ཁུ་ཚུར་གཉིས་བརྐྱང་ནས་སྙིང་གར་བྱུགས་རྣམས་སྒེག་སོགས་བརྒྱད་དོ། །ཁུ་ཚུར་རྒྱབ་སྦྱར་བའི་གཡོན་གྱི་ཨཿདང་གཡས་


KMC010_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཧཱུྃ་གཉིས་འཁྱུད་པ་དང་། ཁུ་ཚུར་གྱི་ཧཱུྃ་གཉིས་རྩེ་སྤྲད་དེ་བཀུག་པ་དང་། ༀ་ཧཱུྃ་རྩེ་སྤྲད་ལུ་གུ་རྒྱུད་དུ་བཅིངས། ལྷག་མ་བསྐུམ་པ་དང་། དེ་ལས་ཧཱུྃ་གཉིས་འཁྱུད་ལ་གྱེན་དུ་བཀན་ཏེ་བསྐྱོད་པ་རྣམས་སྒོ་བ་བཞིའོ། །བསྐལ་བཟང་རྣམས་ལ་དམ་རྒྱ་ལྟར་དང་། དཔེ་བྲལ་ཉན་རང་རྣམས་ཀྱི་དམ་རྒྱ་གཉིས་སུ་ཕྱེ་བའོ། །ཧཱུྃ་མཛད་ཀྱི་རྒྱས་ཁྲོ་བོ་རྣམས་སོ། །ཕྱག་ཆེན་ནི། ཡང་ལྷ་སོགས་ནས། ཕྱག་རྒྱ་ཆེན་པོའོ། །བར། ལྷ་དེ་དང་དེའི་སྐུར་བསྒོམ་ཞིང་སྔགས་བཟླ་རིམ་ནས། ཏིང་འཛིན་ཕྱག་རྒྱ་སོགས་རིམ་ལྔ་དང་། ཡུམ་བཞི་ལས་རྒྱ་ལྟར་དང་ཁུ་ཚུར་གཡོན་དཀུར་བརྟེན་གཡས་སྙིང་གར་ༀ་ཨཱཿསྦྱར་ལྷག་མ་སྒྲེང་པ་དང་། ཁུ་ཚུར་གྱི་ཧཱུྃ་གཉིས་ལྕགས་ཀྱུ་ལྟར་བྱས་པ་དང་། དེ་ལས་གཡས་ཀྱི་ཧཱུྃ་སྒྲེང་བས་མདའ་འཕང་ཚུལ་དང་། སྙིང་གར་སེ་གོལ་དང་། གཡས་ༀ་ཧཱུྃ་སྦྱར་བ་དཔྲལ་བར་བཟུང་ནས་གཡོན་དཀུར་བརྟེན་པ་དང་། གཡས་ཁུ་ཚུར་བཀན་པ་སྙིང་གར་བསྐོར་བ་དང་། ཁུ་ཚུར་ཕྲག་པ་གཡོན་དུ་བརྟེན་པ་དང་། ཁུ་ཚུར་ཁ་ཕྱིར་བསྟན་ཁ་འགྲམ་གཡས་ནས་འབྱིན་ཚུལ་གསུམ་གྱི་གཡོན་གདན་བརྟེན། གཡོན་ཁུ་ཚུར་དཀུར་བརྟེན་གཡས་པའི་ༀ་ཧཱུྃ་གིས་འབྱེད་པ་དང་། ཁུ་ཚུར་གཡོན་སྙིང་གར་བཞག །གཡས་རལ་གྲི་འཕྱར་ཚུལ་དང་། གཡས་ཁུ་ཚུར་ཧཱུྃ་སྒྲེང་བ་གཡས་སྐོར་དང་། ཁ་ནས་ལྕེ་དྲང་བའི་ཚུལ་གཉིས་ཀྱི་


KMC010_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གདབ་བརྟེན། རྡོར་སེམས་ལྟ་བུ་དང་། རྡོ་རྗེ་སྲུང་བ། གནོད་སྦྱིན། ཁུ་ཚུར། སྒེག་མོ། ཕྲེང་བ་མ། གར་མ་རྣམས་ལས་རྒྱ་ལྟར་དང་། གཡོན་ཁུ་ཚུར་ཕྱིར་བསྟན་ལ་གཡས་པའི་སོར་མོས་བསྐྱོད་པ་པི་ཝང་བརྡུང་ཚུལ་དང་། བདུག་སྤོས་མ་དང་མར་མེ་མ་ལས་རྒྱ་ལྟར་དང་། གཡོན་ཁུ་ཚུར་སྙིང་ག་ནས་གཡས་པས་མེ་ཏོག་བླངས་ཏེ་འཐོར་ཚུལ་དང་། དྲི་བླངས་ཏེ་བྱུག་ཚུལ་དང་། ཁུ་ཚུར་གཡས་གཡོན་གྱི་ཧཱུྃ་གཉིས་གྲེང་བ་དང་། ཁུ་ཚུར་གཉིས་ཕྱིར་བསྟན་བསྟོད་དེ་འཛིན་པ་དང་། དེ་པུས་མོའི་ཐད་དུ་བཞག་པ་དང་། གཡོན་གདན་བརྟེན། གཡས་རྣ་བར་དྲིལ་བུ་གསིལ་ཚུལ་རྣམས་རྩ་བའི་ལྷ་རྣམས་ཀྱིའོ། །མགྲོན་ཐབས་རྣམས་ལ་སྔ་མ་ལྟར་རོ། །འཇིག་རྟེན་པ་རྣམས་ལ་ཐུན་མོང་དུ་རྩ་རིག་བརྗོད་པས་ཐལ་མོ་མཉམ་དུ་བརྐྱང་པའམ་པདྨ་ལྟར་ཁ་ཕྱེ་བའོ། །ཁུ་ཚུར་གཉིས་སྦྱར་བའི་ༀ་ཏྲཱཾ་ཨཱཿགསུམ་སྒྲེང་། ཧཱུྃ་ཧྲཱིཿསེམས་སྐྱིལ་དུ་བྱས་པ་རྡོ་རྗེའི་ཕྱག་རྒྱས། སྙིང་ག་མགྲིན་པ་དཔྲལ་བ་དང་། །སྨིན་མཚམས་མཛོད་སྤུ་ཕྲག་པ་གཉིས། །མགོ་བོ་གཙུག་ཕུད་དཔུང་བ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་གཉིས་དང་མིག་གཉིས་དང་། །གསང་བའི་གནས་ཏེ་ཉེར་གཉིས་སུ་རེག་ལ། ༀ་སརྦ་བིད་བཛྲ་ཨ་དྷིཥྛཱ་ན་ཛྙཱ་ན་ས་མ་ཡ་ཧཱུྃ། ཉེར་གཉིས་ཀྱིས་བྱིན་གྱིས་རློབ། རྒྱས་བསྡུས་ཅི་རིགས་ཀྱིས་མཆོད་ཅིང་། མཉམ་


KMC010_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མི་གཡོས་སོགས་ཀྱིས་བསྟོད། ཕྲིན་ལས་བཅོལ་བ་ནི། སྤྲོ་ན་སླར་ཡང་ལྷ་སོ་སོའི་ཕྱག་ཆེན་བཅིང་ཤིང་། སྔགས་བརྗོད་པའི་མཐའ་རེ་རེའི་མཚན་ནས་སྨོས་ཏེ་གཞོལ་བའམ། བསྡུ་ན། བཅོམ་ལྡན་འདས་སོགས་ནས། དེ་ཉིད་ལ་ཞུགས་པར་གྱུར། ཅེས་བཟླས་པ་བྱ། གཤིན་དོན་ཡིན་ན། མཐར་ཆྒཻ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པ་གདགས་ནས། རྗེས་སུ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལས་རིམ་ལ། ས་སློང་བ་ནི། སྔོན་འགྲོ་ལྟར་གཏོར་མ་བྱིན་ནས། ས་ལ་རྒྱུ་བའི་ལྷ་ཀུན་དང་། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ལན་གསུམ་མོ། །སྦྱང་བཟུང་ཐུན་མོང་པ་ནི། ༀ་བཛྲ་ཡཀྵ་ཧཱུྃ་གིས་དྲིའི་ཆུས་སའི་ཆར་གཏོར་ཞིང་བྱུག །ལག་མཐིལ་གཉིས་ས་ལ་ཡང་ཡང་རེག་ནས། ༀ་བཛྲ་སཏྭ་ཧཱུྃ། ས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར། ལྷ་སྟ་གོན་ནི། ལྷ་གནས་མི་འཚོལ་བའི་ཕྱིར་ཐིག་གདབ་པར་བྱ་སྟེ། ཐིག་ཆེན་བརྒྱད་པོའི་ཚངས་ཐིག་ལ། །ཇི་ཙམ་རན་པའི་གཡས་གཡོན་པར། །དུམ་བུ་དགུར་བགོས་དང་པོ་བཞག །གཞན་རྣམས་


KMC010_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསུམ་དུ་བགོས་པས། །གཡས་གཡོན་དུམ་བུ་བཅུ་གསུམ་རེའི། །དང་པོ་གཉིས་བསྡོམས་བཅུ་དྲུག་བགོས། །དབུས་ན་བརྒྱད་གཅིག་གཉིས་བཞི་གཅིག །བསྐོར་བ་འཁོར་ལོ་དེའི་ལྟེ་བར། །ཆ་ཆུང་རེ་ཡི་གདུང་རེ་མིག །དཀྱིལ་འཁོར་ནང་མའི་སྒོ་སོགས་ཐིག །དུམ་བུ་གསུམ་པ་དེ་ལ་གདབ། །རྟ་བབས་ཕྱི་རོལ་ལྟ་བུའོ། །དུམ་བུ་བཞི་པ་ལྔ་པ་གཉིས། །ཕྱེད་བགོས་ལྷ་སྣམ་རིམ་པ་བཞི། །དྲུག་བདུན་ཕྱི་དཀྱིལ་བཞི་བཞིར་བགོས། དྲུག་པ་དབུས་དོར་མཐའ་གཉིས་གདབ། །བདུན་པ་ཕྱེད་གདབ་ཕྱི་ཕྱེད་གདབ། །སྒོ་དང་སྒོ་ཁྱུད་འགྲམ་དང་ལོགས། །བཞི་མཉམ་གཉིས་མཉམ་གང་རིགས་བྱ། །གཉིས་མཉམ་ལ་ནི་མུན་པ་དང་། །ཀ་བ་ཀ་རྒྱན་ཆ་ཆུང་རེ། །བརྒྱད་པ་དགུ་པ་བཅུ་པ་གསུམ། །རྟ་བབས་ཞེང་དུ་ཆ་ཆེན་བཞི། །སྟེང་འོག་བཞིར་བགོས་དབུས་དཀྱིལ་ནས། །ཆ་ཆུང་གཅིག་བཅད་བཅུ་གཅིག་པོ། །མས་ནས་གཡས་གཡོན་ཆ་ཆུང་ནི། །བརྒྱད་བརྒྱད་དགུ་བརྒྱད་བདུན་བརྒྱད་དང་། །དྲུག་དང་བདུན་ཚན་གསུམ་དང་ལྔའོ། །བཞི་སྟེང་ཚངས་ནས་བཞི་བསྐོར་ལ། །གཉིས་སྟེང་བཞིན་ནས་གཉིས་གཉིས་བསྐོར། །ཆ་ཕྱེད་ནང་བསྐོར་གླང་གུར་རོ། །བཅུ་གཅིག་དབུས་རྭ་སྨད་སྒོ་ཚད། །རྩེ་མོ་ཆ་གཉིས་འཁོར་ལོ་དང་། །པདྨ་རི་དྭགས་གདུགས་རྣམས་བྲི། །དྲུག་འོག་ཚངས་ནས་ཆ་གཉིས་ནས། །ཀ་རྒྱན་རྩེར་བཟུང་བསྐོར་བ་དང་། །དྲུག་


KMC010_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ཕྱེད་ལྔ་ནས་དེས་བསྐོར། །བཅུ་གཉིས་འཇིག་རྟེན་ཁོར་ཡུག་སྟེ། །བཅུ་གསུམ་བཞིར་བགོས་རྡོ་རྭ་ལ། །ཆ་གཅིག་འོད་ཕྲེང་ཆ་གསུམ་མོ། །དེ་ལྟར་བཏབ་ལ། གཙོ་བོ་ལྔའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང་གཞན་རྣམས་སུ་ཟླུམ་པོ། སྟེ་བ་དུ་མེ་ཏོག་བཀོད། མདུན་བསྐྱེད་ལྟར་ལྷ་བསྐྱེད་པའམ། མ་བསྐྱེད་པར་སྤྱན་དྲང་བ་ཁོ་ན་བྱས་ཀྱང་རུང་ལ། སྒོ་བ་བཞིའི་སྔགས་རྒྱས་ཐིག་ལེར་དགུག་གཞུག་བྱ། སྙིང་པོ་རྣམས་བརྗོད་པའི་མཐར་མཆོད་ཅིང་བསྟོད། པུས་བཙུགས་སྤོས་ཐོགས་པས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །སངས་རྒྱས་ལ་སོགས་ཀུན་གཤེགས་ཏེ། །དངོས་གྲུབ་འདིར་ནི་བདག་ལ་སྩོལ། །ལན་གསུམ། རྡོ་རྗེ་ཁུ་ཚུར་གྱི་ཧཱུྃ་གཉིས་བཀན་ནས་གྱེན་དུ་འདེགས་པས། ༀ་སརྦ་བིད་ཨུ ཏ་ཏིཥྛ་བཛྲ་ཧཱུྃ། ཞེས་སྟ་གོན་གྱི་ལྷ་ནམ་མཁར་བཏེག །བུམ་པ་སྟ་གོན་ནི། ཀུ་ཤ་གསར་པའི་གདན་ལ་བུམ་པ་མཚན་ཉིད་དང་ལྡན་པ་གཉིས་བུམ་རྫས་ཀྱིས་བཀང་སྟེང་དུ་མཆོད་ཡོན་གྱི་སྣོད་དང་རྡོ་རྗེ་མེ་ཏོག་གི་ཕྲེང་བ་བཅས་པ་བཞག །བསང་སྦྱང་། སྟོང་པའི་ངང་ལས་མཚན་


KMC010_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་དབུས་སུ་སིཾ་ལས། ཞེས་སོགས་མདུན་བསྐྱེད་ལྟར་བསྐྱེད་བསྟིམ་རྐྱས་གདབ་ཕྲིན་ལས་བཅོལ་ཞིང་། སྟ་གོན་གྱི་ལྷ་མི་བསྟིམ་བར་སྤྱན་དྲངས་པའི་ལྷ་བསྟིམ་པ་ནི་ཁྱད་པར་རོ། །རྡོ་རྗེས་བུམ་པར་རེག་པའམ་གཟུངས་ཐག་བཟུང་ནས་བཟླས་པ་བྱ་ཞིང་མཆོད་བསྟོད་ཅི་རིགས་བྱ། མཐར། ལྷ་རྣམས་བྱང་སེམས་ཀྱི་ངོ་བོ་རྡོ་རྗེའི་ཆུར་རོ་གཅིག་པར་གྱུར། ཅེས་དང་། །བསང་སྦྱང་། ལས་བུམ་གྱི་ནང་དུ་རྡོ་རྗེ་གནོད་སྦྱིན་བསྐྱེད་ལ་དེའི་སྔགས་བཟླས་ནས། རྡོ་རྗེ་གནོད་སྦྱིན་གྱིས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་རྣམས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། བསྡུ་ན། བུམ་པ་རྡོར་འཛུག་གི་སྐབས་སུ། ༀ་བཛྲ་ཡཀྵས་བསང་སྦྱང་། སྟོང་པའི་ངང་ལས་མཚན་ཉིད་ཡོངས་སུ་རྫོགས་པ་རྣམ་རྒྱལ་བུམ་པ་སྔགས་ཀྱི་ཡིག་འབྲུས་ཡོངས་སུ་གང་བར་གྱུར། ཅེས་རྩ་རིག་རྐྱང་པ་འདོན་ཀྱང་ཆོག །འཁོར་སྔགས་བཏགས་ཀྱང་འགལ་བ་མེད། སྔགས་ཀྱི་ཡིག་འབྲུ་ལྷའི་ངོ་བོ་ཡིན་པས། མཆོད་བསྟོད་དང་མཐར། སྔགས་ཀྱི་ཡིག་འབྲུ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུར་


KMC010_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ལས་བུམ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་མང་ཉུང་ཅི་རིགས་བཟླ་ནས་བཞག་པ་མ་གཏོགས་འོད་ཞུ་སོགས་མི་དགོས་སི་ཏུས་མཛད་པའོ། །བུམ་པར་རྡོ་རྗེས་རེག་སྟེ་རྣམ་རྒྱལ་དུ་ལྷ་ཐམས་ཅད་དང་། ལས་བུམ་ལ་གནོད་སྦྱིན་གྱི་སྔགས་བཟླས་པ་ཁོ་ནས་ཆོག་གོ །དངོས་གཞི་དཀྱིལ་འཁོར་བྲི་བའི། བསང་སྦྱང་། ཐིག་ཚོན་རྣམས་ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཿལས་རིགས་ལྔར་གྱུར་ཅིང་ཡེ་ཤེས་ཀྱི་ཐིག་ཚོན་རྣམས་དེ་ལ་ཞུགས་ནས་རིགས་ལྔ་ཞུ་བ་ལས་ཐིག་ཚོན་སོ་སོའི་རྣམ་པར་གྱུར། ཐིག་སྐུད་ལ་ཨ་ནྱོ་ནྱ་སོགས་བཟླས་པས་གཅིག་ཏུ་བསྒྲིལ། ༀ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ། བརྒྱ་རྩ་སོགས་བཟླ། ཚོན་སྣ་ལྔ་ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ་ཞེས་པ་བདུན་བདུན་བཟླས། ཧི་ཧི་ཞེས་པས་སྦར་ལ་གཉིས་ཀར་ཉེར་སྤྱོད་ཀྱིས་མཆོད། རང་བདེན་བྲལ་དུ་གནས་པས་གྲོགས་དབང་ལྡན་དུ་གནས་པ་ལ་ཛ་ཛ་ཛ་ཞེས་ཐིག་སྣ་གཏད། དེས་ཀྱང་ཛ་ཛ་ཛ་ཞེས་དྲངས་ནས། རང་ནུབ་དང་གྲོགས་ཤར་ནས། ༀ་བཛྲ་སཱུ་ཏྲ་སོགས་བརྗོད་པས་ཚངས་ཐིག་དང་པོ། དེ་བཞིན་རང་ལྷོ་ནས་གཉིས་པ། མེ་ནས་ཟུར་ཐིག་དང་པོ། སྲིན་པོ་ནས་གཉིས་པ། མེ་ནས་ཤར་དང་ལྷོའི་རྩ་ཐིག །རླུང་ནས་ནུབ་དང་། བྱང་གི་རྩ་ཐིག་གྲོགས་ཀྱི་འདུག་ས་ཤུགས་ལ་


KMC010_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། དེའང་དང་པོ་ནམ་མཁའ། དེ་ནས་ས་ལ་གདབ། གཉིས་ཀ་གཡས་སྐོར་དང་གྲོགས་ཀྱིས་རང་ལ་རྒྱབ་མི་བསྟན་པ་ལ་བསླབ། ཚོན་རྣམས་ༀ་བཛྲ་ཙི་ཏྲ་སོགས་བརྗོད་བཞིན་པས། ཐོག་མར་སློབ་དཔོན་གྱིས་དབང་ལྡན་ནས་བརྩམས་རྩིག་པ་སྒོ་ཚད་གཅིག་གི་བར་ཁུ་ཚུར་གཡོན་གྱིས་བྲི། དེའི་རྗེས་སུ་གང་བདེར་བྲིས་ལ་སྐུའམ་ཕྱག་མཚན་ནམ་ས་བོན་ནམ་གདན་གྱི་ཐིག་ལེ་ཙམ་བཀོད། རྣམ་རྒྱལ་བུམ་པ་ལྷོ་སྒོའི་འགྲམ་དང་། ལས་བུམ་ཤར་སྒོའི་གཡས་སུ་བཞག །མཆོད་པ་རྣམས་ཀྱིས་བསྐོར་ལ། མདུན་བསྐྱེད་སྒྲུབ་པ་ནི། བསྡུ་ན། རྡུལ་ཚོན་དེ་ཉིད་ལ། སྟ་གོན་ནས་སྤྱན་དྲངས་པའི་ལྷ་བསྟིམས་ནས་དབང་བསྐུར་རྒྱས་གདབ་བཟླས་པ་སོགས་བྱ། སྤྲོ་ན་དཀྱིལ་འཁོར་རྒྱལ་མཆོག་ལྟར་ལས། རང་ཉིད་ཅེས་པ་དང་། ཐུགས་ཀར་ཟླ་བའི་གདན་ལ་རྩ་རིག་གི་དབུས་སུ་ཞེས་དང་། དེ་བཞིན་དུ། ཐུགས་ཀའི་ཞེས་པ་རྣམས་དང་། འབྱིན་སྔགས་རྣམས་དང་། ཐུགས་ཀ་ནས་ཕྱུང་། ཞེས་སོགས་བཞག །སྔར་སྟ་གོན་བྱས་ན་ཡེ་ཤེས་པ་སྤྱན་དྲངས་བའི་ཚིག་ཏུ། ༀ་སརྦ་བིད་བཛྲ་ཙཀྲ་སིདྡྷི་ཧཱུྃ་དང་། སྒོ་བ་བཞིའི་སྔགས་རྒྱས། ནམ་མཁར་གནས་པའི་སྟ་གོན་གྱི་ལྷ་རྣམས་བབས་ནས་དམ་ཚིག་པ་ལ་ཐིམ་པས་གཉིས་སུ་མེད་པར་


KMC010_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཅེས་དང་། མ་བྱས་ན་སྔར་ལྟར་ཡེ་ཤེས་པ་བསྟིམ། དབང་བསྐུར་རྒྱས་གདབ། ཕྲིན་ལས་བཟླས་པ་སོགས་བྱའོ། ༈ །དེ་ནས་བདག་བསྐྱེད་མཆོད་པ་ཉེར་ལྔ་ནི། དཔག་མེད་བསོད་ནམས་སྟོབས་ལས་བྱུང་བ་ཡི། །ལྷ་རྫས་ལས་གྲུབ་རིན་ཆེན་ཅོད་པན་མཆོག །རྒྱལ་བ་སྲས་དང་བཅས་ལ་འབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ༀ་བཛྲ་མུ་ཀུ་ཊཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཐོག་མཐའ་སྦྱར་བས། སྙན་ཤལ་མཛེས་བྱེད་རིན་ཆེན་འཁྱིལ་པའི་རྒྱན། །ཀུཎྜ་ལཱི། མགྲིན་པ་དུང་འདྲ་མཛེས་ཁྱེད་མགུལ་གདུབ་མཆོག །ཧཱ་ར་ཥ། ཐུགས་མཚན་དཔལ་བེ་མཛེས་བྱེད་སེ་མོ་དོ། །ཨ་ཝ་ཧཱ་ར། དཔུང་པ་མཛེས་བྱེད་དཔུང་རྒྱན་སྲུང་སྐུད་མཆོག །ཀེ་ཡཱུ་ར། ཕྱག་གཉིས་མཁྲིག་མར་སྤྲས་པའི་གདུབ་བུ་མཆོག །པ་རི་ཀ་ཊ་ཀཾ །དྲ་བས་འབྲེལ་པའི་སོར་མོའི་གདུབ་བུ་མཆོག །པ་ཀཾ་ཝ་ལ། རྫུ་འཕྲུལ་ལྡན་པའི་ཞབས་ལ་མཛེས་བྱེད་རྒྱན། །པཱ་དཱ་བྷ་ར་ཎ། དེ་རྣམས་ལ་ཁུ་ཚུར་གྱིས་སོ་


KMC010_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སོར་འཆིང་ཚུལ་བྱ། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། ཁུ་ཚུར་གཡོན་པའི་ༀ་སྟེང་། གཡས་པའི་ཐལ་མོ་ཕུབ་པས། ཙྪ་ཏྲཱཾ་ཀ །མི་མཐུན་བདུད་ལས་རྒྱལ་བའི་རྒྱལ་མཚན་མཆོག །ཁུ་ཚུར་གཡས་ཕྲག་པར་ཕྱར། དྷྭ་ཛཿ སྙན་པ་ཕྱོགས་བཅུར་འཕྲོ་བའི་བ་དན་འཕན། །ལག་མཐིལ་གཉིས་བསྐྱོད་པས། པཱ་ཏ་ཀ །ཕྱོགས་ཀུན་ཡིད་འཕྲོག་དར་གྱི་ལྡ་ལྡིས་སྤྲས། །གཡས་པའི་ཧཱུྃ་ཏྲཱཾ་བརྐྱང་བས། པ་ཊ་དཱ་མ། གདུང་སེལ་རྔ་ཡབ་ནོར་བུའི་ཡུ་བ་ཅན། །ཁུ་ཚུར་གཡོབ་པས། ཙ་མཱ་ར། རིན་ཆེན་རྒྱན་འོད་ལྡན་པའི་བླ་རེ་བྲེས། །ཐལ་མོ་སྟེང་འོག་སྦྱར་བས། བི་ཏཱ་ན། མི་འཇིགས་བཞི་དང་ལྡན་པའི་སེང་གེའི་ཁྲི། །ཁུ་ཚུར་གཉིས་བདུན་དུ་གཤིབས་པས། སེང་ཧ་ཨཱ་ས་ན། ལྷ་རྫས་ཡིད་འོང་མཛེས་པ་གཟིམས་ཆའི་མཆོག །གདན་འབུལ་ཚུལ། ཤ་ཡ་ཨཱ་ས་ན། ཉོན་མོངས་གྲྭ་ཟུར་སྤངས་པའི་ཕོ་བྲང་ཟླུམ། །གཡས་པའི་ཧཱུྃ་ཏྲཱཾ་གཉིས་ཀྱིས་བསྐོར་ནས། པ་རི་མཎྜ་ལ་ངྷྱཱ་ན། ཡོན་ཏན་རྒྱས་པའི་གྲུ་བཞི་གཞལ་མེད་ཁང་། །ཐལ་མོ་གཉིས་གྲུ་བཞིར་བྱས་པས། ཨ་མེ་ཡ་ཙ་ཏུརྠ།


KMC010_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་གྲུ་བཞི་ཉིས་བརྩེགས་ཁང་། །དེ་ཉིས་བརྩེགས་བྱས་པས། དྭི་ཀཱུ་ཊ་གཱ་རཾ། རང་བཞིན་འོད་གསལ་བྱང་སེམས་ཟླ་བའི་གདན། །སོར་མོ་བསྐུམ་པའི་ལག་མཐིལ་གཤིབས་པས། ཙནྡྲ་ཨཱ་ས་ནཾ། འདོད་པའི་འདམ་གྱིས་མ་གོས་མེ་ཏོག་མཆོག །པུཥྤ། སྟོང་ཉིད་སྒྲ་སྒྲོག་པི་ཝཾ་ཏིང་ཏིང་ཤག །ཝཱི་ཎ། ཐབས་ལ་མཁས་པས་ཟག་མེད་ཕུང་པོའི་དྲི། གནྡྷེ། ཉོན་མོངས་བཀྲེས་སེལ་ཆོས་ཀྱི་ཞལ་ཟས་མཆོག །ནཻ་ཝི་དྱ། ངོ་ཚ་ཁྲེལ་ཡོད་ལྡན་པ་ལྷ་ཡི་གོས། །ༀ་བཛྲ་ཝསྟྲ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་ནི། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་


KMC010_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོང་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་


KMC010_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྩོལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་ཕྲིན་བཅོལ་རྒྱས་པ་ནི། ན་མོ་བྷ་ག་སོགས་རྩ་རིག་དང་། རྣམ་སྣང་སྔགས་ༀ་ཤོ་དྷ་ནི་སོགས་ཀྱི་མཐར། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཆེན་པོས་དམིགས་ཡུལ་གྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཕྲིན་ལས་མཛད་དུ་གསོལ། ཕྱག་རྒྱ་བྱ་ཞིང་། ན་མོ་བྷ་ག་སོགས། ༀ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧཱུྃ། དེ་བཞིན་དུ། ཏྲཱཾ་ཧྲཱིཿཨཱཿ ༀ་ཤོ་དྷ་ནི་ཧཱུྃ། དེ་བཞིན་དུ། ཏྲཱཾ་ཧྲཱི་ཨཿ རིགས་བཞི་དང་ཡུམ་བཞིས་ཀྱང་དམིགས་ཡུལ་གྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཕྲིན་ལས་མཛད་དུ་གསོལ། ན་མོ་བྷ་ག་ཝ་ཏེ་སོགས་སྙིང་པོ་དང་། ༀ་སརྦ་བིད་བཛྲ་ས ཏྭ་ཧཱུྃ། དེ་བཞིན་དུ། ཛཿཧོཿདྷཱུ་ཏྲཱཾ་ཪྱཾ་བྷྲྀ་ཧ་ཧྲཱིཿདྷཱི་ཀྲུཾ་བྷ་ཀཾ་རཾ་ཀྵཾ་སཾ། སེམས་དཔའ་བཅུ་དྲུག་གིས་ཀྱང་དམིགས་ཡུལ་སོགས། ན་མོ་བྷ་ག་སོགས། ༀ་བཛྲ་ལཱ་སྱེ་ཧཱུྃ། དེ་


KMC010_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། མཱ་ལེ་ཏྲཱཾ། གཱི་རྟཱི་ཧྲཱིཿ ནཱི་རྟི་ཨཱཿ དྷཱུ་པེ་ཧཱུྃ། པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨཱཿ ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུྃ། སྥོ་ཊ་བཾ། ཨཱ་བེ་ཤ་ཡ་ཧོཿ སྒེག་སོགས་བརྒྱད་དང་སྒོ་བ་བཞི་ཡིས་ཀྱང་དམིགས་ཡུལ་གྱི་སོགས། ན་མོ་བྷ་ག་ཝ་ཏེ་སོགས། ༀ་སརྦ་སཾ་སྐཱ་རི་པ་རི་སོགས། ༀ་བོ་དྷི་སཏྭ་སརྦ་སཾ་སྐཱ་རི་སོགས། སྐལ་བཟང་དང་དཔེ་བྲལ་གྱི་སེམས་དཔའ་རྣམས་ཀྱིས་ཀྱང་དམིགས་ཡུལ་སོགས། ན་མོ་བྷ་ག་ཝ་ཏེ་སོགས། ༀ་སརྦ་མུ་ནི་བྷྱཿཔ་རི་ཤུདྡྷེ་ག་ག་ན་ས་མཱ་ནཱཾ་སྭཱ་ཧཱ། ༀ་ན་མོ་བུདྡྷ་བྱ་ཝ་ལོ་ཀི་ཏེ་ཤུདྡྷེ་ག་ག་ན་ས་མ་ཡེ་སྭཱ་ཧཱ། ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་དམིགས་ཡུལ་སོགས། ན་མོ་བྷ་ག་ཝ་ཏེ་སོགས་དང་། ༀ་ཏྲཻ་ལོ་ཀྱ་ཀི་ར་ཧཱུྃ་ཕཊ། དེ་བཞིན་དུ། ད་མ་ཀ །ནཱ་ཤ །ཨཱནྟ། ཨ་མྲྀ་ཏ། ཀཱ་ལ་དཎྜ། ཀཱ་ཎ་ཧ་ནི། ཧྲཱིཿ ཁྲོ་བོ་ཆེན་པོ་བརྒྱད་ཀྱིས་ཀྱང་དམིགས་ཡུལ་སོགས། ན་མོ་བྷ་ག་སོགས། ཡང་། ན་མོ་བྷ་ག་ཝ་ཏེ་སོགས། བི་ཤོ་དྷ་ནི་སྭཱ་ཧཱ། ཕྱིའི་ཁོར་ཡུག་ལ་གནས་པའི་དཔལ་མགོན་བདུན་ཅུ་རྩ་


KMC010_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་ཀྱང་དམིགས་ཡུལ་གྱིས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ས་ལམ་གྱི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ། བསྡུ་ན། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་བརྗོད་པས། ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་གསལ་བར་བྱས། དེ་དག་གི་རྒྱུད་ཀྱི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངང་དུ་བཅོམ་སྟེ་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ལས་ཐར་བར་མཛད། འོད་ཟེར་ཚུར་འདུས་ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཞུགས་པར་གྱུར། ཅེས་བཟླས་པ་བྱ་བ་ནི། ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡཱརྷ་ཏེ་སཾམྱ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་


KMC010_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ། ཅི་ནུས་དང་། མཐར་ༀ་ཤོ་དྷ་ནེ་སོགས་ནས། ཕྱིའི་ཁོར་ཡུག་བར་འབྱིན་སྔགས་ཚང་བར་བརྗོད། གཤིན་དོན་ཡིན་ན། མཐར་ཆྒཻའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པས་གདགས། རྗེས་སུ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། ༈ །བུམ་པ་བསང་སྦྱང་། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་མཚན་ཉིད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་དབུས་སུ་སིཾ་ལས་སེང་གེ། ཤར་དུ་གཾ་ལས་གླང་ཆེན། ལྷོར་བཾ་ལས་རྟ་མཆོག །ནུབ་ཏུ་མཾ་ལས་རྨ་བྱ། བྱང་དུ་གཾ་ལས་མཁའ་ལྡིང་གི་ཁྲི། ལྷ་ཐམས་ཅད་ཀྱི་གནས་སུ་ཧྲཱིཿལས་སྣ་ཚོགས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར། གདན་དབུས་མའི་སྟེང་དུ་ཨཱ་ལི་གཡོན་བསྐོར་ཞུ་བ་ལས་ཤེས་རབ་ཀྱི་ཟླ་བའི་སྟེང་དུ་ཀཱ་ལི་གཡས་བསྐོར་ཞུ་བ་ལས་ཐབས་ཀྱི་ཟླ་བ། དེ་གཉིས་


KMC010_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འོད་དུ་ཞུ་བ་ལས་ༀ་ཤོ་དྷ་ནེ་སོགས། ཡིག་འབྲུ་དེ་རྣམས་ལས་འོད་ཟེར་འཕྲོས། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་དོན་མཛད། འོད་ཟེར་ཚུར་འདུས་ཡིག་འབྲུ་ལ་ཐིམ། ཡོངས་སུ་གྱུར་པ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ། དེ་ལས་བཅོམ་ལྡན་འདས་ཀུན་རིག་དུང་དང་ཀུནྡ་ཟླ་བའི་མདོག་ཅན་ཞལ་བཞི་དཀར་བ་ཞི་བས་གཟིགས་པ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྣམས་ཤིང་དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེའི་རྒྱན་དང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཉི་མའི་རྒྱབ་ཡོལ་མངའ་བར་གྱུར། ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ལས་འོད་འཕྲོས། འགྲོ་དོན་བྱས་འདུས་པ་ལས་སྦྱོང་བའི་རྒྱལ་པོ་དཀར་དམར་ས་གནོན་མཉམ་གཞག་མཛད་པ། རྒྱལ་མཆོག་རིན་ཆེན་སྔོན་པོ་མཆོག་སྦྱིན་མཉམ་གཞག་མཛད་པ། ཤཱཀྱ་རིགས་


KMC010_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དམར་སེར་མཉམ་གཞག་མཛད་པ། མེ་ཏོག་ཆེར་རྒྱས་ལྗང་གུ་སྐྱབས་སྦྱིན་མཉམ་གཞག་མཛད་པ་སྟེ། དེ་བཞིན་གཤེགས་པ་བཞི་ཞི་བའི་གཟིགས་སྟངས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། ཤར་ལ་སོགས་པའི་ཕྱོགས་བཞིར་ཉི་མའི་རྒྱབ་ཡོལ་ལ་བརྟེན་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་འཁོད། ཧཱུྃ་ཏྲཱཾ་ཧྲཱིཿཨཿརྣམས་ལས་འོད་འཕྲོས་འདུས་པ་ལས་སྤྱན་མ་དཀར་མོ། མཱ་མ་ཀཱི་སྔོན་མོ་གོས་དཀར་མོ་དམར་མོ། སྒྲོལ་མ་ལྗང་གུ་སྟེ་ཡུམ་བཞི་གཡས་འཁོར་ལོ་རྡོ་རྗེ་པདྨ་ཨུཏྤལ་མཛེས་པ། མེ་ལ་སོགས་པའི་མཚམས་བཞིར་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཧཱུྃ་ཛཿཧོཿདྷཱུ་ཏྲཱཾ་ཪྱཾ་བྷྲཱྀྀ་ཧཱ་ཧྲཱིཿདྷཱིཿཀྲུཾ་བྷཱ་ཀཾ་རཾ་ཀྵཾ་སཾ་རྣམས་ལས་འོད་འཕྲོས། འདུས་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འགེངས་པ། རྡོ་རྗེ་ལེགས་པ་ལྗང་གུ་ཐུགས་ཀར་སེ་


KMC010_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་གཏོགས་པ། རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ཅན་གཡས་ཉི་མ་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱལ་མཚན་སྔོན་པོ་གཡས་རྒྱལ་མཚན་ཕྲག་པར་འཕྱར་བ། རྡོ་རྗེ་བཞད་པ་དཀར་པོ་གཡས་སོ་ཡི་ཕྲེང་བ་ཁ་འགྲམ་གཡས་སུ་འཛིན་ཅིང་། དེ་གསུམ་གྱི་ཕྱག་གཡོན་གདན་ལ་བརྟེན་པ། རྡོ་རྗེ་ཆོས་དཀར་དམར་གཡོན་པདྨ་དཀུར་འཛིན་ཅིང་། གཡས་དེའི་ཁ་འབྱེད་པ། རྡོ་རྗེ་རྣོན་པོ་སྔོ་བསངས་གཡས་རལ་གྲི་ཕྱར་ཞིང་གཡོན་པོ་ཏི་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱུ་གསེར་མདོག་གཡས་ཀྱི་གུང་མོའི་རྩེར་འཁོར་ལོ་འཛིན་པ། རྡོ་རྗེ་སྨྲ་བ་ཟངས་ཀྱི་མདོག་ཅན་གཡས་རྡོ་རྗེས་མཚན་པའི་ལྕེ་འཛིན་ཅིང་། དེ་གཉིས་ཀྱི་ཕྱག་གཡོན་གདན་ལ་བརྟེན་པ། རྡོ་རྗེ་ལས་སྣ་ཚོགས་མདོག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་


KMC010_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྡོ་རྗེ་སྲུང་བ་སེར་པོ་གོ་ཆ་བསྐོན་པའི་ཚུལ་དུ་འཛིན་པ། རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་ཕྱག་གཉིས་ཀྱིས་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ། རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་གཉིས་ཀྱིས་དཀུ་གཡོན་དུ་རྡོ་རྗེ་འཚེར་བ་སྟེ་སེམས་དཔའ་བཅུ་དྲུག །ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཛཿཧཱུྃ་བཾ་ཧོཿརྣམས་ལས་འོད་འཕྲོས། འདུས་པ་ལས་སྒེག་མོ་དཀར་མོ་རྡོ་རྗེ་གཉིས་དཀུར་འཛིན་པ། ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། གླུ་མ་དཀར་དམར་པི་ཝཾ་འཛིན་པ། གར་མ་སྣ་ཚོགས་མདོག་གར་མཛད་པ། བདུག་སྤོས་མ་དཀར་མོ་སྤོས་སྣོད་འཛིན་པ། མེ་ཏོག་མ་སེར་མོ་གཡོན་མེ་ཏོག་གི་སྣོད་འཛིན་ཅིང་གཡས་ཀྱིས་འཐོར་བ། མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱུག་པ་མ་སྣ་ཚོགས་མདོག་གཡོན་དྲིའི་སྣོད་འཛིན་ཅིང་གཡས་ཀྱིས་མཆོད་པ། རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་


KMC010_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ་སྟེ། སྒེག་སོགས་བརྒྱད་དང་སྒོ་བ་བཞི། ཕྱིའི་གྲྭ་ཕྱི་ནང་དང་ཕྱོགས་བཞིར་མེ་དང་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད་པར་གྱུར། ཕྱག་རྒྱ་སྔར་ལྟར་ལས། ༀ་སརྦ་བིད་མཎྜ་ལ་བཛྲ་ཙཀྲ་ཧཱུྃ། ༀ་སརྦ་བིད་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ འོག་མིན་གྱི་གནས་ནས་རྒྱལ་བ་སྲས་དང་བཅས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་མདུན་གྱི་ནམ་མཁར་གཤེགས་པར་གྱུར། གནོད་སྦྱིན་གྱི་ཕྱག་རྒྱས་ཕྱིར་འབྲང་གི་བགེགས་བསྐྲད། ༀ་བཛྲ་ཡཀྵ་ཧཱུྃ། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་དང་། ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། །ཞེས་དམ་ཚིག་པ་ལ་


KMC010_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་བརྗོད་ནས། བསྡུ་བ་དང་སྤྲོ་བའི་ཚུལ་གྱིས་དམ་ཚིག་པ་དང་ཡེ་ཤེས་པ་རྣམས་གཅིག་ཏུ་འདྲེས་ཤིང་གཅིག་ཏུ་གྱུར། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་མེད། །རྡུལ་ཕྲན་ཐམས་ཅད་ཇི་སྙེད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བ་ནི། ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ་ཧཱུྃ། རཧྣ་ཏྲཱཾ། པདྨ་ཧྲཱིཿ ཀརྨ་ཨཿ དབུ་རྒྱན་དང་། ༀ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ༀ། བཛྲ་ཧཱུྃ་སོགས། ༀ་བུདྡྷ་ན་མ་ཨ་བྷི་སོགས་མིང་དབང་དང་། དབང་ལྷ་རྣམས་ཀྱང་བུམ་པའི་ལྷ་དང་དབྱེར་མེད་དུ་གྱུར། ༀ་བཛྲ་ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུྃ་སོགས། ༀ་བྲྀ་ཏ་བྲྀ་ཏ་སརྦ་ཨ་བཱ་ར་ཎ་ནི་ཧཱུྃ་ཕཊ། ༀ་ཏྲཊ་ཏྲཊ་སོགས། ༀ་ཚིནྡྷ་ཚིནྡྷ་སོགས། ༀ་སརྦ་བིད་བཛྲ་ཨ་དྷིཥྛཱ་ན་ཛྙཱ་ན་ས་མ་ཡ་ཧཱུྃ། ལན་གསུམ། ན་མོ་བྷ་ག་ཝ་ཏེ་སོགས་ནས། བི་ཤོ་དྷ་ན་སྭཱ་ཧཱ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་


KMC010_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་པས། ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་གསལ་བར་བྱས། དེ་དག་གི་རྒྱུད་ཀྱི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངང་དུ་བཅོམ་སྟེ་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ལས་ཐར་བར་མཛད། འོད་ཟེར་ཚུར་འདུས་ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཞུགས་པར་གྱུར། ཅེས་བཟླས་པ་བྱ་བ་ནི། ན་མོ་བྷ་ག་ཝ་ཏེ་སོགས་རྩ་རིག་བཟླ་ཞིང་། མཐར་འབྱིན་སྔགས་རྣམས་སྒོ་བ་བཞིའི་སྔགས། ཨཱ་ཝེ་ཤ་ཡ་ཨ་ཨཱཿ བར་རྒྱས་པར་བརྗོད། མཐར་ཆྒཻའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་རྗེས་སུ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །སྤྲོ་ན་ངོ་མཚར་བའི་མཆོད་པ་བཅོ་བརྒྱད་ནི། གནས་འདིའམ་ནི་གཞན་དག་ན། །ལྷ་སོགས་བདག་གིར་མ་


KMC010_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམས། །ཐུབ་པའི་སྐྱེས་མཆོག་རྣམས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གནས་འདིའམ་ནི་གཞན་དག་ན། །གང་དག་སྤོས་ཀྱི་ཤིང་བཟང་པོ། །ལྷ་ཡི་སྤོས་སོགས་རྨད་བྱུང་བ། །ཐུབ་པའི་དབང་ཕྱུག་རྣམས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ༴ རིན་ཆེན་བཟང་པོ་ཆེར་འབར་དང་། །སྣང་བའི་ཤིང་ལས་བྱུང་བ་དང་། །ཉི་མ་ཟླ་བ་ལ་སོགས་འོད། །ཕྱོགས་རྣམས་ཀུན་ཏུ་སྤྲོས་ཏེ་འབུལ། །ཨཱ་ལོ་ཀེ །གནས་འདི་འམ་ནི་གཞན་དག་ན། །དྲི་ཡི་ཤིང་རྣམས་བཟང་པོའི་ཆབ། །ཕྱོགས་རྣམས་ཀུན་ཏུ་སྤྲོས་བྱས་ནས། །ཐུབ་པའི་དབང་ཕྱུག་རྣམས་ལ་འབུལ། །གནྡྷེ། རིན་ཆེན་རང་བཞིན་རྒྱ་མཚོ་དང་། རིན་ཆེན་རི་བོ་ལ་སོགས་མཆོག །མཆོད་པའི་སྤྲིན་ནི་སྤྲོས་པ་ཡིས། །ཕྱོགས་རྣམས་ཀུན་ཏུ་འབུལ་བར་བྱ། །སྙིང་གར་ཐལ་མོ་ཁོང་སྟོང་སྦྱར་བས། བོ་དྷྱངྒ་རཏྣ་ཨ་ལངྐཱར། རྩེད་འཇོའི་བདེ་བ་དགའ་


KMC010_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ། །རྒོད་དང་སྒེག་ལ་སོགས་པའི་ཚོགས། །ཕྱོགས་རྣམས་ཀུན་ཏུ་ཐམས་ཅད་ནས། །དགའ་བའི་མཆོག་ནི་སྤྲོ་བར་བྱ། །རྡོ་རྗེ་ཁུ་ཚུར་ཁ་འགྲམ་གཉིས་སུ་ཕྱི་རུ་བསྟན་ལ། ཧཱ་སྱ་ལཱ་སྱ་ར་ཏི་ཀྲཱྀ་ཌཱེ་སཽ་ཁྱ་ཨ་ནུཏྟཱ་ར། གོས་དང་རྒྱན་སོགས་འབྱུང་བ་ཡི། །དེ་བཞིན་དཔག་བསམ་ཤིང་བཟང་པོ། །རྡོ་རྗེའི་སྔགས་ནི་བརྗོད་བྱ་ཞིང་། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །རྡོར་ཐལ་སྤྱི་བོར་བསྐོར་ཞིང་སྙིང་གར་སྦྱར་ལ། ཨ་ནུཏྟ་ར་བོ་དྷི་ཨ་ལངྐཱ་ར་ཝསྟྲ། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕྱོགས་རྣམས་ཀུན་ཏུ་སྤྲོས་བྱས་ཏེ། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །རྡོར་སེམས་ཀྱི་ལས་རྒྱས། བཛྲ་བོ་དྷི་ཙིཏྟ། སྦྱིན་པའི་ཕ་རོལ་ཕྱིན་མཆོད་པས། །སེམས་ཅན་ཐམས་ཅད་དཔལ་དང་ནི། །ནོར་དང་ལྡན་པ་འགྲུབ་པར་ཤོག །བདེ་བའང་མ་ཚང་མེད་པར་ཤོག །སྒེག་མོའི་ལས་རྒྱས། མ་ཧཱ་བཛྲོདྦྷ་ཝ་དཱ་ན་པཱ་ར་མི་ཏཱ། སེམས་ཅན་ཐམས་ཅད་བྱང་ཆུབ་དང་། །


KMC010_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ་རབ་ཏུ་གནས་པར་ཤོག །རྒྱགས་སོགས་ཉེས་པ་ཆེན་པོ་རྣམས། །ཞི་གྱུར་ཀུན་ཏུ་སྤྲོ་བར་བྱ། །ཕྲེང་བ་མའི་རྒྱས། ཨ་ནུཏྟ་ར་མ་ཧཱ་བོ་དྷི་ཧཱ་ར་ཤཱི་ལ་པཱ་ར་མི་ཏཱ། འཇིགས་དང་མཁོན་སོགས་སྡུག་བསྔལ་ལ། །སོགས་པའི་སྡུག་བསྔལ་ཞི་གྱུར་ཅིག །བྱམས་དང་ལྡན་པའི་རྣལ་འབྱོར་གྱིས། །ཆོས་ལ་བདག་མེད་བསྒྲུབ་པར་བྱ། །གླུ་མའི་རྒྱས། ཨ་ནུཏྟ་ར་མ་ཧཱ་དྷརྨཱ་ཨ་བ་བོ་དྷི་ཀྵཱནྟི་པཱ་ར་མི་ཏཱ། འཁོར་བ་མཐར་ཐུག་བར་དུ་ནི། །བདག་འཚང་རྒྱ་བར་མ་གྱུར་ཅིག །དེ་བཞིན་སེམས་ཅན་ཐམས་ཅད་ནི། །དེ་ཉིད་སྒྲུབ་པར་བྱེད་པར་ཤོག །གར་མའི་རྒྱས། ས་སཱ་ར་ཨ་པ་རི་ཏྱཱ་ག་ཨ་ནུཏྟ་ར་མ་ཧཱ་བཱིཪྻ་པཱ་ར་མི་ཏཱ། སྲོག་ཆགས་ཀུན་གྱི་འདོད་ཆགས་སོགས། །ཉོན་མོངས་ཆེན་པོ་ཞི་བར་ཤོག །སེམས་ཅན་ཐམས་ཅད་གཡེང་མེད་ཅིང་། །བསམ་གཏན་བཞི་དང་ལྡན་པར་ཤོག །མེ་ཏོག་མའི་རྒྱས། ཨ་ནུཏྟ་ར་སཽ་ཁྱ་བི་ཧཱ་ར་དྷྱཱ་ན་པཱ་ར་མི་ཏཱ། སངས་རྒྱས་ཡེ་ཤེས་ཤེས་རབ་ཆེ། །སྡུག་


KMC010_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གཅོད་བྱེད་བླ་ན་མེད། །ཤེས་རབ་སྦྱོར་བས་དག་བྱེད་པའི། །སངས་རྒྱས་སེམས་ཅན་དག་གྱུར་ཅིག །སྤོས་མའི་རྒྱས། ཨ་ནུཏྟ་ར་ཀླེ་ཤཱཙྪེ་ད་སརྦ་དྷརྨཱཿས་མནྟ་ཛྙཱ་ན་མ་ཧཱ་པྲཛྙ་པཱ་ར་མི་ཏཱ། སྟོང་གསུམ་གྱི་ནི་རྡུལ་སྙེད་དུ། །བདག་ཉིད་ཀྱང་ནི་རྣམ་བསམ་ཞིང་། །མཆོད་པའི་ཕྱིར་ནི་རྣམ་བསམས་ནས། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཐལ་མོ་དཔྲལ་བར་སྦྱར་ལ། ཀཱ་ཡ་ནིཪྻཱ་ཏ་ན། སྟོང་གསུམ་གྱི་ནི་རྡུལ་སྙེད་དུ། །བདག་ཉིད་ཀྱང་ནི་རྣམ་བསམ་ཞིང་། །ལྕེ་ནི་དེ་སྙེད་ལྡན་དང་བཅས། །སངས་རྒྱས་བསྔགས་པ་བརྗོད་པར་བྱ། །རྡོར་ཐལ་མགྲིན་པ་ནས་འདེགས་པས། ཝཱགྣིཪྻ་ཏ་ན། དེ་ནས་རྣལ་འབྱོར་དེ་ཉིད་ཀྱིས། །ལུས་དང་ངག་སེམས་བྱུང་བ་ཡི། །མཆོད་པ་དག་ནི་བསྡུས་ནས་སུ། །སངས་རྒྱས་རྣམས་ལ་དབུལ་བར་བྱ། །སྙིང་གར་ཐལ་མོ་སྦྱར་ལ། །ཙིཏྟ་ནིཪྻཱ་ཏ་ན། ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །སྟོང་ཉིད་མཚན་མ་ཀུན་དང་བྲལ། །སྨོན་པ་


KMC010_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཀུན་ལ་དབུལ་བར་བྱ། །མཉམ་བཞག་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དགའ་བའི་བསམ་པས་བསྟོད་པར་བྱ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །བྱང་ཆུབ་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨ་རྣམ་སྦྱོང་བ། །རྡོ་རྗེ་ཁོ་བོ་མ་རུངས་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་


KMC010_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཙོ། །རྡོ་རྗེ་འཇིགས་བྱེད་སྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་ཆེ། །རྡོ་རྗེ་རོ་ལངས་རོ་ལངས་ཆེ། །རྡོ་རྗེ་སྲིན་པོ་ཟ་བ་པོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག །འཇིགས་བྱེད་དགྲ་སྟེ་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། །བསྒྲུབ་དཀའ་སྒྲུབ་པ་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགྱེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །འབར་འོད་གཤིན་རྗེ་མཐར་བྱེད་པ། །རྡོ་རྗེ་དྲག་པོ་དྲག་པོ་ཆེ། །འོད་སྡུག་པས་ནི་སྡུག་པ་ཆེ། །ནམ་མཁར་དང་ནི་མཉམ་པ་པོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིག་པ་བྱེ་བའི་ཚོགས་ཀྱིས་མཆོད། །ཧ་ལ་ཧ་ལ་ནག་པོ་ཆེ། །སྒྲ་ཆེན་ཞིང་ནི་འཇོམས་པ་ཅན། །རྡོ་རྗེ་འདོད་པ་འདོད་པ་ཆེ། །


KMC010_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མའི་དུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་སྣང་མཛད་པ། །ཉི་མ་སྟོང་གིས་གདུངས་པའི་ཞལ། །སྤྱན་དམར་འཇིགས་པར་མཛད་པ་པོ། །ཁྲོ་བོ་དུ་མའི་འོད་བཞིན་འཕྲོ། །ཕྱག་རྣམས་དུ་མའི་མཚོན་ཆ་བརྒྱ། །དུ་མའི་ཞལ་ཏེ་སྐུ་ཡང་སྟོང་། །འཁྱིལ་ཞིང་རྒྱན་ཡང་འཁྱིལ་པ་སྟེ། །སེམས་ཀྱི་ཆོས་ལ་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་སྤངས། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་ཆེ། །སངས་རྒྱས་སངས་རྒྱས་རབ་རྟོགས་པ། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་ཆེར་


KMC010_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ། །མཚན་རྣམས་དུ་མས་རབ་བརྒྱན་པ། །ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེའི་བདག་ཉིད་གཙང་། །གང་གིས་འདི་བྲིས་བཀླགས་གྱུར་ཏེ། །རྟག་ཏུ་འདི་འདོན་འཆང་བྱེད་དམ། །དྲན་ནམ་ཉན་པར་བྱེད་ཀྱང་རུང་། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །ཞེས་སོགས་ཀྱིས་བསྟོད། །ལྷ་རྣམས་བྱང་སེམས་ཀྱི་ངོ་བོ་རྡོ་རྗེའི་ཆུར་རོ་གཅིག་པར་གྱུར། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་ཨ་ན་ལ་སོགས། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ལས་བུམ་གྱི་དབུས་སུ་པད་ཉིའི་གདན་ལ་ཀྵཾ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་ཕྱག་གཉིས་ཀྱི་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ་གསལ་བར་གྱུར། ༀ་བཛྲ་ཡཀྵ་ཧཱུྃ། ཞེས་གྲངས་བསོགས་ལ། རྡོ་རྗེ་གནོད་སྦྱིན་གྱིས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་རྣམས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། མདུན་བསྐྱེད་ལ། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་


KMC010_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་སོགས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་རཾ་བཾ་ལཾ་སུཾ་ལས་རླུང་མེ་ཆུ་ས་རི་རབ་རྣམས་རིམ་བརྩེགས་ཀྱི་སྟེང་དུ། ༀ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་བནྡྷ་རཀྵ་སརྦཱཾ་སྭཱ་ཧཱ། སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་ཕྱི་ནང་གཉིས་ནི་གྲུ་བཞི་སྒོ་བཞི། དཀར་སྔོ་དམར་ལྗང་སེར་བའི་རྩིག་པ་རིམ་པ་ལྔ་ལྔ་དང་ལྡན་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱིས་བཏེག་པའི་རིན་པོ་ཆེའི་དྲ་བ་དྲ་ཕྱེད་འཕྱང་བ་ལ་ཤར་བུ་དང་མདའ་ཡབ་ཀྱིས་མཛེས་པ། སྒོ་བཞི་སོ་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཅུ་གཅིག་བཅུ་གཅིག་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་འཁོར་དང་གདུགས་དང་གཡས་གཡོན་དུ་རི་དྭགས་ཕོ་མོ། རྟ་བབས་ཀྱི་སྣམ་བུ་སོ་སོ་དང་གཞལ་ཡས་ཁང་གི་ལོགས་དང་ཟུར་


KMC010_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་གདུགས་དང་རྒྱལ་མཚན་དང་འཕན་དང་། གོས་དང་མེ་ཏོག་གི་ཕྲེང་བ་དང་ཟླ་བ་རླུང་གིས་བསྐྱོད་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་ཅིང་འཇིག་རྟེན་པའི་ཁོར་ཡུག་དང་རྡོ་ར་འོད་ཟེར་གྱི་ཕྲེང་བ་དང་བཅས་པས་བསྐོར་བའི་རྩ་བའི་དཀྱིལ་འཁོར་གྱི་ལྟེ་བར་ལེའུ་ཚེ་དགུ་པའི་ཕྱོགས་བཞི་ནས་རྡོ་རྗེ་རིན་པོ་ཆེ་པདྨ་སྣ་ཚོགས་རྡོ་རྗེས་མཚན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་ཟླུམ། དེའི་སྟེང་དུ་གདུང་བཞི་མིག་མང་རིས་སུ་བྲེས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་ནོར་བུའི་ཏོག་གིས་སྤྲས་པ། ཕྱི་ནང་གཉིས་ཀའི་སྟེང་འོག་ཐམས་ཅད་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་བའི་དབུས་སུ་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པའི་ལྟེ་བ་རེའུ་མིག་དགུ་པའི་དབུས་སུ་སིཾ་ལས་སེང་གེ །ཤར་དུ་གཾ་ལས་གླང་ཆེན། ལྷོར་བཾ་ལས་རྟ་མཆོག །ནུབ་ཏུ་མཾ་ལས་རྨ་


KMC010_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། བྱང་དུ་གཾ་ལས་མཁའ་ལྡིང་གི་ཁྲི། ལྷ་ཐམས་ཅད་ཀྱི་གནས་སུ་ཧྲཱིཿལས་སྣ་ཚོགས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར། གདན་དབུས་མའི་སྟེང་དུ་ཨཱ་ལི་གཡོན་བསྐོར་ཞུ་བ་ལས་ཤེས་རབ་ཀྱི་ཟླ་བའི་སྟེང་དུ་ཀཱ་ལི་གཡས་བསྐོར་ཞུ་བ་ལས་ཐབས་ཀྱི་ཟླ་བ། དེ་གཉིས་ཀྱང་འོད་དུ་ཞུ་བ་ལས་ༀ་ཤོ་དྷ་ནེ་སོགས། ཡིག་འབྲུ་དེ་རྣམས་ལས་འོད་ཟེར་འཕྲོས། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་དོན་མཛད། འོད་ཟེར་ཚུར་འདུས་ཡིག་འབྲུ་ལ་ཐིམ། ཡོངས་སུ་གྱུར་པ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ། དེ་ལས་བཅོམ་ལྡན་འདས་ཀུན་རིག་དུང་དང་ཀུནྡ་ཟླ་བའི་མདོག་ཅན་ཞལ་བཞི་དཀར་བ་ཞི་བས་གཟིགས་པ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྣམས་ཤིང་དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེའི་རྒྱན་དང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཉི་


KMC010_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྒྱབ་ཡོལ་མངའ་བར་གྱུར། ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ལས་འོད་འཕྲོས། འགྲོ་དོན་བྱས། འདུས་པ་ལས་སྦྱོང་བའི་རྒྱལ་པོ་དཀར་དམར་ས་གནོན་མཉམ་གཞག་མཛད་པ། རྒྱལ་མཆོག་རིན་ཆེན་སྔོན་པོ་མཆོག་སྦྱིན་མཉམ་གཞག་མཛད་པ། ཤཱཀྱ་རིགས་དབང་དམར་སེར་མཉམ་གཞག་མཛད་པ། མེ་ཏོག་ཆེར་རྒྱས་ལྗང་གུ་སྐྱབས་སྦྱིན་མཉམ་གཞག་མཛད་པ་སྟེ། དེ་བཞིན་གཤེགས་པ་བཞི་ཞི་བའི་གཟིགས་སྟངས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། ཤར་ལ་སོགས་པའི་ཕྱོགས་བཞི་ཉི་མའི་རྒྱབ་ཡོལ་ལ་བརྟེན་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་འཁོད། ཧཱུྃ་ཏྲཱཾ་ཧྲཱིཿཨཿརྣམས་ལས་འོད་འཕྲོས། འདུས་པ་ལས་སྤྱན་མ་དཀར་མོ། མཱ་མ་ཀཱི་སྔོན་མོ། གོས་དཀར་མོ་དམར་མོ། སྒྲོལ་མ་ལྗང་གུ་སྟེ་ཡུམ་བཞི་གཡས་འཁོར་ལོ་རྡོ་རྗེ་པདྨ་ཨུཏྤ་ལ་ཐུགས་ཀར་འཛིན་ཅིང་གཡོན་གདན་ལ་བརྟེན་པ། སྒེག་ཅིང་ཆགས་པའི་ཉམས་ཅན་ནུ་འབུར་ཟུང་གིས་མཛེས་པ། མེ་ལ་


KMC010_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་མཚམས་བཞིར་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཧཱུྃ་ཛཿཧོཿདྷཱུ་ཏྲཱཾ་ཪྱཾ་བྷྲཱྀ་ཧཱཿཧྲཱིཿདྷཱིཿཀྲུཾ་བྷཱ་ཀཾ་རཾ་ཀྵཾ་སཾ་རྣམས་ལས་འོད་འཕྲོས་འདུས་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འགེངས་པ། རྡོ་རྗེ་ལེགས་པ་ལྗང་གུ་ཐུགས་ཀར་སེ་གོལ་གཏོགས་པ། རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་བ། རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ཅན་གཡས་ཉི་མ་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱལ་མཚན་སྔོན་པོ་གཡས་རྒྱལ་མཚན་ཕྲག་པར་འཕྱར་བ། རྡོ་རྗེ་བཞད་པ་དཀར་པོ་གཡས་སོ་ཡི་ཕྲེང་བ་ཁ་འགྲམ་གཡས་སུ་འཛིན་ཅིང་། དེ་གསུམ་གྱི་ཕྱག་གཡོན་གདན་ལ་བརྟེན་པ། རྡོ་རྗེ་ཆོས་དཀར་དམར་གཡོན་པདྨ་དཀུར་འཛིན་ཅིང་གཡས་དེའི་ཁ་འབྱེད་པ། རྡོ་རྗེ་རྣོན་པོ་སྔོ་བསངས་གཡས་


KMC010_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ཕྱར་ཞིང་གཡོན་པོ་ཏི་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱུ་གསེར་མདོག་གཡས་ཀྱི་གུང་མོའི་རྩེར་འཁོར་ལོ་འཛིན་བ། རྡོ་རྗེ་སྨྲ་བ་ཟངས་ཀྱི་མདོག་ཅན་གཡས་རྡོ་རྗེས་མཚན་པའི་ལྕེ་འཛིན་ཅིང་། དེ་གཉིས་ཀྱི་ཕྱག་གཡོན་གདན་ལ་བརྟེན་པ། རྡོ་རྗེ་ལས་སྣ་ཚོགས་མདོག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་སྲུང་བ་སེར་པོ་གོ་ཆ་བསྐོན་བའི་ཚུལ་དུ་འཛིན་པ། རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་ཕྱག་གཉིས་ཀྱིས་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ། རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་གཉིས་ཀྱིས་དཀུ་གཡོན་དུ་རྡོ་རྗེ་འཚིར་བ་སྟེ། སེམས་དཔའ་ཅུ་དྲུག །འཁོར་ལོའི་རྩིབས་བཅུ་དྲུག་ལ་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཧཱུྃ་ཏྲཱཾ་ཧྲཱིཿཨཿ ཧཱུྃ་ཏྲཱཾ་ཧྲཱིཿཨཿ ཛ༔ཧཱུྃ་བཾ་ཧོཿ རྣམས་ལས་འོད་འཕྲོས། འདུས་པ་ལས་སྒེག་མོ་དཀར་མོ་རྡོ་རྗེ་གཉིས་དཀུར་འཛིན་པ། ཕྲེང་བ་མ་སེར་མོ་


KMC010_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་འཛིན་པ། གླུ་མ་དཀར་དམར་པི་ཝཾ་འཛིན་པ། གར་མ་སྣ་ཚོགས་མདོག་གར་མཛད་པ། བདུག་སྤོས་མ་དཀར་མོ་སྤོས་སྣོད་འཛིན་པ། མེ་ཏོག་མ་སེར་མོ་གཡོན་མེ་ཏོག་གི་སྣོད་འཛིན་ཅིང་གཡས་ཀྱིས་འཐོར་བ། མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱུག་པ་མ་སྣ་ཚོགས་མདོག་གཡོན་དྲིའི་སྣོད་འཛིན་ཅིང་གཡས་ཀྱིས་མཆོད་པ། རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ་སྟེ། སྒེག་སོགས་བརྒྱད་དང་སྒོ་བ་བཞི། འཁོར་ལོའི་ཕྱིའི་གྲྭ་ཕྱི་ནང་དང་སྒོ་བཞིར་མེ་དང་། ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ༀ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། སྔགས་ཕྲེང་དེ་ལས་འོད་འཕྲོས།


KMC010_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ལས་བྱམས་པ་འཇམ་དཔལ་སྤོས་ཀྱི་གླང་པོ་ཡེ་ཤེས་ཏོག་བཞི་སྔོན་པོ་རྡོར་དྲིལ་འཛིན་པ། བཟང་སྐྱོང་། མཐོང་བ་དོན་ཡོད། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ་བཞི་སེར་པོ་རིན་ཆེན་དྲིལ་བུ་འཛིན་པ། མཐུ་ཆེན་ཐོབ། ངན་སོང་ཀུན་འདྲེན། མྱ་ངན་མུན་འཇོམས། དྲ་བ་ཅན་གྱི་འོད་བཞི་དམར་པོ་པདྨ་དྲིལ་བུ་འཛིན་པ། ཟླ་འོད་བདུད་རྩི་འོད་ནམ་མཁའ་མཛོད། ཀུན་ཏུ་བཟང་པོ་བཞི་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྟེ། བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །ཕྱིའི་དཀྱིལ་འཁོར་གྱི་ལྷ་སྣམ་དང་པོར་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ༀ་བོ་དྷི་སཏྭ་སརྦ་ས་སྐཱ་རི་པ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭཱ་ཧཱ། སྔགས་ཕྲེང་དེ་ལས་འོད་འཕྲོས་འདུས་པ་ལས། ངན་སོང་སྦྱོང་བ། མུན་པ་སེལ་བ། སྡུག་བསྔལ་འཇོམས་པ། སྲིད་མཚོ་སྒྲོལ་བ་བཞི་དཀར་པོ་རྡོ་རྗེ་དཀར་པོ་འཛིན་པ།


KMC010_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་མཛོད་དགེ་བའི་བློ་གྲོས། དོན་མཐུན་ཡིད་འོང་། དྲན་སྟོབས་མཆོག་བཞི་སྔོན་པོ་རིན་ཆེན་སྔོན་པོ་འཛིན་པ། དགེ་བའི་འབྱུང་གནས། ལེགས་པའི་ཏོག །ཐམས་ཅད་སྒྲོལ། བདེ་བའི་འབྱུང་གནས་བཞི་དམར་པོ་པདྨ་དམར་པོ་འཛིན་པ། བརྩོན་འགྲུས་མི་ལྡོག་པ། ཡོན་ཏན་མཛོད། ཐེ་ཚོམ་ཡིད་མྱུར། ང་རོ་སྙན་པ་བཞི་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པ་སྟེ་དཔེ་བྲལ་གྱི་སེམས་དཔའ་བཅུ་དྲུག །ལྷ་སྣམ་གཉིས་པར་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད་པར་གྱུར། ལྷ་སྣམ་གསུམ་པར་ༀ་སརྦ་མུ་ནི་བྷྱཿཔ་རི་ཤུདྡྷེ་ག་ག་ན་ས་མཱ་ནཱཾ་སྭཱ་ཧཱ། བཅུ་དྲུག་ལས། ཤར་ནས་གཡས་བསྐོར་དུ་དགའ་བོ། སྒྲ་གཅན་འཛིན། ཤཱ་རིའི་བུ། མཽངྒལ། རབ་འབྱོར། འཆར་ཀ །མ་འགགས་པ། ཀཽཎྜི་ནྱ། ཉེ་བར་འཁོར། རྟ་ཐུལ། བ་ལང་བདག །ཀུན་དགའ་བོ། མིང་ཆེན། ནོར་འཛིན། གང་བོ། འོད་སྲུངས་ཏེ་ཉན་ཐོས་བཅུ་དྲུག་དང་། ལྷ་སྣམ་


KMC010_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་ཕྱོགས་མཚམས་རྣམས་སུ་ༀ་ན་མོ་བུདྡྷ་བྱ་ཝ་ལོ་ཀི་ཏེ་ཤུདྡྷེ་ག་ག་ན་ས་མ་ཡེ་སྭཱ་ཧཱ། བཅུ་གཉིས་ལས་ཤར་ནས་གཡས་བསྐོར་དུ་གདུང་བ་སེལ་བ། སྣང་བ་བརྩེགས་པ། འཇིགས་པ་མེད་པ། དཔའ་བོ་འདུལ་བ། ཤེས་རབ་མགྱོགས་ཆེན། རི་བོའི་རྒྱལ། སྨྲ་བའི་སྒྲ་ཆེན། བསེ་རུ་ལྟ་བུ། དུག་ཆེན་འཇོམས། རྫུ་འཕྲུལ་ཆེར་སྟོན། སེང་གེའི་སྒྲ། ཡིད་མྱུར་བ་སྟེ་རང་རྒྱལ་བཅུ་གཉིས་དབུའི་གཙུག་ཏོར་ཅུང་ཟད་འབུར་བ། ཉན་རང་ཐམས་ཅད་ཀྱང་སྐུ་མདོག་མ་ངེས་ཤིང་ཆོས་གོས་གསུམ་གྱིས་ཀླུབས་པ། ལྷུང་བཟེད་འཁར་གསིལ་པོ་ཏི་འཛིན་ཅིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱི་རོལ་གྱི་སྒོ་བཞིའི་གཡས་གཡོན་དུ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་པད་ཉིའི་གདན་ལ། ༀ་ཏྲཻ་ལོ་ཀྱ་ཀི་ར་ཧཱུྃ་ཕཊ། དེ་བཞིན་དུ། ༀ་ཏྲཻ་ལོ་ཀྱ་ད་མ་ཀ་ཧཱུྃ་ཕཊ། ༀ་ཏྲཻ་ལོ་ཀྱ་ནཱ་ཤ་ཧཱུྃ་ཕཊ། ༀ་ཏྲཻ་ལོ་ཀྱ་ཨཱནྟ་ཧཱུྃ་ཕཊ། ༀ་ཨ་མྲྀ་ཏ། ཀ་ལ་དཎྜ། ཀཱ་ཎ་ཧ་


KMC010_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཎི། ཧྲཱིཿ རྣམས་ལས་ཤར་ནས་གཡས་བསྐོར་དུ་འཇིག་རྟེན་གསུམ་སྣང་རྡོ་རྗེ་འཛིན་པ། འཇིག་རྟེན་གསུམ་འདུལ་དབྱུག་ཏོ་འཛིན་པ་གཉིས་དཀར་པོ། འཇིག་རྟེན་གསུམ་འཇིག་རྩེ་གསུམ་འཛིན་པ། འཇིག་རྟེན་གསུམ་མཐར་བེ་ཅོན་འཛིན་པ་གཉིས་སྔོན་པོ། བདུད་རྩི་འཁྱིལ་བ་སྣ་ཚོགས་རྡོ་རྗེ་འཛིན་པ། དབྱུག་སྔོན་ཅན་རལ་གྲི་འཛིན་པ་གཉིས་དམར་པོ། མི་གཡོ་བ་རལ་གྲི་འཛིན་པ། རྟ་མགྲིན་པདྨ་འཛིན་པ་གཉིས་ལྗང་གུ་སྟེ། ཁྲོ་བོ་བརྒྱད་སྦྲུལ་དང་མི་སྡུག་པའི་རྒྱན་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པར་གྱུར། དེའི་ཕྱི་རོལ་གྱི་མུ་རན་དཀར་པོར་སོ་སོའི་གདན་གྱི་སྟེང་དུ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནེ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡཱརྷ་ཏེ་སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། རེ་རེ་ལས་ཤར་དུ་བརྒྱ་བྱིན་དང་ལྷ་


KMC010_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དམར་སེར། ལྷོར་ཚངས་པ་དང་གཤིན་རྗེ་ནག་པོ། ནུབ་ཏུ་དབང་ཕྱུག་དང་ཆུ་ལྷ་དཀར་པོ། བྱང་དུ་ཁྱབ་འཇུག་དང་གནོད་སྦྱིན་སེར་པོ། མེར་མེ་ལྷ་དམར་པོ། སྲིན་པོར་བདེན་བྲལ་དམར་ནག །རླུང་དུ་རླུང་ལྷ་སྔོན་པོ། དབང་ལྡན་དུ་འབྱུང་པོ་ཐལ་མདོག་རྣམས་རང་རང་གི་འཁོར་དུ་མ་དང་བཅས་པའི་བར་བར་གྱི་ཤར་དུ་པ་སངས་དང་མིག་དམར་ལ་སྨིན་དྲུག་སོགས་བདུན་གྱིས་བསྐོར་བ། ལྷོར་ཕུར་བུ་དང་ཉི་མ་ལ་མཆུ་སོགས་བདུན་གྱིས་བསྐོར་བ། ནུབ་ཏུ་ཟླ་བ་དང་སྒྲ་གཅན་ལ་ལྷ་མཚམས་སོགས་བདུན་ཀྱིས་བསྐོར་བ། བྱང་དུ་གཟའ་ལྷག་དང་སྤེན་པ་ལ་མོན་གྲེ་སོགས་བདུན་གྱིས་བསྐོར་བ། སླར་ཡང་ཤར་དུ་རབ་བརྟན་སོགས་ལྟོ་འཕྱེ་རྣམས་དང་། ལྷོར་གཉེའུ་ཐུང་སོགས་འདྲེ་རྣམས་དང་། ནུབ་ཏུ་གསེར་མིག་སོགས་མཁའ་ལྡིང་རྣམས་དང་། བྱང་དུ་བརྗེད་བྱེད་སོགས་བགེགས་རྣམས་དང་། གཞན་ཡང་འབྱུང་བ་བཞིའི་


KMC010_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་། ཁྱིམ་དང་རི་དང་ཀུན་ར་དང་ནགས་ཚལ་དང་དུར་ཁྲོད་དང་གྲོང་ཁྱེར་གྱི་ལྷ་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང་། སྲིང་མོ་བཞི་དང་། རིག་སྔགས་འཆང་གི་ཚོགས་རྣམས་དང་། ཁོར་ཡུག་གི་སྟོང་རྣམས་ཀྱི་མེར་དམྱལ་བ་ཆེན་པོ་བརྒྱད། བདེན་བྲལ་དུ་ཡི་དྭགས་ཀྱི་གྲོང་ཁྱེར། རླུང་དུ་བྱོལ་སོང་སྣ་ཚོགས། དབང་ལྡན་དུ་མིའི་འགྲོ་བ་སོགས་ཡོངས་སུ་གསལ་བར་གྱུར། སྒོ་དབྱེ་བའི་རྒྱས། ༀ་སརྦ་བིདདྭཱ་རོངྒ་ཊ་ཡ་ཧཱུྃ། ཕྱག་རྒྱ་སྔར་ལྟར་ལ། ༀ་སརྦ་བིད་མཎྜ་ལ་བཛྲ་ཙ་ཀྲ་ཧཱུྃ། བསྡུ་བའི་རྒྱས། ༀ་སརྦ་བིད་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ འོག་མིན་གྱི་གནས་ནས་རྒྱལ་བ་སྲས་དང་བཅས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་མདུན་གྱི་ནམ་མཁར་གཤེགས་པར་གྱུར། ཅེས་དང་། ༀ་བཛྲ་ཡཀྵ་ཧཱུྃ། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་


KMC010_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། །ཞེས་དམ་ཚིག་པ་ལ་ཆེད་དུ་བརྗོད་ནས། བསྡུ་བ་དང་སྤྲོ་བའི་ཚུལ་གྱིས་དམ་ཚིག་པ་དང་ཡེ་ཤེས་པ་རྣམས་གཅིག་ཏུ་འདྲེས་ཤིང་གཅིག་ཏུ་གྱུར། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་མེད། །རྡུལ་ཕྲན་ཐམས་ཅད་ཇི་སྙེད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བ་ནི། དབུ་རྒྱན་པ་ནི། ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ་ཕྱག་རྒྱ་བྱ། བཛྲ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཡང་། ༀ་རཏྣ་མཱ་ལ་ཨ་བྷི་སོགས། ༀ་བཛྲ་པཊྚ་ཨ་ཝ་ལམྦ་སོགས། ༀ་བུདྡྷ་མུ་དྲ་ཨ་བྷི་སོགས། ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མིང་དབང་། ༀ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ དབང་ལྷ་རྣམས་ཀྱང་དཀྱིལ་འཁོར་པ་དང་དབྱེར་མེད་དུ་གྱུར། སྒོ་བ་བཞིའི་སྔགས། ༀ་བཛྲ་ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུྃ་སོགས། ༀ་བྲྀ་ཏ་སོགས། ༀ་ཏྲཊ་ཏྲ ཊ་སོགས། ༀ་ཚིནྡྷ་ཚིནྡྷ་སོགས། ༀ་སརྦ་བིད་


KMC010_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨ་དྷིཥྛཱ་ན་ཛྙཱ་ན་ས་མ་ཡ་ཧཱུྃ། ལན་གསུམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བྱས་ལ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་འབུལ་བས། །སྲིད་པའི་འཁོར་ལོ་རྒྱུན་ཆད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཙ་ཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་འབུལ་བས། །བཀྲེས་ཤིང་ཕོངས་པ་རྒྱུན་ཆད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ་པཱུ་ཛི་ཏེེ་ཨཱཿཧཱུྃ། བཙུན་མོ་རིན་ཆེན་འདི་འབུལ་བས། །མ་རིག་མུན་པ་རྒྱུན་ཆད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་སྟྲཱི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བློན་པོ་རིན་ཆེན་འདི་འབུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་པུ་རུ་ཥ་རཏྣ་པཱུ་ཛི་ཏེེ་


KMC010_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ། གླང་པོ་རིན་ཆེན་འདི་འབུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཧ་སྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། རྟ་མཆོག་རིན་ཆེན་འདི་འབུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཏུ་རཾ་ག་ཨ་ཤྭ་རཏྣ་པཱུ་ཛི་ཏེེ་ཨཱཿཧཱུྃ། དམག་དཔོན་རིན་ཆེན་འདི་འབུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཁངྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བསྟོད་པ་བྱ་བ་ནི། རྣམ་པར་སྣང་མཛད་རིགས་བཞི་ཡུམ་དང་བཅས། །སེམས་དཔའ་བཅུ་དྲུག་མཆོད་བརྒྱད་སྒོ་བ་བཞི། །སྐལ་བཟང་དཔེ་བྲལ་ཉན་རང་ཁྲོ་བོའི་ཚོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །


KMC010_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡི་རྣམ་ཀུན་དུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ན་མོ་བྷ་ག་ཝ་ཏེ་སོགས། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་པས། ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་གསལ་བར་བྱས། དེ་དག་གི་རྒྱུད་ཀྱི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔ་ཡི་ངང་དུ་བཅོམ་སྟེ་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ལས་ཐར་བར་མཛད། འོད་ཟེར་ཚུར་འདུས་ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཞུགས་པར་གྱུར། ཅེས་བཟླས་པ་བྱ། ན་མོ་བྷ་ག་ཝ་ཏེ་སོགས། མཐར་འབྱིན་སྔགས་ཚང་བར་བརྗོད། ཆྒཻའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་


KMC010_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཞེས་པས་གདགས། རྗེས་སུ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །མཆོད་བསྟོད་བྱ་བ་ནི། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་སོགས། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་ཡིག་དཔག་ཏུ་མེད་པ་ལས་བྱུང་བའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ལས་ཀྱང་ཆེས་ཆེར་ལྷག་པ་རབ་འབྱམས་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འགེངས་ཤིང་། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་རྒྱུན་མི་འཆད་པར་འབྱུང་བ་འཕགས་པ་རྣམས་མཉེས་པར་བྱེད་པའི་རང་བཞིན་ཅན་དུ་གྱུར། ནམ་མཁའ་མཛོད་ཀྱི་རྒྱས། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། ༀ་སརྦ་བིད་ཨཱརྒྷཾ་ཨཱཿཧཱུྃ། དེ་བཞིན་


KMC010_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་དང་། ཨཱརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་སོགས་བཅུག་ལ་སོ་སོའི་ཕྱག་རྒྱས་འབུལ་ལོ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་


KMC010_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨ་ཁ་འབྱེད་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱ་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་ཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང་། །རིགས་ཀྱི་ཡུམ་བཞིའི་སྐུར་སྟོན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ན་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞིན་བདག་གིས་བསྟོད་པར་


KMC010_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །སྒེག་མོ་ཕྲེང་བ་གླུ་དང་གར། །སྤོས་དང་མེ་ཏོག་མར་མེ་དང་། །དྲི་མཆོག་ལ་སོགས་ལྷ་མོ་བརྒྱད། །ཕྱི་ནང་ལྷ་མོར་ཕྱག་འཚལ་ལོ། །སྒོ་ཡི་དབུས་ན་བཞུགས་པ་གང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དད་སོགས་ངོ་བོ་ལས་བྱུང་བའི། །སྒོ་སྲུང་རྣམས་ལ་ཕྱག་ཕྱག་འཚལ་ལོ། །སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །ཏྭ་ར་ཎ་ཡི་ཁྱམས་པར་ན། །དཔེ་བྲལ་སེམས་དཔའ་བཅུ་དྲུག་ནི། །ས་དང་ཕ་རོལ་ཕྱིན་གྲུབ་པ། །རིགས་ཀྱི་དབང་གིས་བཞུགས་ཕྱག་འཚལ། །སྟོན་པའི་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་འཁར་གསིལ་པོ་ཏི་འཛིན། །བསླབ་སྦྱངས་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་དོན་ལ་བརྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་བཟློག་ལ་


KMC010_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཞུགས་པའི། །རང་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང་། །སྟག་ལྤགས་ཀྱིས་ནི་རྣམ་དཀྲིས་པའི། །འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། །ཕྱི་ཡི་ཁོར་ཡུག་ལ་གནས་པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང་། །ཕྱོགས་སྐྱོང་རྒྱལ་ཆེན་ཕྱག་འཚལ་ཞིང་། །འཇིག་རྟེན་པ་ཀུན་བསྟོད་པར་བགྱི། །འཇིག་རྟེན་པ་ལ་གཏོར་མ་སྦྱིན་པ་ནི། དཀྱིལ་འཁོར་ཁང་པའི་ཕྱིར་སོང་སྟེ། ཕྱོགས་སྐྱོང་གི་གཙང་གཏོར་དང་འབྱུང་པོ་དང་བགེགས་ཀྱི་གཏོར་མ་བཟའ་བཅའ་སྣ་ཚོགས་བཤམས་ལ། དང་པོ་སྔོན་འགྲོ་ལྟར། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་སོགས། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེདཔའི་བདེ་བ་བསྐྱེད་པར་གྱུར། ༀ་ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་


KMC010_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་རྗེ་དཀྱེལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ༀ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། པདྨ་ཀཱ་མ་ལཱ་ཡ་སྟྭཾ། ༀ་ཨིནྡྲ་ཡ། ཨགྣ་ཡེ། ཡ་མ་ཡེ། ནཻ་རི་ཏཱ་ཡ། ཝཱ་རུ་ཎཱ་ཡ། ཝཱ་ཡ་ཝེ། ཀུ་བེ་རཱ་ཡ། ཨཱི་ཤྭ་ནཱ་ཡ། ཨཱུརྡྷཾ། བྲཧྨཱ་ཡ། བྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ། ཨ་དྷི་པ་ཏ་ཡེ། ཨ་དྷོ་པྲི་ཐཱི་བེ་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ ས་པ་རི་ཝཱ་ར་ཨཱརྒྷཾ་སོགས་ཉེར་སྤྱོད་ཀྱིས་མཆོད། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ༴


KMC010_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོ༴ མཆོད་ཅིང་༴ གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ༴ ལྷོ་ཕྱོགས༴ མཆོད་ཅིང་༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ༴ ལྷོ་ནུབ༴ མཆོད་ཅིང་༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། ཀླུ་ཡི་རྒྱལ་པོ༴ ནུབ་ཕྱོགས༴ མཆོད་ཅིང་༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ༴ ནུབ་བྱང་༴ མཆོད་ཅིང་༴ གནོད་སྦྱིན་ལག་ན་དབྱུག་ཏོ་འཛིན། །ནོར་སྐྱོང་རྒྱལ་པོ༴ བྱང་ཕྱོགས༴ མཆོད་ཅིང་༴ དབང་དང་ལྡན་པ་འདྲེན་པའི་ལྷ། འབྱུང་པོ༴ བྱང་ཤར༴ མཆོད་ཅིང་༴ སྟེང་གི་ཚངས་པ་ཆེན་པོ་དང་། ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་༴ འོག་གི་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རྡོར་ཐས་ཁ་ཕྱེ་བས། ཨིནྡྲ་ཡེཿསོགས་ཀྱི་མཐར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱཾ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏྒ་


KMC010_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལྱཱ་དེ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་འབུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ། །ས་ས་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་སུ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་བཅས། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་


KMC010_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབྲས་བུ་མཆིས་པར་མཛོད། །ༀ་ཨིནྡྲ་ཡ། ཨཱགྞ་ཡེ། ཡ་མ་ཡེ། ནཻ་རི་ཏཱ་ཡ། ཝཱ་རུ་ཎཱ་ཡ། ཝཱ་ཡ་ཝེ། ཀུ་བེ་རཱ་ཡ། ཨཱི་ཤྭ་ནཱ་ཡ། ཨཱུརྡྷཾ། པྲཧྨཱཡ། སཱུཪྻ། བྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷོ་པྲི་ཐཱི་བེ་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ ས་པ་རི་ཝཱ་ར་གཙྪས་གཤེགས། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱོད་ལ་གསོལ་འདེབས་ཀྱི། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ༀ་སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧི། པདྨ་ཀཱ་མ་ལཱ་ཡ་སྟྭཾ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤབྡ་དང་། ༀ་དེ་བ། ནཱ་ག །ཡཀྵ། གནྡྷཪྦ། ཨ་སུ་ར། ག་རུ་ཌ། ཀིཾ་ན་ར། མ་


KMC010_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ་ར་ག །མ་ནུ་ཥྱ། ཨ་མ་ནུ་ཥྱ། ས་པ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། གསུམ་མམ་བདུན་དང་སེ་གོལ་གཏོགས། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་ལ་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་གནས་རྣམས་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་


KMC010_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོའི་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ༀ་དེ་བ། ནཱ་ག །ཡཀྵ། གནྡྷཪྦ། ཨ་སུ་ར། ག་ར་ཌ། ཀི་ནི་ར། མ་ཧོ་ར་ག །མ་ནུ་ཥྱ། ཨ་མ་ནུ་ཥྱ། ས་པཱ་རི་ཝཱ་ར་གཙྪ། བགེགས་གཏོར་ནི། བདག་ཉིད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སྐུ་མདོག་སྔོན་པོ་དབུ་དང་ཕྱག་མཐའ་ཡས་པ། སྦྲུལ་དང་མི་སྡུག་པའི་རྒྱན་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རྩ་བའི་ཕྱག་གཉིས་ཧཱུྃ་མཛད་ཀྱི་ཕྱག་


KMC010_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། ལྷག་མའི་གཡས་རྣམས་མཚོན་ཆ་སྣ་ཚོགས། གཡོན་རྣམས་མགོ་ཐོད་ཤས་གང་བ་བསྣམས་པས་མ་རུངས་པའི་རྒྱུ་མ་དྲངས་ཏེ་གསོལ་བ། གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཧཱུྃ་མཛད་ཀྱི་ཕྱག་རྒྱས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་བདེན་པ་ཆེན་པོའི་མཐུས། བགེགས་ཀྱི་རིགས་གང་ཡིན་པ་ཐམས་ཅད་འདིར་མཆིས་པར་གྱུར་ཅིག །ཊཀྐི་ཧཱུྃ་ཛཿ ༀ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ༀ་པི་ཙི་པི་ཙི་སྭཱ་ཧཱ། ༀ་གུང་གུང་སྭཱ་ཧཱ། སརྦ་བིགྷྣཱན་གྲྀཧྞེདཾ་ཨཱརྒྷཾ་སོགས་ཀྱིས་མཆོད། ༀ་གུང་


KMC010_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རི་གུང་ཀ་རི་སྭཱ་ཧཱ། ༀ་པི་ཙི་པི་ཙི་སྭཱ་ཧཱ། ༀ་གུང་གུང་སྭཱ་ཧཱ། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་བྱིན་ལ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། སེམས་ཅན་རྣམ་པ་སྣ་ཚོགས་དང་། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆེན་འབྲས་བུ་མང་པོ་ཡི། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །


KMC010_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ༀ། ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་མྱུར་དུ་ཕྱུངས་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ༀ་སརྦ་བིགྷྣཱན་གཙྪས་གཤེགས། ཉེ་རེག་ནི། ཙོག་པུ་ལག་པ་གཡས་གཡོན་དུ་ཆུ་གཙང་བླུགས་ནས་གཡས་པའི་སོར་རྩེས་བླངས་ཏེ། རྣ་བ་གཉིས། མིག་གཉིས། སྣ་བུག་གཉིས། པུས་མོ། མགོ །ལྟེ་བའི་ཕྱོགས་ལ་རེག །ཆུ་ལྷག་མས་ཁ་བཤལ་ལ། ནང་དུ་ཕྱིན་ནས་དཀྱིལ་འཁོར་ལ་ཕྱག་དང་མཆོད་བསྟོད་ཅི་རིགས་བྱའོ། །དེ་ནས་དབང་བསྐུར་ཏེ་སྦྱོང་བ་ནི། ཁྲུས་དང་མཎྜལ་ཕུལ་ནས་དཀྱིལ་འཁོར་དུ་འཇུག་པ་ནི། དགའ་ཆེན་


KMC010_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་རྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་འཚལ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་


KMC010_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་དག་ཐུགས་རྗེ་ལྡན་པ་ཡི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་རྟོགས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །


KMC010_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་


KMC010_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །


KMC010_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུབས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་འགོད། །སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཨཱ་མི། རྡོ་རྗེ་སྙིང་གར་རེག་ལ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། རིགས་གསུམ་སྤྱིའི་སྔགས་རྒྱས། ༀ་བྲྀ་ཏ་སོགས་གནས་གསུམ་དང་། རྡོ་རྗེའི་སྔགས་རྒྱས། ༀ་སརྦ་བིད་སོགས་གནས་ཉེར་གཉིས་བྱིན་གྱིས་བརླབས། བདག་གི་དགེ་བའི་རྩ་བ་འདི་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པར་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་


KMC010_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ད་ལྟར་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །


KMC010_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཧཱུྃ་མཛད་ཀྱི་རྒྱས། །ༀ་བཛྲ་སཏྭ་ཀྲོ་དྷ་སོགས་ལན་གསུམ་བརྗོད་པས་བསྲུང་། ༀ་བཛྲ་ཡཀྵ་ཧཱུྃ། བཟླས་པས་གདོང་གཡོགས་བྱིན། ༀ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ། ༀ་བཛྲ་པུཥྤེ་ནས། ནཻ་ཝི་དྱ་བར་ཉེར་སྤྱོད་ལྔས་མཆོད། རྡོ་རྗེ་འཛིན་མའི་རྒྱས་མེ་ཏོག་བཟུང་ལ། ༀ་བཛྲ་ས་མ་ཡ་ཧཱུྃ། ཞེས་དཀྱིལ་འཁོར་དུ་གཞུག དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡི་གེ་ཧཱུྃ་གི་རྣམ་པས་ལུས་ལ་ཞུགས་པར་གྱུར། ༀ་བཛྲ་པྲ་ཝེ་ཤ་ཡ་ཧཱུྃ། ལན་གསུམ་བརྗོད། ཨ་ས་མེ། ཏྲི་ས་མེ། མ་ཧཱ་ས་མ་ཡ་ཧཱུྃ། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །ༀ་པྲ་ཏཱིཙྪ་ས་མ་ཡ་སྟྭཾ། དཀྱིལ་འཁོར་དུ་མེ་ཏོག་དོར། མེ་ཏོག་རིན་ཆེན་གང་དུ་ནི། །བབ་པར་གྱུར་པའི་རིགས་ཀྱི་ལྷ། །གཙོ་བོར་རིགས་དེ་


KMC010_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ན་ནི། །དངོས་གྲུབ་མྱུར་སྟེར་ཐེ་ཚོམ་མེད། །ༀ་པྲ་ཏི་གྲྀཧྞ་ཧཱུྃ། ཞེས་མེ་ཏོག་མགོར་བཅིང་། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ཧཱ་སྱེ་ཨུངྒཱ་ཊ་ཡ་ཧཱུྃ། ཞེས་མིག་དར་བསལ། ༀ་བཛྲ་པཱ་ཤྱ་ཧོཿ བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། ༀ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ༀ་བཛྲ་ས་མ་ཡ་ཧྲྀ་ད་ཡ་མེ་པྲ་ཝེ་ཤ་ཡ་དྲྀ་ཌྷ་ཏིཥྛ་ཧཱུྃ། དུང་ཆོས་ཀྱི་ཆུ་བླུད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་བརྒྱུད་རིགས་ནི་བརླག་པར་མཛད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་


KMC010_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་དང་འདོད་ལོག་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤངས། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་གྲིབ་མའང་འགོང་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཐེ་ཚོམ་ཡིད་གཉིས་སོམ་ཉི་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་


KMC010_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སོགས་དེ་བཞིན་ནོ། །དབང་བཅུ་བསྐུར་བ་ནི། མཎྜལ་ཕུལ་བ། སྤྱི་བོར་རྡོ་རྗེ་བཟུང་ནས་རྩ་རིག་དང་རིགས་བཞི་ཡུམ་བཞིའི་སྔགས་བརྗོད། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །རྣམ་རྒྱལ་བུམ་པ་མགོ་བོའི་གནས་ལྔར་བཞག །ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ་བཛྲ་ཧཱུྃ་སོགས་བརྗོད་ཅིང་བུམ་ཆུ་འཐུང་དུ་གཞུག །དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། ནས། བཛྲ་ཧཱུྃ་སོགས་བརྗོད་ཅིང་དབུ་རྒྱན་བསྐོན། རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན༴ བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ༀ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་


KMC010_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་འདིས། །སྐལ་ལྡན༴ ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དབང་ཐོབ་པར་ཤོག །ༀ་བཛྲ་པཊྚ་ཨ་བ་ལམྦྷ་ན་ཨ་བྷི་ཥིཉྩ་ཏྲཱཾ། རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན༴ སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་མྱུར་དུ་རྟོགས་པར་ཤོག །ༀ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ༀ། བཛྲ་ཧཱུྃ་སོགས། ཀུན་རྫོབ་མཚན་ཉིད་མཚོན་པ་མིང་གི་དབང་། །སྐལ་ལྡན༴ མ་འོངས་སངས་རྒྱས་འཇིག་རྟེན་ཞིང་ཁམས་སུ། །དེ་བཞིན་གཤེགས་པའི་མཚན་གྱི་མིང་ཐོབ་ཤོག །རྡོར་དྲིལ་སྤྱི་བོར་བཞག་ལ། ༀ་བུདྡྷ་ན་མ་ཨ་བྷི་ཥིཉྩ་ༀ། བཛྲ་ཧཱུྃ་སོགས། ཀྱཻ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །རིགས་དང་མཐུན་པའི་མིང་དབང་བསྐུར། དེ་ནས་དབང་སྟེགས་པདྨ་དཀར་པོའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་བྲིས་པའི་སྟེང་དུ་སློབ་མ་བཞག །ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་


KMC010_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟླ་བའི་སྟེང་དུ་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་གསལ་བར་གྱུར། རྡོ་རྗེ་སེམས་དཔའི་སྐུའམ་དམ་རྒྱ་སྤྱི་བོར་བཞག །ༀ་བཛྲ་སཏྭ་ཧཱུྃ། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དགའ་བའི་བསམ་པས་བསྟོད་པར་བྱ། །རྒྱ་གྲམ་ལག་ཏུ་ཐོགས་ལ། སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་ནས་ནི། །སྐལ་ལྡན༴ ཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ནས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ འཁོར་ལོ་རྐང་པའི་བར་དུ་བཞག་ལ། ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་འདིས། །སྐལ་ལྡན༴ རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །ༀ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ་བྷྲཱུཾ། རིགས་ལྔའི་བདག་པོ་ཡི་ནི་


KMC010_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས། །སྐལ་ལྡན༴ རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོག །ༀ་བུདྡྷ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ༀ་ༀ་ༀ། དེ་བཞིན་དུ། བཛྲ་སོགས། ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་ནས་ནི། །སྐལ་ལྡན༴ གསང་རྒྱུད་མཐའ་དག་ཤེས་ཤིང་རྟོགས་ནས་སུ། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོག །ༀ་བུདྡྷ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ༀ། བཛྲ་སོགས། རིགས་ལྔའི་ཕྱག་རྒྱ་སྤྱི་བོར་སོགས་ལྔར་བཞག །རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན༴ ཡེ་ཤེས་ལྔ་ཡི་ཡོན་ཏན་རབ་རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག །ༀ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ༀ། བཛྲ་སོགས། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །རྡོར་དྲིལ་བྱིན་ལ། ཧཱུྃ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་


KMC010_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཨཿ སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའི་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། །དྷརྨཱ་ཨཿ དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཅེས་སུ་གྲགས། །ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ༀ་པྲཛྙོ་པཱ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ དབང་གི་མཐའ་རྟེན་ནི། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་སར་གནས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ། །


KMC010_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །མ་ཎི་རཏྣ༴ གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་རྒུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས༴ སྟྲཱི་རཏྣ༴ གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་དོན་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས༴ པུ་རུ་ཥ༴ ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཆེན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ༴ ཧསྟིར༴ ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་པ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག༴ ཏུ་རངྒ་ཨ་ཤྭ༴ འགྲོ་


KMC010_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡོག་དང་ཀུན་ནས་འོང་འགྱུར་པའི། །མ་ལུས་བདུད་དཔུང་འཇིགས་པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན༴ ཁངྒ༴ ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང་། །སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན། །ལྷ་མིའི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱི་བརྙས་མི་བྱ། །རྟག་ཏུ་མཁོན་དང་གཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་དམོད་བརྩོན་མ་རུངས་དང་། །དམ་ཚིག་ལས་ནི་འདའ་བ་དང་། །དེ་སོགས་བྱེད་པ་ཚར་གཅོད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང་། །སེམས་ཅན་ཀུན་ལ་སྙིང་བརྩེས་ཆགས། །


KMC010_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གི་བགྱི། །མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །བདག་འཇུག་སྐབས། རྡོར་བསྡམས་ཏྲཱཾ་གཉིས་གཤིབས་པ་རྡོ་རྗེ་འཛིན་མའི་རྒྱས། ༀ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་ས་མ་ཡ་མཱ་ཏི་ཀྲ་མ་ཏི་ཏ་ཐཱ་ག་ཏ་དྷ་ར་ས་མ་ཡོ྅ཧཾ། ཞེས་ང་རྒྱལ་བཟུང་ངོ་། ༈ །ལྷོ་སྒོའི་ཆོ་ག་ནི། དཀྱིལ་འཁོར་གྱི་མཐར་སྟེགས་བུའི་སྟེང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་བྲིས་པའི་སྟེང་དུ་ཤོག་གུ་ལ་ཚེ་འདས་ཀྱི་གཟུགས་བྲིས་པའམ། གུར་གུམ་གྱིས་བྲིས་པའི་མིང་ཡིག་སོགས་བཀོད། གཟུགས་བརྙན་ལ་ནི་སྙིང་གར་ནྲྀ་དང་རྩ་རིག་སོགས་བྲི་བར་བྱའོ། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ ཧཾ། སྟོང་པའི་ངང་ལས་ཡི་གེ་ནྲྀ་ཡོངས་སུ་


KMC010_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བར་གྱུར། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་དམིགས་ཡུལ་གྱི་རྣམ་པར་ཤེས་པ་ཁམས་གསུམ་སྐྱེ་གནས་བཞི་གང་དུ་གནས་ཀྱང་སྐད་ཅིག་ཉིད་ལ་འདིར་མཆིས་པར་གྱུར་ཅིག །ལྟུང་བ་སློང་བའི་སྔགས་རྒྱ་དང་སྡིག་པ་འཇོམས་པའི་སྔགས་རྒྱ་བཅས། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུྃ། ལན་གསུམ། ༀ་སརྦ་བིད་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུྃ། ལན་གསུམ། ༀ་སརྦ་བིད་ཏྲཊ། གསུམ།


KMC010_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སྦྱང་བ་ནི། དཀར་གཏོར་ༀ་ཨ་ཀཱ་རོས་བྱིན་གྱིས་བརླབས། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ཀྱིས་བསྔོས་ནས། རྟེན་གཡས་གཡོན་དུ་ལན་གསུམ་རེ་བསྐོར་ཏེ་དོར། ཏིང་ལོ་དང་ཆང་བུ་སྒྲགས་ནས་སྔར་ལྟར་བསྐོར་ཏེ་དོར། རྡོ་རྗེ་གསོར་ལ། ༀ་སུམྦྷ་ནི་སོགས་བརྗོད། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན༴ དཀོན་མཆོག་གསུམ་གྱི་བདེན༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་རྣམས་ཀྱི། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་དམིགས་ཡུལ་གྱི་མཐོ་རིས་དང་ཐར་པ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་འགྲོ་བར་མི་བྱེད་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་བསྲེག་ཅིང་


KMC010_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པར་གདོན་མི་ཟའོ། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་སྒྲུབ། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །སུམྦྷ་ནི་སོགས་བརྗོད། ཡུངས་ཀར་གྱིས་བྲབས། གུ་གུལ་ཀྱིས་བདུག །ཕྱིར་ལྡོག་གིས་སྡིག་པ་སྦྱོང་བ་ནི། མདུན་དུ་ཏིལ། གཡས་སུ་མེ། གཡོན་དུ་ཆུ་བཞག་ལ། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའི་རྣམ་པར་སྣ་བུག་ནས་ཐོན། མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ༀ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། གཡས་སུ་ཡེ་ཤེས་ཀྱི་མེར་བསྲེག །གཡོན་དུ་རྒྱ་མཚོ་ཆེན་པོར་དོར་བས་བྱང་ཞིང་དག་པར་གྱུར། ཏིལ་མེར་བསྲེག །ཆུར་དོར། མེ་ཆུའི་ནང་དུ་བླུགས་ཏེ་དོར་རོ། །བྱེ་མ་ཡུངས་ཀར་སྔགས་ལ་རྩ་རིག་གི་


KMC010_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། ན་མོ་བྷ་ག་ཝ་ཏེ་སོགས། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་ཏུ་སྭཱ་ཧཱ། ཞེས་པ་ཙམ་མམ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ༀ་སརྦ་པཱ་པཾ་བི་ཤོ་དྷ་ནེ་བཛྲ་ཧཱུྃ་ཕཊ། ༀ་སརྦ་ཀརྨ་ཨཱ་བ་ར་ཎ་ནི་བྷ སྨིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ༀ་བྷྲཱུཾ་བི་ནཱ་ཤ་ཡ་ཨཱ་བ་ར་ཎཱ་ནི་བཛྲ་ཧཱུྃ་ཕཊ། ༀ་དྲུཾ་བི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནི་བཛྲ་ཧཱུྃ་ཕཊ། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཧཱུྃ་ཕཊ་སརྦ་ཨཱ་བ་ར་ཎཱ་ནི་སྥོ་ཊ་ཡ་ཧཱུྃ་ཕཊ། ༀ་བྲྀ་ཏ་བྲྀ་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཏྲཊ་ཏྲཊ་སོགས། ༀ་ཚིནྡྷ་ཚིནྡྷ་སོགས། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ན་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། རྩ་རིག་དང་མི་འཁྲུགས་གཟུངས་རིང་ཡིག་བརྒྱ་སོགས་བཟླས་པས་བྲབ་ཅིང་བྱེ་མ་སོགས་རྒྱ་མཚོར་འབབ་པའི་ཆུ་བོར་དོར། མེ་ལོང་ལ་དཀྱིལ་འཁོར་གྱི་གཟུགས་


KMC010_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ཤར་བ་ལ་རྣམ་རྒྱལ་གྱི་ཆུས་ཁྲུས་གསོལ་ཞིང་། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏཱ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་པས། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་སོགས། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཀཱ་ཡ་ཝཱ་ཀ་ཙིཏྟ་སོགས་བརྗོད། རས་གཙང་མས་ཕྱི་ཚུལ་བྱ་ཞིང་། དེ་དག་


KMC010_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། གོས་ཟུང་ཐོགས་ལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཝསྟྲ༴ ལྷག་བསམ་དག་པའི་ན་བཟའ་འདི་འབུལ་བས། །ལུས་ལ་ངུར་སྨྲིག་གོས་གྱོན་སེམས་ལ་ནི། །ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་གྱོན་ནས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །ཝསྟྲ༴ སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་


KMC010_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། ཁྲུས་ཆུ་བུམ་པ་གཞན་དུ་བླུག་སྟེ། དམིགས་རྟེན་གྱི་གཟུགས་བརྙན་བཀྲུ་ཞིང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །དེ་བཞིན་དུ། འདི་ནི་ཚུལ་ཁྲིམས་སོགས་འགྲེ། ཚུལ་འཆལ་དྲི་མ༴ ཚུལ་ཁྲིམས་དྲི་ཡིས༴ ཁྲུས་ལེགས༴ འདི་ནི་བཟོད་པའི༴ ཁོང་ཁྲོའི་དྲི་མ༴ བཟོད་པ༴ ཁྲུས་ལེགས༴ འདི་ནི་བརྩོན་འགྲུས༴ ལེ་ལོའི༴ བཙོན་འགྲུས༴ ཁྲུས་ལེགས༴ འདི་ནི་བསམ་གཏན༴ རྣམ་གཡེང་༴ བསམ་གཏན༴ ཁྲུས་ལེགས༴ འདི་ནི་ཤེས་རབ༴ ཤེས་འཆལ༴ ཤེས་རབ་དྲི་ཡིས༴ ཁྲུས་ལེགས་མཛད་ཅིང་༴ མཐར་རྩ་རིག་བརྗོད་ལ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་


KMC010_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོངས་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །མཐར་རྩ་རིག་བརྗོད་པས་བཀྲུ། སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རང་རྒྱལ་དག་གི་གཟི་བརྗིད་དང་། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མཽངྒལ་བུ་ཡི་རྫུ་འཕྲུལ་དང་། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུངས་སྦྱངས་པའི་ཡོན་ཏན་དང་། །ཀཽ་ཌི་ནྱའི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། །དབང་ཕྱུག་ཆེན་


KMC010_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྟོབས་དག་དང་། །དེད་དཔོན་རྣམས་ཀྱི་མཐུ་དག་དང་། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །དམིགས་ཡུལ་དུག་ནི་དུག་མེད་ཤོག །མཐར་རྩ་རིག་བརྗོད། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན་དུ། འདོད་ཆགས་ཞེ་སྡང་གཏི༴ འདི་དག༴་སྐྱོབ་པའི་དམ་ཆོས༴ དམ་ཆོས་གཟི༴ འདོད་ཆགས༴ འདི་དག༴ འཕགས་པའི༴ དགེ་འདུན་གཟི་ཡིས༴ མཐར་རྩ་རིག་དང་། དམིགས་ཡུལ་གྱི་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དམིགས་ཡུལ་དུག་ནི་དུག་མེད་ཤོག །དེ་བཞིན་དུ། ཆུ་ནི་དུག་གི་ཕ༴ ཆུ་ནི་དུག་གི་མ༴ བདེན་པའི༴ དམིགས༴ མེ་ནི་དུག་གི་ཕ༴ མེ་ནི་དུག་གི་མ༴


KMC010_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི༴ དམིགས་ཡུལ༴ རླུང་ནི་དུག་གི་ཕ༴ རླུང་ནི་དུག་གི་མ༴ བདེན་པའི་བདེན༴ དམིགས་ཡུལ༴ གཟུངས་རིང་བཟླ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ༴ སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །གང་ཞིག་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ༴ སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན ། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ༴ གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ༴


KMC010_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ༴ དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ༴ གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ༴ བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ༴ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ༴ ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱི་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ༴ སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་


KMC010_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་རེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ༴ ཁྱེད་ཅག་ལམ་འགྲོ་བདེ༴ ཕྱིར་འོང་དག་ཀྱང་བདེ༴ ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱེད་ལ་སྡིག་པར་མ་གྱུར་ཅིག །ཅེས་བུ་ལ་སོགས་པ་ཉེ་དུས་བྱང་བུ་བཟུང་ནས་ཕྱག་འཚལ་བཅུག་ལ། གང་གི་དྲིན་གྱི་བདེ་ཆེན་ཉིད། །སོགས་ཤློ་ཀ་ཁ་ཤས་གོ་རིམ་བཞིན་བརྗོད་མཐར། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དམིགས་ཡུལ་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་


KMC010_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །དེ་བཞིན་དམིགས་ཡུལ་སྐྱབས་སུ་མཆི། །དམིགས་ཡུལ་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་དམིགས་ཡུལ་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །དམིགས་ཡུལ་ལུས་འདི་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་ལས་མྱུར་དུ་བསྐྱབ་ཏུ་གསོལ། །དེ་ནས་དབང་བསྐུར་བ་ནི།


KMC010_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇུག་བཞིན། ཇི་ལྟར་བལྟམས་པ་ནས། ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །བར་བརྗོད་ནས། དེ་ལྟར་དབང་བསྐུར་བས་དམིགས་ཡུལ་དེ་ཉིད་ལྷ་རྣམས་དང་སྐལ་པ་མཉམ་པར་གྱུར། ཟས་བསྔོ་ནི། ༀ་བཛྲ་ཡཀྵ་སོགས་དང་། ཨ་ཀཱ་རོ་སོགས་ལན་གསུམ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་གཟུགས་འབུལ་ན། །བདེ་ཆེན་ཡེ་ཤེས་མཆོག་གིས་མཉེས་གྱུར་ཅིག །ༀ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་སྒྲ་འབུལ་ན། །བདེ་ཆེན་ཡེ་ཤེས་མཆོག་གིས་མཉེས་གྱུར་ཅིག །ༀ་ཤབྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་དྲི༴ བདེ་ཆེན་ཡེ་ཤེས༴ ༀ་གནྡྷེ༴ ཕྱོགས་དུས་ཀུན་ན་རོ་


KMC010_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི༴ དམིགས་ཡུལ་རྟེན་གྱི་ལྷ་ལ་ཟས་འབུལ་ན། །བདེ་ཆེན་ཡེ་ཤེས༴ ༀ་རཱ་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་འཕགས་པ་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་གོས་འབུལ་ན། །བདེ་ཆེན་ཡེ་ཤེས་མཆོག་གིས་མཉེས་གྱུར་ཅིག །ༀ་སྤཪྴེ་ཀཱ་མ༴ འདོད་ཡོན་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཁ་ཟས་བཏབ་པ་འདི་ཡི་མཐུས། །འཁྲུལ་སྣང་འཇིགས་སྐྲག་ཐམས་ཅད་ཞི། །བར་དོ་རང་ངོ་འཕྲོད་གྱུར་ནས། །དག་པའི་ཞིང་དེར་སྐྱེ་བར་ཤོག །ཕུང་པོ་བསྲེགས་ཏེ་སྦྱང་བ་ནི། ནུབ་ཐ་མར་རྟེན་ལ་མེ་སྦར་ཏེ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད༴ ལྷ་མོ་བཞི་ཡི་མེ༴ དབང་པོ་དྲུག་གི་བུད༴


KMC010_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་མེ༴ ཡུལ་རྣམ་དྲུག་གི་བུད༴ ལྷ་མོ་དྲུག་གི་མེ༴ ལུས་ངག་ཡིད་གསུམ་བུད༴ རྒྱལ་བའི་སྐུ་གསུམ་མེ༴ སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །རྩ་སྔགས་ཡོངས་རྫོགས་དང་ཡིག་བརྒྱ་བརྗོད། ལམ་བསྟན་སྦྱང་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ༀ་རཏྣེ་རཏྣེ་མ་ཧཱ་རཏྣ། རཏྣ་སཾ་བྷ་ཝེ། རཏྣ་ཀི་ར་ཎེ། རཏྣ་མ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། པདྨ་འདམ་གྱིས་མ་གོས་སོགས་ནས། སྐྱེ་བར་ཤོག །བར་བརྗོད། ༀ་པདྨེ་པདྨེ་པདྨ་སཾ་བྷ་ཝེ་


KMC010_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་སུ་ཁ་ཝ་ཏེ་གཙྪནྟུ་སྭཱ་ཧཱ། ཚེ་འདས་དེ་ཉིད་བདེ་བ་ཅན་དུ་སྐྱེས་ཏེ་དེའི་རྒྱུ་རྐྱེན་བརྟགས་པས་ཆོ་གའི་མཐུ་ཡིན་པར་ཤེས་ནས་འདི་ཉིད་དུ་ལྷགས་ཏེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ལ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་སྦྱངས་ནས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །དེ་ལྟར་ཆེད་དུ་བརྗོད་ཅིང་དྲིན་ལན་གྱི་ཚུལ་དུ་མཆོད་པ་ཨཱརྒྷཾ་སོགས་བྱ། སླར་ཡང་བདེ་བ་ཅན་དུ་སོང་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་ཅིང་གསུང་གི་གདམས་པ་ནོད་པར་གྱུར། ༀ་སརྦ་བུདྡྷ་ཀྵེ་ཏྲ་གཙྪནྟུ་སྭཱ་ཧཱ། ཞེས་མེ་ཏོག་དོར། རྗེས་ཆོག་ནི། མཆོད་པ་བྱིན་རླབས་གོང་བཞིན་བྱ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་


KMC010_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །མོས་བློས༴ བཞེས་ནས༴ ༀ་སརྦ་སོགས་ནས། ཤབྡ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །མོས་བློས༴ བཞེས་ནས༴ གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུ་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས༴ བཞེས་ནས༴ རཱ་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས༴ བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་སྤཪྴེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་མཆོད། །བསྟོད་པ་ནི། རྣམ་པར་སྣང་མཛད་རིགས་བཞི་ཡུམ་དང་བཅས། །སོགས་དང་། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་


KMC010_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཞེས་སོགས་སྨོན་ལམ་གདབ། ལྷ་ཐམས་ཅད་ཀྱི་དམ་རྒྱ་འཆིང་ཞིང་སོ་སོའི་སྔགས་ཀྱི་མཐར། བཛྲ་མུཿཞེས་བཀྲོལ་ནས་སེ་གོལ་གཏོགས། ༀ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝཱ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། བཛྲ་མུཿ ༀ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧཱུྃ། དེ་བཞིན་དུ། ཏྲཾ་ཧྲཱིཿཨཱཿ ༀ་ཤོ་དྷ་ནི་ཧཱུྃ། ཏྲཱཾ་ཧྲཱིཿཨཱཿ ༀ་སརྦ་བིད་བཛྲ་སཏྭ་ཧཱུྃ། ཛཿཧོཿདྷུ་ཏྲཱཾ་ཪྱཾ་བྷྲྀ་ཧཱ་ཧྲཱི་དྷཱིཿཀྲུཾ་བྷཱ་ཀཾ་རཾ་ཀྵཾ་སཾ། ༀ་བཛྲ་ལཱ་སྱེ་ཧཱུྃ། མཱ་ལེ་ཏྲཱཾ། གཱི་རྟི་ཧྲཱིཿ ནྲྀ་ཏྱ་ཨཱཿ དྷཱུ་པེ་ཧཱུྃ། པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨཱཿ ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུྃ། སྥོ་ཊ་བཾ། ཨཱ་བེ་ཤ་ཡ་ཧོཿ ༀ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ༀ་བོ་དྷི་སཏྭ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭཱ་ཧཱ། ༀ་སརྦ་མུ་ནི་བྷྱཿཔ་རི་ཤུདྡྷེ་ག་ག་ན་ས་མཱ་ནཱཾ་སྭཱ་ཧཱ། ༀ་ན་མོ་བུདྡྷ་བྱ་ཝ་ལོ་གི་ཏེ་ཤུདྡྷེ་ག་ག་ན་ས་མ་ཡེ་སྭཱ་ཧཱ། ༀ་ཏྲཻ་ལོ་ཀྱ་ཀི་ར་ཧཱུྃ་ཕཊ། དེ་བཞིན་དུ། ཏྲཻ་ལོ་ཀྱ་ད་མ་ཀ༴ ཏྲཻ་ལོ་ཀྱ་ནཱ་ཤ་ཡ༴ ཏྲཻ་ལོ་


KMC010_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱ་ཨཱནྟ༴ ཨ་མྲྀ་ཏ༴ ཀཱ་ལ་དནྜ༴ ཀ་ཎ་ཧ་ནི༴ ཧྲཱིཿཧཱུྃ་ཕཊ། བསྡུ་ན། ༀ་བྲྀ་ཏ་བྲྀ་ཏ་སོགས། བཛྲ་མུཿ ༀ་ཏྲ ཊ་ཏྲཊ་སོགས། བཛྲ་མུཿ ༀ་ཚིནྡྷ་ཚིནྡྷ་སོགས། བཛྲ་མུཿ ཞེས་དང་། རྡོ་རྗེ་འཛིན་མའི་རྒྱ་བཅིངས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ་ཞིང་། ༀ་བཛྲ་སཏྭ་སོགས་ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཤློ་ཀའི་མཐར། རྫོགས་སངས་རྒྱས་དང་སོགས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་། སྤྱན་དྲངས་པའི་བདག་མདུན་བུམ་པའི་ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་ཆེན་པོ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། སྤྲུལ་པའི་དམ་ཚིག་པ་རྣམས་རང་གི་སྙིང་གའི་གནས་སུ་ཐིམ་པར་གྱུར། ༀ་ཨཱཿཧཱུྃ། ཞེས་དང་། བསྡུ་བའི་སྔགས་རྒྱ་བྱ། རས་བྲིས་ཡིན་ན་གཤེགས་གསོལ་མི་བྱེད་པར་བརྟན་བཞུགས་བྱ་ཞིང་། རྡུལ་ཚོན་ཡིན་ན་ཨ་ཀཱ་རོ་བརྗོད་བཞིན་ཕྱགས་ནས་ཆུ་བོར་དོར། བུམ་པ་ཆུས་བཀང་ནས་དཀྱིལ་འཁོར་གྱི་གཞི་ལ་ཆག་


KMC010_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་གདབ། བཀྲ་ཤིས་བརྗོད་ཅིང་དགའ་སྟོན་བྱའོ། །དགེ་བ་འདི་ཡིས་མྱུར་དུ་བདག །ཁྱབ་བདག་རྣམ་སྣང་འགྲུབ་གྱུར་ནས་སོགས། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག༴ དེ་དག་ཐམས་ཅད༴ ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ༴ སེམས་ཅན་གང་དག༴ དེ་དག་ཐམས་ཅད༴ གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །དེ་ལྟར་འཁོར་བ་ངན་སོང་མཐའ་དག་དང་། །ཞི་བ་ཕྱོགས་གཅིག་གནས་ལས་དྲང་སླད་དུ། །སྐྱོབ་ལྡན་ཤཱཀྱ་སེང་གེ་འགྲོ་མགོན་གྱིས། །སྔགས་དང་ཕྱག་


KMC010_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཏིང་འཛིན་རྟེན་འབྲེལ་གྱིས། །ཆོ་ག་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཏེ། །ལེགས་པར་གསུངས་དེར་བཟློག་མེད་དད་པ་ཡིས། །བཅོམ་ལྡན་ངན་སོང་ཡོངས་སྦྱོང་ཆོ་ག་འདི། །རྗེས་འཇུག་རྣམས་ལ་ཕན་ཕྱིར་བརྗོད་པར་བྱས། །དགེ་བས་ངན་འགྲོའི་སྒོ་ཆེན་བཅད་པ་ནས། །མངོན་མཐོ་ངེས་ལེགས་བྱང་ཆེན་རྒྱུར་ཕྱིར་བསྔོ། །ཞེས་པ་འདི་ནི་སྤྱིར་མ་རྒན་འགྲོ་བ་མཐའ་དག་ལ་ཕན་པའི་ཆེད་དང་། སྒོས་ཕྱོགས་འདིར་གནས་པའི་རྒྱལ་བ་ཀརྨ་པའི་རྗེས་འཇུག་རྣམས་ཀྱིས་འདི་ལྟར་སྦྱོར་ཞེས་གསོལ་བ་བཏབ་པའི་ངོར་ཀརྨ་བཤད་སྒྲུབ་གླིང་དུ་ཀརྨ་པའི་མཚན་གྱི་བྱིན་གྱིས་བརླབས་པ་དཔལ་དབྱངས་ཅན་བཞད་པ་ཞེས་བྱ་བས་ལེགས་པར་བཀོད་པས་འགྲོ་བ་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག ༈ །རབ་འབྱམས་རྒྱལ་བའི་ཞིང་ཁམས་རྒྱ་མཚོ་རུ། །གང་འདུལ་སྒྱུ་འཕྲུལ་རོལ་པའི་ཟླ་སྣང་གི །འཇིག་རྟེན་རྒྱན་གཅིག་དོན་ཀུན་གྲུབ་པ་དང་། །དབྱེར་མེད་ཀརྨ་པ་དེ་རྒྱལ་གྱུར་ཅིག །གང་གི་སྒྲིབ་བྲལ་མཁྱེན་པའི་འོད་སྟོང་གིས། །འཇིགས་བཅས་འཁོར་བའི་ངན་སོང་སྦྱོང་བའི་རྒྱུད། །ཐམས་ཅད་རིག་པའི་ཆོ་ག་རྨད་བྱུང་ལ། །འདོན་འགྲིགས་ནག་པོ་འགྲོ་ཤེས་འཇུག་བདེ་བ། །འདི་ནི་བཅོས་མ་མ་ཡིན་རྒྱལ་བའི་བཀའ། །ཡང་དག་དོན་ལྡན་ཐར་པ་དམ་པའི་སྒོ། །སྐལ་བཟང་ཐར་འདོད་


KMC010_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ངོགས་གཅིག་པུ་ཉིད། །མཁས་གྲུབ་འབྱུང་གནས་བཤད་སྒྲུབ་ཆོས་འཁོར་དུ། །ཆོས་སྦྱིན་འཛད་མེད་འབྱུང་བའི་སྤར་གྱི་འཁྲུལ། །དགེ་སློང་ཀརྨ་ངེས་དོན་རྡོ་རྗེ་ནས། །ལེགས་པར་བསྐྲུན་པའི་རྣམ་དཀར་དགེ་ཚོགས་ཀྱིས། །དོན་བརྒྱུད་སྙིང་པོའི་རིང་ལུགས་འཛིན་པའི་སྡེ། །མི་ཉམས་ཕྱོགས་ཀྱི་ཐ་གྲུར་འཕེལ་བ་དང་། །མཁའ་མཉམ་ཡིད་ཅན་འགྲོ་བ་མ་ལུས་པའི། །སྡིག་ལྟུང་སྒྲིབ་གཉིས་བག་ཆགས་ཀུན་བྱང་སྟེ། །རྣམ་གྲོལ་བདེ་བླག་རྙེད་པའི་རྒྱུར་འགྱུར་ཤོག །ཅེས་པའང་སྤར་བྱང་ཉུང་ངུ་འདི་ནི་མཁན་མིང་འཛིན་པ་སྨྲ་བའི་སེངྒེས་སྨོན་པ་དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་བའི་སྒོ་ནས་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་ག་མངོན་པར་དགའ་བའི་ཞིང་གི་རྒྱན།


KMC010_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་བའི་སྒོ་ནས་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་ག་མངོན་པར་དགའ་བའི་ཞིང་གི་རྒྱན་ཞེས་བྱ་བ་བཞུགས་སོ། །


KMC010_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་྅ཀྵོ་བྷྱཱ་ཡ་ནཱ་ཐཱ་ཡ། མཐོན་ཀ་ཆེན་པོའི་འོད་ཀྱི་དཀྱིལ་འཁོར་ནི། །དང་བའི་ཡིད་མཚོ་དྲན་པའི་སྐད་ཅིག་ལ། །སྒྲིབ་གཉིས་རྙོག་པ་མཐར་བྱེད་ཆུ་དྭངས་སྐུ། །མི་འཁྲུགས་རྒྱལ་བའི་ཞབས་ལ་ཕྱག་འཚལ་ལོ། །དེ་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་མཐར་ཕྱིན་པར་འདོད་པའི་གང་ཟག་གིས་ཉམས་སུ་བླང་པའི་ཚུལ་ལ་གསུམ། སྒོམ་ཞིང་བཟླས་པ་ལ་བརྟེན་ནས་རང་རྒྱུད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། དཀྱིལ་འཁོར་དང་གཟུངས་སྒྲུབ་ལ་བརྟེན་ནས་རང་གཞན་ཐུན་མོང་དུ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། མིང་བྱང་སོགས་ལ་བརྟེན་ནས་གཞན་རྒྱུད་ཀྱི་ལས་


KMC010_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲིབ་པ་རྒྱུན་གཅོད་པའོ། དང་པོ་ནི་འདི་ཉིད་ཀྱི་སྒྲུབ་ཐབས་ཀྱི་གཞུང་ཇོ་བོས་མཛད་པ་ལས། སྒྲུབ་བོ་དམ་ཚིག་ལྡན་པ་ཡིས། །དགོན་པའམ་གྲོང་མཐའ་ལ་སོགས་པར། །ཁུས་བྱས་གཙང་མར་བྱས་པ་ཡིས། །ལས་བྱས་བདེ་བའི་སྟན་ལ་འདུག །ༀ་བཛྲ་ཨ་མྲི་ཏ་ཀནྜ་ཡི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པ་ལྟར་བྱས་ནས། སྒྲུབ་པའི་ཐབས་དངོས་ཉམས་སུ་བླང་བའི་རིམ་པ་ལ་དང་པོ་སྦྱོར་བ་ཚོགས་གཉིས་བསག་པ་ནི། བདག་གིས་སེམས་ཅན་ཀུན་དོན་དུ། །བཅོམ་ལྡན་མི་འཁྲུགས་པ་བསྒྲུབས་ཏེ། འགྲོ་བ་ཀུན་ཀྱང་བཅོམ་ལྡན་འདས། །མི་འཁྲུགས་གོ་འཕང་ལ་འགོད་བྱ། །ཞེས་བྱང་ཆུབ་


KMC010_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་སྔོན་དུ་གཏང་ནས། རང་ཉིད་བཅོམ་ལྡན་མི་འཁྲུགས་པར། །གསལ་བའི་ཐུགས་ཀར་པདྨ་དང་། །ཟླ་བའི་སྟེང་དུ་ཡི་གེ་ཧཱུྃ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་དང་ནི་མི་འཁྲུགས་པ། །སངས་རྒྱས་བྱང་སེམས་ཚོགས་དང་བཅས། །སྤྱན་དྲངས་མདུན་དུ་བཞུགས་པ་ལ། སྒོ་གསུམ་གུས་པས་ཕྱག་འཚལ་མཆོད། །པར་བསམས་ལ། ༀ་སརྦ་ཏ་ཐཱ་ཱག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་པྲཎ་མེ་ན་བཛྲ་བྷནྡྷ་ནཾ་ཀ་རོ་མི། ཞེས་བརྗོད་ཅིང་ཕྱག་འཚལ་བར་མོས་ལ། སྙིང་གའི་ས་བོན་ལས་འཕྲོས་པའི། །མེ་ཏོག་མ་སོགས་རང་མིང་གི །མཆོད་རྫས་འཛིན་པའི་ལྷ་མོ་དང་། །རིན་ཆེན་བདུན་ལ་སོགས་པས་མཆོད། །པར་བསམས་ལ། ཉེར་སྤྱོད་ལྔ་སོ་སོའི་ཕྱག་རྒྱ་དང་བཅས་པས། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ། དཱི་པེ། གནྡྷེ། ནཻཝིདྱེ། ཞེས་དང་། ༀ་སརྦ་བི་ཤིཥྛ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུྃ། ཞེས་པ་རྣམས་ཀྱིས་མཆོད་ལ། དེ་དག་གི་སྤྱན་སྔར་བསམ་པ་ཐག་པས། བདག་དང་མཁའ་མཉམ་སེམས་ཅན་གྱི། མི་དགེའི་ལས་ཀུན་མཐོལ་


KMC010_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །རྒྱལ་ཀུན་ཆོས་འཁོར་བསྐོར་བ་དང་། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །དགེ་ཀུན་རྫོགས་པའི་བྱང་ཆུབ་བསྔོ། །ཞེས་བརྗོད་པའི་རྗེས་སུ། ༀ་ཨཱཿཧཱུྃ་མུཿ ཚོགས་རྟེན་རང་བཞིན་གནས་སུ་གཤེགས། །ཞེས་ཚོགས་རྟེན་གཤེགས་ནས། སེམས་ཅན་བདེ་ལྡན་སྡུག་བསྔལ་དང་། །བྲལ་ཞིང་བདེ་ལས་ཉམས་མེད་པ། །ཀུན་ལ་སྙོམས་པའི་བཏང་སྙོམས་གྱུར། །ཞེས་ཚད་མེད་བཞི་སྒོམ་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་དང་། ༀ་ཤཱུ་ནྱཏཱ་ཛྙཱན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཆོས་རྣམས་ཐམས་ཅད་དངོས་མེད་པ། །རང་བཞིན་དག་པའི་སྟོང་པ་ཉིད། །དུ་བསམས་ནས་ཡེ་ཤེས་ཀྱི་ཚོགས་བསགས་ནས། ༈ གཉིས་པ་དངོས་གཞི་ལྷ་སྔགས་ཀྱི་རྣལ་འབྱོར་ནི། དེ་ཡི་ངང་ལས་མ་གཡོས་བཞིན། །སྙིང་རྗེས་བྱང་ཆུབ་སེམས་བསྐུལ་བས། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །


KMC010_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལྷའི་ས་བོན་ཡི་གེ་ཧཱུྃ། །སྔོན་པོ་འོད་ཟེར་འབར་བ་གསལ། །བར་བསམས་ནས་ལག་པ་གཉིས་ཐལ་མོ་སྦྱར་བའི་མཛུབ་མོ་གཉིས་བསྐྱེད་པ་དམ་ཚིག་གི་ཕྱག་རྒྱ་བཅས་ལ། དེ་ལས་འོད་འཕྲོས་སེམས་ཅན་ཁམས། སྦྱངས་ཏེ་མི་འཁྲུགས་པར་བྱས་དང་། །འཕགས་པ་རྣམས་ཀྱང་བཅོམ་ལྡན་འདས། །མི་འཁྲུགས་རྣམ་པར་སྤྱན་དྲངས་པ། །ཀུན་ཀྱང་འོད་ཟེར་གྱིས་བསྡུས་ཏེ། །ས་བོན་དང་ནི་ཕྱག་རྒྱར་ཐིམ། །པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏོཏྦྷ་ཝ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། དེ་དག་ཡོངས་སུ་གྱུར་པ་ལས། །རང་ཉིད་བཅོམ་ལྡན་མི་འཁྲུགས་པ། སྐུ་མདོག་སྔོན་པོ་མཚན་དཔེ་ལྡན། ཕྱག་གཉིས་གཡས་པ་ས་གནོན་དང་། གཡོན་པས་མཉམ་བཞག་རྡོ་རྗེ་འཛིན། །ན་བཟའ་ཆོས་གོས་གསུམ་མནབས་ཤིང་། །འོད་དང་འོད་ཟེར་འཕྲོ་བ་ཅན། གླང་ཆེན་གྱིས་བཏེག་རིན་ཆེན་ཁྲིར། །པདྨ་ཟླ་བའི་གདན་སྟེང་དུ ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དེ་ཡི་ཐུགས་ཀར་


KMC010_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་སྟེང་། །ཧཱུྃ་གི་འོད་ཟེར་གྱིས་བསྐུལ་བའི། །སངས་རྒྱས་ནམ་མཁའི་ཁམས་གང་བས། །མངོན་པར་དབང་བསྐུར་གནས་གསུམ་དུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །ༀ་ཨཱཿཧཱུྃ་གི་ཡི་གེ་ཡིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས། །མངོན་དགའི་ཞིང་ནས་མི་འཁྲུགས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །པར་བསམས་ལ། ༀ་བཛྲ་པུཥྤེ་སོགས་གོང་ལྟར་མཆོད། ཛཿཧཱུྃ་བྃ་ཧོཿརང་ཉིད་ལ། དགུག་གཞུག་བཅིངས་དང་མཉེས་གྱུར་པའི། །ཐུགས་ཀའི་པད་ཟླའི་ཧཱུྃ་ལས་ནི། །དབུས་སུ་ཡེ་ཤེས་མི་འཁྲུགས་པ། །རང་འདྲའི་ཕྱོགས་བཞིར་སངས་རྒྱས་བཞི། །རྣམ་སྣང་རིན་འབྱུང་འོད་དཔག་མེད། །དོན་གྲུབ་དཀར་སེར་དམར་དང་ལྗང་། །མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན། །ཕྱག་གཉིས་རིམ་པ་ཇི་བཞིན་དུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་། །མཆོག་སྦྱིན་


KMC010_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་ཏིང་འཛིན་ཚུལ། །སྐྱབས་སྦྱིན་མཉམ་བཞག་ཞབས་ཟུང་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །གཙོ་བོའི་ཐུགས་ཀར་པད་ཟླ་ལ། །ཏིང་འཛིན་སེམས་དཔའ་ཧཱུྃ་གི་མཐར། །བཟླ་བྱའི་སྔགས་ཀྱི་བསྐོར་བར་གྱུར། །དེ་ལྟར་རང་ཉིད་ལྷར་གསལ་བའི། །ཐུགས་ཀའི་ཧཱུྃ་འོད་ལས་སྤྲུལ་པའི། །མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། །པར་བསམས་ལ་གོང་གི་ཚོགས་ཞིང་གི་སྐབས་ལྟར། ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་པ་སྟེ། །ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང་། །ཕྱག་དང་ཞབས་ནི་དྲྭ་བས་


KMC010_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་བཟླས་བརྗོད་སྔགས་ཀྱི་རྣལ་འབྱོར་བྱ་བ་ནི། །ཇོ་བོའི་གཞུང་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པ་ལྟར། གཞི་ནི་སངས་རྒྱས་ཐུགས་ཀ་རུ། སེམས་ནི་ཟླ་བའི་དཀྱིལ་འཁོར་ལ། །སྒྲ་ནི་སྔགས་ཀྱི་ཕྲེང་བ་རྣམས། །མེ་ལོང་ནང་གི་གཟུགས་བཞིན་གསལ། །ཞེས་རང་གི་སྙིང་གར་ཟླ་བའི་དབུས་སུ་ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས་བཟླས་པས་སྔགས་མགལ་མེའི་འཁོར་ལོ་ལྟ་བུར་འཁོར་བས་ལས་སྒྲིབས་དག་པར་བསྒོམ། བཟླས་བྱའི་སྔགས་ནི། ན་མོ་བྷ་ག་ཝ་ཏེ་ཨཀྵོ་བྷྱ་ཡ་ཏ་ཐཱ་ག་ཏཱ་ཡཱརྷ་ཏེ་ས་མྱཀྶཾ་བུདྡྷ་


KMC010_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། ཏདྱ་ཐཱ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི། རོ་ཙ་ནི། ཏྲོ་ཊ་ནི། ཏྲོ་ཊ་ནི། ཏྲཱ་ས་ནི། ཏྲཱ་ས་ནི། པྲ་ཏི་ཧ་ན། པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱ་ཉྩཱ་སྭཱ་ཧཱ། ཞེས་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་འདི་ཡིད་ཀྱིས་སམ་སྔགས་ཀྱི་སྒྲ་གོང་རྩེས་ཐོས་ཙམ་གྱི་ཤུབ་བུའི་བཟླས་པ་གང་རུང་གིས་ཅི་ནུས་སུ་བཟླས་ཏེ། དེའི་ཕན་ཡོན་ཀྱང་འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་འདི་ཉིད་ལས། རྟག་ཏུ་བཟླས་པ་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་བར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །ལན་གཅིག་བཟླས་ན་ལྟས་ངན་པ་དང་རྨི་ལམ་ངན་པ་དང་བཀྲ་མི་ཤིས་པ་ཐམས་ཅད་མེད་པར་འགྱུར་རོ། །ཞེས་དང་། གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང་བྱ་དང་མི་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། །འཆི་ཁའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་གསུམ་དུ་འགྲོ་བར་མི་འགྱུར་རོ། །ཞེས་དང་། མཚམས་མེད་པ་ལྔ་བྱས་པའམ། །དམ་པའི་ཆོས་སྤངས་པ་འམ། །འཕགས་པ་ལ་སྐུར་པ་བཏབ་ཀྱང་རུང་སྟེ། །འཆི་ཁར་རྩིགས་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་ཡང་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན་འདོགས་པ་དང་


KMC010_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ། རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་རྗེས་ཐུན་ལས་ལྡང་བའི་རིམ་པ་ནི། ཐལ་མོ་སྦྱར་ལ། བཟླས་བརྗོད་ཀྱི་ནི་དགེ་བ་གང་། །འགྲོ་ཀུན་བྱང་ཆུབ་ཆེ་ཐོབ་པའི། །མཆོག་གི་དངོས་གྲུབ་རྒྱུ་རུ་ནི། །བཅོམ་ལྡན་འདས་ལ་དབུལ་བར་བགྱི། །ཞེས་བཟླས་བརྗོད་ཀྱི་དགེ་བ་བཅོམ་ལྡན་འདས་ལ་ཕུལ་ནས། ༈ །ཡང་བུམ་སྒྲུབ་ཁོ་ན་བྱེད་ཅིང་དཀྱིལ་འཁོར་མི་བྱེད་པའམ་བྱེད་ཀྱང་བུམ་སྟེགས་ཟུར་དུ་བྱེད་ན། མཎྜལ་པདྨ་འདབ་བརྒྱད་ལྟེ་བ་མཐིང་གར་བྱས་པའི་སྟེང་དུ་མེ་ཏོག་སྔོན་པོའི་ཚོམ་བུ་བཀོད། །དེའི་ཁར་བུམ་པ་ཁ་རྒྱན་སྣོད་བཅུད་གཟུངས་ཐག་དང་བཅས་པ་བཤམས་ཀྱང་རུང་ལ། རང་ཉིད་དཀྱིལ་འཁོར་དང་བུམ་པ་ལ་མངོན་དུ་ཕྱོགས་ནས་སྟན་བདེ་བ་ལ་འདུག་སྟེ། །ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་སྔགས་ལན་གསུམ་བརྗོད་པས་བདག་དང་གནས་དང་རྣལ་འབྱོར་བསྲུངས་ལ། གོང་དུ་ཇི་སྐད་བཤད་པ་ལྟར་གྱི་བདག་བསྐྱེད་བཟླས་པ་ཡན་ཆད་བྱས་ལ། །དཀྱིལ་འཁོར་སོགས་ལ་དམིགས་ཏེ། རིམ་གྱིས་ཐམས་ཅ ད་སྟོང་པ་ལས། །བྷྲཱུྃ་ལས་གཞལ་ཡས་


KMC010_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་པ་ནི། །གྲུ་བཞི་སྒོ་བཞི་རྟ་བབས་སོགས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །སྒོ་བཞིར་ཐེམ་སྐས་ལྡན་པ་ཡི། །ཕྱི་ཁྱམས་མཚོ་དང་རྫིང་བུ་ནི། །ཆུ་བྱ་སྣ་ཚོགས་བཅས་པ་དང་། །དཔག་ བསམ་ཤིང་དང་བུམ་པ་བཟང་། །མེ་ཏོག་སྣ་ཚོགས་ཀྱིས་ཁྱབ་པ། །རྡོ་རྗེའི་རྭ་བ་འོད་ཟེར་གྱི། །ཕྲེང་བས་ཀུན་ནས་བསྐོར་བ་ཡི། །དབུས་སུ་པདྨ་ཟླ་སྟེང་དང་། །བུམ་པ་བྷཱུཾ ལས་གཞལ་ཡས་ཁང་། བཅུད་ནི་པྃ་ལས་བདུད་རྩིའི་མཚོ། །དེ་ནང་བཾ་ལས་པད་སྡོང་དང་། །ཟླ་བའི་དཀྱིལ་འཁོར་གདན་གྱི་སྟེང་། །བུམ་ལྷའི་ས་བོན་ཡི་གེ་ཧཱུྃ། །སྔོན་པོ་འོད་ཟེར་འབར་བ་གསལ། །དེ་ལས་འོད་འཕྲོས་སེམས་ཅན་ཁམས། །སྦྱངས་ཏེ་མི་འཁྲུགས་པར་བྱས་དང་། འཕགས་པ་རྣམས་ཀྱང་བཅོམ་ལྡན་འདས། །མི་འཁྲུགས་རྣམ་པར་སྤྱན་དྲངས་པ། །ཀུན་ཀྱང་འོད་ཟེར་གྱིས་བསྡུས་ཏེ། །ས་བོན་དང་ནི་ཕྱག་རྒྱར་ཐིམ། །ༀ་སརྦ་ཏ་ཐཱ་ག་ཏོཏྦྷ་ཝ་སྭཱ་ཧཱ། དེ་དག་ཡོངས་སུ་


KMC010_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས། །བཅོམ་ལྡན་རྒྱལ་བ་མི་འཁྲུགས་པ། །སྐུ་མདོག་སྔོན་པོ་མཚན་དཔེ་ལྡན། །ཕྱག་གཉིས་གཡས་པ་ས་གནོན་དང་། །གཡོན་པས་མཉམ་གཞག་རྡོ་རྗེ་འཛིན། །ན་བཟའ་ཆོས་གོས་གསུམ་མནབས་ཤིང་། །འོད་དང་འོད་ཟེར་འཕྲོ་བ་ཅན། །གླང་ཆེན་གྱིས་བཏེག་རིན་ཆེན་ཁྲིར། །པདྨ་ཟླ་བའི་གདན་སྟེང་དུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །བཀྲ་ཤིས་མཆོད་པའི་ལྷ་མོ་བརྒྱད། །ཤར་ནས་རིམ་བཞིན་དཔལ་བེའུ་སོགས། །འཛིན་པ་ཁ་དོག་སྣ་ཚོགས་པ། །དར་དང་རིན་ཆེན་རྒྱན་ལྡན་གསལ། །གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་། །ཧཱུྃ་གི་འོད་ཟེར་གྱིས་བསྐུལ་བའི། །སངས་རྒྱས་ནམ་མཁའི་ཁམས་གང་བས། །མངོན་པར་དབང་བསྐུར་གནས་གསུམ་དུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །ༀ་ཨཱཿ ཧཱུྃ་གི་ཡི་གེ་ཡིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས། །མངོན་དགའི་


KMC010_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ནས་མི་འཁྲུགས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །བར་བསམས་ལ། ༀ་བཛྲ་པུཥྤེ་སོགས་ཀྱིས་གོང་བཞིན་མཆོད། ཛཿཧཱུྃ་བྃ་ཧོཿདམ་ཚིག་པར། །དགུག་གཞུག་བཅིངས་དང་མཉེས་གྱུར་པའི། །ཐུགས་ཀའི་པད་ཟླའི་ཧཱུྃ་ལས་ནི། །དབུས་སུ་ཡེ་ཤེས་མི་འཁྲུགས་པ། །རང་འདྲའི་ཕྱོགས་བཞིར་སངས་རྒྱས་བཞི། །རྣམ་སྣང་རིན་འབྱུང་འོད་དཔག་མེད། །དོན་གྲུབ་དཀར་སེར་དམར་དང་ལྗང་། །མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན། །ཕྱག་གཉིས་རིམ་པ་ཇི་བཞིན་དུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་། །མཆོག་སྦྱིན་མཉམ་གཞག་ཏིང་འཛིན་ཚུལ། །སྐྱབས་སྦྱིན་མཉམ་གཞག་ཞབས་ཟུང་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །གཙོ་བོའི་ཐུགས་ཀར་པད་ཟླ་ལ། །ཏིང་འཛིན་སེམས་དཔའི་ཧཱུྃ་གི་མཐར། །བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར། །ཞེས་དཀྱིལ་འཁོར་པ་སོགས་བསྐྱེད་ལ། གཞི་ནི་སངས་རྒྱས་ཐུགས་ཀ་རུ། །སེམས་


KMC010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཟླ་བའི་དཀྱིལ་འཁོར་ལ། །སྒྲ་ནི་སྔགས་ཀྱི་ཕྲེང་བ་རྣམས། །མེ་ལོང་ནང་གི་གཟུགས་བཞིན་གསལ། །བདག་བསྐྱེད་ཀྱི་སྐབས་ལྟར་མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ནི། ན་མོ་བྷ་ག་ཝ་ཏེ། །ཨཀྵོ་བྷྱ་ཡ་སོགས་ཅི་འགྲུབ་བཟླས་པའི་མཐར། བཟླས་བརྗོད་ཀྱི་ནི་དགེ་བ་གང་། །འགྲོ་ཀུན་བྱང་ཆུབ་ཆེ་ཐོབ་པའི། །མཆོག་གི་དངོས་གྲུབ་རྒྱུ་རུ་ནི། །བཅོམ་ལྡན་འདས་ལ་དབུལ་བར་བགྱི། །ཞེས་བཟླས་བརྗོད་ཀྱི་དགེ་བ་བཅོམ་ལྡན་འདས་ལ་ཕུལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་པའི་སྟོབས་དང་བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་རིག་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག །ཅེས་དང་། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཾ། སརྦ་ཐཱ་


KMC010_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཞེས་པའི་སྔགས་ལན་བརྒྱད་བཟླས་པས་མཆོད་རྫས་རྣམས་བྱིན་གྱིས་བརླབས་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། །སྣང་གསལ། དྲི་མཆོག །ཞལ་ཟས། སྒྲ་སྙན། ཞེས་དང་། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནི་ཝི་དྱེ། ཤབྡ། ཞེས་བཅུག་ལ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་


KMC010_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་པ་སྟེ། །ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང་། །ཕྱག་དང་ཞབས་ནི་དྲྭ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། གཏོར་མའི་སྟེང་དུ་ཨ་ལས་ཟླ་དཀྱིལ་དབུས། །ཧཱུྃ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པ། །གཏོར་མར་ཐིམ་པས་གཏོར་མ་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། །བར་བསམས་ལ། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ནས། དེ་ཉིད་བཅོམ་ལྡན་ལྗགས་རྩེའི་འོད་


KMC010_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གྱི། །སྤུ་གུས་དྲངས་ཏེ་གསོལ་བས་མཉེས་པར་གྱུར། །བར་བསམས་ཏེ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤ་ནྣ་ཏྭཱ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ་ཏེ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལས་སྒྲིབ་མ་ལུས་བྱང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། ༈ དེ་ནས་གཟུངས་ཐག་བཟུང་སྟེ་བུམ་པ་ལ་དམིགས་ནས། རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །བདུད་རྩི་འོད་ཀྱི་རྣམ་པ་ཅན། །གཟུངས་ཐག་བརྒྱུད་སོང་མི་བསྐྱོད་པར། །ཕོག་པས་སྐུ་ཡི་གནས་རྣམས་ནས། །ལས་སྒྲིབ་སྦྱོང་བྱེད་བདུད་རྩིའི་རྒྱུན། །ཤིང་རྟའི་འཕང་ལོ་ཙམ་བབས་པས། །བུམ་པ་བདུད་རྩིས་གང་བར་གྱུར། ན་མོ་བྷ་ག་ཝ་ཏེ། །ཨཀྵོ་བྷྱཱ་ཡ་སོགས་བཟླས་བརྗོད་བརྒྱ་རྩ་བརྒྱད་ལ་སོགས་པ་བྱས་པའི་མཐར། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ནས། ནཻ་ཝི་དྱེ། བར་ཉེར་སྤྱོད་སྔས་མཆོད་ནས། ༀ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་དུང་ཆོས་ཀྱི་ཆུ་བུམ་པར་དབུལ་ལོ། །དེ་ནས་བུམ་པའི་དབང་


KMC010_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ལ་སོགས་པའི་དོན་དུ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་པའི་དུང་ཆོས་ཀྱི་ཆུས་ཁྲུས་བྱས་པའི་སློབ་མ་དཀྱིལ་འཁོར་གྱི་མདུན་དུ་འདུག་པས་ཡོན་དང་མཎྜལ་ཕུལ་ལ། ཇི་ལྟར་བལྟམས་པ་སོགས། ས་གཞི་སྤོས་ཆུས་སོགས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ་སློབ་དཔོན་གྱིས་ཀྱང་། བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་ཀུན་གྱིས་


KMC010_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །སྐྱོབ་པ་སངས་རྒྱས་དཔའ་ཆེན་པོས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་གནང་བ་བྱོན་ནས། དཀྱིལ་འཁོར་གྱི་དབུས་འདི་ན་བཅོམ་ལྡན་འདས་མི་འཁྲུགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་ཏེ་བཞུགས་པའི་དྲུང་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། །སྡིག་པ་བཤགས་ཤིང་ཕྱིར་སྡོམ་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། །དགེ་བའི་རྩ་བ་བསྔོ་བ་རྣམས་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བྱས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་


KMC010_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད། དེ་ལྟར་ཐེག་པ་ཆེན་པོའི་སྣོད་དུ་གྱུར་པ་ལ་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མི་འཁྲུགས་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས་རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་མོས་ཤིག །བྱས་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྤྱོད་མཛད་པ། །སྦྱིན་པའི་ཆུ་ཡིས་རྗེས་དགོངས་ལ། །ཁྲུས་ལེགས་མཛད་


KMC010_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དབང་བསྐུར་རོ། །འདི་ནི་ཚུལ་ཁྲིམས༴ ཚུལ་འཆལ༴ འདི་ནི་བཟོད་པའི༴ ཁོང་ཁྲོའི༴ འདི་ནི་བརྩོན་འགྲུས༴ ལེ་ལོའི༴ འདི་ནི་བསམ་གཏན༴ །རྣམ་གཡེང་༴ འདི་ནི་ཤེས་རབ༴ ཤེས་འཆལ༴ ཅེས་ཚིགས་བཅད་བརྗོད་ཅིང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པས་བུམ་ཆུ་སྦྱིན་ནོ། །ༀ་སརྦ་ཏ་ཐཱ་ག་ཏོཏྦྷ་ཝ་ཨ་བྷི་ཥེཉྩ་ཧཱུྃ། ཞེས་སྔར་བཤད་པའི་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་པས་ཅོད་པན་གྱི་དབང་བསྐུར་རོ། །དེ་ནས་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་འབུར་དུ་བཏོད་པའམ་རི་མོར་བྲིས་པ་ལག་ཏུ་རིམ་པར་གཏད་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་དཔལ་གྱི་བེའུ་རབ་འབར་བ། །བསྣམས་ནས་རྒྱལ་བའི་ཐུགས་ལ་མཆོད་པ་ལྟར། ཐུགས་ལ་དཔལ་བེའུའི་བཀྲ་ཤིས་ཐོབ་པར་ཤོག །ༀ་མངྒ་ལ་ཤྲཱི་ཝཏྶ་ཏྲ་ཨ་བྷི་ཥེ་ཉྩ་ཧཱུྃ། བཀྲ་ཤིས་གང་ཞིག༴ ཕྱག་ན་གསེར་གྱི་འཁོར་ལོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་ཞབས་ལ་མཆོད་པར་ལྟར། །ཞབས་ལ་འཁོར་ལོའི་བཀྲ་ཤིས་ཐོབ་པར་


KMC010_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ༀ་མངྒ་ལ་ཙ ཀྲ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །བསྣམས་ནས་རྒྱལ་བའི་ལྗགས་ལ༴ ལྗགས་ལ་པདྨའི༴ ༀ་མངྒ་ལ་པདྨ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་རྒྱལ་མཚན་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་སྐུ་ལ༴ སྐུ་ལ་རྒྱལ་མཚན་བཀྲ་ཤིས༴ ༀ་མངྒ་ལ་དྷྭ་ཛ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །བསྣམས་ནས་རྒྱལ་བའི་དབུ་ལ༴ དབུ་ལ་གདུགས་ཀྱི༴ ༀ་མངྒ་ལ་ཚཱ་ཏྲཾ༴ །བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་མགུལ་ལ༴ མགུལ་ལ་བུམ་པའི༴ ༀ་མངྒ་ལ་ཀུམྦྷ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོགས་མཛད་པ། །བསྣམས་ནས་རྒྱལ་བའི་གསུང་ལ༴ གསུང་ལ་དུང་གི༴ ༀ་མངྒ་ལ་ཤངྑ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །བསྣམས་


KMC010_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་བའི་སྤྱན་ལ་མཆོད་པ་ལྟར། །སྤྱན་ལ་ཉ་ཡི་བཀྲ་ཤིས་ཐོབ་པར་ཤོག །ༀ་མངྒ་ལ་མཙྪ་ཨ་བྷི་ཥེཉྩ་ཧཱུྃ། ཞེས་བཀྲ་ཤིས་རྟགས་བརྒྱད་བྱིན་ནས་གཟུངས་བརྗོད། ན་མོ་བྷ་ག་ཝ་ཏེ། །ཨ་ཀྵོ་བྷྱ་ཡ་སོགས་ཀྱིི་མཐར། རཀྵ་རཀྵ། ཞེས་པས་སྲུང་བ་བྱ་ཞིང་གྲུབ་ན་ཤོག་བུའམ་གྲོ་ག་ལ་གཟུངས་སྔགས་བྲིས་པ་ཆུད་མི་ཟ་བར་བྱས་ཏེ་དབུ་ཞབས་མ་ལོག་པར་མགུལ་དུ་བཏགས་ཏེ། དེའི་ཕན་ཡོན་ཀྱང་གཟུངས་ལས། །ལུས་ལ་འཆང་བའམ་གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན་དེ་ལ་དུས་མ་ཡིན་པར་འཆི་བ་རྣམས་འབྱུང་བར་མི་འགྱུར་རོ། །ཞེས་གསུངས། དེ་ནས་སློབ་དཔོན་གྱིས་འདི་སྐད་དུ། དེ་ལྟར་དབང་བསྐུར་བ་ཐོབ་ནས་དམ་ཚིག་བསྲུང་དགོས་པས་དེ་ཡང་ཉན་ཐོས་དང་ཐུན་མོང་བ་བསླབ་པའི་གཞི་ལྔ་ལ་སོགས་པ་སོ་སོ་ཐར་པས་བསྡུས་པ་དང་། བྱང་སེམས་དང་ཐུན་མོང་བ་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་སྤོང་བ་སོགས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དང་། སྔགས་ཀྱི་ཐུན་མོང་མ་ཡིན་པ་སྙིང་པོ་སྔགས་དང་ཕྱག་རྒྱ་ལྷ་དང་བླ་མ་ལ་སྤོང་བ་


KMC010_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་རྩ་ལྟུང་ཡན་ལག་དང་བཅས་པ་རྣམས་ཅི་ལྟ་བར་ཁས་བླངས་པ་བཞིན་ལེགས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། བྱས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དང་།།མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད། གཉིས་པ་ཞར་ལ་མདོ་སྒྲོགས་བྱ་བ་ནི། རང་ཉིད་མི་བསྐྱོད་པའི་ང་རྒྱལ་གྱིས་ཚོང་འདུས་ལ་སོགས་པར་ཚོགས་པ་ཆེན་པོའི་རྣ་བར་འདི་ཉིད་ཀྱི་གཟུངས་དང་མདོ་ལ་སོགས་པ་སྒྲོགས་པ་དང་། བྱ་གཅན་རི་དྭགས་ཉ་སྦལ་གྲོག་སྤུར་ལ་སོགས་སེམས་ཅན་ཆེ་ཕྲ་ཐམས་ཅད་དང་ཁྱད་པར་འཆི་ཁ་མའི་རྣ་ལམ་དུ་བསྒྲག་པར་བྱ་སྟེ། དེ་ལྟར་བྱ་ན་ལས་ཀྱི་སྒྲིབ་པ་བྱང་ཞིང་ངན་སོང་ལས་ཐར་བར་འགྱུར་རོ། །གཞན་ཡང་གོང་དུ་སྨོས་པ་ལྟ་བུའི་ཆོ་ག་མ་གྲུབ་ཀྱང་གཟུངས་ཀྱི་བུམ་པའི་ཆུས་རང་གཞན་ཁྲུས་བྱ་བ་དང་། ཁར་བཏུང་བ་དང་ཆུ་བོར་ལྡུག་པ་སོགས་བྱས་ན་དོན་ཆེན་པོར་འགྱུར་རོ། ༈ །གསུམ་


KMC010_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིང་བྱང་སོགས་ལ་བརྟེན་ནས་གཞན་རྒྱུད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་ཚུལ་ལ་གཉིས། ཚེ་འདས་ཀྱི་ཕུང་པོ་དངོས་བསྲེག་སྦྱོང་བྱ་བའི་ཚུལ་དང་། མིང་བྱང་དངོས་སོ། །དང་པོ་ནི། ཇོ་བོའི་གཞུང་ལས། གཤིན་པོ་ཡིན་ན་བྲབ་པར་བྱ། །ཞེས་དང་། མཆོད་རྟེན་རབ་གནས་སཱཙྪ་གདབ། །ཅེས་འབྱུང་བའི་དོན། གཟུངས་ཉིད་ལས་སའམ་ཡུངས་ཀར་རམ་ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ་ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ནས་དེའི་འོག་ཏུ་བསྲེག་པའམ་ཡང་ན་མཆད་པའི་ནང་དུ་བཅུག་སྟེ་བཞག་ལ་རིག་སྔགས་བྲིས་ཏེ་མགོ་ལ་བཏགས་ན་དེ་ངན་སོང་དུ་སྐྱེས་ནའང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བའམ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ། །ཞེས་པ་ལྟར་ཚེ་འདས་ཀྱི་ཕུང་པོ་ལ་བུམ་པའི་ཆུས་གཏོར་ཞིང་ཁྲུས་བྱས། དེའི་འོག་ཏུ་སྔགས་བཟླས་པས་ཀྱང་བྱ་བ་སྟེ་བསྲེག་པའམ་གཟུངས་སྔགས་མགོ་ལ་བཏགས་ཏེ་མ་ཆད་པར་བཅུག་སྟེ་བཞག་ན་སྨོས་མ་ཐག་པའི་ཕན་ཡོན་འབྱུང་བ་དང་། གཟུངས་སྔགས་བཟླས་བརྗོད་བྱེད་བཞིན་ཚེ་འདས་ཀྱི་མིང་ཡིག་བཅུག་པའི་མཆོད་རྟེན་འབུམ་བཏབ་ལ། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ། འདི་ཆོ་ག་འདིའི་དམིགས་བསལ་གྱི་སྐབས་དོན་ཡིན་པས་འདིའི་རིགས་ཀྱི་


KMC010_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སཱཙྪ་བཏབ་ཚད་ཐམས་ཅད་ཆུར་གཤེགས་མི་རུང་ངོ་།མཆན། ཆུ་ཀླུང་དུ་བཏང་ན་དམྱལ་བ་ལ་སོགས་པའི་གནས་ལས་ཐར་བར་འགྱུར་རོ། །ཡང་ན་དེ་ལྟར་མཆོད་རྟེན་བྱས་ནས་མཇུག་ཏུ་ལམ་གྱི་གཞིར་མཆོད་རྟེན་ཆེན་པོར་བྱས་ཏེ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་ལེགས་པར་མཆོད་ལ་འཕགས་པའི་དགེ་འདུན་ལ་ཡང་མཆོད་སྟོན་གསོལ་ནས་ཡོན་ཡང་ཕུལ་ཏེ་ལེགས་པར་མཆོད་ནས་ཚེ་འདས་ཀྱི་མིང་ནས་སྨོས་ཏེ་འདི་ཆེ་གེ་མོའི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །ཅེས་དགེ་བའི་རྩ་བས་སྔོ་ཞིང་སྨོན་ལམ་བཏབ་སྟེ། དེའི་ཕན་ཡོན་ཀྱང་དེ་ཁོ་ན་བཞིན་སྐྱེས་ནས་ལུས་ཀྱང་སྟོན་ཅིང་ལེགས་སོ་ཞེས་བྱ་བའང་བྱིན་ནས་མི་སྣང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། ༈ །རྗེས་ཆོག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་པའི་སོགས་ནས། རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་དུ་མདུན་བསྐྱེད་ལྟར་ཕུལ། བཅོམ་ལྡན་ཆོ་གའི་བྱ་བ་ལ། །མ་ཚང་བ་དང་ལྷག་པ་དང་། །འགལ་ཞིང་འཁྲུལ་པ་ཅི་མཆིས་པ། །ཀུན་ནས་བཟོད་པར་མཛད་དུ་གསོལ། །ཞེས་ནོངས་པ་བཤགས་ཤིང་།


KMC010_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལས་སྒྲིབ་མ་ལུས་བྱང་བ་དང་། མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། དཀྱིལ་འཁོར་གྱི་ནི་ཡེ་ཤེས་པ། །རང་བཞིན་གནས་གཤེགས་དམ་ཚིག་པ། །རང་གི་སྙིང་གར་ཐིམ་པར་གྱུར། །བར་བསམས་ལ་བདག་བསྐྱེད་ཀྱི་ཐུན་བསྡུའོ། །སྔགས་དང་ཟླ་བ་སངས་རྒྱས་སྐུར། །རིམ་བཞིན་བསྡུས་ཏེ་ཡེ་ཤེས་པ། །རང་གི་ལུས་ལས་ཕྱུངས་ནས་ནི། །མདུན་གྱི་ནམ་མཁར་བཞུགས་པ་ལ། །ༀ་བཛྲ་བུཥྤེ་ཨཱཿཧཱུྃ། སོགས་ཀྱིས་མཆོད། སྟོབས་ལྡན་རྡོ་རྗེ་གླང་པོའི་ཁྲིར། །མེ་ལོང་ཡེ་ཤེས་ཐུགས་རྡོ་རྗེ། །སྔོན་པོ་རྡོ་རྗེ་བདུད་འདུལ་རྒྱ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །ཞེས་བསྟོད། བཅོམ་ལྡན་ཆོ་གའི་བྱ་བ་ལ། །མ་ཚང་བ་དང་ལྷག་པ་དང་། །འགལ་ཞིང་འཁྲུལ་པ་ཅི་མཆིས་པ། །ཀུན་ནས་བཟོད་པར་མཛད་དུ་གསོལ། །ༀ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་


KMC010_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་སླར་འབྱོན་བར་གསོལ་བ་བཏབ་ནས། ༀ་ཨཱཿཧཱུྃ་མུཿ ཞེས་བརྗོད་པས་ཡེ་ཤེས་པ་རང་ནས་སུ་གཤེགས། རང་ཉིད་དམ་ཚིག་པར་གསལ་གནས་གསུམ་དུ། །ༀ་ཨཱཿཧཱུྃ་གི་ཡི་གེས་མཚན་པ་ཡིས། །བགེགས་དང་བར་ཆད་ཀུན་ལས་བསྲུང་བར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །མི་འཁྲུགས་རྒྱལ་པོ་འགྲུབ་གྱུར་སོགས་ཀྱིས་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ལ། མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་གང་། །དགེ་བ་མཉམ་མེད་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་


KMC010_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས༴ ཆོས་ལ་ཕྱག་འཚལ༴ ཚོགས་ཀྱི་དམ་པ༴ དགེ་འདུན་ཕྱག་འཚལ༴ ཞེས་སོགས་ཀྱི་བཀྲ་ཤིས་བརྗོད་པར་བྱའོ། ༈ །ཡང་ཆོ་གའི་སྐབས་ཀྱི་ཐུན་མཚམས་སམ་གཞན་དུའང་རུང་སྟེ། བཅོམ་ལྡན་འདས་མི་འཁྲུགས་པ་དེའི་སྔོན་གྱི་སྨོན་ལམ་དང་མཐུན་པར་སྨོན་ལམ་བཏབ་པར་འདོད་ན། རྒྱལ་བ་དེའི་ཐུགས་བསྐྱེད་སྨོན་ལམ་སྐུ་དང་ཞིང་ཁམས་སོགས་ཀྱི་ཆེ་བ་ལ་བློ་གནས་པར་བྱས་ཏེ། མངོན་དགའི་ཞིང་ན་བྱང་ཆུབ་ཤིང་དབང་དྲུང་། །མི་འཁྲུགས་རྒྱལ་བ་དཔལ་གྱི་ལྷམ་མེར་བཞུགས། །ཉན་ཐོས་བྱང་ཆུབ་སེམས་དཔའི་འཁོར་བཅས་ལ། །ལུས་དང་ངག་ཡིད་དང་བས་གུས་ཕྱག་འཚལ། །དངོས་འབྱོར་ཡིད་སྤྲུལ་བདག་པོས་མ་བཟུང་བའི། །ལྷ་མིའི་དཔལ་འབྱོར་བདེ་བའི་ཡོ་བྱད་ཀྱི། །མཆོད་པའི་སྤྲིན་གྱིས་ནམ་མཁའ་གང་བྱས་ཏེ། །བདེ་བར་གཤེགས་པ་སྲས་དང་བཅས་རྣམས་མཆོད། །ཐོག་མེད་དུས་ནས་དུག་གསུམ་གྱིས་


KMC010_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི། །སྲིད་དང་ངན་འགྲོ་རྒྱུར་གྱུར་མི་དགེའི་ལས། །གང་བསགས་འགྱོད་པས་སོ་སོར་བཤགས་ནས་ནི། །སླན་ཆད་མི་བགྱིའི་སྡོམ་ལ་གནས་པར་བགྱི། །འཕགས་སྐྱེའི་དགེ་ཚོགས་ཀུན་ལ་ཡི་རང་ཞིང་། །རྒྱལ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དེ་ལྟའི་དགེ་བ་བྱང་ཆུབ་ཕྱིར་བསྔོ་བས། གང་སྔོན་འདས་པའི་སངས་རྒྱས་སྤྱན་ཆེན་པོར། །མི་འཁྲུགས་རྒྱལ་བས་བྱང་ཆུབ་ཐུགས་བསྐྱེད་དེ། །ནམ་ཡང་ཁྲོ་དང་གནོད་སེམས་མི་འབྱུང་སོགས། །སྨོན་ལམ་བརྒྱད་བཏབ་བདག་གིས་འགྲུབ་གྱུར་ཅིག །གཞན་ཡང་དམ་བཅའ་ཇི་བཞིན་བགྱིད་པ་དང་། གོམ་རུ་བཞིན་ཡང་སངས་རྒྱས་ཡིད་བྱེད་དང་། །ཚེ་རབས་ཀུན་ཏུ་ཁྱིམ་ནས་འབྱུང་སོགས་ཀྱི། །སྒྲུབ་པའི་སྨོན་ལམ་བཅོ་བརྒྱད་འསྒྲུབ་གྱུར་ཅིག །དེ་བཞིན་འཁོར་བཞིའི་ཉེས་ལྟུང་མི་གླེང་དང་། །འཚང་རྒྱའི་ཞིང་དུ་ལྟུང་བའི་


KMC010_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཙམ་ཡང་། །མི་གྲགས་དག་ཅིང་ཡོན་ཏན་ལྡན་པ་སོགས། །ནན་ཏན་སྨོན་ལམ་བདུན་པོ་འགྲུབ་གྱུར་ཅིག །ཇི་ལྟར་མི་འཁྲུགས་དགེ་སློང་ཕ་མ་གཉིས་དགེ་བསྙེན་མ་གཉིས། མཆན། སྤྱད་པ་སྤྱོད་ཚེ་བཞིན། །སངས་རྒྱས་ཞིང་ནས་སངས་རྒྱས་ཞིང་འགྲོ་ཞིང་། །དེ་བཞིན་གཤེགས་རྣམས་མཉེས་པར་བྱེད་པ་ལས། །སྐད་ཅིག་ཙམ་ཡང་ཐུགས་དབྱུང་མི་བགྱིད་ཤོག །ཚེ་རབས་ཀུན་ཏུ་ཚངས་པར་སྤྱོད་པ་དང་། །ཕ་རོལ་ཕྱིན་པའི་ཆོས་ཉིད་ལས་བརྩམས་ཏེ། །སྟོན་ཅིང་དེ་ཚེ་བདག་གི་ལུས་དང་སེམས། །ངལ་དང་དུབ་པ་ཅུང་ཟད་མེད་པར་ཤོག །ཆོས་སྦྱིན་དེ་ཡི་དགེ་ཚོགས་ཇི་སྙེད་པས། །རང་གི་སངས་རྒྱས་ཞིང་དེར་བྱང་སེམས་རྣམས། །ཚེ་རབས་བརྗེས་ཀྱང་དམ་ཆོས་མི་བརྗེད་ཅིང་། །གང་དུ་སྨོན་པའི་ཞིང་དེར་སྐྱེ་བར་ཤོག །དེ་དག་རྫོགས་པའི་སངས་རྒྱས་རྣམས་དང་ནི། །རྟག་ཏུ་མི་འབྲལ་གུས་པས་རབ་བསྙེན་ཅིང་། །བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དག་གིས། །


KMC010_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་ཡང་གླགས་རྙེད་མ་གྱུར་ཅིག །ཇི་ལྟར་རང་ཉིད་དམ་ཆོས་འདོད་པ་ལྟར། །སེམས་ཅན་དེ་དག་ཆོས་འདོད་གྱུར་པ་ལ། །དེ་དག་དེ་ལྟའི་ཡོན་ཏན་མ་རྫོགས་པར། །བདག་ཉིད་བྱང་ཆུབ་སྤྱད་པ་སྤྱོད་པར་ཤོག །བདག་ནི་འདི་ནས་ཤི་འཕོས་གྱུར་པའི་འོག །མངོན་པར་དགའ་བ་དག་པའི་ཞིང་ཁམས་སུ། །བཅོམ་ལྡན་མི་འཁྲུགས་རྒྱལ་བའི་དྲུང་སྐྱེས་ཏེ། །བྱང་ཆུབ་ལམ་གྱི་སྒྲུབ་པས་མཉེས་བྱེད་ཤོག །རྒྱལ་སྲས་སྤོས་ཀྱི་གླང་པོ་ལ་སོགས་པའི། །ཞིང་དེའི་བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡོན་ཏན་ཇི་སྙེད་བདག་ལའང་ལྡན་གྱུར་ཅིག །སངས་རྒྱས་རྣམས་ཀྱི་རྟག་ཏུ་བསྔགས་མཛད་ཤོག །ཇི་ལྟར་རྒྱལ་སྲས་དེ་དག་བཅོམ་ལྡན་དེས། །བྱང་ཆུབ་ཆེན་པོར་མངོན་སུམ་ལུང་བསྟན་བཞིན། །བདག་ཀྱང་ཕྱིར་མི་ལྡོག་པའི་ས་ཐོབ་སྟེ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་ཐོབ་པར་ཤོག །རྒྱལ་བ་དེ་ཡི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་


KMC010_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཀུན་ཏུ་སྣང་བྱས་ཏེ། །ཚོགས་གཉིས་རྒྱ་མཚོ་ཡོངས་སུ་རྫོགས་པ་དང་། སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱེད་ཤོག །མདོར་ན་མི་འཁྲུགས་རྒྱལ་བའི་ཐུགས་བསྐྱེད་དང་། །སྤྱོད་པ་སྨོན་ལམ་ཇི་བཞིན་བདག་སྤྱོད་ཅིང་། །མངོན་དགའི་ཞིང་མཚུངས་དག་པའི་འཇིག་རྟེན་དུ། །བཅོམ་ལྡན་དེ་འདྲའི་གོ་འཕང་མངོན་བྱེད་ཤོག །ཅེས་པའི་སྨོན་ལམ་བསམ་པ་ཐག་པས་གདབ་པར་བྱའོ། ༈ །དེ་ལྟར་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ཀྱི་སྒྲུབ་ཐབས་དང་དཀྱིལ་ཆོག་ཇོ་བོ་ཆེན་པོས་མཛད་པ་ལ་གཞི་བྱས། །བླ་མ་གོང་མའི་ཕྱག་བཞས་ཀྱིས་ཀྱང་བརྒྱན། །འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་སྡེའི་ཆོས་ཀྱི་རྣམ་གྲངས་བཅོམ་ལྡན་འདས་མེ་འཁྲུགས་པའི་ཞིང་གི་བཀོད་པའི་དོན་བསྡུས། རྒྱལ་བ་དཀོན་མཆོག་འབངས་ཀྱིས་མཛད་པ་ལས་བྱུང་བའི་སྨོན་ལམ་གྱིས་ཁ་བསྐངས། །གཤིན་པོ་རྗེས་འཛིན་མིང་བྱང་གི་ཆོ་ག་སོགས་རྗེ་སངས་རྒྱས་དཔོན་བཀྲ་ཤིས་དཔལ་གྱིས་མཛད་པའི་ཆོ་ག་དང་ཡང་སྒོ་བསྟུན། །འདོན་བྱ་ཚིགས་བཅད་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་སྩལ་བ་ལྟར་དཀྱུས་སུ་བཅུག་སྟེ་ལེགས་པར་སྦྱར་བ་འདི་ནི་དཔལ་རི་བོ་ཆེ་ནས་ཆོས་རྗེ་ཀརྨ་གྲགས་པ་རྒྱལ་མཚན་ཕྱོགས་


KMC010_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷའི་བཀས་བསྐུལ་བ་ལྟར། ཤཱཀྱའི་དགེ་སློང་ཆོས་ཀྱི་དབང་ཕྱུག་གིས་གདན་ས་ཆེན་པོ་དེ་ཉིད་དུ་སྦྱར་བ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག ༈ །གཉིས་པ་མིང་བྱང་གི་ཆོ་ག་ནི། ཤོག་བུ་དང་གྲོ་ག་ལ་སོགས་པ་ལ། ཚེ་འདས་ཀྱི་གཟུགས་ཀྱི་སྙིང་གར་ས་བོན་ནྲྀའི་འོག་ཏུ་མིང་བྱང་དང་བཅས་པ་བྲི་བའམ། བསྡུ་ན་ས་བོན་ཙམ་བྲིས་༡༤བ་ཀྱང་རུང་སྟེ། །དེ་ལ་དམིགས་ནས་མིང་བྱང་བྲན་ལ། ༀ་བཛ་ཨ་མྲི་ཏ་ས་བསང་། ༀ་སྭ་བྷཱ་ཝས་སྦྱངས ། སྐད་ཅིག་ནྲྀ་ཡིག་ཡོངས་གྱུར་ལས། །མདུན་དུ་ཚེ་ལས་འདས་པ་ནི། །གསོན་པོའི་རྣམ་པ་ཇི་ལྟ་བ། །ཡོངས་སུ་རྫོགས་པ་གསལ་བར་གྱུར། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་པ་ཆེན་པོས་ཚེ་འདས་ཀྱི། །རྣམ་ཤེས་རིགས་དྲུག་གར་གནས་ཀྱང་། །སྐད་ཅིག་རྟེན་འདིར་མཆིས་གྱུར་ཅིག །སྦྱང་ཆས་རྣམས་བསང་སྦྱང་། ༀ་ཨ་ཀཱ་རོ་སོགས། །སརྦ་བིགྷཱ་ན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་དེ་སྭཱ་ཧཱ། ཡང་སྔགས་དེ་དང་། ༀ་སུམྦྷ་ནི་སོགས་ནས་ར་ཛཱ་ཡ་ཧཱུྃ་ཕཊ། སྦྲེལ་བ་ཚར་


KMC010_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་རྣམས་ཀྱི་བདེན་པ་དང་ ། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་ཚེ་ལས་འདས་པའི་མཐོ་རིས་དང་ཐར་པ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་འགྲོ་བར་མི་བྱེད་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་བསྲེགས་ཅིང་འཇོམས་པར་གདོན་མི་ཟའོ། ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་བསྒྲུབ། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་


KMC010_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་བ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །སུམྦྷ་ནི་སོགས་བརྗོད་ཅིང་ཡུངས་ཀར་གྱིས་བྲབ་ཅིང་བགེགས་བསྐྲད། ཚེ་འདས་ཀྱི་སྡིག་སྒྲིབ་ཀཾ་ནག་པོའི་རྣམ་པར་སྣ་བུག་ནས་ཐོན། མདུན་གྱི་ཏིལ་ལ་ཐིམ་པར་གྱུར། །ༀ་སརྦ་པཱ་པཾ་ད་ཧ་ན་བྷ་སྨིན་ཀུ་རུ་ཧཱུྃ་སྭཱ་ཧཱ། གཡས་སུ་ཡེ་ཤེས་ཀྱི་མེར་བསྲེགས། གཡོན་དུ་རྒྱ་མཚོ་ཆེན་པོར་དོར་བས་བྱང་ཞིང་དག་པར་གྱུར། །ན་མོ་བྷ་ག་ཝ་ཏེ། ཨཀྵོ་བྷྱ་ཡ་སོགས་རྩ་སྔགས་ལན་བདུན་བརྗོད། གཟུངས་སྔགས་རྣམས་དང་། ཡིག་བརྒྱ་བཅས་བརྗོད། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། །རྟེན་ཁྲུས་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཇི་ལྟར་བལྟམས་པ་སོགས། ༀ་སརྦ་ཏ་ཐཱ་


KMC010_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏཱ་ཨ་བྷི་ཥེ་སོགས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །དམིགས་ཡུལ་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །དམིགས་ཡུལ་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ལ་ཝཱ་ཀ་ཙིཏྟ་ཨ་བྷི་ཥེ་སོགས་ནས་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་གྱིའོ། །ༀ་ཧཱུྃ་ཏྲཱཾཿཨཱཿ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་


KMC010_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །ༀ་བཛྲ་ཝ སྟྲ་ཨཱཿཧཱུྃ། སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །དམིགས་ཡུལ་རྡོ་རྗེའི་སྐུ་ཐོབ་ཤོག །ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། ལྷག་བསམ་དག་པའི་ན་བཟའ་འདི་འབུལ་བས། །ལུས་ལ་ངུར་སྨྲིག་གོས་གྱོན་སེམས་ལ་ནི། །ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་གྱོན་ནས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆེད་པར་བགྱི། །ༀ་བཛྲ་སོགས། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། ཁྲུས་ཆུ་ལས་བུམ་ནང་བླུག་སྟེ། །དེས་གཟུགས་བརྙན་བཀྲུ་ཞིང་། །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་


KMC010_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་མཛད་ཅིང་ཁྲུས་བགྱིའོ། །དེ་བཞིན་དུ། འདི་ནི་ཚུལ་ཁྲིམས༴ ཚུལ་འཆལ༴ ཚུལ་ཁྲིམས༴ འདི་ནི་བཟོད་པའི༴ ཁོང་ཁྲོའི༴ འདི་ནི་བརྩོན་འགྲུས༴ ལེ་ལོའི༴ འདི་ནི་བསམ་གཏན༴ རྣམ་གཡེང་༴ འདི་ནི་ཤེས་རབ༴ ཤེས་འཆལ༴ སོགས་རྩ་སྔགས་མཐར་སཏྭཱ་ནཉྩ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། དམིགས་ཡུལ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང་། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གི་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །གོང་ལྟར་སྔགས་བཅས། སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རང་རྒྱལ་


KMC010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་གཟི་བརྗིད་དང་། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མཽད་གལ་བུ་ཡི་རྫུ་འཕྲུལ་དང་། །མ་འགག་པ་ཡི་མིག་དང་ནི། །འོད་སྲུང་སྦྱངས་པའི་ཡོན་ཏན་དང་། །ཀོཎྜ་ཎྱའི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །དེད་དཔོན་རྣམས་ཀྱི་མཐུ་དག་དང་། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། དེ་དག་རྣམས་ཀྱི་མཐུ་དག་གཟིས། །ཆེ་གེའི་དུག་ནི་དུག་མེད་ཤོག །རྩ་སྔགས་དང་བཅས། འདོན་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན་དུ། འདོད་ཆགས་ཞེ་སྡང་སོགས། སྐྱོབ་པའི་དམ་ཆོས༴


KMC010_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་དགེ་འདུན༴ དུག་བཅོམ་མོ། །བར་དང་། རྩ་སྔགས་བཅས། དམིགས་ཡུལ་གྱི་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དམིགས་ཡུལ་དུག་ནི་དུག་མེད་ཤོག །དེ་བཞིན། ཆུ་ནི༴ མེ་ནི༴ རླུང་ནི༴ དུག་མེད་ཤོག །རྩ་སྔགས་དང་དམིགས་ཡུལ་གྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས༴ སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བ་མངའ་མཛད་དེས། །ཁྱེད་ལ༴ སྐྱོབ་པ་གང་ཞིག་བྱམས་པ་ཡི། །


KMC010_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་ཏུ་རྟག་སྐྱོང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས༴ །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས༴ དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ༴ གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ༴ བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བ དེར་གྱུར་བ་དེས། །ཁྱེད་ལ་བདེ་ལེགས༴ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་


KMC010_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ༴ ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ༴ སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱེད་ལ་སྡིག་པར་མ་གྱུར་ཅིག །སྐབས་འདིར་བྱང་ཕྱག་གང་འོས་དང་། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །


KMC010_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །ཚེ་འདས་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་ཚེ་འདས་འབུལ། །འཇམ་པའི་དབྱངས་ལ་འང་བདག་ཉིད་ཀྱིས། །ཚེ་འདས་ལུས་འདི་འབུལ་བར་བགྱི། །ཐུགས་རྗེས་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་འདོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་


KMC010_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་ལས་མྱུར་དུ་བསྐྱབ་ཏུ་གསོལ། །དེ་ནས་དབང་བསྐུར་བ་ལ་གཞུང་ལྟར། ཇི་ལྟར་བལྟམས་པ༴ ས་གཞི་སྤོས་ཆུས༴ །དགའ་ཆེན་ཁྱོད་བདག་སོགས་ནས། བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད་ཀྱི་བར་བརྗོད། གཙོ་བོས་ཇི་ལྟར་སོགས། ས་གཞི་སྤོས་ཆུས་སོགས། དེང་ནས་བརྩམ་སྟེ་སོགས་བྱས་ལ། དེ་ལྟར་དབང་བསྐུར་བ་ཐོབ་ནས་དམིགས་ཡུལ་དེ་ཉིད་ལྷ་རྣམས་དང་སྐལ་པ་མཉམ་པར་གྱུར། །དེ་ནས་འདོད་ཡོན་བསྔོ་བ་ནི། ༀ་བཛྲ་ཨ་མྲྀ་ཏས་བསང་། ཨ་ཀཱ་རོ་སོགས། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་གཟུགས་འབུལ་ན། །བདེ་ཆེན་ཡེ་ཤེས་མཆོག་གི་སྤྱོད་གྱུར་ཅིག །ༀ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་


KMC010_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིགས་བརྗོད་སྒྲ་སྙན་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་སྒྲ་འབུལ་ན། །བདེ་ཆེན་ཡེ་ཤེས༴ ༀ་ཤབྡ་ཀཱ་མ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་དྲི་འབུལ་ན། །བདེ་ཆེན་ཡེ་ཤེས༴ །ༀ་གནྡྷེ་ཀཱ་མ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། དམིགས་ཡུལ་རྟེན་གྱི་ལྷ་ལ་ཟས་འབུལ་ན། །བདེ་ཆེན་ཡེ་ཤེས༴ ༀ་ར་ས་ཀཱ་མ༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་འཕགས་པ་ཅི་མཆིས་པ། དམིགས་ཡུལ་རྟེན་གྱི་ལྷ་ལ་གོས་འབུལ་ན། །བདེ་ཆེན་ཡེ་ཤེས༴ ༀ་སྤཪྴེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། མཐར། འདོད་ཡོན་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་


KMC010_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་ཤོག །ཁ་ཟས་བསྟབས་པ་འདི་ཡི་མཐུས། །འཁྲུལ་སྣང་འཇིགས་སྐྲག་ཐམས་ཅད་ཞི། །བར་དོ་རང་ངོ་འཕྲོད་གྱུར་ནས། །དག་པའི་ཞིང་དུ་སྐྱེ་བར་ཤོག །བྱང་བུ་མེར་བསྲེགས་ནས་ལམ་བསྟན་བྱ། །བསྲེགས་ན་ཐུན་བཞིའམ། མཉམ་མེད་དྭགས་པོ་བཀའ་བརྒྱུད་སོགས་སྐབས་དང་བསྟུན། མེ་སྦར་ནི། ཚེ་འདས་རྒྱུད་ཀྱི་མ་དག་པའི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མེས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །རྩ་སྔགས་བརྗོད་ཅིང་མིང་བྱང་བསྲེགས་ལ་ཐལ་བ་གཙང་སར་དོར་རོ། །ལམ་བསྟན་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་


KMC010_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ༀ་རཏྣེ་རཏྣེ་མ་ཧཱ་རཏྣེ་ར ཏྣ་སམྦྷ་ཝེ་རཏྣ་ཀི་ར་ཎེ། རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ༀ་པདྨེ་པདྨེ་པདྨ་སམྦྷ་ཝེ་མ་ཧཱ་སུ་ཁ་ཝ་ཏཱི་གཙྪནྟུ་སྭཱ་ཧཱ། །ཚེ་འདས་དེ་ཉིད་བདེ་བ་ཅན་ཏུ་སྐྱེས་ཏེ་དེའི་རྒྱུ་རྐྱེན་བརྟགས་པས་ཆོ་གའི་མཐུ་ཡིན་པར་ཤེས་ནས་འདི་ཉིད་དུ་ལྷགས་ཏེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ལ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་སྦྱངས་ནས། བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །དེ་ལྟར་ཆེད་དུ་བརྗོད་ཅིང་དྲིན་ལན་གྱི་ཚུལ་དུ་མཆོད་པ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་མཆོད་པ་ཅི་རིགས་བྱ། སླར་ཡང་བདེ་བ་ཅན་དུ་སོང་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་ཅིང་


KMC010_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་གདམས་པ་ནོད་པར་གྱུར། །ༀ་སརྦ་བུདྡྷ་ཀྵེ་ཏྲ་གཙྪནྟུ་སྭཱ་ཧཱ། མེ་ཏོག་འཐོར། བསྔོ་སྨོན་བྱ། དེ་ནས་རྗེས་ཆོག་སོགས་གཞུང་ལྟར་བྱས་པས་ཁྱབ་པའོ། །ཞེས་ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་ལྷ་དགུའི་ཆོ་ག་ཐམས་ཅད་མཁྱེན་པ་ཞྭ་དམར་དྲུག་པའི་གསུང་ལྟར་ཡན་ལག་བྱང་ཆོག་དང་བཅས་པ་ནག་འགྲོས་སུ་བསྡེབས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །