cover

ཀཾ་ཚང་མན་ངག་གཅེས་བཏུས།

གླེགས་བམ། ཛ༽

ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།

Nitartha international
Selected Esoteric Instructions of the Karma Kamtsang (25 vols.) Publication supported by Tsadra Foundation

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཀཾ་ཚང་མན་ངག་གཅེས་བཏུས་ལས་ཞི་བྱེད་སྐོར་གྱི་གླེགས་བམ་ ཛ༽ པའི་དཀར་ཆག


KMC019_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ཚང་མན་ངག་གཅེས་བཏུས་ལས་ཞི་བྱེད་སྐོར་གྱི་གླེགས་བམ་ ཛ༽ པའི་བཞུགས་བྱང་ལ། ༡ 1 – 2 གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་། ༤༠ 3 – 81 མ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ། ༤ 83 – 89 གཏོར་མའི་བསྲུང་འཁོར། ༣ 91 – 95 བཀའ་བརྒྱུད་ཚོགས་ལས་གནས་ཆོས་དབྱིངས་མ། ༣ 97 – 101 རིང་བརྒྱུད་གསོལ་འདེབས་སྤྱི་གཙུག་ཉི་ཟླ། ༣ 103 – 107 ཌཱ་ཀི་མ་རྣམས་ལ་གཏོར་འབུལ། ༡༠ 109 – 127 གཅོད་ཀྱི་ལུས་སྦྱིན་གྱི་ངག་འདོན་མུ་ཏིག་ཕྲེང་བ། ༢༠ 129 – 167 གཅོད་ཀྱི་སྐོང་བ། ༡༥ 169 – 198 རྒྱུན་ཁྱེར་གྱི་ལུས་སྦྱིན་བསྡུས་པ། ༡༡ 199 – 220 ལུས་སྦྱིན་དམར་འགྱེད། ༥ 221 – 230 གཅོད་ལུགས་ཉེར་མཁོ་ཆངས་བུ་བརྒྱ་རྩའི་ཕྱག་ལེན་འགྲིགས་ཆགས་སུ་བཀོད་པ། ༤ 231 – 238 ལུས་མཆོད་སྦྱིན་གྱི་ཟིན་བྲིས་མདོར་བསྡུས་ཀུན་དགའི་སྐྱེད་ཚལ། ༡༨ 239 – 274 ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་


KMC019_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་རིམ་ཟིན་བྲིས་ཤེལ་དཀར་མེ་ལོང་། ༤༧ 275 – 368 ལུས་སྦྱིན་རྒྱུན་ཁྱེར་རྨི་ལམ་ལུང་བསྟན། ༥ 369 – 377 དམ་ཆོས་བདུད་ཀྱི་གཅོད་ཡུལ་ལས་ཡེ་ཤེས་མཁའ་འགྲོའི་ཞལ་ལུང་གསང་བ་མངོན་དུ་ཕྱུང་བ་སྤྲོས་པ་ཉེར་ཞི་བརྟུལ་ཞུགས་ལམ་ལོངས་དང་བཅས་པ། ༢༢༦ 379 – 453 གཅོད་ཀྱི་ཉམས་ཁྲིད་ཞག་བདུན་མ། ༢༢༦ 355 – 488 བཅས་བཞུགས་སོ། །

གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།


KMC019_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་གསུང་རྒྱུན་འཁྲུལ་མེད་ལྟར་བཀོད་པ་བཞུགས་པའི་དབུ་ཕྱོགས་ལགས་སོ།། །།


KMC019_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གཅོད་ཀྱི་ཚོགས་ལས་བྱེད་པར་འདོད་པས། གཏོར་མ་མཆོད་པ་ཚོགས་རྫས་གཞུང་བཞིན་བཤམས་ལ། ཐོག་མར་གཞི་བདག་ལ་དཀར་གཏོར་བསྔོ་བ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་སོགས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་


KMC019_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བྱིན་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཪྵ་ཡ་ཛ་ཛཿ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་པདྨ་ཀ་མ་ལཱ་ཡ་སྟྭཾ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿ སརྦ་ཏ་ཐཱ་ག་ཏོ་བྷྱོ་བྷི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲི་ཧཎྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ། པ་དྱཾ། པུཥྤེ། ངྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ལྟར་མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་


KMC019_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཨོཾ་ཨཱཿཧཱུྃ། གསུམ། སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི། རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་བརྒྱད་ལ་གནས་པའི་གཞི་བདག །ཛམྦུ་གླིང་གི་བསོ་དོར། རྒྱལ་པོ་ཆེན་པོ་སྡེ་བཞི། བོད་ཀྱི་མགུར་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གམ། སྒང་ལྔར་གནས་པའི་གཞིའི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི་བདག་པོ། གྲོང་གི་བདག་པོ། གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་ས་བདག་ས་ཡི་ལྷ་མོ་བརྟན་མ། ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས།


KMC019_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒན་དྲུག་ཅུ། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ། ད་ལོའི་ལོ། དེ་རིང་གི་ཉི་མ། གཟའ་རྒྱུ་སྐར། དུས་ཚོད་ཚེས་གྲངས་ལ་དབང་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་ཕྱིན་ཆད་གང་དུ་འགྲོ་བ་ད་ལྟ་གང་དུ་འདུག་པའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕ་རི་གཡས། ཚུ་རི་གཡོན། འགྲོ་བ་ལམ། སྐྱེ་བ་ཤིང་། འབབ་པ་ཆུ། སྲ་བ་བྲག །གཡོ་བ་རླུང་། བརྟེན་པ་མཁར་ལ་སོགས་པ་ས་ཕྱོགས་ཡུལ་ཕྱོགས་དབེན་གནས་སྒྲུབ་གནས་འདི་ཉིད་ལ་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་འགྲོ་ན་མ་བཟུང་། སྡོད་ན་མ་བསྐྲད། བསམ་པ་མ་ངན། སྦྱོར་བ་མ་རྩུབ། འཚོ་བ་སྦྱོར། ཡོན་བདག་གྱིས། མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། རྐྱེན་ཕྱི་ནང་གི་བར་


KMC019_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག །ཨོཾ་ཨཱཿཧཱུྃ། སྟོང་གསུམ་གཞི་བདག་རྣམས་ལ་འདོད་ཡོན་ཚོགས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པ་འབྱུང་བར་ཤོག །ཅེས་བརྗོད་གཏོར་མ་གཙང་སར་འབུལ། ༈ ནང་མཆོད་བྱིན་རླབས་ནི་ཆུ་གཙང་གིས་བྲན་ལ། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ཡི་དབྱིབས་ཅན་ཆང་ཟུང་ལ་ཡཾ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་བུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་དུམ་བུ་གཅིག་པ་དཔྲལ་བ་


KMC019_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག་བ་དན་བསྐྱོད་རླུང་གཡོས། མེ་སྦར། ཐོས་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་


KMC019_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། སླར་གོང་གཏོར་ཆང་རྒོད་ཆུ་དང་བདུད་རྩིས་བྲན་ལ་གཏོར་མ་ལ་དམིགས་པའི་ལན་གཅིག་བྱའོ། ༈ །མཆོད་པ་བྱིན་རླབས་ནི་ཆུ་དང་བདུད་རྩིས་བྲན་ལ། ཨོཾ་ཀརྨ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི། ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པའི་དངོས་པོ་དྭངས་ཤིང་ཐོགས་པ་མེད་པ་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལས་ཀྱང་ཆེས་ཆེར་ལྷག་པའི་མཆོད་པའི་སྤྲིན་གྱི་ཕུང་པོ། རབ་འབྱམས་ནམ་མཁའི་མཐའ་ཀླས་པའི་བར་རྒྱས་པར་འགེངས་ཤིང་འཕགས་པ་རྣམས་མཉེས་


KMC019_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དུས་འཁོར་བ་ཇི་སྲིད་མ་སྟོང་གྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པ་དྱཱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤབྟ་ཨཱཿཧཱུྃ་སྭཱ་ཧཱ། ༈ སེམས་བསྐྱེད་ཅིང་མགྲོན་བསྡུ་བ་ནི། བདག་གཞན་སེམས་ཅན་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། ན་མོ་གནས་ཀྱི་གདོན་དང་ལུས་ཀྱི་གདོན། གནས་གདོན་ལུས་གདོན་གཉིས་ཀྱི་གཙོར་བྱས་པའི་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཉམས་སུ་བླངས་བར་བགྱིའོ། ཕཊ་ཕཊ་ཕཊ། ཅེས་བརྗོད་ལ་རྐང་གླིང་ཁ་སྡེབ་ཀྱི་དམིགས་པ་དང་རྐང་གླིང་འབུད་པའི་སྒྲས་བསྡུ་བའི་དམིགས་པ་རྣམས་བྱ། ༈ སྐྱབས་འགྲོ་ནི། བདག་གཞན་སེམས་ཅན་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་


KMC019_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བགེགས། བར་དུ་གཅོད་པའི་རྐྱེན། ན་མོ་གནས་ཀྱི་གདོན་དང་ལུས་ཀྱི་གདོན། གནས་གདོན་ལུས་གདོན་གཉིས་ཀྱི་གཙོར་བྱས་པའི་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་མ་ཐོབ་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད། བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །མ་གནས་གསུམ་གྱི་མཁའ་འགྲོ་རྣམས་ལ་སྐྱབས་སུ་མཆིའོ། །ན་མོ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་གསུམ་གྱི་མགོན་པོ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །


KMC019_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་པའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དྲིན་ཅན་རྩ་བའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བསྐྱབ་ཏུ་གསོལ། སྐྱབས་འོག་དམ་པ་ན་ཆུད་པར་མཛད་དུ་གསོལ། བདག་ཅག་རྣམས་སངས་རྒྱས་ལ་བསྟེན་ནོ། ཆོས་ལ་བསྟེན་ནོ། །དགེ་འདུན་ལ་བསྟེན་ནོ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་དགེ་བར་གྱུར་ཅིག །ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག །ནད་རིགས་བཞི་བརྒྱ་རྩ་བཞི་བྱང་བར་གྱུར་ཅིག །གློ་བུར་དགུ་བཅུ་གོ་གཅིག་ལས་ཐར་བར་གྱུར་ཅིག །ཡེ་འབྲོགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པར་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རང་སར་ཞི་བར་གྱུར་ཅིག །རང་སར་དག་པར་གྱུར་ཅིག །རང་སར་སྟོང་པར་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་


KMC019_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་ལེགས་པར་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་བསྐྱེད་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསྐྱེད་པ་རྣམས་ནི་དྲན་པར་བགྱི། །དྲན་པ་རྣམས་ནི་རྒྱ་ཆེར་བཟུང་། །དེ་ནས་ཚོགས་ཞིང་བསྐྱེད་པ་ནི། ཏྲཱཾ་རཏྣ་མཎྜལ།


KMC019_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པཾ་པདྨ་མཎྜལ། མ་སཱུརྱ་མཎྜལ། ཨ་ཙཎྜ་མཎྜལ། ཧཱུྃ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་མདུན་གྱི་ནམ་མཁའི་གནས་སུ་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་བ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་སྐུ་སྐེད་ལ་བརྟེན་པ། སྤྱན་གསུམ་བར་སྣང་ལ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་དུ་བཅིངས་ཤིང་ཐུར་དུ་བཤད་པ། དེའི་སྙན་གོང་གཡས་ཕྱོགས་སུ་ཕ་གཅིག་དམ་པ་སངས་རྒྱས་སྐུ་མདོག་ནག་ལ་སྣུམ་པ་གཟི་བརྗིད་དང་ལྡན་པ་ཨ་ཙ་རའི་ཆ་བྱད་ཅན། ཞལ་གཅིག་ཕྱག་གཉིས་གཡས་པས་བནྡྷ་ལྟག་སྤྲོད་ནམ་མཁའ་ལ་བཀྲོལ་བ། གཡོན་པས་མི་རྐང་གི་གླིང་བུ་འབུད་པ། གྲུབ་ཐོབ་རྒྱ་མཚོ་ལྟ་བུའི་དབུས་ན་བཞུགས་པའོ། །མ་ཇོ་མོའི་སྙན་གོང་གཡོན་ཕྱོགས་སུ་པད་ཉི་རོའི་གདན་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་


KMC019_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐུ་མདོག་དམར་མོ་མཚལ་ལི་ཁྲིའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་ནམ་མཁར་འཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའོ། །དེའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དཀར་མོ། ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ། བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་གུ། དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲིས་མཚན་པའི་གྲི་གུག་འཛིན་ཅིང་། གཡོན་པ་རྣམས་ཀྱིས་ཐོད་པ་བདུད་རྩིའི་གང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་གཙོ་མོ་དང་མཚུངས་པའོ། །མ་ཇོ་མོའི་དབུ་ཐོག་ཏུ་ཉི་ཟླ་པདྨའི་གདན་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་


KMC019_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། དེ་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུ་ཐོག་ཏུ་ཉི་ཟླ་པདྨའི་གདན་ལ་ཆོས་སྐུ་ཡུམ་ཆེན་མོ་སྐུ་མདོག་དམར་སེར་ལྷམ་མེ་བ། ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་རྡོ་རྗེ་དང་ས་ནོན། གཡོན་གཉིས་པོ་ཏི་དང་མཉམ་གཞག་གི་ཕྱག་རྒྱ་མཛད་པ། སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུའི་སྟེང་ཕྱོགས་སུ་སངས་རྒྱས་རྣམ་པར་སྣང་མཛད་ལ་གཡས་སུ་དཔའ་བོ། གཡོན་དུ་དཔའ་མོ། མདུན་དུ་


KMC019_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ། རྒྱབ་ཏུ་གངས་ཅན་མཚོ་རྒྱལ། དེ་རྒྱབ་ཏུ་དཔའ་བོ་དང་དཔའ་མོ། དེ་རྒྱབ་ཏུ་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བསྐོར་ནས་བཞུགས་པའི་མ་གཅིག་ལབ་ཀྱི་སྒྲོན་མའི་གདན་འོག་ཏུ་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་ཀྱིས་ལུས་གུས་པའི་སྒོ་ནས་ཕྱག་འཚལ། ངག་གུས་པའི་སྒོ་ནས་གསོལ་བ་འདེབས། ཡིད་གུས་པའི་སྒོ་ནས་དད་པ་དང་མོས་པ་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ། ལྷ་ཚོགས་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་མ་གཅིག་དང་ཡུམ་ཆེན་མོ་ལ་བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་གུ་རུ་དེ་ཝཱ་ཌཱ་ཀི་ནི་ས་ཏྭ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛ་ཛཿ


KMC019_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། ཡུམ་ཆེན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཡུམ་ཆེན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །སེང་གེ་པད་ཟླའི་གདན་སྟེང་དུ། །ཅི་བདེ་བར་ནི་བཞུགས་སུ་གསོལ། ཞེས་གཞུང་ནས་འབྱུང་བ་ལྟར་ཡེ་ཤེས་པ་སྤྱན་འདྲེན་གྱི་དམིགས་པ་རྒྱས་པ་བྱས་ལ་དམ་ཚིག་པ་དང་དབྱེར་མེད་དུ་བསྟིམ། ཁྲུས་གསོལ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། དེ་ནས་མཆོད་པ་འབུལ་བའི་རིམ་པ་ནི། ཡོན་ཆབ་ཁྲུས་ཆབ་བདུག་སྤོས་དང་། །མེ་ཏོག་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོའི་མཆོད་པ་ཡང་། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །གཟུགས་དང་སྒྲ་


KMC019_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲི་དང་རོ། །དེ་བཞིན་རེག་བྱ་དང་ལྡན་པ། །འདོད་པའི་ཡོན་ཏན་ལྔ་པོ་ཡང་། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །འཁོར་ལོ་ནོར་བུ་བཙུན་མོ་དང་། །བློན་པོ་གླང་པོ་རྟ་མཆོག་དང་། །དམག་དཔོན་རིན་ཆེན་སྣ་བདུན་ཡང་། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །སྒེག་མོ་ཕྲེང་བ་གླུ་མ་གར། །སྤོས་དང་མེ་ཏོག་མར་མེ་དྲི། །ཕྱི་ནང་སྒེག་སོགས་བརྒྱད་པོ་ཡང་། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་སིལ་མ་བཀྲམས། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་བར་ཤོག །ཅེས་མཎྜལ་འབུལ། དེ་ནས་ཕྱག་འཚལ་བ་དང་བསྟོད་པའི་རིམ་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་


KMC019_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པའི་ལྷ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ལྟ་བས་མི་ངོམས་འགྲོ་བའི་དཔལ་དུ་ཤར། །ཞལ་གཅིག་ཕྱག་བཞི་བཙོ་མ་གསེར་གྱི་མདོག །རིན་ཆེན་རྒྱན་སྤྲས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །རྒྱལ་བའི་ཡུམ་གྱུར་དེ་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཐམས་ཅད་གསེར་གྱི་ས་གཞི་ལ། །རིན་ཆེན་རྣམ་པ་མང་པོ་གཅལ་དུ་བཀྲམ། །མེ་ཏོག་པུཎྜ་རཱི་ཀ་ཆར་དུ་འབེབས། །ཡུམ་གྱུར་སྒྲོལ་མ་དེ་ལ་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་


KMC019_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་བསྟོད། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་བསྟོད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞིར། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་བསྟོད། །སྟོན་པའི་བསྟན་པ་རིན་པོ་ཆེ། །སྟོན་པ་ཉིད་ཀྱི་ཞབས་དྲུང་དུ། །ཇི་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་དུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །སྡིག་པ་བཤགས་པ། ཆོས་འཁོར་བསྐོར་བ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་རྣམས་ཁ་འགེངས་ཕྱིར། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། སོགས་ཤློ་ཀ་གཅིག་བྱའོ། ༈ །དེ་ནས་མ་གཅིག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་


KMC019_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྟེང་དུ་ཧཱུྃ་ཡིག་དངུལ་གྱི་མདོག་ཅན་གྱི་མཐར། ག་ཏེའི་སྔགས་ཕྲེང་གཡས་སྐོར་དུ་བཀོད་པ་བསྒོམས་ལ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ། ཞེས་ཅི་མང་བགྲངས་ཤིང་། སྔགས་འཕྲེང་གི་འོད་ཟེར་སྤྲོ་བསྡུ་བྱས་ལ་མ་གཅིག་གི་སྐུ་ལས་བབས་པའི་བདུད་རྩིའི་ཆུ་རྒྱུན་གྱིས་སྡིག་སྒྲིབ་བཀྲུ་བར་བསམ་པ་སྡིག་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དམིགས་པ་རྒྱས་པར་བྱ། དྲག་དམིགས་དགོས་ཚེ་ནག་འགྱེད་སྤྲོ་ནའང་བྱ། དེ་ནས་གཞུང་དོན་ལྟར། ལུས་ཤེལ་གོང་ལྟར་ཡོངས་སུ་དག་པའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲོས་ལ། སྐུ་གསུང་ཐུགས་ཡོན་ཏན་གྱི་ཕྱག་རྒྱའི་མཆོད་པ་འབུལ་བ་ནི། ན་མོ་སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །གསུང་འགག་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །


KMC019_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །ཐུགས་འཁྲུལ་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །བཀྲ་ཤིས་ཕྱག་རྒྱའི་མཆོད་པ་འབུལ། །བདེ་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་ཁྱབ་པར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་ནས་ཀྱང་། ཁམས་གསུམ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ཕཊ། ཅེས་པ་འདི་མ་གཅིག་གིས་མཛད་པའོ། སྐབས་འདིར་ཕྱག་རྒྱའི་མཆོད་པ་འབུལ་བ་ནི་རྣམ་བཤད་གཞུང་གི་དགོངས་པ་ཡིན་ནོ། །དེ་ནས་འཕོ་བ་ནམ་མཁའ་སྒོ་འབྱེད་འབྲིང་པོ་བྱས་ལ། ལུས་མཎྜལ་དུ་འབུལ་བའི་དམིགས་པ་གཞུང་ལྟར་གསལ་བཏབ་ནས། པགས་པ་གསེར་གྱི་ས་གཞི་ལ། །སོར་མཛུབ་ལྕགས་རིས་བསྐོར་བའི་དབུས། །མགོ་བོ་ཁོག་ཟོམ་རི་རབ་ལ། །མིག་གཉིས་ཉི་མ་ཟླ་བས་བརྒྱན། །ལྡེབ་བཞི་གླིང་བཞི་


KMC019_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་སོགས། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །བྱིན་གྱིས་བརླབ་ཕྱིར་བཞེས་སུ་གསོལ། །ཅེས་པའང་མ་གཅིག་གིས་མཛད་པའོ། །ཕཊ། དེ་ནས་ལུས་མཆོད་པ་འབུལ་ཞིང་སྦྱིན་པ་གཏོང་བའི་རིམ་པ་ལ་འཕོ་བ་རྒྱས་པ་རིགས་དྲུག་གནས་འདྲེན་བྱས་ལ་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་གྱི་དམིགས་པའི་གོ་རིམ་གཞུང་ནས་འབྱུང་བ་ལྟར་རྣམ་གྲང་ཚང་ཞིང་རྒྱས་པར་བྱ། སྦྱིན་གཏོང་དམར་འགྱེད་ཀྱི་སྐབས་སུ། རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཉན་འབོད་རིང་ཐུང་ལས་འབོད་ཐུང་དུ་གྲགས་པ་ནི། ན་མོ་གནས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང་། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་བོབས་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཅེས་པ་ཙམ་མམ། ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་


KMC019_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཐེག་པ་རིམ་དགུ་ཐོབ་པར་ཤོག །དབང་པོ་རྣམ་ལྔའི་མཆོད་པ་འབུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱེད་ཚོགས་རྣམ་ལ་ལུས་འདི་མཆོད་པ་འབུལ། །ཁྱོད་རིང་བ་རྣམས་ཀྱིས་རློན་པ་ཟོ། །མི་རིང་པ་རྣམས་ཀྱིས་ཚོས་ལ་ཟོ། །རྔམས་པ་རྣམས་ཀྱིས་འགྱུར་མིད་གྱིས། །སེང་གེ་ཤ་ལ་རོལ་པ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། ཕཊ། ཅེས་སོ། མཐར་རིགས་དྲུག་གནས་སྐྱོང་གི་དམིགས་པ་བྱས། །དེ་ནས་གསོལ་བ་གདབ་པ་དང་ཚོགས་ལ་བྱིན་འབེབས་པ་གཉིས་ཀྱི་དང་པོ་ལ། །བཀའ་བརྒྱུད་སྤྱི་ལ་གསོལ་བ་གདབ་པ་དང་། ཁྱད་པར་དུ་དམ་པ་དང་མ་གཅིག་ཡུམ་སྲས་ལ་གསོལ་བ་གདབ་པ་སོགས་ཀྱི། དང་པོ་ལའང་ཕ་རྒྱུད་མ་རྒྱུད་མདོ་ལུགས་སྔགས་ལུགས་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་མང་དུ་ཡོད་པ་ལས། ཐོག་མར་རིང་རྒྱུད་ལ་གསོལ་བ་འདེབས་པ་འདི། རྗེ་རང་བྱུང་བའི་སློབ་མ་ལྷ་ཕུབ་བསམ་གཏན་རིན་ཆེན་གྱིས་མཛད་པ་སྟེ་དབྱངས་དང་བཅས་པས། གནས་ཆོས་དབྱིངས་རྣམ་དག་གི་གཞལ་ཡས་ན། །ཡུམ་ཆེན་ཤེས་


KMC019_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཕར་ཕྱིན་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་སློབ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་མེད་ཀྱི་དབྱིངས་སུ་ལམ་སྣ་དྲོངས། །གནས་བྱ་རྒོད་ཕུང་པོའི་རི་བོ་ན། །རྗེ་རྫོགས་པའི་སངས་རྒྱས་ལ་གསོལ་བ་འདེབས། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་བའི་སེང་གེ་ལ་གསོལ་བ་འདེབས། །གནས་རྒྱ་གར་སྤྱིལ་བོ་ཁ་སྦྱོར་ན། །བྲམ་ཟེ་ཨཱརྱ་དེ་ཝ་ལ་གསོལ་བ་འདེབས། །གནས་ལ་སྟོད་དིང་རིའི་དགོན་པ་ན། །ཕ་གཅིག་དམ་པ་སངས་རྒྱས་ལ་གསོལ་བ་འདེབས། །གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ན། །རྗེ་མཁས་པ་སྐྱོ་ཆུང་ལ་གསོལ་བ་འདེབས། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་གཅིག་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས། །གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ན། །སྲས་མཆོག་རྒྱལ་བ་དོན་


KMC019_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ལ་གསོལ་བ་འདེབས། །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་ན། །རྗེ་སྐྱེ་མེད་ཟང་ཐལ་ལ་གསོལ་བ་འདེབས། །དཔལ་ཆུ་བོ་རི་ཡི་ནུབ་ཕྱོགས་ན། །གྲུབ་ཐོབ་རྒྱ་ནག་གཅེར་བུ་ལ་གསོལ་བ་འདེབས། །གནས་རབ་གྲོང་སེ་བའི་དགོན་པ་ན། །རྗེ་སངས་རྒྱས་རབ་སྟོན་ལ་གསོལ་བ་འདེབས། །གནས་ཟབ་མོ་བྲག་གི་མཐའ་རྩ་ན། །རྗེ་རྟོགས་ལྡན་དགེ་སློང་ལ་གསོལ་བ་འདེབས། །གནས་བཀྲ་ཤིས་ལྷུན་གྲུབ་ཀྱི་དགོན་པ་ན། །རྗེ་སུམ་སྒོམ་ཆེན་པོ་ལ་གསོལ་བ་འདེབས། །གནས་བཀྲ་ཤིས་ཆུ་བོར་གྱི་དགོན་པ་ན། །རྗེ་འབྲིང་སྒོམ་རྟོག་མེད་ལ་གསོལ་བ་འདེབས། །ཆོས་ཕྱག་རྒྱ་ཆེན་པོའི་ཁྲི་སྟེང་ན། །རྗེ་མཁས་པ་རྣལ་འབྱོར་ལ་གསོལ་བ་འདེབས། །གནས་སྦོམ་བྲག་རིན་ཆེན་སྤུངས་པ་ན། །རྟོགས་ལྡན་སེང་གེ་དཔལ་བ་ལ་གསོལ་བ་འདེབས། །རྩ་དབུ་མ་བདེ་ཆེན་གྱི་དགོན་པ་ན། །མཚན་ལྡན་དབང་ཕྱུག་རྡོ་རྗེ་ལ་གསོལ་བ་འདེབས། །གནས་


KMC019_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་སྟེང་གི་དགོན་པ་ན། །གྲུབ་ཐོབ་དཔལ་ལྡན་རིན་ཆེན་ལ་གསོལ་བ་འདེབས། །གནས་བདེ་ཆེན་མཉམ་ཉིད་ཀྱི་དགོན་པ་ན། །རྟོགས་ལྡན་བྱམས་པ་དཔལ་བ་ལ་གསོལ་བ་འདེབས། །གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ན། །རྗེ་འོད་ཟེར་མཚན་ཅན་ལ་གསོལ་བ་འདེབས། །གནས་བདེ་ཆེན་རི་ཁྲོད་ཀྱི་དགོན་པ་ན། །རྗེ་བུདྡྷའི་མཚན་ཅན་ལ་གསོལ་བ་འདེབས། །གནས་དག་པ་རབ་འབྱམས་ཀྱི་དགོན་པ་ན། །རྗེ་ཀུན་དགའ་རྣམ་རྒྱལ་ལ་གསོལ་བ་འདེབས། །གནས་ངེས་དོན་སྙིང་པོའི་གཞལ་ཡས་ན། །རྗེ་ཀརྨ་བསྟན་སྐྱོང་ལ་གསོལ་བ་འདེབས། །གནས་སྣང་སྲིད་རོ་གཅིག་གི་དགོན་པ་ན། །རྗེ་འགྱུར་མེད་སྙིང་པོ་ལ་གསོལ་བ་འདེབས། །ཆོས་བདེ་ཆེན་རང་རིག་མངོན་གྱུར་པའི། །རྗེ་དཀོན་མཆོག་བསྟན་འཛིན་ལ་གསོལ་བ་འདེབས། །གཤིས་རང་བྱུང་མཆོག་གི་ཡེ་ཤེས་བརྙེས། །རྗེ་ཚོགས་གཉིས་དཔལ་འབྱོར་ལ་གསོལ་


KMC019_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །ལམ་སྨིན་གྲོལ་ཟབ་མོའི་གནས་ལུགས་རྟོགས། །རྗེ་ཀརྨ་བསྟན་སྐྱོང་ལ་གསོལ་བ་འདེབས། །དོན་ཟུང་འཇུག་ངང་ནས་བྱ་སྩོལ་བྲལ། །རྗེ་ཀརྨ་ཚུལ་ཁྲིམས་ལ་གསོལ་བ་འདེབས། །ཆོས་བདེན་གཉིས་རང་བཞིན་མངོན་གྱུར་པའི། །མགོན་བསྟན་འཛིན་རྣམ་དག་ལ་གསོལ་བ་འདེབས། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས། །རྗེ་འཇམ་དབྱངས་རྣམ་རྒྱལ་ལ་གསོལ་བ་འདེབས། །གནས་བདུད་བཞི་ཟིལ་གནོན་གྱི་དགོན་པ་ན། །རྗེ་ཐེག་མཆོག་རྡོ་རྗེ་ལ་གསོལ་བ་འདེབས། །གནས་གང་ཤར་ལམ་ཁྱེར་གྱི་དགོན་པ་ན། །རྗེ་བློ་གྲོས་མཐའ་ཡས་ལ་གསོལ་བ་འདེབས། །གནས་ཕྱག་རྒྱ་ཆེན་པོའི་གཞི་དབྱིངས་ན། །རྗེ་མཁའ་ཁྱབ་རྡོ་རྗེ་ལ་གསོལ་བ་འདེབས། །དོན་ཏིང་འཛིན་ཟབ་མོའི་མཁའ་དབྱིངས་སུ། །རྗེ་པདྨ་དབང་མཆོག་ལ་གསོལ་བ་འདེབས། །གཞི་གནས་ལུགས་དོན་གྱི་ཁྱབ་བརྡལ་ན། །རྗེ་མཁྱེན་བརྩེའི་འོད་ཟེར་ལ་


KMC019_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །གནས་ཆོས་ཉིད་འགྱུར་བ་མེད་པ་ན། །རྗེ་རིག་པའི་རྡོ་རྗེ་ལ་གསོལ་བ་འདེབས། །གནས་གར་བཞུགས་ཆོས་ཉིད་ཀྱི་དགོན་པ་ན། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་སློབ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་མེད་ཀྱི་དབྱིངས་སུ་ལམ་སྣ་དྲོངས། །ཕཊ། དེ་ནས་ཕ་རྒྱུད་མ་རྒྱུད་གཉིས་ཀའི་ཐུན་མོང་གི་གསོལ་འདེབས་བསྡུས་པ་ནི། ན་མོ་གུ་རུ། ཡུམ་ཆེན་ཤེས་ཕྱིན་བཅོམ་ལྡན་ཤཱཀྱ་ཐུབ། །སྨྲ་བའི་སེང་གེ་རྗེ་བཙུན་སྒྲོལ་མ་ཡུམ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སུ་ཁ་སིདྡྷི་ཨཱརྱ་དེ་ཝ་དང་། །དམ་པ་སངས་རྒྱས་ཨ་མ་ལབ་ཀྱི་སྒྲོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཁམ་བུ་ཡ་ལེ་ཛྙཱ་ན་ཛྭ་


KMC019_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེ། །གནམ་མཚོ་དོ་པ་ཆོས་རྗེ་རང་བྱུང་བ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སེང་གེ་དཔལ་བ་དབང་རྡོར་རཏྣ་ཤྲཱི། །བྱམས་པ་དཔལ་བ་འོད་ཟེར་མཚན་ཅན་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བུདྡྷ་རཏྣ་ཀུན་དགའ་རྣམ་རྒྱལ་ཞབས། །ཀརྨ་བསྟན་སྐྱོང་འགྱུར་མེད་སྙིང་པོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དཀོན་མཆོག་བསྟན་འཛིན་བསྟན་པ་རྣམ་རྒྱལ་དང་། །འཇམ་མགོན་རིག་འཛིན་གསུང་རབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཁོར་ལོའི་མགོན་པོ་ཆོས་ཀྱི་འབྱུང་གནས་དང་། །རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེ་འཆང་དངོས་པདྨ་ཉིན་བྱེད་དང་། །རིག་འཛིན་གཙུག་ལག་ཆོས་ཀྱི་རྒྱལ་པོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིགས་ཀུན་


KMC019_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་ཐེག་མཆོག་རྡོ་རྗེ་དང་། །རྒྱལ་བ་ཀུན་དངོས་པདྨ་གར་དབང་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྣམ་འདྲེན་གངས་ཅན་མགོན་པོ་སྤྱན་རས་གཟིགས། །སངས་རྒྱས་ཀུན་འདུས་མཁའ་ཁྱབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མ་འོང་རྣམ་འདྲེན་རྒྱལ་ཚབ་ཆོས་ཀྱི་རྗེ། །སྣང་སྲིད་དབང་སྡུས་པདྨ་དབང་མཆོག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བཱཻ་རོའི་རྣམ་འཕྲུལ་མདོ་སྔགས་ལུང་གི་བསྔགས། །སྒྲུབ་བརྒྱུད་བཅུད་འཛིན་མཁྱེན་བརྩེའི་འོད་ཟེར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྤྱན་རས་གཟིགས་དབང་དཀྱིལ་འཁོར་འཁོར་ལོའི་མགོན། །རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱུད་པ་ཀུན་གྱི་བྱིན་རླབས་གཅིག་བསྡུས་པ། །རྩ་བའི་བླ་མ་གྲུབ་ཐོབ་གཅོད་ཀྱི་རྒྱུད། །


KMC019_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བདག་འཛིན་བློ་ཡིས་ཐོངས་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཕུང་པོ་གཟན་དུ་བོར་བར་བྱིན་གྱིས་རློབས། །གཉན་ས་རི་ཁྲོད་འགྲིམ་པར་བྱིན་གྱིས་རློབས། །ཉག་གཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །སྐྱེ་མེད་གཅིག་ཆར་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་སྣང་དབྱིངས་སུ་དག་པར་བྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་ལ་མངའ་བརྙེས་པར་གྱུར་ཅིག །ཅེས་གཅོད་ཡུལ་བརྒྱུད་པའི་གསོལ་འདེབས་མི་ཉག་རྣལ་འབྱོར་བློ་གྲོས་རིན་ཆེན་གྱིས་མཛད་པའོ། ཕཊ། བརྒྱུད་པ་ཡོངས་རྫོགས་ཀྱི་གསོལ་འདེབས་བསྡུས་པ་ནི། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ་གསོལ་བ་


KMC019_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །གཉིས་མེད་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས། །སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མཁའ་འགྲོ་བརྡའ་ཡི་བརྒྱུད་པ་ལ་གསོལ་བ་འདེབས། །སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། །འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །འབྱུང་བཞིས་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས་རློབས། །འགལ་རྐྱེན་ནད་གདོན་བར་གཅོད་ལ། །རོ་སྙོམས་ནུས་པར་བྱིན་གྱིས་རློབས། །སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །རང་ངོ་ཤེས་པར་བྱིན་གྱིས་རློབས། །རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན་གྱིས་རློབས། །སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་གྱི་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པའོ། ཕཊ། ཕ་རྒྱུད་ཀྱི་གསོལ་


KMC019_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ནི། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །སྒོས་བཀའ་དྲིན་ཅན་གྱིས་བྱིན་གྱིས་རློབས། །གནས་མཆོག་དམ་པ་ཡ་ཀི་ན། །ཕྱི་སྐོར་གཅིག་སྐོར་གཉིས་སྐོར་དང་གསུམ། །ཕྱི་བསྐོར་བ་ལྕགས་རི་མུ་ཁྱུད་བསྐོར། །བར་བསྐོར་བ་ལྷོ་རྒྱལ་འཛམ་བུ་གླིང་། །ནང་བསྐོར་བ་དིང་རི་གླིང་འཁོར་བསྐོར། །རི་མཁན་པ་ཁྲོད་ཀྱི་ཞིང་ཁམས་ན། །ཌཱ་ཀི་པད་ཟླའི་གདན་སྟེང་ན། །གནས་དེ་ན་སུ་བཞུགས་སུ་མི་བཞུགས། །གནས་དེ་ན་དམ་པ་སངས་རྒྱས་བཞུགས། །སྐུ་འཁྲུངས་པ་རྒྱ་གར་ཡུལ་དུ་འཁྲུངས། །གསུང་བསྒྲགས་པ་བོད་ཡུལ་དབུས་སུ་བསྒྲགས། །རྗེ་འགྲོ་བའི་མགོན་པོ་རྡོ་རྗེ་འཆང་། །སྨྲ་བའི་སེང་གེ་མཚུངས་པ་མེད། །དཔལ་ཆེན་བིཪྺ་དྲོད་ཚད་ཅན། །ཨཱརྱ་དེ་ཝ་སྒྲ་ཚད་མཁས། །དམ་པ་མུ་ཏིག་རྒྱུད་སྡེ་མཁན། །རྗེ་མི་ཕམ་མགོན་པོ་བཅོམ་ལྡན་འདས། །འཛམ་བུ་གླིང་གི་རྒྱན་གཅིག་པུ། །རྗེ་འགྲོ་


KMC019_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མགོན་པོ་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །རྗེ་དམ་པ་སངས་རྒྱས་རིན་པོ་ཆེ། ཁོང་སྟེང་དེར་ལྷ་ཚོགས་ཐིབས་སེ་ཐིབ། །གཡས་ན་དཔའ་བོའི་ངར་དང་བཅས། །གཡོན་ན་དཔའ་མོའི་མདངས་དང་ལྡན། །མདུན་ན་དམ་ཅན་སྤུངས་སེ་སྤུང་། །རྒྱབ་ན་ཌཱ་ཀི་ཤིགས་སེ་ཤིག །འོག་ན་གདོན་ཚོགས་ཉ་ལ་ལ། །རྗེ་དེར་བཞུགས་དམ་པ་ལ་གསོལ་བ་འདེབས། །དེར་བཞུགས་དམ་པས་བྱིན་གྱིས་རློབས། །ཧཱུྃ། ཕ་ནག་པོ་ཆེན་པོ་གཟི་མདངས་ཅན། །སྐུ་སྟོད་སེང་ཆེན་འགྱིང་བ་འདྲ། །བདུད་བཞི་ཟིལ་གྱིས་ནོན་པའི་རྟགས། །སྐེད་པ་རྡོ་རྗེ་འགྲིལ་བ་འདྲ། འཁྲུལ་གཞི་རྩད་ནས་གཅོད་པའི་རྟགས། །ཞབས་གཉིས་སྦ་ཕྲན་གཤིབས་པ་འདྲ། །ཆོས་བྱང་ཆུབ་རྒྱུན་ལམ་བསྒྲོད་པའི་རྟགས། །སྐུ་མདོག་ནག་ལ་སྣུམ་པ་དེ། །ཆོས་ཉིད་ལ་འགྱུར་བ་མེད་པའི་རྟགས། །དབུ་སྐྲ་ནག་སྣུམ་གྱེན་དུ་འཁྱིལ་བ་དེ། །མཐོ་རིས་ཐར་


KMC019_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདྲེན་པའི་རྟགས། །སྤྱན་མིག་དམར་ལ་སྤྱན་རྩ་འཁྲུགས་པ་དེ། །སྣང་སྲིད་ཟིལ་གྱིས་ནོན་པའི་རྟགས། །ཚེམས་མདོག་དཀར་ལ་ཚེམས་རྩེ་རྣོ་བ་དེ། །སྐྱེ་ཤི་རྩད་ནས་གཅོད་པའི་རྟགས། །ཕྱག་སོར་རིང་ལ་ཕྱག་སེན་རྣོ་བ་དེ། །སྐལ་ལྡན་ཐུགས་རྗེས་འདྲེན་པའི་རྟགས། །ཞབས་སོར་མོ་སེང་ཕྲུག་བཀྲམ་པ་འདྲ། །དུག་གསུམ་རྩད་ནས་གཅོད་པའི་རྟགས། །རྗེ་རེས་འགའ་ཉིན་མཚན་འཁོར་ཡུག་གཟིམས། །སྒོམ་གཉུག་མ་ལ་རྒྱུན་ཆད་མེད་པའི་རྟགས། །རྗེ་རེས་འགའ་རྟེན་འབྲེལ་སྣ་ཚོགས་མཛད། བཀའ་འཁོར་བྱིན་གྱིས་རློབ་པའི་རྟགས། །རྗེ་རེས་འགའ་སྨྱོན་པའི་བརྟུལ་ཞུགས་མཛད། །འཁོར་གྱི་བར་ཆད་སེལ་བའི་རྟགས། །རྗེ་རྒྱང་ན་བཞུགས་ན་མོས་ཕྱག་འཚལ། །དྲུང་ན་བཞུགས་ན་གུས་ཕྱག་འཚལ། །ཡིད་མོས་གུས་ཀྱི་ཕྱག་ལ་ཉེ་རིང་མེད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་ཞུ། །རྗེ་སྐུ་ཡི་བྱིན་


KMC019_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ལུས་ལ་ཞུགས། །ལུས་ན་ཚའི་སྡུག་བསྔལ་ཞི་བ་དང་། །ལུས་ལ་བདེ་དྲོད་སྦར་དུ་གསོལ། །ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་། །ལུས་སྤྲུལ་སྐུ་ཐོབ་པར་མཛད་དུ་གསོལ། །རྗེ་གསུང་གི་བྱིན་རླབས་ངག་ལ་ཞུགས། །ངག་འགག་འཛེར་གྱི་སྡུག་བསྔལ་ཞི་བ་དང་། །ངག་ལ་ནུས་པ་སྦར་དུ་གསོལ། །ངག་གི་སྒྲིབ་པ་དག་ནས་ཀྱང་། །ངག་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །རྗེ་ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། །སེམས་ཉོན་མོངས་ཀྱི་རྣམ་རྟོག་ཞི་བ་དང་། །སེམས་ལ་རྟོགས་པ་འཆར་དུ་གསོལ། །སེམས་ཀྱི་སྒྲིབ་པ་དག་ནས་ཀྱང་། །སེམས་ཆོས་སྐུ་ཐོབ་པར་མཛད་དུ་གསོལ། །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་རང་སར་ཞི་བར་མཛོད། །རྐྱེན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་སེམས་ཀྱི་རྣམ་རྟོག་ཡར་དུ་གསོལ། །ནད་རླུང་མཁྲིས་བད་ཀན་འདུས་པ་བཞི། །བཞི་བརྒྱ་རྩ་བཞི་རང་སར་ཞི་


KMC019_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རུ་གསོལ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་གསུམ་མངོན་དུ་གྱུར་ནས་ཀྱང་། །གཞན་དོན་དཔག་མེད་དུ་འབྱུང་བར་བྱིན་གྱིས་རློབས། །ཅེས་པ་འདི་སྨ་ར་སེར་བོས་བསྐུལ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྗེ་དམ་པ་རིན་པོ་ཆེ་ལ་བསྟོད་པའོ། ཕཊ། མ་གཅིག་གི་བསྟོད་པ་ནི། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པ་ཐུགས་ཀྱི་སྲས། །མ་གཅིག་ཇོ་མོ་རྣལ་འབྱོར་མ། །མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མ་སྐུ་ལུས་ཆུང་ལ་གཟི་བརྗིད་ཆེ། །སྐུ་ཤ་དཀར་ལ་འོད་ཟེར་འབར། །སྐྱེ་བ་དམན་ལ་དགོངས་པ་མཐོ། །ཀུན་དང་མཐུན་པའི་སྤྱོད་པ་ཅན། །དུས་གསུམ་སངས་རྒྱས་ཀྱི་གདུང་འཛིན་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། ༈ །མ་སེར་སྣ་མེད་པའི་དོན་རྟོགས་ཤིང་། །ཀུན་ཁྱབ་ཀྱི་སྦྱིན་པ་བློས་ཐོང་མ། །རང་བྱུང་ཡེ་ཤེས་དོན་རྟོགས་ཤིང་། །


KMC019_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་མེད་པའི་ཁྲིམས་བསྲུང་མ། །སྐྱེ་བ་མེད་པའི་དོན་རྟོགས་ཤིང་། །སྐྱེ་མེད་ཀྱི་བཟོད་པར་སྒོམ་མཛད་མ། །བྱ་རྩོལ་མེད་པའི་དོན་རྟོགས་ཤིང་། །བྱར་མེད་ཀྱི་བརྩོན་འགྲུས་རྩོམ་མཛད་མ། །གཡོ་བ་མེད་པའི་དོན་རྟོགས་ཤིང་། །ཡེངས་མེད་ཀྱི་བསམ་གཏན་སྒོམ་མཛད་མ། །ཀུན་གྱི་རང་བཞིན་དོན་རྟོགས་ཤིང་། །བདག་མེད་ཤེས་པའི་རྣལ་འབྱོར་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མ་ཕྱོགས་མེད་ལྟ་བས་ཞེན་པ་གྲོལ། །མཉམ་ཉིད་བསྒོམས་པས་དམིགས་པ་གྲོལ། །སྐྱེ་མེད་རྟོགས་པས་འཁོར་བར་གྲོལ། །རྟོག་མེད་སྤྱོད་པས་ཉམ་ང་གྲོལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མ་མཉམ་ཉིད་ཀྱི་ངང་ལ་གཟིགས་ཙམ་ན། །དོན་ཉོན་མོངས་སངས་ནས་ཡེ་ཤེས་རྒྱས། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་


KMC019_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མ་སྐྱེ་མེད་ཀྱི་ངང་ལས་བཞེངས་ཙམ་ན། །དོན་རྗེས་ཐོབ་རྟོགས་པའི་ཉམས་དང་ལྡན། །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མ་དགོངས་པ་ཤར་དུ་སྤྱོད་ཙམ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །མ་དགོངས་པ་ལྷོ་རུ་སྤྱོད་ཙམ་ན། །དོན་ཡོན་ཏན་རྫོགས་པའི་ཉམས་དང་ལྡན། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །མ་དགོངས་པ་ནུབ་ཏུ་སྤྱོད་ཙམ་ན། །དོན་སྐྱེ་བ་མེད་པའི་ཉམས་དང་ལྡན། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །མ་དགོངས་པ་བྱང་དུ་


KMC019_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཙམ་ན། །དོན་འགག་པ་མེད་པའི་ཉམས་དང་ལྡན། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མ་དགོངས་པ་སྟེང་དུ་སྤྱོད་ཙམ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །རིག་པ་དབྱིངས་སུ་པུ་རུ་རུ། །རིས་མེད་ཀྱི་ལྟ་བ་ཕྱ་ལ་ལ། །མཉམ་ཉིད་ཀྱི་དགོངས་པ་ཕྲི་ལི་ལི། །མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མ་གཉན་ས་རི་ཁྲོད་འགྲིམ་ཙམ་ན། །སྙེམ་བྱེད་ཀྱི་རྟོག་པ་མྱ་ལ་ལ། །བདེ་སྟོང་རྒྱུད་ལ་ཕྲི་ལི་ལི། །མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མ་འགྲོ་བའི་དོན་ལ་སྤྱོད་ཙམ་ན། །


KMC019_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཀྱི་གདམས་པ་ཤ་ར་ར། །བདུད་ཀྱི་གཅོད་ཐབས་སི་ལི་ལི། །མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མ་སྐྱེ་མེད་ཀྱི་དབྱིངས་སུ་གཤེགས་ཙམ་ན། །གཟུང་འཛིན་གྱི་མདུད་པ་ཁྲོ་ལོ་ལོ། །སྣང་བའི་ན་བུན་ཡ་ལ་ལ། །མཉམ་ཉིད་ཀྱི་དགོངས་པ་ཕྲི་ལི་ལི། །མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མ་དབྱིངས་ལས་བསྐྱོད་པ་མི་མངའ་ཡང་། །དོན་འགག་པ་མེད་པའི་ཐུགས་རྗེ་ཡིས། །བདག་མ་རིག་འཁྲུལ་པའི་སེམས་ཅན་རྣམས། །དོན་ངེས་པར་ཐུགས་རྗེས་བཟུང་དུ་གསོལ། །དོན་ངེས་པར་ལམ་སྣ་འདྲེན་དུ་གསོལ། །དོན་ངེས་པར་བར་ཆད་བསལ་དུ་གསོལ། །ཅེས་པ་འདི་མ་གཅིག་ལ་ཐོང་སྨྱོན་བསམ་འགྲུབ་ཀྱིས་བསྟོད་པའོ། ཕཊ། སྲས་ཀྱི་བསྟོད་པ་ནི། མ་ནམ་མཁའ་ལྟ་བུའི་ཡུམ་ཆེན་ལ། །སྲས་ཉི་ཟླ་ལྟ་བུའི་རྒྱལ་བ་


KMC019_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། །ཡུམ་ཆེན་དེ་ཡི་ཐུགས་ཀྱི་སྲས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པས་གཟི་བརྗིད་ཆེ། །གསུང་གི་བྱིན་རླབས་ངག་ལ་ཞུགས་པས་ནུས་པ་ཆེ། །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པས་རྟོགས་པ་ཆེ། །ཡོན་ཏན་བྱིན་རླབས་ཞུགས་པས་ཐུགས་རྗེ་ཆེ། །ཕྲིན་ལས་བྱིན་རླབས་ཞུགས་པས་འགྲོ་དོན་ཆེ། །རྗེ་ཡོན་ཏན་ཀུན་ལྡན་གྱི་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །རྗེ་ཐོགས་བཅས་བདུད་ཀྱི་དོན་རྟོགས་ཤིང་། །དངོས་སྣང་སྒྱུ་མ་ལྟ་བུར་མཁྱེན། །ཐོགས་མེད་བདུད་ཀྱི་དོན་རྟོགས་ཤིང་། །ཉོན་མོངས་རང་སར་གྲོལ་བར་མཁྱེན། །དགའ་བྲོད་བདུད་ཀྱི་དོན་རྟོགས་ཤིང་། །ཡོན་ཏན་སེམས་སུ་མཉམ་པར་མཁྱེན། །སྙེམ་བྱེད་བདུད་ཀྱི་དོན་རྟོགས་ཤིང་། །འཁོར་བ་དབྱིངས་སུ་གྲོལ་བར་མཁྱེན། །རྗེ་མཁྱེན་པ་ཀུན་ལྡན་གྱི་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་


KMC019_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབ་པར་མཛད་དུ་གསོལ། །ཡུམ་ཆེན་སྲས་སུ་གྱུར་པའི་རིགས་རྒྱུད་ཅན། །ལྟ་སྒོམ་དམིགས་པ་དང་བྲལ་བའི་རྟོགས་པ་ཅན། །སྒྲོ་འདོགས་སེམས་སུ་ཆོད་པའི་མཁྱེན་པ་ཅན། །རྒྱ་བོད་ཧོར་གསུམ་དུ་ཐོས་པའི་གྲགས་པ་ཅན། །རྗེ་གྲགས་པ་ཀུན་ལྡན་གྱི་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། ཕཊ། སྲས་བསྟོད་འདི་གཉན་ཆུང་ལོ་ཙཱ་བས་མཛད་ཅེས་གྲགས། ༈ གདུང་སྒྲོམ་གྱི་ཤར་སྒོ་ནས་བསྟོད་པའི་མ་གཅིག་སྐུ་བཞིའི་བསྟོད་པ་ནི། ཧཱུྃ། མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །མདོ་རྒྱུད་ཀྱི་དགོངས་པ་ཐུགས་སུ་ཆུད། །ལབ་ཀྱི་སྒྲོན་མའི་སྐུ་ལ་ཕྱག་འཚལ་བསྟོད། །མ་རང་བཞིན་རྣམ་དག་ཐུགས་སུ་ཆུད། །ཐུགས་ནི་དབྱིངས་དང་མཚུངས་པར་ཁྱབ། །ཐོག་མཐའ་གཉིས་པོ་གཞི་ལ་དག །བདག་ཏུ་འཛིན་པ་རང་སར་གྲོལ། །མ་ངོ་བོ་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་ཤེས་རབ་ནམ་མཁའི་དབྱིངས་སུ་ཤར། །


KMC019_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་རྣམ་བཞིར་རྟོག་མི་མངའ། །སྙེམ་བྱེད་ཉམ་ང་གཞི་ལ་དག །རྣམ་པར་རྟོག་པ་རང་སར་གྲོལ། །མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་མངོན་ཤེས་དྲུག་པས་ཤེས་བྱ་མཁྱེན། །ཟག་མེད་བདེ་སྟོང་རྒྱུད་ལ་སྐྱེས། །སྒོམ་མཚན་མར་འཛིན་པ་གཞི་ལ་དག །སྣང་སྲིད་ལྷ་འདྲེ་རང་སར་གྲོལ། །མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །མ་སྐྱེ་བ་བུད་མེད་ལུས་སུ་སྤྲུལ། །བཟང་ངན་མེད་པར་འགྲོ་དོན་མཛད། །ཆགས་སྡང་གཉིས་པོ་གཞི་ལ་དག །ཟོལ་ཟོག་གཉིས་པོ་རང་སར་གྲོལ། །མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། གདུང་ཁང་གྱི་ལྷོ་སྒོ་ནས་བསྟོད་པ་ནི། མ་སྒྲིབ་པ་བྱང་ནས་སྟོང་ཉིད་རྟོགས། །མ་ཤེས་རབ་ཅན་ལ་ཕྱག་འཚལ་བསྟོད། །མ་ལུས་སེམས་ཕྲལ་ནས་མངོན་སངས་རྒྱས། །མ་གདམས་ངག་ཅན་ལ་ཕྱག་འཚལ་བསྟོད། །མ་རི་ཁྲོད་འགྲིམ་པས་ཉམ་ང་མེད། །མ་ཉམས་མྱོང་ཅན་ལ་ཕྱག་འཚལ་བསྟོད། །མ་སྙེམ་ཐག་ཆོད་


KMC019_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པས་བདུད་རྣམས་ཞི། །མ་ནུས་པ་ཅན་ལ་ཕྱག་འཚལ་བསྟོད། །མ་བདུད་རྣམས་ཞི་བས་ཡེ་ཤེས་འཕེལ། །མ་རྟོགས་པ་ཅན་ལ་ཕྱག་འཚལ་བསྟོད། །མ་སྟོང་ཉིད་རྟོགས་པས་ས་རྣམས་ནོན། །མ་ཚོགས་གཉིས་རྫོགས་ལ་ཕྱག་འཚལ་བསྟོད། །མ་སྐྱེ་མེད་བསྒོམས་པས་མངོན་ཞེན་ལོག །མ་འཁོར་བ་སྤངས་ལ་ཕྱག་འཚལ་བསྟོད། །མ་གདམས་ངག་བཀའ་དང་བསྟུན་ནས་སྟོན། །མ་ལུང་དོན་མཁྱེན་ལ་ཕྱག་འཚལ་བསྟོད། །མ་མགུར་བརྩམ་བཞེངས་པས་ཡེ་ཤེས་འཕེལ། །མ་བྱིན་རླབས་ཅན་ལ་ཕྱག་འཚལ་བསྟོད། །མ་ཞབས་ཏོག་མེད་ཀྱང་གདམས་ངག་སྟོན། །མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །གདུང་ཁང་གི་ནུབ་སྒོ་ནས་བསྟོད་པ་ནི། མ་ངན་སོང་གསུམ་པོས་མི་འཇིགས་པའི། །མི་དགེ་བཅུ་པོ་སྙེམ་དུ་ཆོད། །ངན་འགྲོའི་ཕྱོགས་ཀྱི་བདུད་ལས་རྒྱལ། །མ་མཐོ་རིས་འདྲེན་ལ་ཕྱག་འཚལ་བསྟོད། །མ་བདེ་འགྲོའི་གནས་ལ་མི་ཞེན་པའི། །དགེ་བའི་ལས་རྣམས་


KMC019_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་གྲོལ། །ལྷ་མི་འཁོར་བའི་བདུད་ལས་ཐར། །མ་ཐར་ལམ་བགྲོད་ལ་ཕྱག་འཚལ་བསྟོད། །མ་སྐྱེ་འཆི་གཉིས་ཀྱིས་མི་འཇིགས་པའི། །སྙེམ་ཐག་ཡུམ་ཆེན་གྱི་ཀློང་དུ་ཆོད། །སྙེམ་མེད་ཀློང་ནས་སྐྱེ་འཆི་མེད། །མ་བཙན་ས་ཟིན་ལ་ཕྱག་འཚལ་བསྟོད། །མ་ལོག་འདྲེན་བགེགས་ཀྱིས་མི་འཇིགས་པའི། །འདྲེ་གདོན་རང་སྣང་གི་སེམས་སུ་ཆོད། །གདོན་གནོད་སྦྱིན་ཕོ་མོའི་བདུད་ལས་གྲོལ། །མ་བར་ཆད་སེལ་ལ་ཕྱག་འཚལ་བསྟོད། གདུང་ཁང་གི་བྱང་སྒོ་ནས་བསྟོད་པ་ནི། མ་དང་པོ་ལུས་སེམས་སྐྱེད་པའི་མ། །བར་དུ་ཟང་ཟིང་འབོགས་པའི་མ། །ཐ་མ་སྐྱེ་མེད་སྟོན་པའི་མ། །མ་དྲིན་མོ་ཆེ་ལ་ཕྱག་འཚལ་བསྟོད། །མ་ལུས་སྲོག་གཟན་དུ་བོར་བའི་མ། །རིག་པ་གཞི་ལ་གནས་པའི་མ། །མ་དབྱིངས་ཀྱི་ཐུགས་ལ་དགོངས་པ་མེད། །བུས་ད་རུང་སྙེམ་གྱི་ཐག་མ་ཆོད། །མ་བཞུགས་པའི་ཚེ་ན་དགའ་མ་ཚོར། །གཤེགས་པའི་ཚེ་ན་སྙིང་མ་དགའ། །


KMC019_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞུགས་ནས་བྱིན་གྱིས་རློབ་ཏུ་གསོལ། །བུས་ཀྱང་མ་ལ་གསོལ་བ་འདེབས། །མས་ཀྱང་བུ་ལ་བྱིན་གྱིས་རློབས། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །ལུས་ལ་བདེ་བ་བསྐྱེད་དུ་གསོལ། །ངག་ལ་ནུས་པ་སྦར་དུ་གསོལ། །སེམས་ལ་རྟོགས་པ་འཆར་དུ་གསོལ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་མེད་ཀྱི་དབྱིངས་སུ་ལམ་སྣ་དྲོངས། ཕཊ། ༈ མ་རི་ཁྲོད་འགྲིམ་ཞིང་ཉམས་སུ་ལེན། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་སེར་སྣ་མེད། །མ་སྦྱིན་པ་རྫོགས་ལ་ཕྱག་འཚལ་བསྟོད། །མ་རི་ཁྲོད་འགྲིམ་ཞིང་ཉམས་སུ་ལེན། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་འཆལ་བ་མེད། །མ་ཚུལ་ཁྲིམས་རྫོགས་ལ་ཕྱག་འཚལ་བསྟོད། །མ་རི་ཁྲོད་འགྲིམ་ཞིང་ཉམས་སུ་ལེན། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ཁོང་ཁྲོ་མེད། །མ་བཟོད་པ་རྫོགས་ལ་ཕྱག་འཚལ་


KMC019_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །མ་རི་ཁྲོད་འགྲིམ་ཞིང་ཉམས་སུ་ལེན། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ལེ་ལོ་མེད། །མ་བརྩོན་འགྲུས་རྫོགས་ལ་ཕྱག་འཚལ་བསྟོད། །མ་རི་ཁྲོད་འགྲིམ་ཞིང་ཉམས་སུ་ལེན། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་གཡེང་བ་མེད། །མ་བསམ་གཏན་རྫོགས་ལ་ཕྱག་འཚལ་བསྟོད། །མ་རི་ཁྲོད་འགྲིམ་ཞིང་ཉམས་སུ་ལེན། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་གཏི་མུག་མེད། །མ་ཤེས་རབ་རྫོགས་ལ་ཕྱག་འཚལ་བསྟོད། །མ་ཕ་རོལ་ཕྱིན་དྲུག་ཐུགས་ལ་མངའ། །ཡང་དག་དོན་རྟོགས་འགྲོ་བའི་མགོན། །མ་གཅིག་ཁྱེད་ལ་ཕྱག་འཚལ་བསྟོད། །ལབ་ཀྱི་སྒྲོན་མའི་སྐུ་ལ་ཕྱག་འཚལ་བསྟོད། །དེ་ལྟར་གདུང་སྒྲོམ་གྱི་ཕྱོགས་བཞིའི་བསྟོད་པ་འདི་རྣམས་སྲས་རྒྱལ་བ་དོན་འགྲུབ་ཀྱིས་མཛད་པའོ། ཕཊ། མཁའ་འགྲོ་འབུམ་བསྐུལ་ནི། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །དབུས་ཕྱོགས་དེ་བཞིན་རིགས་ཀྱི་མཁའ་འགྲོ་འབུམ། །


KMC019_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་བདེ་ཆེན་སྐྱེད་པའི་ཌཱ་ཀི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་འདེབས་ན། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་འབུམ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ། །ཡང་དག་བདེ་ཆེན་སྐྱེད་པའི་ཌཱ་ཀི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་འདེབས་ན། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ལས། །རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་


KMC019_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ། །ཐོད་རློན་ལྔ་བཅུ་རྩ་གཅིག་དོ་ཤལ་བྱས་པ་ལས། །འདུ་བྱེད་ལྔ་བཅུ་རྩ་གཅིག་ཟད་པའི་མཁའ་འགྲོ་འབུམ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ་ལས། །སེམས་ཅན་བདེ་ལ་འགོད་པའི་མཁའ་འགྲོ་འབུམ། །རུས་པའི་རྒྱན་དྲུག་སྐུ་ལ་བརྒྱན་པ་ལས། །རྟོག་མེད་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ། །ཁ་ཊྭཱཾ་རྩེ་གསུམ་རབ་ཏུ་བརྒྱན་པ་ལས། །སྲིད་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ། །མི་མགོ་སུམ་བརྩེགས་རབ་ཏུ་བརྒྱན་པ་ལས། །སྐུ་གསུམ་དོན་དང་ལྡན་པའི་མཁའ་འགྲོ་འབུམ། །ཌ་རུ་ཅང་ཏེའུ་གསེར་གྱི་རྔེའུ་ཆུང་ལས། །དོན་དམ་སྙན་རྒྱུད་འཛིན་པའི་མཁའ་འགྲོ་འབུམ། །གསེར་གྱི་དྲིལ་བུ་གཡེར་ཁས་གསུང་སྙན་སྒྲོགས་པ་ལས། །སྟོང་གསུམ་ཆོས་སྒྲ་སྒྲོགས་པའི་མཁའ་འགྲོ་འབུམ། །དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ལས། །སྤྲུལ་པས་ཡུལ་ཡང་འགྲིམ་པའི་མཁའ་འགྲོ་འབུམ། །བམ་ཆེན་གདན་ལ་


KMC019_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བསྐུམ་བཞུགས་པ་ལས། །དུར་ཁྲོད་ཤ་ལ་རོལ་པའི་མཁའ་འགྲོ་འབུམ། །ཡེ་ཤེས་རོལ་པར་མཛད་པའི་ཌཱ་ཀི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་འདེབས་ན། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཅེས་པ་མ་གཅིག་གིས་མཛད་པའོ། ཕཊ། མ་རྒྱུད་ཚོགས་ལས་ནི། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །དབུས་ཕྱོགས་དེ་བཞིན་རིགས་ཀྱི་ཌཱ་ཀིའི་ཚོགས། །སྐུ་མདོག་ནག་ལ་འོད་ཟེར་འབར། །ཕྱག་ན་འཁོར་ལོ་པད་སྣོད་བསྣམས། །མུ་མན་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་རྒྱན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པཎ་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །ཌ་རུ་ཅང་ཏེའུ་ཁྲོ་ལོ་ལོ། །རྔ་སྒྲ་དུང་སྒྲ་འུ་རུ་རུ། །པི་ཝཾ་གླིང་བུ་ལྷངས་སེ་ལྷང་། །དུར་ཁྲོད་ཚོགས་མཆོད་བྱིན་གྱིས་བརླབ་པའི་ཕྱིར། །རྗེ་མཁའ་འགྲོའི་ཚོགས་


KMC019_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་བཅས་གཤེགས་ནས་ཀྱང་། །དུག་ལྔ་གཅོད་ཕྱིར་པད་ཟླའི་གདན་ལ་བཞུགས། །ཕ་རོལ་ཕྱིན་དྲུག་རྫོགས་ལ་གུས་ཕྱག་འཚལ། །གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས་མཆོད་འབུལ། །སྟོང་ཉིད་བཅོ་བརྒྱད་གནས་ལ་གུས་ཕྱག་འཚལ། ཀྱེ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷཉྫར་བྱིན་གྱིས་རློབས། །བཅུད་ཀྱི་ཞལ་ཟས་ཐམས་ཅད་ཀྱང་། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཆོས་ལ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་རྣམས་ལ་དབང་བཞི་སྐུར། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། ཕཊ། ཀྱེ། མ་མི་


KMC019_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཌཱ་ཀིའི་ཚོགས། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་རྡོ་རྗེ་པད་སྣོད་བསྣམས། །ཤེལ་གྱི་ཐོར་ཚུགས་ལྡེམས་སེ་ལྡེམ། །རྒྱས་པར་འགྲེས་བཤད་བསྡུ་ན་འགྲེས་མི་བཤད། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཌཱ་ཀིའི་ཚོགས། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་ན་རིན་ཆེན་པད་སྣོད་བསྣམས། །གསེར་གྱི་ཐོར་ཚུགས་ལྡེམས་སེ་ལྡེམ། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ནུབ་ཕྱོགས་པདྨ་རིགས་ཀྱི་ཌཱ་ཀིའི་ཚོགས། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་པདྨ་པད་སྣོད་བསྣམས། །བྱི་རུའི་ཐོར་ཚུགས་ལྡེམས་སེ་ལྡེམ། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཌཱ་ཀིའི་ཚོགས། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །ཕྱག་ན་རྒྱ་གྲམ་པད་སྣོད་བསྣམས། །གཡུ་ཡི་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་


KMC019_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པཎ་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །ཌཱ་རུ་ཅང་ཏེའུ་ཁྲོ་ལོ་ལོ། །རྔ་སྒྲ་དུང་སྒྲ་འུ་རུ་རུ། །པི་ཝང་གླིང་བུ་ལྷངས་སེ་ལྷང་། །དུར་ཁྲོད་ཚོགས་མཆོད་བྱིན་གྱིས་བརླབ་པའི་ཕྱིར། །རྗེ་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་བཅས་གཤེགས་ནས་ཀྱང་། །དུག་ལྔ་གཅོད་ཕྱིར་པད་ཟླའི་གདན་ལ་བཞུགས། །ཕ་རོལ་ཕྱིན་དྲུག་རྫོགས་ལ་གུས་ཕྱག་འཚལ། །གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས་མཆོད་འབུལ། །སྟོང་ཉིད་བཅོ་བརྒྱད་གནས་ལ་གུས་ཕྱག་འཚལ། ཀྱེ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། པདྨ་བྷཉྫར་བྱིན་གྱིས་རློབས། །བཅུད་ཀྱི་ཞལ་ཟས་ཐམས་ཅད་ཀྱང་། །ཟག་མེད་


KMC019_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིར་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཆོས་ལ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་རྣམས་ལ་དབང་བཞི་སྐུར། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། ཕཊ། འདི་ནི་མ་གཅིག་རང་གིས་མཛད་པ་ལ། རི་གོང་པས་ཅུང་ཟད་ཁ་འགེངས་པར་མཛད་པའོ། ༈ །ཚོགས་གཏོར་བྱིན་གྱིས་བརླབ་པ་ནི། ཨོཾ་མ་གཅིག་མ་ལ་གསོལ་བ་འདེབས། །ཨཱཿམ་གཅིག་མ་ལ་གསོལ་བ་འདེབས། །ཧཱུྃ་མ་གཅིག་མ་ལ་གསོལ་བ་འདེབས། ཀྱེ། དཀར་པོ་ཨོཾ་གྱིས་བྱིན་གྱིས་རློབས། །དཀར་པོ་ཨོཾ་གྱི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདིས། །རྗེ་བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་བྲལ་དང་། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །དམར་པོ་


KMC019_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཡིས་བྱིན་གྱིས་རློབས། །དམར་པོ་ཨཱཿཡི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་སོགས་འགྲེས། །སྔོན་པོ་ཧཱུྃ་གིས་བྱིན་གྱིས་རློབས། །སྔོན་པོ་ཧཱུྃ་གི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་སོགས། །བསྟབ་པ་ནི། ཀྱེ། དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་དང་། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་ཏེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། ཕཊ། ཧཱུྃ། དཀྱིལ་འཁོར་ལྷ་ཚོགས་མན་ཆད་དང་། །འཁོར་དཔའ་བོ་མཁའ་འགྲོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། སོགས་འགྲེས། ཡུམ་རྡོ་རྗེ་ཕག་མོ་མན་ཆད་དང་། །མ་གནས་གསུམ་མཁའ་འགྲོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས༴


KMC019_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་མ་མགོན་མན་ཆད་དང་། །དཀྱིལ་འཁོར་མཐའ་སྐྱོང་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ༴ ཤཱཀྱ་ཐུབ་པ་མན་ཆད་དང་། དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ༴ སྟོང་གསུམ་གཞི་བདག་མན་ཆད་དང་། །འདིར་གནས་ལྷ་འདྲེ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ༴ རིགས་དྲུག་མགྲོན་རིགས་མན་ཆད་དང་། །ལན་ཆགས་བགེགས་རིགས་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་ཏེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། །ཕཊ། ཅེས་པ་འདི་གཉན་སྟོན་གྱིས་མཛད་པའོ། ༈ །དེ་ནས་རིགས་ལྔ་མཁའ་འགྲོའི་བསྟབས་པ། ཀྱཻ། མ་མི་མིན་སོགས་སམ། ཤར་རྡོ་རྗེ་མཁའ་འགྲོ་ཚོགས་ལ་


KMC019_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རོལ། །ལྷོ་རིན་ཆེན་མཁའ་འགྲོ་ཚོགས་ལ་རོལ། །ནུབ་པདྨ་མཁའ་འགྲོ་ཚོགས་ལ་རོལ། །བྱང་ལས་ཀྱི་མཁའ་འགྲོ་ཚོགས་ལ་རོལ། །སྟེང་མཁའ་སྤྱོད་མཁའ་འགྲོ་ཚོགས་ལ་རོལ། །འོག་ས་སྤྱོད་མཁའ་འགྲོ་ཚོགས་ལ་རོལ། །མཚམས་འཇིག་རྟེན་མཁའ་འགྲོ་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་ཏེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། །ཕཊ། ཅེས་པའམ། ༈ ཡང་ན། མ་གིང་ཆེན་སོགས་རྐང་པ་དགུ་པོའམ། ཁྱོད་ཤ་ལ་སོགས་དེ་དག་རེས་མོས་མཐར། ༈ སྦྱིན་པ་རྒྱ་ཆེན་སོགས་སམ། ༈ ཐམས་ཅད་ནམ་མཁའ་སོགས་རེས་མོས་བྱའོ། །ཕཊ། གཏོར་བསྔོས་ནི། ཨོཾ། མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྒྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་


KMC019_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔ། །རླུང་མེས་བསྐོལ་བའི་དམ་ཚིག་པའི། །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ཨོཾ་དང་ཨཱཿཧཱུྃ་གིས། །བྱིན་བརླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབས་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་པ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པའི། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི །གཏོར་མ་རྩ་བརྒྱད་


KMC019_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩ་ཨ་མྲྀ་ཏ། །ཛ་གད་རཀྟའི་ཡོན་ཆབ་མཆོད་པར་བཞེས། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །དེ་ཁོ་ན་ཡི་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེའི། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱི། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་བཏབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་ཀརྨ་པ་ཡི་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་དུ་རློག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་དད་པའི་དགེ་བ་དེས། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་


KMC019_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་རིན་ཆེན་དཔལ་མོས་གསོལ་བ་བཏབ་པའི་ངོར། རྗེ་བཙུན་ཀརྨ་པ་མི་བསྐྱོད་རྡོ་རྗེས་གསུངས་པའོ།། །།འདོད་གསོལ་བཏགས་པའམ། ཡང་ན། ཨོཾ་ཨཱཿཧཱུྃ་ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །ནང་འབྱུང་བཞིའི་དངོས་པོ་བྷ་ལིང་ཏ། །དེ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ། །ལས་རབ་འབྱམས་འགྲུབ་པར་བྱིན་གྱིས་རློབས། །ལུས་དབང་ཆེན་པགས་པའི་གཏོར་གཞོང་དུ། །ནང་ཤ་ཁྲག་རུས་གསུམ་བྷ་ལིང་ཏ། །དེ་བསྟན་སྲུང་རྒྱ་མཚོའི་ཚོགས་ལ་འབུལ། །ཚེ་ཉི་ཟླ་དང་མཉམ་པར་བྱིན་གྱིས་རློབས། །སེམས་སྣང་བ་སྣ་ཚོགས་གཏོར་གཞོང་དུ། །ནང་དྲན་རིག་གསལ་བའི་བྷ་ལིང་ཏ། །དེ་མཁའ་ཁྱབ་ཆོས་ཀྱི་སྐུ་ལ་འབུལ། །རྒྱུད་ཡེ་ཤེས་ལྔ་རུ་བྱིན་གྱིས་རློབས། །ཁ་ཁ་ཁཱ་ཧི་ཁཱ་ཧི། ཞྭ་དམར་ལྔ་པས་སོ། །མཆོད་སྦྱིན་གཏོར་མ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །བར་བརྗོད། ༈ ཡང་གཏོར་མ་འབུལ་བ་ནི། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་


KMC019_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གཏོར་མས་བཀང་། །སྐྱེ་འཆི་མེད་པ་མཆོད་པར་བཞེས། །ཕྱི་ནམ་མཁའ་ཡངས་པའི་གཏོར་གཞོང་དུ། །ནང་འབྱུང་བ་བཞི་ཡི་གཏོར་མས་བཀང་། །རང་གསལ་རང་དག་དང་བཅས་ཏེ་མཆོད་པར་བཞེས། །བཀའ་ཕ་རོལ་ཕྱིན་པའི་གཏོར་གཞོང་དུ། །ས་བཅུ་དག་པའི་གཏོར་མས་བཀང་། །མྱ་ངན་མི་འདའ་མཆོད་པར་བཞེས། །བཀའ་རྫོགས་པ་ཆེན་པོའི་གཏོར་གཞོང་དུ། །ཐེག་པ་རིམ་དགུའི་གཏོར་མས་བཀང་། །མ་འདྲེས་ཡོངས་རྫོགས་དང་བཅས་ཏེ་མཆོད་པར་བཞེས། །ཀུན་གཞི་ཡངས་པའི་གཏོར་གཞོང་དུ། །རྣམ་ཤེས་ཚོགས་དྲུག་གཏོར་མས་བཀང་། །འཕེལ་འགྲིབ་མེད་པར་མཆོད་པར་བཞེས། །རང་སེམས་གཉུག་མའི་གཏོར་གཞོང་དུ། །ལུས་ངག་ཡིད་གསུམ་གཏོར་མས་བཀང་། །བརྗོད་དུ་མེད་པའི་མཆོད་པར་བཞེས། །སྐྱེ་བ་མེད་པའི་གཏོར་གཞོང་དུ། །རིག་པ་ཚོར་མྱོང་གཏོར་མས་བཀང་། །འགྱུ་བ་རང་


KMC019_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་དང་བཅས་ཏེ་མཆོད་པར་བཞེས། །ཆོས་སྐུ་དག་པའི་གཏོར་གཞོང་དུ། །གཟུགས་སྐུ་རྣམ་གཉིས་གཏོར་མས་བཀང་། །ཐུགས་རྗེས་འགྲོ་དོན་དང་བཅས་ཏེ་མཆོད་པར་བཞེས། །སྟོང་པ་ཉིད་ཀྱི་གཏོར་གཞོང་དུ། །སྣང་བ་དཀར་དམར་གཏོར་མས་བཀང་། །སྣང་མེད་ཆེན་པོར་མཆོད་པར་བཞེས། །རང་རྒྱུད་དག་པའི་གཏོར་གཞོང་དུ། །རྗེ་བཙུན་གདམས་ངག་གཏོར་མས་བཀང་། །བདེ་བ་ཆེན་པོར་མཆོད་པར་བཞེས། །ཆོས་ཉིད་དག་པའི་གཏོར་གཞོང་དུ། །སེམས་བདེ་བ་དང་གསལ་བའི་གཏོར་མས་བཀང་། །ངོས་བཟུང་མེད་པར་མཆོད་པར་བཞེས། །རང་ལུས་རྒྱལ་བའི་གཏོར་གཞོང་དུ། །སེམས་མོས་པ་དང་གུས་པའི་གཏོར་མས་བཀང་། །རེ་དོགས་མེད་པར་མཆོད་པར་བཞེས། །ཀ་པཱ་ལ་ཡི་གཏོར་གཞོང་དུ། །ཤ་ཁྲག་དོན་སྙིང་གཏོར་མས་བཀང་། །ཆགས་ཞེན་མེད་པར་མཆོད་པར་བཞེས། །དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་དང་། །


KMC019_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག །བསམས་པ་བཞིན་དུ་འགྲུབ་གྱུར་ཅིག །ཀུན་ཏུ་བཟང་པོ་མན་ཆད་དང་། །འཇག་མའི་སྲིན་བུ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག །བསམས་པ་བཞིན་དུ་འགྲུབ་གྱུར་ཅིག །ཤཱཀྱ་ཐུབ་པ་མན་ཆད་དང་། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག །བསམས་པ་བཞིན་དུ་འགྲུབ་གྱུར་ཅིག །གཏོར་མ་འདི་ཡི་ཡོན་ཏན་གྱིས། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །ལུས་ལ་བདེ་བ་བསྐྱེད་དུ་གསོལ། །ངག་ལ་ནུས་པ་སྦར་དུ་གསོལ། །སེམས་ལ་རྟོགས་པ་འཆར་དུ་གསོལ། །མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །ཅེས་པ་འདི་མ་གཅིག་གིས་མཛད་པའོ། །བསྐང་བ་དང་ལྷག་གཏོར་རྣམས་གང་འོས་རེས་མོས་བཏང་ངོ་། ༈ །ཚར་རྒྱབ་མའི་སྐབས་བསྟབ་པའི་གོང་དུ་གཏོར་བསྔོས་དང་བསྐང་བཤགས་རྒྱས་པར་བཏང་། དེ་ནས་ལུས་སྦྱིན་མཇུག་ལྟར་གདོན་ཚོགས་དགུ་མ་བཅས་བསྟབ་རིང་


KMC019_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདོན། ༈ དེ་ནས་ཚོགས་ལ་རོལ་ཏེ། ལྷག་མ་བསྔོ་བ་ནི། བྷཱུཾ་ཨ་ཀ་རོ་སོགས། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་ཟད་མི་ཤེས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཕཊ། ཧཱུྃ། ཕྱོགས་བཞི་འཇིགས་པའི་དུར་ཁྲོད་ནས། །རིགས་ལྔ་མཁའ་འགྲོ་དཔལ་འབར་མ། །དཀར་སེར་དམར་ལྗང་མཐིང་ནག་རལ་པ་ཅན། །ཁྱོད་དོན་གྱི་རྣལ་འབྱོར་ཡིན་མོད་ཀྱང་། །བདག་སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །བྲན་གྱི་ཚུལ་དུ་ཁས་ལོངས་ལ། །ལྷག་མའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མ་དེ་ཡི་འཁོར་དུ་གཏོགས་པ་ཡི། །མཁའ་ལ་འགྲོ་བའི་མཁའ་འགྲོ་དང་། །ཤུགས་ལ་འགྲོ་བའི་ཤུགས་འགྲོ་དང་། །དེ་འོག་ཞིང་སྐྱོང་མཁའ་འགྲོའི་ཚོགས། །བྲན་གྱི་ཚུལ་དུ་ཁས་ལོངས་ལ། །ལྷག་མའི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་


KMC019_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སློབ་མ་དམ་ལས་ལོག་པ་དང་། །བྱང་ཆུབ་སྒྲུབ་ལ་བར་ཆོད་རྣམས། །ལྷག་གཏོར་འདི་དང་མཉམ་པོར་བཞེས། །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་བཟློག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་རི་གོང་བས་མཛད་པའོ། ཕཊ། དེ་ནས་མཁའ་འགྲོ་ལ་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། དམ་རྫས་བརྒྱན་པའི་གཏོར་མ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི་གཅོད་ཀྱི་བཀའ་སྲུང་རིགས་ལྔ་མཁའ་འགྲོ་འཁོར་དང་བཅས་པས་མཆོད་པར་བཞེས་ལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ལོ། ༈ ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་


KMC019_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་འདི། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །མཚམས་འཇིག་རྟེན་རིགས་ཀྱི་མཁའ་འགྲོ་མ། །མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །


KMC019_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདིར་གཤེགས་བརྒྱན་པའི་གཏོར་མ་འདི། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ས་བླ་ས་འོག་ས་སྟེང་གི །འཁོར་འདས་གཉིས་ཀྱི་མགྲོན་རིགས་ལ། །འདོད་ཡོན་ལྔ་ཡི་གཏོར་མ་འདི། །བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །ལན་ཆགས་ཤ་འཁོན་བྱང་གྱུར་ཅིག །ཅེས་སྐྱེ་མེད་དགའ་ཡན་གྱིས་མཛད་པའོ། །རྗེས་ཆོག་ནི། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་ས་ཏྭ་ས་པཱ་རི་ཝཱ་ར་བཛྲ་ཨཱརྒྷཾ་ནས། ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །སོགས། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས། མ་འབྱོར་


KMC019_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སོགས་ཤོ་ལོ་ཀ་བྱ། ༈ བཤགས་པ་ནི། ན་མོ་གུ་རུ། བདེ་བ་ལེགས་པ་ཇི་སྙེད་པའི། །རྩ་བ་བླ་མ་ཡིན་པར་མ་ཤེས་ནས། །དངོས་གྲུབ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་རྩ་བ་ཆོད་པ་དེ། །ཆོས་སྐུ་ཡིན་པར་མ་ཤེས་ནས། །སངས་རྒྱས་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རྣམ་རྟོག་རང་བཞིན་ཤེས་པ་དེ། །སྐྱེ་མེད་ཡིན་པར་མ་ཤེས་ནས། །གཉེན་པོ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་ཡིད་བཞིན་ནོར་བུ་ལ། །དགོས་འདོད་འབྱུང་བར་མ་ཤེས་ནས། །འབད་རྩོལ་གཞན་དུ་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ང་བདག་གི་རྣམ་རྟོག་ཆོད་པ་དེ། །ཉམས་ལེན་ཡིན་པར་མ་ཤེས་ནས། །ལྷ་འདྲེ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་ཐམས་ཅད་དེ། །ཕ་མ་ཡིན་པར་མ་ཤེས་


KMC019_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གཞན་ལ་གནོད་པ་བསྐྱལ་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །སུམ་ལྡན་བླ་མ་རིན་ཆེན་དེ། །སྐྱབས་གནས་ཡིན་པར་མ་ཤེས་ནས། །དད་འདུན་མོས་གུས་ཆུང་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །བརྩེ་གདུང་འདྲེས་པའི་མཆེད་གྲོགས་དེ། །དཔའ་བོ་མཁའ་འགྲོ་ཡིན་པར་མ་ཤེས་ནས། །ཕྲག་དོགས་རུ་ང་སྐྱེས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །གདམས་པ་བདུད་ཀྱི་གཅོད་ཡུལ་འདི། །སྣོད་ངན་ཡོད་པར་མ་ཤེས་ནས། །རྒྱལ་ཁམས་ཡོངས་ལ་སྦེལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཚུལ་ཁྲིམས་དྲི་མེད་རྣམ་དག་དེས། །ཐར་ལམ་བགྲོད་པར་མ་ཤེས་ནས། །འཆལ་བའི་མངོན་ལྐོག་ཤོར་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དེས། །ཚོགས་གཉིས་རྫོགས་པར་མ་ཤེས་ནས། །རློམ་སེམས་སེར་སྣ་ཤོར་བ་དེ། །མ་སྤྲུལ་པའི་སྐུ་ལ་


KMC019_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་ལོ་བཤགས། །ཟབ་མོའི་མཁའ་འགྲོའི་ཚོགས་གྲལ་དེ། །གསང་གནས་ཡིན་པར་མ་ཤེས་ནས། །ཉམས་གྲིབ་ཅན་དང་བསྲེས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་དེ། །དངོས་གྲུབ་འབྱུང་བར་མ་ཤེས་ནས། །སྡིག་སྤྱོད་ཅན་ལ་སྤེལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ལུས་ཆགས་མེད་སྦྱིན་པ་གཏོང་བ་དེས། །སྒྲིབ་གཉིས་བྱང་བར་མ་ཤེས་ནས། །ལུས་ལ་གཅེས་འཛིན་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །གནོང་ངོ་འགྱོད་དོ་གྲུབ་ཐོབ་གཅོད་ཀྱི་རྒྱུད། །དག་ཚངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །འདོད་དོན་མཆོག་དང་ཐུན་མོང་དངོས་གྲུབ་སྩལ། །ལམ་སྣ་མ་ནོར་ཆོས་ཀྱི་དབྱིངས་སུ་དྲོངས། །མི་ལྡོག་བདེ་ཆེན་གྱི་ས་ལ་འགོད་གྱུར་ཅིག །ཅེས་པ་རི་གོང་བ་བརྩོན་འགྲུས་སེང་གེས་མཛད་པའོ། ༈ ཆོས་སྐུ་ཡུམ་ཆེན་


KMC019_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཆོ་ག་བགྱིས་པ་ལ་ལྷག་ཆད་ནོར་འཁྲུལ་རྒྱུ་ཆུང་བ་ཕུད་ཉམས་པ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་མ་ཚངས་མ་དག་མ་གསལ་བ་ཐམས་ཅད་ཆོས་སྐུ་ཡུམ་ཆེན་མོའི་ཀློང་དུ་བཟོད་པར་གསོལ། ཨོཾ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་ཚར་གསུམ་བརྗོད། རང་གི་ཐུགས་ཀའི་འོད་ཟེར་གྱིས་སོ་སོའི་ཡེ་ཤེས་པ་གཤེགས་སམ། ཡང་ན། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །སོགས་སམ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པ་མཛད་དུ་གསོལ། བཛྲ་མུཿ མཆོད་སྦྱིན་གནས་འདིར་གང་ལྷག་པ། སོགས་ནས། ཐམས་ཅད་ཐ་དད་འགྲོ་བར་གྱིས། སརྦ་བྷུ་ཏ་གཙྪ། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །སོགས་ཀྱིས་དགེ་རྩ་བྱང་ཆུབ་ཏུ་བསྔོ། ༈ བཀྲ་ཤིས་གང་ཞིག་སྐྱེ་མེད་ཡེ་ཤེས་དབྱིངས་ཀྱི་ངང་། །སྐྱེ་འགག་དམིགས་པའི་མཚན་མ་ཀུན་བྲལ་ནམ་མཁའི་སྐུ། །རབ་


KMC019_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་རྒྱལ་བ་ཀུན་གྱི་ཡུམ་གྱུར་བཅོམ་ལྡན་མ། །ཤེས་རབ་ཕ་རོལ་ཕྱིན་མ་མཆོག་གི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་འདྲེན་མཆོག་མཉམ་མེད་བཅོམ་ལྡན་འདས། །ལེགས་གསུངས་ཞི་བ་ཆགས་བྲལ་དམ་ཆོས་བླ་ན་མེད། །ཚོགས་ཀྱི་ཞིང་རབ་མཆོག་གྱུར་དགེ་འདུན་རིན་ཆེན་ཏེ། །བླ་མེད་དཀོན་མཆོག་རྣམ་པ་གསུམ་གྱི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་འཇམ་དཔལ་དབྱངས་དང་སྒྲོལ་མ་ཡུམ། །ཟབ་མོའི་གནས་ལུགས་མངོན་གྱུར་དམ་པ་སངས་རྒྱས་མཆོག །དབྱིངས་ཀྱི་ཡེ་ཤེས་མཁའ་འགྲོ་ཀུན་གཙོ་ལབ་ཀྱི་སྒྲོན། །རྩ་རྒྱུད་དཔལ་ལྡན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི། །རྒྱུད་སྡེའི་དཀྱིལ་འཁོར་རབ་འབྱམས་ཞི་ཆགས་ཁྲོ་བོའི་ལྷ། །དུ་མར་སྟོན་དང་གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས། །སྣང་སྲིད་དག་པ་ལྷ་ཡི་འཁོར་ལོའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་ཉིད་དབྱིངས་ལས་


KMC019_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོའི་སྐུ། །སྟོན་མཛད་ནག་པོ་ཆེན་པོ་ལྕམ་དྲལ་བཀའ་འཁོར་བཅས། །བཀའ་གཏེར་ཟབ་ཆོས་སྐྱོང་མཛད་སྲུང་མ་རྒྱ་མཚོ་དང་། །དཀར་ཕྱོགས་ཡུལ་གཞིའི་གནས་བདག་ཚོགས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་གདོད་ནས་དག་པ་གཤེགས་སྙིང་གི། །རང་ཞལ་ལེགས་མཐོང་གཉིས་འཛིན་འཁྲུལ་རྟོག་ཀུན་ཞི་ནས། །བླ་མེད་རྒྱལ་བའི་ཡུམ་གྱི་གོ་སར་བདག་གཞན་ཀུན། །བདེ་བླག་ཉིད་དུ་འགོད་པའི་བསྐལ་བཟང་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་པར་བྱའོ། ཅེས་པ་འདི་ཀརྨ་པ་བཅུ་བཞི་པས་སྦྱར་བའོ། ༈ །དེ་ནས་ཕཊ་ཀྱི་མཚམས་སྦྱོར་ལ་གཡས་ཀྱི་བྱང་སེམས་རྣམས་རྒྱབ་ཀྱི་ཆོས་ལ་ཐིམ། ཆོས་གཡོན་གྱི་ཉན་ཐོས་ལ། ཉན་ཐོས་ཕྱོགས་བཅུའི་སངས་རྒྱས་ལ། སངས་རྒྱས་ཡུམ་ཆེན་ལ། ཡུམ་ཆེན་འོག་གི་སྟོན་པ་དུས་གསུམ་སངས་རྒྱས་ལ། དེ་མ་གཅིག་ལ་ཐིམ། དམ་པ། ཕག་མོ། ཆོས་སྐྱོང་རྣམས་མ་གཅིག་ལ་བསྡུ། མ་གཅིག་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་གཟི་བརྗིད་ཉི་མ་འབུམ་ལྟར་འབར་བ་རང་གི་སྤྱི་བོར་བྱོན་སྟེ་བཞུགས་པར་བསམ་ལ། ༈ དེ་


KMC019_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱིན་འབེབས་པ་ནི། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་ཤར་ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་དཀར། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །མ་ཆོས་ཉིད་ནམ་མཁའ་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གསོལ་བ་འདེབས་སོ་མ་གཅིག་མ། །བྱིན་གྱིས་རློབས་ཤིག་མ་གཅིག་མ། །དབང་མཆོག་སྐུར་ཅིག་མ་གཅིག་མ། །བར་ཆད་སོལ་ཅིག་མ་གཅིག་མ། །རྐྱེན་ངན་བཟློག་ཅིག་མ་གཅིག་མ། །དངོས་གྲུབ་སྩོལ་ཅིག་མ་གཅིག་མ། །ལམ་སྣ་དྲོངས་ཤིག་མ་གཅིག་མ། །རྟོགས་པ་སྐྱེད་ཅིག་མ་གཅིག་མ། །མ་རང་རིག་རང་ལ་འཆར་བར་བྱིན་གྱིས་རློབས། །མ་རིག་བདུད་ལས་རྒྱལ་བར་བྱིན་གྱིས་རློབས། །རང་སེམས་སངས་རྒྱས་སུ་རྟོགས་པར་བྱིན་གྱིས་རློབས། །


KMC019_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །འཕེལ་བ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་ལྷོ་ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་སེར། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །མ་ཆོས་ཉིད་སོགས་འགྲེས། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་ནུབ་ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་དམར། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། ཀྱེ། །མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་བྱང་ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་ལྗང་། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །སོགས། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་དབུས་ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་ནག །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །མ་ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་


KMC019_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གསོལ་བ་འདེབས་སོ་མ་གཅིག་མ། །བྱིན་གྱིས་རློབས་ཤིག་མ་གཅིག་མ། །དབང་མཆོག་སྐུར་ཅིག་མ་གཅིག་མ། །བར་ཆད་སོལ་ཅིག་མ་གཅིག་མ། །རྐྱེན་ངན་བཟློག་ཅིག་མ་གཅིག་མ། །དངོས་གྲུབ་སྩོལ་ཅིག་མ་གཅིག་མ། །ལམ་སྣ་དྲོངས་ཤིག་མ་གཅིག་མ། །རྟོགས་པ་སྐྱེད་ཅིག་མ་གཅིག་མ། །མ་རང་རིག་རང་ལ་འཆར་བར་བྱིན་གྱིས་རློབས། །མ་རིག་བདུད་ལས་རྒྱལ་བར་བྱིན་གྱིས་རློབས། །རང་སེམས་སངས་རྒྱས་སུ་རྟོགས་པར་བྱིན་གྱིས་རློབས། །རྟོགས་པ་གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །འཕེལ་པ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། ཕཊ། བརྗོད་ལ་པདྨ་ཞི་ཟླུམ་གྱི་དམིགས་པ་དང་བསྒྲགས་མཁའ་འགྲོ་བྱིན་འབེབས་འདི་མ་གཅིག་རང་གིས་མཛད་ཟེར་བ་དང་། གླང་ལུང་པས་མ་གཅིག་ལ་བཤོལ་འདེབས་སུ་མཛད་པའང་གྲགས་སོ། །རང་


KMC019_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྤྱན་རས་གཟིགས་སུ་གསལ་ནས། སྐྱོན་གྱི་མ་གོས་སྐུ་མདོག་དཀར་སོགས་ནས། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ཡིག་དྲུག་བགྲངས། ཕཊ། བྱས་པས་མགྲོན་རྣམས་རང་གནས་སུ་སོང་བར་བསམ། དགེ་བསྔོ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །ཕཊ། གཏོར་སྲུང་དགོས་ནའང་བྱ། བདག་དགེ་བདེན་འགྲུབ་བརྗོད། རང་མཁའ་འགྲོ་དཀར་མོ་རྒྱན་མེད་ཀྱི་སྤྱོད་ལམ་ལ་འཇུག་པར་བྱའོ། །དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

མ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ།


KMC019_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ་བཞུགས་སོ།། །།


KMC019_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཌཱ་ཀི་ཡེ། གནས་སྤྱི་བོའི་གཙུག་གི་ཁྲུ་གང་པ། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ནང་། །རང་དད་པ་གང་ཡོད་བླ་མ་དང་། །དོན་དབྱེར་མེད་འཕགས་བཞི་བསྐྱེད་པའི་ཡུམ། །མ་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར། །དབུ་རལ་བ་སིལ་བུས་སྐུ་རྒྱབ་གནོན། །ཞལ་ཞི་འཛོམ་སྤྱན་གསུམ་ནམ་མཁར་གཟིགས། །སྐུ་དར་དཀར་ཕོད་ཀ་རླུང་གིས་སྤྱོད། །སྐུ་སྐེད་པ་དར་དམར་སྐ་རགས་བཅིངས། །ཞབས་རྡོ་རྗེ་


KMC019_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་མོའི་ཀྲུང་གིས་བཞུགས། །ཐུགས་ཟླ་སྟེང་ཨ་ཡིག་སྔགས་ཀྱིས་བསྐོར། །ཕྱག་གཡས་པས་གསེར་གྱི་ཌཱ་མ་རུ། །དེ་འཁྲོལ་བས་སྟོང་གསུམ་སྒྲ་ཡིས་གང་། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །སྲས་སངས་རྒྱས་བྱང་སེམས་གྲུབ་ཐོབ་ཚོགས། །དཔེ་ཤོག་སྐྱ་རླུང་གིས་སྤྱོད་བཞིན་བྱོན། །དེ་ཐམས་ཅད་མ་ཅིག་སྐུ་ལ་ཐིམ། །ཕྱག་གཡོན་པས་དངུལ་དཀར་དྲིལ་བུ་དེ། །དེ་སིལ་སིལ་སྒྲ་ཡིས་ཕྱོགས་བཅུར་གང་། །གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོ་


KMC019_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་ཡུམ་གྱི་སྐུ་ལ་ཐིམ། །སྐྱབས་ཀུན་འདུས་མ་ཅིག་ལབ་སྒྲོན་མ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །ལུས་ཐོབ་དཀའ་དལ་འབྱོར་རིན་ཆེན་འདི། །བདག་སྙིང་པོ་ལན་པར་བྱིན་གྱིས་རློབས། །དགྲ་འཆི་བདག་ནམ་འོང་ཆ་མེད་པ། །བློ་འགྱོད་མེད་འགྲུབ་པར་བྱིན་གྱིས་རློབས། །ཁོང་ཆོས་ཀྱི་རྒྱལ་པོའི་ཁྲིམས་ར་ནས། །རང་ངོ་གནོང་མེད་པར་བྱིན་གྱིས་རློབས། །གནས་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག །དེ་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྐྱབས་མི་བསླུ་ངེས་པའི་དཀོན་མཆོག་ལ། །སེམས་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །མ་འགྲོ་དྲུག་ཕ་མ་དྲིན་ཅན་ལ། །བྱམས་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །དོན་རང་སེམས་ཆོས་སྐུ་རྗེན་པ་ལ། །དེ་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །མ་ལབ་ཀྱི་སྒྲོན་མའི་སྐུ་གསུང་ཐུགས། །དེ་ཆུ་ལ་ཆུ་བཞག་ཅི་བཞིན་དུ། །དེ་བདག་


KMC019_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེར་མེད་གཅིག་གྱུར་ནས། །གང་འབྲེལ་ཚད་བདེ་ཆེན་འདྲེན་པར་ཤོག །བདག་དེ་ལྟར་གསོལལ་བ་བཏབ་པའི་མཐུས། །མ་ཡུམ་ཆེན་འོད་ཞུ་བདག་ལ་ཐིམ། །དོན་རང་སེམས་སྤྲོས་བྲལ་རྗེན་པར་བུད། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །སེམས་ལྟས་པས་མི་མཐོང་དངོས་པོ་མེད། །ཆོས་སྟོང་པ་ཉིད་དེ་རང་གི་སེམས། །སེམས་མེད་པ་མ་ཡིན་ཅི་ཡང་འཆར། །ཆོས་རིག་པའི་ཡེ་ཤེས་རང་གི་སེམས། །སེམས་བདེ་ན་བདེ་བའི་ངོ་བོ་ལྟོས། །ཆོས་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །སེམས་གསལ་ན་གསལ་བའི་ངོ་བོ་ལྟོས། །ཆོས་གསལ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྟོང་ན་སྟོང་པའི་ངོ་བོ་ལྟོས། །ཆོས་མི་རྟོག་ཕྱག་རྒྱ་ཆེན་པོ་ཡིན། །ཚུལ་བལྟས་པས་མཐོང་རྒྱུ་ཅི་ཡང་མེད། །ཆོས་ཐ་མལ་ཤེས་པ་རྗེན་པར་བུད། །ཕར་ལྟས་པས་ཐམས་ཅད་འཇའ་ཚོན་བཞིན། །གཟུགས་སོ་སོར་གསལ་ཡང་ངོ་བོ་སྟོང་། །ཆོས་སྣང་སྲིད་སྒྱུ་མ་རང་ཤར་ཡིན། །


KMC019_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །དེ་རང་ངོ་བལྟས་པས་རང་སར་ཞི། །ཆོས་དུག་ལྔ་རང་གྲོལ་གདམས་ངག་ཡིན། །སེམས་སྐྱིད་སྡུག་སྣང་བ་ཅི་ཤར་ཡང་། །དེ་རང་ངོ་བལྟས་པས་རག་སར་ཞི། །ཆོས་རོ་སྙོམས་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྐྲགས་སྣང་སྣ་ཚོགས་ཅི་ཤར་ཡང་། །དེ་ངོ་བོ་བལྟས་པས་རང་སར་ཞི། །ཆོས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྡུག་བསྔལ་སྣང་བ་ཅི་ཤར་ཡང་། །དེ་རང་ངོ་བལྟས་པས་རང་སར་ཞི། །དེ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡིན། །སེམས་ཡོད་མེད་རྟག་ཆད་ཀུན་དང་བྲལ། །དེ་དམ་ཆོས་དབུ་མ་ཆེན་པོ་ཡིན། །དེ་སེམས་ལ་མ་རྫོགས་ཆོས་གཅིག་མེད། །དེ་དམ་ཆོས་རྫོགས་པ་ཆེན་པོ་ཡིན། །ཡར་རྒྱལ་བའི་ཐུགས་དང་རང་གི་སེམས། །མ་འགྲོ་དྲུག་སེམས་རྣམས་ངོ་བོ་གཅིག །དེ་ལྟ་བ་འཁོར་འདས་དབྱེར་མེད་ཡིན། །སེམས་འདི་སྒོམ་གཏད་སོ་མེད་པར་ཞོག །དེ་ཐ་མལ་ཤེས་པ་རྗེན་པ་ཡིན། །སེམས་ལྟ་བྱ་ལྟ་


KMC019_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མེད་པར་ཤོག །དེ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཡིན། །ཆོས་ལྟ་བ་སྤྱོད་པ་མ་སླད་པ། །རང་སྡོམ་གསུམ་མིག་འབྲས་ལྟ་བུར་སྲུང་། །དེ་བཀའ་ཕྱག་ཆུ་བོ་གཉིས་འདྲེན་ཡིན། །དོན་རང་སེམས་བརྟན་པ་ཐོབ་པ་ཡིན། །དེ་འབྲས་བུ་མིང་དུ་བཏགས་པ་ཡིན། །ཆོས་གསང་སྔགས་ལུགས་ཀྱི་འབྲས་བུ་ཡིན། །ཚེས་བཅུ་གསུམ་མར་མེའི་ངོགས་ལ་བྲིས། །ཁྱེད་ཚེ་གཅིག་སྒྲུབ་པའི་སྙིང་རུས་ཅན། །མ་ལབ་སྒྲོན་བརྒྱུད་འཛིན་ཇོ་མོ་དེས། །མི་ང་ལ་དད་རྟེན་བསྐུར་ཟེར་བས། །ཚིག་དེ་ལ་དད་ལྡན་ཐུགས་དམ་མཛོད། ཅེས་ཡོལ་སྟོད་ཆོས་རིའི་སྒར་ནས་རཱ་ག་ཨ་སྱེས་ཤོག་གུར་རི་ཕུག་ཇོ་མོ་ལ་སྤྲིང་པ་མངྒ་མཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གཏོར་མའི་བསྲུང་འཁོར།


KMC019_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་བསྲུང་འཁོར་བཞུགས་སོ། །མཆོད་བསྟོད་བསྡུས་པ་གཅིག་བྱའོ། །ལྷག་ཆད་བསྐང་ཞིང་ཁ་བསྐང་བྱའོ། །ཨོཾ་ཨཱཿཧཱུྃ། བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་བརྟེན་པའི་གཏོར་མ་སྒྲུབ་པའི་དམ་རྫས་འདི་ལ་བརྟེན་པར་བཞུགས་མཛོད་ལ། །བླ་མ་ཡི་དམ་མཁའ་འགྲོ་ནོར་ལྷ་དང་བཅས་པ་ཐམས་ཅད་བཞུག་མཛོད་ལ་གཏོར་མ་རང་གི་བཞུགས་གནས་གཞལ་ཡས་ཁང་དུ་བྱིན་གྱིས་རླབས་ལ། བརྟེན་བཞུགས་བྱས་ཀྱང་རུང་། དེ་མིན་ན་བླ་མ་གཏོར་མའི་སྟོད་བླ་མ་བསྐྱེད། བར་དུ་ཡི་དམ་སྨད་དུ་ཆོས་སྐྱོང་བསྐྱེད་པ་བྱེད་པའང་སྣང་ངོ་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །ཕྱི་རོལ་དགྲ་བགེགས་ཐམས་ཅད་བསྒྲལ་བའི་ཕྱིར། །འདི་ནི་གནས་ཡིན་ཕོ་བྲང་གཞལ་ཡས་ཁང་། །འདིར་བཞུགས་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། ཛཿཧཱུྃ་བཾ་ཧོཿ འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོད་ཟེར་འཕྲོས་པ་ནི། རང་ཡི་དམ་ལྷ་ཡི་ཐུགས་ཀ་ནས་མདུན་གྱི་མགོན་པོའི་ཐུགས་ཀར་སྤྲོ་བ་ཡིན། དཔལ་མགོན་པོའི་སྐུ་གསུང་


KMC019_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་ཕོག་མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཐུགས་ཀར་ཨཱཿལས་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཧཱུྃ་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཐམས་ཅད་ཛ་ཧཱུྃ་བཾ་ཧོ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་མགོན་པོའི་སྤྱི་གཙུག་ཏུ་བབ་དབུ་མའི་ལམ་བརྒྱུད་མགོན་པོ་ཐུགས་ཀར་བདུད་རྩིའི་དངས་མ་སྐྱོགས་ཆེན་པོ་བཞིའི་གང་བ་དང་བཅས་པར་བདུད་རྩི་བཀུག་ནས་བསྟིམ། འདི་ནི་བདུད་རྩི་ཁ་གསོ་བའི་མན་ངག་ཡིག་ཆུང་ངོ་། །ཡེ་ཤེས་པའི་ཆོས་སྐྱོང་ཐམས་ཅད་ཀྱིས་གཟི་བརྗིད་འདི་ལ་ཆགས་པའི་ཚུལ་གྱིས་མགོན་པོ་དང་གཉིས་སུ་མེད་པར་དམིགས། ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པའི་ཆོས་སྐྱོང་རྣམས་ཀྱང་སྲོག་གི་སྙིང་པོ་ཨོཾ་ཨཱཿཧཱུྃ་དང་ཡི་གེ་ཏྲི་ལ་སོགས་པ་ནུས་པ་གང་ཡོད་ཐམས་ཅད་གདུགས་ཀྱི་རྩིབས་ཏོག་ལ་འདུས་པ་ལྟར་དུ་ཞི་བའི་ཚུལ་དུ་ཡོད་པར་བསྒོམ། སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །བསྒྲུབ་པ་བྱེད་པའི་


KMC019_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་ལ། །བུ་བཞིན་སྐྱོང་བ་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་གནས་འདི་སྲུངས། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཡེ་དྷརྨ་སོགས་བརྗོད། ཐོད་པ་བདུད་རྩིའི་བཀང་ལ། ཨཱཿ ལས་ཟླ་བའི་ཁ་ཆོད་ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་གྲི་གུག་དང་ཐོད་ཁྲག་འཛིན་པ་སྤྲུལ་པའི་མགྱོགས་བྱེད་བྱ་རོག་ལ་ཆིབས་པ། ཀ་པཱ་ལ་ཙཀྲ་བྷྲུཾ། ཨ་ལས་བྷནྡྷའི་གུར་ཁང་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཞིས་འཛེར་བ། སྟེང་དུ་གསེར་གྱི་རྡོ་རྗེ་རྒྱ་གྲམ། དེ་རྒྱབ་ཉི་ཟླ་གའུ་ཁ་སྦྱོར་གྱི་གུར་ཁང་། སྣ་ཚོགས་རྡོ་རྗེའི་གུར་ཁང་། ཧཱུྃ་ཧཱུྃ་གི་དྲ་གུར། ཨོཾ་ལས་འཁོར་ལོ་དཀར་པོའི་གུར་ཁང་། ཧཱུྃ་ལས་རྡོ་རྗེ་སྔོན་པོའི་གུར་ཁང་། ཏྲཱཾ་ལས་རིན་པོ་ཆེ་སེར་པོའི་གུར་ཁང་། ཧྲཱིཿལས་པདྨ་དམར་པོའི་གུར་ཁང་། ཨཱཿལས་རྒྱ་གྲམ་ལྗང་གུའི་གུར་ཁང་། མི་གཡོ་བ་དཀར་པོ་རལ་གྲི་དང་སྡིགས་མཛུབ་མཛད་པའི་གུར་ཁང། རྟ་མགྲིན་དམར་པོ་པདྨ་དང་སྡིགས་མཛུབ་མཛད་པའི་གུར་ཁང་། ཕྱག་ན་


KMC019_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཐིང་ནག་རྡོ་རྗེ་སྡིགས་མཛུབ་མཛད་པའི་གུར་ཁང་། དེ་རྒྱབ་མེ་ཡི་ཁྲོ་བོ་ཁྲོ་མོ་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པའི་གུར་ཁང་། དེ་རྒྱབ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་དམར་ནག་གཡོན་ངོས་སུ་ཀྱི་ལི་ལི་འབར་བའི་གུར་ཁང་དུ་གྱུར། བཛྲ་རཀྵ་རཀྵ་ཧཱུྃ་བྷྲུཾ། དེ་རྒྱབ་གུར་ཁང་དབྱེ་བའི་སྔགས་ནི། ཡཾ་རཾ་ཀེཾ་ཀཾ་ཀ་པཱ་ལ་ཙཀྲ་བྷྲུཾ་ཤག་ཕྱེས་ཤག་ཕྱེས་ཨུ་ཏིཥྛ་ཨུ་ཏིཥྛ་སསྦྷ་རཾ་སྭཱ་ཧཱ། ཅེས་པས་གཏོར་མའི་གུར་ཁང་ཐམས་ཅད་བདག་པོས་ལྡེ་མིག་གིས་སྒོ་ཕྱེས་པ་བཞིན་དུ་ཕྱེས་ནས་སོང་བར་དམིགས། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱང་མདུན་གྱི་ནམ་མཁའ་ལ་བཏེགས་པར་དམིགས། ཡེ་ཤེས་པ་དང་ལས་ལས་གྲུབ་པའི་ཆོས་སྐྱོང་རྣམས་ཀྱང་མདུན་དུ་འཁོད་པར་དམིགས། དེའི་ངང་ལས་གཏོར་མའི་སྤེལ་སྦྱང་དང་ཕྲིན་ལས་ལ་འཇུག་པར་བྱའོ། །མ་ཏིརཏྣ་མཛད་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

བཀའ་བརྒྱུད་ཚོགས་ལས་གནས་ཆོས་དབྱིངས་མ།


KMC019_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་ཚོགས་ལས་ནི། གནས་ཆོས་དབྱིངས་རྣམ་དག་གི་གཞལ་ཡས་ན། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་རིན་པོ་ཆེ། །ཁོང་དཔའ་བོ་དཔའ་མོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གནས་བྱ་རྒོད་ཕུང་པོའི་རི་བོ་ན། །རྗེ་རྫོགས་པའི་སངས་རྒྱས་རིན་པོ་ཆེ། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་བའི་སེང་གེ་རིན་པོ་ཆེ། །གནས་རྒྱ་གར་སྤྱིལ་པོ་ཁ་སྦྱོར་ན། །བྲམ་ཟེ་ཨཱརྱ་དེ་ཝ་རིན་པོ་ཆེ། །གནས་ལ་སྟོད་དིང་རིའི་དགོན་པ་ན། །ཕ་གཅིག་དམ་པ་སངས་རྒྱས་རིན་པོ་ཆེ། །གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ན། །རྗེ་མཁས་པ་སྐྱོ་ཆུང་རིན་པོ་ཆེ། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་གཅིག་ལབ་ཀྱི་སྒྲོན་མ་རིན་པོ་ཆེ། །གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ན། །སྲས་མཆོག་རྒྱལ་བ་དོན་གྲུབ་རིན་པོ་ཆེ། །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་ན། །རྗེ་སྐྱེ་མེད་ཟང་


KMC019_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་རིན་པོ་ཆེ། །དཔལ་ཆུ་བོ་རི་ཡི་ནུབ་ཕྱོགས་ན། །གྲུབ་ཐོབ་རྒྱ་ནག་གཅེར་བུ་རིན་པོ་ཆེ། །གནས་རབ་གྲོང་སེ་བའི་དགོན་པ་ན། །རྗེ་སངས་རྒྱས་རབ་སྟོན་རིན་པོ་ཆེ། །གནས་ཟལ་མོ་སྒང་གི་མཐའ་རྩ་ན། །རྗེ་རྟོགས་ལྡན་དགེ་སློང་རིན་པོ་ཆེ། །གནས་བཀྲ་ཤིས་ལྷུན་གྲུབ་ཀྱི་དགོན་པ་ན། །རྗེ་སུམ་སྒོམ་ཆེན་པོ་རིན་པོ་ཆེ། །གནས་བཀྲ་ཤིས་ཆུ་བར་གྱི་དགོན་པ་ན། །རྗེ་འབྲི་སྒོམ་རྟོག་མེད་རིན་པོ་ཆེ། །ཆོས་ཕྱག་རྒྱ་ཆེན་པོའི་ཁྲི་སྟང་ན། །རྗེ་མཁས་པ་རྣལ་འབྱོར་རིན་པོ་ཆེ། །གནས་སྦོམ་བྲག་རིན་ཆེན་སྤུངས་པ་ན། །རྟོགས་ལྡན་སེང་གེ་དཔལ་བ་རིན་པོ་ཆེ། །རུ་དབུ་མ་བདེ་ཆེན་གྱི་དགོན་པ་ན། །མཚན་ལྡན་དབང་ཕྱུག་རྡོ་རྗེ་རིན་པོ་ཆེ། །གནས་ལྷུན་གྲུབ་སྟེང་གི་དགོན་པ་ན། །གྲུབ་ཐོབ་དཔལ་ལྡན་རིན་ཆེན་རིན་པོ་ཆེ། །གནས་བདེ་ཆེན་མཉམ་ཉིད་ཀྱི་དགོན་པ་ན། །རྟོགས་ལྡན་བྱམས་པ་དཔལ་བ་རིན་པོ་ཆེ། །གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ན། །


KMC019_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འོད་ཟེར་མཚན་ཅན་རིན་པོ་ཆེ། །གནས་བདེ་ཆེན་རི་ཁྲོད་ཀྱི་དགོན་པ་ན། །རྗེ་བུདྡྷའི་མཚན་ཅན་རིན་པོ་ཆེ། །གནས་དག་པ་རབ་འབྱམས་ཀྱི་དགོན་པ་ན། །རྗེ་ཀུན་དགའ་རྣམ་རྒྱལ་རིན་པོ་ཆེ། །གནས་ངེས་དོན་སྙིང་པོའི་གཞལ་ཡས་ན། །རྗེ་ཀརྨ་བསྟན་སྐྱོང་རིན་པོ་ཆེ། །གནས་སྣང་སྲིད་རོ་གཅིག་གི་དགོན་པ་ན། །རྗེ་འགྱུར་མེད་སྙིང་པོ་རིན་པོ་ཆེ། །ཆོས་བདེ་ཆེན་རང་རིག་མངོན་གྱུར་པའི། །རྗེ་དཀོན་མཆོག་བསྟན་འཛིན་རིན་པོ་ཆེ། །གཤིས་རང་བྱུང་མཆོག་གི་ཡེ་ཤེས་བརྙེས། །རྗེ་ཚོགས་གཉིས་དཔལ་འབྱོར་རིན་པོ་ཆེ། །ལམ་སྨིན་གྲོལ་ཟབ་མོའི་གནས་ལུགས་རྟོགས། །རྗེ་ཀརྨ་བསྟན་སྐྱོང་རིན་པོ་ཆེ། །དོན་ཟུང་འཇུག་ངང་ནས་བྱ་སྩོལ་བྲལ། །རྗེ་ཀརྨ་ཚུལ་ཁྲིམས་རིན་པོ་ཆེ། །ཆོས་བདེན་གཉིས་རང་བཞིན་མངོན་གྱུར་པའི། །མགོན་བསྟན་འཛིན་རྣམ་དག་རིན་པོ་ཆེ། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས། །རྗེ་འཇམ་དབྱངས་


KMC019_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་རིན་པོ་ཆེ། །གནས་ཟབ་ཞི་སྤྲོས་བྲལ་ཕོ་བྲང་ན། །རྗེ་ཐེག་མཆོག་རྡོ་རྗེ་རིན་པོ་ཆེ། །གནས་རྣམ་དག་གསང་བའི་ཕོ་བྲང་ན། །རྗེ་བློ་གྲོས་མཐའ་ཡས་རིན་པོ་ཆེ། །གནས་ཆོས་སྐུ་ཕྱག་ཆེན་དབྱིངས་རོལ་ན། །རྗེ་མཁའ་ཁྱབ་རྡོ་རྗེ་རིན་པོ་ཆེ། །འབྲས་བསླུ་མེད་ངོ་བོའི་དབྱིངས་རོལ་ན། །རྗེ་པདྨ་དབང་མཆོག་རིན་པོ་ཆེ། །དོན་ལྷུན་གྲུབ་འགྱུར་མེད་གར་རོལ་ན། །རྗེ་འཇམ་མགོན་དཔལ་ལྡན་རིན་པོ་ཆེ། །གནས་བདེ་ཆེན་སྒྱུ་འཕྲུལ་དྲྭ་བ་ན། །རྗེ་རིག་པའི་རྡོ་རྗེ་རིན་པོ་ཆེ། །གནས་གར་བཞུགས་ཆོས་ཉིད་ཀྱི་དགོན་པ་ན། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་རིན་པོ་ཆེ། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ། །ཁོང་དཔའ་བོ་དང་དཔའ་མོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་བཅས་གཤེགས་ནས་


KMC019_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །བདག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། །ཀྱེ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨུ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷཉྫར་བྱིན་གྱིས་རློབས། །བཅུད་ཀྱི་ཞལ་ཟས་ཐམས་ཅད་ཀྱང་། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

རིང་བརྒྱུད་གསོལ་འདེབས་སྤྱི་གཙུག་ཉི་ཟླ།


KMC019_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བརྒྱུད་ཀྱི་གསོལ་འདེབས་མ་གཅིག་གིས་མཛད་པར་བན་སྒར་འཇམ་དཔལ་བཟང་པོས་ཁ་བསྐང་བ་ནི། སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །རྩ་བའི་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བླ་མ་ལ་གསོལ་བ་འདེབས། ཡུམ་ཆེན་མོས་བྱིན་གྱིས་རློབས། །འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སོགས་རིགས་འགྲེ། བྱ་རྒོད་ཕུང་པོའི་རི་བོ་ན། །བཅོམ་ལྡན་ཤཱཀ་ཐུབ་བྱིན་རླབས་ཅན། སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་སེང༴ རྒྱ་གར་འཇག་མའི་སྤྱིལ་པོ་ན། །ཨཱརྱ་དེ་བ༴ ལ་སྟོད་དིང་རིའི་གླང་འཁོར་ན། །དམ་པ་སངས་རྒྱས་བྱིན་རླབས༴ ཟངས་རི་མཁར་དམར་དགོན་པ་ན། །མ་གཅིག་ལབ་སྒྲོན༴ གཉེན་ས་དུར་ཁྲོད་དགོན་པ་ན། །ཁམ་བུ་ཡ་ལེ༴ གཡུ་ལོ་བཀོད་པའི་ཞིང་ཁམས་ན། །ཛྙཱ་ན་ཛྭ་ལ༴ གནམ་མཚོ་དོ་ཡི་ཕོ་བྲང་ན། །གནམ་མཚོ་ཆེན་པོ༴


KMC019_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མཚུར་མདོ་བོ་ལུང་གི་གནས་མཆོག་ན། །རང་བྱུང་རྡོ་རྗེ༴ རང་བྱུང་མཉམ་ཉིད་རོལ་པ་ན། །གཡུང་སྟོན་ཆེན་པོ༴ ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་ན། །རོལ་པའི་རྡོ་རྗེ༴ གནས་ནང་རྒྱལ་བའི་རི་ཁྲོད་ན། །རི་ཁྲོད་དབང་ཕྱུག༴ སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ན། །མཁའ་སྤྱོད་དབང་པོ༴ འཁོར་འདས་གཉིས་མེད་ཕོ་བྲང་ན། །དེ་བཞིན་གཤེགས་པ༴ སྟོང་ཉིད་ཟབ་མོའི་དཀྱིལ་འཁོར་ན། །རིན་ཆེན་བཟང་པོ༴ བདེ་སྟོང་དབྱེར་མེད་ཕོ་བྲང་ན། །མཐོང་བ་དོན་ལྡན༴ གར་བཞུགས་ཆོས་སྐུའི་ཕོ་བྲང་ན། །འཇམ་དཔལ་བཟང་པོ༴ ཁམས་གསུམ་ཡོངས་སྒྲོལ་ཕོ་བྲང་ན། །ཆོས་གྲགས་རྒྱ་མཚོ༴ གང་ཤར་ཆོས་དབྱིངས་ཕོ་བྲང་ན། །འཇམ་དཔལ་རྒྱ་མཚོ༴ ཕྱོགས་མེད་གཉན་ས་རི་ཁྲོད་ན། །ཆོས་ཀྱི་རྒྱ་མཚོ༴ ཕྱོགས་མེད་ཡངས་པའི་དཀྱིལ་འཁོར་ན། །ཡངས་པ་བློ་བདེ༴ འགྱུར་མེད་ཆོས་སྐུའི་ཕོ་བྲང་ན། །དཔག་བསམ་དབང་པོ༴ བསླབ་གསུམ་རིག་


KMC019_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལྡན་པ་ཡི། །ཕུན་ཚོགས་བསྟན་འཛིན༴ བསྐྱེད་རྫོགས་ཟུང་འཇུག་ལྡན་པ་ཡི། །བསྟན་འཛིན་དར་རྒྱས༴ རིག་གནས་ཀུན་ལ་མཁས་པ་ཡི། །རིན་ཆེན་དབང་པོ༴ རྣམ་ཐར་སྒོ་གསུམ་ལྡན་པ་ཡི། །ཆོས་ཀྱི་དབང་པོ༴ མི་ཤིགས་ཐིག་ལེའི་དཀྱིལ་འཁོར་ན། །ཆོས་ཀྱི་དོན་གྲུབ༴ དོན་དམ་ཆོས་དབྱིངས་ཕོ་བྲང་ན༴ ཆོས་ཀྱི་འབྱུང་གནས༴ །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བ། །བདུད་འདུལ་རྡོ་རྗེ༴ ༈ བདེ་ཆེན་འགྱུར་མེད་གཞལ་ཡས་ན། །པདྨ་ཉིན་བྱེད་༴ སྣ་ཚོགས་སྒྱུ་འཕྲུལ་རོལ་རྩེ་མཁན། །གཙུག་ལག་ཆོས་རྒྱལ་༴ སྐྱེ་མེད་སྙིལ་གྲལ་རིགས་ཀུན་གཙོ། །ཐེག་མཆོག་རྡོ་རྗེ་༴ གསང་བདག་དཔའ་བོ་འཇིགས་བྲལ་མགོན། །ཡོན་ཏན་རྒྱ་མཚོ་༴ སྲིད་ཞིའི་ཕུན་ཚོགས་ཀུན་གྱི་གཏེར། །མཁའ་ཁྱབ་རྡོ་རྗེ་༴ པདྨའི་ལྗགས་ལྡན་འགྲོ་བའི་མགོན། །པདྨ་དབང་མཆོག་༴ བཻ་རོའི་རྣམ་འཕྲུལ་སྒྲུབ་བརྒྱུད་བསྟན། །འཇམ་མགོན་དཔལ་


KMC019_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་༴ སངས་རྒྱས་ཀུན་འདུས་ཀརྨ་པ། །རིག་པའི་རྡོ་རྗེ་༴ དག་སྣང་ཕྱོགས་མེད་རི་ཁྲོད་ན། །མཆེད་གྲོགས་ཆོས་མཛད༴ ཐུགས་རྗེ་རྒྱུན་ཆད་མེད་པ་ཡི༴ ཡི་དམ་ལྷ་ཚོགས༴ །ཕྲིན་ལས་མུ་མཐར་ཁྱབ་པ་ཡི། །དཔའ་བོ་མཁའ་འགྲོ༴ བར་ཆད་དགྲ་དཔུང་ཟློག་པ་ཡི། །ཆོས་སྐྱོང་སྲུང་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །མ་གཅིག་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། །ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་སོགས་མ་རྒན་སེམས་ཅན་རྣམས། །བདག་འཛིན་བློ་ཡིས་ཐོང་པ་དང་། །སྙེམ་ཐག་ཆོད་པར་བྱིན་གྱིས་རློབས། །སྙེམ་དང་བྲལ་བར་བྱིན་གྱིས་རློབས། །ཆོས་ཉིད་རྟོགས་པར་བྱིན་གྱིས་རློབས།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་


KMC019_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཌཱ་ཀི་མ་རྣམས་ཀྱི་གཏོར་འབུལ།


KMC019_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་མ་རྣམས་ཀྱི་གཏོར་འབུལ་བཞུགས་སོ། །


KMC019_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་འབུམ་བསྐུལ་ནི། ཨོཾ་ཨཱཿཧཱུྃ། དམ་རྫས་བརྒྱན་པའི་གཏོར་མ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཡི་དམ་རྡོ་རྗེ་ཕག་མོའི་ལྷ་ཚོགས་འཁོར་དང་བཅས་པས་མཆོད་པ་བཞེས་ལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ལོ། །ཧཱུྃ་བྷྱོ། ཕྱོགས་ཕྱོགས་དག་ནི་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །རྡོ་རྗེ་གདན་གྱི་ནུབ་བྱང་མཚམས། །ཨོ་རྒྱན་ཡུལ་གྱི་དུར་ཁྲོད་


KMC019_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ན། །རི་བོ་ཐམས་ཅད་རུས་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་མདུང་། །ཆུ་རྣམས་ཐམས་ཅད་ཁྲག་དང་རྣག །སྒྲ་སྐད་ཐམས་ཅད་ངུར་མོའི་སྒྲ། །ཕྱག་ན་རྡོ་རྗེ་འཇིགས་པའི་ས། །ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང་། །རིགས་ལྔའི་སངས་རྒྱས་བཞུགས་པའི་གནས། །དེ་ན་སུ་བཞུགས་སུ་མི་བཞུགས། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །རྡོ་རྗེ་ཕག་མོ་དེ་ན་བཞུགས། །འཁོར་གྱི་ལྷ་མོ་དེ་ན་བཞུགས། །མ་གཡས་ཀྱི་ཕག་ཞལ་ནག་པོ་ཁྲོས་པ་ལས། །ཆོས་ཉིད་


KMC019_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མེད་པའི་མཁའ་འགྲོ་འབུམ། །གཡོན་གྱི་ཁྲོ་ཞལ་དམར་པོ་བརྗིད་པ་ལས། །བདེ་གཤེགས་ལས་ལ་འགྱེད་པའི་མཁའ་འགྲོ་འབུམ། །ཞལ་གདངས་མཆེ་བ་རབ་ཏུ་གཙིགས་པ་ལས། །བདུད་བཞི་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །སྤྱན་དྲུག་རབ་ཏུ་དམར་ཞིང་འཁྲུགས་པ་ལས། །མངོན་ཤེས་དྲུག་དང་ལྡན་པའི་མཁའ་འགྲོ་འབུམ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ལས། །རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ་ལས། །ཐུགས་རྗེ་ཆར་ལྟར་འབེབས་པའི་མཁའ་འགྲོ་འབུམ། །ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་བ་ལས། །སྲོག་གཅོད་དབུགས་ལེན་བྱེད་པའི་མཁའ་འགྲོ་འབུམ། །ཕྱག་གཡོན་ཐོད་པ་ཁྲག་གིས་བཀང་པ་ལས། །ཁྲག་ནད་རྒྱུ་གཟེར་གཏོང་བའི་མཁའ་འགྲོ་འབུམ། །ཁ་ཊྭཱཾ་རྩེ་གསུམ་རབ་ཏུ་བརྒྱན་པ་ལས། །ཁམས་གསུམ་དབང་དུ་སྡུད་པའི་མཁའ་འགྲོ་འབུམ། །


KMC019_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་བ་དྲང་ཞིང་དཀར་པོ་ལྡེམ་པ་ལས། །ལྷ་མིན་གཡུལ་ལས་རྒྱལ་བའི་མཁའ་འགྲོ་འབུམ། །རྡོ་རྗེ་རྩེ་ལྔས་རབ་ཏུ་བརྒྱན་པ་ལས། །སྐུ་ལྔ་ཡེ་ཤེས་དག་པའི་མཁའ་འགྲོ་འབུམ། །ཐོད་པ་སུམ་བརྩེགས་རབ་ཏུ་བརྒྱན་པ་ལས། །སྲིད་གསུམ་ཟིལ་གྱིས་ནོན་པའི་མཁའ་འགྲོ་འབུམ། །དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ལས། །བདུད་ཀྱི་རྒྱལ་མཚན་བསྙིལ་བའི་མཁའ་འགྲོ་འབུམ། །ཌཱ་རུ་གསེར་གྱི་དྲིལ་ཆུང་བརྒྱན་པ་ལས། །སྙན་བརྒྱུད་གདམས་པ་འཛིན་པའི་མཁའ་འགྲོ་འབུམ། །བདུད་རྩི་བུམ་པས་རབ་ཏུ་བརྒྱན་པ་ལས། །ཡོན་ཏན་ཡོངས་སུ་རྒྱས་པའི་མཁའ་འགྲོ་འབུམ། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བརྒྱན་པ་ལས། །ཕྲིན་ལས་ཐོགས་པ་མེད་པའི་མཁའ་འགྲོ་འབུམ། །མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ་ལས། །འདུ་བྱེད་ལྔ་བཅུ་དག་པའི་མཁའ་འགྲོ་འབུམ། །རུས་པའི་རྒྱན་དྲུག་རབ་ཏུ་བརྒྱན་པ་ལས། །ཕ་རོལ་ཕྱིན་དྲུག་རྫོགས་པའི་མཁའ་


KMC019_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འབུམ། །གཅེར་བུ་བརྐྱང་བསྐུམ་གར་གྱིས་རོལ་པ་ལས། །བདེ་ཆེན་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ། །རྟོག་མེད་རོ་ཡི་གདན་ལ་བཞུགས་པ་ལས། །འགྲོ་དྲུག་གནས་ནས་འདྲེན་པའི་མཁའ་འགྲོ་འབུམ། །པདྨ་ཉི་མའི་གདན་ལ་བཞུགས་པ་ལས། །ཐབས་ཤེས་ཟུང་དུ་འཇུག་པའི་མཁའ་འགྲོ་འབུམ། །བསྐལ་པའི་མེ་རི་རབ་ཏུ་འབར་བ་ལས། །ཐ་དད་རྟོག་པ་བསྲེག་པའི་མཁའ་འགྲོ་འབུམ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་འབུམ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ། །སྐུ་ཡི་རིགས་ཀྱི་མཁའ་འགྲོ་དཀར་མོ་འབུམ། །གསུང་གི་རིགས་ཀྱི་མཁའ་འགྲོ་དམར་མོ་འབུམ། །ཐུགས་ཀྱི་རིགས་ཀྱི་མཁའ་འགྲོ་ནག་མོ་འབུམ། །ཡོན་ཏན་རིགས་ཀྱི་མཁའ་འགྲོ་སེར་མོ་འབུམ། །ཕྲིན་ལས་རིགས་ཀྱི་མཁའ་འགྲོ་ལྗང་ནག་


KMC019_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ། །བདུད་རྩི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པར། །སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར། །སྐལ་མེད་རྣམས་ལ་མོས་པ་སྐྱེད། །ཉམས་པའི་དགྲ་བགེགས་རྣམས་ལ་ཆད་པ་ཆོད། ༈ དབྱིངས་ཀྱི་མཁའ་འགྲོ་མའི་བསྐུལ་བ་ནི། ཨོཾ་ཨཱཿཧཱུྃ། དམ་རྫས་བརྒྱན་པའི་གཏོར་མ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི་དབྱིངས་ཀྱི་མཁའ་འགྲོ་མ་བྱེ་བ་འབུམ་སྡེས་མཆོད་པ་བཞེས་ལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ལོ། །ཧཱུྃ་བྷྱོ། མཁའ་དབྱིངས་བདེ་བ་ཆེན་པོ་ནས། །ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ། །རྡོ་རྗེ་མཁའ་འགྲོ་བདུད་འདུལ་མ། །རིན་ཆེན་མཁའ་འགྲོ་དངོས་གྲུབ་དཔལ། །པདྨ་མཁའ་འགྲོ་བདེ་ཆེན་མ། །ལས་ཀྱི་མཁའ་འགྲོ་ཕྲིན་ལས་བདག །ཀུན་ཀྱང་མི་བཟད་འདི་འདྲ་སྟེ། །སྐུ་མདོག་གཅིག་ཏུ་མ་ངེས་


KMC019_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པར། །དཀར་སེར་དམར་དང་ལྗང་གུའི་མདོག །ལ་ལ་མཐིང་ནག་མུན་པའི་མདོག །ལ་ལ་སྔོ་བསངས་ནམ་མཁའི་མདོག །ཕྱག་མཚན་གཅིག་ཏུ་མ་ངེས་པར། །ལ་ལ་གྲི་གུག་ཐོད་ཁྲག་བསྣམས། །ལ་ལས་ཁ་ཊྭཱཾ་རྔེའུ་ཆུང་བསྣམས། །ལ་ལས་བརྡེགས་པའི་མཚོན་ཆ་བསྣམས། །ལ་ལས་བདུད་རྩིའི་བུམ་པ་བསྣམས། །ལ་ལས་མཛེས་པའི་མེ་ཏོག་བསྣམས། །དུར་ཁྲོད་རྒྱན་ལྔས་མཛེས་པའི་སྐུ། །སྐེད་རགས་དྲིལ་བུ་གཡེར་ཁས་བརྒྱན། །སྙན་པའི་སྒྲ་སྒྲོགས་སི་ལི་ལི། །དབུ་རྒྱན་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །རྐང་པ་རྡོ་རྗེའི་འགྲོས་སྟབས་ཅན། །མཁའ་ལ་ཐོགས་མེད་བུན་ནེ་བུན། །ལག་པ་མཉེན་ལྕུགས་གདུ་བུ་ཅན། །སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུགས། །བདུད་རྩི་གཏོར་མ་འདི་བཞེས་ནས། །ཕྲིན་ལས་གཅིག་ཏུ་མ་ངེས་པ། །སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར། །སྐལ་མེད་རྣམས་མོས་པ་སྐྱེད། །ཉམས་པའི་དགྲ་བགེགས་


KMC019_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཆད་པ་ཆོད། ༈ །གནས་མཆོག་ཉི་ཤུ་རྩ་བཞིའི་བསྐུལ་བ་ནི། ཨོཾ་ཨཱཿཧཱུྃ། དམ་རྫས་བརྒྱན་པའི་གཏོར་མ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི་གནས་མཆོག་ཉི་ཤུ་རྩ་བཞིའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པ་བཞེས་ལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ལོ། །ཧཱུྃ་བྷྱོ། གནས་མཆོག་ཉི་ཤུ་རྩ་བཞི་ནས། །མཁའ་འགྲོའི་གཙོ་མོ་ཉི་ཤུ་བཞི། །མཁའ་འགྲོ་བྱེ་བའི་ཚོགས་དང་བཅས། །གཙོ་མོ་མི་མངོན་དབྱིངས་ན་བཞུགས། །འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ། །བྷྱོ། ལ་ལ་བུད་མེད་ནག་མོ་ལ། །རོ་ཆས་རྙིང་པའི་ན་བཟའ་གསོལ། །སྣུམ་དང་ཁྲག་གི་ཐིག་ལེས་བརྒྱན། །ཐལ་ཆེན་བསྐུས་པས་སྔོ་སྐྱའི་མདོག །དབུ་སྐྲ་སེར་པོ་ལྟག་པར་བཅིངས། །མེ་ཏོག་རྙིང་པའི་དབུ་རྒྱན་ཅན། །ཁ་ན་སོ་མེད་ཧ་ཧ་རྒོད། །རྐང་པ་


KMC019_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་འཆོར་ཞིང་འགྲོ། །དེ་འདྲའི་ཆ་བྱད་སྟོན་པ་ཡང་། །སྐལ་ལྡན་རྣམས་ལ་བརྡ་ཆོས་སྟོན། །འཕྲད་པ་ཙམ་གྱིས་བྱིན་གྱིས་བརླབས། །བདུད་རྩི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པར། །ཉམ་ང་མེད་པའི་བརྟུལ་ཞུགས་སྤྱོད། །རྣམ་རྟོག་མེད་པའི་ཉམས་མྱོང་སྤོར། །བྷྱོ། ལ་ལ་བུད་མེད་གཞོན་ནུ་མ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་མོ། །རིགས་ཀྱི་ཁ་དོག་སོ་སོ་ལ། །སྤྱོད་པ་སོ་སོའི་རིགས་དང་མཐུན། །ལ་ལ་དཀར་མོ་མདོག་བཟང་མ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་མོ། །བྱང་ཆུབ་སེམས་ལ་བསྐུལ་མ་འདེབས། །ལ་ལ་སེར་སྐྱ་དམག་འདྲེན་མ། །རིན་ཆེན་རིགས་ཀྱི་ཕྱག་རྒྱ་མོ། །མཆོག་གི་དངོས་གྲུབ་བསྐུལ་མ་འདེབས། །ལ་ལ་དམར་མོ་དབྱིབས་མཛེས་མ། །པདྨ་རིགས་ཀྱི་ཕྱག་རྒྱ་མོ། །ཟག་མེད་བདེ་བའི་བསྐུལ་མ་འདེབས། །ལ་ལ་སྔོ་བསངས་ཁྲོ་གཉེར་ཅན། །ལས་ཀྱི་རིགས་ཀྱི་ཕྱག་རྒྱ་མོ། །འགྲོ་བའི་དོན་ལ་བསྐུལ་མ་


KMC019_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །ལ་ལ་དཀར་ཤམ་ནམ་མཁའི་མདོག །དེ་བཞིན་རིགས་ཀྱི་ཕྱག་རྒྱ་མོ། །ཡང་དག་དོན་ལ་བསྐུལ་མ་འདེབས། །ཀུན་ཀྱང་མི་བཟད་འདི་འདྲ་སྟེ། །མཛེས་པའི་ཞལ་ལ་གཟི་མདངས་ཅན། །གཞོན་ནུའི་སྐུ་ལུས་འགྱིངས་བག་ཅན། །དབུ་ནི་རིན་ཆེན་ཅོད་པན་ཅན། །རང་རང་དཔའ་བོ་ཡབ་ལ་འཁྱུད། །སྐེད་པ་གསེར་གྱི་དྲིལ་ཆུང་བརྒྱན། །སིལ་སིལ་འཁྲོལ་ཞིང་སྐུ་ལ་སྦྱོར། །ཞལ་ནི་པདྨའི་དུང་སོ་ཅན། །འཛུམ་པའི་གསུང་ནི་སྙན་པར་སྨྲ། །སྐད་སྙན་ཚངས་པའི་དབྱངས་ཀྱིས་ནི། །རྡོ་རྗེའི་གླུ་ལེན་ཡིད་འཕྲོག་མ། །བདུད་རྩི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པ། །ཟག་བཅས་ལུས་ལ་བདེ་བ་སྐྱེད། །ཟག་མེད་སེམས་ལ་ཉམས་མྱོང་སྤོར། །བྷྱོ། ལ་ལ་བུད་མེད་ཐ་མལ་གཟུགས། །འཇིག་རྟེན་སྤྱོད་པ་སྣ་ཚོགས་ལ། །ཁྱོད་ཀྱིས་མི་སྤྱོད་གང་ཡང་མེད། །ལ་ལ་བསྒྱུར་བྱེད་ཚོས་མཁན་མ། །ཐ་མལ་ཤེས་པ་མདོག་བསྒྱུར་


KMC019_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མ། །ལ་ལ་མྱོས་བྱེད་ཆང་འཚོང་མ། །ལོག་པའི་ཤེས་པ་མྱོས་བྱེད་མ། །ལ་ལ་སྦྱོར་བྱེད་སྨད་འཚོང་མ། །ཐབས་དང་ཤེས་རབ་སྦྱོར་བྱེད་མ། །ལ་ལ་དག་བྱེད་ཁྲུས་མཁན་མ། །བག་ཆགས་དྲི་མ་དག་བྱེད་མ། །ལ་ལ་གསོད་བྱེད་ཤན་པ་མོ། །རྣམ་རྟོག་དབྱིངས་སུ་གསོད་བྱེད་མ། །ལ་ལ་གནོད་བྱེད་ཆོམ་རྐུན་མ། །གཞན་སེམས་རང་དབང་སྤྱོད་བྱེད་མ། །ལ་ལ་དཀའ་ཐུབ་བྲམ་ཟེ་མ། །འཁོར་བའི་རྒྱུན་ཐག་གཅོད་བྱེད་མ། །དེ་ལ་སོགས་ཏེ་མཐའ་ཡས་པ། །རི་རབ་ལྷོ་ཡི་འཛམ་བུ་གླིང་། །གནས་མཆོག་ཉི་ཤུ་རྩ་བཞི་ནས། །འགྲོ་བའི་དོན་ལ་བྱོན་པ་རྣམས། །ཐབས་རྣམས་སྣ་ཚོགས་དུ་མ་ཡི། །སྤྱོད་པ་སྣ་ཚོགས་ཐབས་ཀྱིས་འདུལ། །བདུད་རྩི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པར། །བདག་ཅག་རྣལ་འབྱོར་ལ་སོགས་པ། །སྒྲུབ་པ་བྱེད་པའི་གང་ཟག་རྣམས། །འཇིག་རྟེན་ཆོས་བརྒྱད་སྙོམས་པ་དང་། །འགྲོ་དོན་ཕྱོགས་མེད་ལྷུན་


KMC019_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཤོག །འཇིག་རྟེན་མཁའ་འགྲོའི་བསྐུལ་བ་ནི། ཨོཾ་ཨཱཿཧཱུྃ། དམ་རྫས་བརྒྱན་པའི་གཏོར་མ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི་ཤ་ཟ་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པ་བཞེས་ལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ་ལོ། །ཧཱུྃ་བྷྱོ། རབ་ཏུ་འཇིགས་པའི་དུར་ཁྲོད་ནས། །འཇིག་རྟེན་མཁའ་འགྲོ་མཐུ་མོ་ཆེ། །ཤིན་ཏུ་མི་བཟད་འཇིགས་པའི་གཟུགས། །བུད་མེད་ལུས་ལ་མགོ་བརྙན་ཅན། །ཐོད་པ་བཟུང་ཞིང་ཁྲག་ཆེན་འཐུང་། །མི་རོ་ཟ་ཞིང་བཤུད་གླུ་ལེན། །ཏིང་འཛིན་ཉུལ་ཞིང་ཚོགས་ཁང་འགྲིམ། །དེ་དག་མ་ལུས་ཐམས་ཅད་ཀྱིས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །སྔོན་གྱི་དམ་བཅའ་ཇི་བཞིན་དུ། །དམ་ཚིག་བསྲུང་ལ་ཕྲིན་ལས་མཛོད། །དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོའི་བསྐུལ་བ་ནི། ཨོཾ་ཨཱཿཧཱུྃ། དམ་རྫས་བརྒྱན་པའི་གཏོར་མ་ཤ་ལྔ་བདུད་རྩི་ལྔས་


KMC019_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི་སྤྲུལ་པའི་དུར་ཁྲོད་བརྒྱད་ཀྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པ་བཞེས་ལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ་ལོ། །བྷྱོ། ཐར་པའི་གྲོང་ཁྱེར་ཡིད་འོང་མ། །རྡོ་རྗེ་ར་བས་བསྐོར་བའི་ནང་། །ཕོ་བྲང་གཞལ་ཡས་ཕྱི་རོལ་ན། །དུར་ཁྲོད་ཆེན་པོ་བརྒྱད་གནས་པ། །གཏུམ་དྲག་ཅན་དང་ཚང་ཚིང་འཁྲིགས། །འུར་འུར་འབར་དང་འཇིགས་སུ་རུང་། །ཧ་ཧ་རྒོད་དང་ཀི་ལ་སྒྲོགས། །མུན་པ་མི་བཟད་ནགས་ཚལ་ཆེ། །དུར་ཁྲོད་བདག་མོ་མ་མོ་བརྒྱད། །ཁྲོས་ནས་གྲི་གུག་ཐོད་ཁྲག་འཛིན། །གཡས་བསྐུམ་གཡོན་བརྐྱང་འཇིགས་པའི་ཚུལ། །མ་མོ་འབུམ་འབུམ་འཁོར་དང་བཅས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༈ དབང་ཕྱུག་མ་ཉེར་བརྒྱད་ཀྱི་བསྐུལ་བ་ནི། ཨོཾ་ཨཱཿཧཱུྃ། དམ་རྫས་བརྒྱན་པའི་གཏོར་མ་ཤ་ལྔ་


KMC019_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔས་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས་པས་མཆོད་པ་བཞེས་ལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ་ལོ། །བྷྱོ། མ་ཤར་ནས་གཤེགས་པའི་མཁའ་འགྲོ་བདུན། །དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །ཁྱོད་ཀྱིས་ཞི་བའི་ལས་མཛོད་ཅིག །བྷྱོ། མ་ལྷོ་ནས་གཤེགས་པའི་མཁའ་འགྲོ་བདུན། །དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །ཁྱོད་ཀྱིས་རྒྱས་པའི་ལས་མཛོད་ཅིག །བྷྱོ། མ་ནུབ་ནས་གཤེགས་པའི་མཁའ་འགྲོ་བདུན། །དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས། །གཅིག་ནི་


KMC019_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་སྒོ་མ་མཛད། །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །ཁྱོད་ཀྱིས་དབང་གི་ལས་མཛོད་ཅིག །བྷྱོ། མ་བྱང་ནས་གཤེགས་པའི་མཁའ་འགྲོ་བདུན། །དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །བྱང་ལས་གྲུབ་རིགས་ཀྱི་མཁའ་འགྲོ་མ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །ཁྱོད་ཀྱིས་དྲག་པོའི་ལས་མཛོད་ཅིག །རྡོ་རྗེ་འཆང་གི་བཀའ་ཉན་མ། །དབང་ཕྱུག་མ་མོ་ཉི་ཤུ་བརྒྱད། །བཀའ་ཡི་གཏོར་མ་འདི་བཞེས་ལ། །ཞི་རྒྱས་དབང་དྲག་ཕྲིན་ལས་མཛོད། ༈ བརྟན་མའི་བསྐུལ་བ་ནི། ཨོཾ་ཨཱཿཧཱུྃ། དམ་རྫས་བརྒྱན་པའི་གཏོར་མ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི་བོད་ཁམས་སྐྱོང་བའི་རྡོ་རྗེའི་བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་ཡ་མ་བཅུ་གཉིས་བྲན་གཡོག་འཁོར་དང་བཅས་པས་མཆོད་པར་བཞེས་ལ་ཆགས་ཆེན་ཉམ་


KMC019_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡམས་ནད་རིམས་ནད་སྐལ་ངན་མུ་གེ་དམག་མུ་འཁྲུགས་རྩོད་ཐམས་ཅད་བཟློག་པ་དང་བསྒྱུར་པའི་ཕྲིན་ལས་མཛད་དུ་གསོལ་ལོ། །བྷྱོ། བཀའ་ཡི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་བྱོན་སྐྱོང་མ་རྣམས། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་ཡ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱེད་བཞི་ཡང་། །ལྷབ་ལྷུབ་མང་པོའི་རྒྱན་དང་ལྡན། །བྲན་གཡོག་མང་པོའི་འཁོར་གྱིས་བསྐོར། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གངས་དཀར་ཤ་མེད་རྡོ་རྗེ་དཔལ་དང་ལྡན། །ཁ་རག་ཁྱུང་བཙན་རྡོ་རྗེ་དཔལ་གྱི་ཡུམ། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གཏེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་


KMC019_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ལྷབ་ལྷུབ་མང་པོའི་རྒྱན་དང་ལྡན། །བྲན་གཡོག་མང་པོའི་འཁོར་གྱིས་བསྐོར། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ། །མོ་བཙུན་ཨུག་ཆོས་རྡོ་རྗེ་དབྱར་མོ་བསིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ། །སྨན་བཙུན་ཆེན་མོ་ཁྱེད་བཞི་ཡང་། །ལྷབ་ལྷུབ་མང་པོའི་རྒྱན་དང་ལྡན། །བྲན་གཡོག་མང་པོའི་འཁོར་གྱིས་བསྐོར། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །སྔོན་གྱི་བསྐལ་པ་དང་པོ་ལ། །རྒྱ་ཡུལ་དེ་ནས་སྤྱན་དྲངས་ཚེ། །སློབ་དཔོན་པདྨ་འབྱུང་གནས་དང་། །བཤེས་གཉེན་རླང་ཆེན་དཔལ་སེང་གིས། །ཞིང་ཆེན་བསྣོལ་བའི་ཁྲི་སྟེང་དུ། །ལག་ཏུ་གསང་བའི་རྡོ་རྗེ་གཏད། །ཐར་པ་ཐོབ་པའི་མིང་ཡང་བཏགས། །སྤྱི་ལས་གྱུར་པའི་ནད་རྣམས་དང་། །ཡམས་ནད་རིམས་ནད་བཟློག་པའི་ཕྱིར། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་


KMC019_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཛོད། །ཐལ་བརྡེབ་ནི། བྷྱོ་བྷྱོ་བཟློག་བཟློག །ནད་བཟློག །ཡམས་བཟློག །རིམས་བཟློག །རྩྭ་སད་སེར་གསུམ་སྐལ་ངན་མུ་གེ་ཉིན་གྱི་ལྟས་ངན་པ། མཚན་གྱི་རྨི་ལམ་ངན་པ་ཐམས་ཅད་སྡང་དགྲ་གནོད་བྱེད་བྱད་མ་ཁོ་རང་གི་སྟེང་དུ་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག །བཟློག་པ་དང་བསྒྱུར་བའི་ཕྲིན་ལས་དམ་པ་མཛད་དུ་གསོལ་ལོ།། །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གཅོད་ཀྱི་ལུས་སྦྱིན་གྱི་ངག་འདོན་མུ་ཏིག་ཕྲེང་བ།


KMC019_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་ལུས་སྦྱིན་གྱི་ངག་འདོན་མུ་ཏིག་ཕྲེང་བ་བཞུགས་སོ། །


KMC019_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲི་གུ་ར་ཝེ། ཟབ་ལམ་བརྒྱུད་པའི་མན་ངག་ལྟར། །ཕུང་པོ་གཟན་སྐྱུར་གྱི་རིམ་པ་ལ་བརྟེན་ནས་ཐེག་ཆེན་གྱི་ཆོས་རྣམས་ཡོངས་སུ་དྲིལ་ནས་ཉམས་སུ་ལེན་པའི་ངག་འདོན་གྱི་རིམ་པ་ལ། ཐོག་མར་སེམས་བསྐྱེད་ཅིང་མགྲོན་བསྡུ་བ་ནི། བདག་གཞན་སེམས་ཅན་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། ན་མོ་གནས་ཀྱི་གདོན་དང་ལུས་ཀྱི་གདོན། གནས་གདོན་ལུས་གདོན་གཉིས་ཀྱི་གཙོར་བྱས་པའི་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་བླ་ན་མེད་


KMC019_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུམ་ཆེན་མོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཉམས་སུ་བླངས་བར་བགྱིའོ། ཕཊ་ཕཊ་ཕཊ། ཅེས་རྐང་གླིང་ཁ་བསྡེབ་ཀྱི་དམིགས་པ་དང་འབུད་པའི་སྒྲས་བསྡུ་བའི་དམིགས་པ་རྣམས་བྱ། དེ་ནས་སྐྱབས་ཡུལ་བསྡུས་པ་ནོར་བུ་ལུགས་སུ་བསྒོམ་ལ་སྐྱབས་སུ་འགྲོ་ཞིང་ཚད་མེད་བཞི་ལ་བློ་སྦྱོང་བ་ནི། བདག་གཞན་སེམས་ཅན་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། ན་མོ་གནས་ཀྱི་གདོན་དང་ལུས་ཀྱི་གདོན། གནས་གདོན་


KMC019_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གདོན་གཉིས་ཀྱི་གཙོར་བྱས་པའི་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་མ་ཐོབ་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ་དང་། བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ལ་སྐྱབས་སུ་མཆིའོ། །ན་མོ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་ལྔ་ཡི་བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་གསུམ་གྱི་མགོན་པོ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བཀའ་བརྒྱུད་པའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དྲིན་ཆེན་རྩ་བའི་


KMC019_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །སྐྱབས་ཏུ་གསོལ། སྐྱབས་འོག་དམ་པ་ན་ཚུད་པར་མཛད་དུ་གསོལ། བདག་གཞན་རྣམས་སངས་རྒྱས་ལ་བརྟེན་ནོ། །ཆོས་ལ་བརྟེན་ནོ། དགེ་འདུན་ལ་བརྟེན་ནོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་དགེ་བར་གྱུར་ཅིག །ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག །ནད་རིགས་བཞི་བརྒྱ་རྩ་བཞི་བྱང་བར་གྱུར་ཅིག །བློ་བུར་དགུ་བཅུ་གོ་གཅིག་ལས་ཐར་བར་གྱུར་ཅིག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པར་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རང་སར་ཞི་བར་གྱུར་ཅིག །རང་སར་དག་པར་གྱུར་ཅིག །རང་སར་སྟོང་པར་གྱུར་ཅིག ༈ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །


KMC019_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་ལེགས་པར་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསྐྱེད་པ་རྣམས་ནི་དྲན་པར་བགྱི། །དྲན་པ་རྣམས་ནི་རྒྱ་ཆེར་གཟུང་། ༈ ཚོགས་ཞིང་སྐྱབས་གནས་རྒྱས་པ་ལྔ་བརྩེགས་བསྐྱེད་པ་ནི། ཏྲཱཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སཱུརྱ་མཎྜ་ལ། ཨ་ཙཎྜ་མཎྜ་ལ། ཧཱུྃ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་མདུན་གྱི་


KMC019_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་གནས་སུ་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་འཁྲོལ་བ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་སྐུ་སྐེད་ལ་བརྟེན་པ། སྤྱན་གསུམ་བར་སྣང་ལ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་དུ་བཅིངས་ཤིང་ཐུར་དུ་བཤལ་བ། དེའི་སྙན་གོང་གཡས་ཕྱོགས་སུ་ཕ་གཅིག་དམ་པ་སངས་རྒྱས་ལ་ཕ་རྒྱུད་ཐབས་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། སྙན་གོང་གཡོན་ཕྱོགས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔ་ལ་མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། དབུ་ཐོག་ཏུ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་འདས་མ་འོང་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུ་ཐོག་ཏུ་ཆོས་སྐུ་ཡུམ་


KMC019_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུའི་སྟེང་ཕྱོགས་སུ་སངས་རྒྱས་རྣམ་པར་སྣང་མཛད་ལ་གཡས་སུ་དཔའ་བོ། གཡོན་དུ་དཔའ་མོ། མདུན་དུ་སྒྲོལ་མ། རྒྱབ་ཏུ་གངས་ཅན་མཚོ་རྒྱལ། དེ་རྒྱབ་ཏུ་དཔའ་བོ་དཔའ་མོ། དེ་རྒྱབ་ཏུ་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ་གཅིག་ལབ་ཀྱི་སྒྲོན་མའི་གདན་འོག་ཏུ་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་ཀྱིས་ལུས་གུས་པའི་སྒོ་ནས་ཕྱག་འཚལ། ངག་གུས་པའི་སྒོ་ནས་གསོལ་བ་འདེབས། ཡིད་གུས་པའི་སྒོ་ནས་དད་པ་དང་མོས་པ་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ། ལྷ་ཚོགས་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་


KMC019_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕོ་བྲང་ནས་མ་གཅིག་དང་ཡུམ་ཆེན་མོ་ལ་བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་གུ་རུ་དེ་ཝ་ཌཱ་ཀི་ནི་ས་ཏྭ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛཿཛཿ ཞེས་ཡེ་ཤེས་པ་སྤྱན་དྲངས་ནས་ཡན་ལག་བརྒྱད་པས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་ནི། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ཤཱཀྱའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཐུབ་པ་དེ་ལ་ཕྱག་འཚལ་བསྟོད། སྐྱེ་བ་བདུན་དུ་འགྲོ་དོན་མཛད། །རྒྱ་གར་པ་ལ༴ མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་སྐུ་ལ༴ རང་རིག་ཡེ་ཤེས་སྟོན་མཛད་པའི། །ཕ་བླ་མ་རྣམས་ལ༴ དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་རྣམས་ལ༴ སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས་ལ༴ གང་ལ་ཕུལ་བ་དོན་ཡོད་པ། །དགེ་འདུན་


KMC019_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ༴ གཞོན་ནུའི་མཛེས་ཚུལ་ཡོན་ཏན་ལྡན། །འཇམ་དཔལ་དབྱངས་ལ༴ སྙིང་རྗེས་ངེས་པར་དགོངས་ལགས་པའི། །སྤྱན་རས་གཟིགས་ལ༴ མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ༴ །བགེགས་དང་ལོག་འདྲེན་འཇོམས་མཛད་པའི། །ཆོས་སྐྱོང་རྣམས་ལ༴ །ན་མོ་ཇི་སྲིད་འཁོར་བ་མ་སྟོང་བར། །བཀའ་ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། །བཀའ་ཁྱེད་རྣམས་ལ་ནི་མཆོད་པ་འབུལ། །བཀའ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །སྐུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་རྩ་འགྲོ་ཀུན་གྱི་དོན་དུ་བསྔོ། །ཅེས་བརྗོད། དེ་ནས་སྡིག་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དམིགས་པ་དང་བཅས། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་བཟླས། དེ་ནས་ཕྱག་རྒྱ་བཞིའི་མཆོད་པ་འབུལ་བ་ནི། ན་མོ་སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྐུ་འགྱུར་བ་མེད་པའི་དངོས་གྲུབ་


KMC019_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །གསུང་འགག་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །ཐུགས་འཁྲུལ་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །བཀྲ་ཤིས་ཕྱག་རྒྱའི་མཆོད་པ་འབུལ། །བདེ་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་ཁྱབ་པར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་ནས་ཀྱང་། །ཁམས་གསུམ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ཕཊ། དེ་ནས་ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་ནི། པགས་པ་གསེར་གྱི་ས་གཞི་ལ། །སོར་མཛུབ་ལྕགས་


KMC019_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་བསྐོར་བའི་དབུས། །མགོ་བོ་ཁོག་ཟོམ་རི་རབ་ལ། །མིག་གཉིས་ཉི་མ་ཟླ་བས་བརྒྱན། ལྡེབ་བཞི་གླིང་བཞི་བཅས་པ་སོགས། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །བྱིན་གྱིས་བརླབ་ཕྱིར་བཞེས་སུ་གསོལ། །ཕཊ། དེ་ནས་ལུས་མཆོད་པ་འབུལ་ཞིང་སྦྱིན་པ་གཏོང་བ་ནི་དཀར་འགྱེད་མགྲོན་བཞི་པའི་མཐར་དམར་འགྱེད་མགོར་རྐང་གླིང་དམིགས་པ་བཅས་བྱས་ལ། ན་མོ་གནས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང་། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའ་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་བོབས་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཐེག་པ་རིམ་དགུ་


KMC019_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་ཤོག །དབང་པོ་རྣམ་ལྔའི་མཆོད་པ་འབུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཁྱོད་རིང་བ་རྣམས་ཀྱིས་རློན་པར་ཟོ། །མི་རིང་བ་རྣམས་ཀྱིས་ཚོས་ལ་ཟོ། །རྔམ་པ་རྣམས་ཀྱིས་གྱུར་མིད་གྱིས། །སེང་གེ་ཤ་ལ་རོལ་པ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །ཅེས་དམར་འགྱེད་བྱས་མཐར་རིགས་དྲུག་གནས་སྦྱོང་གི་དམིགས་པ་བྱ། ༈ དེ་ནས་གསོལ་བ་འདེབས་པ་ལ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་ཐུན་མོང་གི་གསོལ་འདེབས་བསྡུས་པ་ནི། ༈ །ན་མོ་གུ་རུ། ཡུམ་ཆེན་ཤེར་ཕྱིན་བཅོམ་ལྡན་ཤཱཀྱ་ཐུབ། །སྨྲ་བའི་སེང་གེ་རྗེ་བཙུན་སྒྲོལ་མ་ཡུམ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། སུ་ཁ་སིདྡྷི་ཨཱརྻ་དེ་ཝ་དང་། །དམ་པ་སངས་རྒྱས་ཨ་མ་ལབ་ཀྱི་སྒྲོན། །གསོལ་བ༴ ཁམ་བུ་ཡ་ལེ་ཛྙཱ་ན་ཛྭ་ལ་རྡེ། །གནམ་མཚོ་དོ་པ་ཆོས་རྗེ་རང་བྱུང་བ། གསོལ་བ༴ སེང་གེ་དཔལ་བ་དབང་རྡོར་རཏྣ་ཤྲཱི། །བྱམས་པ་དཔལ་བོ་འོད་ཟེར་


KMC019_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཅན་ཞབས། །གསོལ་བ༴ བུདྡྷ་རཏྣ་ཀུན་དགའ་རྣམ་རྒྱལ་ཞབས། །ཀརྨ་བསྟན་སྐྱོང་འགྱུར་མེད་སྙིང་པོ་ལ། །གསོལ་བ༴ །དཀོན་མཆོག་བསྟན་འཛིན་བསྟན་པ་རྣམ་རྒྱལ་དང་། །འཇམ་མགོན་རིག་འཛིན་གསུང་རབ་རྒྱ་མཚོ་ལ། །གསོལ་བ༴ བརྒྱུད་པ་ཀུན་གྱི་བྱིན་རླབས་གཅིག་བསྡུས་པ། །འཁོར་ལོའི་མགོན་པོ་ཆོས་ཀྱི་འབྱུང་གནས་དང་། །རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་ལ། །གསོལ་བ༴ རྡོ་རྗེ་འཆང་དངོས་པདྨ་ཉིན་བྱེད་དང་། །རིག་འཛིན་གཙུག་ལག་ཆོས་ཀྱི་རྒྱལ་པོའི་ཞབས། །གསོལ་བ་༴ རིགས་ཀུན་ཁྱབ་བདག་ཐེག་མཆོག་རྡོ་རྗེ་དང་། །རྒྱལ་བ་ཀུན་དངོས་པདྨ་གར་དབང་ལ། །གསོལ་བ༴ རྣམ་འདྲེན་གངས་ཅན་མགོན་པོ་སྤྱན་རས་གཟིགས། །སངས་རྒྱས་ཀུན་འདུས་མཁའ་ཁྱབ་རྡོརྗེ་ལ། །གསོལ་བ་༴ མ་འོངས་རྣམ་འདྲེན་རྒྱལ་ཚབས་ཆོས་ཀྱི་རྗེ། །སྣང་སྲིད་དབང་བསྡུད་པདྨ་དབང་མཆོག་ལ། །གསོལ་བ་༴ བཻ་རོའི་རྣམ་འཕྲུལ་


KMC019_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་ལུགས་ཀྱི་མངགས། སྒྲུབ་བརྒྱུད་བཅུད་འཛིན་མཁྱེན་བརྩེའི་འོད་ཟེར་ལ། །གསོལ་བ་༴ རྒྱུད་པ་ཀུན་གྱི་བྱིན་རླབས་གཅིག་བསྡུས་པ། །རྩ་བའི་བླ་མ་གྲུབ་ཐོབ་གཅོད་ཀྱི་རྒྱུད། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བདག་འཛིན་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཕུང་པོ་གཟན་དུ་བོར་བར༴ གཉན་ས་རི་ཁྲོད་འགྲིམ་པར༴ ཉག་གཅིག་རྩད་ནས་ཆོད་པར༴ སྐྱེ་མེད་གཅིག་ཆར་རྟོགས་པར༴ འཁྲུལ་སྣང་དབྱིངས་སུ་དག་པར༴ ཚེ་གཅིག་སངས་རྒྱས་འགྲུབ་པར༴ དོན་གཉིས་ལྷུན་གྱིས་འགྲུབ་བར་བྱིན་གྱིས་རློབས། །བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་ལ་མངའ་བརྙེས་པར་གྱུར་ཅིག །ཕཊ། ཡང་ན་བརྒྱུད་པ་ཡོངས་རྫོགས་ཀྱི་གསོལ་འདེབས་བསྡུས་པ་ནི། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་ཤེས་


KMC019_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་བརྒྱུད་པ་ལ༴ གཉིས་མེད་དོན་གྱི་བརྒྱུད་པ་ལ༴ སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ༴ གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ༴ མཁའ་འགྲོ་བརྡའ་ཡི་བརྒྱུད་པ་ལ༴ སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །འབྱུང་བཞིའི་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས་རློབས། འགལ་རྐྱེན་ནད་གདོན་བར་ཆད་ལ། །རོ་སྙོམས་ནུས་པར༴ སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །རང་ངོ་ཤེས་པར༴ རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན་གྱིས་རློབས། །སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་གྱི་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཕཊ། རིགས་ལྔ་མཁའ་འགྲོའི་བསྟབ་པ་ནི། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་མོ་ཁྲོས་མའི་


KMC019_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་བྱད་ཅན། །ཕྱག་གཡས་ན་ཤེལ་གྱི་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དུ་དཀར་མོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་ཁྲོས་མའི་ཆ་བྱད་ཅན། །ཕྱག་གཡས་ན་གསེར་གྱི་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དུ་སེར་མོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམ་པ་


KMC019_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་ཁྲོས་མའི་ཆ་བྱད་ཅན། །ཕྱག་གཡས་ན་བྱི་རུའི་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དུ་དམར་མོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཀྱེ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་མོ་ཁྲོས་མའི་ཆ་བྱད་ཅན། །ཕྱག་གཡས་ན་གཡུ་ཡི་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དུ་ལྗང་མོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་


KMC019_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཤ་ཁྲག་ལུས་མཆོད་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་དེ་བཞིན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ནག་མོ་ཁྲོས་མའི་ཆ་བྱད་ཅན། །ཕྱག་གཡས་ན་གནམ་ལྕགས་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དུ་ནག་མོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། རང་ལུས་ཚོགས་སུ་བྱིན་གྱིས་རླབས་པ་ནི། ཨོཾ་མ་གཅིག་མ་ལ་གསོལ་བ་འདེབས། །ཨཱཿམ་གཅིག་མ་ལ་གསོལ་བ་འདེབས། །ཧཱུྃ་མ་


KMC019_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ་ལ་གསོལ་བ་འདེབས། །ཀྱེ། དཀར་པོ་ཨོཾ་གྱིས་བྱིན་གྱིས་རློབས། །དམར་པོ་ཨཱཿཡིས་བྱིན་གྱིས་རློབས། །སྔོན་པོ་ཧཱུྃ་གིས་བྱིན་གྱིས་རློབས། །ཡི་གེ་གསུམ་གྱི་བྱིན་རླབས་ཀྱིས། །གཡང་གཞི་ལྤགས་པའི་གཏོར་གཞོང་དུ། །ཤ་ཁྲག་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདིས། །རྗེ་བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་བརྙེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །ཕཊ། བསྟབ་པ་ནི། ཀྱེ། དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་དང་། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་


KMC019_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །ཕཊ། ཧཱུྃ། དཀྱིལ་འཁོར་ལྷ་ཚོགས་མན་ཆད་དང་། །འཁོར་དཔའ་བོ་མཁའ་འགྲོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། །ཕཊ། ཡུམ་རྡོ་རྗེ་ཕག་མོ་མན་ཆད་དང་། །མ་གནས་གསུམ་མཁའ་འགྲོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། །ཕཊ། ཆོས་སྐྱོང་མ་མགོན་མན་ཆད་དང་། །དཀྱིལ་འཁོར་མཐའ་


KMC019_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། །ཕཊ། ཤཱཀྱ་ཐུབ་པ་མན་ཆད་དང་། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། །ཕཊ། སྟོང་གསུམ་གཞི་བདག་མན་ཆད་དང་། །འདིར་གནས་ལྷ་འདྲེ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་


KMC019_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། །ཕཊ། རིགས་དྲུག་མགྲོན་རིག་མན་ཆད་དང་། །ལན་ཆགས་བགེགས་རིགས་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། །ཕཊ། ནད་པ་སོགས་མན་ངག་ལྟར་སྤར་བསྟབ་དགོས་ནའང་བར་མཚམས་རྣམས་སུ་ཕཊ་ཀྱི་མཚམས་སྦྱར་ཅིང་བྱའོ། །དེ་ནས་སྤྲོ་ན་དམར་འགྱེད་རྒྱས་པར་བྱ་བའི་ཐོག་མར་དྲག་པོའི་དབང་སྡུད་བྱ་ཕྱིར་རང་རིག་ཁྲོས་མར་བསྐྱེད་པ་ནི་བསྲེ་འཕོ་མན་ངག་ལྟར་བྱས་ལ། ཕཊ། སྐད་ཅིག་གི་བདག་ཉིད་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་


KMC019_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོ་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་མཆེ་བ་བཞི་རབ་ཏུ་གཙིགས་པ། སྤྱན་གཡས་ཉི་མའི་དཀྱིལ་འཁོར་དམར་སྒ་ར་ར་བྱེད་པ། གཡོན་ཟླ་བའི་དཀྱིལ་འཁོར་ངང་ཀྱི་ལི་ལི་བྱེད་པ། །དབུས་ཉི་ཟླ་གའུ་དམར་ནག་ཁྲུག་ཁྲུག་བྱེད་པ། ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། གནམ་ལྕགས་ཀྱི་རལ་པ་ནག་པོས་ས་གཞི་ཁེབ་པ། རལ་པའི་གསེབ་ནས་ཕག་ཞལ་ནག་པོ་གྱེན་དུ་ངུར་བས་ཁམས་གསུམ་གྱི་ལྷ་འདྲེ་དབང་དུ་སྡུད་པ་ཕག་ཟེལ་ཡེ་ཤེས་ཀྱི་མེ་འབར་བས་བདུད་དཔུང་ཐམས་ཅད་སྲེག་པར་བྱེད་པ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ཁྲག་དམར་རྩ་རེ་བ་ནམ་མཁའི་དབྱིངས་སུ་གཡུག་པས་ཁམས་གསུམ་གྱི་ལྷ་འདྲེ་དབང་དུ་སྡུད་པ། གཡོན་པས་མི་རྐང་གི་གླིང་བུ་འབུད་པས་སྲིད་པ་གསུམ་གྱི་ལྷ་འདྲེ་ཟིལ་གྱིས་གནོན་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། གླང་ཆེན་གྱི་ཀོ་རློན་གྱིས་སྟོད་གཡོགས་པ།


KMC019_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གི་གཡང་གཞི་སྐེད་ལ་དཀྲིས་པ། སྟག་གི་པགས་པའི་ཤམ་ཐབས་བྱས་པ། ཞབས་གཡས་བསྐུམ། གཡོན་བརྐྱང་། པདྨ་ཉི་མ་རོ་ཡི་གདན་ལ་ལིང་ངེར་བཞུགས་པ། དབུ་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་སླེབ་པ། ཞབས་ན་རཀ་རྡོ་རྗེ་གདན་ལ་ཐུག་པ། ལྟོ་བ་ནས་ཉི་མ་དང་ཟླ་བ་ཤར་བ། སྐུ་སྟོད་ཀྱིས་ལྷ་ཁམས་དབང་དུ་སྡུད་པ། སྐུ་སྨད་ཀྱིས་ཀླུ་ཁམས་དབང་དུ་སྡུད་པ། སྐེད་པས་གཉན་ཁམས་དབང་དུ་སྡུད་པ། དེའི་ཐུགས་ཀ་ནས་སྤྲུལ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་མ་དཀར་མོ། ཞགས་པ་མ་སེར་མོ། ལྕགས་སྒྲོག་མ་དམར་མོ། དྲིལ་བུ་མ་ལྗང་མོ། གཞན་ཡང་ཁྲོས་མ་ནག་མོ་གཡས་མི་ལྤགས་ཀྱི་གཡང་གཞི་སྡེབ་ཅིང་གཡོན་པས་མི་རྐང་གི་གླིང་བུ་འབུད་པ་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡོངས་སུ་གསལ་བར་གྱུར། བདེན་སྟོབས་ཀྱི་གདོན་དགུག་པ་ནི། ན་མོ། རིག་འཛིན་གྲུབ་ཐོབ་


KMC019_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་ཆེན་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་ཁྲོས་མ་ནག་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མ་གཅིག་ལབ་ཀྱི་སྒྲོན་མའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། གཅོད་ཡུལ་བཀའ་ཡི་སྲུང་མ་དམ་ཅན་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ༈ །བདག་འཛིན་རྣམ་པར་རྟོག་པའི་དགྲ་བོ། ཕོ་གདོན་རྒྱལ་པོ། མོ་གདོན་འདྲེ་མོ། ཀླུ་གདོན་ཐེའུ་རང་། ཟ་འདྲེ་ཤི་གཤེད། རོ་བབ་གཤེད་འཁྱམས། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ཚེ་ལ་རྐུ་བ། སྲོག་ལ་


KMC019_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འཇབ་པ། བླ་ལ་ཁྱེར་བ། ཡིད་ལ་རློམ་པ། མགོ་གཡོགས་མགོ་སྐོར། །མཇུག་ལོག་འཕར་ལྡང་། བཞའ་གབ་བཞུད་གསུམ། བཀའ་ལ་མི་ཉན། དམ་ལ་མི་ཐོག །དབང་དུ་མི་འདུས། ཟིལ་གྱིས་མི་ནོན་པའི་ནད་ནད་བདག །གདོན་སྣ་འདྲེན་དང་བཅས་པ་གང་ཡིན་པ་ཐམས་ཅད་མ་གཅིག་ཁྲོས་མ་ནག་མོ་རིགས་ལྔ་མཁའ་འགྲོའི་བཀའ་དང་དམ་ལས་མ་འདའ་བར་ལུས་ཤ་ཁྲག་གི་མཆོད་སྦྱིན་ལེན་པའི་སླད་དུ་འདིར་འདུས་ཤིག །འདིར་ཁུ་གཅིག །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། རྐང་གླིང་འབུད་ཅིང་། ཆོས་རྗེ་རང་བྱུང་ཞབས་ཀྱིས་མཛད་པའི་བློ་སྦྱོང་མཚོན་ཆ་འཁོར་ལོ་ལས་བྱུང་བའི་འབོད་རིང་དུ་གྲགས་པའི་གཉན་འབོད་ནི། ཀྱེ། མ་འདུས་ཤིག་འདུས་ཤིག་ཤ་ཟ་འདུས། །དབུགས་ལེན་ཐམས་ཅད་འདིར་འདུས་ཤིག །བཤའ་བཞུར་རོ་ཡི་རྩ་འདིར་འདུས། །ཤ་བགོས་རོག་ལ་སླེབ་པར་གྱིས། །ཁྱེད་རྣམས་ང་ཡི་ཕ་མ་སྟེ། །བུ་ཡི་ཤ་ཁྲག་རོལ་དུ་བྱོན། །ཁྱེད་རྣམས་དྲིན་ཆེན་ཕ་མ་སྟེ། །ད་ལན་


KMC019_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ལེན་ལེན་དུ་བྱོན། །སྔོན་ཆད་ལུས་འདི་གཅེས་པར་བཟུང་། །རྒྱུ་དེས་ད་དུང་འཁོར་བར་འཁྱམས། །ད་ནི་མི་ཆགས་སྟོན་མོར་འགྱེད། །མགྲོན་རིགས་སྲིད་རྩེ་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་ལ། །གནས་པའི་ལྷ་དང་ལྷ་མ་ཡིན། །ཕོ་བདུད་ལས་ཀྱི་སྲིན་པོ་འདུས། །མོ་བདུད་ལས་ཀྱི་སྲིན་མོ་འདུས། །ཕོ་བདུད་སྲོག་བདག་རྒྱལ་འགོང་འདུས། །མོ་བདུད་སྲོག་བདག་འདྲེ་མོ་འདུས། །སྲིད་པ་ཡི་ནི་འདྲེ་དགུ་འདུས། །གཙུག་ལག་ཁང་གི་གདོན་བཅུ་འདུས། །བྱིས་པའི་གདོན་ཆེན་བཅོ་ལྔ་འདུས། །གཙོ་བོའི་གདོན་ཆེན་བཅོ་བརྒྱད་འདུས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འདུས། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་འདུས། །གློ་བུར་དགུ་བཅུ་རྩ་གཅིག་འདུས། །འདིར་ཤོག་འདིར་འདུས་ཤ་ཁྲག་རོལ། །སྤྱི་བོ་ཚངས་བུག་མན་ཆད་ནས། །རྐང་མཐིལ་སོར་མོ་ཡན་ཆད་ལ། །ཁོ་བོས་ཆགས་ཞེན་མི་བྱེད་པས། །ཤ་ཟོ་ཁྲག་


KMC019_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ལུས་འདི་ཕྱི་ནང་ཐམས་ཅད་ལ། །བཟའ་ཉན་བཅའ་ཉན་གང་གདའ་ཟོ། །ཐམས་ཅད་བག་ཕོབ་ཚིམས་པར་གྱིས། །ཞི་བར་གྱིས་ཤིག་བརླག་པར་གྱིས། །ཕུང་བར་གྱིས་ཤིག་རྩད་ནས་ཆོད། །ཐུལ་ཅིག་ཆོམས་ཤིག་བདག་ལ་ཡ། ཕཊ། ཅེས་ཞི་དྲག་གི་དམིགས་པ་གང་འོས་སྐབས་དང་སྦྱར། དེ་ནས་ས་བདག་དྲུག་སྦྱོར་གྱི་དམིགས་པ་གཞིར་བཞག་ནས་གཡག་སྡེ་པཎ་ཆེན་གྱིས་མཛད་པའི་གདོན་ཚོགས་དགུ་མར་གྲགས་པའི་བསྟབ་པ་ནི། ༈ མདུན་དུ་བྱད་མ་ལྷ་སྲུང་དང་བཅས་པ། དེའི་གཡས་སུ་རྒྱལ་པོའི་ངོ་བོ་བནྡེ་ས་གཞུ་ཅན་ལ་བནྡེའི་དམག་ཚོགས་ཀྱིས་བསྐོར་བ། གཡོན་དུ་འདྲེ་མོ་གཡུ་ཡི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན་ལ། འདྲེ་མོའི་དམག་ཚོགས་ཀྱིས་བསྐོར་བ། མདུན་དུ་ས་བདག་གི་རྒྱལ་པོ་སྦལ་པའམ་ལག་པ་དགུ་པ་ལ་ས་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཉ་ལྕགས་ཀྱི་ཟེ་བ་ཅན་ལ་ཉའི་དམག་ཚོགས་


KMC019_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐོར་བ། འོག་ཏུ་ཀླུ་བདུད་སྦྲུལ་མགོ་དགུ་པ་ལ་ཀླུ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། སྟེང་དུ་གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ་ལ་གཟའ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། དེའི་ཕྱི་རོལ་དུ་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་ཐམས་ཅད་ཡོངས་སུ་གསལ་བར་གྱུར། ཅེས་འདོན་བསྒོམ་བྱས་ལ། བདག་འཛིན་རྣམ་པར་རྟོག་པའི་དགྲ་བོ། ཕོ་གདོན་རྒྱལ་པོ། མོ་གདོན་འདྲེ་མོ། ཀླུ་གདོན་ཐེའུ་རང་། ཟ་འདྲེ་ཤི་གཤེད། རོ་བབ་གཤེད་འཁྱམས། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། བླ་ལ་ཁྱེར་བ། ཡིད་ལ་རློམ་པ། མགོ་གཡོགས་མགོ་སྐོར། །མཇུག་ལོག་འཕར་ལྡང་། བཞའ་གབ་བཞུད་གསུམ། བཀའ་ལ་མི་ཉན། དམ་ལ་མི་ཐོག །དབང་དུ་མི་འདུས། ཟིལ་གྱིས་མི་ནོན་པའི་ནད་ནད་བདག །གདོན་སྣ་འདྲེན་


KMC019_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་གང་ཡིན་པ་ཐམས་ཅད་མ་གཅིག་ཁྲོས་མ་ནག་མོ་རིགས་ལྔ་མཁའ་འགྲོའི་བཀའ་དང་དམ་ལས་མ་འདའ་བར་ལུས་ཤ་ཁྲག་གི་མཆོད་སྦྱིན་ལེན་པའི་སླད་དུ་འདིར་འདུས་ཤིག །འདིར་ཁུ་གཅིག །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་པའི་བར་གོང་བཞིན་དགུག་བསྟིམ་བྱ། རྐང་གླིང་འབུད། ཕཊ་བགྲངས་ཤིང་དམིགས་པ་བྱ། དེ་ནས། ཧཱུྃ་མ་བན་ཆེན་བརྒྱ་དང་མི་རིགས་འབུམ། །ཤན་པ་སྤུ་གྲི་ཐོགས་པ་སྟོང་། །ལས་བྱེད་བསམ་གྱིས་མི་ཁྱབ་པ། །མི་བདག་ལ་གནོད་བྱེད་ཀྱི་བྱད་མ་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། རྒྱལ་པོ་བེ་གར་བེ་ནག་དང་། །ཁྱི་སྐྱ་ཁྱི་དམར་བྱ་རྒན་དང་། །སྲིད་པ་ཡི་ནི་འདྲེ་དགུ་དང་། །གཙུག་ལག་ཁང་གི་གདོན་བཅུ་སོགས། །མི་བདག་ལ་གནོད་བྱེད་ཀྱི་


KMC019_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་འགོང་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། དཔལ་ལྡན་ལྷ་མོ་ནག་མོ་དང་། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །བརྟན་མ་བཅུ་གཉིས་ལ་སོགས་དང་། །དམ་སྲི་ལྟེ་ཕུར་ནག་མོ་སོགས། །མི་བདག་ལ་གནོད་བྱེད་ཀྱི་འདྲེ་མོ་དང་། སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། གཟའ་བདུད་ནག་པོ་མགོ་དགུ་དང་། །ཉི་མ་ལ་སོགས་གཟའ་བརྒྱད་དང་། །སྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བཀའ་སྡོད་གདོང་མོ་མཆེད་བཞི་སོགས། །མི་བདག་ལ་གནོད་བྱེད་ཀྱི་གཟའ་དམག་དང་། །སྤྱིར་སྣང་ཞིང་


KMC019_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཀླུ་བདུད་ནག་པོ་སྲོག་གཟན་དང་། །རྒྱལ་རིགས་རྗེ་རིགས་བྲམ་ཟེ་དང་། །དགའ་བོ་འཇོག་པོ་དུང་སྐྱོང་དང་། །ཉེར་དགའ་ལ་སོགས་ཀླུ་རིགས་དང་། །མི་བདག་ལ་གནོད་བྱེད་ཀྱི་ཀླུ་དམག་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། བདུད་རྗེ་ནག་པོ་བཀྲག་མེད་དང་། །བདུད་པོ་རེ་ཏེ་མགོ་ཉག་དང་། ཁྭ་ཏ་འདྲེ་ཡུག་འཁོར་དང་བཅས། །བདུད་དམག་བྱེ་བ་དུང་ཕྱུར་སོགས། །མི་བདག་ལ་གནོད་བྱེད་ཀྱི་བདུད་དམག་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་


KMC019_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། བཙན་རྗེ་ཤུ་བ་སྲོག་ལེན་དང་། །བཙན་རྒོད་ཧུར་པ་སྡེ་བཞི་དང་། །མགྱོགས་པའི་མི་བརྒྱད་ཁ་ཤོ་དང་། །ཁ་བཞི་གདོང་བརྒྱད་ལ་སོགས་པའི། །མི་བདག་ལ་གནོད་བྱེད་ཀྱི་བཙན་དམག་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། དམ་སྲི་མེ་སྟག་དམར་པོ་དང་། །སྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང་། །ཆུང་སྲི་ལ་སོགས་རྨུག་འདྲེ་དང་། །མི་བདག་ལ་གནོད་བྱེད་ཀྱི་དམ་སྲི་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་


KMC019_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། རྡོ་རྗེ་ལེགས་པ་མན་ཆད་དང་། །ཐེའུ་རང་ཕྲ་མོ་ཡན་ཆད་དང་། །མང་སྣ་ཨུར་ཝེར་འཁོར་དང་བཅས། །ཐེལ་མོ་རྣ་རྡུམ་ལ་སོགས་པ། །མི་བདག་ལ་གནོད་བྱེད་ཀྱི་ཐེའུ་རང་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། དེ་ནས་བ་དན་མ་སོགས་ཀྱི་དམིགས་པ་དང་འདོན་བསྒོམ་སྦྲག་ལ། ཧཱུྃ། མ་གིང་ཆེན་གིང་ཆུང་ལྕམ་དྲལ་རྣམས། །ཧ་སྒྲ་ཕཊ་སྒྲ་དི་རི་རི། །དྲག་པོའི་རྐན་སྒྲ་ཆེམས་སེ་ཆེམ། །ཤ་ཟན་ཅབ་སྒྲ་དི་རི་རི། །ཁྲག་འཐུང་ཧུབ་སྒྲ་ཀྱུ་རུ་རུ། །རུས་མུར་སླ་བ་ལྗིབས་སེ་ལྗིབ། །དགྱེས་པའི་གད་མོ་ཤ་ར་ར། །གསང་བའི་གླུ་ལེན་ཀྱུ་རུ་རུ། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་


KMC019_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཁྱོད་ཤ་ལ་དགྱེས་པས་ཤ་འདི་ཟོ། །ཤ་ཟན་ཅབ་སྒྲ་དི་རི་རི། །ལྟོག་པ་ཐམས་ཅད་ཚིམ་གྱུར་ཅིག །ཁྲག་ལ་དགྱེས་པས་ཁྲག་འདི་འཐུང་། །ཁྲག་འཐུང་ཧུབ་སྒྲ་ཀྱུ་རུ་རུ། །སྐོམ་པ་ཐམས་ཅད་ཚིམ་གྱུར་ཅིག །རུས་པ་དགྱེས་པས་རུས་འདི་མུར། །རུས་མུར་སླ་བ་ལྗིབས་སེ་ལྗིབ། །བཀྲེས་པ་ཐམས་ཅད་ཚིམ་གྱུར་ཅིག །ལྤགས་ལ་དགྱེས་པས་ལྤགས་འདི་གྱོན། །ལྤགས་གྱོན་ན་བཟའ་ལྷབས་སེ་ལྷབ། །འཁྱག་པ་ཐམས་ཅད་ཚིམ་གྱུར་ཅིག །སྔོན་ཆད་འཁོར་བ་ཐོག་མེད་ནས། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་མཁོན་འབྲེལ་ཐག་ཆོད་གྱུར་ཅིག །ཀུན་ཀྱང་ངོམ་ཞིང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། དེ་ནས་ལྷག་མ་བསྡུས་པ་ནི། སྲིད་གསུམ་བྷནྡྷ་འབར་བའི་གཏོར་གཞོང་དུ། །ལྷག་མའི་ཕུང་པོ་གླིང་བཞི་རི་རབ་ཙམ། །གཏི་མུག་ཤ་ཡི་རྩིག་པ་ཉི་ལི་ལི། །འདོད་ཆགས་ཁྲག་གི་རྒྱ་མཚོ་མེ་རེ་རེ། །ཞེ་སྡང་རུས་པའི་ཕུང་པོ་ཁྲ་ལ་


KMC019_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བདུད་རྩི་རྣམ་ལྔའི་ལོངས་སྤྱོད་བསམ་མི་ཁྱབ། །འཁོར་དུ་གཏོགས་པའི་ཌཱ་ཀི་དམ་ཅན་དང་། །སྡོང་གྲོགས་བྱེད་པའི་ལྷ་སྲིན་སྡེ་བརྒྱད་དང་། །ཕྱི་ནང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །བཀའ་ཡི་ཕ་འབབ་རྒྱ་ཆེན་འདི་ལོངས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕཊ། བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ་བ་ནི། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་འགྲོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །ཕཊ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཕཊ། གཅོད་ཡུལ་ཉམས་སུ་ལེན་པའི་གང་ཟག་གིས། །རང་སེམས་བདུད་དུ་མི་ལྟ་ཞིང་། །སྙེམ་ཐག་མ་ལུས་ཆོད་པར་ཤོག །བཟང་པོའི་ཡོན་ཏན་ཅི་བྱུང་ཡང་། །དེ་


KMC019_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རློམ་སེམས་མེད་པར་ཤོག །ངན་པའི་རྣམ་རྟོག་ཅི་བྱུང་ཡང་། །དེ་ལ་སྙེམ་བྱེད་མེད་པར་ཤོག །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཉི་མ་ཤར་བ་ལྟར། །ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཕཊ། ཀྱིས་མཚམས་སྦྱར་ཞིང་པདྨ་ཞི་ཟླུམ་མམ་དྲག་བཟླུམ་གྱི་དམིགས་པ་གང་འོས་བྱ། རང་གཞན་སྤྱན་རས་གཟིགས་ཀྱི་སྐུར་གྱུར་པར་བསམ་ལ། སྐྱོན་གྱི་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅེས་མང་དུ་བཟླས་ལ། ཕཊཿ བྱས་པས་མགྲོན་རྣམས་ཞི་དུལ་དགའ་མགུ་ཡི་རང་དང་ལྡན་པའི་ངང་ནས་རང་གནས་སུ་སོང་བར་བསམ། རང་ཡང་མཁའ་འགྲོ་དཀར་མོར་བསྒྱུར་ནས། དགེ་བ་འདི་ཡིས་མྱུར་དུ་བདག །གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །ཕཊ། བྱས་ནས་སྟོང་ཉིད་ནམ་མཁའི་དཀྱིལ་ལྟར་བཞག་པར་བྱའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་


KMC019_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གཅོད་ཀྱི་སྐོང་བ།


KMC019_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་སྐོང་བ་རྣམས་བཞུགས་པའི་དབུ་ཕྱོགས་ལགས་སོ། །


KMC019_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བསྐང་རྫས། བསྟེན་རྫས། སྒྲུབ་རྫས། ཕྱི་ཡི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ། རི་བོ་བས་འཕང་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། ལྷོ་སྤྲིན་བས་རྔམ་འཐུག་པ། ཉི་ཟླ་བས་མདངས་གསལ་བ་འདི་དག །བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་


KMC019_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་ཐུགས་དམ་གཉན་པོའི་རྒྱུད་ཡང་ནས་ཡང་དུ་བསྐོང་ནས། བདག་ཅག་འཁོར་དང་བཅས་པའི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ལོ། །གཅོད་བསྐང་ཨ་མ་གནས་འགྱུར་བཞུགས་སོ།། ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །སྐུ་ལྔའི་བདག་ཉིད་རྡོ་རྗེ་འཆང་། །ཤཱཀྱ་ཐུབ་དང་འཇམ་དཔལ་དབྱངས། །འཕགས་པ་ལྷ་དང་མི་ཕམ་མགོན། །ཕ་བརྒྱུད་ཐབས་ཀྱི་བརྒྱུད་པ་རྣམས། །ཐུགས་དམ་


KMC019_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པོ་བསྐང་བའི་ཕྱིར། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཧཱུྃ། རྣམ་དག་བདེ་ཆེན་ཕོ་བྲང་ནས། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །སྒྲོལ་མ་བདེ་བའི་དངོས་གྲུབ་མ། །སྤྲུལ་སྐུ་མ་གཅིག་ལབ་སྒྲོན་སོགས། །མ་བརྒྱུད་ཤེས་རབ་བརྒྱུད་པ་རྣམས། །ཐུགས་དམ་གཉན་པོ་བསྐང་བའི་ཕྱིར། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཧཱུྃ། སྣང་བ་ཆོས་སྐུའི་ཕོ་བྲང་ནས། །གངས་པ་དོན་གྲུབ་ཁུ་སྒོམ་དང་། །སྐྱེ་མེད་དགའ་ཡན་ལ་སོགས་པའི། །སྲས་བརྒྱུད་ཉམས་ཀྱི་བརྒྱུད་པ་རྣམས། །ཐུགས་དམ་གཉན་པོ་བསྐང་བའི་ཕྱིར། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཧཱུྃ། དངོས་གྲུབ་ཀུན་འབྱུང་ཕོ་བྲང་ནས། །ཡི་དམ་རྒྱལ་བའི་ལྷ་ཚོགས་རྣམས། །ཐུགས་དམ་གཉན་པོ་བསྐང་བའི་ཕྱིར། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བདུད་འདུལ་མ་མགོན་ལྕམ་དྲལ་


KMC019_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཐུགས་དམ་གཉན་པོ་བསྐང་བའི་ཕྱིར། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཧཱུྃ། མཆོད་པའི་གནས་མཆོག་འདི་ཉིད་དུ། །ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་ནང་མཆོད་པའི་བྱེ་བྲག་དང་། །སྣ་ཚོགས་གཟུགས་ཀྱི་རྒྱལ་མཚན་དང་། །ཤ་ཆེན་སྤོས་དང་རཀྟ་སྨན། །དཔའ་བོ་ཆང་དང་བདུད་རྩི་ལྔ། །འདོད་ཡོན་ལྔ་ཡི་གཏོར་མ་དང་། །ཐོད་རྔ་མི་རྐང་གླིང་བུ་དང་། །སྣ་ཚོགས་ཚོགས་ཀྱི་འཁོར་ལོ་དང་། །སྦྱོར་དང་སྒྲོལ་བའི་དམ་རྫས་དང་། །གདུང་བའི་དབྱངས་དང་དད་པའི་སེམས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཧཱུྃ། སྐྱེ་མེད་ཆོས་སྐུའི་གཞལ་ཡས་ནས། །འགག་མེད་ཐུགས་རྗེས་འགྲོ་བ་སྒྲོལ། །བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །འོག་མིན་ཆོས་དབྱིངས་གནས་མཆོག་ནས། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ཡུམ་ཆེན་ཕར་ཕྱིན་ཐུགས་དམ་བསྐང་། །བྱ་རྒོད་ཕུང་པོའི་རི་བོ་ན། །བཅུ་


KMC019_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མཛད་པས་འགྲོ་བ་སྒྲོལ། །བསྟན་པའི་བདག་པོའི་ཐུགས་དམ་བསྐང་། །ཤར་ཕྱོགས་སེང་གེའི་ཁྲི་སྟེང་ན། །མཁྱེན་རབ་ཕ་རོལ་ཕྱིན་པའི་མཆོག །སྨྲ་བའི་སེང་གེའི་ཐུགས་དམ་བསྐང་། །སེང་ལྡེང་ནགས་ཀྱི་གནས་མཆོག་ན། །འཇིགས་པ་བརྒྱད་སྐྱོབ་རྒྱལ་བའི་ཡུམ། །རྗེ་བཙུན་སྒྲོལ་མའི་ཐུགས་དམ་བསྐང་། །དུར་ཁྲོད་ཆེན་པོའི་གནས་མཆོག་ན། །ཟག་མེད་དངོས་གྲུབ་ཆར་ལྟར་འབེབས། །སུ་ཁ་སིདྡྷིའི་ཐུགས་དམ་བསྐང་། །རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ན། །ལུང་བསྟན་མུ་སྟེགས་རྒོལ་བ་འཇོམས། །ཨཱཪྻ་དེ་ཝའི་ཐུགས་དམ་བསྐང་། །སྐོར་གསུམ་དིང་རི་གླང་འཁོར་ན། །མི་ཕམ་དབང་ཕྱུག་སྤྲུལ་པའི་སྐུ། །དམ་པ་སངས་རྒྱས་ཐུགས་དམ་བསྐང་། །རུ་མཚམས་དཔལ་གྱི་སྤང་ལུང་ན། །སྐྱེ་མེད་སྙིང་པོའི་དོན་སྟོན་པའི། །པུནྱ་གུ་རུའི་ཐུགས་དམ་བསྐང་། །ཟངས་རི་དཔལ་གྱི་གནས་མཆོག་ན། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོལ་མའི་


KMC019_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་། །བཀྲ་ཤིས་གླང་ལུང་རི་ཁྲོད་ན། །རྐྱེན་ངན་མཆོག་གི་དངོས་གྲུབ་བརྙེས། །རྗེ་གླང་ལུང་པ་ཡི་ཐུགས་དམ་བསྐང་། །གོང་མ་དཔལ་གྱི་དགོན་པ་ན། །བདུད་བཞི་ཟིལ་གནོན་འགྲོ་རྣམས་སྒྲོལ། །ཛྙཱ་ན་ཛྭ་ལའི་ཐུགས་དམ་བསྐང་། །ཙཱ་རི་ཏྲ་ཡི་གནས་མཆོག་ན། །བྱིན་རླབས་འབད་སྩོལ་མེད་པའི་མཆོག །གནམ་མཚོ་དོ་པའི་ཐུགས་དམ་བསྐང་། །བདེ་ཆེན་ལྗོངས་ཀྱི་རི་ཁྲོད་ན། །མཁྱེན་རབ་རྨད་བྱུང་རྒྱལ་བའི་སྲས། །རང་བྱུང་རྡོ་རྗེའི་ཐུགས་དམ་བསྐང་། །ལྷ་ཕུ་གངས་ཀྱི་རི་ཁྲོད་ན། །སྤྱོད་མཆོག་མཆོག་གི་དངོས་གྲུབ་བརྙེས། །བསམ་གཏན་རིན་ཆེན༴ །ལྷ་གཞུ་དཔལ་གྱི་གནས་མཆོག་ན། །དུས་གསུམ་མི་འགྱུར་རྡོ་རྗེའི་སྐུ། །དགེ་འདུན་རྒྱལ་མཚན༴ །རིན་ཆེན་གླིང་གི་དགོན་པ་ན། །མཚན་མ་ལས་འདས་རྣལ་འབྱོར་པ། །ཀུན་དགའ་རྒྱལ་མཚན༴ །གཉན་ས་ཕྱོགས་རིས་མེད་པ་ན། །བདེ་སྡུག་ལམ་ཁྱེར་ས་ལམ་


KMC019_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། །ཡེ་ཤེས་སེང་གེའི༴ །གནས་གསུམ་རི་བོའི་ཁོང་སོགས་ན། །རླུང་སེམས་དབང་ཐོབ་འགྲོ་བའི་མགོན། །རས་ཆེན་ཆོས་དར༴ །མོས་གུས་ཚད་མེད་ཕོ་བྲང་ན། །ཟག་མེད་ཕ་རོལ་ཕྱིན་པ་སྟོན། །ཚུལ་ཁྲིམས་ཡེ་ཤེས༴ །དག་སྣང་མཆོག་གི་རི་ཁྲོད་ན། །དུས་གསུམ་སངས་རྒྱས་ཐུགས་ཀྱི་སྲས། །རྗེ་བཙུན་རས་པའི་ཐུགས་དམ་བསྐང་། །ཡུམ་དོན་སྙིང་པོའི་ས་ལ་གཤེགས། །ཕ་རོལ་ཕྱིན་བཅུའི་ཕྲིན་ལས་ཅན། །བྱིན་རླབས་ཆུ་བོའི་འབྱུང་གནས་རྗེ། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། ཧཱུྃ། སྐྱེ་མེད་ཆོས་སྐུའི་གཞལ་ཡས་ན། །རྩ་བ་བརྒྱུད་པའི་བླ་མ་རྣམས། །ཐུགས་དམ་བསྐང་བར་མི་དམིགས་ཀྱང་། །ཐུགས་རྗེས་འགྲོ་བའི་དོན་མཛད་ཕྱིར། །སྒྱུ་མ་ལྟ་བུའི་རང་བཞིན་ལ། །ཕྱི་ནང་གསང་བའི་མཆོད་པ་དང་། །བླ་མེད་མཆོག་གིས་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ལྟ་བ་ལོག་པར་མ་གྱུར་ཏེ། །ལོག་ན་ཆོས་ཉིད་


KMC019_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་བསྐང་། །བསྒོམ་པ་ནོར་ནི་མ་ནོར་ཏེ། །ནོར་ན་སེམས་ཉིད་དོན་གྱིས་བསྐང་། །སྤྱོད་པ་འཁྲུལ་ནི་མ་འཁྲུལ་ཏེ། །འཁྲུལ་ན་རྟེན་འབྲེལ་ཟབ་མོས་བསྐང་། །དམ་ཚིག་ཉམས་ནི་མ་ཉམས་ཏེ། །ཉམས་ན་བདེ་ཆེན་ཚོགས་ཀྱིས་བསྐང་། །ཉམས་ཆགས་མ་ལུས་མཐོལ་ལོ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཧཱུྃ། རང་བྱུང་ཆོས་འབྱུང་གཞལ་ཡས་ན། །སྣ་ཚོགས་པད་ཉི་རོ་ཡི་སྟེང་། །དུས་གསུམ་སངས་རྒྱས་སྐྱེད་བྱེད་ཡུམ། །ལབ་སྒྲོན་བདེ་ཆེན་རྣལ་འབྱོར་མ། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །འགྱུར་མེད་ཆོས་སྐུའི་རང་བཞིན་ལས། །འགགས་མེད་ཐུགས་རྗེས་དོན་མཛད་ཕྱིར། །སྣ་ཚོགས་ཕྲིན་ལས་རྒྱུན་མི་འཆད། །ཁྲོ་ཚུལ་འགྲོ་བ་དབང་དུ་སྡུད། །བསྐང་ངོ་༴ ཆོས་ཉིད་མི་འགྱུར་སྐུ་མདོག་ནག །བདུད་གཞི་རྩད་གཅོད་གྲི་གུག་གཡས། །མཁའ་འགྲོ་དབང་སྡུད་ཐོད་ཁྲག་གཡོན། །བསྐང་ངོ་༴ ཁམས་གསུམ་


KMC019_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པའི་སྤྱན་གསུམ་ལྡན། །སྐྱེ་འཆི་རྩད་གཅོད་མཆེ་བ་གཙིགས། །ཁ་ཊྭཱཾ་ག་ལ་གར་གྱིས་འཁྱུད། །སྒེག་ཅིང་ལང་ཚོ་བྷ་ག་རྒྱས། །བསྐང་ངོ་༴ འགྲོ་དོན་རྫོགས་མཛད་དབུ་སྐྲ་གྲོལ། །སྐུ་ལྔ་ལྷུན་གྲུབ་ཐོད་སྐམ་ལྔ། །ཐོད་རློན་ལྔ་བཅུའི་འདུ་བྱེད་དག །ཕར་ཕྱིན་དྲུག་མཚོན་རུས་པས་བརྒྱན། །བསྐང་ངོ་༴ བདེ་སྟོང་གཉིས་མེད་རོལ་པ་ལས། །ཡེ་ཤེས་མེ་དཔུང་ཀློང་དཀྱིལ་ན། །སྲིད་ཞིའི་མཐའ་གནོན་བརྐྱང་བསྐུམ་བཞུགས། །སངས་རྒྱས་རིགས་ཀྱི་ཕྱག་རྒྱ་མོ། །བསྐང་ངོ་༴ ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ན། །དཀར་མོ་ཞི་བའི་ཕྲིན་ལས་གཙོ། །ཞེ་སྡང་འཇོམས་མཛད་ཁྲོ་མོའི་སྐུ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་མོ། །བསྐང་ངོ་༴ ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་ན། །སེར་མོ་རྒྱས་པའི་ཕྲིན་ལས་གཙོ། །ང་རྒྱལ་འཇོམས་མཛད་ཁྲོ་མོའི་སྐུ། །རིན་ཆེན་རིགས་ཀྱི་ཕྱག་རྒྱ་མོ། །བསྐང་ངོ་༴ ནུབ་ཀྱི་ཕྱོགས་ཀྱི་དུར་ཁྲོད་ན། །དམར་མོ་དབང་གི་ཕྲིན་ལས་གཙོ། །འདོད་ཆགས་


KMC019_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་མཛད་ཁྲོ་མོའི་སྐུ། །པདྨ་རིགས་ཀྱི་ཕྱག་རྒྱ་མོ། །བསྐང་ངོ་༴ བྱང་གི་ཕྱོགས་ཀྱི་དུར་ཁྲོད་ན། །ལྗང་མོ་དྲག་པོའི་ཕྲིན་ལས་གཙོ། །ཕྲག་དོག་འཇོམས་མཛད་ཁྲོ་མོའི་སྐུ། །ལས་ཀྱི་རིགས་ཀྱི་ཕྱག་རྒྱ་མོ། །བསྐང་ངོ་༴ བྱང་ཤར་མཚམས་ཀྱི་དུར་ཁྲོད་ན། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །གཟུགས་ཕུང་རྣམ་དག་བྱམས་པའི་ངང་། །ཕྲིན་ལས་སྣ་ཚོགས་སྒྲུབ་པའི་ཕྱིར། །བསྐང་ངོ་༴ ནུབ་བྱང་མཚམས་ཀྱི་དུར་ཁྲོད་ན། །ཐམས་ཅད་མཁའ་འགྲོ་ཁམས་གསུམ་བདག །འདུ་བྱེད་གནས་གྱུར་བཏང་སྙོམས་ངང་། །འགྲོ་བ་མ་ལུས་དབང་དུ་སྡུད། །བསྐང་ངོ་༴ ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་ན། །སྣ་ཚོགས་མཁའ་འགྲོ་དངོས་གྲུབ་བདག །འདུ་ཤེས་གནས་གྱུར་དགའ་བའི་ངང་། །ཚེ་དང་ལོངས་སྤྱོད་རྒྱས་མཛད་ཕྱིར། །བསྐང་ངོ་༴ ཤར་ལྷོ་མཚམས་ཀྱི་དུར་ཁྲོད་ན། །དམ་ཚིག་མཁའ་འགྲོ་བདེ་ཆེན་བདག །ཚོར་བ་རྣམ་དག་སྙིང་རྗེའི་ངང་། །


KMC019_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ཉམས་མྱོང་རྒྱས་མཛད་ཕྱིར། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། ཧཱུྃ། ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ན། །དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །བདེ་གཤེགས་ཀུན་ཡུམ་སྟོང་གསལ་དབྱིངས། །མ་གཅིག་མཁའ་འགྲོའི་ལྷ་ཚོགས་རྣམས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བར་མི་དམིགས་ཀྱང་། །སྒྱུ་མ་ལྟ་བུའི་རང་བཞིན་ལས། །ཕྱི་ནང་གསང་བའི་མཆོད་པ་དང་། །བླ་མེད་མཆོག་གིས་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ལྟ་བ་ལོག་པར་མ་གྱུར་ཏེ། །ལོག་ན་ཆོས་ཉིད་དབྱིངས་སུ་བསྐང་། །བསྒོམ་པ་ནོར་ནི་མ་ནོར་ཏེ། །ནོར་ན་སེམས་ཉིད་དོན་གྱིས་བསྐང་། །སྤྱོད་པ་འཁྲུལ་ནི་མ་འཁྲུལ་ཏེ། །འཁྲུལ་ན་རྟེན་འབྲེལ་ཟབ་མོས་བསྐང་། །དམ་ཚིག་ཉམས་ནི་མ་ཉམས་ཏེ། །ཉམས་ན་བདེ་ཆེན་ཚོགས་ཀྱིས་བསྐང་། །ཉམས་ཆགས་མ་ལུས་མཐོལ་ལོ་བཤགས། །ཕྱི་ནང་བར་ཆད་


KMC019_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཟློག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཧཱུྃ། རང་བཞིན་རྣམ་དག་འོག་མིན་གནས་མཆོག་ནས། །ཆོས་ཉིད་སྟོང་པའི་ངང་ལས་མ་གཡོས་ཀྱང་། །དམིགས་མེད་ཐུགས་རྗེས་འགྲོ་བའི་དོན་དུ་ནི། །སྤྲུལ་པའི་སྐུ་མཆོག་བཙོ་མ་གསེར་གྱི་མདོག །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ཐུགས་དམ་བསྐང་། །ཤར་ཕྱོགས་འཇིག་རྟེན་ཞིང་ཁམས་སུ། །རྒྱལ་བ་མ་ལུས་སྐྱེད་པའི་ཡབ། །སངས་རྒྱས་དཀོན་མཆོག་འབྱུང་གནས་དཔལ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ལྷོ་ཕྱོགས་འཇིག་རྟེན་ཞིང་ཁམས་སུ། །ཟག་མེད་སེམས་ཅན་མ་ལུས་མགོན། །སངས་རྒྱས་མྱ་ངན་མེད་པའི་དཔལ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ནུབ་ཕྱོགས་འཇིག་རྟེན་ཞིང་ཁམས་སུ། །འགྲོ་བའི་རེ་སྐོང་སྣང་བར་མཛད། །སངས་རྒྱས་རིན་ཆེན་འོད་འཕྲོའི་དཔལ། །འཁོར་དང་བཅས་པའི༴ བྱང་ཕྱོགས་འཇིག་རྟེན་ཞིང་ཁམས་སུ། །


KMC019_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་རྒྱལ་བ་ཀུན་གྱི་མཆོག །སངས་རྒྱས་རྒྱལ་བའི་དབང་པོའི་དཔལ། །འཁོར་དང་བཅས༴ བྱང་ཤར་འཇིག་རྟེན་ཞིང་ཁམས་སུ། །རྒྱལ་བ་ཀུན་གྲོལ་ཞི་བའི་ངང་། །སངས་རྒྱས་ཏིང་འཛིན་གླང་པོའི་དཔལ། །འཁོར་དང་༴ ཤར་ལྷོ་འཇིག་རྟེན་ཞིང་ཁམས་སུ། །མ་ཆགས་དྲི་མེད་པདྨའི་སྤྱན། །སངས་རྒྱས་པདྨོ་དམ་པའི་དཔལ། །འཁོར་དང་༴ ལྷོ་ནུབ་འཇིག་རྟེན་ཞིང་ཁམས་སུ། །ཡེ་ཤེས་ཀུན་ཁྱབ་སྣང་བའི་འོད། །སངས་རྒྱས་ཉི་སྣང་དམ་པའི་དཔལ། །འཁོར་དང་༴ ནུབ་བྱང་འཇིག་རྟེན་ཞིང་ཁམས་སུ། །མི་འཕྲོག་སྐྱོབ་པ་བླ་ན་མེད། །སངས་རྒྱས་གདུགས་ཀྱི་དམ་པའི་དཔལ། །འཁོར་དང་བཅས༴ སྟེང་ཕྱོགས་འཇིག་རྟེན་ཞིང་ཁམས་སུ། །ཐུགས་རྗེས་སྐྱོབ་པ་འགྲོ་བའི་མགོན། །སངས་རྒྱས་དགའ་བ་དམ་པའི་དཔལ། །འཁོར་དང༴ འོག་ཕྱོགས་འཇིག་རྟེན་ཞིང་ཁམས་སུ། །སངས་རྒྱས་པདྨོ་དཔལ་བཞུགས་ཏེ། །ཆགས་པའི་སྐྱོན་རྣམས་


KMC019_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་མཛད་པ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། ཧཱུྃ། སྐྱེ་མེད་ཆོས་སྐུའི་ཕོ་བྲང་ན། །འགག་མེད་བདེ་སྟེར་ཡུམ་ཆེན་མོ། །སྲས་མཆོག་ཕྱོགས་བཅུའི་སངས་རྒྱས་རྣམས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བ་མི་དམིགས་ཀྱང་། །སྒྱུ་མ་ལྟ་བུའི་རང་བཞིན་ལས། །ཕྱི་ནང་གསང་བའི་མཆོད་པ་དང་། །བླ་མེད་མཆོག་གིས་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ལྟ་བ་ལོག་པར་མ་གྱུར་ཏེ། །ལོག་ན་ཆོས་ཉིད་དབྱིངས་སུ་བསྐང་། །བསྒོམ་པ་ནོར་ནི་མ་ནོར་ཏེ། །ནོར་ན་སེམས་ཉིད་དོན་གྱིས་བསྐང་། །སྤྱོད་པ་འཁྲུལ་ནི་མ་འཁྲུལ་ཏེ། །འཁྲུལ་ན་རྟེན་འབྲེལ་ཟབ་མོས་བསྐང་། །དམ་ཚིག་ཉམས་ནི་མ་ཉམས་ཏེ། །ཉམས་ན་བདེ་ཆེན་ཚོགས་ཀྱིས་བསྐང་། །ཉམས་ཆགས་མ་ལུས་མཐོལ་ལོ་བཤགས། །ཕྱི་ནང་བར་ཆད་ཐམས་ཅད་བཟློག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཧཱུྃ།


KMC019_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཐུགས་དམ་བསྐང་བ་ནི། །དཔལ་རྡོ་རྗེ་འཛིན་པའི་བཀའ་ཉན་ཚོགས། །མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །དཔལ་དུར་ཁྲོད་བདག་པོ་ལ་སོགས་པའི། །གཅོད་ཀྱི་བཀའ་སྲུང་ཐུགས་དམ༴ སྤྱང་ཞོན་མཆེད་གསུམ་ལ་སོགས་པའི། །ཞིང་སྐྱོང་ཌཱ་ཀིའི༴ དབང་པོ་བརྒྱ་བྱིན་ལ་སོགས་པའི། །ཕྱི་རྒྱུད་ཆོས་སྐྱོང༴ ཀླུ་རྒྱལ་ལག་སྐྱོང་ལ་སོགས་པའི། །མ་གཅིག་བཀའ་སྲུང་༴ ཟངས་རི་བཙན་དམར་ལ་སོགས་པའི། །སྣང་སྲིད་ལྷ་འདྲེའི༴ སྟོང་གསུམ་གཞི་བདག་ལ་སོགས་པའི། །གནས་པོ་གཞི་བདག་རྣམས་ཀྱི༴ ཉམས་ཆགས་མ་ལུས་མཐོལ་ལོ་བཤགས། །རྐྱེན་ངན་བར་ཆད་ཐམས་ཅད་བཟློག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཅོད་ཡུལ་བརྒྱུད་པའི་བསྐང་བ་ཨ་མ་གནས་འགྱུར་མཚལ་དཀར་ཆོས་ཀྱི་གྲགས་པས་སྐྱོ་ངོས་རང་གི་རི་ཁྲོད་དུ་མཛད་པའོ། །གཅོད་སྐོང་ནོར་བུའི་བང་མཛོད་ཅེས་བྱ་བ་ནི། སྨྲ་བསམ་བརྗོད་པའི་ཡུལ་ལས་


KMC019_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །སྐྱེ་མེད་ཆོས་དབྱིངས་ནམ་མཁའི་ཀློང་། །སྣ་ཚོགས་སྤྲུལ་པས་འགྲོ་བ་འདྲེན། །ཆོས་སྐུ་ཡུམ་ཆེན་ཐུགས་དམ་བསྐང་། །ཤཱཀྱ་རིགས་འཁྲུངས་སྙིགས་དུས་འདིར། །གཞན་གྱིས་མི་ཐུབ་བདུད་ཀྱི་སྡེ། །ཕམ་པར་མཛད་ནས་བྱང་ཆུབ་བརྙེས། །ཤཱཀྱ་ཐུབ་པའི༴ རྒྱལ་བ་ཀུན་གྱི་སྐུ་ཡི་མཛོད། །འཛིན་མཛད་སེང་གེའི་ཁྲི་ལ་བཞུགས། །སྨྲ་བའི་སེང་གེ་མཚུངས་པ་མེད། །འཇམ་དཔལ་དབྱངས་ཀྱི༴ སྟོང་པ་ལས་བྱུང་ཐུགས་རྗེའི་གཏེར། །བདེ་གཤེགས་ཡུམ་གྱུར་འཕགས་མ་རྗེ། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་མ། །རྗེ་བཙུན་སྒྲོལ་མའི༴ ལྷན་ཅིག་སྐྱེས་པའི་དོན་རྟོགས་ཤིང་། །ཟག་མེད་བདེ་བ་ཆེན་པོ་བརྙེས། །སྐུ་བཞིའི་བདག་ཉིད་འགྲོ་བའི་དཔལ། །སུ་ཁ་སིདྡྷིའི༴ སྙིང་པོའི་དོན་ལ་མངའ་བརྙེས་ཤིང་། །བསྟན་པའི་དཔལ་གྱུར་ཆོས་ཀྱི་རྗེ། །སྙིགས་མའི་དུས་སུ་འགྲོ་དོན་མཛད། །ཨཱཪྻ་དེ་ཝའི༴ དུས་གསུམ་སངས་རྒྱས་ཐམས་ཅད་


KMC019_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན། །འགྲོ་བའི་མགོན་པོ་མཚུངས་པ་མེད། །རྒྱ་གར་བཀའ་བབས་བོད་དུ་བླངས། །དམ་པ་སངས་རྒྱས༴ ལྷན་སྐྱེས་རང་བཞིན་ཆོས་ཀྱི་དབྱིངས། །མ་འགག་སྒྱུ་མའི་གར་གྱིས་རོལ། །རྣམ་འཕྲུལ་ཏིང་འཛིན་བསམ་མི་ཁྱབ། །ལབ་ཀྱི་སྒྲོལ་མའི༴ ཟབ་མོའི་དོན་གཟིགས་གྲུབ་པ་བརྙེས། །བོད་ཡུལ་ཆོས་ཀྱི་སྒྲོན་མེ་སྦར། །ཕ་རོལ་ཕྱིན་པའི་དོན་ལ་མཁས། །ཁམ་བུ་ཡ་ལེའི༴ ཟབ་ལམ་རྡོ་རྗེ་ཐེག་པའི་བཅུད། །ཉམས་སུ་བླངས་ནས་གྲུབ་པ་བརྙེས། །གནམ་མཚོ་ཕྱུག་མོས་དངོས་གྲུབ་ཕུལ། །གནམ་མཚོ་དོ་པའི༴ སྙིགས་མའི་དུས་ན་ཆོས་ཀྱི་རྗེ། །བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །འཛམ་གླིང་བསྟན་པའི་དཔལ་གྱུར་པ། །རང་བྱུང་རྡོ་རྗེའི༴ བྱམས་དང་སྙིང་རྗེའི་རྩ་བ་བརྟན། །བདེ་དང་སྟོང་པའི་ཡལ་གས་ཕྱུག །དཔག་བསམ་ལྗོན་ཤིང་གང་འདོད་སྟེར། །སེང་གེ་དཔལ་བའི༴ ཏཻ་ལོ་ཆེན་པོའི་རྣམ་པར་འཕྲུལ། །སྙིང་པོའི་དོན་ལ་རྩེ་གཅིག་


KMC019_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། །སྒྲུབ་ནས་དངོས་གྲུབ་ཐམས་ཅད་བརྙེས། །དབང་ཕྱུག་རྡོ་རྗེའི༴ ཐབས་ཤེས་སྐྱ་བ་ལེགས་འཛིན་ཅིང་། །ཕྲིན་ལས་གྲུ་ཡིས་འགྲོ་ཀུན་སྒྲོལ། །འགྲོ་བའི་དེད་དཔོན་མཚུངས་པ་མེད། །རཏྣ་ཤྲཱིའི༴ བསྟེན་ན་དངོས་གྲུབ་རྣམ་གཉིས་སྟེར། །རང་གཞན་དོན་གཉིས་གྲུབ་པའི་དཔལ། །ཡིད་བཞིན་ནོར་བུ་བླ་མ་རྗེ། །བྱམས་པ་དཔལ་བའི༴ ལྷན་ཅིག་སྐྱེས་པའི་རང་བཞིན་སྐུ། །ཟབ་གསལ་གཉིས་སུ་མེད་པ་ཡི། །ཤེས་དང་ཤེས་བྱའི་བདག་ཉིད་ཅན། །འོད་ཟེར་རྒྱལ་མཚན༴ འཕོ་མེད་བདེ་བའི་རོས་ཚིམ་ནས། །ཟག་མེད་མཆོག་གི་དགའ་བ་ཐོབ། །སྐུ་དང་ཡེ་ཤེས་མངོན་དུ་གྱུར། །བུདྡྷ་རཏྣའི༴ སྟོན་པའི་རྟགས་འཆང་ཡོན་ཏན་རྫོགས། །མདོ་རྒྱུད་བསྟན་བཅོས་ཀུན་ལ་མཁས། །སྐྱེ་མེད་ཤེས་རབ་ཕར་ཕྱིན་སྟོན། །འགག་མེད་འགྲོ་ཀུན་ཐར་ལམ་འདྲེན། །ཀུན་དགའ་རྣམ་རྒྱལ༴ བདུད་བཞི་ཟིལ་གནོན་བརྟུལ་ཞུགས་སྤྱོད། །སྙན་བརྒྱུད་


KMC019_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པའི་གསང་མཛོད་འཛིན། །སྐལ་ལྡན་སྨིན་མཛད་སྤྲུལ་པའི་སྐུ། །རྩ་བརྒྱུད་བླ་མའི་༴ བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །ཕྱི་ནང་གསང་བའི་དཀྱིལ་འཁོར་ལྷ། །ཡུམ་མཆོག་རྡོ་རྗེ་ཕག་མོ་སོགས། །ཡི་དམ་རྣམས་ཀྱི༴ སྟོན་པའི་བསྟན་པ་རིན་པོ་ཆེ། །སྲུང་མཛད་ཆོས་སྐྱོང་སྲུང་མའི་ཚོགས། །མ་བཞིན་སེམས་པའི་མ་མགོན་གཉིས། །ཕྱི་ནང་ཆོས་སྐྱོང་ཐུགས་དམ་བསྐང་། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཅེས་པ་འདི་རཏྣ་ཤྲཱིས་བསྐུལ་ངོར་སི་ཏུ་ནོར་བུ་བསམ་འཕེལ་གྱིས་མཛད་པའི་ཁ་བསྐང་དུ་གཅོད་ཡུལ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་འཆིང་བ་དང་བྲལ་བ་གུ་རུ་དྷརྨ་ཀིརྟིས་བདེ་ཆེན་ལྷུན་གྲུབ་གླིང་དུ་བགྱིས་པའོ།། །། ༈ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བསྐང་རྫས། བརྟེན་རྫས། སྒྲུབ་རྫས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་སྤྲིན་ནམ་མཁའི་མཐའ་དང་མཉམ་པ་འདི་དག་བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དམ་གཉན་པོའི་རྒྱུད་ཡང་ནས་ཡང་


KMC019_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྐོང་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཧཱུྃ། ཕྱག་རྒྱ་ཆེན་པོའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། ཧཱུྃ། གསང་བའི་དུར་ཁྲོད་གནས་བརྒྱད་ནས། །གྲུབ་ཐོབ་ཕོ་མོ་འཁོར་བཅས་རྣམས། །ཚོགས་དང་༴ ཐུགས་དམ༴ ཧཱུྃ། ཆོས་དབྱིངས་བདེ་བ་ཆེན་པོ་ནས། །འཁོར་ལོ་བདེ་མཆོག་འཁོར་བཅས་རྣམས། །ཚོགས་དང་༴ ཐུགས་དམ༴ ཧཱུྃ། ཨོ་རྒྱན་རང་བྱུང་དུར་ཁྲོད་ནས། །གསང་བ་ཡེ་ཤེས་འཁོར་བཅས་རྣམས། །ཚོགས་དང༴ ཐུགས་དམ༴ ཧཱུྃ། ཤར་ཕྱོགས་གསང་བའི་དུར་ཁྲོད་ནས། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་༴ ཐུགས་དམ༴ ཧཱུྃ། ལྷོ་ཕྱོགས་གསང་བའི་དུར་ཁྲོད་ནས། །རིན་ཆེན་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་༴ ཐུགས་དམ༴ ཧཱུྃ།


KMC019_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཕྱོགས་གསང་བའི་དུར་ཁྲོད་ནས། །པདྨ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང༴ ཐུགས་དམ༴ ཧཱུྃ། བྱང་ཕྱོགས་གསང་བའི་དུར་ཁྲོད་ནས། །ལས་ཀྱི་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང༴ ཐུགས་དམ༴ ཧཱུྃ། གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་༴ ཐུགས་དམ༴ ཧཱུྃ། འཇིག་རྟེན་སྣ་ཚོགས་དུར་ཁྲོད་ནས། །སྣ་ཚོགས་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་༴ ཐུགས་དམ༴ ཧཱུྃ། བདུད་འདུལ་ཆེན་པོའི་ཕོ་བྲང་ནས། །ཡེ་ཤེས་ཆོས་སྐྱོང་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །བཤགས་པ་ནི་ཐལ་མོ་སྦྱར་ལ། ཧཱུྃ། ཕྱག་རྒྱ་ཆེན་པོའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་


KMC019_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །གསང་བའི་དུར་ཁྲོད་གནས་བརྒྱད་ནས། །གྲུབ་ཐོབ་ཕོ་མོ་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཆོས་དབྱིངས་བདེ་བ་ཆེན་པོ་ནས། །འཁོར་ལོ་བདེ་མཆོག་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཨོ་རྒྱན་རང་བྱུང་དུར་ཁྲོད་ནས། །གསང་བ་ཡེ་ཤེས་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །


KMC019_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་གསང་བའི་དུར་ཁྲོད་ནས། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ལྷོ་ཕྱོགས་གསང་བའི་དུར་ཁྲོད་ནས། །རིན་ཆེན་མཁའ་འགྲོ་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ནུབ་ཕྱོགས་གསང་བའི་དུར་ཁྲོད་ནས། །པདྨ་མཁའ་འགྲོ་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །བྱང་ཕྱོགས་གསང་བའི་དུར་ཁྲོད་ནས། །ལས་ཀྱི་མཁའ་འགྲོ་འཁོར་བཅས་རྣམས། །


KMC019_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །འཇིག་རྟེན་སྣ་ཚོགས་དུར་ཁྲོད་ནས། །སྣ་ཚོགས་མཁའ་འགྲོ་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །བདུད་འདུལ་ཆེན་པོའི་ཕོ་བྲང་ནས། །ཡེ་ཤེས་ཆོས་སྐྱོང་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་


KMC019_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། ༈ ཨོཾ། སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཕྱི་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ནང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསང་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །མཆོག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཆོག་ལྷག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །མཐོལ་ལོ་མཐོལ་ལོ་ཡི་དམ་ལྷ་ལ་མཐོལ། །བཤགས་སོ་བཤགས་སོ་སྲུང་མ་གཉན་ལ་བཤགས། །བདག་གི་གཡར་དམ་ཉམས་པ་སྐོང་མཛོད་ལ། །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ།། །།ཐམས་ཅད་མཁྱེན་གཟིགས་ལྷ་རྣམས་


KMC019_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ། །ཐོག་མ་མེད་པའི་དུས་ནས་བདག་ཅག་གིས། །དུག་གསུམ་དབང་གིས་ལུས་ངག་ཡིད་གསུམ་གྱིས། །སྡོམ་གསུམ་རྒྱལ་བའི་བཀའ་ལས་འདས་གྱུར་པ། །ཉེས་ལྟུང་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས། །སླན་ཆད་མི་བགྱིད་མྱོང་བར་མ་གྱུར་ཅིག །སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཆགས་ཉམས། རིགས་དྲུག་གི་འཁྲུལ་སྣང་། བག་ཆགས་ཀྱི་ས་བོན། སྡོམ་པ་གསུམ་གྱི་ཞིག་རལ། ཉེས་ལྟུང་དྲི་མའི་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་མ་འདི་ཉིད་ལ་བྱང་ཞིང་དག་པ་རྒྱ་ཆེན་པོ་མཛད་དུ་གསོལ་ལོ།། ༈ །།གནས་ཆོས་དབྱིངས་རྣམ་དག་གི་ཕོ་བྲང་ནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ཆོས་ཀྱི་སྐུ། །ཁྱེད་དཔའ་བོ་དང་མཁའ་འགྲོའི་དབུས་ན་བཞུགས། །ཞི་རྒྱས་དབང་དྲག་ལྷ་ཚོགས་དང་། །དམ་ཅན་མཁའ་འགྲོ་རིགས་ལྔ་དང་། །དཔའ་བོ་དཔའ་མོ་ཆོས་སྐྱོང་དང་། །ལས་བྱེད་ཤ་ཟ་ཁྲག་


KMC019_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་དང་། །ཕོ་ཉ་སྲོག་གཅོད་ཤན་པ་རྣམས། །སྔོན་གྱི་ཐུགས་དམ་བསྐང་བ་བཞིན། །དོ་ནུབ་གནས་འདིར་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །བླ་མ་ཡི་དམ་རྣམས་ཀྱི་ཐུགས༴ དཔའ་བོ་དཔའ་མོ་རྣམས་ཀྱི༴ ཆོས་སྐྱོང་མ་མགོན་ལྕམ་དྲལ་རྣམས་ཀྱི་ཐུགས༴ རྒྱལ་ཆེན་ནོར་ལྷའི་ཚོགས་ཀྱི༴ སྡེ་བརྒྱད་ཡུལ་ལྷའི་ཚོགས་ཀྱི༴ ཀླུ་གཉན་ས་བདག་རྣམས་ཀྱི༴ རིགས་དྲུག་ཕ་མ་རྣམས་ཀྱི༴ ལན་ཆགས་བགེགས་རིགས་རྣམས་ཀྱི༴ གྲི་བོ་རབ་ཆད་རྒྱལ་འགོང་རྣམས་ཀྱི༴ དམ་སྲི་སྲིན་མོ་འདྲེ་མོ་རྣམས་ཀྱི༴ ཁྱེད་རྣམས་ཐུགས་དམ་བསྐང་བའི་དམ་རྫས་ནི། །འདོད་ཡོན་ཞལ་ཟས་ཚོགས་ཀྱིས་ཐུགས༴ ལོངས་སྤྱོད་རིན་ཆེན་གཏེར་གྱིས༴ གཏི་མུག་ཀོ་རོ་ཙ་ནས༴ ཞེ་སྡང་ཙིཏྟ་སྙིང་གིས་ཐུགས༴ འདོད་ཆགས་གསང་གནས་ཁྲག་གིས༴ ཤ་ཁྲག་


KMC019_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྙིང་གཏོར་མས༴ འབྲུ་བཅུད་ཕུད་ཀྱི་བདུད་རྩིས༴ ཁྲག་དང་ཞག་གི་རྒྱ་མཚོས༴ ཤ་ཆེན་ལྔ་ཡི་རི་བོས༴ གསང་བ་རྐང་གི་གླིང་བུས༴ ཐོད་པ་ལྟག་སྤྲོད་རྔ་སྒྲས༴ རྔ་དུང་ཆ་ལང་རོལ་མོ་སྒྲ་སྙན་རྣམས་ཀྱིས༴ བྷནྡྷ་བདུད་རྩིའི་བཅུད་ཀྱིས༴ ཚིལ་ཆེན་རྐང་གི་ཞུན་མར༴ རུས་པའི་རྒྱན་དྲུག་ཕྲེང་བས༴ ལྡེམ་འཁྱུག་འཁྲིལ་སྦྱོར་གར་གྱིས༴ ན་བཟའ་ལྷབ་ལྷུབ་དར་གྱིས༴ གདུང་བའི་དབྱངས་སྙན་སྣ་ཚོགས་རྣམས་ཀྱིས༴ སྤྱན་གཟིགས་སྣ་ཚོགས་མཛེས་པས༴ ཁྱེད་ཀྱི་ཐུགས་དམ་བདག་གིས་བསྐང་། །བདག་གི་ཉམས་ཆགས་ཁྱེད་ཀྱིས་གསོས། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བསྐང་བ་འདི་རུ་མདའ་གྲུབ་ཐོབ་དཔལ་ལྡན་རིན་ཆེན་གྱིས་མཛད་པའོ། །སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་


KMC019_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

རྒྱུན་ཁྱེར་གྱི་ལུས་སྦྱིན་བསྡུས་པ།


KMC019_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཁྱེར་གྱི་ལུས་སྦྱིན་བསྡུས་པ་བཞུགས་སོ། །


KMC019_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཁྱེར་སོགས་ལ་ལུས་མཆོད་སྦྱིན་བསྡུས་པ་བྱེད་པར་སྤྲོ་ན། སྐྱབས་ཡུལ་གསལ་བཏབ་ནས། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། འཆི་བདག་གི་བདུད། གནས་གདོན་ལུས་གདོན་དྲིན་ཅན་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཅད་བླ་ན་མེད་པའི་ཡུམ་ཆེན་མོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བྱའོ། །དེ་ནས་དབང་སྡུད་ཞི་སྡུས་ནི། ཕཊཿ རང་ཉིད་


KMC019_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་ཡུལ་ཆེན་མོ་གསེར་གྱི་མདོག་ཅན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། ཕྱག་བཞིའི་དང་པོས་རྡོ་རྗེ་གླེགས་བམ། འོག་མ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པར་གྱུར། རྐང་དུང་གི་ཁ་ལག་མཐིལ་དུ་ལན་གསུམ་བརྡབ་ཅིང་། འབྱུང་པོ་ཕྲན་བུ་ཉམ་ཆུང་བ་རྣམས་མ་སྐྲག་ཅིག །མ་སྔངས་ཤིག །ཤིན་ཏུ་མ་སྔངས་ཤིག །དེ་ནས་རྐང་དུང་ལན་གསུམ་འབུད་པའི་དང་པོ། ཡུམ་ཆེན་མོའི་སྐྱེ་མེད་ཆོས་ཀྱི་རང་སྒྲས་ཁམས་གསུམ་དུ་ཐོས་པར་བསམས་ལ། ཀྱཻ་ཡ་གི་སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི་


KMC019_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཉོན་ཅིག །ཐམས་ཅད་ཀྱིས་དུང་ངེར་ཉན་པར་བསམས་ལ་གཅིག་འབུད། འཻ་ཐམས་ཅད་འདིར་འདུས་ཤིག །ཐམས་ཅད་འུབས་སེ་འདུས་པར་བསམ་ལ་གཅིག་འབུད། ཐམས་ཅད་མྱུར་དུ་འདུས་ཤིག །མྱུར་དུ་དཔུང་ངེར་འདུས་པར་བསམ་ལ་གཅིག་འབུད། བདེ་རིམ་ལ་ནི་དེས་ཆོས་སྨྱོན་པ་སོགས་ནད་གདོན་དྲག་པོ་འདུལ་ན་དྲག་སྡུད་བྱ་སྟེ། །སྐྱབས་འགྲོ་སེམས་བསྐྱེད་ནི། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། འཆི་བདག་གི་བདུད། གནས་གདོན་ལུས་གདོན་དྲིན་ཅན་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ༴ མ་གནས་གསུམ་གྱི་མཁའ་འགྲོ་རྣམས་ལ༴ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ༴ རིགས་ལྔའི་བདེ་བར་གཤེགས་པ་རྣམས་


KMC019_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལ༴ རིགས་གསུམ་གྱི་མགོན་པོ་རྣམས་ལ༴ བླ་མ་རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ༴ བཀའ་བརྒྱུད་པའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ༴ དྲིན་ཅན་རྩ་བའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ༴ རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། བསྐྱབ་ཏུ་གསོལ། སྐྱབས་འོག་དམ་པ་ན་ཚུད་པར་མཛད་དུ་གསོལ། བདག་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བརྟེན་ནོ། ཆོས་ལ་བརྟེན་ནོ། དགེ་འདུན་ལ་བརྟེན་ནོ། སེམས་ཅན་རྣམས་ཀྱི་ལུས་དགེ་བར་གྱུར་ཅིག །ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག །ནད་རིགས་བཞི་བརྒྱ་རྩ་བཞི་བྱང་བར་གྱུར་ཅིག །གློ་བུར་དགུ་བཅུ་གོ་གཅིག་ལས་ཐར་བར་གྱུར་ཅིག །ཡེ་འགྲོགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པར་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རང་སར་ཞི་བར་གྱུར་ཅིག །རང་སར་དག་པར་གྱུར་ཅིག །


KMC019_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རང་སར་སྟོངས་པར་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་འགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ༈ །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསྐྱེད་པ་རྣམས་ནི་དྲན་པར་བགྱི། །དྲན་པ་རྣམས་ནི་རྒྱ་ཆེར་


KMC019_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་། ༈ །མདུན་གྱི་ནམ་མཁའི་གནས་སུ་དྲིན་ཅན་རྩ་བའི་བླ་མ་དང་མ་གཅིག་ལབ་ཀྱི་སྒྲོན་མ་ཐ་དད་མེད་པ། སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ཅན། ཞལ་གཅིག་ཕྱག་གཉིས། གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་བ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་བར་སྣང་ལ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་དུ་བཅིངས་ཤིང་ལྷག་མ་སྐུ་རྒྱབ་ཏུ་གྲོལ་བ། སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེ་བརྒྱན་གྱིས་རྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་ཀྱིས་བཞུགས་པ་ལ་བཀའ་རྒྱུད་ཉམས་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། གཡས་སུ་དམ་པ་སངས་རྒྱས་ལ་ཕ་རྒྱུད་ཐབས་ཀྱི་བརྒྱུད་པས་བསྐོར་བ། གཡོན་དུ་རྗེ་བཙུན་མ་ལྷ་ལྔ་ལ་མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པས་བསྐོར་བ། སྟེང་དུ་བསྟན་པའི་གཙོ་བོ་ལ་གཉིས་མེད་དོན་གྱི་བརྒྱུད་པས་བསྐོར་བ། དེའི་


KMC019_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཐོག་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ་གཅིག་གི་གདན་འོག་ཏུ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ། ལྷ་ཚོགས་དེ་དག་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་གཅོད་ཡུལ་བརྒྱུད་པའི་སྐྱབས་གནས་ཐམས་ཅད་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཅེས་དང་། ཚོགས་བསགས་ཡན་ལག་བརྒྱད་པ་བྱ་སྟེ། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཤཱཀྱའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཐུབ་པ་དེ་ལ་ཕྱག་འཚལ་ལོ། །སྐྱེ་བ་བདུན་དུ་འགྲོ་དོན་མཛད། །དམ་པ་དེ་ལ་ཕྱག༴ མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་སྐུ་ལ༴ རང་


KMC019_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཡེ་ཤེས་སྟོན་མཛད་པའི། །ཕ་བླ་མ་རྣམས་ལ༴ དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་ལྷ་ལ༴ སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས་ལ༴ གང་ལ་ཕུལ་བ་དོན་ཡོད་པའི། །དགེ་འདུན་རྣམས་ལ༴ གཞོན་ནུའི་མཛེས་ཚུལ་ཡོན་ཏན་ལྡན། །འཇམ་པའི་དབྱངས་ལ༴ སྙིང་རྗེས་ངེས་པར་གང་བ་ཡི། །སྤྱན་རས་གཟིགས་ལ༴ མཐུན་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བགེགས་དང་ལོག་འདྲེན་འཇོམས་མཛད་པ། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། །ཁྱེད་རྣམས་ལ་ནི་གསོལ་བ་འདེབས། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །བཀའ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྐུ་མྱ་ངན་མི་འདའ་བཞུགས་གསོལ་


KMC019_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །དགེ་བ་སེམས་ཅན་གྱི་དོན་དུ་བསྔོ། །ཞེས་བརྗོད། གནས་སྡིག་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དམིགས་པ་བཅས། ག་ཏེའི་སྔགས་བཟླ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། དེ་ནས་གཞུང་དོན་ལྟར་ན། ལུས་ཤེལ་གོང་ལྟར་ཡོངས་སུ་དག་པའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲོས་ལ། སྐུ་གསུང་ཐུགས་ཡོན་ཏན་གྱི་ཕྱག་རྒྱའི་མཆོད་པ་འབུལ་བ་ནི། སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས༴ སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པ༴ གསུང་འགག་པ་མེས་པའི༴ སྟོང་གསུམ་རབ་འབྱམས༴ ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །ཐུགས་འཁྲུལ་བ་མེད་པའི༴ སྟོང་གསུམ་རབ་འབྱམས༴ བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །བཀྲ་ཤིས་ཕྱག་རྒྱའི་མཆོད་པ་འབུལ། །བདེ་ན་བདེ་བ་


KMC019_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་ཁྱབ་པར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག །ཕཊ། དེ་ནས་འཕོ་བ་ནམ་མཁའ་སྒོ་འབྱེད་རྒྱས་བསྡུས་གང་རུང་བྱས་ལ། ལུས་མཎྜལ་དུ་འབུལ་བའི་དམིགས་པ་གཞུང་ལྟར་གསལ་བཏབ་ནས། པགས་པ་གསེར་གྱི་ས་གཞི་ལ། །སོར་མཛུབ་ལྕགས་རིས་བསྐོར་བའི་དབུས། །མགོ་བོ་ཁོག་ཟོམ་རི་རབ་ལ། །མིག་གཉིས་ཉི་མ་ཟླ་བས་བརྒྱན། །ལྡེང་བཞི་གླིང་བཞིར་བཅས་པ་སོགས། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །བྱིན་གྱིས་བརླབ་ཕྱིར་བཞེས་སུ་གསོལ། །སྦྱིན་གཏོང་དཀར་འགྱེད་ཀྱི་དམིགས་པ་སྐོར་གསུམ་དང་། དམར་འགྱེད་ཀྱི་སྐབས་སུ་འབོད་ཐུང་དུ་གྲགས་པ་ནི། ན་མོ། གནས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང་། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་


KMC019_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤོག །བར་སྣང་ཆར་པ་བཞིན་དུ་བབས་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཅེས་པ་ཙམ་མམ། ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཐེག་པ་རིམ་དགུ་ཐོབ་པར་ཤོག །དབང་པོ་རྣམ་ལྔའི་མཆོད་པ་འབུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཁྱོད་རིངས་པ་རྣམས་ཀྱིས་རློན་པ་ཟོ། །དལ་བ་རྣམས་ཀྱིས་ཚོས་ལ་ཟོ། །རིངས་དང་མི་རིངས་བྱེ་བྲག་གིས། །བཙོས་བསྲེགས་རློན་པ་གང་བདེར་ཟོ། །ལྟོ་བོ་ཆེ་རྣམས་འགྲངས་ཚད་ཟོ། །ཤེད་པོ་ཆེ་རྣམས་ཁྱག་ཚད་ཁུར། །སེང་གེ་ཤ་ལ་རོལ་བ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །ཕཊ། ཅེས་སོ། །དེ་ནས་བརྒྱུད་པ་ཡོངས་རྫོགས་ཀྱི་གསོལ་འདེབས་བསྡུས་པ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་


KMC019_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གཉིས་མེད་དོན་གྱི་བརྒྱུད་པ་ལ་གསོལ༴ སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ༴ གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ༴ སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ༴ འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོགས་པར་བྱིན་གྱིས་རློབས། །འབྱུང་བཞིས་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས༴ འགལ་རྐྱེན་ནད་གདོན་བར་ཆད་ལ། །རོ་སྙོམས་ནུས་པར་བྱིན༴ སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །རང་ངོ་ཤེས་པར་བྱིན༴ རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན༴ སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་གྱི་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཕཊ། གནས་བསྲེ་བ་གསུམ་བྱས་ལ། ལུས་ཚོགས་སུ་འབུལ་བ་ནི། ཨོཾ་མ་གཅིག་མ་ལ་གསོལ་བ་འདེབས། །ཨཱཿམ་གཅིག་མ་ལ༴ ཧཱུྃ་མ་གཅིག་མ་ལ༴ ཡི་གེ་གསུམ་གྱིས་བྱིན་གྱིས་རློབས། །ཡི་གེ་


KMC019_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་ཀྱིས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །ཅེས་བྱིན་གྱིས་བརླབས་ལ། རང་ལུས་ཤ་ཁྲག་ཕུང་པོ་འདི། །བདག་ཏུ་འཛིན་པའི་བློ་སྤངས་ནས། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །ཟག་མེད་བདུད་རྩིར་སྤེལ་བ་འདིས། །དྲིན་ཅན་རྩ་བའི་བླ་མ་མཆོད། །ཕྱི་ནང་བརྒྱུད་པའི་བླ་མ་མཆོད། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་མཆོད། །བྱང་སེམས་ཉན་རང་ཆེ་རྣམས་མཆོད། །བསྟན་སྲུང་མ་མགོན་ལྕམ་དྲལ་མཆོད། །ཕོ་ཉ་བྱེ་བ་དུང་ཕྱུར་མཆོད། །འཇིག་བརྟེན་སྐྱོང་བའི་མཐུ་ཆེན་མཆོད། །སྣང་སྲིད་ལྷ་འདྲེ་དྲེགས་བྱེད་མཆོད། །སྟོང་གསུམ་སྟོང་གི་གཞི་བདག་མཆོད། །ཁྱད་པར་འདིར་གནས་ལྷ་འདྲེ་མཆོད། །འགྲོ་བ་རིགས་དྲུག་གི་སེམས་ཅན་མཆོད། །ཐོག་མེད་དུས་ཀྱི་ལན་


KMC019_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མཆོད། །རྒྱ་ཆེན་མཆོད་པ་འདི་ཡི་མཐུས། །སངས་རྒྱས་བསྟན་པ་དར་གྱུར་ཅིག །བླ་མའི་ཐུགས་དགོངས་རྫོགས་གྱུར་ཅིག །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །དྲེགས་ཅན་དམ་ལ་གནས་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་འཁོན་འབྲེལ་ཐག་ཆོད་གྱུར་ཅིག །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ། ཅེས་རང་བྱུང་ཞབས་ཀྱི་གསུང་ལུས་སྦྱིན་ལ་ཁ་བསྒྱུར་བ་འདིས་བསྟབ་པ་བྱ། སྲིད་གསུམ་བྷཉྫ་འབར་བའི་གཏོར་གཞོང་དུ། །ལྷག་མའི་གཏོར་མ་གླིང་བཞིའི་རི་རབ་ཙམ། །གཏི་མུག་ཤ་ཡི་རྩིག་པ་ཉི་ལི་ལི། །འདོད་ཆགས་ཁྲག་གི་རྒྱ་མཚོ་མེ་རེ་རེ། །ཞེས་སྡང་རུས་པའི་ཕུང་པོ་ཁྲ་ལ་ལ། །བདུད་རྩི་རྣམ་ལྔའི་ལོངས་སྤྱོད་བསམ་མི་ཁྱབ། །འཁོར་དུ་གཏོགས་པའི་ཌཱ་ཀི་དམ་ཅན་དང་། །སྡོང་གྲོགས་བྱེད་པའི་ལྷ་སྲིན་སྡེ་བརྒྱད་དང་། །ཕྱི་ནང་བགེགས་རིགས་སྟོང་


KMC019_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བརྒྱད་ཅུའི་ཚོགས། །བཀའ་ཡི་ཕ་འབབ་རྒྱ་ཆེན་འདི་ལོངས་ལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཕཊ། ཅེས་ལྷག་ལ་དབང་བ་རྣམས་ལ་ལྷག་མ་བྱིན། དེ་ནས་བསྔོ་སྨོན་གྱི་རིམ་པ་ནི། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག ། ༈ །བདག་གིས་ལུས་མཆོད་སྦྱིན་བྱས་པའི་དགེ་བའི་རྩ་བ་དང་། །བདག་གིས་བྱང་ཆུབ་ཀྱི་སེམས་ཀྱིས་ལྷ་འདྲེ་རྣམས་རྗེས་སུ་བཟུང་བའི་དགེ་བའི་རྩ་བ་དང་། །གཞན་ཡང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་ཅིག་བྱས་པ་དེ་ཐམས་ཅད་ལྷ་འདྲེ་གདུག་པ་ཅན་ལ་སོགས་པའི་ཁམས་གསུམ་སེམས་ཅན་གྱི་དོན་དུ་བསྔོ་བར་བགྱིའོ། །


KMC019_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བསྔོས་པའི་མཐུ་ལ་བརྟེན་ནས་ལྷ་འདྲེ་གདུག་པ་ཅན་ལ་སོགས་པ་ཁམས་གསུམ་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག །སྐྱེ་བ་མེད་པ་ཡུམ་གྱི་དགོངས་པ་ལ་མངའ་བརྙེས་ནས་རྒྱལ་བ་ཐམས་ཅད་ཀྱི་ཡབ་རིགས་རྣམས་ཀུན་གྱི་བདག་པོ་ཁྱབ་བདག་རྡོ་རྗེ་འཆང་གི་ས་ཐོབ་པར་གྱུར་ཅིག །དེ་ལྟ་བུའི་གོ་འཕང་ཐོབ་ནས་ཀྱང་ཕྲིན་ལས་ཀྱི་སྒོ་སྣ་ཚོགས་ཀྱི་སྒོ་ནས་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །གཅོད་ཡུལ་ཉམས་སུ་ལེན་པའི་གང་ཟག་གིས། །རང་སེམས་བདུད་དུ་མི་ལྟ་བར། །སྙེམ་ཐག་མ་ལུས་ཆོད་པར་ཤོག །བཟང་པོའི་ཡོན་ཏན་ཅི་བྱུང་ཡང་། །དེ་ལ་རློམས་སེམས་མེད་པར་ཤོག །ངན་པའི་རྣམ་རྟོག་ཅི་བྱུང་ཡང་། །དེ་ལ་སྙེམ་བྱེད་མེད་པར་ཤོག །དམ་ཆོས་བདུད་ཀྱི་གཅོད་ཡུལ་


KMC019_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །མཁའ་ལ་ཉི་མ་ཤར་བ་ལྟར། །ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཕཊ། ཅེས་བརྗོད། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱིས་བཀྲ་ཤིས་ཤོག །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ཀྱི་བཀྲ་ཤིས་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་བུ་སློབ་དར་ཞིང་རྒྱས་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །འགྲོན་རྣམས་དགའ་མགུ་དང་ལྡན་པས་རང་གནས་སུ་གཤེགས་པར་བསམ། ཚོགས་ཞིང་གི་ལྷ་ཚོགས་རང་ལ་བསྡུ། རང་གཞན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ལ་ཁྱེར་སོ་གསུམ་གྱིས་རྒྱས་གདབ་ཅིང་ཡིག་དྲུག་མང་དུ་བགྲང་། ཇོ་


KMC019_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བོ་སྐྱོན་གྱི་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེ་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གྲངས་མང་བརྗོད་ལ། ཕཊཿཕཊཿ བདག་གི་ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་ཁ་རག་པ་ཙམ། དྲི་ཚོར་བ་ཙམ་གྱིས་ན་བ་ལ་ཕན། ཤི་བ་སོས། རྒས་པ་དར། ཕོ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག །ཕཊཿ ཕཊཿ ལན་ཆགས་གདོན་བགེགས་དང་རིགས་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་མགྲོན་པོ་རང་ཁྱིམ་དུ་སོང་བ་ལྟར་རང་རང་གི་གནས་སུ་སོང་བར་དམིགས། ཕཊཿ ཕཊཿ སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཕཊཿ ཕཊཿ ཕཊཿ ན་མོ་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་


KMC019_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གྱི་གོ་འཕང་ཐོབ་པར་ཤོག །ཕཊཿ ཕཊཿ འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །ས་རྦ་བྷུ་ཏ་གཙྪ་གཙྪ།། །།དགེ་བ་འདི་ཡིས་མྱུར་དུ་བདག །གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །འགྲོ་ཀུན་དེའི་གོ་འཕང་ལ་དབུགས་དབྱུང་བའི་སྨོན་ལམ་ཡང་བྱའོ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་


KMC019_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ལྦ་ཏེ་ཨ་པ་རི་མི་ཏཱ་ཨ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུ་ངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །དེ་བཞིན་དུ། ཚུལ་ཁྲིམས༴ བཟོད་པ༴ བརྩོན་འགྲུས༴ བསམ་གཏན༴ ཤེས་རབ༴ རྣམས་ལའང་རིགས་འབྲེལ་བར་བྱའོ། གཟུངས་བསྡུས་ནི། ཨོཾ་ཨ་མ་ར་ཎི་ཛི་ཝནྟ་ཡེ་སྭཱ་ཧཱ། སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་


KMC019_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་པ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ལུས་སྦྱིན་དམར་འགྱེད།


KMC019_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཅོད་ཀྱི་ཚོགས་མཆོད་སྐབས་སུ་ནད་པ་སོགས་གལ་ཆེན་ལ་དགོས་པ་བྱུང་ན་ཚོགས་ཀྱི་བསྟབ་པའི་མཐར་སྦྱར་བའམ། ལུས་སྦྱིན་ཙམ་གྱི་སྐབས་སུའང་རུང་བའི་ཅུང་ཟད་དྲག་པོའི་ཚུལ་གྱི་དམར་འགྱེད་བྱེད་པར་སྤྲོ་ན་བསྲེ་འཕོ་སོགས་མན་ངག་ལྟར་བྱས་ནས། དབང་སྡུད་ནི། ཕཊ། སྐད་ཅིག་གིས་བདག་ཉིད་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་རབ་ཏུ་གཙིགས་པ། སྤྱན་གཡས་ཉི་མའི་དཀྱིལ་འཁོར་དམར་སྒ་ར་ར་བྱེད་པ། གཡོན་ཟླ་བའི་དཀྱིལ་འཁོར་ངང་ཀྱི་ལི་ལི་བྱེད་པ། དབུས་ཉི་ཟླ་གའུ་དམར་ནག་ཁྲུག་ཁྲུག་ཏུ་འདུག་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། གནམ་ལྕགས་ཀྱི་རལ་པ་ནག་པོས་ས་གཞི་ཁྱབ་པ། རལ་པའི་གསེབ་ནས་ཕག་ཞལ་ནག་པོ་གྱེན་དུ་ངུར་བ་ཁམས་གསུམ་གྱི་ལྷ་འདྲེ་དབང་དུ་སྡུད་པ། ཕ་གཟེ་ལ་ཡེ་ཤེས་ཀྱེ་མེ་འབར་བས་བདུད་དཔུང་ཐམས་ཅད་སྲེག་པར་བྱེད་པ། ཕྱག་གཡས་མི་ལྤགས་ཀྱི་


KMC019_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གཞི་ཁྲག་དམར་ཙ་རེ་བ་ནམ་མཁའི་དབྱིངས་གཡུག་པས་ཁམས་གསུམ་གྱི་ལྷ་འདྲེ་དབང་དུ་སྡུད་པ། གཡོན་པས་མི་རྐང་གི་གླིང་བུ་འབུད་པས་སྲིད་པ་གསུམ་གྱི་ལྷ་འདྲེ་ཟིལ་གྱིས་གནོན་པ། གྲུ་མོ་ན་ཁ་ཊྭཾ་ག་བཅུག་པ་གླང་ཆེན་ཀྱི་ཀོ་རློན་གྱིས་སྟོད་གཡོགས་པ། ཞིང་ལྤགས་ཀྱི་གཡང་གཞི་སྐེད་པ་དཀྲིས་པ། སྟག་གི་པགས་པས་ཤམ་ཐབས་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པདྨ་ཉི་མ་རོའི་གདན་ལ་གར་སྟབས་ཀྱིས་བཞུགས་པ། དབུ་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་སླེབས་པ། ཞབས་ན་རཀ་རྡོ་རྗེའི་གདན་ལ་ཐུག་པ། ལྟོ་བ་ནས་ཉི་མ་དང་ཟླ་བ་ཤར་བ། སྐུ་སྟོད་ཀྱིས་ལྷ་ཁམས་དབང་དུ་སྡུད་པ། སྐུ་སྨད་ཀྱི་ཀླུ་ཁམས་དབང་དུ་སྡུད་པ། སྐེད་པས་གཉན་ཁམས་དབང་དུ་སྡུད་པ། དེའི་ཐུགས་ཀ་ནས་སྤྲུལ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་མ་དཀར་མོ། ཞགས་པ་མ་སེར་མོ། ལྕགས་སྒྲོག་མ་


KMC019_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོ། དྲིལ་བུ་མ་ལྗང་གུ། གཞན་ཡང་ཁྲོས་མ་ནག་མོ་མི་ལྤགས་ཀྱི་གཡང་གཞི་དང་མི་རྐང་གི་གླིང་བུ་འབུད་པ་ཉི་ཟེར་གྱི་རྡུལ་འཚུབ་པ་ལྟར་ཕྱོགས་བཅུར་འཕྲོས་པས་འགུགས་པའི་ལས་མཛད་པར་གྱུར། དེ་ནས་ཅུང་ཟད་སྤྲོ་ན། བདེན་སྟོབས་ཀྱིས་གདོན་དགུག་པ་ནི། ན་མོ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམ་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཁྱད་པར་དུ་བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ་བདེན༴ མ་གཅིག་ཁྲོས་མ་ནག་མོ་རིགས་བཞི་མཁའ་འགྲོའི་ལྷ་ཚོགས་རྣམས་ཀྱི་བཀའ༴ དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་བདག་འཛིན་རྣམ་པར་རྟོག་པའི་དགྲ་བོ། ཕོ་གདོན་རྒྱལ་པོ། མོ་གདོན་འདྲེ་མོ། ཟ་འདྲེ་ཤི་གཤེད། རོ་བབ་གཤེད་འཁྱམས། མགོ་གཡོགས་མགོ་སྐོར།


KMC019_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ལོག་འཕར་ལྡང་བྱེད་པ་ཐམས་ཅད་འདིར་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། །ཕཊ་ཕཊ་ཕཊ། རྐང་གླིང་འབུད། དེ་ལྟར་བདེན་སྟོབས་བརྗོད་པའམ་མི་བརྗོད་ཀྱང་རུང་འབོད་རིང་དུ་གྲགས་པ་འདི་བྱ་སྟེ། ཀྱེ། འདུས་ཤིག་འདུས་ཤིག་ཤ་ཟ་འདུས། །དབུགས་ལེན་ཐམས་ཅད་འདིར་འདུས་ཤིག །བཤའ་བཞུར་རོ་ཡི་རྩ་འདིར་འདུས། །ཤ་བགོས་རོག་ལ་སླེབ་པར་གྱིས། །ཁྱེད་རྣམས་ང་ཡི་ཕ་མ་སྟེ། །བུ་ཡི་ཤ་ཁྲག་རོལ་དུ་བྱོན། །ཁྱེད་རྣམས་དྲིན་ཆེན་ཕ་མ་སྟེ། །ད་ལན་བཟང་ལན་ལེན་དུ་བྱོན། །སྔོན་ཆད་ལུས་འདི་གཅེས་པར་བཟུང་། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །ད་ནི་མི་ཆགས་སྟོན་མོར་འགྱེད། །མགྲོན་རིགས་སྲིད་རྩེ་མན་ཆད་ནས། །ན་རག་དམྱལ་བ་ཡན་ཆད་ལ། །གནས་པའི་ལྷ་དང་ལྷ་མ་ཡིན། །ཕོ་བདུད་ལས་ཀྱི་རྒྱལ་འགོང་འདུས། །མོ་བདུད་ལས་ཀྱི་བསེན་མོ་འདུས། །ཕོ་བདུད་ས་བདག་ཀླུ་གཉན་འདུས། །མོ་བདུད་འདྲེ་མོ་སྲིན་མོ་འདུས། །སྲིད་པ་ཡི་ནི་འདྲེ་དགུ༴


KMC019_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་གི་གདོན་བཅུ༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ གཙོ་བོའི་གདོན་ཆེན་བཅོ་བརྒྱད༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ༴ གློ་བུར་དགུ་བཅུ་རྩ་གཅིག་འདུས། །འདིར་ཤོག་འདིར་འདུས་ཤ་ཁྲག་རོལ། །སྤྱི་བོ་ཚངས་བུག་མན་ཆད་ནས། །རྐང་མཐིལ་སེན་མོ་ཡན་ཆད་ལ། །ཁོ་བོས་ཆགས་ཞེན་མི་བྱེད་པས། །ཤ་ཟོ་ཁྲག་འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ལུས་འདིའི་ཕྱི་ནང་ཐམས་ཅད་ཀྱི། །བཟའ་ཉན་བཅའ་ཉན་གང་གདའ་ལ། །ཐམས་ཅད་བག་ཕོབ་ཚིམ་པར་གྱིས། །ཞི་བར་གྱིས་ཤིག་བརླག་པར་གྱིས། །ཕུང་བར་གྱིས་ཤིག་རྩད་ནས་ཆོད། །ཐུལ་ཅིག་ཆོམ་ཞིག་བདག་ལ་ཡ། །ཕཊ། ཅེས་བློ་སྦྱོང་མཚོན་ཆ་འཁོར་ལོ་ནས་བྱུང་བ་འདིའམ། ཡང་ན་འབོད་ཐུང་དུ་གྲགས་པ། ན་མོ་གནས་གཉན་ས་སོགས་བརྗོད། དེ་ནས་ས་བདག་དྲུག་སྦྱོར་གྱི་དམིགས་པ་གཞིར་བཞག་ནས། གཡག་སྡེ་པཎ་ཆེན་གྱིས་མཛད་པའི་གདོན་ཚོགས་དགུ་མར་གྲགས་པའི་


KMC019_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བསྟབ་པ་བྱ་བ་ནི། མདུན་དུ་བྱད་མ་ལྷ་སྲུང་དང་བཅས་པ། དེའི་གཡས་སུ་རྒྱལ་པོའི་ངོ་བོ་བནྡེ་སག་ཞུ་ཅན་ལ། རྒྱལ་པོའི་དམག་ཚོགས་ཀྱིས་བསྐོར་བ་གཡོན་དུ་འདྲེ་མོ་གཡུའི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན། འདྲེ་མོའི་དམག་ཚོགས་ཀྱིས་བསྐོར་བ། མདུན་དུ་ས་བདག་གི་རྒྱལ་པོ་སྦལ་པ་ལག་པ་དགུ་པ་ལ་ས་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཉ་ལྕགས་ཀྱི་ཟེ་བ་ཅན་ལ་ཉ་རིགས་བྱེ་བ་དུང་ཕྱུར་བསྐོར་བ། འོག་ཏུ་ཀླུ་བདུད་སྦྲུལ་མགོ་དགུ་པ་ལ་ཀླུ་རིགས་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། སྟེང་དུ་གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ་གཟའ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། དེའི་ཕྱི་རོལ་དུ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་ཚོགས་ཀྱིས་བསྐོར་བར་བསམས་ལ། ཧཱུྃ། མ་བན་ཆེན་བརྒྱ་དང་མི་རིགས་འབུམ། །ཤན་པ་སྤུ་གྲི་ཐོགས་པ་སྟོང་། །ལས་བྱེད་བསམ་གྱིས་མི་ཁྱབ་པའི། །མི་བདག་ལ་གནོད་བྱེད་ཀྱི་བྱད་མ་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་


KMC019_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཕཊ། རྒྱལ་པོ་པེ་དཀར་བེ་ནག་དང་། །ཁྱི་སྐྱ་ཁྱི་དམར་བྱ་རྒན་དང་། །སྲིད་པ་ཡི་ནི་འདྲེ་དགུ་དང་། །གཙུག་ལག་ཁང་གི་གདོན་བཅུ་སོགས། །མི་བདག་ལ་གནོད་བྱེད་ཀྱི་རྒྱལ་འགོང་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་སོགས། །འགྲེ། །ཕཊ། དཔལ་ལྡན་ལྷ་མོ་ནག་མོ་དང་། །བརྟན་མ་བཅུ་གཉིས་ལ་སོགས་པའི། །མ་མོ་མཁའ་འགྲོ་ཤུག་འགྲོ་དང་། །དམ་སྲི་ལྟེ་ཕུར་ནག་མོ་སོགས། །མི་བདག་ལ་གནོད་བྱེད་ཀྱི་འདྲེ་མོ་དང་། །སྤྱིར་སྣང་ཞིང་སྲིད་པའི་སོགས། །ཕཊ། གཟའ་བདུད་ནག་པོ་མགོ་དགུ་དང་། །ཉི་མ་ལ་སོགས་གཟའ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བཀའ་སྡོད་གདོང་མོ་མཆེད་བཞི་སོགས། །མི་བདག་ལ་གནོད་བྱེད་ཀྱི་གཟའ་བདུད་དང་། །སྤྱིར་སྣང་ཞིང་སྲིད་སོགས། །ཕཊ། །ཀླུ་བདུད་ནག་པོ་སྲོག་ཟན་དང་། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང་། །དམངས་རིགས་གདོལ་པ་ལ་སོགས་པའི། །མི་བདག་


KMC019_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་བྱེད་ཀྱི་ཀླུ་དམག་དང་། །སྤྱིར་སྣང་ཞིང་སྲིད་པའི་སོགས། །ཕཊ། བདུད་རྗེ་ནག་མོ་བཀྲག་མེད་དང་། །བདུད་པོ་རེ་ཏེ་མགོ་ཉག་དང་། །ཁྭ་ཏ་འདྲེ་ཡུག་འཁོར་དང་བཅས། །བདུད་དམག་བྱེ་བ་དུང་ཕྱུར་སོགས། །མི་བདག་ལ་གནོད་བྱེད་ཀྱི་བདུད་དམག་དང་། །སྤྱིར་སྣང་ཞིང་སོགས། །ཕཊ། བཙན་རྗེ་ཤུ་བ་སྲོག་ལེན་དང་། །བཙན་རྒོད་ཧུར་པ་སྡེ་བཞི་དང་། །མགྱོགས་པའི་མི་བརྒྱད་ཁ་ཤོ་དང་། །ཁ་བཞི་གདོང་བརྒྱད་ལ་སོགས་པའི། །མི་བདག་ལ་གནོད་བྱེད་ཀྱི་བཙན་དམག་དང་། །སྤྱིར་སྣང་ཞིང་སོགས། །ཕཊ། དམ་སྲི་མེ་སྟག་དམར་པོ་དང་། །སྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང་། །ཆུང་སྲི་གནོད་བྱེད་རྨུག་འདྲེ་སོགས། །མི་བདག་ལ་གནོད་བྱེད་ཀྱི་དམ་སྲི་དང་། །སྤྱིར་སྣང་ཞིང་སོགས། །ཕཊ། རྡོ་རྗེ་ལེགས་པ་མན་ཆད་དང་། །ཐེའུ་རང་ཕྲ་མོ་ཡན་ཆད་དང་། །མང་སྣ་ཨུ་ཝེར་འཁོར་དང་བཅས། །ཐེལ་མོ་རྣ་རྡུམ་ལ་སོགས་པ། །མི་བདག་ལ་གནོད་


KMC019_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཐེའུ་རང་དང་། །སྤྱིར་སྣང་ཞིང་སོགས། །ཕཊ། མ་གིང་ཆེན་གིང་ཆུང་ལྕམ་དྲལ་རྣམས། །ཧ་སྒྲ་ཕཊ་སྒྲ་དི་རི་རི། །དྲག་པོའི་སྐད་སྒྲ་ཆེམས་སེ་ཆེམ། །ཤ་ཟན་ཅབ་སྒྲ་དི་རི་རི། །ཁྲག་འཐུང་ཧུབ་སྒྲ་ཀྱུ་རུ་རུ། །རྐང་རྡུང་ལྷ་བ་ལྗིབས་སེ་ལྗིབ། །དགྱེས་པའི་གད་མོ་ཤ་ར་ར། །གསང་བའི་གླུ་ལེན་ཀྱུ་རུ་རུ། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འབུལ། །སྣང་སྲིད་ལྷ་འདྲེའི་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཅེས་བརྗོད་དོ། །འདིར་མ་གིང་ཆེན་གིང་ཆུང་སོགས་བརྗོད་པའི་ཚེ་ཁྱིམ་གཏད་ཀྱི་དམིགས་པ་བྱེད་ན་ཚོགས་གཞུང་དང་མཆོད་སྦྱིན་ཙམ་ལའང་ལྷག་མའི་རྗེས་སུ་དམར་འགྱེད་རྒྱས་པ་འདི་བྱ་བ་ཡིན་ཞིང་། །དེ་ལྟར་མ་བྱེད་ཚེ་ལྷག་མའི་གོང་དུ་བསྟབ་པའི་མཐར་བྱ་དགོས་པ་སྐབས་ཐོར་གྱིས་འཕྲུལ་ཤེས་པར་བྱའོ། །གཞན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི །ཁྱེར་སོ་གསུམ་གྱིས་རྒྱས་གདབ་ཅིང་ཡིག་དྲུག་མང་དུ་བགྲང་། །འགྲོ་


KMC019_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དེའི་གོ་འཕང་ལ་དབུགས་དབྱུང་བའི་སྨོན་ལམ་ཡང་བྱའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གཅོད་ལུགས་ཉེར་མཁོ་ཆངས་བུ་བརྒྱ་རྩའི་ཕྱག་ལེན་འགྲིགས་ཆགས་སུ་བཀོད་པ།


KMC019_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ལུགས་ཉེར་མཁོ་ཆངས་བུ་བརྒྱ་རྩའི་ཕྱག་ལེན་འགྲིགས་ཆགས་སུ་བཞུགས་སོ། །


KMC019_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཛྙཱ་པཱ་ར་མི་ཏ་ཡེ། །ཡུམ་ཆེན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཆངས་བུ་བརྒྱ་རྩའི་འདོན་འགྲིགས་བཀོད་པ་ལ། དགོངས་པས་ཁྲེལ་ལ་བཀའ་གནང་བྱིན་གྱིས་རློབས། དེ་ལ་དང་པོ་ནད་པའི་ལུས་བཀྲུས་པའི་ཆངས་བུ་བརྒྱ་རྩ་བརྒྱད་བྱས་ལ། དེ་ལ་ཤ་དུམ་ལྷན། སྣོད་གཅིག་ཏུ་ནད་པའི་ཁྲུས་ཆུ་བཞག་ལ། དེ་ནས་གཅོད་ཚོགས་ཡིན་ན་བསྟབ་པའི་སྐབས་སུ་བྱ། འཕྲལ་དུ་ཡིན་ན་ལུས་སྦྱིན་དཀར་འགྱེད་མང་ཞིག་གི་མཐར། ཕཊ། སྐད་ཅིག་གིས་སྟོང་གསུམ་འདི་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་གྱུར་པའི་དབུས་སུ། རང་ཉིད་རིག་པའི་ངོ་བོ་མ་ཅིག་ཁྲོས་མ་ནག་


KMC019_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་རྡེབ་པས་སྣང་སྲིད་དབང་དུ་སྡུད་པ། གཡོན་པས་མི་རྐང་གི་གླིང་བུ་འབུད་པས་སྲིད་གསུམ་ཟིལ་གྱིས་གནོན་ཅིང་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར། མདུན་གྱི་ནམ་མཁར་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དར་དཀར་གྱི་རལ་གསོལ་བ། དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ། ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། པདྨ་དང་ཟླ་བའི་གདན་ལ་གར་སྟབས་ཀྱིས་བཞུགས་པ།


KMC019_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མ་ཅིག་རིགས་ལྔ་ལ་སོགས་གཅོད་ཡུལ་བརྒྱུད་བའི་བླ་མས་བསྐོར་བ། དེའི་མཐའ་སྐོར་དུ་ནད་པ་འདི་ཡི་ལུས་གདོན་གནས་གདོན། ནད་ནད་བདག་དང་བཅས་པ། གདོན་སྣ་འདྲེན་དང་བཅས་པ། བགེགས་རིགས་ལན་ཆགས་ཤ་འཁོན་ཡུལ་འདྲེ་དང་བཅས་པ་ས་གཞི་གང་ནས་འཁོད་པར་གྱུར། ཕཊ་ཕཊ་ཕཊ། ནད་པའི་སྙིང་གར་རྣམ་པར་ཤེས་པའི་ངོ་བོ་ཨཱཿདཀར་པོ་གསལ་བ་དབུ་མའི་ལམ་ནས་ཐོན། རང་ཉིད་ཁྲོས་མའི་ཐུགས་ཀར་ཐིམ་པར་གྱུར། ཕཊ་ཕཊ་ཕཊ། ན་མོ་གྲུ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་ཁྲོས་མ་ནག་མོའི་བདེན་པ་དང་། མ་ཅིག་ལབ་ཀྱི་སྒྲོན་མ་རིགས་ལྔའི་བདེན་པ་དང་། རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ནད་པ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ།


KMC019_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་ནད་ལ་མི་ཕན་པར་བྱེད་པ། ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། ཡིད་ལ་རློམ་པ། བླ་ལ་ཁྱེར་བར་བྱེད་པའི་ལུས་གདོན་རྒྱབ་རྟེན་དང་བཅས་པ། ནད་ནད་བདག་དང་བཅས་པ་གདོན་སྣ་འདྲེན་དང་བཅས་པ་ཐམས་ཅད་ནད་པའི་བེམ་པོ་དང་དབྱེར་མེད་པའི་དྲི་ཆུ་ཆངས་བུ་ཤ་དུམ་ཁྲུས་ཆུ་དང་བཅས་པ་འདི་རྣམས་ལ་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ། རྐང་གླིང་འབུད། ཌཱ་དྲིལ་དྲག་ཏུ་བྱ། ཕཊ། ནད་པའི་བེམ་པོ་དང་དབྱེར་མེད་པའི་དྲི་ཆུ་ཆངས་བུ་ཤ་དུམ་འདི་ཉིད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ། རྣམ་པ་ནད་པ་དངོས་དང་འདྲ་བ། དངོས་ལས་ལྷག་པ། ཕུང་ཁམས་སྐྱེ་མཆེད་ཚང་བ་རེ་རེ་ལའང་བརྒྱ་སྟོང་གྲངས་མེད་པ་འཕྲོ་བ་འདི་ཉིད། མ་ཅིག་རིགས་ལྔ་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པ་ཕྱོགས་བཅུའི་ལྷ་འདྲེ་འབྱུང་པོ་ལན་ཆགས་གྱི་བདག་པོ་བདག་མོ་ཐམས་ཅད་ལ་སྦྱིན་ནོ། །འབུལ་ལོ། །བསྔོའོ། །ཕཊ་ཕཊ་ཕཊ། མཉེས་ཤིང་


KMC019_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམས་ནས་འཁོར་བ་ཐོག་མེད་ནས་བསགས་པའི་ལན་ཆགས་བུ་ལོན་ཤ་འཁོན་ཐམས་ཅད་བྱང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཕཊ་ཕཊ་ཕཊ། །དེ་ནས་ཁྱིམ་དུ་ཡིན་ན་ཕུད་སྐྱོགས་ཀྱི་ནང་དུ་ཆངས་བུ་ཤ་དུམ་ཁྲུས་ཆུས་བྲན་ནས། མཆོད་གཡོག་པས་བཟུང་ལ། ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི། །ཤ་ཁྲག་བདུད་རྩིའི་རྒྱ་མཚོ་འདི། །མཁའ་འགྲོ་འབུམ་སྡེའི་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ལུས་གདོན་ཕྲོལ། །གླུད་ཟན་དྲི་ཁུའི་རྒྱ་མཚོ་འདི། །ལྷན་ཅིག་སྐྱེས་པའི་བདུད་རྣམས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ཕོ་མོ་ནད་བདག་རིམས་ཡམས་བདག །གྲེ་བོ་གྲེ་མོ་ཐེའུ་རང་འགོང་། །ལན་ཆགས་བདག་པོ་ཐམས་ཅད་ལ། །དགོས་འདོད་མཁོ་དགུར་གྱུར་ནས་ཀྱང་། །ཟད་མེད་ལོངས་སྤྱོད་ཐོབ་གྱུར་ཅིག །ཕཊ་ཕཊ་ཕཊ། དེ་ནས་ཁྲུས་ཆུ་ཆངས་བུ་སྣོད་གཅིག་ཏུ་གསོག །དེ་ལྟར་ལན་བརྒྱ་རྩ་བརྒྱད་སོང་ནས། ཕཊ། མདུན་གྱི་མ་ཅིག་མི་


KMC019_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་འཇའ་ལྟར་ཡལ། །རང་དང་བསྲུང་བྱའི་སེམས་དང་མ་ཅིག་ཐུགས། །དབྱེར་མེད་ཆོས་དབྱིངས་ནམ་མཁའི་ངང་དུ་ཐིམ། །སྐྱེ་མེད་ཡུམ་ཆེན་དགོངས་པ་མངོན་གྱུར་ཅིག །ཕཊ་ཕཊ་ཕཊ། དེ་ནས་ཁྲུས་ཆུ་ཆངས་བུ་དུར་ཁྲོད་གཅིག་ཏུ་གཏོར། །གཉན་ཡིན་འཕྲལ་དུ་ཕྱོགས་ཕྱོགས་གཏོར། དེ་ཡང་མཐའ་གཏད་སྤུར་གཟུགས་བསྲེག་པ་དང་། མེའི་མཐའ་གཏད་སོགས་ལ་ཆངས་བུ་བརྒྱ་རྩ་དགོས་པས། དེ་ཉིད་ཆངས་བུ་བརྒྱ་རྩ་ཡིན་པར་འདོད་པ་མི་འཐད་དོ། །གཉན་ཆེན་མཐའ་གཏད་མེ་ཆུ་མཐའ་གཏད། འབྱུང་བའི་གཟེར་བུ་དང་བཞི་ནི་མཐའ་གཏད་ཡིན། ཚོགས་ཀྱི་བསྟབ་པ་དྲག་པོ་དང་། ཆ་དྲུག་དང་། ཆངས་བུ་བརྒྱ་རྩ་རྣམ་གསུམ་ནི་བསྟབ་པ་ཡིན་ལ། དེ་ཡང་རང་རེའི་ན་ཚ་སྡུག་བསྔལ། སྔོན་གྱི་ལན་ཆགས་ཤ་མཁོན་བྱང་ཞིང་ལྷ་འདྲེའི་འཁུ་ལྡོག་ཞི། གཉན་སར་རུང་ཞིང་ཕན་ཡོན་ཆེ། ཟུར་མང་ལུགས་ཀྱི་དམིགས་འབུམ་ཆེན་མོ་ན། འདི་ཡི་རྩ་བ་ཡོད་ཀྱང་། ཕྱག་ལེན་གྱི་བརྒྱུད་འདྲ་མིན་མང་པོ་འདུག་ཅིང་། འདོན་ཆ་གསལ་པོ་མ་བྱུང་བས། འཕྲལ་དགོས་ཞིག་ཆེད་དུ། དགེ་སློང་རཱ་ག་ཨ་སྱེས་བསྒྲིགས་པ་ཉེས་འགལ་མཆིས་ན། མ་ཅིག་མཁའ་འགྲོའི་ཚོགས་ལ་བཤགས། དགེ་བས་འགྲོ་ཕན་རྒྱ་ཆེན་འབྱུང་བར་ཤོག །གངྒ་ལཾ།།


KMC019_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ལུས་མཆོད་སྦྱིན་གྱི་ཟིན་བྲིས་མདོར་བསྡུས་ཀུན་དགའི་སྐྱེད་ཚལ།


KMC019_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་མཆོད་སྦྱིན་གྱི་ཟིན་བྲིས་མདོར་བསྡུས་ཀུན་དགའི་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ། །


KMC019_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་ཡུམ་ཆེན་མོ་ལ་ཕྱག་འཚལ་ལོ། །དེའང་གཅོད་ཡུལ་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་འཁོར་ལོ་བར་པའི་ལྟ་དགོངས། སྔགས་ཀྱི་རིག་བརྟུལ་སྤྱོད་པ་དང་རྗེས་སུ་འབྲེལ་བ། མི་འདོད་པ་དང་དུ་བླང་། རྐྱེན་ངན་ལ་ཐོག་བརྫིས་བཏང་། ལྷ་འདྲེ་རང་སེམས་སུ་རྟོགས། བདག་གཞན་མཉམ་ཉིད་དུ་ཤེས་པས་བདག་འཛིན་གྱི་སྙེམས་ཐག་བཙན་ཐབས་སུ་གཅོད་པ་སྟེ། དེ་ལྟར་མ་གོ་བར་འདྲེ་གདོན་ཐུལ་དུ་རེ་བ་དང་། སྙན་གྲགས་ཁྱད་འདོན་ཟ་ཆོག་གི་ཕྱིར་རང་


KMC019_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་འཁྲུལ་པ་དགྲར་ལྟ་བའི་ཧཱུྃ་ཧཱུྃ་ཕཊ་ཕཊ་བགྲང་ནས་རྩིང་ཐལ་གྱི་སྤྱོད་པ་སྣ་ཚོགས་ལ་ཞུགས་པ་ནི་གཅོད་ལོག་ཏུ་གྲགས་པ་ལམ་འདིའི་ནོར་ས་རྔམ་པོ་ཆེ་ཡིན་པས་ཐོག་མ་ནས་བློ་རྩེ་གཏོད་ཕྱོགས་དེ་མ་ནོར་བར་བྱ། གསར་རྙིང་ཐམས་ཅད་ལ་གྲགས་ཤིང་ལུགས་སྲོལ་ཆེས་མང་ནའང་ཟུར་མང་གི་བཀའ་སྲོལ་འདི་བཀའ་བབ་ཏུ་བརྩི་ཞིང་དོན་ལའང་གདམས་ངག་ཟབ་ལ་རྒྱས་པ་རྒྱུན་མ་ནུབ་ཅིང་རྟོགས་གོམས་གདིང་ཁེལ་བྱིན་རླབས་ཀྱི་བཀའ་མ་ཆད་པས་ཁྱད་


KMC019_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཕགས། ལུགས་འདིའི་ཚོགས་ལས་ཀྱི་དམིགས་སྐོར་སོགས་ནི་གཞན་དུ་གསལ་ལ། རྒྱུན་ཁྱེར་ལུས་སྦྱིན་སྐབས། སྔོན་འགྲོ་ལ་སེམས་བསྐྱེད། སྐྱབས་འགྲོ། ཚོགས་བསགས། སྒྲིབ་སྦྱོང་། མཆོད་འབུལ་བཅས་དོན་ཚན་ལྔ། དངོས་གཞི་ལ་འཕོ་བ། ལུས་མཎྜལ། དཀར་འགྱེད་སྐོར་གསུམ་གཅིག་ཏུ་བསྡམས། དམར་འགྱེད་རྣམས་གཅིག་ཏུ་བསྡམས། ཚོགས་ལས་བཅས་དོན་ཚན་ལྔ། རྗེས་བསྔོ་སྨོན། བསྡུ་རིམ། ལམ་ཁྱེར་བཅས་གསུམ་སྟེ་ས་བཅད་བཅུ་གསུམ་དུ་རགས་པར་ཚང་ལ། །དེའང་ཐོག་མར་སེམས་བསྐྱེད་སྐབས་སྡང་བའི་དགྲ་གཟུགས་ཅན། གནོད་པའི་བགེགས་གཟུགས་མེད། བར་གཅོད་ཀྱི་རྐྱེན་བསམ་དོན་ཕྱིན་ཅི་ལོག་ཏུ་བཏང་མཁན། ལས་ཀྱི་གདོན་ལྷན་སྐྱེས་མ་རིག་པས་བསྐྱེད་པའི་བདུད་བཞི། ཚེ་སྲོག་འཕྲོག་པའི་འཆི་བདག་གི་བདུད། གནས་གདོན་སྡོད་གནས་གཉན་ས་དེར་གནས་པའི་ལྷ་འདྲེ། ལུས་གདོན་ཁུ་རྡུལ་རླུང་


KMC019_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཚོགས་པའི་ལུས་འདི་གྲུབ་ནས་བཟུང་དུག་གསུམ་གྱི་རང་གཟུགས་མཉམ་ཆས་སུ་ཡོད་པ་སྟེ་དེ་རྣམས་ཀྱིས་ཐོག་དྲངས། ནམ་མཁས་ཁྱབ་ཚད་ཀྱི་ཕ་མ་སེམས་ཅན་ཐམས་ཅད་ཆོས་སྐུ་ཡུམ་ཆེན་མོའི་གོ་འཕང་ལ་བདག་ཁོ་ནས་བཀོད་པའི་ཆེད་དུ་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་སྙམ་པའི་བྱང་ཆུབ་སེམས་ཀྱི་རྩིས་ཐོག་མཐའ་ཀུན་ཏུ་ཟིན་པར་བྱ། གཉིས་པ་སྐྱབས་འགྲོ་ལ། ཐོག་མར་མགྲོན་བསྡུ་བ་ནི། རྐང་དུང་ཁ་ལན་གསུམ་བརྡབ་པའི་ཚེ་མ་འཇིགས་ཤིག །མ་སྔངས་ཤིག །ཤིན་ཏུ་མ་སྔངས་ཤིག །ཅེས་པའི་སྒྲ་དང་། ལན་གསུམ་འབུད་པའི་ཚེ་དང་པོས་ཉོན་ཅིག་དང་། གཉིས་པས་འདུས་ཤིག་དང་། གསུམ་པས་མྱུར་དུ་འདུས་ཤིག་ཅེས་པའི་སྒྲ་སྲིད་རྩེ་ནས་མནར་མེད་བར་ཐོས་པས་རི་ཆེན་པོ་ལ་ན་བུན་གཡོགས་པ་ལྟར་ཐིབས་སེ་འདུས་པར་བསྒོམ། སྐྱབས་ཡུལ་སྐབས་འདིར་བསྡུས་པའི་ལུགས་ཏེ། མདུན་གྱི་ནམ་མཁར་


KMC019_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ཁྲི་པད་ཟླའི་སྟེང་ཡུམ་ཆེན་མོ་ལ་སེར་མདོག་ཕྱག་བཞིའི་དང་པོ་གཉིས་ས་གནོན་མཉམ་བཞག །འོག་མ་གཡས་རྡོ་རྗེ། གཡོན་གླེགས་བམ་བསྣམས་པ་ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ་ལ་འཁོར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་བའི་མདུན་དུ། སྡང་དགྲ་གནོད་བགེགས་ལ་སོགས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱིས་ལུས་གུས་པས་ཐལ་སྦྱར། ངག་གུས་པས་སྐྱབས་འགྲོ། ཡིད་གུས་པས་དད་མོས་རྩེ་གཅིག་གི་ངང་འདི་ནས་བཟུང་བྱང་ཆུབ་མ་ཐོབ་ཀྱི་བར་བློ་གཏད་ལིང་བསྐྱུར་ཅི་མཛད་ཁྱེད་ཤེས་ཀྱིས་སྐྱབས་སུ་འགྲོ་བར་མོས་ལ་སྐྱབས་འགྲོ་ལན་གསུམ་སོགས་བཏོན་ཞིང་དགེ་བའི་སྨོན་ལམ་དང་། ཡན་ལག་ལྔ་པ་ཕུལ་ཞིང་། སེམས་བསྐྱེད་པའི་སྡོམ་པ་བཟུང་སྟེ། དེའང་སྔར་དམ་བཅས་པ་ཉིད་མོས་པས་སློབ་པའི་ཚུལ་གྱིས། སྔོན་གྱི་རྒྱལ་བ་རྣམས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་ཚུལ་ཁྲིམས་རྣམ་


KMC019_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་ལ་བསླབ་པ་བཞིན་དུ་བདག་གིས་ཀྱང་སེམས་བསྐྱེད་ཅིང་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པ་ནན་ཏན་དུ་གསལ་འདབས། གསུམ་པ་ཚོགས་ཞིང་གསལ་བཏབ་ཅིང་ཚོགས་བསགས་པ་ནི། འདིར་སྐྱབས་ཡུལ་ལྔ་བརྩེགས་འབྲིང་པོའི་ལུགས་སུ་བསྒོམ་སྟེ། མདུན་གྱི་ནམ་མཁར་ཏྲཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ། པཾ་ལས་པདྨ། མ་ལས་ཉི་མ། ཨ་ལས་ཟླ་བ་སྟེ་གདན་བཞི་བརྩེགས་ཀྱི་སྟེང་དུ་ཧཱུྃ་དཀར་པོ་འོད་དུ་ཞུ་བ་ལས་མ་གཅིག །དེའི་སྙན་གོང་གཡས་ཕྱོགས་སུ་པད་ཟླའི་གདན་ལ་ཕ་དམ་པ། སྙན་གོང་གཡོན་ཕྱོགས་པད་ཉི་རོ་གདན་སྟེང་དུ་ཕག་མོ་ལྷ་ལྔ། མ་གཅིག་གི་དབུ་ཐོག་ཏུ་སྟོན་པ་ཤཱཀྱ་ཐུབ་པ། དེའི་གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། དེའི་དབུ་ཐོག་ཏུ་རྣམ་པར་སྣང་མཛད་ལ་ཕྱོགས་བཞིར་རིགས་བཞིའི་སངས་རྒྱས་ཀྱིས་བསྐོར་བའི་མདུན་དུ་སྒྲོལ་ལྗང་། རྒྱབ་ཏུ་རྣམ་སྣང་གངས་ཆེན་


KMC019_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་བསྒོམ་པ་ཟུར་མང་ལུགས་ཡིན། རྗེ་གོང་མ་ཀུན་མཁྱེན་ཆེན་པོའི་ཞལ་རྒྱུན་ཏུ་རྣམ་སྣང་ཚབ་ཏུ་ཡུམ་ཆེན་མོ་བསྒོམ་པར་མཛད། །དེ་རྣམས་སེང་ཁྲི་པད་ཟླའི་གདན་ལ་བཞུགས་ཤིང་། ཕ་བརྒྱུད་མ་བརྒྱུད་གཉིས་མེད་བརྒྱུད་སོགས་སོ་སོའི་འཁོར་གྱིས་བསྐོར་བའི་ཕྱི་རོལ་ཏུ་དཔའ་བོ་དཔའ་མོ། བར་མཚམས་སུ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད། མ་གཅིག་གི་གདན་འོག་ཏུ་གཙང་རིས་དཔལ་མགོན་བདུན་ཅུ། འཇིག་རྟེན་སྐྱོང་བ་སོགས་མགོན་པོ་ཡོན་ཏན་མགྲོན། ༡ ལྷ་སྲིན་སྡེ་བརྒྱད་བུ་ལོན་ཤ་མཁོན་གྱི་བདག་པོ་སོགས་བགེགས་རིགས་ལན་ཆགས་ཀྱི་མགྲོན། ༢ ལྷ་དང་ལྷ་མིན་སོགས་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་སྒོ་གསུམ་གུས་པ་ཆེན་པོས་གནས་པར་བསྒོམ། ལྷ་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་མགྲོན་རྣམས་སྐད་ཅིག་གིས་སྤྱན་དྲངས་ཏེ་སོ་སོ་ལ་ཐིམ་པར་བསྒོམས་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ལུས་


KMC019_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་སོགས་འདོན་བསྒོམ་སྦྲགས་པས་ཡན་ལག་བདུན་པ་སྤྱི་ལྟར་ཕུལ། བཞི་པ་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་ནི། མ་ཅིག་གི་ཐུགས་ཀར་པད་ཟླའི་སྟེང་ཧཱུྃ་དཀར་པོའི་མདུན་ནས་བརྩམ་ག་ཏེའི་སྔགས་ཕྲེང་ཡིག་ངོ་ནང་བསྟན་འཁོད་པ་ལས་འོད་འཕྲོས། ཚོགས་ཞིང་རྣམས་ལ་ཕོག་པས་བྱིན་རླབས་ཐུགས་རྗེ་ཆུ་རྒྱུན་གྱི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་འོད་ཟེར་དང་བདུད་རྩི་དཀར་པོའི་རྒྱུན་བབ། མ་གཅིག་གི་སྐུ་ལུས་གང་ནས་ཞབས་གཡོན་པའི་མཐེ་བོང་ལས་བརྡོལ་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་ཞུགས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་། གནས་སྐབས་ཀྱི་ནད་གདོན་བར་ཆད་ཐམས་ཅད་བཀྲུས་ཏེ་དུད་ཁུ་སོལ་ཁུའི་རྣམ་པ་བ་སྤུའི་བུ་ག་དང་འོག་སྒོ་ནས་འཐོན་ཏེ་དབང་ཆེན་གསེར་གྱི་ས་གཞིར་ཐིམ་པར་བསམ། ཡང་གདོན་ཆེན་ལ་


KMC019_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་དམིགས་ཀྱིས་གཅུན་ཚེ་རང་གི་འོག་ན་ཚེ་འཆི་སྲོག་གི་བདག་པོ་ཆུ་སྲིན་གདོང་ཅན་ཁ་གདངས་པའི་ནང་དུ་ཁྲུས་ཆབ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར་ཏེ་སོང་བས་ངོམས་ནས་ལན་ཆགས་བྱང་། འཆི་བ་བསླུས། ཁོ་རང་བྱང་ཆུབ་ཀྱི་སེམས་སད་ནས་གསེར་གྱི་ས་གཞིའི་འོག་ཏུ་སོང་བར་བསྒོམ་པ་ནི་ཧ་ལ་ནག་འགྱེད་དུ་གྲགས། ལྔ་པ་འདོད་ཡོན་གྱི་མཆོད་པ་ནི། འཇིག་རྟེན་ཁམས་ཀྱི་གཟུགས་སུ་སྣང་ཚད་ཐམས་ཅད་སྣང་སྟོང་སྐུ་ལས་ཀྱི་ཕྱག་རྒྱ། །སྒྲ་རུ་གྲགས་ཚད་གྲགས་སྟོང་གསུང་ཆོས་ཀྱི་ཕྱག་རྒྱ། ཡིད་ཀྱི་དྲན་རྟོག་ཐམས་ཅད་རིག་སྟོང་ཐུགས་ཕྱག་རྒྱ་ཆེན་པོ། བདེ་སྡུག་ཐམས་ཅད་བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱར་གདོད་ནས་གྲུབ་པ་དེ་གསལ་འདེབས་པའི་ཚུལ་གྱིས་ཚོགས་ཞིང་རྣམས་ལ་འབུལ་ཞིང་མཚོན་བྱེད་དུ། རང་ལུས་ཤེལ་ལྟར་དྭངས་པའི་གནས་གསུམ་ནས་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་། སྒྲའི་ལྷ་མོ་དམར་མོ་པི་ཝཾ། ༢


KMC019_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་ལྷ་མོ་སྔོན་མོ་ཆོས་འབྱུང་། ༣ ཁ་དོག་མ་ངེས་པའི་ལྷ་མོ། ༤ འདོད་ཡོན་ལྔ་དང་བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱ་ཐོགས་པ་མང་པོ་སྤྲུལ་ནས་ཕུལ་བས་ཤིན་ཏུ་མཉེས་ཤིང་ཚིམ་པར་བསམས་ལ་མཐར་འཁོར་གསུམ་ཡོངས་དག་ངང་ལ་མཉམ་པར་བཞག །རང་གི་བདེ་དགེ་མཁའ་ཁྱབ་ཀྱི་སེམས་ཅན་ལ་བསྔོ་ཞིང་དེ་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་བདག་ཁོ་ནའི་སྟེང་དུ་ལེན་པའི་གཏོང་ལེན་དམིགས་པ་སྙིང་ཐག་པ་ནས་བྱ་བའང་མགྲོན་བཞི་དགྱེས་པའི་མཆོད་པའི་མཆོག་དམ་པ་དང་ཚོགས་བསགས་ཀྱི་ཕུལ་དུ་གྱུར་པ་སྟེ། དེ་དག་གིས་ནི་ཐེག་པ་ཐུན་མོང་བའི་ལམ་དང་མཐུན་པའི་བསགས་སྦྱོང་གི་རིམ་པ་གྲུབ་པའོ། །དངོས་གཞིའི་ཐོག་མ་འཕོ་བ་ནམ་མཁའ་སྒོ་འབྱེད་ལ། དབང་པོ་ཐ་མ་མཚན་བཅས་རྟེན་ལ་འཕོ་བ། དབང་འབྲིང་མཚན་བཅས་རྟེན་མེད་དུ་འཕོ་བ། དབང་རབ་མཚན་མེད་རྟེན་མེད་དུ་འཕོ་བ་གསུམ་གྱི་དང་པོ་ལའང་


KMC019_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འབྲིང་བསྡུས་གསུམ་ཡོད་པའི་རྒྱས་པ་ནི། རང་ལུས་ཀྱི་དབུས་སུ་རྩ་དབུ་མ་དཀར་གསལ་མཚན་ཉིད་བཞི་ལྡན་ཡར་སྣེ་ཚངས་བུག་དང་། མར་སྣེ་གསང་གནས་སུ་ཐུག་པའི་སྣེ་གཉིས་ཧད་པོར་ཡོད་པ། རང་གི་རྐང་མཐིལ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ། །གཡོན་དུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་སྲན་མ་ཙམ་རེ། དེ་གཉིས་ཀྱི་སྟེང་དུ་དུ་ནག་པོ་དམྱལ་བའི་ས་བོན། གསང་གནས་སུ་པྲེ་སེར་པོ་ཡི་དྭགས། ལྟེ་བར་དྭ་སྐྱ་བོ་དུད་འགྲོ། སྙིང་གར་ནྲྀ་ལྗང་གུ་མི། མགྲིན་པར་ཨ་དམར་པོ་ལྷ་མ་ཡིན། སྤྱི་བོར་ཨོཾ་དཀར་པོ་ལྷའི་ས་བོན། དེ་རྣམས་ལས་འོད་འཕྲོས་རིགས་དྲུག་སོ་སོར་སྐྱེ་བའི་ལས་ཀྱི་ས་བོན་རང་གཞན་གྱི་ཤེས་རྒྱུད་ལ་ཡོད་པ་ཐམས་ཅད་བསྡུས་ཏེ་སོ་སོར་ཐིམ། ཕཊ་བརྗོད་པས་རྐང་ཞབས་ཀྱི་ཐིག་ལེ་དཀར་དམར་དུ་ལ་ཐིམ། ཐིག་ལེ་ནག་པོ་གཉིས་སུ་གྱུར། དམྱལ་བའི་རྒྱུ་འབྲས་གནས་ཡུལ་སྡུག་བསྔལ་བཅས་འུབ་


KMC019_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྡུས་ནས་ཐིམ། ཕཊ། ཐིག་ལེ་གཉིས་ཡར་འགྲིལ་གསང་གནས་ཀྱི་པྲེ་ལ་ཐིམ་བྱ་མ་གསར་གྱི་སྒོ་ང་ཙམ་དུ་གྱུར། ཕཊ་ལྟེ་བ། ཕཊ་སྙིང་ག །ཕཊ་མགྲིན་པ། ཕཊ་སྤྱི་བོ་རྣམས་སུ་ཕཊ་རེ་རེས་ཡར་སྤར་ཞིང་དུད་འགྲོ། མི། ལྷ་མ་ཡིན། ལྷ་རྣམས་ཀྱི་སྡུག་བསྔལ་རྒྱུ་འབྲས་གནས་ཡུལ་བསྟིམ། ཡར་སྤར་རིམ་བཞིན་ཐིག་ལེ་ཁ་དོག་ཇེ་གསལ་ཇེ་ཆེར་གྱུར་ནས་མཐར་འོད་ལྔའི་རང་བཞིན་ཅན་གྱི་ཐིག་ལེ་བྱ་ཆེན་གྱི་སྒོ་ང་ཙམ། མ་གཅིག་གི་ཐུགས་ཀར་བསྟིམ་སྟེ་མཉམ་པར་བཞག་གོ །འབྲིང་པོ་ནི། སྟོང་ར་དབུ་མ་རྐང་མཐིལ་ཐིག་ལེ་བཅས་སྔར་ལྟར་གསལ་ཐེབ་ནས། ཕཊ་བརྗོད་པས་ཐིག་ལེ་གཉིས་གསང་གནས་སུ་འདྲེས་ཏེ་རླུང་ཐིག་སེམས་གསུམ་འདུས་པའི་ངོ་བོར་འཕར་ལ་ཁད་པ་དེ་ཕཊ་རེ་རེས་ལྟེ་བ་སོགས་གནས་རེ་རེ་བཞིན་སྔར་ལྟར་སྤར་ནས་མཐར་མ་གཅིག་གི་ཐུགས་ཀར་བསྟིམ། འདི་རྒྱུན་ཁྱེར་ལུས་སྦྱིན་སྐབས་མཛད།


KMC019_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ནི། དབུ་མའི་མར་སྣ་སྙིང་པདྨ་འདབ་བརྒྱད་ལ་ཟུགས་པའི་དབུས་སུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་དམར་མདངས་ལྡན་ཡོད་པ་ཕཊ་བརྗོད་པས་མ་གཅིག་ཐུགས་ཀར་མདའ་འཕངས་པ་བཞིན་བསྟིམ། འདི་འགྱེད་ཕྱི་མ་རྣམས་ཀྱི་སྐབས་སུ་མཛད་དོ། །གཉིས་པ་ནི། དབྱིངས་རིག་མོས་པས་བསྲེ་བ་སྟེ་ཕཊ་ཅེས་པས་རྣམ་ཤེས་ནམ་མཁར་སྦར། ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། དོན་དམ་མ་གཅིག་ཆོས་ཀྱི་སྐུའི་དགོངས་པ་དང་མཉམ་ཉིད་ཆེན་པོར་བཞག་པ་སྟེ་རྒྱུན་གྱི་ཉམས་ལེན་ཞལ་ཁྲིད་དང་ལྡན་པའི་རྒྱུན་ནོ། །གསུམ་པ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་བྱང་ཆུབ་སེམས་ལས་གཞན་དུ་མེད་ཅིང་དེའང་གདོད་ནས་སྨྲ་བསམ་བརྗོད་བྲལ་ཡུམ་གྱི་ཀློང་ལས་གཞན་དུ་མ་འདས་མི་འདའ་འདའ་བར་མི་འགྱུར་བར་ཐག་ཆོད་པ་དག་གིས་སྟོང་གསལ་རིག་པའི་སྙིང་པོ་ཅན་གྱི་


KMC019_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་འཕོ་འགྱུར་མེད་པ་ལ་དུས་རྟག་ཏུ་མཉམ་པར་བཞག་པ་ནི་འཕོ་བ་ཀུན་གྱི་རྒྱལ་པོ་ནམ་མཁའ་སྒོ་འབྱེད་ཆེན་མོ་ཡུམ་གྱི་དགོངས་དོན་དངོས་གཞི་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་བསྟན་དོན་མཐར་ཐུག་པ་སྟེ་ཐུན་མིན་གྱི་ཐེག་པ་དང་མཐུན་པའི་མཉམ་བཞག་ཆོས་ཀྱི་དབྱིངས་སུ་ལ་ཟླ་བའོ། །གཉིས་པ་ལུས་མཎྜལ་འབུལ་བ་མན་ཆད་ནི་རྗེས་ཐོབ་བོགས་འདོན་སྤྱོད་པའི་ཡན་ལག་སྔགས་ཀྱི་རིག་པ་བརྟུལ་ཞུགས་སོགས་དང་རྗེས་སུ་འབྲེལ་བ་སྟེ། དེའང་མ་གཅིག་གི་ཐུགས་ཀ་ནས་རང་སེམས་ཧྲཱིཿཡིག་དམར་པོའི་རྣམ་པར་ཕྱིར་ཐོན་པ་རྡོ་རྗེ་ཕག་མོར་གྱུར། ཕྱག་གཡས་པའི་གྲི་གུག་གིས་རང་གི་བེམ་པོ་ལ་ཚད། པགས་པ་ཕྱལ་གྱིས་བཤུས་ནས་བཏིང་བའི་སྟེང་བེམ་པོ་སྤུངས་པས་པགས་པ་གསེར་གྱི་ས་གཞི།ཁྲག་དང་ཆུ་སེར་སྤོས་ཆུའི་རྒྱ་མཚོ། སོར་མཛུབ་མཐའི་ལྕགས་རི། བྱང་ཁོག་རི་རབ་ལྷུན་པོ། ཡན་ལག་བཞི་གླིང་བཞི་


KMC019_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ཕྲན། མགོ་བོ་ལྷ་གནས། མིག་ཉི་ཟླ། སྙིང་ཡིད་བཞིན་ནོར་བུ། ནང་ཁྲོལ་རྣམས་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། རིན་པོ་ཆེའི་གཏེར། འདོད་ཡོན་ལྔ་སོགས་ཕུན་སུམ་ཚོགས་པའི་བཀོད་པ་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་རྒྱ་ནམ་མཁའི་མཐའ་ཀླས། དུས་འཁོར་བ་ཇི་སྲིད་གྲངས་དང་ཚད་ལས་འདས་པར་ཕུལ་བས་བདག་གཞན་སེམས་ཅན་ཐམས་ཅད་ཚོགས་རྫོགས་སྒྲིབ་པ་བྱང་བར་བསྒོམ། རྗེས་འཁོར་གསུམ་ཡོངས་དག་ངང་ལ་བཞག །གསུམ་པ་དཀར་འགྱེད་རིགས་ལས་སྐབས་འདིར་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་མམ་མགྲོན་བཞི་མར་གྲགས་པ་འདི་བྱ་སྟེ་ནམ་མཁའ་སྒོ་འབྱེད་རྒྱས་བསྡུས་གང་རུང་སོང་མཚམས་རིག་པ་རྡོ་རྗེ་རྣལ་འབྱོར་མ་ཕྱིར་སྤྲོས་པ་ཡན་གོང་ལྟར་ལ། མདུན་དུ་རང་གི་ཐུགས་ཀ་ནས་སྤྲོས་པའི་ཡཾ་ལས་རླུང་། རཾ་ལས་མེ་དཀྱིལ་གྱི་སྟེང་། མི་མགོའི་སྒྱེད་བུ་རི་རབ་ཙམ་གསུམ་རང་བྱུང་


KMC019_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲུབ་པའི་ཁར། བེམ་པོ་ལ་གྲི་གུག་ཚད་ཙམ་གྱིས་ཐོད་པ་སྒར་གྱིས་འཕར་བ་སྟོང་གསུམ་དང་མཉམ་པར་གྱུར་པ་དེ་བཙུག་པའི་ནང་དུ་གྲི་གུག་རྩེ་མོས་བེམ་པོ་འཕང་ཞིང་ཚད་ཙམ་གྱིས་ཤ་རུས་སིལ་བུར་བཏུབ། ཐུགས་ལས་ཁཾ་དང་ཨོཾ་ཨཱཿཧཱུྃ་སྤྲོས་ནས་ཐོད་པའི་ཁར་བརྩེགས། ཡང་འོད་འཕྲོས་པས་རླུང་གཡོས། མེ་སྦར། ཐོད་པའི་ཤ་རུས་བདུད་རྩིར་ཞུ་ཞིང་ཁོལ། ཁཾ་ལས་ཆུ་རྒྱུན་བབ་ཉེས་སྐྱོན་བཀྲུས། འབྲུ་གསུམ་ལས་འོད་འཕྲོས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཐིམ། འབྲུ་གསུམ་འོད་དུ་ཞུ་ནས་ཐིམ་པས་དཀར་དམར་མཐིང་གསུམ་འདྲེས་པའི་བདུད་རྩིའི་རྒྱ་མཚོར་གྱུར། རླངས་པ་ལས་མཆོད་རྫས་སྣ་ཚོགས་སུ་གྲུབ་པས་ནམ་མཁའི་ཁམས་ཁེངས། ཁུ་བ་རོ་བརྒྱ་ལྡན་པའི་བདུད་རྩི། སྙིགས་མ་འདོད་པའི་ཡོན་ཏན་མཁོ་དགུའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར་པ་དེ། རང་ལས་སྤྲུལ་


KMC019_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་པའི་ལྷ་མོ་སྣ་ཚོགས་པ་ནམ་མཁའ་གང་བས། རྩ་བརྒྱུད་བླ་མ་རྣམས་ལ་དགྱེས་དགུའི་མཆོད་སྤྲིན། ཡི་དམ་རྒྱུད་སྡེ་བཞི་ལ་ཕྱི་ནང་གསང་མཆོད། དཔའ་བོ་མཁའ་འགྲོ་རྣམས་ལ་ཚོགས་ཀྱི་ཡོ་བྱད། དམ་ཅན་སྲུང་མ་རྣམས་ལ་བརྟེན་སྐོང་མཆོད་རྫས། གཙང་རིགས་དཔལ་མགོན་རྣམས་ལ་དགྱེས་པའི་ཡོ་བྱད། བགེགས་རིགས་ལན་ཆགས་རྣམས་ལ་འདོད་པའི་ཡོན་ཏན། སྟོང་གསུམ་གཞི་བདག་རྣམས་ལ་བསངས་མཆོད་བརྔན་རྫས། ཀླུ་རིགས་དཀར་ཕྱོགས་རྣམས་ལ་ཀླུ་སྨན་དཀར་གསུམ། ཀླུ་གདོན་ནག་ཕྱོགས་རྣམས་ལ་ཤ་ཁྲག་རྒྱ་མཚོ། འགྲོ་བ་རིགས་དྲུག་རྣམས་ལ་སོ་སོའི་ཡིད་ལ་གང་འདོད་ཕུལ་ཞིང་བྱིན་པས་མགྲོན་བཞི་ཤིན་ཏུ་དགྱེས་ཤིང་ཚིམས། ལན་ཆགས་བུ་ལོན་འཁོར་ནས་རྒྱུད་ལ་བྱང་ཆུབ་སེམས་སྐྱེས། རིགས་དྲུག་སོ་སོའི་སྡུག་བསྔལ་ཞི་ནས་ཐར་པ་དམ་པའི་ཆོས་ལ་སྤྱོད་པའི་མོས་པ་བྱས་ལ་ཕཊ་བགྲང་། བདུད་


KMC019_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་ལྷག་མ་དེ་སྐད་ཅིག་གིས་ཤ་རི།ཁྲག་མཚོ། རུས་པའི་གྲམ་ཁྲོད། སྨུག་ཤིག་གེ །ཞག་ཀྱི་ལེ། རླངས་པ་ཕ་ལེ། ངོ་བོ་ཟག་མེད་ཀྱི་བདུད་རྩི། རྣམ་པ་བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ་ལྟར་མཐོང་ཐོས་མྱོང་བ་ཐམས་ཅད་ལུས་སེམས་ཀྱི་ཉོན་མོངས་པ་ཞི་ནུས་པར་གྱུར་པར་བསམས་ནས་རྐང་གླིང་ལན་གསུམ་བཏང་བས་ཚེ་བསོད་ནམས་དབང་ཐང་ལ་བུ་ལོན་ལན་ཆགས་པའི་གནས་གདོན་ལུས་གདོན་སོགས་གདོན་བརྒྱད་ཀྱིས་གཙོར་བྱས་བགེགས་རིགས་ཐམས་ཅད་འདུས་པར་བསམ། ན་མོ་གནས་གཉན་ས་འདིར་གནས་སོགས་ཀྱི་ཚིག་དོན་ལྟར་དེ་རྣམས་ཀྱིས་སྐད་ཅིག་ལ་བསྐལ་པར་འདུ་ཤེས་པས་ཤ་ཁྲག་ལ་ལོངས་སྤྱོད་ཅིང་རོལ་པས་ཚིམས་ནས་ཤ་འཁོན་དག །ལན་ཆགས་བྱང་། །རྣམ་སྨིན་ཀྱི་རྒྱུན་ཆད་པར་བསམ་སྟེ་དཀར་འགྱེད་དམར་འགྱེད་འདི་གཉིས་ནི་ཐམས་ཅད་ཀྱི་རྩ་བའོ། །འདི་ཕྱིན་གྱི་དཀར་བགྱེད་དམར་འགྱེད་ཟུང་རེ་


KMC019_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམ་ངེས་པ་མེད་པར་རང་གིས་གང་འདོད་སྦྱར་དུ་བཏུབ་པས་རྒྱུན་ཁྱེར་ལུས་སྦྱིན་སྐབས་ལྟ་བུར་རེས་མོས་བྱས་ནས་ནུབ་ཁ་ཤས་ལ་ཚར་བར་བྱའོ། །དེའང་རྣམ་ཤེས་སྤར། རིག་པ་རྣལ་འབྱོར་མར་བསྒྱུར་བ་ཡན་འདི་ཕྱིན་ཆད་ཐམས་ཅད་ལ་རིགས་འགྲེ། བེམ་པོའི་པགས་པ་བཤུས་ནས་བཏིང་བའི་སྟེང་དུ་རྐང་ལག་གསུམ་བཅད་དེ་བཙུག་པ་མི་མགོའི་སྒྱེད་བུ་གསུམ་དུ་གྱུར་པའི་ཁར་ཐོད་པ་བཙུག་པའི་ནང་རང་ལུས་གཏུབ། གྲི་གུག་གིས་ལན་གསུམ་དཀྲུགས་པས་དག་པའི་བདུད་རྩིར་གྱུར། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཕྱག་གཡོན་པའི་ཐོད་པར་བསྡུས་པའི་བདུད་རྩི་ཚངས་བུག་ནས་ལུད་མདུན་གྱི་ཐོད་པར་ཐིམ། དམ་ཡེ་དབྱེར་མེད་བདུད་རྩིའི་རྒྱ་མཚོར་གྱུར་པ་དེ་རང་ལས་སྤྲུལ་པའི་མཁའ་འགྲོ་དཀར་མོ་ཐོད་པ་ཐོགས་པ་མང་པོས་བཅུས་ནས་མགྲོན་བཞི་ལ་བཀྱེས་པས་དགྱེས་པར་བསམ་པ་ནི་དཀར་འགྱེད་ཐོད་ཞལ་


KMC019_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མའོ། །གྲི་གུག་གིས་བེམ་པོའི་ཡན་ལག་བཞི་བཅད། ཕྱོགས་བཞིར་བཙུག་པའི་སྟེང་དུ་པགས་པ་བཤུས་ནས་བསྐྱོན། དེ་ནང་ཤ་ཁྲག་མཚོ་ལྟར་བསྐྱིལ་བ་རང་གི་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་དཀར་སེར་དམར་ལྗང་བཞིས་གཡང་གཞིའི་རྩ་བཞི་ནས་འཇུས་ཏེ་བགྱེས་པར་བསམ་པ་ནི་དམར་འགྱེད་མཆོག་ཕུར་མའོ། །ཡང་མ་གཅིག་ཐུགས་ཀ་ནས་རང་གི་རྣམ་ཤེས་ཧ་ཡིག་ཕྱིར་སྤྲོས་པ་མཁའ་འགྲོ་དཀར་མོར་གཡས་གྲི་གུག་དང་གཡོན་བུམ་པ་བདུད་རྩིས་གང་བ་ཐོགས་པར་གྱུར། བུམ་པའི་བདུད་རྩི་བེམ་པོའི་སྤྱི་བོར་བླུག་པས་རྐྱལ་གྲོད་འོ་མས་གང་བ་ལྟ་བུར་གྱུར། གྲི་གུག་ཚད་པས་ཤག་གིས་རལ། ས་གཞི་ཤེལ་ལྟར་དག་པའི་སྟེང་དུ་བདུད་རྩིའི་རྒྱ་མཚོ་སྲིད་རྩེ་ནས་མནར་མེད་བར་ཁྱབ། ཡེ་ཤེས་བདུད་རྩི་བཀུག་སྟེ་བསྟིམ། རང་ལས་སྤྲུལ་པའི་ལྷ་མོ་དཀར་མོ་བུམ་པ་ཐོགས་པ་མང་པོས་མགྲོན་བཞི་ལ་བཀྱེས། ཆོས་སྐྱོང་


KMC019_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཐོད་རློན་ཤས་གང་བས་མཆོད་པར་བསམ་ཏེ་བདུད་རྩི་བུམ་བགྱེད་མའོ། །ཡང་རང་རིག་རྣལ་འབྱོར་མས་པགས་པ་ས་གཞིར་བཏིང་བ་ལ་ཤ་ཁྲག་རུས་གསུམ་སྤུངས། ལས་བྱེད་མཁའ་འགྲོ་མ་བཞི་པོས་གཡང་གཞི་བཀྱག་སྟེ། མགྲོན་རྣམས་ལ་བསྟབ་པ་ནི་བསྟབ་པ་གཡང་གཞི་མའོ། །ཡང་དམིགས་པའི་གཞི་ཐོད་ཞལ་མ་ལྟར་ལ་ལས་བྱེད་ཁ་དོག་སྣ་ཚོགས་པས་གཟུགས་སྒྲ་དྲི་རོ་རེག་བྱས་བསྡུས་པའི་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཐོགས་ཏེ་མགྲོན་རྣམས་ལ་འབུལ་བ་ནི་འདོད་ཡོན་ལྔ་མཆོད་མའོ། །ཡང་རྣལ་འབྱོར་མས་བེམ་པོ་གཏུབས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར། སྐུ་ལས་སྤྲུལ་པའི་མཁའ་འགྲོ་རི་རབ་ཀྱི་རྡུལ་དང་མཉམ་པས་གདོན་ཆེན་པོ་བརྒྱད་ལ་སོགས་པ་ལ་བྱིན་པས་དགྱེས་པའི་གད་མོ་དང་མགུ་བའི་གླུ་དང་བཅས་ཏེ་ཚིམ་པར་བསམ་པ་ནི་གཟན་འགྱེད་མའོ། །ཡང་བུམ་འགྱེད་


KMC019_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟར་ལ་མཆོད་ལྷ་རྣམས་རིགས་དྲུག་རང་རང་གི་གནས་སུ་སོང་ནས་བཀྱེས་པས་སོ་སོའི་སྡུག་བསྔལ་ཞི། འོད་ཟེར་ཕོག་པས་རིགས་དྲུག་གནས་སྟོང་། དམྱལ་བ་མངོན་དགའ། ཡི་དྭགས་བདེ་བ་ཅན། བྱོལ་སོང་སྟུག་པོ་བཀོད། མི་དཔལ་དང་ལྡན་པ། ལྷ་མིན་ལས་རབ་རྫོགས། ལྷའི་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ་བསྒྱུར་བར་བསྒོམ་པ་ནི་རིགས་དྲུག་གནས་སྟོང་མའོ། །ཡང་བེམ་པོ་དེ་ཆེ་ཚོ་བཀྲག་སྣུམ་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་སྟོང་གསུམ་གང་བ་ཅན་དུ་་གྱུར་པ་ལྷ་འདྲེ་རྣམས་ཀྱིས་ཧ་སྒྲ་དི་རི་རི་ཟོས་པར་བསམ་པ་ནི་བེམ་བསྐྱུར་མའོ། །ཡང་རྣལ་འབྱོར་མས་བེམ་པོའི་པགས་པ་བཤུས་ནས་བཏིང་། གྲི་གུག་གིས་རེའུ་མིག་གྲུ་ཆོད་ཀྱི་རྣམ་པར་བྲིས། སོ་སོའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། བརྟེན་སྐང་སྒྲུབ་རྫས། དཀར་


KMC019_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མངར་གསུམ། བདུད་རྩི་ཤ་ཁྲག་མི་ནོར་ཡུལ་མཁར་ལ་སོགས་མགྲོན་བཞི་གང་ལ་གང་དགྱེས་སུ་གྱུར་པ་དེ་ཉིད་སོ་སོས་ལོངས་སྤྱོད་པས་ཐུགས་མཉེས་པར་བསམ་པ་ནི་ཁྲ་འགྱེད་དུ་གྲགས། ཡང་བེམ་པོ་དེ་ཉིད་རང་རྗེ་བཙུན་མས་གྲི་གུག་གིས་གཏུབས། ཁྲག་རྒྱ་མཚོ་ཆེན་པོར་འཁྱིལ་པའི་ནང་དུ་རུས་པ་རྣམས་རྩང་ཐུར་ལྟར་བཙུགས་པའི་རྩེར། ཤ་རྣམས་འཕན་དར་ཕྱར་བ་ལྟར་གྱུར་པ་ལས་ཤ་ཁྲག་རུས་གསུམ་གྱི་རྒྱུན་ཆད་མེད་པར་བབ་པས་གདོན་བགེགས་རྣམས་ཀྱིས་བསྐལ་པའི་བར་ལོངས་སྤྱོད་པར་བསམས་པ་ནི་བ་དན་མ་སྟེ། དེ་དག་གིས་དཀར་འགྱེད་དམར་འགྱེད་ཟུང་དུ་བསྡེབས་པ་རྣམས་ཚར། དམར་འགྱེད་གཞན་ཡང་། རྡོ་རྗེ་ཕག་མོའི་གྲི་གུག་གིས་བེམ་པོའི་ཡན་ལག་བཅད། ཕྱོགས་བཞིར་འཕངས་པ་དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་གཙོ་བོར་གྱུར་པའི་གདོན་རྣམས་ཀྱིས་ཧབ་ཐོབ་ཏུ་ཟོས་པར་བསམ་པ་ནི་གླིང་བཞི་མའོ། །


KMC019_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བེམ་པོའི་དབྱིབས་བྱིས་པ་རྒན་པོ་དར་མ་སོགས་ཀྱི་རོ་སྐམ་རློན་རྙིང་གསུམ་རྡུལ་གྱི་གྲངས་དང་མཉམ་པར་གྱུར་པ་ལྷ་འདྲེ་རྣམས་ཀྱིས་རང་གིས་ཇི་ལྟར་འདོད་པ་ལྟར་ལོངས་སྤྱོད་པར་བསམ་པ་རོ་འགྱེད་མ་སྟེ་འདི་གཉིས་གོང་གི་དཀར་འགྱེད་ཇི་ལྟར་རིགས་པའི་གཤམ་དུ་སྤྲེལ་ཆོག །ཡང་རང་སེམས་ཁྲོས་མར་གསལ་བས་བེམ་པོའི་རྐང་པ་བཟུང་སྟེ་གཡུག་པས་ཤ་ཁྲག་རུས་གསུམ་སིལ་བུར་འཐོར་ཏེ་གདོན་རྣམས་ཀྱི་ཁར་རྒྱ་ཆེ་ལ་རྒྱུན་མི་ཆད་བར་སོང་བས་ཚིམ་པར་བསམ་པ་ནི་རུས་སྤྲུགས་མ་སྟེ་ཅུང་ཟད་དྲག་དམིགས་སོ། །ཡང་ཁྲོས་མའི་ཕྱག་གིས་བེམ་པོའི་རྐང་པ་གཉིས་ནས་བཟུང་ནམ་མཁར་ཁྱེར། ལྷ་འདྲེ་རྣམས་འོག་ནས་ཡར་ཁ་དམར་དོང་དོང་ཟེད་པ་ལ་རྡེབ་ནས་བྱིན་པར་བསམ་པ་དང་། ཡང་ན་མདུན་དུ་བེམ་པོའི་མགོ་བོ་ཆོད་པ་ཁྲོ་ཆུའི་ཕ་ཝང་ཆེན་པོར་གྱུར་པའི་སྟེང་དུ་བེམ་པོ་བརྡབས་པས་ཤ་ཁྲག་དམར་ཐར་ཐར་སོང་བ་


KMC019_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེ་རྣམས་ཀྱིས་ཟོས་པར་དམིགས་པ་རྡེབ་པ་མ་སྟེ་འདི་གཉིས་དྲག་དམིགས་རྩུབ་པས་གདོན་ཚོགས་དགུ་མ་བཏང་བའི་སྐབས་སུ་མཛད་པ་ཕྱག་བཞེས་སོ། །བར་མཚམས་སུ་བརྒྱུད་པའི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་པོས་སྙིང་ཐག་པ་ནས་གསོལ་བ་བཏབ་ཅིང་བདག་འཛིན་དང་རེ་དོགས་འགོག་པའི་སྨོན་ལམ་བྱ། འཁོར་གསུམ་མི་རྟོག་པར་ཡུད་ཙམ་རེ་བཞག་གོ །ལྔ་པ་རང་གཞན་ཕུང་པོ་ཚོགས་སུ་འབུལ་བའི་ལས་རིམ་ནི། ཐོག་མར་བསྲེ་བ་སྐོར་གསུམ་ཞེས་པ་བདག་རིག་དང་གཞན་རིག་བསྲེ། རིག་པ་ཆོས་དབྱིངས་ངང་བསྲེ། རང་གཞན་བེམ་པོ་ཚོགས་སུ་བསྲེས་ཏེ། སྣོད་པདྨ་བྷཉྫ་ཕྱི་དཀར་བ་ཟླ་བའི་རང་བཞིན། ནང་དམར་བ་ཉི་མའི་རང་བཞིན་གྱི་དབུས་སུ་ངོ་བོ་བེམ་པོའི་ཚོགས་རྫས། །རྣམ་པ་གསེར་གྱི་རྡོ་རྗེ་གྱེན་འགྲེང་ལྟེ་བར་ཨཱཿརྩེ་མོར་ཨོཾ། མར་སྣེ་ཧཱུྃ་གིས་མཚན་པའི་སྟེང་ཟླ་བའི་ཁ་ཆོད། འོག་ཉི་མའི་གདན་དང་


KMC019_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པར་གསལ། རང་གི་དཔྲལ་བའི་ཨོཾ་ལས་འོད་འཕྲོས་མ་གཅིག་གི་དཔྲལ་བའི་ཨོཾ་ལ་ཕོག །དེ་ལས་འོད་ཟེར་འཕྲོས་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི་སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་དཔྲལ་བར་ཐིམ་མ་ཐག་ཨོཾ་ལས་འོད་ཟེར་དཀར་པོས་མཚན་པ་བྱུང་རྡོ་རྗེའི་ཨོཾ་ལ་ཕོག་པས་ཟླ་བའི་ཁ་ཆོད་རྡོ་རྗེའི་སྟོད་ཆ་ཨོཾ་བཅས་འོད་དུ་ཞུ་བས་ཀ་པཱ་ལ་བདུད་རྩི་དཀར་པོས་གང་། དེས་རིགས་འགྲེ་བས་ཨཱཿདམར་པོ་དང་གསུང་གི་བྱིན་རླབས་བསྡུ། རྡོ་རྗེའི་སྐེད་ཆ་ཞུ་བས་བདུད་རྩི་དམར་པོས་གང་། ཧཱུྃ་མཐིང་ག་དང་ཐུགས་ཀྱི་བྱིན་རླབས་བསྡུ། རྡོ་རྗེའི་སྨད་ཆ་ཉི་མ་བཅས་ཞུ། བདུད་རྩི་སྔོན་པོར་འཁྱིལ། དཀར་དམར་མཐིང་གསུམ་འདྲེས་པའི་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ཕྱི་ནང་གསང་བའི་ཚོགས་མཆོད་དཔག་ཏུ་མེད་ཅིང་ཟད་མི་ཤེས་པར་གྱུར་པ་དེ་ཉིད། རང་


KMC019_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མའི་ཐུགས་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པས། དྲིན་ཅན་རྩ་བརྒྱུད་བླ་མ་མན་ཆད་ནས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཡན་ཆད་མགྲོན་བཞིས་བསྡུས་པ་ཐམས་ཅད་ལ། བདག་ཏུ་མ་བཟུང་བའི་སྲིད་པའི་དཔལ་འབྱོར་ཇི་སྙེད་པ་ཕྱིའི་ཚོགས། བདག་ཏུ་བཟུང་བའི་ཚེ་བསོད་ཁ་རྗེ་དབང་ཐང་ནང་གི་ཚོགས། ཕོ་མོ་སྙོམས་འཇུག་གི་དགའ་བ་གསང་བའི་ཚོགས། འཁོར་གསུམ་མི་དམིགས་འོད་གསལ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ཚོགས་སུ་ཕུལ་བས་ཤིན་ཏུ་དགྱེས་པའི་ཕུལ་དུ་གྱུར་ནས་རང་རང་དང་མཐུན་པའི་དངོས་གྲུབ་སྩོལ་བར་བསྒོམ། སྐབས་འདིར་གདོན་དམིགས་བསལ་དང་ནད་པ་སོགས་ལ་གདོན་ཚོགས་དགུ་མ་སྦྱར་ཞིང་། རྒྱུན་ཁྱེར་དུ་མཛད་པའི་ཕྱག་སྲོལ་འགའ་ཞིག་ལ་འདུག་མོད་དམར་འགྱེད་ཀྱི་བྱེ་བྲག་དྲག་དམིགས་ཙམ་ཡིན་པས་ས་བཅད་ཟུར་དུ་མི་དགོས་ཤིང་དམིགས་རིམ་གྱི་ཁྱད་པར་འདྲ་


KMC019_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཁ་ཤས་ཡོད་པ་ཟིན་བྲིས་ཆེ་བ་རྣམས་སུ་བལྟ་བར་བྱའོ། །ཚོགས་ལས་ཀྱི་ཡན་ལག་ལྷག་མ་ནི། དེ་ལྟར་ལུས་མཆོད་སྦྱིན་བྱས་པའི་ལྷག་རོལ་ཐམས་ཅད་ཀ་པཱ་ལ་སྲིད་གསུམ་ཁྱབ་པ་ཙམ་གྱི་ནང་དུ་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་དུ་གྱུར་པ་དེ་རང་ལས་སྤྲུལ་པའི་ཀེང་རུས་ཀྱི་མཁའ་འགྲོ་མ་ཞིག་གིས་ལྷག་མ་གསོལ་བར་ཞལ་གྱིས་བཞེས་པའི་མཁའ་འགྲོ་ཤུགས་འགྲོའི་རིགས་དང་། །ལྷ་སྲིན་སྡེ་བརྒྱད་ལྷག་མ་ལ་དབང་བ་རྣམས་དང་། སྔོན་ཆད་མ་སླེབས་གློ་བུར་དུ་ལྷགས་ཤིང་ལྷག་མ་མ་གཏོགས་མི་དབང་བའི་ཁས་ཉན་དབང་ཆུང་རྣམས་ལ་བཀྱེས་པས་ཚིམས་ནས་ཐམས་ཅད་དགའ་མགུ་ཡི་རངས་ཏེ་ཕྲིན་ལས་བསྒྲུབ་པར་ཁས་བླངས་པར་བསྒོམ། རྗེས་ཀྱི་ལས་རིམ་དང་པོ་བསྔོ་སྨོན་ནི། བདག་གཞན་དུས་གསུམ་བསགས་ཡོད་ཀྱི་དགེ་བ་ཀུན་དང་། ཁྱད་པར་ད་སྐབས་ས་ལུས་སྦྱིན་བྱས་པའི་དགེ་རྩ་བཅས་བདག་འཛིན་གྱི་


KMC019_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམས་ཐག་ཆོད་ནས་སྐྱེ་བ་མེད་པ་ཡུམ་གྱི་དགོངས་པ་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པའི་ཕྱིར་དུ་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་བསྔོས་པར་མཛད་པའི་རྗེས་སུ་སློབ་ནས་བསྔོ། །གཉིས་པ་བསྡུ་རིམ་ནི། སྐྱབས་ཡུལ་ཐམས་ཅད་གཡས་བསྐོར་དང་མས་རིམ་གྱིས་འོད་དུ་ཞུ་ནས་མ་གཅིག་ལ་ཐིམ། དེ་ཉིད་སྐུ་ཚད་ཚོན་གང་ཙམ་ལ་འོད་ཟེར་ལྔ་འཕྲོ་བ་ཞིག་ཏུ་གྱུར་ཏེ་རང་གི་ཚང་བུག་ནས་མར་བྱོན། སྙིང་པདྨ་འདབ་བརྒྱད་དབུས་སུ་སྐྱིལ་ཀྲུང་གིས་བཞུགས། སྙིང་གི་པདྨ་ཁ་ཟུམ་པར་མོས། འོན་ཀྱང་རྒྱུན་གྱི་ལུས་སྦྱིན་ཚེ་མ་གཅིག་ཀྱང་འོད་ཟེར་ངང་པའི་སྒོ་ང་ཙམ་དུ་གྱུར་ཏེ་སྤྱི་བོ་ནས་ཐིམ་པར་བསྒོམ་པ་ཕྱག་ལེན་ཡིན། གསུམ་པ་ལམ་ཁྱེར་ནི། སྐད་ཅིག་གིས་རང་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པར་གསལ་བ་ལ་ལྷ་འདྲེ་རིགས་དྲུག་རྣམས་ཀྱིས་ཕྱག་བསྐོར་གུས་འདུད་བྱེད། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་ཕོ་ཐམས་ཅད་སྤྱན་རས་


KMC019_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། མོ་ཐམས་ཅད་རྗེ་བཙུན་སྒྲོལ་མར་གྱུར། ཡིག་དྲུག་འུར་དིར་འདོན་པར་བསྒོམས་ལ་ཡིག་དྲུག་བགྲང་མཐར་མགྲོན་རྣམས་དགའ་མགུ་དང་ལྡན་པས་རང་གནས་སུ་སོང་བར་བསྒོམས་ལ་མ་བཅོས་གཉུག་མ་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་བསྐྱོད་པར་བྱའོ། །འདི་ནི་ལུས་སྦྱིན་ཁོ་ནའི་དབང་དུ་བྱས་པའི་སྔོན་དངོས་རྗེས་ཀྱི་རྣམ་གཞག་རགས་པ་ཡིན་ཞིང་། དམ་ཆོས་བདུད་ཀྱི་གཅོད་ཡུལ་སྤྱིའི་དབང་དུ་བྱས་ན། སྔོན་འགྲོ་ནི་འཁོར་བ་ལ་ངེས་འབྱུང་། མི་རྟག་པ་སྙིང་ལ་གཟེར། ལས་རྒྱུ་འབྲས་བསླུ་མེད་ལ་འཕྲིག་ཚུད། ལོང་མེད་བློ་སྣ་ཐུང་བ་ཞིག་གིས། སྐྱབས་སེམས། སྒྲིབ་སྦྱོང་། ཚོགས་བསགས། བླ་མའི་རྣལ་འབྱོར་རྣམས་སྤྱི་ལྟར་སོང་ནས། དངོས་གཞི་ཡུམ་དོན་ངོ་སྤྲོད་བདུད་བཞི་དབྱིངས་སུ་བཅད། རྗེས་ཉམས་སྐྱོང་བའི་ཕྱིར་ཞི་གཅོད་དྲག་གཅོད་ཞི་དྲག་ཕྱེད་མའི་གཅོད་ཀྱིས་བརྟུལ་ཞུགས་ལམ་དུ་སློང་བ་ཡིན་པས། མདོར་ན་


KMC019_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྦྱིན་དང་ཚོགས་ལས་གཉིས་ནི་སྔོན་རྗེས་ཀྱི་གདམས་ངག་རྒྱས་ཤིང་དངོས་གཞི་ཞར་བྱུང་གི་ཚུལ་དུ་རྟོགས་དགོས་པ་ཡིན་ཀྱང་ད་ལྟའི་གཅོད་མཁན་དུ་གྲགས་པ་ཕལ་མོ་ཆེ་ཞིག་ནི་རྩ་བ་མ་ཟིན་པའི་ཡན་ལག་འདེད་པ་ཁོ་ནར་སྣང་ངོ་། །དེའང་ཡུམ་དོན་ངོ་སྤྲད་པ་ལ་ཐོག་མར་སེམས་འཛིན་གྱི་གདམས་ངག་གིས་རྟོག་པའི་རྙོགས་པ་དྭངས་སུ་བཅུག་དགོས་པས། ལུས་རྣམ་སྣང་ཆོས་བདུན།ངག་རླུང་རང་བབ། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ནས་ཤེས་པ་སོ་མའི་སྟེང་དུ་ཧད་དེ་བཞག །དེས་གནས་སུ་མ་བཏུབ་ན་རང་མདུན་ཡུམ་གྱི་ངོ་བོ་གསེར་གྱི་རྡོ་རྗེ་ནས་འབྲུ་ཙམ་ལ་སེམས་གཏད། དེས་ཀྱང་མ་གནས་ཚེ་ཤཱཀྱ་ཐུབ་པའི་སྐུ་ལ་སེམས་འཛིན། བྱིངས་རྒོད་བྱུང་ན་བཅོས་པས་སྐྱོན་མེད་ཀྱི་བསམ་གཏན་རྒྱུད་ལ་སྐྱེ་བ་ན། ཁ་ནང་ལོག་གི་ཤེས་པས་གནས་མཁན་འགྱུ་མཁན་གྱི་ངོ་བོ་ལ་བལྟས་པས་ཡུལ་སྣང་དང་རྣམ་རྟོག་གི་འགྱུ་བ་དང་རིག་མཁན་ངོ་


KMC019_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གསུམ་ཀ་ཐ་དད་དུ་མ་གྲུབ་པ། ངོས་བཟུང་མེད་པ་ཅི་ཡང་འཆར་དུ་བཏུབ་པ། གསལ་སྟོང་གི་མྱོང་བ་མ་འགག་ལ་སྨྲ་བརྗོད་ལས་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའི་མཚན་ཉིད་ཅན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དུས་གསུམ་རྒྱལ་བའི་དགོངས་པ་ཡིན་པས་རྟག་ཏུ་ཏིང་ངེ་འཛིན་དེ་ལས་མ་གཡོས་པར་བྱའོ། །གཉིས་པ་བདུད་བཞི་དབྱིངས་སུ་བཅད་པ་ལ། གཟུགས་སོགས་ཕྱིའི་དངོས་པོ་ལ་བརྟེན་ཚད་ཐོགས་བཅས་ཡིན། དེ་ལ་ཆགས་སྡང་གི་རྣམ་རྟོག་སྐྱེས་ན་བདུད་ཡིན། དེའི་དབང་དུ་ཤོར་ན་བར་དུ་ཆོད་པ་ཡིན། དེས་ན་ཆགས་སྡང་སྤང་བླང་ནམ་སྐྱེས་ནའང་སྐད་ཅིག་དེ་ལ་ཕཊ་ཅེས་བརྗོད་ནས་དབྱིངས་སུ་བསྐྱལ་བ་ནི་ཐོགས་བཅས་ཀྱི་བདུད་ལ་གཅོད་པ་ཡིན། རྟོག་པ་དེའི་དབང་དུ་མ་ཤོར་བ་བསྒོམ་ལ་བོགས་ཐོན་ན་ཚར་ཚད་དང་སློང་ཚད་འགྲིགས་པ་ཡིན་ནོ། །དེས་གཞན་ལའང་རིགས་འགྲེ་སྟེ། རང་


KMC019_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རང་དབང་མ་འདུས་པའི་དོན་གྱིས་ཕྱི་རོལ་རྐྱེན་མེད་པར་དུག་ལྔ་དང་དགའ་སྡུག་འཇིགས་སྐྲག་གི་རྟོག་པ་སྐྱེ་བ་ཐོགས་མེད་བདུད་ཡིན། རང་ལ་བཟང་འཛིན་དང་ང་རྒྱལ་ལ་མ་རྟགས་ལ་རློམས་སེམས་སོགས་དགའ་བྲོད་བདུད་ཡིན། བདག་འཛིན་གྱི་འཛིན་པ་ཀ་རེ་བ་འདི་སྙེམས་བྱེད་བདུད་ཡིན་པས་དྲན་ཤེས་ཀྱི་སོ་པ་མ་ཉམས། ཤེས་རིག་རང་ཚུགས་མ་ཤོར་བར་གང་ཤར་ཐམས་ཅད་ལ་ཕཊ་ཀྱིས་དབྱིངས་སུ་བསྐྱེལ་བས་བདག་འཛིན་དང་རྣམ་རྟོག་གི་སྙེམས་ཐག་གཏད་མེད་དུ་གཅོད་ཐུབ་ན་གཅོད་མཁན་རབ་མཆོག་ཕུལ་དུ་གྱུར་པ་སྟེ། དེ་ལྟ་བུའི་ལྟ་སྒོམ་ལ་བོགས་ཐོན་པའི་ཆེད་དུ་རྗེས་སྤྱོད་ཞི་གཅོད་ནི་དཀར་འགྱེད། དྲག་གཅོད་ནི་དམར་འགྱེད། ཞི་དྲག་ཕྱེད་མ་ནི་ཁྲ་འགྱེད་ལ་སོགས་པ་སྟེ་དེ་དག་ལ་སྤྲོས་བཅས་ཀྱི་གཅོད་དུ་གྲགས་ཤིང་། བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མར་བསྒོམ་པ་ནི་སྤྲོས་མེད་ཀྱི་གཅོད། ཡུམ་གྱི་དོན་ཁོ་ན་ལ་


KMC019_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་འཇོག་པ་ནི་ཤིན་ཏུ་སྤྲོས་མེད་དེ་གསུམ་ཀ་ཉམས་སུ་བླང་བར་བྱས་ན་མགོ་རྐང་ཆ་ཚང་བར་འགྱུར་རོ། །སློང་ཚད་ཀྱང་ལྷ་འདྲེའི་མཐོང་སྣང་དང་རྨི་ལམ་སྐྲག་སྔངས་སོགས་ལ་ཞེན་པས་གསར་སློང་སེམས་ལ་བྱུང་བ་མ་ཚོར་ཏེ་གཉན་ཁྲོད་སྟན་ཐོག་ཏུ་ཆོད་དགོས་པ་ལ་མ་ཆོད་པ་མང་བས། ལུས་མི་བསྐྱོད། ངག་མི་སྨྲ། སེམས་ལ་འཆར་སྒོ་ཅི་བྱུང་ཡང་དེའི་དབང་དུ་མི་བཏང་བར་ཕཊ་ཀྱིས་དབྱིངས་སུ་སྐྱེལ་བ་གནད་ཆེའོ། །དེའང་དུག་གསུམ་སོགས་ངན་རྟོག་དབྱིངས་སུ་གཅོད་དགོས་པར་གོ་ཡང་བཟང་རྟོག་བཟང་འཛིན་གྱི་མདུད་པས་བཅིངས་ནས་ལྷ་བདུད་དུ་བབ་པ་ནི་ཤིན་ཏུ་མང་བས་མོས་གུས་སྙིང་རྗེ་བསྐྱེད་རིམ་མཚན་བཅས་རྫོགས་རིམ་སོགས་ཀྱང་ཕཊ་ཀྱིས་དབྱིངས་སུ་བསྐྱལ་ན་དགེ་སྦྱོར་གོང་དུ་འཕེལ་ཞིང་མཆོག་གི་དངོས་གྲུབ་ལ་ཤིན་ཏུ་ཉེར་འགྲོ་སྟེ། མདོར་ན་གཅོད་ཀྱི་རྩ་བ་ནི་རེ་དོགས་མེད་པ་ཡིན་ནོ། །རྣམ་རྟོག་


KMC019_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་གྱུར་པས་ན། །བདུད་བཞིའི་འཆིང་བས་བཅིངས་པ་རྣམས། །དབྱིངས་སུ་གཅོད་པ་ཡུམ་གྱི་དོན། །ལྟ་སྤྱོད་ཟུང་དུ་འབྲེལ་ན་མཆོག །འདིས་ཐོབ་དགེ་བའི་སྣང་བ་ཡིས། །རྟོག་པའི་དྲྭ་བ་ཀུན་བཅོམ་ནས། །སྐྱེ་མེད་སྙེམས་པ་དང་བྲལ་བ། །ཡུམ་གྱི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་འཇམ་དཔལ་མཁྱེན་བརྩེས་བཀའ་ཕབས་མ་གཅོག་ཙམ་དུ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཀྱི་གདན་སར་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་དམིགས་རིམ་ཟིན་བྲིས་ཤེལ་དཀར་མེ་ལོང་།


KMC019_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་དམིགས་རིམ་བླ་མའི་གསུང་རྒྱུན་གྱི་ཟིན་བྲིས་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ། །


KMC019_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་མཚན་ཙམ་དྲན་པས་ཀྱང་། །སྲིད་ཞིའི་འཆིང་བ་ཀུན་སྒྲོལ་ནས། །ཡང་དག་ས་ལ་འགོད་མཛད་པའི། །བླ་མ་རྒྱལ་བའི་ཡུམ་ལ་འདུད། །འདིར་དམ་པ་བདུད་ཀྱི་གཅོད་ཡུལ་གྱི་དྲ་བ་དོན་ཉམས་སུ་ལེན་པའི་མན་ངག་སྙིང་པོར་དྲིལ་བ་ལ། ཕུང་པོ་གཟན་བསྐྱུར་དང་ཚོགས་ལས་ཀྱི་རིམ་པ་གཉིས་ཀྱི་དམིགས་རིམ་ཞལ་གདམས་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་གྱི་ཕྱག་བཞེས་ཀྱི་རིམ་པ་ཞལ་རྒྱུན་ལྟར་བྲི་བ་ལ་བླ་མ་མཁའ་འགྲོས་བཀའི་གནང་བ་སྩལ་ཞིང་བྱིན་


KMC019_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་པར་མཛད་དུ་གསོལ། དེ་ཡང་གོང་དུ་ཕུག་གཏོར་སོགས་ཚོགས་འཁོར་གཏོར་འབུལ་མཆོད་བཤམས་རྣམས་གྲུབ་ནས་བདུད་རྩི་བྱིན་རླབས་སྔོན་འགྲོ་གཏོར་མ་མཆོད་པ་བྱིན་རླབས་སོང་ནས། དེ་ནས་དངོས་གཞི་ལ། དང་པོ་སེམས་བསྐྱེད་པ་ནི། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དམ་པ་བདུད་ཀྱི་གཅོད་ཡུལ་ཉམས་སུ་ལེན་པར་བྱ་བསམ་


KMC019_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྨོན་པ་དང་། དེ་ནས་དངོས་གཞི་ཉམས་སུ་ལེན་པ་ནི་འཇུག་པ་སྟེ། དེ་ཡང་དང་པོ་རང་ཉིད་སངས་རྒྱས་ནས་སེམས་ཅན་རྣམས་དེའི་ས་ལ་བཀོད་སྙམ་པ་རྒྱལ་པོ་ལྟ་བུ་དང་། རང་གཞན་གཉིས་ཀ་དུས་མཉམ་དུ་སངས་རྒྱ་སྙམ་པ་མཉན་པ་ལྟ་བུ་དང་། སྔོན་དུ་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་ནས་སླར་རང་སངས་རྒྱ་བར་འདོད་པ་ཕྱུགས་རྫི་ལྟ་བུ་སྟེ། རང་ཉིད་ཀྱི་བློ་ཡིས་གང་ལྕོགས་ཀྱི་སེམས་བསྐྱེད་དེ་ལྟ་བུའི་ངང་ནས་འདིར་གདོན་བརྒྱད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའོ། །དེ་ལ་གདོན་བརྒྱད་ནི། སྡང་བའི་དགྲ་ཞེས་པ་རང་ཉིད་གསོད་གཅོད་བརྡུང་རྡེག་སོགས་དང་ནོར་རྫས་འཕྲོག་པ་གྱོད་དང་མི་ཁ་གཏམ་ངན་སོགས་དངོས་སུ་མ་རུངས་པའི་


KMC019_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ངན་དང་ལྡན་པ་དང་། གནོད་པའི་བགེགས་ཞེས་པ། རང་གི་ཚེ་སྲོག་ལུས་དང་ལོངས་སྤྱོད་སོགས་དངོས་མེད་ཀྱི་སྒོ་ནས་འཕྲོག་པར་བྱེད་པ་དང་། བར་དུ་གཅོད་པའི་རྐྱེན་ཞེས་པ། གནས་སྐབས་མཐར་ཐུག་གི་དོན་བྱ་བ་ཆེ་ཕྲ་གང་བསྒྲུབ་ཀྱང་ལམ་དུ་འགྲོ་མི་སྟེར་བའི་བར་ཆད་བྱེད་དུ་འཇུག་པ་དང་། ལས་ཀྱི་གདོན་ཞེས་པ། འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་སྐད་ཅིག་མའི་དུས་བར་གྱི་རང་ངོ་རང་གིས་མ་ཤེས་པའི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་རང་གཟུགས་རིགས་དྲུག་སོ་སོའི་ལས་སྣང་བདེ་སྡུག་སྣ་ཚོགས་ཀྱི་ཚོར་བ་ཉམས་སུ་མྱོང་བའི་ཡུལ་ཡུལ་ཅན་གྱི་མཚན་འཛིན་ཅན་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་འཁོར་བའི་ལྷན་སྐྱེས་ཀྱི་མ་རིག་པའམ་བདུད་བཞིའི་ངོ་བོ་གཉིས་སྣང་འཁྲུལ་པའི་བག་ཆགས་དེ་ལ་ཟེར། ལུས་ཀྱི་གདོན་ནི། དེ་ལྟར་གཉིས་སྣང་འཁྲུལ་པའི་བག་ཆགས་དཀར་ནག་གིས་


KMC019_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་ཤ་ཁྲག་གི་ཕུང་པོ་འདིའི་སྐྲ་རྩེ་ནས་རྐང་སེན་གྱི་བར་དུ་གནས་པའི་རླུང་མཁྲིས་བད་ཀན་འདུས་པའི་ནད་ཀྱི་རྣམ་པར་སྣང་བ་དེ་ལ་ཟེར། གནས་ཀྱི་གདོན་ནི། དེ་ལྟར་ཡུལ་ཡུལ་ཅན་དུ་འཁྲུལ་པའི་ཕྱི་རོལ་ཡུལ་གྱི་བཀོད་པ་འབྱུང་བ་ལྔས་བསྡུས་པའི་འཇིག་རྟེན་ཁམས་ཀྱི་བཀོད་པ་གླིང་བཞི་རི་རབ་སོགས་ནས་སོ་སོའི་ཡུལ་གྲུ་རི་ཀླུང་ནགས་ཚལ་དུར་ཁྲོད་ཆུ་བོ་རྒྱ་མཚོ་ལྷ་ཁང་མཆོད་རྟེན་སོགས་དངོས་པོར་སྣང་བའི་རང་གི་གནས་མལ་དང་བཅས་པ་ལ་གནས་པའི་ཕན་གནོད་བྱེད་མཁན་སྤྱི་དང་བྱེ་བྲག་གི་བདག་པོའི་ལྷ་འདྲེ་རྣམས་ལ་ཟེར། གཙོ་བོར་ལུས་སྲོག་གི་ས་བོན་བསྐྱེད་པར་བྱེད་པའི་ཕ་དང་། དེའི་རྒྱུ་རྐྱེན་འབྲེལ་ཕུན་སུམ་ཚོགས་པར་བྱེད་པའི་མའོ། །དེ་ནས་གོང་གི་སེམས་བསྐྱེད་དང་ལྡན་པའི་ངང་ནས་རང་ཉིད་གདོད་མའི་ཆོས་སྐུ་ཡུམ་ཆེན་མོ་རྒྱན་ཆ་ལུགས་རྫོགས་པར་གསལ་བའི་ང་རྒྱལ་དང་ལྡན་པའི་ངང་ནས་རྐང་གླིང་གི་ཁ་ལག་


KMC019_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པའི་མཐིལ་དུ་ལན་གསུམ་བརྡབ་སྟེ་དང་པོས་མ་འཇིགས་ཤིག །གཉིས་པས་མ་སྐྲག་ཅིག །གསུམ་པས་ཤིན་ཏུ་མ་སྐྲག་ཅིག་ཟེར་བའི་སྒྲ་ཐོས་པར་བསམ། དེ་ནས་རྐང་གླིང་དང་ཕཊ་སྒྲ་ལན་གསུམ་བྱས་ཏེ། དང་པོས་མགྲོན་དེ་རྣམས་ཀྱིས་ཡུམ་ཆེན་མོའི་ཆོས་སྐུའི་རང་སྒྲ། ཀྱེ་ཉོན་ཅིག་ཟེར་བའི་སྒྲ་དེ་ཉིད་ཐོས་མ་ཐག་ཏུ་མགྲོན་དེ་རྣམས་སོ་སོ་རང་རང་གི་ལས་སྤྱོད་བྱ་བ་རྣམས་བཞག་སྟེ་དུང་ངེ་ཉན་པར་བསམ། གཉིས་པས་འདུས་ཤིག་ཟེར་བའི་སྒྲ་ཐོས་པས་ཉམ་ཐག་པ་སྐྱབས་དང་འཕྲད་པ་ལྟ་བུའི་དགའ་བས་འདུས་པར་བསམ། གསུམ་པས་མྱུར་དུ་འདུས་ཤིག་ཅེས་པར་ཐོས་ཏེ་རི་ན་བུན་གྱིས་གཡོགས་པ་ལྟ་བུ། བྱ་ཆེན་ཐེད་ལ་རུབ་པ་ལྟ་བུ་དང་། ཤ་རུལ་ལ་སྦྲང་བུ་འཚུབས་པ་ལྟ་བུ། སྟོན་མོ་བ་ཤིད་ཝ་འདུས་པ་ལྟར་རང་གི་ཉེ་འཁོར་དུ་འུབ་ཀྱིས་འདུས་པར་བསམ། དེ་ལྟར་འདུས་ནས་རང་གི་གཡས་སུ་ཕ། གཡོན་དུ་མ་དང་།


KMC019_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཀྱི་འཁོར་དུ་རིགས་དྲུག་གི་མགྲོན་རྣམས་དང་། རང་གི་མདུན་འོག་ལྟ་བུར་གནས་ལུས་གཙོ་གང་ཆེའི་གདོན་དང་། སྡང་དགྲ་གནོད་བྱེད་བར་ཆད་ཀྱི་རྐྱེན་ལ་སོགས་པ་སྔར་བཤད་པའི་མགྲོན་རིགས་ཐམས་ཅད་འཁོད་ནས་ལུས་སེམས་བག་ཕེབས་པའི་ངང་ནས་གཅིག་གིས་གཅིག་ལ་གནོད་པ་མེད་པར་བདེ་ཏིང་ངེ་གནས་པར་བསམ། དུས་རྒྱུན་ཉམས་ལེན་སྐབས་ལས་གདོན་ལ་ལན་ཆགས་ཀྱིས་བསྐོར་བ་ནང་། ལུས་གདོན་ལ་གནོད་བྱེད་ཀྱིས་བསྐོར་བ་བར། གནས་གདོན་ལ་གཟུགས་ཅན་དགྲ་ཡིས་བསྐོར་བ་ཕྱི། དམིགས་བསལ་རང་གཞན་གྱི་ནད་གདོན་འདུལ་བའི་ཕྱིར་ཡིན་ན་ལུས་གདོན་འཁོར་བཅས་ནང་། གནས་གདོན་འཁོར་བཅས་བར། ལས་གདོན་འཁོར་བཅས་ཕྱི། རི་འགྲིམ་དུར་ཁྲོད་སོགས་ཀྱི་སྐབས་གནས་གདོན་འཁོར་བཅས་ནང་། ལུས་གདོན་འཁོར་བཅས་བར། ལས་གདོན་འཁོར་བཅས་ཕྱི་ན་བསྒོམ། །གཉིས་


KMC019_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱབས་ཡུལ་བསྒོམ་པ་ནི། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་ཆོས་སྐུ་ཡུམ་ཆེན་མོ་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་བཞི་གཡས་གཉིས་རྡོ་རྗེ་དང་ས་གནོན། གཡོན་གཉིས་པུ་སྟི་དང་མཉམ་གཞག་གི་ཕྱག་རྒྱ་མཛད་པ། མཚན་དང་དཔེ་བྱད་རྒྱན་རྣམས་ཡོངས་སུ་རྫོགས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། འོག་གི་ཆ་ལ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུར་བཞུགས་པར་བསྒོམ། དེ་ནས་རང་ཉིད་ཀྱིས་གཙོར་བྱས་པའི་མགྲོན་རིགས་ཐམས་ཅད་ཀྱིས་ཁ་ཙམ་ཚིག་ཙམ་མིན་པར་སྙིང་ཁུང་རུས་པའི་གཏིང་ནས་ད་ལྟ་སྐད་ཅིག་ནས་བཟུང་སྟེ་བྱང་


KMC019_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་འདི་རྣམས་མཐོར་བཏང་དམར་བཏང་བདེ་སྡུག་ཅི་ལྟར་བྱུང་རུང་ཁྱེད་རྣམས་ཀྱི་གོ་འཕང་མངོན་དུ་ཐོབ་པ་ཞིག་སྐྱབས་ཡུལ་ཁྱེད་རྣམས་མཁྱེན་སྙམ་པའི་ངང་ནས་རང་གཞན་ཐམས་ཅད་ཀྱི་ངག་ཏུ་སྐྱབས་འགྲོ་འུ་རུ་རུ་འདྲེན་པར་དམིགས་ལ་བདག་གཞན་སེམས་ཅན་ཐམས་ཅད་སོགས་ནས། རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ་བར་སྐྱབས་འགྲོ་དང་། དཀོན་མཆོག་གསུམ་ལ་འཕྲལ་ཡུན་གྱི་བློ་བཀལ་ནས་ལུས་ངག་ཡིད་གསུམ་བྱང་ཆུབ་ཀྱི་ལམ་ཡང་དག་པར་འཇུག་ཅིང་གཉིས་སྣང་འཁྲུལ་པའི་ནད་གདོན་ཡེ་འགྲོགས་བར་ཆད་ཀྱི་བགེགས་ལ་སོགས་པ་བགེགས་ཀྱི་རྣམ་པ་ཇི་སྙེད་པ་ཐམས་ཅད་རང་རིག་འོད་གསལ་ཆོས་སྐུའི་ཀློང་དུ་ཞི་ཞིང་དག་ནས་སྟོང་པར་གྱུར་ཏེ་མཉམ་ཉིད་ཆེན་པོའི་ཀློང་དུ་གྱུར་པའི་བར་དང་། དེ་ནས་སེམས་བསྐྱེད་ནི། ཚོགས་ཞིང་ལ་


KMC019_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བདུན་པ་ཕུལ་ནས་བདག་གཞན་མཁའ་ཁྱབ་ཀྱི་མགྲོན་རིགས་ཐམས་ཅད་ཕ་མར་མ་གྱུར་བ་མེད་པ་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཆོས་སྐུ་ཡུམ་ཆེན་མོའི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་བླངས་ནས་དེ་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་སྙམ་པའི་འདུན་པ་དྲག་པོས་ཇི་ལྟར་དུས་གསུམ་སོགས་གྱེར་བསྒོམ་ལྟར་ཚིག་དོན་ཡིད་ལ་དྲན་བཞིན་བྱའོ། །དེ་ནས་ཚོགས་ཞིང་དེ་རྣམས་མི་དམིགས་པར་བཞག །དེ་ནས་སྐྱབས་གནས་ལྔ་བརྩེགས་བསྒོམ་པ་ནི། མདུན་གྱི་ནམ་མཁར་འཇའ་འོད་ཟེར་གསུམ་གྱི་ཀློང་དུ་ཏྲཱཾ་སེར་པོ་ཞུ་བ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་པྃ་དཀར་པོ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་ཟེའུ་འབྲུའི་སྟེང་དུ་མཱུཾ་དམར་སེར་ལས་ཉི་མའི་གདན། དེའི་སྟེང་དུ་ཨཱཿདཀར་


KMC019_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་ཟླ་བའི་གདན། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཞུ་བ་ལས་རྩ་བའི་བླ་མ་དང་དབྱེར་མེད་པའི་མ་གཅིག་ལབ་ཀྱི་སྒྲོལ་མ་སྐུ་མདོག་དཀར་མོ་སོགས་གཞུང་ལྟར་གྱེར་ཞིང་དེའི་སྙན་གོང་གཡས་ཕྱོགས་སུ་པད་ཟླའི་སྟེང་དུ་ཕ་དམ་པ་གཞུང་ལྟར་ལ་རྒྱ་བོད་གྲུབ་ཐོབ་རྒྱ་མཚོས་བསྐོར་བ། མ་གཅིག་གི་སྙན་གོང་གཡོན་ཐད་དུ་པད་ཉི་རོའི་སྟེང་དུ་རྗེ་བཙུན་མ་ལྷ་ལྔ་གཞུང་ལྟར་བསྒོམ་པ་ལ་གནས་གསུམ་གྱི་མཁའ་འགྲོས་བསྐོར་བ། མ་གཅིག་གི་དབུ་ཐོག་ཏུ་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་སྟོང་། རྒྱབ་ཏུ་རྒྱལ་བའི་གསུང་རབས་དམ་ཆོས་པུ་སྟི་གླེགས་བམ་ཚུལ་དུ་བརྩེགས་པ། གཡོན་དུ་ཉེ་བའི་སྲས་ཆེན་བརྒྱད་གནས་བརྟན་བཅུ་དྲུག་སོགས་ལ་འཕགས་པ་བྱང་སེམས་ཉན་རང་གི་ཚོགས་རྣམས་རབ་ཏུ་བྱུང་བའི་ཆ་ལུགས་སོགས་དང་ལྡན་པས་བསྐོར་བར་བསྐྱེད། ཐུབ་པའི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་


KMC019_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་ཡུམ་ཆེན་མོ་རྒྱན་ཆ་ལུགས་གཞུང་ལྟར་ལ་འབུམ་གྱི་གླེང་གཞི་ལས་བྱུང་བའི་ཕྱོགས་བཅུའི་སངས་རྒྱས་དང་དེའི་བྱང་སེམས་ཉན་རང་གི་ཚོགས་དང་བཅས་པས་བསྐོར་བར་དམིགས། ཡུམ་ཆེན་གྱི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་རྣམ་པར་སྣང་མཛད་དཀར་པོ་སོགས་གཞུང་ལྟར་ལ། མི་བསྐྱོད་པ། རིན་འབྱུང་། འོད་དཔག །དོན་གྲུབ་ལ་སོགས་ལོངས་སྐུའི་ཆ་བྱད་ཅན། དེ་དག་གི་གཡས་ཕྱོགས་སུ་བདེ་དགྱེས་གསང་གསུམ་སོགས་ཡི་དམ་ཕ་རྒྱུད་ཀྱི་དཀྱིལ་འཁོར་ལ་དཔའ་བོ་ཐོད་པའི་དུམ་བུ་སོགས་དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། དེ་དག་གི་གཡོན་ཕྱོགས་སུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་བདག་མེད་མ་སྒྲོལ་མ་བླ་མེད་སོགས་མ་རྒྱུད་ཀྱི་དཀྱིལ་འཁོར་ལ་དཔའ་མོ་རབ་གཏུམ་མ་ལ་སོགས་དཔའ་མོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བར་བསྐྱེད། དེ་དག་གི་མདུན་ཕྱོགས་སུ་པད་ཟླའི་སྟེང་དུ་སེང་ལྡེང་ནགས་


KMC019_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲོལ་མ་སྐུ་མདོག་ལྗང་སྔོན་གཡས་མཆོག་སྦྱིན་དང་གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་པ་མཚན་དཔེའི་རྒྱན་རྣམས་རྫོགས་པར་བསྒོམ། རྒྱབ་ཕྱོགས་སུ་སེང་ཁྲི་པད་ཟླའི་གདན་ལ་ཐུབ་པ་གངས་ཅན་མཚོ་རྒྱལ་དཀར་པོ་ཕྱག་མཉམ་གཞག་ན་ལྷུང་བཟེད་སྤོས་ཆུས་གང་བ་བསྣམས་པ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་དང་ལྡན་པར་བསྒོམ། རྣམ་སྣང་གི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་དབུས་སུ་ཆོས་སྐུ་རྡོ་རྗེ་འཆང་མཐིང་ནག་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་ཞབས་རྡོར་སྐྱིལ་གྱིས་བཞུགས་པ་འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན་ལ་བཀའ་བབས་བཞི་དྲུག་གི་བླ་མ་དང་ཏཻ་ལོ་ནཱ་རོ་སོགས་ནས་རྩ་བའི་བླ་མའི་བར་གྱི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ་གཅིག་གི་གདན་མཚམས་གཡས་ཕྱོགས་སུ་པད་ཉི་རུ་དྲ་ཕོ་མོ་བསྣོལ་བའི་སྟེང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། བེར་ནག་ཅན།


KMC019_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་པ། གུར་མགོན་སོགས་ལ་གཞན་ཆོས་སྐྱོང་ཕོ་རྒྱུད་ཚོགས་ཀྱིས་བསྐོར་བ། གདན་མཚམས་གཡོན་ཕྱོགས་སུ་པད་ཉི་རོ་གདན་ཁྲག་མཚོ་རླུང་ནག་སོགས་སོ་སོའི་གཞུང་དང་མཐུན་པའི་གནས་དང་གདན་གྱི་སྟེང་དུ་དཔལ་ལྡན་ལྷ་མོ་དུད་སོལ་མ། རང་བྱུང་རྒྱལ་མོ། ཨེ་ཀ་ཛཱ་ཊི། རེ་ཏི་མཆེད་བཞི་སོགས་ལ་གཞན་ཆོས་སྐྱོང་མོ་རྒྱུད་ཀྱི་ཚོགས་ཀྱིས་བསྐོར་བ། དེ་རྣམས་ཀྱི་གདན་མཚམས་ན་གནོད་སྦྱིན་ནོར་ལྷའི་ཚོགས་དང་། འཇིག་རྟེན་དྲེགས་པའི་བསྟན་སྲུང་མཐུ་བོ་ཆེ་རྣམས་ཀྱང་ཕྱི་རྒྱུད་ཀྱི་དཔལ་མགོན་བདུན་ཅུ་རྩ་གཉིས་ལ་སོགས་པ་བསྟན་པ་གཉན་པོ་བསྲུང་བའི་མཐུ་བོ་ཆེ་དེ་རྣམས་ཀྱང་སོ་སོའི་ཆ་ལུགས་རྒྱན་དང་ཕྱག་མཚན་རང་རང་གི་ཞོན་པ་དང་བཅས་པ་འཁོར་ཚོགས་དུ་མས་བསྐོར་ཞིང་བསྟན་པ་སྲུང་བའི་ལས་ལ་བརྩོན་པར་བསྒོམ། དེ་རྣམས་ཀྱི་འོག་གི་ས་གཞི་ལ་སྔར་གྱི་གདོན་རྣམས་གཙོ་བོར་གྱུར་པའི་མགྲོན་


KMC019_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱིས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྙིང་ནས་སྐྱབས་ཚོལ་ཏེ་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་གནས་པར་བསམ། གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། དེ་ལྟར་བསྐྱེད་པའི་སྐྱབས་གནས་ཀྱི་གཙོ་བོ་ལྔའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་དབུས་ཀྱི་ཡུམ་ཆེན་མོ་ལ་ཕོག །དེ་ལས་འོད་ཟེར་འཕྲོས་པས་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ཞིང་འོད་ཟེར་ཡུམ་ཆེན་གྱི་ཐུགས་ཀར་འདུས། སླར་ཡང་ཡུམ་ཆེན་མོའི་ཐུགས་ཀ་ནས་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་འཕྲོས་པས་རང་བཞིན་རྣམ་པར་དག་པ་འོག་མིན་གྱི་ཞིང་ནས་ཡུམ་ཆེན་མ་གཅིག་ལ་སོགས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་ནམ་མཁའ་ལ་སྤྲིན་ལྡང་བ་ལྟ་བུར་སྐད་ཅིག་གིས་སྤྱན་དྲངས་ཏེ་འཇའ་འོད་སྤོས་དུད་རོལ་མོའི་


KMC019_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་བཅས་ནས་བྱོན་པར་བསམ་ཞིང་། ཧཱུྃ། མ་ལུས་སེམས་ཅན་སོགས་གྱེར་བསྒོམ་བྱས་ལ་མཆོད་ཅིང་ཅི་བདེ་བར་ནི་བཞུགས་སུ་གསོལ་ཞེས་པས་དམ་ཚིག་པ་ལ་ཡེ་ཤེས་པ་རྣམས་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་དུ་ཐིམ་པར་བསམ། རང་ཉིད་དང་མདུན་དུ་བཤམས་པའི་མཆོད་པ་གཉིས་ལས་མཆོད་པའི་ལྷ་མོ་ཁྲུས་ཆབ་མ་དཀར་མོ་བུམ་པ་དཀར་པོའི་ཡུ་བ་ནས་བཟུང་ཞིང་ཁྲུས་གསོལ་བ་དང་། རས་དཀར་འཛིན་པས་སྐུ་ཕྱི་བ་དང་། གཞན་ཡང་མཆོད་པའི་ལྷ་མོ་སྣ་ཚོགས་པས་མེ་ཏོག་བདུག་སྤོས་སོགས་འདོད་ཡོན་རྣམ་ལྔ། རྒྱལ་སྲིད་སྣ་བདུན། སྒེག་སོགས་བརྒྱད། གཞན་ཡང་གླིང་བཞི་རི་རབ་ཉི་ཟླས་བརྒྱན་པ་སོགས་སྐད་ཅིག་ལ་དཔག་ཏུ་མེད་པ་སྤྲུལ་ཏེ་མདུན་གྱི་སྐྱབས་ཡུལ་རྣམས་ལ་ཕུལ་བར་བསམ་ལ་འདོན་བསྒོམ་བྱའོ། །དེ་ནས་རང་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གང་གི་དྲིན་གྱིས་སོགས་ཀྱིས་


KMC019_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པར་བསམ་ལ་གྱེར་བསྒོམ་བྱ། དེ་ནས་བཟླས་པ་བྱ་བ་ནི། མ་གཅིག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ངང་ཀྱི་ལེའི་དབུས་སུ་ཧཱུྃ་ཡིག་དཀར་པོ་སྟན་ལ་ཁབ་བཙུགས་པ་ལྟར་འགྲེང་སྟེ་གནས་པའི་མདུན་ངོས་ནས་བརྩམས་ཏེ་གཡས་བསྐོར་དུ་ཨོཾ་ག་ཏེ་སོགས་ཀྱི་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟར་དཀར་ཧྲམ་མེར་བསྐོར་བར་དམིགས། དེ་ནས་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས་སྐུ་གསུང་ཐུགས་ཀྱི་མཐུ་དང་ནུས་པ་ཐམས་ཅད་བསྡུས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག །ལྷ་ཚོགས་རྣམས་ཀྱི་བྱིན་རླབས་འོད་ཟེར་སྣ་ཚོགས་ཀྱི་ཚུལ་དུ་འདུས་ཏེ་མ་གཅིག་ལ་ཐིམ། མ་གཅིག་གི་མཐེ་བོང་ནས་ཆང་གི་ཐེམ་བུ་ཕུད་པ་ལྟར་བྱུང་ནས་བདག་དང་འཁོར་དུ་འདུས་པའི་རིགས་དྲུག་སོགས་མགྲོན་རྣམས་ཀྱི་སྤྱི་བོ་ནས་


KMC019_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ལུས་ངག་ཡིད་གསུམ་ལ་ཕོག་པས་ཐོག་མེད་ཀྱི་དུས་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ་བ་སྤུ་དང་རྐང་མཐེབ་དང་འོག་སྒོའི་རྒྱུད་ནས་ཐོན་ཏེ་གདན་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པར་བསམ། ཡང་དྲག་དམིགས་འདོད་ན། རང་རང་གི་གཉིས་སྣང་འཁྲུལ་པའི་མ་རིག་པའི་རང་གཟུགས་ལྷན་ཅིག་སྐྱེས་པའི་བདུད་ཆུ་སྲིན་གྱི་གདོང་པ་ཅན་ཁ་ཡར་གདངས་པའི་ནང་དུ་སོང་བས་ཚིམ་ཞིང་དགྱེས་ནས་བུ་ལོན་ལན་ཆགས་ཐམས་ཅད་བྱང་བར་བསྒོམ་པ་ནི་ནག་འགྱེད་ཟེར་རོ། །དེ་ནས་མཆོད་པ་ནི། རང་གི་ཚོགས་དྲུག་གི་སྣང་བ་ཕྱི་རོལ་དུ་བཟུང་བའི་ཡུལ་སྣང་གི་ངོ་བོར་རང་ལུས་ཤེལ་ལྟར་དག་པའི་སྙིང་ག་ནས་སྤྲུལ་པའི་གཟུགས་ཀྱི་ལྷ་མོ་མེ་ལོང་ཐོགས་པ། སྒྲ་ཡི་ལྷ་མོ་པི་ཝཾ་ཐོགས་པ། ཡིད་ཀྱི་ལྷ་མོ་ཆོས་འབྱུང་ཐོགས་པ་སོགས་མཆོད་རྫས་སྣ་ཚོགས་ཐོགས་པའི་ལྷ་མོ་དཔག་ཏུ་


KMC019_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་སྐྱབས་ཡུལ་འཁོར་དང་བཅས་པ་མཆོད་པར་བསམ་ལ་སྟོང་གསུམ་རབ་འབྱམས་འཇིག་རྟེན་སོགས་བྱའོ། །བཞི་པ་ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་ནི། རང་ལུས་གཟུགས་ཀྱི་ཕུང་པོ་དཀར་དམར་མདངས་ལྡན་ལང་ཚོ་རྒྱས་པ། དེའི་ལུས་ཀྱི་ནང་དབུས་སུ་རྩ་དབུ་མ་ཁ་དོག་ཕྱི་དཀར་ལ་ནང་དམར་བ། གསལ་ལ་དྭངས་པ། ནང་སྟོང་པ་ཤེལ་གྱི་སྦུ་གུ་ལྟ་བུ་ཤིན་ཏུ་དྲང་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣེ་སྤྱི་གཙུག་ཚངས་པའི་བུ་གར་ཟངས་དུང་ཁ་ཕྱེས་པ་བཞིན་དུ་ཟུག་པ། མར་སྣེ་གསང་གནས་སུ་ཟུག་པའི་རྩ་སྣེ་ཁ་དབྲག་གཉིས་སུ་གྱུར་ཏེ་བརླ་ཡི་རྐང་གཉིས་ནས་བརྒྱུད་དེ་མར་སྣེ་གཉིས་རྐང་ཞབས་སུ་ཕུག་རྡུག་ཏུ་གྱུར་པའི་ནང་དུ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ། གཡོན་དུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་གཉིས་བསམ། དེ་གཉིས་ཀྱི་སྟེང་དུ་དམྱལ་བའི་ས་བོན་ཐིག་ལེ་ནག་པོ་ཏྲི་ནག་པོས་མཚན་པ། གསང་


KMC019_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་ཡི་དྭགས་ཀྱི་ས་བོན་ཐིག་ལེ་སེར་པོ་པྲེ་སེར་པོས་མཚན་པ། དེ་བཞིན་དུ་ལྟེ་བར་དུད་འགྲོའི་ས་བོན་ཐིག་ལེ་དང་དུ་སྐྱ་བོ། སྙིང་གར་མིའི་ས་བོན་ཐིག་ལེ་དང་ནྲྀ་ལྗང་གུ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་ཐིག་ལེ་དང་ཨ་དམར་པོ། སྤྱི་བོར་ལྷ་ཡི་ས་བོན་ཐིག་ལེ་དཀར་པོ་ཨོཾ་དཀར་པོས་མཚན་པ་རྣམས་གསལ་གདབ། ཡི་གེ་དྲུག་ལས་འོད་ཟེར་འཕྲོས། རིགས་དྲུག་སོ་སོའི་ཞིང་ཁམས་ལས་འབྲས་དང་བཅས་པ་ཡི་གེ་རྣམས་ལ་ཐིམ། ཕཊཿརྐང་མཐིལ་གྱི་ཐིག་ལེ་དཀར་དམར་གཉིས་འཕར་ནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ས་བོན་དང་བཅས་པ་ཐིག་ལེར་ཐིམ། གསང་གནས་སུ་འདུས། བྱ་མ་སར་གྱི་སྒོ་ང་ཙམ་དུ་གྱུར། ཡི་དྭགས་ཀྱི་ས་བོན་བཀྲེས་སྐོམ་དང་བཅས་པ་ཐིག་ལེར་ཐིམ་ལྟེ་བར་འཕོས། དུད་འགྲོའི་ས་བོན་གླེན་ལྐུགས་དང་བཅས་པ་ཐིག་ལེར་ཐིམ་སྙིང་གར་འཕོས། མིའི་ས་བོན་དབུལ་ཕོངས་དང་བཅས་པ་ཐིག་ལེར་


KMC019_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། མགྲིན་པར་འཕོས། ལྷ་མིན་འཐབ་རྩོད་དང་བཅས་པ་ཐིག་ལེར་ཐིམ། སྤྱི་བོར་འཕོས། ལྷ་འཕོ་ལྟུང་དང་བཅས་པ་ཐིག་ལེར་ཐིམ། དེ་དག་རིམ་བཞིན་ཐིག་ལེ་ཇེ་ཆེར་སོང་ནས་བྱ་ཆེན་གྱི་སྒོ་ང་ཙམ་ཡར་ལ་ཁད་པ་དེ་ཕཊ་དྲག་ཏུ་བརྗོད་པས་མ་གཅིག་གི་ཐུགས་ཀར་སིབ་ཀྱིས་ཐིམ་པར་བསམ་ལ་མཉམ་པར་བཞག །ཡང་ལུགས་གཅིག་ལ། རང་ལུས་དབུ་མ་རྐང་ཞབས་ཀྱི་ཐིག་ལེ་དཀར་དམར་གཉིས་སྔར་ལྟར་གསལ་བཏབ་ནས་རིགས་དྲུག་གི་ས་བོན་མི་བསྒོམས་པར་ཕཊ་ཀྱིས་ཐིག་ལེ་གཉིས་གསང་གནས་སུ་འདྲེས། ཡང་ཕཊ་ཀྱིས་སྙིང་ག་ནས་རྣམ་ཤེས་ཐིག་ལེ་དང་བཅས་པ་སྤྱི་བོ་ནས་སོང་སྟེ་མ་གཅིག་གི་ཐུགས་ཀར་ཐིམ་པ་དང་། ཡང་བསྡུས་པ་གཅིག་ལ། སྙིང་ག་ཕྱིན་ཕུག་རྡུག་ཏུ་ཡོད་པའི་སྙིང་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པའི་དབུས་སུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་བསྒོམ་ནས་ཕཊ་ཀྱིས་མ་གཅིག་གི་ཐུགས་ཀར་ཐིམ་པ་སོགས་


KMC019_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་ལུགས་དེ་གསུམ་གང་ལྕོགས་བྱ་བ་ནི་ནམ་མཁའ་སྒོ་འབྱེད་ཅེས་བྱའོ། །དེ་ནས་སླར་ཡང་མ་གཅིག་གི་ཐུགས་ཀ་ནས་རང་གཞན་རིག་པའི་ངོ་བོ་དེ་ཡི་གེ་ཧྲཱིཿདམར་པོ་ཞིག་ཏུ་གྱུར་ནས་ཕྱིར་འཕྲོས་མ་ཐག་ཏུ་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་སྐུར་གྱུར་ནས་སྒྱུ་ལུས་གཟུགས་ཀྱི་ཕུང་པོ་གན་རྐྱལ་དུ་འགྱེལ་བ་དེ་ཉིད་གྲི་གུག་ཚད་ཙམ་བྱས་པས་ཤག་གིས་བཤག །ཤུབས་ཀྱིས་བཤུས། ཕྱལ་གྱིས་སྟེང་ནས་པགས་པ་དབང་ཆེན་གསེར་གྱི་ས་གཞིར་གྱུར་པའི་སྟེང་དུ་ངོ་བོ་ཤ་ཁྲག་ལ་རྣམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཎྜལ་ཁྲག་དང་སྤོས་ཆུ་ཐ་དད་མེད་པས་ཆག་ཆག་བཏབ་པའི་སྟེང་དུ། བྱང་ཁོག་དབུས་ཀྱི་རི་བོ་མཆོག་རབ། སྟོད་སྡེབ་གཡས་པ་ལག་པ་དང་བཅས་པ་ཤར་ལུས་འཕགས་པོ། སྟོད་སྡེབ་གཡོན་པ་ལག་པ་དང་བཅས་པ་ལྷོ་འཛམ་བུ་


KMC019_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་། སྨད་སྡེབ་གཡས་པ་རྐང་པ་དང་བཅས་པ་ནུབ་བ་ལང་སྤྱོད། སྨད་སྡེབ་གཡོན་པ་རྐང་པ་དང་བཅས་པ་བྱང་སྒྲ་མི་སྙན། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་གདུགས་དང་རྒྱལ་མཚན། ཉིང་ལག་བརྒྱད་ནི་གླིང་ཕྲན་བརྒྱད། སྙིང་ཡིད་བཞིན་གྱི་ནོར་བུ། སྲོག་རྩ་དཔག་བསམ་གྱི་ལྗོན་ཤིང་། གློ་བ་ཅང་ཤེས་ཀྱི་རྟ་ཕོ། མཆིན་པ་ཨ་མོ་ལི་ཀའི་རྡོ་ལེབ། མཆིན་ཁྲི་དར་དཀར་གྱི་ཡོལ་བ། མཁལ་མ་ལྷ་ཕྲུག་ཀླུ་ཕྲུག །ཁྲག་དང་ཆུ་སེར་རོལ་པའི་མཚོ་བདུན། ཚིལ་ནི་གཏེར་ཆེན་པོའི་བུམ་པ། ཕོ་བ་མ་རྨོས་པའི་ལོ་ཏོག །ནུ་མ་འདོད་འཇོའི་བ། སོ་རིན་པོ་ཆེའི་ཕྲེང་བ། སེན་མཛུབ་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད། རྒྱུ་མ་མཐའི་ལྕགས་རི། སྐྲ་དང་བ་སྤུ་ཐམས་ཅད་ཙནྡན་གྱི་ནགས་རི་དང་གུར་གུམ་གྱི་སྤང་རི། ནང་རོལ་ཐམས་ཅད་ན་བ་དང་ནེའུ་སེང་ལ་སོགས་པའི་བཀོད་པ་དང་། གཞན་ཡང་རང་ཉིད་རྗེ་བཙུན་


KMC019_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མར་གསལ་བའི་ཐུགས་ཀ་དང་བ་སྤུའི་བུ་ག་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་མཆོད་རྫས་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་དང་། མཎྜལ་ཡང་དེ་འདྲ་བའི་བཀོད་པ་དཔག་ཏུ་མེད་པ་སྤྲུལ་ནས་སྐྱབས་ཡུལ་རེ་རེ་ལ་ཡང་མཎྜལ་གྱི་བཀོད་པ་དེ་འདྲ་བ་རེ་སོ་སོར་ཕུལ་ནས་རང་རང་གིས་བདག་ཏུ་བཟུང་ནས་བཞེས་ཏེ་བཞུགས་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དང་། ཆོས་སྐྱོང་སྲུང་མ་རྣམས་ལའང་སོ་སོའི་བཞུགས་གནས་མཆོད་རྫས་སོགས་ཡིད་དང་མཐུན་པ་དང་། ཕྱི་རྒྱུད་དཔལ་མགོན་བདུན་ཅུ་སོགས་བསྟན་སྲུང་མཐུ་ཆེན་རྣམས་ལའང་རང་རང་གི་ཡིད་དང་མཐུན་པའི་གདན་ལ་སོགས་པ་བཀོད་པ་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པར་གྱུར་པ་བདག་ཏུ་བཟུང་ནས་སོ་སོའི་གདན་ལ་གནས་ཤིང་ལོངས་སྤྱོད་པར་བསམ། དེ་ལྟར་ཕུལ་བའི་དགེ་བས་བླ་མ་ཡི་དམ་མཁའ་འགྲོ་སོགས་སྐྱབས་


KMC019_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་རྒྱུ་ཚོགས་གཉིས་རྫོགས་ལམ་སྒྲིབ་པ་གཉིས་བྱང་ནས་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་བར་བསམ། ཆོས་སྐྱོང་སྲུང་མ་དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕུལ་བས་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མོས་ལ་པགས་པ་གསེར་གྱི་ས་གཞི་སོགས་གྱེར་ཞིང་མཉམ་པར་བཞག་གོ །ལྔ་པ་གསོལ་འདེབས་བྱིན་འབེབས་ནི་འོག་ཏུ་སྨོས་ལ། དྲུག་པ་མཆོད་སྦྱིན་གྱི་རིམ་པ་ནི། རང་ལུས་གཟུགས་ཀྱི་ཕུང་པོ་ཆེ་བ་ཚོ་བ། སྣུམ་ལ་སྤྲེ་བ། དཀར་ལ་དམར་བའི་མདངས་ཆགས་པ་ཅིག་གསལ་བཏབ་ལ། དེའི་སྙིང་ག་ནས་རྣམ་ཤེས་གོང་ལྟར་སྤར་ལ། མ་གཅིག་གི་ཐུགས་ཀ་ནས་རང་རིག་རྡོ་རྗེ་རྣལ་འབྱོར་མ་སོགས་གོང་ལྟར་གསལ་བའི་ངང་ནས་བེམ་པོ་བཤས་བཤུས་པགས་པ་གསེར་གྱི་ས་གཞིར་གྱུར་པའི་སྟེང་དུ་ལག་པ་གཉིས་དང་


KMC019_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་གཡས་གསུམ་ཕྱོགས་སོ་སོར་བཙུགས་པ་དེ་ཉིད་ཐོད་པ་སྐམ་པོའི་སྒྱེད་བུ་རི་རབ་ཙམ་གསུམ་དུ་གྱུར་པའི་སྟེང་དུ་བེམ་པོའི་ཀ་པཱ་ལ་སྒར་གྱིས་དྲས་ནས་བཙུགས་པ་རྒྱ་ཆེ་བ་སྟོང་གསུམ་ཙམ་དུ་གྱུར་པའི་ནང་དུ་བེམ་པོའི་ཤ་ཁྲག་གི་ལྷག་རོལ་རྣམས་བཏབ་སྟེ་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་ཕྱག་གི་གྲི་གུག་གིས་བཤས་གསེས་བཏུབ་སྤུངས་བསྙིལ་ཤ་ཁྲག་གི་རྒྱ་མཚོར་གྱུར་པར་བསམ། ཐོད་སྒྱེད་ཀྱི་ནང་དུ་ཡཾ་ལྗང་ཁུ་དང་། དེའི་སྟེང་དུ་རྃ་དམར་པོས་མཚན་པར་བསྒོམ། ཤ་ཁྲག་གི་རྒྱ་མཚོའི་སྟེང་དུ་ཁྃ་དཀར་པོ་དང་། དེ་སྟེང་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་རྣམས་བརྩེགས་མར་ཡོད་པར་བསྒོམ། རང་རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་ལྗང་ཁུ་འཕྲོས་ཡྃ་ལ་ཕོག་པས་རླུང་གཡོས། དེ་སྟེང་དུ་རཾ་ལ་ཕོག་པས་མེ་སྦར་ཐོད་པ་དྲོས་ནས་ཤ་ཁྲག་གི་རྒྱ་མཚོ་ཁོལ་ཞིང་མི་གཙང་བའི་དངོས་པོ་རྣམས་འོ་མའི་སྤྲིས་མ་ཕྱུར་བ་བཞིན་ཕྱིར་ལུད་ཁཾ་དཀར་


KMC019_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞུ་བ་ཆུའི་རྒྱུན་དུ་གྱུར་ཏེ་མི་གཙང་བའི་དྲི་མ་རྣམས་བཀྲུས་ནས་དག །ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་གྱུར་ནས་ཡི་གེ་གསུམ་ལ་ཐིམ། དེ་གསུམ་རིམ་བཞིན་ཞུ་བས་ཐོད་ནང་གི་བདུད་རྩི་ལ་ཐིམ་པས་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དཀར་ལ་དམར་བའི་མདངས་ཆགས་པ་ཅུང་ཟད་སྔོ་བའི་དབྱིབས་ཅན་རོ་བརྒྱ་ནུས་མཐུ་ཕུན་སུམ་ཚོགས་པ་སྟོང་གསུམ་ཙམ་དུ་མེ་རེ་རེ་འཁྱིལ་བར་བསམ། རང་རྣལ་འབྱོར་མའི་ཐུགས་ཀ་དང་བ་སྤུའི་བུ་ག་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་བདུད་རྩིའི་རྒྱ་མཚོ་ནས་ཐོད་པའི་སྣོད་ཀྱིས་བཅུས་ཏེ་ཀ་པཱ་ལ་བདུད་རྩིས་གང་བ་དང་། གཟུགས་སྒྲ་དྲི་རོ་ལ་སོགས་པའི་མཆོད་པ་དཔག་ཏུ་མེད་པ་བྱིན་


KMC019_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔར་འབུལ། དེ་ཡང་དཀོན་མཆོག་སྲི་ཞུའི་མགྲོན་རྡོ་རྗེ་འཆང་། གྲུབ་ཆེན་བརྒྱ་དང་བརྒྱད་ཅུ་སོགས་ཧེ་རུ་ཀའི་ཆ་ལུགས་ཅན་དང་། དེ་བཞིན་དུ་རིག་འཛིན་སྔགས་ཀྱི་སྤྱོད་པ་འཆང་བའི་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཤ་ལྔ་བདུད་རྩི་ལྔ་རུས་པའི་རྒྱན་དྲུག་རིགས་ལྔའི་ཕྱག་མཚན། འཁོར་རིག་མ་ཁ་དོག་སྣ་ཚོགས་པ་གཞོན་མཛེས་ཕུན་སུམ་ཚོགས་པའི་ལུས་ཅན་མང་པོ་སྤྲུལ་ནས་ཕུལ་བར་བསམ། སྤྲུལ་སྐུ་རབ་བྱུང་གི་ཆ་ལུགས་ཅན་རྣམས་ལ་ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་དཀར་གསུམ་མངར་གསུམ་འཁོར་རབ་ཏུ་བྱུང་བའི་ཆ་ལུགས་ཅན་དཔག་ཏུ་མེད་པར་བཅས་ཏེ་ཕུལ་བར་བསམ། གཞན་ཡང་སོ་སོའི་བཞུགས་གནས་མངོན་པར་དགའ་བ་དང་། བདེ་བ་ཅན་དང་། སྟུག་པོ་བཀོད་པའི་ཞིང་ཁམས་ལྟ་བུའི་བཀོད་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་བཞུགས་ཁང་ཡང་གཞལ་


KMC019_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཀྱི་ཁང་པ་གྲུ་བཞི་ཟླུམ་པོ་གཉིས་བརྩེགས་སོགས་སྒོ་རྟ་བབ་རྒྱན་དུ་མས་བརྒྱན་པ། གཞན་ཡང་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་ལ་སོགས་པ་ཡིད་ཀྱིས་སྤྲུལ་ཞིང་མཆོད་ནས་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་བཞིན་དུ་བདེ་དགྱེས་གསང་གསུམ་ལ་སོགས་པ་གསར་རྙིང་བླ་མེད་རྒྱུད་སྡེའི་ལྷ་ཚོགས་རྣམས་ལ་གོང་ལྟར་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་མཆོད་རྫས་དང་བགོ་བའི་གོས་དང་སྐུ་ཡི་རྒྱན་ལ་སོགས་པ་གོང་ལྟར་བླ་མེད་སྔགས་དང་མཐུན་པར་ཕུལ། ཡོ་ག་དང་བྱ་སྤྱོད་སོགས་རྒྱུད་སྡེ་འོག་མ་རྣམས་ལའང་ཞལ་ཟས་དཀར་གསུམ་མངར་གསུམ་ལྷའི་བདུད་རྩི་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་སྙན་ཆ་མགུལ་དོ་དཔུང་རྒྱན་ཕྱག་ཞབས་སོར་མོའི་གདུ་བུ་ལ་སོགས་པའི་རྒྱན་སྣ་ཚོགས། རིན་པོ་ཆེའི་གདུགས་དང་དར་སྣ་ཚོགས་ཀྱི་སྟོད་གཡོགས་སྨད་དཀྲིས་བླ་བྲེ་རྒྱལ་མཚན་བ་དན་ལྡ་ལྡི་རྔ་ཡབ་གཟིམ་ཆ་སེང་ཁྲི་པདྨ་ཟླ་གདན་ལ་སོགས་མཁོ་བའི་


KMC019_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད། བཞུགས་གནས་ཀྱི་གཞལ་ཡས་ཁང་མི་འདྲ་བ་སྣ་ཚོགས་འཁོར་ལྷའི་བུ་དང་བུ་མོ་ལ་སོགས་པ་ལག་ན་འདོད་པའི་ཡོན་ཏན་སྣ་ཚོགས་ཐོགས་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ཏེ་ཕུལ་བར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །རྡོ་རྗེ་ཕག་མོ་རིགས་བཞི་མཁའ་འགྲོ་ལ་སོགས་པ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ལ་དམ་རྫས་ཚོགས་ཀྱི་འཁོར་ལོ་ཤ་སྣ་ཚོགས་ཆང་སྣ་ཚོགས་འབྲུ་སྣ་ཚོགས་བཟའ་བཅའི་ཚོགས་མ་ཚང་བ་མེད་པ་རུས་པའི་རྒྱན་དྲུག་ལ་སོགས་པ་དཔལ་དང་དུར་ཁྲོད་ཀྱི་ཆས་དང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་རལ་གྲི་ལ་སོགས་རིགས་ལྔའི་ཕྱག་མཚན། ཌཱ་དྲིལ་གྲི་ཐོད་ཁ་ཊྭཱཾ་རིན་པོ་ཆེ་སྣ་ཚོགས་དང་མེ་ལོང་མེ་ཏོག་གི་ཕྲེང་བ་སོགས་རྒྱན་གོས་ཡོ་བྱད་མ་ཚང་བ་མེད་པ་སོ་སོའི་ཡིད་དང་མཐུན་པའི་འཁོར་དཔའ་བོ་དང་མཚན་ལྡན་རིག་མ་སོགས་རང་རང་གི་སྐལ་པ་དང་འཚམས་པ་མང་པོ་ཕུལ་བར་བསམ་


KMC019_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཕཊ་ཀྱིས་མཚམས་སྦྱར་རོ། །ཁྱད་པར་དུ་མ་གཅིག་ལབ་སྒྲོན་ལ་སོགས་པའི་སྐྱབས་གནས་ཀྱི་གཙོ་བོ་རྣམས་ལ་ལན་གྲངས་བསམ་གྱིས་མི་ཁྱབ་པ་ཡང་ཡང་ཕུལ་བར་བསམ་ཞིང་ཕུལ་མཁན་གྱི་ལས་བྱེད་རྣམས་ཀྱང་གཙོ་ཆེར་བླ་མའི་ཚོགས་རྣམས་ལ་དཀར་མོ་དང་། ཡི་དམ་མཁའ་འགྲོ་ལ་སེར་མོ་གཙོ་ཆེ་བར་གསུངས་སོ། །དེ་ལྟར་དཀོན་མཆོག་སྲི་ཞུ་རྣམས་ལ་ཕུལ་བས་སྐུ་གསུང་ཐུགས་མཉེས་ནས་རྒྱུ་ཚོགས་རྫོགས་ལམ་སྒྲིབ་པ་བྱང་། །འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་སྩོལ་བར་བསམ། གཉིས་པ་ཡེ་ཤེས་དང་འཇིག་རྟེན་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་བཀའ་ཉན་དྲེགས་བྱེད་ཡང་འཁོར་ཕོ་ཉའི་ཚོགས་དང་བཅས་པ་རྣམས་ལ་དམར་ཆེན་ཁྲག་གི་རྒྱ་མཚོ། །དབང་པོ་ལྔའི་མེ་ཏོག །ཤ་ཆེན་གསུར་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། ཤ་རུས་ཀྱི་བཟའ་བཅའ་སྣ་ཚོགས། དམར་


KMC019_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་གཏོར་མ་རི་རབ་ཙམ་དང་། རྐང་གླིང་ཐོད་རྔ་ལ་སོགས་པའི་རོལ་མོ་སྣ་ཚོགས། རང་རང་གི་ཡིད་དང་མཐུན་པའི་ཤ་ཁྲག་དོན་སྙིང་པགས་པ་སོགས། བསྟེན་རྫས་སྒྲུབ་རྫས་བསྐང་རྫས་དར་ནག་འཇོལ་བེར་རེ་ལྡེའི་ཤམ་བུ་མི་ལྤགས་སྟག་ཤམ་གླང་གོས་ལ་སོགས་པའི་གོས་སྣ་ཚོགས། ཐོད་པ་སྐམ་རློན་རྒྱན་དྲུག་སྦྲུལ་ཆུན་རྒྱུ་ཞགས་ལ་སོགས་པའི་རྒྱན་སྣ་ཚོགས། གྲི་གུག་རལ་གྲི་ཤོ་རྡེལ་ནད་རྐྱལ་ཚོན་གྲུག་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་བྱ་ནག་ཁྱི་ནག་རྟ་ནག་གཡག་ནག་གཞན་ཡང་བྱ་རིགས་གཅན་གཟན་དུག་སྦྲུལ་ལ་སོགས་པའི་སྲོག་ཆགས་ཀྱི་རིགས་གྱུར་སྤྱན་གཟིགས་སྣ་ཚོགས། དུར་ཁྲོད་ཀྱི་བཀོད་པ་མེ་རླུང་དམར་ནག་ཁྲག་མཚོ་ཐོད་མཁར་སོགས་བཞུགས་ཡུལ་གྱི་བཀོད་པ་འཇིགས་ཤིང་ཡ་ང་བ་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། གཞན་ཡང་རིན་པོ་ཆེ་སྣ་ཚོགས་དར་ཟབ་གོ་མཚོན་


KMC019_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གྱི་སྒྲོམ་བུ་བཀྲ་ཤིས་རྫས་རྟགས་ནོར་བུ་ཆ་བདུན་འདོད་འཇོའི་བ་དཔག་བསམ་གྱི་ཤིང་ལ་སོགས་པའི་འདོད་དགུ་འབྱུང་བའི་མཆོད་སྤྲིན་མང་པོས་ནོར་ལྷ་གནོད་སྦྱིན་གྱི་རིགས་རྣམས་ལ་མཆོད། ཡང་མེ་ཏོག་ཤིང་ཐོག་འབྲུ་སྨན་དར་ཟབ་རྒྱན་ཕྲེང་ལྷའི་ཁང་བཟང་། ཁྲུས་ཀྱི་རྫིང་བུ་ལ་སོགས་པའི་རང་རང་གི་སྤྱོད་ཡུལ་དང་མཐུན་པའི་མཆོད་པའི་སྤྲིན་དཔག་ཏུ་མེད་པས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་དཔལ་མགོན་བདུན་ཅུ་སོགས་ཕྱི་རྒྱུད་ཀྱི་སྲུང་མ་རྣམས་ལ་ཕུལ་བར་བསམ། དེ་ལྟར་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཐུགས་མཉེས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་འཇོམས་པའི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐོགས་མེད་དུ་སྒྲུབ་པར་བསམ། ཡང་མཆོད་པའི་ལྷ་མོ་སྣ་ཚོགས་དང་ཁྱད་པར་དཀར་མོ་གྲངས་མེད་པས་ཐོད་པ་བདུད་རྩིས་གང་བ་དང་མཆོད་རྫས་བསམ་གྱིས་མི་


KMC019_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པར་སྤྲུལ་ནས་ཕ་མས་གཙོར་བྱས་རིགས་དྲུག་གི་སེམས་ཅན་རྣམས་ལ་སོ་སོར་ཕུལ་ཞིང་དེ་ཡང་ཚ་དམྱལ་རྣམས་བསིལ་བ། གྲང་དམྱལ་རྣམས་དྲོ་བ་གསོད་གཅོད་གཏུབ་པ་སོགས་མི་བྱེད་ཅིང་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་ལྷའི་བདུད་རྩི་ཁ་དོག་སྣ་ཚོགས་པ་བྱིན་པར་བསམ། ཡི་དྭགས་རྣམས་ལ་བཀྲེས་སྐོམ་སེལ་བའི་རྫས་བཟའ་བཏུང་སྣ་ཚོགས་པ་ལྷའི་བདུད་རྩིའི་ཆར་ཕབས་པས་གཟུགས་བཟང་ཕུན་སུམ་ཚོགས་པར་བསམ། དུད་འགྲོ་རྣམས་ལ་ཤེས་རབ་བསྐྱེད་པའི་རྫས་བདུད་རྩི་ཁ་དོག་སྣ་ཚོགས་པ་དང་རང་རང་གི་ཡིད་དང་མཐུན་པའི་བཟའ་བཏུང་གནས་དང་བཅས་པ་ཕུལ་བས་མ་རིག་པའི་སྒྲིབ་པ་དག་ནས་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། མི་རྣམས་ལ་ང་དར་གོས་གསུམ་གསེར་དངུལ་དར་ཟབ་བང་མཛོད་རྟ་དྲེལ་ནོར་ཕྱུགས་སོགས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་ནམ་མཁའི་མཛོད་


KMC019_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཕུལ་བས་འདོད་དགུ་ལྷུན་གྱིས་གྲུབ་པར་བསམ། ལྷ་མ་ཡིན་རྣམས་ལ་རྡོ་རྗེའི་གོ་མཚོན་དང་འཆི་མེད་ཀྱི་བདུད་རྩི་སོགས་ལོངས་སྤྱོད་སྣ་ཚོགས་ཕུལ་བར་བསམ། ལྷ་རྣམས་ལ་བདུད་རྩི་ཁ་དོག་སྣ་ཚོགས་ཅང་ཤེས་ཀྱི་རྟ་དང་ཁྲུས་ཀྱི་རྫིང་བུ་མ་རྨོས་པའི་ལོ་ཏོག་མེ་ཏོག་སྣ་ཚོགས་ཀྱི་རྒྱན་དང་ཕྲེང་བ། ལྷའི་བུ་དང་བུ་མོ་རྣམས་ཀྱི་རྩེད་འཇོ་ལ་སོགས་པའི་དགའ་བདེའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསམ། མདོར་ན་རིགས་དྲུག་སྙིང་རྗེའི་མགྲོན་དེ་རྣམས་ལ་གང་འདོད་ཀྱི་ལོངས་སྤྱོད་དང་བདུད་རྩི་ཕུལ་བས་སོ་སོའི་སྡུག་བསྔལ་དང་ཉེས་དམིགས་ཅི་ཡོད་པ་ལས་གྲོལ་ནས་སངས་རྒྱས་ཐོབ་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །ཡང་རིགས་དྲུག་དེ་རྣམས་ཀྱི་ནང་ནས་ཀྱང་བདག་གིས་སྔོན་བསྐལ་པ་གྲངས་མེད་པ་ནས་ཕན་ཚུན་བསད་ཅིང་གཏུབས་པས་ཚེ་ཐུང་བའི་ལན་ཆགས། རྐུ་འཕྲོག་བཅོམ་གསུམ་བྱས་པས་ནོར་འབུལ་བའི་ལན་ཆགས།


KMC019_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་བརྡེག་བཅིངས་པ་དབང་པོ་འབྲོག་པ་སོགས་ནད་མང་ཞིང་ལུས་སྡུག་བསྔལ་བའི་ལན་ཆགས། ཡུལ་ཁམས་ཕོ་བྲང་བུ་དང་ཆུང་མ་ལུས་སྲོག་འཕྲོག་པ་སོགས་ལན་ཤིན་ཏུ་ཆེ་བའི་ལན་ཆགས། རྫས་དང་ཡོ་བྱད་ཤ་ཁྲག་ལ་ལོངས་སྤྱོད་པ་ལ་སོགས་ལན་ཆགས་ཕྲ་མོའི་རིགས་གྱུར་གྱིས་ད་ལྟ་རང་ལ་དེ་ལྟ་བུའི་ལན་ཆགས་བསྙེག་ཅིང་གདུག་པའི་བསམ་སྦྱོར་དང་ལྡན་པ་དེ་རྣམས་ལ་ངོ་བོ་གོང་གི་བདུད་རྩི་ལ་རྣམ་པ་ཤ་རི་ཁྲག་མཚོ་རུས་པའི་གྲོམ་ཁྲོད་ཁྲ་ཤིག་གེ་བ། རླངས་པ་ཕ་ལེ་བ་ངོ་བོ་ཡག་པ་ཡིད་དུ་འོང་བ་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཁྲག་ལྟ་བུ་ཁར་བཏུང་བ་རེག་པ་དྲི་ཚོར་བ་ཙམ་གྱིས་གནས་སྐབས་མཐར་ཐུག་གི་སྡུག་བསྔལ་ཐམས་ཅད་ཞི་ཞིང་བདེ་བའི་མཆོག་ཐོབ་པར་བྱེད་པ་དང་། གཞན་ཡང་ལན་ཆགས་འཇལ་གང་དགོས་ཀྱི་ཡུལ་མཁར་རྟ་ནོར་གསེར་དངུལ་རིན་པོ་ཆེའི་རིགས་དང་སྐྱེས་པ་བུད་མེད་གཟུགས་བཟང་ཕུན་


KMC019_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་གོས་རྒྱན་སྣ་ཚོགས་མདོར་ན་ལན་ཆགས་འཇལ་གང་དགོས་དངོས་པོའི་རྫས་དེ་རྣམས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེ་བ་འདོད་དགུ་ཆར་ལྟར་འབེབས་པར་སྤྲུལ་ནས་བྱིན་པས་ལན་ཆགས་ཤ་མཁོན་ཐམས་ཅད་བྱང་ནས་བྱང་ཆུབ་ཐོབ་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་ཡན་ཆད་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་གྱི་རིམ་པའོ། །ཡང་རང་གི་ཐུགས་ཀ་ནས་ལྷ་མོ་དཀར་མོ་གྲངས་མེད་པ་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ། རིགས་དྲུག་གི་གནས་སོ་སོར་བྱོན་ནས་བདུད་རྩི་དྲངས་པས་རང་རང་གི་སྡུག་བསྔལ་ལས་གྲོལ་ཏེ་བྱང་ཆུབ་ཐོབ་ནས་རིགས་དྲུག་གི་གནས་སྟོང་སྟེ། སླར་ཡང་ལྷ་མོ་དེ་རྣམས་ལས་འོད་འཕྲོས་གནས་སྟོང་པ་རྣམས་ལ་ཁྱབ་པས་དམྱལ་བའི་གནས་བཻ་ཌཱུཪྻ་ལྟར་དག་པ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། དེ་བཞིན་ཡི་དྭགས་ཀྱི་གནས་པདྨ་རཱ་ག་ལྟར་དག་པ་པདྨའི་རང་བཞིན། བྱོལ་སོང་གི་གནས་ཤེལ་


KMC019_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དག་པ་འཁོར་ལོའི་རང་བཞིན། མིའི་གནས་གསེར་ལྟར་དག་པ་རིན་པོ་ཆེའི་རང་བཞིན། ལྷ་མ་ཡིན་གྱི་གནས་མར་གད་ལྟར་དག་པ་རྒྱ་གྲམ་གྱི་རང་བཞིན། ལྷའི་གནས་དག་པ་སྟོང་གསལ་འོད་ལྔའི་ངོ་བོ་ཡེ་ཤེས་ཆེན་པོའི་རང་བཞིན་དུ་གྱུར་པར་བསམ། མཐར་ལྷ་མོ་རང་ལ་བསྡུས་ནས་མི་དམིགས་པར་བཞག་གོ །སླར་ཡང་བདུད་རྩིའི་ལྷག་མ་དེ་ཉིད་དཀར་གསུམ་མངར་གསུམ། སྨན་སྣ་ཚོགས་དར་ཟབ་རིན་པོ་ཆེ་འབྲུ་སྣ་ཚོགས། རྟ་ནོར་སོགས་གཡུང་དྭགས་སྣ་ཚོགས་འབྲང་དང་ཤ་བ་སོགས་རི་དྭགས་སྣ་ཚོགས། བྱ་རིགས་གཅན་གཟན་ཉ་སྲམ་རུ་སྦལ་སོགས་སྐྱེ་འགྲོའི་གཟུགས་བརྙན་དེ་རྣམས་ལུས་ཆེ་ཞིང་སྟོབས་དང་ལྡན་པ་བ་སྤུ་ཉག་མ་རེ་རེ་ལས་ཀྱང་དེ་འདྲ་གྲངས་མེད་འཕྲོ་བ། རྫ་དང་གངས་རི་སྤང་ལྗང་ནགས་ཚལ་མཚོ་དང་ནེའུ་གསེང་ཆུ་མིག་མེ་ཏོག་གི་ཚལ་ཆེན་སོགས་བཀོད་པ་ངོ་མཚར་ཅན་དུ་མ་དང་། རིན་པོ་ཆེའི་


KMC019_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་སྣ་ཚོགས་པ་རྣམས་ཀྱི་ནང་དུ་ཇ་ཆང་གསེར་སྐྱེམས་ཕུད་སྣ་ཚོགས། མདའ་མདུང་གོ་མཚོན་དང་སྣ་ཚོགས་ཀྱིས་བརྒྱན་པ་དང་། བལ་ཚོན་སྣ་ཚོགས། འདོད་ཡོན་གྱི་བཀོད་པ་གྲངས་མེད་པ་སྤྲུལ་ནས་གཞི་བདག་རྣམས་ལ་ཕུལ་བས་རང་རང་གི་གནས་ཡུལ་རྒྱན་གོས་བཟའ་བཏུང་ཆ་བྱད་སོགས་ཕུན་སུམ་ཚོགས་པར་གྱུར་ནས་གཞི་བདག་ཕོ་རིགས་རྣམས་སྟག་གཟིག་རྟ་སྤྱང་ལ་ཞོན་པ་ཁྲི་ལ་སྡོད་པ་སོགས་སྤྱོད་ལམ་བག་ཕེབས་པའི་རྣམ་འགྱུར་དང་། མོ་རིགས་རྣམས་ཀྱང་དར་ཟབ་གོས་དང་རྒྱན་ཕྲེང་སོགས་ཀྱིས་བརྒྱན་ཅིང་ལག་ཏུ་ཏོང་སྐུད་དམར་དཀར་གྱི་གྲུ་གུ་བཞུ་བ་སོགས་སོ་སོར་ལོངས་སྤྱོད་འདོད་དགུའི་དཔལ་འབྱོར་དང་ལྡན་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །ཡང་བདུད་རྩིའི་ལྷག་མ་དེ་ཉིད་ཞོ་དང་འོ་མ་སོགས་དཀར་གསུམ། ཀ་ར་བུ་རམ་སོགས་མངར་གསུམ་ཁྲག་རྣམས་འོ་མའི་རྒྱ་མཚོ་ཆེན་པོ་དང་ནང་ཁྲོལ་རྣམས་ཀླུ་སྨན་སྣ་


KMC019_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དང་། ཀླུ་རྣམས་དགྱེས་པའི་ཡོ་བྱད་དུ་མ་བསམ་ལ། ཀླུ་རྣམས་ཀྱང་ཁོག་སྟོད་ལྷའི་སྐྱེས་བུ་ལྟ་བུ་ལ་སྐུ་སྨད་སྦྲུལ་མཇུག་དང་ལྡན་པ་མགོ་ལ་སྦྲུལ་མགོ་ལྔ་བདུན་དགུ་ལ་སོགས་པའི་གདེངས་ཀ་ཡོད་པ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་དེ་རྣམས་ཀླུའི་ཡོ་བྱད་ལ་ལོངས་སྤྱོད་པས་གནོད་སེམས་ཞི་ནས་བདེ་སྐྱིད་ཕུན་སུམ་ཚོགས་པར་བསམ། ཡང་དེའི་ཕྱི་མཚམས་དར་སྣ་ཚོགས་ཀྱི་ཡོལ་བས་བཅད་པའི་ཕྱི་རོལ་དུ་ཤ་ཁྲག་གི་རྒྱ་མཚོ་ལ་ཀླུ་གདོལ་པ་སོགས་ནག་ཕྱོགས་ཤ་ཁྲག་ལ་དགྱེས་པ་རྣམས་ཀྱིས་ལོངས་སྤྱོད་པས་གདུག་སེམས་ཞི་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པར་བསམ་མཐར་མཆོད་ལྷ་བསྡུ། མཉམ་པར་བཞག །འདིར་གཞི་བདག་དང་ཀླུ་གཉིས་བྱེ་བྲག་སོ་སོར་འབུལ་དགོས་པ་ནི་གཅོད་ཀྱི་ཉམས་ལེན་གྱི་ཁྱད་ཆོས་ཕྱི་འཇིགས་ཡུལ་ལ་བརྟེན་ནས་ནང་འཇིགས་མཁན་གྱི་ཤེས་རིག་གཏན་ལ་འབེབས་པའི་ཕྱིར་


KMC019_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཉན་ས་རི་ཁྲོད་འགྲིམས་པ་གཙོ་བོར་སྟོན་པའི་ཕྱིར་དང་གནས་སྐབས་སུ་ཕྲིན་ལས་གང་འདོད་བཅོལ་བའི་དོན་དུ་ཕུལ་བ་ཡིན་ནོ། །དོན་ལ་རིགས་དྲུག་གི་ནང་དུ་མ་འདུས་པ་ནི་མིན་ཏེ་གཞི་བདག་ནི་མི་མ་ཡིན་མིའི་འགྲོ་བ་ལ་འདུས་པ་དང་། ཀླུ་རྣམས་དུད་འགྲོའི་འགྲོ་བ་ལ་འདུས་པ་ཡིན་ནོ། །དེ་ལྟར་ཕུལ་ཚེ་མཆོད་མཁན་གྱི་ལྷ་མོ་སྤྱིར་མདོག་སྣ་ཚོགས་ཡིན་ཀྱང་གཙོ་ཆེར་ཆོས་སྐྱོང་རྣམས་ལ་དམར་མོ་དང་ཕྱི་རྒྱུད་རིགས་དྲུག་སོགས་ལ་དཀར་མོ་ཡིན་པར་གསུངས་སོ། །དེ་ནས་དམར་འགྱེད་བྱེད་པ་ནི། རྣམ་ཤེས་གོང་ལྟར་སྤར་ལ་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས་ཁྲོས་མ་ནག་མོ་གཡས་མི་ལྤགས་དང་གཡོན་མི་རྐང་འཛིན་པ་སོགས་གཞུང་ལྟར་མཐུན་པར་བསྐྱེད་པའི་ཐུགས་ཀ་ནས་ལས་བྱེད་སྒོ་མ་བཞི་དང་ཁྲོས་མ་གྲངས་མེད་སྤྲུལ་ནས་གོང་གི་འགྱེད་དེ་རྣམས་ཀྱིས་མི་ཚིམ་པའི་ཕོ་གདོན་མོ་གདོན་ཀླུ་གདོན་སོགས་གདུག་པའི་བསམ་སྦྱོར་དང་ལྡན་


KMC019_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རྣམས་བཀུག་ནས་བེམ་པོ་ཤ་རི་ཁྲག་མཚོ་འཇིག་རྟེན་གྱི་ཁམས་དང་མཉམ་པར་སྤེལ་བ་དེ། གདོན་དེ་རྣམས་ཀྱིས་ཤ་ཟ་ཁྲག་འཐུང་རུས་པ་མུར་འཁོར་བ་མ་སྟོང་གི་བར་དུ་ལོངས་སྤྱོད་རྒྱུན་མི་འཆད་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་ལ་རྐང་གླིང་འབུད་ཅིང་། ན་མོ་གནས་གཉན་ས་སོགས་བྱའོ། །ཡང་འགྱེད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པ་ལས་བདུད་རྩི་བུམ་འགྱེད་མ་ནི། རང་གཞན་གྱི་རྣམ་ཤེས་འཕོ་བ་གང་འདོད་ལྟར་མ་གཅིག་གི་ཐུགས་ཀར་སྤར། མ་གཅིག་གི་ཐུགས་ཀ་ནས་རིག་པའི་ངོ་བོ་ཧ་ཡིག་དཀར་པོ་ལས་གྲུབ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་མོ་གཡས་གྲི་གུག་དང་གཡོན་བདུད་རྩིས་གང་བའི་བུམ་པ་ཐོགས་པ་རྒྱན་ཆ་ལུགས་དང་ལྡན་པ་གཅིག་ཏུ་གྱུར་ནས་བེམ་པོ་དེའི་སྤྱི་གཙུག་ནས་ཕྱག་གི་བུམ་པའི་བདུད་རྩི་བླུགས་པས་བེམ་པོ་དེ་ཉིད་རྒྱལ་གྲོད་འོ་མས་གང་བ་ལྟ་བུར་གྱུར་པར་བསམ་ལ་ཕྱག་གཡས་ཀྱི་གྲི་


KMC019_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གུག་བཤགས་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་ཁོག་ཟམ་ལ་ཐིམ་འོད་དུ་ཞུ་ནས་བདུད་རྩིར་འདྲེས་པས་ཁ་དོག་སྣ་ཚོགས་པའི་མཆོད་སྤྲིན་དུ་དམིགས་ནས་ས་གཞི་ཤེལ་ལྟར་དག་པར་བདུད་རྩིས་གང་བར་བསམ་ལ་རང་གི་ཐུགས་ཀ་ནས་ལྷ་མོ་དཀར་མོ་ཕྱག་གཉིས་བུམ་པ་བདུད་རྩིས་གང་བ་ཐོགས་པ་དཔག་ཏུ་མེད་པས་བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད། ཡང་བདུད་རྩི་དེ་ཉིད་ཐོད་རློན་ཤས་གང་བ་མང་པོར་གྱུར་ཏེ་ཆོས་སྐྱོང་བའི་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་མཆོད། དེ་ཕྱིན་གྱི་སྲུང་མ་དང་རིགས་དྲུག་ལན་ཆགས་བགེགས་རིགས་གཞི་བདག་ཀླུ་དང་བཅས་པ་རྣམས་ལ་བདུད་རྩིས་མཆོད་པས་ཚིམ་པར་བྱེད་པའོ། །ཡང་རྣམ་ཤེས་སྤར་བ་སོགས་གོང་ལྟར་ལ་མ་གཅིག་གི་


KMC019_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་མོ་གྲི་གུག་དང་ཐོད་ཁྲག་ཐོགས་པ་གཅིག་ཏུ་བསྐྱེད་ལ་གྲི་གུག་གིས་བེམ་པོའི་སྨིན་མཚམས་ཡན་སྒར་གྱིས་གྲས་པའི་ནང་དུ་བེམ་པོའི་ཤ་ཁྲག་རྣམས་བླུགས་ནས་བཀང་སྟེ་སྔར་ལྟར་རླུང་གཡོས་མེ་སྤར་ཐོད་པ་དྲོས་ཤིང་བདུད་རྩི་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད་པར་བསམ། ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཐམས་ཅད་རང་གི་ཕྱག་གི་ཐོད་པའི་ནང་དུ་བབ་ཅིང་ཞུ་བས་ཐོད་པ་གང་། ཐོད་པའི་ཚངས་བུག་ནས་ཆད་ཟམ་གྱི་ཐེམ་བུ་བུད་པ་ལྟར་བདུད་རྩི་བབ་ནས་མདུན་གྱི་ཐོད་ནང་གི་བདུད་རྩིར་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་འདྲེས། ཁོལ་བའི་རླངས་པ་འོད་ཟེར་དཀར་པོའི་རྣམ་པ་སྟེང་དུ་འཕྲོས། ཁུ་བ་བདུད་རྩིའི་རང་བཞིན་རོ་མཆོག་བརྒྱ་དང་ལྡན་པ་བར་ན་


KMC019_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་བ། སྙིགས་མ་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་འོག་ན་གནས་པར་བསམ། ལས་བྱེད་དཀར་མོ་ཐོད་པ་ཐོགས་པ་མང་པོས་དཀོན་མཆོག་སྲི་ཞུ་ནས་བཟུང་སྟེ་གཞི་བདག་ཀླུ་དང་བཅས་པ་ལ་འབུལ་བ་ནི་ཐོད་ཞལ་མའོ། །ཡང་རྣམ་ཤེས་སྤར་བ་ནས་བཟུང་སྟེ་ལས་བྱེད་དཀར་མོའི་སྤེལ་སྦྱངས་ཐོད་ཞལ་མ་ལྟར་བྱས་ནས་ལས་བྱེད་མདོག་སྣ་ཚོགས་སྤྲོས་ནས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་མགྲོན་ཐམས་ཅད་ལ་སྔར་ཐོད་སྒྱེད་མའི་སྐབས་ལྟར་འབུལ་བ་ནི་འདོད་ཡོན་ལྔ་མཆོད་མའོ། །དེ་ལྟ་བུའི་འགྱེད་ཚུལ་དེ་རྣམས་ཀྱང་ངོ་བོ་རང་གི་ཤ་ཁྲག་ལ་རྣམ་པ་གང་འདོད་ཀྱི་མཆོད་རྫས་བདུད་རྩི་སོགས་སུ་སྤེལ་ཞིང་འགྱེད་ཡུལ་གྱི་མགྲོན་རྣམས་ནི། དཀོན་མཆོག་སྲི་ཞུ། མགོན་པོ་ཡོན་ཏན། རིགས་དྲུག་སྙིང་རྗེ། གདོན་བགེགས་ལན་ཆགས་ཀྱི་མགྲོན་རྣམས་ལ་ཡིན་ཞིང་། དེ་ལྟར་འགྱེད་པའི་འབྲས་བུ་བྱིན་རླབས་དངོས་གྲུབ། ཕྲིན་ལས་མཐུ་


KMC019_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ། ལན་ཆགས་སྡུག་བསྔལ་སོགས་བདེ་སྡུག་གི་སྣང་བ་ཅི་ལྟར་ཤར་ཡང་གདོད་མའི་ཆོས་སྐུ་སྐྱེ་འགག་གནས་གསུམ་བྲལ་བ་བསམ་བརྗོད་དང་བྲལ་བའི་ཡུམ་དོན་ལ་མཉམ་པར་བཞག་ཅིང་གནས་སྐབས་ཀྱི་བདེ་སྡུག་ཅི་བྱུང་ཡང་དེ་ཉིད་ཀྱི་ངོ་བོར་རང་བཞིན་གདོད་ནས་དག་པའི་ངང་དུ་ལམ་དུ་ཁྱེར་བ་སྟེ། དཀར་འགྱེད་མགྲོན་བཞི་མ་དང་། དཀར་ཚོགས་ལམ་ཁྱེར་སྐོར་གསུམ་ཟེར་བའི་དོན་འདི་རྣམས་ལ་འདུས་སོ། །ཡང་ཡིག་ཆ་འགའ་ཞིག་ལས་འདི་སྐབས་འགྱེད་ཚུལ་བདུན་དུ་བཤད་པ་དང་། དེ་སྐབས་ནང་གསེས་ཀྱི་ས་བཅད་བསྒྲིགས་པ་སོགས་མི་མཚུངས་པ་འགའ་རེ་འདུག་ཀྱང་འདི་ནི་སློབ་དཔོན་གྱིས་བདག་ལ་གསུངས་པའི་བཤད་རྒྱུན་ངེས་པ་ཅན་ཡིན་པ་དང་། དྲུང་རིན་པོ་ཆེ་ཞལ་བཞུགས་སྐབས་ཀྱི་ཕྱག་དཔེ་ཡིད་ཆེས་ཅན་འགའ་ལའང་འདི་ལྟར་འདུག་པ་དེ་གཉིས་ལ་དཔང་པོ་བྱས་པའོ། །དེ་ནས་དམར་འགྱེད་ནི། རྣམ་


KMC019_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྤར་བ་དང་ཧྲཱིཿཡིག་དམར་པོ་ལས་རིག་པ་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པ་གོང་ལྟར་ལ། བེམ་པོའི་ཡན་ལག་བཞི་གྲི་གུག་གིས་བཅད་ནས་ཕྱོགས་བཞིར་བཙུགས་པའི་སྟེང་དུ་པགས་པ་སྐྱོན་ནས་བརྒྱངས་བའི་སྟེང་དུ་བེམ་པོ་ཤ་ཁྲག་རུས་གསུམ་གྱི་ཕུང་པོ་ཆེན་པོར་བསམ་ལ་རང་རྣལ་འབྱོར་མའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར། སེར། དམར། ལྗང་བཞི་སྤྲོས་ནས་གཡང་གཞིའི་རྩ་བཞི་ནས་འཇུས་ཏེ་མགྲོན་རྣམས་ལ་བསྟབ་པ་ནི་མཆོག་ཕུར་མ་དང་། ཡང་རྣམ་ཤེས་སྤར་བ་དང་རིག་པ་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པ་གོང་ལྟར་ལ་ཡན་ལག་བཞི་ལ་མི་སྐྱོན་པར་པགས་པ་ས་གཞིར་བཏིང་བའི་སྟེང་དུ་ཤ་ཁྲག་རུས་གསུམ་ཕྱུར་བུར་སྤུངས་ཏེ་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་བཞི་སྤྲོས་ཏེ་གོང་ལྟར་མགྲོན་རྣམས་ལ་བསྟབས་པ་ནི་གཡང་གཞི་མའོ། །དེ་ལྟར་དཀར་འགྱེད་དམར་འགྱེད་བྱ་རྒྱུའི་ཤ་ཁྲག་དེ་ཉིད་མགྲོན་རིགས་ཐམས་ཅད་


KMC019_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྔོས་མ་ཐག་ཏུ་དཀོན་མཆོག་སྲི་ཞུ་རྣམས་ཀྱང་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་རྫོགས། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱིས་ཕྲིན་ལས་སྣ་ཚོགས་ཐོགས་པ་མེད་པར་བསྒྲུབས། རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱང་གནས་སྐབས་མཐར་ཐུག་གི་སྒྲིབ་གསུམ་ལས་གྲོལ་ཏེ་མངོན་སངས་རྒྱས། ཁྱད་པར་དམར་འགྱེད་ཀྱི་དུས་སུ་གདོན་བགེགས་ལན་ཆགས་འབྱུང་པོ་རྣམས་ཀྱི་ཁར་སོང་བ། དྲི་ཚོར་བ་ཙམ་གྱིས་སྡུག་བསྔལ་ལས་གྲོལ་ཞིང་མཐར་ཐུག་ཀུན་ཀྱང་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པར་བསམ། སྤྱིར་ཡང་སྒྱུ་ལུས་མཆོད་སྦྱིན་གྱི་རིམ་པ་གང་བྱེད་ཀྱང་གནད་དུ་ཆེ་བ་ནི་འདི་ལྟར་གོ་དགོས་ཏེ། གཞི་གདོད་མའི་འོད་གསལ་བདེ་གཤེགས་སྙིང་པོ་འཁོར་འདས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པར་གནས་པ་དེ་ཉིད་མངོན་སུམ་དུ་མ་བྱས་ཀྱི་བར་དུ་གཉིས་སྣང་འཁྲུལ་རྟོག་གིས་བསྡུས་པའི་བཟང་ངན་


KMC019_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བཙོག །ལྷ་འདྲེ་ལ་རེ་དོགས་ཀྱིས་ཕན་གནོད་སོགས་མིང་གི་སྒྲོ་བཏགས་ཙམ་ལ་ཞེན་པའི་ཀུན་བཏགས་དང་། སྐྱེ་ཤི་ན་ཚ་འཁོར་འདས་སོགས་གཉིས་སྣང་གིས་བསྡུས་པའི་གཟུང་འཛིན་གྱི་སྣང་བ་ལ་ཨ་འཐས་སུ་ཞེན་པའི་གཞན་དབང་དང་། དེ་གཉིས་ཀྱིས་བསྡུས་པའི་རྟོག་ཚོགས་ཀྱི་དྲི་མ་ཐམས་ཅད་རང་སར་དག །རང་སར་སྟོང་ཞིང་འོད་གསལ་བདེ་གཤེགས་སྙིང་པོ་དེ་ཉིད་རྟག་ཆད་འགྲོ་འོང་སྐྱེ་འགག་གཅིག་དང་ཐ་དད་སོགས་ཐམས་ཅད་ཀྱི་དྲི་མས་ཡེ་ནས་མ་གོས་ཤིང་སྤྲོས་མེད་ནམ་མཁའི་དཀྱིལ་ལྟ་བུ་དེ་ཡང་བེམ་སྟོང་སོགས་མ་ཡིན་པ་སྐུ་བཞི་ཡེ་ཤེས་ལྔའི་བདག་དམ་པ་གཙང་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མོས་པ་ལམ་དུ་བྱེད་པ་ནས་མངོན་དུ་མ་གྱུར་པར་དེ་ལྟ་བུ་ཉམས་སུ་བླང་བ་ལ་བདག་འཛིན་ལུས་སྲོག་ལ་གཅེས་པར་འཛིན་པའི་དབང་གིས་ན་ཚ་སྡུག་བསྔལ་སོགས་མི་བཟོད་པའི་ཚོར་བ་ཉམས་སུ་མྱོང་བ་ལ་ཨ་འཐས་སུ་ཞེན་པའི་


KMC019_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཛིན་འདི་ཉིད་ལུས་བེམ་པོ་འཁོར་ལོངས་སྤྱོད་སོགས་གཟུགས་སུ་སྣང་བ་འདི་ཉིད་གཉིས་སྣང་གིས་བསྡུས་པའི་མགོན་རིགས་རྣམས་ཀྱིས་ཅི་ལྟར་འཚམས་པ་བཞིན་དུ་ལོངས་སྤྱོད་པར་བསམ་ནས་མཆོད་པར་བྱ་བ་དང་། ཡང་བདག་ཏུ་བཟུང་བའི་སྒྱུ་ལུས་སོགས་དངོས་པོ་ལ་ཞེན་པའི་ཨ་འཐས་སུ་ཞེན་པ་དང་། སྦྱིན་ཡུལ་འཁོར་འདས་ཀྱི་མགྲོན་རྣམས་དང་སྦྱིན་བྱེད་གཉིས་སུ་འཛིན་པའི་རྟོག་ཚོགས་དེ་རྣམས་རང་རིག་འོད་གསལ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་བློའི་ཡུལ་ལས་འདས་ཤིང་བསམ་བརྗོད་དང་བྲལ་བ་དེ་ཉིད་ཀྱི་ངང་ལ་དག་དགོས་པ་ནི་གལ་ཆེ་སྟེ། ཀ་ཚོམས་ཡང་ཚོམས་ལེ་ལག་ཟབ་དོན་ཐུགས་ཀྱི་སྙིང་པོའི་རྩ་འགྲེལ་འབྲུག་པ་ཀུན་སྤངས་ཆེན་པོའི་གསང་གཅོད་སོགས་མ་ཡི་གཅོད་སྐོར་གྱི་གནད་རྣམས་གོ་ཉམས་རྟོགས་གསུམ་གྱིས་གཏན་ལ་ཕེབ་པ་ཞིག་དགོས་རྒྱུར་སྣང་ངོ་། །དེ་ལྟར་དམིགས་སྐོར་རྣམས་རྒྱས་པར་ན་


KMC019_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་སོ་སོའི་མཚམས་སུ་རེ་རེ་སྦྱར་ཞིང་ཕཊ་བརྒྱ་མར་གྲགས་པ་དང་། ཡང་གནས་གཉན་ས་མའི་མགོར་དཀར་འགྱེད་མགྲོན་བཞི་མ་དང་། གཞི་བདག་ཀླུ་དང་གདོན་ལ་དམར་འགྱེད་སོགས་རྒྱས་པར་བཏང་ནས་དེ་ཕྱིན་གྱི་མཚམས་རྣམས་སུ་འགྱེད་ཚུལ་རེ་ཟུང་བཏང་བ་དང་། ཡང་གནས་གཉན་ས་མའི་མགོར་དཀར་འགྱེད་མགྲོན་བཞི་མ་སོགས་འགྱེད་ཚུལ་གང་འདོད་རྒྱས་པར་བཏང་ནས། དེ་ཕྱིན་གྱི་གསོལ་འདེབས་ཀྱི་མཚམས་རྣམས་སུ་བྱིན་འབེབས་དང་དམིགས་མེད་ལ་བཞག་པ་སྟེ་དེ་རྣམས་ལོང་སྐབས་རིང་ཐུང་དང་བསྟུན་པ་ནི་སྔར་གྱི་ཞལ་རྒྱུན་ལགས་སོ། །དེ་ནས་གསོལ་བ་འདེབས་ཤིང་བྱིན་འབེབས་པ་ནི། བཀའ་བརྒྱུད་ཉམས་བརྒྱུད་ཕ་བརྒྱུད་མ་བརྒྱུད་སྲས་བརྒྱུད་འདི་རྣམས་ལ་གསོལ་བ་གདབ་པའི་ཚེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུ་མ་རིག་པ་ལས་བྱུང་བའི་ཁམས་གསུམ་གྱི་འཁོར་བའི་རྒྱུར་གྱུར་པའི་སྡིག་ལྟུང་


KMC019_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གི་བློ་ཐམས་ཅད་སྐད་ཅིག་ལ་ལྡོག་ཅིང་གཉིས་སྣང་འཁྲུལ་པའི་བག་ཆགས་ཐམས་ཅད་རང་སར་ཞི་ནས་གདོད་མའི་ཆོས་སྐུ་ཡུམ་ཆེན་མོའི་དགོངས་པ་མངོན་སུམ་དུ་རྟོགས་ནས་སངས་རྒྱས། གཞན་དོན་གཟུགས་སྐུ་གཉིས་ཀྱིས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་ཕྲིན་ལས་རྣམ་བཞིའི་དོན་རྒྱ་ཆེན་པོ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཞིག་སྐྱབས་ཡུལ་ཁྱེད་རྣམས་མཁྱེན་སྙམ་པའི་མོས་གུས་དྲག་པོ་སྙིང་ནས་འབར་བ་ཞིག་གལ་ཆེའོ། །དེའི་ཚེ་དམིགས་ཐུན་ནི། ཕྱི་སྣོད་ཐམས་ཅད་རིན་པོ་ཆེའི་སྣོད། ནང་བཅུད་ཐམས་ཅད་གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་སྣ་ཚོགས་འབུལ་ལོ། །དེ་ནས་ཌཱ་ཀི་འབུམ་བསྐུལ་གྱི་ཚེ། མ་གཅིག་དང་ཕག་མོ་ལྷ་ལྔ་ངོ་བོ་གཅིག་ཀྱང་རྣམ་པ་སོ་སོར་སྣང་ཞིང་། རྡོ་རྗེ་ཕག་མོའི་སྐུའི་ཆས་རྒྱན་དང་ཕྱག་མཚན་གདན་བཞུགས་ཡུལ་སོགས་ལ་མཁའ་འགྲོ་འབུམ་ཚོ་རེ་རེ་འདོན་བསྒོམ་བཞིན་གནས་པ་སྟེ། མདོར་ན་རི་


KMC019_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ལ་གསོལ་བ་བཏབ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་སྩོལ་བར་བསམ། དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་བསང་ཆུས་བྲན་ལ་བཀའ་བརྒྱུད་ཚོགས་ལས་འདོན་པར་སྤྲོ་ཚེ་དེའི་དམིགས་སྐོར་ཟུང་མང་སྔར་ལུགས་ལ་གསལ་བར་མ་གསུངས་ཀྱང་། ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་གསུང་རྒྱུན་ལྟར་ན་འདོན་བསྒོམ་ལྟར་ཡུམ་ཆེན་མོ་ནས་རྩ་བའི་བླ་མའི་བར་གྱི་བླ་མ་རྣམས་ཀྱང་དཔལ་ཧེ་རུ་ཀའི་ཆ་ལུགས་སུ་གྱུར་པ་ལ་འཁོར་དཔའ་བོ་དཔའ་མོ་འབུམ་སྡེའི་ཚོགས་དང་བཅས་ཏེ་སྤྱན་དྲངས་ནས་སྐྱབས་ཡུལ་རྣམས་དང་གོ་ས་གཅིག་པ་མདུན་གྱི་ནམ་མཁར་བཞུགས་པའི་སྐུ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས། ཕྱི་གནས་ཡུལ་ལ་ཕོག་པས་ཨོ་རྒྱན་མཁའ་སྤྱོད་ཀྱི་ཞིང་ཁམས། གནས་ཁང་ལ་ཕོག་པས་ཨོ་རྒྱན་རང་བྱུང་གི་གཞལ་ཡས་ཁང་ཐོད་པ་སྐམ་


KMC019_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རློན་ལས་གྲུབ་པ། སྣོད་ཐམས་ཅད་ཐོད་པའི་སྣོད། བཅུད་ཐམས་ཅད་ཤ་ལྔ་བདུད་རྩི་ལྔ། མགྲོན་ཐམས་ཅད་དཔའ་བོ་དང་མཁའ་འགྲོ་མ་ཁོ་ནར་གྱུར་པར་བསམ། དེ་ནས་མ་བརྒྱུད་ཚོགས་ལས་ཀྱི་སྐབས་ཚོགས་ལྷ་སྤྱན་དྲངས་ཤིང་བྱིན་ཕབ་པ་ནི། སྐྱབས་ཡུལ་སྤྱི་དང་མ་གཅིག་ཕག་མོ་རིགས་ལྔ་ཐ་དད་མེད་པའི་སྐུ་ལས་འོད་ཟེར་འཕྲོས་པས་དབུས་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་ནས་སངས་རྒྱས་མཁའ་འགྲོ་སྐུ་མདོག་ནག་མོ་ཕྱག་གཡས་འཁོར་ལོ་རྩིབས་བརྒྱད་དང་། གཡོན་པད་སྣོད་བཟའ་བཏུང་སྣ་ཚོགས་ཀྱིས་གང་བ་བསྣམས་པ་གྲངས་མེད་དང་། གཞན་ཡང་མཆོད་རྫས་སྣ་ཚོགས། རོལ་མོའི་རིགས་བྱེད་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སྐྱབས་ཡུལ་གྱི་འཁོར་དུ་ནམ་མཁར་བཞུགས་པར་བསམ་ལ། སྐད་ཅིག་གིས་ཏིང་ངེ་འཛིན་གྱིས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ནས་མཆོད་ཕྱག་བྱས་ཤིང་། དེ་


KMC019_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་འཇིག་རྟེན་ལ་ཕོག་པས་ཨོ་རྒྱན་གྱི་དུར་ཁྲོད་དམ། དབུས་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་མི་རོ་རྟ་རོ་ཁྲལ་ཁྲོལ་དུ་འདུག་པ། རྩི་ཤིང་ཐམས་ཅད་མདའ་དང་མདུང་དུ་འདུག་པ། ཆུ་རྣམས་ཐམས་ཅད་ཁྲག་དང་རྣག་ཏུ་འདུག་པ། སྒྲ་སྐད་ཐམས་ཅད་ངུར་མོའི་སྐད་དུ་འདུག་པ། ཉིན་བཞིན་དུ་མེ་འབར་བ། མཚན་བཞིན་དུ་རླུང་འཚུབས་པ། རི་བོ་ཧེ་རུ་ཀ་ཕོ་མོ་ལྟར་བྲོ་ཁྲིག་ཁྲིག་གར་ཁྱུག་ཁྱུག་ཏུ་འདུག་པ། ནང་གི་གནས་ཁང་ལ་ཕོག་པས་གནས་ཁང་དེ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་པ། ཕྱི་དཀར་བ་ཐབས་ཀྱི་རང་བཞིན། ནང་དམར་བ་ཤེས་རབ་ཀྱི་རང་བཞིན། བར་དུར་ཁྲོད་ཀྱི་རུས་པ་དུམ་བུ། ཤ་རིགས་ཀྱི་ཁྲོག་བྱས་པ། སྟེང་དུ་མི་ལྤགས་ཀྱི་གཡང་གཞིའི་བླ་རེ། མི་རྒྱུ་རློན་པའི་ལྡ་ལྡི། ཚིལ་ཆེན་གྱི་འཕན་གདུགས། ས་གཞི་ཆུ་སེར་དང་ཁྲག་གིས་ཞལ་ཞལ་བྱས་ཤིང་བར་མཚམས་ཐམས་ཅད་


KMC019_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཆུའི་ཞལ་བ་དང་། མི་ཆེ་ཆུང་སྣ་ཚོགས་ཀྱི་ཀེང་རུས་ཀྱིས་ཀ་གདུང་སྣ་ཚོགས་བྱས་པ། འཇིགས་ཤིང་ཡ་ང་བ། སྟེང་ན་འཇའ་ཚོན་སྣ་ལྔའི་སྤྲིན་འཁྲིགས་པ། བར་ན་མེ་ཏོག་སྣ་ཚོགས་ཀྱི་ཆར་འབབ་པ། ས་གཞི་སྤོས་ཀྱི་དྲི་ངད་དང་ལྡན་པར་བསམ། ནང་ཡོན་བདག་ཕོ་མོ་དང་སྣང་ཞིང་སྲིད་པའི་རིགས་ཐམས་ཅད་ལ་ཕོག་པས། ཕོ་ཐམས་ཅད་རང་བྱུང་གདོད་ནས་དག་པའི་དཔལ་ཧེ་རུ་ཀའི་སྐུ་དང་། མོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་གདོད་མའི་རང་བྱུང་གི་རྣལ་འབྱོར་མའི་སྐུ་ཡིན་ལ་ཡིན་བཞིན་དུ་མངོན་སུམ་དུ་གནས་པར་བསམ། སྣོད་ཐམས་ཅད་བྷནྡྷ་སྐམ་རློན་དང་རིན་པོ་ཆེའི་སྣོད་སྣ་ཚོགས་སུ་གྱུར་པར་བསམ། བཅུད་ཐམས་ཅད་ཤ་ལྔ་བདུད་རྩི་ལྔ་གཉིས་སྣང་གི་རྟོག་པ་འཇོམས་པའི་རྫས་སུ་གྱུར་པར་བསམ། དེ་བཞིན་མཆོད་རྫས་ཇི་སྙེད་པ་ཐམས་ཅད་རང་བྱུང་བདེ་བ་ཆེན་པོ་མེད་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་པ་


KMC019_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་རྣམས་ཀྱི་ཚོགས་དྲུག་གི་ཤེས་པ་ལ་འབད་མེད་ལྷུན་གྲུབ་ཏུ་ལོངས་སྤྱོད་པའི་རྫས་སུ་བསམ་ལ་ཕཊ་བྱ་ཞིང་། ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། ཞེས་པ་ནས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། ཞེས་པའི་བར་གྱི་ཚིག་རྣམས་གྱེར་བསྒོམ་བྱའོ། །དེ་བཞིན་དུ་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོས་རྡོ་རྗེ་པད་སྣོད། ལྷོ་ཕྱོགས་རིན་ཆེན་མཁའ་འགྲོས་རིན་ཆེན་པད་སྣོད། ནུབ་ཕྱོགས་པདྨ་མཁའ་འགྲོས་པདྨའི་པད་སྣོད། བྱང་ཕྱོགས་ལས་ཀྱི་མཁའ་འགྲོས་རྒྱ་གྲམ་པད་སྣོད་སོགས་ཐོགས་པ་དང་། འཁོར་མཁའ་འགྲོ་གྲངས་མེད་གོང་ལྟར་སྤྱན་དྲངས་ཤིང་ས་གཞི་བྱིན་གྱིས་བརླབས། ཡོན་བདག་སྣོད་བཅུད་མཆོད་རྫས་སོགས་བཤད་མ་ཐག་པ་ལྟར་བྱིན་གྱིས་བརླབས་པར་བྱ་ཞིང་། དེ་ཡང་ཤར་ཕྱོགས་ཐམས་ཅད་གཏུམ་དྲག་དུར་ཁྲོད་བདེ་ཆེན་དཀར་མོའི་ཚོགས་ཁང་། ལྷོ་ཕྱོགས་གད་རྒྱངས་སྒྲོག་པའི་དུར་ཁྲོད་སེར་མོ་དོན་གྲུབ་ཀྱི་ཚོགས་ཁང་།


KMC019_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཕྱོགས་པདྨ་འཁྱིལ་པའི་དུར་ཁྲོད་དམར་མོ་སྒྲ་སྒྲོགས་ཀྱི་ཚོགས་ཁང་། བྱང་ཕྱོགས་ཀི་ལ་སྒྲོགས་པའི་དུར་ཁྲོད་སྣ་ཚོགས་མཐར་ཕྱིན་གྱི་ཚོགས་ཁང་དུ་གྱུར་ནས་གོང་ལྟར་བྱིན་གྱིས་བརླབ་བོ། །འདི་རྣམས་རིགས་བཞི་མཁའ་འགྲོ་དང་དོན་གཅིག་ཅིང་བྱིན་འབེབས་ཀྱི་དམིགས་པ་གསལ་བ་ཤིན་ཏུ་གལ་ཆེའོ། །དེ་ནས་ཚོགས་རྫས་བདུད་རྩིས་བྲན་ལ་གཞན་རིག་དང་རང་རིག་བསྲེ་བ། རང་རིག་དང་དབྱིངས་རིག་བསྲེ་བ། ཕུང་པོའི་ཤ་ཁྲག་ཚོགས་སུ་བསྲེ་བ་རྣམས་གཅོད་མཁན་རང་ཉིད་ཀྱི་ཉམས་རྟོགས་དང་བསྟུན་པར་དགོས་ཤིང་། འདིའི་བཤད་སྲོལ་འགའ་ཞིག་སྨྲས་ཀྱང་ཆོག་མོད་ཀྱི་ཡི་གེ་མང་དོགས་ནས་མ་སྤྲོས་སོ། །དེ་ལྟར་ཕུང་པོ་ཚོགས་གཏོར་གཅིག་ཏུ་གྱུར་པའི་ངོ་བོ་ཤ་ཁྲག་ལ་རྣམ་པ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཡར་སྣེ་ཨོཾ་དཀར་པོས་མཚན་པ། ལྟེ་བར་ཨཱཿདམར་པོས་མཚན་པ། མར་སྣེ་ཧཱུྃ་སྔོན་པོས་མཚན་པ་ཉི་མའི་གདན་


KMC019_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟུག་པ། ཡར་སྣེ་ཟླ་བའི་དཀྱིལ་འཁོར་གྱིས་བཀབ་པ། ཚོགས་གཞོང་དེ་ཉིད་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་གྱི་ཚད་དང་མཉམ་པར་བསམ། དེ་ནས་ཨོཾ་མ་གཅིག་མ་སོགས་འབྲུ་གསུམ་གྱིས་གསོལ་བ་བཏབ་པས། རང་རྣལ་འབྱོར་མར་གསལ་བའི་དཔྲལ་བ་ནས་འོད་ཟེར་དཀར་པོ་གཅིག་འཕྲོས། མ་གཅིག་གི་དཔྲལ་བའི་ཨོཾ་ལ་ཕོག །ཨོཾ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་ལ་ཕོག །སྐུའི་བྱིན་རླབས་ཐམས་ཅད་བསྡུས་ནས་མ་གཅིག་གི་དཔྲལ་བར་ཐིམ། ཨོཾ་དེ་ལས་འོད་ཟེར་དཀར་པོ་ཨོཾ་གྱི་རྣམ་པར་བྱུང་ནས་རྡོ་རྗེའི་མར་སྣེ་ཟླ་བའི་ཁ་ཆོད་ཨོཾ་ལ་ཕོག །ཨཱཿཡན་ཆད་འོད་དུ་ཞུ། དེ་བཞིན་དུ་མགྲིན་པའི་ཨཱཿདང་ཐུགས་ཀའི་ཧཱུྃ་སོགས་གོང་ལྟར་སྤྲོ་བསྡུའི་སྦྱོར་བས་ཉི་ཟླ་རྡོ་རྗེ་ཡི་གེ་རྣམས་འོད་དུ་ཞུ་བས་ཚོགས་གཞོང་དེ་ཉིད་ལྟེམས་སེ་གང་བས་ཟག་མེད་ཚོགས་ཀྱི་


KMC019_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དཀར་ལ་དམར་བའི་མདངས་ཆགས་པ་ཅུང་ཟད་སྔོ་བའི་འོད་དང་ལྡན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་མེར་གྱིས་གང་བར་བསམ་མོ། །དེ་ནས་བསྟབ་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྐུ་དང་བ་སྤུ་ཐམས་ཅད་ལས་མཁའ་འགྲོ་མ་མདོག་སྣ་ཚོགས་པ་ཕྱག་ན་ཐོད་སྣོད་གཡང་གཞི་སོགས་སྣོད་སྣ་ཚོགས་ཐོགས་པ་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་སྤྲོས་ནས་ཚོགས་གཏོར་དེ་ཉིད་བཅུས་ཏེ། རང་རང་གི་དབང་པོ་དང་འཚམས་པའི་ཕྱི་ནང་གསང་བའི་མཆོད་རྫས་དཔག་ཏུ་མེད་པར་གྱུར་ནས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་མཆོད་པ་དང་། དཀྱིལ་འཁོར་གྱི་གཙོ་བོ་འཁོར་ལོ་བདེ་མཆོག་ལྟ་བུ་ལ་མཐའ་དཔའ་བོ་དཔའ་མོའི་བར་དུ་ཡི་དམ་ལྷ་ཚོགས་རྣམས་ལ་མཆོད་པ་དང་། རྡོ་རྗེ་ཕག་མོ་ནས་རིགས་ལྔའི་ཁོངས་སུ་གཏོགས་པའི་མཁའ་སྤྱོད་ས་སྤྱོད་ས་འོག་ན་སྤྱོད་པའི་མཁའ་འགྲོ་


KMC019_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ལ་མཆོད་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་དང་ལྷ་མོ་ནས་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་དཀྱིལ་འཁོར་གྱི་མཐའ་སྐྱོང་དྲེགས་ཚོགས་སྤྲིན་བཞིན་གཏིབས་པ་རྣམས་ལ་མཆོད་པ་དང་། རྒྱལ་བ་ཤཱཀྱ་ཐུབ་པ་ནས་དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རིགས་དྲུག་གི་ཚོགས་རྣམས་ལ་མཆོད་པ་དང་། སྟོང་གསུམ་གཞི་བདག་ནས་རང་ཉིད་ཉལ་མལ་གྱི་ལྷ་འདྲེ་ཡན་ཆད་ལ་མཆོད་པ་དང་། རིགས་དྲུག་མགྲོན་རིགས་ནས་ཁྱད་པར་ལན་ཆགས་པའི་གཟུགས་ཅན་གཟུགས་མེད་རྣམས་ལ་བསྟབ་པའོ། །ཡང་ནད་པ་སོགས་ལ་སྦར་བསྟབ་བྱེད་པའི་ཚེ། གཡས་ཀྱི་སོར་མོ་ལྔ་མཁའ་འགྲོ་ལྔ། གཡོན་གྱི་སོར་མོ་ལྔ་ཤུགས་འགྲོ་ལྔར་བསྐྱེད་ལ་དེ་ལས་སྤྲོས་པའི་མཁའ་འགྲོ་མ་གྲངས་མེད་པས་རང་རང་གིས་ཟ་ཞིང་གཞན་ལ་སྦྱིན་པ་དང་། ནད་པའི་མགོ་ནས་རྐང་པའི་བར་དུ་ཟོས་ནས་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ། མཐའ་དམར་འགྱེད་ཅུང་


KMC019_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་རེ་དང་། རྗེས་ལ་འཁོར་གསུམ་དམིགས་མེད་དུ་བཞག་སྟེ་དགེ་ཚོགས་རྒྱས་གདབ་བོ། །དེ་ནས་འཁོར་འདས་ཀྱི་མགྲོན་རྣམས་མདོག་མ་སྒྱུར་གཟུགས་མ་རྗེས་རྣམ་པ་མ་བཅོས་པ་རང་སར་སོ་སོར་ཅི་འདོད་དུ་འབུལ་བ་ནི་ཕྱོགས་རིས་མེད་པའི་མཆོད་སྦྱིན་འཁོར་འདས་མཉམ་ཉིད་ཀྱི་སྟོན་མོ་བདག་ཉིད་ཆེན་པོའི་ཚོགས་འཁོར་ཞེས་བྱ་བ་མདོ་ལུགས་ཀྱི་མཆོད་པ་ལས་ཁྱད་པར་འཕགས་ཤིང་། སྔགས་ཀྱི་ཚོགས་འཁོར་དང་ཚུལ་མཚུངས་པ་ཙམ་ལས་ཅི་ལྟ་བ་བཞིན་ཁྱད་པར་མེད་པ་ནི་མ་ཡིན་ཏེ་གང་ཟག་བློ་གྲོས་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཞེས་སྔར་གྱི་གསུང་རྒྱུན་དང་། སྔགས་དངོས་དང་མཚུངས་པ་ནི་ཚོགས་མགྲོན་དེ་རྣམས་ཡེ་གདོད་མ་ནས་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་རྡོ་རྗེ་འཆང་དངོས་ཡིན་ཀྱང་། ད་ལྟ་གཉིས་སྣང་གློ་བུར་གྱི་འཁྲུལ་པའི་དྲི་མས་དབང་བསྒྱུར་ཞིང་འཁྲུལ་པའི་རང་གཟུགས་སྣ་ཚོགས་སུ་སྣང་ཡང་ཡེ་


KMC019_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མ་ཉིད་ནས་ཡིད་བཞིན་གྱི་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་གཙོ་འཁོར་སོགས་བརྡ་དོན་རྟགས་ཀྱི་ཡེ་ཤེས་ཀྱི་རང་གཟུགས་བདེ་དགྱེས་གསང་གསུམ། སྒྱུ་ཐོད་གདན་གསུམ་དུས་ཀྱི་འཁོར་ལོ་བཀའ་བརྒྱད་དགོངས་འདུས་སོགས་དཔལ་ཧེ་རུ་ཀ་ཡིན་ལ་ཡིན་བཞིན་དུ་དེའི་སྐུ་བསྒོམ་པ་དང་། ཚོགས་འཁོར་མཆོད་རྫས་རྣམས་ཤ་ལྔ་བདུད་རྩི་ལྔ་སོགས་ཕྱི་ནང་སྣོད་བཅུད་ཐམས་ཅད་གདོད་མའི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་བསྒོམ་པ་འདི་ནི། བླ་མེད་སྔགས་ཀྱི་ཚོགས་འཁོར་དངོས་ཡིན་ཅིང་ཐུན་མོང་གི་མཆོད་པ་གཞན་ལས་ཁྱད་པར་དུ་འཕགས་པའོ། །དེ་ལྟར་གང་ལ་གང་འདོད་ཅི་ལ་ཅི་དགྱེས་ཀྱི་ཚོགས་འཁོར་ཕུལ་བའི་ཚེ་ཕྱི་ཡི་ཚོགས་རང་རང་གི་ཞིང་ཁམས་ཕོ་བྲང་བཞུགས་གནས་གོས་རྒྱན་ཡོ་བྱད་དང་། ནང་གི་ཚོགས་བཟའ་བཏུང་གི་རིགས་ལུས་འཚོ་བར་བྱེད་པའི་རྫས། གསང་བའི་ཚོགས་ཕོ་མོ་སྙོམས་འཇུག་གི་བདེ་བ་དགའ་


KMC019_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐྱེད་པར་བྱེད་པ། དེ་ཁོ་ན་ཉིད་ཀྱི་ཚོགས་གཉིས་སྣང་འཁྲུལ་པའི་དྲི་མ་རང་སར་དག་ནས་གཉིས་མེད་བདེ་བ་ཆེན་པོ་རང་རིག་འོད་གསལ་དུ་གནས་པ་དེ་རྣམས་ལ་ལོངས་སྤྱོད་པའོ། །རྗེ་དྲུང་པ་རིན་པོ་ཆེ་ནས། ཕྱི་བདག་པོས་ཡོངས་སུ་མ་བཟུང་བའི་དངོས་པོ་འབྱོར་ཚད་སོགས་དང་། ནང་ཁ་རྗེ་ཆུས་སྲིད་སོགས་དང་། གསང་བ་ཡབ་ཡུམ་སྙོམས་འཇུག་སོགས་དང་། དེ་ཁོ་ན་ཉིད་འཁོར་གསུམ་དམིགས་མེད་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཞེས་གསུངས་པ་དང་དོན་གཅིག་ཅིང་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་སོགས་ཤ་སྣ་ཁྲག་སྣ་ཆང་སྣ་འབྲུ་སྣ་སོགས་རྫས་ཐམས་ཅད་གཅིག་ཏུ་ཚོགས་པར་བསགས་ནས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་གྱི་ཁམས་ན་རིན་ཐང་དང་བྲལ་བའི་རྫས་ཁྱད་པར་ཅན་དེ་འཁོར་འདས་ཀྱི་མགྲོན་རིགས་ཐམས་ཅད་ལ་སྤེལ་བས་གོང་མ་ས་ལམ་ལ་གནས་པ་རྣམས་ཀྱང་ཡེ་ཤེས་གོང་ནས་གོང་དུ་འཕེལ་བ་དང་། དམ་


KMC019_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལ་གནས་པ་རྣམས་ཀྱང་ཐེ་ཚོམ་མེད་པར་རོལ་པས་བཟང་ངན་གཙང་བཙོག་སོགས་སྣང་གྲགས་ཀྱི་དངོས་པོ་ཀུན་བརྟགས་དང་། དེ་ལ་མངོན་པར་ཞེན་པའི་བདེ་སྡུག་འཁོར་འདས་སུ་འཛིན་པའི་གཞན་དབང་གི་དྲི་མ་ཐམས་ཅད་དག་ནས་གདོད་མའི་ཡོངས་གྲུབ་ཟུང་འཇུག་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་བྱེད་པ་ནི་བླ་མེད་ཚོགས་ཀྱི་འཁོར་ལོའི་དགོངས་པ་ཡིན་པས་གོ་ཉམས་རྟོགས་གསུམ་གྱིས་འདི་ལ་ནན་ཏན་དུ་བྱའོ། །དེ་ནས་ཚོགས་ཀྱིས་ཕུག་གཏོར་གསོས་ལ་བདུད་རྩི་བྲན་ཞིང་རྒྱས་པར་ན་གསང་སྔགས་ནང་གཏོར་རམ་ཚོགས་གཞུང་གི་ཕྱི་སྣོད་འཇིག་རྟེན་སོགས་དང་། ཤིན་ཏུ་བསྡུ་ན། ཕྱི་སྣོད་འཇིག་རྟེན་ཉུང་བས་ཀྱང་ཆོག་གོ །དེ་ནས་བསྐང་གཏོར་བདུད་རྩིས་བྲན་ལ་བསྐང་བསྐྱེད་དམིགས་པ་འདོན་བསྒོམ་བཞིན་བྱས་ལ་འོག་མིན་ལ་སོགས་གཅོད་བསྐང་རྣམས་གང་མོས་བཏང་ངོ་། །མཐར་དཔོན་སློབ་རྣམས་


KMC019_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་རོལ་ཞིང་ལྷག་མ་བསྡུ་ནས་བཏེགས་ལ་བདུད་རྩིས་བྲན་ཞིང་། དམིགས་པ་ནི་རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀ་ནས་ཀེང་རུས་ཀྱི་མཁའ་འགྲོ་མ་བཞིའམ་ཡང་ན་གཅིག་སྟེ་ཕྱི་ན་ཤ་དང་པགས་པ་མེད་པ། ནང་ན་ཁྲག་དང་དོན་སྙིང་མེད་པ་སྐྱ་ཟིང་ངེར་འདུག་པ་གཅིག་གིས་ཕྱག་ན་བྷནྡྷའི་སྣོད་སྟོང་གསུམ་གྱི་ཚད་དང་མཉམ་པའི་ནང་དུ་ལྷག་མའི་གཏོར་མ་ཤ་ཁྲག་གི་རྒྱ་མཚོ་བཟང་ཞིང་རྒྱ་ཆེ་ལ་ཟད་མི་ཤེས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཐོགས་ནས་འཇིག་རྟེན་ལས་འདས་ཀྱང་མ་འདས་པའི་ཚུལ་བཟུང་བའི་རིགས་ལྔ་མཁའ་འགྲོ་དཀར་སེར་དམར་ལྗང་མཐིང་ནག་གི་རལ་པ་ཅན། དེའི་འཁོར་དུ་གཏོགས་པའི་བསམ་པ་ཙམ་གྱིས་གང་འདོད་ཀྱི་གནས་སུ་ཕྱིན་པའི་ནམ་མཁའི་ལུས་ཅན་ལྟ་བུའི་མཁའ་འགྲོ་མ་རྣམས་དང་། གར་འདོད་ཀྱི་གནས་སུ་བྱ་རྒོད་པོ་གནམ་འཕང་བཅད་ནས་ཤུགས་ཀྱིས་འགྲོ་བ་


KMC019_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ཤུགས་འགྲོ་མ་རྣམས་དང་། གཞན་ཡང་ལྷག་མ་ལ་དབང་བའི་དབང་ཕྱུག་ཉེར་བརྒྱད། ཞིང་སྐྱོང་གི་དཔའ་བོ་མཁའ་འགྲོ་དྲེགས་པའི་སྡེ་དཔོན་ཕྱི་འབྲང་གི་འདྲེ་འཚུབས་སྤྲིན་བཞིན་དུ་གཏིབས་པ་དང་། གོང་མའི་སྟོན་མོ་མ་ཐོབ་པའི་ཁས་ཉན་དབང་ཆུང་སོགས་མདོར་ན་ལྷག་མ་ལ་དབང་བ་རྣམས་ལ་བྱིན་པས་སོ་སོས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་ལ་ཕྱི་རོལ་དུ་དོར། འདིར་ལྷག་གཏོར་ནི་གཅོད་ཚོགས་གཞུང་བསྲང་མཁན་ཐམས་ཅད་ལ་དགོས་པའི་ངེས་པ་མེད་ཀྱང་གྲུབ་ཆེན་རྨ་སེ་རིན་པོ་ཆེའི་ཕྱག་ལེན་བརྒྱུད་འཛིན་རྣམས་ལ་རྗེས་སུ་གདམས་པར་མཛད་པས་རྡོ་རྗེ་ཕག་མོ་དང་དབྱིངས་ཀྱི་མཁའ་འགྲོ་གནས་མཆོག་ཉེར་བཞི་ལ་སོགས་ལྷག་གཏོར་བདུན་པོ་རྣམས་འདིར་མཛད་པ་ཡིན་ནོ། །དེ་ནས་གཅོད་ཀྱི་གཏོར་འབུལ་ནི། ཚོགས་ལྷག་གཏོར་མ་བདུད་རྩིའི་རྒྱ་མཚོ་མཁོ་དགུའི་ལོངས་སྤྱོད་དུ་བསམ་ལ། འཇིག་རྟེན་


KMC019_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཁའ་འགྲོ་སྡེ་ལྔ། སྦྱང་ཞོན་མཆེད་གསུམ། མཚན་མོ་སྒྲ་སྒྲོག །ཡར་ལྷ་ཤམ་པོ། ཟངས་རི་བཙན་རྒོད་ལ་སོགས་མ་གཅིག་གི་བཀའ་སྲུང་རྣམས་སྤྱན་དྲངས་ཏེ་གཏོར་མ་བཞེས་ནས་ཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམ་ལ། ཀྱེ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་སོགས་ནས། ལན་ཆགས་ཤ་མཁོན་བྱང་གྱུར་ཅིག །བར་བརྗོད་ལ་ཕྱི་རོལ་ཏུ་དོར། དྲག་ལས་ཀྱི་སྐབས་འགར་རྟ་བྲོ་ཡང་འདིར་བྱེད་སྲོལ་སྣང་ཡང་ཚོགས་ལས་སྐབས་སུ་མི་དགོས་སོ། །དེ་ནས་མཆོད་གཏོར་རྣམས་ཁ་གསོས་ལ། ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཨརྒྷཾ་སོགས་དང་། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་སོགས་ཀྱིས་མཆོད་ཅིང་། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། མ་འབྱོར་པ་སོགས་ནས། ཆོས་སྐུ་ཡུམ་ཆེན་མོའི་ཆོ་ག་ལ་སོགས་ཀྱི་མཐར། ན་མོ་གུ་རུ་བདེ་བ་ལེགས་པ་སོགས་ནས། མི་ལྡོག་བདེ་ཆེན་གྱི་ས་ལ་འགོད་གྱུར་ཅིག །ཅེས་པའི་


KMC019_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བར་བརྗོད། ཡིག་བརྒྱ་ལན་གསུམ། དེ་ནས་རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའི་ཡུམ་ཆེན་མོ་ལ་ཕོག །ཡུམ་ཆེན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནམ་མཁའི་ལྷ་ཚོགས་རྣམས་ལ་ཕོག་པས་ཡེ་ཤེས་པ་རྣམས་རང་གནས་སུ་གཤེགས་པར་བསམ། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་སོགས་ཤློ་ཀ་དང་། བཛྲ་མུཿའི་མཐར་ཕཊ་ཀྱིས་མཚམས་སྦྱར་ཞིང་། དམ་ཚིག་པ་གཡས་ཀྱི་བྱང་སེམས་རྣམས་རྒྱབ་ཀྱི་དམ་ཆོས་ལ་ཐིམ། དམ་ཆོས་གཡོན་གྱི་ཉན་ཐོས་ལ་ཐིམ། ཉན་ཐོས་ཕྱོགས་བཅུའི་སངས་རྒྱས་ལ་ཐིམ། དེ་དག་འདས་མ་འོངས་ད་ལྟའི་སངས་རྒྱས་ལ་ཐིམ། སངས་རྒྱས་གསུམ་ཡང་ཡུམ་ཆེན་མོ་ལ་ཐིམ། སྟེང་བཀའ་བརྒྱུད་བླ་མ། བར་ཡི་དམ་ལྷ་ཚོགས། དེ་ཐམས་ཅད་ཀྱང་ཡུམ་ཆེན་མོ་ལ། ཡུམ་ཆེན་མོའང་མདུན་གྱི་མ་གཅིག་ལ་ཐིམ། གཞན་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་མ་གཅིག་


KMC019_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། མ་གཅིག་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མི་ཕྱེད་པར་རང་གི་སྤྱི་བོའི་མདའ་གང་ཙམ་དུ་བཞུགས་པར་བསམ་ལ། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་ཐུགས་ཀྱི་སྲས། སོགས་དང་། ཤར་ནས་གོམ་གསུམ་བྱོན་ཙ་ན། སོགས་ནས། དབུས་ཀྱི་མཐར་འཕེལ་བ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། ཞེས་པ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་མ་གཅིག་ལ་འཕྲོས་པས་འོད་དུ་ཞུ། འོད་ཟེར་ངང་པའི་སྒོ་ང་ཙམ་དུ་གྱུར་པ་རང་གི་སྤྱི་བོ་ནས་མར་བྱོན་པས་ཕོ་ཐམས་ཅད་སྤྱན་རས་གཟིགས་མོ་ཐམས་ཅད་འཕགས་མ་སྒྲོལ་མའི་སྐུར་གྱུར་པར་བསམ་ལ། ཡིག་དྲུག་མང་དུ་བཟླས་ལ་ཕཊ་བྱས་པས་མགྲོན་རྣམས་ཞི་དུལ་དགའ་མགུ་ཡི་རངས་དང་ལྡན་པའི་སྒོ་ནས་རང་གནས་སུ་སོང་བར་བསམ་ཞིང་རང་ཡང་གོང་གི་མཁའ་འགྲོ་དཀར་མོར་བསྒྱུར་ནས་སྤྱོད་ལམ་ལ་འཇུག་ཅིང་


KMC019_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ནམ་མཁའི་དཀྱིལ་ལྟར་བཞག་པར་བྱའོ། །ཡང་ལུགས་གཅིག་ལ་གོང་གི་མ་གཅིག་སྤྱི་བོར་བསྒོམ་སྐབས་སུ་དབུས་མཐིང་ག །ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ་སྟེ་རིགས་ལྔར་བསམ་ནས་གསོལ་འདེབས་མཐར་བཞི་ཀ་དབུས་ཀྱི་གཙོ་མོར་ཐིམ་པར་བསྒོམ་པའང་ཡོད། དེའང་རྒྱུན་མར་གྱི་ཉམས་ལེན་དུ་ལེགས་ཤིང་ཚོགས་ལས་དང་འབྲེལ་བའམ། གཞན་གྱི་སྲུང་འཁོར་སོགས་ཀྱི་སྐབས་སུ་བབ་ན་པདྨ་ཁ་ཟླུམ་གྱི་མན་ངག་བྱ་བ་ལ་གཉིས་ཏེ། དང་པོ་ཞི་ཟླུམ་ནི། དེའང་གོང་གི་གསོལ་འདེབས་ཀྱི་མཐར་མ་གཅིག་འོད་དུ་ཞུ་བ་དང་། སྔར་གྱི་གསུང་རྒྱུན་ལ་མ་གཅིག་སྐུ་ཤིན་ཏུ་ཆུང་བ་ཞལ་ཕྱག་རྒྱན་ཆ་ལུགས་སོགས་རྣམ་པར་བཀྲ་བ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་ཞིག་ཏུ་གྱུར་ནས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་དབུ་མའི་ལམ་ནས་མར་བབ་སྟེ་སྙིང་པདྨ་དཀར་པོ་འདབ་མ་བརྒྱད་པར་ཟེའུ་འབྲུ་འོད་ཟེར་ཁ་དོག་ལྔ་འཕྲོ་


KMC019_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབུས་སུ་ཞབས་སྐྱིལ་ཀྲུང་གིས་བཞུགས་པར་བསམ་ལ། ཕྱོགས་མཚམས་ཀྱི་པད་འདབ་རྣམས་མེ་ཏོག་ཁ་ཟུམ་པ་ལྟར་རམ། ཀྱེ་རྡོར་བུམ་སྐུ་ལྟ་བུར་བསྒོམ་པ་ནི་པདྨ་ཞི་ཟླུམ་ཡིན་ལ། དྲག་ཟླུམ་ནི། གོང་གི་པདྨ་དེ་དོར་ནས་རང་གི་སྙིང་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གུར་ཐབས་སུ་གནས་པའི་དབུས་སུ་དགྲ་བགེགས་ཀྱི་བླ་སྲོག་རྣམ་པར་ཤེས་པའི་ངོ་བོ་དང་། རང་གཞན་གྱི་རིག་པའི་ངོ་བོ་གཅིག་ཏུ་བསྲེས་ལ་དེ་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་མི་བཏང་ཨང་སྙམས་པ་ནི་པདྨ་དྲག་ཟླུམ་ཞེས་བྱའོ། །འདི་སྐབས་སུ་གོང་གི་སྐུ་དེ་མི་བྱ་བར་ཐིག་ལེ་བྱ་བར་བཞེད་དོ། །དེ་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱའོ། །དེས་ནི་ཚོགས་གཞུང་དང་ལུས་སྦྱིན་སོགས་ཀྱི་དམིགས་ཟིན་དྲུང་རིན་པོ་ཆེའི་དགོངས་བཞེད་ཀྱི་ཞལ་རྒྱུན་བརྗོད་ཟིན་ལ། གཉིས་པ་ལུས་སྦྱིན་དང་དྲག་ལས་སོགས་ཀྱི་སྐབས་དབང་སྡུད་དྲག་པོ་དང་


KMC019_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དམར་འགྱེད་ཀྱི་རིམ་པ་ནི། བསྲེ་བ་སྐོར་གསུམ་བྱས་མཐར་རྣམ་ཤེས་ཧཱུྃ་ཡིག་མཐིང་ནག་ཏུ་བསྒྱུར་ཏེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་བདག་ཉིད་དུར་ཁྲོད་བདག་མོ་ཁྲོས་མ་ནག་མོ་སོགས་གཞུང་ལྟར་འདོན་བསྒོམ་བྱེད་ཅིང་སྐུ་ཆེ་བའི་ཚད་ནི་དབུ་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་སླེབས་པ་སོགས། དེ་བཞིན་དུ་སྐུ་སྟོད་ཀྱིས་ལྷ་ཁམས་དབང་དུ་སྡུད་པ་སོགས་ཆེ་བའི་ང་རྒྱལ་བསྐྱེད་ལ། སྡུད་བྱེད་ལས་ཀྱི་ཕོ་ཉ་དེའི་ཐུགས་ཀ་ནས་སྤྲུལ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་མ་དཀར་མོ་སོགས་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡོངས་སུ་གསལ་བར་གྱུར་པར་འདོན་བསྒོམ་བྱ་ཞིང་བདེན་སྟོབས་བརྗོད་ལ། བསྡུ་བར་བྱ་བའི་གདོན་ནི་བདག་འཛིན་རྣམ་པར་རྟོག་པའི་དགྲ་བོ་སོགས་ནས་གདོན་སྣ་འདྲེན་དང་བཅས་པའི་བར་གྱི་གདོན་ཐམས་ཅད་སྟེང་འོག་ཕྱོགས་མཚམས་ཀུན་ནས་ལྕགས་ཀྱུས་བཟུང་། ཞགས་


KMC019_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་ལུས་སེམས་མྱོས་པར་བྱས། གཞན་ཁྲོས་མ་རྣམས་ཀྱིས་གཡས་མི་ལྤགས་ཀྱི་གཡང་གཞིས་བྲབ། གཡོན་མི་རྐང་གླིང་བུ་དྲག་ཏུ་བུས་པས་བསྔངས་ཤིང་འདར་རང་དབང་མེད་པར་རླུང་ཆེན་གྱིས་སྦུར་མ་བསྡུས་པ་བཞིན་དུ་རང་གི་མདུན་དུ་བཀུག་ལ། སྔར་གྱི་བེམ་པོ་དེ་ཉིད་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ཆེན་པོར་བསམ་ལ། གདོན་དེ་རྣམས་ཀྱིས་ཤ་ཐམས་ཅད་སྟག་དར་མས་ཤ་ལ་རོལ་པ་ལྟར། ཁྲག་ཐམས་ཅད་བེའུ་རྐན་དྲག་གིས་ནུ་མ་ནུ་བ་ལྟ་བུ། རུས་པ་ཐམས་ཅད་སོ་རྣོན་གྱིས་ཡོས་འཆོས་པ་ལྟ་བུ། པགས་པ་ཐམས་ཅད་ཅི་ལྟར་འཚམས་པ་བཞིན་དུ་གྱོན་ནས་དགའ་མགུ་ཡི་རངས་དང་ལྡན་པར་བསམ་ཞིང་། ཀྱེ་འདུས་ཤིག་སོགས་འདོན་བསྒོམ་བྱའོ། །ཡང་འདི་སྐབས་དམར་འགྱེད་སྣ་ཚོགས་འདོད་ན་འོག་ཏུ་གསལ་ལྟར་ལ། དེ་ནས་རང་ཉིད་ཁྲོས་མར་གསལ་བའི་


KMC019_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་རང་ལ་བྱང་གཏད་སོགས་བསམ་ངན་འཆང་བའི་བནྡེ་བོན་པོ་སྔགས་པ་གཅོད་མཁན་སོགས་རང་རང་གི་གོས་རྒྱན་དང་བཅས་པ་ལག་ན་ཐུན་ཟོར་སོགས་འབྱུང་བཞི་གང་ལ་བཅོལ་བའི་ལག་ཆ་ཐོགས་པ་རྦད་རྒྱུའི་ལྷ་སྲུང་དང་བཅས་པ། རྔམ་རྔམ་རྫིགས་རྫིགས་ཀྱི་ཚུལ་དུ་གསལ་བར་བསྐྱེད། དེའི་གཡས་སུ་ཕོ་གདོན་རྒྱལ་པོ་བནྡེ་དང་མི་དཔོན་གྱི་གཟུགས་ཅན་ལ་རྒྱལ་འགོང་སེར་གཟུགས་ཧོར་འདྲ་ལྟ་བུའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། གཡོན་དུ་འདྲེ་མོའི་གཙོ་མོ་ནམ་གྲུ་མ་གཡུའི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན་ལ་མཛེས་ཤིང་ཡིད་འཕྲོག་པར་བྱེད་པའི་བུད་མེད་གཞོན་ནུ་མ་ལྟ་བུ་དང་། བསེན་མོ་སྒ་བཤའ་ཤ་རིད་མི་སྡུག་གཟུགས་ཅན་ལ། རེ་གོས་མི་ལྤགས་སོགས་གྱོན་པའི་འདྲེ་མོའི་ཚོགས་ཆེན་པོས་བསྐོར་བ། མདུན་དུ་ས་བདག་གི་རྒྱལ་པོ་སྦལ་ནག་མགོ་དགུ་པ་ལ་ས་བདག་རྗེ་བློན་བཅུ་བདུན་སོགས་ས་བདག་


KMC019_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་དགེ་བསྙེན་ཉའི་མགོ་ཅན་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་ལ། རང་འདྲའི་འཁོར་དུ་མ་དང་བཅས་པ་ལ་གཞན་ཡང་མ་ངེས་པའི་མགོ་བརྙན་ཅན་དུ་མས་བསྐོར་བ། བྱད་མའི་འོག་ཏུ་ཀླུ་བདུད་སྤྲུལ་མགོ་དགུ་པ་གཡས་སྦྲུལ་ཞགས་དང་། གཡོན་ནད་རྐྱལ་ཐོགས་པ་སྐུ་སྨད་སྦྲུལ་ནག་ཏུ་འཁྱིལ་བ་ལ། འཁོར་དུ་ཀླུ་བདུད་ནག་པོ་དེ་འདྲ་བ་དང་གཞན་ཡང་མ་ངེས་པའི་གཟུགས་ཅན་སྣ་ཚོགས་ཀྱིས་བསྐོར་ནས། རྒྱ་མཚོའི་ཁར་སྤྲིན་དང་ན་བུན་གྱི་ནང་དུ་གནས་པར་བསྒོམ། བྱད་མའི་སྟེང་གི་ནམ་མཁར་སྤྲིན་ནག་འཇའ་འོད་འཁྲུགས་པའི་དབུས་སུ་གཟའ་བདུད་རཱ་ཧུ་ལ་མཐིང་ནག་མངོན་རྟོགས་དང་མཚུངས་པ་ལ་གཟའ་དང་རྒྱུ་སྐར་གྱི་དམག་ཚོགས་ཀྱིས་བསྐོར་བ། དེ་རྣམས་ཀྱི་གཡས་གཡོན་མདུན་རྒྱབ་རྣམས་སུ་བདུད་མི་ནག་རྟ་ནག་ཅན་གྱི་དམག་ཚོགས་དཔག་ཏུ་མེད་པ། དེ་


KMC019_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བཙན་མི་དམར་རྟ་དམར་རྐྱ་རྐང་སྣ་ཚོགས་པ་བྱ་དམར་ཁྱི་དམར་དང་བཅས་པ། དམ་སྲི་ཕོ་མོའི་ངོ་བོ་སྐྱེས་པ་བུད་མེད་གཞོན་མཛེས་དང་མི་སྡུག་པའི་གཟུགས་སྣ་ཚོགས་ཐོགས་པ། ཆུང་སྲི་བྱིས་པ་ཕོ་ཐེར་ཅན་གྱི་རྣམ་པ། དམ་སྲི་བནྡེ་སྔགས་པ་གཅོད་པའི་རྣམ་པ་ཅན་གྱི་ཚོགས་དང་། ཐེའུ་རང་ཕོ་མོ་ནི་རྐང་པ་གཅིག་པ་དང་བྱིས་པ་ར་སླག་ཅན་དང་ར་ཞོན་སོགས་ཀྱི་རྣམ་པ་ཅན་དང་། གཞན་ཡང་སྣང་ཞིང་སྲིད་པས་བསྡུས་པའི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་རང་གཟུགས་ལྷ་འདྲེ་མདོག་དབྱིབས་རྒྱན་ཆ། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་འཁོར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་འཇིག་རྟེན་གྱི་ཁམས་གང་བ་ཙམ་དུ་བསྐྱེད་ལ། གོང་ལྟར་རང་ཉིད་ཁྲོས་མའི་ང་རྒྱལ་གྱིས་བདེན་སྟོབས་བརྗོད་ཅིང་། གདོན་དེ་རྣམས་གོང་ལྟར་བཀུག་ལ་གཟུགས་དེ་རྣམས་ལ་བསྟིམ་མོ། །དེ་ནས་བེམ་པོ་སྟོང་གསུམ་གྱི་ཚད་དང་མཉམ་པ་


KMC019_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རང་ཉིད་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ང་རྒྱལ་གྱིས་རྐང་པ་ནས་བཟུང་སྟེ་གདོན་དེ་རྣམས་ཀྱི་ཁར་གཡུགས་པས་ཤ་ཁྲག་རུས་གསུམ་སྐྱིན་འདོད་དྲག་ཏུ་བབས་པ་ལྟར་གྱུར་ནས་གདོན་རང་རང་སོ་སོས་ཟ་ཞིང་དགའ་མགུ་ཡི་རངས་དང་ལྡན་པར་བསམ་ལ། ཧཱུྃ། མ་བན་ཆེན་སོགས་བྱ། ཡང་ན་རྡེབ་པ་མ་དང་ཁྲོ་ཆུ་ཞིང་ལྤགས་དང་གཟན་འགྱེད་མ་སོགས་བྱས་ཀྱང་ལེགས་ཤིང་ཆང་བུ་དང་། ཁྲུས་ཆུ་གཏོར་བའི་ཚེ་རོ་འགྱེད་མ་ཕྱག་ལེན་མཛད་པ་ཡིན་ནོ། །ཡང་འདི་སྐབས་དང་གོང་གི་ཤ་ཟ་འདུས་སོགས་ཀྱི་སྐབས་སུ་ནད་པ་ལ་སྔར་བསྟབ་བྱེད་པའི་ཚེ་གཡས་ཀྱི་སོར་མོ་ལྔ་ལྕགས་ཀྱི་སྤྱང་ཀི་ལྔ་དང་། གཡོན་གྱི་སོར་མོ་ལྔ་ཟངས་ཀྱི་འཕར་བ་ལྔར་གྱུར་ཅིང་དེ་ལས་དེ་འདྲ་གྲངས་མེད་སྤྲུལ་ནས་རང་གིས་ཟ་ཞིང་གཞན་ལ་བཀྱེ་བའང་བྱའོ། །ཡང་རང་ལ་གང་གནོད་ཀྱི་གདོན་ལ་གྲངས་མང་དུ་གསོག་ཀྱང་རུང་ངོ་། །དེ་མཐར་ཤ་


KMC019_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་རུས་གསུམ་གདོན་དེ་རྣམས་ཀྱིས་ཤ་ཟན་གྱི་ཅབ་སྒྲ་དི་རི་རི། ཁྲག་འཐུང་གི་རྔུབ་སྒྲ་ཀྱུ་རུ་རུ། རུས་མུར་གྱི་ལྷ་བ་ལྗིབས་སེ་ལྗིབ་སོགས་གཞུང་ལྟར་དམིགས་པ་གསལ་བཞིན་པའི་འདོན་བསྒོམ་བྱའོ། །དེ་ནས་སྔར་ཚོགས་གཞུང་གི་སྐབས་སུ་བཤད་མ་ཐག་པ་ལྟར། དེ་ལྟར་ཐུགས་ཀ་ནས་ལས་བྱེད་ཀྱི་ཀེང་རུས་སྤྲོ་བ་སོགས་ལྷག་མའི་དམིགས་པའི་མཐར། སྲིད་གསུམ་བྷནྡྷ་སོགས་འདོན་བསྒོམ་དང་། ཐམས་ཅད་ནམ་མཁའ་མཛོད་སོགས་དང་། གཅོད་ཡུལ་ཉམས་སུ་ལེན་པའི་སོགས་ཀྱིས་བསྔོ་སྨོན་དང་། གཅོད་དོན་རྒྱུད་ལ་འབྱོར་བའི་དོན་དྲན་པར་བྱས་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་ནས་ཚོགས་གཞུང་གི་སྐབས་ལྟར་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ་བ་པདྨ་ཞི་ཟླུམ་དྲག་ཟླུམ་གང་འདོད་དང་། མགྲོན་གཤེགས་པ། མཐར་སྟོང་ཉིད་ངང་ལ་བཞག་པ་སོགས་གོང་ལྟར་བྱའོ། །ད་ནི་གོང་དུ་སྨོས་པའི་ཁ་སྐོང་གི་རིམ་པ་རྣམས་ལ། སྔར་གྱི་


KMC019_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་རྒྱུན་རྙིང་པ་གོང་དུ་མ་འཐུས་པ་རྣམས་འདིར་ཅུང་ཟད་སྤྲོ་བ་ནི། དམར་འགྱེད་སྐབས་སུ་བེམ་རིག་ཕྲལ་བའི་བེམ་པོ་དེ་ལུས་ཆེ་བ་ཚོ་བ་དཀར་ལ་སྣུམ་པ་སྙི་ལ་འབོལ་བ་སྤྲོ་ལ་ཞིམ་པ། གཞོན་ཤ་རྒྱས་ཤིང་བཀྲག་མདངས་དང་ལྡན་པ། ལྟ་ན་སྡུག་པ། མཛེས་ཤིང་ཡིད་དུ་འོང་བ། དྲི་ངད་བཟང་པོ་སྣ་ཚོགས་བྲོ་བ། བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་སེལ་ནུས་པའི་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་སྟོང་གསུམ་ཁྱབ་པར་དམིགས་ལ། ལན་ཆགས་ཀྱི་བདག་པོ་ལ་སོགས་པའི་ལྷ་འདྲེ་རྣམས་ཀྱིས་ཧབ་སྒྲ་དི་རི་རི་གཅན་གཟན་ཤ་ལ་རུབས་པ་བཞིན་རོལ་པར་བསམ་སྟེ། དཔེར་ན་རྟ་རོ་ལུང་སྟོང་དུ་བསྐྱུར་བ་བྱ་རྒོད་ཀྱི་ཟོས་པ་ལྟ་བུར་བསམ་པ་ནི་བེམ་བསྐྱུར་མ་དང་། ཡང་བེམ་པོ་དེ་རང་ཉིད་རྡོ་རྗེ་རྣལ་འབྱོར་མས་སྟོད་སྨད་དུམ་བུ་བཞིར་བཅད་ནས་ཕྱོགས་བཞིར་འཕངས་པས་ཕྱོགས་མཚམས་ཀྱི་ལྷ་འདྲེ་


KMC019_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ཧབ་ཐོབ་ཏུ་ཟོས་པར་བསམ་པ་ནི་གླིང་བཞི་མ་དང་། ཡང་བེམ་པོ་དེ་རང་ཉིད་རྗེ་བཙུན་མའི་ཕྱག་གི་གྲི་གུག་གིས་བཤས་གཏུབ་བྱས་པས་ཁྲག་རྣམས་རྒྱ་མཚོ་ཆེན་པོར་གྱུར་པའི་ནང་དུ་རུས་པའི་ཚོགས་རྣམས་གཙང་ཕུར་བཙུག་པ་ལྟར་གྱུར་པའི་རྩེ་མོར་ཤ་རྣམས་བ་དན་ནམ། འཕན་དར་ཕྱར་བ་ལྟར་གྱུར་པ་ལས་ཤ་ཁྲག་རུས་གསུམ་གྱི་རྒྱུན་ཆེན་པོ་བབས་པས་གདོན་རྣམས་ཀྱིས་འཁོར་བ་ཇི་སྲིད་བར་དུ་ལོངས་སྤྱོད་པར་བསམ་པ་ནི་བ་དན་མ་དང་། ཡང་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མས་བེམ་པོའི་རྐང་པ་ནས་བཟུང་སྟེ་གདོན་རྣམས་ཀྱི་ནམ་མཁར་གཡུགས་པས་ཉ་རོ་ཚོས་པ་སྤྲུག་པ་ལྟར་ཤ་ཁྲག་རུས་གསུམ་བར་མཚམས་མེད་པར་རྒྱ་ཆེ་རྒྱུན་མི་འཆད་དུ་བབས་པ་ལྷ་འདྲེ་རྣམས་ཀྱི་ཁར་སོང་བས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་པ་ནི་རུས་སྤྲུགས་མ་དང་། ཡང་བེམ་པོ་དེ་ལས་རོ་སྐམ་རློན་རྙིང་པ་བྱིས་པ་དར་མ་རྒན་པོ་སོགས་ཀྱི་རོ་ཡི་


KMC019_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་དང་མཉམ་པར་སྤྲོས་ནས་ཡུལ་ཡུལ་ཅན་ལྟར་སྣང་བའི་གནས་རྣམས་ཁེངས་ནས། མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་གདོན་དེ་རྣམས་ལ་བཀྱེས་པས་ཟ་ཞིང་ཚིམ་པར་བསམ་པ་ནི་རོ་འགྱེད་མ་དང་། ཡང་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མས་བེམ་པོའི་རྐང་པ་གཉིས་ནས་བཟུང་སྟེ་ནམ་མཁའི་དབྱིངས་སུ་ཁྱེར་ཏེ། ལྷ་འདྲེ་དཔག་ཏུ་མེད་པ་རྣམས་འོག་ནས་ཁ་ཡར་ཟེད་དེ་དཔེར་ན་ནས་བརྔས་པའི་སོག་དེ་བྲག་ལྟ་བུ་ཁ་ནག་སག་སག་བྱེད་པ་དེ་རྣམས་ཀྱི་ཁར་བྱིན་བར་དམིགས་ལ་བརྡེབ། ཡང་ན་མདུན་ཏུ་བེམ་པོའི་མགོ་བོ་ཆད་པ་ཁྲོ་ཆུའི་ཕ་ཝཾ་ཆེན་པོ་སྟོང་གསུམ་དང་མཉམ་པར་གྱུར་པའི་སྟེང་དུ་བརྡབས་པས་ཤ་ཁྲག་རུས་པ་རྣམས་སོ་སོར་ཞིག་ནས་དམར་ཐར་ཐར་སོང་བས་ལྷ་འདྲེ་རྣམས་ཀྱིས་ཟོས་པར་དམིགས་པ་ནི་བརྡེབ་པ་མའོ། །ཡང་དམར་འགྱེད་ཀུན་གྱི་རྩ་བར་གྱུར་པ་ལ་གཟན་འགྱེད་


KMC019_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི། བསྲེ་འཕོ་སོགས་གཞུང་ལྟར་ལ་རིག་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མས་བེམ་པོ་བཤའ་གཏུབས་སྲེག་གསུམ་བྱ་བ་དང་། ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར་ནས། རང་གི་སྐུ་དང་བ་སྤུ་ལས་རང་འདྲ་བའི་རྣལ་འབྱོར་མ་འབྱུང་བཞིའི་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ནས་གནས་ཡུལ་གྱི་གདོན་བགེགས་ལ་སོགས་པ་ལ་བྱིན་པས་ཤ་ཟོས་ཁྲག་འཐུང་རུས་པ་མུར། པགས་པ་གྱོན་ནས་དགྱེས་པའི་གད་མོ་ཧ་སྒྲ་དང་བཞད་པའི་གླུ་དང་བཅས་ཏེ་ཚིམ་པར་བསམ་པ་དང་། ཡང་མཁའ་འགྲོ་དེ་ལས་ཉུང་ཙམ་གྱིས་སྟོང་གསུམ་ཙམ་དུ་བཀྱེ་བར་བསམ་པ་དང་། ཡང་འབུམ་ཕྲག་མང་ཙམ་གྱིས་དེ་ལས་ས་ཁྱོན་ཆུང་ཙམ་དུ་བཀྱེ་བར་བསམ་པ་དང་། ཡང་ཕྱོགས་བཅུར་འབུམ་ཕྲག་བཅུས་བཀྱེས་ནས་ཕཊ་བཅུ་བརྗོད་པ་དང་། ཡང་ཤ་ཁྲག་གིས་འཇིག་རྟེན་ཐམས་ཅད་ཕྱུར་བུར་བཀང་ནས་གདོན་དེ་རྣམས་ཀྱིས་གང་ལ་གང་


KMC019_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཀྱི་ཚུལ་དུ་ཧབ་ཐོབ་ཀྱིས་ཟོས་པར་བསམ་མོ། །ཡང་དཀར་འགྱེད་དང་ཁྲ་འགྱེད་དང་ཚོགས་འཁོར་གྱི་འཕྲོས་ལ་ཤ་ཁྲག་གི་རྒྱ་མཚོར་བསྒྱུར་ནས་དེ་ལྟར་དམིགས་ཀྱང་རུང་ངོ་། །གཉིས་པ་སྔར་གྱི་གཅོད་རྒན་རྣམས་ཀྱི་ཞལ་རྒྱུན་གྱི་འཕྲོས་ནི། སྐྱབས་འགྲོའི་སྐབས་མ་གཅིག་ཐུབ་པ་ཡུམ་ཆེན་རྣམས་སུམ་བརྩེགས་སོགས་ཟིན་བྲིས་མང་བའི་ལུགས་བསྒོམ་པ་དང་། ལྷ་བསྐྱེད་སྐབས་གདན་མས་རིམ་ཞེས་པད་ཉི་ཟླ་བ་སོགས་མ་གཅིག་གི་གདན་དང་མཉམ་དུ་དེ་ལས་མཐོ་བའི་གཡས་ཕྱོགས་སུ་པད་ཟླའི་གདན་དང་། དེ་ཐད་གཡོན་ཕྱོགས་སུ་ཆོས་འབྱུང་ཉི་རོའི་གདན་དང་། དེ་གཉིས་ཀྱི་དབུས་ཀྱི་ཆར་ཤིན་ཏུ་མཐོ་བའི་སར་སེང་ཁྲི་རྒྱན་དྲུག་ཅན་གཅིག་ལས་གཅིག་མཐོ་བའི་ཚར་བཞི་བསྒོམ་ཞིང་དེ་ལ་གདན་མས་རིམ་ཞེས་པ་དང་། སེང་ཁྲི་སྟེང་མའི་དབུས་སུ་ཧཱུྃ་མཐིང་ཀ་དང་། དེ་འོག་ཁྲི་སྟེང་དབུས་སུ་ཨོཾ་དཀར་པོ་ལ་ཧཱུྃ་སྔོན་པོ། ཏྲཱཾ་


KMC019_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ། ཧྲཱིཿདམར་པོ། ཨཱཿལྗང་གུ་བཞིས་བསྐོར་བ་དང་། དེ་འོག་ཁྲི་སྟེང་དུ་མཱུཾ་ཡིག་དམར་སེར། དེ་འོག་ཁྲི་སྟེང་དུ་ཨ་དཀར་པོའམ་སེར་པོ་བསྒོམ་པའང་འདུག་གོ །དེ་འོག་པད་གདན་གྱི་སྟེང་དུ་ཧཱུྃ་དཀར་པོ་བསྒོམ་སྟེ་འདི་ས་བོན་མས་རིམ་ཡིན་གསུང་། དབུས་ཀྱི་ཧཱུྃ་ཡིག་དེ་མ་གཅིག་ཏུ་བསྒོམ་པ་ནས་བཟུང་སྟེ་སྟེང་དུ་ཧཱུྃ་ཡིག་སྔོན་པོ་དེ་རྡོ་རྗེ་འཆང་གི་བར་དུ་བསྒོམ་པ་ནི་ལྷ་ཡས་རིམ་ཡིན་གསུངས། གཞན་རྣམས་སྔ་མ་དང་མཚུངས། ཡང་སྡིག་སྦྱོང་སྐབས་མ་གཅིག་གི་ཐུགས་སྲོག་ཧཱུྃ་ལ་ག་ཏེའི་སྔགས་ཕྲེང་དང་། ཡུམ་ཆེན་མོ་ལའང་དེ་བཞིན་ག་ཏེ་སོགས། གཞན་ལྷ་རྣམས་དེའི་རིགས་འགྲེས་པའི་རང་སྔགས་བཀོད་ཅིང་བསྐོར་བའི་ལུགས་ཀྱང་གསུང་རྒྱུན་འགའ་རེ་ལ་འདུག །འདི་ལ་འགའ་ཞིག་གིས་དགག་པ་མཛད་འདུག་ཀྱང་བདག་གིས་ནི་སྤང་བླངས་མེད་པར་གསུང་རྒྱུན་ནི་ཡིན་འདུག་པས་ཁམས་དྭངས་ཤིང་དལ་བའི་སྐབས་རྣམས་སུ་དེ་ལྟར་


KMC019_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དང་། དུས་རྒྱུན་གཙོ་ཆེར་དྲུང་རིན་པོ་ཆེའི་ཟིན་བྲིས་གོང་དུ་སྨོས་པ་དམིགས་པ་ཡིན་ནོ། །ཡང་འགྱེད་ཀྱི་སྐབས་སུ་གསུང་རྒྱུན་ལ་འགྱེད་ཚུལ་དྲུག་ཏུ་གསུངས་པ་དང་། དྲུང་རིན་པོ་ཆེའི་ཟིན་བྲིས་ལའང་དེ་ལྟར་གནང་འདུག་པ། འདི་གཉིས་གནད་ཤིན་ཏུ་གཅིག་པས་བདག་ཀྱང་དེའི་རྗེས་སུ་འབྲང་བའོ། །ཡང་དྲུང་གི་ཟིན་བྲིས་དང་གསུང་རྒྱུན་རྣམས་སུ་གཅོད་ཚོགས་ཀྱི་སྤྱི་ཆིངས་སུ་ཐོག་མར་སེམས་བསྐྱེད་ཅིང་མགྲོན་བསྡུ་བ་དང་གཅིག །སྐྱབས་ཡུལ་བསྒོམ་ཞིང་ཚད་མེད་བཞི་ལ་བློ་སྦྱོང་ཞིང་ཚོགས་ཞིང་སྤྱན་འདྲེན་པ་དང་གཉིས། ཡན་ལག་བརྒྱད་པས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་གསུམ། ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་དང་བཞི། ལུས་མཆོད་པ་འབུལ་བའི་སྦྱིན་པ་བཏང་བ་དང་ལྔ། གསོལ་བ་འདེབས་ཤིང་བྱིན་ཕབ་པ་དང་དྲུག །བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ་བ་དང་བདུན་ན་སྔོན་དངོས་རྗེས་གསུམ་


KMC019_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆོ་གའི་གོ་རིམ་ཐམས་ཅད་ཚང་བར་བསྟན་པ་ཡིན་ལ། འགྱེད་ཚུལ་བདུན་དུ་གསུངས་པའི་རྒྱུན་དང་ཡིད་གཏད་ཕེར་བའི་ཡིག་ཆའང་རྙེད་དཀའ་བ་དང་། དེར་མ་ཟད་འགྱེད་ཚུལ་གྱི་ས་བཅད་དེའང་དཀར་འགྱེད་མགྲོན་བཞི་མའི་སྐབས་གོང་གི་བདུན་པོའི་ས་བཅད་དང་འགྲིགས་དཀའ་བ་སོགས་འདི་ཡིན་གྱི་ངོས་བཟུང་མི་འདུག་པས་བཏང་སྙོམས་སུ་བཞག་གོ །ཡང་ཌཱ་ཀི་བྱིན་འབེབས་ཀྱི་སྐབས་སུ་རྡོ་རྗེ་ཕག་མོ་རིགས་བཞི་མཁའ་འགྲོ་དང་སྐུ་དང་ཕྱག་མཚན་སོགས་ལས་སྤྲུལ་པའི་རིགས་ལྔའི་མཁའ་འགྲོ་གྲངས་མེད་དང་ཕྱོགས་བཞི་དབུས་དང་ལྔ་ལས་དེ་འདྲ་བའི་རིགས་ལྔ་འབུམ་ཕྲག་མང་པོ་སྤྱན་དྲངས་ནས་སྐྱབས་ཡུལ་གྱི་འཁོར་དུ་བཞུགས་པ་ལ། དད་མོས་དྲག་པོས་གསོལ་བ་བཏབ་པས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་དེ་རྣམས་ས་གཞིར་བཞུགས་པས་ཕྱི་ནང་སྣོད་བཅུད་བྱིན་གྱིས་བརླབས་པ་སོགས་དང་། རང་རྣལ་འབྱོར་མའི་


KMC019_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་རིགས་ལྔ་ཌཱ་ཀི་འབུམ་ཕྲག་བཅུ་སྤྲོས་ནས་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ་སྔར་གྱི་ཌཱ་ཀི་དེ་རྣམས་མཆོད་པར་དམིགས་པ་དང་། ཌཱ་ཀི་འབུམ་ཕྲག་བཅུ་པོ་ཡང་འབུམ་ཕྲག་གཅིག་ཏུ་བསྡུས་ནས་རང་རྣལ་འབྱོར་མ་དང་དབྱེར་མེད་དུ་བྱས་ཏེ་འོག་གི་མཆོད་སྦྱིན་སྐབས་སུ་སླར་ཡང་རང་ལས་དེ་འདྲ་གྲངས་མེད་དུ་སྤྲུལ་ནས་མཆོད་པ་བྱེད་པའི་ལུགས་ཀྱང་འདུག་གོ །ཡང་རྣམ་ཤེས་སྤར་བ་དང་བསྲེ་བའི་སྐབས་བསྲེ་བ་མི་བྱ་བ་ནི། སྨྱོན་པའི་རྣམ་ཤེས་མི་སྤར། སྦྲུམ་མའི་རྣམ་ཤེས་མི་སྤར། མཛེ་ཕོ་དང་ནད་ངན་སོགས་ཀྱི་རྣམ་ཤེས་མི་བསྲེ་བའི་གསུང་རྒྱུན་ཀྱང་འདུག་གོ །དེ་ལྟར་ཚོགས་ལས་གཞུང་གི་དམིགས་ཐུན་ནི་དྲུང་རིན་པོ་ཆེའི་ཟིན་བྲིས་དང་སྔར་ནས་ད་བར་གྱི་ཁྲིད་རྒྱུན་ཡོད་པ་གཉིས་གཞིར་བཞག་ཡིན་པ་བདག་གི་སློབ་དཔོན་གྱིས་སྔར་ཀུན་མཁྱེན་སི་ཏུ་རིན་པོ་ཆེར་གཅོད་སྐོར་སྣ་ཚོགས་བེ་བུམ་གྱི་ལུང་དང་།


KMC019_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རྡོར་མ་རི་སྐོར་སོགས་ཀྱི་ཁྲིད་ལུང་ཕུལ་སྐབས་སུ་སྐུ་ཞབས་ཀུན་མཁྱེན་ཆེན་པོའི་ཞལ་སྔ་ནས་གཅོད་སྐོར་འདི་ལ་དྲུང་ཀུན་དགའ་རྣམ་རྒྱལ་གྱི་གསུང་རྒྱུན་དང་ཟིན་བྲིས་འདི་རྣམས་གཙོ་བོར་བཏོན་དགོས་ཤིང་འཆད་ཉན་ཀྱང་འདི་ལ་བྱེད་དགོས། གཞན་གཅོད་ཀྱི་ཟིན་བྲིས་ཀྱི་ཡིག་ཆ་མང་དུ་ཡོད་ཀྱང་ཕལ་ཆེར་ལ་ངེས་ཤེས་འདྲོངས་དཀའ་གསུང་ལྟར་བདག་གི་སློབ་དཔོན་གྱིས་ཀྱང་དེ་ཕྱིན་ཆད་ནས་དེ་ལྟར་དུ་མཛད་པས་འདི་དེའི་ལུགས་ཡིན་ལ། དམར་འགྱེད་སྣ་ཚོགས་ཀྱང་བན་སྒར་བའི་གསུང་དང་གཞན་ལུགས་འགའ་ལའང་མང་དུ་ཡོད་འདུག་པ་དང་། གསུང་རྒྱུན་ལའང་ལུས་སྦྱིན་སོགས་དྲག་ལས་ཀྱི་སྐབས་འདིར་ཁ་འཕང་མཛད་འདུག་པ་དེ་ལྟར་ཡིན་ལགས། ཡང་ལམ་མཆོག་བདུད་ཀྱི་གཅོད་ཡུལ་ཟིན་བྲིས་རྒྱས་པར་བཀྲལ་བ་ཞེས་བྱ་བ་དེའི་ལུང་ཁྲིད་སོགས་ཀྱི་རྒྱུན་ཡོད་བཞིན་དེ་ལུགས་མ་བཅོས་པར་ཉམས་སུ་བླངས་པས་འཐུས་


KMC019_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། གཞན་ཁ་འཕང་གང་ཡང་མི་དགོས་སོ། །སྤྱིར་གདམས་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་འདི་ཉིད་ཉན་རང་སོགས་ཐེག་པ་འོག་མ་རྣམས་ཀྱིས་ཀྱང་གང་ཟག་བདག་མེད་ཀྱི་དོན་ཕྱོགས་མཚོན་ཙམ་རྟོགས་ཤིང་། བར་པ་མཚན་ཉིད་མེད་པའི་འཁོར་ལོ་ཤེར་ཕྱིན་གྱི་མདོ་རྣམས་ནས་ཆོས་དང་གང་ཟག་གཉིས་ཀའི་བདག་འཛིན་བཟློག་ནས་ཟབ་མོ་སྟོང་པ་ཉིད་ནམ་མཁའ་ལྟ་བུའི་དོན་སྟོན་ཅིང་བྱང་སེམས་འཕགས་པ་རྣམས་ཀྱི་ཐུགས་ལ་འཁྲུངས་ཤིང་། ཐ་མ་ངེས་དོན་གཏན་ལ་འབེབས་པའི་མདོ་སྡེ་རྣམས་ལས་བདེ་གཤེགས་སྙིང་པོ་གཞོམ་གཞིག་བྲི་གང་དང་བྲལ་བའི་ཡེ་ཤེས་སྙིང་པོ་མངོན་སུམ་དུ་བསྟན་པའི་འཕགས་བཞི་སྐྱེད་བྱེད་ཡུམ་ཆེན་མོའི་དགོངས་དོན་དེ་བཞིན་ཏུ་སྔགས་གསར་རྙིང་གི་རྒྱུད་སྡེ་རྣམས་ནས་ཀྱང་གདོད་མའི་ཟུང་འཇུག་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་བྱེད་པའི་དོན་དང་། དེའི་ཐབས་


KMC019_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྤྱོད་རིག་སྤྱོད་སོགས་ཐབས་ཤེས་ལམ་གྱི་ཆ་ཐམས་ཅད་ཀྱང་རྫོགས་པར་བསྟན་པའི་ཟབ་མོའི་དོན་འདི་ཉིད་ཡིན་ལ་ཡིན་བཞིན་ཤེས་པའི་སྒོ་ནས་སྙིང་ནས་ཉམས་སུ་བླང་བར་བྱ་དགོས་ཤིང་། དེ་ལྟར་མ་ཡིན་པའི་ཚེ་འདིའི་ནད་གདོན་རྐྱེན་ངན་ཞི་བ་ཙམ་དང་རྙེད་བཀུར་འདོད་ཡོན་སོགས་ཀྱི་དོན་ཡིན་པར་རློམ་ནས་ཉམས་ལེན་ཕྲན་བུ་བྱས་ཀྱང་གཅོད་ཀྱི་གོལ་ས་གསུམ་གྱི་ལམ་དུ་སོང་ཞིང་བདག་འཛིན་བདུད་བཞི་སོགས་ལྷ་འདྲེ་དྲུག་ལམ་དུ་མི་སློང་བས་དེ་ལྟར་མ་ཡིན་པར་དང་པོ་ཚེ་འདིའི་འདོད་ཡོན་བདེ་སྐྱིད་སོགས་བདུད་བཞིའི་རྒྱུར་གྱུར་པའི་ཆགས་ཞེན་གྱི་འཁྲི་བ་ཀུན་གཅོད་ཅི་ཐུབ་དང་། བར་དུ་ལས་ཉོན་འཁྲུལ་པའི་རྣམ་རྟོག་ཀུན་གཅོད་ཅི་ནུས་དང་། ཐ་མ་སྙེམས་བྱེད་གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན་དབྱིངས་སུ་བཅད་ནས། འོད་གསལ་ཆོས་སྐུ་སྐྱེ་བ་མེད་པ་ཡུམ་ཆེན་མོའི་དགོངས་པ་མངོན་སུམ་དུ་རྟོགས་ནས་མངོན་པར་


KMC019_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་སངས་རྒྱས་པ་དང་། གནས་སྐབས་སུའང་ཕྲིན་ལས་རྣམ་བཞིས་འགྲོ་དོན་དཔག་མེད་འབྱུང་བ་ཞིག་དགོས་པར་གསུངས་པས་དེ་བཞིན་ཉམས་སུ་བླང་བར་བྱའོ། །དེ་ལྟར་གཅོད་ཀྱི་ཟིན་བྲིས་རྣམ་གསལ་འདིའང་བསྟན་འགྲོའི་དཔལ་མགོན་དམ་པ་སྙིང་པོ་དོན་གྱི་སྒྲུབ་བརྒྱུད་ཟུར་མང་བཀའ་བརྒྱུད་ཀྱི་གཙུག་རྒྱན་འདྲེན་མཆོག་གར་དབང་མཆོག་གི་སྤྲུལ་སྐུའི་ཞལ་སྔ་ནས་འདི་ལྟར་བགྱིད་དགོས་པའི་བཀའ་གནང་ཡིད་བཞིན་དབང་གི་རྒྱལ་པོ་སྤྱི་བོའི་རྒྱན་དུ་བཀོད་ནས་བན་རྒན་བསྟན་འཛིན་རྣམ་དག་གིས་བགྱིས་ཤིང་། ན་ཚོད་དང་མིག་དབང་མི་གསལ་བས་ངག་ནས་རིམ་པར་སྨྲས་རིམ་བཞིན་ཤཱཀྱའི་བཙུན་ཆུང་ཡེ་ཤེས་དབང་ལྡན་གྱིས་ཡི་གེར་བྲིས་ཤིང་འདུ་བགྱིས་པའི་དགེ་བས་རྒྱལ་བསྟན་སྤྱི་དང་སྙིང་པོ་དོན་གྱི་བསྟན་པ་དར་ཞིང་། བསྟན་འཛིན་རྣམས་ཞབས་པད་ཡུན་དུ་བརྟན་ཅིང་ཁྱད་པར་མཆོག་གི་བླ་མ་དམ་པ་འདི་ཉིད་འགྱུར་མེད་རྡོ་རྗེའི་ཁྲི་ལ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཕྲིན་ལས་རྣམ་བཞིས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་རྒྱས་ཤིང་། སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་ནམ་མཁའི་མཐའ་ཀླས་སུ་འཕེལ་པའི་རྒྱུར་གྱུར་ཅིག། །།དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་


KMC019_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ལུས་སྦྱིན་རྒྱུན་ཁྱེར་རྨི་ལམ་ལུང་བསྟན།


KMC019_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་ལུང་བསྟན་གྱི་བསྟབ་པ་ཚིགས་བཅད་འདོན་བདེ་བར་བཀོད་པ་བཞུགས་སོ། །


KMC019_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། མཐོ་མི་མངོན་ནམ་མཁའི་དབྱིངས་རུམ་ན། །རང་དྲིན་ཐོབ་རྩ་བའི་བླ་མ་དང་། །དོན་དབྱེར་མེད་གྲུབ་ཆེན་མཁའ་སྤྱོད་པ། །སྐུ་རྡོ་རྗེ་འཆང་གི་ཆ་ལུགས་ལ། །འཁོར་གྲུབ་ཆེན་བརྒྱ་དང་བརྒྱད་བཅུ་སོགས། །ཕ་བཀའ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །གནས་དེ་འོག་དགུང་སྔོན་སྟེང་ཤེད་ན། །ལྷ་ཡི་དམ་བཅོམ་ལྡན་འཁོར་ལོ་སྡོམ། །གྲངས་རེ་གཉིས་དཔའ་བོ་ཌཱ་ཀི་མ། །དཔལ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །གནས་བར་སྣང་གཡུ་ཡི་ལྡིང་ཁང་


KMC019_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ན། །མགོན་མ་ཧཱ་ཀཱ་ལ་ཕྱག་བཞི་པ། །སྐུ་ལྔ་ཡི་མགོན་པོ་ཡབ་དང་ཡུལ། །འཁོར་བྱ་སེང་ཡུམ་གསུམ་མཁའ་འགྲོ་བརྒྱད། །ཡང་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་ནི་བྱེ་བ་གནོད་སྦྱིན་ཁྲི། །དེ་ཐམས་ཅད་ཞལ་གདངས་མཆེ་བ་གཙིགས། །གནས་སྐུ་གསུམ་དག་པའི་ཞིང་ཁམས་ནས། །ལྷ་བསྒོམས་པ་ལྟ་བུར་དཔག་མེད་བྱོན། །དེ་ཐམས་ཅད་དམ་ཡེ་དབྱེར་མེད་ཐིམ། །སྐྱབས་དཀོན་མཆོག་ཀུན་འདུས་ངོ་བོ་ལ། །མི་བདག་གིས་སྐྱབས་ཞུ་བློ་སྙིང་གཏད། །མ་


KMC019_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དྲུག་སངས་རྒྱས་ཐོབ་བྱའི་ཕྱིར། །ལུས་ཤ་ཁྲག་ཚོགས་ཀྱི་མཆོད་པ་འབུལ། །མི་བདག་གི་ལུས་ཀྱི་སྲོག་ཤིང་ལ། །རྩ་དབུ་མ་ཕྱི་དཀར་ནང་དམར་བ། །འོག་གསང་གནས་སྤྱི་བོར་ཐ་ལེར་ཟུག །ནང་སྟོང་པ་ཕྲུ་མ་ཕུས་བཏབ་བཞིན། །གནས་སྙིང་ག་ཆོས་ཀྱི་འཁོར་ལོ་ན། །རང་རྣམ་ཤེས་བླ་ཚེ་སྲོག་དང་དབུགས། །དཔལ་བསོད་ནམས་འདུས་པའི་ཐིག་ལེ་ནི། །དེ་དཀར་དམར་མདངས་ལྡན་ཐེ་བོང་ཙམ། །ཕཊ་བརྗོད་པས་དབུ་མར་རྒྱངས་སེ་ཐོན། གནས་སྤྱི་བོའི་ནམ་མཁའ་ཕྱིན་ཙམ་གྱིས། །དེ་རྡོ་རྗེ་ཕག་མོའི་སྐུ་རུ་གྱུར། །ཕྱག་གྲི་གུག་བེམ་པོར་ཚད་ཙམ་གྱིས། །དེ་ཐོད་པ་སྒར་གྱིས་འཕང་བ་དེ། །མདུན་རང་བྱུང་ཐོད་སྒྱེད་སྟེང་དུ་བཙུགས། །རྒྱ་སྟོང་གསུམ་འཇིག་རྟེན་བས་ཀྱང་ཆེ། །ཕྱག་གྲི་གུག་རྩེ་མོས་བེམ་པོ་བླངས། །དེ་བྷན་དྷའི་ནང་འཕངས་རི་རབ་ཙམ། །རང་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡི། །ལུས་གདོན་དང་ནད་འདྲེ་བཀུག་ལ་


KMC019_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ། །ཕྱག་གྲི་གུག་ཚད་པས་ཤ་རུས་ཁྲག །དེ་སིལ་བུར་བྷན་དྷ་དམར་ལྟེམ་གང་། །འོག་ཐོད་སྒྱེད་བར་ནས་མེ་རླུང་གཡོས། །སྣོད་དྲོས་ཤིང་བཅུད་ཞུ་བདུད་རྩིའི་མཚོ། །བཅུད་རོ་བརྒྱ་ནུས་པ་སྟོང་ལྡན་དུ། །སྔགས་ཨོཾ་ཨ༔ཧཱུྃ་གིས་བྱིན་གྱིས་རླབས། །ཕཊ་ཕཊ་ཕཊ། རང་ཕག་མོའི་ཐུགས་ལས་སྤྲུལ་པ་ཡི། །མ་མཁའ་འགྲོ་སྐུ་མདོག་དམར་མོ་ལ། །དབུ་བྱ་རྒོད་ཁྱུང་དང་ཁཱ་ཏ་འུག །ཕག་ཁྱི་དང་སྤྱང་ཀི་སྟག་གདོང་མ། །ཕྱག་བྷན་དྷའི་སྐྱོགས་འཛིན་གྲངས་མེད་འཕྲོས། །དེ་བདུད་རྩིའི་རྒྱ་མཚོ་ནས་བཅུས་ཏེ། །གནས་འོག་མིན་ཆོས་དབྱིངས་ནམ་མཁའ་ན། །ཕ་བླ་མ་གྲུབ་ཐོབ་རྒྱ་མཚོ་ལ། །ལུས་ཤ་ཁྲག་ཚོགས་ཀྱི་མཆོད་པ་འབུལ། །མི་བདག་གི་སྒྲིབ་སྦྱངས་ཉམས་ཆག་བཤགས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་བདེ་ཆེན་ལྷ་ལམ་ཡངས་པ་ན། དཔལ་ཁྲག་འཐུང་བདེ་མཆོག་ཧེ་རུ་ཀ །བཀའ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་


KMC019_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡུལ་ཉེར་བཞིའི་དཔའ་བོ་མཁའ་གྲོ་ལ། །ལུས་ཤ་ཁྲག་ཚོགས་ཀྱི་མཆོད་པ་འབུལ། །མི་བདག་གི་ཚོགས་རྫོགས་སྡིག་སྒྲིབ་དག །མཆོག་ཐུན་མོང་དངོས་གྲུབ་ཚེ་འདིར་སྩོལ། །གནས་སྤྲིན་ཕུང་འཁྲིགས་པའི་དུར་ཁྲོད་ན། །མགོན་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་ནི་བྱེ་བ་གནོད་སྦྱིན་ཁྲི། །བཀའ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །ལུས་ཤ་ཁྲག་ལུས་གདོན་ནད་དང་བཅས། །འདི་ཞལ་དུ་བསྟབ་བོ་དགྱེས་པར་རོལ། །དུག་གསུམ་གྱི་རང་བཞིན་ཤ་ཁྲག་རུས། །དེ་ལྷག་མེད་དུ་བཞེས་ཤིག་ཁ་རཾ་ཁཱ་ཧི། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །ལུས་ནད་མེད་བདེ་བའི་དངོས་གྲུབ་སྩོལ། །ཕཊ་ཕཊ་ཕཊ་ཕཊ་ཕཊ། ལྷ་ཐམས་ཅད་འོད་ཞུ་རང་ལ་ཐིམ། །དབང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། །རང་ཕག་མོ་ནམ་མཁའི་འཇའ་ལྟར་ཡལ་། །དོན་སྐྱེ་མེད་ཆོས་སྐུ་རྒྱལ་བའི་ཡུམ། །གཟུགས་ཁ་དོག་མ་གྲུབ་སྟོང་


KMC019_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད། །སྨྲ་བསམ་ཀྱང་བརྗོད་དུ་མེད་པ་སྟེ། །དཔེ་ལྐུག་པས་བུ་རམ་ཟོས་པ་བཞིན། །སེམས་འདི་བསྒོམ་གཏད་སོ་གཅིག་ཀྱང་མེད། །དཔེ་དུར་ཁྲོད་གནས་པའི་མི་རོ་བཞིན། །དེ་འདི་ཡིན་འདི་མིན་དངོས་པོ་མེད། །དཔེ་སྟོང་གསལ་ནམ་མཁའ་གཡའ་དག་བཞིན། །མིང་ཐ་མལ་ཤེས་པ་ཕྱག་རྒྱ་ཆེ། །ཕ་བཀའ་རྒྱུད་བླ་མའི་ཐུགས་ཀྱི་བཅུད། །དེ་དྲན་རྫིས་ཡང་ཡང་གསལ་འདེབས་པ། །འདི་ཉམས་ལེན་སྐྱོང་ཞེས་མིང་དུ་བཏགས། །ཐོབ་དཀའ་ཞིང་ཕངས་པའི་སྒྱུ་ལུས་འདི། །རྒྱུ་ཚོགས་ཀྱི་འཁོར་ལོར་ཕུལ་བའི་དགེས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །སེམས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ཅེས་པ་འདི་བདག་རཱ་ག་ཨ་སྱས་མཚམས་ལ་འདུག་སྐབས། སྔ་མོ་ཞིག་ལ་བརྟགས་པ་ཞུ་མི་མང་པོ་བྱུང་སྐབས། དམིགས་པ་འདི་ལྟར་བྱས་ན། འཆི་ངེས་པའང་ལོ་བཅུ་གཉིས་ལ་ཚེ་བསྲིང་ཟེར་བའི་རྨི་ལམ་དུ་ལུང་བསྟན་འདྲ་བ་ཞིག་བྱུང་ནས། རྨི་ལམ་ལ་ངེས་པ་མེད་ཀྱང་དྲུང་མཁའ་སྤྱོད་པས་མཛད་པའི་ཕྱག་བཞི་པའི་ཚོགས་ཀྱི་བསྟབ་པའི་དམིགས་པ་ཡི་གེ་མེད་པའི་སྙན་བརྒྱུད་གཅིག་རང་གི་སློབ་དཔོན་གྱི་བར་


KMC019_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱུན་མ་ཆད་པར་ཡོད་པ་དང་དོན་གཅིག་པར་འདུག་པས། བརྗེད་ཐོ་རྩ་ཚིག་བྲིས། འདོན་ཆ་རྟེན་འབྲེལ་འགྲིགས་དུས་ཤིག་ལ་འབྲི་བར་བསམ་ནས་མ་བྲིས་བར་ཡུན་རིང་བ་ལ། མཁའ་སྤྱོད་པའི་རིགས་བརྒྱུད་ཨ་ནུ་འཚོ་མཛད་དྲག་ལུ་ནད་ཡུན་རིང་སྐབས་སུ། ཤོག་བུ་གཏད་ནས་ཁྱོད་རང་ལ་གསོལ་བ་འདེབས་རྒྱུ་ཞིག་བྲིས་ཟེར་བའང་། རྟེན་འབྲེལ་འགྲིགས་སྙམ་ནས། འདོན་ཆ་ཚིག་བཅད་དུ་ཕབ་ནས་བྲིས་པ་སྟེ། བདག་སོགས་རྩ་བའི་བླ་མ་སུ་ལ་འཛིན་པ་དེ་དང་། མཁའ་སྤྱོད་པ་དབྱེར་མེད་རྡོ་རྗེ་འཆང་དུ་བསྒོམས་ལ། སྐྱབས་སུ་འགྲོ་བ། ལུས་ཚོགས་སུ་འབུལ་བ། མཐར་དབང་བླང་བ། བླ་མའི་རྣལ་འབྱོར་ཡང་ཚང་ལ། རང་དོན་གཞན་དོན་སུ་ལ་བསྒོམས་ཀྱང་ནད་གདོན་སེལ་བའི་མཆོག་ཡིན་ནོ། །ཚིག་བློ་ལ་མ་ཟིན་དོན་བསྒོམ་ཡང་ཆོག །སྤྲོ་ན་ཚིག་མཚམས་ཐམས་ཅད་དུ་ཕཊ་སྒྲ་བྱ། གྲེ་ཁུང་ནས་བརྗོད་ཀྱང་ཆོག་ཅེས་པ་འབྲུག་ལོ་ཐ་སྐར་གྱི་ཡར་ཚེས་གཉིས་ལ་བཀོད་པའོ། །ཏདྱཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སཱ་ཧཱ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

དམ་ཆོས་བདུད་ཀྱི་གཅོད་ཡུལ་ལས་ཡེ་ཤེས་མཁའ་འགྲོའི་ཞལ་ལུང་གསང་བ་མངོན་དུ་ཕྱུང་བ་སྤྲོས་པ་ཉེར་ཞི་བརྟུལ་ཞུགས་ལམ་ལོངས་དང་བཅས་པ།


KMC019_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་བདུད་ཀྱི་གཅོད་ཡུལ་ལས་ཡེ་ཤེས་མཁའ་འགྲོའི་ཞལ་ལུང་གསང་བ་མངོན་དུ་ཕྱུང་བ་སྤྲོས་པ་ཉེར་ཞི་བརྟུལ་ཞུགས་ལམ་ལོངས་དང་བཅས་པ་བཞུགས་སོ། །


KMC019_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པྲཛྙཱ་པཱ་ར་མི་ཏཱ་ཡེ། སེམས་ཉིད་རབ་ཏུ་མི་གནས་དབུ་མ་མཐའ་བརྒྱད་སྤྲོས་བྲལ་སྟོང་པ་ཉིད། །སྣང་སེམས་གཉིས་མེད་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པའི་སྨོན་པ་མེད། །ཁྱབ་གདལ་ལྷུན་ཡངས་རྫོགས་ཆེན་ཟབ་ཞི་སྤྲོས་བྲལ་འོད་གསལ་མཚན་མ་བྲལ། །ཐམས་ཅད་རང་རིག་ངོ་བོ་ཉིད་དེ་ཤེས་རབ་ཕ་རོལ་ཕྱིན་པ་བསྟན། །བླ་མ་ལྷ་དང་མཁའ་འགྲོ་མ། །དཔའ་བོ་དམ་ཅན་སྲུང་མ་ཡིས། །དགྱེས་ཤིང་བརྩེ་བས་བདག་དགོངས་ཏེ། གནང་བ་དམ་པ་


KMC019_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་དུ་གསོལ། །དེ་ལ་སེམས་ཅན་གྱི་ཁམས་ལ་སངས་རྒྱས་ཀྱི་རྒྱུ་ཡེ་ནས་ཡོད་པ་དཔེར་ན་ལྕགས་ལ་གསེར་རྩི་ཐེབ་ན་གསེར་དུ་འགྱུར་བ་ལྟར། བླ་མའི་མན་ངག་གི་རྩི་ཐེབ་ན་རིམ་གྱིས་མངོན་དུ་འགྱུར་ལ། གློ་བུར་རྣམ་རྟོག་གྱི་དྲི་མ་དག་ནས། དག་པ་གཉིས་ལྡན་གྱི་སངས་རྒྱས་སུ་འགྱུར་རོ། །དེ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀྱི་ལམ་བགྲོད་ལུགས་ལ། སྔ་མ་ལྟར་ན་མཐོང་ལམ་གྱིས་ཇི་ལྟར་མཐོང་བའི་དོན་དེ། རིམ་གྱིས་ས་བཅུའི་བར་དུ་བསྒོམ་ནས། ས་


KMC019_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། སྲིད་པ་ལས་ཀྱི་ས་བོན་འགགས་ཏེ་སྐད་ཅིག་མ་གཉིས་པ་ལ་བདེ་ཆེན་ཆོས་ཀྱི་སྐུ་དུས་གསུམ་འགྱུར་བ་མེད་པར་མངོན་དུ་གྱུར་བ་དང་། ཕྱི་མ་ལྟར་ན་ད་ལྟ་ངོ་སྤྲད་པའི་རིག་པའི་འོད་གསལ་གོམས་པས། འཆི་ཁའི་བར་དོ་དང་པོའི་དུས་སུ་སྣང་བ་འགགས་ཏེ། རང་བཞིན་གྱི་འོད་གསལ་ལ་གནས་ནས་གྲོལ་ལ། གྲོལ་མ་ནུས་ན་ཤེས་སྒྲིབ་མ་དག་པ་ཡིན། དེ་ཡང་ཚེ་འདིར་ཉོན་མོངས་པའི་སྒྲིབ་པ་ནི་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སྟེ་བསླབ་པ་གསུམ་གྱིས་རྩད་ནས་གཅོད་པ་དང་། ལས་སྒྲིབ་ནི་རྟོགས་པས་འདག་པར་བྱེད་དགོས་པ་གདའ་བས། །འདིར་ཞི་གཅོད་གཉིས་རྒྱུའི་ཐེག་པའི་ལམ་ཇི་ལྟ་བ་དེ་ཟབ་ཡངས་བདེ་མྱུར་གྱི་ལམ་རྡོ་རྗེ་ཐེག་པའི་རིམ་གཉིས་ཟབ་མོས་ཚེ་གཅིག་ལ་སློབ་པ་མིན་པའི་ཟུང་འཇུག་མངོན་དུ་མཛད་པ་ཡིན་ཏེ། །དེ་ལ་དང་པོ་ལམ་ཐུན་མོང་བས་རྒྱུད་སྦྱང་བ་ནས་རིམ་པ་


KMC019_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བར་མ་ནོར་བསྟན་པའི་བླ་མ་ཞིག་བཙལ་ནས་ཉམས་སུ་ལེན་དགོས་པས། །འདིར་རིམ་པ་གཉིས་ཤིན་ཏུ་ཟབ་པའི་རྣལ་འབྱོར་ལྟར་ངོ་སྤྲད་ནས། དེ་ཉིད་བཙན་ཐབས་སུ་བོགས་འདོན་པའི་མན་ངག་བརྟུལ་ཞུགས་ལམ་ལོངས་ཀྱི་སྤྱོད་པ་ལ་འཇུག་པ་ནི། དངོས་གཞི་ནམ་མཁའ་སྒོ་འབྱེད་ལ་བརྟེན་ནས་ངོ་སྤྲོད་པ་སྟེ། །དེ་ལ་གཉིས། དང་པོ་ཆོས་འདི་བསྟན་དུ་རུང་བའི་གང་ཟག་སྣོད་དང་ལྡན་པ་ལ། ནམ་མཁའ་སྒོ་འབྱེད་དང་། བུམ་གསང་ཤེར་ཚིག་སོགས་ཀྱི་དབང་གིས་རྒྱུད་སྣོད་རུང་དུ་བྱས་ཤིང་། །དབང་དེ་ལའང་རྡོ་རྗེ་དབྱིངས་ཕྱུག་ལྷ་བཅུའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་རྫོགས་ངེས་པར་ཐོབ་དགོས་ཤིང་། གཞན་ཡང་བརྒྱུད་པ་འཛིན་ཕྱིར་བཀའ་བརྒྱུད་བླ་མ་བཅུའི་དབང་བཅུ། མདོ་སྔགས་ཟུང་དུ་འཇུག་པའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་བཅུའི་དབང་བཅུ། །བྱིན་རླབས་འཇུག་ཕྱིར་མ་རྒྱུད་མཁའ་འགྲོ་བཅུའི་དབང་བཅུ། །


KMC019_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མྱུར་ཕྱིར་གཏོར་མ་རིན་ཆེན་སྤུངས་པའི་དབང་བཅུ། ལས་ཚོགས་ཐམས་ཅད་ལ་དབང་འབྱོར་ཕྱིར་གསོལ་འདེབས་བཀའི་དབང་མོ་ཆེ་རྣམས་ཐོབ་པར་བྱས་ལ། དབང་དོན་ཇི་ལྟ་བར་ཉམས་སུ་ལེན་པར་བྱ། དབང་མ་ཐོབ་ན། རྡོ་རྗེ་ཐེག་པ་དང་འབྲེལ་བའི་རྒྱུ་མཚན་མེད་པ་དང་། འབྲེལ་ཀྱང་གསང་སྔགས་བླ་མེད་ཀྱི་དབང་བཞི་མ་ཚང་ན། བསྐྱེད་རྫོགས་ཇི་ལྟ་བ་ཉམས་སུ་ལེན་བྱ་མེད་ལ། སྤྱིར་རླུང་སེམས་གནས་ཐབས་ཙམ་ནི་ཕར་ཕྱིན་ཐེག་པ་དང་། བྱ་སྤྱོད་སྐབས་ནས་ཀྱང་འབྱུང་མོད། སྐྱེ་འཆི་བར་དོ་སྐུ་གསུམ་གྱིས་ལམ་དུ་ཁྱེར་ཚུལ་དང་། རླུང་སེམས་དབུ་མར་བསྡུ་བའི་སྐབས་ནི་གསང་སྔགས་བླ་མེད་ཀྱི་ལུགས་ལ་མ་གཏོགས་ཇི་ལྟ་བ་མི་འབྱུང་ཞིང་། དེ་ཡང་སྣང་སྲིད་ཡེ་ནས་རྟེན་དང་བརྟེན་པའི་ལྷ་ཚོགས་སུ་ཤེས་པ་ཕ་རྒྱུད། འཁོར་འདས་ཕུང་ཁམས་དང་བཅས་པ་དབྱིངས་ཟག་མེད་བདེ་བ་ཆེན་པོའི་ལྷ་ཚོགས་སུ་དག་པ་མ་རྒྱུད་དང་


KMC019_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། འདིར་མ་རྒྱུད་བླ་ན་མེད་པ་སྒྱུ་འོད་གཉིས་ལས་འོད་གསལ་གཙོར་སྟོན་གྱི་ལམ་ཡིན་པས། ངེས་པར་མ་རྒྱུད་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ནོད་པ་དང་། རིགས་མཐུན་ཞི་བྱེད་ཀྱི་དབང་རྣམས་རྫོགས་པར་ཐོབ་ན་མཆོག་ཏུ་འགྱུར་ཅིང་། དེས་སྐུ་གསུམ་ལམ་དུ་ཁྱེར་ཅིང་རྟོག་ཚོགས་ལྷ་རུ་དག་པའི་བསྐྱེད་རིམ། རླུང་སེམས་དབུ་མར་བསྡུ་བ། དགའ་བཞི་བདེ་བ་ཆེན་པོའི་དཔེའི་ཡེ་ཤེས་ལམ་དུ་བྱེད་ཚུལ། དོན་གྱི་ཡེ་ཤེས་ནམ་མཁའ་སྒོ་འབྱེད་ཇི་ལྟ་བ་ངོ་སྤྲད་ནས་འབྲས་བུ་མངོན་དུ་བྱེད་པ་ལ་ཁྱད་པར་བརྟུལ་ཞུགས་ལམ་ལོངས་ཀྱི་མྱུར་ལམ་ཟབ་མོའི་གནད་འདི་བསྟན་པར་བྱའོ། །གཉིས་པ་སྣོད་དང་མི་ལྡན་པའི་གང་ཟག་དང་། སྟོང་ཉིད་ཟབ་མོ་བློ་ངོར་མི་ཤོང་བའི་སྐལ་དམན་ལོག་ལྟ་ཅན་ལ་བག་མེད་དུ་བསྟན་ན་ལས་བྱེད་ཀྱི་ཌཱཀྐི་དམ་ཅན་རྒྱ་མཚོ་རྣམས་ཀྱིས་སྲོག་གི་གཤེད་མ་མཛོད་ཅིག །དབང་ལུང་


KMC019_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་སོགས་མ་ཐོབ་པའི་རིགས་རྣམས་ཀྱང་ཆོས་ལ་རང་དབང་གིས་འཇུག་པ་མི་བྱ་བར་བག་དང་ལྡན་པར་བྱའོ། །སྐབས་འདིར་ནམ་མཁའ་སྒོ་འབྱེད་ནས། སྔོན་འགྲོས་སྒྲིབ་པ་བྱང་བའི་རྟགས་རྣམས་བྱུང་བ་དང་། རིག་པ་རྐྱང་དེད་ལ་བརྟེན་ནས་སེམས་འཚོལ་དུ་འཇུག །ཅེས་གསུངས་པས། དེ་ལ་གསུམ། ནམ་མཁའ་སྒོ་འབྱེད་ཀྱིས་ངོ་སྤྲད་པ། དེ་ལྟ་སྒོམ་སྤྱོད་གསུམ་བོགས་འདོན་པའི་ཕྱིར་གཉན་ཁྲོད་འགྲིམས་པ། ཉམས་ལེན་ཕུང་པོ་གཟན་དུ་བསྐྱུར་བ་དང་གསུམ་ལས། དང་པོ་ལ་གཉིས། སློབ་མས་སེམས་བཙལ་ཞིང་བླ་མས་ངོ་སྤྲད་པ་དང་། མན་ངག་གིས་གཏན་ལ་དབབ་པའོ། །དང་པོ་བླ་མས་ཁྱེད་རང་རྣམས་ཀྱི་སེམས་འཚོལ་ལུགས་ནི། སྔོན་ཆད་ཁམས་གསུམ་རིགས་དྲུག་ཏུ་འཁྱམས་ཤིང་བདེ་སྡུག་སྣ་ཚོགས་མྱོང་བ་འདི་གང་གིས་ལན་ན། རང་ངོ་མ་ཤེས་པར་འཁྲུལ་པས་ལན་པ་ཡིན། དེ་རྩད་བཅད་དགོས་པས། ང་དང་བདག་ཞེས་པ་གྱ་གྱུ།


KMC019_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲ་སྤྲོ། ཐལ་ཐོལ། མི་དྲན་དགུ་དྲན་གྱི་རྣམ་རྟོག་སྣ་ཚོགས་སུ་ཤར་བའི་མཁན་པོ་དེ་རྩད་ཆོད་ཅིག །སེམས་རང་ལ་ཡོད་པ་འདི་རང་གིས་རྩ་བརྡར་མ་ཆོད་ན། སྒོམ་སྐྱེར་མི་ནུས། བླ་མ་མཁས། ཆོས་བཟང་། གདམས་ངག་ཟབ་ཀྱང་ངོ་སྤྲོད་མི་ཤེས་པས། ཆོས་སྤྱིའི་གོ་བ་དང་ཤེས་རབ་ཆེ་བ། རིག་པའི་རྣམ་གྲངས་མང་ཞིང་། ཚད་མས་གཞལ་བ་དང་རྗེས་དཔག་གཏན་ཚིགས་སོགས་ཀྱིས་དོན་འདི་ཇི་ལྟ་བ་མི་རྟོགས་ཏེ། དགོངས་པ་འགྲེལ་པའི་མདོ་ལས། དོན་དམ་འཇིག་རྟེན་ལས་འདས་བརྟགས་པའང་། །རྗེས་སུ་དཔག་དང་རྩོད་པས་རྟོགས་མི་ནུས། །རྟོག་གེ་ལས་འདས་མཆོག་ཏུ་ཕྲ་ཞིང་ཟབ། །སོ་སོར་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་དང་། དུས་ཀྱི་འཁོར་ལོར། མེད་དགག་སྟོང་པ་ཉིད་ནི་བེམ་


KMC019_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དུ་གསུངས་པ་དང་། གདམས་ངག་འབོགས་པའི་མདོ་ལས། ཤཱ་རིའི་བུས་གསོལ་བ། དགེ་སློང་རྣམས་ཀྱིས་གདམས་ངག་ཇི་ལྟར་ཞུ་ཞིང་ནན་ཏན་དུ་བགྱི། བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་མཚན་མ་དང་བཅས་པའི་ཐ་སྙད་གཅིག་ལ་གཅིག་བཏགས་ནས་སྤེལ་བ་བྱེད་པ་དེ་རྣམས་ནི་བྱིས་པ་རྣམས་བསླུ་ཞིང་བྲིད་པར་བྱེད་པ་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་ཅིང་རང་བཞིན་གྱི་འོད་གསལ་བ་དོན་དམ་པའི་གདམས་པ་སྟེ། དེ་ལྟར་ཞུ་ཞིང་ནན་ཏན་དུ་བྱའོ། །ཞེས་དང་། ལང་ཀར་གཤེགས་པ་ལས། ཚིག་དང་ཡི་གེའི་ཚོགས་རྣམས་དང་། །དམིགས་པའི་རྣམ་པས་བྱེ་བྲག་ཏུ། །གླང་པོ་ཆེན་པོ་རྫབ་སོང་བཞིན། །མ་རབ་སྒྱུ་མ་འཆད་ལ་དད། །ཡང་དག་ཤེས་རབ་མི་ཐོབ་བོ། །ཞེས་གསུངས་པས། ངེས་པར་བླ་མས་ངོ་སྤྲད། སློབ་མས་ཉམས་སུ་མྱོང་དགོས་པས་དེ་ལ་དང་པོ་བླ་མ་ལ་མོས་གུས་དྲག་པོ་ཞིག་བྱེད། དེ་ནས་སེམས་ཅན་ཐམས་


KMC019_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པར་བྱ་སྙམ་པའི་སེམས་བསྐྱེད། དེ་ནས་རྟེན་འབྲེལ་ལུས་ལ་བསྒྲིག་པས་རྟོགས་པ་སེམས་ལ་འཆར། ཞེས་གསུངས་པ་ལྟར་ལུས་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་འགགས། དེ་བཞིན་དུ་མཉམ་གཞག་གིས་མེ་མཉམ་གྱི་རླུང་། སྒལ་ཚིག་བསྲངས་བ་དང་། དངས་ཁ་འབྱེད་པ་གཉིས་ཀྱིས་ཁྱབ་བྱེད་ཀྱི་རླུང་། མགྲིན་པ་གུག་པས་གྱེན་རྒྱུའི་རླུང་ལྕེ་ཡར་རྐན་སྦྱར་བ་དང་ལྟ་སྟངས་གཉིས་ཀྱིས་སྲོག་འཛིན་གྱི་རླུང་དང་བཅས་ལྔ་པོ་དབུ་མར་ཚུད་པས། ལས་རླུང་ཐམས་ཅད་དབུ་མར་ཚུད་ནས་མི་རྟོག་པའི་ཡེ་ཤེས་འཆར་བར་འགྱུར། མིག་མི་འགུལ་བ་བར་སྣང་ལ་ཧ་རེ་བ་བལྟ་བ་དང་བདུན་ལ་རྣམ་སྣང་གི་ཆོས་བདུན་ཟེར་ཏེ། མངོན་བྱང་ལས། ལུས་བསྲང་རྡོ་རྗེའི་སྐྱིལ་ཀྲུང་བྱ། །ཡིད་ནི་རྩེ་གཅིག་ཕྱག་རྒྱ་ཆེ། །ཞེས་པའི་དོན་ནོ། །ངག་རླུང་རོ་དོར་ནས་སྨྲ་བརྗོད་སྤོང་ཞིང་


KMC019_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འདི་ཡར་སྤྱི་གཙུག་ནས་རྐང་པའི་སེན་མོ་ཡན་ཆད་ཤ་ལྤགས་རུས་གསུམ་དོན་སྣོད་སོགས་གང་ལ་གནས་བལྟ་བ་དང་གཅིག །གནས་པའི་ངེས་པ་འདུག་ན། དབྱིབས་གྲུ་བཞི་སོགས་ཅི་འདྲ་འདུག་བལྟ་བ་དང་གཉིས། གཟུགས་སུ་གྲུབ་པ་འདུག་ན་བདེ་སྡུག་སྣ་ཚོགས་ཀྱི་རྟོག་པ་འཆར་མཁན་འདི་ལ་དཀར་པོ་སོགས་ཁ་དོག་སྣ་ཚོགས་ཅི་འདྲ་འདུག་བལྟ་བ་དང་གསུམ་སྟེ། དེ་ཡང་རང་གི་སེམས་ལ་ཡར་བལྟ་མར་བལྟ་གྱིས། ཕུ་དེད་མདའ་དེད་རིག་པ་རྐྱང་དེད་གྱིས་ལ་ལྟོས་ཞེས་སྨྲས་ལ། ཐག་མ་ཆོད་ཀྱི་བར་དུ་སེམས་འཚོལ་ཁོ་ན་ལ་འབད་པར་བྱའོ། །ཐུན་མཚམས་སུ་བསྔོ་སྨོན་བྱ། ཡང་མེ་ལ་སྲེག་རྒྱུ་དང་། ཆུར་སྦང་རྒྱུ། རྣོན་པོའི་མཚོན་གྱིས་གཏུབ་པ། འབིགས་པ་སོགས་ཡོད་མེད་བརྟགས་དེ་ལྟར་མེ་ཆུ་མཚོན་སོགས་ཀྱིས་འཇིག་རྒྱུ་ཡོད་ན་དངོས་པོ་ཡོད་དགོས་པས། མི་འམ་སྲོག་ཆགས་གཞན་དག་དང་། རི་བྲག་རྩི་ཤིང་འབྲུ་རིགས་


KMC019_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་སོགས་ཀྱི་དབྱིབས་དང་ཁ་དོག་ལྟ་བུ་འདུག་གམ། མི་འདུག་པ་བརྟགས། འཇིག་རྒྱུ་མེད་པའི་སྟོང་པ་ཡིན་སྙམ་ན་ནམ་མཁའ་འམ། སྣོད་སྟོང་སོགས་གང་འདྲ་འདུག །ཡང་ལུས་འདི་སེམས་ཡིན་ནམ། སེམས་འདི་ལུས་ཡིན་ནམ། ཡང་ན་གཉིས་ཀ་གཉིས་སུ་མེད་པའམ། ཡང་ན་མིའི་ཁོག་ཏུ་མི་སྡད་པ་ལྟ་བུ་འདུག་གམ། ཅི་འདྲ་ཞིག་འདུག་ཞིབ་ཏུ་དཔྱོད། ཡང་སྟོང་པ་ནམ་མཁའ་ལྟ་བུའོ་སྙམ་ན་མི་རུང་སྟེ། ནམ་མཁའ་བེམ་སྟོང་ཡིན་ལ། སེམས་ལ་རྟོག་པ་ཡོད། ཡང་བཟའ་བཏུང་དང་གྲང་དྲོ་ལ་སོགས་གཟུགས་སྒྲ་དྲི་རོ་རེག་བྱ་འདི་དག་སུས་མྱོང་། སུས་ཟ། སེམས་ཀྱིས་ཟ་ན་གཟུགས་ཡོད་དགོས། ལུས་ཀྱིས་ཟ་ན་ཤི་ནས་རོས་ཀྱང་ཟ་དགོས་པས། དེ་ལ་སོགས་སྣ་ཚོགས་པའི་སྒོ་ནས་བརྟག་དཔྱད་མང་དུ་བྱ། ཡང་ཞེ་སྡོང་ཅན་དགྲ་ལ་བརྟེན་ནས་སེམས་བཙལ་བ་ནི། གནོད་པའི་དགྲ་ལ་ཞེ་སྡོང་སྐྱེས་པའི་སེམས་དེ་དང་པོ་གང་ནས་


KMC019_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། བར་དུ་གང་ན་གནས། ཐ་མ་གར་འགྲོ་ལྟོས། ཞེ་སྡང་གི་ངོ་བོ་དེ་ལ་གཟུགས་དང་ཁ་དོག་ཇི་ལྟར་འདུག་ཚོལ། མ་རྙེད་ན་ཞེ་སྡང་གི་དངོས་པོ་ཞིག་འདུག་གམ་མི་འདུག་ལྟོས། དགྲ་བོས་ལུས་ལ་གནོད་དམ། སེམས་ལ་གནོད། ལུས་ལ་གནོད་ན་ལུས་ནི་སྔ་ཕྱི་མ་གཏོགས་འཇིག་རྒྱུ་ཡིན་པས། འཇིག་པའི་ཚེ་ལུས་བེམ་པོ་ས་རྡོ་དང་ཁྱད་པར་མེད་པས་དེ་ལ་ཅི་གནོད། གནོད་ན་ལུས་མེར་བསྲེག་ཆུར་བསྐྱུར་དུར་ཁྲོད་དུ་བཤའ་གཏུབ་བྱེད་པ་དེ་ཡང་དགྲ་ཡིན། སེམས་ལ་གནོད་ན་གནོད་སའི་སེམས་དེ་ཅི་འདྲ་ཞིག་འདུག སེམས་དེས་མགོའམ། རྐང་ལག་གམ། སྐྱེ་མཆེད་དབང་པོ་སོགས་གང་ལ་གནོད། དེ་དག་མེད་ན་དགྲར་བཟུང་མཁན་དེ་ཅི་འདྲ་ཞིག་འདུག་ལྟོས་ལ་དཔྱོད། ཡང་གདུང་སེམས་ཅན་གཉེན་ལ་བརྟེན་ནས་བྱུང་གནས་འགྲོ་གསུམ་སོགས་གོང་ལྟར་རྩད་ཆོད། ཡང་འདོད་པ་ཅན་ནོར་ལ་བརྟེན་ནས་ནོར་དང་ལོངས་སྤྱོད་ལ་ཆགས་


KMC019_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སེར་སྣ་སྐྱེས་པའི་སེམས་དེ་བྱུང་གནས་འགྲོ་གསུམ་བརྟག་དཔྱད་བྱ། དེ་ནས་སྐྱོབས་པར་བྱེད་པའི་ལྷ་དང་། གནོད་པར་བྱེད་པའི་འདྲེ་གཉིས་ངོ་བོ་གྲུབ་དང་མ་གྲུབ་བརྟགས། བདེ་བ་དང་སྡུག་བསྔལ་བའི་རོ་མྱོང་མཁན་དེ་ལ་བརྟགས། བདེ་སྡུག་གི་ངོ་བོ་ལ་དཔྱད། ང་དང་བདག་ཏུ་འཛིན་མཁན་དེ་གང་ནས་བྱུང་ཐག་ཆོད་པར་བྱའོ། །དེ་ནས་བླ་མས་ཇི་ལྟར་འདུག་བྲིས་པས། ཁོ་ན་རེ། གཟུགས་ཁ་དོག་འདི་ལྟ་བུ་འདུག་ཅེས་པའི་དངོས་པོ་ཅན་དང་། ཉམས་སྣང་དང་། འཁྲུལ་སྣང་དང་། འོལ་ཚོད་དང་། རྨི་ལམ་ལ་སོགས་པའི་མཚན་མ་ཅན་ནམ། དངོས་འཛིན་ལ་སོགས་པའི་བདེན་ཞེན་ཨ་འཐས་པ་བཤད་དུ་བྱུང་ན་ངོ་མ་ཤེས་ཤིང་འཁྲིག་མ་ཚུད་པ་ཡིན་པས་ད་དུང་སྐྱར་ནས་རྩད་བཅད། མ་རྙེད་ཟེར་ན་མ་རྙེད་པ་དེ་ཡེ་ནས་མེད་པ་ཞིག་གམ། ཡོད་ཀྱང་ཡོད་པ་འདྲ་སྟེ་མ་རྙེད་པ་ཡིན་ནམ་ཟེར་ན་ད་དུང་སྐྱར་ནས་འདྲི། ཡང་


KMC019_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་དང་ཁ་དོག་བྱུང་གནས་འགྲོ་ས་སོགས་མི་འདུག་སྟེ། ངོས་བཟུང་དུ་མེད་པ་ཞིག་གམ། གསལ་སིང་ངེ་བའམ། སྟོང་ཕྱལ་ལེ་བ་ཞིག་གམ། ལྷན་ནེར་གནས་པ་སོགས་ཟེར་ན་ད་དུང་འཁྲིག་མ་ཚུད་པས་སྐྱར་དུ་བལྟ། ཡང་གསལ་སྟོང་ལྟ་བུ་ངོས་བཟུང་མེད་ཅིང་བརྗོད་མི་ཤེས་པའི་མྱོང་རྒྱུ་ཡོད་པ་ཞིག་འདུག་ཟེར་ན། དཔེ་དང་རྣ་ཐོས་དང་། འོལ་ཚོད་དང་། གཞན་གྱིས་བསླབ་པ་ལྟ་བུ་ཡིན་པས། བློ་འཁྱོག་པོས་ཡང་ཡང་དུ་དྲིས་ན་བརྟན་མི་ཁེལ་ཞིང་མི་རྟག །ཉམས་མྱོང་ཡིན་ན་ཚིག་ལམ་དུ་མི་མཚུངས་ཀྱང་གོ་དོན་གཅིག་ནས་འོང་། རེས་འགའ་བློ་རིག་གསལ་བས་མྱང་བ་མིན་ཡང་སྨྲ་མཁས་པ་དང་། རེས་འགས་མྱོང་བ་ཡིན་ཡང་ཚིག་ལམ་དུ་མི་འགྲིགས་པ་ལྟ་བུ་འབྱུང་བས་ལེགས་པར་བརྟགས། ཡང་སེམས་འཚོལ་མཁན་དང་འཚོལ་རྒྱུ་གཉིས་དོན་གཅིག་གམ་ཐ་དད། གཅིག་ན་དབྱིབས་སོགས་ལ་ཡང་དང་ཡང་དུ་དཔྱད་པར་བྱ། ཐ་དད་


KMC019_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ན་སེམས་གཉིས་ཡོད་དགོས་པས་ལེགས་པར་དཔྱོད། དཔྱད་པས་སྟོང་གསལ་ལྟ་བུ་འདུག་ཟེར་ན། འོ་ན་གཅིག་དང་ཐ་དད་བརྟག་མཁན་གྱི་རྣམ་རྟོག་དེ་འགགས་པའམ། མེད་ནས་སྟོང་གསལ་དུ་འདུག །དེ་བཞིན་དུ་སྟོང་པ་ནི་མི་སྲིད་ཟེར་ནས་དགགས། འདི་ཞེས་ཁས་ལེན་ཐམས་ཅད་དང་བྲལ་བ། འཆར་སྒོ་མ་འགགས་པ། ངོས་བཟུང་དུ་མེད་པ། བརྗོད་མི་ཤེས་པ་ལྟ་བུ་ཞིག་འདུག་ཟེར་ན་མྱོང་བ་སྐྱེས་པ་ཡིན་པས་ཡིད་ཆེས་བསྐྱེད་པ་ནི། འོ་ཁྱོད་ཀྱིས་བལྟས་པས་མ་མཐོང་། བཙལ་བས་མ་རྙེད། བཟུང་བས་མ་ཟིན་པ་དེ་ཀའི་ངང་ལ་ཅི་ཡང་མི་སེམས་མི་རྟོག །བཅའ་བཅོས་གང་ཡང་མི་བྱེད་པར་ལྷོད་དེ་ཞོག་ཅིག །དེ་ཁོ་ན་ཉིད་མཐོང་བ་ནི་མ་མཐོང་བའི་ཆོས་མཐོང་བ་སྟེ། མ་ཅིག་གིས། མ་མཐོང་བ་ནི་ཆོས་མཐོང་ཡིན། །ཞེས་དང་། ཨཱ་རྱ་དེ་ཝས། སེམས་ལ་བྱུང་ས་གནས་ས་དང་། །འགྲོ་ས་གྲུབ་པ་རྡུལ་ཙམ་མེད། །ཅེས་གསུངས་པས།


KMC019_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་ལུགས་ལ་དེ་ལྟ་ནའང་ཆོས་ལུགས་གཞན་ནས་མ་ཡིན་སྙམ་ན་བྱམས་པས་ཞུས་པའི་མདོ་ལས། བྱམས་པས་གསོལ་པ། ནང་གི་སེམས་ཇི་ལྟར་བལྟ་བ་བགྱི། བཀའ་སྩལ་པ། སེམས་ནི་དབྱིབས་མེད་པ། ཁ་དོག་མེད་པ་གནས་མེད་པ་ནམ་མཁའ་ལྟ་བུའོ། །ཞེས་དང་། ཡང་དུག་གསུམ་པོའི་རང་བཞིན་བདེན་གྲུབ་བོ། །ངས་མ་རྟོགས་སོ་སྙམ་ན་མ་ཡིན་ཏེ། དཀོན་བརྩེགས་འོད་སྲུངས་ཀྱི་ལེའུར། འདི་ལྟར་དུ་སེམས་ཡོངས་སུ་འཚོལ་ཏེ། འདོད་ཆགས་པར་གྱུར་པ་དང་། ཞེ་སྡང་བར་གྱུར་པ་དང་། གཏི་མུག་པར་གྱུར་པའི་ཆོས་དེ་གང་ཡིན། ཅི་འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བ་ཞིག་ཡིན་ནམ། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བ་གང་ཡིན་པ་དེ་ནི་གནས་མེད་དོ། །འོད་སྲུངས་སེམས་འདི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་ན་


KMC019_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་ཅིང་མི་དམིགས་སོ། །ཞེས་དང་། རྒྱུད་ལས་ཀྱང་། མ་བསྒོམ་པ་ཉིད་བསྒོམ་པའི་མཆོག །རང་སེམས་རང་གིས་མཐོང་གྱུར་ན། དངོས་དང་མཚན་མ་ག་ལ་མཐོང་། མ་མཐོང་བ་ཉིད་མཐོང་བའི་མཆོག །ཅེས་དང་། བདག་མེད་མས་ཞུས་པའི་མདོ་ལས། རིང་བ་མ་ཡིན་ཐུང་བ་མིན། །ཟླུམ་པོ་མ་ཡིན་གྲུ་བཞི་མིན། །ཕྲ་བ་མ་ཡིན་སྦོམ་པ་མིན། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །ཞེས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་དགོངས་པའོ། །ཀོའུ་ཤི་ཀའི་མདོ་ལས། འགག་པ་མེད་ཅིང་སྐྱེ་མེད་པ། །ཆད་པ་མེད་ཅིང་རྟག་མེད་པ། །ཐ་དད་དུ་མིན་གཅིག་པ་མིན། །འོང་བ་མེད་ཅིང་འགྲོ་བ་མེད། །ཅེས་དང་། ཨཱརྱ་དེ་ཝས། ཆོས་ཉིད་སྟོང་པའི་དོན་རྟོགས་ན། །རྟགས་སམ་འབྲས་བུ་ཕྱི་རོལ་ཏུ། །སྒོ་ལྔའི་ཡུལ་དུ་གཟུགས་དང་སྒྲ། །དྲི་རོ་རེག་བྱ་མ་ལུས་པ། །སྟོང་པ་ཉིད་དུ་རབ་གསལ་ཏེ། །ཞེས་ཕྱི་དང་། ནང་དུའང་དེ་ཉིད་ལས། ནང་དུ་ཉོན་


KMC019_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་དང་། གཟུང་འཛིན་ཕྲ་མོ་སྐྱེས་གྱུར་ཀྱང་། །གཉིས་མེད་རང་གྲོལ་རྩིས་ལས་འདས། །ཞེས་དང་། བཀའ་ཚོམས་ལས། གཟུགས་ནི་གཟུགས་ཀྱི་ངོ་བོས་སྟོང་། །གཟུགས་ལ་མ་ཆགས་སྟོང་མ་བསྒོམ། །ཞེས་དང་། ཤེར་སྙིང་ལས། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ་ཡང་དག་པར་རྗེས་སུ་བལྟའོ། །ཞེས་འདི་ལྟར་བསྟན་དུ་མེད་པ་ནི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་བལྟས་པས་མ་མཐོང་། བཙལ་བས་མ་རྙེད། བཟུང་བས་མ་ཟིན་པ་དེ་ཀའི་ངང་དུ་ཅི་ཡང་མི་སེམས། ཅི་ཡང་མི་རྟོག །བཅའ་བཅོས་གང་ཡང་མི་བྱེད་པར་ལྷོད་དེ་ཞོགས། མ་ཡེངས་པར་གང་ཤར་གྱི་སྟེང་དུ་རྗེན་གྱིས་ཞོགས། རྣམ་རྟོག་ལ་སྤངས་བླང་མེད་པའི་ཧར་སོང་། ཡེངས་སུ་སྐད་ཅིག་ཀྱང་མེད་པའི་རང་བྱུང་དུ་བཞག་སྟེ། དམ་པས། ཅི་ཡང་ཡིད་ལ་མི་བྱེད་ན། །ཧད་དེ་སལ་ལེ་ངོས་བཟུང་མེད། །ལྷུན་གྲུབ་ངོས་བཟུང་མེད་པར་བཞག །ཅེས་དང་། བཀའ་


KMC019_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམས་ལས། བཅོས་སླད་མི་བྱ་རྒྱལ་བའི་བཀའ། །བཅོས་ན་འཆོས་བྱེད་བདུད་ཡིན་པས། །ངེས་པར་རང་སར་བཞག་བྱ་ཡིན། །སྐྱེས་བུ་ནད་ཀྱིས་ཟིན་པ་བཞིན། །ཚོགས་དྲུག་ལྷུག་པའི་ངང་ལ་བཞག །ཅེས་དང་། ཡང་དེ་ཉིད་ལས། གཟུགས་དང་ཚོར་བ་འདུ་ཤེས་སོགས། །ངེས་པར་ཡིད་ལ་མ་བྱས་ན། །ཁམས་གསུམ་གནས་ལས་གྲོལ་བར་འགྱུར། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་གསུངས་པ་ལྟར་ཡིད་ལ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་རྟོག་ཚོགས་གང་ཤར་ཡང་སྤང་བླང་མེད་པར་ཤིག་གེར་བཞག་གོ །མ་བཅོས་ན་རང་གྲོལ་དུ་བསྟན་པ་ནི། ལེའུ་ལག་ལས། དེ་བས་རྒྱུ་དང་རྐྱེན་བྲལ་བས། རང་སེམས་རང་བཞིན་སྟོང་པ་ལ། །བཅས་བཅོས་མ་བྱེད་རང་སར་ཞོག །རང་གྲོལ་བདེ་བ་ཆེན་པོ་ཡིན། །ཞེས་དང་། དེ་ལྟར་བཞག་པས་གཉིས་འཛིན་རེ་དོགས་དང་བྲལ་ཏེ་རིག་པ་རྟེན་མེད་རྩེ་ཅིག་ཏུ་སལ་ལེར་གནས་པ་


KMC019_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་གནས། དེའི་ངང་ནས་ལུས་སེམས་ལ་བདེ་ཉམས། རྟོག་པ་སྤྲོས་ཀྱང་མི་འཕྲོ་བ་གནས་པ་མི་རྟོག་པའི་ཉམས། ཡུལ་ལ་གསལ་ཞིང་འགག་མེད་དུ་འཆར་བ་སོགས་བདེ་གསལ་མི་རྟོག་གསུམ་གྱི་ཉམས་འཆར་བ་དེ་དག་ལ་མི་ཞེན་པར་རང་བབ་ཏུ་སྐྱོངས། མཉམ་གཞག་གི་ངོ་བོ་ལ་བལྟས་པས་སེམས་ཀྱི་རང་བཞིན་སྟོང་པ། མཚན་ཉིད་གསལ་བ། གསལ་སྟོང་སྤྲོས་བྲལ་ཁས་ལེན་ཐམས་ཅད་དང་བྲལ་བ་ལྟ་བ། མ་ཡེངས་པ་སྒོམ་པ། བཅའ་བཅོས་བླང་དོར་བྲལ་བ་སྤྱོད་པ། དེ་མངོན་ཏུ་གྱུར་པ་ལ་འབྲས་བུ་ཟེར། རྒྱུན་རིང་བསྒོམ་པས་རྣམ་རྟོག་ཇེ་མང་དུ་སོང་ནས་བག་མི་ཕེབ་ཅིང་བསྒོམ་མི་བདེ་བ་ལྟ་བུ་འབྱུང་བས། དེའི་སྐབས་སུ་རྣམ་རྟོག་ངོས་ཟིན་ན་རྐུན་མ་ལག་ཏུ་ཚུད་པ་དང་འདྲ་བས་སྐྱོན་མེད། ཉམས་དང་པོ་རི་གཟར་ཆུ་འབབ་འདྲ་ཟེར་བ་དེ་ཡིན། ཡང་སྐབས་རེར་གནས་པ་དེའི་ངང་ནས་རྣམ་རྟོག་སྐྱེ་བ་དང་མི་སྐྱེ་བ་སོགས་ངོས་ཟུངས། དེ་


KMC019_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སེམས་གནས་པ་འདོད་ཚེ་རྣམ་རྟོག་ངོས་བཟུང་བ་ཡིན་མ་གཏོགས་དུས་རྒྱུན་ཆགས་སུ་རྣམ་རྟོག་ལ་མང་ཉུང་མེད། ཆུའི་གཉེར་མ་དང་འདྲ། སྔ་མ་ཡལ་ནས་ཕྱི་མ་སྐྱེ་བ་མཚན་ཉིད་ཡིན། དེས་ན་ཁོ་རང་གང་བྱེད་བྱེད་དུ་འཇུག །རྗེས་མི་སྙེགས་སྔོན་མི་དགག་པ་བྱས་ན་མི་འཕྲོ་ཞིང་རྩེ་གཅིག་ཏུ་གནས་སོ། །ཡང་རྣམ་རྟོག་འགྱུ་བ་མང་དུ་སོང་ན་སྔར་ལྟར་བསྐྱུར་བས་ཡུན་རིང་དུ་གནས་པ་འོངས། གནས་པ་ཆུ་ཀླུང་དལ་བ་ལྟ་བ་ཡིན་གསུངས། དེ་ལྟར་རང་བབས་སུ་མ་བཞག་པར་སྔོན་དུ་སེམས་འཚོལ་སྐབས་དཔྱད་པ་ལྟ་བུ་བྱས་ན་སེམས་དཀྲུགས་ནས་གནས་པའི་སྐབས་མི་རྙེད་པ་ཡིན། སེམས་མ་བཅོས་ན་བདེ། ཆུ་མ་རྙོགས་ན་དྭངས་གསུངས་པས། མ་བཅོས་སོ་མ་ལྷུག་པར་བཞག་ན་རྟོགས་པ་ངང་གིས་འཆར། དེ་རྒྱུན་ཆད་མེད་པ་རང་དབང་མ་ཐོབ་བར་དུ་རྣམ་གཡེང་འདུ་འཛིའི་དབང་དུ་མི་བཏང་བར་བསྐྱང་ན་སྒོམ་མི་སྐྱེ་བའི་


KMC019_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་མི་དགོས། སེམས་གཅུན་ནས་བསྒོམས་དྲག་ན་རྣམ་རྟོག་མི་ནོན་ཞིང་འཕྲོ། ལྷོད་ན་རང་བབས་སུ་གནས་འགྲོ་བ་སྟེ། མཆོག་གི་གྲུབ་ཐོབ་ས་ར་ཧའི་ཞལ་སྔ་ནས། བཅིངས་པར་གྱུར་ན་ཕྱོགས་བཅུར་འགྲོ་བ་རྩོམ། །ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་ལྡོག་རྔ་མོང་ལྟ་བུར་བདག་གིས་རྟོགས། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་སྒོམ་གསར་རྣམས་ཀྱིས་རྣམ་རྟོག་སྐྱེས་པ་དང་དཔྱད་ནས་བསྒྲིམ། སྐབས་སུ་གང་ཤར་ལ་བཟོ་མི་འཆེས་པར་གློད་ཀྱང་དམ་པས། མཐའ་བྲལ་གློད་པ་སྒོམ་པའི་ངང་། །བསྒྲིམས་ཀྱིས་བསྒྲིམ་ལ་ལྷོད་ཀྱིས་གློད། །ཅེས་དང་། མ་ཅིག་གིས། བསྒྲིམས་ཀྱིས་བསྒྲིམ་ལ་ལྷོད་ཀྱིས་གློད། །སྒོམ་པའི་གནད་གཅིག་དེ་ན་ཡོད། །ཅེས་སོ། །ཡང་སྐབས་རེར་ཡུན་རིང་དུ་བརྗེད་པ་དང་དེ་མ་ཐག་དྲན་པ་སླེབ་ནས། སྔར་ལྟར་རང་བབས་སུ་སོག་ཕོན་བཅིང་ཐག་བཅད་པ་ལྟར་འབོལ་ལེ་བཞག་པ་ལས་དྲན་འཛིན་


KMC019_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མི་རིགས་སོ། །དེ་ལྟར་དྲན་ཤེས་ཀྱིས་བསྐྱངས་ཚེ་སྟོང་ཉམས་བདེ་ཉམས་མི་རྟོག་པ་དང་བཅས་པའི་ལུས་མི་ཚོར་བ་སྟོང་པ་དང་། རི་བྲག་ཟང་ཐལ། དུ་བ་སོགས་ཉམས་ཀྱི་སྣང་བ་ཅི་འཆར་ཡང་རེ་དོགས་གང་ཡང་མི་བྱ། འཆར་མ་འཆར་གང་འཐད་འཐད་དུ་བཞག་གོ །ཡང་རྣམ་རྟོག་སྐྱེས་པ་དང་ངོ་ཤེས་པ་མཉམ་དུ་འོང་ནས་སྤང་བྱ་རྣམ་རྟོག་དང་། སྤོང་བྱེད་དྲན་པ་གཉིས་སྟག་གཟིག་གདོང་འཕྲད་པ་ལྟ་བུ་མང་པོ་འཕྲོ་མི་ཐུབ་པས། གཉེན་པོའི་རྩོལ་སྒྲུབ་མི་དགོས་པར་སོ་སོ་རང་མལ་དུ་ཞི་ནས་དགག་སྒྲུབ་མེད་པ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་འབྱུང་། འདིའི་སྐབས་སུ་གནས་ཐོག་ནས་འགྱུ་བ་ཤེས། འགྱུ་ཐོག་ནས་རང་ས་ཟིན་པའི་གནས་འགྱུ་གཉིས་རྩེ་གཅིག་པའི་དུས་ཡིན། གནས་འགྱུ་ངོ་ཤེས་མཁན་དེ་ལ་ལས་རང་རིག་ཟེར། ལ་ལས་སོ་སོར་རྟོག་པའི་ཤེས་རབ་ཟེར། ལ་ལས་ནི་ཡིད་བྱེད་ཡིན་ཟེར་རོ། །ལ་ལས་ནི་ཡིད་


KMC019_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡིན་ཟེར་རོ། །ལར་ཞི་ལྷག་སོ་སོར་བསྒོམ་ན་ཞི་གནས་ལ་བྱིང་རྒོད་ངོས་བཟུང་བ་སེམས་གནས་དགུའི་སྒོ་ནས་བསྒྲུབ་པ། རླུང་མེད་དུ་བསྒྲུབ་པ། རླུང་ཅན་དུ་བསྒྲུབ་པ་སོགས་དུ་མ་ཡོད་ཀྱང་། འདི་ནི་རླུང་མེད་ཞི་ལྷག་སོ་སོར་མི་ཕྱེ་བ་ཟུང་འབྲེལ་དུ་བྱེད་པའི་ལུགས་ཡིན་ཏེ། སྟོང་ཐོག་ཏུ་ཁྲིད་པའི་མན་ངག་གི་གནད་གཅོད་ཀྱི་ལུགས་ཐུན་མོང་མ་ཡིན་པ་ཤེས་པར་བྱའོ། །གཞན་གྱིས་ནི་སྣང་ཐོག་ཏུ་ཁྲིད་པའི་ལུགས་སོ། །དེས་ན་ཞི་གནས་ཞེས་པ་སེམས་རྩེ་གཅིག་ཏུ་དམིགས་རྟེན་ཡོད་མེད་གང་ལའང་འགྱུ་དྲན་དང་བྲལ་ཞིང་དངས་སེང་ངེ་རང་གསལ་ལྷག་གེ་བ་དེ་ཡིན། དྲན་མེད་སྒོ་ལྔ་འགགས་པ་ལྟ་བུ་ནི་མ་ཡིན། ལྷག་མཐོང་བྱ་བ་ནི་གསལ་སྟོང་རང་ངོ་ཤེས་པའི་ངང་ནས་གནས་རུང་འགྱུ་རུང་འཛིན་མེད་དུ་གནས་པ་དེ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བྱང་ཆུབ་སེམས་དཔའི་ཞི་གནས་ནི་ཡང་དག་པའི་བསམ་གཏན་ཏེ། ཞི་བའི་འདུ་


KMC019_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ་ཡང་དག་པ་མི་གནས་སོ། །ལྷག་མཐོང་ནི་ལྟ་བ་མཐོང་བ་སྟེ། ལྟ་བ་རང་ཡང་མི་མཐོང་ངོ་། །གང་གི་དེ་ལྟར་མཐོང་བ་དེས་ཡང་དག་པ་མཐོང་བའོ། །ཞེས་སོ། །ཡང་བྱིང་རྒོད་བསལ་བ་དང་། གནས་འགྱུར་ལ་བརྟག་དཔྱད་མང་པོ་རང་ངོ་འཕྲོད་ནས་མི་བྱ་སྟེ། མ་ཅིག་གིས། བྱིང་ན་ཆོས་སྐུའི་བཞུགས་ཚུལ་ཡིན། རྒོད་ན་རིག་པའི་རང་མདངས་ཡིན། །ཞེས་གསུངས་པས། ཤིན་ཏུ་རྒོད་པ་ནི་ཤེས་རབ་ཀྱི་རྩལ་འབར་བ་ཡིན་པས་མི་འགོགས་གསུངས། རྗེ་བཙུན་ཆེན་པོ་མི་ལས། སྒོམ་པ་ཡིན་པར་ངེས་སོ་བྱིང་རྒོད་སྐྱོན་མ་སེལ། །སྒོམ་པ་བྱིང་རྒོད་སྐྱོན་ནི་བསལ་བ་ན། །ཉིན་པར་སྒྲོན་མེ་སྦར་བ་འདྲའོ་ཨང་གི་ལྷ་རྗེ་སྟོན་པ་བ། །ཞེས་དྭགས་པོ་ཟླ་འོད་གཞོན་ནུ་ལ་གདམས་སོ། །དེ་བཞིན་དུ་གཟུགས་ཚོར་སོགས་ཕུང་པོ་ལྔའི་རྟོག་པ་ཡང་སྤང་བླང་མི་དགོས། སྣང་བ་གང་ཤར་རང་གྲོལ་བྱ་བ་སྟེ། ཤེར་སྙིང་ལས། གཟུགས་སྟོང་པའོ་


KMC019_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་། ཡུམ་ལས། ཀོའུ་ཤིཀ་འདི་ལྟར་གཟུགས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་མི་བྱ། གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ལས་གུད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས། སྤང་གཉེན་གྱི་དགྲ་སྡང་བར་མི་བྱའོ། །མདོར་བསྡུ་ན་རྣམ་རྟོག་རང་ངོ་ཤེས་པ་ཙམ་གྱིས་སྤང་གཉེན་གཉིས་སུ་མེད་པ་དབྱེར་མེད་དུ་ཤེས་པ་གལ་ཆེ། ངོ་ཤེས་མཁན་དེ་ཡང་སྐྱེ་མེད་དུ་ཤེས་དགོས་པ་ཉིད་དོ། །འདི་དག་ནི་ཟབ་དོན་ངོ་སྤྲོད་རྩ་བ་ནས་བསྒྲིམ་པ་ལ་ངོས་བཟུང་བ། གཤིས་གློད་པ་ལ་ངོ་སྤྲད་པ། གཤིས་ལ་ཟླ་བ་དང་གསུམ་གསུངས་འདུག་པས་སྒྲིམ་ལྷོད་སྤེལ་མའི་གནད་རྣམས་བསྟན་པ་ཡིན་ནོ། །གཉིས་པ་ལ་བཟླ་བ་ནི་ཟབ་དོན་ལས། སྔར་གྱི་སྒོམ་དེ་འཕྲོ་ཆོད། ལུས་ཅུང་ཟད་


KMC019_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བསྒུལ། མིག་བར་སྣང་ལ་བལྟ། རྔམ་རིང་ཐོན་ལ་འདི་བཞིན་མཛོད། ལུས་ལྟ་སྟངས་ལ་མི་ལྟོས། ངག་རླུང་ལ་མི་ལྟོས། རིག་པ་རྟེན་ལ་མ་ལྟོས་པར། སྔར་འདས་པའི་རྣམ་རྟོག་ཐམས་ཅད་ཐལ་བ་ཡིན། འདས་པ་ཡིན། འགགས་པ་ཡིན་པས་ཕར་ལ་ཆོད་ཅིག །ཕྱིས་མ་འོངས་པའི་རྣམ་རྟོག་ཐམས་ཅད་མ་བྱུང་བ། མ་སྐྱེས་པ། མ་གྲུབ་པ་ཡིན་པས་ཚུར་ལ་ཆོད་ཅིག །ད་ལྟ་བའི་རྣམ་རྟོག་ཤར་ཚད། མནོ་ཚད། དྲན་ཚད། འགྱུ་ཚད་ཐམས་ཅད་དངོས་མེད་ཡིན། སྟོང་པ་ཡིན། སྐྱེ་མེད་ཡིན། བློ་འདས་ཡིན། བརྗོད་མེད་ཡིན། ཤུལ་མེད་ཡིན། གཏད་མེད་ཡིན་པས་སེམས་ངོས་བཟུང་མེད་པའི་ངང་དུ་ལྷོད་དེ་ཞོག །སེམས་ལ་ཅི་དྲན་ཅི་ཤར་ཡང་། དེ་ལ་དངོས་པོ་དང་མཚན་མ་གྲུབ་པ་རྡུལ་ཙམ་ཡང་མེད། བདེན་པ་དང་རྟག་པར་གྲུབ་པ་སྤུ་ཙམ་ཡང་མེད་པས། རྣམ་རྟོག་ཐོལ་གྱིས་སྐྱེ་ལ། བྲེང་ངེ་ཤར། ཏུར་རེ་དྲན་པ་དེ་ལ་ཅེར་རེ་ལྟོས། རྩེར་རེ་


KMC019_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་ལ་ཅོག་གེ་ཞོག་དང་ཁོ་རང་ཧྲུལ་གྱིས་ཞིག་འགྲོ །ཕྱད་དེ་ཡལ་འགྲོ །དེ་ཀ་སྒོམ་གྱི་ངོ་བོ་ཡིན་པས་དེ་ཀའི་ངང་ལ་ཞོག་ཅིག །རྗེ་དམ་པས། སྟོང་པའི་ངང་ལ་རིག་པའི་མདུང་བསྐོར་གྱིས། །དོན་ལ་ཐོགས་སྡུགས་མེད་དོ་དིང་རི་བ། །ཞེས་གསུངས་སོ། །དེ་ལྟར་རྟོག་པ་མ་ཞུགས། མ་འགྱུ། མ་འཕྲོ། འཕྲོ་ན། རྩེར་རེ་ཞོག །ལིང་ངེ་བོར། རྒྱང་གིས་བསྐྱུར་རོ། །དེའི་དུས་སུ་ཡིན་མིན་གྱི་རྣམ་རྟོག་ཅི་ཤར་ཡང་། དེའི་རྗེས་སུ་ཤེས་པ་མི་འབྲང་བར་རང་ས་ལ་རང་གྲོལ་དུ་ཐོང་། རྣམ་རྟོག་འཕྲོ་མི་མཐུད། དྲན་པ་རྒྱུན་མི་གཏོང་རིག་པ་རྒྱ་མི་བསྐྱེད་པར་ཕཊ་ཅེས་བརྗོད་པ་དང་རྟོག་པ་འགྱུ་འཕྲོ་རྦད་ཀྱིས་བཅད་དེ། ཤེས་པ་རྩིས་གདབ་དང་བྲལ་བ། ཡིད་བསམ་བརྗོད་དང་བྲལ་བ། བློ་བྱ་རྩོལ་དང་བྲལ་བ། སེམས་དྲན་རྟོག་དང་བྲལ་བའི་ངང་དུ་ཞོག །མ་ཅིག་གིས། སེམས་ལ་གཉིས་སུ་མ་མཆིས་པས། །བལྟ་རུ་མེད་པའི་ཚུལ་གྱིས་བལྟ། །བལྟས་པས་རང་


KMC019_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་མི་མཐོང་། །མ་མཐོང་བ་དེ་ཆོས་མཐོང་ཡིན། །ཞེས་གསུངས་པ་སོར་བཞག་གོ །དེ་ནས་ཟབ་དོན་ནམ་མཁའ་སྒོ་འབྱེད་རྩ་བ་ལས་ཚིག་ཁྲིད་དུ་སྒོམ་གཏན་ལ་འབེབས་པ་ལ་གསུམ། གསུང་རབ་ལུང་གི་སློབ་དཔོན། གསུང་སྒྲོས་མན་ངག་གི་སློབ་དཔོན། ཉམས་མྱོང་ཡིད་ཆེས་ཀྱི་སློབ་དཔོན་ནོ། །དང་པོ་ནི། དེ་ལྟར་བླ་མས་ངོ་སྤྲད་པའི་དོན་སེམས་ཉིད་སྟོང་པ་སྐྱེ་བ་མེད་པ་དེ། ནོར་བའམ། འཁྲུལ་པ་མེད། དངོས་པོ་གཤིས་ལ་འདུག་ཚུལ་དེ་ལྟར་ཡིན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའང་དེ་ལྟར་དུ་གནས་པ་ཡིན་པས། དེ་ལྟ་བུའི་སེམས་ཉིད་འདི་མ་རྟོགས་པའི་དུས་སུ་དངོས་པོ་ལྟར་སྣང་ཡང་། རྟོགས་པའི་ཚེ་ན་སྟོང་པ་ཉིད་ཡིན་ཏེ། ཇི་སྐད་དུ། གང་ཞིག་ཡོད་པ་མ་ཡིན་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེར་བརྟགས་ཡོད་དང་མེད་པར་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ནོ། །ཞེས་གསུངས་


KMC019_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པས། དོན་དམ་པ་རང་གི་སེམས་འདི་རྟོགས་ནས་སངས་རྒྱས་དངོས་ཡིན་ཏེ། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ནས་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་དང་། ཆོས་འབྱུང་བ་མེད་པའི་མདོ་ལས། སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་བསྟན། །བྱང་ཆུབ་རང་བཞིན་སེམས་ཅན་ཉིད་དུ་བསྟན། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་ཤེས་ན་བྱང་ཆུབ་མཆོག་ཏུ་འགྱུར། །ཞེས་དང་། མྱང་འདས་ལས། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི། །སེམས་ཀྱི་རང་བཞིན་དོན་དམ་སྟོང་པའོ། །དོན་དམ་པ་ནི་ཡེ་ཤེས་སོ། །སྟོང་པ་ཞེས་བྱ་བ་ནི་སྟོང་པ་དང་མི་སྟོང་པ་གཉིས་ཀ་མི་མཐོང་བའོ། །སངས་རྒྱས་ཀྱི་རང་བཞིན་ནི་དབུ་མ་མཐའ་གཉིས་དང་བྲལ་བར་རིག་པར་བྱའོ། །ཞེས་ཡོད་མེད་རྟག་ཆད་ལས་འདས་པར་སྟོན་ཏོ། །རྡོ་རྗེའི་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་


KMC019_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་མ་དག་པའི་སེམས་ཅན་རྣམས་ལ་ཀུན་གཞི། དག་པ་རྣམས་ལ་ནི་བདེ་བར་གཤེགས་པའི་སྙིང་པོ། དེ་ནི་སྲིད་པ་དང་ཞི་བ་ཐམས་ཅད་ལ་ཡེ་ལྡན་དུ་གནས་ཤིང་ཁྱབ་ལ། དེས་ཡེ་ཤེས་རང་སྣང་གི་སྐུ་དང་ཞིང་ཁམས་ཐམས་ཅད་གྱི་ཁམས་ལ་རང་ཆས་སུ་ཡོད་པ་དེ་ངོ་བོ་དོན་དམ་དྲི་མ་དང་བྲལ་ཡང་། དེ་མ་ཤེས་ནས་ཡུལ་དང་ཡུལ་ཅན་ཐ་དད་དུ་བཟུང་སྟེ་ལས་བསགས་པའི་རིགས་ལ་ཇི་ལྟར་མངོན་དུ་མི་འགྱུར་བས་ན། དེ་ནི་དེ་བཞིན་ཉིད་ཀྱི་ཁམས་དྲི་བཅས་ཏེ། དེ་གློ་བུར་བ་ཡིན་པའི་ཕྱིར་ངོ་བོ་དང་འདྲེས་ཤིང་གོས་མ་མྱོང་། དེས་ན་ངོ་བོ་མྱང་འདས་རང་བཞིན་རྣམ་དག་དང་། འཁོར་བའི་རྣམ་པ་གཉིས་ཆུ་དང་ཆབ་རོམ་ལྟར་གཤིས་


KMC019_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟུང་འཛིན་ཡོད་མེད་ཀྱི་ཁྱབ་ལས། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པའི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་བཞུགས་ཀྱང་། དེ་ད་ལྟ་སོ་སོའི་ལས་ཀྱིས་སད་དགོས་པའི་ཕྱིར་ན། དེ་ཡང་གཞི་སེམས་ཅན་རྣམས་ལ་འཁྲུལ་པའི་སྣང་བ། ལམ་དུས་སུ་རྣལ་འབྱོར་པ་རྣམས་ལ་ཉམ་སྣང་། འབྲས་དུས་སུ་སངས་རྒྱས་རྣམས་ལ་ཟུང་འཇུག་གི་སྐུ་དང་ཞིང་ཁམས་མི་ཟད་རྒྱན་གྱི་འཁོར་ལོ་སྟེ། རང་དང་བཅས་པ་ཀུན་ལ་ཕྱོགས་རིས་མེད་བར་ཁྱབ་ལ། གློ་བུར་དྲི་མ་མེད་ཙམ་ལས་ངོ་བོ་ལ་སངས་རྒྱས་སེམས་ཅན་གཉིས་ལ་ཁྱད་པར་མེད་པ་བུམ་ནང་གི་མར་མེ་བཞིན་འགྱུར་བ་མེད་པ་ཡོངས་སུ་གྲུབ་བདེ་གཤེགས་སྙིང་པོ་བྱ་བ་དེ་ཡིན་ནོ། །ཀུན་གཞིའི་རང་བཞིན་རྣམ་བྱང་གཞིར་གསུངས་པ་དེ་གཤིས་ལུགས་དགེ་བ་ལ་བཤད་དེ། རྒྱན་སྟུག་པོ་བཀོད་པ་ལས། ཀུན་གཞི་ངང་ལུགས་དགེ་བ་ནི། །རྒྱལ་སྲས་རྣམས་ཀྱི་མཐོང་ཐོས་ཏེ། །ཀུན་གཞི་མཆོག་ཏུ་


KMC019_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ནི། །ཀུན་གཞི་དྲི་མེད་བསོད་ནམས་ཀྱིས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་སྟེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པས་སྟོན་པར་མཛད། །སྙིང་པོ་ཀུན་གཞི་བསྒྲགས་པ་ཡང་། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ད་ལྟར་ཀུན་གཞིའི་རྣམ་ཤེས་ཀྱང་། །རྟག་ཏུ་བག་ཆགས་ལྡན་གྱུར་པས། །རྣམ་པར་ཤེས་པ་བདུན་པོ་དང་། །འགྲོགས་ཀྱང་འདྲེས་པ་མེད་པ་སྟེ། །ཀུན་ནས་ཉོན་མོངས་རྣམ་བྱང་དང་། །རྣམ་པར་དག་པའི་རྒྱུ་ཡང་ངོ་། །ཞེས་གསུངས་པ་སོགས་མདོ་འདི་དང་། ངེས་དོན་མདོ་སྡེ་བསྟན་བཅོས་ནས་གཤེགས་སྙིང་བཞུགས་པ་ཤིན་ཏུ་རྒྱས་པ་དཔེ་དུ་མས་བསྟན་པ་དང་། མུ་སྟེགས་བྱེད་ཀྱི་བདག་དང་མི་འདྲ་བའི་ཚུལ་དང་། ཐེག་དམན་རྣམས་ཀྱི་བློ་ངོར་མི་ཤོང་བའི་ཚུལ་ནི། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་


KMC019_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཆུ་བོའི་ཀླུང་བཞིན་འབབ། །བདག་ཏུ་རྟོག་པ་གྱུར་ན་མི་རུང་བས། །ངེས་འདི་བྱིས་པ་རྣམས་ལ་མ་བསྟན་ཏོ། །ཞེས་གསུངས་པ་སོགས་དུ་མ་ཡོད་ཀྱང་བསྡུ་ན་མདོ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས་གསོལ་བ། བཅོམ་ལྡན་འདས་ཀྱི་མདོ་སྡེ་བརྗོད་པ་ལས། །དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། །བཅོམ་ལྡན་འདས་ཀྱིས་རང་བཞིན་གྱི་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་གཏི་མུག་གིས་ཟིལ་གྱིས་ནོན་ནས། ཡོངས་སུ་རྟོག་པའི་དྲི་མ་ཅན་དུ་གྱུར་པ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ནི་བརྗོད་ན། བཅོམ་


KMC019_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་སྨྲ་བ་འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བློ་གྲོས་ཆེན་པོ་ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་བ་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པར་བྱས་ནས་བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམས་སྤངས་པའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་


KMC019_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ་དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མཛད་དོ། །དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་ཀྱིས་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བས་ན་མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་ལ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ། །ཞེས་དང་། ཡང་དེ་ཉིད་ལས། བློ་གྲོས་ཆེན་པོ་གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ལ་མེད་དུ་ཟིན་ན། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞིའི་རྣམ་པར་ཤེས་པ་བསྒྲགས་པ་མེད་པས་འཇུག་པའང་མེད། ལྡོག་པའང་མེད་པར་འགྱུར་ན། བློ་གྲོས་


KMC019_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བྱིས་པ་དང་འཕགས་པ་རྣམས་ལ་འཇུག་པ་དང་ལྡོག་པའང་ཡོད་དོ། །རྣལ་འབྱོར་ཅན་བརྩོན་པ་མི་འདོར་བ་རྣམས་བདག་རང་གིས་རིག་པའི་ཚེ་འདི་ལ་དགེ་བར་སྤྱོད་པ་གནས་སོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞིའི་རྣམ་པར་ཤེས་པའི་སྤྱོད་ཡུལ་དེ་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་དང་། དཔྱོད་པའི་ལྟ་བ་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་དཀའོ། །རང་བཞིན་གྱི་ཡོངས་སུ་དག་པ་ཡིན་མོད་ཀྱང་། གློ་བུར་གྱི་ཉོན་མོངས་པས་ཉེ་བར་ཉོན་མོངས་པའི་ཕྱིར། །དེ་རྣམས་མ་དག་པ་ལྟར་སྣང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ནི་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ལ་ནི་ལག་མཐིལ་ན་སྐྱུ་རུ་རའི་འབྲས་བུ་བཞིན་དུ་མངོན་སུམ་གྱི་སྤྱོད་ཡུལ་དུ་བྱ་སྟེ། །ཞེས་གསུངས་པ་དང་། རྡོ་རྗེ་སྙིང་འགྲེལ་ལས། ལུས་གནས་ཡེ་ཤེས་ཆེན་པོ་ནི། །དངོས་པོ་ཀུན་ལ་ཁྱབ་པ་པོ། །


KMC019_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་ལྟར་ལུས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་གསུངས་པ་དང་། དགོངས་འགྲེལ་རྣམས་ལས་ཀྱང་དེ་ལྟར་བསྟན་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །ཞེས་དང་། མདོ་སྡེ་ཀུན་བཏུས་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ་ཁྱད་པར་མེད་ཕྱིར་དག་གྱུར་པས། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་སོགས་རྒྱ་ཆེར་གསུངས་པས། ངེས་པ་ཉིད་དུ་སེམས་ཅན་རྣམས་སངས་རྒྱས་ཀྱི་རྒྱུ་ཉིད་དོ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་


KMC019_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཞེས་དང་། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་པས། །ཉོན་མོངས་འགའ་ཞིག་སྐྱེ་བར་ཟད། །ཅེས་དང་། ཇོ་བོ་ཆེན་པོའི་ལམ་སྒྲོན་རྩ་འགྲེལ་ལས། ཡང་ན་ཐེག་པ་ཆེན་པོ་དབུ་མའི་གྲུབ་མཐའ་བཙན་པར་བྱས་ན་ནི། འདི་ལྟར་ཐེག་པ་ཆེན་པོའི་སྣོད་དུ་མ་གྱུར་བ་འགའ་ཡང་མེད་དོ། །སེམས་ཅན་ཐམས་ཅད་རིགས་གཅིག་པ་ཉིད་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། ཀླུ་སྒྲུབ་ཞལ་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་དབྱེར་མ་མཆིས་ན། །ཁྱེད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་འཇུག་པ་བྱ་ཕྱིར་ཡིན། །ཞེས་སེམས་ཅན་དང་སངས་རྒྱས་གཉིས་དབྱིངས་དབྱེར་མེད་དུ་བསྟན་པ་དང་། དམ་པས། རང་བྱུང་ཀུན་གཞི་ཆེན་པོ་ནི། །འཁོར་འདས་ཀུན་གྱི་རྩ་བར་གནས། །སྣང་དང་སྟོང་


KMC019_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ཚུལ་ལ། །རིག་དང་མ་རིག་གཉིས་འཛིན་མཐའ། རྟོག་པས་གཟུང་འཛིན་ཐ་སྙད་སྤྲོས། །ང་བདག་ཉོན་མོངས་ཡུལ་གྱིས་བཅིངས། །ལས་ཀྱིས་འཕེན་པས་འཁོར་བར་གནས། །འབྲས་བུ་ངན་སོང་འཁྱམས་པ་ལས། །རང་ངོས་གཟུང་བའི་ལྕགས་ཀྱུ་ནི། །ལས་ཀྱི་མཐའ་ལ་ཐུགས་རྗེས་སྦྱངས། །སྐད་ཅིག་ཇི་སྲིད་སྐབས་ཀྱི་ནི། །ཡང་དག་མཐའ་ལ་རྣམ་པར་གནས། །སྦྱངས་པའི་མཐུ་དང་རྩལ་ཆེན་གྱི། །ལས་སྐལ་སྨོན་མཐུ་དག་པའི་མཐུ། །བྱང་ཆུབ་ཆེན་པོར་གྲོལ་ཐབས་རྙེད། །ཅེས་དང་། ཡང་དེ་ཉིད་ལས། མ་བསྟན་བར་དུ་གོ་མི་རུང་། །མ་འཚོལ་བར་དུ་སུས་མི་རིག །ཐབས་དང་ཤེས་རབ་འབྲེལ་བྱས་ལ། །བདེ་བར་གཤེགས་པ་ཤུགས་རྟོགས་བྱ། །ཞེས་དང་། རྒྱུད་ཀློང་གསལ་ལས། བདེ་གཤེགས་ངོ་བོ་འགྲོ་ཀུན་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །མ་རིག་གྲོལ་ཚེ་འབྱུང་བའི་ལུས། །ལྷག་མེད་ཡེ་ཤེས་ངང་དུ་བཟློག །ཅེས་


KMC019_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཕྲ་བ་ནང་གི་དབུ་མའི་དོན་ཏེ། །ཀླུ་སྒྲུབ་ཀྱིས། འདི་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འགགས་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམས་གནས་པ། །ཆོས་རྣམས་ཉིད་ནི་ཤེས་པར་བྱ། །མིག་ལ་སོགས་དང་ཡུལ་རྣམས་ཉིད། །ཡེ་ཤེས་ལྔ་པོར་ཉིད་དང་སྟེ། །ཕྱི་དང་ནང་དུ་རྣམ་ཕྱེད་པ། །ཐམས་ཅད་སེམས་ལས་གཞན་མ་ཡིན། །ཞེས་དང་། དམ་པས། བརྒྱད་ཁྲི་བཞི་སྟོང་བསམ་འདས་ཀྱང་། སེམས་ལས་མ་གཏོགས་གཅིག་མི་སྲིད། །སྐད་ཅིག་དེ་ཉིད་རིག་མ་རིག །འཁོར་དང་མྱ་ངན་འདས་པའི་དོན། །དཔེ་ཡིས་གཏན་ལ་མི་ཕེབས་ཏེ། །ཚིག་དང་ཡི་གེའི་སྒྲ་ལས་འདས། །དངོས་པོ་བསྟན་དུ་སུས་ཀྱང་མེད། །ངོ་བོ་ཉིད་ཀྱི་གཞི་རྩ་ནི། །སྟོང་གསལ་དབྱེར་མེད་མཐར་མ་ལྷུང་། །སྤྲོས་བྲལ་བདེ་ཆེན་གཉུག་མའི་ངང་། །གསལ་ལ་མ་འགགས་རྩལ་ཤར་བ། །ཅིར་སྣང་སྟོང་པའི་རྒྱ་ཡིས་གདབ། །ཅེས་སྤྱིར་ཁམས་གསུམ་དུ་


KMC019_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཡང་སེམས་འཁྲུལ་པའི་ཆ་ཙམ་ཡིན་མོད། །དེ་ཐམས་ཅད་སྟོང་པ་ཡེ་ཤེས་ཆེན་པོ་དབུ་མའི་ལམ་སྟེ། །ལང་གཤེགས་ལས། སེམས་ཙམ་དུ་ནི་རྟོག་པ་དང་། །ཕྱི་རོལ་དངོས་པོ་རྣམས་གསལ་བས། །རྣམ་པར་རྟོག་པ་རྣམས་ལྡོག་སྟེ། །ལམ་དེ་ཉིད་ནི་དབུ་མའོ། །ཞེས་འཁོར་ལོ་ཐ་མའི་བཞེད་པ་དང་། ཐོགས་མེད་ཀྱི་བཞེད་པ་རྣམས་སེམས་ཙམ་དུ་མི་འཛིན་པར་ངེས་པའི་དོན་མཐར་ཐུག་པ་སྟེ། སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། ཟབ་དོན་ལས། གདོད་ནས་ཆོས་ཉིད་གློ་བུར་དྲི་མ་དང་བཅས་པ། གཞི་ལམ་འབྲས་བུ་རྟོགས་ལ་ལྟ་སྒོམ་སྤྱོད་པས་གཞོམ། ཞེས་སོགས་རྒྱ་ཆེ་བས་ངེས་ཤེས་བསྐྱེད་དོ། །གཉིས་པ་གསུང་སྒྲོས་མན་ངག་གི་སློབ་དཔོན་ནི། རྗེ་བཙུན་དམ་པ་རིན་པོ་ཆེས། སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། གཡེར་པོ་ཆེ། རྩིས་པོ་ཆེ་དེ་ཡང་། ཡེ་


KMC019_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མ་ནས་ང་དང་བདག་མེད། ཕྱོགས་དང་རིས་མེད། གཟུང་བ་དང་འཛིན་པ་མེད། གཟུང་བས་མ་ཟིན། བཏང་བས་མ་ཐོང་། བཞག་པས་མ་ཞོག །བཤིག་པས་མ་ཤིག །ཕྲལ་བས་མ་ཕྲོལ། དེ་ཁྱེད་རང་གི་གནས་ལུགས་ཤེས་པ་ཝལ་ལེ་འཁྱུག་གེ་བ་འདི་རང་ཡིན་ནོ། །ཞེས་གསུངས། ཡང་དམ་པ་རིན་པོ་ཆེ་ལ་ཀུན་དགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་ཅི་ལ་ཟེར་ཞུས་པས། སྨྲ་བརྗོད་བྲལ་བ་ལ་ཟེར་གསུངས། ཡང་ཕྱག་རྒྱ་ཆེན་པོ་བྱ་བ་ཅི་ལ་ཟེར་ཞུས་པས། ཡིད་ལ་བྱར་མི་བཏུབ་པ་ལ་ཟེར་གསུངས། སངས་རྒྱས་ཀྱི་དགོངས་པ་བྱ་བ་ཅི་ཟེར་ཞུས་པས། རྟོག་པ་དང་བྲལ་བ་ལ་ཟེར་གསུངས། སྒོམ་པ་བྱ་བ་ཅི་ལ་ཟེར་ཞུས་པས། ལྷན་ཅིག་སྐྱེས་པ་ལ་ཟེར་གསུངས། འཁྲུལ་པ་ཞིག་པ་བྱ་བ་ཅི་ལ་ཟེར་ཞུས་པས། ཕྱི་ནང་གི་ཆོས་ཐམས་ཅད་ཚིག་གི་ཐོག་ཏུ་གྲོལ་བ་ལ་ཟེར་གསུངས། དེ་ཡང་སངས་རྒྱས་ལ་བལྟ་བ་གལ་ཆེ་


KMC019_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། ཀུན་དགས་བལྟ་བ་ལགས་ཀྱང་། རྟག་ཆད་དུ་ལྷུང་བ་མ་ལགས་སམ་ཞུས་པས། རིག་པ་ལ་ངོས་བཟུང་མེད་པས་རྟག་པའི་མཐའ་དང་བྲལ། རྩལ་ཅིར་ཡང་འཆར་བས་ཆད་པའི་མཐའ་དང་བྲལ། རང་གདངས་འོད་དུ་གསལ་བས་སྒྲིབ་པའི་མཐའ་དང་བྲལ། སྐུ་གསུམ་ལྷུན་གྱིས་གྲུབ་པས་གོལ་སའི་མཐའ་དང་བྲལ། མཐའ་དང་དབུས་མ་གྲུབ་པས་རྟག་ཆད་མི་གདའ། །ཞེས་གསུངས། རྗེ་བཙུན་ཏེ་ལོ་པས། རི་རབ་གསེར་གྱི་ངོས་ལ་བྱ་གནས་པས། བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། མཁས་པ་གང་གིས་སྐྱེ་བ་མེད་རྟོགས་ན། དངོས་པོའི་རང་བཞིན་བོར་ནས་བདེ་བ་ཆེ། །ཞེས་དང་། ཡང་དེ་ཉིད་ཀྱིས་བདག་ཉིད་གདོད་མ་ཉིད་ནས་སངས་རྒྱས་ཡིན་པ་ལ། མ་རྟོགས་དབང་གིས་སངས་རྒྱས་ཉིད་དུ་མ་མཐོང་ངོ་། །གཉིས་མེད་གང་གིས་རྟོགས་པ་དེ་ནི་ཕྱག་རྒྱ་ཆེ། །རྟོགས་པའི་ཡུལ་ན་མཐོང་བ་མེད་ཅིང་ཐོབ་པ་མེད་གསུངས།


KMC019_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་ན་རོའི་ཞལ་ནས། འཁོར་ལོས་སྒྱུར་རྒྱལ་དཔུང་ཚོགས་ཀྱིས། །གླིང་རྣམས་ཀུན་ལ་དབང་བསྒྱུར་བཞིན། །ལྷན་ཅིག་སྐྱེས་པའི་རོ་རྙེད་པས། །འཁོར་བ་དག་ལ་དབང་བསྒྱུར་ངོ་མཚར་ཆེ། གསུངས། བ་སུ་ད་རའི་ཞལ་ནས། གང་གིས་མ་རྟོགས་གོང་དུ་རོ་འདི་འབྲས་ཅན་དག་དང་ཁྱད་པར་ཆེ། །དེ་བཞིན་མ་རྟོགས་བར་དུ་སངས་རྒྱས་སེམས་ཅན་ཁྱད་པར་བརྟགས། །རྟོགས་པའི་དུས་ན་འཁོར་བ་དག་ཀྱང་སངས་རྒྱས་ཆེ། །དེ་ཕྱིར་རྟོགས་དང་མ་རྟོགས་དབྱེ་བ་དཀའ་བས་ཁྱད་མེད་དོ། །ཞེས་གསུངས། སློབ་དཔོན་ཕྱོགས་ཀྱི་གླང་པོས། བྱ་བ་གཏོང་བ་མན་ངག་ཡིན། །ཞེ་འདོད་མེད་ན་རྟོགས་པ་ཡིན། །བསྒྲུབ་བྱ་མེད་ན་སྤྱོད་པ་ཡིན། །སྨྲ་བརྗོད་བྲལ་ན་ཉམས་མྱོང་ཡིན། །བླང་དོར་བྲལ་ན་འབྲས་བུ་ཡིན། །ཞེས་དང་། མ་ཅིག་གིས། རྒྱུ་ནི་རང་རིག་བྱང་ཆུབ་སེམས། །ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །སེམས་ཅན་ཀུན་ལ་ཁྱབ་


KMC019_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས། །ཞེས་དང་།ཡང་དེ་ཉིད་ཀྱིས། སེམས་ལ་གཉིས་སུ་མ་མཆིས་པས། །བལྟས་པས་རང་གི་སེམས་མི་མཐོང་། །མཐོང་ན་ཆོས་ཉིད་དོན་མི་རིང་། །དེ་བས་བལྟ་བར་བྱ་བ་ནི། །རྡུལ་ཙམ་ཡོད་པ་མ་ཡིན་ནོ། །བལྟ་རྒྱུ་མེད་པའི་ཚུལ་དུ་བལྟ། །མ་མཐོང་ཐག་ཆོད་རྟོགས་ཚད་ཡིན། །དེ་བས་གཞན་དུ་རྙེད་མི་འགྱུར། །ཞེས་དང་། ཡང་། སངས་རྒྱས་སེམས་ཉིད་ཡིན། སེམས་ཉིད་ནམ་མཁའ་ཡིན། ཞེས་གསུངས། ཡང་། སྐུ་གསུམ་འབྲས་བུ་རང་ཡིན་པས། །གཞན་དུ་བྲོད་པ་སྐྱེ་མི་དགོས། །འཁོར་བ་རང་སར་གྲོལ་བ་ལ། མྱང་འདས་ལོག་ནས་བསྒྲུབ་མི་དགོས། །དེ་བཞིན་རང་སེམས་ངོ་ཤེས་ན། །སངས་རྒྱས་ལོག་ནས་བསྒྲུབ་ཏུ་མེད། །ངེས་པར་སེམས་ངོ་ཤེས་ཙ་ན། །སངས་རྒྱས་གཞན་ནས་བསྒྲུབ་མི་དགོས། །བདུད་དང་ལྷ་གཉིས་གཞི་གཅིག་པ། །ལྷ་མཆོད་བདུད་སྤངས་ག་ལ་སྲིད། །མི་སྲིད་པ་ཡི་ཆོས་འདི་ཡིན། །མ་ཤེས་པ་ཡི་རང་ངོ་


KMC019_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། །སེམས་ཅན་སེམས་ལ་སངས་རྒྱས་ཐུགས། །མི་སྲིད་སྙམ་པའི་ཡེ་སྲིད་ཡིན། །དེ་ལྟར་ཉིད་དུ་གཏན་ཕབ་བོ། །སོལ་བ་དང་ནི་ནག་པོ་གཉིས། །དབྱེར་མེད་གཅིག་ཏུ་བསྟན་པ་ལྟར། །སངས་རྒྱས་སེམས་ཅན་དེ་བཞིན་ནོ། །ཞེས་སོགས་དུ་མ་ཡོད་དོ། །གསུམ་པ་ཉམས་མྱོང་ཡིད་ཆེས་ཀྱི་སློབ་དཔོན་ནི། དེ་ལྟར་སྔོན་འགྲོའི་སྐབས་སུ་རང་གི་སེམས་བཙལ་བས་མ་རྙེད། །བལྟས་པས་མ་མཐོང་། བཟུང་བས་མ་ཟིན་པ་དང་། དངོས་གཞིའི་དུས་སུ་བླ་མས་དངོས་མེད་དུ་ངོ་སྤྲད་ནས་བཙལ་བས་མ་རྙེད་པ་སྟེ། སེམས་དངོས་པོ་ཡོད་ནས་མ་རྙེད་པ་མིན། བལྟས་པས་མ་མཐོང་བ་དེ་སེམས་གཟུགས་སུ་གྲུབ་ནས་མ་མཐོང་བ་མིན། ཁྱེད་བས་ངེས་ཀྱང་མ་མཐོང་། ང་བས་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ། ལེའུ་ལག་ལས། སེམས་གྱི་རང་བཞིན་འདི་འདྲ་ནི། །སངས་རྒྱས་ཀྱིས་ཀྱང་མཐོང་མི་སྲིད། །མ་མཐོང་བ་ཉིད་དེ་མཐོང་ཡིན། །


KMC019_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཆོས་རྣམས་བཏགས་པ་སྟེ། །བཏགས་པ་ཙམ་ཉིད་བརྗོད་དུ་མེད། །བཏགས་པའི་ཆོས་དང་སྨིག་རྒྱུའི་ཆུས། བསླུ་བར་ངེས་ཀྱི་དེར་མ་འཛིན། །ཞེས་གསུངས་པས། །དངོས་པོ་མེད་པ་དེ་ལ་ཡིད་ཆེས་པར་བྱའོ། །མ་མཐོང་བ་དེ་ཆོས་ཉིད་མཐོང་བའི་གོ་ཆོད་དེ། བདེན་གཉིས་ལས། མ་མཐོང་བ་ཉིད་ཆོས་མཐོང་ཡིན། །ཞེས་དང་། ཤིན་ཏུ་ཟབ་པའི་མདོ་ལས། སྣང་བ་མེད་ཚུལ་གནས་པ་འདི། །བདེན་པ་མཐོང་ཞེས་དེ་ལ་གསུངས། །ཞེས་སེམས་ཉིད་དམ། ཆོས་ཉིད་དེ་གཟུགས་ཅན་ནམ། དངོས་ཅན་ཞིག་ཏུ་མཐོང་ན་ནི་ནོར་བ་ཆེན་པོ་ཡིན་པས། འདིར་གཟུགས་མེད་དངོས་མེད་དུ་རྟོགས་དགོས་པ་སྟེ། ཤེར་སྙིང་ལས། སྟོང་པ་ཉིད་ལ་གཟུགས་མེད་སོགས་ནས་ཐོབ་པའང་མེད་དོ་ཞེས་སོགས་ཀྱིས་གསལ་བས། སྐྱེ་བ་མེད་པ་རྣམ་ཐར་གསུམ་གྱི་རང་བཞིན་ཅན་ནོ། །དེས་ན་སེམས་ཉིད་སྟོང་པ་ཡིན་པའི་ཕྱིར། །སེམས་བྱུང་དྲན་པའི་རྣམ་རྟོག་དགའ་མི་


KMC019_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། བདེ་སྡུག་མཐོ་དམན་ཆགས་སྡང་ཆོས་བརྒྱད་ལ་སོགས་ཅི་ཤར་ཡང་སྟོང་ཉིད་སྐྱེ་བ་མེད་པ་ཡིན་ནོ། །དེ་ལྟར་བཀའ་མདོ་རྒྱུད་ཐམས་ཅད་སེམས་ཉིད་དངོས་མེད་དུ་བཤད། བླ་མས་ཀྱང་དངོས་མེད་དུ་ངོ་སྤྲད། །རང་གིས་བལྟས་པས་ཀྱང་དངོས་མེད་དུ་འདུག་པ་དེ། ཆོས་ཉིད་མ་ནོར་བ་ཡིན་པས་ཐག་ཆོད་པར་བྱ་སྟེ། །འཇམ་དཔལ་མཚན་བརྗོད་ལས། གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཅེས་ཐེ་ཚོམ་མེད་པར་མཐར་ཕྱིན་པའི་ཡེ་ཤེས་རྟོགས་པ། །དེས་སེམས་ཅན་གྱི་དོན་གྲུབ་པའི་མཐར་ཕྱིན་པ་བྱེད། ཡེ་ཤེས་དེ་ཡང་ནོར་བ་དང་འཁྲུལ་པ་རྣམས་ཡང་དག་པར་སྤངས་ཏེ། དྲང་བའི་དོན་ཀུན་རྫོབ་དང་། ངེས་པའི་དོན་དོན་དམ་པ་དང་། ཉན་རང་ནས་ཐེག་རིམ་དགུའི་བར་ཐེག་པ་སྣ་ཚོགས་པའི་དོན་དང་གསུམ་ལ་ཐེ་


KMC019_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་མེད་པ་དང་། གྲུབ་པའི་མཐའ་རྣམ་པར་ངེས་པ་ཤེས་པའི་ཕྱིར་དང་། དེ་སེམས་ཅན་གྱི་དོན་དུ་འགྱུར་བའི་ཡོན་ཏན་དང་། སྐུ་གསུང་ཐུགས་གསུམ་གྱི་བདག་པོར་འགྱུར་བ་ཡིན་ནོ། །དེ་ནས་ཉམས་ཁྲིད་སྐྱོང་བ་ལ་བཞི། མཉམ་གཞག་དང་། རྗེས་ཐོབ་དང་། ཟུང་འཇུག་དང་། །སྤྱོད་པའོ། །དང་པོ་ལ་སྔོན་དུ་ངོ་སྤྲོད་ཀྱི་སྐབས་སུ་གོ་བ་ཙམ། །མྱོང་བ་ཙམ། རེག་ཙམ་ཤེས་ཙམ། དྲན་ཙམ་གྱིས་མི་ཆོག་སྟེ། བསྒོམ་པ་མ་ཡིན་གོམས་པ་ཡིན་གསུངས་པ་ལྟར་ཉམས་མྱོང་གོམས་སུ་བཅུག་ནས་བརྟན་པ་ཐོབ་པར་མ་བྱས་ན། ངོ་ཤེས་པ་ཙམ་གྱིས་གྲུབ་པ་མི་ཐོབ་སྟེ། ཀུན་དགས་དམ་པ་རིན་པོ་ཆེ་ལ་བོད་དུ་གྲུབ་ཐོབ་ཉུང་བ་གདའ་བས་དེ་ཅི་ལགས་ཞུས་པས། དམ་པ་རིན་པོ་ཆེས། །སྒྲུབ་པ་ལ་དལ་ཁོམ་བྱེད་པའི་མིས་དངོས་གྲུབ་མི་ཐོབ། སྐལ་མེད་ལོག་ལྟ་ཅན་གྱིས་རིག་པ་མི་འཆུན། ཚོགས་མ་བསགས་པའི་གང་ཟག་ལ་ངེས་ཤེས་མི་སྐྱེ། དྲེད་


KMC019_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆོས་རྒྱུས་ཅན་ལ་ཉམས་མྱོང་གི་ཚད་མེད། འཁོར་བ་ལ་བློ་མ་ལོག་པའི་མིས་ཆོས་མཐར་མི་ཕྱིན། སྙིང་ལ་རུས་པ་མེད་པའི་མིས་དཀའ་ཐུབ་མི་ནུས། རྟོག་གེ་སྒྲ་ཚད་ལ་བསླབ་པའི་མིས་གདམས་ངག་མི་གོ །སེམས་ལ་བརྩོན་འགྲུས་ཀྱི་གོ་ཆ་མེད་པའི་མིས་ཅི་ཡང་མི་འགྲུབ། སངས་མ་རྒྱས་ཀྱི་བར་དུ་དེའི་ངང་ལས་གཞན་དུ་མ་ཡེངས་པར་དྲན་པ་རྒྱུན་ཆགས། ཉམས་ལེན་ཡེངས་མེད། གཉེན་པོ་བརྗོད་མེད་དུ་ཉམས་སུ་བླངས་པར་བྱ། །ཞེས་གསུངས་པས། དབེན་པའི་གནས་སུ་ལུས་གནད་གང་བདེ་བྱས་ལ་མིག་བར་སྣང་ལ་གཏད་མེད་དུ་བཞག །སེམས་ལ་ཅི་ཡང་མི་མནོ། ཡིད་ལ་དྲན་པ་དང་རྟོག་པར། ང་དང་གང་ལ་མི་སེམས་པའི་ངང་དུ་ཞོག །རྣམ་རྟོག་གློ་བུར་ཐོལ་ཐོལ་སྐྱེས་ཀྱང་ཆུ་དང་རླབས་བཞིན་ནམ། ནམ་མཁའ་སྤྲིན་ཕུང་བཞིན་དུ་རང་ཞི་རང་གྲོལ་གྱི་གནད་ཤེས་པར་བྱས་ལ་ཕྱམ་མེར་ཞོག །དྲན་རྟོག་ཅི་ཤར་ཡང་སེམས་ཀྱི་


KMC019_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ཡིན། དེ་སྟོང་པ་ཡིན། སྟོང་པ་ཆོས་སྐུ་ཡིན་པར་ཐག་རྦད་དེ་བཅད། མཉམ་གཞག་ལ་ཆོས་ཐམས་ཅད་སྣང་ཡང་སྟོང་པ་ནམ་མཁའི་དཀྱིལ་ལྟ་བུ། ཡུལ་ཅི་ལ་ཡང་མི་དམིགས། བློས་གང་ལ་ཡང་མི་འཛིན་མི་དཔྱོད་ཧ་རེ་བཞག་པར་བྱ། སྤྱིར་མཉམ་གཞག་ལ་སོ་སོའི་བཞེད་ལུགས་སྣ་ཚོགས་པ་ཡོད་ཀྱང་། ཟབ་དོན་གཞུང་ནས་བཤད་པའི་མ་ཅིག་གི་དགོངས་པ་འཁྲུལ་མེད་ཡིན་ཏེ། བཀའ་ཚོམ་དྲིས་ལན་ལས། སེམས་ནི་ནམ་མཁའི་ངང་དུ་བཞག །དམིགས་པ་མེད་པའི་ཚུལ་དུ་བཞག །སེམས་ཀྱི་རང་བཞིན་སྐྱེ་མེད་པས། །རེ་དོགས་མེད་པར་བཞག་པ་ཡིན། །སྐྱེ་མེད་བྱ་བ་བྲལ་བ་ཡིན། །མ་བཅོས་ལྷུག་པར་བཞག་པ་ཡིན །ཆོས་ཉིད་བློ་ལས་འདས་པའི་ཕྱིར། །རྩིས་མེད་ཡན་པར་བཞག་པ་ཡིན། །རེས་འགའ་མི་མགོ་སྐམ་པོ་བཞིན། །སྒོ་ལྔ་ཧར་རེ་བཞག་པ་ཡིན། །རེས་འགའ་བུ་ཆུང་གཉིད་ལོག་བཞིན། །ལྷན་ནེ་ཉལ་ལེ་བཞག་པ་ཡིན། །


KMC019_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་མེད་ངང་དུ་བཞག་པ་ཡིན། །འདུན་མེད་ཚུལ་དུ་བཞག་པ་ཡིན། །ཞིག་པོའི་ཚུལ་དུ་བཞག་པ་ཡིན། །རང་ཐད་དུ་ནི་བཞག་པ་ཡིན། །གཟའ་གཏད་མེད་པར་བཞག་པ་ཡིན། །གོ་བའི་གནད་ཀྱིས་མ་ཟིན་ན། །ཇི་ལྟར་བཞག་རུང་མ་བཞག་རུང་། །ཐ་མལ་ཤེས་པ་ཡེངས་མེད་ལ། བཅོས་སླད་དྲི་མས་མ་གོས་པར། །རང་གྲོལ་རག་སར་བཞག་པ་ཡིན། །རྣམ་རྟོག་བྱུང་ཡང་ཆོས་ཉིད་གྲོགས། །ཕྱི་ནང་ཆོས་ལ་ཤེས་རབ་འཕེལ། །རྟོགས་པ་ཐོབ་པས་སངས་རྒྱས་འབྱུང་། །དེ་ཕྱིར་རྣམ་རྟོག་བཤེས་གཉེན་གྲོགས། །མི་རྟོག་སྟོང་པས་ལམ་མི་བགྲོད། །རྣམ་རྟོག་མ་འགོག་རིགས་ཀྱི་བུ། །གོ་བའི་གནད་ཀྱིས་མ་ཟིན་ན། །གང་ལྟར་བཞག་ཀྱང་འཁྲུལ་པའི་རྒྱུ། །ཇི་ལྟར་བཞག་ཀྱང་རྣམ་རྟོག་རྒྱུ། །འོན་ཀྱང་དེ་ལྟར་བསླབ་པར་བྱ། །ཞེས་དང་། ལེའུ་ལག་ལས། ཆོས་ལ་རེ་ན་འཆིང་བ་ཡིན། །ཕྱིན་ཟིན་ལམ་ལ་ལྟོས་མེད་ལྟར། །སེམས་ཉིད་


KMC019_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་དག་པ་ལ། །སྟོང་དང་ཞི་གནས་བསྒོམ་མི་དགོས། །སེམས་ཉིད་ཡེ་ནས་རང་སྟོང་ལ། །དྲི་མ་ཡེ་ནས་ཞི་བ་དང་། །ཡོན་ཏན་ཡེ་ནས་གནས་ཕྱིར་རོ། །སྣང་དང་སྟོང་དུ་འཛིན་པ་ཡི། །ཐག་པ་བཅད་ན་དབྱིངས་སུ་གྲོལ། །ཞེས་གསུངས་པས། གློ་བུར་གྱི་དྲི་མ་བསལ་ཙམ་མ་གཏོགས་སངས་རྒྱས་ཡེ་རྒྱས། ཡོན་ཏན་ཡེ་རྫོགས་སུ་ངེས་སོ། །དེ་ལྟར་ཡིན་ལུགས་ཚུལ་དུ་མ་བཞག་ན་གོལ་སར་ལྷུང་སྟེ། ལེའུ་ལག་ལས། སེམས་ཅན་རང་གི་བློ་སྐྱོན་གྱིས། སྦུར་པ་བལ་དུ་འཐུམ་པ་བཞིན། །ཆོས་པ་རྣམས་ཀྱང་ཆོས་ཀྱིས་བཅིངས། །གྲོལ་བ་འདོད་ཀྱང་སླར་ཡང་འཆིང་། །མི་དགེ་སྤོང་བ་མང་ལགས་ཏེ། །དགེ་བ་སྤོང་བ་སྲིད་པ་ཙམ། །རྟོག་པའི་ཆོས་པ་མང་ལགས་ཏེ། །སྙེམས་ཐག་ཆོད་པ་སྲིད་པ་ཙམ། །ལྟ་བ་རྟོགས་པ་མང་ལགས་ཏེ། །མཐའ་དང་བྲལ་བ་སྲིད་པ་ཙམ། །མི་རྟོག་བསྒོམ་པ་མང་ལགས་ཏེ། །ཡིད་ལ་མི་བྱེད་སྲིད་པ་ཙམ། །འབྲས་བུ་ཐོབ་


KMC019_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་ལགས་ཏེ། །རེ་དོགས་མེད་པ་སྲིད་པ་ཙམ། །ཤེས་རབ་ཆེ་བ་མང་ལགས་ཏེ། །སེམས་ངོ་ཤེས་པ་སྲིད་པ་ཙམ། །མི་ཆོས་སྤངས་པ་མང་ལགས་ཏེ། །ལྷ་ཆོས་སྤོང་བ་སྲིད་པ་ཙམ། །བྱ་མེད་དོན་གཅིག་མ་རྟོགས་ན། བྱས་པའི་ཆོས་ཀྱིས་འཚང་མི་རྒྱ། ལར་རྒན་མོ་ང་ཡི་ཆོས་བཤད་ཀྱང་། །ཉལ་བས་ཆོག་པའི་ཆོས་ལགས་ཏེ། །ཉལ་དུ་མི་འདོད་བྱ་བྱད་མང་། །བྱས་པ་མི་རྟག་འདུས་བྱས་ཏེ། །འདུས་བྱས་བསླུ་བའི་ཆོས་ཅན་ཡིན། བསླུ་བའི་ཆོས་ལ་ཡིད་མ་གཏོད། །དེ་བས་རྒྱུ་དང་རྐྱེན་བྲལ་བས། །རང་སེམས་རང་བཞིན་སྟོང་པ་ལ། །བཅས་བཅོས་མ་བྱེད་རང་སར་ཞོགས། །རང་གྲོལ་བདེ་བ་ཆེན་པོ་ཡིན། །ཞེས་སོགས་རྒྱ་ཆེར་བསྟན་ཞིང་། །དེ་ཡང་ཅི་ཡང་ཡིད་ལ་མི་བྱེད་བ་ནི་དུས་གསུམ་རྒྱལ་ཀུན་སྐྱེད་པའི་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། །དེ་ཡང་དབྱེ་ན་གསུམ། །གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིག་དང་ཐ་


KMC019_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་དུ་བཤད་པ་གྲོང་གཏམ་འཆད་པ་ལྟ་བུ། ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོགས་གཉིས་སྔོན་དུ་བསགས་པ་མགྲོན་པོ་ལམ་དུ་ཞུགས་པ་ལྟ་བུ། སྙིང་པོ་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས་སྐྱེ་བ་མེད་པ་གཏན་ལ་ཕབ་ནས་སྣ་ཚོགས་གྲོགས་སུ་ཁྱེར་བ་གླང་ཆེན་སྨྱོན་པ་དུལ་བ་ལྟ་བུ་སྟེ། ཕྱི་མ་ནི། མ་ཅིག་གིས། ཅི་ཡང་ཡིད་ལ་མ་བྱས་ན། །དམིགས་མེད་ངང་ལ་བཞག་པ་ཡིན། །ཞེས་དང་། ཡུམ་ཆེན་དེ་ཡི་དོན་རྟོགས་ན། །མཚན་མ་ཡིད་ལ་མི་བྱེད་ན། །ས་ལམ་རིམ་པ་མ་སྦྱངས་ཀྱང་། །ཡུམ་ཆེན་ཀློང་ན་གནས་པར་འགྱུར། །རྩོལ་བའི་ནད་རྣམས་ཞི་བར་འགྱུར། །རྩ་བ་མེད་པ་དེ་ཡི་ནི། །དུས་གསུམ་སངས་རྒྱས་གདུང་ཟིན་ནས། །སྐྱེ་མེད་པ་ལ་གནས་པར་འགྱུར། །གང་ཞིག་སྐྱེ་མེད་རབ་ཤེས་ཤིང་། །དམིགས་མེད་དོན་ལ་གང་འཇོག་པ། །བདུད་རྣམས་ཟིལ་གྱིས་ནོན་པར་འགྱུར། །ཞེས་གསུངས་པས། དེ་ལྟར་སེམས་ཀྱི་བྱུང་ཚོར་མི་དགག་


KMC019_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་ལུགས་སུ་བཞག་པ་ཡང་།དེ་ཉིད་ལས། འགྱུ་བ་ཅི་དང་ཅི་བྱུང་ཡང་། །ཆེད་ཕྱིར་གང་ཡང་མི་བྱེད་པ། །བྱུང་ཚོར་མ་འགོག་རིགས་ཀྱི་བུ། །ལུས་སེམས་མ་བཅོས་རིགས་ཀྱི་བུ། །འདུ་ཤེས་མ་འཇུག་རིགས་ཀྱི་བུ། །གང་ལ་དགའ་ཞིང་བྱེད་པ་དེ། །དམིགས་སུ་མེད་པས་མ་ཟིན་ན། །ཕ་རོལ་ཕྱིན་པ་དོན་མེད་པས། །བདུད་ཀྱི་དབང་དུ་སོང་བ་ཡིན། །ཞེས་དང་། བཀའ་ཚོམ་ལས། ལྟ་སྒོམ་བརྡའ་རུ་བསྟན་པ་ལས། །ངེས་པར་ཡིད་ལ་བྱ་རྒྱུ་མེད། །ཅེས་དང་། སྣང་སྟོང་ཡིད་ལ་མ་བྱས་པས། །རྟག་ཆད་མེད་པར་ལམ་དུ་འགྲོ །གཉིས་མེད་ཡིད་ལ་མ་བྱས་ན། །སྐྱེ་མེད་མུ་བཞིའི་བདུད་ལས་གྲོལ། །ཤེས་བྱའི་སྒྲིབ་པ་རང་སར་གྲོལ། །གཟུགས་དང་ཚོར་བ་འདུ་ཤེས་སོགས། །ངེས་པར་ཡིད་ལ་མ་བྱས་ན། །ཁམས་གསུམ་གནས་ལས་གྲོལ་བར་འགྱུར། །གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཡིད་ལ་མ་


KMC019_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལམ་མཆོག་ཏུ། །རྒྱལ་བའི་བཀའ་ལས་གསུངས་པར་ངེས། །ཡིད་ལ་མ་བྱས་རྟོགས་གྱུར་ན། །ཡིད་ཀྱི་འགྱུ་བ་དགག་མི་དགོས། །ཡིད་འགྱུ་བཞིན་དུ་རང་སར་གྲོལ། །ཞེས་སོགས་གསུངས་པས། སྣང་སྟོང་ཞེས་མན་ཆད་ལ་འགྲེལ་ན། སྣང་བ་རྟག་པའི་མཐའ་དང་། སྟོང་པ་ཆད་པའི་མཐའ་ཡིན་པས། །སྣང་སྟོང་གང་ཡང་ཡིད་ལ་མ་བྱས་པར་མཐའ་གཉིས་ལས་གྲོལ་བར་བསྟན། རིག་པ་སྣང་སྟོང་ཙམ་ཡིད་ལ་བྱེད་པ་སྨོས་ཅི་དགོས་ཏེ། ཤིན་ཏུ་ཕྲ་བ་གཉིས་མེད་ཙམ་ཡང་ཡིད་ལ་མ་བྱས་པས། འདུ་ཤེས་ཡོད་པ་དང་། འདུ་ཤེས་མེད་པ་དང་། ཡོད་མིན་མེད་མིན་དང་། ནམ་མཁའ་མཐའ་ཡས་ལྟ་བུ་མུ་བཞི་གང་ཡང་ཡིད་ལ་མ་བྱས་པས། དེ་བཞིའི་གོལ་སའམ། ནོར་ས་ལས་གྲོལ་བའོ། །རགས་པ་ལྟ་ཞོག །ཤིན་ཏུ་བློ་ཕྲ་བུའི་གཉེན་པོ་ཆ་ཕྲ་ཞིང་ཕྲ་བ་ཡང་ཡིད་ལ་མི་བྱེད་པས་སོ། །གཟུགས་ཞེས་པ་གོ་བདེ་བས་མ་སྤྲོས་ལ། གང་ཡང་ཡིད་ལ་བྱེད་པ་


KMC019_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི་གཟུང་འཛིན་གྱི་རྟོག་པ་ཡིན་ཅིང་། ཡིད་རྟོག་པའི་འཕྲོ་འདུ་དང་བྲལ་བ་ནི་གནས་ལུགས་མ་བཅོས་པའི་ཆོས་སྐུ་ཡིན་པའི་ཕྱིར། །ས་དང་ལམ་ཐམས་ཅད་ངོ་བོ་ཉིད་ཀྱིས་རྫོགས་པའོ། །ཡིད་ལ་མ་བྱས་པའམ་མཆོག་ཏུ་བསྟན་པ་ནི། །རྒྱས་བ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཟུགས་ཡིད་ལ་མི་བྱེད་པ་སོགས་གསུངས་པས་སོ། །ཡིད་རྩ་བྲལ་སྐྱེ་འགགས་དང་བྲལ་བའི་དོན་རྟོགས་ན། དྲན་པ་འགྱུ་བྱེད་ཆེད་དུ་དགག་མི་དགོས་ཏེ། །དཔེར་ན་སྨིག་རྒྱུའི་མཚང་ཤེས་ན་ཆུ་མིན་པར་ཐག་ཆོད་པ་ལྟ་བུའོ། །ཨཱརྱ་དེ་ཝས། རང་བཞིན་འོད་གསལ་ཆེན་པོའི་དོན། །ཡིད་ལ་བྱེད་པ་ཀུན་དང་བྲལ། །དྲན་རྟོག་རང་བཞིན་གྱིས་སངས་པའི། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཞེས་དུས་གསུམ་གྱི་རྟོག་པ་ཐམས་ཅད་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་རིག་པའི་ཞེན་པ་དང་བྲལ་ཞིང་མུན་པ་སངས་ནས། སྐྱེ་འགགས་


KMC019_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་གྱི་མཐའ་དང་བྲལ་ཞིང་། རང་བཞིན་གྱི་རྒྱས་པའི་ཆོས་ཉིད་གཞི་ཆོས་ཉིད་གཞི་བཅོས་སླད་དང་བྲལ་བའི་གཞིའི་སངས་རྒྱས་ཞེས་ཐ་མལ་གྱིས་ཤེས་པ་དེ་སྒོམ་བྱུང་ཤེས་རབ་ཀྱིས་རྗེས་སུ་དྲན་པའི་དོན་ནོ། །མ་ཅིག་གིས། །སངས་རྒྱས་བྱ་བའི་ཡིན་ཚུལ་ནི། །འཛིན་པ་བྱ་བ་ཀུན་སངས་ནས། སྐྱེ་མེད་རང་བཞིན་ཡེ་ནས་རྒྱས། །སངས་རྒྱས་ཞེས་ནི་དེ་ལ་བྱ། །ཞེས་སོགས་གསུངས་སོ། །འདི་གང་ཟག་བློ་ཆུང་བ་འགས་ཡིད་ལ་མི་བྱེད་ཟེར་བ་འདི་ཧ་ཤང་གི་ལྟ་བར་འདུག་སྙམ་སྟེ། ཡིད་ལ་མི་བྱེད་ཟེར་ཚད་ཧ་ཤང་ཡིན་པར་འདོད་ན། མདོ་རྒྱུད་དུ་མ་ནས་ཡིད་ལ་མི་བྱེད་པར་གསུངས་འདུག་པས། དེ་དབྱེ་བསལ་མ་ཤེས་ན་རི་བོང་ཀྱལ་འགྲོགས་ཀྱི་ཚིག་ལ་སྙིང་པོ་མེད་དེ། དབྱེ་བསལ་ཤེས་པ་ལ་དང་པོ་ཧ་ཤང་གི་ལྟ་བ་ཤེས་དགོས་པས་འདི་ལྟར། ཧ་ཤང་ནི་སེམས་ཀྱི་ངོ་བོ་ལ་བལྟས་པས་ཕྲ་རགས་ཀྱི་རྟོག་ཚོགས་ཐམས་ཅད་ཞི་མལ་དུ་སོང་བ་


KMC019_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མི་རྟོག་པ་ཟེར། དེ་རྒྱུན་མཐུད་པའི་ཞི་གནས་དེ་ལ་སྒོམ་གྱི་མཐིལ་དུ་བྱེད། མིང་དཀར་པོ་ཆིག་ཐུབ་ཏུ་བཏགས། ཁོས་མདོ་སྡེ་མང་པོ་བློར་ཆུད་པས། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་དང་དགེ་འདུན་ལའང་དེ་ལྟར་གསུངས་པ་རྣམས་སྒྲ་ཇི་བཞིན་པར་འདོད། ཞི་གནས་མཐུག་པོ་དེ་ལ་གཙོར་འཛིན་གྱི་རྟོག་ཚོགས་གང་བྱུང་ཡང་དེ་སྒྲིབ་པའི་ཆ་ལ་འདོད། ཕྱག་རྫོགས་ཞི་གཅོད་རྣམས་ཀྱི་རང་གྲོལ་སོ་མའི་ཡེ་ཤེས་ཀྱི་ལྷག་མཐོང་དེ་ལ་མེད་དོ། །འདིའི་སྐབས་སུ་ཡིད་ལ་བྱར་མེད་གསུངས་པ་ནི་དབང་པོར་རབ་ཞི་གནས་ལ་ལྟོས་མི་དགོས་པའི་རིགས་ལ་གསུངས་པས། སེམས་ཀྱི་ངོ་བོ་ཡེ་ནས་སྟོང་པ་ལ་སྟོང་པ་བསྒྲུབ་མི་དགོས་ཏེ། རྗེ་མི་ཏྲ་ཛོ་ཀིས། རྣམ་རྟོག་སྟོང་པ་མིན་ན། མི་རྟོག་པ་བསྒོམ་དགོས་ཀྱང་། རྣམ་རྟོག་སྟོང་པར་འདུག་པ་ལ་མི་རྟོག་པ་ཆེད་དུ་བསྒོམ་མི་དགོས། ཐག་ཉེ་བ་བཞག་


KMC019_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་རིང་བ་བསྐོར་ནས་ཅི་བྱེད་གསུངས། དེ་ལ་རྣམ་རྟོག་གང་ཤར་བཟོ་བཅོས་མེད་པར་བཞག་པ་ནི། །ཁྲི་བརྒྱད་སྟོང་པ་ལས། ཤྭ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཆོས་ཐམས་ཅད་དངོས་པོར་མི་རྟོག །མཚན་མར་མི་འཛིན། ཡིད་ལ་མི་བྱེད་པ་དེ་ནི་ཁམས་གསུམ་དུ་གོལ་བར་མི་འགྱུར། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྟུང་བར་མི་འགྱུར་རོ། །ཞེས་དང་། སྡུད་པ་ལས། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མཐའ་དང་། །ད་ལྟར་བྱུང་བ་མི་དམིགས་དུས་གསུམ་དག་པ་སྟེ། །གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། ཀ་མ་ལ་ཤཱི་ལའི་སྒོམ་རིམ་དུ། ཤེས་པ་ཅི་ལ་ཡང་མི་གནས། ཅི་ལ་ཡང་མི་རྟོག །ཅི་ལ་ཡང་སེམས་པ་མེད་པ་བྱེད་པ་ཐམས་ཅད་སྤངས་ཏེ། ཞེས་སོགས་དུ་མ་ཡོད་ཀྱང་དེ་ཙམ་གྱི་མ་གོ་བ་མེད་དོ། །དེ་ལྟར་སེམས་རང་བཞིན་གྱིས་རྣམ་པར་


KMC019_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་སྤྲོས་པའི་མཐའ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པའི་ཚེ། བསྒོམ་བྱའི་དངོས་པོ་མ་གྲུབ། བསྒོམ་མཁན་གྱི་བདག་མ་གྲུབ། བསྒོམས་པའི་འབྲས་བུ་མ་གྲུབ་པར་གདོད་མའི་གནས་ལུགས་ཀྱི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་སེམས་སྐྱེ་མེད་ཀྱི་ཀློང་དུ་ཆ་མཉམ་པར་བཞག་གོ །མ་ཅིག་གིས། ལྟ་བ་ཀ་དག་མཐའ་བྲལ་འདི། །དམ་ཆོས་བརྒྱ་ཡི་དོ་ཟླ་མིན། །བལྟས་པས་མ་མཐོང་ཕ་རོལ་ན། །བསྒོམ་རྒྱུ་མེད་པ་ཐག་གིས་ཆོད། །ཅེས་ཀ་དག་དང་། གདོད་མ་དང་། ཡེ་ཞེས་པ་རྣམས་དོན་གཅིག་པ་ཡིན་ཏེ། གདོད་ནས་སེམས་ཁོ་རང་ཡེ་དག་ཡིན་པ་ལ། དེའི་སྟེང་དུ་བཞག་ཅེས་པ་དང་། མ་བསྒོམ་མ་དཔྱོད་ཡིད་ལ་བྱར་མེད་བྱས་པའི་ཚེ། བློ་ཆུང་བ་རྣམས་གདོད་ཀྱི་གནས་ལུགས་ཟབ་མོ་ལ་སྐྲགས་ནས་བློས་བྱས་དུ་མ་ཞིག་བསྒོམ། འགའ་ཞིག་གིས་ལུང་དང་རིག་པའི་འཐད་འཐད་མང་པོར་


KMC019_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་ནས་དཔྱད། རེས་འགས་སྟོང་པ་ལ་མཆོག་ཏུ་འཛིན། རེས་འགས་ཞི་གནས་གཏིང་པོ་ཞིག་ལ་སེམས་འཛིན་ནས་ལོག་པའི་ལྟ་སྒོམ་དུ་མ་ཞིག་ལ་ཡིད་བརྟན་འཆའ་ཞིང་། གདོད་ནས་སྟོང་པ་ཡིན་པར་མ་ཤེས་ཏེ། སྟོང་པ་ལྟ་བུ་ཞིག་བསྒོམ་ན། ད་གཟོད་འབྲས་བུའང་སྟོང་པ་ཞིག་ལས་གཞན་མེད་པས། དེ་རྣམས་ནི་ཟབ་མོའི་དོན་ལ་ཕྱོགས་ཙམ་ཡང་ཉེ་བ་མ་ཡིན་ཏེ། འཇམ་དཔལ་མིའི་གཟུགས་ཀྱི་རྣམ་རོལ་རྗེ་བདག་ཉིད་ཆེན་པོས། གནས་ལུགས་ཟབ་མོའི་དོན་ལ་སྐྲག་གྱུར་ནས། །བློས་བྱས་ཉི་ཚེ་སྟོང་པ་མཆོག་འཛིན་པའི། །ལོག་པའི་ལྟ་ངན་མཐའ་དག་རབ་སྤངས་ཏེ། །ཆོས་ཀུན་གདོད་ནས་སྟོང་པ་རྟོགས་པར་ཤོག །ཅེས་གསུངས་པ་ནི་གནད་ཆེ་ཤོས་སུ་འདུག་གོ །དེ་ལྟར་འཇོག་པའི་ཚེ་རྣམ་རྟོག་ཐོལ་ཐོལ་སྐྱེས་ཀྱང་ཆུ་དང་རླབས། ནམ་མཁའ་དང་སྤྲིན་ལྟ་བུ་ཤེས་པར་བྱ། ད་མདོར་བསྡུ་ན་སྒོམ་བྱས་ཚད་ལ་གཉིས་སུ་འཛིན་པས་ཕུང་བ་


KMC019_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། སྟོང་ཙམ་རིག་ཙམ་དྲན་ཙམ། དེ་བཞིན་དུ་དགེ་བ་སྡིག་པ་ཐམས་ཅད་ལ་སྟོང་བྱ་སྟོང་བྱེད། རིག་བྱ་རིག་བྱེད། དྲན་བྱ་དྲན་བྱེད། དགེ་བ་བསྒྲུབ་བྱ་བསྒྲུབ་བྱེད། མི་དགེ་བ་སྤང་བྱ་སྤོང་བྱེད་ཀྱི་བློ་གཉིས་སུ་ཡོད་པ་འདི་ཐམས་ཅད་བློ་གཉིས་འཛིན་ཡིན། ཡོད་པ་བསྒོམ་ཀྱང་བློ། མེད་པ་བསྒོམ་ཀྱང་བློ་སྟེ། མདོར་ན་བསྒོམ་ཚད་བློ་དང་གཉིས་འཛིན་ལས་འགྲོ་ས་མེད་པས་གྲོལ་བའི་སྐབས་མི་རྙེད་དོ། །ཇི་སྐད་དུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །འོ་ན་གང་སྙམ་ན། གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ནི་སྟོང་པ་ཉིད་མི་བསྒོམ། མི་རྟོག་པའང་མི་བསྒོམ། བཟང་རྟོག་ལ་སོགས་པའི་རྟེན་གང་ཡང་མི་བསྒོམ། རྣམ་རྟོག་ངན་པ་ལ་སོགས་གང་ཡང་མི་སྤོང་། ཡིད་ལའང་མི་བྱ། གཉིས་འཛིན་གྱི་བློ་སྤང་དགོས་བསམ་ཡང་གཉིས་འཛིན་ཡིན། ཡང་ཁོ་རང་སྟོང་པར་འདུག་གམ། མི་རྟོག་པ་འདུག་གམ།


KMC019_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་འཆར་རམ། སྐྱོན་འཆར་རམ། གནས་སམ། འགྱུ་འམ། དབང་པོ་ལྔ་ལ་རྒྱུའམ། མ་རྒྱུའམ། གང་ལྟར་བྱེད་ཀྱང་བྱེད་དུ་འཇུག །གཉིས་འཛིན་དང་བྲལ་ན་ཡེ་ཤེས་ཤུགས་ཀྱི་མི་འཆར་བའི་དབང་མེད། སྤྲིན་དེངས་ན་ཉི་མ་ཤུགས་ལ་འཆར་བ་དང་འདྲ། འོ་ན་རྣམ་རྟོག་ཤར་ན་ཇི་ལྟར་བྱ་ཞེ་ན། དེ་ག་རང་དུ་བཞག་པས་རང་སར་ཡལ་ནས་འགྲོ །དྲན་པ་དང་རྟོག་པ་འདི་ཉན་རང་གཉིས་ཀྱིས་སྤང་བར་འདོད། སེམས་ཙམ་པས་དགག་པར་འདོད། ཕར་ཕྱིན་པས་བཤིག་པར་འདོད། གསང་སྔགས་པས་བསྒྱུར་བར་འདོད། དབུ་མ་པས་ངོ་བོ་ཉིད་ཀྱིས་སྟོང་པར་འདོད། ཕྱག་ཆེན་པས་སྣང་བ་ལམ་དུ་ཁྱེར་བར་འདོད། རྫོགས་ཆེན་པས་ཡེ་གྲོལ་དུ་འདོད། དེ་ཐམས་ཅད་གནས་ལུགས་རྟོགས་པའི་བཤེས་གཉེན་གྱིས་མ་ཟིན་ན་ཐམས་ཅད་ལ་གཉིས་འཛིན་གྱི་གོལ་ས་རེ་ཡོད་པ་ཡིན། གཅོད་ཡུལ་པས་བཟང་རྟོག་ངན་རྟོག་གང་ཡང་ཆེད་དུ་མི་སྤང་། མི་


KMC019_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འགོག །མི་བཤིག །མི་བསྒྱུར། མི་སྟོང་། རྒྱས་མི་འདེབས། ཡེ་གྲོལ་རང་བཞིན་གྱིས་མ་གྲུབ་པའི་ངང་དུ་འཇོག །འཇོག་ཅེས་པའང་ཚིག་བླ་དྭགས་ཡིན། འཇོག་དང་མི་འཇོག་གང་ཡང་མེད་དོ། །ཟབ་དོན་ལས་རང་བཞིན་ཤེས་ནས་སྤང་བསྒྱུར་ཀུན་གྱི་མཆོག་ཏུ་གསུངས་སོ། །ཁྱད་པར་སེམས་མི་རྟོག་པ་ཁོ་ན་ལ་ལམ་བྱས་ནས་ཀུན་རྫོབ་དགེ་བ་ཙམ་བསྒྲུབ་ན་མུ་བཞིའི་གནས་སུ་གོལ། དགེ་བ་སྤངས་ན་དུད་འགྲོར་གོལ།དེ་ནི་ཀུན་གཞི་བསྒོམས་པ་ཡིན། སྒོ་ལྔ་དྭངས་གསལ་མ་བཅོས་པ་ལ་ལམ་དུ་བྱས་ནས་བསྒོམ་ན་གཟུགས་ཁམས་སུ་གོལ། དེ་ནི་ཀུན་གཞིའི་རྣམ་ཤེས་སམ།སེམས་ཀུན་རྫོབ་པ་བསྒོམས་པ་ཡིན། ཚོགས་དྲུག་ཡུལ་དུ་བྱས་ནས་ཤར་གྲོལ་ལ་ལམ་དུ་བྱས་ཏེ་བསྒོམ་ན་འདོད་ཁམས་སུ་གོལ། དེ་སྒོ་ལྔའི་རྣམ་ཤེས་བསྒོམས་པ་ཡིན་ཏེ། ཨཱརྱ་དེ་ཝས། ཕྱི་ནང་ལྷ་འདྲེས་འཁོར་དང་འདས། །སྣང་དང་སྟོང་པ་ལ་སོགས་པའི། །


KMC019_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྣང་བྲལ་བ་སངས་རྒྱས་ཀྱི། །དགོངས་པ་མ་ནོར་མ་བཅོས་པའོ། །ཞེས་གསུངས་པ་ལས་གཞན་མི་སྨྲའོ། །ཤེས་རབ་དེ་མངོན་དུ་གྱུར་པའི་ཐབས་ལ་བསྟན་པ་ནི། ཡང་ཨཱརྱ་དེ་ཝས། འོན་ཀྱང་ཐབས་ལ་མ་བརྟེན་པར། །ཤེས་རབ་མངོན་དུ་མི་འགྱུར་རོ། །སོ་ནམ་སྔོན་དུ་མ་སོང་བའི་ལོ་ཏོག་མི་འབྱུང་བ་དང་མཚུངས། །ཞེས་སྦྱིན་པ་ནས་བསམ་གཏན་བར་གྱི་དགེ་བའི་རྩ་བ་རྣམས་རྫོགས་དགོས་ཏེ། སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་ཐོབ་མི་བྱེད། །ཅེས་གསུངས་སོ། །དེ་ཡང་དགེ་རྩ་ཐམས་ཅད་ཀྱི་ནང་ནས་བྱང་ཆུབ་ཀྱི་སེམས་གཉིས་ལས་ལྷག་པ་མེད་པས་ཟུང་འབྲེལ་དུ་བསྒོམ་དགོས་ཏེ། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་པས་ཀྱང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་


KMC019_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བར་ནུས་པ་དེས། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་དང་། དམ་པས། སྙིང་རྗེ་མ་སྐྱེས་ན་རྟོགས་པ་མི་སྐྱེ། ཉ་ཆུ་ལ་འོངས། སྐམ་ལ་མི་འོངས། །དེ་བཞིན་དུ་སྟོང་ཉིད་རྟོགས་པ་ལ་སྙིང་རྗེ་མེད་མི་སྲིད་གསུངས། ཡ་བྲལ་དུ་སོང་ན། ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་དང་། སྟག་ཚང་ལོ་ཙྪ་བ་ཤེས་རབ་རིན་ཆེན་གྱིས། མི་ཚེ་ཆོས་ལ་བསྐྱལ་ཟེར་ཡང་། སྒོམ་གྱི་གནད་མི་ཤེས་པའི་སྒོམ་ཆེན་འདི་ཚོ། ཚེ་སྟོང་ཟད་བྱས་པས་མི་ཆོག །ཕྱི་མར་དུད་འགྲོ་དང་གཟུགས་མེད་པའི་ལྷར་སྐྱེ། དེ་བས་ཀྱང་སྟོང་པ་ཞེན་པ་རྣམས་ནི་དམྱལ་བ་ཐར་མེད་དུ་སྐྱེ་བར་འདུག །མི་ཚེ་སྟོང་ཟད་མཉམ་པ་ལ་འཇིག་རྟེན་པ་འདི་ཚོ་ཕྲལ་རྐང་སྐྱིད་པ་འདུག་གསུངས་པས། དེ་ཡེ་གྲོལ་དུ་མ་ཤེས་པ་དང་། རྩལ་སྙིང་རྗེ་ཆེན་པོ་མ་ཤར་བ་རྣམས་ལ་གསུངས། གྲུབ་ཐོབ་སྨྱོས་སྐྱི་ཁུང་པས་ཀྱང་།


KMC019_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལོ་བཞི་བཅུའི་བར་དུ་བསྒོམས་ཀྱང་ཡོན་ཏན་སྣ་གཅིག་མ་སྐྱེས། ཕྱིས་གྲུབ་ཐོབ་ཡུ་མོ་བ་དང་མཇལ་བའི་ཚེ་ཞག་བདུན་གྱིས་རྟོགས་པ་རྙེད་པ་དང་། ཡང་སྙིང་རྗེ་ཁོ་ན་བསྒོམ་ཡང་། མདོ་སྡེ་ལས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཤས་མི་བཟོད་པ་སྐྱེས་ཤིང་། ཉིན་མཚན་གཉིས་ཀར་མིག་ནས་མཆི་མ་མ་ཆད་པར་ངུས་ཀྱང་། མྱ་ངན་ལས་མི་འདའ་གསུངས་སོ། །ཡང་ཐོས་བསམ་ཁོ་ནས་ཕྱི་ནང་གི་གནས་ཐམས་ཅད་གཏན་ལ་ཕབ་ཀྱང་། སྒོམ་པའི་གནད་ལ་མ་བསླབ་ན། ཐོས་བསམ་ཇི་ལྟར་ཆེ་ཡང་ཆུའི་ལྦུ་བ་བརྩེགས་པ་ལྟར་འཁོར་བའི་ཚ་གདུང་སེལ་མི་ནུས་ཤིང་། རྔོག་ལོ་ཐམས་ཅད་མཁྱེན་པ་འཇམ་དཔལ་གྱི་རྒྱུད་ནས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་ཡིན་ཀྱང་། རྗེས་འཇུག་ལ་དགོངས་ནས་སྐུ་གཤེགས་ཁར། ལྦུ་བ་རབ་བརྩེགས་རྡོལ་བའི་ཕུང་པོ་འདི། །རི་མཆོག་འདྲ་བའི་རང་བཞིན་ཉིད་དུ་བསྟན་ནས་བསླུས། །ཞེས་སྒོམ་པའི་ཤེས་རབ་མ་བྱུང་


KMC019_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐུགས་སུན་པའི་ཚུལ་བསྟན་པ་དང་། གཉེན་ཆུང་ལོ་ཙྪ་རྒྱ་གར་དུ་ལན་གསུམ་ཕྱིན་ནས་མདོ་རྒྱུད་གཉིས་ལ་ཐོས་བསམ་བརྡ་བསྒྱུར་ཤེས་ཀྱང་ལྟ་བ་མ་རྟོགས་པར། རྗེས་སུ་མ་ཅིག་དང་མཇལ་ནས་རྟོགས་ཚུལ་གསུངས་པ་རྣམས་ལ་གོ་རྒྱུ་ཆེན་པོ་འདུག་གོ །དེ་ལྟར་ཟུང་འཇུག་ཏུ་དགོས་པ་ཡང་། སྡུད་པ་ལས། དམུས་ལོང་མིག་བུ་མེད་པ་བྱེ་བ་ཕྲག་ཁྲིག་རྣམས། ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པ་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདིས། །མིག་བུ་མེད་པས་བྱང་ཆུབ་རེག་པར་ག་ལ་ནུས། །ཞེས་ཤེས་རབ་དགོས་པའི་ཚུལ་དང་། ཡང་དེ་ཉིད་ལས། བྱང་ཆུབ་སེམས་པ་སྔོན་གྱི་མཐའ་དང་ཕྱི་མཐའ་དང་། །ད་ལྟར་བྱུང་བར་མི་དམིགས་དུས་གསུམ་དག་པ་སྟེ། །གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཅེས་ཤེས་རབ་ཀྱི་ཚུལ་དང་གཉིས་པ་ལ། མདོར་


KMC019_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེ་དག་གི་དོན་ཐམས་ཅད་མ་ཅིག་ཞལ་ནས་གཅེས་པ་རྣམ་པ་དྲུག་གིས་བསྟན་ཏེ། ཇི་སྐད་དུ། མ་རིག་རྒན་མོ་ལོང་བ་འདྲ། །མཚན་ལྡན་བླ་མ་ཤིན་ཏུ་གཅེས། །མ་རྟོགས་ཤེས་པ་སྲིན་བུ་འདྲ། །བརྒྱུད་པའི་མན་ངག་ཤིན་ཏུ་གཅེས། །ཚིག་གི་ཁ་ད་ནེ་ཙོ་འདྲ། །ཉམས་སུ་ལེན་པ་ཤིན་ཏུ་གཅེས། །བློས་བྱས་ཉམས་རྟོགས་ན་བུན་འདྲ། །རིག་པ་གཅུན་པ་ཤིན་ཏུ་གཅེས། །འཁྲུལ་པའི་བག་ཆགས་གཅོང་ནད་འདྲ། ཐོག་ཏུ་བཀལ་བ་ཤིན་ཏུ་གཅེས། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་འདྲ། །ཟུང་དུ་འཇུག་པ་ཤིན་ཏུ་གཅེས། །ཞེས་གསུངས་པས། གཞན་རྣམས་གོང་དུ་བསྟན་ཟིན་ལ། དང་པོའི་དོན་སྔོན་འགྲོའི་སྐབས་སུ་རྒྱས་པར་བཤད་དུ་ཡོད་ནའང་། ངེས་དོན་བསྟན་པའི་བླ་མ་ནི་ཤིན་ཏུ་གནད་ཆེ་བའི་དབང་གིས་འདིར་ཡང་ཅུང་ཟད་འཆད་པར་བྱ་སྟེ། དེ་ལ་མཚན་ལྡན་བླ་མ་ཤིན་ཏུ་གཅེས། ཞེས་པ་ནི་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་ཞིག་


KMC019_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། དབུ་རེག་ཞབས་རྗེན་ཆོས་གོས་རྣམ་གསུམ་གྱོན་ཚད་དང་། ལྕང་ལོ་གོས་དཀར་བྱས་ཚད། ཌ་རྐང་སྒོམ་ཐག་ཐོགས་ཚད། དབང་ལུང་ཡོད་ཙམ་གྱིས་མི་ཆོག་ཅིང་། བྱང་ཆུབ་སེམས་ཀྱིས་རྒྱུད་འབྱོང་ཞིང་། །ཕྱག་རྫོགས་དབུ་གསུམ་དོན་གཅིག་ཏུ་རྟོགས་པའི་ཉམས་མྱོང་ཡོད་པ་ཞིག་མེད་དུ་མི་རུང་ལ། ཐོས་པ་ཙམ་ནི་བུ་རམ་གྱི་ལོ་རྒྱུས་རྣ་བས་ཐོས་ཀྱང་མིག་གིས་མ་མཐོང་བ་དང་འདྲ། བསམ་པ་ནི་མིག་གིས་མཐོང་ཡང་རོ་མ་མྱོང་བ་དང་འདྲ། སྒོམ་པ་ནི་རོ་མྱོང་ཞིང་དེའི་ཁ་མངར་རྒྱུ་མཚན་ཤེས་པ་དང་འདྲ་བས། ཁྱད་པར་དུ་སྒོམ་ཉམས་རྒྱུས་ཡོད་པ་ཞིག་གལ་ཆེ་ལ། དམ་པས། གཉིས་འཛིན་ཐེ་ཚོམ་སྤྲོས་པ་རྣམས། །བཀའ་བརྒྱུད་བླ་མའི་གསུང་གིས་བཀྲོལ། །དེ་བཞིན་བླ་མའི་གསུང་བཞིན་སྒྲུབས། །ཞེས་དང་། ཡང་དེ་ཉིད་ལས། མིང་དང་ཐ་སྙད་བསམ་འདས་ཀྱང་། །ཁྱད་པར་བླ་མའི་གྲུ་བོ་ཡིས། །སད་པའི་དད་


KMC019_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གུས་མོས་སྐོམ་ལ། །བྱིན་རླབས་གདམས་ངག་བདུད་རྩིས་བརླན། །ཞེས་དང་། སྡེ་སྣོད་རིན་པོ་ཆེ་བསྟན་པའི་མདོ་ལས། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་འདོད་ན། དེ་བཞིན་གཤེགས་པའི་བཀའ་དྲི་མ་མེད་པ་དང་། དེ་ལ་བརྟེན་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་མན་ངག་རིན་པོ་ཆེ་ལས་རྟོགས་པར་བྱའོ། །ཞེས་གསུངས་པས། ཆོས་དང་བླ་མ་བཙལ་བའི་ཚུལ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ནོར་བཟང་གིས་ལྷོ་ཕྱོགས་ནས་ལྷོ་ཕྱོགས་སུ་རྒྱལ་བ་བྱམས་པ་མགོན་པོ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཙལ་བ་ལྟར་དང་། ནཱ་རོས་ཏེ་ལོ། མར་པས་ནཱ་རོ། མི་ལས་མར་པ། རྟག་ཏུ་ངུས་ཆོས་འཕགས་བཙལ་བ་ལྟར་བྱས་ལ་དམ་པའི་ཆོས་ཀྱང་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་དང་།


KMC019_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལང་གཤེགས་ལས། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་ཤེས་ལ་མི་རྟོན་པ་དང་། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པའོ། །ཞེས་དང་། མྱང་འདས་ལས། བདག་བྱང་ཆུབ་ལ་ནན་ཏན་དུ་བྱེེད་པས། གཞན་ཡང་བྱང་ཆུབ་ལ་ནན་ཏན་བྱེད་དུ་འཇུག་པ་སྟེ། དེ་ནི་དགེ་བའི་བཤེས་གཉེན་དམ་པ་ཞེས་བྱའོ། །ཞེས་གསུངས་པས་བདག་རྐྱེན་གཞན་རྐྱེན་མདོ་སྡེའི་རྐྱེན་དང་གསུམ་ཚོགས་པར་བྱའོ། །གཉིས་པ་རྗེས་ཐོབ་ཏུ། སྒྱུ་མའི་དཔེ་བཞིན་ཤེས་པར་བྱ། གསུངས་པས། དེའི་དོན་ནི། མདོ་ཏིང་འཛིན་རྒྱལ་པོ་ལས། །ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དྭངས་པར་ཟླ་


KMC019_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ། །དེ་ཡི་གཟུགས་བརྙན་དྭངས་ཐའི་མཚོར་སྣང་སྟེ། །ཟླ་བ་ཆུ་ཡི་ནང་དུ་འཕྲོས་པ་མིན། །ཆོས་ཀུན་མཚན་ཉིད་དེ་འདྲར་ཤེས་པར་གྱིས། །ཇི་ལྟར་མི་དག་ནགས་རིའི་ཁྲོད་འཇུག་ནས། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །བྲག་ཆ་ཐོས་ཀྱང་སྣང་བ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །གླུ་དང་རོལ་མོ་དེ་བཞིན་ངུ་བ་ཡང་། །དེ་ལ་བརྟེན་ནས་བྲག་ཆ་འབྱུང་མོད་ཀྱི། །སྒྲ་ལ་དབྱངས་དེ་ནམ་ཡང་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟེན་པ། །སྐྱེས་བུ་སད་པར་གྱུར་ནས་མི་མཐོང་སྟེ། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་


KMC019_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་མོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དང་། །དྭངས་ཤིང་རྙོག་པ་མེད་པའི་ཆུ་ནང་སྣང་། །ཆུ་ཟླ་སྟོང་པ་རྟོགས་ཏེ་བཟུང་དུ་མེད། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། སྐྱེས་བུ་སྐོམ་པས་གདུང་ཞིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོ་མཐོང་། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྨིག་རྒྱུ་ལ་ཡང་ཆུ་ནི་ཡོད་མིན་ན། །སེམས་ཅན་རྨོངས་པས་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་འཐུང་པར་ཡོད་མི་ནུས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རླན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་བཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་


KMC019_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཤེས་པར་གྱིས། །ཞེས་གསུངས་པ་བཞིན་དུ་ཉམས་སུ་བླང་ནས་ཆོས་སྤྱོད་དགེ་སྦྱོར་སོགས་ལ་ནན་ཏན་དུ་བྱེད་བཞིན་པའི་སེམས་དྲན་འཛིན་དང་མ་བྲལ་བ་བྱའོ། །གསུམ་པ། ཟུང་འཇུག་ཏུ་བསྲེ་བ་ནི། མཉམ་རྗེས་ཟུང་དུ་འཇུག་པའི་དུས་ན། དྲན་རྟོག་ཅི་ཤར་ཡང་སྣང་སྟོང་ཟུང་འཇུག་བདེ་སྟོང་དབྱེར་མེད་གསལ་སྟོང་འཛིན་མེད་དྲན་སྟོང་གཉིས་མེད་དུ་ཤེས་པར་བྱ་སྟེ། དེ་གནས་ལུགས་དོན་གྱི་ངོ་བོ་ཡིན་པས། དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་། དེ་ལྟར་རྟོགས་པས་སངས་རྒྱས་པ་ཡིན། དེ་ངོ་མ་ཤེས་ཏེ་ཀུན་གཞི་ལ་བག་ཆགས་ངན་པས་བསྒྲིབས་ཤིང་ཀུན་གཞིའི་རྣམ་ཤེས་ཀྱིས་ལས་བསགས་ཏེ་འཁོར་བར་འཁྱམས་པ་ཡིན། དེ་བླ་མས་ངོ་མ་སྤྲད། བདག་རྐྱེན་ཉམས་སུ་མ་ལེན་བས་ལན་པ་ཡིན་ཏེ། ཟབ་དོན་འགྲེལ་པ་ལས། ཡེ་ནས་གནས་ཀྱང་ངོ་མ་ཤེས། །ལྷན་ཅིག་བསྡད་ཀྱང་ཞལ་མ་མཐོང་། གཏན་དུ་འགྲོགས་ཀྱང་ངོས་མ་


KMC019_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན། །དཔེར་ན་རང་གི་མིག་དང་བྱད་གཉིས་ཐག་ཉེ་ཞིང་འགྲོགས་ཡུན་རིང་ཡང་མེ་ལོང་ཞིག་ལ་མ་བལྟས་ཀྱི་བར་དུ་མི་མཐོང་བ་བཞིན། བླ་མའི་ངོ་སྤྲོད་པ་མེ་ལོང་འདྲ་བ་དང་། རང་གི་ཉམས་ལེན་མིག་དང་འདྲ་བ་དེ་གཉིས་མ་འཛོམ་ན་བྱད་དང་འདྲ་བའི་ཆོས་ཀྱང་མི་མཐོང་བས། དེ་གཉིས་འཛོམ་དགོས་པར་གསུངས། ཡང་དེ་ཙམ་བློར་མི་ཤོང་བ་རྣམས་ལ་ཞི་གནས་གཙོར་སྟོན་གྱི་ཐབས་ཀྱིས་ཁྲིད་པར་བྱ་སྟེ། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པས། སྣའི་རྩེ་མོ་ན་ཨ་དཀར་པོ་ཡུངས་འབྲུ་ཙམ་ལ་སེམས་གཏད་དེ་ཡུན་ཐུང་གྲངས་མང་དུ་བསྒོམ། རེ་འགའ་ཨ་དེ་ཉིད་རླུང་དང་འགྲོགས་ཏེ་ཕར་སོར་བཅུ་གཉིས་ཙམ་སོང་། རླུང་ནང་དུ་རྔུབ་པ་དང་སྣ་མགོར་གནས་པ་ཡང་ཡང་དུ་བསམ་ཏེ། སེམས་གནས་པའི་ཐབས་བྱ། སྐབས་རེར་སྙིང་ནང་དུ་ཐིག་ལེ་དཀར་པོ་སྲན་མ་ཙམ་ལ་གཏད་དེ་ནམ་གནས་བར་དུ་མཉམ་པར་བཞག །རེ་འགའ་ཐིག་


KMC019_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་དེ་ཉིད་སྙིང་གི་ཡར་རྩེ་དབུ་མའི་ལམ་ནས་ནམ་མཁར་བསྟིམ་སྟེ། ནམ་མཁའ་དང་དབྱེར་མེད་དུ་འདྲེས་ནས་ཁྱབ་པར་བསམ། རེ་འགའ་རྩ་དབུ་མའི་ཡར་སྣེ་སྤྱི་བོ་དང་མར་སྣེ་ལྟེ་འོག་ཏུ་ཟུག་པ་བསམ་ཏེ། ལྟེ་བའི་ཐད་དབུ་མའི་ནང་དུ་ཨ་ཤད་དམར་པོ་ལ་སེམས་གཏད་དེ་རླུང་བུམ་པ་ཅན་བཟུང་། རླུང་རོ་ཕྱུང་ནས་ཡང་བསྒོམ། ཕོ་བ་གཡས་གཡོན་བསྐོར་ཞིང་རླུང་གོང་ལྟར་བཟུང་། ཡང་རང་ལུས་སྐད་ཅིག་གིས་ཨ་དཀར་པོར་གྱུར། དོན་གཉིས་བྱས་འོད་དུ་ཞུ་སྟེ་ཡུམ་ཆེན་མོ་གཞུང་ལྟར་བསྒོམས་ལ་ག་ཏེ་བགྲང་ཞིང་ཐུགས་ཀའི་ཟླ་གདན་གྱི་ཨ་ལ་གཏད། འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་ཏེ། དོན་གཉིས་བྱས་སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པ་ལ་རྩལ་སྦྱངས། ཡང་ཨ་ཁོ་ན་བགྲང་སྟེ་སེམས་གཏད། མཐར་སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་ཡུམ་ལ་ཐིམ། དེ་ཟླ་གདན་དང་ཨ་ཡིག་ལ་ཐིམ། ཨ་ཡང་འཇའ་ཡལ་བ་ལྟར་དམིགས་


KMC019_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ངང་དུ་ཅི་གནས་བར་དུ་མཉམ་པར་བཞག །བྱིང་རྒོད་མེད་པར་ལུས་སེམས་ཤིན་ཏུ་སྦྱང་པ་མ་ཐོབ་བར་དུ་ཉམས་སུ་བླང་ངོ་། །དེ་ལྟར་གནས་པ་ཐོབ་པ་དང་། ལྷག་མཐོང་རིག་པ་ངོ་སྤྲོད་པར་བྱའོ། །དེ་ཡང་མ་ཅིག་གིས། སྔོན་ཚེ་རྫོགས་པའི་སངས་རྒྱས་ཀྱིས། །ཤེར་ཕྱིན་ཨ་རུ་བསྡུས་ཏེ་གསུངས། །རང་སེམས་སྐྱེས་མེད་དོན་གྱི་ཨ། །གནས་ནི་གང་ཟག་ལུས་ལ་གནས། །ཁྱབ་ནི་སྣང་སྲིད་ཀུན་ལ་ཁྱབ། །འབྱུང་ནི་སྐྱོན་ཡོན་ཀུན་ལས་འབྱུང་། །ཞེས་དང་། ལུས་བསྒྲིམ་སེམས་དགུག་དམིགས་པ་བཅས། ཨ་དང་ཐིག་ལེ་དཀར་དམར་ལ། །ཕྱི་ནང་སྦས་ཤིང་རྟག་ཏུ་གཏད། །རེ་འགའ་སྐྱེ་བོས་མདའ་འཕང་བཞིན། །མཁའ་ལ་འཕང་སྟེ་ལུས་སེམས་ཕྲལ། །རེ་འགའ་རླུང་སྦྱར་ནམ་མཁའ་བསྐོར། །རེ་འགའ་ཕུང་པོ་ལྷར་བསམ་སྟེ། །བསྐྱེད་དང་རྫོགས་པས་རྒྱས་གདབ་ཅིང་། །སྐྱེ་མེད་བཟླས་པའི་ལས་སྦྱོར་བྱ། །ཞེས་གསུངས་སོ། །བཞི་


KMC019_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱོད་པ་ནི། དབང་པོ་རབ་འབྲིང་གི་རྟོགས་ལུགས་ཀྱི་རྟོགས་སྤྱོད་པས་བསྟན་པར་ངེས་ཀྱང་། སོ་ཐར་བྱང་སེམས་གསང་སྔགས་གསུམ་དང་མཐུན་པའི་སྤྱོད་པ་ཟབ་དོན་འགྲེལ་ཆེན་ལས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ནས་ལྟ་བ་གོལ་སར་ལྟུང་བ་འགོགས་པ་དང་། བསྒོམ་པའི་ཕན་ཡོན་དང་། ཕྱག་རྒྱ་ཆེན་པོའི་གཅོད་ཀྱི་རྣམ་དབྱེ་དང་། བདུད་བཞི་དང་། ལྷ་འདྲེ་དྲུག་ཁྲིད་དང་ལྔ་ལས། དང་པོ་ནི། ཨཱརྱ་དེ་ཝས། དགེ་སྡིག་ལས་ཀུན་རྣམ་པར་དག །ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས། །ཞེས་གསུངས་པ་སར་བཞག་ན། བག་མེད་ཐོ་ཅོ་དགེ་མེད་སྡིག་མེད་དུ་སྨྲ་ཞིང་གོལ་སྒྲིབ་ཀྱི་དབང་དུ་སོང་བ་ནི་བདུད་ཀྱི་ལས་ཏེ། དེ་ཉིད་ལས། སྡིག་ལ་མི་མཛེམ་གོལ་ས་ཡིན། །གྲུབ་པའི་མཐར་ཞན་སྒྲིབ་པ་ཡིན། །གཉིས་མེད་རང་གྲོལ་གནས་ལུགས་ཡིན། །ཞེས་གསུངས་པ་ནི། ལྟ་བའི་གོ་ལུགས་ནོར་ཏེ་ཀུན་རྫོབ་ཙམ་དུ་རྒྱུ་འབྲས་མེད་ཟེར་ནས་བསྐུར་བ་


KMC019_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཤིང་། ཁྱད་པར་སྡིག་པ་ལ་མི་འཛེམ་པ་ནི་མཐོ་རིས་ཐར་པའི་གོལ་སར་ལྟུང་བ་ཆད་པའི་ལྟ་བ་དང་། རང་གི་ལྟ་སྒོམ་སྤྱོད་འབྲས་ཀྱིས་གྲུབ་མཐའ་སོགས་བདེན་གྲུབ་ཏུ་འཛིན་པ་རྟོག་པའི་མཐར་ལྷུང་བའི་སྒྲིབ་པ་ཡིན་ཅིང་། ཀུན་རྫོབ་ཏུ་རྟེན་འབྲེལ་རྒྱུ་འབྲས་མི་བསླུ་བའི་དོན་དང་། དོན་དམ་དུ་རྟག་ཆད་གཉིས་མེད་རང་གྲོལ་གྱི་གནས་ལུགས་ཇི་བཞིན་པ་ལ་མཉམ་པར་འཇོག་པས་གོལ་སྒྲིབ་སྤངས་པ་ཡིན་ནོ། །དེའི་དོན་འཁྲུལ་གཅོད་ལས་གོལ་ས་བསྟན་པ་ནི། བྱང་ཆུབ་བསྒྲུབ་པ་མི་ཤེས་པར། །འདྲེ་ནད་གཉིས་ལ་ཕན་རེ་ནས། །ཕ་གི་ཚར་བཅད་རང་བདེ་འདོད། །ཉན་ཐོས་བྱིས་པའི་གཅོད་དུ་གོལ། །མི་མིན་ཡེ་ཤེས་གདམས་པ་འདིས། །ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ། །ནང་གི་རྟོག་གཉིས་མི་གཅོད་པར། །འདྲེ་ཡི་ཐོག་ཏུ་གཏོང་པས་གོལ། །མ་འདྲེས་ཡོངས་སུ་རྫོགས་པ་ཡི། །གོ་བ་ནང་ནས་མ་སྐྱེས་པར། །བདག་དང་འདྲེ་


KMC019_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉན་ས་གསུམ། །སོ་སོར་རྟོག་པ་འཁྲུལ་པར་གོལ། །གདམས་པའི་གནད་གཅིག་མ་གོ་བར། །བ་གླང་ཁམས་ལ་བརྟེན་ནས་སུ། །ལྟོག་པ་ལ་སོགས་འགོ་ནད་ལ། །གཅོད་བྱས་མ་གོས་ཀྱང་ནི་གོལ། །དཔེར་ན་ལོང་བས་དབྱུག་འཐབ་བཞིན། །ནང་གི་འཁྲུལ་གཅོད་མི་ཤེས་པར། །ངན་གོམས་ཤུགས་ལ་བརྟེན་ནས་སུ། །སྨྱོ་སྤྱོད་གདོལ་སྤྱོད་ཐམས་ཅད་གོལ། །གཅོད་ཀྱི་གོལ་ས་བསྟན་པའོ། །ཞེས་དང་། རིན་ཆེན་ཕྲེང་བར། བཞི་པ་དེ་ལྟར་གཅོད་བྱེད་ན། །གོལ་སྒྲིབ་འབྱུང་བས་འདི་ལྟར་བསྟན། །སེམས་ཀྱི་གོལ་སྒྲིབ་གནས་ལུགས་ནི། །སྡིག་ལ་མི་འཛེམ་གསོད་སོགས་གོལ། །དེས་ན་དང་པོ་སྡིག་ལས་ལྡོག །བར་དུ་དགེ་བ་དམན་ལས་ལྡོག །ཐ་མར་ཀུན་ལས་ལྡོག་པར་བྱ། །ཞེས་དང་། ཐ་མར་ཀུན་ལས་ལྡོག་པ་ནི། །སྡིག་ལ་ངན་པར་ལྟ་བ་དང་། །དགེ་ལ་བཟང་པོར་ལྟ་བ་ཡི། །རྣམ་རྟོག་ཆགས་སྡང་གཉིས་ཡིན་ཏེ། །གཉིས་མེད་དྲི་མེད་དོན་མི་


KMC019_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། །དེས་ན་གཉིས་མེད་ཡེ་ཤེས་དོན། །བཟང་ངན་རྟོག་པ་ཀུན་ལས་གྲོལ། །མཐར་ཐུག་དོན་ལ་འཁོར་བ་དང་། །མྱ་ངན་འདས་པ་མ་གྲུབ་སྟེ། །ཡོད་མེད་བཟང་ངན་སྐྱེ་འཆི་དང་། །དགག་སྒྲུབ་རེ་དོགས་ཀུན་ལས་གྲོལ། །སྒྲིབ་པ་ལྟ་བའི་མཐའ་ལ་ཞེན། །གནས་ལུགས་བཟང་ངན་རྟོག་པ་རྣམས། །ཡིད་ལ་མི་བྱེད་རང་སར་གྲོལ། །འདི་ལ་གོལ་ས་ཡོད་སྙམ་ན། །ངོ་བོ་ཉིད་ཀྱིས་དག་པའི་དོན། །དེ་ནི་གོལ་མ་གོལ་ལས་གྲོལ། །རྟོགས་མ་རྟོགས་ཀྱི་ཁྱད་པར་ལས། །གོལ་སྒྲིབ་གཉིས་སུ་སྣང་བའོ། །ཞེས་གོལ་སྒྲིབ་ཀྱི་མཐའ་བཀག་པར་བྱའོ། །གཉིས་པ་ཕན་ཡོན་བསྟན་པ་ནི། རྟོགས་པ་ཆེན་པོའི་མདོ་ལས། ཐེང་གཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་བས་ཀྱང་འདི་དོན་ཆེ། །ཞེས་དང་། དམ་པ་འཇུག་པའི་མདོ་ལས། ཁམས་གསུམ་གྱི་སེམས་ཅན་ལ་ཇི་སྲིད་འཚོའི་བར་དུ་འཚོ་


KMC019_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡོ་བྱད་ཀྱིས་འཚོ་བར་བྱས་པ་བས། རྣལ་འབྱོར་པས་སྟོང་པ་ཉིད་ཐུན་གཅིག་སྒོམ་པ་བསོད་ནམས་ཆེ། ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལམ་ལ་བཙུད་པ་བས། ཆོས་ཀྱི་བདག་མེད་པའི་དོན་ལ་མོས་པ་བྱས་ནས། དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་དེ་བས་དེ་བསོད་ནམས་ཆེའོ། །ཞེས་དང་། ཉི་ཁྲི་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ལ་སྦྱིན་པ་བྱས་པ་དང་། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། རྒྱུན་དུ་ཞུགས་པ་དང་། རང་བྱང་ཆུབ་པ་ལ་བཀོད་པ་བས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེ་གོལ་གཏོགས་པ་གཅིག་ཙམ་བསྒོམ་པ་བསོད་ནམས་མང་དུ་འཕེལ་ལོ། །ཞེས་དང་། དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་ལས། ཤཱ་རིའི་བུ་གང་གིས་བསྐལ་པའི་བར་དུ་ཉན་


KMC019_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པ་བས། །གང་གིས་སེ་གོལ་གཏོགས་པ་གཅིག་ཙམ་གྱི་བར་དུ་མཉམ་པར་བཞག་ན། དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཞེས་དང་། ཆེད་དུ་བརྗོད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། རྣལ་མ་སེར་པོ་ལ་བྱང་ཆུབ་ག་ལ་ཡོད། ཆུས་བཀྲུས་པ་ལ་བྱང་ཆུབ་ག་ལ་ཡོད། དགོང་ལྟོ་བཅག་པ་ལ་བྱང་ཆུབ་ག་ལ་ཡོད། ཅེས་གསུངས་པས། དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་ནས། འོ་ན་བོ་དྷི་ཅིས་ཐོབ་ཞུས་པས། བཀའ་སྩལ་པ། ཤེས་རབ་ཀྱི་སྤུ་གྲིས་རྣམ་རྟོག་གི་སྐྲ་བྲེག་པར་བྱའོ། །སྟོང་པ་ཉིད་ཀྱི་ཆོས་གོས་ཀྱིས་ཉོན་མོངས་པའི་ཚད་པ་ལས་སྐྱོབ་པར་བྱའོ། །ཡེ་ཤེས་ཀྱི་ཆུས་མ་རིག་པའི་དྲི་མ་བཀྲུ་བར་བྱའོ། །བསམ་གཏན་གྱི་ཟས་ཀྱིས་འདོད་པའི་བཀྲེས་པ་བསལ་བར་བྱའོ། །ཞེས་གསུངས་པས། མདོར་ན་སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་


KMC019_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་ཀུན་རྫོབ་ཀྱི་དགེ་བ་ལོ་སྟོང་བསྒྲུབས་པ་བས། ཏིང་ངེ་འཛིན་མིག་འབྱེད་འཛུམ་གྱི་སྐབས་ཙམ་བསྒོམ་པ་ཕན་ཡོན་ཆེ་བ་སོགས་དུ་མར་གསུངས་སོ། །གསུམ་པ་ཕྱག་རྒྱ་ཆེན་པོའི་གཅོད་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་པར་བསྟན་པ་ནི། མ་ཅིག་གིས། བུ་ཉོན་དང་ངའི་ཆོས་ལུགས་ཕྱག་རྒྱ་ཆེན་པོའི་གཅོད་བྱ་བ་འདི་ནི་ཆོས་གཞན་ལས་ཁྱད་པར་དུ་ལྷག་ལ། ཤིན་ཏུ་ཟབ་པའི་གནད་ཀྱི་དོན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྟན་ན་ཆོས་གཞན་དང་མི་འདྲ་བའི་མན་ངག་གི་གདམས་པ། ཆོས་ཐམས་ཅད་ཀྱི་ཉིང་ཁུ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ཐབས་སུ་སྤངས་པའི་ཐབས་མཆོག །བདག་འཛིན་གྱི་ལྗོན་ཤིང་རྩདནས་གཅོད་པའི་རལ་གྲི། འཁོར་བའི་གཡུལ་ངོ་མངོན་སུམ་དུ་བཟློག་པའི་དམག་དཔུང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཇོམས་པའི་མཐུ་སྟོབས། ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་པའི་


KMC019_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་མཆོག །འབྲས་བུ་དུས་ཕྱིར་མི་འཇོག་ཅིང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་པ་གཞན་གྱི་ཆོས་ལུགས་དང་མི་འདྲ་བའི་དམ་ཆོས་གཅོད་བྱ་བ་འདི་རྣལ་འབྱོར་མ་ངའི་ཁྱད་ཆོས་ཡིན་ནོ་རིགས་ཀྱི་བུ། བུ་དེ་བས་ན་དུས་ད་ལྟའི་ཆོས་བྱེད་རྣམས་ཚེ་འདི་ལ་ཆགས་ཤིང་ཞེན་ནས། བདག་འཛིན་བློས་མི་ཐོང་བའི་གནད་ཀྱིས་རང་གི་ལུས་ལོངས་སྤྱོད་ལ་ཆགས་ཤིང་ཁ་རྗེ་དབང་ཐང་དང་། གཉེན་འཇུན་འབྲེལ་པ་རྣམས་ལ་གནོད་པ་སྐྱེལ་བའི་མི་དང་འབྱུང་པོ་མི་མ་ཡིན་གང་ཡིན་པ་དེ་བཟློག་པའི་ཐབས་དྲག་སྔགས་དང་རྫས་ཐུན་ནུས་མཐུ་ལ་སོགས་པའི་ལས་ལ་བརྩོན་ཞིང་། བདག་བསྲུང་བའི་ཐབས་འཁོར་ལོ་དང་། གུར་ཁང་བསྒོམ་པ་ལ་སོགས་པའི་སྒོ་ནས་བརྩོན་འགྲུས་དྲག་པོ་བྱེད་པ་དང་། ཆོས་འཆད་ཉན་བྱེད་པའི་སྟོན་པ་འགའ་ཞིག་ཀྱང་། གྲོང་པ་བསྡུད་ཅིང་དགོན་གཞི་བཟུང་ནས་འཇིག་རྟེན་གྱི་རྙེད་བཀུར་དང་།


KMC019_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་བསྒྲུབ་ཅིང་འདུ་ལོང་མང་པོ་བྱེད་པ་དེ་རྣམས་ནི་ཐེག་པ་ཤིན་ཏུ་དམན་ཞིང་འཁོར་བ་ལས་རྟ་རྔ་གང་ཙམ་ཡང་མ་དཔག་པ་དེ་རྣམས་ཀྱི་ཆོས་ལུགས་དེ་ལྟ་བུ་དང་། སྤྲང་མོ་ངའི་ཆོས་ལུགས་དང་གཏན་ནས་མི་མཚུངས་ཏེ། ཁོང་རྣམས་ཀྱིས་དྲག་པོའི་ལས་ཞེ་སྡང་ཆེན་པོའི་སྒོ་ནས་བསྐྲད་ཅིང་བཟློག་པར་བྱེད་པའི་བདུད་དེ་རྣམས་ནི། ངས་བྱམས་པ་དང་སྙིང་རྗེའི་ཤུགས་ཀྱིས་ཚུར་བཀུག་ནས་འཁོར་དུ་བསྐོར་བ་ཡིན། གཞན་གྱི་གཅེས་ཤིང་འཕང་པའི་ལུས་དང་ལོངས་སྤྱོད་ལ་སོགས་པ་རྣམས། ངས་འཕང་པ་མེད་པར་ལུས་དང་ལོངས་སྤྱོད་ལ་སོགས་ཡར་དཀོན་མཆོག་མཆོད་པའི་རྫས་དང་། མར་རིགས་དྲུག་གི་སེམས་ཅན། སྒོས་ལན་ཆགས་པའི་བདག་པོ་བདག་མོ། ཁྱད་པར་དུ་ལུས་དང་སྲོག་ལ་རྔམས་པའི་གདུག་པ་ཅན་འཇིགས་སུ་རུང་བའི་འབྱུང་པོ་མི་མ་ཡིན་པ་ལ་སོགས་པ་རྣམས་ལ། སྦྱིན་པ་གཏོང་བའི་རྒྱུ་ཕུན་སུམ་ཚོགས་པ་བྱས་ནས་


KMC019_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་མེད་པར་གཏོང་བ་ཡིན་ནོ། །ལར་ཡང་འཇིག་རྟེན་འཁོར་བ་ལས་བློ་ལྡོག་པའི་ཕྱིར་དང་། གཉེན་འབྲེལ་གྱི་འཁྲི་བ་བཙན་ཐབས་སུ་ཆོད་པའི་ཕྱིར་དང་། ཡུལ་སྣང་ཐམས་ཅད་ལ་སྲེད་པ་དང་ཞེན་པའི་བློ་དེ་ངང་ངམ་ཤུགས་ཀྱིས་ཆོད་པའི་ཐབས་ལ་མི་མེད་ལུང་སྟོང་དུ་བདོག་མེད་གཅིག་པུར་འདུག་པ་ན། ཕྱི་ཡུལ་སྣང་གི་བདག་འཛིན་ཆོད་པ་དེ་སྤྲང་མོ་ངའི་ཆོས་ལུགས་ཡིན། ལར་གཅེས་པར་འཛིན་པའི་ལུས་སྲོག་འདི་ལྟོས་མེད་འདྲེའི་གཟན་དུ་བསྐྱུར་བས་ན། བར་ལུས་ཀྱི་བདག་འཛིན་ངང་ངམ་ཤུགས་ཀྱིས་ཆོད་པ་དེ་སྤྲང་མོ་ངའི་ཆོས་ལུགས་ཡིན། དྲན་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་སྦས་པའི་འགགས་མེད་ཤུགས་བྱུང་རང་གྲོལ་སྟོང་པའི་ངང་ལ་གནས་པས། ནང་ངར་འཛིན་ངང་ངམ་ཤུགས་ཀྱིས་ཆོད་ནས་བྱར་མེད་རིག་པའི་བཙན་ས་ཟིན་པ་དེ་སྤྲང་མོ་ངའི་ཆོས་ལུགས་ཡིན། ལར་ཡང་འགྲོ་དོན་གང་གི་ཆེ་ན་གཟུགས་ཅན་


KMC019_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལ་ཕན་ཐོགས་པ་བས། གཟུགས་མེད་ཀྱི་འབྱུང་པོ་གདུག་རྩུབ་ཅན་དང་སྟོབས་ཤིན་ཏུ་ཆེ་བ་གཅིག་ལ་ཕན་ཐོགས་ན་ཡོན་ཏན་ཆེ་སྟེ། མི་མ་ཡིན་སྟོབས་ཆེན་གཅིག་གིས་གཟུགས་ཅན་དང་གཟུགས་མེད་ཀྱི་སེམས་ཅན་གྲངས་མེད་པ་ལ་གནོད་པ་བྱེད་ནས་སེམས་ཅན་ཐམས་ཅད་ཉམ་ཐག་པར་བྱེད་ཅིང་། ཁོ་རང་ཡང་གདུག་སེམས་ངན་པ་དང་དུས་རྒྱུན་དུ་འགྲོགས་པས་ངན་སོང་གི་སྡུག་བསྔལ་མཐའ་མེད་པ་མྱོང་བས། དེ་ཡང་སེམས་ཅན་གཞན་ལ་གནོད་པ་མི་བྱེད་པའི་ཕྱིར་དང་། ཁོ་རང་ཡང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་དུ་འདུལ་དགོས་པ་ཡིན་ཏེ། ད་ལྟའི་གང་ཟག་ཕལ་ཆེར་རྣམས་ཀྱིས་བསྐྲད་པར་བྱེད་དེ། ལན་གཅིག་བསྐྲད་ཐུབ་ཀྱང་། ཕྱིས་ཀྱང་སེམས་ཅན་ལ་གནོད་པ་སྐྱེལ་ངེས་པས། འབྱུང་པོ་སྟོབས་ཆེན་དེ་ལྟ་བུ་བསྐྲད་ན་ངས་ཀྱང་ཐུབ་སྟེ། བསྐྲད་པ་བས་འདུལ་ནས་བདེ་བ་ལ་འགོད་ན་ཤིན་ཏུ་ཡོན་ཏན་ཆེར་མཐོང་ནས་


KMC019_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཐབས་ཀྱང་ཐུན་ཁུང་དང་། རྫས་དང་། དྲག་སྔགས་ཀྱི་སྒོ་ནས་འདུལ་བ་མ་ཡིན་ཅིང་། བྱམས་དང་སྙིང་རྗེའི་ལྕགས་ཀྱུས་བཟུང་ནས། ཤ་ཁྲག་དྲོན་མོ་གཅིག་པུའི་སྒོ་ནས་འདུལ་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་དེ་སྤྲང་མོ་ངའི་ཆོས་ལུགས་ཡིན། གཞན་ཡང་སྐྱེ་དམན་བརྒྱ་ལ་ཕན་ཐོགས་པ་བས། སྐྱེས་པ་གཅིག་ལ་ཕན་ཐོགས་པ་གལ་ཆེ། སྐྱེས་པ་བརྒྱ་ལ་ཕན་ཐོགས་པ་བས། རབ་བྱུང་གཅིག་ལ་ཕན་ཐོགས་པ་གལ་ཆེ། རྐྱེན་གྱིས་དེད་པ་བརྒྱ་ལ་ཕན་ཐོགས་པ་བས། རྐྱེན་མེད་ངེས་འབྱུང་སྐྱོ་ཤས་ཀྱིས་བསྟན་པའི་སྒོར་ཞུགས་པ་གཅིག་ལ་ཕན་ཐོགས་པ་གལ་ཆེ། བླུན་པོ་བརྒྱ་ལ་ཕན་ཐོགས་པ་བས། ཤེས་རབ་ཅན་གཅིག་ལ་ཕན་ཐོགས་པ་གལ་ཆེ། རང་ཉིད་གཅིག་པུ་དོན་དུ་གཉེར་བ་བརྒྱ་ལ་ཕན་ཐོགས་པ་བས། གཞན་ཕན་ནུས་པའི་སྙིང་སྟོབས་ཅན་གཅིག་ལ་ཕན་ཐོགས་པ་གལ་ཆེ། དུད་འགྲོ་བརྒྱ་ཕྲག་མང་པོ་ལ་ཕན་


KMC019_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་བས། སྨྲ་ཤེས་ཤིང་དོན་གོ་བ་གཅིག་ལ་ཕན་ཐོག་པ་གལ་ཆེ། དགེ་བསྙེན་བརྒྱ་ལ་ཕན་ཐོགས་པ་བས། དགེ་ཚུལ་གཅིག་ལ་ཕན་ཐོགས་པ་གལ་ཆེ། དགེ་ཚུལ་བརྒྱ་ལ་ཕན་ཐོགས་པ་བས། དགེ་སློང་གཅིག་ལ་ཕན་ཐོགས་པ་གལ་ཆེ། དེ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པ་གཅིག་ལ་ཕན་ཐོགས་པ་གལ་ཆེ། ཟང་ཟིང་གི་ཚོགས་བརྒྱ་བསགས་པ་བས། རང་གི་ལུས་ཀྱི་ཚོགས་བསོག་པ་གལ་ཆེ། ཡུལ་དགོན་དུ་གནས་ཤིང་ཁྱད་པར་གྱི་དགེ་སྦྱོར་བརྒྱ་བྱས་པ་བས། གཉན་ཁྲོད་དུ་ཞག་བདུན་ལ་མཆོད་སྦྱིན་བྱེད་པ་གལ་ཆེ། རང་ལ་སེམས་པའི་གདུང་བ་བརྒྱ་ལ་བྱམས་པ་བས། རང་ལ་ཁྲོས་ཤིང་གདུག་པ་སྟོན་པ་ཅིག་ལ་བྱང་སེམས་བསྒོམ་པ་གལ་ཆེ། ཚེ་འདིའི་འབྲས་བུ་འདོད་པའི་ཕྱིར་དུ་མི་ཚེ་ལ་དཀའ་བ་སྤྱད་པ་བས། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་ཤེས་པའི་སྒོ་ནས་ཚེ་འདིའི་བྱ་བ་ལ་བློ་མི་འཇོག་པ་སྐད་ཅིག་


KMC019_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་གལ་ཆེ། ཕ་རོལ་གྱི་འདྲེ་གདོན་བརྒྱ་ཐུལ་བ་བས། བདག་འཛིན་ལ་གནོད་པ་ཅུང་ཟད་ཐུབ་པ་གལ་ཆེ། བདག་འཛིན་དང་བཅས་པས་དགེ་བ་ལོ་བརྒྱར་བསྒྲུབ་པ་བས། བདག་མེད་ཀྱི་གནས་ལུགས་དར་ཅིག་བསྒོམ་པ་གལ་ཆེ། མཁས་འདོད་དང་གྲགས་འདོད་ཀྱི་བཤད་སྒྲུབ་དང་སློབ་གཉེར་ལོ་བརྒྱར་བྱས་པ་བས། རང་ནམ་འཆི་སྙམ་པའི་རྟོག་པ་སྐད་ཅིག་ངོས་ཟིན་པ་གལ་ཆེ། མཁས་བཙུན་བཟང་གསུམ་དང་ཁེ་གྲགས་འདོད་པའི་ཕྱིར་དུ་ཆོས་སྤྱོད་དང་དགེ་བ་ལོ་བརྒྱར་སྒྲུབ་པ་བས། དམན་ས་བཟུང་ཞིང་དགེ་བ་བྱེད་པ་དང་། སེམས་ཅན་ལ་བསྔོ་བ་དར་ཅིག་དྲན་པ་གལ་ཆེ་བ་དེ་རྣམས་སྤྲང་མོ་ངའི་ཆོས་ལུགས་ཡིན། དེང་སང་ནད་དང་གདོན་གྱིས་བཏབ་པ་རྣམས་ཀྱི་ལུས་སྲོག་འབྲལ་དོགས་པའི་ཕྱིར་དུ་ཕྱི་རོལ་དམུས་ལོང་གི་གཏོ་མཁན་བྱ་བའི་བོན་པོ་ཞེས་པ་དེ་བཀུག་ནས་བསྙེན་བཀུར་བྱེད་པ་དང་། དམུས་ལོང་གི་བོན་


KMC019_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བརྡའ་སྤྲད་དེ་བགེགས་ལ་གནོད་པ་མི་བྱེད་པའི་བརྔན་པ་བྱིན་ནས། ནད་གདོན་ཅན་ལ་ཕན་པ་བྱེད་ཟེར་ཏེ། ཉེས་མེད་ཀྱི་དུད་འགྲོའི་སྲོག་གཅོད་ཅིང་སྡུག་བསྔལ་དུ་མ་མྱོང་དུ་བཅུག་སྟེ་ཤ་ཁྲག་གསར་པ་དང་། གཞན་ཡང་ཡེ་སྟགས་ངན་པ་རྣམས་བསགས་ནས། བོན་པོས་བརྡའ་སྤྲད་དེ་བགེགས་ལ་གནོད་པ་མི་བྱེད་པའི་བརྔན་པ་བྱིན་ནམ། ལུས་སྲོག་གི་གླུད་དུ་འཇལ་ལོ་ཟེར་ནས། ནད་མེད་ཉེས་མེད་ཀྱི་སེམས་ཅན་བསད་དེ། ནད་གདོན་ཞི་བ་དང་། རྐྱེན་བཟློག་བར་ཆད་སེལ་ཞིང་། ཚེ་རིང་བར་འདོད་པ་རྣམས་ནི། དཔེར་ན་ཕ་བསད་ནས་བུ་བསོས་པའམ། བུ་བསད་ནས་ཕ་བསོས་པ་དང་འདྲ་བས། དེ་ལྟ་བུ་བྱེད་པ་རྣམས་ནི་བླུན་པོ་ལོག་ལྟ་ཅན་དང་ལས་གོ་ལོག་དོན་མེད་ཀྱི་བྱ་བ་ཡིན་ནོ། །དེ་བས་ན་ཟས་ནོར་གྱི་གང་བཟང་བ་རྣམས་དཀོན་མཆོག་མཆོད་ནས་ནད་གདོན་ཞི་བའི་བྱིན་རླབས་ཞུས་ན། ནད་དང་བར་ཆད་སེལ་ཞིང་བསོད་


KMC019_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཐོབ་པ་ཡིན། ནད་ན་བ་ལ་སྨན་པ་མཁས་པ་བཀུག་ནས་ལེ་མ་ལོག་པའི་སྨན་བཟང་བ་རྣམས་གནད་ཐོག་ཏུ་བཏང་ན། ནད་འཚོ་བར་བྱེད་པ་ནི་འཇིག་རྟེན་པ་སྤྱིའི་ལུགས་ལེགས་པར་འདུག་སྟེ། སྤྲང་མོ་ངས་ནི་འཆི་བའི་དུས་སུ་འཇིག་རྟེན་གྱི་ཕུན་སུམ་ཚོགས་དང་ལུས་སྲོག་ལ་སོགས་དངོས་པོའི་རྒྱུ་རྐྱེན་ལ་སྐྲའི་ཉག་མ་བརྒྱར་བཤག་པའི་ཆ་ཙམ་ཡང་ཁྱེར་ནས་འགྲོ་རྒྱུ་མི་རྙེད་པས། ཕྱི་ནང་གི་བདག་འཛིན་དང་བྲལ་བས་ན་ཁ་འཛིན་དང་གཉེར་ཁ་བྱེད་རྒྱུ་ཅི་ཡང་མེད་ཅིང་། ལུས་སྲོག་ལ་ལྟོས་པ་མེད་པར་གང་འདོད་པ་རྣམས་ཀྱི་གཟན་དུ་བསྐྱུར་བ་ཡིན་པས། གཞན་ཟས་ནོར་ལ་སོགས་ཆགས་པའི་རྒྱུ་ཕལ་པ་ལ་སྨོས་ཅི་དགོས། ནད་དང་གདོན་ལ་སོགས་པའི་རྐྱེན་གང་ལ་ཡང་། བདག་མེད་ཀྱི་ངང་ནས་ཏིང་ངེ་འཛིན་དམིགས་པའི་སྒོ་ནས་བཅོས་པ་ཡིན་ཅིང་ཕྱིའི་སྨོན་བཅོས་དང་མོ་བོན་གཏོ་སོགས་དགོས་པ་མ་ཡིན་པ་ནི་སྤྲང་མོ་ངའི་


KMC019_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལུགས་ཡིན། ལར་སེམས་ཅན་གྱི་དོན་བྱེད་པ་ལ་རང་ཉིད་ཀྱི་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དང་བཅས་པ་གཞན་དོན་དུ་གཏོང་དགོས་པ་མི་གཏོང་ནས་རང་ཉིད་ཞི་བདེ་དོན་དུ་གཉེར་བའི་ཕྱིར་ཕ་རོལ་གྱི་སེམས་ཅན་ལ་གནོད་པ་བསྐྱལ་བའི་ཆོས་བྱེད་པ་འདི་རྣམས། སྔར་སངས་རྒྱས་ཤཱཀྱ་ཐུབ་པས་མགོ་དང་ཡན་ལག་དང་ཉིང་ལག་ལ་སོགས་གང་འདོད་པ་རྣམས་ལ་ལྟོས་པ་མེད་པར་དངོས་སུ་གཏོང་བ་དེའི་རྒྱུ་མཚན་ད་ལྟའི་ཆོས་བྱེད་རྣམས་ཀྱིས་མ་ཚོར་བ་ཡིན་ནམ། ཚོར་ཀྱང་དེ་མི་དགོས་པ་སངས་རྒྱས་ཀྱིས་ལུང་བསྟན་པ་མཐོང་བ་ཡིན་ནམ། མིན་ན་འཇིག་རྟེན་གྱི་བྱ་བ་ལ་བློ་འདི་ཙམ་ཞེན་ནས་ལོ་ཁྲིའི་བར་གྱི་འདུག་ཆས་བྱེད་པ་འདི་མི་འཐད། ཡང་ན་བདུད་ཀྱིས་བསླུ་བ་ཡིན་པ་རིག་པར་བྱའོ་ཆོས་སྨྲ་ཀུན། སྤྲང་མོ་ངའི་རྗེས་སུ་འབྲངས་པ་རྣམས་ཀྱིས་འདི་བཞིན་མཛོད་དང་དུ་ཁཿམེད་པ་ངའི་ཆོས་ལུགས་ཡིན་ནོ། །ངས་ནི་འདི་ལྟར་བྱེད་པ་


KMC019_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ཡིད་ལ་ཟུང་དང་བུ་སློབ་ཀུན། རང་གིས་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དགེ་བའི་རྩ་བ་དང་བཅས་པ་ལ་ལྟོས་པ་མེད་པར་གཞན་དོན་དུ་གཏོང་ཞིང་། རང་འདོད་ཀྱི་དྲི་མ་སྐྲའི་རྩེ་མོ་ཙམ་ཡང་མི་བྱེད་པའི་བློའི་གདེངས་ཐོབ་པར་བྱས་ནས། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩི་དང་མ་བྲལ་བ་བྱེད་པ་དེ་ལ་ནིི་དམ་ཆོས་གཅོད་ཟེར་བ་ཡིན། ཐེག་པ་ཆེན་པོ་ཟེར་བ་ཡིན། བྱང་ཆུབ་སེམས་དཔའི་ལམ་ཆེན་པོ་ཟེར་བ་ཡིན། གྲུབ་ཐོབ་རྣམས་ཀྱི་འབྱུང་གནས་ཟེར་བ་ཡིན། སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་ཟེར་བ་ཡིན་པས། ཆོས་འདི་ལྟ་བུས་འཁོར་བ་ལས་གྲོལ་ནུས་པ་ཡིན་ལ། ཐེག་དམན་ཆོས་ཀྱིས་རང་ཉིད་འདོད་དོན་གཉེར་ནས་སེམས་ཅན་ཡལ་བར་དོར་བ་རྣམས་འཁོར་བ་ལས་གྲོལ་བའི་སངས་རྒྱས་ཐོབ་པ་ནི་ཤིན་ཏུ་དཀའ་སྟེ། དཔེར་ན་མུན་པ་ཆེན་པོར་ཟླ་བ་དང་སྐར་མའི་ཚོགས་རྣམས་དང་། མར་དང་ཤིང་ལས་བསྣུན་


KMC019_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མེ་རྣམས་རབ་ཏུ་གསལ་ཡང་རང་རང་གི་ངོ་བོ་གཅིག་པུ་ཙམ་ལ་མུན་པས་མི་གནོད་པ་མ་གཏོགས་མུན་པའི་ཚོགས་ཐམས་ཅད་སེལ་བར་མི་ནུས་ཤིང་། རྟ་བདུན་རྒྱལ་པོ་མཁའ་ལ་འོང་ཙ་ན་མུན་པ་ཐམས་ཅད་གཏིང་ནས་སངས་པ་དེ་བཞིན་དུ་ངའི་ཆོས་ལུགས་ཕྱག་རྒྱ་ཆེན་པོའི་གཅོད་འདི་ཐེག་པ་ཆེན་པོའི་ཆོས་ཀྱི་ཉི་མ་ཤར་ནས་འཁོར་བའི་མུན་སྨག་སེལ་བར་བྱེད་པ་ཡིན་ནོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ནི། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་གཞི་གདོད་མ་ནས་བདེན་པར་གྲུབ་པ་སྐྲའི་ཆ་ཙམ་ཡང་མེད་པས། རང་བཞིན་གྱིས་སྟོང་པའི་གནས་ལུགས་དེ་ལ་ཆོས་ཕྱག་རྒྱ་ཆེན་པོ་ཟེར་རོ། །དེ་ལྟ་བུའི་དོན་གོ་ཞིང་སྟོང་པ་ལ་བློ་གོམས་ཏེ། སྟོང་པ་དེ་ཉིད་ལམ་དུ་ཁྱེར་ཐུབ་པའི་རྣལ་འབྱོར་པས་རྩ་རླུང་ཐིག་ལེའི་འཁྲུལ་འཁོར་ལ་ནུས་པ་ཐོན་པར་བྱས་ནས་རིགས་ལྡན་གྱི་ཤེས་རབ་མ་ལ་བརྟེན་ནས་བདེ་བ་ལམ་དུ་ཁྱེར་ཞིང་དགའ་བ་ཆེན་པོས་ལུས་


KMC019_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེར་རྒྱས་པར་བྱེད་པ་ནི་ལས་ཀྱི་ཕྱག་རྒྱ་ཆེན་པོ་ཟེར། ཡོན་ཏན་ཐམས་ཅད་སྦས་པའི་ཚུལ་དུ་ཉམས་སུ་ལེན་ཅིང་། ཕྱིའི་རྫས་ཀྱི་དམ་ཚིག་དང་མ་བྲལ་བར་བྱེད་པ་ནི་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་ཟེར། བདེ་བ་ཁྱད་པར་ཅན་དེ་ལ་ཆགས་པ་མེད་པའི་སྟོང་པ་ཉིད་དུ་དྲོད་ཀྱིས་ལྷོངས་བ་དེ་ལ་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཟེར། ཉོན་མོངས་པའི་དྲི་མའི་སྒྲིབ་གཡོག་ཐམས་ཅད་དང་བྲལ་ནས་སྣང་བ་ཐམས་ཅད་བདེན་མེད་སྟོང་པ་རྨི་ལམ་སྒྱུ་མ་ལྟ་བུར་ཤར་བ་ལ་གསལ་སྟོང་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན་ཀྱང་། ད་ལྟ་ངས་ཀུན་ལ་འཆད་ཅིང་ཡོངས་སུ་གྲགས་པའི་ཕྱག་རྒྱ་ཆེན་པོ་དེ་ནི། ཕྱག་ནི་ཡུལ་སྣང་ཐམས་ཅད་ཡིན། རྒྱ་ནི་ཡུལ་སྣང་དེ་རྣམས་གཞི་གདོད་མ་ནས་དོན་རང་ངོར་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པས། ནང་སྟོང་པ་ཆེན་པོའི་སྣང་བ་དེ་དང་རང་བཞིན་མ་གྲུབ་པའི་སྟོང་པ་དབྱེར་མེད་ཟུང་དུ་འཇུག་པ་ལ་ཟེར་ཏེ། དེ་ཡང་


KMC019_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཡུལ་ཕྱིའི་ཕྱག་རྒྱ་ཆེན་པོ་ཡིན། ཕྱི་ནང་གཉིས་ཀའི་བདག་མེད་པར་རྟོགས་པས། རླུང་སེམས་དབུ་མར་ཚུད་པའི་སྟོབས་ཀྱིས་བདེ་གསལ་ཟང་ཐལ་གྱི་ཉམས་ཁྱད་པར་ཅན་གྱི་ངང་ལས་འདས་མ་འོངས་ད་ལྟ་གསུམ་གསལ་བར་མཁྱེན་ཅིང་ཆོས་ཐམས་ཅད་རབ་ཏུ་ཤེས་པའི་འོད་ཟེར་རྒྱས་ནས་འཆད་རྩོད་རྩོམ་པ་ལ་ཐོགས་པ་མེད་པ་ལ་སོགས་འབྲས་བུའི་ཡོན་ཏན་གྱི་ཚོགས་དུ་མའི་འོད་ཟེར་གྱིས་འགྲོ་བ་མང་པོ་འདུལ་ཤིང་དོན་བྱེད་ནུས་པའི་སྟོབས་ཆེན་པོ་དང་ལྡན་པ་ལ་ནི་ཕྱག་རྒྱ་ཆེན་པོའི་གཅོད་ཟེར་བ་ཡིན་པས། དེ་ལྟ་བུའི་ཆོས་འདི་ནི་གཞན་གྱི་ཆོས་ལུགས་དང་མི་འདྲ་བའི་གནད་དེ་ལྟར་ཡིན་ནོ། །ཕལ་པ་འགའ་ཞིག་གིས་སེམས་ཀུན་རྫོབ་པའི་མཚན་ཉིད་གསལ་ཙམ་པ་རིག་ཙམ་པ་ཧྲིག་ཧྲིག་པོ་སྒྲིམ་སྒྲིམ་པོ་དང་བཅས་པའི་མུན་པ་ཅན་དེ་ལ་ཕྱག་རྒྱ་ཆེན་པོ་ཟེར་ནས། སེམས་མ་གྲུབ་པའི་མཚན་ཉིད་ཙམ་ཡང་མི་ཤེས་པའི་ཕྱག་རྒྱ་ཆེན་པོ་བ་


KMC019_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་རྨོངས་ཤིང་བླུན་པའི་ཆོས་ལུགས་ཡིན་པས། དེ་ལ་བློ་གཏད་མེད་དོ་རིང་དུ་སྤོང་། ལར་ཡང་ཆོས་ཐམས་ཅད་སེམས་ཉིད་གཅིག་པུའི་དབུས་སུ་འདུས་པས། སེམས་ཉིད་གཅིག་པུའི་དབུས་ཤེས་ན། ཆོས་ཐམས་ཅད་ཀྱི་དབུས་ཤེས་པ་ཡིན་པས། ངའི་ཆོས་ནི་དབུ་མ་ཆེན་པོ་ཡིན་ནོ། །སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་གཅིག་པུའི་སྟེང་དུ་རྫོགས་པ་ཡིན་པས། སེམས་ཉིད་གཅིག་པུའི་སྟེང་དུ་དོན་རྫོགས་ལུགས་དེ་ཤེས་ན། ཆོས་ཐམས་ཅད་ཀྱི་དོན་རྫོགས་པ་ཡིན་པས། ངའི་ཆོས་རྫོགས་པ་ཆེན་པོའང་ཡིན་ནོ། །དེ་ལྟར་གོ་བར་གྱིས་ཤིག །ཅེས་གསུངས་སོ། །བཞི་པ་བདུད་བཞིའི་དབྱེ་བ་ལ་གཉིས། མདོ་རྒྱུད་གང་ནས་བསྟན་པ་དང་། རྣམ་དབྱེ་སྤོང་ཚུལ་ལོ། །དང་པོ་ནི་གདམས་པ་འདི་ལ་བདུད་ཆོས་ཉིད་ཀྱི་ཡུལ་དུ་བྱེད་པས་ན། གདམས་པ་བདུད་ཀྱིས་གཅོད་ཡུལ་ཞེས་བྱ་སྟེ། བདུད་ཀྱི་


KMC019_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། ལམ་དང་མི་མཐུན་ཞིང་ལམ་ལ་བར་དུ་གཅོད་པར་བྱེད་པའོ། །ཞེས་དང་། ལྟ་བ་ཅིག་ཆོད་ཀྱི་རྒྱུད་ལས། མ་རིག་ལོག་རྟོག་ལས་དབང་གིས། །འཁོར་བའི་རྒྱུ་འབྲས་ཐམས་ཅད་སྐྱེད། །གྱི་ན་ཙམ་གྱི་གསལ་སྣང་ལ། །བདེན་ཞེན་ཆགས་སྡང་བདུད་ཀྱིས་བཅིངས། །ཞེས་སྣང་ཚུལ་ལ་ཆགས་པ་དང་། །སྡང་བ་ཐམས་ཅད་བདུད་ཡིན་ནོ། །དེ་གདམས་ངག་གིས་རང་བཞིན་མེད་པར་རྟོགས་ནས་ཉམས་སུ་ལེན་པ་ནི། བདུད་ཆོས་ཉིད་ཀྱིས་གཅོད་ཡུལ་དུ་འགྱུར་བ་སྟེ། གོང་གི་འཕྲོས། ཆགས་སྡང་རང་བཞིན་མེད་རྟོགས་ན། །བདུད་ཉིད་ཆོས་ཉིད་དོན་དུ་འགྱུར། །ཅིར་སྣང་རང་བཞིན་མེད་རྟོགས་ན། །ཤེས་བཞིན་དྲན་དང་གྲོགས་སུ་འགྱུར། །ཐམས་ཅད་ཆོས་ཉིད་གཅོད་ཡུལ་དུ། །བྱེད་པ་ཡིན་པར་རབ་ཏུ་བཤད། །ཅེས་སོ། །དོན་དེ་ལྟར་མ་རྟོགས་པ་ལ་བདུད་ཀྱི་བྱེ་བྲག་བསྟན་པ་ནི། སྣང་བ་གསུམ་བསྟན་པའི་མདོ་ལས་དབྱེ་བ་བཞིར་


KMC019_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལ། དེ་ཡང་གང་དང་གང་ཞེ་ན། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡི་མཚན་ཉིད་བསྟན་པ་ནི། དབང་པོ་ལྔ་དང་ཡུལ་སྣང་ལ། །བདེན་འཛིན་ཆགས་སྡང་བདེ་སྡུག་འབྱུང་། །དགག་སྒྲུབ་བྱེད་པ་ཐོགས་བཅས་བདུད། །ཡིད་ཡུལ་ཆོས་ལ་བཟང་ངན་རྟོག །རེ་དང་དོགས་པས་བླང་དོར་བྱེད། །ཐོགས་མེད་རྣམ་རྟོག་བདུད་ཅེས་བྱ། །ནད་གདོན་ཞི་ནུས་དྲོད་རྟགས་སོ། །ལམ་ལ་བརྟེན་པའི་ཡོན་ཏན་ལ། །ཆགས་རློམ་ང་རྒྱལ་དགའ་བྲོད་བདུད། །ཡིན་ལུགས་དང་ནི་གདམས་པ་ལ། བློས་བོར་མི་ནུས་རྟོག་དཔྱོད་བྱེད། །ཐེ་ཚོམ་སྙེམ་བྱེད་བདུད་ཅེས་བྱ། །ཐམས་ཅད་རང་སྣང་ཆོས་ཉིད་དུ། །ཤེས་པར་བྱས་ལ་ཞེན་པ་བཅད། །དགགས་སྒྲུབ་མ་བྱས་རང་གྲོལ་དུ། །བདུད་ཉིད་གྲོལ་བ་ཐེ་ཚམ་མེད། །།ཅེས་མཚན་དོན་རྣམ་དབྱེ་གཅོད་ཐབས་ཐམས་ཅད་དུས་གཅིག་ཏུ་བསྟན་


KMC019_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །གཉིས་པ་ལ་མ་ཅིག་གིས། བདུད་ཀྱི་བྱེ་བྲག་བསྟན་པ་ནི། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །རང་ལས་བྱུང་ནས་རང་ལ་གནོད། །དཔེར་ན་སྲིན་གྱི་ཁ་ཆུ་བཞིན། །མིག་གི་དབང་པོ་གཟུགས་ལ་ཐོགས། །སྡུག་དང་མི་སྡུག་རང་བཞིན་གྱིས། །ཆགས་སྡང་གཉིས་སུ་བཟུང་བའི་བདུད། །གཉིས་སུ་འཛིན་པའི་སེམས་ཉིད་ལ། །གཞི་རྩ་ངོ་བོ་མ་གྲུབ་པས། །རྩ་བྲལ་བཞིན་དུ་རང་བཞག་ན། །གཟུགས་ལ་སོགས་པ་ཟིལ་ནོན་ནས། །སླར་ཡང་ཡེ་ཤེས་ཉིད་དུ་འགྱུར། །གཟུགས་མ་བཅིངས་གྲོལ་བཀའ་དང་མཐུན། །རྣ་བའི་དབང་པོ་ལ་སོགས་པ། །གོང་དུ་བསྟན་པ་བཞིན་དུ་བརྟགས། །ཐོགས་བཅས་བདུད་དུ་བསྟན་པ་ཡིན། །ཕྱི་ཡི་བདུད་དུ་ཤེས་པར་བྱ། །དངོས་པོ་ཡུལ་དུ་མི་སྣང་བར། །སེམས་ལ་རྟག་པར་འཆང་བ་དང་། །ཡུལ་མེད་ཡིད་ལ་བྱེད་པ་དང་། །གདམས་ངག་མེད་པར་རྨུག་


KMC019_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ཞེ་ལ་རང་རེ་མཐོང་བ་དང་། །ཕྲག་དོག་ཞེ་ལ་འཇོག་པ་དང་། །ལྷ་འདྲེ་ཡིད་ལ་བྱེད་པ་སོགས། །ཐོགས་པ་དངོས་སུ་མི་སྣང་ཡང་། །ཡིད་ལ་གནོད་པ་སྐྱེལ་བ་ནི། །ཐོགས་མེད་བཞིན་དུ་བདུད་དུ་འབྱུང་། །ཨེ་མ་ཧོ། ང་ཡི་གདམས་ངག་གནད་འདི་ཡིས། །འགྱུ་བ་ཅི་བྱུང་ཅི་ཤར་ཡང་། །ཆེས་ཆར་གང་ལ་མ་བྱས་པས། །ཐོགས་མེད་བདུད་རྣམས་ཟིལ་ནོན་འགྱུར། །ཡིད་ཡུལ་བྱུང་བ་བདུད་ཡིན་ཏེ། །གཟུང་དང་འཛིན་པ་སྣ་ལེན་ཡིན། །གཟུང་དུ་མ་འཛིན་རིགས་ཀྱི་བུ། །བྱུང་ཚོར་མ་འགོག་རིགས་ཀྱི་བུ། །ལུས་སེམས་མ་བཅོས་རིགས་ཀྱི་བུ། །འདུ་ཤེས་མ་འཇུག་རིགས་ཀྱི་བུ། །དེ་ལྟར་ཁྱེད་ཀྱིས་ཉམས་མྱོང་ན། །བདུད་རྣམས་ཟིལ་གྱིས་ནོན་པར་འགྱུར། །གང་ལ་དགའ་ཞིང་བྲོད་པ་དེ། །དམིགས་སུ་མེད་པས་མ་ཟིན་ན། །ཕ་རོལ་ཕྱིན་པ་དོན་མེད་པས། །བདུད་ཀྱི་དབང་དུ་སོང་བ་ཡིན། །དེ་ལྟར་རང་རེ་བདུད་ཡིན་མོད། །རང་ཞི་ཙ་


KMC019_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདུད་ཀྱང་ཞི། །རང་གནས་ཙ་ན་བདུད་ཀྱང་གནས། །རང་ལ་རང་བཞིན་མ་གྲུབ་ན། །དེ་བཞིན་བདུད་ཀྱང་གྲུབ་མི་འགྱུར། །གཞི་རྩ་མེད་པའི་ཆོས་ཉིད་ཀྱིས། །རང་གི་འཛིན་པ་ཟིལ་མནན་ན། །བདུད་རྣམས་ཐམས་ཅད་ཟིལ་ནོན་ནས། །འཁོར་འདས་ཀུན་ལས་འདའ་བར་འགྱུར། །དགའ་བྲོད་སྐྱེ་མེད་རང་སར་དག །དེ་ལྟར་གོའམ་རིགས་ཀྱི་བུ། །སྙེམས་བྱེད་སྙེམས་བྱེད་ཅེས་བྱ་བ། །ཕྱི་ནང་ཐམས་ཅད་རང་སྙེམས་ཡིན། །ལྷ་དང་འདྲེ་ལ་སོགས་པ་ཡང་། །དེ་ཡང་རང་གི་སྙེམས་བྱེད་ཡིན། །སྙེམས་ཀྱི་རྒྱུ་འགྲུལ་ཆོད་རྩ་ན། །བླ་ན་མེད་པའི་བྱང་ཆུབ་ཡིན། །དྲན་པ་འགོགས་པ་མ་ཡིན་གྱི། །ཐམས་ཅད་སྙེམས་ཙམ་ཡིན་ཅེ་ན། །སྙེམས་ཙམ་ཆོས་ཀྱི་བཟུང་མི་ཐུབ། །རིགས་ཀྱི་བུ་ཡིས་དེ་དགོངས་ན། །བདུད་རྣམས་ཟིལ་གྱིས་ནོན་པར་འགྱུར། །འཇིགས་མེད་ངང་ལ་གནས་པར་འགྱུར། །རྩོད་བྲལ་ངང་ལ་གནས་པར་འགྱུར། །ཞེས། ཨཱརྱ་དེ་ཝའི་རྒྱ་གཞུང་།


KMC019_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་རྒྱ་གཞུང་། བཀའ་ཚོམ། ལེའུ་ལགས་སོགས་དུ་མ་ནས་སྤང་གཉེན་གཉིས་སུ་མེད་པའི་བདུད་ཀྱི་དབྱེ་བ་མང་དུ་གསུངས་ཀྱང་། །རྩ་བ་འདིར་མ་འདུས་པ་མེད་དོ། །ཡང་རྒྱུད་བུ་ཆུང་མ་ལྟར་ཕྱི་ནང་གསང་བ་དང་ས་ལམ་གྱི་བདུད་དེ་བཞི་བཞི་བཅུ་དྲུག་དང་། ཉིང་ཚོམ་ནས་བཅོ་བརྒྱད་དུ་གསུངས་པས། དང་པོ་ནི། ལྷ་བུའི་བདུད། ཉོན་མོངས། ཕུང་པོ། འཆི་བདག་སྟེ་ཕྱིའི་བདུད་བཞི། དང་པོ་ལྷ་བུའི་བདུད་ནི། རང་ཡིད་དུ་འོང་བ་ལ་ཞེན་ཅིང་ཆགས་པ་དེ་བདུད་དུ་ཤེས་པར་བྱས་ལ་འཁྲི་བ་བཅད། ཞེན་པ་བཟློག །སྐྱོན་ངོས་བཟུང་། མཚང་ཡུལ་ནས་བཏོན་པས་གྲོལ་ལོ། །ཉོན་མོངས་པའི་བདུད་ནི། དུག་ལྔ་གང་སྐྱེས་པའི་དུས་སུ་རང་གར་བཏང་ནས་རྗེས་སུ་འབྲང་བ་དེ་ཡིན་པས། དེ་བཙན་ཐབས་སུ་བཅད་ནས་སྨྲ་བསམ་བརྗོད་མེད་ཤེས་པའི་ངང་ནས་སྤྲོ་སེང་ངེ་ངར་དང་བཅས་པར་བཞག་པས་གྲོལ་ལོ། །ཕུང་པོའི་བདུད་ནི།


KMC019_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལྔའི་ཡུལ་ལྔ་ལ་ཞུགས་ནས་བྱུང་ཚོར་གྱི་རྗེས་སུ་འབྲངས་བ་དེ་ཡིན་པས། སྣང་བ་སེམས་ཀྱི་འཁྲུལ་པར་ཐག་བཅད། །སེམས་སྟོང་པར་ཐག་བཅད། སྟོང་པ་གཉིས་མེད་དུ་ཐག་བཅད་ལ། རིག་པ་སྟོང་སལ་ལེ་སིང་ངེ་ཡེ་རེ་ངར་དང་བཅས་པར་བཞག་པས་གྲོལ་ལོ། །འཆི་བདག་གི་བདུད་ནི། སེམས་སྐྱེ་མེད་དུ་མ་རྟོགས་པར་སྐྱེ་འཆིས་འཇིགས་པ་དེ་ཡིན་པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྐྱེ་མེད་དུ་ཐག་བཅད། འཆི་མེད་དུ་གདེང་བཅའོ། །ནང་གི་བདུད་བཞི་ནི། བྱམས་པའི་གཉེན་ལ་ཆགས་ཤིང་དགྲ་ལ་སྡང་བ་དང་། ལྷ་ལ་རེ་ཞིང་འདྲེ་ལ་དོགས་པ་དང་། རང་གི་ལུས་ལོངས་སྤྱོད་ལ་ཞེན་ཅིང་ཆགས་པ་དང་། བཟང་རྟོག་གིས་བཅིངས་ཤིང་ཡོན་ཏན་ཁྱད་པར་ཅན་མི་སྐྱེ་བ་སོགས་ཡིན་པས། དགྲ་གཉེན་ལྷ་འདྲེ་སོགས་གཉིས་འཛིན་གྱི་སེམས་དེ་བདུད་དུ་ཤེས་པར་བྱས་ཤིང་། ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་པར་བྱ་ལ། རིག་པ་ཁྱབ་


KMC019_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གདལ་བྱམ་མེར་བཞག །ལུས་ལོངས་སྤྱོད་ལ་ཧ་ཅང་གཅེས་འཛིན། རྟག་འཛིན། རང་ཆེ་འཛིན། བཟང་འཛིན། ངའོ་སྙམ་པའི་ང་རྒྱལ་ལ་སོགས་པ་ཀུན་བདུད་དུ་ཤེས་པར་བྱས་ལ། གོང་ལྟར་རིག་པ་ཁྱབ་གདལ་ངང་དུ་བཞག་གོ །གསང་བའི་བདུད་བཞི་ནི། ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་དེ། །ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད། །ཐོགས་མེད་སེམས་ཀྱི་འཁྲི་བ་བཅད། །དགའ་བྲོད་ཞེན་པའི་འཁྲི་བ་བཅད། །སྙེམས་བྱེད་བདག་འཛིན་འཁྲི་བ་བཅད། །ཅེས་དང་། ས་ལམ་ལ་སྒྲིབ་པའི་བདུད་བཞི་ནི། ལྟ་བའི་བདུད་ཕྱོགས་རིས། སྒོམ་པའི་བདུད་བྱིང་རྒོད། སྤྱོད་པའི་བདུད་ཚུལ་འཆོས། འབྲས་བུའི་བདུད་རེ་དོགས་ཏེ། གཉིས་འཛིན་དུ་བྱས་ནས། འབད་རྩོལ་ཅི་ཙམ་བྱས་ཀྱང་འཁོར་བ་ལས་གྲོལ་མི་སྲིད་པས། སྒོམ་རང་བདུད་ཡིན། རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟའི་རིག་པ་ཉམས་རྟོགས་


KMC019_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་གང་གིས་ཀྱང་མ་བསླད་པའི་ཟང་ཐལ་སྐད་ཅིག་མ་དེ་ཆོས་སྐུ་ཡིན། ལྟ་བ་ཡིན། སྒོམ་པ་ཡིན། སྤྱོད་པ་དང་འབྲས་བུའང་དེ་ཡིན་པས། དེ་ཤེས་པར་གྱིས་ལ་དེའི་ངང་དུ་བློ་སྙེམས་བྱེད་དང་བྲལ་བར་ཞོག །སེམས་ནང་དུ་མ་བསྡུ། ཕྱིར་མ་སྤྲོ། བར་དུ་མ་དཔྱད། རིག་པ་གཅེར་བུ་རྗེན་ནེར་ཞོག །སྒོམ་བསྒོམ་པའི་རྩོལ་བ་ཐམས་ཅད་ཁྲོལ་ལ་བཞག་ཅིང་། ཅེས་ཀྱི་ཤེས་པ་རྐྱེན་ཁར་མི་བཏང་བར་རིག་པ་ངར་དང་ལྡན་ནོ། །མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་བདུད་རྣམས་རང་ཞི་རང་གྲོལ་རང་དག་རང་སར་སངས་ནས་ཆོས་རྣམས་ཐམས་ཅད་ཟད་སར་སྐྱོལ་བ་ཡིན་གསུངས་པ་ལྟར་དང་། གཉིས་པ་ནི། རྩ་བ་དང་ཡན་ལག་གཉིས་ལས། དང་པོ་ལ་བཞི་ནི། ཕུང་པོའི་བདུད། ལྷ་བུའི་བདུད། ཉོན་མོངས་པའི་བདུད། འཆི་བདག་གི་བདུད་དེ། དང་པོ་རང་གི་རྒྱུ་ལས་ཉོན་གྱི་དབང་གིས་བྱུང་བའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ཡིན། གཉིས་པ་


KMC019_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འཕྲུལ་དབང་བྱེད་ན། ལྷའི་བུ་དགའ་རབ་དབང་ཕྱུག་ཟེར་བ་འདོད་པ་ཁམས་ཀྱི་དབང་ཕྱུག་འདི་ཡིན་ཏེ། འདིས་རྣམས་གཡེང་བཟང་འཛིན་གྱི་མེ་ཏོག་གི་ཕྲེང་བ་ཆོས་བྱེད་རྣམས་ཀྱི་སྤྱི་བོར་བཅིངས་པར་བྱེད་དོ། །གསུམ་པ་ནི་ཉོན་མོངས་པ་དུག་ལྔའོ། །བཞི་པ་ནི་རང་དབང་མེད་པར་སྲོག་གི་དབང་པོ་འགགས་པའི་ཆ་རྣམས་སོ། །གཉིས་པ་ཡན་ལག་གི་བདུད་ལ་བཅོ་བརྒྱད་དེ། །དང་པོ་བྱང་ཆུབ་བསྒྲུབ་པ་མངོན་ཞེན་གྱི་བདུད། བར་ཆད་གཏོང་བ་ཆོ་འཕྲུལ་གྱི་བདུད། ཐོགས་བཅས་དངོས་ཀྱི་བདུད། ཐོགས་མེད་ཡིད་ཀྱི་བདུད། ཡོན་ཏན་གཡེང་བའི་བདུད། ཉམས་མྱོང་རློམས་སེམས་ཀྱི་བདུད། རིག་པ་འཁུ་འཁྲིག་གི་བདུད། རྣམ་རྟོག་ཆ་ཕྲ་མོའི་བདུད། ང་རྒྱལ་རློམ་པ་སེམས་ཀྱི་བདུད། ཕྲག་དོག་གཞན་སྨོན་གྱི་བདུད། ཤེས་པ་བྱིང་རྒོད་ཀྱི་བདུད། བཏང་སྙོམས་ལེ་ལོའི་བདུད། ཞེ་སྡང་ཁོང་ཁྲོའི་བདུད། འདོད་ཆགས་ལོག་


KMC019_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་བདུད། ཤེས་པ་ཡམ་ཁྱེར་གྱི་བདུད། ཡི་མུག་གཉའ་བཅོག་གི་བདུད། ཁྲོས་ཆེ་ཨ་འཐས་ཀྱི་བདུད། ཁ་དོག་འགྱུར་བའི་བདུད་དང་བཅོ་བརྒྱད་དོ། །དེ་དག་དབང་པོ་རབ་ཀྱིས་བདུད་གང་བྱུང་ཉམ་ང་བག་ཚ་མེད་པར་རྟོག་མེད་མཉམ་པའི་ངང་ལ་བཞག །འབྲིང་གིས་ཚོར་བ་པོ་བཙལ་ཏེ། བདུད་རང་སེམས་སུ་ཤེས། རང་སེམས་རང་བཞིན་སྐྱེ་བ་མེད་པ་ཤེས་པའི་ངང་དུ་བཞག །ཐམས་ལུས་གནོད་པའི་བགེགས་ལ་བྱིན་ནས། སེམས་དྲན་མེད་ངང་ལ་ཡིད་བྱར་མེད་དུ་བཞག་གོ །ཞེས་སྤང་གཉེན་ངོས་འཛིན་ཚུལ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ་ལ། མ་ཅིག་གིས་བདུད་དེ་རྣམས་བཞི་ལ་བསྡུས་ཏེ་གསུངས་པ་ནི། བདུད་ཅེས་པའི་གཟུགས་ཆེ་ཞིང་ཁ་དོག་ནག་པོ་གང་གིས་མཐོང་འཇིགས་ཤིང་ཡ་ང་བ་ཅན་ནམ། དངོས་པོར་གྲུབ་པ་ཞིག་ནི་མ་ཡིན་ནོ། །བདུད་ཅེས་བྱ་བ་དེ་ནི་ཐར་པ་བསྒྲུབ་པའི་གེགས་སུ་གྱུར་པ་གང་ཡིན་པ་དེ་


KMC019_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདུད་ཡིན། དེས་ན་བརྩེ་ཞིང་གདུང་བའི་གཉེན་འདུན་རྣམས་ཀྱང་ཐར་པའི་བདུད་དུ་འགྱུར་པ་ཡོད་ལ། ཁྱད་པར་དུ་བདག་འཛིན་འདི་ལས་ཆེ་བའི་བདུད་ནི་མེད་པས། བདག་འཛིན་འདི་མ་ཆོད་བར་དུ་བདུད་ཐམས་ཅད་ཁོ་ལས་ལྡང་བ་ཡིན་ཅིང་། དེའི་ཕྱིར་དུ་བདག་འཛིན་གྱི་བདུད་གཅོད་པའི་ཐབས་ལ་ཤིན་ཏུ་བརྩོན་དགོས་ཤིང་། དེའི་ཞོར་དུ་བདག་འཛིན་ལས་སྐྱེས་པའི་བདུད་གསུམ་ཡང་གཅོད་དགོས་པས། བདུད་ལ་བཞི་སྟེ། དེ་མིང་དུ་གདགས་ན། ཐོགས་བཅས་བདུད་དང་ཐོགས་མེད་ཀྱི་བདུད། དགའ་བྲོད་བདུད་དང་སྙེམས་བྱེད་ཀྱི་བདུད་དང་། བདག་འཛིན་གྱི་བདུད་ཅེས་བཞིའོ། །དེ་ཡང་ཐོགས་བཅས་ཀྱི་བདུད་ཅེས་པ་ནི། མིག་གིས་གཟུགས་མཐོང་སྟེ། གཟུགས་བཟང་པོ་ལ་ཆགས་པ་སྐྱེ། གཟུགས་ངན་པ་ལ་སྡང་སེམས་སྐྱེ། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལུས་དང་། དེ་རྣམས་ཀྱི་དབང་པོའི་ཡུལ་དུ་སྒྲ་དང་། དྲི་དང་། རོ་དང་།


KMC019_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་རྣམས་ཀྱི་བཟང་པོ་ལ་ཆགས་ཤིང་། ངན་པ་ལ་སྡང་སེམས་སྐྱེས་པས། དེ་ལ་ཆགས་སྡང་གཉིས་སུ་བཟུང་བའི་བདུད་ཟེར་ཏེ། དབང་པོའི་ཡུལ་དུ་དངོས་སུ་ཡོད་པ་ལ་ཆགས་ཤིང་སྡང་བས། དངོས་སུ་དབང་པོ་ཐོགས་པའི་རྐྱེན་བྱས་ནས་སེམས་ལ་གནོད་པས། འཁོར་བར་འཆིང་བའི་རྒྱུ་བྱས་པས་ན་བདུད་ཟེར་བ་དང་། དངོས་སུ་ཡོད་པའི་ཡུལ་བཟང་ངན་ལ་ཐོགས་ནས་བདུད་བྱས་པས་ཐོགས་བཅས་བདུད་ཅེས་སོ། །དེ་བས་ན་བཟང་ངན་གང་ལ་ཆགས་ཤིང་ཞེན་པ་དེ་བདུད་ཡིན་པས། གང་ལའང་ཞེན་ཆགས་སྤང་བར་བྱ་སྟེ། དེ་ཡང་གཟུགས་ནི་གཟུགས་ཀྱི་ངོ་བོ་དེ་ཉིད་ཀྱི་རང་བཞིན་དུ་སྟོང་པ་ཡིན་པས། གཟུགས་དེ་ཡང་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར། གཟུགས་ལ་ཆགས་པ་དང་སྡང་བ་མེད་པར་རང་བཞིན་གྱིས་སྟོང་པ་ཉིད་བསྒོམ་པར་བྱའོ། །གཟུགས་སྣང་བ་དེ་དགག་ཏུ་མི་བཏུབ་པ་ཡིན་ཏེ། བདེན་པའང་མ་བཟུང་སྣང་


KMC019_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་སྟེ། སྣང་ཙམ་དེ་ལ་ཞེན་པ་སྤངས་པས་གཟུགས་ལས་གྲོལ་ལོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱང་དེ་བཞིན་ཡིན་པས་ཡིད་ལ་ཟུངས་ཤིག །ཐོགས་མེད་ཀྱི་བདུད་བྱ་བ་ནི། དབང་པོའི་ཡུལ་དུ་དངོས་སུ་མི་སྣང་ཡང་། རང་གི་ཡིད་ལ་བཟང་ངན་གྱི་རྟོག་པ་གང་སྐྱེས་པ་དེ་ལ་འདྲེ་ཞེས་པའི་འཇིགས་སྣང་བཟུང་བས་ཡ་ང་བ་དང་། ལྷ་ཞེས་པའི་དགའ་སྣང་བཟུང་བས་བག་དྲོ་ཞིང་ཉམས་དགའ་བ་སྐྱེས་ཏེ། དེ་ལྟར་བཟང་ངན་གྱི་རྟོག་པ་གཉིས་ཡིད་ལ་བཟུང་བས། དེའི་རྐྱེན་གྱིས་ཡིད་ཉོན་མོངས་པ་ཅན་དུ་གྱུར་ཅིང་། ཉོན་མོངས་པ་དེ་ལ་དངོས་སུ་ཐོགས་པ་མེད་ཅིང་དངོས་པོ་ཡུལ་དུ་གྲུབ་པ་མེད་ཀྱང་། ཡིད་མི་དགེ་བའི་ལས་ལ་འཆལ་བར་བྱེད་པའི་གནོད་པ་ངེས་པར་དུ་བྱེད་ནུས་པ་དེ་ནི་བདུད་ཅེས་བྱ་སྟེ། དེ་ཡང་དངོས་སུ་གྲུབ་པ་མེད་ཅིང་དངོས་སུ་ཐོགས་པའང་མེད་པའི་ཕྱིར་ན། ཐོགས་མེད་ཀྱི་བདུད་ཟེར་བ་


KMC019_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། དེ་བས་ན་ལྷ་ཞེས་པའི་བཟང་པོ་དང་། འདྲེ་ཞེས་པའི་ངན་པ་དང་། དེ་ལ་སོགས་པའི་སྐྱོན་དང་ཡོན་ཏན་གཉིས་སུ་འཛིན་པའི་སེམས་དེ་ཉིད་གཞི་གདོད་མ་ནས་དངོས་པོར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པས་ན། གཞི་མེད་རྩ་བྲལ་སྟོང་པ་ཉིད་དུ་ཤེས་པར་བྱས་ཏེ། བྱུང་ཚོར་ལ་སོགས་པའི་ཡིད་ལ་འཆར་བ་རྣམས་ནི་འགོག་པར་མི་བྱེད་ལ། བཟང་ངན་གྱི་རྟོག་པ་སྣ་ཚོགས་ཅི་བྱུང་ཡང་འགོག་པར་མི་བྱེད། དེ་ལ་འདུ་ཤེས་ཀྱང་འཇུག་པར་མི་བྱེད་ཅིང་། དྲན་རྟོག་ཅི་བྱུང་ཅི་ཤར་ཡང་ཡིད་ལ་བརྟེན་ཅིང་རྟོག་པས་བཟུང་བར་མི་བྱ་སྟེ། སེམས་ཉིད་ཀློང་ཆེན་པོའི་རང་བཞིན་གསལ་བ་ལ་དྲན་རྟོག་ཅི་ཡང་འཆར་བ་ཡིན་པ་ནི། དཔེར་ན་རྒྱ་མཚོ་གཡོ་མཁན་མེད་ཀྱང་། རྦ་རླབས་ལ་སོགས་འབྱུང་བ་དེ་བཞིན་དུ་ཡིད་ལ་རྟོག་པ་ཅི་ཡང་འཆར་བ་ལ་བཅས་བཅོས་མི་བྱེད་རང་སར་བཞག་ན་ཐོགས་མེད་བདུད་ཟིལ་གྱིས་ནོན་པར་འགྱུར། ཡིད་ཀྱི་གཟུང་


KMC019_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྤངས་ནས་ལུས་སེམས་གཡོ་མེད་རང་སར་ལྷོད་དེ་བཞག་པས་ཐོགས་མེད་ཀྱི་བདུད་རང་སར་གྲོལ་བ་ཡིན་ནོ། །དགའ་བྲོད་ཀྱི་བདུད་ནི། རང་གི་ཡིད་གང་ལ་ཆགས་པ་དེ་ལ་དགའ་ཞིང་བྲོད་དེ་ཡིད་ཀྱི་སྤྲོ་བ་ལ་ཟེར་ཏེ། དེའི་རྒྱུ་ནི་འཇིག་རྟེན་པའི་རྙེད་བཀུར་སྙན་གྲགས་ཕུན་ཚོགས་དང་། འཁོར་མང་པོ་འདུ་བ། ཡིད་དམ་ལྷའི་ཞལ་མཐོང་བ། ངག་ནུས་ཀྱིས་འདྲེ་གདོན་ཐུལ་ཞིང་ན་ཚ་ཟུག་རྔུ་ཞི་བར་བྱེད་པ། ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ། རྨི་ལམ་རྣོ་ཞིང་མངོན་ཤེས་འཆར་བ། ལུས་ངག་ཡིད་གསུམ་ལ་བདེ་བ་དང་ནུས་པ་འབར་བ། ལྷ་འདྲེ་མི་གསུམ་རང་དབང་མེད་པར་འདུ་ཞིང་ཟས་ནོར་ལོངས་སྤྱོད་འབུལ་ནས་བཀུར་སྟི་ཞབས་ཏོག་དཔག་མེད་བྱུང་བ་དེ་རྣམས་ལ་དགའ་ཞིང་བྲོད་ནས་ང་རྒྱལ་སྐྱེས་པས་ཐར་པའི་ལམ་གྱི་བར་ཆད་དུ་གྱུར་པ་དེ་དགའ་བྲོད་ཀྱི་བདུད་ཡིན་པས། དེས་ན་ཡོན་ཏན་ཅི་བྱུང་ཅི་ཤར་ཡང་སྣང་སེམས་


KMC019_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་ངོར་ཡོན་ཏན་དེ་རྣམས་ཡོན་ཏན་དུ་མི་བཟུང་ཞིང་། དགའ་ཞིང་བྲོད་པའི་བློ་དང་བློའི་ཡུལ་དུ་གྱུར་པ་དེ་རྣམས་རྟགས་དང་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པའི་ཕྱིར་ན། དེ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པར་བྱས་ཤིང་། རྨི་ལམ་དང་སྒྱུ་མ་ལྟ་བུར་ཉམས་སུ་ལེན་ཞིང་ཡོན་ཏན་ཐམས་ཅད་ལ་རློམ་པར་བྱེད་པའི་སེམས་དང་། དེའི་ཡུལ་དང་བཅས་པ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་དུ་བཞག་གོ །དེ་ལྟ་བུའི་སྟོང་ཉིད་མཐའ་བྲལ་ཆེན་པོའི་ངང་དུ་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ་ཞིང་། རྨི་ལམ་སྒྱུ་མ་ལྟ་བུས་ལམ་དུ་ཁྱེར་ན། སྒྱུ་མ་ལྟ་བུའི་དགའ་བྲོད་ཀྱི་བདུད་ཆོད་ནས། རྨི་ལམ་ལྟ་བུའི་འགྲོ་དོན་འབྱུང་བ་ཡིན་ནོ། །སྙེམས་བྱེད་ཀྱི་བདུད་ཅེས་པ་ནི། བདུད་གསུམ་ཀའི་རྩ་བ་སྙེམས་ལ་ཐུག་པས། སྙེམས་ཀྱི་རྩ་བ་གཅོད་པ་ཤིན་ཏུ་ནས་གལ་ཆེ་སྟེ། དེ་ཡང་སྙེམས་ཞེས་པ་ནི་


KMC019_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཛིན་ལ་ཟེར་ཏེ། འཁོར་བར་འཁྱམས་པའི་རྒྱུ་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་གྱིས་བྱས་ནས་ཐར་པ་ཐོབ་ཏུ་མི་སྟེར་བའི་བདུད་བྱས་པས་ན། སྙེམས་བྱེད་ཀྱི་བདུད་དམ། བདག་འཛིན་གྱི་བདུད་ཀྱང་ཟེར་བ་ཡིན་ཞིང་། བདག་མེད་པ་ལ་བདག་ཏུ་བཟུང་བས་སེམས་ཉོན་མོངས་ཅན་དུ་སོང་ནས་སེམས་ལ་བཟང་ངན་གང་ཤར་ཐམས་ཅད་རྟོག་པས་བཟུང་ཞིང་བདེན་འཛིན་བྱས་པ་ལ་སྙེམས་ཟེར་བ་ཡིན་ཏེ། དེ་ཡང་སྙེམས་བྱ་ཡུལ་དང་། ཡུལ་སྙེམས་བྱེད་ཅན་ཞེས་པའམ། ང་དང་ངར་འཛིན་པའི་ཕྱི་ནང་གི་ཆོས་ཐམས་ཅད་བདེན་པར་གྲུབ་པ་མེད་པར་རང་རིག་པའི་ཡེ་ཤེས་ཀྱིས་རིག་པར་བྱས་པས། བདེན་འཛིན་གྱི་རྩ་བ་ཡུལ་ནས་ཐོན་ཏེ། བཟང་ངན་གྱི་རྟོག་པ་ཐམས་ཅད་ལ་སྙེམས་མི་ཤོར་ནས། ཡིད་བྱེད་དང་ཡིད་སྨོན་བྱེད་པའི་བློའི་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་ནས། བློས་བཏགས་པ་ཅན་མ་ཡིན་པའི་བུན་ནེ་བ།


KMC019_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ངར་འཛིན་ཞིག་པའི་བློ་འབོལ་ལེ་ཤིག་གེ་བ། ཉོན་མོངས་པའི་རྐྱེན་གྱིས་གཡོ་མི་ནུས་པའི་སིང་ངེ་བ། ཕྱི་ནང་གཉིས་ཀྱི་འཛིན་པ་དང་བྲལ་བའི་ཤེས་པ་སལ་ལེ་བ། གང་ལ་ཡང་ཆགས་པ་མེད་པའི་རིག་པ་ཧྲིག་གེ་བ་དེ་བདེན་འཛིན་གྱི་སྙེམས་དང་བྲལ་ནས། བདེན་མེད་ནམ་མཁའ་ལྟ་བུའི་དོན་དང་མཇལ་བ་ནི་སྙེམས་བྱའི་བདུད་ཆོད་པ་ཡིན་པས། སྙེམས་བྱའི་བདུད་ཆོད་ན་ཉོན་མོངས་པ་ལས་བྱུང་བའི་བདུད་ཐམས་ཅད་ཆོད་པ་ཡིན་ནོ། །དེས་ན་བདག་ཡོད་ཙ་ན་བདུད་ཀྱང་ཡོད། བདག་མེད་ཙ་ན་བདུད་ཀྱང་མེད་པས། བདག་མེད་པ་ལ་གཅོད་བྱའི་ཡུལ་མེད་ཅིང་། འཇིགས་པ་དང་། ཡ་ང་བ་མེད་པ་མཐའ་དང་བྲལ་བའི་རིག་པ་ཡེ་ཤེས་ཆེན་པོ་དེ་ནི་ཤེས་བྱ་ཐམས་ཅད་ལ་བློ་གྲོས་རྒྱས་ཤིང་། བདུད་བཞི་ལས་གྲོལ་བའི་འབྲས་བུ་བྱ་བ་ཡིན་ཏེ། དེ་ཡང་བདུད་བཞིའི་རྣམ་གྲངས་ཡིན་ཚུལ་དང་། བདུད་བཞི་གཅོད་ཀྱིིས་རང་སར་གྲོལ་ནས་མཐར་ཐུག་


KMC019_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཐོབ་ལུགས་ཀྱི་དབྱེ་བ་ཉུང་ངུར་བཤད་པའི་ཚིག་དོན་འདི་སྐལ་ལྡན་རྣམས་ཀྱིས་ཡིད་ལ་ཟུངས། བརྩོན་འགྲུས་དྲག་པོས་དང་དུ་ལོང་ལ་གཞན་ཕན་གྱི་སེམས་རྒྱ་བསྐྱེད་ཅིག་ཨང་། གསུངས་སོ། །ཡང་གངས་པས་མ་ཅིག་ལ་དེ་ལྟ་བུའི་བདུད་བཞི་དེ་དུས་གཅིག་ཏུ་གཅོད་པ་ཡིན་ནམ། རིམ་པའི་ཁྱད་པར་ཡོད་དམ། བདུད་བཞི་ལ་སྔ་རྟིང་གི་ཁྱད་པར་ཡོད་པ་ཡིན་ནམ་ཞུས་པས། མ་ཅིག་གིས། བུ་ཐོགས་བཅས་ཐོགས་མེད་གཉིས་ནི་རྒྱུའི་དུས་ཀྱི་བདུད་ཡིན་ཏེ། སྙེམས་བྱེད་བདུད་ནི་ལམ་གྱི་དུས་ཀྱི་བདུད་ཡིན་ཅིང་། དགའ་བྲོད་བདུད་ནི་འབྲས་བུའི་དུས་ཀྱི་བདུད་ཡིན་པས། དེ་ཡང་ས་མ་ཐོབ་པའི་གང་ཟག་ཚོགས་ལམ་དང་། སྦྱོར་ལམ་མན་ལ་གནས་པ་རྣམས་འཇིག་རྟེན་པའི་ལམ་ཡིན་པས། དེའི་དུས་སུ་རྟེན་ལུས་དབང་ཆེ་ཞིང་། བརྟེན་པ་སེམས་དབང་མི་ཆེ་བའི་སྟོབས་ཀྱིས་ན་ཚ་ལ་སོགས་འཇིག་རྟེན་གྱི་དུཿཁ་མི་འདོད་བཞིན་དུ་


KMC019_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་མེད་པར་འོངས་ཤིང་། མངོན་ཤེས་དང་རྫུ་འཕྲུལ་རྣམ་དག་མེད་པས་འབྱུང་བཞི་ལ་སོགས་པ་དངོས་པོའི་མཚན་ཉིད་ཅན་ལ་དངོས་སུ་ཐོགས་པས་ན། ཚོགས་སྦྱོར་གཉིས་ཀྱི་དུས་སུ་ཐོགས་བཅས་ཀྱི་བདུད་ལ་དངོས་སུ་གཅོད་ནུས་པ་དཀའ་བས། དེའི་དུས་སུ་བློའི་སྟེང་དུ་སྦྱང་བར་བྱེད་དོ། །ས་དང་པོ་ཐོབ་པ་ན་བརྟེན་པ་སེམས་དབང་ཆེ་བས། མངོན་ཤེས་དང་རྫུ་འཕྲུལ་ལ་དབང་ཐོབ་པའི་སྟོབས་ཀྱིས་ཐོགས་བཅས་བདུད་ལ་འབྱུང་བ་བཞི་དང་། དུག་དང་། མཚོན་དང་། གཡང་ས་དང་། དེ་ལ་སོགས་པའི་དངོས་པོའི་མཚན་མ་ཐམས་ཅད་དང་བྲལ་བ་ཡིན་ཀྱང་། སངས་རྒྱས་ཀྱི་སར་མ་སླེབ་བར་དུ་དཀའ་བས་སྦྱོང་དགོས་ཏེ། དཀའ་བ་ཅི་ཙམ་སྤྱད་ཀྱང་ལུས་སེམས་ལ་སྡུག་བསྔལ་ཡོད་པ་མ་ཡིན་ནོ། །སྦྱོར་ལམ་མན་ཆད་དུ་ཐོགས་མེད་ཀྱི་བདུད་གཅོད་པར་བྱ་སྟེ། དེ་ཡང་ལྷ་འདྲེའི་ཆོ་འཕྲུལ་དང་། ན་ཚ་དུཿཁ་ཆགས་སྡང་ཆོས་བརྒྱད་ལ་


KMC019_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་བྱུང་ཚོར་རྣམས་ཡིན་ཏེ། དེ་རྣམས་མ་ཐོབ་ཀྱང་གང་ཟག་གཉེན་པོ་སྟོབས་ཆེན་དང་ལྡན་ན་གཅོད་ནུས་ཤིང་། ངེས་པ་ཅན་དུ་གཅོད་ཀྱང་དགོས་སོ། །དེ་ཡང་དང་པོ་གཅོད་ལ་འཇུག་པ་ནས་མ་རིག་པའི་སེམས་ལྷན་ཅིག་སྐྱེས་པའི་བདག་འཛིན། ཉེས་པ་ཐམས་ཅད་ཀྱི་རྩ་བ། རྣམ་རྟོག་ཐམས་ཅད་འབྱུང་བའི་གཞི་མ། བློ་འཁྲུལ་ཞིང་ཉོན་མོངས་པ་ཐམས་ཅད་སྐྱེད་པའི་སྙེམས་བྱ་མ་རིག་མུན་པའི་སེམས་དེ་ནི། རང་རིག་སྙེམས་བྱེད་པའི་ཡེ་ཤེས་ཀྱིས་གཅོད་པར་བྱ་སྟེ། དེ་ཡང་དང་པོ་ཆོས་ལ་འཇུག་པ་ནས་བདག་འཛིན་མ་རིག་པའི་སྙེམས་ཀྱི་རྩ་བ་དེ་ཤེས་པར་གལ་ཆེ་ལ། དང་པོ་ནས་མ་རིག་པ་སིང་ངེར་ཆོད་པ་མི་འོངས་ཏེ། བདག་མེད་ལ་རྒྱུན་དུ་བློ་སྦྱོངས་པས་བདག་འཛིན་གྱི་སྙེམས་རྩ་ཇེ་ཉུང་དུ་སོང་ནས། བདག་མེད་ཀྱི་ཤེས་རབ་ཇེ་རྒྱས་སུ་འགྲོ་བ་ཚོགས་ལམ་ལ་སོགས་ལམ་རིམ་པར་འགྲོད་པ་དང་། སྙེམས་བྱའི་བདུད་


KMC019_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ཅིང་ཡོན་ཏན་སྐྱེ་བ་དུས་མཚུངས་ཏེ། སྙེམས་བྱའི་བདུད་མ་ཆོད་ན་ལམ་བགྲོད་མི་ནུས་པའི་ཕྱིར། །སྙེམས་བྱ་ལམ་གྱི་བདུད་ནི་དང་པོ་ཆོས་ལ་འཇུག་པ་ནས་མཐོང་ལམ་གྱི་བར་དུ་ངེས་པར་གཅོད་དགོས་ཏེ། མཐོང་ལམ་ན་བདེན་འཛིན་ཉོན་མོངས་པའི་རྩ་བ་མེད་ཀྱང་། སངས་རྒྱས་མ་ཐོབ་ཀྱི་བར་དུ་བློ་སྦྱོང་དགོས། སྙེམས་ལ་ཡང་གཉིས་ཏེ། སྙེམས་བྱ་སྙེམས་བྱེད་གཉིས། དེ་ཡང་སྙེམས་བྱ་མ་རིག་པ་སྟེ་བདེན་འཛིན་གྱི་རྩ་བ་སྤང་བྱ་ཡིན་ལ། སྙེམས་བྱེད་མ་རིག་པ་ཤེས་པར་བྱེད་པ་རང་རིག་པའི་ཡེ་ཤེས་ནི་སྤོང་བྱེད་ཡིན་པས་དེ་སྤང་མི་དགོས་ལ། སྤངས་ཀྱང་སྤང་མི་ཐུབ་བོ། །སྙེམས་བྱེད་ཀྱི་ངོ་བོ་རིག་པའི་ཡེ་ཤེས་ལས་བདག་མེད་པར་རྟོགས་པའི་ཉམས་ཁྱད་པར་ཅན་ཤར་བའི་ཚེ་དེའི་སྣ་ལ་དགའ་བྲོད་ཀྱི་ཡོན་ཏན་གོང་དུ་བཤད་པ་རྣམས་སྐྱེས་ནས་འོངས་བས། སངས་རྒྱས་ཐོག་ཏུ་མི་སྟེར་བས་ན་འབྲས་བུའི་བདུད་ཟེར་ཏེ། གོང་དུ་བསྟན་པའི་རྨི་ལམ་


KMC019_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུར་ལམ་དུ་ཁྱེར་བས་ཡོན་ཏན་ཐམས་ཅད་ཀྱི་བོགས་འདོན་པར་བྱེད་ནས་འགྲོ་བའི་དོན་འབྱུང་བར་བྱེད་པ་ཡིན་པས། དེ་ལྟ་བུའི་དགའ་བྲོད་སྐྱེ་བ་དེ་སྤང་མི་དགོས་ལ། སྤང་ཡང་སྤང་མི་ཐུབ་ཅིང་། དཔེར་ན་དྲོད་རླན་དང་འཕྲད་ན་ལོ་ཏོག་བཀག་པས་མི་ཐུབ་པ་དེ་བཞིན་དུ་ཡོན་ཏན་ཕུན་སུམ་ཚོགས་པ་སྐྱེ་བ་འགོགས་མི་དགོས་ཤིང་། ཡོན་ཏན་ཅི་ཤར་ཅི་བྱུང་ཡང་སྒྱུ་མ་ལྟ་བུར་ལམ་དུ་ཁྱེར་བར་བྱའོ། །དེ་ཡང་ཐོགས་བཅས་དང་ཐོགས་མེད་གཉིས་སྤང་བྱ་ཡིན་ལ། སྙེམས་བྱེད་དང་དགའ་བྲོད་གཉིས་སྤོང་བྱེད་ཡིན། དེ་ཡང་འབྲས་བུ་མཐར་ཕྱིན་པའི་དུས་སུ་སྤང་བྱ་དང་། སྤོང་བྱེད་གཉིས་སུ་མེད་པའོ། །ཞེས་གསུངས་སོ། །དེ་ལྟར་བདུད་བཞིའི་རྣམ་དབྱེ་དང་། སྤོང་ཚུལ་རྣམས་ལེགས་པར་ངོས་ཟིན་པ་བྱས་ཏེ། སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་གཅོད་བྱ་གཅོད་བྱེད་གཉིས་མེད་རང་གྲོལ་ཆེན་པོ་ལ་བཟླ་བར་བྱའོ། །ལྔ་པ་ལྷ་འདྲེ་ཞེས་པ་


KMC019_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དབྱེ་དྲུག་སྟེ། མ་ཅིག་གིས། འཇིག་རྟེན་ཀུན་བརྟགས་ཀྱི་ལྷ་འདྲེ། ངོ་བོ་གནས་ཚུལ་གྱི་ལྷ་འདྲེ། མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་འདྲེ། རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ། བསླུ་མེད་ལས་དབང་གི་ལྷ་འདྲེ། མཐར་ཐུག་དོན་གྱི་ལྷ་འདྲེ་དང་དྲུག་གོ །དེ་རེ་རེ་ལའང་ལྷ་ཞེས་པ་དང་། འདྲེ་ཞེས་པ་གཉིས་གཉིས་ཏེ། མཐར་ཐུག་ལ་ནི་ལྷ་ཞེས་པ་དང་། འདྲེ་ཞེས་པ་གཉིས་མེད་པར་ངེས་ལ། འཇིག་རྟེན་པ་ལ་ནི་ལྷ་ཡང་འདྲེ་ལ་འདྲེ་ཡང་ལྷ་སྟེ་ངེས་པ་མེད་དོ། །དེ་ཡང་དང་པོ་ཀུན་བརྟགས་ཀྱི་ལྷ་འདྲེ་ཞེས་པ་ནི། འཇིག་རྟེན་པ་ཐམས་ཅད་ལ་ཡོངས་སུ་གྲགས་ཤིང་། དེ་ལ་ལྷ་ཞེས་པ་ནི་འཇིག་རྟེན་པའི་སྣང་ཡུལ་དུ་གྲུབ་པའི་གཟུགས་བཟང་ཞིང་ཡིད་དུ་འོང་བའི་བློ་སྣང་དགའ་ཞིང་དང་བ་འགྲོ་བ་དེ་ལ་ལྷ་ཟེར་ལ། གང་གི་བློ་ཡུལ་དུ་མི་སྡུག་ཅིང་ཡིད་དུ་མི་འོང་བའི་ཡ་ང་སྐྱེ་བར་བྱེད་པའི་གཟུགས་ཀྱིས་སྲོག་ལ་འཚེ་བའི་རྐྱེན་བྱེད་པ་གང་ཡིན་བ་དེ་ལ་འདྲེ་ཟེར་བ་ཡིན་ཏེ།


KMC019_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གང་ལ་ཕན་བཏགས་པ་དེ་ལ་ལྷ་ཟེར་བ་དང་། གང་ལ་གནོད་པ་བྱེད་པ་དེ་ལ་འདྲེ་ཟེར་ཏེ། དེ་ནི་འཇིག་རྟེན་པ་ཀུན་གྱིས་བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེ་ཟེར་བ་ནི་རྨོངས་པ་རྣམས་ཀྱིས་འདོད་གཏམ་ཡིན་པས། དོན་ལ་གནས་པ་མ་ཡིན་ཏེ། དེས་ན་བཟང་པོས་ཀྱང་གནོད་པ་བྱེད་ལ། ངན་པས་ཀྱང་ཕན་བཏགས་པ་ཡོད་དེ། དང་པོར་ཕན་གདགས་ཀྱང་ཕྱིས་གནོད་པ་སྐྱེལ་བ་ཡང་མང་ལ། དང་པོར་གནོད་པ་བྱས་ཀྱང་ཕྱིས་ཕན་གདགས་པ་ཡང་ཡོད་པས་ངེས་པ་མེད་དེ། བཟང་པོའི་ཆགས་ཡུལ་ལྷ་རུ་བྱས་པ་ཡང་གནོད་སྐྱེལ་བ་ཡོང་། ངན་པ་ཡིད་ལ་མི་འདོད་འདྲེ་བྱས་པ་ཡང་ཕན་གདགས་པ་ཡོད་པས། ལྷ་ཞེས་པ་དང་འདྲེ་ཞེས་པ་གང་ལ་ཟེར་ངེས་པ་མེད་པས། བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེ་གཉིས་ཀྱི་རྟོག་པ་བཟུང་བ་ནི་འཇིག་རྟེན་པ་ཀུན་གྱིས་སྒྲོ་བཏགས་པ་ཡིན་པ་མངོན་ལ་གནས་པ་མེད་


KMC019_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེས་ན་གཅོད་ཡུལ་བ་རྣམས་ཀྱིས་ཕན་གནོད་ཙམ་ལ་ལྷ་དང་འདྲེར་འཛིན་པ་ནི་གཏན་ནས་མི་འདོད་ལ། བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་འདྲེའི་མིང་ཡང་མི་གདགས། སྒྲ་ཡང་མི་བསྒྲག་ཅིང་བདེན་མེད་དུ་ཤེས་པར་བྱས་ནས་ལམ་དུ་ཁྱེར་བ་བྱའོ། །གཉིས་པ་ངོ་བོ་གནས་ཚུལ་གྱི་ལྷ་འདྲེ་གཉིས་ཀྱི་ལྷ་ལ་གཉིས། འཇིག་རྟེན་འཁོར་བའི་ལྷ་དང་། འཇིག་རྟེན་ལས་འདས་པའི་ལྷ་དང་གཉིས། འདས་པའི་ལྷ་ལ་ཡང་འཁོར་བའི་རྒྱུ་འབྲས་དང་འཁོར་བའི་གནས་གཉིས་ཀ་ལས་འདས་པ་དང་། འཁོར་བའི་གནས་ལས་མ་འདས་པ་དང་གཉིས་ཏེ། དེ་ཡང་རྡོ་རྗེ་འཆང་ཆེན་པོ་དང་། ཕྱོགས་བཅུའི་སངས་རྒྱས་དང་། ཡུམ་ཆེན་མོ་དང་། རྒྱལ་བ་འོད་དཔག་མེད་ལ་སོགས་པ་ནི་འོག་མིན་སྟུག་པོ་བཀོད་པའི་གནས་སུ་རང་གི་འཁོར་དང་བཅས་པ་བཞུགས་པ་ནི། འཇིག་རྟེན་གྱི་གནས་དང་རྒྱུ་འབྲས་གཉིས་ཀ་ལས་འདས་པའི་ལྷ་ཡིན་ལ། མི་མཇེད་འཇིག་


KMC019_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཁམས་འདིར་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་། བྱམས་པ་དང་། ལག་ན་རྡོ་རྗེ་དང་། འཇམ་དཔལ་དབྱངས་དང་། དེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་གྱི་གནས་ལས་མ་འདས་ཤིང་། འཁོར་བའི་ལས་དང་རྒྱུ་འབྲས་ལས་འདས་པའི་ལྷ་ཡིན་ནོ། །འཇིག་རྟེན་པའི་ལྷ་ནི་གཟུགས་མེད་དང་། གཟུགས་ཁམས་དང་། འདོད་པའི་ལྷ་དང་། དེ་རྣམས་ནི་འཇིག་རྟེན་པའི་ལྷ་ཟེར་ཏེ། དེ་གཉིས་ཀའང་ངོ་བོ་གནས་ཚུལ་གྱི་ལྷ་ཞེས་སོ། །འདྲེ་ཞེས་པ་ནི་འཇིག་རྟེན་ན་ཡོངས་སུ་གྲགས་པའི་གཟུགས་མེད་ཀྱིས་དྲེགས་པ་དང་། གདུག་རྩུབ་དང་། ནུས་མཐུ་དང་། རྫུ་འཕྲུལ་ཆེན་པོ་སྟོན་ནུས་ཤིང་། གཟུགས་ཅན་གྱི་སེམས་ཅན་མང་པོ་ལ་གནོད་པ་བྱེད་པའི་གཤིན་རྗེ་དང་། བདུད་བཙན་སྡེ་བརྒྱད་ལ་སོགས་གནོད་སེམས་དང་ལྡན་པ་རྣམས་ལ་འདྲེ་ཟེར་བ་ཡིན་


KMC019_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ཡང་འཇིག་རྟེན་པའི་བློ་ངོར་དུས་དང་རྣམ་པ་ཐམས་ཅད་དུ་སྡེ་བརྒྱད་ལ་སོགས་གནོད་སེམས་ཅན་དེ་རྣམས་དོན་གནས་ལ་ཡོད་པའི་ཕྱིར་ན་ངོ་བོ་གནས་ཚུལ་གྱི་འདྲེ་ཟེར་བ་ཡིན་ཏེ། དེ་ཡང་ཕན་གདགས་པ་ལ་ལྷ་ཟེར་ན་སྡེ་བརྒྱད་ལ་སོགས་ཀྱིས་ཀྱང་ཕན་གདགས་པས། འཇིག་རྟེན་པ་ཀུན་གྱི་ཟས་ནོར་དང་བསོད་ནམས་བསྐྱེད་ནུས་པས་ན། འདྲེ་སྡེ་བརྒྱད་སོགས་ཀྱང་ལྷ་ཡིན་ལ། གནོད་པ་བྱེད་པ་འདྲེ་ཡིན་ན་འཇིག་རྟེན་པའི་ལྷ་ཕལ་པ་རྣམས་མ་དགའ་ན་ཡང་གནོད་པ་བྱེད་པས་ལྷ་དེ་དག་ཀྱང་འདྲེ་ཡིན་དགོས་སོ། །དེས་ན་འཇིག་རྟེན་པའི་ལུགས་ཀྱི་ཕན་གདགས་པ་ལ་ལྷ་བྱེད་ནས། གནོད་པ་བྱེད་པ་ལ་འདྲེར་བྱེད་པ་དང་། གནས་ཚུལ་འཇིག་རྟེན་པའི་ལྷ་ལ་ལྷ་ངེས་པ་ཅན་དུ་བྱེད་པ་དང་། གནས་ཚུལ་གྱི་སྡེ་བརྒྱད་སོགས་ལ་འདྲེ་ངེས་པ་ཅན་དུ་བྱེད་པ་ཡིན་ཏེ། གཅོད་ཡུལ་པའི་ལུགས་ལ་དེ་གོ་ལྡོག་དགོས་པ་ནི། དེ་ཡང་རང་ལ་བརྩེ་ཞིང་གདུང་


KMC019_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་གཉེན་འདུན་རྣམས་ཀྱི་ཁྱོད་རི་ཁྲོད་དུ་འགྲོ་ནས་དམ་པའི་ཆོས་བྱེད་པ་མི་འཐད། རང་ཉིད་ཟས་གོས་ཀྱིས་ཕོངས་པ་དང་། ན་ཚ་དུཿཁས་མནར་ནས་གྲོགས་དང་སེམས་བརྩེ་བ་མེད་པར་ཉོན་མོངས་པ་འོངས་བས་ཁྱིམ་དུ་སྡོད་ཅིག་དང་ངེད་རྣམས་ཀྱི་མཐུན་རྐྱེན་བཟང་པོ་བྱེད། ཁྱོད་ངེད་རྣམས་ཀྱིས་བློས་གཏོང་མི་ནུས་སོ་ཟེར་ནས། ཐར་པའི་ལམ་གྱི་བདུད་བྱེད་ཅིང་དགེ་བ་ལ་བར་དུ་གཅོད་པར་འདྲེ་བྱེད་པས། དེ་ལྟར་བརྩེ་ཞིང་ཕན་གདགས་པ་རྣམས་ནི་བདུད་དམ་འདྲེ་རུ་ཤེས་པར་བྱེད་ཅིང་། བདག་ལ་སྡང་ཞིང་གནོད་པ་བྱེད་པ་རྣམས་ལ་སྙིང་རྗེ་བསྒོམ་ཞིང་སྔོན་གྱི་ལན་ཆགས་འཁོར་བར་བསམ་ནས་དགའ་བ་བསྒོམ་ལ། དེ་དག་ནི་བདག་བྱང་ཆུབ་ཀྱི་ལམ་ལ་བསྒྱུར་བའི་ལྷ་ཡིན་ནོ་བསམ་པར་བྱའོ། །འཇིག་རྟེན་པའི་ལྷ་ལ་ཡང་ཆགས་པར་མི་བྱ་སྟེ། ཆགས་ན་འཁོར་བར་འཁྱམས་པའི་འདྲེ་བྱེད་པས། འཇིག་རྟེན་པའི་ལྷ་


KMC019_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེ་ལྟོས་སྐྲའི་རྩེ་མོ་ཙམ་ཡང་མི་བྱེད་དོ། །སྡེ་བརྒྱད་ལ་སོགས་པ་རྣམས་སྙིང་རྗེའི་བློས་ངེས་པར་བཟུང་ནས་འཁོར་དུ་བསྐོར་ཞིང་གཅེས་པར་སྐྱོང་བར་བྱ་སྟེ། ཁོ་ལ་བརྟེན་ནས་དགེ་བ་ལ་འཛུད་པར་བྱེད་པས་ན་ལྷ་ཡིན་ཏེ། དེ་ལྟར་བདག་ལ་གནོད་པ་བྱེད་པ་རྣམས་ལ་བྱམས་པ་བསྒོམ་ལ། ལུས་སྲོག་ལ་ལྟོས་པ་མེད་པར་གནོད་བྱེད་རྣམས་ཀྱི་དོན་དུ་གཏོང་ཞིང་སྙིང་རྗེའི་བློ་དང་མ་བྲལ་བ་བྱེད་པ་དེ་གཅོད་ཡུལ་པའི་ལུགས་ཀྱི་ལྷ་འདྲེ་གཉིས་ཀྱི་འདོད་ཚུལ་ཡིན་ལ། ངོ་བོ་གནས་ཚུལ་གྱི་ལྷ་འདྲེ་གཉིས་ཀྱང་ཀུན་རྫོབ་ཏུ་མིང་བཏགས་པ་ཙམ་ཡིན་ནའང་། དོན་གནས་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཡིན་ནོ། །དེ་ཡང་སྣང་ཙམ་ཉིད་ཡིན་པས། བདེན་འཛིན་མི་བྱེད་པར་རང་བཞིན་གྱིས་མ་གྲུབ་པའི་དོན་དམ་པ་ཤེས་པར་བྱའོ། །གསུམ་པ་མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་འདྲེ་ནི། འཇིག་རྟེན་པའི་ས་བླའི་སྨན་བཙུན་ཞེས་པ་སོགས་དཀར་ཕྱོགས་ལ་ཅུང་ཟད་དགའ་བ་


KMC019_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་མི་ཕོ་མོ་ཕལ་པའི་ཤེས་རྒྱུད་གཡོས་ནས་འཇིག་རྟེན་པ་ཀུན་གྱི་ལེགས་ཉེས་ཐམས་ཅད་སྨྲ་རུ་འཇུག་པ་དང་། གཞན་ཡང་དུས་མ་ཡིན་པར་དགུན་གྱི་དུས་སུ་མེ་ཏོག་དང་། ལོ་ཏོག་གསར་པ་སྐྱེས་མ་ཐག་པ་ལ་སོགས་པའི་རྫས་སྣ་ཚོགས་པ་མི་འདྲ་བའི་རྣམ་གྲངས་དུ་མ་མཐོང་བ་དང་། མི་མ་ཡིན་ཕལ་ཆེར་གྱིས་གཟུགས་སྟོན་ནས་ལུང་བསྟན་དུ་མ་བྱེད་པ་དང་། གཞན་ཡང་འཇའ་འོད་དང་སྐུ་གཟུགས་ཀྱི་རྣམ་པ་མཐོང་བ་དེ་རྣམས་ལ་དངོས་གྲུབ་ཡིན། གཡང་ཡིན། ལྷ་ཡིན། དཔལ་ཡིན་ཟེར་ནས་སྒྲོ་བཏགས་པ་དེ་དག་མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་ཟེར་བ་ཡིན་ལ། དེ་བཞིན་དུ་དུས་མ་ཡིན་པར་དགུན་གྱི་དུས་སུ་སྦྲུལ་དང་སྦལ་པ་ལ་སོགས་འཇིགས་སུ་རུང་བའི་གཟུགས་མི་འདྲ་བ་དུ་མ་མཐོང་བ་དང་། དེ་བཞིན་དུ་དབྱར་སྲམ་པིར་ཆེན་རྣམས་ཀྱིས་སྲོག་ཆགས་མང་པོ་ཟ་བ་དང་། ཉ་མོ་སྐམ་ལ་འཛིང་བར་མཐོང་བ་དང་། གཞན་ཡང་


KMC019_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཡུལ་དུ་མི་སྡུག་པའི་གཟུགས་སོགས་ལ་འཇིགས་ཤིང་ཡ་ང་ལ་སོགས་པ་ཡིད་མི་བདེ་བར་བྱེད་པའི་མི་འདྲ་བ་དུ་མ་ཞིག་མཐོང་བ་དེ་རྣམས་ལ་འདྲེ་ཟེར་ནས། ཉེས་པ་འོང་བར་བྱེད་པའི་ཕྱིར་འདྲེ་ཟེར་བ་སྒྲོ་བཏགས་པས་ན་མཐོང་སྣང་སྒྲོ་བཏགས་ཀྱི་འདྲེ་ཞེས་ཟེར་ཏེ། དེ་ནི་འཇིག་རྟེན་པའི་ལུགས་ཀྱི་ལྷ་དང་འདྲེ་ལ་ངེས་པར་དུ་བཟུང་བ་ཡིན་ཀྱང་། གཅོད་ཡུལ་པའི་ལུགས་ཀྱི་མཐོང་སྣང་དེ་ཙམ་ལ་ལྷ་དང་འདྲེ་བྱེད་པ་མི་འདོད་ཅིང་། དོན་གནས་ལ་ཡང་མཐོང་སྣང་དེ་ཙམ་ལ་ལྷ་དང་འདྲེ་ཟེར་བ་མ་ཡིན་ལ། མཐོང་སྣང་གི་ལྷ་འདྲེ་ནི་འཇིག་རྟེན་པས་སྒྲོ་བཏགས་རྐྱང་པ་ཡིན་ནོ། །དེས་ན་གཅོད་ཡུལ་པ་རྣམས་ཀྱི་དགའ་བ་དང་འཛིན་པ་མི་བྱེད་པར་རོ་སྙོམས་ཆེན་པོ་ལ་བཞག་པས། ཕན་གནོད་མི་ནུས་རང་སར་གྲོལ་བ་ཡིན་ནོ། །གཅོད་ཡུལ་པས་དེ་ལྟར་མ་ཤེས་ཤིང་མཐོང་སྣང་ཙམ་ལ་ལྷ་འདྲེའི་རྟོག་པ་བཟུང་ན་ངའི་ཆོས་ལུགས་དང་འགལ་ཞིང་གཅོད་


KMC019_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགོས་པ་དོར་བས་ན། དོན་ལ་ངེས་ཤེས་བསྐྱེད་ལ་ཉམས་སུ་ལོངས་ཤིག་ཅེས་གསུངས། བཞི་པ་རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ་ནི། རང་རིག་པའི་དག་སྣང་གི་ཆ་ལ་ཡེ་ཤེས་ཆེན་པོ་ལྔ་འབྱུང་བ་ལ་ལྷ་ཟེར་བ་ཡིན་ལ། མ་རིག་པའི་བདག་འཛིན་ལས་ཉོན་མོངས་པ་དུག་ལྔ་འབྱུང་བ་ལ་འདྲེ་ཟེར་བ་ཡིན་ཏེ། དེ་ཡང་ཡེ་གདོད་མ་ནས་རང་རིག་པའི་ཡེ་ཤེས་ཀ་དག་སྐྱེ་མེད་ཀྱི་ཆོས་སྐུ་དེ་དང་། མ་རིག་པའི་བདག་འཛིན་ཉོན་མོངས་པ་དེ་གཉིས་ལྷན་ཅིག་ཏུ་སྐྱེས་ནས་རིག་དང་མ་རིག་མཉམ་པོར་སྦྱོར་ནས་ཡོད་པ་ཡིན་པས། ལྷན་ཅིག་སྐྱེས་སྦྱོར་གྱི་ལྷ་འདྲེ་ཟེར་བ་ཡིན་ནོ། །དེ་ལྟ་བུའི་ལྷན་སྐྱེས་ཀྱི་ལྷ་འདྲེ་དེ་འཇིག་རྟེན་པ་ཕལ་པ་རྣམས་ཀྱིས་མི་ཤེས་ཤིང་། རང་རང་རྣམས་ཀྱིས་མ་རིག་པར་གློ་བུར་གྱི་དྲི་མས་བསྒྲིབས་ནས་མི་དགེ་བའི་ལས་བསགས་ཏེ་འཁོར་བའི་རྒྱུ་དཔག་ཏུ་མེད་པ་བྱེད་ཅིང་། དེའི་ལས་ཉོན་ལ་དུས་རྒྱུན་དུ་འཇུག་པ་ཡིན་


KMC019_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེས་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ལས་བྱུང་བ་དེ་ཡང་ཤེས་རབ་ཡེ་ཤེས་ཀྱི་མེ་འོད་རབ་ཏུ་གསལ་བར་བྱེད་པའི་གཉེན་པོས་བརྟགས་མ་ཤེས་པས། དོན་སྤྱིའི་ལས་དང་བྱ་བ་ཐམས་ཅད་ལ་རྨོངས་ནས་ཕན་གནོད་དང་བཟང་ངན་གྱི་སྣང་ཡུལ་ཙམ་ལ་ལྷ་དང་འདྲེ་གཉིས་སུ་གཟུང་བ་དེ་མ་རིག་པ་ཡིན་ནོ། །དེ་བས་ན་ལྷན་སྐྱེས་ཀྱི་ལྷ་དང་འདྲེ་གཉིས་འབྱེད་པར་བྱེད་དགོས་པ་ཡིན། དེ་ཡང་ལྷན་སྐྱེས་རང་རིག་པའི་ཤེས་རབ་བཞི་དང་ལྡན་པའི་ཡེ་ཤེས་ལྔའི་འོད་ཟེར་འབར་བ་དེ་མ་རིག་པ་གཅོད་པའི་གཉེན་པོ་ཡིན་ལ། རང་རིག་པའི་ཡེ་ཤེས་དེ་སྒྲིབ་པར་བྱེད་པའི་མ་རིག་པའམ། བདག་འཛིན་དེ་རང་རིག་པའི་ཡེ་ཤེས་ཀྱིས་གཅོད་རྒྱུའི་ཡུལ་ཡིན་ཏེ། འཇིག་རྟེན་པ་ཕལ་པ་རྣམས་ཀྱིས་ལྷན་སྐྱེས་ཀྱི་ལྷ་འདྲེ་མ་འབྱེད་པའི་སྟོབས་ཀྱིས་དགེ་མི་དགེའི་ལས་ཐམས་ཅད་མི་འབྱེད་ནས་འཆོལ་བར་སོང་བས་འཁོར་བའི་རྒྱུར་གྱུར་པ་ཡིན། དེ་


KMC019_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་གཅོད་ཡུལ་པ་རྣམས་ཀྱིས་ལྷན་སྐྱེས་ཀྱི་ལྷ་འདྲེ་གཉིས་འབྱེད་པར་བྱས་ལ། གཅོད་རྒྱུའི་བདག་འཛིན་གྱི་གཉེན་པོར་གཅོད་མཁན་གྱི་རང་རིག་པའི་ཡེ་ཤེས་ཀྱིས་བདག་མེད་པ་རིག་པར་བྱའོ། །དེ་ཡང་དང་པོ་གཞི་གདོད་མ་ནས་རིག་པ་ཡེ་ཤེས་ཀྱི་ཆོས་སྐུ་དང་། མ་རིག་པ་བདག་འཛིན་གྱི་དྲི་མ་གཉིས་དབྱེར་མེད་དུ་ཡོད་པས་ལྷན་སྐྱེས་ཟེར་ལ། དེ་རྒྱུ་དང་རྐྱེན་གང་གིས་ཀྱང་མ་སྐྱེད་པའི་རང་བྱུང་དུ་ཡོད་ཅིང་། ཐོག་མར་འདི་ཙམ་ནས་བྱུང་བའི་སྨོས་སྒོ་མེད་པས་རང་བཞིན་དུ་སྐྱེས་པས་ན་རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ་ཟེར་བ་ཡིན་ནོ། །ལྔ་པ་བསླུ་མེད་ལས་དབང་གི་ལྷ་འདྲེ་ལ་གཉིས་ཏེ། རང་བྱུང་སྤྱི་མཐུན་གྱི་ལས་དང་། འཇུག་སྒོ་སོ་སོར་སྤྱོད་པ་བྱེ་བྲག་གི་ལས་དང་གཉིས་སོ། །དང་པོ་སྤྱི་མཐུན་འབྱུང་བ་བཞི་དང་། དབྱར་དགུན་སྟོན་དཔྱིད་དུས་བཞི་དང་། ཉིན་མཚན་གཉིས་དང་། སྐྱེ་འཆི་གཉིས་དང་། ན་བ་དང་ནད་མེད་བདེ་བ་


KMC019_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས། ལང་ཚོ་དར་ལ་བབ་པ་དང་རྒས་ཤིང་རྒུད་པ་དང་གཉིས་ཏེ། དེ་ཡང་འབྱུང་བ་བཞིའི་རླུང་ནི་རང་བྱུང་གཡོ་བ་ཆེན་པོའི་རང་བཞིན་ཡང་བ་སྟེ། ཀུན་གྱི་གཞི་མར་གྱུར་པ་དང་། ཆུ་ནི་བརླན་ཞིང་གཤེར་བའི་རང་བཞིན་ཏེ། ཐམས་ཅད་སྡུད་པར་བྱེད་དོ། །མེ་ནི་ཚ་རེག་གི་དོན་དང་ལྡན་པ་སྟེ། ཐམས་ཅད་སྨིན་པར་བྱེད་དོ། །ས་ནི་སྲ་ཞིང་འཁྲེག་པ་ཡིན་ཏེ། །ཀུན་གྱི་རྟེན་གྱི་གནས་སུ་གྱུར་པ་ཡིན་ནོ། །དེ་ལྟར་འབྱུང་བ་བཞི་རང་བབ་ཏུ་གནས་ཤིང་རང་བབས་སུ་དལ་བར་སྤྱོད་པ་ནི་འདོད་ཡོན་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པས་ན་ལྷ་ཟེར་ལ། རབ་ཏུ་གཡོ་ཞིང་ཤིན་ཏུ་འཁྲུག་པར་གྱུར་པ་ནི་ཉེས་པ་ཆེན་པོ་བྱེད་པས་འདྲེ་ཟེར་རོ། །དབྱར་ནི་ལྷ་ཡིན་ལ་དགུན་ནི་འདྲེ་ཡིན། སྟོན་ནི་ལྷ་ཡི་ལ་དཔྱིད་ནི་འདྲེ་ཡིན། ཉིན་མོ་ནི་ལྷ་ཡིན་ལ་མཚན་མོ་ནི་འདྲེ་ཡིན། སྐྱེ་བ་ནི་ལྷ་ཡིན་ལ་འཆི་བ་ནི་འདྲེ་ཡིན། ལུས་སེམས་དལ་ཞིང་བདེ་བར་གནས་པ་ནི་ལྷ་ཡིན་ལ།


KMC019_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཀྱིས་བཏབ་ནས་མི་བདེ་ཞིང་འཁྲུག་པ་ནི་འདྲེ་ཡིན། གཞོན་ཞིང་ལས་དབང་གིས་སྟོབས་རབ་ཏུ་རྒྱས་པ་ནི་ལྷ་ཡིན་ལ། རྒས་ཤིང་ལས་དབང་གིས་རྒུད་པ་ནི་འདྲེ་ཡིན་པར་བྱེད་པ་དེ་རྣམས་ནི་འཇིག་རྟེན་པ་ཀུན་ལ་ངེས་པ་ཅན་དུ་འོངས་ཤིང་བསླུ་བ་མེད་པར་སྤྱིའི་ཐུན་མོང་གི་ལས་ལས་འབྱུང་བ་ཡིན་པས་ན་སྤྱི་མཐུན་ལས་དབང་གི་ལྷ་འདྲེ་ཟེར་བ་ཡིན་ནོ། །དེ་ཡང་འབྱུང་བཞི་ནི་སེམས་ཅན་སྤྱིས་བསགས་པའི་ལས་ལ་བྱུང་བ་ཡིན་ཏེ། རང་བཞིན་གྱི་ལས་སམ། རང་བྱུང་དུ་བྱུང་བས་ན་རང་བྱུང་ཟེར་བ་ཡིན་ནོ། །གཉིས་པ་འཇུག་སྒོའི་ལྷ་འདྲེ་ནི། །ལས་ཀྱི་དབང་གིས་བསྡུས་པའི་ལུས་བསྐྱེད་པའི་ཕ་མ་དང་། སེམས་བསྐྱེད་ཅིང་ཐར་པའི་ལམ་སྟོན་པའི་བླ་མ་དམ་པ་དང་། འགོ་བར་བྱེད་པའི་ལྷ་ལྔ་དང་དེ་རྣམས་ནི་རང་རང་གིས་ལས་བསགས་པའི་དབང་གིས་བསླུ་བ་མེད་པར་རང་གི་ལྷ་བྱེད་པས་ན་བསླུ་མེད་ལས་དབང་གི་ལྷ་ཟེར་ཏེ། དེ་ཡང་


KMC019_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་དབང་གིས་ཕ་མ་ལོངས་སྤྱོད་ཆེ་བ་དང་། ལོངས་སྤྱོད་ཆུང་བ་དང་། རིགས་མཐོ་བ་དང་། དམན་པ་དང་། གཟུགས་བཟང་བ་དང་། ངན་པ་དང་། དགེ་བ་ལ་སྤྱོད་པ་དང་། དགེ་བ་ལ་མི་སྤྱོད་པ་དེ་རྣམས་ལ་སོ་སོར་འཇུག་པའི་སྒོ་འབྱེད་དགོས་པ་ཡིན་ཀྱང་། རྟག་པ་ཅན་ནི་མ་ཡིན་ཅིང་ངེས་པ་མེད་པས། གནས་སྐབས་ཙམ་རེ་ལ་ཕན་གནོད་ཀྱི་ལྷ་འདྲེ་གཉིས་བྱེད་པ་ཡང་བྱེ་བྲག་པ་ཡིན་ཏེ། ཕ་མ་དང་སྤུན་ཟླ་དང་། དཔོན་སློབ་དང་དེ་ལ་སོགས་པ་བརྩེ་ཞིང་གདུང་བ་རྣམས་ཀྱང་ཕན་ཚུན་དུ་རྩོད་ཅིང་འཁྲུག་ནས་གཅིག་གིས་གཅིག་ལ་གནོད་པའི་འདྲེ་བྱེད་པ་དེ་ཡང་བརྩེ་ཞིང་གདུང་བའི་ལས་དེ་ཟད་ཅིང་། གནོད་སེམས་ཀྱི་ལས་དེ་ལ་བཟུང་ནས་གནོད་སེམས་ཀྱི་ལས་ལ་སྤྱོད་པའང་ཡོད་དོ། །གཞན་བརྩེ་ཞིང་གདུང་བ་རྣམས་ཚེ་འཕོས་པའི་འོག་ཏུ་མི་མ་ཡིན་གདུག་པ་ཅན་དུ་གྱུར་ནས། སྔར་གྱི་གཉེན་འདུན་སོགས་གདུང་སེམས་ཅན་རྣམས་ལ་


KMC019_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་སྐྱེལ་བའི་འདྲེ་བྱེད་པ་དང་། དེ་བཞིན་དུ་ཚེ་འཕོས་ནས་སྔར་རང་གིས་སྲོག་གཅོད་བྱས་པའི་དགྲ་བོ་ཡིན་ཀྱང་ཕན་གདགས་པའི་ལྷ་བྱེད་པ་དང་། དེ་ལ་སོགས་པ་འགྲོ་བ་རིགས་དྲུག་གི་གནས་སུ་ཚེ་འཕོས་རེས་བྱེད་པའི་ཕ་མ་དག་གཉེན་དུ་མ་གྱུར་པ་ནི་རིགས་དྲུག་གི་སེམས་ཅན་ལ་གཅིག་ཀྱང་མེད་པས་ན། འདྲེ་ཞེས་པ་མེད་ཀྱང་དེ་ལྟར་མ་ཤེས་པས་གནས་སྐབས་ཙམ་རེ་ལ་ལྷ་དང་འདྲེ་ཟེར་ནས་བྱེ་བྲག་ཏུ་ཕྱེས་ནས་གཉིས་སུ་འཛིན་པ་ཡིན་ཏེ། དེ་ཡང་རང་རང་གིས་ལས་བསགས་པ་ལས་བྱུང་བ་དེ་མ་ཤེས་ནས་རྐྱེན་ངན་སོགས་གང་བྱུང་ལ་ངའི་སྒོས་གྱོང་ཡིན་སྙམ་སྟེ། སེམས་ཉམ་ཐག་པར་བྱེད་པ་དང་། འཇིག་རྟེན་གྱི་ཕུན་ཚོགས་དར་ཙམ་ཞིག་ལ་ངས་ཕོ་བྱས་པ་ཡིན་ནོ་སྙམ་ནས་སེམས་དྲེགས་པས་ཁེངས་པ་དང་། དེ་རྣམས་ཀྱིས་ལས་རྒྱུ་འབྲས་མ་ཤེས་པ་རང་གིས་ལས་བསགས་པ་ལས་ཕན་གནོད་བྱུང་བ་ལ་ལྷ་དང་འདྲེ་རུ་


KMC019_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་ཆགས་པ་དང་སྡང་བ་བྱས་པས་འཁོར་བར་འཁྱམས་པ་ཡིན་ནོ། །དེ་ལྟར་ན་རང་གིས་བསགས་པའི་ལས་ལ་རང་གི་སྤྱོད་པ་ལ་དགའ་མི་དགའི་རྟོག་པ་བཟུང་བ་དེ་འཇིག་རྟེན་པའི་ལོག་ལྟ་ཡིན་པ་ཤེས་པར་བྱའོ། །དེ་ནས་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་པས་ན་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་ཤེས་ཤིང་། ཕ་མ་ཡིན་པར་བློས་བཟུང་ནས་ཕ་མའི་དྲིན་དྲན་པར་བྱས་ཏེ། སྡང་སེམས་སྤངས་ཤིང་བྱམས་པ་དང་། སྙིང་རྗེའི་སེམས་ཀྱི་སྒོ་ནས་སྐྱོང་བར་བྱེད་པ་དེ་གཅོད་ཡུལ་པའི་ལུགས་ཡིན་ནོ། །དེ་ཡང་མི་མ་ཡིན་གདུག་པ་ཅན་མ་རུང་པ་རྣམས་ནི་ཤ་ཁྲག་དང་སྲོག་དབུགས་ལ་རྔམས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱེད་པ་དང་། ཁྱད་པར་དུ་བདག་ལ་གནོད་པར་བྱེད་པའི་མི་མ་ཡིན་དེ་ལ་ནི་འདྲེ་ཟེར་ཏེ། འདྲེ་དེ་ནི་རང་རེའི་ཕ་མ་བྱས་པ་ལ་གྲངས་ཀྱིས་མི་ཆོད་ཅིང་། ཁོ་ཚེ་འཕོས་པས་


KMC019_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རང་རེ་ངོ་མ་ཤེས་ནས་ལས་ངན་བསགས་པའི་སྟོབས་ཀྱིས་རང་རེ་ལ་གནོད་པ་བྱེད་པ་ཡིན་ཀྱང་། རང་རེས་ཁོ་ཕ་མ་ཡིན་པར་ཤེས་ནས་ཁོའི་སྡུག་བསྔལ་ལས་སྐྱོབ་པར་བྱ་བའི་ཕྱིར་དུ་བྱམས་པ་དང་སྙིང་རྗེ་བསྐྱེད་ཅིང་རང་གི་ཤ་ཁྲག་དང་སྲོག་དབུགས་ལ་ལྟོས་པ་མེད་པར་ཁོ་ལ་གཏོང་ནས་བྱམས་པའི་སེམས་ཀྱིས་བཟུང་ལ། ཁོ་གར་ཡང་མི་བཏང་ཞིང་འདུལ་བར་བྱས་ཏེ་ཐར་པ་ལ་འགོད་དོ། །དེས་མ་འདུལ་ན་ཞི་བ་དྲག་པོ་གཉིས་ཀྱིས་འདུལ་བར་བྱེད་དོ། །དེས་མ་འདུལ་ན་དྲག་པོའི་སྒོ་ནས་འདུལ་དགོས་སོ། །དེས་མ་འདུལ་ན་དྲག་པོ་འབའ་ཞིག་གི་སྒོ་ནས་ཏིང་འཛིན་དྲག་པོའི་ལས་ལ་སྦྱར་ནས་ཤ་ཁྲག་གཏོང་བ་དང་བཅས་པས་ངེས་པར་འདུལ་བ་ཡིན་པས་དམ་པའི་ཆོས་ལ་འཛུད་པར་བྱེད་དགོས་སོ། །དེ་ཡང་རང་དོན་དུ་ཞེ་སྡང་ཆེན་པོ་བསྐྱེད་ཅིང་ཁོ་ལ་གནོད་པའི་ཕྱིར་དུ་དྲག་པོར་བྱས་ན། རང་གཞན་གཉིས་ཀར་སྡུག་བསྔལ་


KMC019_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུར་འགྲོ་ཞིང་ངའི་ཆོས་ལུགས་དང་ཡང་འགལ་ལོ། །དེས་ན་གཞན་ཕན་གྱི་ཕྱིར་དུ་དྲག་པོ་འབའ་ཞིག་བྱས་ཀྱང་སྐྱོན་དུ་མི་འགྱུར་བ་ཡིན་པ་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་ནི་ཤིན་ཏུ་གཏུམ་ཞིང་དྲག་ལ་རྔམས་པའི་མདོག་ནག་ཅིང་ཁྲོ་གཉེར་རབ་ཏུ་བསྡུས་ཤིང་མཆེ་བ་གཙིགས་ཏེ། འཇིགས་ཚུལ་སྟོན་ནས་སེམས་ཅན་གདུག་པ་ཅན་རྣམས་བསྒྲལ་བར་བྱེད་ཀྱང་། སེམས་ཅན་དེ་ལ་གནོད་པར་བྱེད་པའི་ཕྱིར་མ་ཡིན་ལ། སེམས་ཅན་དེ་སྡུག་བསྔལ་དང་ཕྲལ་ནས་ཐར་པ་ལ་འགོད་པར་བྱེད་པའི་ཕྱིར་དང་། ཕ་མས་བུ་ཚ་འདུལ་བ་ཡང་བུ་ཚའི་དོན་ཡིན་ཅིང་ཕ་མའི་དོན་མ་ཡིན་ཞིང་། དེ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པ་ལ་རང་འདོད་ཀྱི་དྲི་མས་མ་དགོས་པར་བྱེད་དགོས་པ་ཡིན་ནོ། །དེ་ལྟར་ལྷ་འདྲེ་ཞེས་པ་གཟུགས་ཀྱི་སྒོ་ནས་མི་འབྱེད་པ་དང་། སྤྱོད་ལམ་གྱི་སྒོ་ནས་ཀྱང་མི་འབྱེད་པ་སྟེ། དེ་ཡང་གཟུགས་བཟང་ཞིང་ཡིད་དུ་འོང་བ་སྤྱོད་ལམ་བཟང་པོ་བྱེད་


KMC019_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སེམས་ཅན་ལ་གནོད་པའི་འདྲེ་བྱེད་པ་ཡང་ཡོད་ལ། གཟུགས་མི་སྡུག་ཅིང་འཇིགས་སུ་རུང་བའི་གནོད་སེམས་ཅན་གྱིས་ཕན་གདགས་པའི་ལྷ་བྱེད་པ་ཡང་ཡོད་པས། མི་མ་ཡིན་གནོད་སེམས་དང་ལྡན་པའི་གདུག་པ་ཅན་རྣམས་དགའ་ན་བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་དང་གྲོགས་བྱེད་པའི་ལྷ་བྱེད་པས་ན། འདྲེས་ལྷ་བྱེད་པའི་ཕྱིར་ལྷ་འདྲེ་ཟེར་ཞིང་། ལྷ་འདྲེའི་ངོ་བོ་སོ་སོར་མ་ཡིན་གཅིག་ཏུ་ཤེས་པར་བྱ། འདྲེ་གདུག་པ་ཅན་དེ་དག་ཚེ་འཕོས་པས་ངོ་བོ་གནས་ཚུལ་གྱི་འཇིག་རྟེན་པའི་ལྷར་སྐྱེ་བའང་ཡོད་པས་ན་ལྷ་འདྲེ་ཟེར་ཏེ། ངོ་བོ་གཅིག་གོ །དེ་བཞིན་དུ་གཟུགས་བཟང་བ་འཇིག་རྟེན་པའི་ལྷ་ཕལ་པ་མ་དགའ་ན་ཡང་གནོད་པའི་འདྲེ་བྱེད་པས་ཀྱང་ལྷ་འདྲེ་དང་། ལྷ་དེ་དག་ཚེ་འཕོས་ཏེ་མི་མ་ཡིན་གདུག་པ་ཅན་དུ་གྱུར་ནས་འདྲེ་བྱེད་པས་ན་ལྷ་འདྲེ་ཟེར་བ་དང་། སེམས་ཅན་མ་རུང་པ་ལ་ཕན་གདགས་པའི་ཕྱིར་དུ་ཡེ་ཤེས་པའི་ལྷ་རྣམས་


KMC019_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་གཟུགས་སྟོན་ནས། བྱ་ནག་དང་ཁྱི་ནག་གཅན་སྤྱང་ལ་སོགས་པའི་འཁོར་དང་བཅས་པ་དེ་མི་ཕལ་པས་མཐོང་དུ་རུང་ན་ཡེ་ཤེས་པའི་ལྷ་དེ་དག་ཀྱང་འདྲེ་རུ་བཟུང་ནས་ལྷ་འདྲེ་ཟེར་ཞིང་བྲེད་པར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་གནོད་པ་བྱེད་པའི་ཕྱིར་དུ་འདྲེ་གདུག་པ་ཅན་འཇིགས་སུ་རུང་ཞིང་ཡ་ང་བར་བྱེད་པ་རྣམས་ཀྱིས་ཀྱང་། ཤིན་ཏུ་མཛེས་པའི་གཟུགས་སྟོན་པས་མི་ཕལ་པ་རྣམས་དེ་ལ་དགའ་ཞིང་ཆགས་པར་བྱེད་པས་ན། གནོད་པ་བསྐྱལ་ནས་ལྷ་འདྲེ་གཉིས་ཀ་བྱེད་པ་ཡང་ཡོད་དོ། །དེ་ཡང་ཡེ་ཤེས་པའི་ལྷ་ཁྲོས་པའི་གཏུམ་པོ་བས་གཟུགས་འཇིགས་པ་ནི་གདུག་པ་ཅན་གྱི་འདྲེ་ལ་ཡང་སྟོན་རྒྱུ་མེད་ལ། གདུག་པ་ཅན་གྱི་འདྲེས་གཟུགས་མཛེས་ཇི་ལྟར་སྟོན་ནའང་། སེམས་ཅན་ཐམས་ཅད་ལ་གནོད་པ་བྱེད་པའི་ཕྱིར་དུ་སྟོན་པ་ཡིན་ནོ། །ལྷ་ཡེ་ཤེས་པ་ཇི་ལྟར་ཁྲོས་ཀྱང་སེམས་ཅན་ཐམས་ཅད་ལ་བསྲུང་སྐྱོབ་བྱེད་པའི་ཕྱིར་དུ་ཡིན་ཀྱང་། དེ་


KMC019_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མ་ཤེས་ནས་བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེ་ཞེས་པ་གཉིས་སུ་བཟུང་བས་སེམས་ཉོན་མོངས་ཅན་དུ་གྱུར་པས། ལས་དགེ་སྡིག་གཉིས་ལ་འབྲས་བུ་བདེ་སྡུག་གཉིས་བྱུང་བ་ལ། ལྷས་ཕན་གདགས་པ་དང་འདྲེས་གནོད་པ་བྱས་སོ་ཟེར་ནས་ལྷ་འདྲེའི་རྟོག་པ་བཟུང་ཞིང་ལས་བསགས་པ་ལས་ཕན་གནོད་བྱུང་བ་མ་ཤེས་པས་བྱེ་བྲག་ཏུ་བདེན་འཛིན་བྱེད་ནས་ད་དུང་དེའི་རྒྱུན་མཐུད་པས་འཁོར་བའི་རྒྱུར་འགྲོ་ཞིང་སྡུག་བསྔལ་ལས་དཔག་པ་དཀའ་བ་ཡིན། དེའི་ཕྱིར་ལས་རྒྱུ་འབྲས་ཤེས་པ་གལ་ཆེ་བ་ཡིན་ཏེ། དེ་ཡང་ལྷ་འདྲེ་གཉིས་དང་། བཟང་ངན་གཉིས། ཕན་གནོད་གཉིས། བདེ་སྡུག་གཉིས། མཐོ་དམན་གཉིས། ཆགས་སྡང་གཉིས། འཁོར་འདས་གཉིས་ལ་སོགས་པའི་ལས་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བ་ནི། སེམས་ཅན་ཐམས་ཅད་ཀྱི་རང་རང་གི་ལས་དགེ་མི་དགེ་སྣ་ཚོགས་པ་བསགས་པ་ལས་བྱུང་


KMC019_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤེས་པར་བྱེད་དགོས་ལ། གནོད་པ་དང་མི་བདེ་བ་དང་ཡིད་ལ་མི་འདོད་པ་ཐམས་ཅད་མི་འབྱུང་བར་འདོད་ན་མི་དགེ་བའི་ལས་ཐམས་ཅད་སྤང་བར་བྱའོ། །བདེ་ཞིང་འདོད་པ་ཐམས་ཅད་འགྲུབ་པ་དང་བདེ་འགྲོར་འགྲོ་བར་འདོད་ན་དགེ་བའི་ལས་ཐམས་ཅད་ལ་བརྩོན་ནས་བསྒྲུབ་པར་བྱས་ན། ལས་ལ་བསླུ་བ་མེད་པའི་དབང་གིས་བདེ་འགྲོ་དང་ངན་འགྲོ་སོ་སོར་འགྲུབ་པས་ན་ངེས་པ་ཅན་དུ་ལུས་གཙོ་ཆེ་སྟེ། ལས་ཀྱི་རྗེས་སུ་འབྲངས་པ་མ་གཏོགས་པ་དེ་བས་གཞན་འཇུག་སྒོ་ཏིལ་འབྲུ་ཙམ་ཡང་མེད་པས་ན་ལས་དབང་ཆེ་ལ། ལས་མ་ཡིན་པའི་གཞན་རེ་ལྟོས་བྱེད་པའི་རྒྱུ་ནི་སྐྲའི་རྩེ་མོ་ཙམ་ཡང་ཡོད་པར་མི་སྲིད་པའི་ཕྱིར། ལས་ཀྱིས་བསླུ་བ་མེད་པས་ན་བསླུ་མེད་ལས་དབང་གི་ལྷ་འདྲེ་ཟེར་ཏེ། དེ་ལྟར་ན་ཐམས་ཅད་ལས་བསགས་པ་ལས་འབྱུང་བ་ཤེས་པར་བྱེད་ཅིང་། དེ་ཡང་ལས་དང་བཅས་པ་ཡང་བདེན་པ་དང་རྟག་པ་ཅན་དུ་མ་ཡིན་པའི་མཚན་


KMC019_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཤེས་པར་བྱས་ལ་རྟག་འཛིན་དང་། བདེན་ཞེན་སྤང་ནས་ལུས་སྲོག་ལ་ལྟོས་པ་མེད་པར་གཅིག་པུར་མི་མེད་ལུང་སྟོང་དུ་འགྲིམ་ཞིང་འདྲེའི་གཟན་དུ་བསྐྱུར་ནས་གཞན་ཕན་བསྒྲུབ་ཅིང་བྱེད་ལས་ཐམས་ཅད་ཕཊཿཀྱིས་གདབ་ལ་སྤྲོས་བྲལ་ངང་ལ་བཞག་པར་བྱའོ། །དྲུག་པ་མཐར་ཐུག་དོན་གྱི་ལྷ་འདྲེ་ནི། འཁོར་བ་ལས་འདས་པའི་ཡང་དག་པའི་རྫོགས་པའི་སངས་རྒྱས་ནི་ཐར་པ་འདོད་པ་རྣམས་ཀྱི་སྐྱབས་གནས་མཐར་ཐུག་ཡིན་ལ། འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་ནུས་པས་ན་ལྷ་ཟེར་བ་ཡིན་ནོ། །གཞན་འཇིག་རྟེན་འཁོར་བའི་ལྷ་རྣམས་ཀྱིས་འཁོར་བ་ལས་སྐྱོབ་པར་མི་ནུས་པས་མཐར་ཐུག་གི་སྐྱབས་གནས་མ་ཡིན་ལ། གནས་སྐབས་ཙམ་རེ་ལ་བྱེ་བྲག་གི་ཕན་པ་ཕྲ་བ་ཙམ་ནུས་ཀྱང་མཐར་ཕྱིན་པ་མ་ཡིན་པས་ན་མཐར་ཐུག་གི་ལྷར་མི་བྱེད་དོ། །མཐར་ཐུག་གི་འདྲེ་ནི་འཁོར་བའི་གནས་ཡིན། ཁྱད་པར་དུ་ངན་སོང་


KMC019_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་གནས་ནི་སྡུག་བསྔལ་ཐུག་མཐའ་མེད་ཅིང་གོ་སྐབས་མེད་པར་རྒྱུན་དུ་ལུས་སེམས་མནར་ཞིང་སྡུག་བསྔལ་བར་བྱེད་པའི་འདྲེ་ནི་ངན་སོང་གསུམ་ཡིན་པས། འཁོར་བ་སྤྱི་དང་ཁྱད་པར་དུ་ངན་སོང་གསུམ་པོའི་འདྲེ་ལས་སེམས་ཅན་ཐམས་ཅད་སྐྱོབ་པར་བྱ་བའི་ཕྱིར་དུ་སྐྱབས་གནས་མཐར་ཐུག་ཡང་དག་པའི་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །དེ་ཡང་མི་མ་ཡིན་སྡེ་བརྒྱད་ལ་སོགས་པས་གནོད་པ་བྱས་ཀྱང་བདག་ངན་སོང་གསུམ་ལ་སྦྱོར་བར་མི་ནུས་པས་མཐར་ཐུག་དོན་གྱི་འདྲེ་མ་ཡིན་ནོ། །དེ་བས་འཁོར་བ་སྤྱི་དང་ཁྱད་པར་དུ་ངན་སོང་གསུམ་གྱི་འདྲེ་ལས་ཐར་དཀའ་ཞིང་ཡུན་རིང་དུ་གནས་པས་ན་མཐར་ཐུག་དོན་གྱི་འདྲེ་ཟེར་ཏེ། མཐར་ཐུག་དོན་གྱི་ལྷ་འདྲེ་ཟེར་བ་འདི་གཉིས་ཀྱི་དོན་དེ་ལྟར་དུ་ཤེས་པར་བྱའོ། །ཁྱད་པར་ལས་ལས་ལྷ་འདྲེ་གཉིས་བྱུང་བས་ན་ལས་ཀྱི་ལྷ་དང་འདྲེ་གཉིས་ནི་ངེས་པ་ཅན་དུ་གཙོ་ཆེ་སྟེ།


KMC019_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དཀར་པོ་དགེ་བ་ནི་ལྷ་ཡིན་ལ། ནག་པོ་མི་དགེ་བ་ནི་འདྲེ་ཡིན་ཏེ། དགེ་སྡིག་གཉིས་ཀྱི་ལྷ་འདྲེ་གཉིས་ནི་དོན་གནས་འགྱུར་བ་མེད་པའི་ལྷ་འདྲེ་ཡིན་པས་ངེས་པ་ཅན་དུ་གཙོར་འཛིན་དགོས་པ་དང་། དགེ་བ་བསྒྲུབ་པའི་གང་ཟག་གང་ཡིན་པ་དེ་ཡང་ལྷ་ཡིན་ལ། མི་དགེ་བ་བསྒྲུབ་པའི་གང་ཟག་གང་ཡིན་པ་དེ་ནི་འདྲེ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ན་ལས་ཀྱི་ལྷ་འདྲེ་དང་། མཐར་ཐུག་གི་ལྷ་འདྲེ་ནི་དབྱེར་མི་ཕྱེད་ཅིང་སོ་སོར་མ་ཡིན་ཀྱང་། ལྷ་དང་འདྲེ་གཉིས་ནི་སྤང་བྱ་བླང་བྱ་ཡིན་པ་ངེས་པར་དུ་ཤེས་དགོས་ཏེ། མཐུར་ཐུག་གི་ལྷ་དང་ལས་ཀྱི་ལྷ་གཉིས་ནི་ངེས་པ་ཅན་དུ་ཉམས་སུ་བླང་བྱའི་ལྷ་ཡིན་པས། ལྷ་འདི་གཉིས་ཉམས་སུ་མ་བླང་ན་ངའི་ཆོས་ལུགས་དང་འགལ་བ་ཡིན། མཐར་ཐུག་གི་འདྲེ་དང་ལས་ཀྱི་འདྲེ་གཉིས་ནི་ངེས་པ་ཅན་དུ་སྤང་བྱའི་འདྲེ་ཡིན་པས། འདྲེ་འདི་གཉིས་མ་སྤང་ན་ངའི་ཆོས་ལུགས་དང་འགལ་བ་ཡིན།


KMC019_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ལྷ་འདྲེ་དང་མཐར་ཐུག་གི་ལྷ་འདྲེ་གཉིས་མ་ཡིན་པའི་ལྷ་འདྲེ་གོང་དུ་བཤད་པ་རྣམས་ནི་ལྷ་དང་འདྲེ་ཞེས་པའི་ངེས་པ་མེད་པས། གང་ལ་ཡང་ཉེ་རིང་མེད་པར་བཏང་སྙོམས་སུ་བཞག་ནས་ལྷ་འདྲེ་གཉིས་ཀྱང་ཕ་མར་ཤོས་པར་བྱས་ཏེ། བྱམས་པ་དང་སྙིང་རྗེའི་ལྕགས་ཀྱུས་བཟུང་ནས་ལུས་ཤ་ཁྲག་གི་སྦྱིན་པས་སྐྱོང་བར་བྱེད་དོ། །དེ་ཡང་ཀུན་རྫོབ་ཐབས་ཀྱི་ངོ་བོར་ལྷ་འདྲེའི་མཚན་ཉིད་ཇི་ལྟར་བཤད་པ་དེ་བཞིན་དུ་ཡོད་ཀྱང་ཡོད་ལ། ཡོད་པ་དེའི་མཚན་ཉིད་ཀྱང་ཤེས་དགོས་ལ། ཤེས་པ་དེ་བཞིན་དུ་ཉམས་སུ་ལེན་དགོས་པ་ཡིན་ཀྱང་། དེ་ཡང་ཡར་མཐོ་རིས་ཀྱི་གནས་ནི་ལྷ་ཡིན་ལ། མར་ངན་སོང་གི་གནས་ནི་འདྲེ་ཡིན་ནོ། །ལས་དཀར་པོ་དགེ་བ་ནི་ལྷ་ཡིན་ལ། ནག་པོ་མི་དགེ་བ་ནི་འདྲེ་ཡིན་ནོ། །བྱ་བ་དང་སྤྱོད་ལམ་མཛེས་ཤིང་ཞིབ་པ་ནི་ལྷ་ཡིན་ལ། བྱ་སྤྱོད་མི་མཛེས་ཤིང་རྩིང་བ་ནི་འདྲེ་ཡིན་ནོ། །ཆོས་དང་དགེ་བ་ཡིད་ལ་དྲན་ཚད་ནི་ལྷ་ཡིན་ལ། མི་


KMC019_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྡིག་པའི་ལས་ཡིད་ལ་དྲན་ཚད་ནི་འདྲེ་ཡིན་ནོ། །ཆོས་དང་དགེ་བའི་ཕྱོགས་ལ་མོས་ཤིང་འདུན་ཚད་ནི་ལྷ་ཡིན་ལ། ནག་པོ་མི་དགེ་བའི་ཕྱོགས་ལ་མོས་ཤིང་འདུན་ཚད་ནི་འདྲེ་ཡིན་ནོ། །མདོར་ན་ཀུན་གཞི་བྱང་ཆུབ་སེམས་ཀྱི་ངོ་བོ་རང་རིག་པ་ནི་ལྷ་ཡིན་ལ། མ་རིག་པའི་དུག་ལྔ་ཉོན་མོངས་པ་རང་གར་སྤྱོད་པ་དེ་ནི་འདྲེ་ཡིན་ནོ། །དེ་ཡང་ལྷ་དང་འདྲེ་ཞེས་པ་ནི་རྒྱུ་གཅིག་ཡིན་ལ། རིག་པ་དང་མ་རིག་པའི་ཁྱད་པར་ཡིན་པས་ན། དོན་ལ་ལྟ་བའི་ངོས་ནས་གོང་དུ་བཤད་པ་དེ་རྣམས་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པས། ཡང་དག་དོན་དམ་པའི་བདེན་པ་ལ་ལྷ་འདྲེ་ཞེས་མེད་ལ་དེའི་རྣམ་པར་སྨིན་པའི་དྲི་མས་ཀྱང་གོས་པ་མེད་པར་ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་པའི་ལྟ་བ་ཤེས་པར་བྱའོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པས་དམ་ཆོས་ཕྱག་རྒྱ་ཆེན་པོའི་གཅོད་ཡུལ་བྱ་བ་དེ་ཡང་ཕྱི་དང་། ནང་དང་། གསང་བ་དང། དེ་ཁོ་


KMC019_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིད་དང་བཞིའི་ཁྱད་པར་ཤེས་ཤིང་ཉམས་སུ་ལེན་པའི་ངང་ནས་ལྷ་འདྲེའི་འགྲོ་དོན་ནུས་པར་གྱིས་ཤིག །སེམས་བསྐྱེད་དང་སྙིང་རྗེས་གཏོང་ཕོད་མ་ཆུང་བར་བརྩོན་འགྲུས་དྲག་པོས་འབད་ཅིག །ཅེས་གསུངས་སོ། །སྤྱི་དོན་གཉིས་པ་གཉན་ས་གཅོད་པ་ལ་བརྟུལ་ཤུགས་ཀྱི་ཆས་བསྟན་པ། ཕྱི་ནང་གཉན་སའི་དབྱེ་བ་དང་གཉིས་ལས། དང་པོ་ནི་ཌ་མ་རུ་འཆང་དུ་རུང་བ་ལ་མ་ཅིག་གི་ལུགས་དང་། གཞན་ལུགས་གཉིས་མི་མཚུངས་པ་ཆེར་མི་འདུག་ཀྱང་། མཆོག་ཏུ་ཙན་དན་ཨ་ཀ་རུ་སེང་ལྡེང་སོགས་དང་འབྲས་བུ་ཅན་གྱི་ཤིང་ཚེར་མ་ཅན་མ་ཡིན་པ་རྣམས་ལ་བྱ་གསུངས། ཚད་ནི། དམ་པའི་ལུགས་ལྟར་ན་ཁྲུ་གང་། མ་ཅིག་ལུགས་ལ་རྐང་གང་། མདོར་ན་མཐོ་གང་ལས་མི་ཆུང་བ་བཀྲ་ཤིས་པའི་ལག་ནས་བྱུང་བའམ། གསར་དུ་བྱས་པ་གང་རུང་ལ་བྱ། དེ་ལ་བརྡའ་དོན་བཤད་པ་ནི། ཌ་རུ་ཤིང་ལས་བྱས་པ་དེ། །བསྟན་པའི་སྲོག་ཤིང་འཛིན་


KMC019_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྡ། །ཁོག་པ་སྟོང་པར་བཞག་པ་དེ། །སྟོང་ཉིད་དོན་དང་ལྡན་པའི་བརྡ། ལོག་ལ་གཟུངས་སྔགས་པགས་པའི་ནང་ངོས་སུ་པད་འདབ་ཞིབ་ལྟེ་བ་དང་བཅས་པའི་ནང་དུ་དཔའ་བོ་ཡབ་ཡུམ་བཅུའི་ས་བོན་འདྲི། བྲིས་པ་དེ། །སྙིང་རྗེའི་དོན་དང་ལྡན་པའི་བརྡ། །དེ་ལ་སྐེ་རགས་བཅིངས་པ་དེ། །ཚུལ་ཁྲིམས་སྐེ་རགས་བཅིངས་པའི་བརྡ། །ཌ་ལྕེ་གཉིས་སུ་སྒར་བ་དེ། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡ། །ཌར་གདན་དུང་ལས་བཅོས་པ་དེ། །ངན་སོང་སྒོ་མོ་འགེགས་པའི་བརྡ། །འཆང་གཤམས་ཨ་ལུང་བཏགས་པ་དེ། །དམ་ཆོས་འཁོར་ལོ་བསྐོར་བའི་བརྡ། །སྟག་ལྤགས་གཡས་སུ་བཏགས་པ་དེ། །དཔའ་བོ་དབང་དུ་འདུ་བའི་བརྡ། །གཟིག་ལྤགས་གཡོན་དུ་བཏགས་པ་དེ། །དཔའ་མོ་དབང་དུ་འདུ་བའི་བརྡ། །ཤི་སྐྲ་གཡས་སུ་བཏགས་པ་དེ། །མི་རྟག་རྒྱུད་ལ་སྐྱེ་བའི་བརྡ། །གསོན་སྐྲ་གཡོན་དུ་བཏགས་པ་དེ། །རྐྱེན་ངན་ལམ་དུ་ལོངས་པའི་བརྡ། །ཡང་ན། ཤི་སྐྲས་ཤི་


KMC019_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་དབང་དུ་འདུ། །གསོན་སྐྲས་གསོན་འདྲེ་དབང་དུ་འདུ། །ཟེར་བའང་འདུག །དངུལ་དཀར་མེ་ལོང་བཏགས་པ་དེ། །ཆོས་ཉིད་འོད་གསལ་འཆར་བའི་བརྡ། །དར་དཔྱངས་སྣ་ལྔ་བཏགས་པ་དེ། །སྐུ་ལྔ་ཡེ་ཤེས་མཚོན་པའི་བརྡ། །དྲིལ་བུ་གཡེར་ཁ་བཏགས་པ་དེ། །སྙན་པ་ཕྱོགས་བཅུར་སྒྲོགས་པའི་བརྡ། །ཞེས་མ་ཅིག་གི་ལུགས་དང་། རྙིང་ལུགས་ལ་ལྕགས་ཀྱུ་མདའ་ཞུ་བཏགས་པ་དང་ཐོད་སྐམ་འདྲི་བའི་ཁྱད་པར་ཙམ་ལས་མི་འདུག །དཀྲོལ་ཚུལ་ནི་མ་ཅིག་ལུགས་ལ་སྤྱི་ཁྱབ་ཙམ་ལས་དམིགས་བསལ་མ་མཐོང་ཞིང་། རྙིང་ལུགས་ལ། ར་ཙ་ཧྲི་ཡ་གསུམ་དང་། མ་དང་ལ་མཁའ་འགྲོ་གསུམ་དང་། མ་དང་མཁའ་འགྲོ་གསུམ་དང་། མ་དང་མཁའ་འགྲོ་འདིར་འདུས་ཤིག་གཅིག་དང། དམ་པ་སངས་རྒྱས་གསུམ་དང། མ་ཅིག་ལ་གསོལ་བ་འདེབས། ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག །ཅེས་པ་རྙིང་ལུགས་ལ་གྲགས་པའི་རིག་འཛིན་ཚེ་དབང་ནོར་


KMC019_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བུས་མཛད་པ་ཡིན་ནོ། །རང་ལུགས་བླ་མའི་ཕྱག་ལེན་ལྟར་ན། མ་དང་མཁའ་འགྲོ་གསུམ་དང་། མ་དང་ལ་མཁའ་འགྲོ་གསུམ། ཧཱུྃཿབཞི་སྟེ། དང་པོ་དྲུག་ཕར་ཕྱིན་དྲུག་དང་། ཧཱུྃ་བཞི་ཚད་མེད་པ་བཞི་ཚོན། དེ་ལྟར་དམ་པའི་བརྡ་བསྟོད་ལ་དཀྲོལ་བ་ཡིན་ཞིང་། འོན་ཀྱང་བདེ་གླུ་རིང་མོ་ལའང་དཀྲོལ་བ་བྱེད་དོ། །དེ་མིན་ཤུགས་འབྱུང་སྤྱི་ཁྱབ་ལྟར་ལས་དམིགས་བསལ་མེད་དོ། །དྲིལ་བུ་རྒྱུད་སྡེ་ནས་བྱུང་བ་ལྟར་དང་། ཡང་ན་དཔའ་བོའི་དྲིལ་བུ་ཞེས་འཇམ་དྲིལ་རྡོ་རྗེའི་ཕྲེང་བས་བསྐོར་བ་དེ་མཐུན་པ་འདྲ། མ་ཅིག་གིས་གསུངས་པ་མ་མཐོང་། དྲིལ་བུ་མེད་ཀྱང་རུང་ཡང་། ཐབས་ཤེས་ཡ་མ་བྲལ་པའི་ཕྱིར་དུ་གཅོད་ཡུལ་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱིས་ཟུང་འཇུག་ཏུ་དཀྲོལ་བས་ཤིན་ཏུ་ལེགས། མི་རྐང་མ་ཉམས་པ་ནི་མགོ་མཇུག་གི་ཚིག་མགོ་གཉིས་དང་བཅས་པ་དེ། མདོག་དཀར་པོ་རབ། སྨུག་པོ་འབྲིང་། ཁྲ་བོ་ཐ་མ། ཐལ་སྐྱ་ལ་


KMC019_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཕལ་པ་ལ་སྐྱོན་དུ་འགྱུར་བས་མི་རུང་ངོ་། །དབྱིབས་ནི་ཅུང་ཟད་གུག་པ་དང་། རུས་པའི་གདོག་གྲིང་པོ་ནང་ངོས་སུ་ངང་གིས་གུག་པ་དགོས་ལ། གཡས་གཡོན་དུ་འཁྱོག་པ་དང་། དུམ་བུར་འཁྱོག་པ་དང་། ཐུམ་པོར་ཉག་པ་དང་། གས་པ་སོགས་དང་། འཐུག་ལ་སུལ་མང་བ་དང་། ཤིན་ཏུ་འཐུག་པ་དང་། མ་གུག་ཅིང་ཤད་ཤད་པོ་དང་། ཧ་ཅང་ཡང་སྤོམ་པ་དང་། སྐད་གྲིམ་པའི་ངར་མེད་ཅིག་འདོར་འདོར་པོ་དང་། རྐང་འོག་གི་སྣ་སོར་ཆུང་ཞིང་ལིང་ལིང་པོ་དང་། རྐང་གི་དཀྱུས་སུ་གཤང་མང་པོ་དོད་པ། ཕག་རྐོས་དང་། རྩུབ་ལོང་ལོང་པོ་དང་། ཟུར་མང་པོ་དང་། ལེབ་ལེབ་པོ་དང་། ལར་ཡང་མིག་ལམ་དུ་མི་སྡུག་ཅིང་ཡིད་དུ་མི་འོང་བ་དེ་རྣམས་འཆང་དུ་མི་གཏུབ་བོ། །ལོ་བཅུ་དྲུག་ཡན་དང་། དྲུག་ཅུ་ལོན་པ་མན་རུང་ཞིང་། རང་གཤེད་རང་ལ་ཕབ་པ་དང་། མུ་གེ་དང་། ནལ་འུ་དང་། དམེ་ཡུག་དང་། རབས་ཆད་དང་། བཤན་པ་དང་།


KMC019_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོག་ཤི་དང་། དེ་བཞིན་མཚན་ངན་གྱི་རྐང་འཆང་དུ་མི་རུང་། རྐང་མགོ་མེད་པ་དང་། གས་པ་ཅན་དང་། མཛེ་ཕོའི་རྐང་པ་དང་། ལྕགས་དང་། ཟངས་དང་། ཤིང་དང་། ར་ཅོ་དང་། དེ་རྣམས་རྐང་ལ་གླན་ཅིང་མཐུད་པ་རྣམས་ནི། རྐང་ཉམས་པ་ཡིན་ཏེ་འཆང་བར་མི་བྱ། ཁྱད་པར་གཡག་ནག་གི་རྭ་ནི་མནན་པ་བྱེད་པའི་སྣོད་ཡིན་ཅིང་རྫས་ངན་མི་རུང་བ་ཡིན་པས། དེ་རྐང་ལ་སྤྲད་ནས་བུས་ན་ཐོས་པ་པོ་གང་ཡིན་པ་དེས་སྒྲ་ལོག་པར་ཐོས་ནས་ཡིད་མི་བདེ་ཞིང་གནོད་པའི་སེམས་སྐྱེ་བར་བྱེད་པ་དང་། ལར་ཡང་སྒྲ་དེ་གང་དུ་བསྒྲག་པའི་ཡུལ་ཕྱོགས་སུ་མི་དགེ་བ་སྣ་ཚོགས་པ་འབྱུང་བས་རྭ་ནག་སྤྲད་པའི་རྐང་དེ་ནི་གཏན་ནས་འཆང་བར་མི་བྱའོ། །མི་རྐང་གླིང་བུ་འབུད་པའི་རྫས་ཡིན་ཀྱང་། འཆང་དུ་མི་རུང་བའི་རྐང་དེ་རྣམས་ནི་ཕར་འགོག་པའི་རྫས་དང་ཉེས་པ་སྣ་ཚོགས་བསྐྱེད་པའི་རྫས་མཚན་ངན་ཡིན་པ་ཤེས་པར་བྱས་ལ་བརྟགས་པ་གལ་


KMC019_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ཡིན་ནོ། །འཆང་དུ་རུང་བ་ནི་སྐྱོན་དེ་རྣམས་མེད་ཅིང་ཡོན་ཏན་དང་ལྡན་པ་དགོས་ཏེ། དེ་ཡང་སྐྱེས་བུ་ཞེ་སྡང་ཆེན་པོ་དང་ལྡན་པ་ཕ་རོལ་པོ་ལ་རྔམས་པའི་ངར་མ་དེའི་ངར་དེ་ཞིམ་ཁོམ་ཞིང་། ཕ་རོལ་ལ་རྔམས་པའི་བློ་དེ་ལ་རྟོག་པ་གཞན་སྐྱེ་མ་ཁོམ་པར་མཚོན་གྱིས་བཏབ་སྟེ་བསད་པ་དང་། བུད་མེད་མཚན་ལྡན་དང་། བཙུན་པ་དམ་ཚིག་མ་ཉམས་པ་དང་། སྐྱེ་བོ་ཡང་རབ་དད་པ་དང་ལྡན་ནས་སྡིག་ལ་བྱོལ་བ་དང་། བྱང་ཆུབ་སེམས་དཔའི་རིགས་ཅན་སོགས་དང་། ཁྱད་པར་དར་ལ་བབས་པའི་དུས་སུ་བློ་མ་ཉམས་པར་འཆི་བའི་རྐང་གཡས་པ་ནི་དཔའ་བོ་འབོད་རྫས་གཡོན་པ་ནི་དཔའ་མོ་འབོད་རྫས་ཡིན་ཏེ། རོ་དེའི་འོག་ཏུ་མ་སོང་ཞིང་སྟེང་དུ་གང་འདུག་པ་དེ་འབྲེག་པར་བྱའོ། །སྲབ་ལ་འཁྲེགས་ཅིང་དངས་པ་ཚིག་མགོ་དང་པོའི་སེར་བ་རུས་དང་འོག་གི་འབུར་ཆུང་གཉིས་ཀྱི་བར་ནས་གཅོད་དེ། ཚིག་ཆུང་མ་ཉམས་པར་གླང་པོ་ཆེའི་རྣ་བུག་


KMC019_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱའོ། །ཚིག་འོག་མའི་རུས་འབུར་གཉིས་ཀྱི་གདོང་ཐེབ་ཆེན་ལྷན་པའི་མལ་ཙམ་བྲུ་ལ་ཚིག་མགོ་མ་ཉམས་པར་བྱས་ནས་བར་དུ་འབྲེལ་བ་དེ་སེངྒེའི་སྣ་སོར་ལྟར་བྱེད་དོ། །ཧྲིལ་པོ་སྒང་གི་ཐུར་མ་འདྲ་བ་བཟང་། །དཔའ་བོའི་འབོད་རྫས་ནི་ཁྱད་པར་དུ་མཚོན་གྱིས་བསད་པའི་སྐྱེས་དར་མའི་རྐང་ཡིན། མཁའ་འགྲོ་འབོད་རྫས་ནི། བུད་མེད་མཚན་ལྡན་གྱི་རྐང་ཡིན། མི་མིན་ཕལ་པའི་འབོད་རྫས་འཆང་རུང་བ་གང་ཡང་ཡིན་པས་སོ། །གཞན་ཡང་ཟངས་དུང་དང་ར་གན་ཤིང་གི་རྐང་དུང་རྣམས་ཀྱང་སྤང་ངོ་། །ཚད་ནི། རྐང་གླིང་གི་མཇུག་ལག་གཡོན་པའི་མཐིལ་དུ་བཞག་ཅིང་། སོར་མོ་རྣམས་གྱེན་དུ་བསྒྲེངས་པའི་རྩེ་ནས་གཞལ་བའི་སོར་བཅུ་གཉིས་སླེབས་པའི་མཚམས་ནས་བཅད་ལ། ནང་དུ་མ་བྲུས་པ་ཁ་ཕྱི་གཡེར་དུ་བྱས་ན་སྐད་སྙན་པར་འབྱུང་། འབུད་ཚུལ་ནི་སྐད་ཐོས་པའི་འབྱུང་པོ་ཕྲན་བུ་རྣམས་བརྒྱལ་བས་ན་ལག་མཐིལ་དུ་


KMC019_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གདབ་སྟེ་བརྡའ་སྦྱར་ལ་འབུད། དང་པོར་སྐད་ཆེ་ཞིང་སྙན་ལ་རིང་བ་གཅིག་བཏང་ལ། ཁམས་གསུམ་ན་གནས་པའི་ལྷ་འདྲེ་དང་སེམས་ཅན་ཐམས་ཅད་ཀྱི་ཉོན་ཅིག་ཟེར་བ་བསམ་ལ་བུས་པས། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ཐོས་ཏེ་ས་དང་པོ་ཐོབ་པའི་དགའ་བ་ལྟ་བུ་རྒྱུད་ལ་སྐྱེས་ནས་མི་ཁོམ་པ་ཅི་དང་ཅི་ཡོད་ཀྱང་འཕྲོ་བཅད་དེ་གཉན་ས་དེར་འགྲོའོ་སྙམ་པའི་སྤྲོ་བ་སྐྱེས་པར་བསམ། གཉིས་པ་སྔ་མ་དང་འདྲ་བ་ལ་འགྱུར་གཉིས་བྱ་སྟེ། ཁམས་གསུམ་དང་ཕྱོགས་བཅུ་ན་གནས་པའི་མགྲོན་ཐམས་ཅད་འདིར་འདུས་ཤིག་ཟེར་བ་བསམ་ལ་བུས་པས་དེ་མ་ཐག་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་འུར་འུར་བྱ་ཁྱུ་ཞོག་པ་ལྟར་དགའ་སྤྲོ་དང་བཅས་པས་འདུས་པར་བསམ། གསུམ་པ་སྔ་མ་གཉིས་ལས་ཐུང་ཞིང་སྐད་དྲག་ལ་གྲེ་འགྱུར་གསུམ་དང་བཅས་དེ་བུས་པས། མགྲོན་རིགས་ཐམས་ཅད་བདག་ལ་དགའ་མགུ་རངས་པའི་མོས་


KMC019_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ཚད་མེད་སྐྱེས་ནས་འབུད་པའི་ཚུལ་དུ་འཁོད་པར་བསམ་ལ་ཕཊཿགསུམ་བྱ། ཕཊཿགྱི་དམིགས་པ་རྐང་གླིང་དང་མཚུངས། དེ་ནི་དང་པོའི་སྐབས་ཡིན་གྱི་རྒྱུན་དུ་ནི་རྐང་གླིང་དང་ཕཊཿགཉིས་དམིགས་པ་གཅིག་ལས་མེད་ཀྱང་། སྤྱན་འདྲེན་མཆོད་འབུལ་སོགས་སོ་སོའི་སྐབས་ཐོབ་ཤེས་པར་བྱ། ཡང་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་སྦས་ཡུལ་ལྗོན་པ་ལུང་དུ་བཞུགས་སྐབས་འོད་གསལ་བརྡ་ཡི་སྣང་བ་ལ་འཆར་བའི་ཚུལ་ནི་ལན་དགུ་འདུག་པར། ཧ་རི་ནི་ས་གཉིས། ར་ཙཱ་ཧྲཱི་ཡ་གསུམ། ཛཿཛཿ ཞེས་དཔའ་བོ་ཡབ་ཡུམ་བཅུའི་ས་བོན་ལ་འགུགས་སྔགས་བཏབ་པའི་འདི་རེ་འགས་གྲུབ་ཐོབ་ཆེན་པོ་ཐང་སྟོང་གི་ལུགས་ཡིན་ཟེར་ཡང་། རིག་འཛིན་གྱི་ལུགས་སུ་ངེས་པར་འདུག །ཀུན་མཁྱེན་ཆེན་པོས་མཁའ་འགྲོའི་གད་རྒྱངས་སུ་རིགས་ལྔའི་ས་བོན་ལས་ལྔ་འབུད་པ་སོགས་ཡོངས་སུ་གྲགས་པ་འདི་རྣམས་རྙིང་ལུགས་ཁོ་ན་ཡིན།


KMC019_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་གསུམ་པོ་ནི་མ་ཅིག་གི་ལུགས་ཏེ། བླ་མའི་ཕྱག་སྲོལ་དང་དབོན་པོ་རཏྣ་སིང་ཧའི་ཟིན་བྲིས་ན་གསལ་ལོ། །གཡང་གཞི་ནི་གྲུབ་པ་མ་ཐོབ་བར་དུ་མི་ལྤགས་སྟག་གཟིགས་སོགས་ཀྱི་པགས་པ་འཆང་དུ་མི་རུང་བ་གཞུང་ན་གསལ་བས། ར་ཐོང་དཀར་པོའི་པགས་པ་མི་ལྤགས་གཡང་གཞིའི་དབྱིབས་སུ་བཅོས་པ་ཞིག་གིས་རུང་བར་ཆགས་མེད་ཀྱིས་བཞེད་པས་དེ་ལྟར་འཆང་། ཁྱི་པགས་ནི་འཆང་བ་ལྟར་བཞག །མིག་གི་བལྟ་ཕྱོགས་ཙམ་ཡང་མི་རུང་བར་གསུངས་ཤིང་། མ་ཅིག་གིས། ཁྱི་ནག་པགས་པ་ཕྲག་ཏུ་བཀལ། །དོམ་ནག་པགས་པ་ཐོད་དུ་བཅིངས། ཞེས་པ་ལ་སོགས་པའི་གཅོད་པ་ནག་པོ་དགུ་སྦྱོར་ཟེར་བ་སོགས་བཤད་པ་མང་དུ་འདུག་ཀྱང་། འདིར་ཡི་གེ་མང་བའི་སྐྱོན་གྱིས་འབྲིར་མ་བཏུབ་པས། ཤེས་པར་འདོད་ན་རྣམ་བཤད་ཆེན་མོར་གཟིགས་པར་མཛོད། ཀ་པཱ་ལ་ནི་སྐྱེ་འགགས་མེད་པའི་དོན་རྟོགས་པའི་བརྡ་རུས་ལམ་ལ་


KMC019_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་ཐོབ་པ་རྣམས་ཀྱིས་འཆང་བྱར་གསུངས། དུམ་བུ་གཅིག་གཉིས་གསུམ་སོགས་བཟང་བར་བཤད། དེ་ཡང་ཚོགས་འཁོར་སྐབས་སུ་མ་གཏོགས་གཅོད་པ་ལ་ཆེར་དགོས་པའི་ངེས་པ་མ་མཐོང་། སྒོམ་ཐག་ཡང་གཅོད་ལུགས་སུ་བཤད་པ་མ་མཐོང་ཞིང་། བོད་དུ་རྗེ་བཻ་རོ་ཙ་ནས་མི་ཕམ་མགོན་པོ་ལ་རྡོ་རྗེ་ཟམ་པ་འཆད་པའི་སྐབས་སུ་ལུས་ཚུག་ཐུབ་པའི་ཕྱིར་དུ་གསུངས་པས། རྗེས་སུ་བོད་ཐམས་ཅད་ལ་ཁྱབ་པ་ཡིན། གཉན་ཁྲོད་དུ་ཚུག་འཛིན་ཕྱིར་ཕན་པར་འདུག །ཅོག་དུ་ལག་ཁྲིད་ལྟར་བྱས་ན་བདེ། མ་ཅིག་གིས་གསུངས་པ་དེ་གཉན་ཁྲོད་དུ་ཅུང་ཆེ་བའི་སྐྱོན་འདུག་པས་འདིར་མ་སྤྲོས་སོ། །སྤྱིར་གྱི་ལུས་ཆས་ནི་གཅན་གཟན་ཁྱི་ལྤགས་སོགས་གྱོན་པ་དང་། གཅེར་བུ་དང་རྒྱན་དྲུག་རྣམས་མི་རུང་བ་ནི། མ་ཅིག་གིས། ཆས་རྟགས་ལོག་པ་ལ་ཡང་། ཆས་ལོག་དང་རྟགས་ལོག་གཉིས་ཡོད་དེ། དེ་ལ་དང་པོ་ཆས་ལོག་ནི། གོས་སུ་གཅན་གཟན་གྱི་


KMC019_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པ་གྱོན་པ་དང་། རེ་བ་ནག་པོ་གྱོན་པ་དང་། མིའི་པགས་པ་གྱོན་པ་དང་། བྱའི་པགས་པ་གྱོན་པ་དང་། མི་མགོ་ལ་ལྟོ་ཕོར་བྱེད་པ་དང་། མི་རྐང་གི་གླིང་བུ་ལ་རྭ་ཅོ་སྤྲད་ནས་འབུད་པ་དང་། གཞན་ཡང་ལྕགས་དང་ཟངས་དང་ཤིང་སོགས་སྤྲད་ནས་འབུད་པ་དང་། རི་དྭགས་བཙོད་ཀྱི་རྭ་ངར་མ་ལག་ཏུ་ཐོགས་པ་དང་། དྲག་ཤིང་ལས་བྱས་པའི་འཕྲེང་བ་ཧ་ཅང་ཆེན་པོ་ལག་ཏུ་མི་ཆུད་པ་འཆང་བ་དང་། དོམ་གྱི་པགས་པ་དང་། གཞན་ཡང་སྟག་ལ་སོགས་པའི་གཅན་གཟན་འཇིགས་པ་རྣམས་ཀྱི་པགས་པ་དང་། བྱའི་གསོབ་དང་། དེ་རྣམས་ལས་བྱས་པའི་ཞྭ་མོ་མགོ་ལ་གྱོན་བ་དང་། ཞྭ་ནག་པོ་གྱོན་པ་དང་། དམུ་ཞྭ་སྣ་རིང་མགོ་ལ་གྱོན་པ་དང་། མིའི་པགས་པ་དང་། མིའི་མགོ་ལྤགས་སྐྲ་དང་བཅས་པ་དང་། མིའི་རྐེད་མགོ་དང་ལག་མགོ་ལ་སོགས་པ་རྣམས་ལུས་ལ་འཆང་བ་དང་། གོས་ནག་པོ་གྱོན་པ་དང་། ལྷམ་ཡུ་ནག་པོ་གྱོན་པ་དང་། ཀོ་


KMC019_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལྷམ་ནག་པོ་གྱོན་པ་དང་། རོ་གོས་ངན་པ་གྱོན་པ་དང་། མདོར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དང་མི་མཐུན་པའི་ཆས་ངན་པ་མ་རུང་བ་རྣམས་འཆང་བ་དེ་དག་ནི་གཅོད་མཁན་གྱི་ཆས་ལོག་པའོ། །འོན་ཀྱང་གཏེར་གཅོད་རེ་འགའ་ནས་ཧེ་རུ་ཀཿའི་ཆས་དགོས་གསུངས་པ་ནི་གསད་པ་གསོ་ནུས་པ་སོགས་སྤྱོད་པ་རན་པའི་དུས་ལ་དགོངས་པ་ཡིན། རྟགས་ལོག་པ་ནི། མ་འོངས་པའི་དུས་སུ་གཅོད་མཁན་ཡིན་ཟེར་བ་རྣམས་ཀྱིས་སྤྱིར་གྱི་ཤ་རིགས་གང་མཐོང་ཟ་བ་དང་། ཁྱད་པར་དུ་མིའི་ཤ་ཟ་བ་དང་། ཁྱིའི་ཤ་ཟ་བ་དང་། རྟའི་ཤ་ཟ་བ་དང་། གཤང་ལྕི་ལ་སོགས་མི་གཙང་བ་རྣམས་ཟ་བ་དང་། ནད་པའི་རྣག་ཁྲག་དྲི་ཆུ་རྣམས་འཐུང་བ་དང་། རྩྭ་ལ་སོགས་དུད་འགྲོས་ཟ་བའི་རིགས་རྣམས་ཟ་བ་དང་། མི་གཙང་བ་སྣ་ཚོགས་རྣམས་རྒྱུན་མར་ཟ་བ་དང་། ཁྲག་རྣག་ཆུ་སེར་མཆིལ་སྣབ་དང་དྲི་མ་བཀྲུས་པའི་ཁྲུད་མ་རྣམས་འཐུང་བ་


KMC019_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མནན་པ་དང་། ལྷ་འདྲེ་དང་གཅན་གཟན་རྣམས་ལ་ཁ་ཆིང་བྱེད་པ་དང་། སྲུང་འཁོར་བསྒོམ་པ་དང་། དྲག་སྔགས་བརྗོད་པ་དང་། རང་ལུགས་ཀྱི་གཞུང་ནས་བཤད་པ་ལྟར་མ་ཡིན་པའི་ཡས་ལྟག་ལུང་མ་བསྟན་གྱིས་ལྷ་འདྲེ་རྣམས་ལ་བཀའ་རྒྱ་བྱེད་པ་དང་། རང་ཉིད་གང་ན་འདུག་པའི་གནས་པོ་ཡུལ་ལྷ་གཞི་བདག་རྣམས་ལ་གནོད་པ་བྱེད་པ་དང་། ཕ་རོལ་གྱི་མི་དང་ལྷ་འདྲེ་དང་སེམས་ཅན་རྣམས་ལ་གནོད་པ་བྱེད་པ་དང་། དམིགས་ངན་དང་རྫས་ཐུན་དང་དྲག་སྔགས་རྣམས་བྱེད་པ་དང་། གནོད་སེམས་དང་རྒྱུན་དུ་འགྲོགས་པར་བྱེད་པའི་གཅོད་མཁན་འགའ་ཞིག་འབྱུང་བ་རྣམས་ནི། གཅོད་མཁན་གྱི་གང་ཟག་ལོག་པ་དང་། དམ་ཆོས་ཕྱག་རྒྱ་ཆེན་པོ་འདི་གཅོད་ཅེས་བྱ་བ་ལོག་པའི་རྟགས་ཡིན་ནོ། །ཞེས་གསུངས་པས། རྒྱས་པར་འདོད་ན་རྣམ་བཤད་ཆེན་མོར་གཟིགས། ཡང་གཅོད་དམིགས་དང་གཅོད་རྟགས་བཤད་པའང་ཟ་འདྲེ་ཤི་གཤེད་


KMC019_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱིན་གྱིས་བརླབ་པའི་རྟགས་ཡིན་པས་མི་རུང་བར་གསུངས། གཞན་ཡང་གཅོད་མོ་མར་གོལ་བ་དང་། རོ་བཤའ་གོལ་བ་དང་། གྲོང་ཆོག་ལ་གོལ་བ་དང་། རྐྱེན་སེལ་ལ་གོལ་བ་དང་། སྲིའུ་གསོ་བ་དང་། ནད་གཅོད་ལ་གོལ་བ་དང་། གཅོང་འདྲེ་འཛིན་ལ་གོལ་བ་དང་། ལྟོ་གོས་བཙལ་བའི་ཐབས་ཙམ་དུ་གོལ་བ་དང་། འདྲེ་འདུལ་ལ་གོལ་བ་སོགས་དུ་མ་ཡོད་པས། གཞུང་དུ་དེ་དག་གི་བཤད་པ་ཡོད་ཀྱང་། ལྟ་བའི་གདེང་དང་ཕན་སེམས་མི་ལྡན་བཞིན་དུ་རང་འདོད་དྲི་བཅས་ཀྱི་མི་ཆ་ལ་ཆད་བཙུག་སྟེ་ལག་ཏུ་བླང་ན་གོལ་ས་དང་། འཆོལ་ས་ཡིན་པས་སྤང་བར་བྱ། ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་པས་ཀྱང་། གཉན་སར་འགྲིམ་པ་སྐད་རྣམས་ཀྱང་། སྔོན་འགྲོས་རང་རྒྱུད་མ་སྦྱངས་ཤིང་། བསྐྱེད་དང་རྫོགས་པའི་གཞུང་ལམ་ལ། །གཡོ་ཐོབ་གོམ་བརྟན་མཐར་ཕྱིན་ལྔའི། །དྲོད་རྟགས་ཀྱི་སྣེ་ཡང་མ་ཟིན་པར། །བཟའ་བཏུང་


KMC019_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གླིང་ཌ་རུས་འཚོལ། །ཐོགས་བཅས་བདུད་ལ་སྐྲག་ཅིང་འདར། །ཐོགས་མེད་བདུད་ཀྱིས་ཀུན་ནས་དཀྲིས། །དགའ་འབྲོད་བདུད་ལ་མངོན་པར་རློམ། །སྙེམས་བྱེད་བདུད་ལ་འཁུམས་བཞིན་དུ། །ཆང་དང་ལམ་ཟན་འཚོལ་བཞིན་བར། །ཤ་ཁྱེར་ཁྲག་ཁྱེར་ཟེར་བ་མཚར། །ཞི་གནས་ཀྱི་མྱོང་བ་མཐར་ཕྱིན་ནས། །ལྷག་མཐོང་ལ་ཉམས་སད་བྱེད་པ་དང་། །རོ་སྙམས་ཀྱི་འཕྲང་ལ་བཤར་ནུས་པའི། །གཅོད་མཁན་དེང་སང་ཡོད་མི་འདྲ། །ཞེས་གསུངས། ཕཊཿབརྗོད་ཚུལ་ནི། མ་ཅིག་གིས། ཕཊཿའདི་དྲག་པོའི་ཡི་གེ་ཁྱད་པར་ཅན་ཡིན་པས། ཕཊཿཀྱི་སྒྲ་ཐོས་པ་ཙམ་གྱིས་མི་མ་ཡིན་གདུག་པ་ཅན་རྣམས་ཀྱི་གདུག་སེམས་ཀྱི་ངར་ཞི་ནས་ཟིལ་གྱིས་གནོན་ནུས་པའི་ཡི་གེ་ཡིན། ཕཊཿའདི་དམིགས་པའི་བློས་མ་ཟིན་པར་རང་བཞིན་ཕཊཿདྲག་པོ་བརྗོད་ན་འདྲེ་དྲན་ཕལ་པའི་སྙིང་འགས་པས། དོན་མེད་དུ་ཕཊཿདྲག་པོ་བརྗོད་པར་མི་བྱེད་དོ། །ཕཊ་དྲག་


KMC019_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྒྱ་རྩ་བརྒྱད་དུས་གཅིག་གདབ་ན། གནོད་བྱེད་གང་ཡིན་ཀྱང་བརླག་པར་ནུས་པས་དོན་མེད་དུ་མི་བྱ། ཕཊ་འདི་ནི་ངའི་ཆོས་ལུགས་དང་མཚུངས་ཏེ། ཕ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན། ཊ་ཅེས་པ་ནི་ནང་གསང་སྔགས་བླ་ན་མེད་པའི་དོན་ཡིན། དྲག་པོའི་ཡི་གེ་འདི་གཉིས་གཅིག་ཏུ་བྲིལ་བ་ལ་ཕཊཿཟེར་ཏེ་བརྗོད་པ་ཙམ་གྱིས་ཡོན་ཏན་མཐའ་ཡས་པ་ཡོད་ཅིང་། ཕཊཿབརྗོད་པ་ཙམ་གྱིས་ནང་བདག་འཛིན་གྱི་མགོ་བོ་འགེམས་པར་ནུས་པ་དང་། ཕྱིའི་ནད་གདོན་འཇིགས་བརྒྱད་ལ་སོགས་ཞི་བར་ནུས་པ་ཡིན་ནོ། །ངའི་ཆོས་ལུགས་ཕྱག་རྒྱ་ཆེན་པོའི་གཅོད་བྱ་བ་འདི་ཕྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་། ནང་གསང་སྔགས་བླ་ན་མེད་པའི་རྒྱུད་དང་གཉིས་ཀྱི་དོན་ཕྱོགས་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ལ་ཕྱག་རྒྱ་ཆེན་པོའི་གཅོད་ཅེས་ཟེར་བ་ཡིན་པས། ཡི་གེ་ཕཊཿཞེས་པ་དང་མཚུངས་སོ། །དེ་ཡང་ཕཊཿལ་རྣམ་པ་གསུམ་ཡོད་པ་


KMC019_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདི་ལྟར་ཡིན། དྲག་པོའི་ཡི་གེ་འབྲུ་མ་གཉིས། །གཅིག་ཏུ་དྲིལ་ནས་དྲག་པོར་བརྗོད། །ཕཊཿཅེས་བྱ་བའི་སྒྲ་བྱུང་བ། །གོ་དོན་ཐ་དད་མི་འདྲ་བས། །དམིགས་རྣམ་ཀུན་གྱི་གསལ་གདབ་ཡིན། །དེ་ཡང་རྣམ་པ་གསུམ་ཡིན་ཏེ། མཆོད་སྦྱིན་ཕཊཿནི་ལྷུག་པར་བརྗོད། །འགུགས་བསྐྲད་ཕཊཿནི་རིང་དུ་བརྗོད། །མཚམས་གཅོད་ཕཊཿནི་ཐུང་ངུར་བརྗོད། །ལྷུག་པ་ཕཊ་རྒྱངས་སྦོམ་པོར་གདབ། །དཔེར་ན་འབྲོང་གཡག་རྔ་ཕུང་བཞིན། །འཇམ་མཉེན་སྤུང་པའི་ཕུང་པོ་ལྟར། །ཁོང་ཤུགས་དབུགས་དང་བཅས་པ་ནི། །ལྷུག་ཅིང་བཏང་ལ་གཏེར་བར་དམིགས། །ཕཊ་རིང་ཐ་མ་དྲག་ཏུ་བརྗོད། །དཔེར་ན་བསེ་རུའི་རྭ་ཇི་བཞིན། །རྩ་བ་སྦོམ་ཞིང་རྩེ་མོ་ཕྲ། །དབུགས་བཀང་གྲེ་བར་རིང་དུ་འདྲེན། །སྡུད་པ་དང་ནི་ཤེགས་པར་དམིགས། །ཐུང་ངུར་ཕཊ་རྒྱངས་ཕྲ་མོར་གདབ། །དཔེར་ན་བསྐལ་བཟང་ནས་འབྲུ་བཞིན། །མགོ་མཇུག་ཕྱི་ནང་མེད་པ་ལྟར། །ཁ་


KMC019_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་མཆུ་རྩེས་དྲག་ཏུ་བཅད། །འགྱུ་བའི་རྒྱུན་ནི་གཅོད་པར་དམིགས། །གར་དང་སྟོང་ཉིད་ནད་འདོན་གྱི། །དམིགས་པ་ཡི་གེ་ཧ་ཡིས་གདབ། །གཏོང་ལེན་བསྡུ་དོན་འགུགས་བསྐྲད་རྣམས། །ཕལ་ཆེར་ཡི་གེ་ཧཱུྃ་གིས་གདབ། །ཕཊཿཀྱི་ཡན་ལག་ཧ་དང་ཧཱུྃ། །དམིགས་པ་གསལ་བྱེད་ཡི་གེ་གསུམ། །དམ་ཆོས་གཅོད་ཀྱི་སྲོག་འཛིན་ཡིན། །ཞེས་གསུངས་སོ། །གཉིས་པ་གཉན་ས་ལ་ཕྱི་ནང་གསང་བ་གསུམ་ཡོད་པ་ལས། དང་པོ་ནང་གི་གཉན་ས་འདི་མ་ཆོད་བར་དུ་ཕྱི་རོལ་ཏུ་སོང་ཀྱང་བོགས་ཐོན་རྒྱུ་མེད་པས། དེ་ལ་མ་ཅིག་གི་ན་ཉི་ཤུ་པ་ལས། བདུད་གཅོད་འབྲེལ་བྱས་ནས་རློམ་སེམས་བདུད་དང་འགྲོགས་པ་འདིས་ཀྱང་མི་འོངས་ན། རང་བདུད་རང་ལ་བཞག་ནས་བདུད་གཅོད་གཞན་དུ་བྱས་པ་འདིས་ཀྱང་མི་འོངས་ན། ཞེན་པ་ཕྱོགས་མེད་མ་བྱུང་བར་དུ་གཅིག་ལྡོམ་སྤྲང་པོ་འདིས་ཀྱང་མི་འོངས་ན། ཞེས་ནང་རང་སེམས་གཉིས་སུ་


KMC019_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་ཞེན་པ་ཕྱོགས་མེད་དུ་མ་ཆོད་ན་རང་འདོད་ཀྱིས་ས་མཐའ་བསྐོར་ཞིང་གཉན་ཁྲོད་ལ་མིང་བཏགས་ནས་འགྲོ་བ་རྣམས་སྙིང་པོ་མེད་དོ། །དེ་ལ་དང་པོ་ཕྱི་ནང་གསང་གསུམ་གྱི་གཉན་ས་ངོས་བཟུང་སྟེ་དེར་གཅོད་པར་བྱའོ། །དེ་ཡང་སྲས་རྒྱལ་བ་དོན་གྲུབ་ཀྱིས་ཡུམ་ལ་དྲི་བ་ལྔ་བཅུ་རྩ་ལྔ་པ་ལས། སྤྱིར་ཡང་གཉན་ས་ལ་གསུམ། །ཕྱིའི་ལྷ་སྲིན་སྡེ་བརྒྱད་ཀྱིས་བདག་ཏུ་བཟུང་བའི་གྲོང་ཁྱེར་རི་བྲག་ཆུ་ཤིང་གི་གཉན་ས་དང་གཅིག །ནང་བདག་འཛིན་ཞེན་པས་བཅིངས་ཤིང་འཁོར་འདས་གཉིས་ཀའི་གཞི་ཆང་བའི་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གྲོང་ཁྱེར་སྒྱུ་མ་ལུས་ཀྱི་གཉན་ས་དང་གཉིས། གསང་བ་མ་རིག་པའི་གཟུང་འཛིན་གྱི་རྩ་བ་ཀུན་རྟོག་འཁྲུལ་པའི་གྲོང་ཁྱེར་འཛིན་པ་སེམས་ཀྱི་གཉན་ས་དང་གསུམ་ཡོད། དེ་ལ་ནང་གི་གཉན་ས་དང་། ཕྱིའི་གཉན་ས་བྱེ་བྲག་ཏུ་གང་གཉན་ཅེ་ན། རྣལ་འབྱོར་བའི་སེམས་གཉན། ཅིའི་ཕྱིར་ན། ནང་བདག་


KMC019_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་བྲག་དམར་བསམ་ཡས་འདི་གཏིང་འཁོར་བའི་རྒྱ་མཚོ་ཆེན་པོ་ལ་ཟུག་པས། དེ་ལ་མ་རིག་པའི་ཀླུ་གདོན་གྱིས་ཚང་བཅས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རུ་ལ་ཕྱོགས་བཅུར་གྱེས་ནས་འཕེན། ཟུར་བཞི་ལོག་བརྒྱད་ལ་སྡུག་བསྔལ་གྱི་རྦ་རླབས་འཁྲུགས། བྲག་དེ་ལ་ང་རྒྱལ་བཙན་རྒོད་ཀྱི་ཕོ་བྲང་བཏབ། སྐེད་པར་ཞེ་སྡང་ཀླུ་བདུད་ཀྱི་གྲོང་ཁྱེར་བཅའ། རྩེ་མོ་སྤང་རི་སེར་པོའི་གདུགས་ཕུབ་པ་ལ་གཉན་གདོན་ས་བདག་གི་འདུ་ཚོགས་བྱེད། སྤང་དེ་ལ་མ་རིག་པའི་དུག་ཤིང་སྐྱེས་པ་ལ་ཐོགས་མེད་ཉོན་མོངས་པའི་ཡལ་ག་རྒྱས། དགའ་བྲོད་ཞེན་འཛིན་གྱི་ལོ་འདབ་རྒྱས། རྩེ་མོར་སྙེམས་བྱད་ཀྱི་བདུད་བྱ་ནག་པོ་འཕུར་ལྡིང་བྱེད། བྱིང་རྨུག་གི་སྤྲིན་ཆེན་མཁའ་ལ་འཁྲུགས། །སྙན་གྲགས་ཀྱི་འབྲུག་ཆེན་ཀླད་ལ་ལྡིར། །གློ་བུར་གྱི་ཐོག་སེར་གཡོ་རྒྱབ་བྱེད། །རྐྱེན་བཞི་རྒྱུད་ལྔའི་ལམ་འཕྲང་རྩ་བ་ཟུགས། །སྲིད་པར་སྐྱེ་བའི་རིགས་དྲུག་


KMC019_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཁྲུལ་འཁོར་རྒྱུན་ཆད་མེད་པར་རྒྱུ་བའི་ལམ་འདི་གཉན། འདི་རྟོགས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན། སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། རྩུབ་པའི་འཇམ་པའང་འདི་ཡིན། ཀུན་གཞི་ཡངས་པའི་ཐང་དཀྱིལ་དུ་རྣམ་རྟོག་གི་བྲེ་གུ་གཏན་ཟུགས་ལྟར་བྱུང་བས། འཇམ་པའི་རྩུབ་པའང་འདི་ཡིན། ཡང་བྱེ་བྲག་ཏུ་ཕྱི་ལྟར་ན་ཆུ་མིག་ཀླུ་གཉན་ས་གཉན། ནང་ལྟར་ན་ཕུང་པོར་སྙིང་རྩ་རིན་པོ་ཆེའི་གུར་ཁང་ནང་རྩ་འདབ་བརྒྱད་གནས་པ་ནི་ཡེ་ཤེས་སེམས་དཔའི་གནས། རྟོགས་ན་ནི་ལྷ་ཆོས་སྐུའི་བཞུགས་གནས། མ་རྟོགས་ན་གདོན་རྒྱལ་པོའི་ཕོ་བྲང་། སྲོག་རླུང་ཁམས་འདུས་ཀྱི་འཁྲུལ་ས་འདི་གཉན། གསང་བ་ལྟར་ན་ཉོན་མོངས་དུག་ལྔ་ལ་སོགས་གཅོད་དགོས་པ་གསུངས་ཏེ། ཟབ་དོན་ལས། གནས་ནི་རང་ལུས་རྩ་ཁམས་འདུས་པའི་གཉན་ཁྲོད་ན། །ཉོན་མོངས་འབྱུང་པོ་རྟེན་དང་བརྟེན་པའི་ཚུལ་དུ་གནས། །རྟོགས་པའི་ཡེ་


KMC019_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྣང་བའི་འོད་ཟེར་རབ་རྒྱས་ཏེ། །ཇི་སྲིད་མ་རིག་མུན་ཁྲོད་མ་སངས་བར་དུ་གཅོད། །ནད་དང་སྡུག་བསྔལ་ཟུག་རྔུ་དྲག་པོ་ཀུན་གྱི་བདུད། །དེ་ཉིད་མ་རྟོགས་ཐར་པ་ཐོབ་པའི་སྲོག་འཕྲོག་བྱེད། །བདེ་སྡུག་སྐྱོན་ཡོན་འཁོར་འདས་ཐམས་ཅད་བསྐྱེད་པའི་རྟེན། །འབྱུང་བཞི་ཉོན་མོངས་རླུང་མཁྲིས་འདུས་པའི་ཕུང་པོ་གནས། །ཞེས་གསུངས་པས། དེའི་གཅོད་ཚུལ་ནི་འཁྲུལ་ཞིག་ཆེན་པོ་དབང་དྲག་རྒྱ་མཚོའི་ཞལ་ནས། འཁོར་འདས་གཉིས་ཀྱི་ས་མཚམས་འདི་ཉིད་དུ། །མེད་བཞིན་སྣང་བ་འདི་ཀུན་མཚར་རེ་ཆེ། །ལྷ་དང་འདྲེ་སོགས་མིང་དུ་བཏགས་པ་ཙམ། །ཕན་གནོད་གཉིས་ཀྱང་མིང་འདོགས་ཙམ་དུ་ཟད། །ད་ལྟའི་སེམས་ཉིད་མ་བཅོས་ངོ་བོ་ཉིད། །གནོད་བྱ་གནོད་བྱེད་གཉིས་སུ་མེད་པ་ལ། །གཅོད་བྱ་གཅོད་བྱེད་གཉིས་སུ་ག་ལ་ཡོད། །འདྲེ་རྟོག་འདྲེར་འཛིན་ཆོ་འཕྲུལ་སྣ་ཚོགས་ཀྱང་། །རང་སེམས་གཡོ་བའི་རོལ་པ་ཡིན་པས་ན། །དེ་


KMC019_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྷ་འདྲེ་ལོགས་སུ་གྲུབ་པ་མེད། །དེ་ལ་བདེན་པར་འཛིན་པ་སུ་ཞིག་ཡོད། །དཔེར་ན་རྨི་ལམ་སྟག་མོས་སུ་ཞིག་ཟོས། །སྨིག་སྒྱུའི་ཆུ་དང་ཐག་པ་སྦྲུལ་མཐོང་འདྲ། །མི་སྲིད་སྲིད་པ་འདི་ཀུན་མཚར་པོ་ཆེ། །གཅོད་ཅེས་བྱ་བའི་སྒྲ་དོན་གཏན་ཚིགས་ནི། །གཅོད་བྱ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡང་། །རྩ་བ་བདག་འཛིན་མཁན་པོ་འདི་ལ་ཐུག །གཅོད་བྱེད་མ་བཅོས་ཤེས་པ་སོ་མ་འདིས། །བདག་འཛིན་འཁྲི་བ་རྩད་ནས་གཅོད་པར་མཛོད། །ཡང་གཅིག་གསོན་དང་འདི་སྐད་ཞུ་པ་ལ། །ཕུང་པོ་གཅེས་འཛིན་གྱི་གཉན་ཁྲོད་འཇིགས་པ་དེར། །སྐྱིད་འདོད་བདེ་འདོད་ཀྱི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་བ་ཞིག་དེ་ན་གདའ། །སྒྱུ་ལུས་ཞེན་མེད་ཀྱི་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་ཅིག་མཛད་ན་དེ་རུ་མཛོད། །འདོད་ཡོན་ལན་ཚྭ་ཆུ་བོའི་མཚོ་འགྲམ་དེར། །འདོད་སྲེད་གསུང་བའི་ལྷ་འདྲེ་ཆོ་འཕྲུལ་ཅན། །


KMC019_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ས་འཇིགས་ཤིང་ཡ་ང་བ་ཞིག་དེ་ན་གདའ། །ཞེན་པ་རང་ལོག་གི་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་ཅིག་མཛད་ན་དེ་རུ་མཛོད། །བདག་འཛིན་རྒྱ་བྲག་དམར་པོའི་ལོག་ཤད་ན། །བདག་བཟུང་གདུག་པའི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་བ་ཞིག་དེ་ན་གདའ། །རང་རིག་བདག་མེད་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་ཅིག་མཛད་ན་དེ་རུ་མཛོད། ཕྱོགས་རིས་དངོས་འཛིན་གྱི་གཉན་ས་འཇིགས་པ་དེར། །ཕྱོགས་འཛིན་ཞེན་པའི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་བ་ཞིག་དེ་ན་གདའ། །ཕྱོགས་མེད་གདལ་ཁྱབ་དམིགས་པའི་འཕྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་ཅིག་མཛད་ན་དེ་རུ་མཛོད། །ཚེ་འདིར་ལྟར་སྣང་དུ་ཞེན་པའི་གཉན་ཁྲོད་དེར། །འཇིག་རྟེན་ཆོས་བརྒྱད་ཀྱི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་བ་ཞིག་དེ་


KMC019_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ན་གདའ། །སྒྱུ་མའི་དཔེ་བརྒྱད་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་ཅིག་མཛད་ན་དེ་རུ་མཛོད། །རྗེས་སྣང་སྒྱུ་མ་ལྟ་བུའི་གཉན་ཁྲོད་དེར། །རྗེས་ཤེས་ཕྲ་རགས་ཀྱི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་བ་ཞིག་དེ་ན་གདའ། །ཡང་དག་དྲན་ཤེས་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་ཅིག་མཛད་ན་དེ་རུ་མཛོད། །འཁོར་འདས་བདེ་སྡུག་གཉིས་ཀྱི་གཉན་ཁྲོད་དེར། །བཟང་ངན་རེ་དོགས་ཀྱི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་བ་ཞིག་དེ་ན་གདའ། །རང་གནས་ཡེ་ཐོག་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་ཅིག་མཛད་ན་དེ་རུ་མཛོད། །ཅེས་གསུངས་པ་ལ་གནད་ཆེན་པོ་ཉིད་ལས་གཞན་དུ་མི་སྨྲའོ། །ཕྱིའི་གཉན་ས་ནི་ཟབ་དོན་ལས། དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཁང་སྟོང་སོགས། །རང་སེམས་གང་འཇིགས་ཉམ་ང་བག་ཚའི་གནས་སུ་


KMC019_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ། །ཞེས་དང་། ཨཱརྱ་དེ་ཝས། གཡའ་གངས་དུར་ཁྲོད་གཉན་ས་དང་། །གྲོང་དང་གྲོང་ཁྱེར་ཆེན་པོ་དང་། །ཕུག་པ་དབེན་ཕུག་གནས་དག་ཏུ། །གཉིས་སུ་མེད་པར་བསྒོམ་པར་བྱ། །ཞེས་དང་། དམ་པས། ཐེ་ཚོམ་ཡིད་གཉིས་སྤང་བའི་ཕྱིར། །བདེ་བར་གཤེགས་པའི་བཀའ་ལ་དྲིས། །ཝ་སྦྱང་གནས་སུ་འདུག་ན་བདེ། །མེས་པོ་སྤྱི་བོའི་སྟེང་དུ་ཁུར། །རོ་ནི་ངན་སྐྱུགས་བཞིན་དུ་བསྐྱུར། །ཞེས་གསུངས་པས། མེས་པོ་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་ཐོག་མར་བྱུང་བའི་མེས་པོ་འདྲ་བས་རང་སེམས་དབྱིངས་སུ་བསྲེ་བའོ། །ཨཱརྱ་དེ་ཝས། གཉན་ཐོག་གཉན་དབབ། ཅེས་སྟེང་འོག་ཕྱོགས་མཚམས་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་གནས་པའི་གཉན་ས་དང་། དེ་བས་ཀྱང་གཉན་པའི་ཡུམ་དོན་ཟབ་མོ་བསྒོམ་པའི་རྣལ་འབྱོར་པ་དབབ་ནས་སྡད་པའོ། །མ་ཅིག་གིས་ཀྱང་། གཉན་ས་རི་ཁྲོད་འགྲིམ་པར་གཅེས། །ཞེས་སོགས་མང་དུ་གསུངས་


KMC019_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། འོ་ན་གཉན་ས་རི་ཁྲོད་འགྲིམ་པ་ལ་དགོས་པ་ཅི་ཡོད་སྙམ་ན། མ་ཅིག་ཌཀྐིས། ཐོག་ཏུ་བྱུང་བའི་རྐྱེན་སྣང་དེ། །གློ་བུར་གྲོགས་སུ་འགྲོ་བ་དཀའ། །དེ་བས་ལྟ་བ་ཐག་བཅད་ལ། །གཉན་ས་རི་ཁྲོད་ལ་སོགས་པ། །ཉམ་ངའི་གནས་སུ་བསྒོམ་པ་གཅེས། །ཉམ་ངའི་གནད་ཀྱི་གདམས་ངག་དྲན། །སེམས་དང་ལུས་ལ་འཕང་པ་དང་། །སྲོག་ལ་བར་ཆད་བྱུང་དོགས་པའི། །ཉམས་སུ་བླངས་པས་རིག་པ་འཆུན། །རིག་པ་འཆུན་པས་ཉམས་མྱོང་སྐྱེ། །རྟོགས་པའི་ཉམས་དང་ལྡན་པར་འགྱུར། །ཐོག་ཏུ་བྱུང་བའི་རྐྱེན་ལ་ཡང་། །ཤུགས་ཀྱིས་རང་དབང་ཐོབ་པར་འགྱུར། །དེ་ཕྱིར་གཉན་ཁྲོད་འགྲིམས་པ་གཅེས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཅོད་ཉམས་སུ་བླངས་ནས་རྫོགས་པའི་སངས་རྒྱས་ཤིག་འདོད་ན་གཉན་ས་རི་ཁྲོད་མི་འགྲིམ་པའི་ཐབས་མེད། སེམས་ཀྱི་ཁུ་འཕྲིགས་ཆོད་པའི་ཕྱིར། ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། བར་སྣང་བ་


KMC019_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱི་རྐྱེན་ངན་ལམ་དུ་ལོངས་པ་ལ་རྐྱེན་དང་ངེས་པར་བསྲེ་དགོས། གཅོད་ཙམ་མ་ཚད་འཕགས་ཡུལ་གྱི་གྲུབ་ཐོབ་རྣམས་ཀྱང་བརྟུལ་ཤུགས་ལམ་ལོངས་ཀྱི་ཕྱིར་དུ་དུར་ཁྲོད་ཁོ་ནར་སྤྱོད་པ་ལ་གཤེགས་པའི་ལོ་རྒྱུས་མང་པོ་འདུག །སྔགས་ཀྱི་སྡེ་སྣོད་རྣམས་ནས་ཀྱང་དུར་ཁྲོད་དུ་གཉན་དམིགས་དགོས་པ་མང་དུ་གསུངས་ཤིང་། བོད་དུ་འཕགས་ཡུལ་གྱི་དུར་ཁྲོད་ལྟ་བུ་སྟག་གཟིག་འདྲེ་སྲིན་མཁའ་འགྲོ་མ་ལ་སོགས་པའི་འཇིགས་པ་ཆེར་མེད་ཀྱང་། མ་ཅིག་གིས་འདྲེ་སྲིན་གནས་པའི་གཉན་ས་སོགས་དང་། དུར་ཁྲོད་ཚོང་འདུས་ལྟ་བུ་ཉམ་ང་འཇིགས་སྐྲག་ངོ་ཚ་ཁུ་འཕྲིགས་ཆེ་བའི་སར་རྣམ་རྟོག་ལྷོངས་ངེས་པས་འགྲོ་བར་བྱ་གསུངས། འོ་ན་ཕུང་པོ་གཟན་དུ་བསྐྱུར་བ་ལ་དགོས་པ་ཅི་ཡོད་སྙམ་ན། སྐྱེས་རབས་ལས། ལྗོན་ཤིང་དག་གི་དྲུང་དུ་ནི། །དབུ་ནི་ལན་སྟོང་སྦྱིན་པར་བཏང་། །ཞེས་དང་། འདུལ་བ་ལུང་ལས། སྙིང་རྗེ་བསམ་པ་མ་


KMC019_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དག་པས། ལུས་འདི་སྦྱིན་པར་མ་གསུངས་པས། །འདི་དང་ཕྱི་མ་བྱང་ཆུབ་ཏུ། །དོན་ཆེན་འགྲུབ་པའི་རྒྱུར་གཏོང་ངོ་། །ཞེས་རང་གཞན་བྱང་ཆུབ་ཐོབ་པའི་ཕྱིར་གཏོང་དགོས་ཤིང་། མ་ཅིག་གིས། ཕུང་པོ་གཟན་དུ་བསྐྱུར་བས་བསོད་ནམས་ཀྱི་ཚོགས་རྫོགས། རིག་པ་སྐྱེ་མེད་དུ་སྒོམ་པས་ཡེ་ཤེས་ཀྱི་ཚོགས་རྫོགས། ཚོགས་གཉིས་ཟུང་འཇུག་ཏུ་ཁྱེར་བ་གཅོད་ཀྱི་ལམ། ཞེས་གསུངས། དེ་ལ་ཁོ་ན་རེ། དེ་དག་ལུས་དངོས་སུ་བཏང་བའི་ལུང་དུ་འདུག་པས། དམིགས་པ་ཙམ་གྱིས་ཚོགས་རྫོགས་སམ་ཞེ་ན། ངེས་པར་ཚོགས་རྫོགས་ཤིང་། ས་མ་ཐོབ་པའི་བར་དུ་ལུས་དངོས་སུ་སྦྱིན་པར་མ་གསུངས་ལ། ས་དང་པོ་ཐོབ་ནས་ལུས་དང་སེམས་གཉིས་སེམས་ཀྱི་དབང་ཆེ་བར་གསུངས་པས། ལུས་ལ་དེ་ཙམ་གྱི་གཅེས་འཛིན་མེད་པ་སྒྱུ་མ་ལྟར་མཐོང་བས་ན། ད་ལྟ་ལུས་སེམས་གཉིས་ལས་ལུས་དབང་ཆེ་ཞིང་གཅེས་འཛིན་ཆེ་བའི་སྐབས་འདིར་རང་


KMC019_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྙིང་རྗེ་ཆེན་པོ་དང་ལྡན་བཞིན་དུ་ངེས་པར་སྙིང་ནས་ཟ་མཁན་ཞིག་བྱུང་ན་སྟེར་སྙམ་པའི་བློ་ཐག་ཆོད་ན། ས་དང་པོ་ཐོབ་པའི་སྐབས་སུ་ལུས་བཏང་བ་བས་ད་ལྟའི་དུས་འདིར་གཏོང་སེམས་སྐྱེས་པས་ཚོགས་རྫོགས་སྟོབས་ཆེ་བར་གསུངས་སོ། །དྷརྨཱ་རཀྵ་ཏས་ནད་པ་ལ་སྐུ་ཤ་སྟེར་ཡང་ས་མ་ཐོབ་པའི་དབང་གིས་ཟུག་རྔུ་ཆེ་བར་བྱུང་བའི་ལོ་རྒྱུས་ལྟར་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡིན་པ་ཤེས་པར་བྱའོ། །དེ་ནས་འགྲོ་བ་དངོས་ནི་གོང་གི་རང་སྟོབས་ཀྱི་ལྟ་སྒོམ་རྐང་ཚུགས་པ་གཞིར་བཞག །རྗེས་ཐོབ་ཏུ་བོགས་འདོན་ཅིང་སྤྱོད་པ་ལ་བཟླ་བའི་ཕྱིར་ཏེ། དེ་ལ་གཉིས། ཟིལ་གནོན་དམིགས་པ་སྐོར་གསུམ། ཉམས་ལེན་ཕུང་པོ་གཟན་བསྐྱུར་རོ། །དང་པོ་འདི་ལྟར་བསམ་པར་བྱ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་རྣམ་ཐར་གསུམ་གྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་འགྲོ་དྲུག་སྤྱི་དང་།


KMC019_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་སྣང་ཞིང་སྲིད་པའི་འདྲེ་སྲིན་གདུག་པ་ཅན་ཐམས་ཅད་རྣམ་ཀུན་མཆོག་ལྡན་གྱི་སར་འགོད་པའི་ཆེད་དུ་གཉན་ཁྲོད་དེར་འགྲོ་བར་བྱའོ་སྙམ་པའི་ངང་ནས་ཡིད་རྩེ་གཅིག་གུས་པ་ཆེན་པོས་རྐྱེན་ངན་ལམ་དུ་ལོངས། འགལ་རྐྱེན་གྲོགས་སུ་འཆར། གཉིས་འཛིན་སྐྱེ་མེད་དུ་རྟོགས། བདག་འཛིན་རྩད་ནས་ཆོད། བདག་མེད་ཤེས་རབ་རྟོགས་སྟོང་ཉིད་སྙིང་རྗེའི་སྒོ་ནས་རང་གཞན་གྱི་དོན་གཉིས་གྲུབ། གཉན་ས་རི་ཁྲོད་ཟིན། གཅོད་ཡུལ་མཐའ་རུ་ཕྱིན། ཕུང་པོ་གཅེས་འཛིན་བྲལ་བ་སོགས་སྐྱབས་གནས་དཀོན་མཆོག་གསུམ་པོ་མཁྱེན་བསམ་ལ། སྐྱབས་འགྲོ་དང་། སེམས་བསྐྱེད་ཁ་ཙམ་མ་ཡིན་པར་སྙིང་ནས་ཡང་ཡང་དུ་བྱ་སྟེ། ཟབ་དོན་ལས། ཀུན་མཁྱེན་འདོད་པས་སྐྱབས་སུ་འགྲོ་དང་གསོལ་བ་འདེབས། །སེམས་བསྐྱེད་མཆོག་ལྡན་འགྲོ་ཀུན་ཐར་པ་ཐོབ་པའི་ལམ། །ཞེས་དང་། ཨཱརྱ་དེ་ཝས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །


KMC019_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། དམ་པས། དེ་ནས་བརྟུལ་ཤུགས་སྤྱོད་པ་ནི། །ལྷུག་པ་ཆེན་པོའི་རང་བཞིན་ལ། །ཆགས་སྡང་ཀུན་ལ་ཐོག་བརྫིས་བྱ། །དཀོན་མཆོག་སྐྱབས་འགྲོ་འཇུག་ལྡོག་བྱ། །ཞེས་པའི་ངང་ནས་ཟིལ་གནོན་གྱི་དམིགས་པ་བྱ་སྟེ། མ་ཅིག་གི་གེགས་སེལ་སྙན་བརྒྱུད་ཤོག་དྲིལ་ལས། དུར་ཁྲོད་ཀླུ་གནས་བགྲོད་པའི་ཚེ། །ཟིལ་གནོན་སྐོར་གསུམ་ཤིན་ཏུ་གཅེས། །སྔ་མ་སྔ་རུ་མ་ནོན་ན། །དགྲ་ངན་དག་ལ་བྱ་ཤོར་འདྲེ། །དེ་ལ་ཟིལ་གནོན་སྡེ་བདུན་དགོས། །ཞེས་པའི་སྔ་ནོན་ནི་རང་ཉིད་ཡུམ་ཆེན་ཁྲོས་མ་ནག་མོ་སྐད་ཅིག་གིས་གསལ་གདབ་ལ། དེའི་ཐུགས་ཀའི་ཧཱུྃ་ལས་གསེར་གྱི་རྡོ་རྗེ་འམ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་སྲ་ཞིང་བརྟན་པ། ཆེ་ཞིང་ལྕི་བ་འོད་ཟེར་མེ་དཔུང་གི་ཚྭ་ཚྭ་རབ་ཏུ་འབར་ཞིང་འཕྲོ་བ་ཞིག་གང་ཡིན་གྱི་གཉན་དམིགས་དེར་གནམ་ལྕགས་ཀྱི་ཐོག་ལྟར་སོང་སྟེ་བབས་པས། ངོ་བོ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་ཡིན་པ་ལ།


KMC019_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་འོད་དང་འོད་ཟེར་གྱི་ཚུལ་དུ་འབར་ཞིང་འདྲོ་བའི་མེ་དཔུང་གི་ཚྭ་ཚྭ་འུར་འུར་ཕྱོགས་དེར་ཐམས་ཅད་ཁྱབ་པས། གཉན་ས་དེར་གནས་ཀྱི་ལྷ་སྲིན་སྡེ་བརྒྱད་དཔུང་འཁོར་དང་བཅས་པ་ཐམས་ཅད་འབྲོས་དབང་དང་འཁྱར་དབང་མེད་པའི་དཔའ་ཟིལ་ང་རྒྱལ་ཆགས་ཏེ་སྟོབས་ཤོར་ནས་ཟིལ་ཆུམ་གྱི་གནས་ཤིང་དྲན་མེད་དུ་སོང་བར་བསམ། རྡོ་རྗེ་དེ་ལས་དེ་འདྲ་བ་གྲངས་མེད་ཆེ་ཆུང་མ་ངེས་པ་འོད་ཟེར་དང་བཅས་པ་འཕྲོས་པས་ཡུལ་དེའི་ལྷ་འདྲེ་ཐམས་ཅད་བསྡུས་ཏེ་གནས་གདོན་ལ་བསྟིམ། རྡོ་རྗེ་རྣམས་ཚུར་འདུས་ཕྱི་རོལ་མདའ་རྒྱང་ཙམ་ནས་རྡོ་རྗེའི་རྭ་བས་བསྐོར་ཞིང་ལྷ་འདྲེའི་འབྲོས་ལམ་བཅད་པར་ཡང་ཡང་བསམ། སྡེ་བདུན་དགོས་ཞེས་པ་ནི། དེ་ཉིད་ལས། རི་ལ་སེང་ཆེན་ཟིལ་གནོན་བཏང་། །བྲག་ལ་གསེར་གྱི་རྡོ་རྗེ་བཏང་། །ཆུ་མཚོར་མེ་ཡི་བྱ་ཁྱུང་བཏང་། །ལམ་དང་ཐང་ལ་རྡོ་རྗེ་བསྣོལ། །ཕུག་པ་ལྷ་ཁང་མཆོད་རྟེན་ལ། །ཐོ་


KMC019_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལུམ་འབར་བས་མནན་པར་བྱ། །ལུང་སྟོང་ཐང་ཆེན་རྡོ་རྗེའི་བྲག་རིས་བཅད། །ཅེས། ཐོ་བཙུགས་པ། རྒྱན་འདོགས་པ། ལམ་སྡུད་པ། སོ་གཟིར་པ། མཚོར་མནན་པ། མཚོར་འཆག་པ། ཅོག་བུ་ཕུབ་པ་སོགས་བྱ། མ་བྱས་ཀྱང་འདིས་མ་འགྲིགས་པ་མེད་དེ། །དེ་ནས་གཉན་དམིགས་ཐག་རིང་ན་སྐབས་དང་བསྟུན་ཏེ་སྲོད་ཐུན་ལ་སླེབ་པར་བྱ། ཉེ་ན་མཚན་ལ་འགྲོ། གཉན་དམིགས་འདིར་ཡོད་དང་། འདི་ཕྱོགས་སུ་འགྲོ་ཚུལ་སོགས་གཞན་གྱི་མ་ཚོར་བ་བྱེད་དེ་གསང་ནས་འགྲོའོ། །དེ་ཡང་དགོངས་གཏེར་ལས། ཕོ་ཚོང་ལྷ་འདྲེ་སྙེམས་སེམས་དང་། །ཆོས་བརྒྱད་བསམ་པས་མ་ཡིན་པར། །ཞེས་གསུངས་པ་ལྟར་རང་ལ་ལྟ་སྒོམ་སྤྱོད་པའི་བློ་སྟོབས་མེད་བཞིན་དུ་གཞན་གྱི་ལད་མོ་དང་། ཡིད་ཀྱང་ཞེ་སྡང་འགྲན་སེམས་ཕོ་ཚོད་ཕོ་རུས་ང་རྒྱལ་ཁེ་གྲགས་རྙེད་པ་བཀུར་སྟི་སྙན་གྲགས་སོགས་འཇིག་རྟེན་ཆོས་ཚུལ་རྣམ་པ་བརྒྱད་ཀྱི་བློ་ངན་ངར་འདོན་


KMC019_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེད་དུ་མི་འགྲོ །གང་ལྟར་འགྲོ་ཞེ་ན་ངེས་འབྱུང་གི་བསམ་པ་གཞིར་བཞག །དེའི་སྟེང་དུ་གོང་གི་སྐྱབས་འགྲོའི་འཕེན་པ་བཏང་བ་ལྟར་གྱིས་འགྲོ། ཤོག་དྲིལ་ལས། དང་པོ་གཉན་ཁྲོད་འགྲིམ་པའི་ཚེ། །གཤེགས་ཚུལ་བཞི་ཡི་དམིགས་པ་དགོས། །ལུས་འདི་རོ་ཡི་ཚུལ་དུ་བསམ། །རིག་པ་རོ་ཁུར་ཚུལ་དུ་འགྲོ། །གཉན་ས་དུར་ཁྲོད་ཚུལ་དུ་བསམ། །ལྷ་འདྲེ་ཅེ་སྤྱང་ཚུལ་དུ་འགྲོ། །ཞེས་དང་། སྙན་བརྒྱུད་ལས། འགྲོ་ལུགས་རྣམ་བཞི་ཤེས་པར་བྱ། །ཞེས་གསུངས་པས་དང་པོ་དཔའ་བོའི་སྟག་འགྲོས་ནི། དཔེར་ན། སྟག་མོ་བུ་སྐྱེས་པའི་དུས་གཅན་གཟན་དང་སྡེར་ཆགས་གཞན་རྣམས་ཟིལ་གྱིས་གནོན་པའི་ཕྱིར་ཉིན་མཚན་མེད་པར་དར་བ་བཞིན། རྣལ་འབྱོར་པ་རིག་པའི་ངར་དང་བཅས་ཏེ་མིག་གིས་མཐོང་ཚད་ཀྱི་ལྷ་འདྲེ་ཐམས་ཅད་དེད་པར་བསམ་ལ་འགྲོ། མཁའ་འགྲོའི་གར་འགྲོས་ནི། རང་གི་ཁྲེས་པོ་ཡོད་ན་ཕོག །ཌ་རུ་དྲིལ་བུ་དཀྲོལ་ཞིང་། རང་


KMC019_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཁྲོས་མའི་ང་རྒྱལ་གྱིས་གར་སྟབས་བྱ་ཞིང་འགྲོ། རྣལ་འབྱོར་གདེང་འགྲོས་ནི། སྟོང་ཉིད་ལྟ་བའི་གདེང་དང་བཅས་ཏེ། ལམ་གྱི་སྟེང་འོག་རྣམས་སུ་ལྷ་འདྲེར་ལྟ་སྟངས་ཀྱིས་གཟིར་ཞིང་འགྲོ། སྦྲུལ་ནག་འཁྱུག་འགྲོས་ནི། སྦྲུལ་འགྲོ་བ་བཞིན་ལམ་ལ་ཕར་འཁྱོག་ཚུར་འཁྱོག་བྱེད་དེ། ས་བདག་ཀླུ་གཉན་ལྷ་འདྲེ་གནས་མལ་དང་བཅས་པ་གཉན་ཁྲོད་དུ་ཁྱེར་བར་བསམ་ནས་འགྲོའོ། །དོན་དུ་འགྲོ་ལུགས་རྣམ་བཞི་འདི་ལ་ལྟ་བའི་གདེང་གིས་ཟིན་པར་གཅེས་སོ། །ཟླ་གྲོགས་ཡོད་ན་རྗེས་སུ་བཞག་ནས་རང་སྔོན་ལ་འགྲོ། བདག་ལ་གནོད་བྱེད་གཟུགས་ཅན་གཟུགས་མེད་གང་ཡིན་ཀྱང་འཚེ་བ་འདི་བྱུང་ན་འདི་བྱེད་བསམ་པའི་རྡོ་དབྱུག་མཚོན་ཆ་རྫས་ཐུན་སོགས་གང་ཡང་མི་འཚང་ཞིང་། ཅི་འོང་བ་ཤོག །གང་དགའ་བ་གྱིས་སྙམ་པའི་སྙེམས་ཐག་ཆོད་པར་བྱ། སླེབ་མ་ཐག་ཏུ་ས་དཔྱད་བརྟགས་སྟེ། དེ་ལ་རྫས། གཟུགས། འཆོལ་ས་མ་


KMC019_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་རྣམས་ཕྱོགས་གཅིག་ཏུ་སྟོན་པ་ནི། ས་ཕྱོགས་དེ་རིན་པོ་ཆེ་འབར་བ་ལྟ་བུའི་ལྟེ་བ། གདུགས་འདྲ་བའི་ཏོག །ཉ་འདྲ་བའི་སྐེད་པ། དུང་འདྲ་བའི་བུད་ཁ། པདྨ་འདྲ་ན་ལྟེ་བར། དཔལ་བེའུའི་ལྟེ་བ། བུམ་པ་འདྲ་ན་ལྟོ་བར། རྒྱལ་མཚན་འདྲ་ན་རྩེར། ནོར་བུ་རིན་པོ་ཆེ་སྤུང་པ་འདྲ་ན་ཏོག །དར་པོ་ཆེ་འཕྱར་བ་འདྲ་ན་ལྕེར། སྣོད་ཁ་བཟེད་པ་འདྲ་ན་ཁར། ཁ་སྦུབ་པ་འདྲ་ན་སྟེང་། བརྡོལ་བ་འདྲ་ན་དཀྱིལ། རི་གཟར་གྱི་སྣ། ཐང་ཤིང་རྩེ་མེད་པའི་གཤམས། ཐང་དཀྱིལ་རལ་སྦྲུལ་འདྲ་ན་ལྟག །སྡིག་པ་འདྲ་ན་རྭ་བར། ཐང་གྲུ་གསུམ་ཕ་བོང་འདྲིལ་བ་འདྲ་ན་ལྟག །སེང་གེ། སྟག །རྨ་བྱ། གཟིག །སྟག་མོ་སོགས་འདྲ་ན་ཁ་དང་སྡེར་མོ། བྲག་ཟུར་གསུམ། ཉ་དང་ལྕང་མོ་འདྲ་ན་ཁ་བར། ཐང་ཟླ་གམ་འདྲ་བའི་ས་དགྲ་གད་པའམ་ཕ་བོང་གི་སྟེང་། སྡིག་པ་དང་སྦྲུལ་འཐབ་པ་འདྲ་ན་བར། སྲིན་མོའི་སོ་འདྲ་ན་སོ་བར། སེང་གེ་འདྲ་ན་ཁའམ་སྡེར་མོ། སྟག་


KMC019_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གི་སོ་འདྲ་ན་སྟེང་། ས་གཞི་འཁོར་ལོ་འདྲ་ན་དཀྱིལ། གནམ་གྱི་མཆེ་བ་ས་ལ་ཟུག་པ་འདྲ་ན་སྣ། པདྨ་འདབ་བརྒྱད་འདྲ་ན་སའི་ལྟེ་བ། ལ་བཙས་གཅིག་གིས་གཅིག་མཐོང་བའི་དབུས། བྲག་ལ་ཆུ་འཐབ་ཀྱི་སྣ། ཐང་ལ་གད་པ་སྦྲུལ་འདྲ་ན་མགོ་འམ་སྒལ། ཆུ་དང་ཤིང་ཕག་འདྲ་བའི་དབུས། ཆུ་མིག་ཁ་ནུབ་ཏུ་ལྟས་པའི་མགོ །ཤར་ལྷོར་ལྟས་པའི་མགོ །ཤར་ལྷོར་བཞི་པའི་མདོ། ལྷོ་ནུབ་གསུམ་པའི་མདོ། བྱང་ཤར་གཉིས་ཀྱི་མདོ། ནུབ་བྱང་གི་སྟེང་ངམ་མགོ །ཤར་ལྷོ་གསུམ་པའི་མདོ། ནུབ་བྱང་གཉིས་པའི་བར། ཆུ་མིག་ལྐུག་པ་ཤིང་ཚེར་མ་ཅན་སྐྱེས་པའི་གཞོག་བྲག །ཆུ་མིག་ལྐུག་པ་ནི་སེང་གི་དཀྱིལ། ལྷ་ཁང་གི་ཐེམ་པ། སྤྲེའུའི་གདོང་པ་འདྲ་བ་དང་། བྲག་སྤྱང་ཁྱི་འཐབ་པ་འདྲ་ན་ཁ་དང་སྡེར་མོ། མཆོད་རྟེན་འདྲ་ན་བང་རིམ། མཚོ་ཁ་བྱང་ལྟས་ཀྱི་འགྲམ། བྲག་སྐྱིབས། ངམ་ཕུག །ཅོང་རོངས། གད་ཕུག །གྲོག་པོ་ཕུག་རྡུགས་ཀྱི་


KMC019_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་མདོ། ཐང་གྲུ་བཞི་དཀྱིལ་འཁོར་འདྲ་ན་དཀྱིལ། ཕག་སྦྲུལ་འཐབ་པ་འདྲ་ན་བར། ཁྱི་ཕག་འཐབ་པ་འདྲ་ན་ཁ་བར། བྱ་སྟག་འཐབ་པ་འདྲ་ན་ཁ་བར། ཆུ་མིག་གི་སྟེང་སྦྲུལ་གཉིས་འཐབ་པ་འདྲ་ན་བར། ཌ་མ་རུ་དང་། རག་དུང་འདྲ་བ། རི་བྲག་ཐེམ་པ་འདྲ་ན་ཐེམ་ཚིག །གྲོག་པོ་གཉིས་ཀྱི་བར། ཁང་སྟོང་དང་། ཕུང་ཤུལ་དང་། རེ་ཧྲུལ་གྱི་དབུས། རུས་སྦལ་འདྲ་ན་སྟེང་། གྲོག་པོ་སུམ་མདོའི་འཛེམས། ཕག་གི་ཟེ་བ་ཤིན་ཏུ་རྩུབ་པ་འདྲ་བའི་རི་ལ་ས་སྣ་ཚོགས་དག་ཆུ་ཡོད་པའི་སར། མཚོའི་སྟེང་ན་བྲག་དམར་པོ་ཡོད་པའི་གཞོག །རི་དམར་པོ་སོ་འདྲ་བའི་རྩེ། རི་པདྨ་དང་ཁྱུང་འདྲ་བའི་དབུས། ས་ཁྲེམ་གཉེར་ཅན་དང་། མཚོ་པདྨ་འདྲ་བ། མི་ལྤགས་ཀྱི་གཡང་གཞི་འདྲ་བ། སྤང་རིའི་རྩེ་རིན་པོ་ཆེ་འབར་བ་འདྲ་བ། འཁོར་ལོའམ་ནོར་བུ་འདྲ་བ། རྡོ་རྗེ་རྒྱ་གྲམ་འདྲ་བ། གནས་གཞི་གོག་པོ། ཤིང་ཚང་ཚིང་དང་། མེ་ཏོག་རིགས་མི་གཅིག་པ་སྐྱེས་པ།


KMC019_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་སྐོངས། གངས་སྐོངས། ལམ་རྒྱ་གྲམ་རྣམས་ཀྱི་དཀྱིལ། བྲག་ནག་པོ་བྱ་སྐས་འདྲ་བའི་འོག་ནས་ཆུ་འབབ་པའི་སྟེང་། ཕ་བོང་དམར་སེར་གྱི་སྟེང་རི་བང་རིམ་ཅན་སེང་གེ་ཁྲོས་པ་འདྲ་ན་སྟེང་། ཆུ་སྦྲུལ་འདྲ་བའི་སྟེང་། སོག་པོ་གོ་ཁྲབ་གོན་པ་འདྲ་བ་དང་། མི་ནག་གིས་རྟ་ནག་ཞོན་པ་འདྲ་ན་སྟེང་། མཚོ་འགྲམ་ཤིང་གཅིག་པའི་གཡས་གཡོན། ཐང་གྲུ་བཞི་པའི་འགྲམ་ན་ཕ་བོང་ནག་པོ་ལག་པ་འདྲ་བ་ཡོད་ན་དབུས། མཚོ་འགྲམ་དུ་བྲག་ཤིང་སྐམ་རློན་སྐྱེས་པའི་དབུས། ཐང་གྲུ་གསུམ་གྱི་དབུས། ཞིང་གི་དཀྱིལ་ན་ཆུ་རུལ་ཡོད་པ་དང་། མཚོ་མེ་ཏོག་སྐྱེས་པའི་འགྲམ། ན་ཕྲ་མས་བསྐོར་བའི་སྟེང་ངམ་མཚམས་མཚོ་དྲུང་། ཤིང་གཅིག །བྲ་མ། ནེ་སིང་། ཆུ་འཇོག་འཇིག་ཡོད་ས་དང་། འདམ་དང་། ཆུ་འབབ་པ་རྣམས་ཀྱི་མཚམས། མཚོ་གྲུ་བཞི་དང་བྲག་ནག་པོ་སྦྲུལ་ཐུར་དུ་རྒྱུགས་པ་འདྲ་ན་མཚམས། མཚོ་དང་ཤིང་གི་དབུས། ཐང་ཟླུམ་པོའི་


KMC019_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ། ཁང་པ་དང་ཞིང་གི་མུ་བར། བཤས་གཞི་བཀྲམ་པ་འདྲ་ན་མཐའ། བྲག་གཤམས་ནས་ཆུ་འབབ་པའི་སྟེང་ངམ་མཚམས། རི་མགོ་གཉིས་ཀྱི་བར། འབྲོང་འདྲ་ན་རྭ་བར། བྲག་ནག་པོ་གཡག་འདྲ་བའི་རྭ་བར། གཡུང་དྲུང་གི་གྲུ། རི་མགོ་གསུམ་པའི་འོག་ནས་ཆུ་འབབ་པའི་རྩེ། རལ་གྲི་འདྲ་ན་རྩེའམ་ཡུ་བ། ནོར་བུ་འདྲ་ན་རྩེ། གངས་རིའི་རྩེ། བྲག་སྤྱང་བུ་འདྲ་ན་ཁ། མཚོ་ཟླུམ་དང་བྲག་དམར་པོའི་བར། མཚོ་ཉ་འདྲ་བའི་བར་ན་ཁྱི་མགོ་འདྲ་བ་ཡོད་པའི་བར། མཚོ་ཆེན་པོའི་གྲུ་ཁུག །བྲག་ཆུ་སྲིན་འདྲ་བའི་ཁ། སྲིན་མོ་གན་རྐྱལ་དུ་ཉལ་བ་འདྲ་ན་སྙིང་ཁ། བྲག་ལ་ཆུ་འཐབ་པ་སྟག་འདྲ་བའི་བར། བྱ་འདྲ་བའི་སྙིང་ཁའམ་སྡེར་མོ། གཙོ་བོ་འདྲ་བའི་སྙིང་ཁ། བློན་པོ་འདྲ་བའི་མགོ་དང་དཔུང་པ། བྲན་འདྲ་བའི་མགོ །ཐང་ཞྭ་གོན་པ་འདྲ་ན་དཔུང་པ། གྲོང་ཁྱེར་ཚོང་འདུས། དུར་ཁྲོད་ཁྲིམས་ཤིང་། ཕྱུགས་ལྷས་མང་པོ་རྣམས་ཀྱི་དབུས། ལམ་སྲང་


KMC019_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་མདོ་ན་སྡོང་པོ་དང་། ས་སྦྲུལ་འདྲ་བ་ཡོད་པ་དང་། ཕ་བོང་ལག་པ་འདྲ་བ་ཡོད་པའི་དབུས། མི་ལངས་པ་དང་མི་མགོ་ཡོད་པ་འདྲ་ན་དབུས། མཆེད་དང་ཤིང་བཙུན་མོ་འདྲ་ན་པང་། བན་དྷེ་འདྲ་ན་པང་། རྒྱལ་པོ་འདྲ་ན་བྲང་། རི་ཆེན་གདན་ལ་བཞུགས་པ་འདྲ་བའི་པང་། སྔགས་པའི་ཕུར་པ་འདྲ་ན་ཟེའམ་གཤོག་པའི་རྩེ། བྲག་བྱ་དང་སེང་གེ་འདྲ་ན་བར། བྲག་ཕུག་གི་ནང་། སྤྱང་ཁུས་ལུག་རོ་བཟུང་བ་འདྲ་ན་ཁ། འབྲུག་འདྲ་ན་ཁ། ཐོད་པ་འདྲ་ན་ཁ། བྲག་ནེ་ལེ་འདྲ་ན་ཁ། བུད་མེད་རལ་པ་བསིག་པ་འདྲ་བ་དང་། ཝ་མི་རོ་ལ་འཇབ་པ་འདྲ་ན་སྙིང་ཁའམ་ཁ་འཛུམ། དྲིལ་བུ་འདྲ་ན་ལྕེ། ཡི་དྭགས་འདྲ་ན་ལྟེ་བ། བྲག་རྒོད་པོ་འདྲ་བ་དང་། སྔགས་པས་རྔ་བརྡུང་བ་འདྲ་ན་ལག་པ། རྨོག་འདྲ་ན་ཏེག །གྲི་གུག་འདྲ་ན་སོ། པོ་ཏི་འདྲ་ན་འོག །ལྷ་ཁང་། ཕུག་པ། བསས་མཁར། དགེ་འདུན་གྱི་འདུ་ཁང་། ཕྱུགས་ལྷས་རྣམས་ཀྱི་སྒོ། གྲོང་


KMC019_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཆེན་པོའི་སྲང་མདོའམ་རྒྱ་སྒོ། སྲང་ཁའི་མདོ། ཁང་པའི་མཛོད། མདའ་འདྲ་ན་སྟོང་། གཞུ་འདྲ་ན་རྒྱུད། གླང་པོ་ཆེ། གླང་། སྤྲེའུ་རྣམས་ཀྱི་མཁལ་ཁུང་། གླང་པོ་ཆེས་ཆུ་བཏུང་པ་འདྲ་ན་རྣ་བ། ཟམ་པའི་སྣ། དམག་ཆེན་རྒྱུག་པ་འདྲ་བའི་སྣ། མདུང་གི་སྦལ། གླང་རིའི་ཞལ། ཤིང་གཅིག་གི་དྲུང་། རྨ་བྱ་འདྲ་ན་མདོངས། རྟ་དང་གྲོག་མ་འདྲ་ན་སྐེད་པ། ལུག་གི་རོ་འདྲ་བ་དང་། མི་རོ་གན་རྐྱལ་ཉལ་བ་འདྲ་ན་སྙིང་ཁ། རྫ་བྱ་མོ་ཉལ་བ་འདྲ་ན་མགོ །བྱ་ཁྱུང་འདྲ་ན་སྙིང་ཁ། མདུང་ནག་བརྩེགས་པ་འདྲ་ན་རྩེ། དཀོར་ཁང་། འཁྱམ་གོག །དགོན་གོག །སྒྲུབ་ཁང་། དབེན་ས། མཆོད་རྟེན་རྩ་བརྒྱད། དགོན་པ་རྣམས་ཀྱི་གཉའ་ལྟག །བོན་པོ་དང་སྔགས་པའི་སྒྲུབ་ཁང་གི་ནང་། རི་ཆེན་པོའི་ཞོལ། ས་རལ་གྱི་མདོ། གངས་རིའི་ཞོལ། ལྷ་ཐོའི་སྟེང་ངམ་གོང་། ལམ་ཆེན་གྱི་གོང་ཉག །ལྷ་ཆེན་གྱི་སྤྱན་གཟིགས། སྔགས་པའི་གཏོར་ཁྲིའི་འོག །རི་བོ་ཆེན་པོའི་ཨཾ་


KMC019_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཆུགས་འོག །ཇག་རྐུན་གྱི་ཤུལ་ལམ། ལམ་ཆེན་དང་འཕེན་ཚོགས་བྱེད་པའི་གནས། ཚོང་འདུས་དང་རྒྱ་མཚོའི་དཀྱིལ། ཆུ་དབལ་གྱི་འགྲམ། འཇག་མ་འོམ་བུའི་ཚལ་གྱི་དཀྱིལ། སྔོ་ནག་མེར་བའི་འགྲམ། ཆུའི་གླིང་ན་མི་དང་། དུད་འགྲོ། རུས་སྦལ། རལ་གྲི་འདྲ་བའི་གཟུགས་ལ་ཀླུ་གནས་སོ། །རུས་སྦལ། སྡིག་པ། སྡོམ། གཡག །ཆུ་གླང་། རྔ་མོང་། མ་ཧེའི་གཟུགས་འདྲ་བ་ལ་ས་བདག་ཀླུ་གཉན་ཆེན་པོ་རྣམས་གནས་སོ། །འཇམ་པའི་རྩུབ་པ། རྩུབ་པའི་འཇམ་པའི་དཀྱིལ། སའི་མཆེ་བ། གནམ་གྱི་མཆེ་བའི་མདོ། ཕྱར་བ་འདྲ་ན་འདབས། འདུས་པ་འདྲ་ན་མདོ། སླང་བ་འདྲ་ན་རྩེ། རྣམས་ཏེ། མདོར་ན་རང་གིས་བལྟས་ན་བདག་གཉན་པར་འདུག་སྙམ་པ་དང་། གཞན་གྱིས་གཉན་ཟེར་བ་རྣམས་སོ། །དེ་ལྟར་བསྒྲུབ་པའི་གནས་གཉན་ཁྲོད་ཆེན་པོ་རྣམས་ལེགས་པར་བརྟགས་ཤིང་གནས་ཀྱི་མཚན་ཉིད་རྣམས་མ་ནོར་མ་འཁྲུལ་


KMC019_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བ་གལ་ཆེའོ། །ཨཱརྱ་དེ་ཝས། ཤ་ཐོག་མེ་བཙའ་ཨ་ན་ཚུག་ཏུ་བཞག །ཅེས་དང་། དམ་པས། ཤ་ཐོག་མེ་བཙའ་ནན་གྱིས་བཞག་ཅེས་སྨིན་པའི་ནད་ཀྱི་སྟེང་དུ་མེ་བཙའ་བཞག་པ་ལྟར་གར་ཐད་ཐད་དུ་མི་སྡོད་པར་གཉན་དམིགས་སུ་ཉལ་དགོས་ཤིང་། ས་དཔྱད་མ་ངེས་ན་རང་ཡིད་དུ་མི་འོང་ཞིང་བཙོག་སྣང་དང་འཇིགས་སྣང་ཡོད་སར་རམ། ཡང་ན་ཌ་དྲིལ་འཁྲོལ་ཞིང་འཆམས་སྟབས་ཀྱིས་ཕྱིན་པས་བག་དྲོ་བའམ། འཇིགས་པའི་སའམ། ཡང་ན་རྡོག་སྣ་འགྱེལ་བའི་ས་དེར་སྡད། མཚོ་དང་ཆུ་ཆེན་ཡིན་ན་དབྱར་ཇི་ཙམ་རྒྱས་པའི་མཚམས་ནས་འདོམ་ལྔ་ཙམ་གཞལ་བའི་སར་སྡད་དོ། །ཤོག་དྲིལ་ལས། བར་པ་བར་དུ་མ་ནོན་ན། དཔའ་བོའི་ལག་གི་མཚོན་ཤོར་འདྲར། །དེ་ལ་རྡོ་རྗེ་སྦྲུལ་བཞག་དགོས། །ཞེས་གསུངས་པས། དེ་ལ་གཉིས། དང་པོ་ཞི་སྡུད་ནི། ཕཊ། རང་ཉིད་སྐད་ཅིག་གི་ཡུམ་ཆེན་མོ་སོགས་དང་། དྲག་སྡུད་ནི། སྐད་ཅིག་གི་ནས། ང་ནི་ཁྲོས་


KMC019_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནག་མོ་ཡིན། སོགས་དང་། བདག་ལ་གནོད་ཚབ་ཆེ་བ་སོགས་ཀུན་རྫོབ་དོན་དམ་གཉིས་ཀྱི་ཟིལ་གནོན་གཅོད་གཞུང་ལྟར་བྱ། ཤོག་དྲིལ་ལས། དབང་སྡུད་མགྲོན་འགུགས་ལ་ཡང་གཉིས། །ཞི་བ་དང་ནི་དྲག་པོ་གཉིས། །ཞི་བ་ལ་ནི་འདི་ལྟར་རོ། །རང་ཉིད་མ་ཅིག་ཐུགས་ཀ་ནས། །འོད་དཀར་ལྕགས་ཀྱུའི་དམིགས་པ་འཕྲོས། །སྣང་སྲིད་ལྷ་འདྲེ་མ་ལུས་པ། །ཕཊཿཀྱིས་རང་འོག་འདུས་པར་བསམ། །རང་ཉིད་ཁྲོས་མ་ནག་མོ་བསྒོམས། །ཕཊཿཀྱིས་སྙིང་ཁའི་འོད་ཟེར་ལས། །འོད་ཟེར་རྡོ་རྗེའི་ཚྭ་ཚྭ་དང་། །ལྕགས་ཀྱུ་ནག་པོའི་རང་བཞིན་འཕྲོས། །འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་རྣམས། །གནས་དང་བཅས་པ་བཀུག་པར་བསམ། །རང་དབང་མེད་པར་འོག་ཏུ་བསྡུས། །ཞེས་དང་། བར་པ་རྡོ་གཏའ་ཁྱེར་པ་ཡིན། །ཞེས་པ་ནི་རྡེའུ་ལ་བཀུག་ཅིང་གཡང་གཞིའི་ནང་དུ་དྲིལ་ལ་སྦྲུལ་ཞགས་ཀྱིས་བསྡམས་པའི་དམིགས་པ་བྱ་ཞིང་རང་


KMC019_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་འཇུག །ཚར་ཚང་བྱུང་བ་དང་ལུས་སྦྱིན་སོགས་བྱས་ཏེ་བཏང་བའི་དོན་ཡིན་ནོ། །འོག་ཏུ་བཀུག་དང་སྡུད་སོགས་རྡེའུ་ལ་བསྟིམ་པའི་སྐབས་མ་གཏོགས་གཞན་ལ་རང་གི་མཐའ་སྐོར་དུ་དམིགས་པ་ཡིན་ནོ། །གུར་ཕུབ་པ་ནི་ཚད་མེད་བཞིའི་ཕུར་པ་གདབ་པར་བསམ་ལ། ཀར་དམ་པ་དང་མ་ཅིག །གུར་གཞལ་ཡས་ཁང་དུ་བསྒོམ་པ་ཆར་འབེབས་ནས་གསུངས་ཤིང་། ཡང་སྤྲོས་པ་ལ་དགའ་ན་མཁའ་འགྲོའི་གད་རྒྱངས་ཀྱི་དམིགས་རིམ་ལྟར་བྱས་ཀྱང་ཆོག །དེ་ལ་གཅོད་འཆམ་ཟེར་བ་ཞིག་འདུག་ཀྱང་། གཏེར་གཞུང་ནས་མ་གསུངས་ཤིང་མ་ཚད། རྡོ་རྭ་མེ་རི་སོགས་ཀྱིས་ལྷ་འདྲེ་བསྲུང་བའི་འཁོར་ལོ་བསྒོམ་པ་ལྟ་བུ་ཞིག་འདུག་པས་གཅོད་དང་མི་མཐུན་པས་ན་མི་དགོས་ལ། བྲོ་བརྡུང་གི་དམིགས་རིམ་ཡོངས་འཛིན་དམ་པ་དཔལ་སྦྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་འགྲེལ་བ་ལྟར་བྱའོ། །དེ་ནས་མལ་ས་བཅའ་བ་ནི། རང་ཉིད་ཁྲོས་


KMC019_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མའི་འོག་ཏུ་ས་གཞི་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར། གནམ་ལྕགས་ཀྱི་ཁང་པ་ཕྱི་གྲུ་བཞི་སྒོ་བཞི་ཡིན་པ་ལ་ནང་གྲུ་གསུམ་སྒོ་མེད་པའི་ནང་དུ་གདོན་འཁོར་གཉན་ས་དང་བཅས་པའི་སྟེང་དུ་ལུས་གདོན་འཁོར་བཅས་བསྡུས་ལ། དེ་ཐམས་ཅད་རང་དང་བསྲུང་བྱའི་ཤ་ཁྲག་རྣམས་གཏིབ་ཀྱི་བསྙིལ། མི་ལྤགས་གཡང་གཞིས་ཁ་བཀབ་པར་དམིགས་ལ། ཕྱོགས་བཞི་ཐོ་བཞིར་བྱ། དེ་ནས་རང་གི་ཐུགས་ཀ་ནས་ཁྲོས་མ་གྲངས་མེད་པ་འཕྲོས་ཏེ་དཀྱིལ་གྱིས་བསྐོར། ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་སྐུ་ཆེ་ལ་ཡན་ལག་རགས་པ་འཇིགས་སུ་རུང་པ་བཞི་བསྒོམ། དེའི་སྤྲུལ་པ་གྲངས་མེད་པས་གནས་གདོན་ལུས་གདོན་ཐམས་ཅད་བཀུག་ལ། མི་ལྤགས་ཀྱི་གཡང་གཞི་བསྣུན་ཞིང་དེད་ནས་རང་འོག་ལྕགས་ཁང་བཙུད་དེ་ཕྱོགས་བཞིར་མཁའ་འགྲོས་བསྲུང་ནས་འགྲོ་དབང་མེད་པར་དམིགས། དེ་ནས་རང་གིས་གཉན་ས་ཁྱོན་ཅི་ཙམ་


KMC019_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས་འཆུན་པའི་རི་དང་ས་སྐོར་དེ་ཉིད་སྦྲུལ་ནག་གི་ཞགས་པ་ནག་པོ་ཐོད་པ་སྐམ་པོའི་ཕྲེང་བ་རྒྱུས་པ་ཞིག་གི་དཀྱིལ་ལེར་བསྐོར་ནས་ཡོད་པར་བསྒོམ་འདི་གཉན་སའི་ས་མཚམས་དབྱེ་བའོ། །དེ་ནས་རྒྱུན་དུ་དམིགས་པ་དང་སྟོང་ཉིད་ལ་མ་ཡེངས་པ་ཐུན་དྲུག་ཏུ་བྱ་ཞིང་སྡོམ་པ་དམ་ཚིག་ཕྲའུ་ལ་ཡང་མིག་འབྲས་ལྟར་བསྲུང་། འཇིག་རྟེན་གྱི་འཁྲི་བ་བཅད། གཅེས་འཛིན་སྤངས། གཅོད་ཡུལ་མཐར་ཕྱིན་པའི་ཞེ་བཅད་དྲག་པོ་བྱ། རྒྱས་པ་འདྲི་བ་ལྔ་བཅུ་པ་དང་བརྡའ་ཆོས་བརྒྱ་རྩ་ལས་ཤེས། དབང་དུ་འདུས་པའི་ཚད་ནི་མ་ཅིག་གིས། ཕྱི་ལྷ་འདྲེ་དབང་དུ་འདུས་པ་ནི། །ཆགས་མེད་ཞེན་པ་བྲལ་ན་ཡིན། །ནང་ནད་གདོན་དབང་དུ་འདུས་པ་ནི། །ཕན་གནོད་ཀྱི་བློ་དང་བྲལ་ན་ཡིན། །གསང་བ་རྣམ་རྟོག་དབང་དུ་འདུས་པ་ནི། །བཟང་ངན་དམིགས་གཏད་བྲལ་ན་ཡིན། །དེ་ཁོ་ན་དབང་དུ་འདུས་པ་ནི། །སེམས་ཀྱི་གཞི་རྩ་བྲལ་ན་ཡིན། །ཞེས་གསུངས་པ་ལ་


KMC019_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཤེས་བརྟན་པར་བྱའོ། །དེ་ནས་ཟིལ་གནོན་ལ་གསུམ་ལས། དང་པོ་ནི། རང་གི་ལུས་འདི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་ལས་གྲུབ་པའི་རང་བཞིན་ཅན། རྣམ་པ་མཆོད་རྟེན་གྱི་དབྱིབས་སུ་ཡོད་པ། འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ། རི་བོ་མཆོག་རབ་ཙམ་དུ་གྱུར་ནས། ས་གཞི་དེ་དག་ཆིལ་གྱིས་མནན་ནས་མེར་གྱིས་གང་ཞིང་། གཞན་ཕལ་པའི་ས་རྡོ་རྩི་ཤིང་རི་བྲག་ལ་སོགས་གང་ཡང་མེད་པར་བསམ། ཡང་ན་དབྱིངས་རིག་བསྲེས་ལ། རང་གི་ཕུང་པོ་འདིའི་མགོ་བོ་ལུང་པའི་ཕུ། རྐང་པ་མདའ། རྩིབས་ལོག་གཡས་གཡོན་གྱིས་ལུང་པ་གཡས་གཡོན་ཁེབ་པའི་ཕུང་པོ་ཆེན་པོ་གཅིག་ཏུ་བསམ་ལ། འཁོར་བ་མ་སྟོང་གི་བར་དུ་འདུག་ས་འདི་ལས་མི་གཡོ་བར་བྱ་བསམ་པའི་ངང་དུ་ཅི་གནས་བཞག །གཉིས་པ་ལྷ་འདྲེ་ཟིལ་གནོན་ལ། ཐོག་མར་བདེ་བའི་སྟན་ལ་འདུག་སྟེ།


KMC019_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། བདག་ལ་གནོད་བྱེད་ཀྱི་གཙོ་བྱས་པའི་སྣང་སྲིད་ཀྱི་ལྷ་འདྲེ་འབྱུང་པོ་ཐམས་ཅད་ཚེ་འཁོར་བ་ཐོག་མ་མེད་པ་ནས། ཕ་མ་མ་བྱས་པ་གཅིག་ཀྱང་མེད་པས། འདི་རྣམས་མ་རིག་པའི་དབང་གིས་འཁོར་བར་འཁྱམས་ཤིག་སྡུག་བསྔལ་གྱིས་མནར་བ་འདི་རྣམས་སྙིང་རེ་རྗེ་ཞེས་ངག་ཏུ་བརྗོད་ཅིང་ཡིད་ལའང་བསམ། འདི་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར་དུ། བདག་ཉིད་ས་ཕྱོགས་འདི་ནས་འཁོར་བ་མ་སྟོང་གི་བར་དུ་གཡོ་བར་མི་བྱ། བསྒུལ་བར་མི་བྱ་སྙམ་པའི་ངང་ནས། རང་གི་སྣ་བུག་གཉིས་ནས་རླུང་སངས་སངས་པ་ཞིག་བུས་ཏེ། རླུང་དེ་ཉིད་ཕྱོགས་ཐམས་ཅད་དུ་ཁྱབ་པར་སོང་བས། རླུང་བྱང་ཆུབ་ཀྱི་སེམས་དང་དབྱེར་མེད་པའི་བདག་ཉིད་ཅན་དེས་འཇིག་རྟེན་ཁམས་ཀྱི་འབྱུང་པོ་ཐམས་ཅད་རང་དབང་མེད་པར་རླུང་ནང་དུ་འཇུག་པ་དང་བསྟུན་ནས་ཉེ་འཁོར་དུ་བསྡུས་ཤིང་བཀོད་


KMC019_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། དཔའ་བོ་དཔའ་མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་རང་རང་སོ་སོའི་ཕྱག་མཚན་དང་བཅས་པ་ཡེ་ཤེས་ཀྱི་མེ་དཔུང་བསྐལ་པའི་མེ་ལྟ་བུ་འབར་བས་སྟེང་འོག་ཕྱོགས་མཚམས་མེད་པར་བསྐོར་བའི་དབུས་སུ་གནོད་བྱེད་དང་ལྷ་འདྲེ་ཐམས་ཅད་ཕྱིར་འགྲོ་བའི་སྐབས་མེད་པར་བཙོན་ར་ལྟ་བུར་གྱུར་ནས་རང་གི་མཐའ་སྐོར་དུ་འཐིབས་སེ་ཡོད་པར་བསམ། ཡང་སྟོང་གསུམ་གྱི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་འོག་ཏུ་ཚུད་པར་བསམ་ལ། ཕཊཿཅེས་བརྗོད། གསུམ་པ་བདག་ཟིལ་གནོན་ནི། རང་གིས་རང་ལ་འདི་ལྟར་བསམ་སྟེ། བདག་གི་སེམས་ཀྱི་རང་བཞིན་ནི་ཡེ་གདོད་མ་ནས་སྤྲོས་པའི་མཐའ་དང་བྲལ་བ་ཡིན་པ་ལ། གློ་བུར་གྱི་དྲན་རིག་གྱ་གྱུ་སྣ་ཚོགས་པ་འདི་ལ་དངོས་པོ་དང་བདེན་པར་


KMC019_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་མཁན་པོ་འཁྲུལ་ཕྱིར་གཉིས་འཛིན་འདི་ཅོལ་རེ་ཆུང་སྙམ་པའི་ངང་ནས་ཕཊཿབརྗོད་ཅིང་། སེམས་ཉིད་བློ་བྲལ་མཉམ་པ་ཉིད་ཀྱི་ངང་ལ་ཅི་གནས་སུ་བཞག །སླར་གཉིས་འཛིན་གྱི་རྣམ་རྟོག་འཕྲོ་བའི་དུས་སུ་ཟིལ་གནོན་གསུམ་གྱི་ཏིང་ངེ་འཛིན་གྱི་དམིགས་པ་གང་མོས་སུ་བསྒོམ་པར་བྱའོ། །གནས་ཟིལ་གྱིས་གནོན་པའི་དམིགས་པས་ཐ་མལ་གྱི་ཞེན་རྟོག་མི་འཇུག་པ་དང་། ལྷ་འདྲེ་ལྷོངས་པའི་དགོས་པ་ཡོད། ལྷ་འདྲེ་ཟིལ་གྱིས་གནོན་པའི་དམིགས་པས་ལྷ་འདྲེ་དང་གནོད་བྱེད་དབང་དུ་འདུས་པའི་དགོས་པ་ཡོད། བདག་ཟིལ་གྱིས་གནོན་པའི་དམིགས་པས་སྣང་སྲིད་བདེན་མེད་དུ་རྟོགས་ནས་རྣམ་གྲོལ་བརྙེས་པའི་དགོས་པ་ཡོད། དེ་ལྟར་ཉམས་སུ་བླང་བས་འབྲོས་ས་དང་མགོ་བསྐོར་གྱི་ཚར་ཚད་མི་འབྱུང་གསུངས། དེས་ཀྱང་མ་ལྷོངས་ན། འདི་ལྟར་བྱ་བ་ཡིན་སྟེ། སྐབས་སྐབས་སུ་དམ་པའི་གསོལ་འདེབས་བྱེད་ཅིང་རང་ཉིད་དམ་པ་རྒྱ་


KMC019_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གར་དུ་བསྒོམ་པའི་ཐུགས་ཀ་ནས་ཡི་གེ་ཕཊ་དམར་ནག་བྱ་ཆེན་གྱི་སྒོ་ང་ཙམ་གྲངས་མེད་པར་རང་སྒྲ་དང་བཅས་པ་ཚུབ་ཚུབ་འཕྲོས་པས། གཉན་ས་རི་བྲག་གནོད་བྱེད་ཐམས་ཅད་ཐལ་བྱུང་དུ་ཕུག་ནས་བུན་བུན་བཏང་བར་བསྒོམ། ཡང་རང་གི་རིག་པ་མ་ཅིག་ལབ་སྒྲོན་སྐུ་མདོག་དཀར་མོ་གཅེར་བུ་སྐུ་ལ་རུས་པའི་རྒྱན་དྲུག་ཅན། ཌཱ་དྲིལ་འཁྲོལ་ཞིང་ཕཊཿསྒྲ་སྒྲོགས་པ། དེ་ལས་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས་ཏེ་ཕཊཿསྒྲ་དང་ཌཱ་དྲིལ་དཀྲོལ་ཞིང་གར་འཆམས་པས། ས་གཞི་ཐམས་ཅད་ཤིང་ལོ་རླུང་གིས་སྐྱོད་པ་བཞིན་འདར་འདར་ཡེར་ཡེར་བྱེད་པར་བསྒོམ། ཡང་གཉན་ས་ཆེན་པོ་འཁྲེབ་ནས་མ་འཆུན་ན། རང་ཉིད་རྣམ་སྣང་ཕྱོགས་བཞི་རིགས་བཞི། ཐམས་ཅད་སྐུ་སྨད་ཕུར་བུའི་དབལ་དང་ལྡན་ཞིང་ཐུགས་ཀར་ཧཱུྃ་གིས་མཚན་པ། ཕྱག་ན་གནམ་ལྕགས་ཀྱི་ཕུར་བུ་རེ་རེ་འཛིན་ནས་བྲོ་བརྡུང་པས། ས་གཞི་ཐམས་ཅད་དཀྲུག་ཅིང་གནོད་བྱེད་


KMC019_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྲོག་ཡིག་རང་གི་ཧཱུྃ་ལ་ཐིམ་པས་གཟི་བརྗིད་རྒྱས། ཁོང་རྣམས་ནག་ཧྲོལ་གྱི་སོང་བར་དམིགས། ཡང་རང་ཉིད་མཁའ་འགྲོ་རིགས་ལྔ་སྐུ་སྨད་ཕུར་བུ་ཅན་གྱིས་དེ་ལྟར་བྱེད་པ་གོང་བཞིན་དམིགས། ཡང་རང་ཉིད་དམ་ཚིག་མཁའ་འགྲོ་མ་ནག་མོ། །ཕྱི་རོལ་ལྕགས་རིའི་ཁར་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟེ། གཉིས་ཀར་སྟོང་གསུམ་ཁྱབ་པར་བསྒོམ་ལ། གཉན་སའི་རི་བྲག་ལྷ་འདྲེ་དང་བཅས་པ་ཙེར་གྱི་བླངས་ནས་ཕར་འཕངས་པས་ཕྱི་རོལ་གྱི་ཁྲོས་མས་ཚུར་འཕང་དེ་འདྲ་ལན་རེ་ཟུང་ལས་མང་པོར་བྱ་མི་རུང་ངོ་། །ཡང་རང་ཉིད་དམ་ཚིག་གི་སྡིག་པ་ནག་པོ་གནམ་ལྕགས་ངར་མ་ལས་གྲུབ་པ། ལུས་ལ་མེ་དང་མདའ་དང་མཚོན་ཆའི་བུ་ཡུག་འཚུབ་པ་ཞིག་བསྐྱེད་ལ། ཕྱི་རོལ་ལྕགས་རིའི་ཁར་ཡང་དེ་འདྲ་བའི་ཡེ་ཤེས་ཀྱི་སྡིག་པ་བསྐྱེད་ལ། རང་གི་རྭ་རྩེས་གཉན་ས་ལྷ་འདྲེ་དང་བཅས་པ་བལ་འདབ་ལྟར་བླངས་ཏེ་ཕར་འཕངས་པས། ཡེ་ཤེས་ཀྱི་


KMC019_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པས་བླངས་ཏེ་ཚུར་འཕང་བ་དམིགས་པ་གོང་དང་འདྲ། ཡང་རང་ཉིད་ཁྲོས་མ་ནག་མོས་གཉན་ས་དེ་ཤིང་སྡོང་རྩ་བ་ནས་བཏོན་པ་ལྟར་ལིང་གི་བཀོག་ནས་བཏེགས་ཏེ་སྲིད་པའི་རྩེར་ཁྱེར། མར་བརྡབས་པས་གསེར་གྱི་ས་གཞིར་ཕོག་པས། ཐལ་བ་བུན་ནེ་རྗེས་ཤུལ་མེད་པར་གྱུར་པར་དམིགས། དམིགས་པ་དེ་ལྟར་བྱས་པས་གནོད་བྱེད་ཐམས་ཅད་ཀྱི་སྙིང་རྩ་འདར་འདར་ཡེད་ཡེད་དུ་སོང་ནས། ཁས་ལེན་དམ་བཅའ་སྲོག་སྙིང་ཕུལ་བར་བསྒོམ་ལ། ཡང་གཉན་ས་མ་འཆུན་ནས་མགོ་བསྐོར་བྱུང་ན། རང་རིག་གནམ་ལྕགས་ཀྱི་ཐུ་ལུམ་མེ་འབར་བ་ཚྭ་ཚྭ་འཕྲོ་བ་ཞིག་སྤྱི་བོ་ནས་ནམ་མཁར་ཤར་གྱི་ཐོན། མར་ལྷུང་བས་བེམ་པོ་ལུས་གདོན་གཉན་ས་དང་བཅས་ཞུམ་མེར་སོང་བར་དམིགས་སོ། །འདི་ཐམས་ཅད་འགག་ཐུག་ན་མ་གཏོགས་མི་རུང་ངོ་། །དམིགས་པ་དེ་རྣམས་ཐམས་ཅད་ལས་གཅིག་ལ་ནན་ཏན་བྱས་ན་ཆོག་ཀྱང་། ལྷོངས་


KMC019_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བསྙོལ་འབྱེར་གསུམ་གྱི་ལྕགས་རྡོར་མཁོ་ནས་བྱེད་པ་ཕྱག་ལེན་ཡིན་ཞེས་དྲུང་པ་རིན་པོ་ཆེས་གསུངས་སོ། །དེ་ཡང་ནད་པ་ཡོད་ན་དང་པོའི་ཚེ་དཀར་འགྱེད་གཙོ་ཆེར་བྱ་ཞིང་། ཤ་ཁྲག་ཀྱང་བདུད་རྩིའི་རང་བཞིན་བྱས་ལ་སྦྱིན། དྲག་དམིགས་མང་དུ་མི་བྱེད་དགུག་གཞུག་ནན་ཏན་བྱེད། སྔོན་འགྲོ་གཉན་ལྟར་སྐྱོང་བའི་དུས་སོ། །དེ་ནས་ལྷོངས་རྟགས་མ་བྱུང་ན་ལྷོངས་བྱེད་གཟེར་བུའི་དམིགས་པ་གང་རུང་བྱེད། ལྷོངས་རྟགས་བྱུང་ན་འགུག་སྟིམ་དམིགས་པ་ཇེ་ཉུང་དུ་བཏང་། བསྙོལ་བའི་དམིགས་པ་ནན་ཏན་བྱེད་ཅིང་། དམར་འགྱེད་རྒྱས་པ་བཏང་བ་དངོས་གཞི་དགྲ་ལྟར་སྦྱངས་བའི་དུས་ཡིན་ལ། དེ་ནས་ལྷོངས་ཅུང་ཟད་ཉམས་པའི་ལྟས་བྱུང་ན། ལྷོངས་བསྙོལ་དྲག་དམིགས་རྣམས་ཇེ་ཉུང་དུ་བཏང་། སྒྲིབ་སྦྱངས་དང་གཏོང་ལེན་ནན་ཏན་བྱ་སྟེ། མཇུག་ཏུ་བུ་ལྟར་ཕོག་པའི་དུས་ཡིན་ནོ། །དེ་ཡང་གཞུང་རྟགས་ནང་དུ་གསལ་ལོ། །དེ་ཡང་ལྷ་འདྲེའི་


KMC019_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་བྱུང་ན་ཤེས་པའི་དུས་བཞི་སྟེ། དང་པོ་ལྷ་འདྲེའི་ཆོ་འཕྲུལ་བྱུང་དུས་རང་ཁྲོས་མའི་དམ་ཚིག་པར་གསལ་བའི་ཐུགས་ཀ་ནས། མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པ་ལ་ལྷ་འདྲེས་ས་གཡོས་དང་ཆོ་འཕྲུལ་བྱུང་བ་དེ་དག །ཡེ་ཤེས་པ་བྱོན་པ་ལ་མཆོད་ནས་རང་དང་གཉིས་མེད་དུ་བཞག་པ་ནི། ལྷར་ཤེས་པས་བྱོན་སྐྱེམས་འབུལ་བའི་དུས་སོ། །ཐུན་དྲུག་གི་མཇུག་ཏུ་གནོད་བྱེད་ཕ་མ་རུ་ཤེས་པའི་དུས་སོ། །སྙིང་ཁར་རང་གི་ཚེ་བསོད་ཡེ་ཤེས་དང་རིག་པ་དབྱེར་མེད་རྡོ་རྗེ་ནས་འབྲས་ཙམ་ཞིག་དབུ་མའི་ལམ་ནས་སྤྱི་བོར་ཐོན་ལ་ཁྲོས་མར་གྱུར། བེམ་པོ་ལུས་གདོན་དང་བཅས་པ་དེ་རྐང་པ་ནས་བཟུང་སྟེ་ཀླད་ལ་གཡུག་ཅིང་ལྷ་འདྲེའི་དམག་ཚོགས་ཀྱི་དཀྱིལ་དུ་བརྒྱབ་པས། ཐམས་ཅད་ཀྱིས་ཧབ་ཐོབ་ཏུ་ཟོས་པར་དམིགས་པ་ནི། ལྷ་སྲིན་དུ་ཤེས་པའི་ཤ་ཁྲག་འཕེན་བསྐྱུར་བྱ་བ་དང་། མཐར་ལྷ་འདྲེའི་ཆོ་འཕྲུལ་སྟོང་ཉིད་དུ་


KMC019_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ནི། སྟོང་ཉིད་དུ་ཤེས་པའི་མ་བཅོས་པར་མཉམ་པར་བཞག་གོ །ཡང་རང་ཉིད་དམ་པ་རྒྱ་གར་གཟི་བརྗིད་དང་ལྡན་པ་གྲངས་མེད་པས་གཉན་ས་རི་བྲག་ལྷ་འདྲེ་དང་བཅས་པ་གཡོགས་ཅིང་། མནན་ཏེ་རྫ་རི་གངས་ཀྱིས་གཏུམ་པ་ལྟར་བསྒོམ་པ་དང་། ཡང་རང་ཉིད་གནམ་ལྕགས་གི་སྡིག་པ་དམར་ནག་འཇིགས་སུ་རུང་བ། སྣང་སྲིད་ཐམས་ཅད་ཟིལ་གྱིས་ནོན་ནུས་པ་གྲངས་མེད་པས་གཉན་ས་ལྷ་འདྲེ་དང་བཅས་པ་མནན་ཞིང་གཡོགས་པར་བསྒོམ། ཡང་རང་དང་བསྲུང་བྱའི་ཤའི་རི་བོ་ཆེན་པོ་བསྙིལ། ཁྲག་གི་རྒྱ་མཚོ་ཆེན་པོ་བསྐྱིལ་ཏེ། གཉན་ས་ཆེན་པོ་ཐམས་ཅད་ལྟེམ་གྱིས་གང་བར་དམིགས་ལ། མཐར་དེ་རྣམས་སྐྱེ་མེད་སྤྲོས་བྲལ་ངང་དུ་བཞག་གོ །དེ་ལྟ་བུའི་ཟིལ་གནོན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས། ཕྱི་ལྷ་འདྲེ་ལྷོངས་པའི་ཆོ་འཕྲུལ། ནང་རྣམ་རྟོག་ལྷོངས་པ། བར་ན་ཚ་ལྷོངས་པའི་རྟགས་དང་མཚན་མ་འབྱུང་བ་སྟེ། ཟབ་དོན་ལས།


KMC019_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཚེ་ཆོས་ཉིད་དོན་ལ་མཉམ་པར་སུས་བཞག་པ། །དེ་ཚེ་བདུད་སོགས་མི་བཟོད་ཆོ་འཕྲུལ་སྣ་ཚོགས་སྟོན། །ཕྱི་ནང་གསང་བ་མངོན་སུམ་ཉམས་སྣང་རྨི་ལམ་དུ། །སྣ་ཚོགས་གཟུགས་སྟོན་མི་སྙན་སྒྲ་སྒྲོགས་ལུང་སྟོན་འགྱུར། །ཞེས་གསུངས། ཟིལ་གྱིས་ནོན་པའི་ཚད་ནི་མ་ཅིག་གིས། ལར་སེམས་ཀྱི་རང་བཞིན་རྟོགས་ཙ་ན། །ཕྱི་གཉན་ས་ཟིལ་གྱིས་ནོན་པ་ཡིན། །ཞེ་འདོད་གཅེས་འཛིན་བྲལ་བ་ན། །ནང་ནད་གདོན་ཟིལ་གྱིས་ནོན་པ་ཡིན། །ཡིན་མིན་རྩིས་གདབ་བྲལ་བ་ན། །གསང་བ་རྣམ་རྟོག་ཟིལ་གྱིས་ནོན་པ་ཡིན། །ཕྱོགས་རིས་བློ་དང་བྲལ་བ་ན། །འཁོར་བ་ཟིལ་གྱིས་ནོན་པ་ཡིན། །ཞེས་གསུངས་སོ། །དེ་ནས་ཇ་བསྐོལ་ནས་དགུང་ཐུན་ལ་བབ་ཚེ་ཟླ་བོ་སོགས་མེད་པ་རང་ཉིད་གཅིག་པུས་ཉམས་སུ་ལེན་པར་བྱ་སྟེ། ཟབ་དོན་ལས། མཚན་མོ་ཉམ་ང་འདྲེ་བདུད་འདུ་ཞིང་རྣམ་རྟོག་སྐྱེ། །ཐེ་ཚོམ་གཅོད་དང་གེགས་སེལ་བོགས་འདོན་


KMC019_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན་བྱ། ཞེས་གསུངས་པས། དུས་ནི་མཚན་མོ་མུན་པའི་དུས་སུ་མཆོག་ཏུ་བཟང་། །ཉིན་མོར་ཕྱིན་ཀྱང་མི་འཇིགས་ཤིང་མ་ཚད། །ཟླ་གྲོགས་ཡོད་ན་ནི་ཉིན་མཚན་ནམ་ཡང་མི་འཇིགས་པས། མ་འཇིགས་ན་ཡོན་ཏན་མི་སྐྱེ། གཉན་སར་གཅོད་ལ་ཕྱིན་པ་དོན་མེད། དཔེར་ན་ནམ་མཁའ་ལ་རལ་གྲི་བསྣུན་པ་ལྟར་ཆོད་མི་ཆོད་ཀྱི་ཐ་སྙད་མེད་པ་དང་འདྲའོ། །སྲོད་ཐུན་ནས་བཟུང་མཚན་དཀྱིལ། ཐོ་རེངས། ཉི་མ་རྩེ་ཤར་ཉིན་དགུང་། དགུང་མོ་གྲིབ་སོ་ཆུ་ལ་ཕོག་པའི་སྐབས་ཏེ་དུས་དྲུག་ལ་གོང་ལྟར་དབང་སྡུད་ཟིལ་གནོན་གྱི་དམིགས་པ་འདོན་སྒོམ་བསྒྲག་སྟེ་ཐུན་ཐམས་ཅད་ཀྱི་མགོར་སྐྱབས་སེམས་བླ་མའི་རྣལ་འབྱོར་ཡན་སོ་སོའི་གཞུང་ལྟར་བཏང་ལ། བླ་མ་རང་སེམས་དང་བསྲེས་ཏེ་མཉམ་གཞག་ཁོ་ན་ལ་འབད། ཡང་རེ་འགས་མཆོད་སྦྱིན་དཀར་འགྱེད་དམར་འགྱེད་ཀྱང་དང་པོ་ནས་བྱེད་པ་འདུག་སྟེ། དེས་ནི་ལྷོངས་ཚད་ཚར་ཚད་ཀྱི་གོ་རིམ་གང་ཡང་མི་


KMC019_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། ཁྱི་ཟན་གྱིས་མཐུན་སྡུམ་པ་དང་འདྲ། ལར་འདིའི་གཉན་དམིགས་གོང་འོག་རྣམས་རྗེ་རང་བྱུང་རྡོ་རྗེ་ཡབ་སྲས་ཀྱིས་མཛད་པའི་གདན་ཐོག་གཅིག་མའི་ཁྲིད་ཡིག་ལྟར་བྱས་ན་ལག་ལེན་ཤིན་ཏུ་བདེ་ཞིང་བྱིན་ཆེ་བ་ཡོད་དོ། །མདོར་ན་ཚར་ལྷོངས་མ་བྱུང་བར་དུ་སྟོང་ཉིད་སྙིང་རྗེ་ཁོ་ན་ལ་མཉམ་པར་བཞག་ན་ལྷོངས་ཚད་ཐམས་ཅད་དེ་ལས་འབྱུང་བ་ཡིན་ཏེ། ཨཱ་རྱ་དེ་ཝས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སྐར་ཆགས་ཐིག་འོག་དག་ཏུ་འཇུག །ཅེས་པའི་ཐུན་མོང་སྐྱབས་འགྲོ་སོགས་སྔོན་དུ་གྲུབ་ནས་ཐུན་མིན་གྱི་སྐྱབས་འགྲོ་སྟེ། རིན་ཆེན་ཕྲེང་བར། གསུམ་པ་སྐྱབས་སུ་འགྲོ་བ་ནི། །གདོད་ནས་དག་པའི་ཆོས་སྐུ་དེ། །མ་བཅོས་དོན་གྱི་སངས་རྒྱས་སོ། །མ་སྤང་དབྱིངས་སུ་གྲོལ་བའི་ཆོས། །མི་འབྲལ་བརྩོན་པའི་དགེ་འདུན་ཏེ། །བླ་མེད་དཀོན་མཆོག་གསུམ་པོ་ལ། །ཕན་གནོད་རམ་མདར་མ་སོང་བའི། །སྙིང་ནས་སྐྱབས་སུ་


KMC019_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་བྱ། །ལན་གསུམ་བྱེད་པ་གསུང་བགྲོས་ཡིན། །ཞེས་དང་། ཡུམ་ལས་གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཞེས་ཆོས་དང་དགེ་འདུན་གཉིས་ལའང་འགྲེལ་ལོ། །ཟབ་དོན་ལས། ཆོས་ཉིད་གཏན་ལ་འབེབས་ཚེ་རྣམ་རྟོག་གནོད་པ་མང་། །ཤེས་བྱའི་ཡུལ་དུ་སྣ་ཚོགས་དྲན་རྟོག་འདུ་འཕྲོ་འབྱུང་། ཞེས་གསུངས་པ་ལྟར། མཉམ་གཞག་ཁོ་ནས་ལྷོངས་དགོས་པ་ཡིན་གྱི། འདི་ལ་ཁ་ཅིག་སྔར་ནས་ངོ་སྤྲོད་མ་ཐོབ་པར་ད་གཟོད་ཆོ་འཕྲུལ་བྱུང་དུས་འཇིགས་མཁན་དང་སྐྲག་མཁན་བརྩད་བཅད་དེ། དེའི་རང་བཞིན་སྟོང་པ་བློས་བསྒྲུབ་པ་ཟེར་ཏེ། དེ་ནི་ཤིན་ཏུ་མི་འཐད་ཅིང་། རྣལ་འབྱོར་པ་དང་པོ་ནས་བླ་མའི་མན་ངག་གིས་སྟོང་ཉིད་ཀྱི་ལྟ་བ་རྣལ་མ་ཞིག་མེད་ན། ད་བཟོད་འུ་ཐུག་གི་སེམས་ལ་རྩ་བདར་བཅད་ཀྱང་རང་ས་ཟིན་པའི་རེ་བ་མེད་དོ། །འོ་ན་ཟབ་དོན་ནས། འཇིགས་མཁན་རྩ་བདར་བཅད་པས་ཉམ་ང་


KMC019_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རང་སར་ཡལ། ཞེས་པ་འདུག་གམ་ཞེ་ན། ལུང་དེ་སྔོན་ནས་སྒོམ་རང་ས་ཟིན་པའི་རྣལ་འབྱོར་པས་མཉམ་པར་འཇོག་པའ་ིཚེ་ལྷོངས་ཚད་བྱུང་ན། དེ་ལ་དབང་པོ་ཐ་མས་བརྟགས་པས་སེམས་སྐྱེ་མེད་ཀྱི་ངང་དུ་རང་སར་ཡལ་ཞེས་པའི་དོན་ཡིན་གྱི། སྒོམ་ལ་གོ་རྟོགས་མེད་པ་ལ་ནི་མ་ཡིན་ཏེ། ཨཱརྱ་དེ་ཝས། གཉིས་མེད་ཕ་རོལ་ཕྱིན་བསྒོམ་པས། །འཇིག་རྟེན་ལྷ་འདྲེས་མ་བཟོད་ནས། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ། །མངོན་སུམ་གཟི་བྱིན་རྨི་ལམ་སོགས། །དེ་དག་ཀུན་ལ་རབ་རྣམས་ཀྱིས། །གཉིས་སུ་མེད་པའི་དོན་ལ་བཞག །འབྲིང་གིས་དེ་ལ་གཏད་དེ་བསྒོམས། །ཐ་མས་དེ་ལ་བརྟག་དཔྱད་བྱ། །དེ་རྗེས་རིག་པ་བློ་བརྟན་དང་། །བྲལ་བའི་ཉམས་ནི་སྐྱེ་བར་འགྱུར། །ཞེས་དང་། གོང་དུའང་། གང་ཚེ་ཆོས་ཉིད་དོན་ལ་མཉམ་པར་སུས་བཞག་པ། །དེ་ཚེ་བདུད་སོགས་མི་བཟོད་ཆོ་འཕྲུལ་སྣ་ཚོགས་སྟོན། །ཞེས་པ་ལྟར་དང་པོ་ནས་ཆོས་ཉིད་


KMC019_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་ལ་མཉམ་པར་བཞག་རྒྱུ་མེད་ཚེ་ལྷོངས་མི་ནུས་ཤིང་། གང་ཟག་རྩ་ཁ་ཡངས་པ་རེ་ཟུང་ལ་ཆོ་འཕྲུལ་ཕྲན་བུ་བྱུང་ཀྱང་དགྲ་བོ་ཙ་ན་སླེབ་དུས་མཚོན་ཆ་གསར་དུ་བརྡུང་བ་དང་འདྲའོ། །སྐར་ཆགས་ཐིགས་འོག་ཅེས་པ་ནི་ཟླ་བ་སྐར་མའི་ཚོགས་རྣམས་ཉི་མས་ཟིལ་གྱིས་ནོན་པ་ལྟར། ཟག་བཅས་ཀྱི་དགེ་ཚོགས་དཀར་པོའི་རྒྱུན་ཆགས་པ་ཐམས་ཅད་ཟག་མེད་ཐིགས་འོག་ཆོས་སྐུའི་དགོངས་པའི་མཐིལ་གྱིས་ནོན་པ་དང་། ཉོན་མོངས་པའི་ཆོ་འཕྲུལ་གང་བྱུང་ལ་དེའི་གནད་ཀྱིས་ཟིན་དགོས་པའོ། །གཉན་སའི་དམ་ཚིག་ནི། ཀླུ་ཕྲུག་ཐང་དུ་མི་འབེབས་ཅེས་པ་རྐང་རྗེན་དུ་མི་འགྲོ་བ་དང་། ཁྲོ་བ་ཆེན་པོའི་ཞལ་མི་སྟོན་ཞེས་པ་མཚན་མོ་མེ་མི་འབུད་པ་དང་། ཤ་རུས་ལ་སྒྱེད་བུ་མི་བཙུག་ཅེས་པ་རྡོ་གཏིང་ཟུག་ལ་ཐབ་མི་བྱ་བ་དང་། དེའི་སྟེང་དུ་ཤིང་དང་རུས་པ་མི་བཅག །ཁྲོ་བོ་གིང་ཀ་རའི་ཚུལ་དུ་བྱ། ཞེས་ཕྱི་ནས་དྲག་པོ་ཇི་ལྟར་བྱས་ཀྱང་ནང་ནས་


KMC019_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་སྙིང་རྗེས་ལྷ་འདྲེ་ལ་བརྩེ་བའོ། །གཞན་ཡང་ལུས་ཀྱི་ཐིག་ལེ་ཡུང་འབྲུ་ཙམ་ཡང་མི་འཚོར་བ་དང་། བུད་མེད་གཉན་ཁྲོད་ཕྱོགས་སུ་མི་ཉེ་བ་དང་། ཟླ་གྲོགས་དང་སྨྲ་བརྗོད་མང་པོ་མི་བྱ་བ་དང་། རྩེད་མོ་དང་རྣམ་གཡེང་སྤང་ཞིང་ཉམས་ལེན་ལས་མི་འདའ་བ་དང་། དྲི་ཆེན་དྲི་ཆུ་གང་ཡིན་ཡིན་སར་མི་འདོར་ཞིང་། ཕྱོགས་གཅིག་ཏུ་འདོར་བ་དང་། ཆང་མི་བཏུང་། ཁྱི་དང་མཚོན་ཆ་མི་འཛིན། གདན་མི་བསྒུལ། རྫས་རྒོད་མི་བདུག །བསང་དང་ལྷ་སྲུང་མི་མཆོད། མོ་མི་བཏབ། མདོར་ན་གཉན་ཁྲོད་ཀྱི་ཚེ། ཁ་ཐོར་ལས། སྟོན་པ་གཤེན་རབ་བྱུང་ཀྱང་བོན་མི་བྱེད། ཀོང་རྩེ་འཕྲུལ་རྒྱལ་བྱུང་ཡང་རྩིས་མི་བྱེད། པྲ་སེན་བྱུང་ཡང་མོ་པྲ་མི་བྱ། གླང་ཆེན་སྨྱོན་པ་བྱུང་ཡང་ལམ་མི་གཟུར། སངས་རྒྱས་ཀྱི་ཞལ་མཐོང་ཡང་དགའ་བ་མི་བྱེད། དམྱལ་བ་མངོན་སུམ་དུ་མཐོང་ཡང་ཉམ་ང་བག་ཚ་མི་བྱ། ཞེས་གསུངས་པས། ལྟ་བའི་གདེང་དང་ལྡན་


KMC019_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཡིན་ནོ། །མ་ཅིག་གིས། ང་གཉན་ས་རི་ཁྲོད་འགྲིམ་ཙ་ན། །སེམས་ཉིད་ལྟ་བའི་གདེང་གིས་གཅོད་པ་ཡིན། །གདོན་གནོད་བྱེད་ཀྱི་བར་ཆད་བྱུང་ཙ་ན། །རོ་སྙོམས་ཀྱིས་སྤྱོད་པ་བྱེད་པ་ཡིན། །རང་ཉིད་གཅིག་པུར་འདུག་ཙ་ན། །ཕུང་པོ་གཟན་དུ་བསྐྱུར་བ་ཡིན། །ལུས་ལ་ན་ཚ་བྱུང་ཙ་ན། །རིག་པ་རྟེན་དང་ཕྲལ་བ་ཡིན། །གཡའ་རི་གངས་རིར་འགྲིམས་ཙ་ན། །མ་ཡེངས་དོན་ལ་བལྟ་བ་ཡིན། །རིག་པ་འཕྲོ་ཞིང་རྒོད་ཙ་ན། གནས་ལུགས་ཀྱི་སྟེང་དུ་འཇོག་པ་ཡིན། །བྱིང་རྨུག་གཉིད་འཐིབ་བྱུང་ཙ་ན། །སེམས་དང་ནམ་མཁའ་བསྲེ་བ་ཡིན། །འཇིགས་པའི་གནས་སུ་ཉལ་ཙ་ན། །སེམས་ཀྱི་ཁུ་འཁྲིགས་གཅོད་པ་ཡིན། །ལྷ་འདྲེའི་ཆོ་འཕྲུལ་བྱུང་ཙ་ན། །ཉམས་ལེན་གྲོགས་སུ་འཆར་བ་ཡིན། །ཉམས་དང་རྟོགས་པ་བྱུང་ཙ་ན། །དེ་ཡི་སྟེང་དུ་བསྐྱུར་བ་ཡིན། །མི་གཙང་འགོས་འཛེམ་བྱུང་ཙ་ན། །མཛེ་ཕོའི་ཁ་འཕྲོ་འཐུང་བ་ཡིན། །གཉིས་མེད་ལྟ་བ་


KMC019_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཙ་ན། །ལྷ་འདྲེ་རང་སར་གྲོལ་བ་ཡིན། །སྒོམ་པ་ཉམས་སུ་མྱོང་ཙ་ན། །རྣམ་རྟོག་ཐོག་བརྫིས་བྱེད་པ་ཡིན། །རྟོག་མེད་ཀྱི་སྤྱོད་པ་བྱེད་ཙ་ན། །མཛེ་ཁྲག་དྲོན་མོ་འཐུང་བ་ཡིན། །སྐུ་གསུམ་གྱི་འབྲས་བུ་ཐོབ་ཙ་ན། །ཐེ་ཚོམ་གྱི་མདུད་པ་གྲོལ་བ་ཡིན། །རྐྱེན་ངན་གྲོགས་སུ་ཁྱེར་ཙ་ན། །ལྟས་ངན་གཡང་དུ་ལེན་པ་ཡིན། །རྒྱལ་ཁམས་ཕྱོགས་མེད་བསྐོར་ཙ་ན། །ཕ་ཡུལ་གྱི་འཁྲི་བ་གཅོད་པ་ཡིན། །མཛེ་སྤྲང་འཁོར་དུ་བསྐོར་ཙ་ན། །བྱམས་དང་སྙིང་རྗེ་བསྒོམ་པ་ཡིན། །མི་ཆེན་གཙོ་བོར་འཛིན་ཙ་ན། །ཐེ་ཚོམ་གྱི་མདུད་པ་གྲོལ་བ་ཡིན། །ལྷུན་གྲུབ་ཀྱི་གཡང་སར་གྱུར་ཙ་ན། །གཉིས་མེད་རང་སར་གྲོལ་བ་ཡིན། །ལར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀྱང་། །ངོ་བོ་སེམས་སུ་འདུས་པ་ཡིན། །གེགས་སེལ་ཉི་ཤུ་རྩ་གཅིག་འདི། །མ་ཅིག་ལབ་སྒྲོན་མགུར་དབྱངས་ཡིན། །ཞེས་གསུངས་པའི་དོན་རྣམས་རང་རང་གི་མཁོས་ཀ་དང་བསྟུན་པར་བྱའོ། །


KMC019_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་རྣམ་བཞི་ནི། དམིགས་ཕྲན་ལས། གཅོད་ཡུལ་ཉམས་སུ་ལེན་པའི་དུས། །སྤྱོད་ལམ་རྣམ་བཞིའི་དམིགས་པ་དགོས། །རྣལ་འབྱོར་རང་ཉིད་འགྲོ་བའི་ཚེ། །སྤྱི་བོའི་གཙུག་ཏུ་མ་ཅིག་བསྒོམས། །ཕཊཿརྣམ་ཤེས་སྤྱི་བོའི་མ་ལ་བསྟིམས། །ཕཊཿརང་གི་བེནཔོ་འགྱེལ་བ་དེ། །ལྷ་འདྲེས་ཧབ་ཐོབ་ཟོས་པར་བསམ། །མལ་ས་བསྐྱུར་ནས་འགྲོ་བའི་ཚེ། །ཕཊཿམལ་ན་ཤཱཀ་ཐུབ་ཆོས་གསུངས་བསྒོམ། །ཚུར་ལ་མལ་སར་འོངས་ཙ་ན། ཛཿཧཱུྃ་བྃ་ཧོཿས། ཤཱཀ་ཐུབ་འཁོར་བཅས་རང་ལ་བསྟིམ། །རང་གི་མལ་སྲུང་དམིགས་པ་ཡིན། །རྣལ་འབྱོར་གཅོད་མཁན་ཉལ་བའི་དུས། །ཕཊཿམ་ཅིག་སྐྱིལ་ཀྲུང་བཞུགས་པ་ཡི། །པང་དུ་བསྡས་ནས་ཉལ་བར་བསྒོམས། །ཕཊཿརྣམ་ཤེས་མ་ཅིག་ཐུགས་ཀར་བསྟིམ། །ཕཊཿརང་གི་མལ་སྟེང་གསེར་ཁྲི་ལ། །ཤཱཀ་ཐུབ་སངས་རྒྱས་སྟོང་གིས་བསྐོར། །ལྷ་འདྲེ་རྣམས་ལ་ཆོས་གསུངས་དམིགས། །དེས་ནི་སྟེང་གི་ལྷ་འདྲེ་


KMC019_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་། །ཕཊཿརང་རིག་བམ་རོས་སྟོང་གསུམ་ཁྱབ། །དེ་ནི་བར་འཆིང་ལུས་ཀྱི་འཆིང་། །ཕཊཿརང་ཉིད་ཞབས་སུ་ལྕགས་ཁང་གྲུ་གསུམ་ནང་། །གནས་གདོན་ལུས་གདོན་གཉན་སའི་གདོན། །ལྷ་འདྲེ་ཚུད་ནས་འགྲོ་ས་མེད། །ཉིལ་ཆུང་འཕར་ནོན་དམིགས་པ་ཞེས། །མགོ་བསྐོར་མི་འོངས་གནད་ཟབ་ཡི། །གཅོད་གཡོག་ལ་སོགས་འཁོར་རྣམས་ལ། །བར་ཆད་མི་འོངས་གདམས་ངག་ལ། །ཤཱཀྱ་ཐུབ་པས་ཆོས་གསུངས་པ། །ཐུབ་པའི་ཐུགས་ཀར་མཆོད་རྟེན་ནང་། བསྲུང་བྱ་ཐམས་ཅད་ཚུད་པར་བསྒོམ། །སྐབས་སུ་རང་རིག་གཞན་རིག་བསྲེ། །རང་ལུས་གཞན་ལུས་བསྲེ་བྱས་ལ། །དཀར་འགྱེད་དམར་འགྱེད་མང་དུ་བྱ། །འཁོར་ལ་བར་ཆད་མི་འོང་བའི། །ཤཱཀྱ་ཐུབ་པའི་བཙན་རྫོང་ཞེས། །གསུངས་པའི་དམིགས་རིམ་བསྡུས་པ་ཡིན། །རྟ་དྲེལ་བོང་བུ་མཛོ་གཡག་སོགས། །བར་ཆད་མི་འོང་གདམས་ངག་ལ། །དུད་འགྲོ་ཤ་ཁྲག་ཆུ་རྒྱུས་


KMC019_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཀེང་རུས་ཚྭ་ཚྭ་མེ་འཕྲོས་བསྒོམ། །ཡང་ན་མཐིང་མདོག་སྔོ་དྲང་བསམ། །དེ་དག་ཉེར་མཁོའི་དམིགས་ཕྲན་ཡིན། །ཞེས་གསུངས་པས་གཙོ་བོར་གཉན་ས་ཆར་འབེབས་སོགས་དང་རྒྱུན་ལྡན་དུའང་དགོས་པར་གསུངས། ཡང་དབྱར་ཡིན་ན་ཐོག་སྲུང་འདི་མེད་ན་དཔའ་བོ་གཡུལ་དུ་ཞུགས་པ་ལ་གོ་ཆ་མེད་པ་དང་འདྲ་བས། དམིགས་པ་ནི། བེམ་རིག་ཕྲལ་ལ་རིག་པ་ནམ་མཁའི་དབྱིངས་སུ་འཕང་། གཟའ་ཆེན་བརྒྱད་ལ་སོགས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བཀུག་ལ་རང་གི་མལ་སའི་འོག་ཏུ་ཧྲུག་གེ་བླུག་ལ། རང་གི་གཟི་བརྗིད་ཆེན་པོའི་ཟིལ་གྱིས་ནོན་པར་བསམ། ཕཊཿབྱ། དེས་འབྲུག་གི་སྐད་ཆག་ཅིང་ཐོག་སེར་གཉིས་ཀ་ཐུབ་བོ། །ཡང་ཐོག་སྲུང་ལ། ཌ་དྲིལ་སོགས་རོལ་མོ་གང་རུང་ལ་སྔགས་འདི་བྲིས་ལ་དཀྲོལ། ཨོཾ་གྷུ་ཧུ་ར་ཧུ་ས་ཧེ་ཛ་ལདྷཱ་ཐཱ། ཐོག་སྔགས་རྒྱལ་པོ་འདི་དྲན་པ་ཙམ་གྱིས་ཆོག་པ་ཀུན་ལ་མེད་པའི་ཁྱད་ཆོས་ཡིན།


KMC019_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་རྗེ་རང་བྱུང་བའི་ཞབས་དང་ཆགས་མེད་གཉིས་ཀྱིས་གསུངས། ཡང་རང་ལུས་ལྕགས་ཀྱི་རྡོ་རྗེ་བསྲ་ཞིང་མཁྲེགས་པ་ལ་མེ་འབར་བ་རི་རབ་ཙམ་གཅིག་ཏུ་གྱུར། དེ་ལས་ལྕགས་ཀྱི་རྡོ་རྗེ་གཅིག་ནམ་མཁར་ཤར་གྱིས་སོང་བས། ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པ་སྟོར་ཏེ་མཐའི་རྒྱ་མཚོའི་ཕར་འགྲམ་དུ་འཕང་ནས། གནམ་ལྕགས་ཀྱི་རྡོ་རྗེ་སེར་བ་འབབ་པ་ལྟར་བབས་པས། གནས་གདོན་ལུས་གདོན་ཐམས་ཅད་བརྡུང་བར་བསྒོམ། དེ་ནས་རྡོ་རྗེ་ཐམས་ཅད་གཅིག་ཏུ་འདུས་པ་ལས་གཞི་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ། ཡར་རྩེས་ལྷ་གནས་སུ་ཐུག་པ། མར་རྩེས་འོག་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཐུག་པ། རྡོ་རྗེ་ཡར་གྱི་རྭ་དབུས་མ་རྣམ་སྣང་། ཕྱོགས་མཚམས་རྭ་བརྒྱད་ལ་རིགས་ལྔ་ཡབ་ཡུམ་བཞི། རྡོ་རྗེའི་ལྟེ་བར་རང་ཉིད་ཁྲོས་མ། དེའི་སྤྱི་བོར་མ་ཅིག་ཐུབ་པ་ཡུམ་ཆེན་དམ་པ་རྗེ་བཙུན་མ་སོགས་སྐྱབས་གནས་ལྔ་


KMC019_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས། སྟེང་ཟངས་ཀྱི་འཁོར་ལོའི་ལྟེ་བར་ཕག་མོ། རྩིབས་སྟོང་ན་རྗེ་བཙུན་མ་སྟོང་། དེ་སྟེང་གསེར་གྱི་འཁོར་ལོའི་ལྟེ་བར་ཐུབ་པ། རྩིབས་སྟོང་ལ་སངས་རྒྱས་སྟོང་། དེ་སྟེང་གསེར་གྱི་འཁོར་ལོའི་ལྟེ་བར་ཡུམ་ཆེན་མོ། རྩིབས་ལ་ཡུམ་ཆེན་སྟོང་། རང་གི་འོག་ཏུ་ཟངས་ཀྱི་འཁོར་ལོ་རྩིབས་སྟོང་ལ་ཕག་མོ་དམར་མོ་སྟོང་། དེ་འོག་ལྕགས་གྱི་འཁོར་ལོ་རྩིབས་སྟོང་ལ་ནག་མོ་སྟོང་། དེའི་ཕྱི་རོལ་སྟེང་དུ་བྱ་ཁྱུང་གཤོག་གདང་འཁྲིགས་པའི་གུར། དེའི་ཕྱི་རོལ་རྡོ་རྗེ་མེ་རིའི་གུར་བར་མཚམས་མེད་པར་བསྒོམ་པའི་ནང་དུ་བསྲུང་བ་རྣམས་ཆུད། དེའི་ཕྱི་རོལ་ཁྲ་ཐེར་ནི་གསེར་གྱི་མཆོད་རྟེན་བང་རིམ་བཅུ་གསུམ་ཏོག་ཆར་ཁེབ་དང་བཅས་པ། དེའི་སྟེང་དུ་ཤཱཀྱ་ཐུབ་པ་ཁམས་གསུམ་ཟིལ་གྱིས་གནོན་པ་ལ་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བ། གུང་ཤིང་ཡུམ་ཆེན་མོ། ཀ་བ་གཡས་ཕ་དམ་པ། གཡོན་མ་ཅིག །ཆོན་ཆེན་སྦྲུལ་ནག་རེ་འབྱམས། ཆོན་ཕུར་ཁྲོས་མ་


KMC019_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ། ཆོན་ཆུང་འོད་ཟེར་ཞགས་པ། ཆོན་ཕུར་རྗེ་བཙུན་མ་རྣམས་ཕྱག་སྦྲེལ་བ། དེ་རྣམས་སྐུ་སྨད་གནམ་ལྕགས་ཀྱི་ཕུར་བས་གཟེར་པར་དམིགས་པ་ནི་སྐྱབས་ཡུལ་ལྔ་བརྩེགས་བསྒོམ་པའོ། །སྟེང་ཁྱབ་བྱེད་ཀྱི་ཕྱག་རྒྱ། བར་འགུག་བྱེད་ཀྱི་ཕྱག་རྒྱ། འོག་བསྡོམ་བྱེད་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་གསུམ་གྱི་ཁོག་དབུབས་པའོ། །རྒྱས་པ་འདོད་ན་ཆར་འབེབ་དང་ཕྲིན་ལས་རྒྱ་མཚོ་ལས་ཤེས་པར་བྱ། དྲི་ལན། མདའ་འཕེན་ལན་དུ་སྒྱོགས་དགོས་གསུངས་པའི་དོན་ཡིན། ཡང་གཉན་སར་དགྲ་རྐུན་ཇག་པ་བྱུང་དོགས་ན། རང་གི་འོག་ལྕགས་ཁང་གྲུ་གསུམ་ནང་དུ་ལུས་གདོན་གནོད་བྱེད་ཐམས་ཅད་ཚུད་པའི་སྟེང་ནས་ལྕགས་སྲེག་གི་དྲྭ་བ་ཆེན་པོ་ཞིག་གིས་བཀབ། དྲྭ་མིག་ཐམས་ཅད་དུ་ཡི་གེ་ནྲྀཿམགོ་ཐུར་བསྟན་གྲངས་མེད་པ་བསྐྱེད། ནྲྀཿདེ་རྣམས་ཡོངས་སུ་གྱུར་པ་ལས། རང་ལ་གནོད་པར་གྱུར་པ་དང་། གནོད་དོགས་པའི་དགྲ་རྐུན་ཇག་པ་


KMC019_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མགོ་བོ་ལུས་གདོན་དང་དབྱེར་མེད་བསྟིམ་ལ་ཐུར་དུ་དཔྱངས་ཤིང་། ལྕགས་ཀྱི་དྲྭ་མིག་ལ་རྐང་པའི་བོལ་གོང་ཐོགས་ནས་ཡོད་པར་བསྒོམ། དེ་ལ་ཇག་རྐུན་ཐམས་ཅད་བཀུག་ལ་བསྟིམ། སྐབས་སྐབས་སུ་དགུགས་གཞུག་ཡང་ཡང་བྱའོ། །འདི་ནི་ཇག་གཅོད་མགོ་འཕྱོངས་མ་ཞེས་བྱ་བ་ཤིན་ཏུ་ཟབ་བོ། །འདི་གང་ཟག་སྤྱི་མཐུན་ཙམ་གྱི་ཆེད་དུ་ཡིན་གྱི། རབ་རྣམས་ལ་ནི་ཐོག་དང་ཇག་རྐུན་གང་བྱུང་ཡང་ལྷོངས་ཀྱི་རྣམ་པ་ཡིན་པས་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་རོ་མཉམ་པ་ལས་ཟློག་སྲུང་གང་ཡང་མི་དགོས། ལྷོངས་གི་རིམ་པ་ནི། དེ་ལྟར་ཞག་གསུམ་དང་། ལྔ་དང་། བཅུ་ལ་སོགས་རྒྱུན་དུ་ཉམས་སུ་བླང་ན་མི་འབྱུང་མི་སྲིད་དེ། དེ་ཡང་ལྷོངས་དང་ཆོ་འཕྲུལ་ཚར་ཆོད་རྣམས་རིམ་བཞིན་ངོས་འཛིན་པ་ལ་རྩ་བཤད་དང་། རྒྱས་པར་བསྟན་པ་གཉིས་ལས། དང་པོ་ནི་མ་ཅིག་གིས། ཡང་དག་པའི་ལྷོངས་དང་ཆོ་འཕྲུལ་ཚར་ཆོད་ཀྱི་བྱེ་བྲག་ཁྱད་


KMC019_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་རྣམས་ཇི་བཞིན་འབྱུང་དཀའ་ནའང་། གང་ཟག་རང་རང་གི་བློ་དང་མཐུན་པ་ཙམ་རེ་ནི་གཅོད་མཁན་ཁས་ལེན་ཚད་ཐམས་ཅད་ལ་འོང་བས། དེ་ལ་དང་པོ་ལྷོངས། དེ་ནས་ཆོ་འཕྲུལ། དེ་ནས་ཚར་ཆད། དེ་ནས་ཆོད་པའི་སྔགས་གོ་རིམ་གྱི་ཁྱད་པར་གོ་མ་ལོག་པ་ལུགས་འབྱུང་ངེས་པ་ཅན་དུ་འོང་བ་ཡིན་པས། དང་པོ་རྣལ་འབྱོར་པ་ཉིད་ཀྱིས་ཕུང་པོ་གཟན་དུ་བསྐྱུར་བ་དང་། གཉན་ཁྲོད་བརྟེན་པ་གཉིས་ཀྱི་ཁོངས་སུ་འདུས་པས། ཉམས་སུ་ལེན་བྱའི་གནད་རྣམས་ཀུན་རྫོབ་དོན་དམ་གཉིས་ཀྱི་ཚུལ་དང་། དེ་གཉིས་ཟུང་འཇུག་མན་ངག་གི་སྐོར་རྣམས་ཁོང་དུ་ཆུད་པར་བྱས་ཤིང་། གཉན་ཁྲོད་ཉམས་དགའ་ཡིད་དུ་འོང་བའི་གནས་སམ། ཡང་ན་ས་དཔྱད་དུ་བཤད་པའི་ས་མིག་གམ་གཉན་མིག་གམ། གནད་མིག་སོགས་གང་དུ་འདུག་ཀྱང་ཞི་བ། རྒྱས་པ། དབང་། དྲག་པོ། ཤིན་ཏུ་དྲག་པོ་ལ་སོགས་པའི་དམིགས་པ་གང་གི་སྒོར་འཇུག་


KMC019_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། གཞན་ཕན་གྱི་བསམ་པ་རྩེ་གཅིག་པ་དང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་ཀུན་སློང་གཞིར་བཞག་ནས། ཞི་བ་སོགས་གང་གཙོ་བོར་བྱེད་པའི་ཏིང་ངེ་འཛིན་གྱིས་གཟིར་བས། གཉན་ཁྲོད་དེ་ཉིད་དུ་གནས་པའི་འབྱུང་པོ་དེ་དག་གིས་རྣལ་འབྱོར་པའི་ཆོས་ཉིད་ཀྱི་ནུས་པའི་གཟི་བརྗིད་ལ་མ་བཟོད་པར་འཁྲུག་སྟེ། རང་རང་གི་མཁོས་ཀ་གང་ཡོད་དང་། ཟླ་བོ་གཞན་དང་བཅས་པ་བསྐུལ་ཞིང་གཟེང་ནས་ཐམས་ཅད་སྡུད་པར་བྱེད་དོ། །དེའི་ཚེ་རྣལ་འབྱོར་པའི་ལུས་སེམས་ལ་ཅུང་ཟད་མི་བདེ་བའི་སྣང་བ་བུན་བུན་ཟེང་ཟེང་ལྟར་འབྱུང་བ་ནི་ལྷོངས་ཟེར་བ་ཡིན། དེ་ནས་རང་རང་རྣམས་ལ་ནུས་སྟོབས་གང་ཡོད་ཀྱི་སྒོ་ནས་སྤྲུལ་པ་མི་འདྲ་བ་སྣ་ཚོགས་པ་སྟོན་ནས་རྣལ་འབྱོར་པའི་ཏིང་ངེ་འཛིན་ལ་བར་ཆད་ལ་སོགས་པའི་ཉེས་པ་སྣ་ཚོགས་གཏོང་བར་བྱེད་དོ། །དེའི་ཚེ་རྣལ་འབྱོར་པ་ལ་དངོས་སམ། ཉམས་སྣང་ངམ། གཟི་བྱིན་ནམ། རྨི་ལམ་དང་བཞིའི་སྒོ་


KMC019_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྟས་མི་སྡུག་པ་སྣ་ཚོགས་འོང་བ་དེ་ལ་ཆོ་འཕྲུལ་ཟེར། ཆོ་འཕྲུལ་གྱི་བྱེ་བྲག་སྣ་ཚོགས་པ་སྟོན་ཀྱང་། རྣལ་འབྱོར་པ་ལ་གླགས་མི་རྙེད་ཅིང་། ཆོས་ཉིད་ཀྱི་ནུས་པ་ལ་མ་བཟོད་པས། འབྱུང་པོ་དེ་དག་གི་ནུས་པའི་སྤ་བཀོང་ནས་རྣལ་འབྱོར་པ་ལ་འདུད་དེ། བཀའ་ཉན་གསུང་སྡོད་ཅིང་ཇི་ལྟར་བསྒོ་བ་བཞིན་བྱེད་ནས་འཇིག་རྟེན་གྱི་དངོས་གྲུབ་འདོད་དོན་ཕྲན་ཚེགས་རྣམས་བསྒྲུབ་ཅིང་བྲན་བཞིན་དུ་ཉན་པར་བྱེད་པས། དེའི་ཚེ་རྣལ་འབྱོར་པ་ལ་ཡོན་ཏན་སྐྱེ་བའི་སྔ་ལྟས་ཀྱི་རྟགས་བཟང་པོ་མི་འདྲ་བ་སྣ་ཚོགས་པའི་ཉམས་དགའ་བ་ཞིག་འབྱུང་བ་དེ་ལ་ཚར་ཚད་ཟེར། དེ་ནས་འབྱུང་པོ་དེ་དག་གི་དཔའ་ཆག །ངར་ཞི།གདུག་སེམས་ཉམས་ནས། རྣལ་འབྱོར་པའི་བཀའ་ལ་ཉན་ཅིང་ཕྱིན་ཆད་སེམས་ཅན་གཞན་ལ་གནོད་པ་མི་བྱེད་པར་དམ་བཅའ་བ་དང་། དམ་ཆོས་སྒྲུབ་པ་པོ་རྣམས་ཀྱི་གྲོགས་བྱེད་པ་དང་། འབྱུང་པོ་ཁོ་རང་ཡང་ཐར་པའི་ལམ་


KMC019_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་ཅིང་། དགེ་བའི་ལས་ལ་བརྩོན་པ་དང་། དཀར་ཕྱོགས་ངེས་པར་དུ་སྐྱོང་བའི་སྟོབས་ཀྱིས་འབྱུང་པོ་དེ་དག་ཐར་ལམ་བྱང་ཆུབ་ཀྱི་ས་ཐོབ་པར་ངེས་པའི་རྟགས་རྣམས་རྣལ་འབྱོར་པ་ལ་འོངས་ཤིང་། དེའི་ཚེ་རྣལ་འབྱོར་པ་རང་ཉིད་ལ་ཡང་བཟང་ངན་རྟོགས་པ་ལ་སོགས་སྙེམས་སུ་ཤོར་བའི་སེམས་ཀྱི་ཁུ་འཕྲིགས་ཐམས་ཅད་རྩད་ནས་ཆོད་ཅིང་བདག་མེད་གནས་ལུགས་ཀྱི་དོན་ཆོས་ཉིད་བདེན་པའི་ལྟ་བ་རྣམས་མངོན་དུ་གྱུར་ནས་འོང་བས་རང་དོན་ཆོས་སྐུ་འགྲུབ་ཅིང་། གཞན་དོན་གནས་བདག་འབྱུང་པོ་འཁོར་དང་བཅས་པ་གཙོ་བོར་བྱས་པའི་སེམས་ཅན་དུ་མ་ཞིག་ཐར་པའི་གོ་འཕང་ལ་འགོད་པའི་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལ་ཆོད་ཚད་ཟེར་བ་ཡིན། དེ་ལྟར་ལྷོངས་དང་། ཆོ་འཕྲུལ། ཚར་དང་ཆོད་པ་བཞི་གོ་མ་ལོག་པ་རིམ་བཞིན་འོངས་དགོས་པ་ངེས་པར་དུ་ཡིན་ཀྱང་། གང་ཟག་ནུས་པ་ཆེ་ཆུང་གི་ཁྱད་པར་དང་། བརྩོན་


KMC019_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཆེ་ཆུང་དང་དམིགས་པས་གཅུན་ཤེས། མི་ཤེས་དང་། ཟིན་མི་ཟིན། གསལ་མི་གསལ། དམིགས་པ་དྲག་ཞན་དང་། གང་དང་གང་གི་དམིགས་པའི་རྣམ་པ་ཕྱེ་མི་ཕྱེད་དང་། སྤྱིར་མན་ངག་གིས་གཅུན་ཐབས་ལ་ཤེས་མི་ཤེས། གོ་མི་གོ་དང་། དམིགས་པ་ཞི་དྲག་གི་ཁྱད་པར། གནས་བདག་ཞི་དྲག་གི་ཁྱད་པར། ནད་རྐྱེན་ཡོད་མེད་ཀྱི་ཁྱད་པར། སྒྲིབ་པ་ཆེ་ཆུང་དང་། སྔོན་བསགས་སྦྱངས་པ་ཆེ་ཆུང་། སྙིང་ཁམས་ཆེ་ཆུང་། དབང་པོ་རབ་འབྲིང་ཐམའི་ཁྱད་པར་ལ་སོགས་པ་མི་འདྲ་བའི་རིགས་སྣ་ཚོགས་པ་དང་། གྲངས་དུ་མ་ཞིག་ཡོད་པའི་དོན་གྱིས་ལྷོངས་སོགས་བཞི་པོ་གོ་རིམ་བཞིན་འོང་དཀའ་ལ། མ་ལྷོངས་བར་ཆོ་འཕྲུལ་འབྱུང་བའང་ཡོད། ཚར་ཚད་མ་བྱུང་བར་ཆོད་པའང་ཡོད་། ཚར་ལྷོངས་མི་འོངས་ནས་ཆོ་འཕྲུལ་དང་ཆོད་པ་གཉིས་འོངས་བའང་ཡོད། ཚར་ལྷོངས་གཉིས་འོངས་ནས། ཆོ་འཕྲུལ་དང་ཆོད་ཚད་གཉིས་མི་འོང་བ་


KMC019_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡོད། ལྷོངས་དང་ཆོ་འཕྲུལ་གཉིས་མི་འོངས་ནས་ཚར་ཚད་དང་ཆོད་ཚད་གཉིས་འོང་བ་ཡང་ཡོད། ཚར་ཚད་དང་ཆོད་ཚད་གཉིས་མི་འོངས་ནས་ལྷོངས་དང་ཆོ་འཕྲུལ་གཉིས་ཁོ་ན་འོང་བ་ཡང་ཡོད། ཚར་ཆོད་མི་འོངས་ནས་ལྷོངས་དང་ཆོ་འཕྲུལ་འོང་བའི་དུས་ཀྱང་ཡོད། ལྷོངས་སོགས་རེ་རེ་འོངས་ནས་གསུམ་པོ་མི་འོང་བའི་དུས་ཀྱང་ཡོད། བཞི་ཀ་དུས་གཅིག་ལ་རྫོགས་པ་ཡང་ཡོད། ཞག་གཅིག་ནས་བཞི་ཀ་རྫོགས་པ་དང་། ཞག་གསུམ་བར་དུ་དང་། ཞག་ལྔའི་བར་དང་། བདུན་དང་། བཅུ་བཞི་དང་། ཉི་ཤུ། ཉེར་གཅིག །ཟླ་བ་དང་ཟླ་བ་གཉིས་ནས་ལོ་གཅིག་གི་བར་དང་། ལོ་གཅིག་ནས་ལོ་དྲུག་གམ། བཅུ་འམ། མི་ཚེ་གཅིག་གི་བར་དུ་ལྷོངས་ན་མཆོད་པའི་བར་བཞི་པོ་མི་རྫོགས་པའི་རིགས་ཀྱང་ཡོད། ལྷོངས་སོགས་བཞི་པོའི་གོ་རིམ་མི་འདྲ་བ་སྣ་ཚོགས་འོང་བ་ནི་གང་ཟག་དང་། གནས་བདག་ཞི་དྲག་གི་ཁྱད་པར་ཀྱང་ཡིན་ནོ། །འོན་ཀྱང་


KMC019_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་བློ་དུལ་ཞིང་ཐར་པ་དོན་དུ་གཉེར་བ་ངེས་ཅན་ཚེ་འདི་བློས་གཏོང་བ་དང་། ཁྱད་པར་དུ་ངའི་ཆོས་ལུགས་ལ་དད་ཅིང་། ཆོས་ཐམས་ཅད་ཁོང་དུ་ཆུད་པ་དང་། མན་ངག་ཐམས་ཅད་གཅུན་ཐབས་ལ་མཁས་པར་བྱས་ནས་ལེགས་པར་ཉམས་སུ་བླངས་ན་ལྷོངས་སོགས་བཞི་པོ་གོ་རིམ་བཞིན་འོང་བར་ངེས་སོ། །ཞེས་གསུངས་པས་སོ། །གཉིས་པ་རྒྱས་པར་བསྟན་པ་ནི། མ་ཅིག་གིས། འཕགས་པའི་ས་མ་ཐོབ་པར་མངོན་པར་ཤེས་པ་དང་མི་ལྡན་པས། གཞན་རྒྱུད་མཁྱེན་པའི་ནུས་པ་མེད་པ་དང་། དམིགས་བཅས་ཀྱི་ཏིང་ངེ་འཛིན་ལ་དབང་མ་ཐོབ་པས་ལྷ་འདྲེ་མངོན་གསུམ་དུབཀུག་པའི་ནུས་པ་མེད་པའི་གང་ཟག་ལས་དང་པོ་གཉན་ཁྲོད་འགྲིམ་པར་འདོད་པ་རྣམས་ནས་རྨི་ལམ་གྱི་མཚན་མ་བརྟགས་པར་བྱའོ་གང་ལྟར་ཡང་ཆོ་འཕྲུལ་སྟོན་པའི་དུས་ཀྱི་ཁྱད་པར་ནི་ནམ་ལངས་ནས་སྔ་དྲོ་ཉིན་ཕྱེད་བར་དང་། ཉི་ཐལ་སྲོད་འཁོར་བར་ལ་


KMC019_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཉུང་། ཐོ་རངས་དུས་ཡང་མ་ཡིན་ལ། ཉིན་གུང་ཕྱིན་དང་ཉི་ཐལ་བར་དུ་དང་། སྐར་མ་རྫོགས་ནས་ནམ་གུང་ཅུང་ཟད་ཡོལ་བ་ཚུན་ལ་ཁྱད་པར་ཆོ་འཕྲུལ་གཏོང་བར་བཤད་པས། དེ་ལ་གཉིས། ལྷ་འདྲེ་སྤྱིའི་མཚན་མ་བརྟགས་པ་དང་། བྱེ་བྲག་གི་མཚན་མ་རྟགས་པའོ། །དང་པོ་སྤྱིའི་ཚོ་འཕྲུལ་ནི། རི་བསྙིལ་པ། མཚོ་ལུད་པ། བྲག་ཞིག་པ། རྦབས་འདྲིལ་བ། ས་གཡོ་བ། གད་པ་རྡིབ་པ། ས་གཞི་འགུལ་མེར་མེར་བྱེད་པ། རྡོ་དང་བོང་བ་ཙར་འཕེན་པ། སྐྲ་དང་གོས་ལས་འཐེན་འཐེན་བྱེད་པ། རྒྱབ་དང་གློ་རྩེབ་ཏུ་ཁུ་ཚུར་བརྡེགས་པ། རྣ་བར་གསང་གཏམ་བྱེད་པ། རྒྱང་རིང་པོ་ནས་མིང་དུ་ལྷང་ལྷང་འབོད་པ། འདུག་མལ་ནས་གཞན་དུ་ཁྱེར་བ། དབྱངས་དང་སྤྱུགས་གླུ་ལེན་པ། ཧ་ཧ་དང་གད་རྒྱངས་ལྷང་ལྷང་བྱེད་པ། ངུ་འབོད་དང་ཀུ་ཅོ་ཆེན་པོ་འདོན་ཅིང་། མི་སྙན་པ་སྣ་ཚོགས་པ་སྒྲོགས་ནས། ཁྱོདའདིར་མ་འདུག་གཞན་དུ་སོང་ཞིག །མི་འགྲོ་ན་


KMC019_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བཅད་སྙིང་ཕྱུང་ཤ་ཟ་ཁྲག་འཐུང་རུས་པ་འཆའ་བ་དང་། གཟེར་ལྷོག་ལ་སོགས་ནད་སྣ་ཚོགས་གཏོང་ནས་ཁྱོད་ད་ལྟ་ནས་འགུམ་པར་བྱེད་དོ། །འདི་ནས་གཞན་དུ་འགྲོ་ན་ངས་ཁྱོད་ལ་ཕན་པ་ཆེན་པོ་གདག་གོ་ཟེར་བ་དང་། ཡང་ཐོག་རླུང་དང་། སེར་བ་དྲག་པོ་དང་། འབྲུག་དང་། གློག་ཞབས་དང་། གཤའ་ལོག་ཆེན་པོ་དང་། འུར་སྒྲ། ཚག་སྒྲ། ཆོམ་སྒྲ་དང་། རྡིག་ཆོམ་གྱི་སྒྲ་ཆེན་པོ་འབྱུང་བ་དང་། སྐར་མདའ་དང་། མེ་མདའ་དང་། མེ་སྟག་ཚྭ་ཚྭ་དམར་ཚུབ་ཚུབ་བྱེད་པ་དང་། སྤྲིན་པ་དང་། ན་བུན་དང་། ཁུ་རླངས་དང་། འཚུབས་མ་འཇིགས་སུ་རུང་བའི་ནང་དུ་འཐུམ་ཞིང་གཡེང་ནས་རབ་ཏུ་བཏེགས་པ་དང་། ས་ཆེན་པོ་ཐམས་ཅད་ནག་པོ་ལ་སོགས་པའི་ཁ་དོག་མི་འདྲ་བར་འགྱུར་ནས་ཡིད་དུ་མི་འོང་བ་དང། ནམ་མཁའ་མེས་གང་བ། ས་གཞིར་ཆུས་གང་བ། ལྗོན་ཤིང་ནགས་ཚལ་རྣམས་མཚོན་ཆར་མཐོང་བ། འཚུབ་མ་དམར་ནག་


KMC019_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གློ་བུར་སྔོ་དམར་གྱིས་རི་ལུང་ཐམས་ཅད་གང་ཞིག་གཡོ་བར་བྱེད་པ་དང་། མིག་གི་སྒོར་གཟུགས་མི་སྡུག་བ་སྟོན་ཏེ། སེང་གེ་དང་། སྟག་གཟིག་དོམ་དྲེད། གླང་པོ་ཆེ། བ་ལང་། གཡག་རྒོད། སྤྲེལ་དང་། ཕག་རྒོད། བོང་བུ། ཁྱི། སྤྱང་གི། ཅེ་སྤྱང་། ཆུ་སྲིན། རེ་འབྱམས། སྦལ་པ། སྡིག་པ། པིར་ལ་སོགས་པའི་མགོ་བརྙན་ཅན་འཇིགས་སུ་རུང་བ་ཁ་གདངས་ཤིང་མཆེ་བ་གཙིགས་པ། ལྕེ་དམར་ལྷབ་ལྷབ་གཡུག་པ། ཁ་ནས་མེ་འབར་སྣ་ནས་དུད་པ་འཐུལ་བ། མིག་ནས་མེ་སྟག་འཕྲོ་བ། ལག་ན་སྦྲུལ་ཞགས་དང་མཚོན་ཆ་སྣ་ཚོགས་པ་ཐོགས་ནས་འཇིགས་ཚུལ་སྟོན་པ་དང་། གཤིན་རྗེ། གནོད་སྦྱིན། སྲིན་པོ། ཤ་ཟ་ལྟ་བུའི་གཟུགས་འཇིགས་པར་སྟོན་པ་དང་། སྟག་དང་དོམ་དྲེད་ཅེ་སྤྱང་ལ་སོགས་གཅན་གཟན་གདུག་པ་ཅན་རྣམས་ཀྱིས་ང་རོ་ཆེན་པོ་འབྱིན་ཅིང་། ཁ་གདངས་ནས་ཟ་རུ་འོང་བ་དང་། སྦྲུལ་གྱིས་ལུས་དཀྲིས་པ་དང་། སྡོམ་


KMC019_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡིག་སྦལ་ལུས་ལ་འབྱར་བ་དང་། གླང་དང་གཡག་ནག་རྭ་ལ་མེ་འབར་བས་བརྡུང་བ་དང་། མི་ནག་འཇིགས་རུང་གིས་མཚོན་ཆ་མེ་འབར་བས་བསྣུན་པ། དགྲ་བོ་དང་སྐྱེས་པ་བུད་མེད་མང་པོས་མཚོན་ཆ་ཐོགས་ནས་བརྡེགས་པ། བཅིངས་པ། གཡང་དུ་བསྐྱུར་བ། མནན་པ། མགོ་མཇུག་ལྡོག་ཅིང་གཞན་དུ་ཁྱེར་བ། སྡོམ་སྡིག་གྲོག་སྦུར་རྣམས་ཆར་བཞིན་དུ་འབབ་པ། སྦལ་སྦྲུལ་ཉ་ལྕོང་གིས་ས་གཞི་གང་བ། ཁྱི་ནག་མང་པོས་རྨུག་ཅིང་། སྤྲེའུ་མང་པོས་གར་བྱེད་པ། སྲིན་མོས་རལ་པ་བསིགས་ཤིང་སོ་སྒྲ་བསྒྲིགས་པ། གཞན་ཡང་མིག་ལམ་དུ་མི་སྡུག་པའི་གཟུགས་སྣ་ཚོགས་པ་འབྱུང་ངོ་། །རྣ་བའི་སྒོར་སྒྲ་སྣ་ཚོགས་པ་འོངས་སྟེ། ཀུ་ཀུ་བསྭོ་བསྭོ་ཞེས་པ་དང་། ཧ་ཧ་ཧོ་ཧོ་ཞེས་པ། སོད་སོད་རྒྱོབ་རྒྱོབ་ཅེས་པ་དང་། འུར་འུར་བ། ཀུ་སེག་ཞེས་པ། ཟེང་ཟེང་བ་ལ་སོགས་པའི་སྒྲ་མི་སྙན་པ་དུ་མ་ཞིག་འོངས་ནས་ཡིད་མི་བདེ་བར་བྱེད་དོ། །


KMC019_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སྣའི་སྒོར་ཡང་། བྱ་སྒོག་ལ་སོགས་པའི་སྒོག་དྲི་ངན་པ་སྣ་ཚོགས་པ་དང་། རྭ་གཞོབ་དང་། མིའི་ཤ་ཚིལ་གྱི་བསུར་དང་། སྔོ་གཞོབ་དང་། ཤིང་དུག་ངན་པ། ས་དུག་ངན་པ། ཁྱིའི་དྲི་མ། ཆུ་སོའི་གསེབ་དྲི་སོགས་དྲི་ངན་པ་སྣ་ཚོགས་བྲོ་ནས་དབང་པོ་མྱོག་པར་བྱེད་དོ། །ལྕེ་ལ་རོ་ཁ་བ་ལ་སོགས་པའི་རོ་ངན་པ་རྣམས་ཀྱི་ཟས་སྐོམ་གང་གིས་ཀྱང་ཞེ་ལོག་པར་བྱེད་དོ། །ལུས་ལ་རེག་བྱ་རྣམས་རྩུབ་ཅིང་བརྩེད་པ་དང་། ཤ་རོ། ཤ་འཕྲིག །ཤ་འགུལ། སྐོམ་ཁོལ། སྐྲང་འབུར། གླང་ཤུ། བལ་སྔག །ཤུ་ཐོར། མེ་དབལ། ཚ་གཅུས་རྣམས་ཀྱིས་ལུས་མི་བདེ་བར་བྱེད་དོ། །ཡིད་ལ་ཡང་མི་འདོད་པ་སྣ་ཚོགས་འབྱུང་སྟེ། སེམས་མི་བདེ་བ་དང་། ཐེ་ཚོམ་དང་སོམ་ཉི། ཡིད་གཉིས། ནེམ་ནུར་དུ་སྐྱེ་བར་བྱེད་པ་དང་། ཤེས་པ་འཕྱོ་བ། འགྲོ་སྙིང་འདོད་པ། རང་གཞན་གྱི་དོན་དུ་སེམས་སྡུག་པ། མི་དགའ་ཞིང་ཚིག་པ་ཟ་བ། ཁམས་མི་བདེ་བ། སེམས་སྐྱོ་བ། ཟླ་བོ་དང་


KMC019_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་འདོད་པ། ཉོན་མོངས་པའི་ཆགས་སེམས་ཀྱིས་གདུང་ནས་ཉམས་ལེན་འཆོལ་བ། བག་ཚ་ཉམ་ང་འཇིགས་སྐྲག་སྐྱེ་ནས་གཅོད་ཀྱིས་སུན་པར་བྱེད་པ། རྣམ་རྟོག་སྣ་ཚོགས་སྐྱེ་ནས་ཡིད་ཉོན་མོངས་པར་བྱེད་པ། སྙིང་རླུང་ལངས་ནས་ཁམས་འདུས་པ་སོགས་བྱེད་དོ། །གཞན་ཡང་ས་གས་པའི་བར་དུ་ལྷུང་བ། ཁང་པ་རྡིབ་པ། ངམ་གྲོག་དང་གཡང་ས་ཆེན་པོར་འགྲིམས་པ། རི་བོ་བརྡེབས་པ། ཆུ་བོ་གནམ་དུ་འཕྱུར་བ། ཉི་ཟླ་གཉིས་བརྡེབས་པ། གནམ་ས་ལ་ལྷུང་བ། འཇིགས་སུ་རུང་བའི་གཟུགས་ཅན་གྱིས་རང་གི་སྙིང་དྲངས་པ། གློ་བ་འདྲེད་པ། རྒྱུ་མ་མནར་བ། དོན་སྙིང་ནང་ཁྲོལ་རྣམས་ཕྱུང་བ། ལུས་དུམ་བུར་གཏུབ་པ། པགས་པ་བཤུ་བ། ཡན་ལག་དང་ཉིང་ལག་རྣམས་གཅོད་པ། གཟུགས་མི་སྡུག་པ་སྟོན་ནས་ཁྱོད་ཀྱི་དབུགས་ལེན་ངས་བྱེད་ནས་ཞག་འདི་ཙམ་ལ་ཁྱོད་འཆི་ནས་དམྱལ་བར་བསྐྱུར་རོ། །ཁྱོད་ཀྱི་བླ་མ་བརྒྱུད་


KMC019_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཕ་རབས་རྣམས་ཀྱི་སྲོག་ལེན་ང་ཡིན་ཟེར་ནས་དགྲར་ལང་བར་བྱེད་ཅིང་འཇིགས་སྣང་སྣ་ཚོགས་པ་སྐྱེ་རུ་འཇུག་པར་བྱེད་དོ། །རེས་མ་སྲིང་འཛའ་མོ་དང་བུད་མེད་མཛེས་མ་རྒྱན་ཅན་གྱིས་འཛུམ་མདངས་བསྟན་ནས་ཆགས་ཚུལ་སྟོན་པ་དང་། རེས་གཟུགས་མི་སྡུག་པས་ངུ་འབོད་དང་ཆོ་ངེ་འདེབས་པ། རེས་ཕ་སྤུན་ཟླ་བོ་གྲོགས་པོའི་ཚུལ་གྱིས་ཕན་པའི་གྲོགས་བྱེད་ནས་གདུང་བར་བྱེད་པ། རེས་དགྲར་ལང་ནས་སྡང་སེམས་སྐྱེ་བར་བྱེད་དོ། །རེས་ལྷ་ཡི་དམ་གྱི་རྣམ་པས། ཁྱོད་ཀྱིས་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་བསྲུང་བའི་ལས་ཕར་ཕྱིན་དྲུག་ལ་སོགས་ལམ་བསྒྲུབ་པའི་ཆེད་དུ་དཀར་ཕྱོགས་རྣམས་ལ་རྩོལ་བར་བསྐྱེད་མི་དགོས། ད་ཁྱོད་ལམ་རྫོགས་ཟིན་པ་ཡིན་པས་ལམ་བསྒྲུབ་ནས་ཅི་ཞིག་བྱ། རྒྱུའི་སྦྱངས་པ་སྔོན་དུ་སོང་ནས། ད་ནི་སྐྱེ་བ་འདིར་འབྲས་བུ་སྨིན་པ་ཡིན་པས། བདུད་ཐམས་ཅད་འདུལ་བའི་དུས་ལ་བབས་པས་འདྲེ་བདུད་


KMC019_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འདུལ་བར་བྱའོ། །ཞེས་ཟེར་ནས་འདྲེ་ཕྲན་རྣམས་འདུལ་ཞིང་གྲོང་ཆོག་མུ་སྣ་དེད་དེ་ལམ་ལོག་པ་ལ་སྦྱོར་བ་དང་། ད་ཁྱོད་འདོད་ཡོན་སྤྱད་པའི་དུས་ཡིན་པས། ཉོན་མོངས་པ་ཐམས་ཅད་ལ་ཅི་དགའ་བར་སྤྱོད་དང་། ཉོན་མོངས་སྤྱོད་ཚད་གྱི་སེམས་ཅན་ཐམས་ཅད་གྲོལ་བ་ཐོབ་པ་ཡིན་ཟེར་ནས། ཉོན་མོངས་སྤྱོད་དུ་འཇུག་པའི་ལམ་ལོག་པ་ལ་སྦྱོར་བ་དང་། ཁྱོད་སྐྱེ་བ་འདིའི་འོག་རོལ་ཏུ་ཞིང་ཁམས་འདི་ཞེས་བྱ་བར་མཚན་འདི་ཐོགས་ཏེ་འཚང་རྒྱ་བ་ཡིན་ཟེར་ནས། ང་རྒྱལ་དང་། རློམ་པ་དང་། དྲེགས་པས་ཁེང་པར་བྱེད་དེ་ལམ་ལོག་པ་ལ་སྦྱོར་བར་བྱེད་པའི་བདུད་ལྷ་རུ་སྤྲུལ་ནས་འོང་བ་དང་། རེས་རང་གི་བླ་མ་དང་ལྷའི་རྣམ་པས། བུ་འོ་ཅག་རྣམས་ཀྱི་ཆོས་ནོར་ནས་ལམ་ལོག་པར་སོང་བས་ངེད་ཅག་གིས་སྡུག་བསྔལ་དུ་མ་ཞིག་མྱོང་བར་གདའ་ཡི། བུ་ཁྱོད་ཀྱིས་ཆོས་འདི་དོར་ལ། འདི་མ་ཡིན་པའི་ཆོས་གཞན་ཞིག་ལ་འཇུག་


KMC019_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཟེར་ནས། བླ་མ་དང་ཆོས་ལ་བློ་ལོག་པར་བྱེད་དེ་ལམ་ལོག་པ་ལ་སྦྱོར་བ་དང་། ལྷ་ངེད་ཅག་གིས་ཁྱོད་སྐྱོབ་མི་ནུས་འདུག་པས། ལྷ་གཞན་ཞིག་ལ་སྐྱབས་སུ་སོང་ཞིག་ཟེར་ནས། ལྷ་སྤང་དུ་བཅུག་སྟེ་ལམ་ལོག་པ་ལ་སྦྱོར་བར་བྱེད་པའི་བདུད་བླ་མ་དང་ལྷ་ལ་སྤྲུལ་ནས་རང་ཉིད་ཀྱི་སེམས་འཕང་དམའ་བར་བྱེད། ཐེ་ཚོམ་དང་སོམ་ཉི་སྐྱེ་བར་བྱེད། བླ་མ་དང་ལྷ་དང་ཆོས་ལ་ཡི་མུག་ཅིང་སྤོང་བར་བྱེད་དོ། །གཉིས་པ་བྱེ་བྲག་ཕོ་གདོན་རྒྱལ་པོའི་ཆོ་འཕྲུལ་ནི། ལྷ་ཁང་ལོག་རིས་དང་། བླུགས་སྐུ་གཟུགས་མ་སོགས་ཀྱི་རྟེན་སྣ་ཚོགས་པ་དང་། མཆོད་ཆ་དཀོར་ཆ་མང་པོས་ལེགས་པར་བརྒྱན་པ་རྒྱ་ཕིབས་དང་། བྱ་འདབ་སྔོན་པོ་ཁྱུང་ཕོ་ཁྱུང་མོ་དང་། གསེར་ཕྲུ་གསེར་བྱ་ཆུ་སྲིན། སེང་གེས་བརྒྱན་པ་དང་། མཆོད་རྟེན་སྐྱ་བོ་དང་། བྲིས་སྐུ་ཅན་དང་། གསེར་ཁང་། དངུལ་ཁང་། ཟངས་ཀྱི་ཁང་པ། མཆོང་གི་ཁང་པ། ཤེལ་དང་བྱི་རུའི་ཁང་པ་རྣམས་བྱ་འདབ་


KMC019_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བཏག་དང་བཅས་པའམ། ཡང་ན་པདྨ་དང་མུ་ཏིག་གི་ཕྲེང་བས་བརྒྱན་པ་དང་། དེ་རྣམས་ཀྱི་མཆོད་རྟེན་བང་རིམ་མང་པོ་ཡོད་པ་དང་། བང་རིམ་མེད་པ་ལ་སོགས་མི་མཚམ་པ་སྣ་ཚོགས་ལ། གདུགས་ཡོད་པ་དང་མེད་པ། བུམ་པ་ཡོད་པ་དང་། མེད་པའི་བང་རིམ་ཁྲིག་ཁྲིག་ཡོད་པ་ལ་སོགས་མི་འདྲ་བ་སྣ་ཚོགས་དང་། ཁང་པ་རྣམས་ལ་ཡང་བྲིས་སྐུ་ཡོད་པ་དང་མེད་པ། མདངས་གསལ་བ་དང་མི་གསལ་བ། བྱ་འདབ་གཅིག་པ་དང་། གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ་བཅུ་ལ་སོགས་བརྩེགས་ཤིང་། བྱ་འདབ་མེད་པ་ལ་གསེར་ཕྲུ་དང་ཁྱུང་པོ་ཁྱུང་མོ་ལ་སོགས་ཀྱི་རྒྱན་ཡོད་པ་དང་། བྱ་འདབ་ཡོད་པ་ལ་གསེར་ཕྲུ་སོགས་ཀྱི་རྒྱན་མེད་པ་ལ་སོགས་མི་འདྲ་བ་དུ་མ་ཞིག་ཡོད་པ། ས་དང་། རྡོ་དང་། ཤིང་དང་། རྫ་ལས་བྱས་པའི་ཁང་པ་རྣམས་ལ། གསེར་དངུལ་གཡུ་ཟངས་མཆོད་ཤེལ་བྱི་རུ་རྣམས་ཀྱི་བྱ་འདབ་དང་། ཕྲུ་དང་། བྱ་


KMC019_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མེད་ཀྱང་ཕྲུ་དང་། སྒོ་བྱས་པ་དང་རིན་པོ་ཆེའི་ཁང་པ་རྣམས་ལ་ཡང་། ས་དང་། རྡོ་དང་། ཤིང་དང་། རྫའི་བྱ་འདབ་དང་། དེའི་ཕྲུ་དང་། བྱ་འདབ་མེད་ཀྱང་ཕྲུ་དང་སྒོ་བྱས་པ་ལ་སོགས་མི་འདྲ་བ་སྣ་ཚོགས་ཡོད་པའི་ཁང་པ་རྣམས་ཀྱི་ནང་དུ་འདག་སྐུ་དང་། བླུགས་སྐུ། བྲིས་སྐུ་ལ་སོགས་ཁ་དོག་དང་རྣམ་འགྱུར་མི་འདྲ་བ་དུ་མ་ཞིག་ཡོད་པ་དང་། ཁང་པ་དང་། དེ་རྣམས་ཀྱི་རྒྱུ་ལས་བྱས་པའི་བྲེ་དང་དམ་འབི་ལ་སོགས་དཀོར་ཆ་སྣ་ཚོགས་དང་། ཆ་ལང་དུང་ལ་སོགས་པའི་མཆོད་ཆ་སྣ་ཚོགས། འཕན་གདུགས་རྒྱལ་མཚན་ལ་སོགས་པའི་མཆོད་རྫས་སྣ་ཚོགས། དར་ཟབ་ཁ་དོག་སྣ་ཚོགས། ཆོས་གོས་སྣམ་སྦྱར་ཞྭ་ཐེབ་པོ་ཏེ་དང་། དེ་རྣམས་ཁང་པའི་ནང་དུ་ཡོད་པ་དང་། བྱ་འདབ་དང་བད་ཀྱི་གློ་རྒྱབ་ཏུ་ཡོད་པ་དང་། རང་བཞིན་གྱི་ཐད་དུ་ཡོད་པའི་ཁང་པ་གསར་པ་དང་། ཅུང་ཟད་རྒོག་པ་དང་། ཤིན་ཏུ་རྒོག་ནས་ཧྲུལ་པོ་སོང་བ་རྣམས་མང་པོ་ཁྲིག་


KMC019_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིག་པ་དང་། རེ་རེ་དང་། ཟུང་རེ་ཙམ་ཡོད་པའི་སར་ཕྱིན་ནས་ཁང་པ་ལ་འཛེག་པ་དང་། སྟེང་དུ་ཕྱིན་ནས་མར་མ་ཐར་བ་དང་། མང་པོ་འགྲིམས་པས་གྲོང་ལས་མ་ཐར་དང་། མཆོད་ཆ་དཀོར་ཆ་སེར་ཆས་སྐུ་གཟུགས་མང་པོའི་དཀྱིལ་དུ་ཕྱིན་ནས་བདག་ཏུ་བཟུང་བ་དང་། རེ་རེ་བཞིན་བླང་ནས་ཉར་ཚགས་བྱས་པ་དང་། ཡང་བཙུན་པ་ཆས་བཟང་མང་པོས་ཐལ་འགྱུར་བྱེད་ཅིང་གྲུབ་མཐའ་རྩོད་པ་དང་། བན་ཆེན་དང་བོན་ཆེན་མིའི་རྒྱལ་པོ་ཡིན་ཟེར་བའི་སེར་ཆས་ཅན་ཞྭ་ཐེབ་དང་གསེར་གྱི་གདུགས་བསྐོར་བ། ཟ་འོག་གི་ཐུལ་པ་དང་། ཕུ་འདུང་མ་དང་། ཐང་གོས་ལ་སོགས་ཁ་དོག་སྣ་ཚོགས་པ་མང་པོ་གནས་པོ་གསེར་དངུལ་གྱི་ཁྲི་ལ་ཟ་འོག་སྣ་ཚོས་པའི་སྟན་དང་། སྲིན་ཟེར་དང་། གྲུམ་ཡུག་ལིང་རྩེ་མའི་གདན་ལ་འཁོད་ཅིང་། དར་སྣ་ཚོགས་པའི་བླ་བྲེ་དང་ཕུར་མ་ཕུབ་པ། གསེར་དངུལ་དང་རིན་པོ་ཆེའི་དཀོར་ཆ་མང་པོ་དང་།


KMC019_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་རྒུན་དང་ནས་ལ་སོགས་པའི་ཆང་མང་པོས་ཟངས་གང་བ། གསོལ་ཇ་བའི་བཙུན་བཤར་ཆས་བཟང་མང་པོ་དང་། བཙུན་མོ་ཆས་བཟང་རྒྱན་ལྡན་གཡུ་ཁྲིའི་སྟེང་གཟུར་འདུག་བྱས་པ་དང། གཙུག་ལག་ཁང་དུ་འདུག་པ་དང་། སེང་གེར་ཞོན་པའི་ཚོགས་དང་རྟ་དང་གླང་པོར་ཞོན་པའི་ཚོགས་དང་། ཤིང་རྟར་ཞོན་པའི་ཚོགས་དང་བཅས་པའི་བར་དུ་རང་ཕྱིན་ནས་ཕྱག་འཚལ་བ་དང་། ཆོས་ཞུས་ནས་མོས་གུས་བྱས་པ་དང་། བསྐོར་བ་བྱས་པ། ཁོ་ལི་ཟིལ་གྱིས་རང་ནོན་ནས་ཅུང་ཟད་འཇིགས་པ་དང་། ཕྱག་འཚལ་བ་སོགས་མ་བྱས་ཀྱང་། ཁོའི་རོག་ལྡན་བྱས་པའམ། ཆོས་ཀྱི་བགྲོ་སླེང་སོགས་ལ་བསྙད་ནས་ཁོ་དང་མ་དུམ་ཞིང་རྩོད་པ་རྣམས་ནི་ནང་གི་ལྷོངས་རྟགས་ཡིན། ཡང་རྒྱལ་པོའི་སྤྲུལ་པ་ཕྲན་ཚེག་ནི། བུ་ཆུང་གཅེར་བུ་མང་པོ་དང་། ར་གུ་ཅན་དང་། སླ་གུ་ཅན་དང་། སེར་ཆས་ཅན་དང་། རལ་བུ་ཅན་དང་། མ་སྨིན་ཅིང་སྐྲ་མེད་པ་ཆུང་བ་ནས་


KMC019_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལྔ་མན་གྱི་བྱིས་པ་རྣམས་བརྩེ་བ་དང་། པང་དུ་བླང་བ། རྒྱབ་ཏུ་ཁུར་བ། འགྲོ་རོག་བྱས་པ། བུ་ཆུང་ལ་རང་ཉིད་ཆགས་པ་དང་། སེང་གེ། གླང་ཆེན། སྤྲེའུ། རྨ་བྱ། སྤེ་གྱི་དཀར་པོ། ཁྲ་བོ། སྲེ་བོ། རྟ་དཀར། རྔ་མོང་། བྱི་བ་དཀར་ནག །གཅན་སྤྱང་། ངང་པ་ངུར་པ། ཁུག་རྟ་ཁྲ་མོ། ཟེར་མ་སོགས་དེ་རྣམས་ཁྱུར་གནས་པ་དང་། རེ་རེ་དང་ཟུང་དུ་གནས་པ་རྣམས་རང་གིས་ཉར་ཚགས་བྱས་པ་དང་། ཡང་རང་ལ་ཚུར་རྒོལ་ནས་མ་དུམ་པ་དང་། དེ་རྣམས་ལ་རང་ཆགས་པ་སོགས་ནི་ཕྱིའི་རྟགས་ཡིན། ཆུ་དམར་པོ་རབ་ཏུ་འཁྲུག་ཅིང་འཕྱུར་བ་དང་། ཆུང་ལྟ་བུའི་ས་ཁྱོན་ཐམས་ཅད་ཁེངས་ཤིང་འགྲོ་བ། རི་ལུང་མང་པོར་དུས་གཅིག་ཏུ་ཤྭ་སྤུ་དམག་པོ་འོང་ཞིང་འུར་སྒྲ་ཆེན་པོ་སྒྲོགས་པ་དང་། དེ་རྣམས་ཀྱི་ནང་དུ་རང་ཉིད་བྱེད་པ་དང་། རང་བཞིན་གྱི་བྲེད་ནས་ཡ་ང་བ། ཆུ་རླབས་ཕོག་ལ་ཁད་པ་དང་། ཆུ་དེ་བརྒལ་དགོས་སྙམ་པའི་སྔངས་སྐྲག་


KMC019_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆུ་དེས་སེམས་ཅན་དང་ཤིང་རྡོ་མང་པོ་ཁྱེར་བ་ལ་སྙིང་བརྩེ་ཤོར་བ་དང་། རླུང་དམར་འཚུབས་མས་རི་ཀླུང་ཐམས་ཅད་གང་ནས་ས་ཆར་རྡོ་ཆར་གཡོ་བའི་ནང་དུ་རང་ཉིད་གཡེང་བ་དང་། སྤྲིན་དམར་ནམ་མཁའ་གང་བ་རླུང་གིས་གཡོས་ནས་ལང་ལོང་བྱེད་པས་རང་གི་སྣང་བ་མི་བདེ་བ་དང་། རི་ཀླུང་ལ་མེ་བཀྱེས་ཤིང་རང་ཡང་ཚིག་ལ་ཁད་པ་དང་། ནམ་མཁའ་ལ་འོད་དཀར་པོ་སྤ་ཕུབ་ཙམ་གྱིལ་ལི་ལི་འཁོར་བ་དང་། རླུང་དམར་ཁམ་པ་དང་འོད་ཀྱི་ནང་དུ་རང་ཉིད་འཐུམ་པ་སོགས་ནི་གསང་བའི་རྟགས་ཏེ། དེ་ཐམས་ཅད་རྒྱལ་པོའི་ཆོ་འཕྲུལ་ལམ། ལྷོངས་ཚད་དམ། རྒྱལ་པོའི་བླ་གནས་སམ། མཚན་མ་ཞེས་རྒྱལ་པོས་ཕྱི་ནང་གསང་བའི་རང་མཚང་སྟོན་པ་དེ་རྣམས་ཡིད་ལ་འཇགས་པར་གྱིས་ལ་ཉམས་ལེན་ལ་གཙུན་པ་གལ་ཆེ་ཞིང་། དེ་ཡང་ནང་གི་མཚན་མ་དང་། གསང་བའི་མཚན་མ་ནི། ལྷོངས་ཐུབ་པའི་གང་ཟག་གི་དཀའ་ལ། ཕྱིའི་མཚན་


KMC019_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྲན་ཚེག་རྣམས་ལྷོངས་བར་ངེས་ཀྱང་། གང་ཟག་གང་ཡིན་པ་དེས་གཞན་གང་གིས་མཚན་མ་དང་མ་འདྲེས་པ་རང་ས་བཤད་པ་བཞིན་ལེགས་པར་ངོས་ཟིན་དགོས། ངོས་མ་ཟིན་ན་རྒྱལ་པོ་གཅུན་པའི་ཐབས་མེད་པས། མ་ཡེངས་མ་ནོར་བ་བྱས་ལ་ཁོ་གཟིར་བའི་ཏིང་ངེ་འཛིན་ལ་གཅུན་ན། ནང་དང་གསང་བ་གཉིས་ཀྱང་རིམ་གྱིས་ལྷོངས་ནས་འོང་བས། ཕྱིའི་ཆོ་འཕྲུལ་ཆུང་ཡང་གློད་པར་མི་བྱ་བ་ནི་རྒྱལ་པོ་གཅུན་པའི་མན་ངག་གོ །དེ་ནས་མ་མོའི་མཚན་མ་ལའང་ཕྱི་ནང་གསང་བ་གསུམ་སྟེ། ཕྱིའི་མཚན་མ་ནི་སྤྱང་ཀི་མང་པོས་ངུ་འབོད་བྱེད་ཅིང་རང་ལ་རྒོལ་བ་དང་། རེ་རེ་དང་ནི་ཡ་ཟུང་གིས་རྒྱུག་མདུར་བྱེད་པ་དང་། རྩེད་མོ་བརྩེ་བ་དང་། རང་གར་འགྲོ་བའི་རྗེས་སུ་འབྲང་བ་དང་། སྔོན་དུ་འགྲོ་བ་དང་། དྲེད་མོང་ཁམ་པས་ང་རོ་འདོན་ཅིང་འཇིགས་ཚུལ་སྟོན་པ་དང་། ཕག་ནག་མང་བས་ངུར་སྒྲ་སྒྲོགས་ཤིང་མཆོངས་པ་དང་། སྲེ་


KMC019_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མོང་དང་མོང་རྩེ་མང་པོ་འཁྲབ་པ་དང་། ཁྱིའུ་ཐོང་ཐོང་མང་པོ་ཉར་ཚགས་བྱས་པ་དང་། མོ་གོས་རྒྱན་ཅན་མང་པོ་ཉར་ཚགས་བྱས་པ་དང་། སྣལ་མ་ཁ་དོག་སྣ་ཚོགས་པ་དང་། བུད་མེད་ཀྱི་འཕང་ཆ་དང་། ཐག་གི་ཆས་རྣམས་ཉར་ཚགས་བྱས་པ་དང་། བྱ་མོ་ནག་མོ་དང་། སྲེག་པ་དང་། འཇོལ་མོ་རྣམས་འཕུར་ལྡིང་བྱེད་པ་དང་། ཚང་བཅའ་བ་རང་གིས་མཐོང་ནས་ཉར་ཚགས་བྱས་པ་དང་། བོང་བུ་མང་པོ་ངུ་འབོད་བྱེད་ཅིང་ཕུ་མདར་རྒྱུག་པ་དང་། ཤ་བ་ཡུ་མོ་མང་པོ་འཚོགས་ནས་བྲོ་བརྡུང་བ་དང་། བུད་མེད་མདོག་ངན་མི་སྡུག་པའི་གཟུགས་ངན་སྣ་ཚོགས་པ་ཁྲོ་ཞིང་སྨྲ་བ་མང་པོ་བྱེད་པ་དང་། རེས་འགའ་བུད་མེད་གཟུགས་མཛེས་རྒྱན་ཅན་ཡིད་འོང་མཛེས་མོ་སྤྲུལ་ནས་ཆགས་པ་སྤྱོད་འདོད་བྱེད་པ་དང་། རེས་འགའ་མ་དང་སྲིང་མོར་སྤྲུལ་ནས་བརྩེ་གདུང་བྱེད་པ་རྣམས་ནི་ཕྱིའི་ལྷོངས་རྟགས་སོ། །ནང་རྟགས་ནི་བུད་མེད་ཤིན་ཏུ་འཇིགས་ཤིང་། མི་


KMC019_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་པའི་གཟུགས་ཅན། སྐྲ་གཟེང་ཞིང་མཆེ་བ་གཙིགས་པ། ཁ་ནས་བསྲོ་སྒྲ་འདོན་ཅིང་། ཁྲག་གི་ཐིག་ལེ་དམར་ཆིལ་ལེར་བཀྲ་བ། སྟག་ལྤགས་དང་དྲེད་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། མི་ལྤགས་ཀྱིས་རྐེད་ཆིངས་བྱས་པ། བྱིས་པའི་གཡང་གཞི་ཕྲག་ལ་གཟར་ཞིང་། སྦྲུལ་ནག་པོས་ཡན་ལག་བཅིངས་པ། ལག་ན་ཁྲམ་ཤིང་དང་། ནད་རྐྱལ་དང་། མཚོན་གྱི་གྲུ་གུ་སྔོ་དམར་དང་། རྒྱུ་མའི་ཞགས་པ་དང་། འོད་ཀྱི་ཞགས་པ་ནག་པོ་དང་། མིའི་པགས་པ་དང་། ནད་རྐྱལ་དང་། སྲིན་བྱའི་པགས་པ་ཐོགས་ནས་འཇིགས་ཚུལ་སྣ་ཚོགས་པར་སྟོན་པ་དང། རེས་འགའ་སྤྱང་ཀི་ལ་ཞོན་པ་དང་། སྟག་དང་། གཟིག་དང་འཕར་བ། ལྕེ་སྤྱང་དང་དྲེད་མོང་། སྲེ་མོང་དང་མོང་རྩེ། ཕག་རྒོད་དང་བོང་བུ། དུག་སྦྲུལ་དང་ཆུ་སྲིན་དུད་བྱ་ཀང་ཀ་ནག་པོ་མཆུ་རིང་དང་། རླུང་ནག་འཚུབས་མ་དང་འོད་ནག་པོ། སྤྲིན་ནག་པོ་སོགས་ལ་ཞོན་པ། རེས་འགའ་


KMC019_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་གཟུགས་ཤིན་ཏུ་མཛེས་པ་འོད་ཆེན་པོ་འབར་ཞིང་སྙན་པའི་གླུ་དབྱངས་ལན་པ། གོས་ཁ་དོག་སྣ་ཚོགས་འཇའི་རྣམ་པ་དང་མཚུངས་པ། གསེར་གཡུ་གཟི་དངུལ་བྱི་རུ་ལ་སོགས་པའི་རྒྱན་མེ་ཏོག་ལྟར་ཤིན་ཏུ་བཀྲ་བས་བརྒྱན་པ། དུང་དང་མུ་ཏིག་གི་ཆུན་པོ། ཕྲེང་བའི་དོ་ཤལ་དང་། མེ་ཏོག་སྣ་ཚོགས་པས་བརྒྱན་པ། དར་ཟབ་སྣ་ཚོགས་པའི་གོས་དང་ཕུར་མས་ཀླུབ་པ། ལག་ན་མེ་ལོང་དང་། པི་ཝང་། གླིང་བུ། ཟངས་ཀྱི་པར་བུ་ཐོགས་པ་དང་། རེས་འགའ་ཤ་བ་ཡུ་མོ་དང་། གླ་བ། རྒོ་བ། རྔ་མོང་། དྲིའུ་སོགས་ལ་ཞོན་པ། རེས་འགའ་དུར་ཁྲོད་ཀྱི་རོ་གསར་རྙིང་དང་། ཀེང་རུས་དང་། བྱ་གཅན་གྱིས་གང་སར་འདུག་པ། ས་གཞི་ཁྲག་གིས་སྤགས་ཤིང་དམར་ལྷག་གེ་བའི་སར་འདུག་པ་དང་། མཐིང་གི་གུར་ནང་དུ་འདུག་པ་དང་། འཇའ་འོད་ཀྱི་གུར་ནང་དུ་འདུག་པ། མི་ལྤགས་དང་སྟག་ལྤགས་ཀྱི་གུར་ནང་དུ་འདུག་པ་དང་། དར་དང་ཟ་འོག་


KMC019_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གི་གུར་ནང་དུ་འདུག་པ་དང་། ལྗོན་ཤིང་མང་པོ་འཁྲིགས་པའི་ཚལ་ན་འདུག་པ་དང་། སྤྲིན་དང་ན་བུན་གྱི་ནང་དུ་འདུག་པ། དེ་རྣམས་ཀྱིས་རེས་འགའ་རང་ལ་འཇིགས་ཚུལ་སྟོན་པ་དང་། ལ་ལས་རང་ལ་གུས་པའི་ཚུལ་དང་། ལ་ལས་ཆགས་པའི་ཚུལ་དང་། ལ་ལས་ཁྱོད་ཀྱི་གྲོགས་བྱེད་ཟེར་བ་དང་། ལ་ལས་ཟས་དང་ནོར་སྟེར་བར་བྱེད་ཟེར་བ་ལ་སོགས་ཀྱི་མཚན་མ་མི་འདྲ་བ་སྣ་ཚོགས་སྟོན་པ་དང་། གཞན་ཡང་གཟུགས་མི་འདྲ་བ་དང་། ཞོན་པ་མི་འདྲ་བ། གོས་དང་རྒྱན་མི་འདྲ་བ། ཕྱག་མཚན་མི་འདྲ་བ། འདུག་གནས་མི་འདྲ་བ། ཁ་དོག་མི་འདྲ་བ་ལ་སོགས་བཟང་ངན་གྱི་ལྟས་སྣ་ཚོགས་འོང་བ་དང་། རང་གི་རྨི་ལམ་ལ་བྱུང་བ་སོགས་ལེགས་པར་དཔྱད་ནས་ཏིང་ངེ་འཛིན་གྱིས་གཟིར་ན་ད་ལྟ་ཉིད་དུ་འགྱུར་ནས་འགྲོ་མ་འགྱུར་ནས་མལ་དུ་སྡད་ན་ལྷ་རྟགས་ཡིན་ཀྱང་སྲིད་པས། ཆོ་འཕྲུལ་གང་ཡིན་ཀྱང་ངོས་ཟིན་པར་བྱས་ལ། ཏིང་ངེ་


KMC019_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་དམིགས་པས་ལེགས་པར་གཟིར་བར་བྱའོ། །གསང་རྟགས་ནི་འཇའ་ཚོན་སྣ་ལྔས་རང་ཉིད་གཡོག་པ་དང་། ནམ་མཁའ་གང་བ་དང་། རླུང་འཚུབས་སྔོ་དམར་གྱིས་རང་ཉིད་གཡོག་པ་དང་། བར་སྣང་གང་བ་དང་ཡང་འཚུབས་མ་དམར་ནག་གིས་རང་ཉིད་གཡེང་ཞིང་རི་ལུང་ས་གཞི་ཐམས་ཅད་གང་བ་དང་། ཤིང་ལོ་ཕུབ་ཙམ་མང་པོ་རླུང་གིས་ནམ་མཁའ་ལ་ཁྱེར་བའི་ནང་དུ་རང་ཉིད་ཕྱིན་པ་དང་། འོད་ཁ་དོག་སྣ་ཚོགས་མེ་ལྟར་འབར་བ་མཚོ་ལྟར་འཁྱིལ་པ། གློག་ལྟར་འཁྱུག་པ། འབྲེང་ལྟར་བྲེས་པ་དང་། གཞན་ཡང་གཡུ་ཆེན་པོ་མདོག་ཤིན་ཏུ་བཟང་བ་གསལ་ཞིང་འོད་འབར་བ་ལུག་གི་མཆིན་པ་ཙམ་ནས། མཁལ་མ་ཙམ་རེ་ཆེ་ཆུང་གི་རིམ་པ་དང་། བྱི་རུ་ཡང་མདོག་བཟང་བ་ལུག་གི་མགོ་ཙམ་ནས་མིའི་ལག་མགོ་ཙམ་སོགས་དང་། གཟི་ནག་ཁྲ་གྲུ་གང་ཙམ་ནས་སྤར་འཆད་གང་ཡན་ཆད་དེ་རྣམས་ས་ལས་གཏེར་དུ་རྙེད་པའམ། བང་མཛོད་དམ།


KMC019_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོམ་བུ། གདན་ལ་བཀོད་པ་སོགས་དང་། རང་བཞིན་གྱི་རེ་རེ་དང་ཡ་ཟུང་དང་ཕྲེང་བ་ལྟར་རྒྱུས་པ་སོགས་རང་གིས་ཉར་ཚགས་བྱས་པ་དང་། མཐོང་བ་རྣམས་གསང་རྟགས་ཡིན་པས། གཞན་དང་མ་ནོར་མ་འདྲེས་པ་དགོས་སོ། །བདུད་ཀྱི་བླ་རྟགས་ནི། མི་ཁ་དོག་ནག་པོ་སོལ་བ་ལུས་ལ་བྱུག་པ་ལྟ་བུའི་གཅེར་བུའི་ཡང་ན་གོས་ནག་པོ་གོན་པ་ལག་ན་རེ་བའི་བ་དན་འཕྱར་བ་དང་། རྟ་ནག་པོ་རྔ་མ་རྔོག་མ་གཟེང་ཞིང་། རྣ་བ་ཤིན་ཏུ་རེང་བའི་ནང་དུ་དུད་པ་ལྟ་བུའི་རླངས་པ་སྔོ་ཕྱུ་རུ་རུ་འོང་བ་དང་། ཁྱི་ནག་པོ་ཁ་གདངས་ཤིང་མཆེ་བ་གཙིགས་ནས་ལྕེ་དམར་ལྷབ་ལྷབ་བྱེད་ནས་ང་རོ་འདོན་པ་དང་། བྱ་ནག་གཤོག་པ་ཤིན་ཏུ་རིང་ཞིང་། མཆུ་དང་སྡེར་མོ་སྔོན་པོ་ཤིན་ཏུ་རིང་ཞིང་རྣོ་བ། རྐན་སྒྲ་ཐག་ཐག་སྡེབ་ཅིང་འཕུར་འཇུམས་བྱེད་པ་དང་། དོམ་ནག་ཤིན་ཏུ་འཇིགས་པས་ཁ་གདངས་ནས་ང་རོ་ཆེན་པོ་བྱེད་ཅིང་རྔམས་པ་དང་།


KMC019_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་ནག་ར་ལ་མེ་འབར་བས་ངར་འཕྱོ་ཆེན་པོ་བྱེད་ཅིང་། རྔ་མ་རབ་ཏུ་འཚུབས་ནས་རྨིག་པས་ས་བརྐོ་བ་དང་། ཡང་མི་ནག་པོ་འཇིགས་སུ་རུང་བ་དར་ནག་གི་རལ་ཀ་གན་ནས་སྟག་ལྤགས་ཀྱི་ཆས་གོས་བྱས་ཤིང་། སྐྲ་གྱེན་དུ་གཟེང་བ། ཁ་ནས་དབུགས་མེ་ལྕེ་ལྟར་དམར་ལྷབ་ལྷབ་བྱེད་པ། ལག་ན་ཁྲམ་ཤིང་དང་། རྩིས་ཀྱི་བྱང་བུ་དང་། མདུང་ནག་པོ་རྩེ་གསུམ་པ་དང་། རྩིས་ཀྱི་རྡེའུ་དཀར་ནག་དང་། ཞགས་པ་ནག་པོ་ཐོགས་པ། མདའ་གཞུ་འགེང་ཞིང་རྐེད་དུ་ཐོགས་པ། རྟ་དང་གཡག་རྒོད་ལ་ཞོན་ཅིང་འཇིགས་ཚུལ་སྟོན་པ་དང་། ཡང་ལ་ལས་དོམ་གྱི་པགས་པས་སྟོད་གཡོག་བྱས་ཤིང་། སྟག་གི་པགས་པས་སྨད་དཀྲིས་པ་དང་། ལ་ལས་མིའི་གཡང་གཞི་གོས་སུ་གོན་པ། ལ་ལ་གཅེར་བུར་མིའི་རྒྱུ་མས་དོ་ཤལ་བྱས་ཤིང་། མགོ་རློན་སྐྲ་དང་བཅས་པ་ལག་ཏུ་ཐོགས་པ་ལ་སོགས་མི་འདྲ་བའི་རྣམ་འགྱུར་སྣ་ཚོགས་སྟོན་པ་རྣམས་ནི། འཇིགས་ཤིང་


KMC019_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ང་ལ་གདུག་པའི་མུན་པ་ནག་པོ་འཁྲིག་པའི་རང་བཞིན་ཅན་ལས། ཤ་ཁྲག་གི་གཟུགས་ཅན་མ་ཡིན་ལ། དུད་པ་ནག་པོའམ། སྤྲིན་ནག་གི་རྣམ་པ་ཇི་ལྟ་བ་བཞིན་ཡིན་ཅིང་། དེ་ཡང་མང་པོ་དང་རེ་རེ་དང་ཟུང་རེ་ཙམ་སྟོན་པའི་ངེས་པ་མེད་པ་དང་། གཞན་ཡང་གྲོང་ཁྱེར་ནག་པོ་གྲངས་ལས་འདས་པའི་གསེབ་ཏུ་རང་ཕྱིན་ནས་འཇིགས་ཤིང་སྐྲག་ནས་ཕྱིར་འོངས་ས་མ་རྙེད་པ་དང་། རི་ནག་པོ་ཤིན་ཏུ་མཐོ་བ་སྤྲིན་ལ་ཐུག་པ་རྒྱ་ཆེ་བའི་ངོས་སུ་ཕྱིན་ནས་སྟོད་སྨད་དང་། ཕན་ཚུན་གར་སོང་ཡང་ཟད་མི་ཐུབ་པ་སོགས་དེ་རྣམས་ནི་ནང་གི་བདུད་ལྷོངས་པའི་རྟགས་མཚན་ཁྱད་པར་ཅན་ཡིན་ནོ། །ཕྱི་རྟགས་ནི། མི་ནག་ཁྱི་ནག་བྱ་ནག་རྟ་ནག་གཡག་ནག་དོམ་ནག་སྐྱུང་ཀ་ནག་པོ་མཆུ་དང་སྡེར་མོ་དམར་པོ་ཅན་དང་། ཏོབ་ཏི་དང་། བྱ་རོག་དེ་རྣམས་ནི་ད་ལྟ་རང་རེའི་འདི་ན་ཡོད་པ་ཇི་ལྟ་བ་བཞིན་ཡིན་པས། དེ་རྣམས་ཀྱིས་རང་ལ་རྒོལ་ཚུལ་སྟོན་པ་


KMC019_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རང་གི་མདུན་རྒྱབ་ཏུ་འབྲང་བ་དང་། རང་དེ་དག་གི་ནང་དུ་ཕྱིན་པ་དང་། གཞན་ཡང་ཞྭ་ནག་གོས་ནག་གོན་ཅིང་ཉར་ཚགས་བྱས་པ་དང་། སྒྲ་ནག་དང་ཁང་སྟོང་ནག་ཧད་དེ་བའི་ནང་དུ་ཕྱིན་པ་དང་། ཆུ་བོ་ཆེན་པོའི་ཟམ་པ་ཕྲ་བ་ལ་རང་ཕྱིན་པས་ལྷུང་ལ་ཁད་པ་དང་། བྲག་ནག་འཁྲིགས་པ་དང་། རྫརི་ནག་པོ་གཡག་ཁྱུ་འདྲོགས་པ་འདྲ་བ་དང་། ཐང་ནག་ཆེན་པོ་ལ་ཕྱིན་པ་དང་། ལུང་པ་ནག་ཝང་ངེ་བའི་ནང་དུ་ཕྱིན་པ་དང་། དེ་རྣམས་ནི་ད་ལྟ་རང་ཁམ་འདི་འདྲ་བ་རྣམས་ཡིན་པ་ཡང་རྟག་པ་ཅན་ནི་མ་ཡིན་ལ། མི་རྟག་ཅིང་རེ་རེ་ཡང་མི་འདྲ་བ་མང་པོར་འགྱུར་བ་ཡིན་པས། མང་པོ་དང་རེ་རེ་དང་ཡ་ཟུང་ཙམ་དང་། གྲངས་ཀྱི་ཁྱད་པར་ལ་ཡང་མི་འདྲ་བ་དུ་མ་ཞིག་ཡོད་པས་ངེས་པར་འབྱེད་དགོས་སོ། །གསང་རྟགས་ནི་འོད་ནག་པོའི་ནང་དུ་རང་ཉིད་འཐུམ་པའམ། རང་གི་ཡན་ལག་བཅིངས་པའི་རྣམ་པ་དང་། འདོམ་པ་ལྔ་དྲུག་གི་བར་ལ་མཐོང་བ་དང་།


KMC019_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་ནག་པོའི་གླིང་དུ་ཕྱིན་ནས་འགྲོར་མ་མཐོང་བ་དང་། རླུང་ནག་འཚུབས་མའི་ནང་དུ་རང་ཉིད་གཡེང་ནས་སྔངས་པ་དང་། འཁྱག་ཅིང་གྲང་ཤུམ་ཆེན་པོས་ལུས་འདར་བ་དང་། སྤྲིན་ནག་དང་ན་བུན་ནག་པོ་གཡོ་ཞིང་ཕྱུར་བའི་ནང་དུ་འཐུམ་པ་དང་། སྤྲིན་དང་ན་བུན་བར་སྣང་ན་ཁོལ་བ་རང་གི་སྟེང་དུ་འོང་ལ་ཁད་སྙམ་ནས་ཡིད་མི་བདེ་བ་དང་། བདུད་ཀྱི་ཁྲམ་ཤིང་ཡིན་ཟེར་བའི་ཤེར་ཤིང་ལས་བྱས་པ་བཞིན་གྱི་ནག་ལྷང་ངེ་བ་བརྒྱད་བཞོག་གི་རྣམ་པ་ཅན་ལ་བུ་ག་མང་པོ་ཡོད་པ་རང་གི་ལུས་ཚད་གཉིས་ཙམ་གྱི་རིང་ཐུང་དང་ལྡན་པ་ཞིག་རང་གི་གཉའ་བར་འགེལ་དགོས་པ་དང་། ཡང་གྲུ་མོར་འཆང་དགོས་པ་ཡིད་མི་བདེ་བ་དང་། དོར་དུ་མི་ཕོད་སྙམ་པ་འོང་བ་སོགས་དེ་ཐམས་ཅད་ལ་ཁྲམ་ཐོགས་བདུད་ཀྱི་ཆོ་འཕྲུལ་ཟེར་བ་ཡིན་པས་མ་ནོར་བ་དགོས་སོ། །བཙན་ལྷོངས་པའི་རྟགས་ལའང་གསུམ་སྟེ། ཕྱི་རྟགས་ནི་མི་དམར་རྟ་


KMC019_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དམར་རྐྱ་མི་དམར་པོ་འཆམ་དང་རང་བཞིན་འགྲོ་འདུག་བྱེད་པ་དང་། རང་ལ་གནོད་པ་བྱེད་པ་དང་། རང་གིས་ཁོའི་རོག་ལྡན་བྱས་པ་སོགས་དང་། གཞན་ཡང་ཁྱི་དམར་པོར་རྔ་མ་དམར་པོས་བརྒྱན་པ་དང་། སྤྱང་ཀི། འཕར་བ། ཝ་དང་། སྦེ། དེ་རྣམས་ཀྱིས་རང་ལ་རྒོལ་བ་དང་། རང་ལ་འཁོར་བ་དང་། བྱ་ཕོ་ཚ་ལུ་དང་། འུག་པ། ཁུ་མུག་འུག་ཆུང་རྣམས་རང་གིས་ཉར་ཚགས་བྱས་པ་དང་། གོས་དམར་པོ་གསར་པ་དང་། དར་ཟབ་དམར་པོ་དང་། བཅོད་སྐྱེབས་ལ་སོགས་ཉར་ཚགས་བྱས་པ་དང་། གཞན་གྱིས་སྟེར་བ། རང་བཞིན་བདག་མེད་མང་པོ་མཐོང་བ་རྣམས་ནི་ཕྱིའི་ལྷོངས་རྟགས་སོ། །ནང་རྟགས་ནི་གཟུགས་དབྱིབས་མིའི་རྣམ་པ་ཇི་ལྟར་ཡིན་ཀྱང་། ཚ་རྔམས་ཆེན་པོའི་ཟིལ་གྱིས་འཇིགས་ཤིག་ཡ་ང་ཆེན་པོ་ཡོད་པ་དང་། མདའ་གཞུ་མདུང་དང་ཞགས་པ་དམར་པོ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་ཐོགས་ནས། དར་ཟབ་ཀྱི་གོས་ཁ་


KMC019_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དོག་སྣ་ཚོགས་པའམ། །རེས་འགའ་སྟག་ལ་སོགས་པའི་གཅན་གཟན་སྣ་ཚོགས་ཀྱི་གོས་སམ། ར་ལུག་གི་པགས་པའམ། འོལ་བུ་ཆུང་གི་སློག་པ་དང་། ཆུ་སྲིན་དང་འབྲུག་གི་བཟླས་པ་ལ་སོགས་གོས་ཀྱི་ཁྱད་པར་མི་འདྲ་བ་དུ་མ་ཞིག་གོན་པ་དང་། ཤ་བ་རུ་རྩེ་དམར་ཟིང་ངེ་བ་དང་། རྐྱང་དང་སྟག་དང་ཁ་ཤ་རྣམས་ལ་གོང་སྨད་སྦྲུལ་གྱིས་བྱས་ཤིང་། མིའི་པགས་པ་སྔ་ཤད་ཕྱི་ཤད་བྱས་ནས་ཞོན་པ་དང་། རྐང་རྐྱང་། རྐྱ་རྐང་འདྲེས་པའི་ཚོགས་དང་བཅས་པ་གློག་འོད་དམར་འཁྱུག་འཁྱུག་པའི་རྣམ་པ་ཅན་དང་། གཞན་ཡང་གྲོང་ཁྱེར་དམར་པོ་ཤིན་ཏུ་འཇིགས་ཤིང་ཡ་ང་བའི་ནང་དུ་ཕྱིན་པ་རྣམས་ནི་ནང་གི་ལྷོངས་རྟགས་སོ། །གསང་རྟགས་ནི་ཆུ་དམར་ཆེན་པོས་རི་ཀླུང་ཐམས་ཅད་དམར་གཏིང་ངེར་གང་ནས་ཡོད་པ་ལ། རླུང་དམར་འཁྲིག་པ་དང་། སྤྲིན་དམར་པོ་རླུང་གིས་གཡོ་བ་དང་། འོད་ཟེར་དམར་པོ་གློག་ཞགས་ལྟར་ནམ་མཁར་འགྱུ་


KMC019_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། འོད་དམར་འཚུབ་པས་རི་ཀླུང་ཐམས་ཅད་གང་ནས་འུར་སྒྲ་ཆེན་པོ་གཡོ་བ་དང་། བྲག་དམར་ཆེན་པོ་འབར་བའི་རྣམ་པ་ཅན་ཟིང་ངེར་ཡོད་པ་དང་། གོའུ་དམར་ཟིང་ངེ་བ་མང་པོ་འཁྲིགས་པ་དང་། རི་དམར་ཟིང་ངེ་བ་དང་། རྫ་དམར་ཁྲོབས་སེ་བ་དང་། ས་རལ་དམར་ལྷག་གེ་བ་དང་། མཚོ་དམར་གཏིང་ངེ་བ་དང་། མདའ་མཚལ་མ་མང་པོ་སོགས་དེ་རྣམས་རང་རང་ལ་འོད་དང་འཇིགས་པའི་ཟིལ་ཆེན་པོ་ཡོད་པའི་རྩར་རང་ཕྱིན་པ་དང་། ནང་དུ་བྱིང་བ། རྒྱང་ནས་མཐོང་བ་དང་། དེ་རྣམས་ལ་སེམས་ཆགས་པ་དང་། མཐོང་ནས་སྐྲག་པ་རྣམས་ནི་གསང་བའི་ལྷོངས་རྟགས་སོ། །ཡང་འོག་གདོན་ལའང་ནང་དང་ཕྱི་དང་གསང་བ་གསུམ་ལས། དང་པོ་ནི་སྡོམ་སྡིག་ནག་པོ་དང་། གྲོག་མ། སྦུར་པ། སྲམ། ཉ་ཁྱི་མོ་འདྲ་བ་རྣམས་ཆར་དུ་བབས་པས་ས་ཁྱོན་གང་བ་དང་། རང་གི་ལུས་ལ་འབྱར་བའོ། །དེ་རྣམས་ཀྱི་ཚད་ནི་ཁྱིའུ་མིག་འབྱེད་མ་ཐག་


KMC019_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཤིན་ཏུ་གྲང་ལ་གཤེར་བའི་རྣམ་པ་ཅན་ཡིན་པས། མཐོང་བ་ཙམ་གྱི་རབ་ཏུ་འཇིགས་ཤིང་ཡིད་མི་བདེ་བ་དང་། ཡང་སྦལ་སྡིག་ཉ་ལྕོང་པིར་ཆེན་ཆུ་སྲིན་གཙང་ཕག་རྣམས་གླང་ཤད་ཀྱི་ཚད་ཙམ་གྱིས་ཁ་གདངས་ནས་ཟ་ཚུལ་བསྟན་པ་དང་། སྐམ་གཤེར་གང་དུ་ཡང་འདུས་ནས་ཀུ་ཤར་བྱེད་ཅིང་འཛིང་མོ་བྱེད་པ་དང་། རེ་རེ་དང་ཟུང་རེའི་ལུས་ལ་ན་བུན་འཐུལ་ཞིང་ཟིལ་པ་ཆགས་པ་དང་། དེ་དག་མཐོང་བ་ཙམ་གྱིས་སེམས་འཁྲུག་ཅིང་། ཡིད་རྨུག་ལ་ཤ་སྦྲིད་པ་འོང་བ་དང་། ཡང་སྦྲུལ་ནག་པོ་དམར་པོ་སེར་པོ་ལྗང་གུ་ཁྲ་བོ་དཀར་པོ་དམར་ཁྲ་སེར་ཁྲ་སྔོ་ཁྲ་རྣམས་ཤིང་ཆེན་པོའི་ལོ་འདབ་རྒྱས་པ་བཞིན་ལ། རིང་ཐུང་གི་ཚད་ནི་གཞུ་འདོམ་ལྔ་བཅུ་ཙམ་རེ་ཡོད་པ་དང་། དེ་རྣམས་ཀྱི་མཁར་བརྩེགས་པ་དང་། ཆུ་དང་སྐམ་གང་ཡིན་ལ་གནས་ཏེ་ཕྱོགས་གཅིག་ཏུ་གཤིབས་པ་དང་། རིང་ཉལ་ཉིལ་དུ་ཡོད་པའི་ལུས་ལ་དུག་རླངས་ཕལ་ལེ་ཁོལ་


KMC019_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། ཟེ་བ་ཆེན་པོ་ཡོད་པ་ལ་མེ་འབར་བའི་རྣམ་པ་དང་། ཁ་དང་མིག་ནས་ནད་སྣ་ཚོགས་ཕྱུར་ཅིང་ཟིལ་པ་ལྟར་སི་ལི་ལི་གཞུ་འདོམ་བརྒྱའི་བར་ནས་འོང་བས། དེ་དག་མཐོང་བ་ཙམ་གྱིས་ཡ་ང་བ་དང་། བ་སྤུ་ཟིང་ཞིང་དབང་པོ་སུབ་ནས་ལུས་ལྕི་ཏིང་ངེར་འགྲོ་བ་ཁོའི་གྲིབ་ཡིན། ཡང་བུ་ཆུང་ལོ་བརྒྱད་པའི་ན་ཚོད་ཙམ་གྱི་ནུ་མ་མན་ཆད་སྦྲུལ་དུ་ཡོད་པའི་སྤྱི་བོར་སྦྲུལ་མགོའི་གདེང་ཀ་མང་པོ་འབར་བ་ལ་ནད་སྔོ་དམར་ཕྱུར་བ། སྦྲུལ་འཇུག་ལས་དུག་རླངས་དང་ན་བུན་ཁོལ་བ། ལུས་སྟེང་ལ་ཡང་སྤྱི་བུན་འཐུལ་བ་རྣམས་ཆུ་མཚོ་ཆེན་པོ་མིག་གི་མི་ནོན་པའི་ནང་དུ་རེས་ལུས་སྟོད་བུད་ཅིང་། རེས་སྦྲུལ་མཇུག་དང་བཅས་པ་ཆུའི་སྟེང་དུ་ཐོན་ནས་ཡོད་པ་ལ་སོགས་སྣ་ཚོགས་མཐོང་བ་ནི་ནང་རྟགས་སོ། །གཉིས་པ་ནི་སྡོམ་སྡིག་གྲོག་སྦུར་ཉ་ཁྱི་མོ་སྦལ་སྦྲུལ་ཉ་ལྕོང་རྣམས་ད་ལྟ་དངོས་སུ་ཡོད་པ་བཞིན་དུ་རྨིས་པ་དང་། གཞན་ཡང་མཛོ་དང་། བ་ལང་གི་ཚོགས་


KMC019_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་འདུས་པ་དང་། དེ་དག་ཀྱང་རེ་རེ་དང་ཟུང་རེ་དང་། ཁྱད་པར་དུ་མཛོ་ཁམ་པ་དང་། གླང་སྟག་རིས་དང་། དེ་རྣམས་ཀྱིས་རང་ལ་བརྡུང་ཚུལ་སྟོན་པ་དང་། དེ་རྣམས་རང་ལ་འདུ་བ་དང་། རང་གིས་ཉར་ཚགས་བྱེད་གོས་བྱུང་བ་དང་། དམེ་མཛེ་ལོང་གསུམ་ལ་སོགས་སྤྲང་པོ་མང་པོས་རང་ལ་སློང་བ་དང་། ཉལ་ཉིལ་མང་པོའི་ནང་དུ་རང་ཕྱིན་པ་དང་། སྒར་འདེབས་པ་དང་། ལམ་དུ་འགྲོ་བ་དང་། རུ་སྒང་མང་པོ་འདེབས་པ་དང་། སྒྱེལ་བུ་འདུག་པ་དང་། ཁལ་འགལ་བ་དང་། ཁལ་ཕོག་ཅིང་ལོངས་སྤྱོད་བྱེད་པ་དང་། དེ་རྣམས་རང་དང་མ་དུམ་ཞིང་རྩོད་པ་དང་། རང་དེའི་ནང་དུ་ཕྱིན་པ་དང་། རང་གིས་ཉར་ཚགས་རོག་ལྡན་བྱས་པ་དང་། མི་ནོར་ཁྱི་རྟ་ལུག་གསུམ་གང་ཡང་མེད་པའི་སྦྲ་སྟོང་པ་དང་། ཟིལ་པ་ཆགས་པའི་རུ་སྒར་དང་། སྦྲ་རེ་རེ་དང་ཟུང་རེ་དང་སྦྲ་སྟོང་ལ་ཟིལ་པ་མེད་པ་སོགས་ནི་ཕྱི་རྟགས་སོ། །གསུམ་པ་ནི་མཚོ་


KMC019_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཁ་དོག་སྣ་ཚོགས་པ་རླངས་པ་ཅུང་ཟད་འབྱུང་བ་དང་། རྫིང་ཞེས་པ་ལྗོན་ཤིང་སོགས་རྭ་བས་བསྐོར་བ་ལ་སོགས་སྣ་ཚོགས་མེ་རེ་རེ་འགུལ་བ་དང་། ཆུ་མིག་མང་པོ་ཁ་དོག་སྣ་ཚོགས་པའི་མགོ་འཕྲད་པ་དང་། རྟིང་འཕྲད་ནས་འཁྱིལ་བ་དང་བསྣོལ་ནས་ཆལ་ཆིལ་ཡོད་པ་དང་། ཆུ་ཀླུང་ཆེན་པོ་ཁ་དོག་སྣ་ཚོགས་པ་ཆལ་ཆིལ་དུ་འཁྱིལ་བ་དང་། དུམ་བུ་དུམ་བུར་བསྐོར་བ་དང་། མཚོ་ལྟར་མེ་རེ་རེ་བྱེད་པ་རྣམས་ལ་ཆུ་ཞེང་མིག་རྒྱང་ཙམ་རེ་ཡོད་པ་ལ་འོད་འབར་ཞིང་། རླངས་པ་འཇའ་ཚོན་ལྟར་འཁྲིག་པའི་ནང་དུ་རང་ཕྱིན་ནས་ཆུ་ལ་བྱིང་བ་དང་། རེས་ན་བུན་དང་འོད་དུ་འཐིབ་པ་དང་། རེས་བར་བར་དུ་ཕྱིན་ནས་ཕྱིར་བུད་ས་མ་རྙེད་པ་དང་། རེས་རྒྱང་དུ་མཐོང་སྟེ་དེ་ལ་ཡིད་ཆགས་པའི། མི་བདེ་བ་དང་དབང་པོ་མྱོས་པ་དང་། ཡང་རང་བཞིན་གྱི་ན་བུན་སྤྲིན་དང་། རླངས་པ་རྣམས་ཁ་དོག་སྣ་ཚོགས་གཏིབས་པ་ལས་ཟིལ་པ་བབས་པས་སའི་ཁྱོན་ཐམས་


KMC019_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཤེར་ནས་ཟིལ་པ་ཕྲོམ་མེ་པའི་ནང་དུ་རང་ཕྱིན་ནས་གཤེར་བ་དང་། ན་བུན་གྱིས་གཡོག་ནས་གར་ཡང་འགྲོ་ས་མ་མཐོང་བ་དང་། ཡང་འོད་ཁ་དོག་སྣ་ཚོགས་པས་རང་གི་ཡན་ལག་བཅིངས་ནས་འགྲོ་མི་ཤེས་པ་དང་། ཡང་འཚུབས་མ་ལྟ་བུའི་འོད་ཁ་དོག་སྣ་ཚོགས་པ་སྨིག་རྒྱུ་ལྟར་མེ་རེ་རེ་བྱེད་པའི་ས་གཞི་ཐམས་ཅད་གང་བའི་ནང་དུ་རང་ཉིད་བྱིང་བ་སོགས་ནི་གསང་བའི་ལྷོངས་རྟགས་སོ། །ཡང་མཚོ་ལ་སོགས་པའི་ཆུ་རྣམས་དང་། ན་བུན་སྤྲིན་རླངས་རྣམས་ཁ་དོག་དང་རླངས་པ་མེད་པ་ད་ལྟའི་རང་ག་མ་འདི་ལྟ་བུ་ཡིན་ན་ནི་ཕྱི་རྟགས་ལས་གསང་རྟགས་མ་ཡིན་ནོ། །དེ་ནས་ལྷ་གདོན་གྱི་མཚན་མ་གཅིག་ཏུ་དྲིལ་བ་ན། མི་དཀར་པོ་དུང་ཕྱིས་པ་ལྟ་བུ་སྨིན་མ་སྔོན་པོ་སྐྲ་དཀར་པོ་སྤྱི་བོར་ཐོར་ཚུགས་ས་བཅིངས་པ། དར་དཀར་པོ་དམར་པོ་སྡོམ་པ་སེར་པོ་ལྗང་གུ་ལེ་བརྒན་ཀ་རི་ཀའི་ཁ་དོག་འདྲ་བའམ། ཁ་དོག་སྣ་ཚོགས་པ་རེ་རེའམ།


KMC019_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཐམས་ཅད་ཀྱིས་སྟོད་གཡོག་གམ། སྨད་དཀྲིས་སམ། ཐམས་ཅད་ལྷུབ་པའི་རྣམ་པ་གོན་པ། ལག་ན་འཕྲུལ་གྱི་ཕྱགས་ཤིང་དང་། དུང་དང་གླིང་བུ་ལ་སོགས་པའི་ལྷ་ཆ་སྐད་མེད་པ་བསྣམས་པའམ། ཡང་ན་གཡབ་དར་དཀར་པོ་དང་མེ་ལོང་དང་དུང་གི་ཕྲེང་བ་བསྣམས་ནས་ས་ལ་མ་རེག་ཙམ་དུ་འགྲོ་བ། དེ་ཡང་མང་པོ་དང་རེ་རེ་དང་ཟུང་རེ་ཙམ་རང་གི་མཐོང་ནས་དགའ་བ་དང་། སེམས་གཡེང་ནས་ཁོའི་རྗེས་སུ་འགྲོ་འདོད་པ་དང་། རང་གི་ཡི་དམ་གྱི་ལྷ་ཡིན་ནོ་སྙམ་ནས་དད་པ་སྐྱེས་པ་དང་། རང་གི་ལུས་ནམ་ཁང་གཡེང་བ་རྣམས་འབྱུང་། ཡང་ལྷ་གཡག་དཀར་པོ་ལས་འོད་དཀར་པོ་འཕྲོས་ནས་རྔ་མ་འཚུབ་ཅིང་རྭ་འདེབས་པ་དང་། རྟ་དཀར་པོ་རྔོག་མ་དང་རྔ་མ་སྔོན་པོ་གཟེང་བ་མང་པོའམ། རེ་རེ་བར་སྣང་ལ་འོང་བ་དང་། ཡང་སྤྲིན་དཀར་པོ་ཤིན་ཏུ་གསལ་ལ་དལ་བ་ཁྲབ་ཅན་ལྟར་མང་པོ་ནམ་མཁར་ཡོད་པ་དང་། འོད་དཀར་པོ་ཨ་ལུང་བཞིན་


KMC019_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ནམ་མཁར་ཡོད་པ་དང་། རི་བོའི་རྩེར་བྲག་དཀར་མདུང་གི་རྩེ་ལྟར་ངང་ཟེ་རེ་ཡོད་པ་དང་ས་ཡངས་པ་ཅན་དུ་གུར་དཀར་པོ་གཅིག་གམ། མང་པོའམ། དཀར་དམར་ཁ་དོག་སྣ་ཚོགས་མང་པོ་འཁྲིགས་པ་དང་། བྱ་དཀར་པོ་ཁྲུང་ཁྲུང་འདྲ་བ་ཆེན་པོ་ཐོར་ཚུགས་ཅན་མང་པོ་གཤིབས་པ་དང་། རེ་ཟུང་འཕུར་ལྡིང་བྱེད་པ་དང་། ནམ་མཁའ་ནས་ལུག་མང་པོ་ས་ལ་བབས་ནས་དཀར་ལེབ་ལེབ་བ་དང་། བྱ་རྒོད་ཐང་དཀར་རྣམས་བྲག་དཀར་ལ་བརྩེགས་པ་དང་། ཐང་དང་རི་ལ་བབས་པ་དང་། ནམ་མཁར་ལྡིང་བ་སོགས་མང་པོ་དང་། རེ་ཟུང་ཙམ་གང་ལ་ཡང་རང་ཡིད་ཆགས་པ་དང་། དེ་རྣམས་རང་གིས་ཉར་ཚགས་བྱས་པ་དང་། རེས་འགའ་རང་དང་མཁོན་པ་དང་། རེས་འགའ་དེ་རྣམས་རང་ལ་ཚུར་འདུད་པ་སོགས་ནི་ལྷའི་གདོན་གྱི་ཆོ་འཕྲུལ་ཡིན་ནོ། །ཡང་སྟེང་གདོན་ར་ཧུ་ལའི་ཆོ་འཕྲུལ་ནི་སྦལ་བའི་ལུས་ལ་མིའི་མགོ་བོ་ཅན་མཇུག་མ་


KMC019_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་དུ་ཡོད་པ། དེ་ཡང་མགོ་བོ་གཅིག་ལ་ཁ་མིག་དགུ་ཡོད་པ། སྐྲ་ནི་ཁ་མིག་རྣམས་ཀྱི་བར་བར་དུ་སྦྲུལ་བདུན་བདུན་གཅུས་པའི་ཆུན་པོ་ཕྲག་པར་སླེབ་པ་དང་། རྣ་བ་ནི་ཁ་མིག་དགུ་ལ་རེ་རེ་སྟེ། ཅེ་སྤྱང་གི་རྣ་བ་དང་མཚུངས་པའི་རྣ་བ་དགུ་པ་དང་། གདོང་དགུ་ལ་ཡང་མིག་རེ་རེ་སྟེ་མིག་དགུ་དང་། ཡན་ལག་གི་ལྷུ་རེ་ལ་ཡང་མིག་རེ་རེ་དང་། ཁོག་པའི་གནད་མིག་རྣམས་སུ་ཡང་མིག་རེ་རེ་དང་། སེན་མོ་རྣམས་ནི་བྱ་ཆེན་པོའི་སེན་མོ་དང་འདྲའོ། །སྤྱི་བོ་ལ་བྱ་ཆེན་གཤོག་རིང་གི་མགོ་ནག་པོ་གནམ་ལྕགས་ཀྱི་མཆུ་ཅན་ཁ་ནས་གློག་དམར་འཁྱུག་འཁྱུག་བྱེད་ཅིང་། མིག་ནས་མེ་སྟག་མགར་བའི་ཚྭ་ཚྭ་ལྟར་དམར་ཕུང་ཕུང་དུ་འཕྲོ་བ། ལུས་ཐམས་ཅད་རྒྱ་ཤུག་གི་དུད་བའི་མདོག་ལྟར་གསལ་ཞིང་སྒྲིབ་མེད་ཕྱི་ནང་ཟང་ཐལ་དུ་གསལ་བ་ལས་ཚྭ་ཚྭ་འཕྲོ་ཞིང་། སྤྱི་བུན་ལྟར་རླངས་པ་ལ་ལ་ལ་བྱེད་ཅིང་རླུང་གིས་གཡོ་བ་དང་། ལག་ན་གློག་གི་ཞགས་པ་དང་།


KMC019_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལྕགས་ཀྱི་ཐོང་ཤོལ་ལམ། ཡང་ན་མཐའ་གྲུ་གསུམ་པ་དང་། ནང་སྣ་ཚོགས་ཀྱི་རྐྱལ་པའམ། ཡང་ན་ཆུ་སྲིན་གྱི་ཞགས་པ་མེ་རབ་ཏུ་འབར་བ་དང་། དྲེགས་པ་གཅོད་པའི་གནམ་ལྕགས་ཀྱི་མདའ་གཞུའམ། ཡང་ན་ཁྲོ་ཆུ་ཁོལ་མའི་ཕུར་བ་ཟུར་གསུམ་པ་དང་། འོད་ཀྱི་ཞགས་པ་དམར་ནག་ཚྭ་ཚྭ་ཁོལ་མ་བསྣམས་ནས། འབྲུག་ཐོག་སྔོན་པོ་གཉའ་བར་འཇོག་ནས་འཇིགས་པའི་ཚུལ་དུ་འདུག་གམ། གདུག་བའི་རླུང་ནག་ལ་གནས་སམ། སྤྲིན་ཁམ་ནག་ལ་བརྟེན་ནམ། གློག་གམ་འོད་ཀྱི་འཁོར་ལོའི་རྟ་ཞོན་ནས་འཇིག་རྟེན་པ་ཐམས་ཅད་ལ་གནོད་པ་སྐྱེལ་བའི་སྤྲུལ་པ་གྲངས་ལས་འདས་པ་འགྱེད་བ་དང་། རེས་འགའ་ཅེ་སྤྱང་གི་གཟུགས་འདྲ་བ་ལས། ཁ་ནས་དབུགས་ཀྱི་རྣམ་པ་ཁྲོ་ཆུ་ཁོལ་མ་སྤྲིན་ནག་ལྟར་ཕྱུར་རུ་རུ་འབྱུང་བས། མགོའི་སྐེ་འཇིང་དང་བཅས་པ་གཡོག་ཅིང་མི་མངོན་པར་གྱུར་པ་དང་། མཇུག་མ་ཆུ་སྲིན་གྱི་རྐན་ལྟར་


KMC019_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་མའི་རང་བཞིན་ཅན་ལ་ཚྭ་ཚྭ་འཕྲོ་བའི་མེ་དཔུང་རབ་ཏུ་དམར་ལ་གསལ་ཞིང་ཚ་རེག་ཤིན་ཏུ་ཆེ་བའི་རྣམ་པ་ཅན་དྲག་ཏུ་གཡོ་བའི་འུར་སྒྲ་དང་བཅས་ཏེ་འབར་བའི་མེ་ལྕེས་སྤྱི་མིག་མན་ཆད་ཁེབས་པ། ལུས་ནི་དུད་པ་ལྟར་སྔར་བཞིན་གསལ་བ་རླུང་གིས་གཡོས་པ་ན་བུན་གདུག་པ་ཅན་ཁོལ་བ་ཅན་ནམ། རེས་འགའ་མིའི་གཟུགས་ལ་འོད་རབ་ཏུ་འབར་ཞིང་། དབང་པོའི་སྒོ་རྣམས་དང་། བ་སྤུའི་བུ་ག་ཐམས་ཅད་ནས་འོད་སྔོ་དམར་སོགས་ཁ་དོག་མི་འདྲ་བ་མདའི་ཤུགས་ལྟར་ཤར་ཤར་རབ་ཏུ་མང་པོ་འཕྲོ་བ་དང་། རེས་འགའ་བན་དྷེ་བོན་པོ་སྔགས་པ་སྐྱེ་བོ་བུད་མེད་བཙུན་མ་བུ་ཆུང་དང་། གཞན་ཡང་གཟུགས་གང་ཡིན་པའི་རྣམ་པ་སྣ་ཚོས་པའི་ལུས་ལ་འོད་ཁ་དོག་མང་པོ་འཕྲོ་བ་དང་། མེ་ལྕེ་འུར་འུར་འབར་བ་དང་། མེ་སྟག་གི་ཚྭ་ཚྭ་འཕྲོ་བ། ན་བུན་ཅུང་ཟད་འཐུལ་ཞིང་རླུང་གིས་གཡོ་བ། ལུས་ཕྱི་ནང་སྒྲིབ་མེད་ཤིན་ཏུ་གསལ་བ་དང་། རང་གི་


KMC019_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་ཡང་ཚྭ་ཚྭ་དང་། རང་བཞིན་དུ་ཚ་ལམ་ལམ་བྱེད་བ་དང་། འདར་བ་དང་། ལྕེ་སྐམ་ནས་གཏམ་མི་ཤེས་པ་དང་། ཡིད་མི་བདེ་ཟིང་ཟིང་འོང་བ་དང་། དབང་པོ་མེད་པར་ནག་ཐོམ་ཐོམ་བྱེད་བ་དང་། ཡན་ལག་རེངས་པ་དང་། འཁུམ་པ་དང་། པགས་པ་སྲ་ཐག་ཐག་ཏུ་བསྡུས་བ་དང་། ཀླད་དཀྱིལ་དུ་ཚ་ངམ་ངམ་བྱེད་པ་དང་། ལུས་རང་བཞིན་ཚ་སྦྲིད་ཆིལ་ཆིལ་བྱེད་པ་དང་། ལུས་ཁོལ་ཞིང་མེ་དཔུང་རྒྱབ་པ་ལྟར་ཚ་ལོང་ལོང་བྱེད་པ་དང་། ཚ་འཁྱུགས་གྲོག་མ་རྒྱུག་པ་ལྟར་བྱེད་པ་དང་། ཁོང་པའི་ནང་དུ་མེ་འབར་བ་ལྟར་ཚ་འུར་འུར་བྱེད་པ་རྣམས་ནི་དྲང་སྲོང་གི་ལྟས་ཡིན། གཞན་ཡང་ནམ་མཁའ་མེས་གང་བ་དང་། ནམ་མཁའ་ནས་འོད་ཁ་དོག་མི་འདྲ་བ་མང་པོ་མདའ་ཙམ་ཆར་བཞིན་དུ་བབས་པ་དང་། འོད་ཕུབ་ཙམ་མང་པོ་འཁོར་བ་དང་། མེ་སྟག་སྐར་མ་ཙམ་པའམ། དེ་ལས་ཞིབ་པ་རླུང་གིས་སྤྱོད་ཅིང་ཁྲ་ཚུབ་ཚུབ་བྱེད་པ་དང་།


KMC019_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་འཕྲོ་བ་དང་། ཉི་མའི་ཟེར་གྱིས་རང་གཡོག་པ་དང་། ཟླ་བ་སྐར་མ་ས་ལ་ལྷུང་བ་དང་། བར་སྣང་དུ་ཆལ་ཆོལ་བྱེད་པ་དང། རི་ཀླུང་ས་གཞི་ཁང་ཁྱིམ་གང་དུ་ཡིན་ཀྱང་དྲོད་དང་ཚད་པ་ཆེན་པོ་འཕྱོ་ནས་རང་འདུག་མི་བཟོད་པ་དང་། ཆུ་བོ་གང་དུ་སྣང་ཡང་ཁོལ་ཞིང་ཕྱུར་ནས་ཆུའི་རླངས་པ་མེའི་རང་བཞིན་ནམ་མཁར་མཆེད་ཅིང་གཡོ་བས་རང་ཡང་ཚིག་ལ་ཁད་སྙམ་པ་སོགས་དེ་རྣམས་རབ་རིབ་མ་ཡིན་པའི་རྨི་ལམ་དུ་གསལ་པོར་བྱུང་བ་རྣམས་ནི་དྲང་སྲོང་གཟའི་ཆོ་འཕྲུལ་ཡིན་ནོ། །གཤིན་རྗེ་ལའང་ཕྱི་ནང་གསང་གསུམ་སྟེ། དང་པོ་ནི་མི་རོ་བསྲེག་པ་དང་། བརྩེགས་པ་དང་། ཁལ་མ་མང་པོ་འགེལ་ནས་དེད་པ་དང་། གཅལ་དུ་བཀྲམ་བའི་གསར་རྙིང་དང་། རྟ་རོ་མང་པོ་བརྩེགས་པ་དང་། གཅལ་དུ་བཀྲམ་པ་དང་། བཤའ་གཏུབ་བྱེད་པ་དང་། གཅན་ཟན་མང་པོས་ཟ་བ་དང་། ཀེང་རུས་མང་པོ་འཐེར་བ་དང་། འབྲེལ་མ་དང་། ཡན་ལག་


KMC019_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

འཐོར་བ་དང་། ས་གཞི་ཐམས་ཅད་མི་ལྤགས་རྟ་ལྤགས་ཀྱིས་གང་བ་དང་། མགོ་བོ་གསར་རྙིང་མང་པོས་གང་བ་དང་། བྲག་རི་དང་། རྫ་རི་དང་། རི་བོ་སྨུག་ལྗང་ངོམ་ཆེན་པོ་རྣམས་སུ་ཕྱིན་ནས་བྱེད་ཅིང་འཇིགས་ཞུམ་ཞུམ་བྱེད་དེ་ཡ་ང་ཆེན་པོ་སྐྱེས་པ་ལ་སོགས་ནི་ཕྱི་རྟགས་སོ། །གཉིས་པ་ནི་མིའི་ལུས་ཁ་དོག་སྣ་ཚོགས་པའམ། དཀར་པོ་དམར་པོ་སེར་པོ་ནག་པོ་སྨུག་པོ་སྔོན་པོ་ལྗང་གུ་རྣམས་ཀྱི་ལུས་ཚད་མི་ཙམ་པའམ། དེ་ཉིས་འགྱུར་སུ་མ་འགྱུར་དང་བཞི་འགྱུར་གྱི་ཆེ་བ་རྣམས་སྟག་གཟིག་དོམ་དྲེད་སེང་གེ་གླང་ལ་སོགས་དུད་འགྲོའི་མགོ་བརྙན་ཅན་འཇིགས་སུ་རུང་བ་རྣམས་ཀྱིས་ལག་ན་མཚོན་ཆ་སྣ་ཚོགས་པ་ཐོགས་ནས་འཇིགས་པའི་སྒྲ་ཆེན་པོ་སྒྲོགས་པ། མཆེ་བ་གཙིགས་ཤིང་རྐན་སྒྲ་རྡབ་སྟེ་གློ་སྙིང་གསར་པ་ཟ་བ། ལུས་ལ་མི་ལྤགས་རྟ་ལྤགས་སམ། གཅན་གཟན་པགས་པ་རློན་པས་སྟོད་སྨད་རེ་རེ་དཀྲིས་པ། ཡང་ས་གཞི་ཐམས་


KMC019_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལྕགས་ཞུན་བྱས་པའི་སྟེང་དུ་ལྕགས་མཁར་གྲུ་གསུམ་པ་རང་རེའི་ཁང་པ་ཙམ་དང་། རྒྱ་དང་དཔང་ལ་མིག་རྒྱང་གང་ཙམ་ཡོད་པའི་གྲོང་ཁྱེར་ཆེན་པོ་འཁྲིགས་པའམ། རེ་རེ་དང་ཟུང་རེ་ཙམ་ཡོད་སར་རང་ཕྱིན་པས་འཇིགས་ཤིང་བྲེད་དེ་བ་སྤུ་ཟེང་བ་དང་། མཐོང་བ་ཙམ་གྱིས་སྐྲག་པ་སོགས་ནི་ནང་རྟགས་སོ། །གསུམ་པ་ནི་ལྕགས་ལས་གྲུབ་པའི་སྟག་གཟིག་དང་། དོམ་དྲེད་ལ་སོགས་གཅན་གཟན་འཇིགས་པའི་ཚོགས་ཀྱིས་ང་རོ་ཆེན་པོ་འབྱིན་ཅིང་མི་རོ་རྟ་རོ་རྣམས་ཟ་ཞིང་རྩོད་པ། ཁྲ་གླག་ལ་སོགས་པའི་བྱ་གཅན་གཟན་ཆེན་པོ་ལྕགས་ལས་གྲུབ་པ་རྣམས་ཀྱིས་གཤོག་པ་བརྡེབས་ཤིང་། འཕུར་འཇུམ་བྱེད་ནས་ཤ་ལ་རོལ་བ། ཆུ་གླང་དང་མ་ཧེའི་རྭ་དང་རྨིག་པ་ལྕགས་ལས་བྱས་པ་རྣམས་ཀྱིས་འཇིགས་པའི་ངུར་སྒྲ་འབྱིན་པ་དང་། དགྲ་སྟྭ་རལ་གྲི་དབྱུག་ཏོ་གསལ་ཤིང་ཤང་ལང་མདུང་ལྕགས་ཀྱུ་འཁོར་ལོ་ལ་སོགས་པའི་མཚོན་ཆ་རྣམས་ལས་མེ་


KMC019_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང་ཚྭ་ཚྭ་རབ་ཏུ་འཕྲོ་བ་རྣམས་བར་སྣང་ལ་གློག་ལྟར་འཁྱུགས་པ་དང་། ས་ལ་གཅལ་དུ་བཀྲམ་པ་དང་། རང་བཞིན་གཤིབས་ནས་ཡོད་པ་སོགས་གསང་རྟགས་སོ། །གཞན་ཡང་སོ་སོའི་མཚན་རྟགས་ཞང་བློན་དང་། སྔགས་པ་བཙུན་ཆས་བཟང་བ། ཚོང་དཔོན་ཆས་བཟང་བ། མི་མང་པོ་ཧོར་ནག་གི་ཆས་ལ་ཞུགས་ནས་ཁལ་རྟ་ཁ་དོག་མི་གཅིག་པ་མང་པོར་འགེལ་ནས་འགྲོ་འདུག་བྱེད་པ། ཚོང་པ་མང་པོས་བསེའི་གོ་ལག་ཁ་དོག་མི་འདྲ་བ་མང་པོ་ཐོགས་ནས་གླང་པོ་དང་མཛོ་དྲེལ་རྣམས་ལ་ཁལ་འགེལ་ཞིང་དོས་མང་པོ་སྐྱེལ་འདྲེན་བྱེད་པ་དང་། སྔགས་པ་ཆས་ཤིན་ཏུ་བཟང་བ་མང་པོས་གཏོར་མཆོད་དང་ལྷ་ཆ་མང་པོ་ལེགས་པར་བཤམས་ཤིང་རྔ་བརྡུང་ཁྲིག་ཁྲིགས་བྱེད་པ་དང་། མི་དཔོན་གྱི་བློན་པོ་ཡིན་ཟེར་བའི་མི་སྐྱ་ཆས་བཟང་མང་པོས་དངོས་པོ་མང་པོ་ཉར་ཚགས་བྱེད་ཅིང་བང་མཛོད་དུ་བརྩེགས་པ་རྣམས་དཔོན་


KMC019_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མང་པོས་བསྲུང་བར་བྱེད་པ་དང་། ཡང་སྐྱེས་བུ་ཤིན་ཏུ་སྦོམ་ལ་ལྷུ་ཐུང་ཞིང་། གསུས་ཁྱིམ་ཆེ་ལ་བྱིན་ཆེ་བ་རྣམས་གསེར་དངུལ་ལ་སོགས་རིན་པོ་ཆེ་སྣ་ཚོགས་པའི་ཁྲི་དུ་མའི་སྟེང་དུ་འདུག་པ་དང་། ལ་ལ་ནི་ཉི་ཟླ་འཇའ་ཚོན་དང་འོད་ཀྱི་གདན་ལ་འདུག་པ་དང་། ལྗོན་ཤིང་ལ་རྒྱབ་བརྟེན་པ་དང་། བྲག་རི་ཁ་དོག་མི་འདྲ་བ་མང་པོ་ལ་རྒྱབ་གཏད་པ་དང་། མེ་ཏོག་གི་སྡོང་པོའི་ཚལ་ན་འདུག་པ་དང་། ཁང་བརྩེགས་ཤིན་ཏུ་བཟང་བའི་ནང་དུ་འདུག་པ་དང་། སྤྲིན་གྱི་ནང་དུ་འདུག་པ་དང་། དེ་དག་ལ་རང་ཡིད་ཆགས་པ་དང་། དེ་རྣམས་ལ་རོག་ལྡན་བྱེད་འདོད་པ་དང་ཡང་དེ་དག་རང་ལ་ཚུར་འདུད་པ་དང་། དེ་རྣམས་ཀྱི་མགོ་འཛིན་རང་གི་བྱས་པ་དང་། རེས་འགའ་འཕར་ལ་གཡོག་བྱས་པ་དང་། རེས་འགའ་རང་ལ་གནོད་བསྐྱལ་བ་དང་། རེས་འགའ་དོན་རྩོད་ནས་མ་མཐུན་པ་དང་། རེས་འགའ་ཁོང་རྣམས་ཤིན་ཏུ་ཁྲོས་ནས་མཚོན་ཆ་སྣ་ཚོགས་


KMC019_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ཏེ་རང་དང་འཁྲུགས་པ་དང་། གཞན་དང་འཁྲུགས་པའི་མཚམས་པ་རང་གི་བྱེད་དགོས་བྱུང་བ་དང་། རེས་འགའ་རིན་པོ་ཆེ་དང་མེ་ཏོག་དང་ཤིང་ཏོག་གི་ཆར་ཆེན་པོ་འབབ་པ་དང་། གཞན་ཡང་སེང་གེ་དང་གླང་པོ་ཆེ་དང་རྟ་མཆོག་རྣམས་སྤྲིན་ལ་གནས་པ་དང་། བྱ་རྒོད་ཐང་ནག་མང་པོ་འཁྲིགས་པ་དང་། ནེའུ་ལེའི་རྐྱལ་པ་དང་རྒྱལ་མཚན་མང་པོ་འཁྲིགས་པ་དང་། ནོར་བུ་མང་པོ་རྙེད་པ་དང་། རིན་པོ་ཆེའི་གཏེར་མང་པོ་རྙེད་པ་དང་། དེ་དག་རང་གི་ཉར་ཚགས་བྱས་པ་དང་། ཡིད་དགའ་བ་སོགས་བཟང་ངན་མི་འདྲ་བའི་བྱེ་བྲག་སྣ་ཚོགས་པ་ཞིག་འདྲེས་ནས་འོང་བ་དེ་རྣམས་གཏེར་བདག་གནོད་སྦྱིན་གྱི་ཆོ་འཕྲུལ་ཡིན། ཡང་བུ་ཆུང་ལོ་བཅུ་པ་མན་ཆད་རལ་པ་ཕྱེད་བཅིངས་བྱས་ཤིང་ཤིང་སྐྱའི་མདའ་གཞུ་ལག་ན་ཐོགས་པ། ར་ལྤགས་ལུས་ལ་གོན་པ། སྣ་མཐོ་ལ་མིག་ཤིན་ཏུ་ཟབ་པ། ཤ་མདོག་ཀྱང་ཁ་དོག་སྣ་ལྔ་རེ་རེ་མི་འདྲ་བ་


KMC019_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལུས་ལ་ན་བུན་ནམ། རླངས་པ་འཐུལ་ཞིང་ཟིལ་པ་ཅུང་ཟད་ཆགས་པའི་ར་སྐྱེས་ལ་ཞོན་པ་མང་པོ་དང་། རེ་རེ་དང་། ཟུང་རེ་དང་། ཞོན་པ་མེད་ཀྱང་ལག་ན་སྦྲུལ་ཁ་དོག་མི་འདྲ་བ་ཐོགས་པ་དང་། ཤང་ལང་དང་། མདུང་ཐུང་། དགྲ་སྟ་ཐ་ོབ་རྣམས་ལག་ན་ཐོགས་པ་དང་། རའི་གསོབ་གྱི་རྒྱལ་མཚན་ནམ། གཡང་གཞི་ཐོགས་པ། བ་དན་ཁྲ་བོ་དང་སྔོ་སྐྱ་འཕྱར་བ། ལུས་ལ་དུང་གིས་བརྒྱན་པ། དུང་གིས་ཐོར་ཚུགས་བཅིངས་པ་དང་། གསེར་གི་སྒོར་མོ་རྣ་ཆ་བྱས་པ་དང་། རྩ་ཀུ་ཤའི་ཕྲུ་བཙུག་ཅིང་། རྩ་སྡེ་ལྗང་གི་དབུར་བརྒྱན་པ་དང་། ནེ་ལེའི་སྒྲོས་བརྒྱན་པ་དང་། རྙག་མའི་ཤིང་གི་དབྱུག་པ་ཐོགས་པ་དང་། དུར་ཁྲོད་ཀྱི་རོ་རས་ལུས་ལ་དཀྲིས་པ་དང་། རི་དྭགས་གླ་བའི་པགས་པ་གོན་པ་དང་། སྨིན་མ་དང་སྨ་ར་ཤིན་ཏུ་རིང་བ་རང་རང་གི་ཤ་མདོག་དང་མཚུངས་པ། རེས་འགའ་བུ་མོ་ལོ་བཅུ་པ་ཙམ་གྱི་སྐྲ་སིལ་ལེ་བ། གོས་ཁ་དོག་མི་འདྲ་བ་གོན་པ་


KMC019_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོས་ར་ཁྱུ་ཆགས་སུ་བྱེད་པ་དང་། རེས་འགའ་སྔགས་ཕྲན་ཆུང་ངུ་རལ་པ་ཕྲལ་ལེ་བ་དང་། རེས་འགའ་བོན་ཆེན་ཞྭ་རིང་ཇུག་གེ་བ་གོན་ཅིང་སྨ་ར་ཤིན་ཏུ་རིང་བའི་རྒྱལ་པོ་དང་། དེ་རྣམས་ཀྱིས་རའམ་རའི་པགས་པ་དང་། རྩ་ཀུ་ཤ་དང་། ནེ་ལེའི་སྒྲོ་དང་། རྩ་བུ་སྔོ་ལྗང་རྣམས་ཀྱིས་མགོ་ལུས་བརྒྱན་པའམ། ལག་ན་ཐོགས་པ་སོགས་ནི་ཐེའུ་རང་གི་རྟགས་ཡིན་པས་རང་རྟགས་ཀྱི་ཕྱག་མཚན་དེ་ལྔ་ཡོད་དགོས། ཡང་ལག་ན་རྙག་མའི་ཤིང་གི་དབྱུག་པའང་ཐེའུ་རང་གི་རྟགས་ཡིན་པས། དེ་རྣམས་བྲག་ཕུག་དང་། ས་ཕུག་ས་རལ། མདོ་འདུས་ཐར་ཆེན་རྫ་རྡོ་ཁྲབ་ཁྲོབ་ཡོད་ས་དང་། ན་བུན་དང་ལྷོ་སྤྲིན་ནགས་ཆལ་བྲག་རི་གཡའ་རི་ཆེན་པོ། ཁང་བུ་སྟེང་ཁང་མེད་པའི་གྲོང་ཁྱེར། ཤིང་སྤན་སྤུན་སོགས་ལ་གནས་ནས་ཡོད་པ་མི་འདྲ་བ་དུ་མ་རང་གིས་མཐོང་བས། དེ་རྣམས་ལ་ཡིད་ཆགས་པ་དང་། ཁོའི་ལས་རང་གིས་བྱས་པ། རང་གི་ལས་


KMC019_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཁོས་བྱས་པ་དང་། རེས་འགའ་རྩོད་པ་བྱེད་པ། རེས་འགའ་ནོར་སྣ་ཚོགས་རང་ལ་སྟེར་བ། རེས་འགའ་རྒྱན་གོས་དང་གཟུགས་དབྱིབས་ཤིན་ཏུ་བཟང་བ་སྟོན་པ། རེས་འགའ་ཤིན་ཏུ་མི་སྡུག་པའི་གཟུགས་སྟོན་པ་ལ་སོགས་མི་འདྲ་བའི་རྣམ་འགྱུར་སྣ་ཚོགས་འོང་བ་དང་། རེས་འགའ་ཤོ་དང་རྒྱན་འགྱེད་པ། གཞན་ཡང་ར་མང་པོ་དང་རེ་རེའམ། ཟུང་རེ་ཙམ་དང་། ཁྱད་པར་དུ་རའི་ཆོ་ལོའི་དོ་ཤལ་དྲིལ་ཆུང་དང་། རའི་གཡང་གཞི་མགོ་ལག་ཚང་མ་དང་། དེ་རྣམས་ཚགས་སུ་བྱས་པ་དང་། རང་བཞིན་གྱི་མང་པོའི་ནང་དུ་ཕྱིན་པ་དང་། གཞན་གྱིས་ཉར་བྱས་པ་དང་། བདའ་དེད་བྱེད་པ་མཐོང་བ་དང་། གཞན་ཡང་ནེ་ལེའི་གསོབ་དང་སྒྲོ་དང་། རྩ་བུ་སྔོ་ལྗང་དང་རྙག་མའི་ཤིང་དང་། རྩ་ཀུ་ཤ་རྣམས་རང་གིས་ཚགས་སུ་བྱས་པ་དང་། ས་ལ་གོར་གོར་བྱས་ནས་སྐྱེས་པ་དང་། ས་ཕུག་བྲག་ཕུག་གད་ཕུག་རི་ལུང་ཐང་ཆེན་སོགས་གང་དུ་ཡིན་ཀྱང་། དེ་རྣམས་


KMC019_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཟིང་ཟིང་དུ་བཙུགས་པ་དང་། ཆལ་ཆལ་དུ་བཀྲམ་པ་དང་། ཕོན་རེ་སྐྱེས་ལ་སོགས་གང་རྨིས་ཀྱང་འབྱུང་པོ་ཐེའུ་རང་གི་ཆོ་འཕྲུལ་ཡིན་ནོ། །ཡང་བྱིས་པ་ཆུང་ངུ་གཟུགས་དྲང་པོ་མེད་པ་ལ་ཁ་མིག་ཅུང་ཟད་དོད་ཅིང་། སྐད་ཟིང་ཟིང་གྲགས་ནུས་ཙམ་མང་པོ་དང་། རེ་རེ་དང་ཟུང་རེ་ཙམ་མ་ངེས་པ་དང་། དེ་དག་གི་ལུས་ཀྱི་ཚད་ནི་ཁྲུ་གང་ལས་ཅུང་ཟད་ཆུང་ཞིང་། མགོ་བོ་ཤུགས་པའི་འབྲས་བུ་ཙམ་རེ་ཡོད་པ་རང་གི་ལུས་ལ་འབྱར་ནས་སྐད་རྩེར་རྩེར་འདོན་པ་དང་། རང་གི་རྗེས་སུ་འབྲངས་བ་དང་། ཆུ་ཤལ་ཤུལ་དང་། རྡོ་ཁྲབ་ཁྲོབ་ཀྱི་ནང་དང་། གད་པ་དང་ས་སྨན་ཁ་དོག་མི་འདྲ་བ་རབ་རིབ་ཡོད་ས་དང་། བྲག་རབ་རིབ་དང་། སྤན་མ་ཤལ་ཤུལ་ཡོད་ས་དེ་རྣམས་སུ་འདུག་པ་དང་། ན་བུན་ཕྱིང་པ་ཙམ་གྱི་ནང་དུ་འདུག་པ་དང་། མེ་ལྷབ་ལྷབ་ཅུང་ཟད་མི་གསལ་བ་བོང་བུའི་རྣ་བ་ཙམ་འབར་བའི་ཙར་འདུག་པ་དང་། ཡང་ན་བུད་མེད་ཤིན་ཏུ་མི་


KMC019_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་པ་སྐྲ་གྱེན་དུ་གཟེང་ཞིང་། ལུས་ཤིན་ཏུ་རིང་ཅིང་ཐལ་བའི་མདོག་ཅན་སྔོ་ལ་སྐྱ་བ། གོས་ཁ་དོག་མི་འདྲ་བ་སྣ་ཚོགས་པའི་ཧྲུལ་པ་རེས་སྨད་དཀྲིས་བྱས་པ། རྣ་བ་གཉིས་དང་སྣའི་འོག་དང་། ལྐོག་མ་དབང་ཞི་ལ་ཁ་བཞི་དོད་པ། དེ་ཡང་ཉའི་ཁ་ལྟར་ས་མོད་ལྕེ་གཉིས་གཉིས་ཏེ་བརྒྱད་དམར་ལྷབ་ལྷབ་བྱེད་པ་ལས་ནད་ཀྱི་ན་བུན་སྔོ་དམར་ཐུལ་བ། རྐང་པའི་ལང་བུ་འཕྲུལ་ཅིང་མཐེང་འགྲོས་བྱེད་པ། ལག་ན་རླུང་གི་ཞགས་པ་ནད་ཀྱི་རང་བཞིན་ཅན་ཐོགས་པ་མང་པོ་དང་། རེ་རེ་དང་ཟུང་རེ་རང་གིས་མཐོང་བ་ཙམ་གྱིས་ཡི་མུག་ཅིང་སྣང་བ་མི་བདེ་བ་ན་བུན་འོང་བ་དང་། གཞན་བྲག་སྔོན་རབ་རིབ་ཆུང་ངུ་ཆུ་དང་འདྲེས་པ་དང་། རོང་ས་ཁུང་ཆུ་དང་སྦེན་མ་འདྲེས་པ་དང་། གད་སྐྱིབ་ལྷམ་ལྷེམ་མང་པོ་ཡོད་པ་དང་། རྡོ་ཁྲབ་ཁྲོབ་དང་དེ་རྣམས་མི་དམར་ཟིང་ཟིང་མར་མེ་ཙམ་འབར་བའམ། རླངས་པ་སྔོ་དམར་ཅུང་ཟད་འཐུལ་བ་དང་། བྲ་མའི་ཚེར་མ་དང་། དེ་


KMC019_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ནང་དུ་རང་ཕྱིན་པ་དང་། རང་གྲིབ་རང་གི་རྗེས་སུ་འབྲངས་བ་དང་། གཞན་གྱི་གྲིབ་གཟུགས་མང་པོའི་ནང་དུ་རང་ཕྱིན་པ་དང་། ཤིང་ཚིག་པ་དམ་དུམ་དང་། སོལ་བའི་ཕུང་པོ་མང་པོ་དང་། རོ་བསྲེགས་པའི་ཤུལ་ཡིན་ཟེར་བ་དང་། དེ་རྣམས་སུ་རང་ཕྱིན་པ་སོགས་ནི་དྷརྨ་དང་འགབ་འདྲེའི་ཆོ་འཕྲུལ་ཡིན་ནོ། །གཞན་ཡང་ཡིད་ལུས་མི་བདེ་བར་བྱེད་པ་གང་བྱུང་བ་དང་། ཐར་པ་དང་བྱང་སེམས་ཀྱི་གེགས་བྱེད་པ་དང་། མི་དགེ་བའི་ལས་དང་ཚེ་འདིའི་འདོད་པ་ལ་བློ་སྦྱོར་བ་བྱེད་པ་གང་ཡིན་པ་དེ་ནི་བདུད་ཟེར་བ་ཡིན། ཆོ་འཕྲུལ་ཡང་ཟེར་བ་ཡིན་པས། དེ་རྣམས་ཤེས་ཤིང་ངོས་ཟིན་པ་གལ་ཆེའོ། །དེ་དག་དངོས་དང་རྨི་ལམ་ཉམས་གསུམ་གང་རུང་ལ་འོང་བ་ཡིན་པས། ཉམས་ཞེས་པ་ནི་གཉིད་པ་ཡང་མ་ཡིན། མ་གཉིད་པ་ཡང་མ་ཡིན་ལ། ཚོགས་དྲུག་གི་སྣང་བ་གསལ་ཞིང་དངས་ལ་རིག་པ་ཤིན་ཏུ་གྲུང་བའི་གང་ལ་ད་ལྟའི་


KMC019_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཡུལ་མཚན་ཉིད་པ་ཇི་ལྟ་བ་བཞིན་ནི་མ་ཡིན་པ་ཅུང་ཟད་འགྱུར་ཞིང་། གཞན་ཞིག་ཡིད་ལམ་དུ་འཆར་བའི་ཚེ། ཆོ་འཕྲུལ་གྱི་བྱེ་བྲག་གང་བྱུང་བ་དེ་ལ་ཉམས་སྣང་ཟེར་བ་ཡིན། ཡང་ལྷ་འདྲེའི་གཟུགས་མ་མཐོང་ཡང་སྒྲ་ཐོས་པའི་ཟིལ་ཆེན་པོས་རང་ཉིད་ནོན་ཏེ་འཇིགས་ཤིང་སྐྲག་ནས་ཉམ་ང་བག་ཚ་བྱེད་པ་དང་། སྐྲ་དང་བ་སྤུ་ལང་བ་དང་། འཇིགས་ཞུམ་ཞུམ། རྔུལ་ཆུམ་ཆུམ་བྱེད་པ་དང་། ལུས་སྤྲིད་སིལ་སིལ་བྱེད་ཅིང་པགས་པ་བསྡུས་ནས་དམ་ཐག་ཐག་བྱེད་པ་དང་། མདུན་དང་རྒྱབ་ཏུ་ཡོད་སྙམ་ནས་གདོང་དང་ལྟག་པ་ཚ་འུ་འུར་བྱེད་པ་དང་། ལུས་འདར་ཞིང་སྔངས་ནས་འཁུམས་པ་ལ་སོགས་མཐོང་སྣང་མེད་པའི་འཇིགས་སྣང་འོང་བ་ལ་གཟི་བྱིན་ཆོ་འཕྲུལ་ཟེར་བ་ཡིན། ཡང་གཉན་ས་ཙམ་མ་ཟད། རྒྱུན་དུའང་བུད་མེད་དང་སྐྱེས་པ་མང་པོས་སློང་བ་དང་། སྟོན་མོ་རྩོད་དང་ཁྲལ་འདོད་ཟེར་བ་དང་། སྣོད་སྟོང་མང་པོ་ཁུར་ནས་སྒོ་ཉལ་བྱེད་པ་དང་།


KMC019_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་སྤྲང་མང་པོ་སྒོར་འདུག་པ་རྣམས་རྨིས་ན་ལན་ཆགས་མ་བྱང་བའི་རྟགས་ཡིན་པས། ལན་ཆགས་མགྲོན་ལ་མཆོད་སྦྱིན་གྲངས་མེད་གཏོང་ཞིང་། ལན་ཆགས་བྱང་བའི་ཐབས་ལ་བརྩོན། ཡང་རྒྱན་དང་ཆོ་ལོ་འགྱེད་པ་དང་། ཁག་ཤགས་རྩོད་པ་སོགས་ཀྱིས་རང་ཉིད་ཕམ་པ་དང་། མི་གཙང་བའི་འདམ་ལ་ནུབ་པ་དང་། ལུས་ལ་འབྱར་བ་དང་། ལུས་ལྗིད་ཅིང་ལང་འདུག་མི་ཐུབ་སྟོབས་ཤེད་ཆུང་བ་དང་། ལུས་ལ་ཤུ་འབྲུམ་མང་པོ་བྱུང་ནས་འགྲོ་སྡོད་མི་ཐུབ་པ་དང་། ཡན་ལག་ཞྭ་དང་དུམ་བུར་ཆད་ནས་འགྲོ་མི་ཤེས་པ་དང་། རེ་བ་ནག་པོའི་སྟན་གདིང་བ་དང་། གོས་སུ་གོན་པ་སོགས་དང་། མིག་གི་མི་མཐོང་ནས་འགྲོ་ལམ་མ་རྙེད་པ་དང་། ཁུར་པོ་ཆེན་པོ་མི་ཐེག་པ་དང་། སྤྱད་ནག་སྣོད་སྟོང་མང་པོ་ཁུར་བ་སོགས་རྨིས་པ་ནི་སྒྲིབ་པ་ཤིན་ཏུ་ཆེ་བའི་རྟགས་ཡིན་པས། དཀོན་མཆོག་གི་དཀོར་ལ་ལྷག་པར་འཛེམ་ཤིང་མིའི་ནོར་ལ་ཧབ་ཐོབ་


KMC019_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ་བར་སྒྲིབ་པ་བྱང་བའི་ཐབས་ལ་བརྩོན་པར་བྱའོ། །ཡང་ཉི་ཟླ་ཤར་མཐར་ཕྱིར་ལོག་པ་དང་། མུན་པ་ནག་པོས་རང་ཉིད་གཡོག་པ་དང་། ཞྭ་ནག་གོས་ནག་ལྷམ་ནག་གོན་ནས་ལག་ན་རེ་བའི་བ་དན་ཕྱར་ཞིང་རི་རྩེ་གོ་འབུར་མདའ་སྟོང་འདྲ་བར་སོང་བ་དང་། ཐལ་བའི་ཁུར་པོ་ཁུར་ཞིང་ལག་ཏུ་ཐལ་བའི་སྒྱེ་སྣོད་ཐོགས་ནས་རི་ནག་པོའི་ཟུར་ལ་བུད་ནས་སོང་བ་དང་། བོང་བུ་ནག་པོ་རྣ་མེད་ཡུ་མོ་ཞོན་ནས་མུན་རུབ་ལ་ལུང་པ་བརྒལ་ནས་སོང་བ་རྨིས་པ་སོགས་ནི་ཚེ་དང་དབང་ཐང་བསོད་ནམས་ཟད་དེ་ལོ་གསུམ་ཚུན་འཆི་རྟགས་ཡིན་པས། རང་ཡུལ་སྤང་ནས་རྒྱང་རིང་ཡུལ་དུ་བུད་ལ་མི་མེད་ལུང་སྟོང་དུ་འགྲིམས་ཤིང་། ལུས་སྲོག་ལ་ལྟོས་པ་མེད་པར་མི་མིན་འདྲེའི་གཟན་དུ་བསྐྱུར་ལ་སེམས་ཅན་སྤྱིའི་གླུད་དུ་གཏོང་བའི་དམིགས་པ་བྱའོ། །ཡང་ཞྭ་ནག་གོས་ནག་ལྷམ་ནག་སུམ་བརྩེགས་གོན་པས་ཤིན་ཏུ་ལྗིད་ནས་མི་ཁྱོག་པ་དང་། མི་ཐེག་པའི་


KMC019_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར་པོ་ཁུར་ནས་ལམ་འཕྲང་ངན་པོ་ལ་ཐུར་དུ་སོང་བ་དང་། ལུས་ལ་ལྕགས་མཛེར་མང་པོ་གདབ་ནས་ལུས་ཉམས་པ་དང་། རྐང་པ་ལྕགས་ལ་བཅུག་ནས་དོང་ནང་དུ་སྤྱི་བོ་ཐུར་ལ་བསྟན་ནས་སོང་བ་དང་། རི་བོའི་རྩེ་ནས་ཐུར་ལ་སོང་བ་དང་། གནམ་ནས་ས་ལ་ལྷུང་བ་སོགས་རྨིས་ན་ལས་ཀྱིས་མནར་ནས་ངན་སོང་འོག་མར་འགྲོ་བའི་རྟགས་ཡིན་པས། དཀོན་མཆོག་གསུམ་ལ་བློ་ངེས་པར་འགེལ་བར་བྱེད་དེ་ལུས་ངག་ཡིད་གསུམ་དགེ་ལ་བཀོད་པའི་བརྩོན་འགྲུས་དྲག་པོ་སྐྱེད་ཅིང་ལུས་མཆོད་སྦྱིན་སོགས་ལ་འབད་ནས་ལེ་ལོ་དང་གཡེང་བ་སྐད་ཅིག་ཀྱང་མི་བྱེད་དོ། །དེ་ལྟར་ཆོ་འཕྲུལ་ཐུན་མོང་དང་། བྱེ་བྲག་ལ་སོགས་མ་ནོར་ལེགས་པར་བརྟགས་པས་སོ་སོར་འབྱེད་ནས། རང་རང་སྐབས་ནས་ཇི་ལྟར་བཤད་པ་དེ་བཞིན་དུ་མན་ངག་གིས་གཅུན་པའི་ཐབས་ལ་བརྩོན་པར་བྱ། ཕལ་ཆེར་ལྟ་བ་སྟོང་ཉིད་ཀྱིས་ཟིལ་གྱི་གནོན་པ་ཡིན།


KMC019_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་ཡོན་ཏན་ཐམས་ཅད་ལ་དགའ་སྤྲོ་སེམས་ཀྱི་འཁྲི་བ་ཆོད། ངན་པའི་འཁྲུལ་སྣང་ཅི་བྱུང་ཡང་སེམས་ལས་བྱུང་བས་རྟོག་པ་ཆོད། སེམས་ཉིད་སྤྲོས་བྲལ་ནམ་མཁའི་ཀློང་དུ་བསྲེས་ཤིག །ཅེས་གསུངས་སོ། །སྤྱིར་ལྷོངས་དང་ཆོ་འཕྲུལ་ནི་གཅོད་ཙམ་མ་ཟད་ས་ལམ་གྱི་ཡོན་ཏན་ཐོབ་ཅིང་། རླུང་སེམས་དབང་དུ་འདུས་པའི་སྐབས་སུ་ཡང་ཕྱི་ནང་གསང་བའི་ལྷོངས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་། ཇི་ལྟར་ན། མཉམ་མེད་ཐུབ་པའི་དབང་པོ་ལ་བདུད་དམག་བྱུང་བ་དང། རྗེ་བཙུན་མི་ལ་ལ་ལྷ་འདྲེས་ཐོ་མཚམས་པ་ལྷ་བུའོ། །དཔེར་ན་མེ་ཕུན་སུམ་ཚོགས་པོ་ཞིག་འབར་དུ་འདོད་ན། དང་པོ་ནས་དུད་པ་ཆེན་པོ་འཕྱུར་བ་དང་འདྲ་བས། ལམ་དུ་ལོངས་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའི་མགོ་ཚུགས་པར་མ་ཅིག་གིས་གསུངས། འོན་ཀྱང་ལྷོངས་དང་ཆོ་འཕྲུལ་ཚར་ཚད་ཆོད་ཚང་སོགས་འོང་བའི་རེ་འདུན་དྲག་པོ་དང་། བྱུང་ན་


KMC019_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ། མ་བྱུང་ན་མི་དགའ་བ་ལ་སོགས་པའི་རེ་དོགས་མི་བྱ་ཞིང་། གལ་ཏེ་རེ་དོགས་ཀྱི་རྣམ་རྟོག་འཆར་ཡང་རྗེས་འདྲང་མི་བྱ་བ་རང་སེམས་སྐྱེ་མེད་ཡུམ་གྱི་ཀློང་དུ་མཉམ་པར་བཞག་པ་ཞིག་དགོས་ལ། དེ་ལྟར་མ་ཡིན་པའི་རེ་དོགས་ཀྱི་རྩབ་རྩུབ་མང་པོས་སྒོ་གསུམ་གྱི་བྱ་བ་ཆལ་ཆོལ་དུ་བྱེད་བ་ནི། ལྟ་བའི་གདེང་མེད་པའི་རྟགས་ཡིན་པས་ཆོས་ཉིད་ཀྱི་ཀློང་དུ་མཉམ་པར་བཞག་པ་ཉིད་དོ། །དེ་ལྟར་ཆོ་འཕྲུལ་གྱི་རྣམ་པ་གང་བྱུང་ཡང་རྣལ་འབྱོར་པ་རབ་ལྟ་བའི་གདེང་དང་ལྡན་པས་ཉམ་ང་བག་ཚ་མེད་པར་རོ་སྙོམས་པ་ལས། རེ་ཞིག་ལུས་མཆོད་སྦྱིན་ཡང་མི་བྱ། འབྲིང་གིས་སྔོན་ནས་གོམས་པའི་ཆོས་ཉིད་གསལ་འདེེབས་ཀྱི་ཚུལ་དུ་ཆོ་འཕྲུལ་བྱུང་བ་དེ་ཉིད་རང་སེམས་སྐྱེ་མེད་ལས་བྱུང་ངམ། ས་རྡོ་རི་བྲག་སྣོད་བཅུད་གནས་ནས་བྱུང་དང་། སེམས་ཀྱི་ཆོ་འཕྲུལ་སོགས་གང་ཡིན་དཔྱད་དེ། མཐར་ལྟ་བའི་ངང་དུ་བཞག །ཐ་མས་ལྟ་བ་


KMC019_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མྱོང་བ་སྔར་ཡོད་དང་འབྲེལ་བའི་ཤ་ཁྲག་མཆོད་སྦྱིན་སྙིང་རྗེ་གསུམ་སྤེལ་མ་བྱེད་དེ་ཉམས་སུ་བླང་བ་ཡིན་ནོ། །དེ་ལྟར་ཟིལ་གནོན་སྐོར་གསུམ་དང་། དམིགས་པའི་བྱེ་བྲག་ལ་བརྟེན་ནས་ཕྱི་ནང་གསང་བའི་ལྷོངས་དང་ཆོ་འཕྲུལ་བྱུང་བའི་ཚེ། གཉིས་པ་ཉམས་ལེན་ཕུང་པོ་ཟན་སྐྱུར་ནི། སྔོན་འགྲོའི་ཁྲིད་རིམ་མཁའ་འགྲོའི་ཞལ་ལུང་ཕྲིན་ལས་ཉི་མའི་སྙིང་པོའི་སྐབས་རྒྱས་པར་སོང་ཟིན་ནའང་། འདིར་ཡང་གཉན་སར་བོགས་འདོན་པ་དང་རྒྱུན་གྱི་ཉམས་ལེན་ཐུན་མོང་དུ་སྙན་བརྒྱུད་ཀྱི་དགོངས་པ་ལྟར་ཁྱེར་བདེ་བ་ཙམ་བྱེད་ན། སྐྱབས་སེམས་བླ་མའི་རྣལ་འབྱོར་སོགས་སྔོན་འགྲོའི་སྐབས་ལྟར་བྱས་རྗེས། འདིར་མཆོད་སྦྱིན་དངོས་ལ་འཇུག་པ་ནི། དེ་ལ་མཎྜལ། དཀར་འགྱེད། དམར་འགྱེད། ཁྲ་འགྱེད། ནག་འགྱེད། ལྷག་མ་དང་དྲུག་ལས། དང་པོ་ལ་རྣམ་ཤེས་འཕོ་བ་དང་མཎྜལ་དངོས་འབུལ་བའོ། །དང་པོ་ནི་རང་ལུས་ཆེ་ཚོ་ཡིད་དུ་འོང་བ་དགོས་


KMC019_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་སྣ་ཚོགས་འབྱུང་བའི་རིན་པོ་ཆེ་ལྟ་བུར་བསམ་ལ། ཕཊཿ བརྗོད་པས་རང་གི་རྐང་པ་གཡས་པའི་མཐིལ་དུ་ཕ་ལས་ཐོབ་པའི་ཁམས་དཀར་པོ་ཤེལ་དཀར་དྲི་མ་མེད་པ་ལྟར་འཚེར་བ། གཡོན་པའི་མཐིལ་དུ་མ་ལས་ཐོབ་པའི་རཀྟ་དམར་པོ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ་དྭངས་ཤིང་འཚེར་བ་བསམ་ལ། ཕཊཿ ཅེས་བརྗོད་པས་དེ་གཉིས་ཡར་བྱུང་ནས་གསང་གནས་སུ་བྱ་མ་གསེར་གྱི་སྒོ་ང་ལྟ་བུ་གཅིག་ཏུ་འདྲེས་ནས་སྐུ་ལྔ་ཡེ་ཤེས་ལྔའི་རང་མདོག་རབ་ཏུ་འབར་བ་དེ་ཉིད་རིམ་པར་ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོ་རྣམས་སུ་འཕོ། སྤྱི་བོ་ནས་རང་གི་ཚེ་བསོད་དཔལ་འབྱོར་གཟི་བརྗིད་དབང་ཐང་བཀྲག་མདངས་དགེ་རྩ་ཐམས་ཅད་རྣམ་པར་ཤེས་པ་དང་དབྱེར་མེད་གཅིག་ཏུ་གྱུར་པ་དེ་ཉིད་རྩལ་ཆེན་གྱིས་མདའ་འཕང་པ་བཞིན་དུ་ནམ་མཁའ་ལ་འཕོ། ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ཆོས་ཉིད་བདེ་བ་ཆེན་པོས་ཁྱབ་


KMC019_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་ལ་དེའི་ངང་དུ་སྐྱོང་། གཉིས་པ་ནི་རིག་པ་དེ་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་པས་གྲི་གུག་དང་གཡོན་ཐོད་པ་བསྣམས་པ། སྤྱན་གསུམ་ཁྲོ་འཛུམ་ཆགས་པའི་ཉམས་ཅན། ནུ་མ་དང་བྷ་ག་རབ་ཏུ་རྒྱས་ཤིང་བདེ་བ་ཆེན་པོའི་ཉམས་དང་ལྡན་པ། མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཏེ་ཕྱག་གཡས་པའི་གྲི་གུག་གིས་རང་ལུས་པགས་པ་ཤལ་གྱིས་བཤུས་ཏེ་དམར་ཆལ་གྱི་བཏིང་བས། དབང་ཆེན་གསེར་གྱི་ས་གཞི་དབུས་ཅུང་ཟད་མཐོ་ཞིང་། མཐའ་གཞོལ་བ་སྟོང་གསུམ་དང་མཉམ་པར་བསམ། དེའི་སྟེང་དུ་ཁྲག་དང་ཆུ་སེར་བྱུག་པ་ལ། སྤོས་ཆུ་དང་། དྲི་བཟང་ལ་སོགས་དྲི་ཞིམ་པའི་རིགས་ཀྱིས་ཆག་ཆག་གདབ་པ། དེའི་སྟེང་དུ་ལུས་ཀྱི་ཤ་ཐམས་ཅད་ཚོམ་བུར་བཀོད་དེ་མེ་ཏོག་ཨུཏྤལ། ཀུ་མུད་ཏ་དང་། པུཎྚ་རི་ཀ །ཨུ་དུམ་ཝ་ར་ལ་སོགས་ལྷ་ཀླུ་མིའི་མེ་ཏོག་བསམ་གྱིས་མི་ཁྱབ་པའི་


KMC019_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུར་བསམ། རྐང་ལག་བཞི་གླིང་བཞི། ཉིང་ལག་ཅེས་པ་རྐང་ལག་གི་ལྷུ་མཚམས་ཕྱེ་བའི་ལྷུ་ཕྲན་བརྒྱད་གླིང་ཕྲན་བརྒྱད་དུ་བཀོད། སོར་མཛུབ་རྣམས་ཕྱིའི་ལྕགས་རི་ཁོར་ཡུག་དང་། དེའི་དབུས་སུ་ཟོ་ཁོག་རི་བོ་མཆོག་རབ། དེའི་མཐར་རྒྱུ་མ་གསེར་གྱི་རི་བདུན། ཁྲག་དང་ཆུ་སེར་རོལ་པའི་མཚོ་བདུན། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། སོ་རྒྱུ་སྐར་གྱི་ཕྲེང་བ། མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་གདུགས་དང་རྒྱལ་མཚན། མཁལ་མ་རིན་པོ་ཆེའི་རི་བོ། མིད་ཡུ་དང་སྲོག་རྩ་དཔག་བསམ་གྱི་ཤིང་། མཚེར་པ་འདོད་འཇོའི་བ་མོ། ལྕེ་མ་རྨོས་པའི་ལོ་ཏོག །གློ་བ་དང་མཆིན་པ་རིན་པོ་ཆེ་སྣ་བདུན། ནང་ཁྲོལ་རྣམས་རྒྱལ་སྲིད་སྣ་བདུན་རྩ་རྣམས་བཀྲ་ཤིས་རྟགས་བརྒྱད། ཕོ་བ་གཏེར་ཆེན་པོའི་བུམ་པ། སྐྲ་ཚོགས་ཙན་དན་གྱི་ནགས་ཚལ། བ་སྤུ་གུར་གུམ་གྱི་སྤང་རི། རྣམ་ཤེས་ཚོགས་བརྒྱད་དང་། དབང་པོ་རྣམས་ཕྱི་ནང་


KMC019_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གི་འདོད་ཡོན་ལྷ་མོ་བཅུ་དྲུག །སྙིང་ཡིད་བཞིན་གྱི་ནོར་བུ་མགོ་བོའི་སྟེང་དུ་བསམ་ལ་དགོས་འདོད་ཆར་ལྟར་བབས་པ་ལ་སྟོང་གསུམ་བྱེ་བ་ཕྲག་བརྒྱར་དམིགས་ཏེ་དབུལ་བ་སྤྲུལ་སྐུའི་མཎྜལ། སེམས་འོད་གསལ་དགོས་འདོད་ཀུན་འབྱུང་ལྷུན་གྲུབ་ཡིད་བཞིན་གྱི་གཏེར་ཆེན་ལོངས་སྐུའི་མཎྜལ། སྟོང་ཆེན་སྤྲོས་བྲལ་དམིགས་བྱའི་མཐའ་ལས་འདས་པ་ཆོས་སྐུའི་མཎྜལ་ཏེ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་རང་བཞིན་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམས་གསུམ། ཞི་བྱེད་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀུན་འདུས་རྩ་བའི་བླ་མ། ཡི་དམ་ཕག་ཁྲོས་ལ་སོགས་རྒྱུད་སྡེ་བཞི། མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་རྣམས་ལ་སྣང་སྲིད་ལྷ་འདྲེས་གཙོ་བྱས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་པའི་ཕྱིར་དུ་ཕུལ་བར་བསམ། འབུལ་ཚིག་ནི། རང་རང་གི་གཞུང་ནས་བྱུང་བའི་ཚིག་གིས་གསལ་བཏབ་ལ་ཕཊཿབརྗོད་དེ་ཡང་ཡང་དུ་


KMC019_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས། རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པ་གཟུགས་སྐུ་རྣམ་པ་གཉིས་ཐོབ་པའི་དགེ་རྩར་འགྱུར། མཎྜལ་འབུལ་བའི་ཡུལ། འབུལ་མཁན་རང་། འབུལ་རྒྱུའི་ལུས་སོགས་དམིགས་པ་མེད་པའི་སྣང་སྟོང་བདེ་བ་ཆེན་པོའི་རང་བཞིན་དུ་ཤེས་པ་ནི་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་ཆོས་སྐུའི་རྒྱུར་གྱུར་པའི་རང་གཞན་གྱི་དོན་མཐར་ཕྱིན་ནས་སངས་རྒྱས་པའི་དགེ་རྩར་འགྱུར་རོ། །གཉིས་པ་དཀར་འགྱེད་ནི། མ་ཅིག་གིས། བེམ་རིག་ཕྲལ་ལ་དབྱིངས་རིག་བསྲེ། །སྟོང་ཉིད་ངང་ལ་ཅི་གནས་བཞག །ཉམས་ལེན་ཕུང་པོ་གཟན་དུ་བསྐྱུར། །རེ་དོགས་གཉིས་སྣང་གི་ལྷ་འདྲེ་དམིགས་མེད་ཀྱི་ངང་དུ་བསྲེ། །སྣང་བ་དང་སེམས་ཆོས་ཉིད་ཀྱི་ཀློང་དུ་བསྲེ། །བདེ་བ་དང་སྡུག་བསྔལ་གཏད་མེད་ཀྱི་དབྱིངས་སུ་བསྲེ། །རང་ལུས་དང་གཞན་ལུས་སྒྱུ་མའི་རང་བཞིན་དུ་བསྲེ། །བཞི་བསྲེ་ནམ་མཁའ་སྒོ་འབྱེད་འདི། །འཕོ་བ་བརྒྱ་ཡི་དོ་ཟླ་མིན། །


KMC019_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས། ལུས་རྣམ་སྣང་གི་ཆོས་བདུན་ལྡན་གྱི་ངང་ནས་མིག་བར་སྣང་ལ་གཏད་དེ་ཕཊཿ བརྗོད་པས་རྐང་མཐིལ་གཉིས་སུ་ཐིག་ལེ་དམིགས་པ་སོགས་མཎྜལ་གྱི་སྐབས་ལྟར་བྱས་ཏེ་དབྱིངས་རིག་བསྲེས་ལ་ཅི་གནས་བར་དུ་མཉམ་པར་བཞག །མི་གནས་པའི་ཚེ་ཕུང་པོ་གཟན་དུ་བསྐྱུར་བ་ནི། ཁྱད་པར་གཉན་ས་ལྟ་བུ་ཡིན་ན་དམར་འགྱེད་སྔོན་ལ་གཏོང་དགོས་ཀྱང་། ཡང་རྒྱུན་གྱི་ཉམས་ལེན་ལ་དཀར་འགྱེད་སྔོན་དུ་འགྲོ་བ་ཡིན་པས་རང་གི་ལུས་དེ་ཉིད་ཆེ་ཚོ་དར་ལ་བབ་པ་མཛེས་ཤིང་ལྟ་ན་སྡུག་པ་ཡིད་དུ་འོང་བ་ཞིག་ཏུ་བསམ་ལ་ཕཊཿ བརྗོད་པས་རང་སེམས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གྲི་ཐོད་བསྣམས་པ། ཞབས་གཡོན་བརྐྱངས་པའི་གར་སྟབས་ཅན། གཅེར་བུ་དབུ་སྐྲ་སིལ་བུར་གྲོལ་ཞིང་རུས་པའི་རྒྱན་དྲུག་གིས་བརྒྱན་པ་མཛེས་ཤིང་ཞི་བའི་ཉམས་དང་ལྡན་པར་དམིགས་ལ། ཕྱག་གཡས་པའི་གྲི་གུག་གིས་བེམ་པོའི་སྨིན་


KMC019_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་ཐོད་པ་བྲེགས་ཏེ་མདུན་དུ་མི་མགོའི་སྒྱེད་བུ་གསུམ་གྱི་ཁར་བཞག་ལ། ཕུང་པོ་གྲི་གུག་གིས་ཐོད་པའི་ནང་དུ་བླུགས་པས། ཤ་ཁྲག་རུས་གསུམ་གྱིས་ཐོད་པ་ཕྱུར་བུར་ཁེང་ཞིང་འོག་ནས་རླུང་གཡོས་མེ་འབར་བས་ཐོད་པ་དྲོས་ཤིང་བདུད་རྩི་ཁོལ་བའི་ཚེ། རྣལ་འབྱོར་མས་ཨོཾ་བརྗོད་པས་མ་དག་དངོས་འཛིན་གྱི་ཉེས་པ་ཐམས་ཅད་བསལ། ཨཱཿབརྗོད་པས་འཁོར་འདས་ཀྱི་མགྲོན་རིགས་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་ཅི་འདོད་པའི་ལོངས་སྤྱོད་སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི་ཁམས་གང་བར་སྤེལ། ཧཱུྃཿབརྗོད་པས་གང་ལ་ཅི་འདོད་དེ་ལ་དེ་བཞིན་དུ་བསྒྱུར་ཅིང་། ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་ལྷའི་བདུད་རྩི་འཆི་མེད། མིའི་བདུད་རྩི་བདེ་བྱེད། ལྷ་མིན་གྱི་བདུད་རྩི་འཆི་སོས། བདེ་སྟོང་ཡེ་ཤེས་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ།


KMC019_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་སྲིད་ཞུའི་མགྲོན་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསྐུལ་ནུས་པའི་མཆོད་རྫས། རིགས་དྲུག་གདོན་བགེགས་རྣམས་ཀྱི་དུག་ལྔ་དང་། དེས་བསྐྱེད་པའི་སྡུག་བསྔལ་འབྲས་བུ་རྒྱུ་དང་བཅས་པ་སེལ་ནུས་ཤིང་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པའི་ནུས་པ་ཅན་དུ་བསྒྱུར། ཡང་ན་རྣམ་ཤེས་འཕོས་ཏེ་མ་ཅིག་གི་ཐུགས་ཀར་བསྟིམ་ལ། རང་ཉིད་མཁའ་འགྲོ་དམར་མོ་གོང་ལྟར་བསྐྱེད། ཕཊཿ བརྗོད་པས་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། མ་ཅིག་གི་ཐུགས་རྒྱུད་བསྐུལ། ཕྱིར་འཕྲོས་འཁོར་གྱི་མཁའ་འགྲོ་རྣམས་ལ་ཕོག་པས། འཁོར་གྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མཁའ་འགྲོ་དམར་མོའི་ཐུགས་ཀར་ཕོག་པས་སྔར་ལས་གཟི་བརྗིད་འབར་ཞིང་ལས་བྱེད་པའི་མཐུ་དང་ལྡན་པར་གྱུར། དེ་ནས་ལས་བྱེད་ཀྱི་མཁའ་འགྲོ་དམར་མོ་འཁོར་དང་བཅས་པ་གར་


KMC019_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུག་ཁྱུག་བྱེད་ཅིང་། གྲི་གུག་བེམ་པོ་ལ་གདེང་པས་པགས་པ་བཤུས་ཏེ་མགོ་བོ་ཤར་དུ་བསྟན་ནས་གན་རྐྱལ་དུ་བཏིང་བས་སྟོང་གསུམ་མམ། མཐའི་ལྕགས་རི་གང་ཙམ། གླིང་བཞི་འམ། གཅིག་གམ། བོད་ཁམས་སམ། རང་འདུག་པའི་ཡུལ་ཤེས་ཚོད་དམ། དཔག་ཚད་ལྔ་བརྒྱ་པའམ། མིག་རྒྱང་གང་ཡན་ཆད་སོགས་བློས་གང་ཆུད་ལ་ཁ་དོག་ལྔའི་འོད་ཀྱི་ཁྱབ་པ་གསེར་གྱི་རང་བཞིན་ཅན་ཤིན་ཏུ་དག་པའི་སྟེང་དུ་ལས་ཀྱི་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཀྟ་མེའི་རང་བཞིན་གྲུ་གསུམ་ཨ་ཡིག་གིས་མཚན་པ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པའི་ནང་དུ་ཤ་ཁྲག་རུས་གསུམ་གཏུབ་སྟེ་སྤུངས་པས་རི་རབ་ཙམ་གྱུར་པའི་སྟེང་བྱང་སེམས་དཀར་པོ་ཟླ་བ་ལྟ་བུའི་སྟེང་དུ་ཧཱུྃ་ཡིག་དང་། དེའི་འོག་ཏུ་ཧ་ཡིག་གིས་མཚན་པར་བསམ། ལས་བྱེད་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་


KMC019_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་རླུང་ལ་ཕོག་པས། རླུང་གཡོས་མེ་འབར་ཐོད་པ་དྲོས་ཤ་ཁྲག་རྣམས་ཞུ་ཞིང་ཁོལ་བས། ལས་བྱེད་ཀྱི་མགྲིན་པའི་ཨ་ལས་འོད་ཟེར་འཕྲོས། ཤ་ཁྲག་གི་ཕུང་པོ་ལ་ཕོག་པས་དངོས་འཛིན་གྱི་དྲི་མ་སྦྱང་འོད་དུ་ཞུ། སྤྱི་བོའི་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས་བྱང་སེམས་ཟླ་བའི་རང་བཞིན་ཅན་ལ་ཕོག །འོད་དུ་ཞུ་ནས་ཏ་ཡིག་བརྒྱུད་ནས་བདུད་རྩིའི་རྒྱུན་བྱུང་སྟེ་ཐོད་པར་ལྷུང་། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ནས་སྙོམས་པར་འཇུག་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས། ཧཱུྃ་ཡིག་བྱང་སེམས་ཧ་དང་བཅས་པ་འོད་དུ་ཞུ་ནས་ཐོད་པར་ཐིམ། དམ་ཚིག་ཡེ་ཤེས་དབྱེར་མེད་དུ་འདྲེས། ཁོལ་བའི་རླངས་པ་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་ནམ་མཁའི་ཁམས་གང་བར་གྱུར་པའི་སྣ་ལ་གཟུགས་རྡོ་རྗེ་མ་ལ་སོགས་འདོད་ཡོན་གྱི་ལྷ་མོ་ལྔ། ཆོས་ཀྱི་རྡོ་རྗེ་མ་དང་


KMC019_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཆབ་སོགས་མཆོད་ལྷ་རྣམས་ཀྱིས་གཡས་ཀ་པཱ་ལ་བདུད་རྩིས་བཀང་བ་དང་། གཡོན་རང་རྟགས་ཀྱིས་མཆོད་རྫས་ཐོགས་ནས་གར་བྱེད་ཅིང་མཆོད་པ་འབུལ་བ་དང་། འོད་ཟེར་ཀྱང་གདུགས་རྒྱལ་མཚན་བ་དན་འཕན་དང་བླ་བྲེ་ཕུར་མ་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུ་ནམ་མཁའི་ཀློང་ཐམས་ཅད་སྤྲིན་ཕུང་འཁྲིགས་པ་ལྟར་དམིགས་ནས་བདུད་རྩི་དེ་ཉིད་དང་མཆོད་རྫས་རྣམས་དང་པོ་དཀོན་མཆོག་སྲིད་ཞུའི་མགྲོན་དུ་གྱུར་པ་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ། གཉིས་པ་ཡི་དམ་རྒྱུད་སྡེ་བཞི་དྲུག །གསུམ་པ་སངས་རྒྱས་བྱང་སེམས། བཞི་པ་དཔའ་བོ་མཁའ་འགྲོ །ལྔ་པ་རང་རྒྱལ་ཉན་ཐོས་རྣམས་ལ་ཕུལ་བས་དགྱེས་ཤིང་། སྐུ་གསུང་ཐུགས་ཀྱིས་རྗེས་སུ་བཟུང་། ལམ་ལོག་ནོར་འཁྲུལ་ལས་སྐྱོབ། མ་ནོར་ལམ་མཆོག་སྟོན་ནས་སྐུ་གསུང་ཐུགས་ཀྱི་དམ་ཚིག་


KMC019_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཆགས་ཐམས་ཅད་བྱང་བར་བསམ་ལ། དམིགས་པ་མ་ཟིན་བར་དུ་ཕཊཿ ཡང་ཡང་བརྗོད། ཡི་དམ་ལྷ་ཚོགས་རྣམས་དང་། དཔའ་བོ་དཔའ་མོ་མཉེས་ཤིང་། ཕྱི་ནང་གི་བར་ཆད་བསལ་མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་བསམ་ལ་ཕཊཿ ཡང་ཡང་བརྗོད། གཉིས་པ་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ལ་ཡང་ཐོད་པ་ཐོགས་པའི་མཆོད་ལྷ་སྔར་ལྟར་སྤྲོས་པས། མགོན་པོ་ཡོན་ཏན་གྱི་མགྲོན་མགོན་པོ་ཨགྷོར། ཕྱག་བཞི་ཕྱག་དྲུག །སྐུ་གསུང་ཐུགས་ཀྱི་མགོན་པོ། དུར་ཁྲོད་བདག་པོ། རང་བྱུང་རྒྱལ་མོ། ཨེ་ཀ་ཙ་ཊི། སྐུ་གསུང་ཐུགས་ཀྱི་མ་མོ་ལ་སོགས་ལྕམ་དྲལ་བྲན་གཡོག་བཀའ་སྡོད་དཔལ་མགོན་བདུན་ཅུ་རྩ་ལྔ་དང་བཅས་ལ་ཕུལ་བས། ཐུགས་དམ་བསྐང་ནས་ས་ལམ་གྱི་བར་ཆད་མི་བྱེད་བར་བྱིན་གྱིས་རླབས། བསྟན་འགྲོའི་དོན་བྱེད་པའི་ཕྲིན་ལས་རྣམ་བཞིའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། འདོད་དོན་ཐམས་ཅད་


KMC019_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པའི་མཐུ་དཔུང་བྱེད་པ་གསོལ་བ་གདབ་ལ་ཕཊཿ དྲག་པོས་དམིགས་པ་ཡང་ཡང་གསལ་གདབ། མཐར་མཆོད་བྱ་མཆོད་བྱེད་མཆོད་མཁན་ཐམས་ཅད་དམིགས་མེད་ངང་དུ་བཞག་པས་ཚོགས་གཉིས་ཟུང་འཇུག་གི་ལམ་མོ། །གསུམ་པ་བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་ཐོག་མར་བསྔོ་བ་ནི་གཅོད་ཀྱི་གདུལ་བྱ་གཙོ་བོ་ཡིན་པས། སྔར་ལྟར་ཐོད་པ་སོགས་འདོད་ཡོན་དམིགས་པའམ། ཡང་ན་རང་ལུས་རོའི་ཚུལ་དུ་ཡོད་པར་བསམ་ནས། ལན་ཆགས་བདག་པོ་ཁ་དོག་དང་རིགས་སྣ་ཚོགས་པ་གླིང་བཞིའི་མི་རིགས་མ་ཚང་བ་མེད་པ་ཕོ་མོ་གཟུགས་བྱད་ལྟ་ན་སྡུག་པ་སོ་སོར་ཚེ་སྲོག་ནོར་རྫས་ལ་སོགས་པའི་བུ་ལོན་ཆགས་པ་གང་ཡོད་པ་ལ་སེམས་གདུང་བ་དྲག་པོ་སྐྱེ་ཞིང་ཆགས་སྲེད་ཀྱིས་རང་ལ་མོས་ཤིང་འདུས་པ་ལ། སོ་སོར་གང་ལ་གང་འདོད་ཀྱི་ཡོན་ཐོབ་པས་སྔར་བས་བརྒྱ་འགྱུར་སྟོང་འགྱུར་གྱི་བཀྲག་


KMC019_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ལྡན་ཞིང་། བུ་ལོན་ཆགས་པའི་སེམས་དང་བྲལ་བར་བསམ་ལ། རང་གི་ལུས་དང་ལོངས་སྤྱོད་དབུགས་རླངས་ན་བུན་ཆུ་འཛིན་བ་སྤུ་རྩི་ཤིང་ལོ་ཏོག་ནགས་ཚལ་ཡུལ་མཁར་བེའུ་ལུག་རྟ་གླང་མ་ཧེ་སོགས་སེམས་ཅན་གྱི་རིགས་དང་། དར་ཟབ་འགོ་སྣམ་ཕྲུག་ལྭ་བ་འབྲུ་སྣ་རིན་ཆེན་སྣ་ཚོགས་བུ་དང་བུ་མོ་ཆུང་མ་སོགས་ལོངས་སྤྱོད་ཀྱི་རིགས་དང་། སྲོག་ལུས་དབང་ཐང་ཁ་རྗེས་བཀྲག་མདངས་དཔལ་འབྱོར་དང་བཅས་པ་རྒྱན་ཆ། གཡོ་སྐོལ་གྱི་ཟངས་ཆས། ཤ་ཁྲག་པགས་པ་ལ་སོགས་བགེགས་རིགས་ལན་ཆགས་རྣམས་ཀྱི་འདོད་པའི་ཡོན་ཏན་མ་ཚང་བ་མེད་པར་བསམ་ནས། སོ་སོའི་ཚིག་གིས་གསལ་བཏབ་ཕཊཿཀྱིས་གྲངས་བསགས་པས། བདག་གི་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ལ་བསད་བཅད་ཚེ་ཐུང་བའི་ལན་ཆགས། བརྡུང་བཏགས་ནད་མང་བའི་ལན་ཆགས། འཕྲོག་བཅོམ་ནོར་དབུལ་བའི་ལན་ཆགས། བཟང་གོས་


KMC019_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཟབ་དབྱིག་རིན་པོ་ཆེ་སྣ་ཚོགས་ལ་སོགས་གོང་དུ་སྨྲས་པའི་ལན་ཆགས་ཀྱི་བདག་པོ་བདག་མོ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་ལན་ཆགས་ཀྱི་མགྲོན་ཐམས་ཅད་ལ་བསྔོས་པས། ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསམ་ལ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་ཀྱང་། རང་བཞིན་རྩལ་སྣང་འགགས་པ་མེད་པར་སྦྱིན་བྱ་སྦྱིན་བྱེད་ཡུལ་ཐམས་ཅད་སྒྱུ་མ་རྨི་ལམ་གྱི་སྣང་ངོ་ལྟར་ཤེས་པའི་འཁོར་གསུམ་དམིགས་མེད་ངང་ལ་བཞག་པས་ཆོས་གཟུགས་གཉིས་ཀྱིས་དོན་གཉིས་མཐར་ཕྱིན་གྱི་སངས་རྒྱས་འགྲུབ་པའོ། །བཞི་པ་རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོ་བ་ནི། སྔར་ལྟར་བདུད་རྩིའི་ལྷག་མ་དེ་ཉིད་ལས་བསྔོ་བའམ། ཡང་ན་རིན་པོ་ཆེའི་སྣོད་ཁ་དོག་ཤེལ་དཀར་ལྟར་གསལ་བ་ཟང་ཐལ་ཡངས་ཤིང་རྒྱ་ཆེ་བའི་


KMC019_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་རང་ལུས་འོད་དུ་ཞུ་བས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ། ཁམས་གསུམ་རིགས་དྲུག་གི་ལས་ཉོན་ཐམས་ཅད་སེལ་ནུས་པའི་རོ་བཅུད་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་མ་ཚང་བ་མེད་པའི་འཆི་བ་བསོ་ཞིང་ན་བ་སློང་བའི་བདུད་རྩི་རེག་པ་ཙམ་གྱིས་སྡུག་བསྔལ་ཞི་ནུས་པར་བསམ་ལ། ཐུགས་ཀ་ནས་ལྷ་མོ་དཀར་མོ་གྲངས་མེད་པས་ཐོད་པ་ཐོགས་པ་སྤྲོས་ཏེ་སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི་སེམས་ཅན་རེ་རེའི་མདུན་དུ་ལྷ་མོ་རེ་རེ་བྱོན་ནས་བདུད་རྩི་དྲངས་པས་སོ་སོའི་སྡུག་བསྔལ་ལས་གྲོལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་རིགས་དྲུག་གི་གནས་སྟོང་པར་བསམ་ལ་ཕཊཿ མང་དུ་བརྗོད། ཡང་ལྷ་མོ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པར་འཕྲོས་པས། རིགས་དྲུག་སྟོང་པའི་ཤུལ་དུ་ཁྱབ་ནས་དམྱལ་བའི་ཡུལ་བཻ་ཌཱུརྱའི་མདོག་ལྟར་སྔོ་བ་རྡོ་


KMC019_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རང་བཞིན་དུ་གྱུར། དེ་བཞིན་དུ་ཡི་དྭགས་ཀྱི་ཡུལ་པདྨ་ར་གའི་མདོག་ལྟར་དམར་བ་པདྨའི་རང་བཞིན། དུད་འགྲོའི་ཡུལ་ཤེལ་ལྟར་དཀར་བ་འཁོར་ལོའི་རང་བཞིན། མི་ཡུལ་གསེར་ལྟར་སེར་བ་རིན་པོ་ཆེའི་རང་བཞིན། ལྷ་མིན་ཡུལ་མ་རྒད་ལྟར་ལྗང་བ་རྒྱ་གྲམ་གྱི་རང་བཞིན། ལྷ་ཡུལ་འོད་ལྔའི་རང་བཞིན་ཡེ་ཤེས་ཆེན་པོ་གྱུར་པར་བསམ་ལ་ཕཊཿ ཀྱིས་གསལ་གདབ། ཡང་རིགས་དྲུག་དམིགས་པ་གཅིག་གིས་མ་ཟིན་ན་ལྷ་མོ་རྣམས་ཀྱི་རིགས་དྲུག་གི་གནས་སོ་སོར་བདུད་རྩི་ཁེར་བས་དམྱལ་བ་ཞེ་སྡང་དང་། ཚ་གྲང་གི་སྡུག་བསྔལ་ཞི་ནས་བྱང་ཆུབ་ཐོབ་པར་དམིགས་ཏེ་གནས་རྣམས་གོང་ལྟར་གྱུར་པ་རིགས་འགྲེ། ཡི་དྭགས་སེར་སྣ་དང་བཀྲེས་སྐོམ་ཞི། བྱོལ་སོང་གཏི་མུག་དང་བླུན་རྨོངས་གཅིག་ལ་གཅིག་ཟ་བསྐོལ་སྤྱོད་ཀྱི་སྡུག་བསྔལ་ཞི། མི་འདོད་ཆགས་དང་བྲེལ་འཕོང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཞི། ལྷ་མིན་ཕྲག་དོག་དང་


KMC019_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་རྩོད་ཀྱི་སྡུག་བསྔལ་ཞི། ལྷ་ང་རྒྱལ་དང་འཕོ་ལྟུང་གི་སྡུག་བསྔལ་ཞི་ནས་བྱང་ཆུབ་ཐོབ་པར་བསམ་ལ་སྙིང་རྗེ་ཚད་མེད་པར་བསྒོམ། མཐར་ལྷ་མོ་རྣམས་རང་ལ་བསྡུས་ནས་སྣང་སྟོང་ཟུང་འཇུག་གིས་རྒྱས་བཏབ་བོ། །ཡང་དམིགས་པའི་ཟུར་ཞིག་གིས་ཚིག་ཏུ་མ་བརྗོད་ཀྱང་ཕཊཿཀྱིས་གསལ་གདབ་སྟེ་གཞི་བདག་རྣམས་ལ་སྔར་གྱི་ལྷག་མ་དེ་ཉིད་ལ་དམིགས་ཏེ་ཀླད་པ་ཞོ། རྒྱུད་པ་འོ་མ། ཚིལ་བུ་མར་ཏེ་དཀར་གསུམ། ཁྲག་བུ་རམ། ཞག་ཀ་ར། ཆུ་སེར་སྦྲང་རྩི་སྟེ་མངར་གསུམ། གུར་གུམ་དང་བཟང་དྲུག་ལ་སོགས་པའི་སྨན་སྣ་ཚོགས། དར་ཟབ་དང་རིན་པོ་ཆེ་སྣ་ཚོགས། འབྲུ་རིགས་རྣམ་པ་སྣ་ཚོགས། འདོད་ཡོན་ལྔ། བ་ལང་ར་ལུག །རྟ་གླང་སོགས་དང་། དཀོར་ནོར་རྣམ་པ་སྣ་ཚོགས་ཀྱི་བང་མཛོད། རྩི་སྨན། ནགས་ཚལ། མེ་ཏོག །ལོ་ཏོག །ཤ་རྒོ་གཉན་རྩོད་ལ་སོགས་པའི་རི་དྭགས་སྣ་ཚོགས། སེང་གེ་སྟག་གཟིག་ལ་སོགས་པའི་གཅན་ཟན་


KMC019_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས། ནམ་མཁའ། མདའ་འཕང་། རྒྱང་བུ། བལ་ཚོན་དང་། དར་ཡུག་སྣ་ཚོགས། གནག་ལུག་དང་བྱ་རིགས་སྣ་ཚོགས། ཁྲབ་ལ་སོགས་པའི་གོ་མཚོན་སྣ་ཚོགས། གསེར་དངུལ་གྱི་སྤྱད་ཆ་དང་ཡོལ་གོ་སྣ་ཚོགས་པ་ལ་སོགས་ཟོ་དོར་རྣམས་ལ་ཕུལ་བས་ཐམས་ཅད་གདུག་རྩུབ་བསམ་ངན་ཞི་ནས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ་ལ་ཕཊཿགྲངས་མེད་བརྗོད། དེ་བཞིན་དུ་ཀླུ་ལའང་རོ་གསར་པ་གཅིག་བསམ་ལ། ཤ་རུས། པགས་པ། རྩ་རྒྱུས། ནང་ཁྲོལ་ཁྲག་དང་ཆུ་སེར། སྐྲ་དང་བ་སྤུ། སོ་དང་སེན་མོ་རྣམས་སོ་སོར་ཕྲལ། མཁའ་འགྲོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཤ་ཁྲག་ལ་ཕོག་པས། ཤ་ཐམས་ཅད་འཆི་མེད་ཀྱི་བདུད་རྩི། རུས་ཐམས་ཅད་བཟང་དྲུག་སྨན་གྱི་བྱེ་བྲག །ཁྲག་ཐམས་ཅད་འོ་མའི་རྒྱ་མཚོ། དེ་གསུམ་འདྲེས་པས་ཡན་ལག་བརྒྱད་ལྡན་གྱི་མཚོ་དང་། རྫིང་བུ། ལྡེང་ཀ། ནེའུ་སིང་ལ་སོགས་ཆུའི་དབྱིབས་དུ་མ་


KMC019_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱུ་མ་དཀར་ནག་རོལ་མཚོ་བདུན། སྤགས་རིམ་བདུན་གསེར་གྱི་རི་བདུན། ཕོ་ལོང་སྒང་པ་གསུམ་ཁང་བཟང་བང་མཛོད་ཆུའི་དབྱིབས་སུ་ཀླུའི་ཕོ་བྲང་། སྙིང་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ། མཁལ་མ་ནོར་བུ་དགོས་འདོད་ཀུན་འབྱུང་། གློ་བ་མཆིན་ཆེར་གསུམ་ཆུ་རྟ་སོགས་སེམས་ཅན་སྣ་ཚོགས། གཞན་ཡང་དཔག་བསམ་གྱི་ཤིང་དང་སྐྱེད་མོས་ཚལ། རིན་པོ་ཆེའི་རི་བྲག་གཟུགས་སྒྲ་དྲི་རོ་ལ་སོགས་པའི་ཀླུའི་ཡོ་བྱད་མ་ཚང་བ་མེད་པ་ཕུལ་བས་བསམ་ངན་གདུག་རྩུབ་ཐམས་ཅད་ཞི་ནས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ་ལ་ཕཊཿཀྱིས་དམིགས་པ་འདོན། གདོལ་བ་ལ་ཤ་ཁྲག་ཁོ་ནར་དམིགས་པ་ཡིན་གྱི། རིགས་གཞན་རྣམས་ལ་ནི་མ་ཡིན་ནོ། །གསུམ་པ་དམར་འགྱེད་ནི། རང་ཉིད་ཐ་མལ་དུ་གནས་པའི་ལུས་སེམས་གོང་ལྟར་ཕྲལ་ཏེ། ཧ་ཡིག་ལས་ཁྲོས་མ་ནག་མོ་འཇིགས་སུ་རུང་བ་ཞིག་བསྐྱེད། ཡང་ན་རྣམ་ཤེས་མ་ཅིག་གི་


KMC019_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་བསྟིམ་སྟེ་མ་ཅིག་ཐུགས་ལས་ཁྲོས་མར་སྤྲུལ་པ་གང་བདེ་བྱ། གང་ལྟར་ཡང་ཁྲོས་མ་ནག་མོ་དེས་ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ཕྱར་བ། གཡོན་མི་རྐང་གི་གླིང་བུ་འབུད་པ། དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ། སྐུ་ཁམས་གསུམ་དུ་འགྱིང་ཞིང་རྔམས་པ། འཁོར་མཁའ་འགྲོ་འབུམ་ཡང་གཙོ་མོའི་ཆ་བྱད་ཅན་བསམ་ལ། དེ་རྣམས་ཀྱིས་ཕུང་པོ་གསེ་གཏུབ་བྱས་ནས་ལྷ་འདྲེ་རྣམས་ལ་བྱིན་ཅིང་གཙོ་མོས་བརྡ་སྤྲད་པར་བསམ། རོ་དེ་ཡང་དབུགས་དང་བྲལ་མ་ཐག་དྲོད་མ་ཡལ་བར་ཆེ་ཚོ་སྣུམ་བརྗིད་གཞོན་ཤ་རྒྱས་པ། པགས་པ་འཇམ་ཞིང་སྲབ་པ། ཤ་བཀྲག་མདངས་དང་ལྡན་པ་ཡིད་དུ་འོང་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་དམིགས་ལ། ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་རོ་དེ་མཐོང་བ་ཙམ་གྱིས་ཡིད་ཚིམ་ཞིང་། དབང་པོ་དེར་འཇུག་ཅིང་གདུག་སེམས་ངང་གིས་ཞི་ནས་དགའ་ཞིང་བྲོད་པའི་སེམས་དང་ལྡན་


KMC019_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། དམིགས་པ་འདི་ཙམ་མ་གཏོགས་རྒྱུན་དུ་དབང་སྡུད་ཟིལ་གནོན་གྱི་འདོན་ཆ་དང་དམིགས་རིམ་མི་དགོས། ཤ་ཁྲག་དེ་ཡང་དྲོད་མ་ཡལ་བ་རླངས་པ་ཕ་ལ་ལ། ཚིལ་བུ་དང་ཞག་སོགས་སྣུམ་བག་ཀྱིལ་ལི་ལི་ལན་ཚྭ་སོགས་རོ་མཆོག་བརྒྱ་དང་ལྡན་པ། བཟང་པོའི་བཤུན་དྲིའི་ངད་པ་འཐུལ་བ་ག་བུར་ཙན་དན་སོགས་ཀྱི་དྲིས་འཇིག་རྟེན་ཁྱབ་པར་བསམ། དམར་འགྱེད་འདི་ལ་ལྷ་འདྲེ་བྱེ་བྲག་ལ་ལུས་ཀྱང་བྱེ་བྲག་ཏུ་བསྔོ་བ། ལྷ་འདྲེ་སྤྱི་ལ་ལུས་སྤྱིར་བསྔོ་བ། ལྷ་འདྲེ་སྤྱི་ལ་ལུས་བྱེ་བྲག་ཏུ་བསྔོ་བ། ལྷ་འདྲེ་བྱེ་བྲག་ལ་ལུས་སྤྱིར་བསྔོ་བ་དང་བཞི་ལས། དང་པོ་ནི་མགྲོན་ལྷ་འདྲེ་རྣམས་འཇིགས་ཤིང་ཡ་ང་བའི་གདུག་པ་ཅན་ཁ་གདངས་ཤིང་མཆེ་བ་གཙིགས་ནས་ཤ་ཁྲག་ལ་རྔམས་པ་ཕོ་བདུད་རྒྱལ་འགོང་མོ་བདུད་སྲིན་མོ་རྣམས་རང་རང་གི་འཁོར་དཔག་ཏུ་མེད་པས་བསྐོར་བར་དམིགས་པ་ནི་དཔེར་ན། ཁོག་སྟོང་ཡ་བདུད་རྒྱལ་པོས་ཟོ་ཟེར་བ་ལྟ་བུ་སྟེ།


KMC019_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་སྨད་མ་བདུད་འདྲེ་མོ། རྐེད་པ་གདོལ་པ་ནག་པོ། ནང་ཁྲོལ་རྣམས་ལྷ་ཀླུ་སོགས་སྡེ་བརྒྱད། དོན་སྣོད་རྒྱལ་པོ་དང་བསེན་མོ་ཐེའུ་རང་། ཕྱི་ཤ་གཟུགས་དྲུག་ཕྱི་ཡི་ལྷ་འདྲེ། ནང་ཆ་བུ་དགུ་ནང་གི་ལྷ་འདྲེ། བར་ཤ་གསུམ་པོ་རབ་གྱི་ལྷ་འདྲེ། སྐྱི་ཤུན་ས་བདག །ཁྲག་གདོལ་པ། རུས་པ་གཉན། ཆིལ་བུ་བཙན། བཀྲག་མདངས་རྒྱལ་འགོང་། དྲོད་དབུགས་རླངས་པ་བསེན་མོ། རྩ་རྒྱུས་གྲི་བོ་གྲི་མོ། སྐྲ་དང་བ་སྤུ་པགས་པ་སོ་སེན་རྣམས་དམ་སྲི་བསེ་རག་རྣམས་ཀྱིས་ཁྱེར་བར་དམིགས། ཁྱད་པར་བདག་ལ་གནོད་པར་བྱེད་པའི་ལྷ་འདྲེ་གང་ཡིན་པ་དེ་ཚིམ་པར་བསམ་ལ་ཕཊཿཀྱིས་གསལ་གདབ། དེ་ལ་ཕྱི་ཤ་གཟུགས་དྲུག་ནི། རྐང་ལག་བཞི། བྲང་དང་ཟོ་ཁོག་གཉིས་ནང་དྲུག །བར་ཤ་གསུམ་ནི། མགོ་བོ་མན་ཁ་དང་བཅས་པ། རྐང་ཞག་མཚན་མ་དང་བཅས་པ། བྲང་ནུ་ཕུལ་དང་བཅས་པའོ། །ནང་ཤ་གསུམ་ནི། མཆིན་དྲི་སྲོག་རྩ་དང་


KMC019_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། ངལ་མི་མཁལ་ཤ་དང་བཅས་པ། ཤུ་མ་ཤུལ་དྲིད་དང་བཅས་པའོ། །ཡང་ནང་ཆ་བུ་དགུ་ནི། གློ་བ་དབུགས་ཀྱི་བུ། སྙིང་རྩའི་བུ། མཚེར་པ་ཁྲག་གི་བུ། མཆིན་པ་ཤའི་བུ། མཁལ་མ་རྨེན་གྱི་བུ། ཕོ་བ་བཅུད་ཀྱི་བུ། ལོང་ཁ་ཟས་ཀྱི་བུ། རྒྱུ་དཀར་ཚིལ་གྱི་བུ། རྒྱུ་ནག་ཆུ་སེར་གྱི་བུ་དང་དགུའོ། །སྣོད་དྲུག་ནི། སྙིལ་པ་ཞག་གི་སྣོད། མཁྲིས་པ་དྲིའི་སྣོད། ལྒང་པ་ཆུའི་སྣོད། ཕོ་བ་དྲོད་ཀྱི་སྣོད། ལོང་ཁ་ཟས་ཀྱི་སྣོད། ལོང་ཁ་ཟས་ཀྱི་སྣོད། རྒྱུ་མ་གཤང་པའི་སྣོད་དང་དྲུག་གོ །ནང་ཁྲོལ་རྣམ་པ་ལྔ་ནི། གློ་སྙིང་གཉིས། མཆིན་མཚེར་མཁལ་མ་གསུམ་དང་ལྔ་ལ་ནང་ཁྲོལ་ལྔ་ཟེར་རོ། །སྤྱི་བོ་དུང་དཀར་གཞལ་ཡས་ནས་རྐང་མཐིལ་སོར་མོ་ཡན་ཆད་དུ་རུས་མགོ་སུམ་བརྒྱ་དྲུག་ཅུ་དང་བཅས་པ་ཡོད་དོ། །གཉིས་པ་ལྷ་འདྲེ་སྤྱི་ལ་ལུས་སྤྱིར་བསྔོ་བ་ནི། དཔེར་ན་ཤ་ཟོ་ཁྲག་འཐུང་རུས་པ་མུར་ཟེར་བ་ལྟ་བུ་སྟེ། ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ། རུས་པའི་གྲམ་


KMC019_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད། པགས་པ་བསམ་གྱིས་མི་ཁྱབ་པའི་གྲངས་ལས་འདས་པར་བསམ་སྟེ། བདག་གི་ཚེ་རབས་ཐོག་མ་མེད་པ་ནས་ད་ལ་ཐུག་གི་བར་དུ་སྒོ་གསུམ་བདག་ཏུ་བཟུང་ཞིང་གཅེས་འཛིན་བྱས། མི་ལུས་མང་རབས་ལེན་ཀྱང་ཆུད་ཟོས་སུ་སོང་། བདག་འཛིན་གྱི་འདྲེས་ཁྱེར་ཏེ་འཁོར་བར་གཏན་འཁྱམས་བྱས་ནས་ལུས་སྣ་ཚོགས་བླང་ཀྱང་སྡུག་བསྔལ་གྱི་ཚོར་བས་མནར། ད་ནི་འཁོར་བའི་སྒྱུ་ལུས་འདི་ལ་མི་ཆགས་མི་ཞེན་པར་སྤྱིར་འགྲོ་བ་སྒོས་ཕ་མ་ཡང་སྒོས་རྩ་བའི་བླ་མའི་གླུད་དུ་གཏོང་བར་བྱ། ཁྱད་པར་ལན་ཆགས་བདག་པོ་རྣམས་ཀྱི་དོན་དུ་བསྔོ་བར་བྱས་ལ། ལྟོག་པས་ཤ་ཟོ། སྐོམ་པས་ཁྲང་འཐུང་། འཁྱག་པས་པགས་པ་གྱོན། རུས་པ། ལྷ་བ། རྐང་མར་བས་སྐྲ་ཉག་མ་གཅིག་ཀྱང་མ་ལུས་པར་བསམ་ལ་ཕཊཿབྱ། ལྷ་འདྲེ་རྣམས་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེས་ནས་གདུག་སེམས་ཞི་བར་བསམ་ལ་དམིགས་མེད་


KMC019_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྒྱས་གདབ། གསུམ་པ་ནི་ལྷ་འདྲེ་སྤྱི་ལ་ལུས་བྱེ་བྲག་ཏུ་བསྔོ་སྟེ། དཔེར་ན་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ་ཟེར་བ་ལྟ་བུ་སྟེ། ཕྱི་ཤ་གཟུགས་དྲུག །ནང་ཆ་བུ་དགུ། ལྷུ་བཅུ་གཉིས། རྐང་ལག་བཞི། ལྷུ་ཆེན། ལྷུ་ཕྲན། ཚིག་པ། རྩིབ་མ། སྒལ་ཚིག །རྒྱུད་པ། མགོ་བོ། གླད་པ། གླད་སྤྲི། མིག །རྣ་བ། ལྕེ། སྙིང་། གློ་བ། ནང་ཁྲོལ་སྣོད་དྲུག །ཞག་དང་ཆུ་སེར། ཁྲག་དང་རྐང་། ལྷ་བ་ཚིལ། རུས་པ། ཤ་ལྤགས་རྩ་རྒྱུས་ཆེ་ཆུང་། ཁ་རྗེ་དབང་ཐང་། བཀྲག་མདངས། ལུས་སྲོག་ལོངས་སྤྱོད། སྐྲ་དང་ཁ་སྤུ། སོ་དང་སེན་མོ་དེ་རྣམས་སྣང་སྲིད་སྡེ་བརྒྱད་ལ་བྱིན་པས། ལྷག་མ་མེད་པར་ཁྱེར་ནས་ཐམས་ཅད་འདོད་པ་བཞིན་དུ་ཚིམ་པར་བསམ་ལ་ཕཊཿབརྗོད། དམིགས་མེད་ཀྱི་རྒྱས་གདབ་བོ། །བཞི་པ་ལྷ་འདྲེ་བྱེ་བྲག་ལ་ལུས་སྤྱིར་བསྔོ་བ་ནི། དཔེར་ན་ཤར་ཕྱོགས་དྲི་ཟའི་གདོན་ཚོགས་དང་ཟེར་བ་ལྟ་བུ་སྟེ། ཤ་ཁྲག་བསེ་གཏུབ་བྱས་པ་ཐམས་


KMC019_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འདྲེས་པའི་ཕུང་པོ་སྟོང་གསུམ་ཙམ་དུ་བསམ་སྟེ། ལུས་སྲོག་ལོངས་སྤྱོད། དབུགས་དང་མདངས། བཀྲག་དང་ཁ་རྗེ་དབང་ཐང་། སྐྲ་བ་སྤུ་སོ་སེན་མོ་དང་བཅས་པའི་ཕུང་པོ་ངོ་བོ་ཤ་ཁྲག་ཡིན་པ་ལ་རྣམ་པ་ལྷ་འདྲེ་རྣམས་ལ་དགོས་འདོད་འབྱུང་བའི་དཔལ་དུ་བསམ་ལ། ཕོ་གདོན་རྒྱལ་པོ་འཁོར་བཅས། མོ་གདོན་བྱེ་བ་དུང་ཕྱུར། རྒྱལ་བསེན་སྡེ་བརྒྱད། དམུ་བདུད་བཙན་གསུམ། ཀླུ་བདུད་དང་གཟའ་གདོན་རྒྱུ་སྐར། གཤིན་རྗེ་མ་མོ། གནོད་སྦྱིན་གྲུལ་བུམ། གཉན་རིགས་ལྷོ་ཕྱེ། བགེགས་རིགས་དང་ལན་ཆགས། མ་བདུན་སྲིང་བཞི། ནད་རིམ་དལ་ཡམ་གྱི་བདག་པོ། གྲི་བོ་ཐེའུ་རང་། ཟ་འདྲེ་ཤི་གཤེད། དྲི་ཟ་རྦད་འདྲེ། འབྱུང་པོ་ཡི་དྭགས། དམ་སྲི་བསེ་རག །བྱད་མ་ལྷ་སྲུང་། ལས་གདོན་ལུས་གདོན་གནས་གདོན། ཡུལ་ལྷ་འཁོར་དང་བཅས་པ། གྲིབ་དང་ཆོ་འཕྲུལ་གཏོང་བ། ལྷ་འདྲེ་གདུག་སེམས་ཅན་སོགས་ཐམས་ཅད་ལ་མགོ་སྤྱི་


KMC019_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་གཙུག་ནས་རྐང་མཐིལ་སེན་མོ་ཡན་ཆད་བྱིན་པ་ཡིན་པས་ལྷག་མ་མ་ལུས་བར་རོལ་ཞིལ་ཚིམ་ནས་དགའ་མགུ་ཡི་རང་བའི་སེམས་དང་ལྡན་པར་བསམ་ལ་ཕཊཿལྷུག་པར་བརྗོད། མགྲོན་ཤ་ཁྲག་དང་བཅས་པ་དམིགས་མེད་ཁྱབ་གདལ་ཆེན་པོར་བཞག་གོ །བཞི་པ་ཁྲ་འགྱེད་ནི། རང་རིག་ཁྲོས་མས་བེམ་པོའི་པགས་པ་བཤུས་ཏེ་ཤ་ཁྲག་རུས་གསུམ་གཏུབ་པས། ངོ་བོ་ཤ་ཁྲག་ལ་རྣམ་པ་ཤ་ལྔ་བདུད་རྩི་ལྔ་འདོད་ཡོན་ལྔ་སོགས་ལྷ་མིའི་ལོངས་སྤྱོད་མ་ཚང་བ་མེད་པར་བསམ་ལ། འཁོར་འདས་གཉིས་ཀྱི་མགྲོན་རིགས་ཐམས་ཅད་ལ་ཕུལ་བར་བསམ་ལ་ཕཊཿབརྗོད། མཐར་དམིགས་པ་མེད་པའི་ངང་དུ་བཞག །དོན་ལ་གོང་གི་འགྱེད་ཐམས་ཅད་ཕྱོགས་གཅིག་ཏུ་སྡོམ་པ་ཡིན། ལྔ་པ་ནག་འགྱེད་ནི། མདུན་གྱི་མ་ཅིག་གི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ནད་གདོན་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ཐམས་ཅད་རྐང་མཐིལ་དང་


KMC019_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

འོག་སྒོ་གཉིས་ནས་ནག་ནུ་རུ་རུ་སོང་བས་བནྡྷ་སྟོང་གསུམ་གང་བའི་ནང་དུ་སོང་སྟེ་འབྲུ་གསུམ་བསྐྱེད་པས་འོད་དུ་ཞུ་ནས་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར་པ་ལྷ་འདྲེ་རྣམས་ཀྱིས་བཏུང་བས། དགའ་མགུ་ཡི་རང་ལྡན་པར་བསམ་མོ། །ལྷ་འདྲེའི་ལུས་ནག་ཕུང་ངེ་སོང་བར་བསྒོམ་པ་ནི་མི་རུང་བར་མ་ཅིག་གིས་གསུངས། ཟབ་དོན་དང་མཁའ་འགྲོའི་གད་རྒྱངས་སོགས་ནས་གསུངས་པ་ནི་མཐའ་གཏད་ལ་དགོངས་ཀྱི། རྒྱུན་དུ་ཉེས་པ་ཆེ་བས་མི་དགོས་སོ། །དྲུག་པ་ལྷག་མ་བསྔོ་བ་ནི། ལྷག་མའི་མགྲོན་ཞ་ལོང་འོན་ལྐུག་ཁས་ཞན་དབང་ཆུང་བ་རྣམས་ནི་གོང་གི་མགྲོན་མཉམ་དུ་འོངས་ཀྱང་མི་ཐོབ། མི་འོང་བའི་རྒྱལ་རྩེ་ནས་འཛམ་གླིང་ལ་བྱ་ར་བྱེད་པའི་རི་རྩེ་ཀན་དང་། རི་བོ་མཆོག་རབ་འགྱེལ་གྱི་དོགས་ནས་ལགས་པས་རྒྱུན་དུ་འཁྱུད་པའི་ལག་རིང་། རི་རབ་ཞིག་གི་དོགས་ནས་གསར་གཞོང་གིས་རྒྱ་མཚོ་ཕྱིར་སྐྱེལ་བའི་གཞོང་ཐོགས། ཡི་


KMC019_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་གཏེར་གྱི་བུམ་པ་གཞན་གྱིས་ཁུང་དོགས་ནས་བསྲུང་བའི་གཏེར་སྲུང་། འདོད་ཡོན་གྱི་རྟག་ཏུ་མྱོས་པའི་རྟག་མྱོས་དང་ལྔ་ནི་བོས་ཀྱང་མི་འོངས་པའི་མགྲོན་ལྔ། ཡང་ཀླུ་ཧང་བན་ནག་པོ་བོས་ན་མཐོང་བའི་དུག་ཡོད་པས་འབོད་མི་ཉན་པ་དང་། ལྟོ་ཕྱེ་བོས་ན་ས་གཞི་འགུལ་བས་འབོད་མི་ཉན་པ་སྟེ། དེ་ལ་སོགས་རིགས་མཐུན་དུ་མ་ཡོད་པས། དེ་རྣམས་ལ་ཕར་ཁྱེར་བའི་དམིགས་པ་དགོས་པ་ཡིན་ནོ། །དེ་མ་ཡིན་པའི་ཞ་ལོང་སོགས་ལ་ནི་ཀཱ་པ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ཁྲག་གི་ལྷག་མ་གང་ལ་ཅི་འདོད་པ་འཛད་མེད་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་དམིགས་ལ་ཐམས་ཅད་དྲག་གཞན་མེད་པ་བློ་མཐུན་ཞིང་རལ་བས་དགའ་མགུ་ཡི་རང་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་། ཞ་བོས་རྫུ་འཕྲུལ་གྱི་རྐང་པ་ཐོབ། ལོང་བ་ཡེ་ཤེས་ཀྱི་སྤྱན་དང་ལྡན། འོན་པས་ཆོས་ཀྱི་སྒྲ་ཐོས། ལྐུག་པ་ཚངས་པའི་དབྱངས་དང་ལྡན། ཁས་ཞན་པ་གླིང་བཞིར་


KMC019_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བའི་རྒྱལ་པོ་གྱུར། དབང་ཆུང་བ་སྟོང་གསུམ་ལ་དབང་བའི་རྒྱལ་པོ་གྱུར། ལུས་རྩལ་ཞན་ཅིང་མ་ཐོབ་པ་རྣམས་རྣམ་ཐོས་ཀྱི་བུ་ལྟར་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསམ་ལ་ཕཊཿབརྗོད། མཐར་དམིགས་མེད་ངང་དུ་བཞག་གོ །དེ་ལྟར་བྱས་པས། ལྷོངས་དང་ཆོ་འཕྲུལ་ཞི་ནས་ཚར་ཚད་བྱུང་ན་མགོ་བསྐོར་དང་ཉམས་ཚད་སོགས་ཡིན་མིན་འོག་ནས་འབྱུང་བ་ལྟར་བརྟགས་ཤིང་། ངེས་པར་ཆོད་ཚད་བྱུང་ན་བདེ་སྡུག་གཏོང་ལེན་བྱ་ཞིང་ལྷ་འདྲེ་ལ་བྱང་ཆུབ་ཀྱི་ལམ་བསྟན་པ་ནི་བདེ་སྡུག་གཏོང་ལེན་དང་། ཟབ་རྒྱས་དམ་པ་ཆོས་ཀྱི་སྦྱིན་པ་གཉིས་ལས། དང་པོ་ནི་ལྷ་འདྲེས་གཙོ་བྱས་པའི་ཁམས་གསུམ་རིགས་དྲུག་གི་ལས་ཉོན་སྡུག་བསྔལ་རྒྱུ་དང་འབྲས་བུ་བཅས་པ་བདག་ལ་ཐིམ། བདག་གི་མཆོད་སྦྱིན་གྱི་དགེ་རྩ་འདིས་གཙོས་པའི་དུས་གསུམ་གྱི་ཀུན་རྫོབ་དང་དོན་དམ་པའི་ཚོགས་གཉིས་བསགས་པ་གང་དང་གང་ཡོད་པ་དེ་


KMC019_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པ་ལྷ་འདྲེ་ལ་ཐིམ་པ་ལན་མང་དུ་བསམ་ལ་ཕཊཿདང་། དེའི་ཡན་ལག་ཧ་དང་ཧཱུྃ་བརྗོད་དེ། ཕན་བདེ་མ་ལུས་སོགས་དང་། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་སྲིད་རྩེར་སླེབ་པ་ཞིག་བསྒོམ་ལ། དེའི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་དཀར་པོར་ཡིག་དྲུག་གིས་བསྐོར་བ་དམིགས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བརྒྱ་ལས་མི་ཉུང་བར་བརྗོད་པས་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩི་དཀར་པོའི་རྒྱུན་ཕྱག་གཡས་མཆོག་སྦྱིན་མཛད་པའི་ཕྱག་སོར་ནས་ངང་ན་ར་ར་བབས་པས་ཁམས་གསུམ་ལྷ་འདྲེ་དང་བཅས་པའི་སྡིག་སྒྲིབ་ཐམས་ཅད་དག་ནས་ལུས་ཤེལ་གོང་ལྟར་གྱུར་པར་བསམ། མཐར་དེ་རྣམས་ཀྱིས་རང་ལ་བསྐོར་བ་བྱས་པར་དམིགས། དེ་ནས་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར། སྒྲ་ཐམས་ཅད་ཡིག་དྲུག །ཕྱི་སྣོད་ཐམས་ཅད་བདེ་བ་ཅན། དྲན་རྟོག་ཐམས་ཅད་ཕྱག་རྒྱ་ཆེན་པོ་གྱུར་


KMC019_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་ལ་ཡིག་དྲུག་འདོན། ཡང་རང་སྐད་ཅིག་ལ་གནས་འགྱུར་ཏེ་རྒྱལ་བ་ཤཱཀྱ་ཐུབ་པ་མཚན་དཔེ་འབར་བའི་སྐུར་གྱུར་ནས་ཆོས་གསུངས་པར་བསམ་ལ། ཆོས་རྣམས་ཐམས་ཅད་སོགས་བརྗོད་མཐར་ཚོགས་ཀྱི་ལམ་དང་སོགས་ལམ་བསྟན་ལ་མགྲོན་རྣམས་གཤེགས་སམ། ཡང་ན་དམིགས་མེད་བཞག་ལ་ཕཊཿབརྗོད། མཐར་བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་བྱས་ལ་སྣང་སྟོང་ཟུང་འཇུག་གི་རྒྱས་བཏབ་བོ། །ཡང་ཟབ་དོན་ལྟར་འདོད་ན་ཚིག་བཅད་རྐང་མཐིལ་གཉིས་སུ་སོགས་བདེ་ཞིང་། དམིགས་རིམ་ཚིག་ལྷུག་མ་ལྟར་བྱ་བ་ནི་དང་པོ་དབྱིངས་རིག་བསྲེ་སྟེ། རང་གི་སེམས་ཉིད་ཅི་ཡང་མ་ཡིན་པ་ལ་ཅི་ཡང་བྱར་བཏུབ་པའི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཉིད་འདི་ངོ་བོ་སེམས། རྣམ་པ་ཐིག་ལེ་དཀར་དམར་བྱ་མ་སར་གྱི་སྒོ་ང་ཙམ་པ་གཉིས་རྐང་པའི་མཐིལ་གཉིས་སུ་རེ་རེ་ཡོད་པར་བསམ། དེ་གཉིས་མཉམ་དུ་ངར་གདོང་གི་


KMC019_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་རྐང་གི་ཁོང་ནས་ཡར་བྱུང་སྟེ་པུས་མོ་གཉིས་སུ་སླེབ། དེ་ནས་བརླ་གཉིས་ན་ཡར་བྱུང་སྟེ་སུམ་མདོར་གཅིག་ཏུ་དྲིལ་པ་དེ། ཕཊཿཅེས་པས་ལྟེ་བ། ཕཊཿཅེས་པས་སྙིང་ཁ། ཕཊཿཅེས་པས་མགྲིན་པ། ཕཊཿཅེས་པས་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་རྒྱང་གི་ཐོན། ཕཊཿཅེས་པས་ནམ་མཁའ་ལ་འཇའ་ཡལ་བ་ལྟ་བུར་གྱུར། དབྱིངས་རིག་བསྲེས་པའི་ངང་ལ་ཅི་གནས་བཞག །ནམ་མཁས་གར་ཁྱབ་སེམས་ཀྱིས་ཀྱབ་པས། མཐའ་དབུས་དང་བྲལ་བའི་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ཅི་གནས་བཞག །མི་གནས་པའི་ཚེ་ཕུང་པོ་གཟན་དུ་བསྐྱུར་བ་ལ་གསུམ། ཕུང་པོ་སྤྱིར་གཟན་དུ་བསྐྱུར་བ་དང། བྱེ་བྲག་ཏུ་གཟན་དུ་བསྐྱུར་བ་དང་། ཐོད་རྒལ་དུ་གཟན་དུ་བསྐྱུར་བ་ལས། དང་པོ་སྤྱིར་གཟན་དུ་བསྐྱུར་བ་ལ་དྲུག་གི་དང་པོ་དཀར་ཚོགས་ལམ་ཁྱེར་བྱ་བ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་གོང་དུ་དབྱིངས་རིག་བསྲེས་པའི་རྣམ་པར་ཤེས་པ་མཁའ་


KMC019_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མར་གྱུར་པའམ། ཡང་ན་ཕཊཿཅེས་པས་རང་གི་སེམས་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ། གཡོན་ཐོད་པ་ཐུགས་ཀར་འཛིན་པ། ཞབས་གཡོན་བརྐྱངས་ཤིང་གཡས་བསྐུམ་པ། དབུ་སྐྲ་ལྕང་ལོས་སྐུ་རྒྱབ་ནོན་པ་མཛེས་ཤིང་ཡིད་དུ་འོང་བ་ཞིག་གསལ་ལ་ཕཊཿབྱས་བས་དབུ་མའི་ལམ་ནས་རྒྱང་གི་ནམ་མཁའ་ལ་ཐོན་ཏེ། རང་གི་ཕུང་པོ་དེའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གྲི་གུག་གིས་གཤགས་པས་པགས་པ་སྟོང་གསུམ་དང་མཉམ་པའི་སྟེང་དུ་ཕཊཿ ཤ་ཡི་རི་བོ་ཆེན་པོ་ཕཊཿ ཁྲག་གི་རྒྱ་མཚོ་ཆེན་པོ་ཕཊཿ རུས་པའི་གྲམ་ཁྲོད་ཆེན་པོ་སྟོང་གསུམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་ཕུང་པོར་གྱུར། རྡོ་རྗེ་རྣལ་འབྱོར་མས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་མ་དག་པ་སྦྱངས། ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ་ནས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདོད་པའི་ཡོན་ཏན་


KMC019_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་ལྡན་པར་གྱུར། ཞེས་བྱིན་གྱིས་བརླབ། རྣལ་འབྱོར་མ་དེ་ལས་རྣལ་འབྱོར་མ་དཔག་མེད་སྤྲུལ་ནས་ཐོད་པས་བདུད་རྩི་རྣམས་བཅུས་ལ། དཀོན་མཆོག་སྲིད་ཞུའི་མགྲོན་རྣམས་ལ་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་ཕུལ་བས་མཉེས་ཤིང་ཚིམ་པ་བསམ། སྙིང་རྗེ་ལན་ཆགས་ཀྱི་མགྲོན་རྣམས་ལ་ཐོད་པས་བདུད་རྩི་བཅུས་ནས་སྟོར་བས་སོ་སོའི་ནད་དང་སྡུག་བསྔལ་ཞི། བཀྲག་དང་གཟི་མདངས་རྒྱས་ཅི་འདོད་པའི་འབྱོར་པ་ཕུན་སུམ་ཚོགས་པར་གྱུར་པ་བསམ་ལ། ངག་ཏུ་འདི་འདི་སྐད་བརྗོད་དེ། ཕ་དྲིན་ཅན་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་དང་། ཕ་རྒྱུད་དཔའ་བོའི་ལྷ་ཚོགས། མ་རྒྱུད་དཔའ་མོའི་ལྷ་ཚོགས། སྲས་རྒྱུད་ཉམས་མྱོང་གི་ལྷ་ཚོགས་ཏེ། གཅོད་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་བཀའ་བརྒྱུད་སྒྲུབ་བརྒྱུད། དབང་བསྐུར། ཞལ་མཇལ། གསུང་ཐོས་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་


KMC019_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་དང་། དཔའ་བོ་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་སྲུང་མ་དཀོན་མཆོག་སྲིད་ཞུའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །མཉེས་ཤིང་ཚིམ་པར་གྱུར་ཅིག །དཔལ་ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བཅུ། རྒྱལ་པོ་ཆེན་པོ་བཞི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་འཁོར་དང་བཅས་པ་ལ་སོགས་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །གནས་པོ་ཆེན་པོ་འདིས་གཙོ་བྱས་པའི་གཞི་བདག་གི་རིགས་སུ་གྱུར་པ། དུས་གསུམ་གྱི་ཕ་མ། ཁམས་གསུམ་གྱི་སེམས་ཅན། རིགས་དྲུག་ནམ་མཁའ་དང་མཉམ་པ། སྙིང་རྗེའི་མགྲོན་དུ་གྱུར་པ། ལན་ཆགས་ཀྱི་གླུད་ལ་རེ་བ། བུ་ལོན་མ་འཁོར་


KMC019_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བ། ལན་ཆགས་ཀྱི་མགྲོན་དུ་གྱུར་པའི་ཤ་མཁོན་ཐམས་ཅད་བྱེད་པར་གྱུར་ཅིག །བདག་གི་ཤ་ཁྲག་ལས་གྲུབ་པའི་བདུད་རྩིའི་མཆོད་སྦྱིན་འདི་དག་མཐོང་བ་ཐོས་པ། ཟོས་པ། འཐུང་བ། ལོངས་སྤྱད་པ་ཙམ་གྱི་བླ་མ་དང་འཕགས་པ་རྣམས་མཉེས་ཤིང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བྱང་ནས་ཚོགས་གཉིས་རྫོགས་པར་བསམ། དེ་ལྟར་ལན་བརྒྱ་འམ། ཉེར་གཅིག་ལ་སོགས་པ་གང་ཐུབ་བྱ། ལྷག་མ་ཤལ་ཤུལ་རྣམས་ཁས་ཞན་ལ་དབང་ཆུང་བ་གློ་བུར་དུ་ལྷག་པ་རྣམས་ལ་བྱིན་པས། སོ་སོའི་འདོད་རྫས་ལོངས་སྤྱོད་ཕུན་སུམ་ཚོག་པ་ཐོབ་པར་བསམ་ཕཊཿཅེས་བརྗོད་པས་སྦྱིན་པའི་ཡུལ། ཕཊཿསྦྱིན་པའི་དངོས་པོ། ཕཊཿསྦྱིན་ཚུལ་མི་དམིགས་ཤིང་། ཡང་ཕཊཿབྱས་པས། སེམས་ཉིད་ཀྱི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་ནམ་མཁའ་ལ་འཇའ་ཡལ་པ་ལྟ་བུར་གྱུར་ནས་དབྱིངས་རིག་བསྲེས་པའི་ངང་ལ་ཅི་གནས་བཞག །དེར་མི་གནས་


KMC019_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཟུང་འཛིན་གྱི་རྣམ་རྟོག་བྱུང་ན་ཕཊཿ ཅེས་པས་འཐོར་བ་སྡུད། །བྱིང་པ་བསལ། གང་ཤར་གྱི་ངོ་བོ་ལ་བལྟ་ཞིང་རིག་པ་རྟེན་མེད། ལས་མེད། གཏད་མེད་ཀྱི་ངང་ལ་བཞག་པར་བྱའོ། །གཉིས་པ་ནི་རང་གི་ལུས་དཔག་བསམ་གྱི་སྡོང་པོ་རྒྱ་ཆེ་ཞིང་དཔངས་མཐོ་བ་ཚད་མེད་པར་དམིགས་ཏེ། དེ་ལ་འདོད་པའི་ཡོན་ཏན་གྱི་བཟའ་བ། བཏུང་བ། བགོ་བ། རྒྱན། གནས་མལ། བཞོན་པ་སོགས་ཅི་དང་ཅི་འདོད་པ་ཐམས་ཅད་ཟད་མི་ཤེས་པ་རྣམ་པ་ཐམས་ཅད་དུ་འབྱུང་བ་དེ་ལྟ་བུ་བསྒོམ་ལ། དེས་དཀོན་མཆོག་སྲིད་ཞུའི་མགྲོན་རྣམས་ལ་མཆོད་པ་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་ཕུལ་བས་མཉེས་པར་བསམ། གཞན་ཡང་སེམས་ཅན་གྱི་ཁམས་ཚད་མེད་པ་དང་། ལན་ཆགས་སྙིང་རྗེའི་མགྲོན་རྣམས་ཀྱང་འདོད་པའི་ཡོན་ཏན་གྱིས་ཡིད་ཚིམ་ཞིང་ཆོས་ཀྱི་སྐལ་བ་དང་ལྡན་པར་བསམ་ལ། རྗེས་སུ་བསྔོ་བས་རྒྱས་གདབ་བོ། །


KMC019_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི་རང་གི་ལུས་རིན་པོ་ཆེའི་རི་རབ་མཆོག་ཏུ་མཛེས་པ་ལ། དེ་ལ་སྨན་དང་བཅུད་སྣ་ཚོགས་ཀྱི་རིམ་པར་བསམ་གྱིས་མི་ཁྱབ་པ་སྐྱེས་ཤིང་། དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མ་ལུས་པ་ཚིམ་ཤིང་དགྱེས་པ་ཉིད་དུ་གོང་བཞིན་བསྒོམ། བཞི་པ་ནི་རང་གི་ལུས་འདི་བདུད་རྩིའི་རྒྱ་མཚོ་ལས་བདུད་རྩི་དཔག་ཏུ་མེད་པ་འཕེལ་ནས་མགྲོན་རིགས་རྣམས་ཚིམ་ཞིང་དགྱེས་པར་བསྒོམ། ལྔ་པ་ནི་རང་གི་ལུས་འདི་ཡིད་བཞིན་གྱི་ནོར་བུར་བསྒོམ་ལ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མཐུན་པར་འདོད་དགུའི་འབྱུང་གནས་དག་ཏུ་དམིགས་ལ། རྒྱལ་བ་རྣམས་མཆོད་ཅིང་སེམས་ཅན་རྣམས་ཡིད་ཚིམ་པར་བྱེད་པའི་སྐལ་བ་ཅན་དུ་བསྒོམ། ཇི་ལྟར་བསྒོམས་པ་དེ་མངོན་སུམ་ལྟ་བུར་བསམ་ནས། དེ་ལ་དགའ་སྤྲོ་ཚད་མེད་པ་བསྐྱེད་པར་བྱའོ། །དྲུག་པ་ནི་བདག་གི་ལུས་གང་དུ་ཡང་བསྒྱུར་བ་མེད་པར་གཏན་པ་མེད་པའི་མཆོད་སྦྱིན་ཆེན་པོར་


KMC019_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱའོ། །ཞེས་བསམ་ནས་རང་གི་ལུས་ཤིན་ཏུ་ཆེ་བར་གྱུར་ཏེ། རང་ཉིད་གང་ན་གནས་པའི་ས་ཕྱོགས་ཀྱི་ལུང་པའི་ཕུ་ན་མགོ་དང་། མདའ་ན་རྐང་པ། ལུས་གཡས་གཡོན་གྱིས་ལུང་པའི་གཡས་གཡོན་དུ་ཁྱབ་པར་བྱས་པ་དེ་ཉིད་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་བསམ་ལ། དཀོན་མཆོག་སྲིད་ཞུ། མགོན་པོ་ཡོན་ཏན། ལན་ཆགས་སྙིང་རྗེའི་སེམས་ཅན་རྣམས་དགྱེས་ཤིང་ཚིམ་པར་བསམ་ལ། ལུས་ཀྱི་ཞེན་ཆགས་མཐའ་དག་སྤངས་ཏེ་ཕུང་པོ་རྣམ་དག་གི་ཚོགས་འཁོར་བྱང་ཆུབ་ཀྱི་སྤྱོད་པ་རྣམ་པར་དག་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཞེས་བསམ་སྟེ་ཏིང་ངེ་འཛིན་གྱིས་ལུས་རིལ་པོར་གནས་པ་རྣམ་པར་བཤིག་ལ། ཤ་དང་། ཚིལ་དང་། རུས་པ་དང་། ཁྲག་དང་། ཀླད་པ་ལ་སོགས་པའི་བཟའ་བ་དང་། བཏུང་བར་འོས་པ་དངོས་པོ་སྣ་ཚོགས་པའི་ཕུང་པོར་དམིགས་ནས། ཐོག་མར་རྩ་བ་


KMC019_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས་ནམ་མཁར་གང་བར་དམིགས་ཏེ། ངག་ཏུ། རྗེ་བཙུན་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་གི་ལུས་ཀྱི་མཆོད་སྦྱིན་རྒྱ་ཆེན་པོ་འདི་བཞེས་སུ་གསོལ་ལོ་ཞེས་ཕུལ་བས། ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་གི་རྫས་སུ་གྱུར་པ་དེ་ཉིད་སོ་སོར་བཞེས་ཤིང་དགྱེས་པར་བསམ། དེ་ལྟར་ལན་གྲངས་མང་དུ་བགྱིས་པས། སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་རྩོལ་མེད་དུ་འབྱུང་བར་བསྒོམ། རྗེས་ལ་བསྔོ་བ་བྱ། །གཉིས་པ་བྱེ་བྲག་གཟན་དུ་བསྐྱུར་བ་ལ་བཅུ་གསུམ་ལས་དང་པོ་ནི། རང་གི་ལུས་ཀྱི་བྱེ་བྲག་གང་ན་བ་དེ། རང་ཉིད་རྣལ་འབྱོར་མའི་ཕྱག་གཡས་ཀྱི་རལ་གྲིས་བཀོག་ནས། གནོད་བྱེད་ཀྱིས་གཙོ་བྱས་པའི་གདོན་རྣམས་ལ་བྱིན་པས། གནོད་བྱེད་མ་ལུས་པས་ཧབ་ཤ་བྱས་ནས་ཟོས་


KMC019_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ལྷག་མ་མེད་པར་བསམ་ལ། ངག་ཏུ། འཁོར་བ་ཐོག་མ་མེད་པ་ནས་བདག་གི་ལུས་ངག་ཡིད་གསུམ་ལ་བདག་ཏུ་བཟུང་། གཅེས་འཛིན་བྱས་པས། གནས་སྐབས་སུ་འདྲེ་དང་གདོན་བགེགས་ཀྱིས་གནོད། ན་ཚ་དང་དུཿཁ་བྱུང་། མཐར་ཐུག་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་དེ་བདག་འཛིན་གྱིས་ལན་པ་ཡིན་པས། དེ་བའི་ལུས་འདི་རྒྱུ་སྔོན་གྱི་ལས་ལས་གྲུབ། རྐྱེན་ཕ་མའི་འདོད་ཆགས་ཀྱིས་བསྐྱེད། འབྲས་བུ་དལ་འབྱོར་གྱི་མི་ལུས་ཐོབ། དབང་པོ་སྒོ་ལྔ་ཚང་། དོན་སྙིང་ལྔ་དང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚང་བའི་ལུས་འདི་མཛེས་ཤིང་གཙང་བ་ཡིད་དུ་འོང་བ་གཅེས་ཤིང་འཕངས་པ། དགོས་ཤིང་མཁོ་བའི་ལུས་འདི་སྤྱིར་འགྲོ་དྲུག་སེམས་ཅན་གྱི་གླུད་དུ་བསྔོ། སྒོས་དྲིན་ཆེན་ཕ་མའི་གླུད་དུ་བསྔོ། ཡང་སྒོས་རྩ་བའི་བླ་མའི་གླུད་དུ་བསྔོ། ཁྱད་པར་དུ་ལྷ་འདྲེ་ཁྱེད་ཚོའི་གཟན་དུ་གཏོང་བས། རིངས་ན་གྲང་མོར་ཟོ། མི་


KMC019_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

རིངས་ན་ཚོས་ལ་ཟོ། ཞེན་པ་ཏིལ་འབྲུ་ཙམ་ཡང་མི་བྱེད་དོ། །སུ་འདོད་ཁྱེར་ཅིག་བྱས་ལ་ཞེན་ཆགས་མི་བྱེད་པར། བདག་མེད་དུ་བསྐྱུར་བས། གདོན་བགེགས་རྣམས་ཀྱིས་ཧབ་ཐོབ་བྱས་ནས་ཤ་ཟོས། ཁྲག་འཐུང་། རུས་པ་མུར། ལྷག་མ་ཏིལ་འབྲུ་ཙམ་ཡང་མ་ལུས་པར་བསམ་ལ། ཐུན་མཚམས་སུ་བསྔོ་བ་བྱ། གཉིས་པ་ནི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་མགོ་བོ་ན་ན་ཉོན་མོངས་པ་གཏི་མུག་གིས་སྐྱེད་ཅིང་། ཀླུ་གདོན་གྱིས་གནོད་པའི་ནད་ཡིན་པས། ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་གཏི་མུག་གིས་སྐྱེད་ཅིང་། ཀླུ་གདོན་གྱིས་གནོད་པའི་ནད་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བཀུག་ནས། རང་གི་སྤྱི་བོའི་ནད་ཀྱི་སྟེང་དུ་སིབ་སིབ་ཐིམ་པར་བསམ་ལ། སེམས་ཅན་ཐམས་ཅད་ཀྱི་ནད་དང་ཉོན་མོངས་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །ལས་ངན་གྱི་རྣམ་སྨིན་དག་པར་གྱུར་ཅིག །བུ་ལོན་དང་


KMC019_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཆགས་འཁོར་བར་གྱུར་ཅིག །ཟག་པ་མེད་བའི་བདེ་བ་དང་ལྡན་པར་གྱུར་ཅིག །སྙམ་དུ་སེམས་བསྐྱེད། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་གཏི་མུག་གིས་སྐྱེད་ཅིང་། ཀླུ་གདོན་གྱིས་གནོད་པའི་ནད་ཐམས་ཅད་སངས་ཀྱིས་དག་པ་དང་། བདག་གི་སྤྱི་བོའི་ནད་ཀྱང་ན་བྱ་ན་བྱེད་མེད་པ་སྐྱེ་མེད་སྟོང་པའི་ངང་དུ་ལྷན་གྱིས་བཞག །རྗེས་བསྔོ་བ་བྱ། གསུམ་པ་ནི་རང་གི་མགྲིན་པ་དང་གསང་གནས་ན་ན། ཉོན་མོངས་པ་འདོད་ཆགས་ཀྱིས་སྐྱེད་ཅིང་། མོ་གདོན་བསེན་མོས་གནོད་པའི་ནད་ཡིན་པས། ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདོད་ཆགས་ཀྱིས་སྐྱེད་ཅིང་། མོ་གདོན་བསེན་མོས་གནོད་པའི་ནད་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བཀུག་ནས། མགྲིན་པ་དང་གསང་གནས་ན་བའི་ནད་ཀྱི་སྟེང་དུ་སིབ་སིབ་ཐིམ་པར་བསམ་ལ། སེམས་ཅན་ཐམས་ཅད་ཀྱི་ནད་དང་ཉོན་མོངས་པ་ཐམས་ཅད་


KMC019_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སྨིན་པར་གྱུར་ཅིག །ལས་ངན་གྱི་རྣམ་སྨིན་དག་པར་གྱུར་ཅིག །བུ་ལོན་དང་ལན་ཆགས་འཁོར་བར་གྱུར་ཅིག །ཟག་པ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག་བསམ་ལ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདོད་ཆགས་ཀྱིས་སྐྱེད་ཅིང་། མོ་གདོན་བསེན་མོས་གནོད་པའི་ནད་ཐམས་ཅད་སངས་ཀྱིས་དག་པ་དང་། བདག་གི་མགྲིན་པ་དང་གསང་གནས་ཀྱི་ནད་ཀྱང་ན་བྱ་ན་བྱེད་དང་བྲལ་བ་སྐྱེ་མེད་སྟོང་པའི་ངང་དུ་ལྷན་གྱིས་བཞག །དེ་ལ་རེ་དོགས་མེད་པར་འབྲས་བུར་ལ་བཟླ། རྗེས་བསྔོ་བ་བྱ། བཞི་པ་ནི། རང་གི་སྙིང་ན་ན་ཉོན་མོངས་པ་ཞེ་སྡང་གིས་སྐྱེད་ཅིང་། ཕོ་གདོན་རྒྱལ་པོས་གནོད་པའི་ནད་ཡིན་པས། ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཞེ་སྡང་གིས་སྐྱེད་ཅིང་། ཕོ་གདོན་རྒྱལ་པོས་གནོད་པའི་ནད་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བཀུག་ནས། རང་གི་སྙིང་ཁའི་ནད་ཀྱི་སྟེང་དུ་སིབ་སིབ་


KMC019_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་བསམ། སེམས་ཅན་ཐམས་ཅད་ཀྱི་ནད་དང་ཉོན་མོངས་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །ལས་ངན་གྱི་རྣམ་སྨིན་དག་པར་གྱུར་ཅིག །བུ་ལོན་དང་ལན་ཆགས་འཁོར་བར་གྱུར་ཅིག །ཟག་པ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག་བསམ་ལ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཞེ་སྡང་གིས་སྐྱེད་ཅིང་། ཕོ་གདོན་རྒྱལ་པོས་གནོད་པའི་ནད་ཐམས་ཅད་སངས་ཀྱི་དག་ནས། བདག་གི་སྙིང་ཁའི་ནད་ཀྱང་ན་བྱ་ན་བྱེད་མེད་པར་སྐྱེ་མེད་སྟོང་པའི་ངང་ལ་ལྷན་གྱི་བཞག །རྗེས་བསྔོ་བ་བྱ། ལྔ་པ་ནི། རང་གི་ལྟེ་བ་གཅིག་པུ་ན་ན་ཉོན་མོངས་པ་ང་རྒྱལ་གྱིས་སྐྱེད་ཅིང་། གདོན་གསུམ་ཆར་གྱིས་གནོད་པའི་ནད་ཡིན་པས། ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉོན་ཉོངས་པ་ང་རྒྱལ་གྱིས་སྐྱེད་ཅིང་། གདོན་གསུམ་ཆར་གྱིས་གནོད་པའི་ནད་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བཀུག་ཅིང་། རང་གི་ལྟེ་བའི་ནད་


KMC019_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟེང་དུ་སིབ་སིབ་ཐིམ་པར་བསམ་ལ། སེམས་ཅན་ཐམས་ཅད་ཀྱི་ནད་དང་ཉོན་མོངས་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །ལས་ངན་གྱི་རྣམ་སྨིན་དག་པར་གྱུར་ཅིག །བུ་ལོན་དང་ལན་ཆགས་འཁོར་བར་གྱུར་ཅིག །ཟག་པ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག་བསམ་ལ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ང་རྒྱལ་གྱིས་སྐྱེད་ཅིང་། གདོན་གསུམ་ཆར་གྱིས་གནོད་པའི་ནད་ཐམས་ཅད་སངས་ཀྱི་དག་པ་དང་། བདག་གི་ལྟེ་བའི་ནད་ཀྱང་ན་བྱ་ན་བྱེད་མེད་པ་སྐྱེ་མེད་སྟོང་པའི་ངང་ལ་ལྷན་གྱི་བཞག །རྗེས་བསྔོ་བ་བྱ། དྲུག་པ་ནི། ཡན་ལག་དང་ཁོལ་བུར་ན་ན། ཉོན་མོངས་པ་ཕྲག་དོག་གིས་སྐྱེད་ཅིང་། གདོན་གསུམ་ཆར་གྱིས་གནོད་པའི་ནད་ཡིན་པས། ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཕྲག་དོག་གིས་སྐྱེད་ཅིང་། གདོན་གསུམ་ཆར་གྱིས་གནོད་པའི་ནད་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་


KMC019_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་ཅིང་། རང་གི་ཡན་ལག་དང་ཁོལ་བུར་ན་བའི་ནད་ཀྱི་སྟེང་དུ་སིབ་སིབ་ཐིམ་པར་བསམ་ལ། སེམས་ཅན་ཐམས་ཅད་ཀྱི་ནད་དང་ཉོན་མོངས་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །ལས་ངན་གྱི་རྣམ་སྨིན་དག་པར་གྱུར་ཅིག །བུ་ལོན་དང་ལན་ཆགས་འཁོར་བར་གྱུར་ཅིག །ཟག་པ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག་བསམ་ལ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཕྲག་དོག་གིས་སྐྱེད་ཅིང་། གདོན་གསུམ་ཆར་གྱིས་གནོད་པའི་ནད་ཐམས་ཅད་སངས་ཀྱི་དག་པ་དང་། བདག་གི་ཡན་ལག་དང་ཁོལ་བུར་ན་བའི་ནད་ཀྱང་ན་བྱ་ན་བྱེད་མེད་པ་སྐྱེ་མེད་སྟོང་བའི་ངང་ལ་ལྷན་གྱི་བཞག །རྗེས་བསྔོ་བ་བྱ། བདུན་པ་ནི། བདག་ལ་གནོད་པོའི་གདོན་གང་ཡིན་པ་དེ། དྲིན་ཅན་གྱི་མར་ཤེས་པར་བྱ་སྟེ་མདུན་དུ་བསམ་ལ། སྙིང་རྗེ་ཕུར་ཚུགས་སུ་བསྒོམ་པས། གདོན་དེ་ལ་ཡང་སྙིང་རྗེའི་སེམས་སྐྱེས་སྟེ། དེའི་སྙིང་རྗེའི་སེམས་དང་།


KMC019_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་རྗེའི་སེམས་གཉིས་དབྱེར་མེད་དུ་ཁྲུག་གི་འདྲེས་ནས་སྟོང་པ་ཉིད་ཀྱི་ངང་དུ་ལྷན་གྱི་བཞག །ཡང་གཞན་ནད་པ་ལྟ་བུ་ཡིན་ན། ནད་པ་དེའི་སེམས། གདོན་དང་། རང་གི་སེམས་གསུམ་དབྱེར་མེད་དུ་འདྲེས་ནས་སྟོང་ཉིད་དབྱེར་མེད་དུ་བསམ། རྗེས་བསྔོ་བ་བྱ། ནད་དམིགས་འདི་ཐམས་ཅད་ལ་ལུས་སྦྱིན་མང་དུ་བྱ་ཞིང་། གཉན་སར་ནད་ལྷོངས་སྐབས་ཙམ་མ་ཡིན་པར་རྒྱུན་དུའང་ཉམས་སུ་བླང་ངོ་། །བརྒྱད་པ་ནི། དབྱིངས་རིག་བསྲེས་ནས་རང་གི་ལུས་འདི་བདུད་རྩིར་བྱིན་གྱིས་བརླབ་ལ། ཕུད་བླ་མ་དཀོན་མཆོག་མཆོད། ལྷག་མ་གདོན་དེར་སྦྱིན་ལ། ལས་ངན་གྱི་སྡིག་སྒྲིབ་དག་པར་གྱུར་ཅིག །བུ་ལོན་དང་ལན་ཆགས་འཁོར་བར་གྱུར་ཅིག །ཟག་པ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག་བསམ་ལ། རྗེས་བསྔོ་བ་བྱ། སེམས་མ་བཅོས་པའི་ངང་ལ་བཞག །དགུ་པ་ནི། ཨོཾ་ཨཱཿཧཱུྃ་གིས་རང་ལུས་བདུད་རྩིར་བྱིན་གྱིས་བརླབ་ལ། གདོན་བགེགས་


KMC019_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གང་ལ་གང་འདོད་པ་དེ་དང་དེའི་བདུད་རྩི་ཐོབ་པར་བསམ་སྟེ། བློས་ལིང་གིས་བཏང་ལ་ཁྱོད་ཀྱིས་བདག་གི་ལས་ངན་འབྱོང་པས་རེ་དགའ། བདག་གི་ཁྱོད་ལ་དྲིན་ལན་དུ་ལུས་འབུལ་གྱི། མགོ་དང་ལུས། ཤ་དང་ཁྲག །རྐང་དང་ཚིལ། རུས་པ་དང་མིག །གློ་སྙིང་དང་ནང་རོལ། པགས་པ་དང་མདངས་ལ་སོགས་སོ་སོ་གང་འདོད་པ་ཁྱེར་ཅིག །བུ་ལོན་དང་ལན་ཆགས་འཁོར་ཞིང་། རྣམ་སྨིན་དང་སྡིག་སྒྲིབ་དག་པར་གྱུར་ཅིག །ཟག་པ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག །བསམ་ཞིང་ངག་ཏུ་ཡང་བརྗོད། རྗེས་བསྔོ་བ་བྱ། སེམས་མ་བཅོས་པའི་ངང་ལ་བཞག །བཅུ་པ་ནི། རང་སེམས་སྟོང་པ་ནམ་མཁའ་ལྟ་བུ་དང་། ཡེ་ཤེས་ཆེན་པོ་གཉིས་སུ་མེད་པར་བསྲེས་ལ། ལུས་པོའི་མགོ །ལག་པ་གཡས་གཡོན། རྐང་པ་གཡས་གཡོན། གློ་སྙིང་། ནང་ཁྲོལ་རྣམས་དང་། ཆུ་སེར། ཤ་ཁྲག་རྣམས་ཀྱང་ཕྱོགས་རེ་ན་ཐོ་རེ་ལོང་ངེ་ཡོད་


KMC019_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསམ་སྟེ། གདོན་ལ་སོགས་པ་མི་མ་ཡིན་རྣམས་གང་འདོད་པ་ལ་བློས་ལིང་གི་བཏང་སྟེ། དེ་དང་དེའི་རྣམ་པར་ཁྱེར་ནས་ཚིམ་པར་གྱུར་ཅིག་བསམ་ཞིང་། ལས་ངན་གྱི་རྣམ་སྨིན་དག་པར་གྱུར་ཅིག །བུ་ལོན་དང་ལན་ཆགས་འཁོར་བར་གྱུར་ཅིག །ཟག་པ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག་བསམ་ལ། རྗེས་བསྔོ་བ་བྱ། སེམས་མ་བཅོས་པའི་ངང་ལ་བཞག །བཅུ་གཅིག་པ། སེམས་སྤྲོས་བྲལ་སྟོང་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ལྷན་གྱི་བཞག །དེ་ཡང་གདོན་གྱི་ཆོ་འཕྲུལ་སེམས་ལས་བྱུང་བ་ཡིན་པས། བློ་ཆོ་འཕྲུལ་ཆེ་ན་གདོན་ཀྱང་ཆོ་འཕྲུལ་ཆེ། བློ་ཆོ་འཕྲུལ་ཆུང་ན་གདོན་ཀྱང་ཆོ་འཕྲུལ་ཆུང་། དོན་ལ་མཐོང་རྒྱུ་སྐད་ཅིག་ཀྱང་གྲུབ་པ་མེད་དེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཐོང་སྣང་མེད་ན་སངས་རྒྱས་ཡིན། ཞེས་གསུངས་པའི་དོན་ལ་བཞག །རྗེས་བསྔོ་བ་བྱ། བཅུ་གཉིས་པ་དམིགས་པ་དེ་ལྟར་དོན་དམ་པར་ཆོ་འཕྲུལ་མ་གྲུབ་མོད།


KMC019_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་ཀུན་རྫོབ་ཏུ་ཆོ་འཕྲུལ་གྱི་རྣམ་པ་འཇིགས་ཤིང་ཉམ་ང་བ་དཔག་ཏུ་མེད་པ་བྱུང་བ་དེ་རྣམས་རྨི་ལམ་དང་མཚུངས་པར་བལྟ་སྟེ། རྨི་ལམ་སངས་པའི་ཚེ་རྨི་ལམ་གྱི་དེ་ཉིད་ཤེས་པས་འཇིགས་པ་མེད་དེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ཉམ་ང་མེད་ན་སངས་རྒྱས་ཡིན། ཞེས་གསུངས་པའི་དོན་ལ་བཞག །རྗེས་བསྔོ་བ་བྱ། བཅུ་གསུམ་པ་དེ་ལྟར་རང་གི་ནད་དང་གདོན་དང་ན་མཁན་གསུམ་དོན་དམ་པར་གང་ཡང་གྲུབ་པ་མེད་དེ། གདོན་ནས་རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན་སྙམ་པའི་ངང་ལ་བཞག །སྤྱི་བོར་བླ་མ་བསྒོམ་པའི་ཐུགས་དང་རང་གི་སེམས་གཉིས་དབྱེར་མེད་དུ་བསམ་ལ། རྗེས་བསྔོ་བ་བྱ། སེམས་མ་བཅོས་པའི་ངང་ལ་བཞག །གསུམ་པ་ཐོད་རྒལ་ལྟར་གཟན་དུ་བསྐྱུར་པ་ལ་གཉིས་ལས། དང་པོ་ནི། སྔོན་འགྲོ་གོང་དང་མཚུངས། དེ་ནས་རང་གི་ལུས་ཆེན་པོ་འཇིག་རྟེན་གྱི་ཁམས་གང་བ་ཞིག་བསྒོམ་ལ། གནོད་


KMC019_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བུ་ལོན་སྙགས་པ་དང་། སློང་མོ་སློང་བའི་ཚུལ་དུ་གནས་པ་ལ། ལུས་རིལ་པོར་ལྟོས་མེད་དུ་སྦྱིན་པར་བཏང་བས། ཁོང་རྣམས་ཀྱིས་མི་རོ་ལ་བྱ་རྒོད་སྤུང་པ་བཞིན་དུ་འདུས་ཏེ་ལྷག་མ་མེད་པར་ཟོས་ནས་ཚིམ་པར་བསམ། རྗེས་བསྔོ་བ་བྱ། མཐར་མི་དམིགས་པར་བཞག །གཉིས་པ་ནི་ཕཊཿ ཅེས་བརྗོད་པས། རང་གི་ཕུང་པོ་འདི་ཆེ་ལ་ཚོ་བ། སྣུམ་པ། མཛེས་ཤིང་ཡིད་དུ་འོང་བ། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ་ཞིག་ཏུ་བསྒོམ། དེའི་མདུན་དུ་གཤིན་རྗེ་ཨ་བ་གླང་མགོ །ཞེ་སྡང་སྦྲུལ་མགོ །གཏི་མུག་ཕག་མགོ །འདོད་ཆགས་བྱ་མགོ །གཤིན་རྗེ་རྔམས་པ་དྲེད་མགོ །གཞན་ཡང་སྟག་གཟིག །དོམ་དྲེད། ལྕེ་སྤྱང་ལ་སོགས་གཅན་གཟན་སྣ་ཚོགས་པའི་མགོ་བརྙན། ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པས། རང་གི་པགས་པ་བཤུས་ནས་གཏིང་། ཉ་བཞི་ཐང་ངེར་བརྒྱང་། དེའི་སྟེང་དུ་གཏི་


KMC019_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མུག་ཤའི་རི་བོ། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་ཁྲོད་ཆེན་པོར་གྱུར་པར་བསམ། དེ་ནས་གཤིན་རྗེ་སོགས་དེ་དག་གིས་སྐད་འཇིག་རྟེན་ཐམས་ཅད་དུ་ཐོས་པར། འཻ། གཙོ་བོའི་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། གཟའ་གདོན་རྒྱུ་སྐར། ཀླུ་གདོན་ས་བདག །བཙན་བདུད། གཤིན་རྗེ། འགོང་པོ། ཐེའུ་རང་། གྲི་བོ་གྲི་མོ། མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས། དམའ་བ་ན་རག་དམྱལ་ཁམས་ཡན་ཆད། མཐོ་བ་ནམ་མཁའི་ལྷ་ཚོགས་མན་ཆད། དམའ་བ་ས་འོག་གི་ལྟོ་འཕྱེ་ཡན་ཆད། མཐོ་བ་པེ་ཧར་རྒྱལ་པོ་མན་ཆད། དམའ་བ་ཡུལ་འདྲེ་ས་སྲིན་ཡན་ཆད་ཀྱི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག །འཻ། ཁྱད་པར་དུ་གཉན་ཁྲོད་འདི་ན་གནས་པའི་དཀར་པོ་ལྷའི་སྡེ་ཚན། ནག་པོ་བདུད་ཀྱི་སྡེ་ཚན། དམར་པོ་བཙན་གྱི། ཁྲ་བོ་གཟའི། འཕན་


KMC019_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉན་གྱི། ཕྱུག་པོ་ཀླུའི། རག་ཤ་སྲིན་པོའི། ཕོ་མོ་མ་ནིང་གི་སྡེ་ཚན་དུ་གཏོགས་པ་ཐམས་ཅད་འདིར་འདུས་ཤིག །ཁྱད་པར་དུ་ཡང་གཉན་མིང་འདི་ཞེས་བྱ་བའི་ལུས་ངག་ཡིད་གསུམ་ལ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པའི་ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། གྲི་བོ་གྲི་མོ་ལ་སོགས་པའི་སྔ་འདྲེ་རྙིང་པ། ད་འདྲེ་སོ་མ། ཡུལ་འདྲེ་འཁྱམས་པོ། ཟ་འདྲེ་ཤི་གཤེད། ཁའི་དབུགས་འཕྲོག །ཁོང་པའི་སྲོག་གཅོད་པར་འདོད་པའི་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་འདིར་འདུས་ཤིག །ཅེས་བོས་པས། ལྷ་འདྲེ་ཐམས་ཅད་འུབ་འུབ་འདུས་པར་བསམ། དེ་ལ་མགྲོན་སྤྱིར་སྡེ་བརྒྱད་རྣམས་ཤེས་པ་སླ། གདོན་ཆེན་བཅོ་བརྒྱད་ནི། ལྷ་གདོན། ལྷ་མིན་གདོན། དྲི་ཟ། ཀླུ། གནོད་སྦྱིན། ཚངས་པ། སྲིན་པོ། ཤ་ཟ་།ཡི་དྭགས། གྲུལ་བུམ། བྱད་སྟེམས། གཡོ། རོ་ལང་། མཚུར་ལྷ། བླ་མ། དྲང་


KMC019_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་། བྱ་རྒན། གྲུབ་དང་བཅོ་བརྒྱད་དོ། །ཡང་བྱིས་པའི་གདོན་ཆེན་བཅོ་ལྔ་ནི། འཛེམ་པ། རི་དྭགས་གཟུགས། སྐེམ་བྱེད་གཞོན་ནུ། བརྗེད་བྱེད། ཁུ་ཚུར་ཅན། འཛི་མུ་ཀ། འདོད་པ་ཅན། ནམ་གྲུ། སྲུལ་པོ། བྱ་གཟུགས། མ་དགའ་བྱེད། གཉའ་ལག་ཅན། བཞིན་རྒྱན་མིག་འཕྱངས། ཕ་ཝང་གཟུགས། སྦྲུལ་མགོ་ཅན་དང་བཅོ་ལྔའོ། །དེ་རྣམས་ལ་སྦྱིན་པ་ནི། འཻ། བདག་གི་སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་ཡན་ཆད། དབང་པོ་རྣམ་པ་ལྔ། དོན་སྙིང་རྣམ་པ་ལྔ། ནང་རོལ་རྣམ་པ་ལྔ། ཤ་དང་རུས་པ། ཁྲག་དང་ཆུ་སེར། སོ་དང་སེན་མོ། སྐྲ་དང་བ་སྤུ། གླད་པ་དང་གླད་རྒྱ། ཞག་དང་ཁོང་ཁྲག །ཚེ་དང་སྲོག །མདངས་དང་བཀྲག །ཁམས་སུམ་བཅུ་སོ་གཉིས་ལ་སོགས་པ་ཐམས་ཅད་ཁྱེད་རྣམས་ལ་སྟེར་བ་ཡིན་པས། བཟོ་ཤིག །གསོལ་ཅིག །རོལ་ཅིག །སྣོམས་ཤིག །དགྱེས་པར་མཛོད་ཅིག །འདི་སྤྱིར་རིགས་དྲུག་གི་སེམས་ཅན་


KMC019_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་གླུད་དུ་བསྔོ། སྒོས་དྲིན་ཆེན་ཕ་མའི་གླུད་དུ་བསྔོ། ཡང་སྒོས་རྩ་བའི་བླ་མའི་གླུད་དུ་བསྔོ། ཁྱད་པར་དུ་ལྷ་འདྲེ་ཁྱེད་རྣམས་ལ་གཟན་དུ་སྟེར། ཆེད་དུ་བསྔོ་བ་ཡིན་པས། ཟོ་ཞིག །གསོལ་ཅིག་སོགས་དང་། འདི་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཁྲག་ཏུ་བྱིན་གྱིས་བརླབ་པ་ཡིན་པས། ཟོས་པ་ཙམ་གྱིས་ཁྱེད་རྣམས་ཁམས་གསུམ་གྱི་འཁོར་བ་ལས་ཐར་ནས་རིགས་དྲུག་གི་སྡུག་བསྔལ་དང་བྲལ་ཞིང་། མྱུར་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། སེམས་ཅན་མ་སྒྲལ་བ་རྣམས་བསྒྲལ་བ་ཡིན། མ་གྲོལ་བ་རྣམས་གྲོལ་བ་ཡིན། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་ཡིན། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ཡིན་པས། ཟོ་ཞིག་སོགས་བརྗོད་པས། དེ་རྣམས་ཅི་འདོད་པའི་ལོངས་སྤྱོད་ཀྱིས་མཉེས་ཤིང་ཚིམ་ནས་དགའ་མགུ་ཡི་རང་བར་བསམ། དེ་ལྟར་ལོང་ཁོམ་དང་བསྟུན་པའི་ལན་


KMC019_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའམ་ཉེར་གཅིག་ལ་སོགས་བྱས་ལ། ལྷག་མ་ཁས་ཉེན་དབང་ཆུང་བ་གློ་བུར་དུལྷག་པ་རྣམས་ལ་སྦྱིན་པ་ཕཊ། ཅེས་བརྗོད་པས། སྟོང་ཉིད་ཀྱི་ངང་ལ་ཅི་གནས་བཞག་གོ །དེ་ནས་གནོད་བྱེད་ཀྱི་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་པར་བསམ། བདག་གི་བདེ་དགེ་ཐམས་ཅད་སེམས་ཅན་རྣམས་ཀྱིས་ཐོབ་པར་བསམ་ལ། སེམས་ཅན་སྡུག་བསྔལ་བདག་སྨིན་ཅིང་། །བདག་བདེ་མ་ལུས་དེར་སྨིན་ཤོག །ཅེས་བསྔོ་བས་རྒྱས་གདབ་བོ། དེ་ལྟར་གོང་གི་དམིགས་པ་རྣམས་ལན་གྲངས་དུ་མར་བྱས་པས། དབང་པོའི་ཁྱད་པར་དང་མཐུན་པའི་ཚར་ཆོད་འབྱུང་བར་འགྱུར་ཏེ། དེ་ལ་མ་ཅིག་གིས་ཐུན་མོང་དང་ཐུན་མིན་གཉིས་གསུངས་པ་ལས། དང་པོ་ཐུན་མོང་ལ་ལྔ་སྟེ། ལྷ་འདྲེ་དབང་དུ་འདུས་པའི་ཚར་ཚད། དམ་ལ་ཐོགས་པའི་ཆར་ཚད། དངོས་གྲུབ་སྟེར་བའི་ཚར་ཚད། གདོན་བུད་པའི་ཚར་ཚད། ནད་


KMC019_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བུད་པའི་ཚར་ཚད་དོ། །དང་པོ་དབང་དུ་འདུས་པའི་ཚར་ཚད་ནི། ཆོ་འཕྲུལ་གྱི་དཔའ་ཐམས་ཅད་ཆག་ནས་རང་ཉིད་ལ་དད་ཅིང་གུས་པ་དང་བཅས་པས་ཕྱག་བཙལ་བ་དང་། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་པ་ཕུལ་བ་དང་། ཞི་དུལ་དང་ལྡན་ཞིང་མོས་པའི་སྒོ་ནས་ཆོས་ཉན་པ་དང་། དགའ་སྤྲོ་དང་བཅས་ཏེ་ཇི་ལྟར་བཅོལ་བའི་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པ་དང་། ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་རང་ཉིད་ཀྱི་འཁོར་དུ་གྱུར་ནས་བྲན་བཞིན་ཉན་པར་ཁས་ལེན་བྱེད་པ་དང་། རང་ཉིད་ཆོས་ཀྱི་རྒྱལ་པོར་གྱུར་ནས་མི་སོགས་འགྲོ་བ་མང་པོ་ལ་ཆོས་འཆད་དང་། རང་ཉིད་མིའི་དབང་པོར་གྱུར་ནས་མི་རྣམས་ཐམས་ཅད་དབང་དུ་འདུས་ཤིང་། འཇིག་རྟེན་ཀུན་ལ་ཁ་ལོ་བསྒྱུར་བ་དང་། གཞན་ཡང་ཆུ་བོ་རྒྱ་མཚོ་རབ་ཏུ་འཁྲུག་པ་ཕྱུར་ཞིང་རྦ་རླབས་འཕྱོ་བ་རྣམས་སླར་ཞི་ཞིང་དལ་བར་གྱུར་ནས། དེར་རང་ཉིད་བརྒལ་རྐྱལ་བྱས་ཀྱང་ཉམ་ང་


KMC019_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཚ་མེད་པར་ཆུ་བོ་རྒྱ་མཚོ་ལ་རང་དབང་ཐོབ་པ་དང་། མེ་རི་ཤིན་ཏུ་འབར་བ་འཁྱིལ་ཞིང་མཆེད་པའི་སྒྲ་དང་བཅས་པ་སླར་ཞི་ཞིང་འཇམ་པར་གྱུར་ནས། དེར་རང་ཉིད་འཕྱེང་ཡང་ཉམ་ང་མེད་པ་མེ་ལ་དབང་ཐོབ་པ་དང་། བྲག་རི་དང་ངམ་གྲོག་ཆེན་པོ་ལས་གཡང་དུ་བསྐྱུར་ཀྱང་རང་ཉིད་ཉམ་ང་མེད་པར་སླར་ཡང་མཆོང་རྩལ་བྱེད་པ་གཡང་ས་ལ་རང་དབང་ཐོབ་པ་དང་། འཚུབ་མ་ཆེན་པོ་རབ་ཏུ་གཡོ་བའི་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཁེང་པ་སླར་ཞི་ཞིང་དངས་ཏེ་ནམ་མཁའ་དང་ས་གཞི་ཐམས་ཅད་བཀྲག་མདངས་དང་ལྡན་ཅིང་། རབ་ཏུ་གསལ་བའི་ངར་དང་ལྡན་པའི་སྟོབས་ཀྱིས་རང་ཉིད་ཀྱང་ཉམས་དགའ་ཤེས་པ་གསལ། རིག་པ་དངས་པའི་སྟོབས་རབ་ཏུ་རྒྱས་ཏེ་བ་དན་ཅན་ལ་རང་དབང་ཐོབ་པ་དང་། གཞན་དང་རྩོད་པ་བྱས་པ་ལ་རང་ཉིད་རྒྱལ་ཏེ། ཕ་རོལ་རང་གི་འཁོར་དུ་གྱུར་པ་དང་། སེར་བ་ཆེན་པོ་རབ་ཏུ་འབེབ་


KMC019_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཟློག་པ་དང་། ས་རྒོད་བཏུལ་བ་དང་། གཅན་གཟན་གདུག་པ་ཅན་རྣམས་ཞོན་པ་དང་། གཡག་རྒོད་དང་གླང་པོ་འཇིགས་སུ་རུང་བ་རྣམས་ལ་ཁལ་བཀལ་བ་དང་། རྟ་རྒོད་བོང་དྲེལ་གསར་པ་རྣམས་དུལ་བར་བྱེད་པ་དང་། འགྲོ་བའི་ཚོགས་མཐའ་ཡས་པ་ལ་དབང་བསྒྱུར་བ་སོགས་ཉམས་སྣང་ལ་ཤར་བའམ། ཁྱད་པར་དུ་རྨི་ལམ་ལ་གསལ་པོ་བྱུང་ན་ལྷ་འདྲེ་དབང་དུ་འདུས་པའི་ཚར་ཚད་ཡིན། གཉིས་པ་དམ་ལ་ཐོག་པའི་ཚར་ཚད་ནི། རང་ཉིད་ཆོས་ཀྱི་རྒྱལ་པོར་གྱུར་ཏེ། འགྲོ་བ་མང་པོ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་འབོག་ནས། དེ་རྣམས་ཀྱིས་ཁྲིམས་བསྲུང་བའི་དམ་བཅའ་ཁས་ལེན་བྱས་པ་དང་། དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་སེམས་ཅན་གཞན་ལ་གནོད་པ་སྤངས་ནས་ཕན་པ་བསྒྲུབ་ཅིང་དགེ་བའི་ལས་ཅི་ནུས་བྱེད་པར་དམ་བཅས་དང་། རང་ཉིད་ལྷའི་ངང་ནས་ཕྱི་དང་ནང་དང་གསང་བ་གང་རུང་གི་དཀྱིལ་འཁོར་དུ་བཅུག་


KMC019_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབང་བསྐུར་ཅིང་དམ་ལ་བཞག་པས། དེ་ལ་གནས་ནས་རང་རང་རྣམས་ཀྱིས་སོ་སོའི་སྲོག་སྙིང་བླ་རྟགས་དང་བཅས་པ་རང་ཉིད་ལ་ཕུལ་སྟེ། ཇི་སྲིད་འཁོར་བ་མ་སྟོང་བར་དུ་རང་གི་འཁོར་དུ་གྱུར་པར་དམ་བཅས་པ་དང་། རང་ཉིད་ཀྱི་དམིགས་པའི་འོད་ཟེར་གྱི་རྒྱ་ཐག་གིས་བཟུང་ནས་གར་ཡང་འགྲོ་དབང་མེད་པ་དང་། ཁང་པ་བཟང་བོ་ལ་ཞུགས་ཅུག་ནས་ལོ་འདི་ཙམ། སྒྲུབ་པ་ལ་རམ་པར་གྱིས་བྱས་པའི་ལུང་འབོག་དང་། ཡང་ན་བྲག་གམ། རིའམ། ལྗོན་ཤིང་ངམ་ཆུ་གླིང་སོགས་གནས་འདི་ཞེས་བྱ་བར་ལོ་འདིའི་བར་དུ་སྒྲུབ་པ་འདི་ལ་བརྩོན་པར་གྱིས་བྱས་པའི་ལུང་འབོག་ནས། དེའི་བར་དུ་སྒྲུབ་ལ་བརྩོན་པར་དམ་བཅས་པ་དང་། ཡང་ན་མང་པོ་ཞིག་ལ་ཆོས་ཀྱི་དཔོན་པོ་རེ་རེ་བསྐོས་ནས། ལོ་འདི་འམ་སངས་རྒྱས་མ་ཐོབ་བར་དུ་སློབ་དཔོན་འདིའི་ངག་ལ་ཉོན་ཅིག །གཞན་བྱ་བ་བྱེད་དབང་མེད་ཅིང་། སློབ་དཔོན་གྱིས་ཅི་


KMC019_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་བཞིན་གྱིས་བྱས་པས། དེ་བཞིན་དུ་བྱེད་པར་ཁས་བླངས་ཞིང་དམ་བཅས་པ་དང་། གཞན་ཡང་ཆོས་ཉན་བསྒྲུབ་བྱེད་པ་དུ་མ་ཞིག་གིས་ཀྱང་དེ་བཞིན་དུ་དམ་བཅས་པ་དང་། ཡང་ན་རང་ཉིད་འཁོར་ལོས་སྒྱུར་རྒྱལ་དུ་གྱུར་ནས། འགྲོ་བ་མང་པོ་འཇིག་རྟེན་གྱི་བྱ་བའི་ཁྲིམས་ཀྱི་སྲོལ་མང་པོ་གསར་དུ་བཏོད་ཅིང་ཁྲིམས་ལ་སྦྱོར་བས། དེ་ལྟར་སྲུང་བར་ཁས་བླང་ཞིང་དམ་བཅས་པ་དང་། གཞན་ཡང་དུད་འགྲོའི་རིགས་གང་ཡང་རུང་བ་རྣམས་རྭ་བ་བཙན་པོར་བཙུད་ནས་གར་ཡང་འགྲོ་དབང་མེད་པ་དང་། སྡང་ལ་བཏགས་པའམ། ཐ་གུས་གཞན་ལ་བཏགས་ཏེ་འབྲོས་དབང་མེད་པ་དང་། འཚོ་ཞིང་སྐྱོང་བའི་དཔོན་པོ་བསྐོས་ནས། དེ་དག་འཚོ་ཞིང་སྐྱོང་བས་གང་དུ་ཡང་འགྲོ་དབང་མེད་པ་སོགས་དེ་རྣམས་ཉམས་སྣང་ངམ། ཁྱད་པར་རྨི་ལམ་དུ་ངེས་ཅན་བྱུང་ན་དམ་ལ་ཐོགས་པའི་ཚར་ཚད་ཡིན། གསུམ་པ་དངོས་གྲུབ་སྟེར་བའི་ཚར་ཚད་ནི། སྐྱེས་


KMC019_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

པ་བུད་མེད་གཟུགས་མཛེས་རྒྱན་ལྡན་མང་པོས་གླུ་བྲོ་གར་ལ་སོགས་པའི་མཆོད་པ་སྣ་ཚོགས་པས་རང་ཉིད་ལ་མཆོད་པ་དང་། གཞན་ཡང་བུ་དང་བུ་མོ་ཆུང་མ་བྲན་ཁོལ་རྣམས་འཕངས་པ་མེད་པར་འབུལ་པ་དང་། ཡུལ་མཁར་དང་། རྟ་གླང་ལ་སོགས་དུད་འགྲོ་སྣ་ཚོགས་པ་དང་། གསེར་བྲེ་དངུལ་བྲེ་ལ་སོགས་རིན་པོ་ཆེའི་རིགས་ཐམས་ཅད་སྣོད་སྟོང་མ་ཡིན་པར་གཟུགས་དབྱིབས་ཤིན་ཏུ་ལེགས་ཤིང་ཡིད་དུ་འོང་བ་དག་དང་། ལྷ་འཕྲུག་གསར་པ་ཁ་དོག་སྣ་ཚོགས་པ་དང་། དེ་བཞིན་དུ་དར་ཟབ་སྣ་ཚོགས་པ་དང་། འབྲུའི་རིགས་སྣ་ཚོགས་ཏེ་འབྲུ་ནག་མ་ཡིན་པ་དང་། ལོ་ཏོག་ལ་སོགས་རྩི་ལོ་སྣ་ཚོགས་པ་དང་། ལྗོན་ཤིང་གསར་པ་ལོ་འདབ་རྒྱས་ཤིང་བཅུད་དང་ལྡན་པའི་འབྲས་བུ་ཁ་དོག་ལྡན་པ་དང་། ཤིང་སྐམ་པོ་ལ་དྲི་བཟང་པོའི་ངད་པ་དང་ལྡན་ཞིང་རུལ་པ་མ་ཡིན་པའི་ཤིང་གི་རིགས་སྣ་ཚོགས་དང་། ཤིང་གི་མེ་ཏོག་དང་འབྲས་


KMC019_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྣ་ཚོགས་དང་། ཐང་དང་ཆུ་ལ་སྐྱེས་པའི་མེ་ཏོག་གི་རིགས་ཁ་དོག་སྣ་ཚོགས་པ་དང་། གཞན་ཡང་གོས་གསར་པ་ཁ་དོག་སྣ་ཚོགས་པ་དང་། གདན་ཁྲི་རྐང་ཅན་མ་ལ་སྟན་དང་བཅས་པ་སྣ་ཚོགས་པ་དང་། གློ་སྙིང་དང་ནང་ཁྲོལ་ལ་སོགས་ཕར་ཁྱེར་བ་ཚུར་གཏད་པ་དང་། དེ་རྣམས་གཞན་གྱིས་ཕུལ་བ་དང་། རང་དང་གཞན་དེ་རྣམས་ལ་ལོངས་སྤྱོད་བྱས་པ་སོགས་ཉམས་དང་རྨི་ལམ་དུ་བྱུང་ན་དངོས་གྲུབ་སྟེར་བའི་ཚར་ཚད་ཡིན། བཞི་པ་གདོན་བུད་པའི་ཆར་ཚད་ནི། རང་ངམ་དམིགས་བྱའི་ལུས་ལས་སྡོམ་སྡིག་སྦལ་སྤྲུལ་ཉ་ལྕོང་གྲོག་སྦུར་ཕྱེ་ལེབ་སྦྲང་མའི་རིགས་དང་། སྲིན་བུ་ཕྲ་བ་དང་། ཤིན་ཏུ་སྦོམ་པའི་རིགས་མི་འདྲ་བ་དུ་མ་ཞིག་བུད་པ་དང་། གཅན་གཟན་གཡུང་དག་ལ་སོགས་དུད་འགྲོའི་རིགས་རྣམས་དང་། ཁྱད་པར་དུ་གླ་བ་སྤྲེའུ་ཁྱི་དང་རྟ་དཀར་ཕྱེ་ལེབ་ཕག་དང་བོང་བུ་བྱི་བ་དཀར་ནག་མོང་རྩེ་རྣམས་དང་། འདབ་ཆགས་རིགས་དང་།


KMC019_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བན་དྷེ་བོན་ཆེན་སྔགས་ཆོས་ཅན་དང་། སྐྱེ་བོ་བུད་མེད་བྱིས་པ་སོགས་སྲོག་ལུས་ཀྱི་བསྡུས་པའི་སེམས་ཡིད་དུ་འབྱུང་རུང་བ་རྣམས་ལུས་ལས་ཕྱིར་དུ་དག་པ་དང་། གཞན་ཡང་རྐྱལ་པ་ལ་སོགས་སྣོད་སྟོང་གི་རིགས་དང་། །རྫ་མ་ལ་སོགས་སྤྱད་ནག་གི་རིགས་དང་། བྲ་ནག་སྲན་ནག་ལ་སོགས་འབྲུ་ནག་གི་རིགས་དང་། ཁྱི་ནག་གི་བལ་སོགས་སྤུ་བལ་ནག་པོ། ཁྱི་ཕག་ལ་སོགས་པ་ནག་པོ་དང་། རེ་བ་ལ་སོགས་གོས་སྟན་ནག་པོ་དང་། སྣལ་མ་དང་ཐ་གུ་ནག་པོ་དང་། ཚྭའི་རིགས་དང་། སྒོག་པའི་རིགས་དང་། དུག་ནག་པོ་དང་། བྱ་རོག་གི་སྒྲོ་དང་སྤུ་དང་། གཡེར་དྲད་ཅན་དང་། ལྕགས་ལས་བྱས་པའི་མཇོར་སྟྭ་སྤྱད་དང་། གཞན་ཡང་རྫས་ངན་པ་ལས་བྱས་པའི་དངོས་པོའི་གཟུགས་མི་སྡུག་པ་གང་གི་ཡིད་ལ་མི་འདོད་པ་གང་ཡིན་པ་དག་དང་། དེ་རྣམས་རང་གི་ལུས་ཀྱི་ནང་ནས་དབང་པོའི་སྒོའམ། རྐང་ལག་གི་སེན་བྲག་གམ།


KMC019_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གང་ཡང་རུང་བ་ནས་ཕྱིར་བུད་དེ་གཞན་དུ་སོང་བའམ། ཡང་ན་དེ་རྣམས་རང་གི་ལུས་ལ་འབྱར་བ་ལུས་དང་ཕྲལ་ཏེ་གཞན་དུ་སོང་བ་སོགས་ཉམས་སམ་རྨི་ལམ་གང་དུ་བྱུང་ན་གདོན་བུད་པའི་ཚར་ཚད་ཡིན། ལྔ་པ་ནད་བུད་པའི་ཚར་ཚད་ནི། ཁྲག་རྣག་ཆུ་སེར་དང་། མི་གཙང་བ་དངོས་སམ། དེའི་ཁུ་བ་དང་། ཟས་གོས་ཟོས་པ་དེ་རྣམས་མར་བཤལ་བའམ། ཡར་སྐྱུགས་པ་དང་། མེ་ལྕེའི་རྣམ་པ་ཁ་དོག་སྔོ་དམར་སྣ་ཚོགས་པ་དང་། རླུང་ཁ་དོག་སྣ་ཚོགས་པ་དང་། འོད་ཁ་དོག་སྣ་ཚོགས་པ་དང་། ཆུ་ཁ་དོག་སྣ་ཚོགས་པ་དང་། རླངས་པ་ཁ་དོག་སྣ་ཚོགས་པ་དང་། ཁུ་བ་རྡར་རྡར་པོ་ཁ་དོག་སྣ་ཚོགས་པ་དང་། དེ་རྣམས་རང་གི་དབང་པོའི་སྒོའམ་བ་སྤུའི་བུ་ག་ནས་ཕྱིར་ཐོན་པས། ནད་རླུང་མཁྲིས་བད་ཀན་སོགས་དང་། ནད་གསར་པ་གློ་བུར་བ་ཡོད་ན། ནད་དམིག་གང་དུ་ཡོད་པ་དེ་ཉིད་ནས་ཕྱིར་ཐོན་པའམ། ཡང་ན་སེམས་ཅན་འཇིགས་པ་རྣམས་ཀྱིས་


KMC019_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དམིག་དེ་དག་ཟོས་ནས་མེད་པར་བྱས་པ་དང་། དེ་གང་ཡིན་བའི་ཤུལ་དུ་རང་གི་ལུས་ཡང་བ་དང་གསལ་བ་བདེ་བ་འདྲ་བྱུང་སྙམ་པ་སོགས་ཉམས་དང་རྨི་ལམ་གང་དུ་བྱུང་ན་ནད་བུད་པའི་ཚར་ཚད་ཡིན་ནོ། །གཉིས་པ་ཐུན་མིན་ལ་ཡང་ལྔ་སྟེ། སྒྲིབ་པ་དག་པའི་ཚར་ཚད། ལྷ་རྟགས་འབྱུང་བའི་ཚར་ཚེ། ཐར་ལམ་ཐོབ་པའི་པའི་ཚར་ཚད། མཆོག་གི་དངོས་གྲུབ་ཐོབ་པའི་ཚར་ཚད། འབྲས་བུ་ཐོབ་པའི་ཚར་ཚད་དོ། །དང་པོ་སྒྲིབ་པ་དག་པའི་ཚར་ཚད་ནི། རང་གི་ལུས་ཁྲུས་བྱས་བཀྲུས་པས་དྲི་མ་ཐམས་ཅད་དག་ནས་ལུས་དཀར་སིང་ངེར་གྱུར་བ་དང་། ནང་ནས་མི་གཙང་བ་རྣམས་མར་བཤལ་ནས་ཁོང་པའི་ནང་ཉའི་ལྟོ་བ་ལྟར་དང་ངེར་སོང་བ་དང་། ནང་ཆ་ཐམས་ཅད་མ་ལུས་པར་སྐྱུགས་ནས་རྐྱལ་པ་ལྟར་སྟོང་སང་ངེར་འདུག་པ་དང་། བར་རྩའི་ནང་ནས་དུད་པའི་ཁུ་བ་ལྟར་ནག་ནུར་བ་སེན་བྲག་དང་བ་སྤུའི་ཁུང་རྣམས་ནས་བྱུང་བས།


KMC019_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཐམས་ཅད་ཕྲུ་མ་ཕུས་བཏབ་པ་ལྟར་གྱུར་པ་དང་། རང་གི་ཤ་རུས་རྣམས་སོ་སོར་བྱེ་ནས། ཤ་རྣམས་སེམས་ཅན་མང་པོས་ཟོས་ཏེ་ཏིལ་འབྲུ་ཙམ་ཡང་མ་ལུས་ཤིང་། རུས་པ་རྣམས་དྲི་མ་མེད་ཅིང་དཀར་སིང་ངེར་དུང་ལྟར་གྱུར་པ་དང་། ཡང་ཤ་རྣམས་བསྲེག་པས་དུད་པ་དཀར་པོ་བྱུང་ཞིང་། དྲི་བཟང་པོའི་ངད་པ་བྲོ་བ་དང་། བསྲེགས་པའི་ཐལ་སོལ་མེད་པ་དང་། རུས་པ་བསྲེགས་པས་ཐལ་བ་དཀར་པོ་དངུལ་གྱི་ཕྱེ་མ་ལྟར་གྱུར་པ་རླུང་གི་ནམ་མཁར་སྟོར་བས། ཁ་བ་བུ་ཡུག་ལྟར་ནམ་མཁའི་ཁམས་གང་བ། ས་གཞི་ཐམས་ཅད་ལ་མར་བབས་པས་ཁ་བ་བཞག་པ་ལྟར་རྡུལ་ནོན་ནས་ས་ཁྱོན་ཐམས་ཅད་དཀར་ལམ་མེར་གྱུར་པ་དང་། རྒྱ་མཚོ་དང་ཆུ་བོ་ཆེན་པོ་རབ་ཏུ་དྭངས་པའི་ནང་དུ་རང་ཉིད་ཞུགས་ཏེ། ལུས་བཀྲུས་པས་དྲི་མ་ཐམས་ཅད་དག་ནས་དྭངས་སང་ངེར་སོང་བ་དང་། ཡང་ལུས་ལ་མི་གཙང་བ་འབྱར་བ་བཀྲུས་པ་དང་། དྲི་མ་ནག་པོ་སྣག་ཚ་ལྟར་


KMC019_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུས་པས་དག་ནས་ལུས་དཀར་པོར་གྱུར་པ་དང་། ཡང་གཞན་ཞིག་གི་བུམ་པ་དཀར་པོ་ཐོགས་ནས་ཆུ་རྒྱུན་དཀར་པོས་རང་གི་ལུས་ཕྱི་ནང་བར་གསུམ་ཐམས་ཅད་བཀྲུས་པས་དྲི་མ་ཐམས་ཅད་དག་ནས་ལུས་ཤེལ་ལྟར་གསལ་བར་གྱུར་པ་དང་། རས་ལ་སོགས་པའི་གོས་དཀར་པོ་དྲི་མ་མེད་པ་གསར་པ་གོན་པས། རེག་བྱ་འཇམ་ཞིང་ཡང་བའི་རྣམ་པ་ཅན་དང་། ལུས་ཤིང་བལ་ལྟར་ཡང་པ་ནམ་མཁར་འཕུར་བ་དང་། ཆུ་བོ་དང་རི་བྲག་ལ་མི་ཐོགས་པར་མཆོང་རྩལ་བྱེད་པ་དང་། ལུས་འོད་ཀྱི་ཕུང་པོར་རྟོགས་པ་དང་། ལུས་མི་སྣང་བར་སྟོང་པར་རྟོགས་པ་དང་། ལུས་ལ་མེ་ཏོག་དམར་པོ་མང་པོས་བརྒྱན་པ་དང་། བ་སྤུའི་གསེབ་ནས་ཆུ་རྒྱུན་དཀར་པོ་དངུལ་ཆུ་ལྟར་འོད་ཧྲིལ་ལི་བྱུང་བ་དང་། སྐྲ་དང་ཁ་སྤུ་སྨིན་ར་བ་སྤུ་སེན་མོ་རྣམས་དཀར་པོ་དུང་ལྟར་གྱུར་པ་ལ་འོད་ཟེར་དཀར་པོ་འབར་བས་ལུས་ཐམས་ཅད་ཁྱབ་པ་དང་། སྟན་དང་རྒྱབ་


KMC019_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཡོལ་དཀར་པོ་ཟླ་བ་ལྟ་བུའི་གདན་ལ་འདུག་པ་དང་། ཤེལ་གྱི་ཁང་བརྩེགས་ཀྱི་ནང་དུ་འདུག་པས་ཐམས་ཅད་སྒྲིབ་མེད་དུ་མཐོང་ཞིང་། རང་གི་ལུས་ལ་ཡང་འོད་ཅུང་ཟད་ཆགས་པ་དང་། ལུས་ཀྱི་རྩ་ཐམས་ཅད་གསལ་བའི་ནང་ན་རྩའི་ཡི་གེ་དཀ་ར་པོ་རྣམས་དཀར་སིལ་ལེར་གསལ་བ་དང་། བར་སྣང་ནམ་མཁའ་ས་གཞི་བཅས་ལ་ཡི་གེའི་ཚོགས་དཀར་པོས་གང་བ་དང་། སངས་རྒྱས་ཀྱི་སྐུ་གཟུགས་དང་ཞིང་ཁམས་རྣམས་དངོས་སམ། ཉམས་སྣང་ངམ་རྨི་ལམ་དུ་བྱུང་བ་ནི་སྒྲིབ་པ་དག་པའི་ཚར་ཚད་ཡིན། གཉིས་པ་ལྷ་རྟགས་འབྱུང་བའི་ཚར་ཚད་ནི། རང་གི་ལུས་ལ་རིན་པོ་ཆེའི་རྒྱན་ཐོགས་པ་དང་། མེ་ཏོག་དང་མུ་ཏིག་གི་ཕྲེང་བས་བརྒྱན་པ་དང་། རུས་པའི་རྒྱན་ཐོགས་ནས་རྡོ་རྗེ་དྲིལ་བུ་བཟུང་སྟེ་ནམ་མཁར་འཕུར་བ་དང་། གདུགས་དང་རྒྱ་མཚན་བ་དན་ལ་སོགས་མཆོད་རྫས་སྣ་ཚོགས་ཐོགས་པ་དང་། རལ་གྲི་མེ་འབར་བ་གླད་ལ་འཕྱར་བ་དང་།


KMC019_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་ཐོད་ཁྲག་འཛིན་པ་དང་། ཁ་ཊྭཱཾ་ཀ་ཐོགས་པ་དང་། དུང་འབུད་པ་དང་རྔ་བོ་ཆེ་དང་ཅང་ཏེའུ་ལ་སོགས་རོལ་མོ་རྣམས་བརྡུང་བས་ཤིན་ཏུ་གྲགས་པ་དང་། ཉི་ཟླའི་གདན་ལ་འདུག་པ་དང་། མཁའ་ལ་སྤྲིན་ཐག་ཆད་ཅིང་ཉི་ཟླ་རྒྱུ་སྐར་དུས་གཅིག་ལ་གསལ་བ་དང་། ནམ་མཁར་འོད་ཁ་དོག་སྣ་ལྔ་གང་ནས་རོལ་མོའི་སྒྲ་རྣམས་གྲངས་ཤིང་། རང་ཉིད་ཉམས་དགའ་ཤེས་པ་གསལ་བ་དང། སེང་གེ་སྟག་དང་གཡུ་འབྲུག་ཁྱུང་དང་བྱ་རྒོད་སོགས་ལ་ཞོན་ནས་ནམ་མཁར་འཕུར་བ་དང། བ་དན་དཀར་པོ་གནམ་དུ་ཕྱར་ཞིང་ཁ་ཊྭཱཾ་ཐོད་ཁྲག་ཐོགས་པ་དང། ཡེ་ཤེས་མེ་རི་ཁ་དོག་སྣ་ལྔའི་དབུས་འཇའ་ཚོན་གྱི་གུར་རིན་པོ་ཆེའི་ཕོ་བྲང་དབུས་སུ་སྣ་ཚོགས་པད་ཟླའི་གདན་ལ་རང་ཉིད་ལྷའི་གཙོ་བོར་གྱུར་པ་ལ། ལྷ་མོ་རྒྱན་ལྡན་དཔག་མེད་ཀྱིས་མཆོད་པ་སྣ་ཚོགས་ཐོགས་ནས་རང་ཉིད་ལ་མཆོད་པ་སོགས་ཉམས་སྣང་རྨི་ལམ་གང་དུ་བྱུང་ན་ལྷ་


KMC019_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་འབྱུང་བའི་ཚར་ཚད་ཡིན། གསུམ་པ་ཐར་ལམ་ཐོབ་པའི་ཚར་ཚད་ནི། རང་ཉིད་དོང་དུ་ལྷུང་བ་ལས་ཐོན་ནས་སྟེང་དུ་ཕྱིན་པ་དང་། བཙོན་ནས་བསླུས་དང་ཐར་བ་དང་། བཅིངས་པ་གྲོལ་དང་རྒྱ་ལས་ཐར་བ་དང་། མུན་པའི་གླིང་ནས་གསལ་སར་ཕྱིན་པ་དང་།ནགས་ཚལ་འཐུག་པོ་ལས་ཐར་བ་དང་། གངས་རིའི་མཐའ་ནས་འཛེགས་ཤིང་རྩེ་མོར་ཕྱིན་པ་དང་། ཆུ་བོ་རྒྱ་མཚོ་ཆེན་པོར་བརྒལ་ཏེ་ཕ་རོལ་ཕྱིན་པ་དང་། ཉི་ཟླ་སྒྲ་གཅན་གྱིས་འཛིན་པ་སོས་པ་དང་། འདམ་རྫབ་ནག་པོར་ནུབ་པ་དང་། མེའི་གོ་རར་ཚུད་པ་ལས་ཐར་བ་དང་། སྤྲིན་དང་ཁུ་རླངས་ཀྱི་ནང་དུ་འཐུམ་པ་ལས་ཐར་བ་དང་། ཡུལ་པའི་གྲོང་ཁྱེར་གྱི་གླིང་བསམ་འདས་ལས་ཐར་ནས་རི་རབ་ལྷུན་པོའི་ངོས་ལ་སླེབ་པ་དང་། རིན་པོ་ཆེའི་ཁང་བཟང་བརྩེགས་ལྔ་པའི་སྐས་རིམ་པ་ལྔར་འཛེགས་ནས་ཕྱིན་པས་ཉི་ཟླ་དང་འདུག་གནས་མཉམ་པ་ལྟ་བུའི་དགའ་བ་སོགས་དེ་རྣམས་ཉམས་


KMC019_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་རྨི་ལམ་གང་དུ་བྱུང་ནའང་ཐར་ལམ་ཐོབ་པའི་ཚར་ཚད་ཡིན། བཞི་པ་མཆོག་གི་དངོས་གྲུབ་ཐོབ་པའི་ཚར་ཚད་ནི། མི་རོ་བཀྲག་མདངས་དང་ལྡན་པ་ཡིད་དུ་འོང་བའི་ཤ་གསར་པ་ཚིལ་དང་བཅས་པ་དྲི་བཟང་པོ་དང་ལྡན་པའི་ཤ་རྣམས་མ་ལུས་པར་ཟོས་ཀྱང་ད་དུང་ཡང་ཚིམ་པ་མེད་པ་དང་། མགོ་བོ་སྐྲ་དང་བཅས་པའི་ཀླད་པ་དྲོན་མོ་ཁྲག་དང་འདྲེས་པར་ཟོས་ཀྱང་ཚིམ་པ་མེད་པ་དང་། ཐོད་རློན་ཁྲག་གིས་བཀང་བ་དང་། ཐོད་སྐམ་བདུད་རྩི་དཀར་པོ་རོ་བརྒྱ་དང་ལྡན་པས་བཀང་བ་གཞན་གྱིས་བྱིན་ཏེ་མ་ལུས་པར་བཏུང་བ་དང་། ལྷའི་བདུད་རྩི་ཡིན་ཟེར་བའི་རིན་པོ་ཆེའི་ཞལ་བུའམ། བུམ་པ་ནས་བྱིན་པ་བཏུང་བ་དང་། དཔའ་བོ་དང་དཔའ་མོ་ཡིན་ཟེར་བའི་ཁྲོ་ཚུལ་ཅན་རྣམས་ཀྱིས་བྱང་སེམས་དཀར་དམར་དང་དྲི་ཆེ་ཆུང་ཡིན་ཟེར་བ་བྱིན་པ་དེ་རྟོག་པ་མེད་པར་ཟོས་པ་དང་། མི་རོ་མང་པོ་བརྩེགས་པའི་སྟེང་དུ་ཉམ་ང་མེད་པར་


KMC019_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་དང་། རི་བོ་མཆོག་རབ་ཀྱི་རྩེར་ཕྱིན་ནས་ཁམས་གསུམ་པོ་ཐམས་ཅད་སྒྲིབ་མེད་དུ་ས་ལེར་མཐོང་བ་དང་། བུད་མེད་གཅེར་བུར་རུས་པའི་རྒྱན་དང་ལྡན་ཞིང་། མིག་དམར་པོར་ལྡོག་ནས་ཧུར་བའི་རྣམ་པ་ཅན་གྱི་ཐོད་པའི་སྣོད་དུ་ཁུ་བ་རཀྟ་དམར་པོ་ཁོལ་ཞིང་སྦུ་བ་ཕྱུར་བ་བྱེད་པར་ཐེ་ཚོམ་མེད་པར་བཏུང་བས་རྟོག་པ་ཐམས་ཅད་འགགས་ཏེ། མི་རྟོག་པའི་ཡེ་ཤེས་རབ་ཏུ་རྒྱས་ནས་ཤེས་བྱ་ཐམས་ཅད་མཁྱེན་ཅིང་། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་ལྟ་བུ་འབྱུང་བ་དེ་རྣམས་ཉམས་སམ་རྨི་ལམ་གང་དུ་བྱུང་ན་མཆོག་གི་དངོས་གྲུབ་ཐོབ་པའི་ཚར་ཚད་ཡིན། ལྔ་པ་འབྲས་བུ་ཐོབ་པའི་ཚར་ཚད་ནི། དངོས་གྲུབ་ཡན་ཆད་ལེགས་པར་རྫོགས་པའི་སྟོབས་ཀྱིས་ཐ་མལ་གྱི་རྟོག་པ་དང་། འཇིག་རྟེན་གྱི་སྣང་བ་ཐམས་ཅད་ནུབ་པ་དང་། རྟོག་མེད་སྣང་མེད་ཞན་མེད་རྩིས་མེད་ཀྱི་ཡེ་ཤེས་ཆེན་པོ་རབ་ཏུ་རྒྱས་ཏེ། ནམ་མཁའ་དྭངས་པ་ལ་ཉི་མ་


KMC019_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བའི་དུས་སུ་སྐྱེས་བུ་མིག་དང་ལྡན་པའི་བལྟས་པས་སྒྲིབ་གཡོག་མེད་པར་ཡུལ་ཀུན་གསལ་པོར་མཐོང་བ་དང་། དེ་བཞིན་དུ་སྒྲིབ་པ་དག་ནས་མཆོག་གི་དངོས་གྲུབ་ཐོབ་པའི་སྟོབས་ཀྱིས་རང་གི་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་ནས་རྨི་ལམ་གསལ་ཞིང་བརྣོ་བ་དང་། མངོན་ཤེས་འཆར་བ་དང་། སངས་རྒྱས་སྲས་བཅས་ཀྱི་ཞིང་ཁམས་འཁོར་ཡུག་དང་བཅས་པར་ཉམས་སམ་རྨི་ལམ་དུ་ཞལ་མཇལ་ཞིང་མཐོང་བ་དང་། སེང་གེའི་ཁྲི་ལ་འདུག་ཅིང་ཆོས་འཆད་པ་དང་། མཆོད་རྟེན་གྱི་རྩེ་མོར་འདུག་ནས་འོད་ཟེར་འགྱེད་པ་དང་། མེ་ཏོག་བཀོད་པ་ཅན་གྱི་ཞིང་ན་ཕྱིན་པ་དང་རང་གི་ཡི་དམ་གྱི་ལྷ་གང་ཡིན་པ་དེ་ཉིད་ཀྱིས་གསང་བའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བཞི་རྫོགས་པར་བསྐུར་བ་སོགས་ཉམས་སམ་རྨི་ལམ་དུ་གསལ་པོར་བྱུང་ན། དེའི་སྟོབས་ཀྱིས་ལུས་ངག་ཡིད་གསུམ་ལ་ནུས་པ་ཁྱད་པར་ཅན་སྐྱེས་པས། ལྷ་འདྲེ་མི་


KMC019_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཟས་ནོར་ལོངས་སྤྱོད་རྣམས་དངོས་སུ་དབང་དུ་བསྡུ་ནུས་པ་སྟེ། དེ་ཡང་ཉིན་མོར་མི་འདུས། མཚན་མོར་འདྲེ་འདུས། ཐུན་མོང་དུ་ལྷ་འདྲེས། ནང་ནུབ་ཏུ་ཟས་ནོར་ལོངས་སྤྱོད་འདུས་པ་དང་། ནུས་པའི་སྟོབས་ཀྱིས་འདྲེ་གདོན་རྣམས་ཤུགས་ཀྱིས་ཐུལ་བ་ལ་སོགས་པའི་ཡོན་ཏན་གྱི་ལྟས་མང་པོ་རང་བཞིན་ལྷུན་གྲུབ་ཏུ་འབྱུང་ཞིང་། ཅི་བྱེད་ཀྱི་བྱ་བ་ཐམས་ཅད་ཆོས་དང་མཐུན་པའི་སྤྱོད་པ་ནི་ཚར་ཚད་དགུ་རྫོགས་པའི་འབྲས་བུ་ཡིན་ཅིང་། དེ་ལྟ་བུའི་ཡོན་ཏན་རྣམས་ལ་བཅུ་པ་འབྲས་བུའི་ཚར་ཚད་ཟེར་བ་ཡིན། དེ་ཡང་ཚར་ཚད་བཅུ་རང་རང་གི་སྐབས་ནས་བཤད་པ་བཞིན་གཞན་དང་མ་འདྲེས་པའི་གསལ་པོ་ཡིད་ཆེས་པ་ཞིག་ཉམས་སམ། ཁྱད་པར་རྨི་ལམ་དུ་འབྱུང་བ་གལ་ཆེ་ཞིང་། འབྲས་བུའི་ཚར་ཚད་ཀྱི་ཡོན་ཏན་ཕལ་ཆེར་ནི་དངོས་སུ་འོང་དགོས་སོ། །དེ་ལྟར་ཚར་ཚད་བཅུ་རྫོགས་པའི་ཡོན་ཏན་ནི་ཆོད་ཚད་འབྱུང་བའ་ིསྔ་ལྟས་ཡིན། ཆོད་


KMC019_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ནི་ཕྱིའི་ཡུལ་སྣང་ཐམས་ཅད་བདེན་པར་གྲུབ་པ་མེད་པར་ཤེས་ཤིང་། མི་རྟག་མི་བརྟན་བདེན་མེད་དུ་རྟོགས་ནས་ཡུལ་སྣང་གྲུབ་པ་མེད་པར་རང་བཞིན་གྱིས་སྟོང་པའི་གཟུགས་བརྙན་དུ་འཆར་ནས་འོང་བ་དེ་ཕྱིའི་ཡུལ་སྣང་གི་ཆོད་ཚད་ཡིན། ནང་བདག་འཛིན་གྱི་རྩ་བ་རྩད་ནས་ཆོད་ཅིང་བདག་མེད་གནས་ལུགས་སྟོང་པའི་དོན་མངོན་དུ་གྱུར་ནས། རང་བཞིན་སྟོང་པའི་གཟུགས་བརྙན་དུ་ཤར་བའི་སྐྱེས་བུ་ཡིན་པར་ཤེས་ཤིང་བདེན་མེད་སྒྱུ་མའི་དོན་མངོན་དུ་གྱུར་པ་ནི་ནང་གི་ཆོད་ཚད་ཡིན། དེ་གཉིས་ཡུལ་ཡུལ་ཅན་སོ་སོར་སྣང་ཡང་། རང་བཞིན་གྱིས་གྲུབ་པ་མེད་པ་ཞེས་དོན་དམ་པའི་སྟེང་དུ་རོ་གཅིག་པ་དབྱེར་མེད་ཆུ་ཟླ་ལྟ་བུར་ཤེས་ཤིང་། དེ་ལ་མངའ་བརྙེས་པ་ནི་ཕྱི་ནང་དབྱེར་མེད་ཟུང་འཇུག་གི་ཆོད་ཚད་ཡིན་པ་དང་། དེ་བཞིན་དུ་རྣལ་འབྱོར་པའི་ཆོས་ཉིད་ནུས་པའི་སྟོབས་ཀྱིས་ཕྱི་གཉན་སའི་ལྷ་འདྲེའི་གདུག་སེམས་ཞི་ནས་དུལ་


KMC019_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཏེ། རང་གི་འཁོར་དུ་གྱུར་ནས་ཐར་པའི་ལམ་ལ་འཛུད་ཅིང་བླ་ན་མེད་པའི་གོ་འཕང་ལ་བཀོད་ནས་འཁོར་བར་སྐྱེ་བའི་རྒྱུན་གཅོད་པར་བྱེད་པ་ནི་སྙེམས་བྱ་ཡུལ་གཉན་སའི་ལྷ་འདྲེ་ཆོད་པའི་ཚད་ཡིན། ནང་གང་ཟག་གིས་སྙེམས་བྱེད་བཟང་རྟོག་ངན་རྟོག་ཡིད་བྱ་ཡིད་བྱེད་ལ་སོགས་བློས་བྱས་ཀྱི་སྤྲོས་པ་ཐམས་ཅད་རང་སར་ཆོད་ནས། སྤྲོས་བྲལ་བྱར་མེད་བློ་འདས་ཆོས་ཉིད་ཀྱི་དོན་མངོན་དུ་གྱུར་ནས། མ་རིག་ཉོན་མོངས་དུག་ལྔ་ལ་སོགས་དག་ནས་རིག་པའི་ཡེ་ཤེས་ལྔ་རབ་ཏུ་རྒྱས་པའི་འོད་ཟེར་གྱིས་གདུལ་བྱར་གྱུར་པའི་འགྲོ་བ་རྣམས་ཀྱི་རྨོངས་པའི་མུན་པ་ཐམས་ཅད་བསལ་ནས་འགྲོ་བའི་དོན་མཐའ་ཡས་པ་འབྱུང་བར་འགྱུར་རོ། །དེ་ཙ་ན་བདུད་ཐམས་ཅད་དཔལ་དུ་ཤར། བར་ཆད་ཐམས་ཅད་ཡོན་ཏན་གྱི་བོགས་འདོན་དུ་གྱུར། །རྐྱེན་ངན་པ་ཐམས་ཅད་འདོད་དོན་ཕུན་ཚོགས་དངོས་གྲུབ་ཀྱི་གྲོགས་སུ་གྱུར་པ་ནི། དཔེར་ན་རིན་པོ་ཆེའི་


KMC019_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ན་རྡོ་ཕལ་པ་མེད་པ་ཡིན་པས། དེ་བཞིན་དུ་གང་ཟག་དེ་དག་གིས་སེམས་ལ་དྲན་ཚད་དང་། ངག་ནས་སྨྲས་ཚད། ལུས་ཀྱི་སྒོ་ནས་བྱ་བ་བྱས་ཚད་ཐམས་ཅད་སེམས་ཅན་དོན་བྱེད་ཁོ་ནའི་རྒྱུར་གྱུར་ཅིང་། འགྲོ་བའི་རེ་འདོད་བཀང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་དགོས་པ་ཡིན་པས། དེ་ལ་སྙེམས་བྱེད་གང་ཟག་གི་ཆོད་ཚོད་ཡིན། དེ་ཡང་སྙེམས་བྱ་འདུལ་རྒྱུའི་ལྷ་འདྲེ་ཞེས་པ་གཞི་གདོད་མ་ནས་གྲུབ་པ་མེད་པ་ཁོ་རང་གི་ངོ་བོས་སྟོང་པ་དང་། སྙེམས་བྱེད་གང་ཟག་རང་ཉིད་ཀྱང་གཞི་གདོད་མ་ནས་གྲུབ་པ་མེད་པ་གང་ཟག་གི་ངོ་བོས་སྟོང་པ་དང་གཉིས་རང་བཞིན་གྱི་སྟོང་པ་ཞེས་དོན་དམ་བདེན་པའི་སྟེང་དུ་རོ་གཅིག་དབྱེར་མེད་ལྷན་སྐྱེས་སུ་གནས་ཀྱང་། ཀུན་རྫོབ་ཀྱི་ཆ་ལྟར་སྣང་ཙམ་དུ་མ་འདྲེས་པར་སོ་སོར་སྣང་ཡང་། དེ་བཞིན་ཡོད་པ་མིན་པས། གཅིག་དང་གཞན་པའམ་མ་ཡིན་ཅིང་། དེའི་དངོས་པོ་ཀུན་རང་བཞིན་དབྱེར་མི་ཕྱེད་


KMC019_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེ་ལོང་དང་གཟུགས་བརྙན་ལྟ་བུར་ཤེས་ཤིང་། དེ་ལྟ་བུའི་དོན་ལ་རང་དབང་ཐོབ་པར་གྱུར་པ་ནི་ཟུང་འཇུག་གི་ཆོད་ཚད་ཟེར་བ་ཡིན་ནོ། །དེ་ལྟར་ཆོད་ཚད་ནི་གཅོད་མཁན་བརྒྱའི་ནང་ནས་གཅིག་ཙམ་ཡང་འབྱུང་བ་དཀའ་ལ། གཅོད་མཁན་ཕལ་པ་ཐམས་ཅད་ལ་ཆོད་ཚད་དེ་མི་འབྱུང་ཞིང་། ཇི་ལྟར་ན། གོང་དུ་བཤད་པ་བཞིན་ས་དང་པོའི་བདེན་པ་མཐོང་དགོས་པ་ཡིན་པས། དེས་ན་ལེ་ལོ་དང་རྣམ་གཡེང་གི་དབང་དུ་མ་སོང་བར་དྲན་ཤེས་ཀྱི་བློ་དང་འགྲོགས་ནས་ཉམས་ལེན་གྱི་གནད་གཅུན་ཐབས་ལ་བརྩོན་པ་དང་། ཚར་ཚད་རྣམས་ཀྱི་ཡོན་ཏན་ལའང་དགའ་བ་དང་རློམ་སེམས་སྐྱེ་བའི་སྙེམས་ཤོར་ན། དེས་ཀྱང་ཆོད་ཚད་མཐོང་ལམ་མི་ཐོབ་པའི་བདུད་བྱེད་པས་ན། ཚར་ཚད་ཀྱི་ཡོན་ཏན་ཅི་ལྟར་བྱུང་ཡང་རློམ་སེམས་ཀྱིས་ཞེན་འཛིན་མི་བྱེད་ནས་བྱུང་ཚད་རྨི་ལམ་སྒྱུ་མ་བཞིན་དུ་ཉམས་སུ་བླང་ཞིང་བདེན་མེད་ངང་ལ་སྙེམས་རྩ་ཆོད་པར་བྱ།


KMC019_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །ཡང་དབང་པོ་རབ་འབྲིང་ལ་ལྟོས་པའི་ཕྱི་ནང་གསང་གསུམ་གྱི་ཚར་ཚད་འབྱུང་བར་བསྟན་པ་ནི། མ་ཅིག་གིས། དེ་ནི་ཚར་ཚད་མི་འདྲ་གསུམ་དུ་བསྟན། །ཆོ་འཕྲུལ་མི་འདྲ་སྣ་ཚོགས་ཅི་བྱུང་ཡང་། །ཞི་ཞིང་འཇམ་པ་ཕྱི་ཡི་ཚར་ཚད་ཡིན། །ལྷ་འདྲེས་དད་ཅིང་གུས་ཕུལ་ཅི་བྱུང་དང་། །དངོས་གྲུབ་སྟེར་བ་ནང་གི་ཚར་ཚད་ཡིན། །ནད་གདོན་རྣམ་རྟོག་མཉམ་པོར་ཞི་ནས་ཀྱང་། །ལུས་སེམས་བདེ་བ་གསང་བའི་ཚར་ཚད་ཡིན། །བྱམས་དང་སྙིང་རྗེ་མི་རྟག་རྒྱུད་གདུང་ནས། །ངེས་འབྱུང་བསམ་པས་ཆོས་ལ་འཇུག་པ་དེ། །ཁོ་ན་ཉིད་ཀྱི་བློ་ཆུང་ཚར་ཚད་ཡིན། །འཇིགས་སྐྲག་ཡ་ང་ཇི་ལྟར་བྱུང་ན་ཡང་། །ཉམ་ང་བྲལ་བ་ཕྱི་ཡི་ཚར་ཚད་ཡིན། །ནད་གདོན་སྣ་ཚོགས་སྡུག་བསྔལ་ཅི་བྱུང་ཡང་། །མ་བཅོས་ཞི་བ་ནང་གི་ཚར་ཚད་ཡིན། །དུག་ལྔ་ལ་སོགས་ཉོན་མོངས་ཅི་བྱུང་ཡང་། །རང་སར་གྲོལ་བ་གསང་བའི་ཚར་ཚད་ཡིན། །ཕྱི་


KMC019_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྣང་ཚད་བློ་ཡི་གཟུང་ཡུལ་རྣམས། །འཛིན་པ་བློ་ཡི་བདག་དང་བྲལ་བ་དེ། །ཁོ་ན་ཉིད་ཀྱི་བློ་འབྲིང་ཚར་ཚད་ཡིན། །ཆོ་འཕྲུལ་གདུག་པ་མ་རུང་འཇིགས་ཆེན་རྣམས། །ཟིལ་གྱིས་ནོན་པ་ཕྱི་ཡི་ཚར་ཚད་ཡིན། །ནད་གདོན་ཉོན་མོངས་ཉེས་པ་ཅི་བྱུང་ཡང་། །སྙེམས་དང་བྲལ་བ་ནང་གི་ཚར་ཚད་ཡིན། །རྐྱེན་ངན་བར་ཆད་མི་མཐུན་ཅི་བྱུང་ཡང་། །གྲོགས་སུ་ཤར་བ་གསང་བའི་ཚར་ཚད་ཡིན། །བདག་མེད་གནས་ལུགས་རང་བཞིན་སྟོང་པ་ཡིས། །ཆོས་ཉིད་དྲི་མེད་མངོན་དུ་གྱུར་པ་དེ། །ཁོ་ན་ཉིད་ཀྱི་བློ་རབ་ཚར་ཚད་ཡིན། །ཅེས་དང་། ཆོད་ཚད་ལའང་། ལྷ་འདྲེའི་ཆོ་འཕྲུལ་འཇིགས་སྐྲག་ཅི་བྱུང་ཡང་། །ཡ་ང་མེད་ན་ཕྱི་ཡི་ཆོད་ཚད་ཡིན། །ན་ཚ་སྡུག་བསྔལ་ཉོན་མོངས་ཅི་བྱུང་ཡང་། །ལས་སུ་ཤེས་པ་ནང་གི་ཆོད་ཚད་ཡིན། །རྣམ་རྟོག་བཟང་འབྲིང་ཐ་གསུམ་ཅི་ཤར་ཡང་། །ཁུ་འཕྲིགས་མེད་ན་གསང་བའི་ཆོད་ཚད་ཡིན། །ཕྱི་ནང་འདོད་ཡོན་སྣ་


KMC019_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཅི་བྱུང་ཡང་། །བདག་འཛིན་བྲལ་ན་དེ་ཉིད་ཆོད་ཚད་ཡིན། །ཅེས་གསུངས་སོ། །ཡང་འདྲ་མིན་ཤན་འབྱེད་པ་ལ་བཞི། ལྷོངས་ཚད་འདྲ་བའི་ཚར་ཚད། ཚར་ཚད་འདྲ་བའི་ལྷོངས་ཚད། ཚར་ལྷོངས་འདྲེས་མ་འདྲ་བའི་མགོ་བསྐོར། ཚར་ལྷོངས་གཉིས་ཀ་འདྲ་བའི་སེམས་ཀྱི་བག་ཆགས་དང་བཞིའོ། །དེ་ལ་དང་པོ་ལྷོངས་ཚད་འདྲ་བའི་ཚར་ཚད་ལ་དྲུག །རང་གི་ལུས་མེར་བསྲེག་ནས་ཐལ་བ་རླུང་གིས་གཡེར་བ་ནི་བག་ཆགས་བྱང་བའི་ཚར་ཚད་ཡིན་ལ་ལྷོངས་མ་ཡིན། གཞན་གྱིས་རང་ལ་མཚོན་ཆ་བསྣུན་པ་དང་། སེམས་ཅན་རྭ་ཅན་གྱིས་བརྡུངས་པ། མཆེ་བ་ཅན་གྱིས་རྨུགས་ནས་རྣག་ཁྲག་དང། སེམས་ཅན་དང་། ངན་སྐྱུགས་ཐོན་པ་སོགས་ནི་ནད་ལས་གྲོལ་བའི་ཚར་ཚད་ཡིན་ལ་ལྷོངས་མ་ཡིན། རང་གིས་དུག་རྗེན་པར་ཟོས་པ་དང་། སྟོང་གསུམ་མེས་བསྲེགས་ནས་རླུང་གིས་སྟོར་བ་སོགས་ནི་ཉོན་མོངས་ལམ་དུ་ལོངས་པའི་ཚར་ཚད་


KMC019_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་ལྷོངས་མ་ཡིན། རང་གིས་རང་ཟོས་པ་དང་། ཉ་དང་སྦྲུལ་གྱིས་རང་ཁྱུར་མིད་བྱས་པ་སོགས་ནི་རླུང་སེམས་དབུ་མར་ཚུད་པ་དང་། གཏན་ལ་ཕེབས་པའི་ཚར་ཚད་ལས་ལྷོངས་མ་ཡིན། རང་ལུས་རྡུལ་ཕྲན་བཞིན་དུ་སྟོར་བ་དང་། སྒྱུ་མའི་གྲོང་ཁྱེར་བསྐོར་བ་དང་། རང་རྒྱལ་པོ་ལྟ་བུར་གྱུར་པ་སོགས་ནི་འགྲོ་དོན་འབྱུང་བའི་ཚར་ཚད་ལས་ལྷོངས་མ་ཡིན། རང་སྙིང་རང་གིས་ཟོས་པ་དང་། གཞན་ལ་བྱིན་པ་དང་། གཞན་གྱིས་གློ་སྙིང་རང་ལ་བྱིན་ནས་ཟོས་པ་སོགས་ནི་གདམས་ངག་གི་དོན་ཁོང་དུ་ཆུད་པའི་ཚར་ཚད་ལས་ལྷོངས་མ་ཡིན་པ་དང་དྲུག་གོ །གཉིས་པ་ཚར་ཚད་འདྲ་བའི་ལྷོངས་དང་ཆོ་འཕྲུལ་ནི། གཤིན་པོའི་ཚོགས་འདུས་ནས་ཟས་གོས་སྟེར་བ་དང་བཀུར་སྟི་བསྐྱེལ་བསུ་བྱེད་པ་དང་། ཞྭ་སྔོན་གོས་དམར་གྱོན་ཞིང་མེ་ཏོག་དམར་པོའི་ཐང་དུ་ཕྱིན་པ་དང་། བོང་བུ་མཇུག་ཁ་ལོག་ནས་ཞོན་པ་སོགས་ཚེ་ལ་བར་ཆད་བྱེད་པའི་ཆོ་འཕྲུལ་སྟོན་པ་


KMC019_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་ཚར་ཚད་མ་ཡིན། གཞན་ཡང་གོས་དར་ཟབ་སོགས་ལྷབ་ལྷུབ་དང་། རིགས་མི་མཐུན་པའི་བུད་མེད་མང་པོས་བཀུར་སྟི་བྱེད་པ་དང་། བུ་རམ་མར་དང་ནག་འདུར་འདྲེན་པ་སོགས་བཟང་བཟང་ཚར་ཚད་འདྲ་ཡང་ལྷོངས་དང་ཆོ་འཕྲུལ་དུ་ཤེས་པར་བྱ། གསུམ་པ་ཚར་ལྷོངས་འདྲེས་མ་འདྲ་བའི་མགོ་བསྐོར་བ་ནི། བལ་འཁེལ་གྲུ་གུ་བཞུད་པ་དང་། རང་འཐག་བསྐོར་བ་དང་། ཡིད་དུ་མི་འོང་བའི་ཟས་ནོར་སྟེར་བ་དང་། འོག་ནས་མེ་འབུད་ཅིང་སྟེང་ནས་ཐུར་དུ་དཔྱངས་པ་དང་། གཞན་ཡང་ནུབ་སྔ་མ་ལ་ལྷོངས་དང་ཆོ་འཕྲུལ། བར་དུ་ཚར་ཚད་དང་བཅས་པ་བྱུང་ནས། ཡང་རྗེས་སུ་ལྷོངས་དང་ཆོ་འཕྲུལ་བྱུང་བའམ། ཡང་ན་ནུབ་གཅིག་ལ་ཚར་ལྷོངས་ཆོ་འཕྲུལ་འདྲེས་མ་འབྱུང་བ་སོགས་ནི་ལྷ་འདྲེས་མགོ་བསྐོར་བྱེད་པ་ཡིན། བཞི་པ་ཚར་ལྷོངས་གཉིས་ཀ་འདྲ་བའི་བག་ཆགས་ནི། སྔོན་གྱི་ཉོན་མོངས་པའི་བག་ཆགས་ཤུགས་ཆེ་བས།


KMC019_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལམ་གྱི་ཡོན་ཏན་རྒྱུད་ལ་མི་སྐྱེ་བ་དང་། ལྟ་བའི་གདེང་མེད་པ་དང་། གནས་སྐབས་སུའང་ཏིང་ངེ་འཛིན་གྱིས་མ་འཆུན་པ་དང་། གཉན་སའི་ཉམས་ལེན་ལ་རེས་འཇོག་ཏུ་ཤོར་བ་དང་། གདམས་ངག་ལ་ཐེ་ཚོམ་ཟ་བ་དང་། དམ་ཚིག་མ་དག་པ་དང་། ལྷོངས་དང་ཆོ་འཕྲུལ་ཚར་ཚད་འོངས་སྙམ་པའི་བག་ཆགས་ཀྱིས་རྨི་ལམ་ཟ་ཟི་མང་པོས་སོ་སོར་ངོས་མ་ཟིན་པ་སོགས་འབྱུང་བ་སྟེ། ཨོ་རྒྱན་ཆེན་པོས། ལྷོངས་ཚད་འདྲ་བའི་ཚར་ཚད་དང་། །ཚར་ཚད་འདྲ་བའི་ལྷོངས་ཚད་གཉིས། །དང་པོ་རང་ལུས་མེར་བསྲེགས་པའི། །ཐལ་བ་རླུང་ལ་འཕྱར་བ་ནི། །བག་ཆགས་བྱང་བའི་ཚར་ཚད་ཡིན། །ལུས་ལ་མཚོན་ཕོག་རྭ་ཅན་བརྡུངས། །རྣག་ཁྲག་འཛག་པ་ཚར་ཚད་ཡིན། །དུག་ལ་རྗེན་ཟས་བྱས་པ་དང་། །སྟོང་གསུམ་མེས་ཚིག་རླུང་གིས་སྟོར། །ཉོན་མོངས་ལམ་ལོངས་ཚར་ཚད་ཡིན། །རང་ལུས་རང་གིས་ཟོས་པ་དང་། །ཡང་ན་རང་ལུས་ཁྱུང་ངམ་སྦྲུལ། །ཉ་


KMC019_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སོགས་ཀྱིས་མིད་པ་ནི། །རླུང་སེམས་དབུ་མར་ཚུད་པ་ཡིན། །རང་ལུས་རྔུལ་ཕྲན་བཞིན་དུ་སྟོར། །འགྲོ་དོན་འབྱུང་བའི་ཚར་ཚད་ཡིན། །རང་སྙིང་རང་གིས་ཕྱུང་ནས་ཟོས། །གཞན་ལ་སྦྱིན་ནམ་གཞན་དག་གིས། །གློ་སྙིང་བྱིན་ནས་ཟོས་པ་ནི། །གདམས་པའི་བཅུད་ལོན་ཚར་ཚད་ཡིན། །ལྷ་རྫས་རྟེན་མཆོད་ཁྱད་པར་ཅན། །རྟོགས་པ་སྐྱེས་པའི་ཚར་ཚད་ཡིན། །དེ་སོགས་རིག་པས་དཔྱད་པར་བྱ། །གཉིས་པ་གཤིན་པོའི་ཚོགས་འདུས་ནས། །བསྐྱེལ་བསུ་བཀུར་སྟི་བྱེད་པ་རྣམས། །ཚེ་ལ་བར་ཆད་རྩོམ་པ་ཡིན། །མེ་ཏོག་དམར་པོའི་ཐང་ལ་ཕྱིན། །ཞྭ་གོས་གདན་ལ་སོགས་པ་ཡི། །རྙིང་པ་དང་ནི་དྲི་མ་ཅན། །དམར་ནག་སྔོན་པོ་གོན་པ་སོགས། །གོས་དར་ལྷབ་ལྷུར་ཁྲབ་བེར་དང་། །བུད་མེད་རིགས་མི་མཐུན་པ་ཡི། །མང་པོས་བཀུར་སྟི་བྱེད་པ་དང་། །ཁྲབ་གྱོན་སྦྲང་དང་བུ་རམ་དང་། །ཟྭ་ལེ་སྤང་མ་སྲན་མ་དང་། །དུག་དང་ཉུང་མ་གྲོ་མ་


KMC019_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །གང་ཡིན་མེད་པར་སྟེར་བ་དང་། །ཞྭ་མ་ཕུད་དང་མགོ་ཕུར་ནས། །ཆོས་ཞུ་ཕྱག་འཚལ་སྐུ་ཁམས་ཞུ། །རྫས་འབུལ་བསྐོར་བ་བསྙེན་བཀུར་བྱེད། །མཛེ་ཕོའམ་ཁ་མིག་ཡོ་བ་དང་། །ལུས་ལ་འབྲུམ་བུ་ཡོད་པའམ། །མིག་དང་བྱད་དམར་བཞིན་བསྡུས་པ། །ཞྭ་གོས་དམར་ནག་ཧྲུལ་པ་གྱོན། །ངུ་ཞིང་ནའམ་མི་ནུས་ཚུལ། །ཐོར་སྡད་པ་ལ་སོགས་པ་ཡིས། །ཆོས་ཞུ་ལ་སོགས་བཀུར་སྟེ་བྱེད། །ཁྱི་དང་བ་གླང་སྦལ་ལྕོང་དང་། །རྟ་བོང་སྤྲེའུ་ཁང་ཧྲུལ་སོགས། །བྱིན་པའམ་ཞོན་པས་ཆུ་ལ་ཐེན། །ཆུ་ཡི་སྟེང་དུ་འཕུར་བའམ། །ལྕི་བཞིན་མི་ཐེག་བཞིན་དུ་འཁུར། །འདི་ཡིན་མེད་པའི་དཔེ་ཆ་དང་། །ལྷ་ཁང་རྟེན་མཆོད་གོག་པོ་དང་། །བྱིས་པ་ཆུང་ངུས་བསྙེན་བཀུར་སོགས། །ཚར་ཚད་འདྲ་བའི་ལྷོངས་ཚད་ཡིན། །ཤ་རིགས་མ་བཅོས་སྟེར་བ་ལྷོངས། བཙོས་པའི་ཚ་བོ་ཚར་ཚད་ཡིན། །གཞན་ཡང་ནུབ་མ་སྔོན་མ་ལྷོངས། །བར་མ་ཚར་ཚད་རྗེས་མ་ལྷོངས། །ཡང་


KMC019_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནུབ་གཅིག་རང་ལ་ནི། །ཆར་ལྷོངས་གཉིས་ཀ་འདྲེས་པ་འབྱུང་། །ལྷོངས་མེད་ཚར་ཚད་འབྱུང་བ་སོགས། །ལྷ་འདྲེས་མགོ་བསྐོར་བྱེད་པའོ། །ཞེས་གསུངས་སོ། །དེ་ལྟར་ལྷོངས་དང་ཆོ་འཕྲུལ་ཚར་ཚད་ཀྱི་རིམ་པ་ཇི་ལྟར་བྱུང་ཡང་ཆགས་ཞེན་རློམ་སེམས་དགའ་བྲོད་སྤང་བླང་གང་ཡང་མི་བྱེད་ཅིང་། དེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་ལ་གནས་པར་བྱ་སྟེ། མ་ཅིག་གིས། ལྷོངས་དང་ཆོ་འཕྲུལ་ཚར་ཚད་ཅི་བྱུང་ཡང་། །རང་བློས་བཏགས་པ་ཙམ་ལས་ཡེ་ནས་མེད། །ཡེ་ནས་མེད་པའི་ཆོས་ཀྱི་དབྱིངས་ཉིད་ལ། །སྤང་བླང་གང་བྱུང་དེ་ཉིད་བདུད་ཡིན་པས། །ཡུལ་ལ་མ་འབྲངས་སྙེམས་ཀྱི་ཐག་པ་ཆོད། །བདག་གི་བདུད་དུ་བདག་ཏུ་འཛིན་པ་ཆེ། །བདག་ཏུ་ཤེས་ན་བདག་ཏུ་འཛིན་ལས་གྲོལ། །དེ་ཉིད་ཤེས་ན་གང་དང་གང་གི་བདུད། །གཅོད་བྱ་གཅོད་བྱེད་གཅོད་ཀྱི་མིང་ཡང་མེད། །སྙེམས་བྱེད་ཉིད་ནི་སྙེམས་བྱེད་ཉིད་ཀྱི་བདུད། །


KMC019_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམས་བྱེད་ཤེས་ན་སྙེམས་ཀྱིས་ཟུངས་མི་ཐུབ། །དེ་བས་བདུད་རྣམས་སྙེམས་སུ་ཐག་བཅད་པས། །སྙེམས་ཙམ་སྣང་བ་སྨིག་སྒྱུའི་ཆུ་དང་མཚུངས། །སྒྱུ་མའི་སྐྱེས་བུས་བདག་དང་གཞན་མ་ཐུབ། །ཟླ་བ་གཉིས་སྣང་མིག་གི་སྐྱོན་དང་བྲལ། །ནམ་མཁའ་མི་སྤང་སྤྲིན་ཉིད་ནམ་མཁར་ཤར། །ཐམས་ཅད་རང་སྣང་རང་གྲོལ་ཡིན་པ་ལ། །རང་གི་རང་ལ་བླང་དོར་ག་ལ་སྲིད། །སྲིད་ན་བླང་བྱ་གང་ཡིན་དོར་བྱ་གང་། །དེ་ནས་གཅེས་འཛིན་དེ་ཉིད་བདུད་ཡིན་པས། །གང་ལའང་གཅེས་པར་མ་འཛིན་བུ་སློབ་ཀུན། །གཅེས་འཛིན་གྲོལ་ན་གཅོད་བྱ་གཅོད་བྱེད་མེད། །ཐར་པའི་ལམ་མཆོག་གང་ཡང་དངོས་གྲུབ་མཆོག །སྤང་བྱའི་བདུད་ནི་བསྒྲུབ་པའི་ལྷ་དང་མཚུངས། །མཚུངས་ཤེས་ཐ་སྙད་ཙམ་དེ་ཡེ་ནས་མེད། །གཅིག་གམ་མི་ཅིག་བསྟན་དུ་མེད་བཞིན་དུ། །རང་སྙེམས་ཤེས་ནས་རང་སར་གྲོལ་གྱུར་ན། །རང་གིས་རང་ལ་ངོ་བོ་བསམ་བརྗོད་བྲལ། །ཡུལ་


KMC019_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡུལ་ཅན་གཉིས་འཛིན་རྩད་ནས་ཆོད། །སྟོང་ཞིང་བདག་མེད་སྤྲོས་དང་བྲལ་བ་ཡི། །མཁའ་ལྟར་དག་པ་ཆོས་དབྱིངས་ངང་ཉིད་ལ། །མ་བཅོས་ལྷུག་པར་ཞོག་དང་བུ་སློབ་ཀུན། །ཞེས་གསུངས་སོ། །མདོར་ན་གཉན་ཁྲོད་ན་སླེབ་ནས་རྒྱུན་གྱི་ཉམས་ལེན་རྣམ་པ་གསུམ་དང་མི་འབྲལ་བར་ཉམས་སུ་ལེན་པ་ཡིན་ཏེ། ཤོག་དྲིལ་ལས། སླེབ་ནས་དམིགས་པ་འདི་གསུམ་གཅེས། །གཏོང་ཕོད་བློ་སྒྱུར་ཆེ་བ་ཡིན། །ལུས་ལ་མ་ཆགས་ལྟོས་མེད་བྱིན། །སྟོང་ཉིད་རྒྱབ་ཆན་ཆེ་བ་ཡིན། །སྐྱེ་མེད་རྟོག་མེད་ངང་དུ་བཞག །ཉམས་ལེན་སྙིང་རུས་ཆེ་བ་ཡིན། །ཡེངསམེད་སྙེམས་མེད་བརྩོན་འགྲུས་གཅེས། །རྒྱུན་གྱི་དམིགས་པ་རྣམ་གསུམ་ཡིན། །ཅེས་གསུངས་པ་བཞིན་དང་ལྡན་ན་གོང་གི་ཚར་ལྷོངས་ཚད་སོགས་མཐར་ཕྱིན་པ་ཡིན་ནོ། །དེ་ལྟ་བུའི་དམིགས་པ་རྣམས་ལ་ནན་ཏན་བྱས་ཀྱང་ཚར་ཚད་མི་འབྱུང་ཞིང་ལྷོངས་དང་ཆོ་འཕྲུལ་ཆེ་བར་བྱུང་ན།


KMC019_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་གཅོད་ཀྱི་ལུགས་ཀྱིས་ལྷ་འདྲེ་ལ་དོ་མི་བསྡོ། ཕོད་མི་བཙུག འགྲན་མི་འཛུག །གནོད་པ་མི་སྐྱེལ། རང་དམན་ས་འཛིན། ཕམ་ཁ་ལེན། བདེ་སྡུག་ཅི་བྱུང་ཡང་། ནམ་ཕུགས་སུ་ལུས་སྟེར་བ་གཅིག་ལ་རེ་བ་ཡིན་ཀྱང་། ཁྱེད་ཀྱིས་ཁྱེར་ཅིག་བྱས་པ་གཅིག་དུ་ས་མི་ཕན་པས། མཐའ་གཏད་བྱ་བའི་རིམ་པ་ལ་གསུམ། ཕྱི་ལྷ་འདྲེ་མཐའ་ལ་གཏད་པ། བར་ཕུང་པོ་མཐའ་ལ་གཏད་པ། ནང་བདག་འཛིན་མཐའ་ལ་གཏད་པའོ། །དང་པོ་ཕྱི་ལྷ་འདྲེ་མཐའ་ལ་གཏད་པ་ནི། ཀླུའམ་བདུད་དམ་བཙན་ལ་སོགས་པ་སྔར་ནས་གནོད་པའི་ལྷ་འདྲེ་ཡིན་ནམ། གཅོད་བྱས་ནས་མཆོད་པའམ། རྐྱེན་གཞན་གྱིས་ལྷོངས་པ་སོགས་ལ་བྱ་སྟེ། དེ་ཡང་གཉན་ཐོག་ཏུ་གཉན་དབབ་པ་བྱ་བ་ཤིན་ཏུ་གཉན་པའི་སའམ། ཆོ་འཕྲུལ་དང་གདུག་རྩུབ་ཆེ་བ་སོགས་མདོར་ན་གང་གཅོད་པར་དཀའ་བའི་སྟེང་དེར་ཕྱིན་ནས་གནས་ལུགས་ཀྱི་ངང་དུ་ཉལ་ན། དེར་གནས་པའི་ལྷ་འདྲེ་


KMC019_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མ་བཟོད་པར་ཟིང་ངེར་ལངས་ནས་འོང་གི །དེའི་དུས་སུ་ཉམས་ལེན་གྱིས་གདེང་ཚད་སྐྱེད། རྟོགས་པའི་རྟགས་ཚན་སྐྱེད། སྙིང་རུས་ཀྱིས་སྡད་ཚན་སྐྱེད་པས་ལྷ་འདྲེས་གླགས་མ་རྙེད་པར་བྲད་ནས་འགྲོའོ། །གཉིས་པ་བར་ཕུང་པོ་མཐའ་ལ་གཏད་པ་ནི། ཆོ་འཕྲུལ་ཆེ་ཞིང་གཅོད་དཀའ་བའི་ས་དེར་ཕྱིན་ནས། ཐག་པ་ནག་པོ་ཞིག་ལ་སོ་ཆིང་མདུད་བྱས་ཏེ། དེ་རང་གི་སྐེ་ལ་བཅིངས་ནས་ཐག་པའི་སྣེ་མོར་ལྷ་ཁང་ཡིན་ན་ལྡེར་བཟོའི་ལག་ཏུ་གཏད་ལ་བཞག །སྡོང་པོ་ཡིན་ན་དེ་ལ་བཏགས། བྲག་གམ་ཕ་བོང་ངམ་བྲ་མ་ཡིན་ན་ཡང་དེ་ལ་བཏགས། ནེའུ་སིང་ངམ། སྒང་ཕུང་ངམ། ཐང་ཆེན་ཡིན་ན་དེའི་དཀྱིལ་དུ་བེ་ཕུར་བཏབ་ནས་དེར་བཏགས། ཆུ་མིག་ཡིན་ན་ཐག་པའི་སྣ་ལ་རྡོ་འཇོང་བཏགས་ནས་ཆུའི་ནང་དུ་བསྐྱུར་ལ། གང་གནས་པའི་ལྷ་འདྲེ་དེ་ལ་གཏད་དེ་ཉམས་ལེན་ངང་དུ་ཉལ་ཏེ། འཁྲུལ་གཅོད་ལས། མཐའ་གཏད་བྱ་བའི་མན་


KMC019_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ནི། །གནས་དེར་མགོ་མཇུག་ལྡོག་ལ་ཉལ། །སྐེ་ལ་ཐག་གུ་ནག་པོ་བཏགས། །ཆུ་མིག་ཤིང་ངམ་བྲག་ལ་གཏད། །རིག་པ་དྲི་མེད་མ་བཅོས་པའི། །ངང་ལ་སྙེམས་མེད་བུན་ནེ་བཞག །ཐམས་ཅད་བྱིས་པའི་རྩེད་མོར་བལྟ། །ཞེས་གསུངས་སོ། །གསུམ་པ་ནང་བདག་འཛིན་མཐའ་ལ་གཏད་པ་ནི། ལུས་བཞི་བསྡུས་ཀྱི་ཕུང་པོ་འདི་ཇི་ལྟར་བྱས་ཀྱང་འཆི་བ་ལས་མ་འདས། གཏན་དུ་ས་ཐོག་འདིར་མི་སྡད། ཚེ་ཐར་ནས་ལུས་པ་སུ་ཡང་མེད། འཆི་བའི་དུས་ལ་བབས་ན། ཁྱེད་རྣམས་ཀྱིས་གནོད་པ་མི་སྐྱེལ་བའི་སྟེང་དུ་བསྲུང་སྐྱོབ་བྱས་ཀྱང་ངའི་སྲོག་མི་ཟིན། མཐར་ཐུག་དམྱལ་བར་སྐྱེ་བའི་རྒྱུ་ནི་རང་གིས་མ་བསགས་ན། ཁྱེད་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལོག་ནས་འོང་ཡང་བསྒྱུར་བར་མི་ནུས། ད་ཞག་པོ་གཅིག་གཉིས་ཀྱི་ཚེ་ལ་རིང་ཐུང་མི་འདུག་པས། ཁྱེད་ལྷ་འདྲེ་རྣམས་ཀྱིས་འདོད་ཅིང་། རང་ལ་སྦྱིན་དབང་ཡོད་པའི་དུས་འདིར་ཅི་སྟེ་མི་གཏོང་། སྤྱིར་


KMC019_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཡོངས་དང་། སྒོས་དྲིན་ཅན་ཕ་མ། ཡང་སྒོས་རྩ་བའི་བླ་མའི་གླུད་དུ་གཏོང་། ཁྱད་པར་དུ་ཁྱེད་ལྷ་འདྲེ་རྣམས་ཀྱི་དོན་དུ་གཏོང་བ་ཡིན་པས། མཐོ་སྲིད་པའི་རྩེ་མོ་ནས། དམའ་དམྱལ་ཁམས་ཡན་ཆད་ཀྱི་སྣང་སྲིད་ལྷ་འདྲེ་ཆེ་དགུ་དྲག་དགུ་ཐམས་ཅད་འདིར་འདུས་ཤིག །བདག་ཆེ་གེ་མོ་ཞེས་བྱ་བའི་ལུས་བཞི་བསྡུས་ཀྱི་ཕུང་པོ་འདི་ཁྱེད་རྣམས་གང་ལ་གང་འདོད་དུ་སྟེར་བ་ཡིན་པས་གསོལ་ཅིག །ཁྱེར་ཅིག །མཉེས་པར་དགོངས་ཤིག །སྟེར་མ་ནུས་ན་ང་ངན། ཟ་མ་ནུས་ན་ཁྱེད་ངན་ནོ། །རབ་ལྷ་འདྲེ་ཁྱེད་རྣམས་ཀྱིས་ང་དམྱལ་བར་སྒྱུར་ཅིག །འབྲིང་དོ་ནུབ་ཟོ་ལ་ནང་པར་ང་ལྡང་རྒྱུ་མེད་པར་ཐོང་ཞིག །ཐ་ནའང་ནད་སྣ་དགུ་ཐོང་། ཤི་ཡང་མ་ཤི། གསོན་ཡང་མ་གསོན་པ་ཞིག་གྱིས་ཤིག །ཅེས་ངག་ཏུ་བརྗོད་ཅིང་ཡིད་ལའང་བསམ་ལ། ཕཊཿ བྱས་ལ་དམར་འགྱེད་མང་དུ་བྱ། རིག་པ་སྟོང་གསལ་འཛིན་མེད་ཀྱི་ངང་ལ་འཇོག །དེ་ལྟར་


KMC019_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་སྐྱེས་ན་ནད་གདོན་བར་གཅོད་གང་གིས་ཀྱང་མི་ཚུགས། ལྷ་འདྲེའི་རིགས་ཚན་གཅིག་མ་བཟོད་ནས་གུས་པས་འདུད་དུ་འོངས། ཡང་ན་ཆོ་འཕྲུལ་སྟོན་དུ་འོང་སྟེ། ཅི་བྱུང་ནའང་ཉམ་ང་བག་ཚ་མེད་པའི་ངང་དུ་འབོལ་ལེ་ཤིག་གེ་ཡུམ་དོན་ལ་ཞོགས་དང་། གནོད་པར་བྱེད་མཁན་མི་འོང་གི། ལར་ཆོ་འཕྲུལ་དང་བར་ཆད་ཅི་བྱུང་ཡང་། བསྲུང་དུ་གསོལ་བརྒྱ་ལས་ཟོ་ཞིག་ཟེར་བ་གཅིག་གི་དགའ། ལྷ་སྲུང་བརྒྱ་ར་མདར་བྲན་པ་ལས་ལྷ་འདྲེ་སྟེང་ལ་ཟར་འཇུག་པ་དགའ། སྲུང་བ་བརྒྱ་འདོགས་པ་ལས་ན་དགའ་ཤི་སྐྱིད་གཅིག་དགའ་བ་ཡིན་གསུངས། གཅོད་མཁན་གསར་བུ་བ་ཁ་ཅིག་ལྷོངས་དང་ཆོ་འཕྲུལ་ཅུང་ཟད་བྱུང་ནས་མཐའ་གཏད་དང་ལོག་ནོན་བྱེད་པ་ཡོད། དེ་ནི་གཅོད་ཀྱི་དྲོད་ཚད་མ་ཤེས་པ་ཡིན། ལྷོངས་མ་ཐག་ཏུ་མཐའ་གཏད་དང་། ལོག་ནོན་བྱ་མི་དགོས། ལྷ་འདྲེའི་རིགས་གཙོ། ཆོ་འཕྲུལ་གྱི་ལུགས་གཙོ། གཅོད་ཀྱི་དུས་ཚོད་གཙོ་བོ་ཡིན་


KMC019_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ལྷ་འདྲེ་དྲག་པོ་རྩུབ་མོ་ཞིག་དང་ཐུག་བྱ་ཡི། འཇམ་ན་བྱ་མི་དགོས། ཆོ་འཕྲུལ་ཆེ་དྲག་ན་བྱ་ཡི། ཆུང་ན་བྱ་མི་དགོས། གཅོད་ཚར་བའི་རྟིང་ལ་ཅི་བྱས་ཀྱང་མ་ཆོད་ན་བྱ་ཡི། དང་པོ་རང་ནས་བྱ་མི་དགོས་སོ། །དེ་ལྟར་ཉམས་སུ་བླང་ཀྱང་ཡོན་ཏན་མ་སྐྱེས་ན་བོགས་འདོན་པར་བྱེད་པ་ལ་གསུམ། ཡར་བླ་མ་ལ་གསོལ་བ་གདབ་སྟེ་བོགས་དབྱུང་། མར་སེམས་ཅན་ལ་སྙིང་རྗེ་བསྒོམ་སྟེ་བོགས་དབྱུང་། བར་འགལ་རྐྱེན་ལ་ཐོག་བརྫིས་བྱ་སྟེ་བོགས་དབྱུང་བའོ། །དང་པོ་ནི་དགེ་སྦྱོར་བྱས་ལམ་ལ་འབད་ཀྱང་། རྒྱུད་ལ་ཡོན་ཏན་སྐྱེ་རུ་མ་འདོད་ན། བླ་མའི་བྱིན་རླབས་མ་ཞུགས་པའི་རྟགས་ཡིན་པས། བྱིན་རླབས་ཞུགས་པ་ལ་བླ་མ་ལ་གསོལ་བ་གདབ་དགོས། གསོལ་བ་གདབ་ཅིང་མོས་གུས་སྐྱེ་བར་བྱེད་པ་ལ། དྲིན་དང་ཡོན་ཏན་དྲན་དགོས། ཡོན་ཏན་བསམ་པ་ནི། བླ་མའི་སྐུའི་རྣམ་འགྱུར་གསུང་གི་ཕྲིན་ལས་ཐུགས་ཀྱི་མཁྱེན་པ་ལ་


KMC019_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཡོན་ཏན་སངས་རྒྱས་དང་མཉམ། ངོ་བོ་སངས་རྒྱས་རང་ཡིན། སངས་རྒྱས་ཀྱི་ཕྲིན་ལས་བླ་མའི་མཛད་པ་ཡིན། དེ་ལྟར་ཡིན་ཀྱང་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་མ་མཐོང་། གསུང་ཚངས་པའི་དབྱངས་སུ་མ་ཐོས་པ་ནི། རང་རེའི་སྒྲིབ་པ་མ་དག་པས་ལན་པ་ཡིན། དཔེར་ན་ཅོང་ནད་ཅན་གྱིས་ཀ་ར་ཟོས་པས། ཁ་བའི་རོ་མྱོང་བའམ། མིག་ནད་ཅན་གྱིས་དུང་ལ་སེར་པོར་མཐོང་བ་བཞིན་ཡིན་ནོ། །བླ་མའི་དྲིན་བསམ་པ་ནི་དྲིན་སངས་རྒྱས་ལས་ཀྱང་ཆེས་ཆེ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བྱོན་ཀྱང་། བདག་གི་མངོན་སུམ་དུ་སྣང་མ་ནུས། ལུགས་སུ་བླུགས། བྲིས་སུ་བྲིས། འབུར་དུ་དོད་པའི་རྟེན་དཔག་ཏུ་མེད་པ་ཞིག་བཞུགས་ཀྱང་། བདག་ལ་མངོན་སུམ་དུ་ཆོས་ནི་མི་གསུང་པ་ལ། བླ་མས་དགེ་སྡིག་གི་རྣམ་སྨིན་བཤད། རྒྱུ་འབྲས་ཀྱི་དོན་བསྟན། རང་ལ་གནས་པའི་ཡེ་ཤེས་ངོ་སྤྲོད་པས་བདག་ལ་དྲིན་ཤིན་ཏུ་ཆེའོ་


KMC019_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ལ། དེ་ནས་སྤྱི་བོའི་གཙུག་ཏུ་གོང་ལྟར་ཚོགས་ཞིང་བསྒོམ་ལ། སྙིང་གི་དཀྱིལ། རྐང་གི་ཁོང་། རུས་པའི་གཏིང་ནས་གདུང་ཤུགས་དྲག་པོས་ཁ་ཙམ་ཚིག་ཙམ་མ་ཡིན་པར་གསོལ་བ་དུང་དུང་གདབ་ལ། གེགས་དང་འགལ་རྐྱེན་ཞི་བའི་ཐུགས་རྗེ་ཞུ། བོགས་དང་བློ་སྐྱེད་ཐོན་པའི་བྱིན་རླབས་ཞུ། རྩལ་དང་ཡོན་ཏན་རྫོགས་པའི་དངོས་གྲུབ་ཞུ། དེའི་རྗེས་སུ་བླ་མ་རང་ལ་བསྟིམ་ལ། བླ་མའི་ཐུགས་དང་རང་གི་སེམས་གཉིས་གསལ་སྟོང་འཛིན་མེད། བདེ་སྟོང་དབྱེར་མེད། སྣང་སྟོང་ཟུང་འཇུག་གི་ངང་དུ་ཁྲུག་གེ་འདྲེས་པར་བསྒོམས་ལ། སེམས་སྤྲོས་མེད་བདེ་ཆེན་གྱི་ངང་ལ་འབོལ་ལེ་ལྷོད་དེ་བསྡད། ད་ལྟར་བྱས་པས་གང་ཉམས་སུ་ལེན་པའི་བོགས་ཐོན་པ་སྟེ། དམ་པ་རིན་པོ་ཆེས། བར་དོའི་འཕྲང་ལ་དུག་ལྔའི་ཇག་པ་མང་། །སྐྱེལ་མར་བླ་མ་ཚོལ་ཅིག་དིང་རི་བ། །ཞེས་བར་དོ་ནི་ད་ལྟ་རང་གཞན་གནས་པའི་བར་དོ་འདི་ཡིན་པས། དེ་


KMC019_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ཏེ་དུག་ལྔའི་དབང་གི་ཆགས་སྡང་བདུད་དང་ལྷ་འདྲེའི་རྣམ་རྟོག་རང་སེམས་ལས་ཤར་བ་ཡིན་ཏེ། དེ་ཉིད་བླ་མ་ལ་མོས་གུས་བྱས་ན། དེའི་མཐུ་ལས་སྐྱེ་མེད་དུ་ཤེས་པས་སོ། །ཡང་། འཇུས་ནས་མི་བསླུ་བླ་མ་དམ་པ་ཡིན། །འབྲལ་མེད་གཙུག་ཏུ་ཁུར་ཅིག་དིང་རི་བ། །བླ་མས་བསྐྱལ་ན་གང་འདོད་གནས་སུ་སླེབས། །གང་ལ་མོས་གུས་ཕུལ་ཅིག་དིང་རི་བ། །ཞེས་དང་། བྱིན་རླབས་ཀྱིས་རྒྱུད་སྨིན་པར་འདོད་ན། བླ་ལ་སངས་རྒྱས་སུ་འདུ་ཤེས་བསྐྱེད། ཅེས་གསུངས་པ་ལྟར་བླ་མ་ལ་མོས་གུས་བྱས་ན་ལྷ་འདྲེའི་ཆོ་འཕྲུལ་དང། བདུད་བཞི་རང་སར་གྲོལ་ནས་འབྲས་བུ་ཐོབ་པའི་ཚུལ་ཡང་། མ་ཅིག་གིས། དེ་བས་སྙེམས་ཀྱི་ཐག་པ་ཡོད། །བཅད་པས་ཚོད་པ་མ་ཡིན་ཀྱང་། །རྩ་བྲལ་རྟོགས་ན་ཟུངས་མི་ཐུབ། །ཆོས་དབྱིངས་ཀློང་དུ་གྲོལ་བར་ངེས། །རྩིས་གདབ་མེད་པར་ལ་ཟློས་ཤིག །ཐོགས་


KMC019_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདུད་ཀྱང་སྙེམས་སུ་འདུས། །དུག་ལྔ་ལས་གིས་ཉོན་མོངས་དང། །མཐོང་མེད་འདྲེ་ལ་འཇིགས་པ་དང་། །དངོས་མེད་ལྷ་ལ་རེ་བ་དང་། །དེ་བཞིན་ཡིད་ཡུལ་རེ་དོགས་རྣམས། །སྙེམས་བྱེད་ལས་བྱུང་སྙེམས་ཀྱི་བདུད། །ཞེ་སྡང་རང་སར་གྲོལ་བ་ཡང་། །སྙེམས་བྱེད་རྩ་བ་ཆོད་ལས་བྱུང་། །བཙོ་སྲེག་དམྱལ་བའི་བདུད་ལས་ཐར། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ། །འདོད་ཆགས་རང་སར་གྲོལ་བ་ཡང་། །སྙེམས་བྱེད་རྩ་བ་ཆོད་ལས་བྱུང་། །བཀྲེས་སྐོམ་ཡི་དྭགས་བདུད་ལས་ཐར། །སོ་སོར་རྟོགས་པའི་ཡེ་ཤེས་ཐོབ། །གཏི་མུག་རང་སར་གྲོལ་བ་ཡང། །སྙེམས་བྱེད་རྩ་བ་ཆོད་ལས་བྱུང། །བཀོལ་སྤྱོད་བྱོལ་སོང་བདུད་ལས་ཐར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ། །ཕྲག་དོག་རང་སར་གྲོལ་བ་ཡང་། །སྙེམས་བྱེད་རྩ་བ་ཆོད་ལས་བྱུང་། །འགྱུར་བ་མི་ཡི་བདུད་ལས་ཐར། །བྱ་བ་གྲུབ་པའི་ཡེ་ཤེས་ཐོབ། །ང་རྒྱལ་རང་སར་གྲོལ་བ་ཡང་། །སྙེམས་


KMC019_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྩ་བ་ཆོད་ལས་བྱུང། །འཐབ་རྩོད་ལྟུང་བའི་བདུད་ལས་ཐར། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ། །སྙེམས་ཐག་མ་ཆོད་དུག་ལྔ་ལ། །སྙེམས་ཆོད་རང་གྲོལ་ཡེ་ཤེས་སོ། །ཞེས་གསུངས་སོ། །གཉིས་པ་ནི། །སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ ། སྒོས་བདག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས་ཀྱིས་གཙོ་བྱས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམ། །འདི་དག་ཕ་མ་མར་མ་གྱུར་པ་གཅིག་ཀྱང་མེད། དེའི་དུས་སུ་བདག་ལ་ཕན་བཏགས། གནོད་པ་བསལ་བའི་དྲིན་ཆེན་ཡིན་པས་སྙིང་རེ་རྗེ། སྐྱབས་མགོན་ཐམས་ཅད་དང་བྲལ་ནས་སྔར་ཡང་འཁོར་བ་མུ་མཐའ་མེད་པར་འཁྱམས། ད་དུང་ཡང་འཁོར་བ་མཐའ་མེད་པར་འཁྱམས་དགོས་པས་སྙིང་རེ་རྗེ། སྨྱོན་པ་ལྟ་བུར་གྱུར་ནས་དགེ་སྡིག་གི་དོན་ནི་མི་གོ །རྒྱུ་འབྲས་མ་ཤེས། འདོད་པ་ནི་བདེ་བ་འབའ་ཞིག་འདོད། སྒྲུབ་པ་ནི་སྡུག་བསྔལ་


KMC019_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་བསྒྲུབ་པ་འདི་རྣམས་སྙིང་རེ་རྗེ། སྙམ་པའི་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པ་ནས་བསྒོམས་ན། སྙིང་རྗེ་ཤུགས་ལ་སྐྱེ་ཞིང་རང་གི་སྒྲིབ་པ་ཟད། ཚོགས་རྫོགས་ནས་བོགས་དབང་མེད་དུ་ཐོན་པའོ། །གསུམ་པ་ནི། སྔོན་ཆད་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་དཀའ་བ་དེ་གང་གིས་ལན་ན། དགྲ་ལ་སྡང་བར་བཟུང་། གཉེན་ལ་བྱམས་པར་བཟུང་། ནོར་ལ་འཕངས་སེམས། བུ་ལ་གཅེས་འཛིན། སྲོག་ལ་གཅེས་པར་བྱས། སྣང་བ་ལ་བདེན་པར་བཟུང་ནས་བདེ་སྡུག་མཐོ་དམན་ལ་བླང་དོར་འབའ་ཞིག་བྱས་ནས་ར་མ་སྙོམས་པས་ལན་པ་ཡིན། ད་སེམས་ཉིད་དོན་གྱི་ངོ་བོ་འདི་ལ་ནི་སྐྱོན་ཡོན་གཙང་བཙོག་མེད། དགྲ་གཉེན་དང་དགའ་མི་དགའ་མེད། ཞིམ་མི་ཞིམ་མེད། སྐྱུགས་བྲོ་མི་བྲོ་མེད། ངོ་ཚ་མི་ཚ་གང་ཡང་མི་འདུག་སྟེ། ཀུན་རྫོབ་འཁྲུལ་པའི་སྣང་བ་འདི་


KMC019_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདེན་པར་བཟུང་ནས་བསྐྱུར་མ་ནུས། བསྲེ་མ་ནུས། སྤྱོད་མ་ནུས་པས་ལན་འདུག་པས། བདག་འཛིན་གྱི་འཁྲུལ་པ་འདི། ངོ་ཚའི་རིབ་མ། ཚུལ་འཆོས་ཀྱི་བརྩིགས་པ། རྣམ་རྟོག་གི་སྒྲིབ་ཤིང་། ཁྱོད་རང་གང་བྱེད་པ་གྱིས། ཅི་དགའ་བ་གྱིས། གང་དགའ་བར་གྱིས། ཅི་འོང་བར་ཤོག་སྙམ་དུ་བསམ་ལ། གཉིས་འཛིན་གྱི་རྟོག་པ་རྒྱང་གི་བསྐྱུར། དངོས་འཛིན་གྱི་མཚན་མ་ཧྲུལ་གྱི་བཤིག །བདེན་འཛིན་གྱི་སྣང་བ་ཤིག་གི་བཤིག་ལ། གང་ལ་གཅོད་པར་དཀའ་བ་དེ་ལ་ཟིངས་སེ་ཉམ་ང་མེད་པར་བསྲེའོ། །སྣང་བ་གཏད་མེད་བདེན་མེད་མ་རྟོགས་ཀྱི་བར་ལ་ཡང་ཡང་རྩལ་སྦྱང་ངོ་། །དང་པོ་རིག་པ་ལ་ངར་བཏགས། ལྟ་བའི་རྦད་ཁམས་སྐྱེད། སྒོམ་པའི་ཉམས་མྱོང་སྐྱེད། སྤྱོད་པའི་སྙིང་ཁམས་སྐྱེད་ལ། བློ་རྩིས་གདབ་གང་ཡང་མ་བྱས་པར་བསྲེས་ལ་བཏང་། དེའི་དུས་སུ་ངུ་བ་དང་། རྒོད་པ་དང་། འཁྲབ་པ་དང་། འོ་དོད་འབོད་པ་དང་། བྲང་བརྡུང་བ་ལ་སོགས་


KMC019_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོན་པའི་སྤྱོད་པ་སེམས་ལ་གང་ཤར་བྱ། ང་ཚོ་ཚུལ་འཆོས་ཀྱི་ཕྱིར་ཤོར་དང་། གཉེར་ཁ་ལ་སོགས་ཚེ་འདིའི་འཁྲི་བ་ཐམས་ཅད་བསྐྱུར་ཏེ་མི་ཁྱུ་ནས་བུད་ལ་བཞག་གོ །དེ་ལྟར་བྱས་ནས། རྟོགས་ལྡན་ཞིག་འདུག །ཞིག་པོ་ཞིག་འདུག །ངོ་མཚར་ཅན་ཅིག་འདུག །ཆོས་བཤའ་མ་ཞིག་བྱེད་ན་ཁོའི་འདི་འདྲ་དགོས་ཟེར་བའི་བསྟོད་པ་དང་། སྙན་གྲགས་དང་། བསོད་ནམས་སྐྱེ་བ་ལ་རེ་བའི་འདོད་བློ་གང་ཡང་མ་ཞུགས་པར་བྱའོ། །དེ་ལྟར་ཡང་ཡང་རྩལ་སྦྱངས་ནས། ཅི་ཞིག་ནས་འཁྲུལ་པ་དག །ཞེན་པ་ལོག །མཚན་མ་རང་གྲོལ་དུ་འགྲོ། རྟོགས་པ་ཧག་ཐོན་དུ་སྐྱེ་སྟེ། ཁ་འཐོར་ལས། གང་ལ་གཅོད་པར་དཀའ་བ་ལ། ཉམ་ང་མེད་པར་ཐོག་བརྫིས་གྱིས། ཉམས་མྱོང་རྟོགས་པའི་བོགས་ཐོན་ནས། རྩལ་དང་ཡོན་ཏན་རྫོགས་པར་འགྱུར། ཞེས་དང་། བཀའ་ཚོམ་ལས། དམ་པའི་བྱིན་རླབས་གདེང་ལྡན་གྱི། །རྣམ་རྟོག་དག་ལ་ཐོག་བརྫིས་


KMC019_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །རིམ་གྱིས་བྱིན་རླབས་ཞུགས་ནས་ནི། །ངེས་པར་རྟོགས་པ་འཆར་བ་འགྱུར། ཞེས་དང་། ཟབ་དོན་ལས། མོས་གུས་དཔག་མེད་སྙིང་རྗེ་རྒྱ་ཆེན་འགལ་རྐྱེན་ལ། །ཐོགས་འགེལ་བྱས་པས་ཡོན་ཏན་ཀུན་གྱི་བོགས་སུ་འགྱུར། །ཞེས་གསུངས་པས་སོ། །ཡང་གཉན་ས་ཡིན་མིན་ལ་མ་ལྟོས་པའི་རྒྱུན་དུ་ཉམས་སུ་ལེན་པ་ལའང་ནད་དང་གདོན་ལ་གཅོད་པ། གྲིབ་དང་མི་གཙང་བ་ལ་གཅོད་པ། ཆོས་བརྒྱད་དང་བདེ་སྡུག་ལ་གཅོད་པའོ། །དང་པོ་ནད་དང་གདོན་ལ་གཅོད་པ་ནི། ལྷོག་པ་རྒྱུ་གཟེར་འབྲུམ་ནད་ལ་སོགས་འགོ་བའི་རིགས་ཀྱི་ཁྱིམ་མམ། སྔས་ཁར་སོགས་སུ་འགྲོ་བ་བྱུང་ན། ལུས་ཀྱི་ཞེན་པ་སྤོང་། སེམས་ལ་དཔའ་གདེང་བསྐྱེད་ལ་ལུས་སེམས་སོ་སོར་ཕྲལ། རིམ་ནད་སྟོང་པར་བསྒོམ་ནས་ནད་པའི་སྔས་ཁར་འཛེམ་བག་མེད་པར་ཕྱིན་ནས་ནད་པའི་མཆན་དུ་ཉལ། ཟ་འཕྲོ་བཟའ། ནད་དྲི་དང་རླངས་པ་ཁར་རྔུབ་ཅིང་ཁོག་ཏུ་མིད་པས།


KMC019_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དབུ་མའི་ནང་དུ་སིབ་ཀྱི་སོང་བས་སྟོང་སང་ངེར་སོང་བར་བསྒོམ་ལ། འཛེམ་པ་དང་། བག་ཚ་བ། ཉམ་ང་བ་སོགས་མི་བྱའོ། །ཡང་རང་ཉིད་ན་ན་རྒྱུ་གཟེར་ལ་སོགས་འཁྲུ་བ་དེ་བསྐོར་ལོག་བྱེད་ལ་འཐུང་། འབྲུམ་བུ་ན་ན་རྩེ་མོ་བཏོགས་ལ་མིད། ལྷོག་པ་ན་ན་ན་སར་ཁ་གཏད་ལ་འཇིབ། ཚད་པ་ན་ན་རང་གི་དྲི་ཆུ་བཏུང་། གང་ན་བའི་ནད་རོ་དེ་རང་གི་གཉེན་པོར་འགྲོ་བ་ཡིན་ནོ། །གཉིས་པ་གྲིབ་དང་མི་གཙང་བ་ལ་གཅོད་པ་ནི། མཛེ་ཕོ། དམེ་ཕོ། མི་ཐོང་། དམ་ཉམས། སྡོམ་ཉམས། སྡིག་ཅན། ཤན་པ། ཁྱི་ར་བ། ཉ་པ། འཁོན་དང་། ཡུགས་ས། ནལ་ཕྲུག་ལ་སོགས་པའི་ཉམས་གྲིབ་ཀྱིས་ཕོག་ན། དེ་རྣམས་ཀྱི་དྲུང་དུ་ཉལ། ཁ་བསྲེ། ཟ་འཕྲོ་བཟའ། དཔེར་ན་སྒོག་པ་ཟོས་ན་སྒོག་དྲི་མི་ཚོར་བ་དང་འདྲ་བ་ཁོ་རང་གི་གཉེན་པོ་ཁོ་རང་འགྲོ་བ་ཡིན་ཏེ། མ་ཅིག་གིས། དེ་ནི་ཁྲུས་དང་སེལ་གྱི་མཆོག །དག་བྱེད་གཙང་མ་དེ་ཡིན་ནོ། །


KMC019_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། གཞན་ཡང་རོ་ལ་འཇུ་དགོས་པ་དང་། ཐབ་དང་། གཞོབ་དང། མཁོན་གྱི་གསེབ་ཏུ་སྡོད་པ། གོས་མི་གཙང་བ་གོན་པ། ཁང་པ་དང་མལ་ས་མི་གཙང་བར་ཉལ་བ། སྣོད་མི་གཙང་བའི་ནང་དུ་སྤྱད་པ། ཟས་མི་གཙང་བ་ཟ་བ། གྲོགས་ཉམས་གྲིབ་ཅན་དང་ལྷན་དུ་སྡོད་པ། ཁ་བསྲེ་བ། འབག་འབྲེལ་བྱ་དགོས་པ་སོགས་གང་བྱུང་ཡང་རྟོག་པ་མི་བྱ་བར་རོ་སྙོམས་གསུམ་གྱིས་ལམ་དུ་འཁྱེར་བ་སྟེ། དེ་ལ་སྟོང་པས་བདེན་འཛིན་གྱི་དངོས་པོ་གཞོམ་པ། བཟློག་བསྒོམ་གྱིས་བདེན་འཛིན་གྱི་ཞེན་པ་གཞོམ་པ། རོ་སྙོམས་ཀྱིས་གཙང་བཙོག་གི་རྟོག་པ་གཞོམ་པའོ། །དང་པོ་ནི་ཕྱི་ནང་སྣོད་བཅུད་རིགས་དྲུག་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་སྟོང་པར་འདུག་པ་ལ། གཙང་བཙོག་དང་། ཞིམ་མི་ཞིམ། སྐྱུགས་བྲོ་མི་བྲོ། དག་མི་དག །དགའ་མི་དགའ་བྱེད་པ་ནི་རང་རེས་རྟོག་པས་བཏགས་པ་ཡིན་ནོ། །དོན་ལ་བདེན་པར་


KMC019_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་རྡུལ་ཙམ་ཡང་མེད་དེ། སྒྱུ་མའི་དཔེ་བཅུ་དྲུག་དང་འདྲ་བ་བཀའ་བསྟན་བཅོས་མདོ་རྒྱུད་སྡེ་སྣོད་ཐམས་ཅད་ནས་གསུངས་པས་གསལ། མན་ངག་གིས་གྲུབ། རིག་པས་ཀྱང་མྱོང་སྟེ། རྟོགས་རུང་མ་རྟོགས་རུང་། གོ་རུང་མ་གོ་རུང་། ཡེ་གདོད་མ་ནས་སྟོང་ཉིད་དངོས་མེད་ཅིག་ཡིན་པར་རང་རིག་སྐྱེ་མེད་ངང་དུ་ཐག་རྦད་དེ་བཅད་དོ། །གཉིས་པ་ནི་ནང་ན་གཙང་བཙོག་ཏུ་འཛིན་པའི་ཤེས་པ་འདི། མ་བརྟགས་མ་དཔྱད་པའི་སྣང་བར། སྐྱུགས་བྲོ་བ་དང་། ཡ་ང་བ་ཙམ་འདུག་ཀྱང་། བརྟགས་ཤིང་དཔྱད་ན་རྣམ་རྟོག་གི་བྱས་པར་འདུག་སྟེ། དེ་ལ་དངོས་པོ་དང་བདེན་པར་རྔུལ་ཙམ་ཡང་མི་འདུག་པས། སྐྱུགས་བྲོ་མཁན་དང་བྲོ་ཡུལ་གང་ཡིན། གཙང་བ་དང་བཙོག་པ་གང་ཡིན། དག་པ་དང་མ་དག་པ་གང་ཡིན། སྐྱུགས་བྲོ་བ་དང་མི་གཙང་བར་འཛིན་པའི་མཁན་པོ་དེ་གང་དུ་འདུག །སུ་ཡིན་ཅི་འདྲ་འདུག་སྙམ་ལ། སྣང་བ་བདེན་མེད་དུ་


KMC019_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ལྷངས་ཀྱིས་བལྟ། སྟོང་ཉིད་དུ་ཆད་དེ་བཏང་། དངོས་མེད་དུ་ཁྲེས་སེ་བོར་རོ། །གསུམ་པ་ནི། ཡ་ང་བག་ཚ་སྐྱུགས་བྲོ་སོགས་གང་མི་ནུས་པ་དེ་ལ་སྔར་གྱི་དོན་དེ་ཉིད་ངང་ནས་ཐོག་བརྫིས་བྱ། རྐྱང་དེད་བྱ། རོ་སྙོམས་བྱས་ལ། སྐྱུགས་བྲོ་བའི་མཁན་པོ་ཁྱོད། ཡ་ང་བའི་མཁན་པོ་ཁྱོད་སྙམ་པ་བྱས་ལ། ཟས་མི་གཙང་ན་ཁྱུར་གྱི་མིད། སྐོམ་མི་གཙང་ན་ཁྲོག་གི་བཏུང་། གནས་མལ་མི་གཙང་ན་དེར་སུབས་སེ་ཉལ། གོས་མི་གཙང་ན་ལྗིབས་སེ་གོན། མཛེ་རོ་དང་རིམས་ནད་ལ་སོགས་པ་ཚམ་ཚོམ་མེད་པར་དེར་འགྲོ་མཛེ་ཕོ། སྡིག་ཅན། གྲིབ་ཅན་རྣམས་དང་རུག་གི་བསྲེའོ། །སེམས་སྟོང་ཉིད་འདི་ལ་ནི་གཙང་བཙོག་ཁྱད་མེད། ནམ་མཁའ་ལ་སྤོས་དང་མི་རོ་རུལ་པ་གཉིས་ཁྱད་མེད་པ་དང་འདྲ། ལུས་བཞི་བསྡུས་ཀྱི་ཕུང་པོ་འདི་ནི་ཁོ་རང་མི་གཙང་བའི་ངོ་བོ་ཡིན། བདག་པོ་ཡིན། རྐྱལ་བ་ཡིན། ཕུང་པོ་ཡིན་པས་དེ་ལ་གཙང་བཙོག་མེད་དེ། ཆུ་ནང་དུ་ཆུ་


KMC019_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་ཀྱང་སླ་རུ་མི་འགྲོ་མེ་ནང་དུ་མེ་བླུགས་ཀྱང་མི་ཚིག །སོལ་བ་ལ་ནག་པོ་བྱུག་ཀྱང་ནག་ཏུ་མི་འགྲོ་བ་བཞིན་དུ་མི་གཙང་བའི་ནང་དུ་མི་གཙང་བ་བླུགས་ཀྱང་མི་གཙང་དུ་མི་འགྲོ་བས། དེས་ན་འཛེམས་པ་དང་བསྲེས་པ་གཉིས་རྟོག་པས་བཏགས་པ་མིན་པ་དོན་ལ་ཁྱད་པར་མེད་དོ། །དེ་ལྟར་རྟོགས་ན་རྣལ་འབྱོར་པ་ཆགས་སྡང་མང་པོ་ཞིག་གི་མགོ་སྙོམས་ནས་འགྲོ་བ་དང་། ཆོས་ཉིད་ཀྱི་རྟོགས་པ་ཤུགས་ལ་འཆར་རོ། །མ་ཅིག་གིས། རྐྱེན་སྣང་ཁལ་དུ་བཀལ་བ་ཡིན། ཆོས་ཀུན་ཁལ་དུ་མ་བཀལ་ན། །ཞི་བདེ་གཉེན་པོས་གྲོལ་མི་ནུས། །ཞེས་སོ། །གསུམ་པ་ཆོས་བརྒྱད་དང་བདེ་སྡུག་ལ་གཅོད་པ་ནི། དེ་ལ་གསུམ། འགལ་རྐྱེན་གང་ལ་གཅོད་པ། གཉེན་པོ་གང་གིས་གཅོད་པ། ཆོད་པ་ལ་ཕན་ཡོན་གང་འབྱུང་བའོ། །དང་པོ་ནི་རྙེད་པ་དང་མ་རྙེད་པ་དང་སྙན་པ་དང་མི་སྙན་པ་དང་། གྲགས་པ་དང་མི་གྲགས་པ་དང་། བསྟོད་པ་དང་སྨད་ར་


KMC019_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བ་དང་། སྒྲོ་སྐུར་འདེབས་པ་དང་། སྐྱེ་བོའི་ཡལ་ག་དང་། གཏམ་ངན་དང་། འཕྱ་ཀ་དང་། མོས་པ་ཉུང་བ། གུས་པ་མི་བྱེད་པ། རྩིས་ཆུང་བ། བཀུར་སྟི་ཆུང་བ། མ་ཉེས་ཁ་ཡོག །ཀུན་གྱིས་བརྙས་པ། མི་བདེ་བ། མི་དགའ་བ་ལ་སོགས་འཇིག་རྟེན་སྤང་བྱར་བྱེད་པ་ཐམས་ཅད་དོ། །གཉིས་པ་ལ་གསུམ། ལས་སུ་ཤེས་པར་བྱས་ལ་ལེ་ལན་མི་གཞལ། སྡིག་སྒྲིབ་འཛད་པས་སྤང་བྱར་མི་བལྟ། རྒྱུ་འབྲས་ཡིན་པས་ལོག་པར་མི་བལྟའོ། །དང་པོ་ནི་རྒྱུད་ཐོག་ཏུ་མི་འདོད་པའི་འགལ་རྐྱེན་ཅི་བྱུང་ཡང་། རང་གི་སྔར་འགལ་རྐྱེན་མྱོང་བའི་ལས་བསགས་ཤིང་། མཐུན་རྐྱེན་མྱོང་བའི་རྒྱུ་མ་བསགས་པའི་རྟགས་ཡིན་ཏེ། ལས་མིན་ཐོག་ཏུ་གང་ཡང་མི་འབབ་ཅིང་། ལས་ནི་ནམ་ཡང་ཆུད་མི་ཟ་བའི་ཕྱིར་རོ། །གཉིས་པ་ནི་ཚེ་འདི་ལ་མི་མཐུན་པའི་འགལ་རྐྱེན་ལུས་ངག་ཡིད་གསུམ་གྱི་ཐོག་ཏུ་མི་འདོད་པ་མྱོང་ཚད་ཀྱིས་སྔར་གྱི་ལས་ངན་དང་སྡིག་སྒྲིབ་ཐམས་ཅད་


KMC019_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དག །ཕྱིས་ངན་སོང་དུ་སྐྱེ་བའི་ལས་ཐམས་ཅད་འདགས་པར་བྱེད་པས་དགའ་བར་བལྟ། དགོས་པར་བལྟ། མེད་ཐབས་མེད་པར་བལྟ། དྲིན་ཆེ་བར་བལྟའོ། །དེ་ཙ་ན་ཆོས་ཕྱོགས་སུ་ངལ་དུབ། ཚ་གྲང་། ཆུ་འཐུང་། བཅུད་ལེན། གདན་གཅིག །དོན་ཞགས་ལ་སོགས་དཀའ་བ་སྤྱད་ཚད་ཀྱི་འབྲས་བུ་མྱུར་དུ་ཐོབ་བོ། །སྔོན་གྱི་གྲུབ་ཐོབ་རྣམ་ཐར་ལའང་དཀའ་བ་འབའ་ཞིག་སྤྱད་པ་ལས་གྲུབ་པ་ཐོབ་ཅིང་། བདེ་སྐྱིད་སོས་དལ་དུ་བསྡད་པ་ལས་གྲུབ་པ་ཐོབ་པ་མ་གསུང་པས། ཚེ་འདི་ལ་འགལ་རྐྱེན་དེ་རྣམས་བྱུང་བ་ནི་བསྒྲུབས་པའི་འབྲས་བུ་ཡིན་པས་གེགས་སུ་མི་བལྟའོ། །ཁ་ཅིག་དེ་ལ་གེགས་དང་བར་གཅོད་དུ་བལྟས་ནས་སྤོང་བའི་ཐབས་བྱེད་དེ། དེ་ནི་ཆོས་ལ་རྒྱུས་ཆུང་བར་ཟད་དོ། །གསུམ་པ་ནི་སྔར་རང་གི་རྒྱུ་སྔོན་དུ་སོང་བའི་འབྲས་བུ་ནི་སུས་ཀྱང་དགག་པར་མི་ནུས་ཏེ། རང་གིས་བསྒྲུབ་པ་ཡིན་པའི་ཕྱིར། གཞན་ལ་


KMC019_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བསྙད་ཁ་འདོགས་པ་དང་། ཀླན་ཀ་བྱེད་པ་མི་རིགས་སོ། །དཔེར་ན་མེ་ལོང་ལ་བཞིན་གྱི་དཀྱིལ་འཁོར་ཤར་བའི་ཚེ། ལེགས་ཉེས་ཇི་ལྟར་སྣང་ཡང་མེ་ལོང་ལ་བསྙད་ཁ་བཀུར་དུ་མེད་དེ། རང་གི་བྱད་ཀྱི་སྐྱོན་ཡོན་ཕར་ཤར་བ་ཡིན། དེ་བཞིན་དུ་བདེ་སྡུག་ཅི་མྱོང་ཡང་། རྒྱུ་སྔོན་དུ་སོང་བས་ལན་པ་ཡིན་པས། རྒྱུའི་དུས་སུ་སྤང་དགོས་ལ། འབྲས་བུའི་དུས་སུ་དགྲ་རུ་མི་བཟུང་། སྐྱོན་དུ་མི་བལྟ། བྱུར་དུ་མི་བལྟ་བར་ལམ་དུ་ཁྱེར་ལ་སྡུག་སྲན་བསྐྱེད། དགའ་བར་བལྟའོ། །གསུམ་པ་ནི་དེ་ལྟར་ཤེས་ན་ལམ་གྱི་སྐྱོན་ཐམས་ཅད་ཡོན་ཏན་དུ་འཆར། བྱུར་ཐམས་ཅད་དཔལ་དུ་ཤར། བདུད་ཐམས་ཅད་ལྷ་རུ་འགྱུར། བགེགས་དང་བར་ཆད་ཐམས་ཅད་དངོས་གྲུབ་ཏུ་འབྱུང་། སྔར་གྱི་འགལ་རྐྱེན་དེ་རྣམས་ལ་དགའ་བར་བལྟ་བའི་རྒྱུ་མཚན་དེ་ཡིན་ཏེ། མ་ཅིག་གིས། མར་ལ་དཀར་པོ་མ་གྲུབ་ཀྱང་། །མར་ངོ་ཤེས་པས་དཀར་པོ་གྲུབ། །དེ་ལྟར་མར་ངོ་ཤེས་


KMC019_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ན། དཀར་པོ་ལོག་ནས་སྒྲུབ་མི་དགོས། །དེ་བཞིན་རང་སེམས་ངོ་ཤེས་ན། །སངས་རྒྱས་ལོག་ནས་སྒྲུབ་མི་དགོས། ཞེས་དང་། གཞན་ཡང་སྤང་བྱ་མི་མཐུན་པའི་ཕྱོགས་ལོ་སྐག །ཟླ་སྐག །ཞག་སྐག །གཟའ་ངན། ཕྱོགས་ངན། འདྲེ་ལྔ་བདུད་གཅོད། རོ་འདོན་གཤེད་བཞི། བདུན་ཟུར། དགུ་མིག །དུར་མིག །མོ་ངན་རྩིས་ངན། རྨི་ལམ་ངན་པ་རྣམས་བྱུང་ན། གཞན་རྣམས་ནས་མདོས་དང་། བོན་ཆོག་ལ་སོགས་པ་བྱེད་དེ། དེ་ཐམས་ཅད་ཀུན་རྫོབ་འཁྲུལ་པའི་རྟོག་བཅས་ཡིན། ཆོས་འདིའི་ལུགས་ཀྱིས། གཉན་ཐོག་ཏུ་གཉན་འབེབས། བདུད་ཐོག་ཏུ་བདུད་འབེབས། ལམ་དུ་ཁྱེར། གང་འཇིགས་ཐོག་ཏུ་འགྲོ །ཉམ་ང་ཐོག་ཏུ་བཏང་བས། དེའི་བསྲུང་བའི་གཉེན་པོར་དེ་རང་འགྲོ་བ་ཡིན་ནོ། །དཔེར་ན་ཁྱི་སྨྱོན་གྱིས་རྨུགས་པ་ལ། དེའི་མཆེ་བ་སྨན་དུ་གཏོང་བ་བཞིན་ཏེ། ཟབ་དོན་ལས། ནད་དང་རོ་གདོན་གྲིབ་དང་ཆོས་བརྒྱད་


KMC019_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྡང་སོགས། འཇིག་རྟེན་མི་མཐུན་སྣ་ཚོགས་བདུད་ལ་གཅོད་པར་བྱེད། ཅེས་དང་། ལེའུ་ལག་ལས། ཉོན་མོངས་རྣམ་རྟོག་སྐྱེས་པ་དང་། །ཆགས་སྡང་བདེ་སྡུག་མྱོང་བའི་ཚེ། །དེ་ཉིད་བདུད་ཡིན་ལམ་དུ་ལྷོངས། །དེ་ཚེ་གཅོད་ཀྱི་གཉེན་པོས་ཟུངས། །ཞེས་གསུངས་སོ། །འདི་དག་གཉན་སའི་སྐབས་ཙམ་མ་ཡིན་པར་རྒྱུན་དུའང་ཉམས་སུ་ལེན་དགོས་ཤིང་། དེ་ལྟར་འབྲས་བུ་བདེ་སྡུག་གང་བྱུང་ཡང་རྒྱུ་དགེ་སྡིག་བསླུ་མེད་ལས་དབང་གི་ལྷ་འདྲེ་ཡིན་པས། དེ་ལམ་དུ་ཁྱེར་བ་ནི། རབ་ཀྱིས་སེམས་སྐྱེ་མེད་ངང་དུ་དགེ་སྡིག་གང་ཡང་མ་གྲུབ་པའི་ཕྱིར་ན། འབྲས་བུ་ཡང་བདེ་སྡུག་མེད་པར་སེམས་ཉིད་ཁྱབ་གདལ་ཆེན་པོའི་ཀློང་དུ་ཐག་བཅད་དེ། རེ་དོགས་དགག་སྒྲུབ་བྲལ་བར་བཞག །འབྲིང་གིས་དེའི་ངོ་བོ་ལ་བརྟགས། ཐ་མས་དཔྱད་ཅིང་ལམ་དུ་ཁྱེར་ཤེས་པ་བྱ། དེ་སོགས་ཅི་བྱས་ཀྱང་ཚར་ཚད་མི་འབྱུང་ཞིང་། མགོ་བསྐོར་གྱིས་སླར་ཡང་ལོག་ཏུ་བྱུང་ན།


KMC019_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་གནོན་བྱ་བའི་རིམ་པ་བཤད་དེ། དེ་ལ་གསུམ། ལོག་པའི་རྒྱུ་དང་། རྟགས་དང་། ལོག་ནོན་ནོ། །དང་པོ་ལ་གསུམ། སེམས་ལ་ཁུ་འཕྲིགས་འབྱུང་བ། རང་སྣང་འདྲེ་རུ་ལྡང་བ། ཉམས་ལེན་མི་ནུས་མི་ཕོད་པའོ། །དང་པོ་སེམས་ལ་ཁུ་འཕྲིགས་འབྱུང་བའི་རྒྱུ་ནི། སྔོན་འགྲོའི་ངོ་སྤྲོད་མ་ཐོབ་པས་རང་སེམས་སྟོང་པར་མ་ཤེས། གདམས་ངག་གི་ཐོས་པ་ཆུང་བས་འཁོར་འདས་སེམས་སུ་མ་རྟོགས་སོ། །སྡུག་བསྲན་དང་ཞེ་བཅད་ཆུང་བས་གཅོད་འཕྲོ་ལ་བཞག་ནས་མཐར་མ་ཕྱིན་པ་སོགས་ཀྱིས་སོ། །གཉིས་པ་རང་སྣང་འདྲེ་རུ་ལྡང་བའི་རྒྱུ་ནི། ནང་འདྲེས་ཕྱི་འདྲེ་གཡབ་པ་ཡིན་ཏེ། ཕྱི་ན་འདྲེ་མེད་ཀྱང་། ནང་ན་འདྲེ་འཛིན་གྱི་བློ་ཡོད་ན། དབང་པོའི་ཡུལ་དུ་གཟུགས་སྒྲ་སོགས་གང་བྱུང་བ་ཐམས་ཅད་འདྲེ་རུ་འཛིན་པའི་རྟོག་པ་སྐྱེས་ཏེ། མདོར་ན་ཤིང་འདབ་རླུང་གིས་བསྐྱོད་པ་ཚུན་ཆད་ལ་འདྲེ་ཡིན་ནམ་སྙམ་པ་འབྱུང་། དཔེར་ན་དུང་ཉིད་ཁ་


KMC019_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

དོག་དཀར་བའི་རང་བཞིན་ཡིན་ཡང་། མཁྲིས་ནད་ཅན་གྱིས་སེར་པོ་མཐོང་བ་བཞིན་དུ་ནང་རང་གི་སྐྱོན་ཡིན་པས་སོ། །གསུམ་པ་ཉམས་ལེན་མི་ནུས་མི་ཕོད་པའི་རྒྱུ་ནི། ཉམས་རྟོགས་ཀྱི་དཔལ་རྩལ་ཞན་པས་གཉན་སར་འགྲོ་མ་ནུས། ཕྱིན་ཡང་ལུས་ཀྱི་བདག་འཛིན་མ་ཐོང་པས་ཕུང་པོ་གཟན་དུ་བསྒྱུར་མ་ནུས། སྙིང་རུས་ཀྱི་གཅོད་ཁམས་ཆུང་བས་འགལ་རྐྱེན་དང་བསྲེ་མ་ཕོད་པ་སོགས་ཀྱིས་ལན་ཏེ། ལེའུ་ལག་ལས། ཉེན་ནི་ལྟ་བ་ལོག་ན་ཆེ། །དགྲ་ནི་དམ་ཚིག་ཉམས་ན་སྡང་། །བགེགས་ནི་རང་སེམས་འཁྲུལ་ན་གནོད། །དུག་ནི་བདག་འཛིན་རྟོག་པས་བསྐྱེད། །ཅེས་གསུངས་སོ། །གཉིས་པ་ལོག་པའི་རྟགས་ལ་ཕྱི་ནང་གསང་བ་གསུམ་ལས། ཕྱི་རྟགས་ཆོ་འཕྲུལ་ཆེ་བ། ནང་རྟགས་སེམས་ལ་འཆར་བ། གསང་རྟགས་ལུས་ལ་འབྱུང་བའོ། །དང་པོ་ནི་མངོན་སུམ་མམ། ཉམས་སྣང་ངམ། རྨི་ལམ་གང་རུང་དུ་ཆོ་འཕྲུལ་གྱི་རིགས་གོང་དུ་བཤད་


KMC019_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་བྱུང་བ་དང་། ཤིན་ཏུ་འཇིགས་ནས་སྡོད་མ་ཟུག་པར་འབྲོས་འགྲོ་བར་བརྩམས་པའོ། །གཉིས་པ་ནི་གཉན་སར་གཅོད་ལ་འོང་བ་འགྱོད་དེ། དང་པོ་ནི་མ་འོང་ན་སྙམ་པ་དང་། བླ་མ་དང་ཆོས་ལ་ཐེ་ཚོམ་ཟ་བ་དང་། ཉམས་ལེན་གྱིས་སུན་ཞིང་གཅོད་བྱེད་སྙིང་མི་འདོད་པ་དང་། གཅོད་ལ་འགྲོ་བ་འཚེར་ཞིང་གཞན་དུ་འགྲོ་སྙིང་འདོད་པ་དང་། སྙིང་མི་དགའ། བག་མི་ཕེབས། ཉི་མ་ཕྱི་དྲོ་ནས་ཤེས་པར་ཡར་འཕྱོ། གྲིབ་མ་འུབ་སེ་བྱུང་བ་དང་རིག་པ་ཕྱས་པ་ངེར་འགྲོ །ས་ཚུབ་པོ་བྱུང་བ་དང་འཇིགས་ངམ་ངམ་བྱེད། སྐྱི་བུན་གྱི་འགྲོ། མགོ་ལྤགས་སྲ་ཐང་ངེར་སོང་། མིའམ་འདྲེ་ལ་སོགས་གང་ཡིན་ཞིག་ནས་ཟིང་ངེར་འཛིན་དུ་འོང་། འཐབ་ཏུ་འོང་། ཟ་རུ་འོང་སྙམ་པ་བྱེད། སྐད་འདོད་མི་ནུས། གློ་ལུ་མི་ནུས། མལ་ཚིག་ཟ། གཉིད་མི་འོང་། གྲང་རྡུལ་འཐབ། ཤེས་པ་འཕང་དམའ། རིག་པ་ངར་ཆག་པ་སོགས་འབྱུང་བ་དེ་རྣམས་ལྷ་


KMC019_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེའི་ཟིལ་གྱིས་ནོན་པའི་རྟགས་སོ། །གསུམ་པ་ནི་ལུས་ལ་སྐྲང་འབུར། གཉན་ནད། ལྷོག་གཟེར། མཛེ་ཤུལ་སོགས་འབྱུང་བ་དང་། གཞན་ཡང་གློ་བུར་དུ་ན་ཚ་དྲག་པོ་འབྱུང་བ་དང་། འཁྲུ་བ་དང་། སྐྱུགས་པ་དང་། དོན་ཅི་ཡང་མེད་པར་ཤེས་པ་འཚུབ་ཅིང་བློ་མི་བདེ་ཀ་རེ་འོང་བ་དང་། རྐྱེན་བག་ཙམ་རེ་ལའང་བྲེད་དངངས་འོང་བ་སོགས་འབྱུང་སྟེ། ཨཱརྱ་དཻ་ཝས། ལོག་རྟགས་བྲེད་ཅིང་དངངས་ནས་འབྲོས། །ཞེས་དང་། འཁྲུལ་གཅོད་ལས། ཚུར་ལ་ལོག་སྙམས་སད་པ་ནི། །ན་ཚ་དྲག་པོ་བྱུང་བ་དང་། །ཆོ་འཕྲུལ་ཆེ་ནས་མ་ཟུག་པས། །དྲི་བོ་གནས་འདིར་འོངས་པས་ནོར། །སྙམ་པའི་ཆོས་ལ་བློ་མ་ཁེལ། །དེ་ནས་རང་གི་ཁྱིམ་དུ་ལོག །ལུས་ལ་མཛེ་དང་ཤུ་བ་དང་། །སེམས་ལ་སྨྱོ་འབོག་ཚིག་པ་དང་། །ངག་ནི་སྨྲ་རྡོལ་མ་རུང་འབྱུང་། །ཚེ་ཡིས་དུས་བྱས་ངན་འགྲོར་འགྲོ། །དེས་ན་ཤི་ལ་ཐུག་ཀྱང་བསྡད། །ཚུལ་ལ་ལོག་ཚུལ་བསྟན་པའོ། །ཞེས་


KMC019_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། ཚེ་ཡི་དུས་བྱས་ངན་འགྲོར་འགྲོ། །ཞེས་པ་ནི། ཆོས་ལ་བློ་མ་ཁེལ་ཞིང་ལོག་ལྟ་སྐྱེས་པ་ལ་བརྟེན་ནས། སླར་ཚེ་ཡི་དུས་བྱས་པའི་ཚེ་ངན་སོང་དུ་འགྲོ་བ་ལ་དགོངས་ཀྱི། གཉན་ཁྲོད་དུ་མ་ཚུག་པ་ལ་ནི་མ་ཡིན་ནོ། །དེས་ན་དེ་དག་གིས་དང་པོ་གཅོད་ལ་འགྲོ་མི་ནུས་པའི་རྒྱུ་བྱེད། བར་དུ་ལྡོག་པའི་རྐྱེན་བྱེད། ཐ་མར་ཚར་ཚད་མི་འོང་བའི་གེགས་བྱེད་པས་སོ། །གསུམ་པ་དེ་ལྟར་བྱུང་ན་ལོག་ནོན་བྱེད་པ་ལ་གསུམ། ལྟ་བའི་ལོག་ནོན། སྒོམ་པའི་ལོག་ནོན། སྤྱོད་པའི་ལོག་ནོན་ནོ། །དང་པོ་ལྟ་བའི་ལོག་ནོན་ནི། བླ་མས་ངོ་སྤྲད་པ་མ་གོ་བ་གོ་བར་བྱེད། མ་ཤེས་པ་ཤེས་པར་བྱ། མ་རིག་པ་རིག་པར་བྱེད། མ་རྟོགས་པར་རྟོགས་པར་བྱ་བ་ཡིན་ནོ། །ཕྱིས་དེ་སྐྱོང་བ་ནི་རང་ལ་རག་ལས་པ་ཡིན་ཏེ། གོ་བ་ཙམ་གྱིས་མི་ཕན། གོམས་སུ་གཞུག་དགོས། འདྲེས་སུ་གཞུག བརྟན་པ་ཐོབ་ཏུ་གཞུག །དེའི་ཐོག་ཏུ་གནས་སུ་གཞུག །རྒྱ་ཆེ་རུ་


KMC019_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག རྒྱུན་རིང་དུ་གཞུག །རྣམ་པ་གསལ་དུ་གཞུག །གེགས་བསལ། བོགས་འདོན་ལ་གདེང་ཐོབ་པར་བྱའོ། །དེའི་དུས་སུ་བློ་ཡུལ་ལ་ཅི་ཤར་ཅི་དྲན་ཅི་སྣང་ཅི་འགྱུ་ཐམས་ཅད་རང་སེམས་སུ་ཐག་བཅད་སེམས་སྐྱེ་འགག་མེད་པར་ཐག་བཅད། སྐྱེ་མེད་ཆོས་སྐུར་ཐག་བཅད། ཆོས་སྐུར་ངོས་བཟུང་མེད་པར་ཐག་བཅད། དྲན་རུང་མ་དྲན་རུང་ཆོས་སྐུ་ལས་མ་འདས། འགྱུ་རུང་མ་འགྱུ་རུང་། འཕྲོ་རུང་མ་འཕྲོ་རུང་། ཅི་དྲན་ཅི་ཤར་ཡང་སྟོང་ཉིད་ཡིན། བྱ་གང་དུ་འཕུར་ཡང་ནམ་མཁའ་ལས་མ་འདས། རྣལ་འབྱོར་པའི་སེམས་ལ་ཅི་ཤར་ཡང་སྟོང་པ་ལས་མ་འདས་པས། རྣམ་རྟོག་སྤྲོ་ཡང་མི་སྤྲོ། བསྡུ་ཡང་མི་བསྡུ། འཛིན་ཡང་མི་འཛིན། བཏང་ཡང་མི་བཏང་། བསྒྲུབ་ཀྱང་མི་བསྒྲུབ། བཀག་ཀྱང་མི་བཀག །རང་ཡལ་རང་གྲོལ་ལ་བཞག་པར་བྱའོ། །གཉིས་པ་སྒོམ་པའི་ལོག་ནོན་ནི། སྒོམ་པའི་ཚེ་ན་དགེ་སྡིག་བདེ་སྡུག་འཁོར་འདས། གང་ཡང་


KMC019_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་མི་དྲན་པ་རང་གི་གཤིས་ཀྱི་ངང་དུ་ལྷད་དེ་བཞག །འཛིན་མེད་དུ་ཕྱལ་གྱིས་བཏང་། གཡོ་མེད་དུ་ཤིག་གེར་བཤིག་ལ་ཐོང་། རེ་དོགས་མེད་པར་ཞོག །གར་སོང་ལེགས་སུ་ཞོག །སྣང་བ་གཏད་མེད་དུ་མ་རྟོགས་ན། ཇི་ལྟར་བྱས་ཀྱང་འཆིང་བའི་རྒྱུ་ཡིན། གཏད་མེད་དུ་རྟོགས་ན་སྣང་བ་དགག་མི་དགོས་ཏེ། གཏད་མེད་དུ་གོ །བདེན་མེད་དུ་ཤེས། དངོས་མེད་དུ་རྟོགས་ན་ཞེན་མེད་དུ་བཞག་པས་ཆོག །སྟོང་པ་བསྒྲུབ་མི་དགོས། རང་ལུགས་སུ་བཞག་པས་ཆོག །རང་ལུགས་སུ་བཞག་ན་སྟོང་པ་མ་བསྒོམ་ཡང་འོངས། རྣམ་རྟོག་ངང་གིས་འགགས། སྣང་བ་མ་འགགས་ཀྱང་བདེན་ཞེན་མེད་ན་ཆགས་སྡང་གིས་ལས་མི་བསོག །བག་ཆགས་ངན་པས་མི་བསྒོས། སྲིད་པའི་གནས་སུ་དབང་མེད་དུ་མི་སྐྱེ་སྟེ། དུག་སྡོང་གི་རྩ་བ་རུལ་བའམ། དུར་ཁྲོད་ཀྱི་མི་རོའམ་ལྷ་ཁང་གི་ལྡེར་བཟོ་དང་འདྲ་སྟེ། གནོན་པ་སྐྱེལ་མི་ནུས་སོ། །མ་ཅིག་གིས། འཛིན་


KMC019_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདུད་ཡིན། རྩོལ་བ་ནད་ཡིན། དོགས་པ་འདྲེ་ཡིན། མི་བྱ་བ་ལམ་ཡིན། མི་བསྒྲུབ་པ་འབྲས་བུ་ཡིན། ཅིར་སྣང་གྲོགས་ཡིན། སངས་རྒྱས་སེམས་ཡིན། སེམས་ཉིད་ནམ་མཁའ་ཡིན། ཅེས་སོ། །དེ་ལྟ་བུའི་ལྟ་སྒོམ་དེ་ཡིད་ཡུལ་དུ་གོ་བ་ཡོད་པ་ཙམ་གྱིས་མི་ཆོག་སྟེ། རྐྱེན་དྲག་པོ་དང་འཕྲད་ཙ་ན། བློ་ཐ་མལ་དུ་ལུས་པ་སྲིད་པས། རྐྱེན་བྱུང་དུས་དེ་རང་ཐོག་ཏུ་འགེལ་ལ། སེམས་དང་ཆོས་བསྲེ་དགོས། འདྲེས་པ་ཙམ་གྱིས་མི་ཆོག་སྟེ། རྩལ་མ་འབྱོངས་ན་ཟག་མེད་ཀྱི་ཡོན་ཏན་ཕྱོགས་མེད་དུ་མི་སྐྱེ་བས། རྐྱེན་སྣ་ཚོགས་ལ་རྩལ་ཕྱོགས་མེད་དུ་སྦྱོང་དགོས། དེ་སྦྱོང་བ་ལ་ཐམས་ཅད་རོ་སྙོམས་དགོས། རོ་སྙོམས་མ་ཐུབ་ན་ལྟ་སྒོམ་མཐོན་པོ་རློམ་ཡང་ཕན་པ་མེད་དེ། ཁ་འཐོར་ལས། དགོས་པའི་དུས་སུ་མེད་པ་ཡི། །ནོར་དང་རིག་པས་ཅི་ཞིག་བྱ། །རྐྱེན་ངན་བྱུང་ཚེ་མ་ཕན་ན། །གདམས་ངག་ཟབ་མོས་ཅི་ཞིག་བྱ། །ཞེས་སོ། །གསུམ་པ་སྤྱོད་པའི་ལོག་ནོན་


KMC019_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དེའི་དུས་སུ་འཇིགས་པ་དང་། ཡ་ང་བ་དང་། ངོ་ཚ་བ། སྐྱུགས་བྲོ་བ་ལ་སོགས་ཀྱི་སྤྱོད་པ་བྱེད་མི་ནུས། རོ་སྙོམས་མི་ཕོད་པ་སོགས་བྱུང་ན་ལྟ་ཐོག་ནས་རིག་པ་ངར་བཏོན་ལ། ཉམ་ང་ན་ང་ཐོག་ཏུ་བསྐྱུར། ངོ་ཚ་ན་ཚ་ཐོག་ཏུ་བསྐྱུར། སྐྱུགས་བྲོ་ན་བྲོ་ཐོག་ཏུ་བསྐྱུར། རྐྱེན་མི་མཐུན་པ་གང་བྱུང་ན། གཅོད་དཀའ་བ་དེ་ཉིད་ཀྱི་སྟེང་དུ་རོ་སྙོམས། ཐོག་བརྫིས་བྱེད། རྐྱེན་དང་བསྲེ། ཚུལ་འཆོས་བོར། མི་ཁྱུ་ནས་བུད་ལ་ཉམས་སུ་བླང་ན། ནད་རྐྱེན་ལ་སོགས་ལོག་རྟགས་ཐམས་ཅད་རང་གྲོལ་དུ་འགྲོ་བ་ཡིན་ཏེ། བཀའ་ཚོམས་ལས། ལྟ་སྤྱོད་འཛོམ་པའི་རྣལ་འབྱོར་ནི། །དཔའ་བོའི་ལག་ན་མཚོན་ཐོགས་འདྲ། །དགྲ་དཔུང་ཐམས་ཅད་འཇོམས་པ་བཞིན། །བདུད་རྣམས་སྙེམས་ཀྱི་དབྱིངས་སུ་ཆོད། །ཅེས་དང་། ཡང་དེ་ཉིད་ལས། སྐྱིད་ལ་འབྲལ་བར་མི་ཕོད་དང་། །སྡུག་ལ་གཅོད་པར་མི་ཕོད་དང་། །གཉན་སར་འགྲིམས་པར་མི་ཕོད་དང་། །


KMC019_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་འདྲེ་ལ་སོགས་པ་ལ། །མི་ཕོད་བཞིན་དུ་ཐོག་བརྫིས་བྱེད། །ཅེས་དང་། ཡང་གཉན་ས་ལ་སོགས་གཅོད་པའི་དུས། །ཇི་ལྟར་མེ་ཡི་ཚིག་པ་ལ། །མེ་ཉིད་ཀྱིས་ནི་གདུངས་པ་བཞིན། །སླར་གཅོད་ལོག་ནོན་གདམས་པའི་གནད། །ཅེས་དང་། ཨཱརྱ་དེ་ཝས། ལོག་ནོན་གཟེར་བུ་ལྟ་བུ་ནི། །བཏུད་དེ་དེ་ལ་ནན་ཏན་བསྐྱེད། ཅེས་དང་། རིན་ཆེན་ཕྲེང་བར། ལོག་པ་ནོན་པའི་གཟེར་བུ་ནི། །གཅོད་ནི་ལས་མཐའ་རྣམ་གསུམ་སྟེ། །ཡ་ནི་ང་བ་དེ་ཐོག་བཏང་། །སྐྱུགས་བྲོ་དེ་ནི་ཐོག་ཏུ་བཏང་། འཇིགས་པ་འཇིགས་པའི་ཐོག་ཏུ་བཏང་། །ཞེས་གསུངས་སོ། །དེ་ནས་ཚར་ཚད་མཐར་ཕྱིན་ནས་གཉན་ས་གཞན་དུ་འགྲོ་ན། གོང་གི་སྔ་གནོན་གྱི་དམིགས་པ་འཕངས། རྟགས་རྣམས་རྫོགས་ནས་གཉན་ཁྲོད་དེར་མི་སྡོད། རང་ཁྱིམ་དང་གཞན་དུ་འགྲོ་ན་སྔ་གནོན་མི་དགོས། ཤུལ་དུ་ཐོ་བརྩེགས་པའམ། མ་ཎི་བྲིས་འབུར་གང་རུང་ཞིག་བཞག་ལ། དེ་


KMC019_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོར་བསྒོམ་ནས་དེར་གནས་པའི་ལྷ་འདྲེ་རྣམས་ལ་རྒྱུན་དུ་ཆོས་གསུངས་པར་བསམ་ལ། རབ་གནས་དང་། ཆོས་སྦྱིན་བྱ་ཞིང་ལྷ་འདྲེ་རྣམས་ཀྱི་ཕྱག་བཙལ་བའི་ཡུལ་དང་། མཆོད་པའི་གནས་སུ་བསམ་ལ། བསྔོ་སྨོན་བྱ་བ་ནི། ལྷ་འདྲེ་རྣམས་ཀྱིས་དང་པོ་བདག་ལ་གདུག་རྩུབ་དང་ཆོ་འཕྲུལ་བསྟན། གནོད་པ་བསྐྱལ་བ་དང་ཕྱིས་ནས་གུས་པས་བཏུད་ཅིང་ཕན་བཏགས་པ་དང་། རང་གིས་ཀྱང་སྤྱོད་པ་འཇམ་པོས་ལུས་སྦྱིན་པར་བཏང་བ་དང་། སྤྱོད་པ་རྩུབ་མོས་ཁོ་ལ་གནོད་པ་བསྐྱལ་བ་དང་ཐབས་སྣ་ཚོགས་ཀྱིས་ལྷ་འདྲེ་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་ལམ་སྟོན་ནས། ལྷ་འདྲེ་ཁྱེད་རྣམས་ཀྱིས་རྒྱུད་ལ་ཡོད་པའི་བསམ་པ་ངན་པ་སྦྱོར་བ་རྩུབ་མོའི་གདུག་རྩུབ་ཞི་ནས། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཁྱོད་ཀྱིས་བདག་ལ་སྔར་ཐོ་འཚམ་ཞིང་། གནོད་པ་བསྐྱལ་བ་དང་། ཕྱིས་མོས་པ་བྱས་ཤིང་གུས་


KMC019_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཏུད་པའི་དགེ་བ་ལ་བརྟེན་ནས། རྒྱལ་པོ་བྱམས་པའི་སྟོབས་དང་གནོད་སྦྱིན་ཤ་ཟ་སྤུན་བཞིན་བདག་གི་འཁོར་དུ་འདུས་པ་དང་པོར་སྐྱེ་བར་གྱུར་ཅིག །ཁྱེད་ཀྱི་ལས་ངན་སྡིག་སྒྲིབ་མི་དགེ་བའི་རྒྱུ་འབྲས་བག་ཆགས་ས་བོན་དང་བཅས་པ་ཐམས་ཅད་སྐད་ཅིག་འདི་ཉིད་དུ་བྱང་ཞིང་དག་ནས་ཀུན་མཁྱེན་གྱི་སངས་རྒྱས་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །རྣལ་འབྱོར་པ་བདག་གིས་ཀྱང་ལུས་སྦྱིན་བཏང་བ་དང་། བྱམས་པའི་སེམས་ཀྱིས་ལྷ་འདྲེ་རྗེས་སུ་བཟུང་བའི་དགེ་བ་ལ་བརྟེན་ནས་རྒྱལ་པོ་ཟླ་འོད་དང་རྒྱལ་བུ་དགེ་དོན་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག །མཐར་ཐུག་ཏུའང་བདག་གཞན་དོན་གཉིས་ལྡན་པའི་སངས་རྒྱས་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ། ལྷ་འདྲེ་རྣམས་གཤེགས་གསོལ་བྱ། གཉན་ཁྲོ་བདེ་བ་ཅན་གྱི་ཞིང་ཁམས་སུ་དམིགས་ལ་བཀྲ་ཤིས་བརྗོད། ཆས་མ་ལུས་པར་ཁྱེར་ནས་ས་


KMC019_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གཅིག་ཏུ་ཐོ་བརྩེགས་སམ། བྲག་གམ་ཤིང་སྡོང་ལྟ་བུ་ཞིག་ལ་བྱ་ཁྱུང་འཇིགས་སུ་རུང་བ་གཤོག་པ་ལས་མེ་དཔུང་འབར་བས་སྟོང་ཁམས་གང་བ་ཞིག་ཁ་ཕྱིར་བལྟས་པར་བསམ་ལ། ཁྱུང་སྔགས་བཟླས་ཏེ། ས་ཆ་འདི་རུ་གནས་པའི་ལྷ་འདྲེ་རྣམས་ཉོན་ཅིག །ངའི་རྗེས་སུ་འབྲངས་པའི་ཟ་འདྲེ་ཤི་གཤེད་མགོ་བསྐོར་རྗེས་བསྙེགས་བྱེད་པ། དེ་རྣམས་མ་བཏང་ཞིག །ཟུངས་ཤིག །ཆིངས་ཤིག །ཁྱེད་ལ་མཐུ་དང་ནུས་པ་ཅི་འདུག་བལྟའོ་བྱས་ལ། ལུས་སྦྱིན་དཀར་འགྱེད་དམར་འགྱེད་བཏང་། ཡང་ན་ཡིད་ཀྱིས་དམིགས་པ་བྱ་སྟེ། ཤོག་དྲིལ་ལས། ཕྱི་མ་ཕྱི་རུ་མ་ནོན་ན། ནོར་ངན་ཤོར་བའི་རྗེས་གཅོད་འདྲ། དེ་ལ་དམག་དཔོན་ཁྱུང་ནག་དགོས། ཕྱི་མ་ཕྱིར་ལ་མི་བཏང་བར། ཐོ་བརྩེགས་སྙིང་པོའི་བྱ་ཁྱུང་བཞག །ཅེས་གསུངས་སོ། །ཡང་གཅོད་ལ་མོས་ཀྱང་ཡུལ་དུས་སམ། བླ་དཔོན་ཆེན་པོ་ལྟ་བུ་དང་། ནད་པ་ཚབ་ཆེན་འགྲོ་མ་ཐུབ་


KMC019_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། གཉན་སར་འགྲོ་མ་བདེ་བ་སོགས་ཀྱིས་རྒྱལ་པོ་གདན་གཅོད་བྱ་བ་གསུངས་ཏེ། མཆེད་གྲོགས་ལྟ་བུ་ཞིག་རྗེ་བཙུན་མ་དམར་མོར་བསྒོམ་ལ། ང་རྒྱལ་བརྟན་པོས་གཉན་ཁྲོད་གང་རུང་གི་སའམ། རྡེའུ་ཁྱེར་ལ་ལྷ་འདྲེ་ཐམས་ཅད་དེར་ཐིམ་པར་བསམ་སྟེ་བུ་གཏའི་ཚུལ་དུ་བཟུང་ལ་ས་ཕྱོགས་དེའི་ལྷ་འདྲེ་ཐམས་ཅད་ཀྱི་བླ་རྡོ་ཡིན་པར་བསམ། འདུག་ས་སླེབ་པ་དང་དབང་སྡུད་ཟིལ་གནོན་ཚོགས་ལས་ལུས་སྦྱིན་གཞུང་ལྟར་བྱ། ཆོད་རྟགས་བྱུང་ནས། རྡོ་རྗེའི་ཕར་འཕངས། བསྔོ་སྨོན་བྱ། འདི་ནི་རྒྱལ་པོ་གདན་གཅོད་བྱ་བ་དམིགས་འབུམ་ན་གསལ་བར་ཡོད། རང་བྱུང་ཞབས་དང་དཀོན་མཆོག་འབང་ཆགས་མེད་སོགས་གྱིས་གཅོད་ཀྱི་ལྷན་ཐབས་ཀྱི་མན་ངག་ཡིན་ལ། ཡང་གཅོད་པས་མི་གཅོད་པ་བརྒྱད་གསུངས་ཏེ། པྲ་བཙུན་རྒན་སྲི་མི་གཅོད། ཡོན་ཏན་ཅན་གྱི་གོང་སྲི་མི་གཅོད། གློ་བུར་གྱི་དམག་པོ་ཆེའི་དགྲ་སྲི་མི་གཅོད། མེ་ཆུ་གཡང་ས་


KMC019_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གཟན་དུ་དུག་ལ་སོགས་མི་གཅོད་པ་དང་བརྒྱད་དོ། །འདི་དག་ནི་འབྱུང་ལྔ་རང་དབང་མ་ཐོབ་ཅིང་སྣང་སེམས་མ་འདྲེས་པའི་གང་ཟག་ལ་དགོངས་ཀྱི། སྣང་སེམས་འདྲེས་ནས་གཅོད་མི་གཅོད་ཀྱི་གཉིས་འཛིན་མེད་པ་ཡིན་ནོ། །ཡང་གཉན་ཁྲོད་རྒྱས་པ་འགྲིམས་པའི་མཇུག་ཏུ་ཞག་བདུན་མ་འགྲོ་བར་འདོད་ན་འཇམ་དབྱངས་མགོན་པོའི་ཁྲིད་ཡིག་ལྟར་བྱས་ན་ལག་ལེན་འཁྱེར་བདེ་ཞིང་བྱིན་མཐུ་ཆེ་བ་ཡོད། གཞན་ཡང་གཉན་སའི་སྐབས་མ་ལྷོངས་ལྷོངས་པའི་ཐབས་དང་། ཆོ་འཕྲུལ་ཆེ་ན་ནོན་པའི་ཐབས་སོགས་མན་ངག་དུ་མ་ཤོག་དྲིལ་གེགས་སེལ་གྱི་དམིགས་རིམ་ལས་ཤེས་པར་བྱ། དོན་ལ་ལྷ་མེད་འདྲེ་མེད་ཀྱི་ལྟ་བའི་གདེངས་དང་ལྡན་པ་ཞིག་མ་བྱུང་ན། གཉིས་འཛིན་རྣམ་རྟོག་གི་དབང་དུ་གཅོད་པ་འཆོལ་ནས་འགྲོ་བས། དང་པོ་ལྷོངས་ནས་བཟུང་། བར་དུ་ཉམས་ལེན་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྟོང་ཆེན་


KMC019_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་ཀློང་ཆེན་མོ་ཡིན་ཡང་། ཐུགས་རྗེའི་རོལ་རྩལ་ཙམ་དུ་ལྷོངས་དང་ཆོ་འཕྲུལ་ལྟ་བུའི་རྣམ་པར་ཤར་ཡང་། དེ་ཐམས་ཅད་ཡེ་ནས་རང་སེམས་སྤྲོས་བྲལ་ཆེན་པོའི་འཆར་སྒོ་དཔེར་ན་སྒྱུ་མ་དང་རྨི་ལམ་གྱི་འཇིགས་སྣང་ཙམ་དུ་ཐག་བཅད། དེ་ལྟར་མ་རྟོགས་པའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ལ་གནས་སྐབས་སུ་ཤ་ཁྲག་སྲོག་དབུགས་ཀྱིས་འདོད་དོན་བཀང་ཞིང་། མཐར་ཐུག་དོན་དམ་བདེན་གཉིས་ཟབ་རྒྱས་ཆོས་ཀྱིས་རྒྱུད་གྲོལ་བ་བྱའོ་སྙམ་པའི་གོང་ལྟར་ལུས་མཆོད་སྦྱིན་བྱེད་པ་དང་། རྗེས་སུ་སེམས་སྐྱེ་མེད་དུ་བཞག་པ་རེས་མོས་བྱ། དེ་ཡང་དང་པོ་ལྷོངས་ཆེ་བའི་ཚེ་དྲག་གཅོད་སྙིང་རྗེ་ཆེན་པོས་དམར་འགྱེད་ཁོ་ན་དང་། དབྱིངས་རིག་ཁྱབ་གདལ་དུ་བཞག་པ་རེས་མོས་བྱ། ཚར་ཚད་བྱུང་ཚེ་ཞི་གཅོད་དཀར་འགྱེད་ཁོ་ན་དང་། མགོ་བསྐོར་འདྲེས་མ་བྱུང་ན་ཁྲ་འགྱེད་དང་སྡིག་སྦྱོང་ནག་འགྱེད་རྣམས་བྱ་བ་མན་ངག་ཡིན་ནོ། །དེ་རྣམས་གང་


KMC019_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཐད་ལའང་སྙིང་རྗེ་དང་དམིགས་པ་མེད་པའི་བསྔོ་བས་རྩིས་ཟིན་པ་ནི་མེད་ཐབས་མེད་དེ། ཆོས་དང་ཟང་ཟིང་མི་འཇིགས་པ་སོགས་མདོར་ན་རྒྱུ་འབྲས་ཀྱི་ཚོགས་གང་དང་གང་ལ་ཡང་བསྔོ་བས་རྒྱས་གདབ་དགོས་ཏེ། དེ་ལ་མང་དུ་སྤེལ་བ་དང་། དག་པ་བྱ་བ་གཉིས་ལས། དང་པོ་ནི། དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་ཐིག་པ་གཅིག་ཙམ་ལྷུང་ན་མཐར་ཐུག་བསྐལ་པའི་བར་དུ་བར་མ་དོར་ཆུད་མི་ཟ་བ། དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་ན། བྱང་ཆུབ་མ་ཐོབ་བར་དུ་དགེ་བའི་རྩ་བ་ཟད་པར་མི་འགྱུར་བ་དང་། གཉིས་པ་ནི་སྟོང་ཉིད་དང་སྙིང་རྗེས་ཟིན་དགོས་ཏེ། སྦྱིན་པ་སྟོང་ཉིད་ཟིན་ན་འཁོར་བའི་རྒྱུ་མི་འགྲོ་ཞིང་། སྙིང་རྗེས་ཟིན་ན་ཐེག་པ་དམན་པའི་རྒྱུ་མི་འགྲོ་བ་དང་། མྱང་འདས་བྱང་ཆུབ་ཆེན་པོའི་རྒྱུ་འབའ་ཞིག་ཏུ་འགྲོ་བས་ན་དག་པ་ཞེས་བྱའོ། །དེ་ཡང་སྟོང་ཉིད་གྱིས་ཟིན་པ་ལ་ཡང་བཞི་སྟེ། ནང་ལུས་སྟོང་པས་རྒྱས་གདབ་


KMC019_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཕྱི་ལོངས་སྤྱོད་སྟོང་པ་ཉིད་ཀྱིས་རྒྱས་གདབ་པ་དང་། རང་སེམས་ཡུལ་ཅན་སྟོང་པ་ཉིད་ཀྱིས་རྒྱས་གདབ་པ་དང་། འབྲས་ཆོས་བྱང་ཆུབ་ཀྱང་སྟོང་པ་ཉིད་ཀྱིས་རྒྱས་གདབ་པ་དང་བཞི་ནི་སྦྱིན་པ་རྒྱ་བཞིས་གདབ་པ་བྱ་བ་ཡིན། སྙིང་རྗེས་ཟིན་པ་ནི་འགྲོ་དྲུག་སེམས་ཅན་སྤྱི་དང་། ཁྱད་པར་བདག་ལ་གནོད་ཅིང་འཚེ་བའི་ལྷ་འདྲེ་རྣམས་ལ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་གྱི་རྒྱུ་འབྲས་ལ་བསམ་ནས་དགེ་ཚོགས་སྦྱིན་པའི་ལས་ལ་འཇུག་པའོ། །ཕན་ཡོན་ལའང་གཉིས་ཏེ། ས་དང་པོའི་བདེན་པ་མཐོང་ཞིང་མྱུར་དུ་བླ་ན་མེད་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དང་། གནས་སྐབས་སུའང་འཁོར་དང་ལོངས་སྤྱོད་རྒྱས་ཤིང་ཕུན་སུམ་ཚོགས་པ་དང་། སྐྱེ་འགྲོ་གཟུགས་ཅན་གཟུགས་མེད་ཐམས་ཅད་སྦྱིན་པས་འཁོར་དུ་བསྡུས་ནས། བྱང་ཆུབ་ལ་འགོད་ནུས་པས་སོ། །དེ་ཡང་ལུས་མཆོད་སྦྱིན་ནི་ཀུན་རྫོབ་ལུས་ཀྱི་སྦྱིན་པ་དང་། ལྷ་འདྲེ་རྣམས་བདེ་


KMC019_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཔལ་ལ་འགོད་པ་ནི་བྱམས་པའི་སྦྱིན་པ་དང་། ལྷ་འདྲེ་རྣམས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་ནི་མི་འཇིགས་པའི་སྦྱིན་པ་དང་། དོན་དམ་པ་ནི་ཆོས་རྣམས་ཐམས་ཅད་སོགས་ཆོས་ཀྱི་སྦྱིན་པ་སྟེ། སྦྱིན་པ་རྣམ་བཞི་གདན་ཐོག་གཅིག་ཏུ་རྫོགས་པས། བདུད་དང་བར་ཆད་ཀྱིས་མི་ཚུགས་པ་དང་། སངས་རྒྱས་དང་མྱུར་དུ་འཕྲད་པ་དང་། འདོད་དོན་ཐམས་ཅད་མྱུར་དུ་འགྲུབ་པ་སོགས་ཀྱིས་དགོས་པ་ཡོད་དོ། །ད་ནི་མཇུག་བསྡུ་བ་ལ་བཞི་སྟེ། སྣང་སྲིད་བདེན་མེད་དུ་གཅོད་པ་དང་། ཉམས་སུ་བླངས་པའི་ཕན་ཡོན་སྤྱིར་བསྟན་པ་དང་། མཐར་ཐུག་གི་འབྲས་བུ་སྐུ་གསུམ་དུ་གྲོལ་ཚུལ་བསྟན་པ་དང་། ཆོས་གཞན་ལས་ཁྱད་པར་དུ་འཕགས་ཚུལ་བསྟན་པའོ། །དང་པོ་ནི་མ་ཅིག་གིས། སྣང་སྲིད་ཐམས་ཅད་སེམས་ཀྱི་དེ་ཁོ་ན་ཉིད་དུ་གཅོད་པས་ན་གཅོད་ཡུལ། འཁོར་བའི་སྡུག་བསྔལ་ཐམས་ཅད་བདེ་བ་ཆེན་པོར་གཅོད་པས་ན་གཅོད་


KMC019_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཏིང་ངེ་འཛིན་གྱི་གྲོགས་སུ་གཅོད་པས་ན་གཅོད་ཡུལ། འཁོར་འདས་གཉིས་སུ་མེད་པར་གཅོད་པས་ན་གཅོད་ཡུལ་ཞེས་གསུངས་སོ། །གཉིས་པ་ནི། བདེ་བར་གཤེགས་པའི་གསུང་གི་བདུད་རྩི། རྒྱལ་བ་རྣམས་ཀྱི་དགོངས་པ། དམ་པ་སངས་རྒྱས་ལ་སོགས་གྲུབ་ཆེན་རྣམས་ཀྱི་སྙན་བརྒྱུད། མ་ཅིག་སྤྲུལ་སྐུ་ལ་སོགས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་གསུང་གི་བདུད་རྩི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། མན་ངག་བདུད་ཀྱི་གཅོད་ཡུལ་འདི་ཉམས་སུ་བླངས་པས་ཕན་ཡོན་ཆེན་པོ་བཅུ་དྲུག་འབྱུང་སྟེ། ཟབ་མོའི་དོན་འདི་ཉམས་སུ་བླངས་པས། རང་ལ་གནས་པའི་ཡེ་ཤེས་མངོན་དུ་རྟོགས་པའོ། །སེམས་ཉིད་ཀྱི་དེ་ཉིད་མཐོང་བས། ཕྱིའི་བདུད་དང་ནག་པོའི་ཕྱོགས་ཀྱིས་མི་ཚུགས་སོ། །བླང་དོར་གྱི་མཚན་མ་སྤངས་པས། གཟུང་འཛིན་གྱི་


KMC019_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ལས་གྲོལ་ལོ། །རོ་སྙོམས་ཀྱི་སྤྱོད་པ་གདེང་དུ་གྱུར་པས། ཆགས་སྡང་གི་འཆིང་བ་ཐམས་ཅད་རབ་ཏུ་ཆད་པའོ། །ཀུན་རྫོབ་ཀྱི་རྫུན་ཕུག་སྡིབ་པས། འགལ་རྐྱེན་དང་བར་ཆད་ཀྱི་དབང་དུ་མི་འགྱུར་བའོ། །བདག་ཏུ་ལྟ་བའི་ལོག་རྟོག་བཅོམ་པས། ཉོན་མོངས་པའི་ས་བོན་དྲུང་ནས་འབྱིན་པའོ། །སྤང་བྱ་དང་འགལ་རྐྱེན་ཕྲལ་དུ་བཅད་པས། རྟགས་དང་འབྲས་བུ་མངོན་སུམ་དུ་འབྱུང་བའོ། །སྣང་སྲིད་བདེན་མེད་དུ་རྟོགས་པས། དངོས་པོར་འཛིན་པའི་དུག་སྡོང་རྩ་བ་ནས་འབྱིན་པའོ། །བདེ་སྡུག་དགག་སྒྲུབ་མེད་པས། །ཆོས་བརྒྱད་ཀྱི་རི་བོ་རབ་ཏུ་བསྙིལ་བའོ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་རྟོགས་པས། འཁོར་འདས་ཀྱིས་མཚམས་སྐད་ཅིག་གིས་ཕྱེད་པའོ། །འགལ་རྐྱེན་ལ་རྒྱང་དེད་བྱས་པས། ནད་དང་དུཿཁའི་འཚེ་བ་ལས་གྲོལ་བའོ། །ཅིར་སྣང་དངོས་མེད་དུ་ཤེས་པས། སྲིད་པའི་དྲ་བ་ཐམས་ཅད་འཇོམས་པར་བྱེད་


KMC019_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ལ་སྤང་བྱར་མ་བལྟས་པས། རེ་དོགས་ཀྱི་བློ་དང་བྲལ་བའོ། །ཅི་བྱུང་ལམ་དུ་ཁྱེར་བས། རྩལ་དང་ཡོན་ཏན་ཐམས་ཅད་ཕྱོགས་མེད་དུ་རྒྱས་པའོ། །བདག་དོན་དུ་ཚེ་གཅིག་གིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་བོ། །གཞན་དོན་དུ་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་འགོད་ནུས་པ་ལ་སོགས་ཆེ་བའི་ཡོན་ཏན་ནམ། ཕན་ཡོན་ཆེན་པོ་བཅུ་དྲུག་འབྱུང་བར་འགྱུར་ཏེ། ཟབ་དོན་ལས། ཐར་པའི་ལམ་སྟེར་ཡོན་ཏན་རྒྱ་ཆེན་དཔག་མེད་འབྱུང་། །ཞེས་གསུངས་སོ། །ཁྱད་པར་དུ་ཆུ་མིག་བརྒྱ་རྩར་འགྲིམས་པ་ལ་ཕན་ཡོན་ཤིན་ཏུ་ཆེ་སྟེ། མ་ཅིག་ལ་རྗེ་བཙུན་སྒྲོལ་མས། རྣལ་འབྱོར་མ་ཁྱེད་ཀྱི་བསྟན་པ་ཡུན་རིང་དུ་འབྱུང་གི །ཆུ་མིག་གཉན་པོ་བརྒྱ་རྩ་བརྒྱད་ཚོལ་ལ་སྒྲུབ་པ་མཐའ་རུ་སྐྱོལ་ཅིག །ཕྱིར་མི་ལྡོག་པའི་ས་ནོན་པ་འགྱུར་རོ། །ཞེས་ལུང་བསྟན་ཅིང་། མ་ཅིག་གིས་ཀྱང་།


KMC019_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་ཀླུ་གཉན་གནས་པའི་སར། །ཆུ་མིག་བརྒྱ་རྩ་གཉེར་ནས་སོང་། །ཞག་རེར་གཉིད་ཐུན་རེ་ལོག་ན། །ཕྱིར་མི་ལྡོག་པའི་ས་ལ་གནས། །ཞེས་གསུངས་པས། དེ་ལ་དང་པོ་ལྟར་ན། མ་ཅིག་ཉིད་སྔོན་ནས་ཆོས་སྐུ་རྒྱལ་བ་ཡུམ་གྱི་རྣམ་རོལ་ཡིན་པས་ས་ལམ་ཡེ་རྫོགས་སུ་གནས་པ་ལ། སླར་ས་བདུན་པ་ནས་གསུམ་པ་ལ་འཕོ་མ་དགོས་ཤིང་། འདི་ནི་ཀླུ་རྣམས་གཏི་མུག་ཤས་ཆེ་བས་གདུལ་བྱ་ཁྱད་པར་བ་གཟིགས་ནས་ལུང་བསྟན་པ་དང་། གཉིས་པ་ལྟར་ན། གང་ཟག་རབ་ཕྱག་རྒྱ་ཆེན་པོ་རྟོགས་པའི་རྣལ་འབྱོར་པས་ཀླུ་རྣམས་འདུལ་བ་ལ་དགོངས་ཀྱི། དབང་འབྲིང་མན་ཆད་ལ་ནི་མ་ཡིན་ཞིང་། ཕྱག་རྒྱ་ཆེན་པོ་ནི་གཏི་མུག་གི་འགལ་ཟླ་ཡིན་པས། ཀླུ་རྣམས་འདུལ་བའི་ཁྱད་ཆོས་སུ་དམིགས་པ་དང་། ཕྱིར་མི་ལྡོག་པའི་ས་ནི་དག་པ་ས་གསུམ་སྟེ། རྣམ་པར་སྨིན་པའི་སེམས་ཀྱིས་བསྡུས་པས། ལྷག་བསམ་རྣམ་དག་ལས་བརྒལ་བའོ། །


KMC019_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ས་བདུན་པ་མན་ཐོབ་ཀྱང་ཡིད་བརྟན་དུ་མི་རུང་བས། ཇི་སྲིད་ས་བརྒྱད་པ་མ་ཐོབ་ཀྱི་བར་དེ་སྲིད་དུ་ཐེག་པ་དམན་པས་འཇིགས་པས། འོན་ཀྱང་གང་ཟག་འབྲིང་དམན་གཉིས་ཀྱིས་ཤེར་ཕྱིན་གྱི་རྟོགས་པ་སྔར་ནས་གོམས་འདྲིས་ཅན་ལ་བོགས་འདོན་མཆོག་ཏུ་འགྱུར་ཞིང་། རིག་པའི་ཡེ་ཤེས་མཚོན་གྱིས་མ་རིག་གཏི་མུག་འཇོམས་པའི་ལམ་ཁྱད་པར་བ་ཡིན་པས་ཕན་ཡོན་ཤིན་ཏུ་ཆེ། གསུམ་པ་མཐར་ཐུག་གི་འབྲས་བུ་སྐུ་གསུམ་དུ་གྲོལ་ཚུལ་བསྟན་པ་ནི། རྣལ་འབྱོར་པ་རབ་ཀྱིས་ཆོད་ཚད་ཆེན་པོ་ཐོབ་སྟེ། རང་དོན་ཆོས་སྐུ་མངོན་དུ་གྱུར། གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཏེ་དག་པའི་གདུལ་བྱ་རྣམས་ལ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུས་ས་བཅུའི་བྱང་ཆུབ་སེམས་དཔར་འགྲོ་དོན་མཛད་ཅིང་། ངེས་པ་ལྔ་ལྡན་གྱི་རྟག་པ་རྒྱུན་གྱི་འཁོར་ལོ་ལ་ལོངས་སྤྱོད་པ་དང་། གདུལ་བྱ་རིས་ཅན་མ་ངེས་པ་སྣ་ཚོགས་ལ་དགོངས་ཏེ་མཆོག་གི་


KMC019_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་དང་། བཟོ་དང་སྐྱེ་བ་སོགས་ཀྱི་ཞིང་ཁམས་མཐའ་དག་ལ་དབང་བསྒྱུར་བ་སྟེ། དགོངས་གཏེར་ལས། དོན་ལ་བདག་མེད་ཡུམ་ཆེན་མོའི། །དགོངས་པ་མངོན་དུ་གྱུར་ཅེ་ན། །གཅོད་ཡུལ་མཐའ་རུ་ཕྱིན་པ་ཡིན། །ཅེས་གསུངས་སོ། །དེ་ནས་ཚོགས་གཉིས་ཟུང་འཇུག་གི་ལམ་གྱི་འབྲས་བུ་འཁོར་འདས་ཡེ་ནས་བདག་མེད་ཀུན་ཏུ་བཟང་མོ་རྣམ་ཐར་གསུམ་ལྡན་གྱི་རང་བཞིན་བསྐྱེད་པ་དང་། རྫོགས་པའི་རིམ་པས་དག་པའི་སྒྱུ་ལུས་ལ་དབང་བསྒྱུར་བ་དང་། མ་དག་པའི་སྒྱུ་ལུས་ཀྱང་ལུས་ཤ་ཁྲག་གི་མཆོད་སྦྱིན་སོགས་སྒྱུ་མའི་རོལ་རྩེད་ཚུལ་དུ་བརྩོན་པ་དང་། རང་སེམས་སྐྱེ་མེད་འོད་གསལ་ཕྱག་རྒྱ་ཆེན་པོའི་དགོངས་པ་ཟུང་དུ་འཇུག་པའི་འབྲས་བུ་དེ་ལྟར་ཐོབ་པ་ཡིན་ནོ། །འབྲིང་གིས་འཆི་ཁར་འོད་གསལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མ་དང་བུའི་ཐ་སྙད་ཀྱི་མངོན་དུ་བྱས་ཏེ་སངས་རྒྱས་པ་དང་། དབང་པོ་ཐ་མའང་བར་དོའི་འཁྲུལ་སྣང་


KMC019_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཚེ་འདིའི་གཉན་སའི་ཆོ་འཕྲུལ་དང་ཐ་མི་དད་པའི་ལམ་གྱི་གནས་སྐབས་རྣམས་ཐར་ཕྱིན་པའམ། ཡང་ན་ནམ་མཁའ་སྒོ་འབྱེད་ཀྱིས་གྲོལ་ཏེ། དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུས་མདུན་བསུས་ཏེ་ཨོ་རྒྱན་མཁའ་སྤྱོད་རིག་འཛིན་གྱི་ཞིང་དང་། བདེ་བ་ཅན་ལ་སོགས་བསུ་བ་དང་། ཡང་མཐའ་སྐྱེ་བ་བརྒྱུད་ནས་སྔོན་གྱི་བག་ཆགས་ཀྱི་འཕྲོས་དང་། བླ་མ་དམ་པས་རྗེས་སུ་བཟུང་ནས་འཁོར་བ་མཐའ་ཅན་དུ་བྱེད་པ་དམ་ཆོས་སྤྱིའི་དགོངས་པ་ལྟར་ཡིན་ནོ། །བཞི་པ་དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི་ཁྱད་འཕགས་དྲུག་དང་ལྡན་ཏེ། རྟེན་གང་གིས་ཀྱང་ཉམས་བླང་དུ་བཏུབ་པ། ཆོས་གང་དང་ཡང་བསྟུན་དུ་བཏུབ་པ། རྐྱེན་གང་ཡང་ཐོག་ཏུ་འགྲོ་བ། གནས་གང་དུའང་སྡད་ཆོག་པ། དུས་ནམ་དུ་ཡང་ཉམས་སུ་ལེན་བཏུབ་པ། གྲུབ་རྟགས་ཕྱི་དུས་ལ་མི་རེ་བ་མངོན་སུམ་དུ་འབྱུང་བའི་ཁྱད་པར་འཕགས་པ་དང་དྲུག་ལས། དང་པོ་


KMC019_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་གང་ཟག་ནི། བཙུན་པ། སྔགས་པ། སྐྱེས་པ། བུད་མེད། མ་ནིང་། མཛེ་ཕོ། ཞ་འཐེང་། འོན་ལོང་། རྒན་པོ། རྒན་མོ། གཅོང་ཅན། དབུལ་ཕོངས། སྨྱོ་འབོག །སྙིང་རླུང་ཅན་སོགས་ཐམས་ཅད་ཀྱིས་ཉམས་སུ་བླང་དུ་བཏུབ་བོ། །དཔེར་ན་འཚོ་བའི་ཟས་དང་འདྲ་སྟེ། ཀུན་གྱིས་ལོངས་སྤྱོད་དུ་བཏུབ་པ་བཞིན་ནོ། །གཉིས་པ་ཆོས་ནི། ཕྱི་སྡེ་སྣོད་གསུམ། ནང་རྒྱུད་སྡེ་བཞི། སྔགས་མཚན་ཉིད། གསང་སྔགས་གསར་རྙིང་སོགས་གང་དང་བསྟུན་ཏུ་བཏུབ་པའི་ཕྱོགས་སུ་མ་ལྷུང་། རིས་སུ་མ་ཆད་པའོ། །དཔེར་ན་ལམ་ཆེན་པོའི་བཞི་མདོ་དང་འདྲ་སྟེ། མཐོ་བ་རྒྱལ་པོ་མན་དང་། དམའ་བ་མཛེ་སྤྲང་ཡན་བགྲོད་དུ་བཏུབ་པ་བཞིན་ནོ། །གསུམ་པ་རྐྱེན་ནི། འགལ་རྐྱེན། མཐུན་རྐྱེན། ཆགས་སྡང་། ཆོས་བརྒྱད། ན་ཚ་དང་དུཿཁ་ལ་སོགས་སྐྱིད་སྡུག་གང་བྱུང་ཡང་བཅད་དུ་བཏུབ་བོ། །དཔེར་ན་ཁྲི་སྒྱོགས་ཀྱི་འཁོར་ལོ་དང་འདྲ་སྟེ། གཡུལ་


KMC019_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་པའི་ཚེ་དཔུང་གི་ཚོགས་ཡན་ལག་བཞི་ཆར་རྡེག་ཏུ་བཏུབ་པ་བཞིན་ནོ། །བཞི་པ་གནས་ནི། རི་ཁྲོད། གྲོང་ཡུལ། གནས་གཞི། དགོན་པ། དུར་ཁྲོད། གཉན་ཁྲོད། བྲག་ཕུག །ལུག་སྟོང་། དམ་ཕུག །གཅོང་རོང་། ནགས་ཁྲོད་ལ་སོགས་དབེན་ཞིང་ཉམས་དགའ་བ་དང་། འཇིགས་ཤིང་སྐྱི་གཡའ་བའི་གནས་ཐམས་ཅད་དུ་ཉམས་སུ་བླང་བཏུབ་བོ། །དཔེར་ན་ཤིང་རྟའི་འཁོར་ལོ་དང་འདྲ་སྟེ། དེ་གང་དུ་བསྒྱུར་ཡང་དེར་འགྱུར་བ་བཞིན་ནོ། །ལྔ་པ་དུས་ནི།རབ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར། འབྲིང་ཇི་སྲིད་འཚོའི་བར། ཐ་མའང་ཚེ་སྟོད་སྨད། དབྱར་དགུན་སྟོན་དཔྱིད། ཟླ་སྟོད་ཟླ་སྨད། ཉིན་མོ་མཚན་མོ། སྐད་ཅིག་ཐང་ཅིག་ཚུན་དང་། ཐང་སོ་བདེ་སྡུག་དང་འགལ་རྐྱེན་ནམ་བྱུང་བའི་ཚེ་ཉམས་སུ་བླང་བཏུབ་བོ། །དཔེར་ན་ཀླུས་བྱིན་པའི་ཆུ་མིག་དང་འདྲ་སྟེ། དུས་ནམ་ཡང་སྐྱེ་བྲི་དང་། རྒྱུན་ཆད་མེད་པ་བཞིན་ནོ། །དྲུག་པ་གྲུབ་རྟགས་ཕྱི་དུས་ལ་


KMC019_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མི་རེ་བ་ནི། རྐྱེན་རེ་བྱུང་རེས་ཐོག་བརྫིས་བྱེད་པའམ། རོ་སྙོམས་ཤིང་ལམ་དུ་ཁྱེར་བས། རྐྱེན་དེ་ལས་གྲོལ་ཅིང་། སྔར་མེད་པའི་ཉམས་རྟོགས་ཁྱད་པར་ཅན་རེ་སྐྱེ་བ་སྟེ། དཔེར་ན་ཁ་ཟས་མི་འདྲ་བ་རེ་ཟོས་ཙ་ན། རོ་མཆོག་མི་འདྲ་བ་རེ་མྱོང་བ་བཞིན་ནོ། །ལེའུ་ལག་ལས། གཉན་སར་སོང་ལ་རིག་པ་ལྷོད། །རྐྱེན་དང་སྤྲོད་ལ་ཉམས་སུ་ལོང་། །གཞན་ལ་འབྲས་བུ་ཕྱི་དུས་འདེབས། །འདི་ནི་མངོན་སུམ་འབྱུང་བ་ཡིན། །ཅེས་གསུངས་པས། དེ་ལྟ་བུའི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླངས་པས། ཉིན་ཞག་ཟུང་རེས་ཀྱང་སེམས་ཀྱི་སྙེམས་ཐག་ཆོད་ཅིང་། འཁོར་འདས་གཉིས་སུ་མེད་པའི་རང་རིག་སྐྱེ་མེད་ཀྱི་རྒྱལ་ས་ཟིན་ཏེ། མཐའ་ཡས་པའི་འགྲོ་བའི་དོན་དངོས་དང་བརྒྱུད་ནས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ནི་མཐར་ཐུག་གི་སྐྱེས་སོ་བླ་ན་མེད་པའོ། །སླར་སྨྲས་པ། རིན་ཆེན་རྣམ་གསུམ་མཚན་གྱི་སྒྲ་ཐོས་པས། །ངན་སོང་


KMC019_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་དུཿཁ་བསིལ་གྱུར་ན། །དུས་གསུམ་རྒྱལ་བའི་དགོངས་པ་ཕྱག་རྒྱ་ཆེས། །འཁོར་བ་མཐའ་ཅན་བྱེད་པ་ཅིས་མི་རྨད། །ལས་ངན་གདུག་པའི་འཁྲིལ་བག་མི་ལྡན་ཞིང་། །ཉོན་མོངས་བསྐལ་པའི་རླུང་གིས་མི་དཀྲུག་པ། །གཅོད་ཡུལ་ཡན་ལག་བརྒྱད་ལྡན་ཆུ་གཏེར་འདི། །ཁམས་གསུམ་སྐྱེ་རྒུའི་ཕན་བདེའི་གཏེར་དུ་འཁྱིལ། །ཤེར་ཕྱིན་སྦས་དོན་གཅོད་ཡུལ་ཕྱག་རྒྱ་ཆེ། །ཐུགས་གཞོལ་ལྷ་འདྲེའི་ཆོ་འཕྲུལ་ཉམ་མི་ང་། །ཆོས་བརྒྱད་སྒྱུ་མའི་འཕྲུལ་གྱིས་ཡིད་མི་འཕྲོག །གཅིག་པར་གཉན་ཁྲོད་ཉུལ་ཀུན་ངེས་པ་རྙེད། །ཐུབ་པའི་ལུང་རྟོགས་བདེན་གཉིས་རང་སེམས་སུ། །མ་རྟོགས་ཨང་ལྡིར་ཆར་མེད་འབྲུག་གི་སྒྲ། །བླ་མིན་བླ་གཟུགས་གཡུ་རལ་སེང་གེའི་གསོབ། །འོད་ཁྱིམ་མཛེས་པ་དབང་གཞུ་བདག་ཀྱང་སྐྱོ། །བདག་ཉིད་ལུང་རིག་ཆུ་ཡི་ཁུར་མི་ལྕི། །འཆད་རྩོད་རྩོམས་པའི་འབྲུག་སྒྲ་གྲགས་མིན་པར། །ཤེས་བྱའི་མཁའ་དབྱིངས་ཡོངས་ལ་མ་


KMC019_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པས། །དབྱར་སྐྱེས་ཆུ་འཛིན་བླ་མའི་རེ་བ་མེད། །འདི་བྱས་ཉེས་ཚོགས་ཅི་མཆིས་པ། །དཔའ་བོ་མཁའ་འགྲོའི་ཚོགས་ལ་བཤགས། །དམ་པ་གསུམ་གྱིས་ཟིན་པའི་དགེ །བསོད་ནམས་མཁའ་མཉམ་ཡོངས་ལ་བསྔོ། །མཆོག་གསུམ་བསྟན་པ་རབ་གནས་ཤིང་། །འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག །ཅེས་ཨཱརྱ་དཻ་ཝ་དང་། དམ་པ་སངས་རྒྱས་ཀྱི་རྒྱ་གཞུང་། མ་ཅིག་གི་ལེའུ་ལག །བཀའ་ཚོམ། དེའི་དྲི་ལན་ཡང་ཚོམ། རྣམ་བཤད་ཆེན་མོ། ཟབ་དོན་ཐུགས་སྙིང་སོགས་ཚད་ལྡན་གྱི་གཞུང་དུ་མ་དང་། དེ་དག་གི་དོན་སྐྱེས་ཆེན་དམ་པ་རྣམས་ཀྱིས་གསལ་བར་མཛད་པ་དང་རྩ་བའི་བླ་མའི་མན་ངག་ཞལ་ཤེས་ཇི་ལྟ་བ་རྣམས་དང་མི་འགལ་བ་བྱས་ཏེ་ཁྲིད་ཀྱི་ལུགས་སུ་བཀོད་པ་འདི་ཡང་མོས་གུས་ཀྱི་སྣང་བ་ལམ་དུ་བླང་བ་རང་སློབ་ཆབ་མདོ་འཇིགས་མེད་གཞན་ཕན་འོད་ཟེར་གྱིས་གཙོས་འགས་ཡང་ཡང་བསྐུལ་ངོ་མ་ལྡོག་ཙམ་དུ་གཏི་


KMC019_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་ཆོས་ཀྱི་སེང་གེས་སྨྲས་པ་ལགས་མོད། རང་ཉིད་སྐྱེས་སྦྱངས་ཀྱི་སྣང་བ་མེད་པས། མཁྱེན་ལྡན་དགྱེས་པའི་ལེགས་བཤད། བླུན་རྨོངས་མགུ་བའི་སྙན་ཚིག །རྟོགས་ལྡན་རྣལ་འབྱོར་མཉེས་པའི་སྟོང་སྐད། སོ་སྐྱེ་རང་བའི་དྲང་དོན་ལ་སོགས་མེད་པས། འདི་ལྟར་བྱ་བ་མི་འོས་པའང་། རྗེ་ས་པཎ་གྱིས། བླུན་པོ་སྨྲ་བ་ཉུང་ན་མཛེས། །གསུངས་པ་ལྟར་འོས་བབས་སུ་མ་གྱུར་པ་ཉིད་དོ། །འོན་ཀྱང་རང་བཟོའི་དྲི་མ་དང་བྲལ་ཞིང་། དམ་པ་གསུམ་གྱིས་ཟིན་པར་བྱས་ཏེ། མཚམས་སྦྱོར་གྱི་ཚིག་དང་གནད་གོ་དཀའ་བ་རྣམས་ཕྲན་བུ་བཀྲལ་བ་ལས་གཞུང་རྣམས་གཙོ་བོར་འཛིན། སེམས་ཁྲིད་ཀྱི་སྐབས་སུ་སློབ་དཔོན་གསུམ་ལ་བརྟེན་དགོས་པ་གཞུང་ན་གསལ་བ་ལྟར་ལུང་བྱང་གིས་རྒྱབ་སྐྱོར་བ་མ་གཏོགས། གཞན་མདོ་རྒྱུད་བཀའ་གཏེར་གྱི་ལུང་འདྲེན་མེད་པ་གཅོད་ལུགས་ཀྱི་ཁྱད་ཆོས་ཡིན་ལ། མདོ་རྒྱུད་དང་མི་མཐུན་པའང་སྐྲ་ཉག་མ་ཙམ་ཡང་


KMC019_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས། རང་གི་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཉེས་པའི་ཚོགས་ཅི་མཆིས་རྣམས་བཤགས་ཤིང་། རྣམ་པར་དཀར་བའི་དགེ་ཚོགས་ཇི་སྙེད་མཆིས་པ་གཟུགས་ཅན་གཟུགས་མེད་ཀྱི་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུར་གྱུར་ཅིག །དུས་གསུམ་རྒྱལ་བའི་གསང་ཆེན་མཛོད། །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཁྲི་གདུགས་ཤར་བ་ལྟར། །ཕྱོགས་རྣམས་ཀུན་ཏུ་ཁྱབ་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

གཅོད་ཀྱི་ཉམས་ཁྲིད་ཞག་བདུན་མ།


KMC019_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཟབ་དོན་གཅོད་ཀྱི་མན་ངག་ལས། ཉམས་ཁྲིད་ཞག་བདུན་བཞུགས་སོ། ཆོས་ཉིད་སྤྲོས་བྲལ་ཕ་རོལ་ཕྱིན་པ་དང་། །དེ་དག་སྟོན་མཛད་རྒྱལ་ཡུལ་སྒྲོལ་མ་དང་། །ལམ་མཆོག་ཁྱད་འཕགས་མན་ངག་གཅོད་ཡུལ་དང་། །ཡེ་ཤེས་མཁའ་འགྲོ་མ་ཅིག་ཞབས་ལ་འདུད། །ཉམས་ཁྲིད་གདམས་པ་གུས་པས་བསྐུལ་བའི་ངོར། །ཡི་གེ་འབྲི་བ་གནང་བར་གསོལ་བ་འདེབས། །བྱིན་རླབས་ཐུགས་


KMC019_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཚིག་གི་དོན་རྟོགས་ནས། སྨོན་ལམ་དབང་གིས་འགྲོ་ཀུན་རྒྱལ་གྱུར་ཅིག །དེ་ལ་དང་པོ་དབང་དང་ངོ་སྤྲོད་ལེགས་པར་ཐོབ་པའི་གང་ཟག་དེས། དངོས་གཞི་ལམ་ཉམས་སུ་བླང་བར་བྱ་སྟེ། དེ་ལ་གསུམ། སྤྱིའི་ཁྲིད་དུ་བཤད་པ། ཉམས་ཁྲིད་དུ་སྐྱོང་བ། ཞལ་གདམས་སུ་བསྟན་པའོ། །སྤྱིར་སྔར་བསྟན་ནས་འདིར་ཉམས་ཁྲིད་དེ། དེ་ལ་གཅོད་འདི་སྤྱིའི་ཤན་འབྱེད་ཡིན། རྟོགས་པའི་བོགས་འདོན་ཡིན། ལྷ་འདྲེ་དབང་སྡུད་ཡིན། དངོས་གྲུབ་རྣམ་གཉིས་འབྱུང་བ་ཡིན། སྐམ་ཐག་ཆུ་ནང་དུ་བཅད་པ་ཡིན་པས། སྙིང་ནས་རི་ཁྲོད་འགྲིམས་ཤིང་ཉམས་རྟོགས་རྒྱུད་ལ་སྐྱེ་བར་འདོད་ན། གཉན་ཁྲོད་མི་འགྲིམས་པ་དང་གཅོད་མི་བྱ་བའི་ཐབས་མེད། དེ་ལ་ཁྱད་པར་བཞི་དང་ལྡན་པས་འགྲོ་བ་བྱ་སྟེ། གང་དུ་འགྲོ་བ་གནས་ཀྱི་ཁྱད་པར། ནམ་འགྲོ་བ་དུས་ཀྱི་ཁྱད་པར། གང་འགྲོ་བ་གང་ཟག་གི་ཁྱད་པར། ཕྱིན་ནས་གང་ཉམས་སུ་ལེན་པ་གདམས་ངག་གི་


KMC019_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རོ། །དང་པོ་གཅོད་པའི་གནས་དུར་ཁྲོད་གནས་ཁང་ལ་སོགས་པ་འཇིགས་ཤིང་སྐྱི་གཡའ་བ་དང་། བྲེད་ཅིང་ཉམ་ང་བ། ཐེ་ཚོམ་དང་རྣམ་རྟོག་སྐྱེ་ནུས་པ་ཞིག་དགོས་ཏེ། དེ་མེད་ན་གཅོད་རྒྱུ་གང་ཡང་མེད་དོ། །དེ་ཡང་གནས་དེ་རུ་ཕྱིན་ནས་ལྷ་འདྲེ་ལ་དོ་མི་བཟློ། སྙད་མི་འཚོལ། དངོས་གྲུབ་དང་བྱིན་རླབས་ལ་མི་རེ་སྟེ། ཕྱི་འཇིགས་པའི་གནས་འདིར་འཇིགས་ཡུལ་ལྷ་འདྲེ་ལ་བརྟེན་ནས། ནང་འཇིགས་མཁན་གྱི་རྟོག་པ་རྩད་བཅད་པ་དེ་སྔར་སྤྱི་ཁྲིད་སྐབས་སུ་བཤད་ཟིན་ཏོ། །ནམ་འགྲོ་བ་དུས་ཀྱི་ཁྱད་པར་ནི། སྤྱིར་འཇིགས་ཤིང་སྐྲག་པ་དང་། ཉམ་ང་བག་ཚ་བྱུང་བའི་དུས་སུ་བྱེད། ཁྱད་པར་དུ་མཚན་མོ་ལྟ་བུ་ལ་ཟླ་གྲོགས་མེད་པར་གཅིག་པུར་འགྲོ་སྟེ། །ཟླ་བ་དང་ལག་ཆ་སོགས་གང་ལ་ཡང་སྙེམས་མེད་པའི་སེམས་ཐག་ཆོད་པར་བྱའོ། །གང་འགྲོ་བ་གང་ཟག་གི་ཁྱད་པར་ནི། དབང་གིས་སྣོད་རུང་དུ་བྱས་ལ། ངོ་སྤྲོད་ཀྱིས་ཅིར་


KMC019_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སེམས་སུ་ཐག་ཆོད་པ། གདམས་ངག་གིས་ཕྱི་ནང་གི་སྒྲོ་འདོགས་ཆོད་པ་འགྲོ་བར་བྱའོ། །དེ་ཡང་དང་པོ་གཅོད་ལ་འགྲོ་ནུས་བལྟ། བར་དུ་ཆོ་འཕྲུལ་བྱུང་ན་རོ་སྙོམས་བལྟ། ཐ་མར་སངས་རྒྱས་ཀྱི་ལམ་དུ་འགྲོ་མི་སོགས་ལེགས་པར་བལྟའོ། །དེས་ན་དང་པོ་ནི་གཅོད་ལ་འགྲོ་མི་ནུས་པ་ཐམས་ཅད་ཉམས་ལེན་གྱི་སྙིང་ཁམས་ཆུང་བས་ལན་པ་ཡིན་པས། སྙིང་ཁམས་བསྐྱེད་ནས་ཐོག་ཏུ་བཀལ་ན་མི་ནུས་པ་གང་ཡང་མེད་དེ། དཔེར་ན་རྨི་ལམ་དུ་ཆུ་དང་གཡང་ལ་སོགས་པའི་འཇིགས་སྣང་ཤར་བ་དང་འདྲ་སྟེ། སྣང་ཡང་བདེན་པར་འགྲུབ་པ་མེད་དོ། །གཉིས་པ་འཁོར་འདས་སེམས་སུ་མ་ཤེས་པས་ལན་པ་ཡིན་པས། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པའི་སེམས་བདེན་རྫུན་དང་བྲལ་ཙ་ན། གང་ལ་ཡང་འཇིགས་རྒྱུ་མེད་དོ། །དཔེར་ན་སྔར་འབག་མ་མཐོང་བའི་མི་ཞིག་འབག་ལ་འཇིགས་ཀྱང་། ཡང་ཡང་མཐོང་ན་མི་འཇིགས་པ་དང་འདྲའོ། །


KMC019_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་གདམས་ངག་ཟབ་མོ་མ་ཐོབ་པས་ལན་པ་ཡིན་པས། གདམས་པ་ཟབ་མོ་ཐོབ་ནས་འཁོར་འདས་རིགས་དྲུག་གིས་བསྡུས་པའི་ཆོས་སྣ་ཚོགས་སུ་སྣང་ཡང་བདེན་པར་གྲུབ་པ་མེད་དོ། །དཔེར་ན་བོང་བུས་བརྡུངས་པ་དང་། རི་བོང་གིས་རྨུགས་པའི་ལོ་རྒྱུས་མེད་པ་བཞིན་ནོ། །བཞི་པ་སྙིང་རུས་མེད་པས་ལན་པ་ཡིན་པས། སྙིང་རུས་བསྐྱེད་ནས་ལུས་སྲོག་གཏོང་ནུས་ན་གང་ཡང་མི་ནུས་རྒྱུ་མེད་དེ། སྔོན་གྱི་གྲུབ་ཐོབ་རྣམས་ཀྱིས་ཆོས་ཚིག་རེའི་ཕྱིར་དུ་དཀའ་བ་སྤྱད་པ་ཡིན་ནོ། །བར་དུ་ཆོ་འཕྲུལ་རོ་སྙོམས་མི་སྙོམས་བལྟ་བ་ནི། བར་ཆད་དང་ཆོ་འཕྲུལ་བྱུང་ན་སེམས་ལ་འགྱོད་པ་སྐྱེའམ་མི་སྐྱེ་བལྟ། ན་ཚ་སྡུག་བསྔལ་བྱུང་ན་ལམ་དུ་ལོངས་སམ་མི་ལོངས་བལྟ། འགལ་རྐྱེན་དང་གདུག་རྩུབ་བྱུང་ན་རོ་སྙོམས་སམ་མི་སྙོམས་བལྟ་བའོ། །ཐ་མར་སངས་རྒྱས་ཀྱི་ལམ་དུ་འགྲོ་མི་འགྲོ་བལྟ་བ་ནི། ཡར་གོང་མའི་ཞབས་ཏོག་ཏུ་འགྲོ་འམ་མི་


KMC019_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བལྟ། མར་འོག་མའི་སྐྱོང་བྲན་དུ་འགྲོ་འམ་མི་འགྲོ་བལྟ། བར་དུ་རང་གི་ལྟ་བ་དང་རྟོགས་པའི་བོགས་ཐོན་ནམ་མི་ཐོན་བལྟ། སྟོང་ཉིད་སྙིང་རྗེའི་གྲོགས་སུ་འགྲོ་འམ་མི་འགྲོ་བ་ལྟ། དེ་རྣམས་དང་ལྡན་ན་གཅོད་ལ་འགྲོ། མི་ལྡན་ན་མི་འགྲོ །འགྲན་སེམས་དང་ཕོ་རུས་ཀྱི་སྒོ་ནས་མི་འགྲོ། ཁེ་གྲགས་དང་ལོ་འདོད་ཀྱི་ཕྱིར་མི་འགྲོ། རྙེད་པ་དང་བཀུར་སྟིའི་ཆེ་དུ་མི་འགྲོ། ཕོ་ཚོད་དང་རྒན་ཉམས་ལ་བརྟེན་ནས་མི་འགྲོ། འོ་ན་གང་གི་སྒོ་ནས་འགྲོ་ན། གཅོད་ཀྱི་གདམས་པ་ཚིག་གིས་མཐའ་ཆོད་པ། ཁྲིད་ཀྱི་ངོ་སྤྲོད་ཐོབ་པས་འཁོར་འདས་གཏན་ལ་ཕེབས་པ། སེམས་ཀྱི་དེ་ཉིད་མཐོང་བས་ཕྱི་ནང་གི་སྒྲོ་འདོགས་ཆོད་པ། ལུས་ཀྱི་བདག་འཛིན་ཐོངས་པས་འགལ་རྐྱེན་ལམ་དུ་ལོངས་པ་ཞིག་འགྲོ་བར་བྱའོ། །ཕྱིན་ནས་གང་ཉམས་སུ་བླང་བ་གདམས་པའི་ཁྱད་པར་ནི། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདམས་པའི་དོན་ཉམས་ལེན་བདུད་ཀྱི་གཅོད་


KMC019_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ། མལ་ས་གཉན་ས་རི་ཁྲོད། ལྟ་བ་ལྷ་མེད་འདྲེ་མེད། སྒོམ་པ་ཡེངས་མེད་སྒོམ་མེད། སྤྱོད་པ་རོ་སྙོམས་ཐོག་བརྫིས། རིམ་གྲོ་ཤ་ཁྱེར་ཁྲག་ཁྱེར། ཉམས་ལེན་ན་དགའ་ཤི་སྐྱིད། དམ་ཚིག་དགེ་མེད་སྡིག་མེད། འབྲས་བུ་གཉིས་མེད་ལྷུན་གྲུབ་སོགས་ལ་ཉམས་སུ་བླང་བར་བྱའོ། །དེ་ལ་ནུབ་དང་པོའི་ཉམས་ལེན་ནི། ལུས་པོ་སྦྱིན་པ་བཏང་བ། བདག་འཛིན་ཡུལ་ནས་འདོན་པ། ཕུང་པོ་གཟན་དུ་བསྐྱུར་བ་དང་གསུམ་ལས། དང་པོ་ལུས་སྦྱིན་བཏང་བ་ནི། རང་གི་ལུས་འདི་གཞོན་ཞིང་དར་ལ་བབ་པ། མཛེས་ཤིང་ཡིད་དུ་འོང་བ་ཞིག་ཏུ་གྱུར་བར་བསམ་ལ། རང་གི་སེམས་ཉིད་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་དེ། དེ་མདུན་གྱི་ནམ་མཁར་བྱོན་ནས། གྲི་གུག་གིས་ལུས་ཀྱི་སྟོད་སྨད་མགོ་དང་ཡན་ལག་ཉིང་ལག་རྣམས་སོ་སོར་ཕྲལ་ཞིང་། ལྷུ་དང་དུམ་བུར་གཏུབས་ཏེ། ནང་ཁྲོལ་སྙིང་སོགས་ཕྱིར་བཏོན་ནས། མདུན་དུ་ཤའི་ཕུང་པོ་ཚངས་པའི་


KMC019_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་སླེབ་པ་ཙམ་སྤུང་། ཁྲག་ཕྱིའི་རྒྱ་མཚོ་ཙམ་བསྐྱིལ་ཏེ། དེ་རྗེ་བཙུན་མས་གང་ལ་གང་འདོད་དུ་བྱིན་གྱིས་བརླབ་ནས། རང་ལ་གནོད་པ་བྱེད་ཅིང་བར་ཆད་རྩོམ་པའི་ལྷ་འདྲེ་རྣམས་མདུན་དུ་བོས་པས། ནམ་མཁའི་ཁམས་གང་བ་ཙམ་དུ་བྱུང་བར་བསྒོམ་ཞིང་། དེ་རྣམས་ལ་བདག་གི་ལུས་འདིར་ཞེན་ཆགས་རྡུལ་རྩམ་ཡང་མེད་ཅིང་། དབང་ཆ་སྤུ་ཉག་མ་ཙམ་ཡང་མེད་པས། ལྷ་འདྲེ་རྣམས་རིངས་ན་གྲང་མོར་ཟོ། མི་རིངས་ན་ཚོས་ལ་ཟོ་བྱས་ཏེ། བློས་ལིང་གིས་བྱིན་ནས། ངག་ཏུ་ཡང་བརྗོད་པས། དེ་དག་དགྱེས་བཞིན་ཤ་ཁྲག་མ་ལུས་པ་ཧབ་དི་རི་རིར་ཟོས་པར་བསམ་ལ། སྟོས་མེད་ཀྱི་ངང་དུ་ཉོད་དེར་གློད། ཁྲེས་ཀྱིས་བོར་ལ་བཞག་སྟེ། ཉམ་ང་དང་འཇིགས་པ་བྱུང་རིམ་བཞིན་ལ་དེ་ལྟར་བྱ། དེ་ནས་སེམས་འདི་ནི་ཁྱེད་པས། ང་བདག་པོས་ཀྱང་མ་མཐོང་། ལུས་འདི་ནི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པར་བཏང་ནས་མེད། ད་ང་ལ་ནི་


KMC019_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ཁ་ཏ་དང་། གཉེར་ཁ་ཉ་ར་བདག་འཛིན་བྱ་དགོས་པ་མི་འདུག་སྙམ་པའི་ངང་ལ་བཞག་གོ །གཉིས་པ་བདག་འཛིན་ཡུལ་ནས་འདོན་པ་ནི། དེ་ལྟར་སྦྱིན་པར་བཏང་བའི་སྣང་ཙམ་གྱི་ལུས་འདི་འགྲོ་རུང་། སྡོད་རུང་། ཉལ་རུང་། བདག་པོ་མེད་པའི་ཁང་སྟོང་ངམ། དུར་ཁྲོད་དུ་བོར་བའི་མི་རོའམ། ལམ་ཁར་བོར་བའི་ས་རྡོ་བཞིན་དུ་སྣང་མེད། ཞེན་མེད། འཛིན་མེད། ལྟོས་མེད། བདག་མེད། དགོས་མེད། བདེན་མེད་ཀྱི་ངང་དུ་བཞག་གོ །གསུམ་པ་ཕུང་པོ་གཟན་དུ་བསྐྱུར་བ་ནི། ལུས་འདི་ལ་ན་ཚ་དང་གནོད་པ་བརྡུངས་བརྡེགས་སོགས་ཅི་བྱས་ཀྱང་འཛིན་པ་མེད། ལུས་འདི་ངའི་མིན། ང་ལ་མི་དབང་། ངས་བདག་ཏུ་མི་བཟུང་། ཁྱོད་རང་ལ་དབང་བ་ཡིན་པས། ཅི་དགའ་བར་ལོངས་སྤྱོད་ཅིག །དམྱལ་བར་བསྐྱུར་ནའང་བསྐྱུར་སྙམ་པ་བྱས་ལ། རེ་དོགས་གང་ཡང་མི་བྱའོ། །རྗེས་ལ་བདག་དང་ལྷ་འདྲེ་གཅོད་བྱེད་དང་གསུམ་ཡིད་ལ་


KMC019_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པར་སྟོང་པ་གསུམ་གྱི་ངང་ལ་གང་དགར་བཞག །དེ་ལྟར་བྱས་པས་ཚོགས་རྫོགས། སྒྲིབ་པ་དག །ལན་ཆགས་བྱང་། ལུས་ཀྱི་བདག་འཛིན་ཐོངས་ཏེ། སེམས་ཀྱི་དེ་ཉིད་རྟོགས་པར་འགྱུར་རོ། །ནུབ་གཉིས་པའི་ཉམས་ལེན་ནི། དང་པོ་གཅོད་པ་ལ་འགྲོ་ཙ་ན། ངོ་སྤྲོད་ལ་བརྟན་པ་ཐོབ་པ། ཉམས་ལེན་གྱིས་བློ་བསྐྱུར་ཆེ་བ། བདེ་སྡུག་ལ་ཐོག་བརྫིས་ནུས་པ་དང་གསུམ་ཚང་བ་ཞིག་དགོས་ཏེ། དང་པོ་ནི་སྔོན་འགྲོས་ངོ་སྤྲོད་ཀྱི་སེམས་ལེགས་པར་འཕྲོད་པར་བྱས་ལ། དོ་ནུབ་ཆོ་འཕྲུལ་དང་བར་གཅོད་ཅི་བྱུང་ཡང་སྐྱེ་མེད་སེམས་ཀྱི་ཆོ་འཕྲུལ་ཡིན། དེ་བས་འཁོར་འདས་རིགས་དྲུག་གིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་མེད་སེམས་ཀྱིཆོ་འཕྲུལ་ཡིན། དོན་ལ་བདེན་པར་གྲུབ་པ་གཅིག་ཀྱང་མེད་སྙམ་དུ་ཤེས་པར་བྱའོ། །གཉིས་པ་ནི་ཉམས་དང་རྟོགས་པའི་གདེང་བཟང་པོས་འགལ་རྐྱེན་དང་བར་ཆད་ཅི་བྱུང་ཡང་ཉམ་ང་བག་ཚ་མེད་པར་རྟོགས་པ་དང་


KMC019_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཤེས་ཀྱིས་བདེན་མེད་དུ་རྟོགས་པའི་ཆུ་ལ་རལ་གྲི་བརྒྱབ་པ་ལྟར་གོ་བར་བྱའོ། །གསུམ་པ་ནི་བདེ་སྡུག་ཅི་བྱུང་ཡང་འདི་དག་ཐམས་ཅད་ཀུན་རྫོབ་ཡིན། བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། སྒྱུ་མའི་དཔེ་བཅུ་དྲུག་དང་འདྲ་བ་ཡིན་སྙམ་དུ་ཤེས་པར་བྱས་ལ་འགྲོ་བར་བྱའོ། །སླེབ་ནས་ཉམས་ལེན་ནི། ཕྱི་འཇིགས་ཡུལ་གྱི་ལྷ་འདྲེ་རྩད་བཅད་པ། ནང་འཇིགས་མཁན་གྱི་རྣམ་རྟོག་རྩད་བཅད་པ། བར་འཇིགས་པའི་ངོ་བོ་རྩད་བཅད་པ་དང་གསུམ་ལས། དང་པོ་ནི་འཇིགས་ཡུལ་གྱི་ལྷ་འདྲེ་དེ་དང་པོ་གང་ནས་འོངས། བར་དུ་གར་གནས། ཐ་མར་གར་འགྲོ་བལྟ། ལྷ་འདྲེ་དེའི་དབྱིབས་གྲུ་བཞིའམ། ཟླུམ་པོ་སོགས་ཅི་འདྲ་འདུག་བལྟ། ཁ་དོག་དཀར་དམར་སོགས་ཅི་འདྲ་འདུག་བལྟ། མིག་གིས་ལྷ་འདྲེའི་གཟུགས་ལ་བལྟ། རྣ་བས་སྒྲ་ལ་ཉན། སྣས་དྲི་ལ་བསྣོམ། ངག་ཏུ་གཏམ་སྨྲ། ལག་ཏུ་འདྲེ་བཟུང་ལ་ཅི་འདྲ་འདུག་བལྟ། དེ་ལྟར་


KMC019_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པས་མ་རྙེད་པ་དང་སྟོང་པའི་ངང་དུ་བཞག་གོ །གཉིས་པ་འཇིགས་མཁན་གྱི་རྣམ་རྟོག་དེ་ཡ་གི་སྤྱི་བོའི་གཙུག་ནས་མ་གི་རྐང་པའི་མཐིལ་ཡན་ཆད་ཕྱི་ནང་གསང་གསུམ་གང་དུ་འདུག །འཇིགས་མཁན་དེའི་དབྱིབས་དང་ཁ་དོག་སོགས་ཅི་འདྲ་འདུག་ལྟས་པས། མ་རྙེད་པ་དང་སྟོང་པའི་ངང་ལ་བཞག་གོ །བར་འཇིགས་པའི་ངོ་བོ་རྩད་བཅད་པ་ནི། འཇིགས་པ་ཞེས་བྱ་བའི་ངོ་བོ་དེ་འདྲ་ཅི་འདྲ་ཞིག་འདུག །གནས་གང་ན་འདུག །དབྱིབས་དང་ཁ་དོག་ཅི་འདྲ་འདུག་ལྟ། དེ་ལྟར་བལྟས་པས་ཕྱི་ནས་འཇིགས་ཡུལ་མ་རྙེད། ནང་ནས་འཇིགས་མཁན་མ་རྙེད། བར་ན་འཇིགས་པའི་ངོ་བོ་མ་རྙེད་པ་དེ། ཡོད་ན་རྙེད་འོངས་པ་ལ། མེད་ནས་མ་རྙེད་པ་ཡིན་པས། དེའི་ངང་ལ་འབོལ་ལེར་བཞག་གོ །ནུབ་གསུམ་པའི་ཉམས་ལེན་ནི། དང་པོར་གཅོད་ལ་འགྲོ་ཙ་ན། ལྟ་བའི་རྦད་ཁམས་ཆེ་བ། སྒོམ་པའི་ཉམས་དང་ལྡན་པ། སྤྱོད་པའི་སྙིང་ཁམས་ཆེ་བ་དང་


KMC019_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ངང་ནས་འགྲོ་སྟེ། དེ་ལ་ལྟ་བའི་རྦད་ཁམས་ཆེ་བ་ནི། ཡར་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱང་དོན་དམ་པར་བདེན་པར་གྲུབ་པ་མེད། མར་དམྱལ་བའི་ཚེ་ཚད་དང་། ལུས་ཚ་གྲང་གི་སྡུག་བསྔལ་ཡང་དོན་དམ་པར་བདེན་པར་གྲུབ་པ་རྡུལ་ཙམ་ཡོད་མ་མྱོང་སྙམ་པ་བྱའོ། །སྒོམ་པའི་ཉམས་དང་ལྡན་པ་ནི། སྔར་ངོ་སྤྲོད་ཀྱི་སྐབས་སུ་ངོ་སྤྲད་པའི་ཉམས་ལེན་དང་མ་བྲལ་བར་བྱས་ལ། མཉམ་གཞག་ཏུ་ཆོས་ཐམས་ཅད་ནམ་དུ་ཡང་མེད་པ་སྟེ། སྣང་བ་ཙམ་ཡང་མེད་པ་ནམ་མཁའི་དཀྱིལ་ལྟ་བུ། རྗེས་ཐོབ་ཏུ་སྣང་བ་ཙམ་ཡོད་ཀྱང་། དེ་བདེན་པ་མེད་པ་རྨི་ལམ་སྒྱུ་མ་ལྟ་བུ་ཤེས་པར་བྱའོ། །སྤྱོད་པའི་སྙིང་ཁམས་ཆེ་བ་ནི། ན་ཚ་སྡུག་བསྔལ་འགལ་རྐྱེན་བར་ཆད་གདུག་རྩུབ་ལ་སོགས་ཅི་བྱུང་ཡང་ཉམ་ང་བག་ཚ་མེད་པ། ཐེ་ཚོམ་སོམ་ཉི་མེད་པ། སྤང་བླང་དགག་སྒྲུབ་མེད་པ། རེ་དོགས་ཚམ་ཚོམ་མེད་པར་ལུག་ཁྱུའི་ནང་དུ་སྤྱང་ཀི་རྒྱུག་པ་


KMC019_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནམ། རི་དྭགས་དབུས་སུ་སེང་གེ་མཆོངས་པ་བཞིན་ཉམ་ང་བག་ཚ་མེད་པར་འགྲོ་བ་ཡིན་ནོ། །སླེབ་ནས་ཚིག་གསུམ་པོ་འདི་ཉམས་སུ་ལེན་པར་བྱ་སྟེ། དེ་ལ་ལྷ་འདྲེ་ལ་བརྟེན་ནས་རྣམ་རྟོག་རྩད་བཅད་པ། འཇིག་པ་ལ་བརྟེན་ནས་བདག་འཛིན་རྩད་བཅད་པ། བར་ཆད་ལ་བརྟེན་ནས་འཁོར་འདས་རྩད་བཅད་པ་དང་གསུམ་ལས། དང་པོ་ལྷ་འདྲེ་ལ་བརྟེན་ནས་རྣམ་རྟོག་རྩད་བཅད་པ་ནི། འདི་ལྟར་སེམས་ཉིད་ད་ལྟ་ཡང་དངོས་པོ་ཡོད་མ་མྱོང། ཕྱིས་ཀྱང་དངོས་པོ་སྐྱེ་མི་སྲིད་པས། དེས་ན་སེམས་ཉིད་འདི་འདྲ་ནི་ཁྱོད་བས་ང་བདག་པོས་ཀྱང་མ་ཤེས་ན། འདྲེ་ཁྱོད་ཀྱིས་རྙེད་ན་ཚོལ་ཞིག་བྱས་ལ། འདྲེ་དེ་ནག་པོ་ཆེན་པོ། ཡོར་ནག་པོ་ཆེན་པོ། ཡོར་ཡོར་པོ། འཇིགས་སུ་རུང་བ། རྐང་ལག་མང་པོ། མཚོན་ཆ་སྣ་ཚོགས་ཐོགས་པ་ཞིག་བསྐྱེད་ལ། དེས་རང་ལ་གནོད་པ་སྣ་ཚོགས་སྐྱེལ་པར་བསྒོམ། སེམས་དངོས་མེད་ལ་ཕན་གནོད་འདུག་


KMC019_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

གམ་མི་འདུག་བལྟ། སེམས་དངོས་མེད་དེ་དངོས་པོར་འགྱུར་རམ་མི་འགྱུར་བལྟ། ལྷ་འདྲེ་བདེན་པར་འདུག་གམ་མི་འདུག་བསྟ་བར་བྱའོ། །གཉིས་པ་འཇིགས་པ་ལ་བརྟེན་ནས་བདག་འཛིན་རྩད་བཅད་པ་ནི། འཇིགས་པ་བྱུང་ན་དེ་བས་ཀྱང་འཇིགས་ཤིང་། ཉམ་ཇེ་ང་དང་བག་ཇེ་ཚ་ལ་བཏང་། དེ་ལ་བརྟེན་ནས་འགྱུ་བྱེད་ཀྱི་ཤེས་པ་དངོས་མེད་འདི་རྙེད་དམ་མི་རྙེད་བལྟ། འཇིགས་པའི་མཁན་པོ་དང་འཇིགས་པའི་རྒྱུ་ཅི་འདྲ་ཞིག་འདུག་ལྟ་བར་བྱའོ། །གསུམ་པ་བར་ཆད་ལ་བརྟེན་ནས་འཁོར་འདས་རྩད་བཅད་པ་ནི། བར་ཆད་ཡོང་གི་དོགས་པ་དང་། མི་ཡོང་དུ་རེ་བ་དང་། བྱུང་བའི་བར་ཆད་དངོས་དང་བཅས་པ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། དེ་བས་འཁོར་འདས་གཉིས་ཀྱང་སེམས་ཀྱིས་བྱས་པ་ཡིན། འཁོར་བར་འཁྱམས་ཀྱི་དོགས་དང། སངས་རྒྱས་ཐོབ་ཏུ་རེ་བ་ལ་སོགས་པ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། འཁོར་འདས་


KMC019_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་བར། བདེ་སྡུག་གཉིས་ཀྱི་བར། འཇིགས་མི་འཇིགས་གཉིས་ཀྱི་བར་ན་རེ་དོགས་ཀྱིས་རྟོག་འགྱུ་ཙམ་ལས་མེདཔས། དེ་གཏན་ལ་འབེབ་ཅི་ཐུབ་བྱ། གཉན་སར་ཉལ་དུ་འགྲོ་བ་དེ། འདྲེ་ཡོང་ནས་ཉལ་དུ་འགྲོ་བ་མིན། འདྲེ་ལ་དོ་བདེ་རུ་འགྲོ་བ་མིན། ཕྱི་འཇིགས་པའི་ཡུལ་ལ་བརྟེན་ནས། ནང་འཇིགས་མཁན་གྱི་རིག་པ་དེ་རྩད་བཅད་པ་ཡིན། སྙད་འདྲེ་ལ་བཏགས་ནས། ནང་འདྲེ་འཛིན་གྱི་ཤེས་པ་གཏན་ལ་འབེབ་པ་ཡིན་ནོ། །ནུབ་བཞི་པའི་ཉམས་ལེན་ནི། དང་པོ་གཅོད་ལ་འགྲོ་ཙ་ན། ཆེ་བ་གསུམ་དང་ལྡན་པས་འགྲོ་བ་བྱ་ཞེས། བྱིན་རླབས་ཀྱི་རྒྱབ་ཚན་ཆེ་བ། གདམས་པའི་ཆོས་རྒྱུས་ཆེ་བ། ལུས་སྲོག་གི་གཏོང་ཕོད་ཆེ་བ་དང་གསུམ་ལས། དང་པོ་བྱིན་རླབས་ཀྱི་རྒྱལ་མཚན་ཆེ་བ་ནི། སྤྱིར་བླ་མ་དཀོན་མཆོག་ལ་མོས་གུས་གདུང་བས་སྐྱབས་འོག་ཏུ་ཚུད་ཤིང་། བྱིན་རླབས་ཞུགས་པ་ཞིག་དགོས་ལ། ཁྱད་པར་དུ་གཅོད་ལ་འགྲོ་བའི་ཚེ།


KMC019_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ལྷ་འདྲེ་དང་བར་ཆད་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། འགལ་རྐྱེན་དང་བར་ཆད་བདེ་སྡུག་རོ་སྙོམས་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ན་ཚ་དང་སྡུག་བསྔལ་དགེ་སྦྱོར་གྱི་གྲོགས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་ནས། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་བཅས་པ་ཐམས་ཅད་མཎྜལ་དུ་བློས་ལིང་གི་འབུལ་ཏེ། དུས་དོ་ནུབ་ནས་ལུས་ངག་ཡིད་གསུམ་བདག་ལ་མི་དབང་ཞིང་། བླ་མ་དཀོན་མཆོག་ལ་འབུལ་བ་ཡིན་པས། མཐོར་གཏོང་། དམར་གཏོང་། གང་ན་ཅི་བྱེད་བླ་མ་དཀོན་མཆོག་རང་མཁྱེན་སྙམ་པ་བྱའོ། །གཉིས་པ་གདམས་པའི་ཆོས་རྒྱུས་ཆེ་བ་ནི། སྤྱིར་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་དང་། བྱེ་བྲག་བདེ་སྡུག་ལམ་ཁྱེར་གྱི་གདམས་པ། ཁྱད་པར་དུ་ཟབ་མོ་གཅོད་ཀྱི་མན་ངག་སོགས་ལ་ཐོས་པ་ཆེ་བ། ཐོས་དོན་ཁོང་དུ་ཆུབ་ཅིང་རྒྱུད་ལ་གོམས་པར་བྱས་ནས།


KMC019_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་དང་གདུག་རྩུབ་ཅི་བྱུང་ཡང་ནང་རིག་པ་སེམས་ཀྱི་ཆོ་འཕྲུལ་ཡིན། ཕྱི་ནང་གང་དུའང་བདེན་པར་གྲུབ་པ་སྐད་ཅིག་ཀྱང་མེད་སྙམ་པ་བྱའོ། །གསུམ་པ་ལུས་སྲོག་གི་གཏོང་ཕོད་ཆེ་བ་ནི། གཅོད་ལ་ཕྱིན་ན་ན་ཚ་དང་བར་ཆད་སྡུག་བསྔལ་འཇིགས་སྐྲག་སོགས་མི་འབྱུང་ངམ་སྙམ་པའི་སྔོན་དུ་རྣམ་རྟོག་གི་དོགས་པ་མི་བྱ་བར། གཅོད་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་གསུངས་པ་ཡིིན། ཨ་མ་ཇོ་མོ་ལ་སོགས་པའི་གྲུབ་ཐོབ་ཐམས་ཅད་ཀྱང་ལམ་འདི་ལ་བརྟེན་ནས་རྟོགས་པ་འཁྲུངས་ཤིང་ཡོན་ཏན་སྐྱེས་པ་ཡིན། ཀུན་རྫོབ་ཏུ་ལུས་བཞི་འདུས་ཀྱི་ཕུང་པོ་འདི་སྐྱེས་ནས་འཆི་བ་ལས་མ་འདས་པས་ན། འཆི་བའི་མཚོན་ཐོགས་པའི་སྐྱེས་བུ་སྟོང་གིས་བསྲུངས་ཀྱང་མི་ཐུབ། དོན་དམ་པ་ལ་ནི་བདུད་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་ཡང་བར་གཅོད་དང་གནོད་པ་སྐྱེལ་མི་ནུས། ལུས་མི་གཙང་བའི་


KMC019_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ། རྣག་ཁྲག་གི་རྐྱལ་པ། ཆུ་སེར་གྱི་གོང་བུ། ངར་སྣབ་ཀྱི་སྡོང་པོ་འདིས་ཅི་བྱེད། འདྲེ་ཁྱོད་ལ་དགོས་ན་ད་ལྟ་ཉིད་དུ་ཁྱེར་ཅིག །སྤྱིར་འགྲོ་དྲུག་ཡོངས་ཀྱི་གླུད་དུ་བསྔོ། སྒོས་ལྷ་འདྲེ་ཁྱོད་ཀྱི་དོན་དུ་གཏོང་བ་ཡིན་པས། ལུས་འདིར་ཆགས་ཞེན་ཏིལ་འབྲུ་ཙམ་ཡང་མེད་སྙམ་པ་བྱ་སྟེ། སྙེམས་མེད་ཞེན་མེད་དུ་བསྐྱུར་ནས་འགྲོ་བར་བྱ། །སླེབ་ནས་ཉམས་ལེན་ནི། ལྟ་བ་སྟོང་ཉིད་དུ་ཐག་བཅད་པ། སྒོམ་པ་དྲན་མེད་ཀྱི་ངང་དུ་འཇོག་པ། སྤྱོད་པ་བདེ་སྡུག་ཐམས་ཅད་རོ་སྙོམས་པ་དང་གསུམ་ལས། དང་པོ་ལྟ་བ་ཞེས་བྱ་བ་ཡུལ་སྟོང་ཉིད་ལ་བལྟ། ལྟ་མཁན་སེམས་རིག་པ་དངོས་མེད་འདིས་བལྟ། ལྟ་ཡུལ་སྤྱིར་གང་ལའང་མི་དམིགས་པ་ལ། བློས་གང་དུའང་མི་འཛིན་པར་ཡུལ་ཅན་སྟོང་པའི་དབྱིངས་སུ་འཇོག་སྟེ། དེའི་ངང་ལ་ལྷ་འདྲེ་དང་བར་ཆད། གདུག་རྩུབ་དང་མཐོ་འཚམས་པ་སོགས་གང་བྱུང་ཡང་གནོད་པའི་འདྲེར་མི་བལྟ། མི་འཛིན།


KMC019_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྒོམ། ཕན་པའི་ཆོས་དང་གདམས་ངག །སྐྱོབ་པའི་ལྷ་དང་བླ་མ་སོགས་ལ་མི་བལྟ་བར། སྐྱེ་མེད་སྟོང་པ་དངོས་མེད་ཅི་ཡང་མ་གྲུབ་པའི་ངང་དུ་འཇོག་གོ །གཉིས་པ་སྒོམ་པ་དྲན་མེད་ཀྱི་ངང་དུ་འཇོག་པ་ནི། ཆོ་འཕྲུལ་ཅི་བྱུང་ཡང་འདྲེར་འཛིན་དང་འཇིགས་པའི་རྟོགས་པ་མི་བྱ། འགལ་རྐྱེན་དང་བར་ཆད་སོགས་མི་མཐུན་པ་ཅི་བྱུང་ཡང་། དེའི་རྗེས་སུ་མི་མནོ། མི་འགྱུ། མི་དྲན། མི་བསམ་པར་བརྗེད་དུ་བཅུག་སྟེ་རང་ཡལ་རང་གྲོལ་གྱི་ངང་དུ་བཞག །དེ་ལྟར་བྱས་ཀྱས་མ་ཕན་ན། དེའི་རྩད་བཅད་དེ་མཐར་ཐུག་རང་བཞིན་མེད་པའི་ངང་ལ་བཞག་གོ །གསུམ་པ་སྤྱོད་པ་བདེ་སྡུག་རོ་སྙོམས་པ་ནི། འཇིགས་ཤིང་ཡ་ང་བ་དང་། བྲེད་ཅིང་སྐྲག་པའི་ཉམ་ང་བག་ཚ་སོགས་བྱུང་ན། སྔར་ལས་བརྒྱ་འགྱུར་གྱི་འཇིགས་པ་ཆེ་བར་བསྒོམ་སྟེ། འཇིགས་པ་དང་གང་འཇིགས་པའི་ངོ་བོ་ལ་ཅེར་གྱིས་བལྟ་ལ། དེ་གང་ནས་བྱུང་། གང་ན་གནས། ཅི་འདྲ་འདུག་རྐྱང་


KMC019_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

དེད་བྱེད་ནས་རྩད་བཅད་དེ། མ་རྙེད་ན་དེའི་ངང་ལ་བཞག་པས་འཇིགས་པ་རང་གྲོལ་དུ་འགྲོའོ། །ནུབ་ལྔ་པའི་ཉམས་ལེན་ནི། དང་པོ་གཅོད་ལ་འགྲོ་ཙ་ན། ཉམས་དང་ལྡན་པས་འགྲོ་བར་བྱ་སྟེ། ཕྱིའི་གཅོད་ཡུལ་སྟོང་པར་ཤེས་པ། ནང་གི་གཅོད་མཁན་སྟོང་པར་རྟོགས་པ། བར་གྱི་གཅོད་ཚུལ་བདེན་མེད་དུ་གོ་བ་དང་གསུམ་ལས། དང་པོ་ཕྱིའི་གཅོད་ཡུལ་འདྲེ་དང་བཙན། བདུད་དང་གདོན་བགེགས། ཀླུ་དང་ས་བདག །ཕོ་གདོན་མོ་གདོན། རྒྱལ་པོ་དཀོར་བདག །དྲི་བོ་དྲི་མོ་ལ་སོགས་པ་ཐམས་ཅད་སྟོང་པར་ཤེས་པར་བྱ། གཞན་ཡང་ཐབ་དང་གཞོག །འཁོན་དང་ཡུག །གྲིབ་དང་མནོལ། མཛེ་དང་ཕོལ་སྐྲན། རྨུ་ཆུ་དང་གག་ལྷོག །རིམ་དང་རྒྱུ་གཟེར། ན་ཚ་དང་སྡུག་བསྔལ་སོགས་ལ་བརྟེན་ནས་གནས་སྐབས་ལུས་དང་སྲོག་ལ་བར་དུ་གཅོད་པ། མཐར་ཐུག་མཐོ་རིས་དང་ཐར་པའི་གེགས་བྱད་པ། འཕགས་པའི་ནོར་འཕྲོག་


KMC019_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དགེ་བ་ལ་བར་དུ་གཅོད་པ། བསམ་གཏན་དང་ཏིང་ངེ་འཛིན་གྱི་སྲོག་འཕྲོག་པ་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ནང་གཅོད་མཁན་གྱི་ལུས་ངག་ཡིད་གསུམ་དང།ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས་པས་ཉེར་ལེན་བྱས་པའིབློ་དང་ཤེས་པ། གོ་ཆ་དང་གཉེན་པོ་ཐམས་ཅདགདོད་ནས་སྟོང་པར་ཤེས་པར་བྱའོ། །གསུམ་པ་བར་གྱི་གཅོད་ཚུལ་སྤྱིར་གྱི་བཀའ་མདོ་རྒྱུད། སྒོས་སུ་བླ་མ་བརྒྱུད་པའི་གསུང་བགྲོས། ཡང་སྒོས་རང་གིས་ཉམས་སུ་བླངས་པའི་ལྟ་སྒོམ་སྤྱོད་གསུམ་སོགས་ཐམས་ཅད་སྟོང་པར་རྟོགས་པར་བྱ། མདོར་ན་བར་དུ་གཅོད་པའི་གདོན་བགེགས། གཅོད་བྱའི་ཡུལ་གང་ཟག་བར་གཅོད་ཀྱི་ངོ་བོ། དེའི་གཉེན་པོ་གཅོད་བྱེད་ཀྱི་གདམས་པ་བཅས་པ་ཐམས་ཅད་སྟོང་ཉིད་དུ་ཤེས་པར་བྱས་ན། སྟོང་པ་ཉིད་ལ་སྟོང་པ་ཉིདཀྱིས་གླགས་མི་རྙེད། དངོས་པོ་མེད་པ་ལ་དངོས་པོ་མེད་པས་གླགས་མི་རྙེད།


KMC019_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་མེད་པ་ལ་མཚན་མ་མེད་པས་གླགས་མི་རྙེད་པས། དེ་དག་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པས་སྟོང་པ་ཉིད་ཀྱི་ངང་ནས་འགྲོ་བར་བྱ། སླེབས་ནས་ཉམས་ལེན་ནི། ལྷ་འདྲེ་ལ་སྙིང་རྗེ་བསྒོམ་པ། འཇིགས་པ་ལ་སྟོང་ཉིད་བསྒོམ་པ། བདག་འཛིན་ལ་ཐོག་བརྫིས་བྱ་བ་དང་གསུམ་ལས། དང་པོ་ལྷ་འདྲེ་ལ་སྙིང་རྗེ་བསྒོམ་པ་ནི། གཉན་ས་དེའི་གཞི་བདག་གིས་གཙོ་བྱས་པའི་སྤྱིར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སྒོས་སུ་བདག་ལ་བར་ཆད་རྩོམ་པའི་ལྷ་འདྲེ་རྣམས་ལ་ཚད་མེད་པའི་བྱམས་པ་དང་སྙིང་རྗེ་ཡང་ཡང་བསྒོམ་དགོས་ཏེ། འདི་དག་རྒྱུ་མ་རིག་པ་ལ་བརྟེན་ནས། རྐྱེན་ཞེ་སྡང་གདུག་རྩུབ་དང་མ་བྲལ་ནས། འབྲས་བུ་ངན་སོང་དང་ངན་འགྲོ་ཁོ་ནར་འཁྱམས་པ་དང་། བྱེད་པ་གཞན་ལ་གནོད་པ་བྱེད། ལས་སུ་སེམས་ཅན་ལ་འཚེ། འདོད་པ་བདེ་བ་འདོད། སྒྲུབ་པ་སྡུག་བསྔལ་འབའ་ཞིག་སྒྲུབ་


KMC019_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་རྣམས་སྙིང་རེ་རྗེ་སྙམ་པའི་ཁ་ཙམ་ཚིག་ཙམ་མ་ཡིན་པར། སྙིང་གི་དཀྱིལ། རུས་པའི་གཏིང་། རྐང་གི་ཁོང་ནས་དྲན་པར་བྱས་ཏེ། སེམས་ཅན་འདི་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅེས་བརྒྱ་རྩ་རེ་བརྗོད་དེ། ཚིག་དོན་གཉིས་སུ་མེད་པའི་འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བདག་གི་ལུས་ངག་ཡིད་གསུམ་དགེ་ལ་བསྐུལ་ཞིང་། ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་ལེན་པར་བགྱིའོ་སྙམ་པ་བྱ། གཉིས་པ་འཇིགས་པ་ལ་སྟོང་ཉིད་བསྒོམ་པ་ནི། སྤྱིར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ལ། བྱེ་བྲག་ཏུ་བར་དུ་གཅོད་པའི་བདུད་དང་འབྱུང་པོ་རྣམས་ཀྱང་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད། དེ་བཞིན་དུ་རང་གི་སྣང་ངོར་ལའང་རབ་རིབ་གྱ་གྱུ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་རང་ཉིད་ལོག་རྟོག་འཁྲུལ་པའི་སྣང་བ་ཁོ་ན་ལས་བདེན་པར་གྲུབ་པ་


KMC019_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

མེད། ཡོད་ན་གང་ཡོད་མངོན་སུམ་དུ་གསལ་དགོས་པ་ལ། རྒྱུ་མ་གྲུབ་ཅིང་རྟོག་བཏགས་དཔྱད་བཟོས་ཁོ་ན་ཡིན་པས། དེ་ལྟར་ལེགས་པར་བརྟགས་ཤིང་དཔྱད་ན་དངོས་མེད་རང་ཡལ་དུ་འགྲོ་བས་ཤེས་པར་བྱའོ། །གསུམ་པ་བདག་འཛིན་ལ་ཐོག་བརྫིས་བྱ་བ་ནི། ཕྱིའི་ཞེན་ཡུལ་ནོར་ལོངས་སྤྱོད། བཟའ་ཚོ་ཉེ་འབྲེལ་ཐམས་ཅད་ལ་མ་ཆགས་པར་བྱ། ནང་གི་ཞོན་པ་ལྟ་སྒོམ་སྤྱོད་གསུམ། ཐོས་བསམ་བསྒོམ་གསུམ། ཉམས་དང་རྟོགས་པ། མངོན་ཤེས་དང་གྲུབ་རྟགས་ལ་སོགས་རང་གི་རྒྱུད་ལ་ཡོན་ཏན་ཅི་ཡོད་ཀྱང་། དེ་ལ་ང་དང་བདག་ཏུ་མི་བཟུང་། ཆགས་ཞེན་དང་རློམ་སེམས་མི་བྱ། བར་གྱི་ཞེན་པ་ལུས་དང་སྲོག །ཚེ་དང་དབུགས། སྟོབས་དང་གཟི་བརྗིད། བཀྲག་དང་མདངས། ཤ་དང་ཁྲག་ལ་སོགས་གང་གཅེས་པ་དེ་བདག་ཏུ་མི་འཛིན་པར་ངན་སྐྱུགས་བཞིན་དུ་བོར། ཕྱི་ས་བཞིན་དུ་དོར། ངར་སྣབ་བཞིན་དུ་བསྐྱུར་ལ།


KMC019_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགོས་པ་མེད་ཅིང་། ཞེན་ཆགས་རྡུལ་ཙམ་ཡང་མེད་པས། སུ་དགའ་བར་ཁྱེར་ཅིག་བྱས་ལ་བསྡད་དོ། །ནུབ་དྲུག་པའི་ཉམས་ལེན་ནི། དང་པོ་གཅོད་ལ་འགྲོ་བའི་དུས་སུ། སེང་གེ་ལྟར་ཉམ་ང་མེད་པར་འགྲོ་བ་དང་། སྟག་མོ་ལྟར་ངར་དང་བཅས་པར་འགྲོ་བ། རི་གཟར་གྱི་རྦབ་ལྟར་ཐོགས་རྡུག་མེད་པར་འགྲོ་བ་དང་གསུམ་ལས། དང་པོ་སེང་གེ་ལྟར་འགྲོ་བ་ནི། ཡ་གི་སྲིད་པའི་རྩེ་མོ་ནས། མ་གི་ན་རག་དམྱལ་བ་ཡན་ཆད་དགྲར་ལངས་ཀྱང་། རིག་པ་སེམས་ཀྱི་ཆོ་འཕྲུལ་ཡིན། བདེན་པར་གྲུབ་པ་སྐད་ཅིག་ཀྱང་མེད་སྙམ་པའི་ངང་ནས་ཉམ་ང་བག་ཚ་མེད་པར་འགྲོ་བར་བྱ། གཉིས་པ་སྟག་མོ་ལྟར་འགྲོ་བ་ནི། སྟོང་ཉིད་གོ་བའི་ཉམས་དང་ལྡན་ཞིང་། བདེན་མེད་ཤེས་པའི་བློ་དང་ལྡན་པའི་ངང་ནས་རིག་པ་ལ་ངར་འདོན། ཤེས་པ་ཧུར་ཕྱུང་། དབང་པོར་བཀྲག་བཏོན། སྤྱོད་པ་རྩུབ་སྟོན་ཅིང་། ཕཊཿབྱས་ལ་འགྲོ་བར་བྱ། གསུམ་པ་རི་གཟར་རྦབ་ལྟར་


KMC019_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ནི། ཉམ་ང་བག་ཚ་ཅི་བྱུང་ཡང་དེའི་ངང་དུ་མ་ཤོར་བའི་ཡིད་གཉིས་ཚམ་ཚོམ་མེད་པར་གླང་པོ་ཆེ་སྨྱོན་པའམ། ཐོག་བབ་པའམ། རི་གཟར་གྱི་རྦབ་ལྟར་ཐོགས་རྡུག་མེད་པར་འགྲོ་བར་བྱ། སླེབ་ནས་ཉམས་སུ་བླང་བ་ནི། ལྷ་འདྲེ་ཨར་ལ་མནན་པ། རྣམ་རྟོག་ཨར་ལ་གཏད་པ། བདག་འཛིན་ཡུལ་ནས་འདོན་པ་དང་གསུམ་ལས། དང་པོ་ལྷ་འདྲེ་ཨར་ལ་མནན་པ་ནི། གཉན་ཐོག་ཏུ་གཉན་དབབ་པ་ཡིན་པས། ཆུའམ། བྲག་གམ། ཤིང་ངམ། ལྷ་འདྲེ་གནས་པའི་རྟེན་གང་ཡིན་པ་དེའི་སྟེང་དུ་བསྡད་ན། དེས་ལྷ་འདྲེ་ཧར་ལ་ཐོན་ནས་འོང་བ་ཡིན། དཔེར་ན་སྒོ་ཁྱི་སྔར་མ་ཞིག་འཛིན་དུ་ཕྱིན་ན་བྲོས་ནས་འགྲོ་བ་དང་། ལར་ཡང་མན་ངག་ཟབ་མོའི་ཉམས་ལེན་ཅི་ཡང་མེད་པའི་སྐྱེ་བོ་ཕལ་པ་ཞིག་མཚན་མོ་གཉིད་དུ་ཉལ་ཙ་ན། ལྷ་འདྲེ་ཞིག་མི་དེ་ཉལ་བའི་ཁང་པའི་ནང་དུ་འོངས་པ་ཙམ་གྱིས་མི་དེ་ནི་ཤིན་ཏུ་འཇིགས་ཤིང་། ཤེས་པ་


KMC019_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

འཐིབ། གྲང་རྡུལ་འཐབ་པ་སོགས་འོངས་པས། དེ་ལྷ་འདྲེའི་ཟིལ་ཡིན། གཅོད་མཁན་ནི་ལྷ་འདྲེ་གནས་པའི་རྟེན་གང་ཡོད་པ་དེར་ཕྱིན་པ་དང་གདོན་བགེགས་རྣམས་ཀྱི་མཐུ་ནུས་གཟི་བརྗིད་སྟོར། རྫུ་འཕྲུལ་ཐམས་ཅད་ཞི་ནས་འགྲོ་བ་ཡིན། དཔེར་ན་དུག་སྦྲུལ་གྱི་ཚང་སྒོར་གླ་རྩི་བཞག་ན། སྦྲུལ་གྱི་དུག་ཞི་ཞིང་ནུས་པ་སྟོང་པ་དང་མཚུངས་སོ། །གཉིས་པ་རྣམ་རྟོག་ཨར་ལ་གཏད་པ་ནི། དང་པོ་གཉན་སར་འགྲོ་མི་ནུས། བར་དུ་ཉལ་མི་ནུས། ཐ་མར་རང་ལུས་སྟེར་མི་ནུས་པ་སོགས་བྱུང་ན། གང་མི་ནུས་པ་དེར་ཡ་ང་ན་ང་ཐོག་ཏུ་བཏང་། འཇིགས་ན་འཇིགས་ཐོག་ཏུ་འགྲོ། བྲེད་ན་བྲེད་ཐོག་ཏུ་ཉལ་ནས་བསྡད་ན་རིག་པའི་སྙེམས་ཐག་ཆོད། བདག་འཛིན་གྱི་སྒྲོག་ལས་གྲོལ། འཇིགས་པའི་རྫུན་ཕུག་རྡིབ། བྲེད་པ་དང་སྐྲག་པའི་ཚོར་བ་སྟོར་ནས་འགྲོ་སྟེ། དཔེར་ན་རྟ་བོང་ངམ། མཛོ་གཡག་འདྲ་ཞིག་ཟམ་པའམ། ལམ་འཕྲང་ཤིན་ཏུ་དོག་པོར་


KMC019_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོར་མི་ཉན་པ་དེ། དེར་ནན་དུ་ཕུལ་ནས་བཏང་ན། ཕྱིས་ཚམ་ཚོམ་མེད་པར་འགྲོ་བ་བཞིན་ནོ། །གསུམ་པ་བདག་འཛིན་ཡུལ་ནས་འདོན་པ་ནི། ཡ་ང་མཁན། བག་ཚ་མཁན་མི་ནུས་མཁན། མི་ཕོད་མཁན་སོགས་དེ་རྣམས་གང་ན་འདུག །ངོ་བོ་ཅི་འདྲ་འདུག་སོགས་ཞིབ་པར་བལྟས་ཏེ། རིག་པ་རྐྱང་དེད། རྒན་མོ་མཛུབ་ཚུགས་བྱས་ལ། དེའི་རྩད་ལེགས་པར་ཆོད་པར་བྱ། དེ་ལྟར་བྱས་པས་བདག་འཛིན་དེ་གཏད་མེད་དུ་ཡལ་ནས། བདེན་མེད་དུ་འགྲོ་བ་ཡིན་པས། དེའི་ངང་ལ་ཉལ་ནས་བསྡད་དོ། །ནུབ་བདུན་པའི་ཉམས་ལེན་ནི། དང་པོ་གཉན་ཁྲོད་དུ་འགྲོ་བའི་ཚེ། ཚུལ་བཞིའི་སྒོ་ནས་འགྲོ་བར་བྱ་སྟེ། དེ་ལ་ལུས་པོ་རོ་ཡི་ཚུལ་དུ་བྱ། གཉན་ས་དུར་ཁྲོད་ཀྱི་ཚུལ་དུ་བྱ། ལྷ་འདྲེ་ཅེ་སྤྱང་གི་ཚུལ་དུ་བྱ་ཞིང་། ཕུང་པོ་གོག་པོ་འདི་སུས་འདོད་པ་དེས་ཁྱེར་ཅིག་སྙམ་དུ་བསམ་ལ་འགྲོ་བར་བྱའོ། །སླེབ་ནས་ཉམས་ལེན་ནི། ལྟ་བ་བདག་


KMC019_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མེད་པ། སྒོམ་པ་ཡིད་ལ་མི་བྱེད་པ། སྤྱོད་པ་བླང་དོར་མེད་པ། དམ་ཚིག་བསྲུང་མཚམས་མེད་པ། འབྲས་བུ་སྒྲུབ་ཏུ་མེད་པ་དང་ལྔ་ལས། དང་པོ་ལྟ་བ་ནི་རྟག་ཆད་མེད་པ། སྐྱེ་འགགས་མེད་པ། མཐའ་དབུས་མེད་པའི་ཕྱིར། ཕན་པའི་ལྷ་རུ་འཛིན་ཏེ་གསོལ་མཆོད་བྱ་བ་དང་། དངོས་གྲུབ་ལ་རེ་བའང་མི་བྱ། གནོད་པའི་འདྲེ་རུ་བཟུང་སྟེ་ཕྱིར་བསྐྲད་པ་དང་། འོངས་ཀྱི་དོགས་པ་ཡང་མི་བྱ་བར་བླང་དོར་རེ་དོགས་ཅི་ཡང་མེད་པའི་ངང་དུ་བཞག་གོ །གཉིས་པ་སྒོམ་པ་ནི་ཡེ་ནས་སྟོང་ཉིད་ཡིན་ལ། འཁོར་གསུམ་ཡེ་སྟོང་ཡེ་གྲོལ་ཡེ་དག་ཆེན་པོ་དེའི་ངང་དུ་བཅས་བཅོས་མེད་པར་བཞག་པ་ལས། གློ་བུར་དུ་ལྷ་འདྲེའི་གནོད་པ་དང་། བར་ཆད་འོངས་ཀྱི་དོགས་པ་སོགས་མི་བྱའོ། །གསུམ་པ་སྤྱོད་པ་ནི་དགེ་བཅུ་སྒྲུབ་ཏུ་མེད། སྡིག་པ་སྤང་དུ་མེད་པས། དགེ་སྡིག་བླང་དོར་གང་ཡང་མེད་པར་གཞི་མ་བཅོས་པའི་ངང་དུ་བཞག་གོ །བཞི་པ་དམ་ཚིག་ནི་ཉན་


KMC019_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཀྱི་བསྲུང་སྡོམ། བྱང་སེམས་ཀྱི་བསླབ་བྱ། གསང་སྔགས་ཀྱི་དམ་ཚིག་སོགས་དགེ་སྡིག་དགག་སྒྲུབ་བསྲུང་མཚམས་དང་བྲལ་བ་སྟེ། ཐ་ན་གཅོད་བྱ་གཅོད་བྱེད་ཅོད་མཁན་དང་བཅས་པར་འཁོར་གསུམ་ཡོངས་དག་ཡིན། སེམས་ཉིད་ཆོས་སྐུ་ཡེ་ཤེས་ཡིན་པས། ཡེ་དག་ཡེ་གྲོལ་དེའི་ངང་ལ་བཅས་བཅོས་མེད་པར་བྱའོ། །ལྔ་པ་འབྲས་བུ་ནི་ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང་། མར་དམྱལ་བར་ལྷུང་དུ་དོགས་པའང་བདེན་པར་མ་གྲུབ་པས། རེ་དོགས་སྤང་བླང་མེད། ལྷ་འདྲེ་དང་གདོན་བགེགས་ཀྱང་བདེན་པར་མ་གྲུབ་པས། ན་ཚ་འགལ་རྐྱེན་དང་བར་ཆད་བསྲུང་དུ་མེད། བསྒྲུབ་བྱའི་སེམས་ཅན་བདེན་པར་མ་གྲུབ་པས། །འགྲོ་བའི་དོན་ཡང་བྱ་རྒྱུ་མེད་པས་ན། དེ་ལྟར་རྟོགས་པའི་ངང་དུ་ཉལ་ལོ། །དེ་རྣམས་ཀུན་རྫོབ་རྫུན་ཕུག་རྡིབ་པའི་མན་ངག །རྣམ་རྟོག་རྩ་བར་གཅོད་པའི་ཉམས་ལེན། འཁོར་འདས་རུ་ཤན་འབྱེད་པའི་ཆོས་ཡིན་


KMC019_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཞག་བདུན་རིང་ཉམས་ཁྲིད་བྱེད་དེ་ཉམས་སུ་བླང་བར་བྱའོ། །སྤྱིར་གཅོད་བྱེད་པ་ལ་དཀའ་སླའི་བྱེ་བྲག་ཀྱང་། གཉན་ས་ནི་རོ་དང་དུར་ཁྲོད། ལྷ་ཁང་གོག་པོ་དང་། མི་མང་པོ་ཤི་བའི་ཤུལ་རྣམས་འཕྲལ་དུ་འཇིགས་པ་ལྟར་ལ་ཕུག་ཆུང་། འདྲིས་སླ། མཇུག་ཐུང་བ་ཡིན། གད་ཕུག །གྲོག་ཕུག །བྲག་ཕུག །ཐང་ཆེན་པོ་རྣམས་ལ་ནི་འཕྲལ་ཕུག་གཉིས་ཀར་མི་འཇིགས་པ་ཡིན། ཤིང་གཅིག །ཆུ་མིག །རྒྱ་མཚོ། ཕ་བོང་རྣམས་ལ་འཕྲལ་དུ་མི་འཇིགས་པ་ལྟར་ཡང་། མཇུག་ཏུ་བྱིང་ཆེ་ཞིང་འདྲིས་དཀའ་བ་ཡིན། ལྷ་འདྲེ་ནི་པེ་དཀར་དང་། རྒྱལ་པོ། དྲི་བོ་དྲི་མོ་རྣམས་ཀྱིས་ཤེས་པའི་འཚུབས་པ་དང་། རིག་པ་མཐོ་དམན་བྱེད་ཅིང་། འཕྲལ་དུ་གདུག་རྩུབ་ཆེ་ཡང་ལྷོངས་པ་སླ། བྱིང་ཆུང་། ནོན་པ་སླའོ། །དམ་སྲི། བསེན་མོ། མ་མོ་རྣམས་ཀྱིས་ཆགས་པ་ཆེ་ཞིང་། ཐིག་ལེ་འཕྲོག །འགྲོ་སྙིང་འདོད། སེམས་མི་གནས་པ་སོགས་འོངས་ཀྱང་ལྷོངས་པ་དང་ནོན་པ་


KMC019_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

སླ། ཕྱིར་འབྲང་འོངས། ཀླུ་བདུད། ཀླུ་གཉན། ས་བདག་རྣམས་ཀྱིས་གཉིད་ཆེ་ཞིང་། ཤེས་པ་ལྕི། རིག་པ་མི་གསལ། བྱིང་རྨུག་ཆེ། འཕྲལ་དུ་ཆོ་འཕྲུལ་ཆུང་། གདུག་རྩུབ་མི་སྟོན་པས་མི་འཇིགས་པ་ལྟར་ཡང་། ལྷོངས་པ་དང་ནོན་པ་དཀའ། བྱིང་ཆེ། མཇུག་ཏུ་ཞེ་གནག་པ་ཡིན། བཙན། ཐེའུ་རང་། ཡུལ་མ་སངས་རྣམས་ཀྱིས་ཟང་ཟིང་མང་ཞིང་། རྨི་ལམ་གཏད་མེད་མང་པོར་སྟོན། མིང་ནས་འབོད། ཤུགས་གླུ་འདེབས་པ། འོ་དོད་འབོད་པ། རྒྱུ་འགྲུལ་མང་བ་སོགས་འོངས་ཀྱང་གནོད་པ་དང་བྱིང་ཆུང་། ལྷོངས་དང་ནོན་སླ་བ་ཡིན་ནོ། །མ་ལྷོངས་པ་དང་མ་ནོན་པ་རྣམས་ལ་ཡུན་བསྲིང་བ་གལ་ཆེ། དེ་ལྟར་རོ་དང་འདྲེ་ལ་གཅོད་པ་བས། ན་ཚ་དང་སྡུག་བསྔལ་ལ་གཅོད་པ་དཀའ། དེ་བས་ཀྱང་ཆགས་སྡང་ཆོས་བརྒྱད་ལ་གཅོད་པ་དཀའ་བས། དེས་ན་ཕྱི་གཅོད་པ་བས་ནང་གཅོད་པས་བོགས་དང་ཡོན་ཏན་ཆེ་ཞིང་། དངོས་གྲུབ་མྱུར་བ་


KMC019_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རྒྱལ་ཡུམ་དྲི་མེད་ཕ་རོལ་ཕྱིན་པའི་ཡུམ། ཕྱིན་ཅི་མ་ལོག་ཡུམ་སྲས་གཉིས་ཀྱིས་མཁྱེན། དེ་ཉིད་ཇི་བཞིན་བླ་མས་ལེགས་པར་བཀོད། ཀུན་གྱིས་དོན་རྟོགས་སངས་རྒྱས་ཐོབ་པར་ཤོག །བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་གཅིག་ཏུ་བསྡུས་པ་གཉིས་སུ་མེད་པའི་ཡེ་ཤེས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། གྲུབ་ཐོབ་རྟོགས་ལྡན་ཐམས་ཅད་ཀྱི་དངོས་གྲུབ་འབྱུང་བའི་གནས། ཡུམ་སྲས་གཉིས་ཀྱིས་གདམས་པ་ཕྱིན་ཅི་མ་ལོག་པ་ཕ་རོལ་ཏུ་ཕྱིན་པ་མན་ངག་བདུད་ཀྱི་གཅོད་ཡུལ་ལས། ལག་ལེན་ཉམས་ཁྲིད་ཀྱི་སྐོར་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེས་སྦྱར་བའོ། །དགེའོ། །ཞུས་དག་གོ། ༈ །།སྭསྟི་བི་ཛ་ཡནྟུ། རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་མའི་དོན། །ཟབ་ལམ་ཀུན་གྱི་མཆོག་གྱུར་ལབ་སྒྲོན་གྱི། །དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་གྲགས་པ། །རྒྱ་གཞུང་གསུམ་དང་ཤེར་ཕྱིན་དགོངས་པའི་གནད། །བཀའ་ཚོམས་གསུམ་དང་དམ་པའི་ཞལ་གདམས་རྣམས། །བསྟན་དང་འགྲོ་བའི་དཔལ་དུ་ཡོངས་སྨིན་པའི། །ལྷག་


KMC019_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་དག་པས་བརྩམས་དང་པར་བཀོད་ཀྱང་། །རོ་མཉེ་དང་ནི་མ་གི་ཏ་བཞིན་དུ། །དུག་ཆུས་མྱོས་པའི་སྙིགས་དུས་འགྲོ་བ་ཕལ། །ལོག་ལྟའི་གཡང་སར་རྒྱུག་པ་རྒྱལ་བས་ཀྱང་། །ཚད་མེད་ཐུགས་རྗེས་རྣམ་གྲོལ་ལམ་འཇུག་དཀའ། །ཐུབ་མཆོག་དྲུང་དུ་དྲུག་སྡེ་ལེགས་སྐར་ལྟར། །ཆེར་སྙིགས་འགྲོ་བའི་ཤེས་རྒྱུད་ལོག་རྟོག་སྨག །སེལ་བ་ལྟ་ཞོག་ཕྲག་པ་དོག་པའི་རྒྱུར། །བསྐལ་ཆེན་དུ་མར་སེམས་ཅན་གཅིག་ཕྱིར་དུ། །མེ་ནང་བསྐལ་པ་རྒྱ་མཚོར་བཞུགས་པ་ལ། །མི་དགྱེས་མེད་ན་ལོག་སྒྲུབ་བཟོད་འོས་པས། །འགྲོ་ལ་ཕན་དང་བདེ་བའི་ཆེད་དུ་བསྐྲུན། །བདེ་བར་གཤེགས་པའི་བསྟན་པ་འཇིག་པའི་ཚེ། །ཚིགས་སུ་བཅད་པ་གཅིག་ཙམ་སྦྱིན་དང་བཟུང་། །ཡི་གེ་འབྲི་བའི་བསོད་ནམས་བདེ་གཤེགས་དང་། །མཚུངས་ཞེས་གསུངས་ཕྱིར་མ་ཕོད་འདུ་བྱས་བསྒྲུབས། །སྔོན་གོམས་ཐུགས་བསྐྱེད་བཟང་པོས་མདུན་བསུས་པའི། །མཆོད་སྦྱིན་སྒོ་འཕར་ཡངས་པའི་སྙིང་སྟོབས་ཅན། །དུ་མས་དངོས་རྫས་ཕུལ་བའི་རྣམ་གྲངས་ནི། །ཟུར་བཀོད་ལྟར་ལས་འདི་ན་མ་སྨོས་སོ། །འབྱོར་པའི་དཔུང་ཚོགས་དགེ་བའི་ཚེས་གསུམ་ཟླར། །སྟོང་དང་སྙིང་རྗེའི་བགྲང་བྱའི་ན་འཕར་ཏེ། །སྟོབས་བཅུ་མི་འཇིགས་བཞི་ཡི་ཉ་གང་བས། །ཁམས་གསུམ་མུན་པའི་དགྲ་ལས་རྒྱལ་ཕྱིར་བསྔོ། །ཚོགས་གཉིས་ཟབ་མོའི་ཆབ་ལ་རྐང་པས་འཐུང་། །ལམ་ལྔ་ས་


KMC019_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ཁོ་ལག་ཡོངས་རྫོགས་རྩེར། །སྨིན་གྲོལ་ཟབ་ཡངས་འཛུམ་པའི་ཆུ་སྐྱེས་ལས། །སྐུ་གསུམ་འབྲས་བུ་ལྷུན་གྱིས་གྲུབ་པར་ཤོག །དེ་མ་གྱུར་གྱི་བར་དུ་ཟབ་པ་དང་། །རྒྱ་ཆེའི་སྣོད་གྱུར་སྲིད་མཚོ་ལས་བརྒལ་ཏེ། །མཐའ་ཀླས་བསྟན་དང་འགྲོ་བའི་དཔུང་དང་བླར། །མངོན་གྱུར་བདེ་གཤེགས་དགོངས་དོན་ལྷུན་གྲུབ་ཤོག །ཅེས་པའང་བཙུན་གཟུགས་རྨོངས་པ་དྷརྨཱ་སེང་གེས་སོ། །དགེའོ། །དགེའོ། །དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །