cover

ཀཾ་ཚང་མན་ངག་གཅེས་བཏུས།

གླེགས་བམ། འ༽

ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།

Nitartha international
Selected Esoteric Instructions of the Karma Kamtsang (25 vols.) Publication supported by Tsadra Foundation

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཀཾ་ཚང་མན་ངག་གཅེས་བཏུས་ལས་ཉེར་མཁོ་སྣ་ཚོགས་སྐོར་གྱི་གླེགས་བམ་ འ༽ པའི་དཀར་ཆག


KMC023_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ཚང་མན་ངག་གཅེས་བཏུས་ལས་ཉེར་མཁོ་སྣ་ཚོགས་སྐོར་གྱི་གླེགས་བམ་ འ༽ པའི་བཞུགས་བྱང་། ༡ 1 – 2 འཕགས་མ་སྒྲོལ་དཀར་གྱི་ཆོ་ག་དངོས་གྲུབ་ཀུན་སྩོལ། ༣༠ 3 – 62 སྒྲོལ་དཀར་དངོས་གྲུབ་ཀུན་སྩོལ་གྱི་མེ་མཆོད། ༡༦ 63 – 94 ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་བདུད་རྩིའི་ཟ་མ་ཏོག ༣༠ 95 – 153 གསང་ཐིག་སྙིང་པོའི་སྐོར་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས། ༦ 155 – 166 གསང་ཐིག་ཕུར་པ་ལ་གོང་འོག་གི་ཕྲིན་ལས་ཅུང་ཟད་ཀྱིས་བཅིང་པ་ཕྲིན་ལས་ཤིང་རྟ། ༦ 167 – 178 གསང་ཐིག་ཕུར་པའི་ཚོགས་མཆོད་ཕྲིན་ལས་བཅུད་ཐིག ༤ 179 – 186 གསང་ཐིག་ཕུར་པའི་ཚེ་འགུགས། ༢ 187 – 190 གཏོར་མ་འབུལ་བ་ཆོ་ག་ཕྲིན་ལས་མྱུར་འགྲུབ། ༡༡ 191 – 212 ཕུར་སྲུང་ཤྭ་ན་མུ་ཁའི་གསོལ་མཆོད་བསྡུས་པ། ༢ 213 – 216 ཕུར་ཟློག་ཤིན་ཏུ་བསྡུས་པ་ཕྲིན་ལས་མཚོན་ཆ། ༡༥ 217 – 246 རྩང་བཟློག་དམ་སྲི་ཚར་གཅོད། ༡ 247 – 248 ཕུར་པའི་དྲག་བསྲེགས་


KMC023_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་བསྡུས་པ། ༢ 249 – 252 གསང་ཐིག་ཕུར་པའི་གཏོར་དབང་གི་ཆོ་ག་རྡོ་རྗེའི་ཐིག་ལེ། ༡༠ 253 – 272 གསང་ཐིག་ཕུར་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱང་། ༢༠ 273 – 311 གསང་ཐིག་ཕུར་པའི་དམིགས་རིམ་གནད་བསྡུས་གྲུབ་གཉིས་ཐིག་ལེ། ༤ 313 – 320 བཅས་བཞུགས་སོ།།

འཕགས་མ་སྒྲོལ་དཀར་གྱི་ཆོ་ག་དངོས་གྲུབ་ཀུན་སྩོལ།


KMC023_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་སྒྲོལ་དཀར་གྱི་ཆོ་ག་དངོས་གྲུབ་ཀུན་སྩོལ་ཞེས་བྱ་བ་བཞུགས་སོ། །


KMC023_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཨཱརྻ་ཏཱ་རཱ་ཡཻ། དཔལ་ལྡན་ཡིད་བཞིན་འཁོར་ལོའི་མཐུ་སྟོབས་ཀྱིས། །འཆི་བདག་ནུས་པ་འཕྲལ་དུ་འཇོམས་པ་དང་། །འདོད་དོན་གེགས་འཕགས་མ་སྒྲོལ་མ་ཕྱག་འཚལ་ལོ། །མེད་སྩོལ་བ་ལ་བཏུད་དེ། །དེ་ཡི་སྒྲུབ་ཐབས་དངོས་གྲུབ་ཀུན་སྩོལ་བྲི། །དེ་ལ་འདིར་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ཆོས་སྤྱོད་དབང་བོ་ཐུལ་པ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས་། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བ་ཀུན་ཏུ་སྤྱད། །གང་


KMC023_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རིགས་པར་ཐབས་སྦྱར་བས། །དེ་ཀ་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ཚེ་སྲིང་བའི་ཐབས་མཆོག་ཏུ་ཟབ་པ་ཉམས་སུ་བླང་བར་རིགས་ཤིང་། དེ་ཁོ་ནར་མ་ཟད་དངོས་གྲུབ་མཐའ་དག་ཡིད་བཞིན་ཏུ་འབྱུང་བ་བགེགས་ཀྱི་བར་དུ་གཅོད་པས་ཀྱང་མི་བརྫི་བ། འཕགས་མ་ཡིད་བཞིན་འཁོར་ལོ་འདི་ཉིད་བསྒོམས་པས་ལས་ཐམས་ཅད་འགྲུབ་སྟེ། ཚངས་དབང་ཁྱབ་འཇུག་གཉིས་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྦུའི་རྩེ་མོའང་གཅོད་མི་ནུས། །འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་སྐལ་ངན་ནད། །དབུལ་བ་ལ་སོགས་ཉམས་པར་བྱེད། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་རྣམས་སེལ་བར་བྱེད། །སློང་བ་མེད་པར་བཟའ་བཏུང་


KMC023_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གོས། །ཁང་བཟང་རིན་ཆེན་ཚོགས་ཀྱང་འདུ། །རལ་གྲི་མིག་སྨན་རྐང་མགྱོགས་དང་། །བུམ་པ་བཟང་པོ་སོགས་ཀྱང་འགྲུབ། །སྙན་ངག་དང་ནི་རྩོད་ལ་མཁས། །བློ་རྣོ་ཤེས་རབ་དྲི་མ་མེད། །གཞན་ཡང་ཅི་འདོད་དངོས་གྲུབ་ནི། །འཁོར་ལོ་འདི་ལས་འབྱུང་བར་འགྱུར། །ཞེས་བཤད་པ་རྣམས་དུས་ཇི་སྲིད་ཀྱིས་འགྲུབ་ཅེ་ན། ཆེད་དུ་ཟླ་བ་དྲུག་གི་བར། །སྒྲོལ་མའི་ཐུགས་ཀྱི་འཁོར་ལོ་ནི། བསྒོམས་པས་དངོས་གྲུབ་ཐམས་ཅད་ཐོབ། །འཆི་བའི་སྐྱོན་ཀྱིས་མི་གོས་སོ། །ཞེས་འབྱུང་ལ། སྒྲུབ་ཐབས་དེ་གང་ལས་བརྒྱུད་པ་ཡང་། །ངག་གི་དབང་ཕྱུག་གིས་བྱས་པའི། །འཆི་བ་སླུ་བ་ཀུན་བཏུས་ལས། །སྒྲོལ་མ་དཀར་མོ་ཕྱུངས་པ་འདི། །བསྒོམས་པས་འཇིགས་པ་སྤོང་བར་བྱེད། །ཅེས་བཤད་པའི། པཎྜི་ཏ་ཆེན་པོ་དེ་བཅོམ་ལྡན་འདས་མ་ཉིད་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བས་ཕྱི་ནང་གི་གཞུང་ལུགས་དུ་མ་ཐུགས་སུ་ཆུད་ནས་འཆི་བ་བསླུ་བའི་བསྟན་བཅོས་རྒྱས་པ་མཛད་ཅིང་། དེ་ལས་བརྒྱུད་པ་སྒྲུབ་ཐབས་ཀྱི་སྙིང་པོར་གྱུར་པ་འདི་ལ། གཞུང་དང་བླ་མའི་མན་ངག་ལ་བརྟེན་ནས་རང་དོན་ཚེ་སྒྲུབ་ཀྱི་རིམ་པ་ནི། མདུན་བསྐྱེད་མཆོད་པ་དང་བུམ་པ་སྒྲུབ་པ། གཞན་དོན་རྗེས་གནང་སྦྱིན་པ། བསྙེན་པའི་ཁ་སྐོང་སྦྱིན་སྲེག་སོགས་ལས་རབ་འབྱམས། དང་པོ་ནི། སྒྲུབ་པ་པོས་དབེན་ཞིང་ཡིད་དུ་འོང་པའི་གནས་སུ་མཐུན་པའི་རྐྱེན་ཚོགས་པར་བྱས་ལ། ར་བ་བཞི་གང་རུང་ལྟ་བུའི་ཟླ་བ་དཀར་ཕྱོགས་ཀྱི་


KMC023_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བརྒྱད་ཀྱི་སྔ་དྲོ་ནས་བརྩམས་ཏེ། ས་གཞི་བྱི་དོར་དང་། གནས་ཁང་བརྒྱན། བཅོམ་ལྡན་འདས་མའི་སྐུ་བཞུགས་སུ་གསོལ་བའི་སྤྱན་སྔར། མཆོད་རྫས་བཟང་པོ་ཁ་ན་མ་ཐོ་བའི་སྐྱོན་དང་བྲལ་བའི་གཏོར་མ་དཀར་གསུམ་མངར་གསུམ་དང་ལྡན་པ་རིན་པོ་ཆེའི་སྣོད་དུ་བཤམ། ཁྲུས་བྱས་གཙང་སྦྲ་དང་ལྡན་པས་སྟན་བདེ་བ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འཁོད་པའི་མདུན་ཏུ། ཆུ་གཉིས་ཉེར་སྤྱོད་རྡོ་རྗེ་དྲིལ་བུ་བཞག་ལ། ཐོག་མར་སྔོན་འགྲོའི་གཏོར་མ་བྱ་བ་ནི་དཀར་གཏོར་ཞིག་བཤམས་ཏེ། ཨོཾ་ཨཱཿཔདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཱཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། རྡོར་ཐལ་གྱེན་དུ་ཕྱེ་བར། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མྃ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་གསུམ། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་


KMC023_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ན། །སྔགས་སྤྱོད་དོན་ཏུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཀྱིས་ཕྲིན་ལས་བཅོལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀ་ཧྞ་པ་ཡ་གྲྀ་ཧྣ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱ་ནཱ་བི་ཧྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཅེས་གཏོར་མ་དོར་ཏེ་དཀར་ཕྱོགས་པ་ལ་གྲོགས་བཅོལ། ཡི་དམ་ཁྲོ་བོ་དང་སྒྲོལ་མའི་ང་རྒྱལ་གྱིས་རྡོ་རྗེའི་ཚ་ཚ་འཁྲོས་ནས་བགེགས་བསྐྲད་པར་བསམ། སྲུང་འཁོར་བསྒོམ་པ་ནི། ཏཱཾ་ཡིག་གི་འོད་ཟེར་ལས་བྱུང་བའི་རྡོ་རྗེའི་ས་གཞི། ར་བ་དྲྭ་བ་གུར་བླ་རེ་མེ་རི་དང་བཅས་པའི་སྲུང་འཁོར་ཡེ་ཤེས་ཀྱི་རང་བཞིན་བདུད་བཞི་སོགས་ཀྱིས་མི་ཤིགས་པ་ཀུན་ནས་བརྟན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་བཛྲ་ཏེ་ཛྭ་བཛྲ་ཨཱ་པ་ན་ཧཱུྃ་ཕཊ། ཅེས་བསྲུང་ཞིང་བརྟན་པར་བྱ། འདིའི་


KMC023_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྔ་མ་སྤྱི་འགྲོ་དང་ཕྱི་མ་ལས་སྣ་ཚོགས་ཀྱི་རྒྱུད་ལས་གསུངས། ཀུ་རུ་ཀུལླེའི་རྒྱུད་ལས་སྔགས་རྒྱ་མང་པོས་སྲུང་པ་བྱེད་པར་བཤད། མཆོད་པ་བྱིན་རླབས་ནི། བསངས་སྦྱངས། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པ་རྣམས་ཀྱི་ནང་དུ་ཧཱུྃ་ལས་ཁམས་གསུམ་གྱི་རྫས་ལས་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་མི་འགྱུར་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་པའི་ཡོན་ཏན་ལྔ་དང་། རིན་ཆེན་སྣ་བདུན་དང་། མཆོད་པའི་ལྷ་མོ་ལ་སོགས་པ་མཆོད་རྫས་དངས་ཤིང་ཐོགས་པ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ལས་ཀྱང་ཆེས་ཆེར་ལྷག་པ་རབ་འབྱམས་ནམ་མཁའི་མཐར་ཁྱབ་པར་རྒྱས་པར་འགེངས་ཤིང་དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་རྒྱུན་མི་ཆད་པར་འབྱུང་བའི་རང་བཞིན་ཏུ་གྱུར། ཅེས་སོ་སོའི་ཕྱག་རྒྱ་དང་བཅས་བས། ཨོཾ་བཛྲ་


KMC023_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱདྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾབཛྲ་དྷཱུ་པཾ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷཾ་ཨཱཿཧཱུྃ། ཨོཾ་བཛྲ་ནེ་ཝི་དྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ ཞེས་དང་། རྡོ་རྗེ་ཐལ་མོ་སྦུབས་སྟོང་དུ་སྦྱར་བའི་སོར་མོ་དབུས་མ་གསུམ་རྩེ་སྤྲད་མཐེ་བོང་དང་མཐེའུ་ཆུང་སོ་སོར་གཤིབས་ཏེ་ཁབ་ལྟར་སྦྲེང་བ་ནམ་མཁའ་་མཛོད་ཀྱི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་འཕེལ་ཞིང་མི་ཟད་པར་བྱ། སྐྱབས་འགྲོ་ནི། སངས་རྒྱས་མ་ལུས་ཀུན་གྱི་དངོས། །བཅོམ་ལྡན་འདས་མའི་ཞབས་པད་ལ། །བདག་དང་མཁའ་མཉམ་འགྲོ་ཚོགས་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །དམ་ཆོས་མ་ལུས་ཀུན་གྱི་དངོས། །བཅོམ་ལྡན་འདས་མའི་ཞབས་པད་ལ། །བདག་དང་མཁའ་མཉམ་འགྲོ་ཚོགས་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འཕགས་ཚོགས་མ་ལུས་ཀུན་གྱི་དངོས། །བཅོམ་ལྡན་འདས་མའི་ཞབས་པད་ལ། །བདག་དང་མཁའ་མཉམ་འགྲོ་ཚོགས་ཀུན། །བྱང་ཆུབ་བར་


KMC023_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་ལན་ཅི་རིགས་སོང་རྗེས་སུ། འགྲོ་ཀུན་སྡུག་བསྔལ་ལས་བསྒྲལ་ཞིང་། །བདེ་བ་མཆོག་ལ་རབ་བཀོད་དེ། །བླ་མེད་བྱང་ཆུབ་ལ་བཞག་ཕྱིར། །སྒོ་གསུམ་དགེ་ལ་བཀོལ་བར་བྱ། །རང་ཉིད་སྐད་ཅིག་གིས་པད་དཀར་ཟླ་བའི་གདན་ལ་འཕགས་མ་སྒྲོལ་མར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་གྱི་དབུས་སུ་ཏཱཾ་དཀར་པོ་འོད་དཀར་པོ་འབར་བ་ལས་འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་པར་འཕྲོས་པས། བཅོམ་ལྡན་འདས་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨཱརྻ་ཏཱ་རཱ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སཱ་ཧཱ། པདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝིདྱ། ཤབྡ༴ བཅོམ་ལྡན་འདས་མ་ཁྱོད་ལ་ཕྱག་འཚལ་ནས། །མཆོད་པ་རྣམ་པ་དུ་མ་རབ་མཆོད་དེ། །ཉེས་གསུམ་མཐར་བྱེད་ཁྱོད་ཀྱི་སྤྱན་སྔ་འདིར། །སྡིག་པ་མཐའ་དག་བཤགས་ཤིང་


KMC023_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམ་པར་བགྱི། །འགྲོ་བའི་དགེ་ལེགས་ཀུན་ལ་དགའ་བསྐྱེད་དེ། །སྲིད་ཞི་ཀུན་ཏུ་བཅོམ་ལྡན་འདས་མ་ཁྱེད། །རབ་བདེ་བླ་མེད་ཆོས་ཀྱི་འཁོར་ལོ་མཆོག །རྟག་པར་བསྐོར་བས་མཐར་དག་ཚིམས་པར་གསོལ། །ནམ་ཡང་ཁྱེད་ཚུལ་ནུབ་མེད་བཀའ་དྲིན་དང་། །དགེ་ཀུན་ཁྱོད་ཉིད་ཁོ་ནའི་རྒྱུར་གསོལ་ཞིང་། །དགེ་ལེགས་སྙིང་པོའི་དཔལ་འབྲས་ཁྱོད་དང་བདག །རྣམ་པ་ཀུན་ཏུ་མི་ཕྱེད་ཉིད་གྱུར་ཅིག །ཅེས་དང་། གནས་སྐྱེ་བ་མེད་པའི་ཆོས་དབྱིངས་ནས། །ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགས། །ཁྱེད་སེམས་ཅན་ཀུན་ལ་བདེ་སྟེར་མས། །བདག་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རང་ཆོས་སྐུ་ཡིན་པར་མ་ཤེས་པར། །སེམས་ཉོན་མོངས་དབང་དུ་གྱུར་པ་ཡིས། །མར་འཁོར་བར་འཁྱམས་པའི་སྡུག་བསྔལ་ལས། །ཡུམ་ཡང་དག་ལྷ་མོས་བསྐྱབ་ཏུ་གསོལ། །ཆོས་སྙིང་ནས་རྒྱུད་ལ་མ་སྐྱེས་ཏེ། །ཚིག་ཐ་སྙད་རྗེས་སུ་འབྲངས་པ་ལས། །


KMC023_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་གྲུབ་མཐའ་ངན་པས་བསླུས་པ་རྣམས། །ཡུམ་སྤྲོས་བྲལ་ལྷ་མོས་བསྐྱབ་ཏུ་གསོལ། །རྟོགས་པར་དཀའ་བ་རང་གི་སེམས། །མཐོང་ནས་གོམས་བར་མི་བྱེད་པར། །བྱ་བ་ངན་པས་གཡེང་བ་རྣམས། །ཡུམ་དྲན་པའི་ལྷ་མོས་བསྐྱབ་ཏུ་གསོལ། །དེ་ཉིད་ཀྱི་དོན་ལ་བསམ་བྱས་ཀྱང་། །རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་ཤེས་པས། །ཤེས་བྱའི་གནས་ལ་རྨོངས་པ་རྣམས། །ཡུམ་ཀུན་མཁྱེན་ལྷ་མོས༴ སེམས་རང་བྱུང་ཡེ་ཤེས་གཉིིས་མེད་ལ། །གཉིས་འཛིན་འཁྲུལ་པའི་བག་ཆགས་ཀྱིས། །ཇི་ལྟར་བྱས་ཀྱང་བཅིངས་པ་རྣམས། །ཡུམ་གཉིས་མེད་ལྷ་མོས༴ སེམས་མཐའ་བྲལ་གཉུག་མའིི་མཚན་འཛིན་ཅན། །ཐབས་མཆོག་བདེ་དང་དབྱེར་མེད་ཀྱང་། །ད་དུང་དུ་སློབ་པའི་གང་ཟག་རྣམས། །ཡུམ་རྫོགས་སངས་རྒྱས་མས་བསྐྱབ་ཏུ་གསོལ། །འདིར་དཔེ་ལ་ལར་རྗེ་རང་བྱུང་བས་མཛད་ཟེར། སྤྲ་ོན་གཉིས་ཀ་དང་བསྡུ་ན་གང་རུང་གཅིག་གི་ཆོག དེ་ནས་འདོད་དོན་གསོལ་བ། བླ་མ་ཡིད་


KMC023_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཁོར་ལོ་ཡིས། །དཔལ་ལྡན་བླ་མའི་ཞབས་བརྟན་ཅིང་། །བཞེད་དོན་འགྲུབ་པར་མཛད་དུ་གསོལ། །བདག་སོགས་སེམས་ཅན་ཐམས་ཅད་ཀུན། །འཇིགས་ཆེན་བརྒྱད་དང་བཅུ་དྲུག་སོགས། །ཕྱི་ནང་འཇིགས་པ་ཀུན་ལས་སྐྱོབས། །སྡུག་བསྔལ་སྲིད་བའི་མཚོ་ལས་སྒྲོལ། །ཚེ་ཡི་བར་ཆད་མ་ལུས་སོལ། །དུས་དང་དུས་མིན་འཆི་ལས་སྐྱོབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཉི་ཟླ་ལྟ་བུར་གསལ་བར་མཛོད། །ཆུ་བོའི་རྒྱུན་ལྟར་རིང་བར་མཛོད། །མཚོ་ལྟར་འགྲིབ་པ་མེད་པར་མཛོད། །རི་བོ་ལྟ་བུར་བརྟན་པར་མཛོད། །ནམ་མཁའ་ལྟ་བུར་ཡངས་པར་མཛོད། །རྡོ་རྗེ་ལྟ་བུར་རྟག་བརྟན་ཞིང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཅེས་འདོད་དོན་གསོལ། ཚོགས་ཞིང་རྣམས་རང་གི་སྙིང་གའི་ས་བོན་ལ་ཐིམ་པར་གྱུར། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྔུག་བསྔལ་གྱི་རྒྱུ་དང་བྲལ་བར༴ སྡུག་


KMC023_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་མེད་བའི་བདེ་བ་དམ་པ་དང་མི་འབྲལ་བར༴ ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སཱ་བྷཱ་ཝ་ཨཏྨ་ཀོ་྅ཧཾ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་མཆོག་ཏུ་ཡངས་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་གདན་ལ་ཏཱཾ་དཀར་པོ་གནས་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་འཇིགས་པ་བསལ། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཚེ་དཔལ་བསོད་ནམས་མཐའ་དག་འཕེལ་བར་བྱེད་པའི་བཅོམ་ལྡན་འདས་མ་སྟོན་ཟླའི་འོད་དང་མཚུངས་པའི་སྐུ་མདོག་དཀར་མོ་སྤྱན་དཀྱུས་རིང་ཞིང་འཛུམ་པའི་བཞིན་རས་ཡིད་དུ་འོང་བ། དབུ་སྐྲ་མཐོན་མཐིང་ཐོར་ཚུགས་སུ་བཅིངས་པའི་ལྷག་མ་གཡས་


KMC023_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཏུ་འཕྱངས་བ། ལོ་བཅུ་དྲུག་ལོན་པའི་ལང་ཚོ་ནུ་འབུར་ཟུང་གིས་མཛེས་ཤིང་གཞོན་ཤ་ཅན་སྒེག་པའི་ཉམས་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་པའི་མཐེབ་སྲིན་སྦྱར་བས་ཨུཏྤལ་དཀར་པོ་ཡལ་འདབ་རྒྱས་པ་ཐུགས་ཀར་བསྣམས་པ། ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་དང་། རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན། དོ་ཤལ། འོག་པག་གིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་མངའ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྨད་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཏཱྃ། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། མཆོད་པས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་


KMC023_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའིི་ས་བོན་གྱི་འོད་ཀྱིས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་བདུད་རྩིའི་བུམ་པས་དབང་བསྐུར། དྲ་ིམ་དག །ཐོར་ཚུགས་ཀྱི་རྩེ་མོར་རིགས་ཀྱི་བདག་པོ་འོད་དཔག་མེད་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་རྒྱས་བཏབ་པར་གྱུར། བཅོམ་ལྡན་འདས་མའི་ཐུགས་ཀའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་དང་བཅས་པ་འོད་དཀར་པོ་འཕྲོ་བའི་ལྟེ་བར་ཏཱཾ་ཡིག་གི་མཐར་ཨོཾ་ཧཱའིི་བར་དུ་རང་དང་བསྒྲུབ་བྱའིི་མིང་གི་ཡི་གེ །རྩིབས་རྣམས་ལ་མདུན་ནས་གཡས་བསྐོར་དུ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡིག་འབྲུ་རྣམས་རབ་དུ་དཀར་ཞིང་འོད་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པས་ཕྱོགས་བཅུའི་ཞིང་གང་བས། སངས་


KMC023_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས། ལྷ་དང་མིའི་འགྲོ་བ་རྣམས་ཀྱི་ཚེ་དང་བསོད་ནམས། བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་རྩི་སྨན་རིན་པོ་ཆེ་ལ་སོགས་པའི་ནུས་པ་མཐའ་དག་འོད་ཟེར་གྱི་རྣམ་པར་བསྡུས་ནས། འཁོར་ལོ་དང་ཡིག་འབྲུ་ལ་ཐིམ་པས་འཆི་བ་མེད་པའི་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་ཐོབ་པར་གྱུར། ཅེས་དམིགས་པ་ནི་གཞུང་གི་དངོས་བསྟན་དང་རྗེས་སུ་མཐུན་པ་ཡིན་ལ། མན་ངག་གི་ཡི་གེ་རྙིང་པ་ལ་ཡང་། འཁོར་ལོའི་མུ་ཁྱུད་གསུམ་གྱི་ནང་མ་ལ་ཨཱ་ལི་བཅུ་དྲུག་གཡོན་བསྐོར། བར་མ་ལ་ཀཱ་ལི་སོ་བཞི་གཡས་བསྐོར། ཕྱི་མ་ལ་ཡེདྷརྨཱ་གཡས་སུ་བསྐོར་བའི་ཡིག་འབྲུ་རྣམས་དཀར་པོ་ལས། འོད་ཟེར་དཀར་སེར་དམར་མཐིང་ལྗང་གུ་མཆིན་ཁ་དྲུག་རིམ་གྱིས་སྤྲོས་པས་ལུས་གང་། ཕྱི་རོལ་དུ་བར་ཐག་འདོམས་རེ་ཙམ་ན་འོད་ཀྱི་གུར་ཁྱིམ་གྱིི་རྣམ་པ་དྲུག་ཏུ་གྱུར་བའི་བར་མཚམས་ཐམས་ཅད་ཨུཏྤལ་སྔོན་པོ་གསར་དུ་ཁ་བྱེ་མ་ཐག་


KMC023_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པས་གང་བ། འོད་ཀྱི་ཁ་དོག་གི་དབྱེ་བས་ཞི་རྒྱས་དབང་དྲག་ལས་ཐམས་ཅད་པ་དེ་བརྟན་བྱེད་ཀྱི་ནུས་ལྡན་ཏུ་བསྒོམ། ཞེས་འབྱུང་ངོ་། །དེ་ལྟ་བུའི་དམིགས་པ་ལ་རྩེ་གཅིག་ཏུ་ཡུན་བསྲིངས་པས་ངལ་ན། འདིའི་སྒྲུབ་ཐབས་རྣམས་སུ། །ཡི་གེ་བཅུ་པའི་སྔགས་འདི་ནི། །མི་སྐྱོའི་ཡིད་ཀྱིས་བཟླ་བྱ་སྟེ། །ཨོཾ་གྱི་ཡི་གེ་དང་པོར་སྦྱིན། །ཕྱིས་ནི་ཏཱ་རེ་རབ་ཏུ་སྤྱར། །ཏུཏྟཱ་རེ་དང་ཏུ་རེ་ཕྱིས། །སྭཱ་ཧཱ་མཐའ་རུ་ལས་ཀུན་བྱེད། །ཅེས་དང་། འཆི་སླུ་ལས། དང་པོ་རྣམ་པར་སྣང་མཛད་བརྗོད། །དེ་འོག་ཏཱ་རེ་ལན་གཉིས་བརྗོད། །ཏུཏྟཱ་རེ་གཉིས་ཏཱ་རེ་གཉིས། །སྭཱ་ཧཱའི་མཐར་ཅན་འཆི་བ་བསླུ། །སྒྲོལ་མ་འབྱུང་བའི་རྒྱུད་ལས་གསུངས། །ཞེས་གསུངས་པས་ཡི་གེ་བཅུ་པ་ཁོ་ན་དང་། བཅུ་བདུན་པ་བཟླ་པའི་སྔགས་ཡིན་ནའང་། བླ་མའི་མན་ངག་ལས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱཛྙཱ་ན་པུཥྟི་ཀུ་རུ་སྭཱཧཱ། ཞེས་བཤད་པ་དང་། ཐུན་དུ་བཅད་ལ་བརྒྱ་སྟོང་ཁྲི་འབུམ་གང་འགྲུབ་བཟླའོ། །ཚུལ་དེས་ཟླ་བ་དྲུག་གམ་ཞག་གཉེར་གཅིག་སམ། ཞག་བདུན་ལ་སོགས་པར་བསྙེན་པ་བྱས་པའི་མཚན་མ་ནི། བླ་མ་གོང་མ་དག་རྨི་ལམ་དུ་སཱཙྪ་མཆོད་རྟེན་གྲངས་ངེས་པ་ཅན་ནམ་ངེས་མེད་གང་བྱུང་ཡང་འཆ་ིབ་ཟློག་པར་བཞེད་ལ། འཆི་སླུ་ལས། སྔགས་ནི་ཡེ་གེར་འབུམ་པ་རུ། །


KMC023_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མའི་སྤྱན་སྔར་བཟླས་ནས་སུ། །ཞེས་འབྱུང་བ་ཡི་གེ་རེ་རེའི་གྲངས་དང་མཉམ་པའི་འབུམ་ཕྲག་ཏུ་ངེས་པས་ས་ཡ་ཕྲག་གཅིག་གྲངས་ཀྱི་བསྙེན་པའོ། །སྤྱན་སྔ་བ་ནི་འདིར་བསྙེན་པ་འབུམ་ཚོག་གཅིག་་སྐྱལ་ན་བར་ཆད་ཀྱིས་མི་ཚུགས་སོ་གསུངས། གཉིས་པ་མདུན་བསྐྱེད་མཆོད་ཅིང་བུམ་པ་བསྒྲུབ་པ་ནི། གནས་ཡིད་དང་མཐུན་བར་བླ་བྲེས་ཡོལ་བ་ལ་སོགས་པའི་བཀོད་པ་ཁྱད་པར་དང་ལྡན་པ། མཎྜལ་གླིང་དགུའི་དབུས་དང་གྲྭ--་བཞིར་སྣ་ཚོགས་པདྨ། ཕྱོགས་བཞིར་རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པ་བྲིས་པའི་དཀྱིལ་འཁོར་ལ་ལྡིང་ཁྲིའི་སྟེང་དུ་བཅོམ་ལྡན་འདས་མའི་སྐུ་རྒྱན་དང་ན་བཟའི་བཀོད་པས་བརྒྱན་བར་བཞུགས་ཤིང་། མཚམས་ཀྱི་པདྨ་ལ་མཆོད་པ་ལྔ་ཚར་བཞི་བཤམ། རི་རབ་ཀྱི་སྟེང་དུ་མེ་ཏོག་གི་སྣོད་སྟེགས་དང་ལྡན་པ། དེ་རྣམས་ཀྱི་བརདུ་་རྒྱལ་སྲིད་རིན་མོ་ཆེ་བདུན། བཀྲ་ཤིས་པའི་རྟགས་བརྒྱད་ཀྱང་བྲི། སྔར་ལྟར་མཆོད་གཏོར་འདུ་བྱས་ཏེ། བདག་བསྐྱེད་བཟླ་པའི་བར་བྱ། ཨོཾ་ཨཱཿཔདྨཱནྟ་ཀྲྀཏ་ཀྱིས་བསང་། ཤཱུནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་མདུན་ཏུ་སྐད་ཅིག་གིས་ཞིང་ཁམས་ཕོ་བྲང་བཀོད་པ་ཚད་མེད་པའི་དབུས་པད་ཟླ་ལ་ཚེ་དཔལ་བསོད་ནམས་རབ་ཏུ་འཕེལ་བར་བྱེད་པའི་བཅོམ་ལྡན་འདས་མ་རབ་དཀར་


KMC023_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དུང་དང་མུ་ཏིག་གི་ཆུན་པོ་ལྟ་བུའི་མདོག་ཅན། མཆོག་སྦྱིན་དང་སྐྱབས་སྦྱིན་ཕྱག་གིས་ཨུཏྤལ་རབ་ཏུ་རྒྱས་པ་འཛིན་ཅིང་། རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན་པ་མཚན་དཔེ་བྱེ་བའི་དཔལ་གྱིས་རྣམ་པར་མཛེས་མ། རྒྱལ་བ་རྒྱལ་སྲས་རྒྱ་མཚོའི། ཚོགས་ཀྱི་དབུས་ན་འགྱིང་བའི་ཚུལ་གྱིས་པད་ཟླའི་གདན་ལ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཧཱུྃ་དང་ཏཱཾཿཡིག་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་ཐུགས་རྗེ་རྨད་བྱུང་བཅོམ་ལྡན་འདས། །འཇིག་རྟེན་དབང་མོའི་སྲས་མོ་མཆོག །མ་ལུས་རྒྱལ་བ་ཀུན་གྱི་ཡུམ། །འཕགས་མ་སྒྲོལ་མ་འདིར་གཤེགས་གསོལ། །སྒྱུ་འཕྲུལ་འཛིན་མ་ཁྱོད་ཀྱི་སྐུ། །ཆོས་དང་དེ་བཞིན་ལོངས་སྤྱོད་རྫོགས། །སྲིད་ཞི་ཀུན་ཏུ་རྣམ་སྤྲུལ་མ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་སེམས་མ་བདེ་ཆེན་ཡུམ། །དོན་དམ་ཕྱག་རྒྱ་ཆེན་མོའི་སྐུ། །གདོད་


KMC023_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲི་བྲལ་གསང་ཆེན་མ། །གཉིས་མེད་རོ་མཉམ་གཤེགས་སུ་གསོལ། །འགྲོ་འོང་མེད་ཀྱང་འགྲོ་འོང་ལྟར། །སྟོན་མཛད་ཕྲིན་ལས་རྒྱ་མཚོའི་གཏེར། །དོན་གཉིས་མཐའ་དག་སྒྲུབ་མཛད་མ། །ཐུགས་རྗེ་ཆེ་མངའ་འདིར་གཤེགས་གསོལ། །ཨོཾ་གུ་རུ་ཨཱརྻ་ཏཱ་རཱ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཉེར་སྤྱོད་ཀྱིས་མཆོད། སླང་ཡང་ཐུགས་ཀའི་ས་བོན་ནས། རྒྱས་བཏབ་པར་གྱུར། ལེགས་སོ་བཅོམ་ལྡན་འདས་མ་ཁྱོད། །བརྩེ་བས་འདིར་ནི་གཤེགས་པ་ལས། །བདག་ཅག་སྐལ་དང་ལྡན་མཛད་དེ། །བྱང་ཆུབ་སྙིང་པོར་རབ་བརྟན་གྱུར། །ལྷ་ཀླུ་ལྷ་མིན་སོགས་དབང་པོ། །བྱེ་བའི་གཙུགས་གིས་རབ་བཏུད་པའི། །གདན་ཁྲི་མཆོག་ཏུ་མཛེས་པ་འདིར། །དགྱིས་ལྡན་རྟག་པར་བཞུགས་སུ་གསོལ། །ཨོཾ་གུ་རུ་ཨཱརྻ་ཏཱ་རཱ་པདྨ་ཀ་མ་ལཱ་ཡ་སྟྭཾ། བསངས། བྷྲཱུྃ་ལས་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་ཨོཾ་བཛྲ་སྥར་ཎ་ཁཾ། །ཨོཾ་སྐུ་གསུམ་རྒྱལ་བ་མ་ལུས་ཀུན་གྱི་ཡུམ། །ཁམས་


KMC023_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་མ། །དུས་གསུམ་བླ་མ་མཆོག་གི་ངོ་བོ་ཉིད། །རིགས་གསུམ་འཕགས་མའི་ཞབས་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱི། །ཞེས་པ་ནས། སྒྲོལ་མ་ཡུལ་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད་དོ། །ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་ཡོན་མཆོད་པ་རྒྱ་མཚོའི་སྤྲིན། །ཆོས་དབྱིངས་ཀུན་ཏུ་རྒྱས་འགེངས་པས། །བླ་མ་བཅོམ་ལྡན་འདས་མ་མཆོད། །ཨོཾ་གུ་རུ་ཨཱཪྱ་ཏཱ་རཱ་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེགྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མེ་ཏོག པུཥྦེ། བདུག་སྤོས། དྷཱུ་པེ། སྣང་གསལ། དཱི་པེ། དྲི་ཆབ། གནྡྟེ། ཞལ་ཟས། ནཻ་ཝི་དྱ། སིལ་སྙན། ཤབྡ། གཟུགས་མཆོག རཱུ་པ། སྒྲ་སྙན། ཤབྡ། དྲིམཆོག གནྡྷེ། རོ་མཆོག ར་ས། རེག་མཆོག སྤ་ཤེ །སྣ་ཚོགས། བིཤྭ། ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། རྡོ་རྗེའི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ རྡོ་རྗེའི་འཁོར་ཡུག ཨོཾ་བུདྡྷ་བཛྲ་ཨཱཿཧཱུྃ། རྣམ་སྣང་གི་ཞིང་གི་རང་བཞིན་རྡོ་རྗེའི་རི་རབ། ཨོཾ་བཛྲ་


KMC023_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨཱཿཧཱུྃ། མི་བསྐྱོད་པའི་ཞིང་གི་རང་བཞིན་རྡོ་རྗེའི་ལུས་འཕགས། ཨོཾ་རཏྣ་བཛྲ་ཨཱཿཧཱུྃ། རིན་འབྱུང་གི་ཞིང་གི་རང་བཞིན་རྡོ་རྗེའི་འཛམ་བུ་གླིང་། ཨོཾ་པདྨ་བཛྲ་ཨཱཿཧཱུྃ། སྣང་མཐའི་ཞིང་གི་རང་བཞིན་རྡོ་རྗེ་བ་ལང་སྤྱོད། །ཨོཾ་ཀརྨ་བཛྲ་ཨཱཿཧཱུྃ། དོན་གྲུབ་ཀྱི་ཞིང་གི་རང་བཞིན་རྡོ་རྗེའི་སྒྲ་མི་སྙན། དེ་དག་རེ་རེ་ཞིང་ཡང་བྱེ་བ་དུང་ཕྱུར་བསམ་གྱིས་མི་ཁྱབ་པ་མཆོད་རྫས་དུ་མས་ཡོངས་སུ་གང་བས་དུས་རྟག་ཏུ་མཆོད་པར་དམིགས་ལ། ཞིང་ཁམས་རྣམ་དག་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་རི་རབ་ལ་སོགས་མཆོད་པའི་སྤྲིན། །རབ་འབྱམས་བསམ་ཡས་རྡོ་རྗེའི་རྒྱན་ཕྲེང་འབར། །རྡོ་རྗེའི་མཎྜལ་བླ་མེད་བཀོད་པ་འདི། །རྡོ་རྗེ་སྒྲོལ་མ་སངས་རྒྱས་ཀུན་ཡུམ་ལ། །མཆོག་ཏུ་དད་པས་ཀུན་ཏུ་བདག་འབུལ་ལོ། །ཨོཾ་གུ་རུ་ཨཱརྻ་ཏ་རཱ་སརྦ་ཏ་ཐ་ག་ཏ་མཎྜལ་པཱུ་ཛ་མེ་གྷ་ཞེས་སོགས་སམ། མཎྜལ་ཆོག་གཞན་གྱིས་ཀྱང་རུང་སྟེ། ལན་བཞིར་ཕྱོགས་སོ་སོའི་མཎྜལ་ཕུལ་བ། བདག་དང་འགྲོ་ལ་རྟག་ཏུ་བདེ་


KMC023_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཀྱི། །གཞལ་ཡས་འབྱོར་པ་ཟད་མེད་སྩལ་དུ་གསོལ། །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །ཞེས་པ་ནས། ཡང་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཞེས་གསོལ་བ་བཏབ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཞེས་པ་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་ཡན་ལག་བདུན་པ་ཕུལ། དེ་ནས་གཏོར་མ་ལ་ཆུ་གཙང་བྲན་ཏེ། པདྨཱནྟ་ཀྲྀ་ཏ་ཀྱིས་བསང་། ཤུནྱ་ཏཱས་སྦྱང། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཨཱརྻ་ཏཱ་རཱ་ས་པ་རི་བཱ་ར་ཨིདཾ་བ་ལི་ཾཏ་ཁ་ཁ་ཁཱ་ཧི། ལན་གསུམ་གྱིས་ཕུལ་ལ། བཅོམ་ལྡན་འདས་མ་སྤྱིར་སེམས་ཅན་ཐམས་ཅད་ལ་ཕན་བདེ་མཐའ་ཡས་པ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་མཚུངས་མེད་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་


KMC023_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ཡབ་སྲས་དག་གི་སྐུ་ཚེ་དང་ཕྲིན་ལས་ཆེས་ཆེར་དར་ཞིང་རྒྱས་པ་དང་། དེ་དག་ལ་བར་དུ་གཅོད་པའི་ཕྱོགས་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་དག་གི་དཔལ་འབྱོར་བྱིན་རླབས་ལ་བརྟེན་ནས་བདག་ཅག་གི་ཡང་བསམ་དོན་མཐར་དག་ཡིད་བཞིན་ཏུ་འགྲུབ་པར། འཇིག་རྟེན་སྤྱི་ཁྱབ་ཏུ་ཉེ་བར་འཚེ་བ་ནད་དང་མུ་གེ་འཁྲུགས་པ་ཆེན་པོ་མཚོན་གྱི་བསྐལ་པ་སོགས་མི་འབྱུང་བར། མདོར་ན་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་ཐར་བར། བདག་གཞན་རོ་མཉམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་མི་འབྲལ་བར། ཟུང་འཇུག་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་དེ་ཉིད་དུ་མངོན་དུ་བྱེད་པར། ཡན་ལག་བདུན་ལྡན་རྡོ་རྗེ་འཆང་ཚེ་གཅིག་མངོན་ཏུ་བྱེད་པར། དེ་ལྟ་མ་ཡིན་ནའང་བདག་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་བཅོམ་ལྡན་འདས་མ་ཉིད་ལྷག་པའི་ལྷ་དང་ཡི་དམ་གྱི་ལྷ་དང་རྗེས་སུ་བཟུང་བའི་ལྷར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་


KMC023_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བདབ་བོ། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་ནས། རབ་མཆོག་ཉིད་མའི་བར་གྱི་ཕྱག་འཚལ་ཉེར་གཅིག་ལན་གསུམ་གྱི་ཐ་མ་ལ། རྩ་བའི་སྔགས་ཀྱི་བསྟོད་པ་ནས་ཕན་ཡོན་དང་། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུ་ཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་གྱི་གདན་སྟེང་དུ། །རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་རྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ༴ བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུལ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་པོ་འོད་ཟེར་


KMC023_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་པའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ངག་དབང་གྲགས་པའི་རྒྱ་གཞུང་ངོ་། །ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བསྐྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཚིགས་བཅད་འདི་སྒྲོལ་མས་སྣ་ཚོགས་འབྱུང་བའི་རྒྱུད་ལས་གསུངས་སོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིནན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གིི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱོད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱོད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགསས་ཀྱུས་བཟུང་དུ་གསོལ། །


KMC023_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་བའི་ཆ་བྱད་ཅན། །གཟུགས་བཟང་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པའི་དར་གྱི་སྨད་གཡོག་ཅན། །པདྨ་ཟླ་བའི་གདན་དབུས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱོད་ལ་བག་ཙམ་བསྟོད་པ་འདིས། །བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །མི་མཐུན་ཕྱོགས་རྣམས་ཞི་གྱུར་ཅིག །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །འདོད་གསོལ་འདི་ཚར་གསུམ་བདུན་ཉེར་གཅིག་སོགས་ཅི་མངས་བརྗོད་པར་བྱའོ། །ཨོཾ་དགེ་བ་མ་ནི་གཟི་བརྗིད་ཆེ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །མཚོ་ལྡན་མ་དང་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །བརྟེན་སྦྱིན་གསོ་སྦྱིན་མ་སྭཱ་ཧཱ། །ཨོཾ་ཡིག་འདོད་པའི་གཟུགས་ཆེན་མ། །སེམས་ཅན་ཀུན་ལ་ཕན་བརྩོན་མ། །གཡུལ་


KMC023_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕར་ཕྱིན་མ། །འཕགས་མ་སྒྲོལ་མ་ཡིད་འོང་མ། །གང་མ་རྔ་ཆེན་དུང་ཅན་མ། །རིག་པའི་རྒྱལ་མོ་ཚིག་སྙན་མ། །ཟླ་བའི་གདོང་ཅན་དཀར་མོ་ཆེ། །མི་ཕམ་མ་དང་གོས་སེར་མ། །སྒྱུ་མ་ཆེན་མོ་དཀར་ཆེན་མོ། །སྟོབས་ཆེན་ཕ་རོལ་གནོན་པ་མོ། །དྲག་མོ་ཆེན་མོ་གཏུམ་ཆེན་མོ། །སྡང་བའི་སེམས་ཅན་རླག་བྱེད་མ། །རབ་ཏུ་ཞི་མ་ཞི་གཟུགས་མ། །རྣམ་པར་རྒྱལ་མ་འབར་འོད་མ། །གློགས་གིས་ཕྲེང་མ་རྒྱལ་མཚན་མ། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། །སྨུག་བྱེད་རིང་བྱེད་ནག་མོ་དང་། །དུས་མཚན་མ་དང་མཚན་སྤྱོད་མ། །སྲུང་བྱེད་རྨོངས་བྱེད་ཞི་བ་མོ། །ཞུ་མ་དགེ་མ་སུ་སྒྲོལ་མ། །ཚངས་རིག་མ་དང་རིག་བྱེད་ཡུམ། །གསང་ལེན་མ་དང་ཕུག་གནས་མ། །བཀྲ་ཤིས་བདེ་བྱེད་ཞི་བྱེད་མ། །སྐྱེས་པ་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་མ་ཤུགས་ཆེན་མ། །མཚམས་མ་བདེན་མ་གཞན་ལས་རྒྱལ། །དེད་


KMC023_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་མོ་སྙིང་རྗེས་འཇུག །ཉམས་ལ་ལམ་ནི་རབ་སྟོན་མ། །མཆོག་སྟེར་འཆོས་བྱེད་སྟོན་པ་མོ། །བུད་མེད་གཟུགས་ལ་དཔག་མེད་གནོན། །གྲུབ་མ་རི་ཁྲོད་རྣལ་འབྱོར་མ། །གདོལ་མ་ངེས་མ་བདུད་རྩི་མ། །ནོར་ཆེན་བསོད་ནམས་སྐལ་ཆེན་མ། །སྐལ་བཟང་མ་དང་གྲོགས་སྟོན་མ། །གཤིན་རྗེ་སྐྲག་བྱེད་འཇིགས་བྱེད་མ། །དྲག་ཤུལ་དྲག་ཤུལ་དཀར་ཐུབ་ཆེ། །འགྲོ་ལ་གཅིག་ཏུ་ཕན་བརྩོན་མ། །སྐྱོབ་མ་གུས་ལ་གཉེན་གཤིན་མ། །ཞི་མ་ཕྲ་མོ་ངག་དབང་ཕྱུག །རྟག་མ་ཀུན་གྱི་མར་གྱུར་མ། །དོན་ཀུན་སྒྲུབ་བྱེད་བཟང་པོ་མ། །སྦས་མ་མ་མ་ནོར་སྦྱིན་མ། །འཇིགས་མེད་གཽཏ་མཱ་རབ་བཤད། །དཔལ་ལྡན་འཇིག་རྟེན་དབང་སྲས་མོ། །ཡོན་ཏན་མཐའ་ཡས་སྒྲོལ་མའི་མཚན། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །ཨོཾ་ཏཱ་རེ་ཀྲྀ་པཱ་ལ་བ་ན། མཻ་ཏྲྱ་ཏྨ་ཀེ་ཤྲ་པཎཱི་ཡེ་སྭཱ་ཧཱ། ཅེས་མཚན་བརྒྱད་ཀྱི་བསྟོད་པ་སྤྱན་རས་གཟིགས་ཀྱིས་གསུངས་པའོ། །སེང་གེ་གླང་ཆེན་


KMC023_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྦྲུལ་ཆོམ་རྐུན་དང་། །ལྕགས་སྒྲོགས་རྒྱ་མཚོོ་ཤ་ཟའི་འཇིགས་པ་རྣམས། །ཞི་མཛད་ཟླ་བའི་འོད་ལྟར་མཛེས་པའི་སྐུ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཞབས་ཀྱི་པདྨ་གཉིས་ལ་ནི། །ཡན་ལག་མཆོག་གིས་རབ་ཏུ་གཏུགས་གྱུར་ན། །མངོན་འདོད་བདེ་བའི་འབྲས་བུ་སྨོན་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག༴ འདབ་མ་བརྒྱ་ལྡན་ཡངས་པའི་སྙིང་པོ་ནི། །གསེར་ཞུན་ཉི་མ་འཆར་ཀའི་མདོག་འདྲ་ཞིང་། །རྡུལ་བྲལ་སྟོན་ཀའི་ཟླ་ལྟར་དྲི་མེད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག༴ དྲང་སྲོང་གཙོ་དང་གྲུབ་པ་ལྟོ་འཕྱེ་ཆེ། །གཤིན་རྗེ་སྲིན་པོ་གནོད་སྦྱིན་ལྷ་མིན་དང་། །ལྷ་ཚོགས་རྣམས་ཀྱིས་ཞབས་ལ་ཕྱག་བྱས་པའི། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག༴ གླིང་དང་ནགས་ཚལ་སྟུག་པོ་རི་ཁྲོད་དང་། །ཕུག་དང་ཆུ་ཀླུང་རི་བོའི་རྩེ་རྣམས་སུ། །དུས་རྣམས་ཀུན་ཏུ་བཞུགས་པར་གྱུར་པ་ཡི། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག༴ སེང་གེ་


KMC023_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་དང་གླང་པོ་མཚོ་ཆེན་དང་། །མེ་དང་འཆིང་བ་རྐུན་པོ་སྦྲུལ་གདུགས་གི །གནོད་པ་ཐམས་ཅད་རབ་ཏུ་འཇོམས་མཛད་མ། །བཅོམ་ལྡན་འདས༴ ཏཱ་རེ་ཏུཏྟཱ་རེ་དང་ཏུ་རེ་ཡིས། །གཡུལ་གྱི་མཚོན་ཆ་ཟློག་མཛད་ཕན་པར་དགོངས། །འཇིགས་དང་རྨི་ལམ་ངན་པ་འཇོམས་མཛད་མ། །བཅོམ་ལྡན༴ ཐུགས་རྗེས་ནོན་པའི་ཐབས་ཀྱིས་གང་དང་གང་། །སེམས་ཅན་གཟིགས་གྱུར་དེ་ཡི་དཔལ་འཕེལ་གྱུར། །སྒྲོལ་མས་མི་བསླུའི་འབྲས་བུ་མྱུར་ཐོབ་མཛད། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྒྲོལ་མ་ལ་བསྟོད་པ་ཚིགས་བཅད་བརྒྱད་པའོ། །མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་སྣོད་བཅུད་ཐམས་ཅད་ལ་ཕོགས་པས་ཚེ་དང་དཔལ་འབྱོར་མཐའ་དག་རྒྱས་པར་གྱུར། ཅེས་དམིགས་པ་དང་ལྷན་ཅིག་བཟླས་པ་བྱ། བུམ་སྒྲུབ་ནི། གསེར་དངུལ་ལ་སོགས་པའི་བུམ་པ་བཀྲུས་ཤིང་སྤོས་ཀྱིས་བདུག་ལ་ཆུ་སྲོག་ཆགས་མེད་པ་དྲི་བཟང་དང་སྦྱར་བས་དགང་བུམ་རྫས་བཅུག་པའི་སྟེང་དུ་དུང་


KMC023_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས་གཟུངས་ཐག་སོགས་བཤམ་གོང་བཞིན་བསངས་སྦྱང་། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་གདན་ལ། བྷཱུཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་པ་མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། པཾ་ལས་པདྨ་དཀར་པོ་འདབ་མ་མཆོག་ཏུ་ཡངས་པའི་སྟེང་དུ། ཞེས་པ་ནས།་ རྒྱས་བཏབ་པ་གྱུར། སྔགས་ཀྱིས་མཆོད། གློག་དང་འདྲ་བའི་སྤྱན་མངའ་མ། །དཔལ་མོ་ཏཱ་རེ་ཏུ་ཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱས་ཨུཏྤ་ལ། །བསྣོམས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུཏྟཱ་རེ། །སཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་མགྱེད་མ་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་རྣམས་ལས། །འཇིག་རྟེན་ཐམས་ཅད་སྐྱོབ་པར་


KMC023_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །ཀུན་གྱི་མར་གྱུར་བཅོམ་ལྡན་འདས། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མའི་ཐུགས་ཀའི་ཡིད་བཞིན་འཁོར་ལོ་གསལ་བའི་འོད་ཀྱིས་བརྟན་གཡོ་མ་ལུས་པའི་ཚེ་དང་དཔའ་འབྱོར་བསྡུས་ཏེ་ཐིམ་པར་གྱུར། བཟླས་པ་ཅི་རིགས་གྲུབ་ནས་མཆོད་ཡོན་ཕུལ་ལ། བཅོམ་ལྡན་འདས་མའི་ཐུགས་ཀའི་འཁོར་ལོ་དང་བཅས་པ་བདུད་རྩིའི་རང་བཞིན་དུ་ཞུ་བ་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར། ཞེས་སྒོམ་པ་གཞུང་གི་བསྟན་དོན་དང་མཐུན་ལ། བླ་མ་སྔ་མ་དག །སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ནང་གི་ལྷའི་ཐུགས་ཀར་ཐིམ་བས་འཁོར་ལོ་སྔགས་དང་བཅས་པ་ལ་བདུད་རྩིབ་བས་བུམ་ཆུ་དང་འདྲེས་བར་བསྒོམ་ཞེས་བཞེད་དེ། བུམ་ཆུ་དེས་ནད་པ་ལ་སོགས་པ་ལ་ཁྲུས་ཀྱང་སྤྲོ་ན་བྱའོ། །སྤྲོས་པ་མི་བྱེད་ན་བུམ་བ་གཙོ་བོའི་དུང་ཆོས་ཀྱི་ཆུ་ལྷག་ཅུང་ཟད། གཅིག་བཞག་ལ་ཁྲུས་བྱས་པས་ཆོག་མོད། བདག་འཇུག་གམ་དབང་བསྐུར་དང་འབྲེལ་བ་ན། སྤྲོས་པ་ལ་དགའ་བ་དང་རྣམ་གྲངས་ཙམ་དུས་ལས་བུམ་བསྐྱེད། ཆོ་ག་བྱེད་པར་སྤྲོ་ན། འདིར་པདྨའི་རིགས་ཀྱི་ལྷའི་ཁྲོ་བོར་འོས་པས་ལས་བུམ་རང་ཨོཾ་བཛྲ་


KMC023_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོདྷའི་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ལས་བུམ་གྱི་དབུས་སུ་པདྨ་ཉི་མ་བདུད་བཞིའི་གདན་ལ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་དབྱུག་ཏོ་འཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། སྤྱི་གཙུག་ཏུ་དབུ་སྐྲ་དམར་སེར་གྱེན་དུ་འབར་བའི་གསེབ་ན་རྟ་མགོ་ལྗང་ཞུར་དྲག་པོའི་རྟ་སྐད་རབ་ཏུ་སྒྲོགས་པས་ཁམས་གསུམ་དབང་དུ་སྡུད་པ་སྦྲུལ་དང་ཐོད་སྐམ་སྟག་ལྤགས་སོགས་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་དབུ་དང་སྐུ་དང་ཡན་ལག་བརྒྱན་པ། གཤིན་རྗེའི་རྒྱལ་པོའི་ཆ་བྱད་ཅན། གང་གིས་ཀྱང་འཚེ་བར་མི་ནུས་པ་ཐུང་ཞིང་སྦོམ་ལ་གསུས་པ་འཕྱང་བ་ཞབས་དོར་སྟབས་ཀྱིས་གནས་པ་འོད་དང་གཟི་བརྗིད་མཚུངས་པ་མེད་པར་བཞུགས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿའི་མཐའ་སྐོར་དུ་སྔགས་ཕྲེང་འཁོར་བས་གནོད་བྱེད་ཐམས་ཅད་ཚར་བཅད་དེ་


KMC023_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སླར་སྔགས་འཕྲེང་ལས་བདུད་རྩི་བབས་པས་བུམ་ཆུ་དང་འདྲེས་པ་ཁ་དོག་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཅེས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ལུ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པ་ནས། ཤབྟ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པའི་བར་གྱིས་མཆོད། ཧྲཱིཿལས་སྐྱེས་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་བསྲེག །བདུད་བཞི་མ་ལུས་འཇོམས་མཛད་པའི། །དཔའ་བོ་རྟ་མགྲིན་ལ་ཕྱག་འཚལ། །ཞེས་པས་བསྟོད། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་བགེགས་དང་བར་ཆད་ཟློག་པའི་ཕྲིན་ལས་མཛོད། ཅེས་ཕྲིན་ལས་བཅོལ། གསུམ་པ་གཞན་དོན་རྗེས་སུ་གནང་བ་སྦྱིན་པ་ནི། ཚེས་བརྒྱད་ལ་སོགས་པའི་དུས་དགེ་བ་གཟའ་སྐར་སྦྱོར་བྱེད་བཟང་པོའི་ཚེ་སྐུ་གཟུགས་བཤམ། མཆོད་པའི་བཀོད་པ་ལ་སོགས་པ་གནས་བརྒྱན་བ་བྱུང་དྲི་བཟང་གི་ཆུ་བྱུག་པའི་མཎྜལ་ལ་རྡུལ་མཚོན་གྱི་ས་པདྨ་འདབ་བརྒྱད་དཀར་པོ་ལྟེ་བར་ལྗང་སེར་མུ་ཁྱུད་གོང་རས་ཇི་ལྟར་མཛེས་པའི་དབུས་སུ་ཏཱྃ་ཡིག་གམ་མེ་ཏོག་དཀར་པོའི་ཚམ་བུ་བཀོད། མཐར་མཆོད་གཏོར་གྱིས་བསྐོར། བུམ་པ་ལ་སོགས་པ་ཉེ་བར་མཁོ་


KMC023_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཚོགས་པར་བྱས་ལ། བདག་བསྐྱེད་བཟླས་པ། མདུན་བསྐྱེད་མཆོད་གཏོར། བུམ་བཟླས་ཡོངས་སུ་རྫོགས་ནས། སློབ་མ་རྣམས་ལས་སྔགས་བཟླས་པའི་དུང་གི་ཆུས་ཁྲུས་བྱས། མཎྜལ་ཕུལ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། གནས་སྐབས་སུ་ཚེའི་དངོས་གྲུབ་ཀྱི་ཆེད་དུ་རྗེ་བཙུན་མའི་རྗེས་སུ་གནང་བ་ཞུ་སྙམ་པའི་འདུན་པ་དང་ལྡན་པས་ཉོན་ཅིག །དེ་ཡང་བླ་མ་བརྒྱུད་པའི་རིམ་པ་ནི། སྒྲོལ་མ། གསེར་གླིང་པ། ཇོ་བོ་ཡབ་སྲས། སྤྱན་སྔ་བ། སྒྲེ་པ་སྟེ་བཀའ་བབ་གཅིག །སྒྲོལ་མ། ངག་དབང་གྲགས་པ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། སླེ་ནག་པ། སྒྲེ་པ་སྟེ་བཀའ་བབ་གཅིག །ཇོ་བོ། རྣལ་འབྱོར་པ། སྙུག་རུམ་པ་སྟེ་བཀའ་བབ་གཅིག་དེ་གསུམ་རྗེ་སྒམ་པོ་པ་ལ་འདུས། སྒམ་པོ་པ་ཕྱིན་ནས་དོན་བརྒྱུད་དང་མཐུན་པ་ཡིན་ལ། གཞན་ཡང་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་དང་། ས་སྐྱ་བླ་མ་དམ་པ་ནས་བརྒྱུད་པ་དང་། ཀརྨ་པཀྴི་ནས་བརྒྱུད་པ་སོགས་


KMC023_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབ་དྲུག་གཅིག་ཏུ་འདུས་པ་ཡིན་པར་གདའ། དེ་ལ་དགེ་བཤེས་སླེ་ནག་པའི་ཞལ་ནས། འདི་ཟློ་ཤེས་ན་མགོ་སུག་བྲལ་ཡང་གལ་མེད། ཤ་དུམ་བུར་སོང་ཡང་མི་ལྟོ་གསུངས་ཤིང་། རྗེ་སྒམ་པོ་པ་ལ་སྐུ་ཚེ་ལོ་གསུམ་ལས་མེད་པའི་མཁའ་འགྲོའི་ལུང་བསྟན་བྱུང་བ་ལ། །དགེ་བའི་བཤེས་གཉེན་སྒྲེ་བས་རོ་ཁུང་བྲུས་ཀྱང་འདིས་མི་ཟློག་པ་མེད་གསུངས་ནས་སྒྲུབ་ཐབས་འདི་གནང་བས་སྐུ་ཚེ་མཐར་ཕྱིན། དེས་ན་བརྒྱུད་པ་དང་ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་མའི་རྗེས་སུ་གནང་བ་ཞུ་སྙམ་པའི་བསམ་པས་གསོལ་བ་འདེབས་པའི་རྗེས་ཟློས་གྱིས་ཤིག །གང་གི་དྲིན་གྱི་བདེ་ཆེན་ཉིད། ཅེས་སོགས་ལན་གསུམ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། ཅེས་སོགས་ལན་གསུམ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་མ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་


KMC023_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཅེས་གསོལ་བ་གདབ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་འོད་དཔག་མེད་སོགས་ཀྱི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་པས་སེམས་མ་ཡེངས་པའི་སྒོ་ནས་ཉོན་ཅིག །བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་རབ་ཏུ་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཉམ་མེད་བརྙེས། །སྐྱོབས་པ་སངས་རྒྱས་དཔལ་ཆེན་པོས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་


KMC023_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་གནང་བ་སྦྱིན་པར་མོས་ལ། མདུན་གྱི་ནམ་མཁའ་འཕགས་མ་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་ཡན་ཡག་བདུན་པ་འབུལ་སྙམ་པ་གྱིས་ལ་རྗེས་ཟློས་བགྱིད་འཚལ། བཅོམ་ལྡན་འདས་མ་ཁྱོད་ལ་ཕྱག་འཚལ་ནས། ཞེས་སོགས་ལན་གསུམ། མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་


KMC023_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཏུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི་ །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་


KMC023_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སྡོམ་གཟུང་། སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། །དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གསལ་བར་གྱུར། ཨོཾ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། རྡོ་རྗེ་སྙིག་གར་བཞག་ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། སློབ་མ་སྐད་ཅིག་གིས་བཅོམ་ལྡན་འདས་མའི་སྐུར་གསལ་བའི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ། ཨོཾ་ཀྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ། རྡོ་རྗེ་སྤྱི་བོར་བཞག་ལ། དེང་ཁྱོད་འཕགས་མ་སྒྲོལ་མའི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་


KMC023_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྡོ་རྗེའི་ཡེ་ཤེས་བསྐྱོད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་འཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །གལ་ཏེ་སྨྲས་ན་བུ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། རྡོ་རྗེ་སྙིང་གར་བཞག །འཕགས་མ་སྒྲོལ་མ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །རྡོ་རྗེ་སྤྱི་བོར་བཞག །དེང་ནས་བརྩམས་ཏེ་ཁྱོད་ཀྱི་རྗེ་བཙུན་སྒྲོལ་མ་ང་ཡིན་གྱིས། །ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག །ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏ་རེ། འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །


KMC023_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མའོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་ལན་གསུམ་བྱ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས་བདག་གི་དུས་དང་དུས་མ་ཡིན་པར་འཆི་བ་ཐམས་ཅད་བསལ་ནས། རྗེ་བཙུན་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་གདབ། སློབ་དཔོན་གྱི་ཐུགས་ཀའི་ཡིག་འབྲུ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་


KMC023_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འཁོར་ལོ་དང་ཡིག་འབྲུའི་རྣམ་པར་བྱོན། སློབ་དཔོན་གྱི་ཐུགས་ཀར་ཐིམ། སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོའི་ཡིག་འབྲུ་ལས་དེ་འདྲ་བ་དཔག་ཏུ་མེད་པ་བྱུང་སྟེ། སློབ་མའི་སྙིང་གའི་འཁོར་ལོ་ལ་ཐིམ་པས་རྗེ་བཙུན་མ་དང་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། བྱིན་རླབས་ཞུགས། ཡིག་འབྲུའི་འོད་ཀྱིས་ལུས་ཐམས་ཅད་གང་བས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང་ནད་གདོན་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་བར་གཅོད་ཐམས་ཅད་བསལ། འཆི་བ་མེད་པའི་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་རྩེ་གཅིག་ཏུ་གྱིས་ཤིག །བདུག་པ་དང་རོལ་མོ་བྱ། ཨོཾ་ཏཱ་རེ་ཏུཏྟཱརེ་ཏུ་རེ་བཛྲ་ཨཱ་ཝེ་ཤ་ཡ་ཨཱཿ རྡོ་རྗེ་སྦྱི་བོར་བཞག་སྟེ། ཏིཥྛ་བཛྲ། བླ་མ་རྗེ་བཙུན་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཕགས་མ་སྒྲོལ་མ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་ནམ་མཁའ་ཁྱབ་པར་སྤྱན་དྲངས། བྱང་ཆུབ་རྡོ་


KMC023_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་སླད་དུ། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བ་བསྣམས་པས། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་པ་སྦྱི་བོར་བཞག་པ་བུམ་དབང་། ཀ་ལ་ཤའི་གནས་སུ། གུ་ཧྱེ་བཅུག་སྟེ་མགྲིན་པར་བཞག་པ་གསང་དབང་། པྲཛྙཱ་ཛྙཱ་ན་སྙིང་གར་བཞག་པ་ཤེས་རབ་ཡེ་ཤེས། ཙ་ཏུར་ཞེས་ལྟེ་བར་བཞག་པ་བཞི་པའི་དབང་ངོ་། །དེ་ལྟར་གནས་བཞིར་མངོན་པར་དབང་བསྐུར། །སྒྲིབ་པ་བཞི་དག །སྐུ་གསུང་ཐུགས་ཡེ་ཤེས་བདུད་རྩིས་གནས་བཞི་གང་། དགའ་བ་བཞིའི་ཡེ་ཤེས་སྐྱེས། ལམ་བཞི་བསྒོམ་པ་ལ་དབང་ཞིང་སྐུ་བཞིའི་ས་བོན་མངོན་དུ་བྱས་ཏེ། བདུད་རྩི་སྤྱིར་


KMC023_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བོར་འཁྱིལ་བ་ལས་རིགས་ཐམས་ཅད་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ལ། བླ་མས་མཆོད་པར་མོས་ཏེ། ཨོཾ་བཛྲ་པུཥྦེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤབྡ་ཨཱཿཧཱུྃ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྦྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས། ལྷའི་རྣལ་འབྱོར་བསྒོམས་པ་ལ་དབང་ཞིང་། ལུས་ཀྱི་སྒྲིབ་པ་སྦྱངས། སྐུ་ཡི་བྱིན་རླབས་ཞུགས། འབྲས་བུ་གཟུགས་ཀྱི་སྐུ་ཐོབ་པར་འགྱུར་བ་སྐུ་ཡི་རྗེས་གནང་ངོ་། །དཔོན་སློབ་གཉིས་ཀ་རྗེ་བཙུན་མར་གསལ་བའི་སློབ་དཔོན་གྱི་ཞལ་ནས་སྔགས་རྣམས་མུ་ཏིག་གི་ཕྲེང་བ་ལྟ་བུ་ཐོན། ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་ཀར་ཐིམ་པས་རྗེ་བཙུན་མའི་གསུང་གི་བྱིན་


KMC023_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་དང་དངོས་གྲུབ་མ་ལུས་པ་ཐོབ། ངག་སྔགས་ཀྱིས་མཐུ་དང་ལྡན་པར་མོས་ལ། ཡི་གེ་བཅུ་པ་བརྒྱ་རྩ་བརྒྱད་བཟླས་པའི་མཐར། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ། བླ་མས་མགོ་བོར་མེ་ཏོག་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས། །མཁའ་སྤྱོད་གནས་སུ་དྲང་དུ་གསོལ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ལྟར་སྔགས་ཀྱི་རིག་པ་བྱིན་པས་སྔགས་ཀྱི་བཟླས་པ་ལ་དབང་། ངག་གི་


KMC023_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་དག་སྟེ་གསུང་གི་བྱིན་རླབས་ཞུགས། འབྲས་བུ་སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་སྟོན་པ་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པར་འགྱུར་བ་གསུང་གི་རྗེས་གནང་ངོ་། །མཎྜལ་གྱི་དབུས་ཀྱི་རྗེ་བཙུན་མའི་སྐུ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། སྤྱི་བོའི་གཙུགས་ཏུ་ཞུགས། སྒོ་གསུམ་ལ་དབྱེར་མེད་དུ་ཐིམ་པས་སྒྱུ་མ་དང་ཆུ་ཟླ་ལྟར་བདེན་རྫུན་དང་བྲལ་ཞིང་རང་བཞིན་གྱིས་འོད་གསལ་བ་གདོད་མ་ནས་དག་པ་བཅོས་མ་མ་ཡིན་པའི་ཆོས་ཉིད་མངོན་དུ་བྱས་པ་མོས་ལ། སྦྱི་བོར་མེ་ཏོག་བཞག་སྟེ་ཡི་གེ་བཅུ་པའི་མཐར། བཛྲ་ས་མ་ཡ་སྟྭྃ། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ལྟར་ལྷ་སྐུ་ཕྱག་རྒྱ་ཆེན་པོ་


KMC023_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྟོང་འཛིན་མེད་འོད་གསལ་བར་རྟོགས་པས་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། ཡིད་ཀྱི་སྡིག་སྒྲིབ་བག་ཉལ་དང་བཅས་པ་དག །ཐུགས་ཀྱི་བྱིན་རླབས་ཞུགས། འབྲས་བུ་ཆོས་སྐུ་ལྷུན་གྱིས་གྲུབ་པ་མངོན་དུ་བྱས་པ་ཐུགས་ཀྱི་རྗེས་གནང་ངོ་། །བླ་མ་དང་བཅོམ་ལྡན་འདས་མ་ཐ་མི་དད་པའི་དཔྲལ་བ་ལས་ཞི་བའི་འོད་ཟེར་དཀར་པོ། ལྟེ་བ་ལས་རྒྱས་པའི་འོད་ཟེར་སེར་པོ། །མགྲིན་པ་ལས་དབང་གི་འོད་ཟེར་དམར་པོ། ཐུགས་ཀ་ནས་དྲག་པོའི་འོད་ཟེར་སྔོན་པོ་རྣམས་རིམ་པར་འཕྲོས། རང་གི་འཁོར་ལོའི་ཡིག་འབྲུ་དང་བཅས་པ་ལ་ཐིམ། དེ་ལས་ཞི་རྒྱས་དབང་དྲག་འོད་ཟེར་དཀར་སེར་དམར་སྔོ་རྣམས་རིམ་པར་འཕྲོས། ལུས་གང་། སླར་ཕྱིར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི། ཚེ་དང་བསོད་ནམས་ཡེ་ཤེས་རྒྱས། འཇིག་རྟེན་དང་འཇིག་


KMC023_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར། བདུད་བཞི་དང་མ་རུང་པ་ཐམས་ཅད་ཚར་བཅད། སླར་སངས་རྒྱས་བྱང་སེམས་མ་ལུས་པའི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་འོད་ཟེར་དཀར་སེར་དམར་སྔོའི་རྣམ་པར་སྤྱན་དྲངས། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་ལ་ཐིམ། འོད་ལྷག་མ་རྣམས་སྐུའི་ཕྱི་ནས་འདོམ་རེའི་སར་རིམ་པར་འཁོར་བས་དཀར་སེར་དམར་སྔོའི་འོད་སོ་སོའི་གུར་ཁང་སྲ་ཞིང་བརྟན་པ་བར་ཐམས་ཅད་ཨུཏྤལ་གཞོན་ནུས་གང་བར་གྱུར་ཏེ། །སངས་རྒྱས་ཐམས་ཅད་ཀྱི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཡོངས་སུ་རྫོགས་པའི་བདག་ཉིད་ངའོ་སྙམ་དུ་མོས་ལ་དབང་བསྐུར་བ་དག་སློབ་མ་བསྡུ-་བ་སོགས་ལས་རབ་འབྱམས་སྒྲུབ་པར་གྱིས་ཤིག །དེ་ལྟར་ཕྲིན་ལས་བཞིའི་རྗེས་སུ་གནང་བ་ཐོབ་པས་ལས་རབ་འབྱམས་སྒྲུབ་པ་ལ་དབང་ཞིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྲིན་ལས་ལ་དབང་བྱེད་


KMC023_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོར་གྱུར་ཏོ། །དེང་ཕྱིན་ཆད་སྙིང་པོ་ཡི་གེ་བཅུ་པ་སྤེལ་ཚིག་དང་བཅས་པ་ཆག་མེད་དུ་བཟླ་པའི་ཡི་དམ་ལོངས་ཞིག །ཅེས་བསྒོ་པ་ལྟར་ཉིན་རེ་ལ་འདི་ཙམ་འདྲེན་པའི་དམ་བཅའ་བྱས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ། སླང་ཡང་མཎྜལ་ཕུལ་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་ཕྱག་དང་ཡོན་ཕུལ། གཏང་རག་གི་མཆོད་བསྟོད་བྱའོ། །ཟུང་འཇུག་གི་རྣལ་འབྱོར་མཚན་བཅས་འཁོར་ལོའི་གུར་ཁང་བསྒོམ་པར་སྤྲོ་ན། ཐུགས་ཀའི་ཏྭྃ་ལས་འོད་ཟེར་འཕྲོས་པས་རྒྱུ་བ་དང་མི་རྒྱུ་བའི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ། བདག་ཉིད་ལ་ཐིམ། བདག་ཉིད་ཀྱང་འོད་དུ་ཞུ་སྟེ་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ། དེ་ཡང་ཏྭྃ་ཡིག་ལ་ཐིམ་སྟེ་ནཱ་ད་ཙམ་དུ་ཡང་མི་དམིགས་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་འོད་གསལ་བའོ། །


KMC023_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྻ་ཏཱ་རེ་྅ཧཾ། སྐད་ཅིག་གིས་ཆུ་ལ་ཆུ་བུར་ཤར་བ་ལྟར་བདག་ཉིད་རྗེ་བཙུན་མ་དངོས་སུ་གྱུར་པའི་ཐུགས་ཀར་ཏྭྃ་ཡིག་འོད་དུ་ཞུ་བ་ལས་ངོ་བོ་རྗེ་བཙུན་མ་ལ་རྣམ་པ་འཁོར་ལོ་དཀར་པོ་རྩིབ་བརྒྱད་མུ་ཁྱུད་ཡི་གེ་ཐམས་ཅད་དང་བཅས་པ་གཅིག་ཅར་དུ་གསལ་བར་གྱུར། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་ལས་འོད་ཟེར་དཀར་པོ་འཕྲོས། ལུས་གང་། བ་སྤུའི་སྒོ་ནས་ཕྱིར་འཕྲོས་པས་འོད་ཟེར་ལས་གྲུབ་པའི་འཁོར་ལོའི་གུར་ཁང་ཕྱོགས་མཚམས་སུ་རྩིབས་བརྒྱད། སྟེང་འོག་གཉིས་ཏེ་བཅུ་དང་ལྡན་པ་མུ་ཁྱུད་དང་བཅས་པ་ལྟེར་བ་ཟླུམ་པོའི་དབུས་སུ་བདག་ཉིད་རྗེ་བཙུན་མར་བཞུགས་པའི་གཡས་གཡོན་ནས་སྟེང་འོག་ཏུ་ཨོཾ་ཧཱ། རྩིབས་བརྒྱད་ཀྱི་རྩ་བར་ཡི་གེ་བརྒྱད་དང་བཅས་པའི་འཁོར་ལོའི་གུར་ཁང་གཡས་སུ་དྲག་ཏུ་འཁོར་ཞིང་སྲ་བ་བརྟན་པ་སྲུབ་མེད་པ་བསྐལ་པའི་རླུང་གི་སེར་བུས་ཀྱང་མི་ཐར་བ། །ནང་ཐམས་ཅད་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཁད་


KMC023_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀུན་ནས་གང་བར་གྱུར། སླར་ཡང་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་ལས་འོད་ཟེར་དཀར་པོ་ཟླ་བའི་ཟེར་ལྟ་བུ་འཕྲོས། ལུས་ཐམས་ཅད་གང་། དུས་དང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ། སླར་ཕྱི་རོལ་དུ་འཕྲོས། སྣོད་ཐམས་ཅད་བདེ་བ་ཅན་ལྟ་བུར་བྱས། སེམས་ཅན་ཐམས་ཅད་སྒྲོལ་མའི་གོ་འཕང་ལ་བཀོད། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འོད་ཟེར་དཀར་པོར་བསྡུས་ཏེ་སྤྱན་དྲངས། སྐུ་གང་། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ། གཟི་བརྗིད་འོད་དུ་འབར་འོད་ལྷག་མ་གུར་ཁང་གི་ཕྱིར་རོལ་འདོམ་གང་གི་སར་ཟླུམ་པོར་འཁོར་བས་འོད་ཟེར་དཀར་པོའི་གུར་ཁང་སྲ་བ་བརྟན་པ་སྲུབས་མེད་པ་བསྐལ་པའི་རླུང་གི་སེར་བུར་ཀྱང་མི་ཐར་བ། ནང་ཐམས་ཅད་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཁད་པས་ཀུན་ནས་གང་བར་གྱུར། དེ་བཞིན་དུ་འོད་ཐམས་ཅད་རིགས་འགྲེ་ཞིང་།


KMC023_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་འདོན་ཀྱི་ཚེ། སླར་ཡང་སོགས་ནས། འོད་ཟེར་སེར་པོ་གསེར་གཙོ་མ་ལྟ་བུ་དང། དམར་པོ་མེ་ལྕེ་འབར་བ་ལྟ་བུ་དང་། སྔོན་པོ་བཻཌཱུརྻ་ཞུན་མ་ལྟ་བུ་དང་། ལྕགས་ཁ་ཐོ་རངས་ཀྱི་ནམ་མཁའ་ལྟ་བུ་དང་ལྗང་ཁུ་མར་གད་ཀྱི་སྙིང་པོ་ལྟ་བུ་དང་། མཆིན་ཁ་ཨིནྡྲ་ནཱི་ལ་ལྟ་བུ་རྣམས་རིམ་པར་འཕྲོས། ལུས་ཐམས་ཅད་གང་། སོགས་ནས། གཉིས་སུ་མེད་པའི་ཡེ་ཤེས་འོད་ཟེར་ཁ་དོག་སེར་པོར་བསྡུས་ཏེ། ཞེས་སོགས། གུར་ཁང་སྔ་མ་སྔ་མའི་ཕྱི་རོལ་སོ་སོར་འདོམ་གང་གི་སར་ཟླུམ་པོར་འཁོར་བས་འོད་སོ་སོར་གུར་ཁང་སྲ་བ། ཞེས་སོགས་ནས། ཀུན་ནས་གང་བར་གྱུར། ཅེས་པའི་བར་ཅིག་ཅར་བརྗོད་ཅིང་གསལ་གདབ། དེ་ཐམས་ཅད་ཀྱང་སྒྱུ་མ་དང་ཆུ་ཟླ་དང་མིག་ཡོར་དང་མེ་ལོང་གི་གཟུགས་བརྙན་ལྟར་བདེན་རྫུན་དང་བྲལ་བ་སྣང་ལ་རང་བཞིན་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །མཚན་མེད་ཞི་ལྷ་གཟུང་འདུག་ནི། སྣོད་ཐམས་ཅད་སྲུང་འཁོར་བསྡུ། དེ་གུར་ཁང་མཆིན་ཁ་ལ་


KMC023_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པ་སོགས་ཕྱི་ནས་རིམ་པར་བསྡུས་ཏེ་མཐར་ཏྭྃ་ཡིག་ལ། ཏྭྃ་ཡིག་ཟླ་ཚེས་ལ། དེ་ཀླད་ཀོར་ལ། དེ་རིམ་གྱིས་ཡལ་ཏེ་ནཱ་ད། དེ་ཡང་མི་དམིགས་པར་ཡལ་ཏེ་མཉམ་པར་བཞག་གོ །རྗེས་ཀྱི་ཆ་ོག་ནི། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། ཞེས་སོགས་ཀྱིས་བསྟོད། ཨོཾ་བཛྲ་ཏཱ་རེ་ས་མ་ཡ། ཞེས་པ་ནས། ས་ཏྭཱ་ཨཱཿ ཞེས་པའི་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། སྙིང་གར་ཐལ་མོ་སྦྱར་ཏེ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །ཉེས་པ་བགྱིས་དང་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཡེ་ཤེས་པ་འཁོར་བཅས་བཛྲ་མུཿ དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་གྱུར། གང་གི་ཞབས་པད་རབ་མཛེས་པར། །ལྷར་བཅས་སྲིད་


KMC023_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞི་ཀུན་གྱི། །ཕྱག་བགྱིས་ཐལ་སྦྱར་རབ་བཏུད་པ། །དེ་ཡིས་རྟག་པར་བཀྲ་ཤིས་ཤོག །རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། །འཆི་མེད་ངེས་པ་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག །འགྲོ་བ་ཀུན་ལ་བྱམས་པའི་ཡུམ། །བགེགས་ལ་གཅིག་ཏུ་དཔའ་ཞིང་གཏུམ། །འཛུམ་རླབས་ཡིད་དུ་འོང་བའི་ཞལ། །རབ་མཛེས་གསལ་མཛད་བཀྲ་ཤིས་ཤོག །ཀུན་སྤྱོད་ཀུན་གྱི་རང་བཞིན་མ། །མ་ལུས་དགེ་ལེགས་ཀུན་གྱི་བདག །མཐོང་ཐོས་དྲན་རེག་ཚིམས་བྱེད་མ། །མཚན་དཔེ་རབ་མཆོག་བཀྲ་ཤིས་ཤོག །གང་ལ་རྒྱལ་ཀུན་གུས་བཏུད་དེ། །ཕྱག་འཚལ་ཐལ་སྦྱར་རབ་བསྟོད་པ། །ལྷ་རྣམས་ཀྱི་ནི་ལྷར་གྱུར་མ། །བཅོམ་ལྡན་སྒྲོལ་མའི་བཀྲ་ཤིས་ཤོག །བདག་དང་སྐྱེ་དགུ་ཐམས་ཅད་རྣམས། །འཇིགས་པ་ཀུན་ལས་རབ་སྒྲོལ་ཞིག །ཕན་དང་བདེ་བ་རབ་འཕེལ་མས། །འདོད་དོན་ཀུན་འགྲུབ་བཀྲ་ཤིས་


KMC023_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །འདི་དང་ཕ་རོལ་ཐམས་ཅད་དུ། །དྲན་པ་ཙམ་གྱི་བདེ་བྱེད་པ། །བཅོམ་ལྡན་འདས་མ་ཁྱོད་ཀྱི་ཞབས། །རྟག་པར་རབ་མཆོད་བཀྲ་ཤིས་ཤོག །ཁྱོད་ཀྱིས་རབ་མཆོག་དབང་པོའི་དབང་། །དད་བརྩོན་དྲན་འཛིན་ཤེས་རྣམས་ཀྱིས། །རབ་རྒྱས་ལྷུན་པོ་ལྟར་བརྟན་པའི། །མི་ཟད་རབ་སྦྱོར་བཀྲ་ཤིས་ཤོག །བདེན་མཆོག་སྐྱབས་གསུམ་བདེན་དེ་བཞིན། །བདེན་ལྡན་ཇི་སྙེད་ཀུན་བདེན་པས། །ཤིས་པ་བརྗེད་པ་འདི་དག་གིས། །རྣམ་པ་ཀུན་ཏུ་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སོགས་དང་། ཉིན་མོ་བདེ་ལེགས་སོགས་ཤིས་པ་བརྗོད། ཕན་བདེ་ཡར་ངོའི་ཟླ་ལྟར་རྒྱས་མཛད་མ། །རྒྱལ་ཡུམ་སྒྲོལ་མ་ཁྱོད་ལ་གསོལ་བ་ནི། །འགྲོ་བའི་མིག་གཅིག་རྒྱལ་བ་ཀརྨ་པ། །ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་སྐུ་ཚེ་དང་། །ཕྲིན་ལས་རྣམ་པར་དཀར་བ་ཇི་སྙེད་ནི། །བདག་ཅག་གདུལ་བྱའི་མོས་བློ་ཇི་བཞིན་དུ། །འཛམ་གླིང་འཛམ་གླིང་ཆེན་པོ་ཀུན་ཁྱབ་པར། །སྲིད་པ་


KMC023_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་འཕེལ་བར་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཆོས་ཀྱི་གདུང་འཛིན་པ། །མཁན་སློབ་གནས་བརྟན་འདུས་པའི་ཚོགས་དང་བཅས། །སྐྱེ་དགུའི་གཉེན་དུ་གྱུར་པ་མཐའ་དག་ཀྱང་། །སྐུ་ཚེ་ཕྲིན་ལས་འཕེལ་བར་བྱིན་གྱིས་རློབས། ཞེས་དང་། སྤྲོ་ན། ཁྱད་པར་རིང་ལུགས་འདི་ཡི་འདུས་པའི་ཚོགས། །རྟག་པར་མཐུན་ཞིང་ལུགས་གཉིས་འབྱོར་པར་ལྡན། །ལུང་དང་རྟོགས་པའི་ཡོན་ཏན་གོང་འཕེལ་ཞིང་། །སྲིད་པ་ཇི་སྲིད་གནས་པར་བྱིན་གྱིས་རློབས། །ས་སྟེང་གནས་པའི་སྐྱེ་དགུའི་ཚོགས་རྣམས་ཀུན། །ནད་འཁྲུགས་མུ་གེ་ཕྱི་ནང་གནོད་པ་ཞི། །བདེ་སྐྱིད་དཔལ་ལ་རྟག་ཏུ་སྤྱོད་བྱེད་ཅིང་། །ཐར་པའི་གླིང་དུ་བགྲོད་པར་བྱིན་གྱིས་རློབས། །ཀུན་ཀྱང་བྱམས་པའི་སེམས་ཀྱིས་རྒྱུད་སྦྱངས་ཤིང་། །ཐུབ་བསྟན་མི་ཉམས་དར་ཞིང་གསལ་བ་དང་། །ཀཾ་ཚང་བསྟན་པ་ལྷག་པར་གོང་འཕེལ་ཞིང་། །ཕྲིན་ལས་རྒྱུན་ཆད་མེད་པར་བྱིན་གྱི་རློབས། །སྒྲུབ་པ་པོ་


KMC023_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གང་དུ་གནས་པའི་སར། །ཕྱི་ནང་འགལ་རྐྱེན་ནམ་ཡང་མི་འབྱུང་ཞིང་། །བཀྲ་ཤིས་བདེ་ལེགས་ཚོགས་རྣམས་འབར་བཞིན་ཏུ། །སྲིད་ཞིའི་དཔལ་དུ་འགྱུར་བར་བྱིན་གྱིས་རློབས། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བཅོམ་ལྡན་འདས་མ་ཁྱོད་དང་མི་འབྲལ་ཞིང་། །ཐུགས་རྗེས་ལེགས་བཟུང་དུས་ཀུན་བྱིན་རློབ་ཅིང་། །དངོས་གྲུབ་མ་ལུས་སྩོལ་བར་བྱིན་གྱི་རློབས། །ཡོན་ཏན་མཐའ་ཡས་བཅོམ་ལྡན་འདས་མ་ལ། །མཆོད་བསྟོད་གསོལ་བ་བཏབ་པའི་དགེ་བའི་མཐུས། །འགྲོ་ཀུན་འཁོར་བའི་ས་ལས་རབ་འཕགས་ཏེ། །བླ་མེད་བྱང་ཆུབ་ཆེན་པོ་མྱུར་ཐོབ་ཤོག །ཅེས་བཀྲ་ཤིས་དང་འདོད་དོན་གསོལ་བ་གདབ་བོ། །འདི་ནི་ཀརྨ་བསྟན་པའི་རྒྱལ་མཚན་གྱི་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། ཞྭ་དམར་ཅོད་པན་འཛིན་པ་ལྔ་པའི་མཚན་གྱི་ཆ་ཤས་ཅན་དཀོན་མཆོག་འབངས་ཀྱིས་བླ་མ་གོང་མ་དག་གིས་མཛད་པའི་སྒྲུབ་ཐབས་ལས་བསྡེབས་ཏེ་ལྷའི་ཞོལ་དུ་སྦྱར་བའོ། ལས་ཚོགས་ཀྱི་ཡི་གེ་ནི་ལོགས་ཤིག་ལས་ལྟོས་ཤིག །དེ་ལྟར་ཞྭ་


KMC023_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལྔ་པས་མཛད་པར་རྗེ་ཀརྨ་པ་དགུ་པའི་གསུང་ལྟར་ཁ་འགེངས་ཅུང་ཟད་བགྱིད་པ་པོ་ནི་ཀརྨ་པ་བཅུ་བཞི་པའི་མཚན་འཛིན་ཐེག་པ་མཆོག་གི་རྡོ་རྗེས་སོ། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་ཆེན་མོ། །སྒྲུབ་ལ་འཆི་མེད་གཏེར་བའི་རྗེ་བཙུན་མའི། །དཀྱིལ་ཆོག་དངོས་གྲུབ་རོལ་མཚོའི་ཆོས་སྦྱིན་འདི། །བསྟན་པའི་སྲོལ་འབྱེད་ཀརྨའི་ཆོས་སྒར་དུ། །རྒྱལ་བའི་དབང་བོའི་ཕྲིན་ལས་ལས་འཁྲུངས་ཀྱིས། །བསྟན་འཛིན་སྐྱེས་ཀུན་སྐུ་ཚེ་ཡུན་བརྟན་ཞིང་། །སྐྱེ་དགུ་དུས་མིན་འཇིགས་ལས་གཡུལ་རྒྱལ་ནས། །རྣམ་དཀར་བྱ་བས་དུས་ཀུན་ཡོངས་འདས་ཞིང་། །མཐར་ཐུགས་འཕགས་མའི་གོ་འཕང་མྱུར་ཐོབ་ཤོག །སརྦདཱ་མདྒལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

སྒྲོལ་དཀར་དངོས་གྲུབ་ཀུན་སྩོལ་གྱི་མེ་མཆོད།


KMC023_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་དངོས་གྲུབ་ཀུན་སྩོལ་གྱི་མེ་མཆོད་བཞུགས་སོ། །


KMC023_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་གྱི་སྦྱིན་སྲེག་ཆོ་ག་ལ་གསུམ། བྱ་བའི་དུས། བྱས་པའི་དགོས་པ། ལག་ལེན་དངོས་བཤད་པ། དང་པོ་ནི་བསྙེན་པའི་ཁ་སྐོང་ཡིན་ན་བསྙེན་སྒྲུབ་ཟིན་པའི་རྗེས་ཐོག་དེ་ཉིད་དུ་བྱ་ཞིང་། ནད་གདོན་ཞི་བ་དང་། ཚེ་བསོད་སྤེལ་བ་སོགས་ལས་བྱེ་བྲག་སྒྲུབ་ན་ཞི་བ་མར་ངོ་དང་། རྒྱས་པ་ཡར་ངོ་སོགས་སོ་སོའི་དུས་སྐབས་སུ་བབ་པའི་ཚེ་བྱའོ། །གཉིས་པ་ནི། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས། སྣ་ཚོགས་ལས་ནི་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་བཤད་པར་བྱ། །དེ་ནི་ལྷ་ཡི་ཁ་རུ་གསུངས། །སྦྱིན་སྲེག་དེ་ནི་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམས་ནས་དངོས་གྲུབ་རབ་ཏུ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །སྦྱིན་སྲེག་གིས་ནི་དེ་ཀུན་


KMC023_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དགང་། །ཞེས་པས་ཆོ་ག་དང་སྔགས་ཀྱི་ལྷག་ཆད་ཁ་སྐོང་བ་དང་། འདོད་པའི་འབྲས་བུ་མྱུར་དུ་སྟེར་བར་བྱེད་པའོ། །གསུམ་ལ་གཉིས། ཞི་བ་དང་། རྒྱས་པའོ། །དེའང་ཁ་སྐོང་ལ་ཞི་བ་གཙོར་བྱེད་པ་ཡིན་ཞིང་། ལས་སོ་སོ་ལ་སོ་སོའི་ཆོ་ག་དང་རྫས་ཀྱི་བུང་བསྐྱེད་པའང་ཤེས་པར་བྱའོ། །དང་པོ་ལ་གསུམ། ཐབ། ཡོ་བྱད། ཆོ་གའི་རིམ་པའོ། །དང་པོ་ནི། སྦྱིན་སྲེག་གང་དུ་བྱ་བའི་སར་ཕྱིན་ལ། བདག་ཉིད་རྡོ་རྗེ་ཁྲོ་བོ་ཧཱུྃ་མཛད་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། ཧཱུྃ་བཞིའི་སྔགས་ལན་བདུན་བརྗོད། སྔོན་གཏོར་བཏང་། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བཞག་སྟེ། ཨོཾ་ཨཱཿཧཱུྃ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ། ཅེས་ལན་གསུམ་བརྗོད། དཀྱིལ་


KMC023_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་གནས་དེ་ཉིད་དུ་བྱེད་པ་ཡིན་ན་འདི་མི་དགོས་སོ། །གཙང་མའི་ས་ལ་སྟེགས་བུ་ཟླུམ་པོ་ཙནྡན་དཀར་པོ་ལ་སོགས་པས་བྱུགས་པར། ཚངས་ཐིག་ཟུར་བརྒྱད་པོ་གདབ། དབུས་ནས་ཐིག་སྐུད་མཐོ་གང་གིས་ཟླུམ་པོར་བསྐོར་བ་ཐབ། དེ་རྒྱབ་སོར་བཞི་པ་གཉིས་བསྐོར་བ་མུ་རན་དང་ཁ་ཁྱེར། ལྟེ་བ་ནས་མུ་རན་གྱི་མཐའི་ཚད་ཉིས་འགྱུར་གྱིས་ཟུར་ཐིག་སྟེང་བྱ་རྗེས་བཏབ་པའི་སྟེང་ནས་ཕྱོགས་བཞིར་གྲུ་བཞིར་བཅད། དེ་རྒྱབ་སོར་གཉིས་བསྣན་ནས་བཅད་པའི་དབུས་སུ་པདྨ་འདབ་བརྒྱད། མུ་རན་ལ་ཟེའུ་འབྲུ། ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བ། གྲ་བཞིར་ཟླ་ཕྱེད་རྡོ་རྗེ། པདྨའི་ལྟེ་བར་ཨུཏྤལ་རྡོ་རྗེས་མཚན་པ་སོར་བརྒྱད་པ་རྣམས་བྲི། དེ་དག་གི་གཞི་དཀར་པོ་ལ་མ་འདྲེས་པའི་ཚོན་གྱིས་རེ་ཁཱ་བཅད། ཟླུམ་ཐིག་ནང་མའི་ནང་ནས་དྲི་ཞིམ་པོའི་བུད་ཤིང་གིས་ཟླུམ་པོར་བརྩིགས། མེ་ཚང་ངམ་ཏིང་ལོ་བཞག་གོ །གཉིས་པ་ནི། རང་གི་གཡོན་དུ་མཆོད་ཡོན་གྱི་སྣོད་ཆེ་ཆུང་གཉིས། བསངས་གཏོར་གྱི་སྣོད་གཅིག །ཉེར་སྤྱོད་ལྔ། ཟླུམ་གཏོར་དཀར་པོ་ཆེ་ཆུང་གཉིས། ཀུ་ཤའི་འཐོར་གཡབ་སོགས་བཞག །གཡས་སུ་མར་ཁུ་དང་ཡམས་ཤིང་ལ་སོགས་པའི་བསྲེག་རྫས་རྣམས་རིམ་ཅན་དུ་བསྒྲིག་པ་དང་། མེ་ལྷ་ལ་ཐམས་ཅད་ཕྱོགས་སུ་བསྡུས་པ་ཚོ་གཅིག །འཇིག་རྟེན་འདས་པ་ལ་རྫས་སྤུངས་གྲངས་གསོག་འབུལ་ན་སྣོད་ཆེ་བར་ཕྱོགས་སུ་བསྲེས་པ་བཅས་


KMC023_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ། གཞན་ཡང་སྡིག་པ་ཞི་བའི་ཆེད་དུ་ཏིལ་ནག །ནད་ཞི་བ་ལ་གྲོ་སོགས་དམིགས་གསལ་གྲངས་གསོག་དགོས་ན་དེ་དང་དེ་ལ་འོས་པ་བུངས་བསྐྱེད་ལ་བཞག །རང་དང་ཐབ་ཀྱི་བར་དུ་མེ་ཡོལ་དེ་དང་ནང་གི་བར་དུ་དྲིལ་བུ། དེའི་མདུན་དུ་རྡོ་རྗེ། དེ་གཉིས་བར་དུ་དགང་བླུགས་ཁ་སྦྱར། ཀུ་ཤའི་ཆུན་པོའང་གང་བདེར་བཞག །འདུག་སྟངས་ཆས་གོས་བསམ་པ་སོགས་སྤྱི་ལྟར་ཤེས་པར་བྱའོ། །གསུམ་པ་ནི། སྒྲུབ་མཆོད་སོགས་དང་འབྲེལ་ན་བདག་མདུན་ལས་བུམ་བསྒྲུབ་པ་སོགས་སྔོན་དུ་བཏང་། དེ་དག་དང་མ་འབྲེལ་བ་དུས་གང་ཡང་རུང་བར་སྦྱིན་སྲེག་ཁོ་ན་བྱེད་ན། བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་སྔོན་དུ་སོང་ནས་མདུན་བསྐྱེད་སྐབས་ལྟར་བསངས་ཆུ་བྱིན་བརླབ། ལས་བུམ་ཡོད་པའི་རིགས་ཡིན་ན་བསངས་ཆུ་ཟུར་དུ་མི་དགོས། དེ་ནས་ཐོག་མར་སྔོན་འགྲོ་གཏོར་མ་བྱ་བ་ནི་དཀར་གཏོར་ཞིག་བཤམས་ཏེ། ཨོཾ་ཨཱཿཔདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་ངྷརྨཱ་ཿསྭ་བྷཱ་ཝ་ཤུདྡྷོ་྅ཧཱཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བདུད་རྩིའི་


KMC023_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། རྡོར་ཐལ་གྱེན་དུ་ཕྱེ་བར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁྃ་ཨུཏྒ་ཏ་སྥ་ར་ཎ་ཨི་མྃ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་གསུམ། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་ངྷརྨཱ་ཎཱཾ་ཨཱདྱ་ནུཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསུམ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ན། །སྔགས་སྤྱོད་དོན་ཏུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །མཆོད་སྤྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུང་། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གནོད་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་


KMC023_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཀྱིས་ཕྲིན་ལས་བཅོལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྣ་པ་ཡ་གྲྀཧྣ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཅེས་གཏོར་མ་དོར་ཏེ་དཀར་ཕྱོགས་པ་ལ་གྲོགས་བཅོལ། ཡི་དམ་ཁྲོ་བོ་དང་སྒྲོལ་མའི་ང་རྒྱལ་གྱིས་རྡོ་རྗེའི་ཚ་ཚ་འཕྲོས་ནས་བགེགས་བསྤྲད་པར་བསམ། སྲུང་འཁོར་བསྒོམ་པ་ནི། ཏྭྃ་ཡིག་གི་འོད་ཟེར་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ས་གཞི། ར་བ་དྲྭ--་བ་གུར་བླ་རེ་མེ་རི་དང་བཅས་པའི་སྲུང་འཁོར་ཡེ་ཤེས་ཀྱི་རང་བཞིན་བདུད་བཞི་སོགས་ཀྱིས་མི་ཤིགས་པ་ཀུན་ནས་བརྟན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་བཛྲ་ཏེ་ཛྭོ་བཛྲ་ཨཱ་པ་ན་ཧཱུྃ་ཕཊ། ཅེས་བསྲུང་ཞིང་བརྟན་པར་བྱ། སློབ་དཔོན་ནས་གནས་ཁང་ཡོ་བྱད་ཀུན་ལ་ལས་བུམ་གྱིས་བྲན་ཅིང་། ཨོཾ་ཨཱཿཔདྨནྟ་ཀྲྀ་


KMC023_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཧཱུྃ་ཕཊ། ལན་གཅིག །ཨོཾ་ཨཱཿཧཱུྃ། ལན་གསུམ། སློབ་དཔོན་ནས་ལས་བུམ་གྱིས་མཆོད་པར་བྲན་ལ། བྱིན་རླབས་ནི། ཨོཾ་ཨཱཿཔདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་ངྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ་྅་ཧཱཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པ་རྣམས་ཀྱི་ནང་དུ་ཧཱུྃ་ལས་ཁམས་གསུམ་གྱི་རྫས་ལས་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་མི་འགྱུར་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་པའི་ཡོན་ཏན་ལྔ་དང་། རིན་ཆེན་སྣ་བདུན་དང་། མཆོད་པའི་ལྷ་མོ་ལ་སོགས་པ་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ལས་ཀྱང་ཆེས་ཆེར་ལྷག་པ་རབ་འབྱམས་ནམ་མཁའི་མཐའ་ཁྱབ་པར་རྒྱས་པར་འགེངས་ཤིང་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་འབྱུང་བའི་རང་


KMC023_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏུ་གྱུར། ཨོཾ་བཛྲ་ཨཱརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པདྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པཾ་ཨཱ༔ཧཱུྃ། ཨོཾ་བཛྲ་དཱི་པཾ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝིདྱཾ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱ་ཧཱུྃ། བསྲེག་རྫས་རྣམས་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་གཏད་ནས། ཨོཾ་སྭཱ་ཧཱ། ལན་གསུམ་ཀྱིས་མ་དག་པ་བཀྲུ་པར་བསམ། ཨོཾ་ཨཱཿསྭཱ་ཧཱ། གསུམ་གྱི་ཡམས་ཤིང་དང་། ཨོཾ་ཤྲཱིཾ་སྭཱ་ཧཱ། གསུམ་གྱིས་ཞུན་མར་དང་། ཨོཾ་ཛྲིཾ་སྭཱ་ཧཱ། གསུམ་གྱིས་འབྲུ་ཐམས་ཅད་དང་། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། གསུམ་གྱིས་རྫས་གཞན་རྣམས་བྱིན་གྱིས་བརླབ། ཨོཾ་ཨཱཿཧཱུྃ། ལན་གཅིག་གིས་མེ་བླངས། ཨོཾ་ཨཱཿཔདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ། ལས་བུམ་གྱིས་བྲན། ཨོཾ་ཨཱཿཔདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ། སྔགས་ལན་གཅིག་ཟླ་བཞིན་དུ་སློབ་དཔོན་ཐབ་ལ་གཡས་བསྐོར་བྱ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། སྔགས་ལན་གཅིག་གིས་སློབ་དཔོན་ནས་མེ་སྦར་ལ། ཧཱུྃ་ཧཱུྃ། ཞེས་ལན་གཅིག་གིས་རླུང་ཡབ་ཐབ་ནང་འབུལ། སློབ་དཔོན་ནས་ལས་བུམ་གྱིས་ཐབ་ལ་བྲན་ཏེ། ཨོཾ་ཨཱཿཔདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་ངྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ་྅ཧཱཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་


KMC023_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཁྲུ་གང་བ། མུ་རན་དང་ཁ་ཁྱེར་གྱིས་བསྐོར་ཞིང་། སྟེགས་བུའི་གྲྭ་ལ་ཟླ་ཕྱེད་རྡོ་རྗེས་མཚན་པ་པདྨ་རྒྱས་པའི་དབྱིབས་ཅན། དངས་ཤིང་ཐོགས་པ་མེད་པར་གྱུར། དེའི་ནང་རཾ་ལས་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། ཞི་བའི་མེ་ལྷ་དཀར་པོ། ཕྱག་གཡས་བགྲང་ཕྲེང་དང་གཡོན་དཔྱི་བླུགས་འཛིན་པ། རྣམ་སྣང་གི་དབུ་རྒྱན་ཅན། མེ་ལྕེ་དཀར་པོའི་ཕྲེང་བ་དཀྲིགས་ཤིང་། ར་སྐྱེས་དཀར་པོའི་སྟེང་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་དང་ན་བཟའ་དཀར་པོ་ཅན། རལ་པའི་ཐོར་ཚུགས་དང་ལྡན་པའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས། དྲིལ་གསིལ་བྱ། སྐྱབས་སྦྱིན་གྱི་ཕྱག་རྒྱ་མཐེ་བོང་རྣ་བའི་དྲུང་དུ་གཡབ་ཅིང་མེ་ལྷའི་གདངས་ཀྱིས། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེགས་བླུགས་ཞལ་ཟས་བཞེས་སླད་དུ། །


KMC023_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿ སརྦ་ཀརྨ་པྲ་སཱ་ངྷ་ཀ །མ་ཧཱ་བྷཱུ་ཏ། དེ་ཝ་རྀ་ཥི་དྭི་ཛ་ས་ཏྭཱཾ། གྲྀ་ཧཱི་ཏྭཱ་ཨཱ་ཧུ་ཏི་ཨཱ་ཧ་ར་ཨཱསྨིན་སནྣི་ཧི་ཏོ་བྷ་ཝཾ། ཞེས་སྤྱན་དྲངས། ལས་བུམ་ཆུས་གཏོར་ལ། ཨོཾ་ཨཱཿཔདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ། ལན་གཅིག་གིས་བགེགས་བསྐྲད། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སློབ་དཔོན་ཡར་བཞེངས་ཏེ་ཀུ་ཤ་ཐོག་ལ། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདིས་བདག་གི་བགེགས་ཞི་ཞིང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག །ཨོཾ་བཛྲ་ས་ཏྭ་ཨཱཿ ཡིག་དྲུག་ལན་བརྒྱད་ཀྱིས་སློབ་དཔོན་ནས་ཀུ་ཤའི་རྩེ་མོ་གཡས་ཕྱོགས་སུ་བསྟན་ནས་ཐབ་ཀྱི་ཕྱོགས་མཚམས་སུ་བཀོད་ལ། མེ་ལྷའི་མཆོད་པ་རེ་རེ་བཞིན་ཐབ་ནང་འབུལ། ཨོཾ་ཨཱཿཧྲིཿཔྲ་ཝ་ར་སཏྐ་རཱ་རྠཾ་ཨཱ་རྒྷཾ་པྲཏཱི་ཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་


KMC023_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ནཻ་ཝིདྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། བཞི་དྲིལ་ཕྱེད་རྒྱ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དྲིལ་སིལ་དང་རྩེ་གསུམ་རྒྱའི་ཕྱག་རྒྱ་བྱ་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷ་སྨིན་ཀུ་རུ་སརྦ་དུཥྚཱ་ན་ཧཱུྃ་ཕཊ། དྱྀ་ཤྱ་ཛཿཧཱུྃ་བྃ་ཧོཿས་མ་ཡ་སྟཾ། ས་མ་ཡ་ཧོཿ ཅེས་ལན་གསུམ་གྱིས་དམ་ལ་བཞག །མེ་ལྷའི་ཐུགས་ཀར་ཧཱུྃ། ལྗགས་ལ་རྡོ་རྗེ་རྩེ་གཅིག་པ་རཾ་གྱིས་མཚན་པ། དགང་བླུགས་ཀྱི་ཁ་ལ་ཡང་ཧཱུྃ་གིས་མཚན་པར་གྱུར། ཨོཾ་ཨཱགྣ་ཡེ། ཨཱ་དཱི་བྱ་ཨཱ་དཱི་བྱ། ཨཱ་བི་ཤ་ཨཱ་བི་ཤ །མ་ཧཱ་ཤྲི་ཡེ། ཧ་བྱ་ཀ་བྱ་ཝཧ྄ནྲ་ཡ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བར་ཆད་ནད་གདོན་དུས་མ་ཡིན་པའི་འཆི་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་བདུན་གྱིས་མར་ཁུ་ཕུལ། དེ་བཞིན་དུ་སླར་


KMC023_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྔགས་དེ་ཉིད་ཀྱིས་ཡམས་ཤིང་ལན་གསུམ་ཕུལ། ཡང་སྔགས་དེ་ཉིད་ནས་རྫས་སྤུངས་ལན་བདུན་ནམ་ཉེར་གཅིག་འབུལ་ལོ། །ཨོཾ་ཨཱགྣ་ཡེ་སྭཱ་ཧཱ། ལན་གཅིག་གིས་མར་ཁུ་ཕུལ་བ་ནི་འཇིགས་རྟེན་པའི་ཆོ་གའི། འཇིག་རྟེན་ལས་འདས་པ་ནི། ཨོཾ་ཨཱ་པདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཧྨ་ཀོ་྅ཧཾ། མེ་ལྷའི་ཐུགས་ཀར་རབ་ཏུ་ཡངས་པའི་དབུས་སུ། སྐད་ཅིག་གིས་ཞིང་ཁམས་ཕོ་བྲང་བཀོད་པ་ཚད་མེད་པའི་དབུས་སུ་པད་ཟླ་ལ་ཚེ་དཔལ་བསོད་ནམས་རབ་ཏུ་འཕེལ་བར་བྱེད་པའི་བཅོམ་ལྡན་འདས་མ་རབ་དཀར་དུང་དང་མུ་ཏིག་གི་ཆུན་པོ་ལྟ་བུའི་མདོག་ཅན། མཆོག་སྦྱིན་དང་སྐྱབས་སྦྱིན་ཕྱག་གིས་ཨུཏྤལ་རབ་ཏུ་རྒྱས་པ་འཛིན་ཅིང་། རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན་པ་མཚན་དཔེ་བྱེ་བའི་དཔལ་གྱིས་རྣམ་པར་མཛེས་མ། རྒྱལ་བ་རྒྱལ་སྲས་རྒྱ་མཚོའི་ཚོགས་ཀྱི་དབུས་ན་འགྱིང་པའི་ཚུལ་གྱིས་པད་ཟླའི་གདན་ལ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་དང་ཏྭྃ་ཡིག་ལས་


KMC023_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འཕྲོས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་ཐུགས་རྗེ་རྨད་བྱུང་བཅོམ་ལྡན་འདས། །འཇིག་རྟེན་དབང་མོའི་སྲས་མོ་མཆོག །མ་ལུས་རྒྱལ་བ་ཀུན་གྱི་ཡུམ། །འཕགས་མ་སྒྲོལ་མ་འདིར་གཤེགས་གསོལ། །སྒྱུ་འཕྲུལ་འཛིན་མ་ཁྱོད་ཀྱི་སྐུ། །ཆོས་དང་དེ་བཞིན་ལོངས་སྤྱོད་རྫོགས། །སྲིད་ཞི་ཀུན་ཏུ་རྣམ་སྤྲུལ་མ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་སེམས་མ་བདེ་ཆེན་ཡུམ། །དོན་དམ་ཕྱག་རྒྱ་ཆེན་མོའི་སྐུ། །གདོད་ནས་དྲི་བྲལ་གསང་ཆེན་མ། །གཉིས་མེད་རོ་མཉམ་གཤེགས་སུ་གསོལ། །འགྲོ་འོང་མེད་ཀྱང་འགྲོ་འོང་ལྟར། །སྟོན་མཛད་ཕྲིན་ལས་རྒྱ་མཚོའི་གཏེར། །དོན་གཉིས་མཐའ་དག་སྒྲུབ་མཛད་མ། །ཐུགས་རྗེ་ཆེ་མངའ་འདིར་གཤེགས་གསོལ། །ཨོཾ་གུ་རུ་ཨཱརྻ་ཏཱ་རཱ་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿ མཆོད་སིལ་འོག་ལས་རྡོར་པས་སྤོས་སྣ་བཅས་སློབ་དཔོན་ཡར་བྱོན་ཏེ་དཀྱིལ་འཁོར་དྲུང་དུ་ཡིག་བརྒྱ་ལན་གཅིག་བརྗོད་དེ་མཆོད་ཡོན་སྦྲེང་ལ།


KMC023_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་འཛིན་ཏེ། རྟེན་ནི་རྡུལ་ཚོན་ནམ་རས་བྲིས་དཀྱིལ་འཁོར་ལ། །བཞུགས་པའི་བརྟེན་པ་དཀྱིལ་འཁོར་པ། །ཐབ་ཀྱི་དབུས་ཀྱི་དཀྱིལ་འཁོར་དུ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཞེས་སྙན་གསན་དབབ་ཏེ། སྙིང་པོ་བརྗོད་བཞིན་མེ་ཏོག་ལྷའི་ངོ་བོར་བསམ་པ་ལེན་ཚུལ་གྱིས་གུས་པ་དང་བཅས་སྤྱན་དྲངས་ཏེ་ཐབ་ལ་གཡས་བསྐོར་ལན་གསུམ་བཅས་ཤར་དུ་སྒྲེང་ལ། ཕག་མོའི་གཞུང་གདངས་བཞི་དྲིལ་གྱིས། ཨོཾ་ཐུགས་རྗེ་རྨད་བྱུང་བཅོམ་ལྡན་འདས། །འཇིག་རྟེན་དབང་མོའི་སྲས་མོ་མཆོག །མ་ལུས་རྒྱལ་བ་ཀུན་གྱི་ཡུམ། །འཕགས་མ་སྒྲོལ་མ་འདིར་གཤེགས་གསོལ། །སྒྱུ་འཕྲུལ་འཛིན་མ་ཁྱེད་ཀྱི་སྐུ། །ཆོས་དང་དེ་བཞིན་ལོངས་སྤྱོད་རྫོགས། །སྲིད་ཞི་ཀུན་ཏུ་རྣམ་སྤྲུལ་མ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་སེམས་མ་བདེ་ཆེན་ཡུམ། །དོན་དམ་ཕྱག་རྒྱ་ཆེན་མོའི་སྐུ། །གདོན་ནས་དྲི་བྲལ་གསང་ཆེན་མ། །གཉིས་མེད་རོ་མཉམ་གཤེགས་སུ་གསོལ། །འགྲོ་འོང་མེད་ཀྱང་འགྲོ་འོང་ལྟར། །སྟོན་


KMC023_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཕྲིན་ལས་རྒྱ་མཚོའི་གཏེར། །དོན་གཉིས་མཐའ་དག་སྒྲུབ་མཛད་མ། །ཐུགས་རྗེ་ཆེ་མངའ་འདིར་གཤེགས་གསོལ། །ཨོཾ་གུ་རུ་ཨཱརྻ་ཏཱ་རཱ་ས་པ་རི་ཝ་ར་བཛྲ་ས་མ་ཛཿ ཞེས་སྤྱན་དྲངས་ཏེ་ཐབ་སྟེ་ནམ་མཁར་བཞུགས་པ་ལ། ཨོཾ་ཨཱརྻ་ཏཱ་རཱ་ས་པ་རི་ཝ་ར་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻཝིདྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་ནི། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །དྲིལ་གསིལ་བྱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བཛྲ་ས་མཱ་ཡ་སྟཾ། མེ་ཏོག་གཡས་བསྐོར་གྱི་ཐབ་དབུས་སུ་དོར། རང་རྒྱ། ཛཿཧཱུྃ་བྃ་ཧོཿཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝ་ར་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཨ་བྷིཥི་


KMC023_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་བདུད་རྩིའི་བུམ་པས་དབང་བསྐུར། དྲི་མ་དག །ཐོར་ཚུགས་ཀྱི་རྩེ་མོར་རིགས་ཀྱི་བདག་པོ་འོད་དཔག་མེད་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་རྒྱས་བཏབ་པར་གྱུར། མཆོད་ཡོན་གྱི་སྣོད་ཆེ་བ་ཕུལ་ལ། ཨོཾ་ཨཿཧྲཱིཿཔྲ་ཝ་རཱ་སཏྐ་ར་རྠཾ་ཨཱརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། དཀྱིལ་འཁོར་པའི་མཆོད་ཕྲེང་ཕུལ་ལ་ཐལ་སྦྱར་བཅས། ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་ཡོན་མཆོད་པ་རྒྱ་མཚོའི་སྤྲིན། །ཆོས་དབྱིངས་ཀུན་ཏུ་རྒྱས་འགེངས་པས། །བླ་མ་བཅོམ་ལྡན་འདས་མ་མཆོད། །ཨོཾ་གུ་རུ་ཨཱརྻ་ཏཱ་རཱ་ཨཱརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྟ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། མེ་ཏོག །པུཥྤེ། བདུག་སྤོས། དྷཱུ་པེ། སྣང་གསལ། དཱི་པེ། དྲི་ཆབ། གནྡྷེ། ཞལ་ཟས། ནཻ་ཝི་དྱ། སིལ་སྙན། ཤབྡ། ཕྱི་ནང་གསང་བ་དེ་ཁོ་ནའི། །གཟུགས་མཆོག་མཆོད་པ་རྒྱ་མཚོའི་སྤྲིན། །ཆོས་དབྱིངས་ཀུན་ཏུ་རྒྱས་འགེངས་པས། །བླ་མ་བཅོམ་ལྡན་འདས་མ་མཆོད། །ཨོཾ་གུ་རུ་ཨཱརྻ་ཏཱ་རཱ་རཱུ་པ་


KMC023_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། དེ་བཞིན་གོང་ལྟར་གཞན་རྣམས་ལ་རིགས་འགྲེས། སྒྲ་སྙན། ཤབྡ། དྲི་མཆོག །གནྡྷེ། རོ་མཆོག །ར་ས། རེག་མཆོག །སྤ་ཤེ །སྣ་ཚོགས། བི་ཤྭ། བཞི་དྲིལ་ཕྱེད་རྒྱ་བྱ་ལ། བསྟོད་པ་ནི། སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང་། །ལྕགས་སྒྲོགས་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས། །ཞི་མཛད་ཟླ་བའི་འོད་ལྟར་མཛེས་པའི་སྐུ། བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཞབས་ཀྱི་པདྨ་གཉིས་ལ་ནི། །ཡན་ལག་མཆོག་གི་རབ་ཏུ་གཏུགས་གྱུར་ན། །མངོན་འདོད་བདེ་བའི་འབྲས་བུ་སྨིན་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །འདབ་མ་བརྒྱད་ལྡན་ཡངས་པའི་སྙིང་པོ་ནི། །གསེར་ཞུན་ཉི་མ་འཆར་ཀའི་མདོག་འདྲ་ཞིང་། །རྡུལ་བྲལ་སྟོན་ཀའི་ཟླ་ལྟར་དྲི་མེད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་ཚལ་ལོ། །དྲང་སྲོང་གཙོ་དང་གྲུབ་པ་ལྟོ་འཕྱེ་ཆེ། །གཤིན་རྗེ་སྲིན་པོ་གནོད་སྦྱིན་ལྷ་མིན་དང་། །ལྷ་ཚོགས་རྣམས་ཀྱིས་


KMC023_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་ཕྱག་བྱས་པའི། །བཅོམ་ལྡན་སྒྲོལ་ལ་ཁྱོད་ལ་ཕྱག་འཚལ་ལོ། །གླིང་དང་ནགས་ཚལ་སྟུག་པོ་རི་ཁྲོད་དང་། །ཕུག་དང་ཆུ་ཀླུང་རི་བོའི་རྩེ་རྣམས་སུ། །དུས་རྣམས་ཀུན་ཏུ་བཞུགས་པར་གྱུར་པ་ཡི། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །སེང་གེ་སྟག་དང་གླང་པོ་མཚོ་ཆེན་དང་། །མེ་དང་འཆི་བ་རྐུན་པོ་སྦྲུལ་གདུག་གི །གནོད་པ་ཐམས་ཅད་རབ་ཏུ་འཇོམས་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཏཱ་རེ་ཏུཏྟཱ་རེ་དང་ཏུ་རེ་ཡིས། །གཡུལ་གྱི་མཚོན་ཆ་ཟློག་མཛད་ཕན་པར་དགོངས། །འཇིགས་དང་རྨི་ལམ་ངན་པ་འཇོམས་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ནོན་པའི་ཐབས་ཀྱིས་གང་དང་གང་། །སེམས་ཅན་གཟིགས་གྱུར་དེ་ཡི་དཔལ་འཕེལ་གྱུར། །སྒྲོལ་མས་མི་བསླུའི་འབྲས་བུ་མྱུར་ཐོབ་མཛད། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །བསྲེག་རྫས་འབུལ་བ་ནི། མེ་ལྷའི་གདངས་ཀྱིས།


KMC023_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །བཅོམ་ལྡན་འདས་མའི་ལྗགས་ལ་ཡང་། །ཏྭྃ་ཡིག་དག་གིས་མཚན་པ་ཡིས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ལན་གཅིག །ཨོཾ་ཨཱགྣཡེ་སྭཱ་ཧཱ། རྫས་སྔགས་ལ་གྲངས་བཟུང་སྟེ་མར་ཁུ་བརྒྱ་བརྒྱད་སོགས་ཅི་ནུས་ཀྱིས་འབུལ་མཐར་འདོད་གསོལ་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བར་ཆད་ནད་གདོན་དུས་མ་ཡིན་པའི་འཆི་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གཅིག་སྤེལ་བས་མཚོན། བསྲེག་རྫས་སོ་སོར་གྲངས་ཀ་ཇི་ཙམ་འབུལ་ཡང་དེས་འགྲེས་ཤེས་པར་བྱ་སྟེ། དེ་ནི་མར་ཁུའི་སྔགས་སོ། །དེ་བཞིན་དུ། ཨོཾ་བོ་ངྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཡམས་ཤིང་གི་སྔགས་སོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་དང་། ཨོཾ་བཛྲ་ཨཱ་ཡ་ཨུཥེ་སྭཱ་ཧཱ། དུརྦཱ་དང་། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། འབྲས་མ་གྲུས་པ་དང་། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་ཟན་དང་། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་དང་། ཨོཾ་བཛྲ་བཱི་ཛཱ་ཡཻ་སྭཱ་ཧཱ། འབྲས་སོ་བ་དང་། ཨོཾ་བཛྲ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ།


KMC023_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དང་། ཨོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་དང་། ཨོཾ་བཛྲ་གྷསྨ་རྱཻ་སྭཱ་ཧཱ། གྲོ་དང་། ཨོཾ་སརྦ་ཨཱརྠ་སིདྡྷཱ་ཡ་སྭཱ་ཧཱ། ཡུངས་ཀར་གྱི་སྔགས་སོ། །གཞན་ཡང་ཟས་སྣ་སྨན་འབྲུ་རིན་ཆེན་དར་ཟབ་སོགས་མཆོད་པ་རྣམ་པ་སྣ་ཚོགས་པས་མཆོད་པར་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཨོཾ་ཨཱཿཧཱུྃ། ཞེས་རྫས་སྤུངས་ཕུལ་ཅིང་གྲངས་གསོག་གིས་སུམ་བརྒྱ་རེའམ་གང་འགྲུབ་ཀྱིས་མཐར་འདོད་གསོལ་ནི། སྒྲུབ་པ་པོའི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཚུལ་དེ་ལྟ་བུའི་བུང་བསྐྱེད་དེ་སྒྲུབ་པོ་ཚང་མས་རེས་མོས་ཀྱིས་བསྲེག་རྫས་ཕུལ་མཐར། གཏོར་འབུལ་ནི། དཀྱིལ་འཁོར་པའི་གཏོར་མ་དགང་གཟར་ནང་བཞག་སྟེ་བྲན་ལ། ཨོཾ་ཨཱཿཔདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ་྅་ཧཾ། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནད་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ལམ་གསུམ། ཨོཾ་ཨཱརྻ་ཏཱ་རཱ་ས་པ་རི་བཱ་ར་


KMC023_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། གཏོར་རྒྱ་བཅས་གཏོར་སྔགས་ལན་བདུན་གྱིས་མར་ཁུ་བྲན་ཏེ་མཐར་ཕུལ། དཀྱིལ་འཁོར་པའི་མཆོད་ཕྲེང་ཆ་ཚང་རྒྱ་བཅས་ཕུལ། ཨོཾ་ཨཱརྻ་ཏཱ་ར་ས་པཱ་རི་ལྦཱ་ར་ཨཱརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤབྡ། བཞི་དྲིལ་ཕྱེད་རྒྱས། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མ་སྤྱིར་སེམས་ཅན་ཐམས་ཅད་ལ་ཕན་བདེ་མཐའ་ཡས་པ་འབྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་མཚུངས་མེད་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཡབ་སྲས་དག་གི་སྐུ་ཚེ་དང་ཕྲིན་ལས་ཆེས་ཆེར་དར་ཞིང་རྒྱས་པ་དང་། དེ་དག་ལ་བར་དུ་གཅོད་པའི་ཕྱོགས་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་དག་གི་དཔལ་འབྱོར་བྱིན་རླབས་ལ་བརྟེན་ནས་བདག་ཅག་གི་ཡང་བསམ་དོན་མཐའ་


KMC023_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིགས་རྟེན་སྤྱི་ཁྱབ་ཏུ་ཉེ་བར་འཚེ་བ་ནད་དང་མུ་གེ་འཁྲུགས་པ་ཆེན་པོ་མཚོན་གྱི་བསྐལ་པ་སོགས་མི་འབྱུང་བར་བྱིན་གྱིས་བརླབ་དུ་གསོལ། མདོར་ན་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་ཐར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གཞན་རོ་མཉམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་མི་འབྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟུང་འཇུག་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་དེང་ཉིད་དུ་མངོན་དུ་བྱེད་པར་བྱིན་གྱིས་བརླབ་ཏུ་གསོལ། ཡན་ལག་བདུན་ལྡན་རྡོ་རྗེ་འཆར་ཚེ་གཅིག་གིས་མངོན་ཏུ་བྱེད་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟ་མ་ཡིན་ནའང་བདག་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་བཅོམ་ལྡན་འདས་མ་ཉིད་ལྷག་པའི་ལྷ་དང་ཡི་དམ་གྱི་ལྷ་དང་རྗེས་སུ་བཟུང་བའི་ལྷར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་བཛྲ་ཏཱ་ར་ས་མ་ཡ་སོགས་དྲིལ་གསིལ་བཅས་ཡིག་བརྒྱ་ལན་གསུམ་བྱ། ཐལ་སྦྱར་བཅས། གང་


KMC023_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་རིང་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །བདག་ལ་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པའང་སྩོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུ། །ཞེས་ཡེ་ཤེས་ཀྱི་འཁོར་ལོ་རང་བཞིན་གྱི་གནས་སུ་གཤེགས་ཤིང་། དམ་ཚིག་པ་རང་ལ་བསྡུ་བའམ། གཉིས་ཀར་ཡང་རང་གི་སྙིང་གར་བསྡུ་བ་སྐབས་སུ་གང་བབ་སྦྱར་རོ། །སློབ་དཔོན་ཡར་བཞེངས་ཏེ་མེ་ཏོག་ཐབ་དབུས་ནས་གཡོན་བསྐོར་གྱིས་ལེན་་ཚུལ་དང་ཡིག་བཅུ་བརྗོད་མཆོད་སིལ་འོག་ཐབ་ལ་གཡས་བསྐོར་གྱིས་དཀྱིལ་འཁོར་པ་ཡར་གདན་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བཛྲ་ས་མཱ་ཡ་སྟཾ། ཞེས་མེ་ཏོག་གཏོར་ལ། རྡུལ་ཚོན་ནམ་རས་


KMC023_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་གྱི་ནི་དཀྱིལ་འཁོར་ལ། །སྤྱན་དྲངས་དཀྱིལ་འཁོར་ཐིམ་པར་གྱུར། །བརྗོད་དེ་མར་བྱོན་མཆོད་རོལ་བཞག །འཇིགས་རྟེན་ལས་འདས་པའི་མེ་ལྷ་མཆོད་པའོ། །དེ་ནས་ཨོཾ་ཨཱགྣ་ཡེ་སྭཱ་ཧཱ། ལན་གཅིག་གིས་མར་ཁུ་ཕུལ། མེ་ལྷའི་མཆོད་ཕྲེང་རེ་རེ་བཞིན་ཕུལ་ལ། ཨོཾ་ཨཱཿཧྲིཿཔྲ་ཝ་ར་སཏྐ་ར་རྠཾ་ཨཱརྒྷཾ་པྲ་ཏི་ཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཿཧཱུྃ། བསྟོད་པ་ནི་བཞི་དྲིལ་ཕྱེད་རྒྱས། ཚངས་པ་འཇིགས་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐིག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུནྡྷེ་


KMC023_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མེ་ལྷའི་གཏོར་མར་བྲན་ཏེ། ཨོཾ་ཨཱཿཔདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭཱ་བྷཱ་ཝཤུདྡྷཿསརྦ་ངྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ་྅ཧཱཾ། སྟོང་པའི་ངང་ལས་ཨོཾ་ཨཿཧཱུྃ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲིཿ ལན་གསུམ། མར་ཁུ་སྦྲེང་སྟེ། ཨོཾ་ཨཱགྣ་ཡེ། ཨ་དི་བྱ་ཨཱ་དི་བྱ། ཨཱ་བི་ཤ་ཨཱ་བི་ཤ །མ་ཧཱ་ཤྲི་ཡེ། ཧ་བྱ་ཀ་བྱ་ཝཧྣ་ཡ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་རང་རྒྱ་བཅས་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་ཨཱརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་ཤབྡ་བར་གྱིས་མཆོད་མེ་ལྷའི་མཆོད་ཕྲེང་ཆ་ཚང་ཕུལ། བཞིན་དྲིལ་བཅས། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །མེ་ལྷ་འཁོར་དང་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་ནས། ཀུན་


KMC023_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཤོག །བར་གྱི་ཕྲིན་ལས་བཅོལ། གོང་བཞིན་མཆོད་ཡོན་ཕུལ། ཨོཾ་ཨཱཿཧྲཱི་པྲ་ཝ་རཱ་སཏྐ་ར་རྠཾ་ཨཱརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། ཐལ་སྦྱར་བཅས། གང་ཡང་བདག་བློ་རྨོངས་པ་ཡིས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་པོ་བཟོད་པར་གསོལ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་དྲིལ་གསིལ་བཅས་ཡིག་བརྒྱ་ལན་གཅིག་བྱ། དྲིལ་གདབ་གཤེགས་རྒྱ་བཅས་མེ་ལྷའི་གདངས་ཀྱིས། རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཅིང་། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨཱཿབཛྲ་མུ༔ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འབར་བའི་མེའི་ངང་དུ་ཐིམ་པར་གྱུར། བཀྲ་ཤིས་བཞི་དྲིལ། གང་གི་ཞབས་པད་རབ་མཛེས་པར། །ལྷར་བཅས་སྲིད་དང་ཞི་ཀུན་གྱི། །ཕྱག་བགྱིས་ཐལ་སྦྱར་རབ་བཏུད་པ། །དེ་ཡིས་རྟག་པར་བཀྲ་ཤིས་ཤོག །རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། །འཆི་མེད་


KMC023_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག །འགྲོ་བ་ཀུན་ལ་བྱམས་པའི་ཡུམ། །བགེགས་ལ་གཅིག་ཏུ་དཔའ་ཞིང་གཏུམ། །འཛུམ་རླབས་ཡིད་དུ་འོང་བའི་ཞལ། །རབ་མཛེས་གསལ་མཛད་བཀྲ་ཤིས་ཤོག །ཀུན་སྤྱོད་ཀུན་གྱི་རང་བཞིན་མ། །མ་ལུས་དགེ་ལེགས་ཀུན་གྱི་བདག །མཐོང་ཐོས་དྲན་རེག་ཚིམས་བྱེད་མ། །མཚན་དཔེ་རབ་མཆོག་བཀྲ་ཤིས་ཤོག །གང་ལ་རྒྱལ་ཀུན་གུས་བཏུད་དེ། །ཕྱག་འཚལ་ཐལ་སྦྱར་རབ་བསྟོད་པ། །ལྷ་རྣམས་ཀྱི་ནི་ལྷར་གྱུར་མ། །བཅོམ་ལྡན་སྒྲོལ་མའི་བཀྲ་ཤིས་ཤོག །བདག་དང་སྐྱེ་དགུ་ཐམས་ཅད་རྣམས། །འཇིགས་པ་ཀུན་ལས་རབ་སྒྲོལ་ཞིང་། །ཕན་དང་བདེ་བ་རབ་འཕེལ་མས། །འདོད་དོན་ཀུན་འགྲུབ་བཀྲ་ཤིས་ཤོག །འདི་དང་ཕ་རོལ་ཐམས་ཅད་དུ། །དྲན་པ་ཙམ་གྱིས་བདེ་བྱེད་པ། །བཅོམ་ལྡན་འདས་མ་ཁྱོད་ཀྱི་ཞབས། །རྟག་པར་རབ་མཆོག་བཀྲ་ཤིས་


KMC023_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཁྱོད་དགྱེས་རབ་མཆོག་དབང་པོའི་དབང་། །དད་བརྩོན་དྲན་འཛིན་ཤེས་རྣམས་ཀྱིས། །རབ་རྒྱས་ལྷུན་པོ་ལྟར་བརྟན་པའི། །མི་ཟད་རབ་སྦྱོར་བཀྲ་ཤིས་ཤོག །བདེན་མཆོག་སྐྱབས་གསུམ་བདེན་དེ་བཞིན། །བདེན་ལྡན་ཇི་སྙེད་ཀུན་བདེན་པས། །ཤིས་པ་བརྗོད་པ་འདི་དག་གིས། །རྣམ་པ་ཀུན་ཏུ་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཏེ། །ཕན་མཛད་ལྷ་ཡིས་བཀྲ་ཤིས་གནས་གྱུར་ནས། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཐལ་སྦྱར་བཅས། ཕན་བདེ་ཡར་ངོའི་ཟླ་ལྟར་རྒྱས་མཛད་མ། །རྒྱལ་ཡུམ་སྒྲོལ་མ་ཁྱོད་ལ་གསོལ་བ་ནི། །འགྲོ་བའི་མིག་གཅིག་རྒྱལ་བ་ཀརྨ་པ། །ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་སྐུ་ཚེ་


KMC023_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕྲིན་ལས་རྣམ་པར་དཀར་བ་ཇི་སྙེད་ནི། །བདག་ཅག་གདུལ་བྱའི་མོས་བློ་ཇི་བཞིན་དུ། །འཛམ་གླིང་འཛམ་གླིང་ཆེན་པོ་ཀུན་ཁྱབ་པར། །སྲིད་པ་ཇི་སྲིད་འཕེལ་བར་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཆོས་ཀྱི་གདུང་འཛིན་པ། །མཁན་སློབ་གནས་བརྟན་འདུས་པའི་ཚོགས་དང་བཅས། །སྐྱེ་དགུའི་གཉེན་དུ་གྱུར་པ་མཐའ་དག་ཀྱང་། །སྐུ་ཚེ་ཕྲིན་ལས་འཕེལ་བར་བྱིན་གྱིས་རློབས། །ཁྱད་པར་རིང་ལུགས་འདི་ཡི་འདུས་པའི་ཚོགས། །རྟག་པར་མཐུན་ཞིང་ལུགས་གཉིས་འབྱོར་པར་ལྡན། །ལུང་དང་རྟོགས་པའི་ཡོན་ཏན་གོང་འཕེལ་ཞིང་། །སྲིད་པ་ཇི་སྲིད་གནས་པར་བྱིན་གྱིས་རློབས། །ས་སྟེང་གནས་པའི་སྐྱེ་དགུའི་ཚོགས་རྣམས་ཀུན། །ནད་འཁྲུགས་མུ་གེ་ཕྱི་ནང་གནོད་པ་ཞི། །བདེ་སྐྱིད་དཔལ་ལ་རྟག་ཏུ་སྤྱོད་བྱེད་ཅིང་། །ཐར་པའི་གླིང་དུ་བགྲོད་པར་བྱིན་གྱིས་རློབས། །ཀུན་ཀྱང་བྱམས་པའི་སེམས་ཀྱིས་རྒྱུད་སྦྱངས་ཤིང་། །ཐུབ་བསྟན་མི་


KMC023_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དར་ཞིང་གསལ་བ་དང་། །ཀཾ་ཚང་བསྟན་པ་ལྷག་པར་གོང་འཕེལ་ཞིང་། །ཕྲིན་ལས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །སྒྲུབ་པ་པོ་རྣམས་གང་དུ་གནས་པའི་སར། །ཕྱི་ནང་འགལ་རྐྱེན་ནམ་ཡང་མི་འབྱུང་ཞིང་། །བཀྲ་ཤིས་བདེ་ལེགས་ཚོགས་རྣམས་འབར་བཞིན་ཏུ། །སྲིད་ཞིའི་དཔལ་དུ་འགྱུར་བར་བྱིན་གྱིས་རློབས། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བཅོམ་ལྡན་འདས་མ་ཁྱོད་དང་མི་འབྲལ་ཞིང་། །ཐུགས་རྗེས་ལེགས་བཟུང་དུས་ཀུན་བྱིན་རློབས་ཅིང་། །དངོས་གྲུབ་མ་ལུས་སྩོལ་བར་བྱིན་གྱིས་རློབས། །ཡོན་ཏན་མཐའ་ཡས་བཅོམ་ལྡན་འདས་མ་ལ། །མཆོད་བསྟོད་གསོལ་བ་བཏབ་པའི་དགེ་བའི་མཐུས། །འགྲོ་ཀུན་འཁོར་བའི་ས་ལས་རབ་འཕགས་ཏེ། །བླ་མེད་བྱང་ཆུབ་ཆེན་པོ་མྱུར་ཐོབ་ཤོག །བསོད་ནམས་འདི་ཡིས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་སོགས་བརྒྱ་རྩ་བཟླས་ནས་བསྔོ། ཚེ་དབང་ནོར་བུ་ནས་བྲིས་པའོ།།


KMC023_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་བདུད་རྩིའི་ཟ་མ་ཏོག


KMC023_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ཅན་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དཔལ་ལྡན་མར་མེ་མཛད་ཀྱི་ལུགས་གཙང་ལ་མ་འདྲེས་པ་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །


KMC023_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱརྻ་ཏཱ་རཱ་ཡཻ། ག་བུར་ཉིང་ཁུས་བྱུགས་པའི་མཚན་དཔེ་ནི། །བདུད་རྩིའི་ཟེར་བརྒྱ་འཛགས་པས་འཇིག་རྟེན་གྱི། །རིང་པོར་འཚོ་བའི་ཆུ་གཏེར་ཇི་སྙེད་སྤེལ། །སྙིང་གི་དཔྱིད་དུ་བླ་མའི་ངོ་བོར་བསྟི། །གང་ལས་བརྒྱུད་པའི་བླ་མ་ཐུགས་རྗེ་ཅན། །ལམ་སྲོལ་འདི་ལས་གྲུབ་གཉིས་གཏེར་གྱི་མཛོད། །རང་གིས་སྤྱོད་ཅིང་གཞན་ལ་སྦྱིན་མཛད་པ། །དེ་དག་ཞབས་ལ་ཡན་ལག་མཆོག་གིས་བཏུད། །སྲོལ་མང་བདུད་རྩི་སྙིང་ལ་སིམས་མོད་ཀྱི། །ནུས་བཅུད་ཁྱད་


KMC023_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་རང་སྲོལ་ཇོ་བོའི་ལུགས། །ཀརྨ་ཀཾ་ཚང་རྗེ་བཙུན་ཇོ་ནང་པའི། །གདམས་ངག་ཆུ་བོ་གཅིག་ཏུ་བསྡུས་ནས་འཆད། །དེ་ལ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ཆོས་སྤྱོད་དབང་པོ་དུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བ་ཀུན་ཏུ་སྤྱད། །གང་ཕྱི་རིག་པར་


KMC023_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སྦྱར་བས། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ཅེས་གསུངས་པ་ལྟར། བྱང་ཆུབ་སྒྲུབ་པའི་རྟེན་མཆོག་ལྷ་ལས་ལྷག་པ་འདི་ཉིད་རིང་བོར་འཚོ་བའི་ཐབས་ལ་ཐོག་མ་ཉིད་དུ་སྒོ་ཐམས་ཅད་ནས་འབད་པར་རིགས་ཤིང་། དེ་ལྟ་བུའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་སྟོན་པ་ཐུགས་རྗེ་ཅན་དེའི་རིང་ལུགས་ལས་འབྱུང་བ་ལས། རྫས་སྨན་རྟེན་འབྲེལ་ཚོགས་བསགས་སོགས་ཕྱིའི་བྱ་བ་ལས་ཁྱད་དུ་འཕགས་ཤིང་། ནང་གི་རྣལ་འབྱོར་ལ་བརྟེན་པ་རྣམས་ཀྱི་རབ་དང་ཕུལ་དུ་གྱུར་པ། གནས་སྐབས་བརྒྱད་དང་བཅུ་དྲུག་སོགས་བྱང་ཆུབ་སྒྲུབ་པའི་གེགས་དང་བར་ཆད་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང་། འཆི་བ་མེད་བའི་ཚེ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་དུས་ཐུང་ངུས་བདེ་བླག་ཏུ་འཐོབ་པར་བྱེད་པ། སྔགས་བླ་མེད་མ་རྒྱུད་རིགས་དྲུག་གི་ནང་ཚན་དཔལ་རྟའི་རྒྱལ་པོའི་རིགས་སྒྲོལ་མ་མངོན་འབྱུང་སོགས་ལས་གསལ་བར་གསུངས་པའི་རྗེ་


KMC023_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མ་ཡིད་བཞིན་འཁོར་ལོའི་གདམས་ངག་བདུད་རྩིའི་ཆུ་སྲོལ། གངས་ཅན་གྱི་ལྗོངས་འདིར་བཞི་དང་ལྔ་དང་དྲུག་སོགས་སུ་བབས་པ་ལས། སྐུ་ཚེའི་དངོས་གྲུབ་དང་། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཏེ་གྲུབ་གཉིས་བར་མ་ཆད་དུ་བརྙེས་པས། ཡིད་ཆེས་མྱོང་རྟགས་ཅན་གྱི་བརྒྱུད་སྲོལ་ཁྱད་པར་དུ་འཕགས་པ། འཇིགས་བྲལ་གྱི་སློབ་དཔོན་ངག་དབང་གྲགས་པ་དང་། མགོན་པོ་གསེར་གླིང་པའི་རྗེས་འབྲང་དཔལ་ལྡན་མར་མེ་མཛད་དང་། རྒྱལ་བ་གཉིས་པ་དགེ་སློང་འཚོ་བྱེད་ལས་རིམ་པར་བརྒྱུད། འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ཡབ་སྲས་ཀྱི་ཐུགས་དམ་ལས་བྱོན་པ་དང་། རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་སྒྲོལ་བའི་མགོན་པོའི་གསུང་གི་བདུད་རྩི་གུང་སྦྲོས་ཏེ་དཔལ་ལྡན་བླ་མའི་ཞལ་སྒོ་ནས་ཇི་ཙམ་ཐོབ་པ་ནོར་བུའི་སྙིང་པོ་ལྟ་བུའི་ཟབ་མོའི་གདམངས་ངག་བསླད་མེད་རྐང་ཚུག་འཆད་པར་བྱེད་པ་ལ་གསུམ། སྔོན་འགྲོ། དངོས་གཞི།


KMC023_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། ཐུན་མོང་སྔོན་འགྲོ་བཞི་སྦྱོར། ཐུན་མིན་ཚོགས་བསགས་གཉིས་སོ། །དང་པོ་ལ་བཞི། རྒྱུད་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ལམ་ལོག་པ་དང་དམན་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད། ཚོགས་རྫོགས་པར་བྱེད་པ་མཎྜལ། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། ཐོ་རངས་བྱ་རོག་གི་སྐད་མ་གྲག་གོང་དུ་ལངས་ལ་ཁྲུས་གཙང་མ་བྱ། སྟན་བདེ་བར་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད་ལ་སྡིག་སྒྲིབ་དང་ཚེའི་བར་ཆད་སོགས་བསལ་བར་མོས་ལ་རླུང་རོ་ལན་གསུམ་བསལ། རང་ཐ་མལ་བར་གནས་པའི་སྤྱི་གཙུག་ཏུ་པད་ཟླའི་གདན་ལ་བླ་མ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། མཚན་དཔེ་དང་རྒྱན་ཐམས་ཅད་ཀྱིས་


KMC023_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའི་ཐུགས་ཀར་ཡི་གེ་བརྒྱ་པའི་སྔགས་ཕྲེང་མུ་ཏིག་རྡོག་མ་ལྟར་འཁོད་པ། རང་གི་སྙིང་གར་པད་ཟླའི་གདན་ལ་བཅོམ་ལྡན་འདས་མ་ཐུགས་ཀར་ཏཱྂ་ཡིག་དང་བཅས་པ་བླ་མ་དང་དབྱེར་མེད་པའང་བཞུགས་པར་བསམས་ལ། ཉེས་བྱས་ལ་འགྱོད་སེམས་དང་བླ་མ་ཡི་དམ་དབྱེར་མེད་པ་ལ་མོས་གུས་དྲག་པོས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་རྩ་བ་དང་ཡན་ལག་གི་དམ་ཚིག་ཆགས་ཉམས་ཐམས་ཅད་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་རྡོར་སེམས་ཞལ་འཛུམ་པ་དང་བཅས་འོད་དུ་ཞུ། སྤྱི་


KMC023_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ནས་སྙིང་གའི་སྒྲོལ་མ་དཀར་མོ་ལ་ཐིམ། བཟླས་པ་དང་མོས་གུས་ཀྱིས་ཐུགས་རྒྱུད་བསྐུལ་བས། བཅོམ་ལྡན་འདས་མའི་ཐུགས་ཀའི་ཏཱྂ་ཡིག་ལས་བདུད་རྩི་འོད་ཟེར་དཀར་པོའི་རྒྱུན་བྱུང་། སྐུའི་ནང་གང་། ཕྱག་གཡས་མཆོག་སྦྱིན་གྱི་སྲིན་ལག་རྩེ་ནས་བདུད་རྩི་འོ་མའི་རྒྱུན་ལྟར་བབ། རང་གི་ལུས་ཀྱི་ནང་གང་། སྡིག་སྒྲིབ་ནད་གདོན་དུས་དང་དུས་མ་ཡིན་པར་འཆི་བ་དམ་ཚིག་ཉམས་ཆགས་ཐམས་ཅད་སྦུན་པ་ཆུས་དེད་པ་བ་སྤུའི་བུ་ག་ནས་ཕྱིར་ཐོན། ལུས་ཕྱི་ནང་སྒྲིབ་པ་མེད་པ་ཤེལ་གོང་ལྟ་བུ་དག་ཅིང་དཀར་གསལ་དུ་གྱུར་སྙམ་དུ་བསམས་ལ་ཡི་གེ་བཅུ་པ་དང་རྡོར་སེམས་ཡིག་བརྒྱ་སྦྲེལ་མ་ཅི་ནུས་བཟླས་ལ། མཐར། དེ་ལྟར་འདོད་དོན་གསོལ་འདེབས་བཤགས་སྦྱངས་སོགས་བྱས་པས་བཅོམ་ལྡན་འདས་མ་འོད་དུ་ཞུ། རང་ཉིད་ལ་ཐིམ་པས་རང་ཉིད་བཅོམ་ལྡན་འདས་མ་དངོས་སུ་གྱུར་སྙམ་དུ་བསམས་ལ་འཁོར་གསུམ་མི་རྟོག་པ་ཆོས་ཉིད་


KMC023_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངང་དུ་བཞག །འདི་ཁོ་ནར་ཐུན་ཏུ་བཅད་པ་ཡིན་ན་མཐར་དགེ་བ་བསྔོ་བའང་བྱ་དགོས་ཏེ་འོག་མ་རྣམས་ལའང་འགྲེའོ། །རྒྱུན་གྱི་ཉམས་ལེན་ལྟ་བུར་བསྡུས་པ་སྤྲོ་ན། རང་ཐ་མལ་བའི་སྙིང་གར་ཟླ་བའི་སྟེང་དུ་ཏཱྂ་ཡིག་དཀར་པོའི་མཐར་ཡིག་བརྒྱ་མུ་ཏིག་ཕྲེང་བ་ལྟ་བུས་བསྐོར་བ་ལས་འོད་ཟེར་ཟླ་བ་ལྟ་བུ་བྱུང་། ལུས་གང་། ནད་གདོན་སྡིག་སྒྲིབ་ལས་དང་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་རང་བཞིན་ཏུ་གྱུར་པར་མོས་ལ། ཡིག་བཅུ་དང་ཡིག་བརྒྱ་བཟླས་མཐར། ལྷ་མོ་བདག་ནི༴ དམ་ཚིག༴ བླ་མ་སྒྲོལ་མས༴ སོགས་གོང་ལྟར་གསོལ་བ་བཏབ་པས། ཡི་གེ་གདན་བཅས་འོད་དུ་ཞུ། རང་ཉིད་ལ་ཐིམ་པས་སྦྱང་བྱ་གཟོད་མ་ནས་མ་དམིགས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ཞེས་མཉམ་པར་བཞག །འདི་ཁྲིད་རིམ་སྤྱི་དང་བསྟུན་ན་སྐྱབས་སེམས་ཀྱི་རྗེས་སུ་བྱེད་པ་ཡིན་ཅིང་མཐའ་གཅིག་ཏུ་ཁྲིགས་


KMC023_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མི་དགོས་ཀྱང་ཡིག་རྙིང་ལུགས་སྲོལ་སོར་བཞག་པའོ། །དཔེར་ན་སྣོད་མ་དག་པ་ལ་ཟས་སོགས་བླུགས་ན་ཆུད་འཛའ་བ་ལྟར། སྒྲིབ་པ་ཅན་ལ་ལམ་གྱི་མངོན་རྟོགས་མི་སྐྱེ་བས་ཐོག་མར་སྣོད་ཀྱི་སྒྲིབ་པ་ཉེས་ལྟུང་སྦྱངས་ན་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྐྱེ་བ་ལ་དཀའ་ཚེགས་མེད་པས། ཐོག་མར་འདི་བསྒོམ་པ་ནི་སྣོད་བཀྲུ་བཤལ་བྱེད་པའི་ཚབ་ཡིན་པས་གལ་ཤིན་ཏུ་ཆེའོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་པདྨའི་སྡོང་པོ་ཡལ་ག་ལོ་འབྲས་ཕུན་སུམ་ཚོགས་ཤིང་འདབ་མ་བཞིར་གྱེས་པའི་དབུས་སུ། ངོ་བོ་རྩ་བའི་བླ་མ་དང་རྗེ་བཙུན་མ་དབྱེར་མེད་པ་ལ་རྣམ་པ་མགོན་པོ་འོད་དཔག་མེད་བླ་མ་ཀུན་འདུས་ཀྱི་སྐུར་བཞུགས་པ། མདུན་གྱི་འདབ་མ་ལ་འཕགས་མ་སྒྲོལ་མ་ཡི་དམ་ཀུན་འདུས། གཡས་སུ་ཤཱཀྱའི་དབང་པོ་སངས་རྒྱས་ཀུན་འདུས། རྒྱབ་ཏུ་ཡུམ་ཆེན་མོ་ཉིད་དམ་ཆོས་དཀོན་མཆོག་ཐམས་ཅད་ཀྱི་ངོ་བོ། གཡོན་


KMC023_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྤྱན་རས་གཟིགས་དགེ་འདུན་ཀུན་འདུས། ཁོར་ཡུག་དང་བར་མཚམས་སུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་གཏིབས་པ་ལྟར་བཞུགས་པར་མོས། སྤྲོ་ན་མཆོད་བསྟོད་གསོལ་བ་གདབ། དཀྱུས་ལ་མི་དགོས། རང་གིས་གཙོར་བྱས་མ་རྒན་སེམས་ཅན་ཐམས་ཅད་ཁྲོམ་ཚོགས་སུ་འཁོད་པར་བསམ། དེ་རྣམས་ཀྱིས་སྡུག་བསྔལ་མྱོང་ཚུལ་ལ་བསམ། སྡུག་བསྔལ་དེ་དག་ལས་ཁྱེད་རྣམས་ཀྱིས་བསྐྱབ་པར་མཛད་དུ་གསོལ་སྙམ་དུ་སེམས་ཐག་པ་ནས་བསམས་ལ་རང་གིས་འདྲེན་དཔོན་བྱས་པས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྒོ་གསུམ་གུས་པའི་སྒོ་ནས་སྐྱབས་འགྲོ་དི་རི་རི་བྱེད་པར་མོས་ལ། བདག་དང་འགྲོ་བ་སོགས་དང་། སངས་རྒྱས་ཆོས་ཚོགས་སོགས་གྲངས་ཇི་ལྟར་རིགས་པར་བསག །སེམས་བསྐྱེད་པ་ནི། ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ། འདི་རྣམས་ཀྱིས་ཐོག་མ་མེད་པ་ནས་


KMC023_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད། འདོད་པ་བདེ་བ་འདོད་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་བཟོད་དཀའ་བ་ལ་གཏན་ཏུ་ཐར་དུས་མེད་པར་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་གཅིག་ཀྱང་མ་ལུས་པ་འཆི་མེད་རྟག་པ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དེའི་ཆེད་དུ་གནས་སྐབས་སུ་ཚེ་རིང་བ། ནད་མེད་པ། བར་ཆད་ཞི་བ། ཁྱད་པར་བླ་མའི་སྐུ་ཚེ་བརྟན་ཅིང་སེམས་ཅན་ལ་བདེ་སྐྱིད་འབྱུང་བ། མཐར་ཐུག་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ་གྱུར་འཕགས་མ་སྒྲོལ་མའི་གོ་འཕང་དུས་མྱུར་བ་ཉིད་ཏུ་བདེ་བླག་ཏུ་འཐོབ་པར་བྱ་བའི་ཕྱིར་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་བསྐྱེད་རྫོགས་ལ་འཇུག་ཅིང་བརྩོན་པ་ཆེན་པོས་མཐར་དབྱུང་སྟེ། ཡི་དམ་འདི་ཉིད་མ་འགྲུབ་བར་དུ་སྲོག་ལ་བབས་ཀྱང་མི་གཏོང་སྙམ་པ་དམ་བཅའ་དེའི་རྗེས་སྒྲུབ་ལ་


KMC023_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་འཇུག་པ་བྱང་ཆུབ་ཀྱི་སེམས་ལེགས་པར་བསྐྱེད་དེ། ངག་ཏུ་བྱང་མཆིས་མ་སོགས་ཚིགས་བཅད་རྒྱས་པའམ། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་སོགས་ལན་ཁ་ཡར་བརྗོད། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་བླ་མ་ལ་ཐིམ། དེའང་འོད་དུ་ཞུ་ནས་རང་ལ་ཐིམ་པས་དཀོན་མཆོག་བླ་མའི་བྱིན་རླབས་བདག་རྒྱུད་ལ་ཞུགས་པར་བསམ། འདི་བསྒྲུབས་པས་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་འབྱུང་ངེས་སྙམ་དུ་ཡིད་ཆེས་དང་དད་པའི་རྒྱུན་མ་བྲལ་ན་དོན་ཐམས་ཅད་མྱུར་དུ་འགྲུབ་པའི་གདམས་ངག་ཡང་དག་པའོ། །གསུམ་པ་ནི། ཐོག་མར་སྒྲུབ་པའི་མཎྜལ་བསང་སྦྱང་། བསང་ཆུ་བྲན་པ་སོགས་མི་དགོས། མཆན། ཧཱུྃ་ཞེས་པས་བར་ཆད་སྲུང་བར་མོས་ལ་སྤྲོ་ན་འབྲུའི་ཚོམ་བུ་ཆུང་ངུ་ཞིག་དོར། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གསེར་གྱི་ས་གཞིའི་སྟེང་དུ་རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་མཆོད་པའི་ཡོ་བྱད་ཐམས་ཅད་དང་ལྡན་པའི་རི་གླིང་རྣམས་ལ་པད་


KMC023_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་གདན་དང་བཅས་པ་གྲུབ་པར་བསམ། བ་བྱུང་ལྔ་དང་དྲི་བཟང་གི་ཆུས་བྱུག་ལ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ བར་མཚམས་ཐམས་ཅད་ཡན་ལག་བརྒྱད་དང་ལྡན་པའི་སྤོས་ཆུས་གང་ཞིང་ཕྱི་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ། དབུས་ཀྱི་གདན་ལ་ཏཱྂ། ཕྱོགས་བཞིར་ཏཱྂ་མུྂ་ཨ་ཧྲཱིཿརྣམས་གསལ་བར་མོས། རང་ཉིད་ཡིད་བཞིན་འཁོར་ལོར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྂ་དཀར་པོ། དེ་ལས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁར་སྟེང་གི་ཆ་ལ་རྩ་བའི་བླ་མ་འོད་དཔག་ཏུ་མེད་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། འོག་གི་ཆ་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས་སྤྱན་དྲངས། འཕགས་ཡུལ་བའི་ལུགས་ལྟར་ན་མེ་ཏོག་གསར་པའམ། མ་རྙེད་ན་བོད་ཀྱི་ལག་ལེན་ལྟར་འབྲུའི་ཚོམ་བུ་དབུས་དང་ཕྱོགས་


KMC023_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་བཀོད་པ་དང་མཉམ་དུ། པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་པས་ཡེ་ཤེས་པ་རྣམས་གདན་གྱི་ས་བོན་ལ་ཐིམ་སྟེ་ཡོངས་སུ་གྱུར་པ། རི་རབ་ཀྱི་སྟེང་དུ་བླ་མ་སྒྲོལ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། ཤར་ལུས་འཕགས་པོར་སྒྲོལ་མ་བརྒྱ་རྩ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག །ལྷོ་ཛམྦུའི་གླིང་དུ་ཤཱཀྱ་ཐུབ་པ་ལ་དུས་གསུམ་སངས་རྒྱས། ནུབ་བ་ལང་སྤྱོད་དུ་ཡུམ་ཆེན་མོ་ལ་དམ་ཆོས་གླེགས་བམ་གྱི་རྣམ་པ། བྱང་སྒྲ་མི་སྙན་ཏུ་སྤྱན་རས་གཟིགས་ལ་ཐེག་པ་ཆེ་ཆུང་གི་དགེ་འདུན་གྱིས་བསྐོར་བ། མཚམས་རྣམས་སུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྲིན་གཏིབ་པ་ལྟར་བཞུགས་པར་མོས་ལ་མཎྜལ་དེ་ཉིད་མདུན་གྱི་སྟེགས་བུ་མཐོན་པར་བཞག །འབྱོར་དུ་རུང་ན་ཕྱི་མཆོད་དངོས་སུ་བཤམ་མོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་བླ་མ་ལ་ཕྱག་བྱས་པར་


KMC023_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཏེ། ན་མོ་གུ་རུ་བྷྱཿ ཞེས་དང་། ཡི་དམ་འཁོར་བཅས་ལ་དམིགས་ཏེ། ན་མ་ཨཱརྻ་ཏཱ་ར་སོགས་དང་། གང་དྲིན་མ་སོགས་ཚིགས་བཅད་གཉིས་ཀྱང་བརྗོད། རང་གི་སྙིང་གའི་འོད་ཟེར་ལས་སྤྲུལ་པའི་ལྷ་མོ་རྒྱན་དང་རྣམ་འགྱུར་མཚར་སྡུག་ཕུལ་དུ་བྱུང་བ་མང་པོས་སོ་སོར་མཆོད་པར་མོས། ཨརྒྷཾ་སོགས་སྔགས་དམིགས་ཕྱག་རྒྱ་རིམ་པར་སྦྱར་ཏེ། མཆོད་པའི་ལྷ་མོ་དཀར་མོ་རྣམས་ཀྱིས་གསེར་དང་བཻ་ཌཱུརྻའི་བྱ་མ་བུམ་ནས་ཡན་ལག་བརྒྱད་ལྡན་གྱི་ཆུའི་ཨརྒྷཾ་སྤྲེང་བ་དང་། ལྷ་མོ་དམར་མོས་བདུད་རྩི་ལྔ་དང་ཤུན་པ་ལྔ་སོགས་འདག་ཆལ་དང་ལྡན་པས་ཆུ་གཙང་གིས་ཞབས་བསིལ་བ་དང་། ལྷ་མོ་དམར་མོས་ཆུ་སྐྱེས་ཐང་སྐྱེས་ཡིད་བྱུང་གི་མེ་ཏོག་ལྟ་ན་སྡུག་པས་དབུ་ལ་འཐོར་བ་དང་། ལྷ་མོ་དུད་ཀས་རང་བྱུང་དང་སྦྱར་བའི་བདུག་སྤོས་དྲི་བསུང་ཅན་ཤངས་ལ་འབུལ་བ་དང་། ལྷ་མོ་དམར་སྐྱས་རིན་ཆེན་ཉི་ཟླ་སྒྲོན་མེའི་རིགས་གྱུར་ཕྱོགས་བཅུའི་འཇིག་རྟེན་


KMC023_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལྷམ་མེར་བྱེད་པ་སྤྱན་ལམ་དུ་བསྟར་བ་དང་། ལྷ་མོ་ལྗང་གུས་ག་བུར་གུར་གུམ་ཙནྡན་ལ་སོགས་པའི་དྲིའི་ཆབ་དུང་ཕོར་ནས་བླངས་ཏེ་ཐུགས་ཀ་ལ་སོགས་པའི་སྐུའི་གནས་རྣམས་སུ་འཐོར་བ་དང་བྱུགས་པ་དང་ཐིག་ལེ་བྱེད་པ་དང་། ལྷ་མོ་དམར་མོས་སྦྱར་བ་དང་ཡོངས་སུ་གྱུར་པ་དང་ལྷན་ཅིག་སྐྱེས་པའི་ལྷ་མིའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ལྗགས་ལ་འབུལ་བ་དང་། ལྷ་མོ་སྔོན་མོས་སིལ་སྙན་གླིང་བུ་པི་ཝང་རྔ་ཟླུམ་སོགས་ལྷའི་རོལ་མོའི་རིགས་གྱུར་སྙན་ལམ་དུ་འཁྲོལ་བས་ཚོགས་ཞིང་རྣམས་ཟག་མེད་བདེ་བས་དགྱེས། ལྷ་མོ་རྣམས་རང་ཐུགས་ས་བོན་ལ་ཐིམ་པར་བསམ། དེ་དག་གི་དོན་བསྐྱར་ནས་གསལ་འདེབས་པ་དང་། ཡན་ལག་ལྷག་མ་རྣམས་རྫོགས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་མ་སོགས་བརྗོད་བཞིན་ཏུ། མཆོད་པ་གཞན་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་མཐའ་དག་ཀུན་བཟང་མཆོད་པའི་སྤྲིན་ཏུ་


KMC023_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ནས་ལྟོས་པ་མེད་པར་འབུལ། བདག་གཞན་རྣམས་ཀྱིས་བཅས་དང་རང་བཞིན་གྱིས་ཁ་ན་མ་ཐོ་བས་མཚོན་སྡིག་པ་སྔར་བྱས་པ་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་ཤིང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱི་ཞིང་སྡོམ་པར་དམ་བཅའ། འཁོར་འདས་གཉིས་ཀྱི་ཁོངས་སུ་རྣམ་བྱང་དང་མཐུན་པའི་ཆོས་ཀྱི་ཡོན་ཏན་དང་དགེ་བ་ཅི་མཆིས་པ་ཐམས་ཅད་ལ་སྙིང་ཐག་པ་ནས་དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རངས། ཇི་ལྟར་ཚངས་པ་ཆེན་པོས་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་གསོལ་བ་བཏབ་པ་ལྟར་ཐེག་མཆོག་བླ་ན་མེད་པའི་ཆོས་འཁོར་དུས་རྒྱུན་ཆད་མེད་པར་བསྐོར་བ་བསྐུལ། འཁོར་བ་མ་སྟོངས་ཀྱི་བར་དུ་བླ་མ་རྗེ་བཙུན་མའི་སྐུའི་རྣམ་པའི་ཚུལ་འདི་ཁོ་ན་ནུབ་པ་མེད་པ་རྟག་བརྟན་ཐེར་ཟུག་ཏུ་བཞུགས་པར་གསོལ་བ་འདེབས། དུས་གསུམ་གྱི་དགེ་རྩ་ཐམས་ཅད་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྗེ་བཙུན་


KMC023_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མའི་གོ་འཕང་འཐོབ་པའི་ཕྱིར་དུ་བསྔོ། དེ་དག་གི་དགེ་བས་ཚེ་རབས་ཀུན་ཏུ་རྗེ་བཙུན་ཡིད་བཞིན་འཁོར་ལོ་དང་མི་འབྲལ་ཞིང་རྗེས་སུ་བཟུང་ནས་བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་པར་སྨོན་ནོ། །དེ་ནས་ཚོགས་ཞིང་གི་ལྷ་ལ་སེམས་གཏད་ནས་ཡི་གེ་བཅུ་པ་དང་སྤེལ་ཚིག་ཅན་ཇི་ལྟར་རིགས་པ་བཟླ། དེ་ནས་མཆོད་པའི་མཎྜལ་རྡུལ་ཕྱི། རིན་པོ་ཆེའམ་དྲི་བཟང་གི་ཆུས་བརླན་པའི་ཚོམ་བུ་བཀོད་ལ། སྤྱི་མཐུན་སོ་བདུན་མ་འབུལ་ཡང་རུང་མོད། རྗེ་དགུ་པའི་བཞེད་པ་ལྟར་ན། མདུན་བསྐྱེད་སྐབས་སུ་བཤད་པའི་ཚེམ་བུ་སྔ་མ་དང་ཞིང་ཁམས་རྣམ་དག་སོགས་ཀྱིས་གྲངས་བཟུང་། མཐར་དཔག་བསམ་གྱི་ནི་སོགས་མཆོད་པ་སྣ་ཚོགས་པའང་འབུལ་ཞིང་། ཕྱི་རི་རབ་གླིང་བཞིའི་རྣམ་པ་ནང་རང་གི་ཕུང་ཁམས་དང་དབྱེར་མེད་ཅིང་། གཞན་རིགས་ལྔའི་ཞིང་གི་རང་བཞིན་རྡོ་རྗེའི་རི་རབ་ལ་སོགས་པ་མཆོད་པའི་བྱེ་བྲག་རྒྱན་བཀོད་པ་


KMC023_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པ་དང་ལྡན་པ་ཉིད། དེ་ཁོ་ན་ཉིད་འོད་གསལ་རང་སྣང་གི་ལོངས་སྤྱོད་དུ་འབུལ་བས་དགྱེས་པའི་ཕུལ་དུ་སོན་པར་བསམས་ལ། བླ་མ་ཡིད་བཞིན་འཁོར་ལོ་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་གདབ། སྒྲུབ་པའི་མཎྜལ་གྱི་ཚོམ་བུ་བསྡུས་ནས་མགོ་བོར་བཞག་པ་དང་མཉམ་དུ། ཚོགས་ཞིང་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས་ཚོགས་གཉིས་རྫོགས་པའི་འབྲས་བུའི་སྐུ་དང་དབྱེར་མེད་དུ་གྱུར་པ་མོས། འདིར་ཡང་སྤྲོ་ན་སྤྱན་འདྲེན་གདན་འབུལ་ཕྱག་མཆོད་ཡན་ལག་བདུན་པ་རྣམས་ཀྱི་ཚིགས་བཅད་རྒྱས་པར་སྦྱོར་བ་ཡིན་ཅིང་ཚུལ་དེ་དང་དེ་རིགས་རྗེ་དགུ་པའི་སྒྲོལ་དཀར་ཆེན་མོར་གསལ། འདིར་ཚེ་ཁྲིད་རྐང་ཚུགས་འཆད་ཅིང་ཐུན་སོ་སོར་ཉམས་སུ་ལེན་པའི་དབང་དུ་བྱས་ཀྱི། དཀྱིལ་འཁོར་དང་འབྲེལ་བའམ། མ་འབྲེལ་ཡང་སྤྲོས་པས་མི་ལྕོགས་ན་སྒྲུབ་པའི་མཎྜལ་སྒྲུབ་བསྐྱེད་ཀྱི་བྱ་བ་གང་ཡང་མི་དགོས་ཤིང་།


KMC023_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་དཀྱུས་སུ་བསྟན་པ་ལྟར། ཚོགས་ཞིང་ནམ་མཁར་སྤྱན་དྲངས་པ་ལ་ཡན་ལག་བདུན་པ་དང་། མཎྜལ་འབུལ་ཞིང་། སྤྲོས་པ་ཤིན་ཏུ་ཆུང་བར་བྱེད་ན། དེ་ཀའི་མུར་གསོལ་འདེབས་དབང་ལེན་བགྱིས་པས་བླ་མའི་རྣལ་འབྱོར་ཡང་འགྲུབ་པ་ཡིན་ནོ། །བཞི་པ་ནི། རང་གི་སྤྱི་བོར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར་མོ་སྟོན་ཟླའི་འོད་དང་མཚུངས་པ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ། ཐུགས་ཀར་ཟླ་བའི་སྟེང་དུ་འཁོར་ལོ་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བར་མོས། ཡིག་འབྲུ་དེ་རྣམས་ལས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ་རྣམས་དང་དཀོན་མཆོག་རྣམས་རེ་རེ་ནས་སྤྱན་དྲངས། བླ་མ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་སུ་གྱུར། མདོར་


KMC023_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ན་དཀོན་མཆོག་རྒྱ་མཚོ་དངོས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །དྲན་པ་ཙམ་གྱིས་སྩོལ་མཛད་པ། །ཡིད་བཞིན་ནོར་བུ་ལྟ་བུའོ། །ཞེས་ངེས་པའི་ཤེས་པ་བསྐྱེད། འདིར་ཡང་སྤྲོ་ན་མཆོད་བསྟོད་བྱ་བར་གསུངས། དེ་ནས་བརྒྱུད་པའི་གསོལ་འདེབས་ཁྲིད་ཀྱི་སྐབས་འདིར་པདྨ་ཉིན་བྱེད་རྗེས་ཀརྨ་ཐེག་མཆོག་བསྟན་འཕེལ་ངེས་པར་འཛུད་དགོས། མཆན། ཟུར་དུ་གསལ་བ་ལྟར་ཚར་གཅིག་གི་རྗེས། གསོལ་འདེབས་ཀྱི་བསྙེན་པ་བྱ་བར་སྤྲོ་ན། འདིར་དམིགས་བསལ་མ་གསུངས་ཀྱང་བཀའ་བརྒྱུད་རིན་པོ་ཆེ་སྤྱིའི་ཕྱག་བཞེས་བཞིན་མ་ནམ་བཞི་སྐོར་ལ་གྲངས་བཟུང་། དཀྱུས་སུ་བསྟན་པ་ནི་སྐྱབས་བདུན་མ་སྟེ། གནས་སྐྱེ་བ་མེད་པའི་སོགས་ཚར་ཇི་ཙམ་འོས་པ་དད་མོས་ཀྱི་གདུང་ཤུགས་དྲག་པོ་དང་ལྡན་པས་བརྗོད་མཐར། ཐལ་མོ་སྦྱར་ཏེ། བླ་མ་ཡིད་བཞིན་འཁོར་ལོ་སོགས་ཀྱིས་འདོད་དོན་གསོལ་བ་གདབ། ལམ་དུས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ལེན་པ་ནི། བླ་


KMC023_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་བཅོམ་ལྡན་འདས་མ་ཐ་མི་དད་པའི་དཔྲལ་བ་ནས་སྐུའི་བདུད་རྩི་དང་འོད་ཟེར་དཀར་པོ། མགྲིན་པ་ལས་གསུང་གི་བདུད་རྩི་དང་འོད་ཟེར་དམར་པོ། ཐུགས་ཀ་ནས་ཐུགས་ཀྱི་བདུད་རྩི་དང་འོད་ཟེར་སྔོན་པོ། ལྟེ་བ་ནས་ཡེ་ཤེས་ཀྱི་བདུད་རྩི་དང་འོད་ཟེར་སེར་པོ་བྱོན་ཏེ། རང་གི་གནས་བཞིར་བཞུགས། ལུས་ཐམས་ཅད་གང་། སྒྲིབ་པ་བཞི་དག །དབང་བཞི་ཐོབ། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་ཞུགས། སྐུ་བཞི་མངོན་ཏུ་འགྱུར་པའི་སྐལ་པ་ཅན་ཏུ་བྱས། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་བར་མོས་ལ་གཉུག་མའི་རང་ངོར་མཉམ་པར་བཞག་གོ །གལ་ཏེ་ཉམས་ལེན་བསྡུས་པའི་དབང་དུ་བྱེད་ན། གོང་སྨོས་ཚོགས་ཞིང་སྤྱན་དྲངས། ཕྱག་མཆོད་སོགས་དང་མཎྜལ་ཕུལ་བའི་རྗེས་སུ། ཚོགས་ཞིང་གི་འཁོར་ཐམས་ཅད་གཙོ་མོ་ལ་ཐིམ། བླ་མ་དང་བཅོམ་ལྡན་འདས་མ་ཐ་དད་མེད་པ་དེ་ཉིད་རང་གི་


KMC023_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་བྱོན་ཏེ་པད་ཟླའི་གདན་ལ་བཞུགས་པར་གྱུར། ཞེས་མོས་ལ་གསོལ་འདེབས་སོགས་བྱས་པའི་རྗེས་སུ། བླ་མ་བཅོམ་ལྡན་འདས་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་གསང་བ་གསུམ་དང་རང་གི་སྒོ་གསུམ་གཉིས་སུ་མེད་པར་གྱུར་པ་མོས་པ་ཙམ་གྱིས་དབང་བཞི་དོན་གྱིས་ཚང་ངོ་། །གཉིས་པ་ལ་གཉིས། ཀུན་རྫོབ་བསོད་ནམས་དང་། དོན་དམ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྤྱིར་གོང་དུ་སྨོས་པའི་མཎྜལ་གྱི་བྱ་བ་ལ་སོགས་པ་དེ་རྣམས་ཀྱང་ཚོགས་བསགས་པ་ཡིན་མོད་ཀྱི། དེ་དག་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་ཐབས་སུ་གྱུར་པ་ཡིན་ལ། སངས་རྒྱས་སྒྲུབ་པ་ལ་མེད་ན་མི་འབྱུང་གི་རྒྱུའི་རྐྱེན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡིན་པས་འདིར་དམིགས་སུ་ཕྱེ་ནས་སྟོན་པ་སྟེ། དང་པོ་ནི། ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་འཕྲལ་དང་ཡུན་ཏུ་བདེ་བ་དང་ལྡན་པ་མ་ཟད། དེའི་རྒྱུ་དགེ་བ་ཕུན་སུམ་ཚོགས་པ་


KMC023_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངང་གིས་སྤྱོད་པར་གྱུར་ཅིག་སྙམ་པ་བྱམས་པ་ཚད་མེད། དེས་འགྲེས་ཏེ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྒྱུར་བཅས་སྤོང་བ་ལ་ངང་གིས་འཇུག་པར་གྱུར་ཅིག་སྙམ་པ་སྙིང་རྗེ་ཚད་མེད། གནས་སྐབས་ལྟར་སྣང་གི་བདེ་བ་ཙམ་མ་ཡིན་པ་སྡུག་བསྔལ་དང་གཏན་ཏུ་བྲལ་བའི་བདེ་བ་དམ་པ་ལས་ནམ་ཡང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་ཚད་མེད། ཐམས་ཅད་ཀྱང་དགྲ་གཉེན་སོགས་ཉེ་རིང་ཕྱོགས་ལྷུང་ཆགས་སྡང་གི་འདུ་ཤེས་དང་བྲལ་ནས་གྲུ་གཅིག་པའི་ནང་གི་མགྲོན་པོ་ལྟར་མཉམ་པ་ཆེན་པོའི་སེམས་ཐོབ་པར་གྱུར་ཅིག་སྙམ་པ་བཏང་སྙོམས་ཚད་མེད་པ་བཞིའི་དོན་ནན་ཏན་ཏུ་དྲན་བཞིན་ཏུ་ངག་འདོན་དལ་བར་བརྗོད། འདི་ཙམ་བསྒོམས་པས་ཚངས་རིས་ཀྱི་གནས་སུ་སྐྱེ་བར་བྱེད་ཅིང་། དེའི་སྟེང་དུ་ཐམས་ཅད་མཁྱེན་པའི་སེམས་དང་འབྲེལ་བས་མཐར་ཐུག་གི་ཚངས་པ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་


KMC023_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པའི་རྒྱུར་འགྱུར་བས་ཚངས་གནས་བཞིའམ། སེམས་ཅན་རེ་རེ་ཙམ་དང་དུས་ཉི་ཚེ་བ་མ་ཡིན་པར་མཐའ་ཡས་པའི་འགྲོ་བ་ཐམས་ཅད་གཏན་གྱི་བདེ་བ་ལ་འགོད་པའི་ལྷག་པའི་བསམ་པ་ལ་ཞུགས་པས་ཚད་མེད་བཞི་ཞེས་ཀྱང་བྱའོ། །གཉིས་པ་ནི། གཏན་ཚིགས་ཆེན་པོ་བཞི་ལ་སོགས་པས་དཔྱད་མཐར་སྟོང་པར་འཇོག་པ་ནི་སྐབས་འདིར་དག་ཏུ་མཐའ་གཅིག་ཏུ་དགོས་པ་མ་ཡིན་ལ། རྣམ་པར་མི་རྟོག་པའི་མཉམ་བཞག་ནི་ངེས་པར་དགོས་ཏེ། དེའང་གཤིས་ཅིར་ཡང་མ་གྲུབ་པ་ཙམ་གྱི་སྟོང་ཉིད་དང་། མ་གྲུབ་པ་དེ་ཀུན་རྫོབ་སེམས་སྣང་ཙམ་དང་སྦྲེལ་བའི་རིག་པ་སྒྱུ་མ་ལྟ་བུ་ལ་ཟུང་འཇུག་ཏུ་བཏགས་པ་ཙམ་མ་ཡིན་པ། སྟོང་ཉིད་རྣམ་གྲངས་ཐམས་ཅད་ཀྱི་མཆོག་སྤྲོས་བྲལ་གྱི་རིག་པ་དོན་དམ་རྣམ་པ་ཐམས་ཅད་པ་ལ་མཉམ་པར་འཇོག་པ་སྟེ། དེ་ཉིད་ལས་དང་པོ་པས་རྒྱས་འདེབས་དང་། གནས་ལུགས་རྟོགས་པ་རྣམས་ཀྱིས་རང་ངོར་འཇོག་པ་


KMC023_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གིས་གསལ་འདེབས་པའི་ཕྱིར། ཤཱུ་ནྱ་ཏཱའི་སྔགས་བརྗོད། སྔགས་དོན་ནི། ཤཱུ་ནྱ་ཏཱ་སྟོང་ཉིད་དེ། སེམས་ལས་གཞན་པ་ཕྱི་སྣོད་རང་ལུས་སོགས་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་རྣམས་མེད་ལ་རྣམ་རིག་ཙམ་གྱི་སེམས་དེའང་རང་གི་ངོ་བོས་མ་གྲུབ་སྟེ་གདོད་ནས་སྟོང་པའོ། །ཛྙཱ་ན་ཡེ་ཤེས་ཏེ། འོན་ཀྱང་བེམ་སྟོང་ནམ་མཁའ་ལྟ་བུ་མ་ཡིན་པ། དོན་དམ་པའི་རིག་པ་རྣམ་པ་ཐམས་ཅད་པར་འཆར་བའོ། །བཛྲ་ནི་རྡོ་རྗེ་སྟེ་དེ་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་གི་རང་བཞིན་དུ་གང་གསུངས་པ་དེའོ། །སྭ་བྷཱ་བ་ནི་རང་བཞིན་ཏེ་ཡེ་ཤེས་རྡོ་རྗེ་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རང་བཞིན་ཏུ་ཡོད་པའོ། །ཨཱཏྨ་ཀ་བདག་ཉིད་དེ་གནས་ལུགས་སུ་བདེན་པས་དོན་དམ་པའི་བདག་ཉིད་དོ། །ཨ་ཧཾ་ངའོ་ཞེས་པ་སྟེ་རང་གི་སེམས་ཀྱི་རང་བཞིན་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་བཟུང་བའོ། །སྟོང་པ་ཉིད་ཅེས་པས་ཀུན་རྫོབ་


KMC023_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པའི་མཐའ་སྤངས་ལ། ཡེ་ཤེས་སོགས་ཀྱིས་དོན་དམ་ཡེ་ཤེས་རྡོ་རྗེ་བསྟན་པའི་དོན་གོ་བར་བྱས་ཏེ་གཤིས་ལུགས་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་གོ །གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ལ་གཉིས། ལྷའི་རྣལ་འབྱོར་དང་བཟླས་པའི་རྣལ་འབྱོར་རོ། །དང་པོ་ལའང་གསུམ། ཡན་ལག་བཞི་ལྡན་གྱིས་ལྷའི་རྣལ་འབྱོར་སྒྲུབ་པ། མཆོད་བསྟོད། གསལ་བརྟན་དག་དྲན་ལ་བསླབ་པའོ། །དང་པོ་ནི། སྟོང་པ་ཉིད་དེའི་ངང་ལས། མཚན་རྟོག་གིས་མ་བཅོས་པའི་སེམས་ཉིད་གཉུག་མའི་སྣང་ཆ། ཧཱུྃ་ཞེས་པའི་སྒྲ་གདངས་ནམ་མཁའ་གང་བར་སད་པའི་རྐྱེན་གྱིས། འོག་ཏུ་རྡོ་རྗེའི་ས་གཞི། དེ་ལ་བརྟེན་པའི་ལོགས་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར་རྡོ་རྗེའི་ཏོག་དང་བཅས་པ། ར་གུར་གྱི་ནང་མཚམས་སུ་རྡོ་རྗེའི་བླ་བྲེ། ཕྱི་ངོས་སུ་རྡོ་རྗེའི་དྲྭ་བ་དཔྱངས་པ། གུར་ཁང་དེ་ལ་ལྟོང་ཟུག་ཅིང་། རྡོ་རྗེའི་མདེའུ་ཕྱི་རོལ་ཏུ་


KMC023_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་མདའི་དྲྭ་བ་བསྣོལ་མ། ཐམས་ཅད་ཀྱང་ཁ་དོག་དཀར་པོ། ཡངས་ཤིང་རྒྱ་ཆེ་བ། བགེགས་དང་ལོག་འདྲེན་ལྟ་ཅི་སྨོས་བསྐལ་པའི་མེ་རླུང་གིས་ཀྱང་གཞིག་མི་ནུས་པ། དེའི་དབུས་སུ་རྣམ་སྣང་ས་བོན་ཡི་གེ་བྷྲཱུྂ་དཀར་པོ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་ཟླ་ཤེལ་ཏེ་ནོར་བུ་ཆུ་ཤེལ་འབའ་ཞིག་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་ཤིང་རྒྱན་དང་མཆོད་པའི་བྱེ་བྲག་རྣམ་པ་མཐའ་ཡས་པ་དང་ལྡན་པ། དེའི་དབུས་སུ་པཾ་ཡིག་དཀར་པོ་ལས་ཆུ་སྐྱེས་ཀྱི་བྱེ་བྲག་པདྨ་དཀར་པོ་འདབ་མ་དང་ལོ་མ་རབ་ཏུ་རྒྱས་ཤིང་རིན་པོ་ཆེའི་སྡོང་བུ་སྲ་ཞིག་མཁྲེགས་ལ་གེ་སར་དང་བཅས་པའི་སྟེང་དུ། ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་ཞིང་རྙོགས་པའི་དྲི་མ་དང་བྲལ་བ། གདན་དེ་དག་གི་སྟེང་དུ་སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་དབང་གིས་རང་གི་སེམས་ཉིད་ཏཱྂ་ཡིག་ཁ་དོག་དཀར་པོ་རིང་ཆ་ཟླ་ཚེས་


KMC023_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཨུཏྤལ་དཀར་པོ་ལོ་འདབ་སྡོང་བུ་དང་བཅས་པ་ཏཱྂ་དཀར་པོས་མཚན་པ། དེ་ལས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་ཐོགས་པ་མེད་པར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པའི་འཆི་བ་ལ་སོགས་པ་འཇིག་པ་བརྒྱད་དང་བཅུ་དྲུག་བསལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། འཕགས་མ་སྒྲོལ་མའི་གོ་འཕང་ལ་བཀོད། འོད་ཟེར་དེ་དག་ཚུར་འདུས་ཨུཏྤལ་དང་ཏཱྂ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་མ་སྒྲོལ་མ་སོགས་མངོན་རྟོགས་ལྟར་ཤར་སྒོམ་དུ་བྱ་ཞིང་། ཟླ་བའི་རྒྱབ་ཡོལ་ཅན་ཏུ་གྱུར། ཅེས་སྐུ་ཡོངས་རྫོགས་གསལ་འདེབས་པ་བསྙེན་པའི་ཡན་ལག །དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་


KMC023_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ། ཐུགས་ཀའི་དབུས་སུ་པད་དཀར་དང་ཟླ་བ་ལ་ཏཱྂ་ཡིག་དཀར་པོ་འོད་ཟེར་དང་བཅས་པ་གསལ་བར་བསྒོམ་པ་ནི་ཉེ་བར་སྒྲུབ་པའི་ཡན་ལག །དེ་ལས་འོད་ཟེར་འཕྲོས། ཆོས་ཀྱི་དབྱིངས་དང་པོ་ཏ་ལ་ལ་སོགས་པ་ནས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿདང་། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས་པ་ལ། སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཚོགས་ཞིང་གི་སྐབས་ལྟར་མཆོད། ཛཿཧཱུྃ་བྂ་ཧོཿཞེས་པས་རང་དམ་ཚིག་པ་ལ་ཐིམ་སྟེ་གཉིས་སུ་མེད་པར་གྱུར། བྱང་ཆུབ་ཐོབ་ཀྱི་བར་དུ་ནམ་ཡང་མི་གཤེགས་པར་བསམ་པ་སྒྲུབ་པའི་ཡན་ལག །སླར་རང་ཐུགས་ས་བོན་ཏཱྂ་གྱི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་སེམས་དཔའ་ཁྲོ་བོ་ཡབ་ཡུམ་རྣམས་སྤྱན་དྲངས། གོང་བཞིན་མཆོད་པས་མཆོད། དབང་བསྐུར་བར་གསོལ་བ་བཏབ་པས་རིགས་ལྔས་དགོངས་པ་མཛད།


KMC023_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་མས་མཆོད་ཅིང་ཤིས་པ་བརྗོད། ཁྲོ་བོ་ཁྲོོ་མོས་བགེགས་བསྐྲད། ཡུམ་ལྔས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་གང་བ་ཐོགས་ཏེ་སྔགས་དང་ཚིགས་སུ་བཅད་པ་བརྗོད་ཅིང་དབང་བསྐུར་བས། བུམ་པའི་ཆུས་ལུས་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་དམར་པོ་མཉམ་བཞག་ལྷུང་བཟེད་བསྣམས་པས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་བསམ་པ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །གཉིས་པ་ནི། འཕྲུལ་དགའི་ལྷའི་སྤྱོད་ཡུལ་ལྟར་རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་རང་ཉིད་ལ་མཆོད་པའི་བྱེ་བྲག་གོང་དུ་སྨོས་པ་ལྟ་བུས་མཆོད་ཅིང་། དབྱངས་ཀྱི་ཡན་ལག་བརྒྱ་དང་ལྡན་པས་བསྟོད་པར་མོས་ལ་མཐར་ལྷ་མོ་རྣམས་ཀྱང་རང་ལ་བསྡུའོ། །གསུམ་པ་ལ་གསུམ། ལྷ་སྣང་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་


KMC023_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ལ་བསླབ་པའོ། །དང་པོ་ནི། དེ་ལྟར་ཡན་ལག་བཞི་རྫོགས་ཀྱིས་ལྷར་བསྐྱེད་ཅིང་མཆོད་བསྟོད་བཅས་ཟིན་ནས་གསལ་སྣང་ལ་རྩེ་གཅིག་ཏུ་བསླབ་དགོས་ཤིང་། འདི་ནི་རིམ་པ་དང་པོའི་དངོས་གཞི་ཡིན་ལ་སྔགས་བཟླས་ཙམ་ནི་དེའི་ཡན་ལག་ཉིད་དོ། །དེའང་ལས་དང་པོ་པས་རིམ་པར་གསལ་འདེབས་ལ་གསལ་སྣང་ཅུང་ཟད་ཐོབ་ནས་གཅིག་ཆར་གསལ་འདེབས། དེས་ན་ཐོག་མར་སྐུའི་ཆ་ཤས་རེ་རེ་ནས་གསལ་འདེབས་པ་སྟེ། སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་ལྟར་དྭངས་ལ་ལྟ་བས་མི་བཟོད་པའི་འོད་ཟེར་ལྔ་ལྡན་རིང་དུ་འཕྲོ་བ། སྤྱན་དཀྱུས་དང་སྙན་ཤལ་རིང་ཞིང་སྤྱན་དཀར་ནག་ཕྱེད་པ་ལ་བ་མཆོག་ལྟ་བུའི་རྫི་མ་དང་ཅུང་ཟད་འཁྱོག་པའི་སྨིན་མས་མཛེས་པ། ཤངས་དང་ཞལ་ནས་ཨུཏྤལའི་དྲི་བསུངས་འཐུལ་ཞིང་མཆུ་སྒྲོས་གཙང་ལ་དམར་བ། ཚེམས་ཕྲེང་བཞི་བཅུ་ཐག་བཟང་ཞིང་ལྗགས་སྲབ་ཅིང་མཉེན་


KMC023_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པ། བུང་པའམ་ཏོང་ཟིལ་ལྟར་གནག་པའི་དབུ་སྐྲ་ལི་བ་ལྟག་པའི་གནས་སུ་བཅིངས་ཤིང་། ལྷག་མ་རལ་པའི་ཟར་བུ་གཡས་གཡོན་ཏུ་འཕྱང་བ། རི་མོ་གསུམ་དང་ལྡན་པའི་མགྲིན་པ་ཟླུམ་པ། ཕྱག་སོར་རྣམས་པད་སྣལ་ལྟར་ཕྲ་ཞིང་མཉེན་པ་སོགས་མཚར་སྡུག་ཕུལ་དུ་བྱུང་བ། ལྟ་བས་མི་ངོམས་པའི་སྒེག་པའི་ཉམས་མཐོང་བ་ཙམ་གྱིས་ཟག་མེད་ཀྱི་བདེ་བ་སྦྱིན་པ། མཁྲངས་ཤིང་ཟླུམ་པའི་ནུ་འབུར་ཟུང་དང་རྐེད་སྐབས་ཕྲ་ཞིང་སྨད་ཀྱི་ཞེང་རྒྱས་ལ་གསང་བའི་པདྨ་རུ་སྦལ་གྱི་རྒྱབ་ལྟར་མཐོ་བ་སོགས་གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་འཛུམ་ཞིང་ཆགས་པའི་ཉམས་ཀྱིས་འཇིག་རྟེན་གསུམ་གྱི་བརྟན་པ་འཕྲོག་པ། དཔྲལ་བའི་ངོས་དང་བཅས་པའི་དབུ་ལ་སྤྱན་གསུམ། ཕྱག་ཞབས་བཞིའི་མཐིལ་དུ་སྤྱན་རེ་རེ་སྟེ། བསྡམས་པས་རྣམ་པར་བཀྲ་ཞིང་འཛུམ་པའི་ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་པ། ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོའི་སྟེང་


KMC023_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྐྱང་བ། གཡོན་པ་ཐུགས་ཀར་མཐེབ་སྲིན་སྦྱར་ཞིང་ལྷག་མ་སྒྲེངས་པས། ལོ་མ་དང་ཁ་དོག་དྲི་བསུང་ཕུན་སུམ་ཚོགས་པའི་ཨུཏྤ་ལ་དཀར་པོའི་སྡོང་བུ་འཛིན་པའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་རིན་པོ་ཆེ་སྣ་ཚོགས་པ་ལས་བྱས་པའི་རྒྱན་བརྒྱད་ཀྱིས་སྤྲས་པ་སྟེ། དེའང་སྐྲ་མཚམས་སུ་གསེར་གྱི་པདྨ་ཁ་བྱེ་བའི་ཕྲེང་བ་ལ་གནས་པའི་ལྷ་མིའི་ནོར་བུ་འོད་ཟེར་རིང་དུ་འཕྲོ་བས་དབུ་བརྒྱན་པ། རིན་པོ་ཆེའི་རྣ་སྐོར་ཟླུམ་པོ་ནོར་བུའི་ཕྲ་ཚོམ་ཅན་གྱི་སྙན་རྒྱན། མགྲིན་པ་མཛེས་པའི་མགུལ་རྒྱན། དེ་ལས་རིང་བ་ནུ་མའི་ཐད་དུ་སླེབ་པའི་སེ་མོ་དོ། ལྟེ་བའི་འོག་ཡན་འཁོར་བའི་དོ་ཤལ། དཔུང་པ་དང་མཁྲིག་མ་གཉིས་ལ་ཆེ་ཆུང་ཙམ་ལས་དབྱིབས་གཅིག་པའི་ཕྱག་གདུབ། ལོང་བུའི་གནས་སུ་དཀྲིས་པའི་ཞབས་གདུབ་སྟེ་དེ་ཐམས་ཅད་ཀྱང་རིན་པོ་ཆེའི་གཞུང་གསུམ་སོགས་ཇི་ལྟར་མཛེས་པ་རིན་པོ་ཆེའི་


KMC023_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་སུམ་གཤིབས་ལ་སོགས་པས་སྦྲེལ་ཞིང་ནོར་བུའི་ཆུན་འཕྱང་ཕྲ་མོ་དུ་མས་སྤྲས་པ། གསེར་གྱི་སྐ་རགས་ནོར་བུའི་ཕྲ་ལྡན་ལ་བརྟེན་པའི་འོག་ལྦགས་རིན་པོ་ཆེའི་དྲྭ་བ་དང་ཆུ་འཕྱང་རྣམས་ཀྱི་སྣེ་དངུལ་གྱི་གཡེར་ཁ་འཁྲོལ་བ། དར་དཀར་སེར་གྱི་རི་མོ་ཅན་གྱི་སྟོད་གཡོགས། འཇའ་ཚོན་ལྟ་བུའི་དར་སྣ་ཚོགས་པའི་ཤམ་ཐབས་དང་མཐིང་ཤུན་གྱི་མདོག་ཅན་གྱི་འོག་ལྦགས་ཏེ་རིང་ཐུང་རིམ་པ་གཉིས་དང་ལྡན་པ། ལྷའི་མེ་ཏོག་ཚར་དུ་དངར་བ་དུ་མས་སྐུའི་སྟོད་སྨད་ཐམས་ཅད་དུ་འཕྱོར་སྒེག་ཏུ་སྤྲས་པ། པད་ཟླའི་གདན་ལ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཤིང་སྐུ་དྲང་པོར་བསྲང་སྟེ་བཞུགས་པ། དྭངས་ཤིང་རྙོགས་པ་དང་བྲལ་ལ་བསིལ་ཟེར་རིང་དུ་འཕྲོ་བའི་ཟླ་བའི་དཀྱིལ་འཁོར་རབ་ཏུ་རྒྱས་པ་ལ་རྒྱབ་བརྟེན་པ། སྤྱི་བོའི་རིགས་བདག །གནས་གསུམ་འབྲུ་གསུམ། ཐུགས་ཀའི་ཡིད་བཞིན་འཁོར་ལོ། གདན་པད་ཟླ། ཆུ་ཤེལ་གྱི་གཞལ་


KMC023_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་། ཕྱི་རོལ་སྲུང་བའི་འཁོར་ལོའི་བར་དུ་ནང་ནས་ཕྱིར་རིམ་བཞིན་གསལ་འདེབས་ཤིང་སེམས་འཛིན། རེས་སྲུང་འཁོར། གཞལ་ཡས་ཁང་། གདན། སྐུའི་རྣམ་པ་སོགས་ཕྱི་ནས་ནང་དུ་གསལ་འདེབས། ཁྱད་པར་ཆ་ཤས་སམ་རྣམ་པ་གང་གསལ་བ་ལ་སེམས་རྩེ་གཅིག་བཟུང་བས། དེས་གསལ་སྣང་མཆེད་པ་ན་རྣམ་པ་སྤྱི་ལ་བསླབ་ཅིང་། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན། གསལ་ལ་མ་འདྲེས་པ་དབང་པོའི་གཞུ། ཀུན་ལ་ཁྱབ་པ་ཆུ་ཟླ་ལྟ་བུར་ཡུན་རིང་དུ་བསྒོམས་པས། ཐ་མ་ཡིད་ཡུལ་དུ་གསལ་བ། འབྲིང་མངོན་སུམ་དང་མཚུངས་པ། རབ་དེ་ལས་ཀྱང་གསལ་ཞིང་བརྟན་པར་གྱུར་པ་ན་ཇི་སྐད་བཤད་པའི་ལས་དང་དངོས་གྲུབ་ཐོགས་པ་མེད་པར་འགྲུབ་པ་ཡིན་ནོ། །གཉིས་པ་ནི། སྐུའི་རྣམ་པ་གསལ་རུང་མི་གསལ་རུང་། རང་ཐ་མལ་དུ་འཛིན་པའི་འདུ་ཤེས་དོར་ཏེ་རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ་ཤེས་


KMC023_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་དངོས་ཡིན་ནོ། །དེའི་སྐུ་གསུང་ཐུགས་ཡོན་ཏན་མཛད་པ་ཕྲིན་ལས་དང་བཅས་པ་ཐམས་ཅད་བདག་ལ་ཡོད་དོ་སྙམ་པའི་ང་རྒྱལ་ཐུན་དང་ཐུན་མཚམས་ཐམས་ཅད་དུ་རྒྱུན་བསྐྱང་བས་བྱིན་རླབས་མ་ལུས་པ་འདི་ལས་འབྱུང་ངོ་། །གསུམ་པ་ནི། ལྷའི་སྐུ་དེའང་ཐ་མལ་པའི་ལུས་འདུས་ཤིང་དངོས་པོར་གྲུབ་པ་ཅན་ལྟ་བ་མ་ཡིན་པ། འབྲས་ཆོས་ཀྱི་ཡོན་ཏན་ཐམས་ཅད་གཟུགས་ཀྱི་རྣམ་པར་སྟོན་པ་སྟེ། སྒྲིབ་གཉིས་བག་ཆགས་བཅས་པ་སྤངས་པས་སྐུ་མདོག་དཀར་མོ། ཡེ་ཤེས་ལྔའི་རང་རྩལ་ཕྱོགས་མེད་དུ་འཆར་བས་རང་འོད་ལྔ་ལྡན་འཕྲོ་བ། དེ་བཞིན་ཉིད་རོ་གཅིག་པའི་ཞལ། བདེན་གཉིས་ཟུང་འཇུག་གི་ཕྱག །སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་ཞབས། རྣམ་ཐར་སྒོ་གསུམ་གྱིས་ཆོས་ཉིད་ཇི་ལྟ་བ་གཟིགས་ཤིང་། ཚད་མེད་པ་བཞིས་ཆོས་ཅན་ཇི་སྙེད་པ་ལ་ཐུགས་རྗེ་


KMC023_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་སྤྱན་བདུན། ཕྱག་གཡས་གྲུབ་པ་གཉིས་ཀྱི་མཆོག་སྦྱིན་པ། ཕྱག་གཡོན་མཐེབ་སྲིན་སྦྱར་བས་ཐབས་ཤེས་ཟུང་འཇུག །ལྷག་མ་སྦྲེངས་པས་དཀོན་མཆོག་གསུམ་མཚོན་ཅིང་། སྤང་བྱའི་སྦུབས་གྲོལ་ཞིང་རྟོགས་བྱའི་ཡོན་ཏན་རབ་ཏུ་རྒྱས་པས་ཨུཏྤལ་དཀར་པོ་བསྣམས་པ། སྤྲོས་མཐའ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྡམས་པས་དབུ་སྐྲ་གཅིག་ཏུ་བཅིངས་པ། རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་དུ་གྱུར་ཅིང་འགྲོ་བ་ཐུགས་རྗེས་མི་གཏོང་བས་སྒེག་ཅིང་ཆགས་པའི་ཉམས་ཅན། ཡོན་ཏན་དང་མཛད་པ་མཐའ་ཡས་པ་མངའ་བས་དར་དང་རིན་པོ་ཆེ་སྣ་ཚོགས་པའི་རྒྱན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མི་གཡོ་བས་སྐུ་དྲང་པོར་བཞུགས་པ། ཉོན་མོངས་པས་མི་ཕྱེད་པས་རྡོ་རྗེའི་སྐྱིལ་ཀྲུང་བཅས་པ། འོད་དཔག་མེད་པས་རང་རིགས་མཚོན་ཅིང་ཟག་མེད་བདེ་བ་རྒྱས་པས་ཟླ་བ་ལ་རྒྱབ་བརྟེན་པ། དོན་དམ་བྱང་ཆུབ་ཀྱི་སེམས་ཆ་གང་


KMC023_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཟླ་བ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་བར་འཇུག་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ་དཀར་པོ་སྟེ། བྱང་སེམས་གཉིས་ལ་རྟག་ཏུ་གནས་པས་གདན་གྱི་རྣམ་པར་ཤར་བ་སོགས་སུ་ཤེས་པས་གྱ་ནོམ་ལྟར་ཞེན་གྱི་མཚན་རྟོག་ལས་སྐྱོབ་པར་འགྱུར་རོ། །གཉིས་པ་བཟླས་པའི་རྣལ་འབྱོར་ལ་གཉིས། འཁོར་ལོ་བསྒོམ་པ་དང་། བཟླས་པ་དངོས་སོ། །དང་པོ་ནི། རང་ཉིད་སྒྲོལ་མ་དཀར་མོར་གསལ་བའི་ཐུགས་ཀའི་དབུས་དྲང་པོར། པདྨ་དཀར་པོ་འདབ་མ་བརྒྱད་པ་དང་། ཟླ་བའི་དཀྱིལ་འཁོར་ལེབ་ཆགས་སུ་གནས་པའི་སྟེང་དུ། ཆོས་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཏཱྂ་དཀར་པོ། བཟླས་པའི་དངོས་གཞི་ཡི་གེ་བཅུ་པ་བྱེད་པའི་སྐབས་སུ། ཏཱྂ་གྱི་ཐིག་ལེའི་སྟེང་དུ་ཨོཾ་བྱ་ལྡིང་བ་ལྟ་བུ། ཏཱྂ་གྱི་འོག་འཁོར་ལོའི་ལྟེ་བའི་ཁོང་སེང་དུ་ཧཱ། རྩིབས་བརྒྱད་ལ་ཡི་གེ་བརྒྱད་ཁོ་ན་བསྒོམ་པ་ཡིན་ཅིང་། སྔགས་


KMC023_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་ཅན་བཟླ་བ་དང་འབྲེལ་ན། འཁོར་ལོའི་ལྟེ་བར་ཏཱྂ། དེ་མཐར་མདུན་ནས་གཡས་བསྐོར་དུ། ཨོཾ་མ་མ་ཨཱ་ཡུཿཔུཎྱ་ཛྙཱ་ན་པུཤྚིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ་མདུན་ནས་བརྩམ། ཏཱ་ རེ་ ཏུཏ྄་ ཏཱ་ རེ་ ཏུ་ རེ་ སྭཱ་རྣམས་ཡིག་ངོ་ནང་ལྟ། ཐམས་ཅད་ཀྱང་མུ་ཏིག་གི་རྡོག་པོ་ལྟར་ཁ་དོག་དཀར་པོ་རང་འོད་འཕྲོ་བ། ཤིན་ཏུ་མི་གཡོ་བ་བརྟན་པར་གནས་པ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་གསལ་སྣང་ཐོན་ངེས་སུ་བསྒོམ་མོ། །གཉིས་པ་བཟླས་པ་དངོས་ལ་གསུམ། འགོག་བཟླས། རྡོར་བཟླས། སྤྲོ་བསྡུ་དང་བཅས་པའི་ངག་བཟླས་སོ། །དང་པོ་ནི། རླུང་རྒྱུ་བ་རང་བབ་ཏུ་བཞག །ཐུགས་ཀའི་འཁོར་ལོ་དང་ཡིག་འབྲུ་རང་སྒྲ་སི་ལི་ལི་ཡོད་པ་ལ་རྩེ་གཅིག་ཏུ་དམིགས་པ་ནི་སེམས་འགོག་པའི་སྦྱོར་བའོ། །གཉིས་པ་ནི། རླུང་རོ་ལན་གསུམ་བསལ་བས་སྡིག་སྒྲིབ་བག་ཆགས་ཚེའི་བར་ཆད་བསལ་བར་བསྒོམ། འཇམ་རླུང་ངམ་བར་རླུང་ཙམ་ལ་བརྟེན་ཏེ་


KMC023_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཕྱིར་འགྲོ་བའི་ཚེ་སྙིང་གའི་ཏཱྂ་ལས་འོད་ཟེར་སྤྲོ། ནང་དུ་འོང་བའི་ཚེ་བསྡུ། །གནས་པའི་ཚེ་ཏཱྂ་ལ་སེམས་གཏོད་པ་ལན་བརྒྱ་ཕྲག་ལ་སོགས་པ་བསྒོམ་མོ། །གསུམ་པ་ནི། སྒོམ་པ་དེ་རྣམས་ཀྱིས་ངལ་ཞིང་སྐྱོ་བའམ། དེ་དག་ལ་གསལ་སྣང་ཐོན་ན་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་དང་འབྲེལ་བའི་ངག་བཟླས་བྱ་སྟེ། ལས་མཐུན་ནམ་བོ་དྷི་ཙིའི་བགྲང་ཕྲེང་བྱིན་རླབས་བྱས་པ་ཐོགས་ཏེ་མྱུར་བུལ་ལ་སོགས་པའི་སྐྱོན་བརྒྱད་སྤངས་ནས་བཟླས་པ་བྱས་པས། འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་དཀར་པོས་ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ནད་གདོན་དུས་མ་ཡིན་པའི་འཆི་བ་ཁྱད་པར་དུ་སྲོག་བཅད་དང་འཚོ་བའི་རྐྱེན་འཕྲོག་པ་སོགས་ཚེ་ཐུང་བར་འགྱུར་བའི་ལས་སྒྲིབ་ཐམས་ཅད་སངས་ཀྱིས་དག །འོད་ཟེར་ཕྱི་རོལ་དུ་འཕྲོས། ས་ཆུ་མེ་རླུང་སྟེ་འབྱུང་བཞིས་བསྡུས་པའི་བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་བཅུད་དང་དྭངས་མ་ཐམས་


KMC023_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བདུད་རྩིའི་རྣམ་པར་བསྡུས། རང་ལུས་ཐུགས་ཀའི་འཁོར་ལོ་དང་བཅས་པ་ལ་ཐིམ་པས་ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་ཏུ་གྱུར་པས་སྲ་བརྟན་རྡོ་རྗེའི་ཚེ་ཐོབ་པར་མོས། ཡང་འོད་ཟེར་འཕྲོས། ཚེའི་རིག་འཛིན། ལྷ་དང་དྲང་སྲོང་། མཁས་གྲུབ་དགེ་བཤེས། འཁོར་ལོས་སྒྱུར་རྒྱལ། ཕྱོགས་སྐྱོང་སྡེ་བརྒྱད་སོགས་གཡོ་བ་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ཚེ་བསོད་ཀྱི་བཅུད་གནོད་པ་མེད་པར་བསྡུ་བསྟིམ་གོང་གིས་འགྲེ། ཡང་འོད་ཟེར་འཕྲོས། མཆོག་གསུམ་རྩ་གསུམ་མ་ལུས་པ་མཆོད་ཅིང་ཐུགས་དམ་བསྐུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། མཁྱེན་བརྩེ་ནུས་པའི་ཡོན་ཏན། ཁྱད་པར་དུ་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བསྟིམས་པས་བཀྲག་མདངས་གཟི་བརྗིད་རབ་ཏུ་འབར། རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་བསྙེན་པའི་སྐབས་ཡི་གེ་བཅུ་པ་དང་། སྒྲུབ་པ་དང་


KMC023_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་གྱི་དུས་སྤེལ་ཚིག་ཅན་གཙོ་བོར་བཟླ། ཚེ་ཤམ་ཅན་བཟླ་བའི་ཚེ། སྐབས་སུ་མོས་གུས་ཀྱི་ཤུགས་ཀྱིས་སྤྱི་བོའི་རིགས་བདག་གི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་བཅུད་ཐམས་ཅད་བདུད་རྩིར་བསྡུས་ཏེ་ཕྱག་གི་ལྷུང་བཟེད་ནང་དུ་ཞུགས། ཞུ་ཞིང་ཁོལ་བའི་བདུད་རྩིའི་རྒྱུན་རང་གི་ཚངས་བུག་ནས་མར་ཞུགས། ལུས་ཐམས་ཅད་ཤེལ་བུམ་འོ་མས་གང་བ་ལྟར་གྱུར་པ་བསྒོམ། ཐུན་མཇུག་ཏུ་དབྱངས་གསལ་ཡིག་བརྒྱས་ཁ་སྐོང་བ་དང་། ཡེ་དྷར་གྱིས་བརྟན་པར་བྱེད་པ་སོགས་སྤྱི་དང་མཐུན་པར་སྦྱོར་ཞིང་། རྫོགས་པའི་རིམ་པ་གང་རུང་ལ་འཇུག་གོ །དངོས་གཞི་གཉིས་པ་རྫོགས་རིམ་ལ་གཉིས། མཚན་བཅས་དང་། མཚན་མེད་དོ། །དང་པོ་ལའང་གཉིས། སྲུང་འཁོར་བསྒོམ་པ་དང་། སྙིང་གར་ཚེ་ཕུར་གདབ་པའོ། །དང་པོ་ནི། བདག་བསྐྱེད་དང་འབྲེལ་ན་བཟླས་པ་གྲུབ་པའི་རྗེས་སུ་འོག་ཏུ་འཆད་པ་ལྟར་བསྡུ་རིམ་


KMC023_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཤིང་ཟུང་འཇུག་གི་སྐུར་མ་ལྡང་བའི་བར་དང་། དུས་སྐབས་ཅི་བདེར་བསྒོམ་ན་འདི་ཁོ་ན་ལྟར་བསྒོམ་སྟེ། སྟོང་པའི་ངང་ལས་སྐད་ཅིག་གིས་འཁོར་ལོའི་གུར་ཁང་དཀར་པོ། ཕྱོགས་མཚམས་བརྒྱད་དུ་རྩིབས་བརྒྱད། སྟེང་འོག་ཏུ་གཉིས་བཅས་རྩིས་བཅུ་རྩེ་མོ་རིམ་གྱིས་རྣོ་ཞིང་གཡས་བསྐོར་དུ་མྱུར་བ་མི་མངོན་པ་ཙམ་དུ་འཁོར་བའི་ལྟེ་བ་ཟླུམ་པོའི་དབུས་སུ་པད་ཟླའི་གདན་ལ། རང་ཉིད་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་རྒྱན་ཆ་ལུགས་རིགས་བདག་ཐུགས་ཀར་འཁོར་ལོ་ཡིག་འབྲུ་དང་བཅས་པ། སྟེང་གི་རྩིབས་ཀྱི་སྦུབས་མདོར་ཨོཾ། འོག་རྩིབས་སུ་ཧཱ། ཕྱོགས་མཚམས་རྩིབས་རྣམས་ཀྱི་རྩ་བ་སྦུབས་སྟོང་གི་ཐད་ཀྱི་ནང་དུ་མདུན་ནས་གཡས་བསྐོར་དུ། ཏཱ་ རེ་ ཏུཏ྄་ ཏཱ་ རེ་ ཏུ་ རེ་ སྭཱ་ཞེས་པ་སྟེ་ཡིག་འབྲུ་ཐམས་ཅད་ཁ་དོག་དཀར་པོ་འོད་ཟེར་རབ་ཏུ་འབར་བ། ཡིག་འབྲུ་འཁོར་ལོ་དང་བཅས་པ་སྲ་བ་བརྟན་པ་སྲུབ་མེད་པ་


KMC023_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་རླུང་སེར་བུས་ཀྱང་མི་ཐར་བ་བསམས་ལ་ཡུན་རིང་དུ་མཉམ་པར་བཞག །འདིར་སྲུང་འཁོར་གཙོ་བོར་བྱེད་ཚེ། བླ་མ་རྣམས་སྟེང་གི་ཆ་དང་། བསྲུང་བྱ་གཞན་མཆོག་དམན་གྱི་རིམ་པས་གཡས་གཡོན། དུད་འགྲོ་སོགས་རང་གི་འོག་སྟེ་ཐམས་ཅད་ཀྱང་འཁོར་ལོའི་གུར་ནང་དུ་བསྒོམ་ཞིང་། འོག་གི་འོད་ཟེར་སྤྲོ་བསྡུའི་སྐབས་རྣམས་སུ་བསྲུང་བྱ་རྣམས་ལའང་སྤྲོ་བསྟིམ་བྱ་དགོས་སོ། །དེ་ནས་རང་གི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བའི་ཟེར་མ་ལྟ་བུ་འཕྲོས། ལུས་གང་སྡིག་སྒྲིབ་ནད་གདོན་བགེགས་དང་བར་གཅོད་དུས་དང་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་བསལ། སླར་འོད་ཟེར་ཕྱི་འཕྲོས། སྣོད་བཅུད་ཀྱི་དྲི་མ་སྦྱངས། སྣོད་བདེ་བ་ཅན་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་སྒྲོལ་མའི་གོ་འཕང་ལ་བཀོད། རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང་དེ་དག་གི་སྐུ་གསུང་ཐུགས་གཉིས་སུ་


KMC023_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཡེ་ཤེས་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས། རང་གི་ལུས་གང་ཞིང་ཐུགས་ཀའི་འཁོར་ལོ་དང་ཡིག་འབྲུ་ལ་ཐིམ་པས་ཞི་བའི་ལས་འགྲུབ་ཅིང་གཟི་བརྗིད་འོད་དུ་འབར། འོད་ལྷག་མ་རྣམས་འཁོར་ལོའི་གུར་ཁང་གི་ཕྱི་རོལ་འདོམ་གང་གི་སར་ཟླུམ་པོར་འཁོར་བས་འོད་ཟེར་གུར་ཁང་སྲ་བརྟན་སྲུབ་མེད་བསྐལ་པའི་རླུང་གིས་ཀྱང་མི་ཐར་བ། ནང་གི་བར་སྟོང་ཐམས་ཅད་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་པས་གང་ཞིང་གཏམས་པར་མོས་ལ་མཉམ་པར་བཞག་པའམ། སྲུང་འཁོར་གཙོར་བཏོན་ན་སྔགས་ཡི་གེ་བཅུ་པ་བཟླའོ། །དེས་འགྲེས་ཏེ། སླར་ཡང་འོད་ཟེར་སེར་པོ་གསེར་བཙོ་མ་ལྟ་བུ་འཕྲོས། ལུས་གང་། འཆི་བ་བསལ། ཚེ་བསོད་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་སྙན་གྲགས་ཉམས་རྟོགས་ཤེས་རབ་རྒྱས། འོད་ཟེར་ཕྱིར་འཕྲོ་བ་སོགས་ནས། འོད་ཟེར་སེར་པོར་རྣམ་པར་སྤྱན་དྲངས། རྒྱས་པའི་ལས་འགྲུབ། འོད་ལྷག་མ་


KMC023_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གུར་དཀར་པོའི་ཕྱི་རོལ་འདོམ་གང་གི་ཟླུམ་པོར་འཁོར་བའི་བར་མཚམས་ཨུཏྤལ་སྔོན་པོས་གཏམས་པར་བསྒོམ། དེ་བཞིན་དུ་ཐམས་ཅད་ལ་སྦྱར་ཏེ། འོད་ཟེར་དམར་པོ་པདྨ་རཱ་ག་ལྟ་བུས་བརྟན་གཡོ་འཁོར་འདས་མཁྱེན་བརྩེ་ནུས་གསུམ་ཐམས་ཅད་དབང་དུ་བསྡུས། འོད་ཟེར་དམར་པོ་བསྟིམས་པས་དབང་གི་ལས་འགྲུབ་ཅིང་། འོད་གུར་གཉིས་པའི་ཕྱི་རོལ་དུ་འོད་དམར་པོའི་གུར་ཁང་། འོད་ཟེར་ལྕགས་ཁ་ཐོ་རེངས་ཀྱི་གནམ་ལྟ་བུས། དུག་ལྔ་དགྲ་བགེགས་བར་ཆད་ལོག་འདྲེན་སོགས་མི་མཐུན་ཕྱོགས་ཐམས་ཅད་ཚར་བཅད། འོད་ཟེར་སྔོན་པོ་བསྟིམས་པས་དྲག་པོའི་ལས་འགྲུབ། འོད་གུར་གསུམ་པའི་ཕྱི་རོལ་དུ་འོད་སྔོན་པོའི་གུར་ཁང་། འོད་ཟེར་ལྗང་གུ་མརྒད་ལྟ་བུས་མཆོག་ཐུན་མོང་ཀྱི་དངོས་གྲུབ་ཐམས་ཅད་ཅིག་ཅར་བསྒྲུབས། འོད་ཟེར་ལྗང་གུ་བསྟིམས་པས་ལས་སྣ་ཚོགས་འགྲུབ། འོད་གུར་བཞི་པའི་ཕྱི་རོལ་ཏུ་འོད་ལྗང་གུའི་གུར་


KMC023_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་། འོད་ཟེར་མཆིན་ཁ་མཐིང་ག་སྨུག་ཞད་ཅན་ཡིན་གསུང་། ཨིནྡྲ་ནཱི་ལ་ལྟ་བུས་ལས་དང་དངོས་གྲུབ་ཐམས་ཅད་མི་ཉམས་ཤིང་བརྟན་པར་བྱས། འོད་ཟེར་མཆིན་ཁ་བསྟིམས་པས་བྱིན་རླབས་དང་ལས་འགྲུབ་པ་རྣམས་བརྟན་ཅིང་གང་གིས་གཞོན་གཞིག་མི་ནུས་པར་གྱུར། འོད་གུར་ལྔ་པའི་ཕྱི་རོལ་ཏུ་འོད་མཆིན་ཁའི་གུར་ཁང་སྟེ་དྲུག་རིམ་ཐམས་ཅད་ཀྱང་གོང་གི་ཞི་བའི་འོད་དཀར་པོའི་འགྲེས་སྦྱར་ཏེ་ཚིག་བརྗོད་མིན་གང་ལྟར། དོན་རེ་རེ་བཞིན་རྒྱས་པར་གསལ་འདེབས་ལ། མཐར་དེ་ཐམས་ཅད་ཀྱང་སྒྱུ་མ་ཆུ་ཟླ་མིག་ཡོར་སྨིག་སྒྱུ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བདེན་རྫུན་དང་བྲལ་བ་སྣང་ལ་རང་བཞིན་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །ཞེས་ཟུང་འཇུག་ཆུ་ཟླ་ལྟ་བུ་བདེ་ལ་མི་ཞེན་གསལ་ལ་མི་འཛིན་པར་ཡུན་རིང་དུ་མཉམ་པར་བཞག །བསྒོམས་པས་སྐྱོན་ཕྱི་ནང་གི་སྒྲ་སྐད་དང་དབུགས་ཀྱི་འགྱུ་བ་ཐམས་ཅད་སྒྲོལ་


KMC023_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྔགས་ཀྱི་རང་སྒྲ་རང་བཞིན་གྱིས་གྲགས་པ། དེ་འང་བྲག་ཆ་ལྟར་གྲགས་སྟོང་བདེན་རྫུན་དང་བྲལ་བའི་ངང་དུ་ཤེས་པ་ཁོང་གློད་ཅིང་ལྕེ་རྩེ་གཡོ་ཙམ་དུ་ཡི་གེ་བཅུ་པ་ཅི་ནུས་བཟླས་པའི་མཐར་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་ངོ་། །འདི་ལ་སྔོན་གྱི་ཡི་གེ་ཁ་ཅིག་ཏུ་འོད་གུར་བདུན་རིམ་སོགས་གསུངས་ཀྱང་ད་ལྟ་དྲུག་རིམ་འདི་བྱེད་པ་ཡིན་ནོ། །གཉིས་པ་ནི། རང་ཡིད་བཞིན་འཁོར་ལོར་གསལ་བའི་སྐུའི་ནང་སྟོང་སང་ངེ་བ། དར་དཀར་གྱི་གུར་ཕུབ་པའམ་ཤེལ་དཀར་གྱི་བུམ་པ་ལྟ་བུའི་སྐུ་ལུས་ཀྱི་ནང་གི་དབུས་དྲང་པོར། སྲོག་པ་རྩ་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ། ཡར་སྣ་སྤྱི་བོ་ལ་ཅུང་ཟད་མ་རེག་ཅིང་མར་སྣ་གསང་གནས་ལ་ཅུང་ཟད་མ་རིག་པའི་ཡར་སྣར་ཐིག་ལེ་དཀར་པོ་བདེ་བའི་རང་བཞིན་ཅན་དང་། མར་སྣར་ཐིག་ལེ་དམར་པོ་དྲོད་ཀྱི་རང་བཞིན་ཅན་གྱིས་བཀག་པ། སྙིང་གའི་ཐད་ཀྱི་ནང་དབུས་སུ་རླུང་སེམས་ཀྱི་ངོ་བོ་ཏཱྂ་ཡིག་


KMC023_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་འོད་ཟེར་འཕྲོ་བ་ཞིག་བརྟན་པར་བསྒོམ། གསལ་ཐེབས་པ་ན་རླུང་རོ་བསལ། བུམ་ཅན་བཟུང་བས་ཏཱྂ་ལས་བྱུང་བའི་སྲོག་གི་རླུང་སྔོ་དམར་གྱིས་སྲོག་རྩའི་ནང་འགྲོ་འོང་མེད་པར་གང་བར་དམིགས་ཏེ་སེམས་བཟུང་ངོ་། །གཉིས་པ་མཚན་མེད་རྫོགས་རིམ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣང་སྲིད་ཐམས་ཅད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་གྱུར་པ་རྣམས་འོད་དུ་བྱས་ཏེ། སྲུང་འཁོར་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེའང་འོད་དུ་ཞུ་རང་ལ་ཐིམ། རང་ཉིད་གདན་དང་བཅས་པ་ཡས་ནས་མར། མས་ནས་ཡར་འདུས་ཏེ་ཐུགས་ཀའི་འཁོར་ལོ་ལ་ཐིམ། དེ་ཡིག་འབྲུ། དེ་རྣམས་ཏཱྂ་ཡིག །དེའང་འ་ཆུང་ཏ་ལ། ཏ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། དེ་ནཱ་ད་སྐྲ་རྩེ་ཙམ། དེའང་ཇེ་ཕྲར་མཐར་མི་དམིགས་པར་ཡལ་ཏེ་ཡུལ་ཡུལ་ཅན་གྱི་རྣམ་པ་གང་ཡང་མ་ལུས་པ་དབྱིངས་ནམ་མཁའ་ལྟར་དག་པའི་རྣམ་ཀུན་


KMC023_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྡན་གྱི་སྟོང་པ་ཆེན་པོ་རང་བཞིན་གྱིས་འོད་གསལ་བ་ལ་མཉམ་པར་བཞག་སྟེ། དེའང་འདས་པའི་རྗེས་མི་བཅད། མ་འོངས་པ་མི་སེམས། ད་ལྟ་བ་ལ་མི་རྟོག །འཁོར་འདས་སོགས་ཅིར་ཡང་མི་དམིགས་པའི་གནས་ལུགས་དེའི་ངང་དུ་བསྒོམ་བྱ་སྒོམ་བྱེད་སོགས་དང་བྲལ་བའི་མི་དམིགས་མི་རྟོག་ཡིན་མིན་གང་དུའང་མི་འཛིན་པར་གྲིམས་ལྷོད་རན་པོས་རང་བབ་སོ་མ་མ་བཅོས་ལྷུག་པར་བཞག །རྣམ་རྟོག་ཐོལ་སྐྱེས་ལ་སྣ་མི་བསྐྱིལ། འཕྲོ་མི་མཐུད། རྦད་ཆོད་དུ་བཏང་སྟེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རང་ལུགས་སུ་བཞག་སྟེ་བལྟས་པས། ཆོས་རྣམས་ཀྱི་གནས་ལུགས་གདོད་ནས་རྣམ་པར་དག་པ། རང་བཞིན་འོད་གསལ་བ་གསལ་སྟོང་ཟུང་འཇུག །ཡོད་མེད་བདེན་རྫུན་སོགས་གཉིས་སྣང་སྤྲོས་པ་གང་གིས་ཀྱང་མ་གོས་པའི་དབྱིངས་རིག་དབྱེར་མེད། ལྷན་སྐྱེས་ཡེ་ཤེས་ཅི་ཡང་མ་ཡིན་པ་ལ་ཅིར་ཡང་འཆར་བ། སྐྱེ་འགག་གནས་གསུམ་


KMC023_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་ནམ་མཁའ་དག་པའི་དཀྱིལ་ལྟར་དྭངས་གསལ་ཀུན་ཁྱབ་མཐའ་དབུས་མཚན་མ་ཀུན་བྲལ་དེ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་མེད་པའི་ཚུལ་དུ་མཐོང་བ་ལ། ཆེད་དུ་མི་སྒོམ་ཞིང་འདུ་མི་བྱེད་པར་མ་བཅོས་རང་བབས་སུ་བཞག་པས་སྤྲོས་མཚན་ལས་འདས་པའི་ཆོས་ཉིད་གསལ་བར་མཐོང་བ་ནི་ལྷག་མཐོང་། དེ་ཉིད་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་འཛིན་སྟངས་དང་བྲལ་བར་རང་བབས་ལྷུན་གྲུབ་ཏུ་གནས་པ་ནི་ཞི་གནས། ཡང་རྟོག་པ་རང་ཞིར་སོང་ནས་རང་ངོ་མི་རྟོག་པར་གནས་པ་ཞི་གནས། དེའི་ངོ་བོ་སྤྲོས་བྲལ་དུ་ཤེས་ཤིང་ཐག་ཆོད་པའི་རྟོགས་པ་མངོན་ཏུ་གྱུར་པ་ལྷག་མཐོང་། དེ་གཉིས་ཟུང་དུ་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་ཞི་ལྷག་ཟུང་འབྲེལ་བླ་ན་མེད་པ་ཡིན་པར་ངོས་ཤེས་པར་བྱ་སྟེ། འདི་ནི་ཆུ་བོའི་རྒྱུན་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱ་བའི་དོན་པོ་ཡིན་ནོ། །དེས་ན་བསྐྱེད་བཟླས་ཐམས་ཅད་ཀྱི་


KMC023_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཏུ་སྦྱོར་དགོས་པ་གཞིར་བཅས། དངོས་གཞིའི་སྐབས་སུ་བསྐྱེད་བཟླས་དང་མཉམ་བཞག་འདྲེ་བ་བྱུང་ན་ཟུང་འཇུག་གི་རྣལ་འབྱོར་དུ་འགྱུར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། འོད་གསལ་དེའི་ངང་ལས་སྐད་ཅིག་གིས་ཆུ་ལས་ཉ་འཕར་བའི་ཚུལ་དུ་ཡིད་བཞིན་འཁོར་ལོ་རྣམ་པ་ཐམས་ཅད་ཀྱི་གཟུགས་སྐུ་ཡོངས་སུ་རྫོགས་པ། སྒྱུ་མ་ལྟར་བདེན་རྫུན་དང་བྲལ་བའི་རང་བཞིན་ཏུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དཀར་དམར་མཐིང་གསུམ་རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པས་སྒོ་གསུམ་ལ་བར་ཆད་འཇུག་པའི་སྐབས་མི་ཕྱེད་པ་སྣང་གྲགས་རྟོག་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་རང་བཞིན་མ་གྲུབ་ཅིང་། སྣང་ཆ་སྒྱུ་མ་ཙམ་དུ་རྗེ་བཙུན་མའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རང་བཞིན་དུ་དག་པའི་བསྐྱེད་རིམ་གྱི་གྲུབ་མཐའ་ཆེན་པོ་ལམ་དུ་བསླང་བར་བྱའོ། །ཐུན་མཚམས་སུའང་ཏིང་ངེ་འཛིན་དེ་དང་མ་བྲལ་བར། གཏོར་


KMC023_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། མཎྜལ། བསྟོད་པ། སྐོར་བ། སཱཙྪ་གདབ་པ། ཁྲུས་གསོལ། འདོད་དོན་གསོལ་གདབ། ཆུ་སྦྱིན། སྲོག་སླུ། སྦྱིན་གཏོང་སོགས་སྤྱི་དང་བྱེ་བྲག་གི་དགེ་བའི་བྱ་བ་གང་ལྕོགས་ལ་འབད་ཅིང་ཉམས་སུ་བླངས་པས། ཚེ་དང་བློ་གྲོས་དང་ནོར་ལ་སོགས་པ་གནས་སྐབས་དང་། བདེ་སྟོང་གི་ཡེ་ཤེས་སོགས་མཐར་ཐུག་གི་དངོས་གྲུབ་ཡིད་ལ་འདོད་པའི་དོན་ལོ་ཟླ་ཙམ་གྱིས་འགྲུབ་ཅིང་། ཚེ་རབས་ཀུན་ཏུ་བཅོམ་ལྡན་འདས་མས་རྗེས་སུ་བཟུང་ནས་རྣམ་ཀུན་མཆོག་ལྡན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ཏུ་བྱེད་པར་འགྱུར་རོ། །ཚེ་ཁྲིད་འདི་ཀཾ་ཚང་བཀའ་བརྒྱུད་ལ་སྔོན་དུས་ཤིན་ཏུ་དར་སྲོལ་ཆེ་ཡང་། བར་དུ་དབང་ལུང་ཙམ་ལས་ཁྲིད་རྒྱུན་དངོས་ཆད་ཅིང་། རྗེ་ཀུན་མཁྱེན་ཆེན་པོས་རིག་འཛིན་ཆེན་པོ་དང་། དེས་དབུས་ཆུ་ལྷོ་ཁའི་སྒྲུབ་ཆེན་ཞིག་ལས་གསན་པ་བརྒྱུད་ཡིག་མ་བྱུང་ཡང་། པཎ་ཆེན་བྱམས་གླིང་པའི་ཕྱོགས་ནས་བརྒྱུད་པའི་


KMC023_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་འདུག་གསུངས། དེ་དག་སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པའི་ཁྲིད་ཡིག་ལས་འཆད་ཉན་མཛད་ཡོད་པར་སྣང་ཡང་དེང་སང་དེའི་རྒྱུན་མི་འདུག །འོན་ཀྱང་བརྒྱུད་འདེབས་སུ་སྨོས་པའི་གསེར་ཕྲེང་རྣམས་བྱིན་རླབས་བརྒྱུད་པ་བར་མ་ཆད་པ་གཞིར་བྱས། བུམ་པ་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་དོན་བརྒྱུད་མཐའ་དག་གཏད་ཅིང་བཟུང་བ་མ་ཟད། རྣམ་པ་ཙམ་དུའང་རྗེ་བཙུན་མ་ཐུགས་དམ་གྱི་ལྷར་མཛད་ཅིང་ཞལ་གཟིགས་བརྒྱུད་པ་བར་མ་ཆད་པ་རྗེ་དྷརྨཱ་ཀ་ར་ཡན་ཆད་སྨོས་མ་དགོས། བདུད་འདུལ་རྡོ་རྗེ་དང་པདྨ་ཉིན་བྱེད་ཡབ་སྲས་གཉིས་ཀས་ཀྱང་རྗེ་བཙུན་མ་ཐུགས་དམ་དུ་མཛད་པས་མངོན་རྟགས་སྐུ་ཚེའི་དངོས་གྲུབ་ཁྱད་འཕགས་བརྙེས་པ་ཡོངས་སུ་གསལ་བ་དང་། རྡོ་རྗེ་འཆང་པདྨའི་མཚན་ཅན་ཐུགས་སྲས་ཟུང་དང་བཅས་པ་ལས་ཁོ་བོས་རྗེས་སུ་གནང་བ་སོགས་ཞུས་པ་ཡིན་མོད་ཀྱི། ཁྱད་པར་རྗེ་བླ་མ་ཐེག་མཆོག་བསྟན་འཕེལ་ཞབས་


KMC023_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྒྲོལ་དཀར་ལྷ་ཁྲིད་གནས་མདོ་ཕྱོགས་ནས་རྩ་བ་ཙམ་དང་། ཇོ་ནང་ཁྲིད་བརྒྱ་ལྟར་ཚར་གཅིག་གསན་ནས་ཉམས་བཞེས་ཟླ་བ་དྲུག་མཛད་འདུག་ཅིང་། དེ་ཉིད་ཀྱིས་ཆེད་དུ་གསོལ་བ་མ་བཏབ་པར་ཡང་ཐུགས་རྗེས་གཟིགས་ཏེ་ཁོ་བོ་ལ་རྗེས་གནང་། ལུང་། ལྷ་ཁྲིད་ཞིབ་རྒྱས་སུ་བསྩལ་བ་ཚིག་ཁྲིད་ཁྲིགས་ཆགས་མའི་རྒྱུན་བར་སྐབས་སུ་ཆད་པ་ལྟར་སྣང་ཡང་། དོན་གྱི་ངོ་བོ་གོང་སྨོས་ལྟར་མ་ཆད་པ་མ་ཟད། ཁྲིད་དང་ཆོ་ག་བསྲེས་པ་རྗེ་དགུ་པའི་སྒྲོལ་དཀར་རྒྱས་པ་སོགས་ལུང་ཁྲིད་སྦྲགས་མ་བཞུགས་བཞིན་པ་དང་། ཁོ་བོས་ཀྱང་དེ་དག་དང་ཇོ་ནང་ཁྲིད་བརྒྱའི་ནང་ཚན། ཁྱད་པར་ཀུན་གཟིགས་འཇམ་པའི་དབྱངས་ལས་བ་རི་ལུགས་ཀྱི་ཚེ་ཁྲིད་རྒྱས་པར་ནོས་ཏེ་ཉམས་ལེན་འདྲའང་བགྱིས་ནས། ཡིག་ཆ་འདིའང་རྗེ་དགུ་པའི་གསུང་གི་བཅུད་ཕྱུགས། ཀུན་མཁྱེན་ཆེན་པོའི་དགོངས་དོན་གཞིར་བཞག །རྗེ་བཙུན་རིན་པོ་ཆེ་ལས་བརྒྱུད་


KMC023_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདམས་ངག་གིས་ཟུར་བརྒྱན་པ་ཡིན་པས། ཕྱིན་ཆད་རང་ལུགས་འཛིན་པ་རྣམས་ཀྱིས་ཀྱང་རང་ནོར་ལ་རང་བརྙས་མི་བྱེད་པར་ཁྲིད་སྲོལ་འདི་བསྐྱང་ཐུབ་པ་བྱུང་ན་ཤིན་ཏུ་གལ་གནད་ཆེ་བ་ཡོད་དོ། །མོས་པ་ཞན་དང་བསྟན་པའི་བབ་ཡོལ་བས། །ཁྲིད་སྲོལ་ཆུ་བྲལ་ས་ལ་ཐིམ་ཉེ་བ། །དད་དང་བརྩོན་པས་ཆུ་རྐ་བཙུགས་ཟིན་གྱི། །ཆོས་རྗེས་འབྲང་རྣམས་བདུད་རྩིར་བསྟེན་པར་རིགས། །གྲགས་རྗེས་རྒྱུག་རྣམས་སུས་ཀྱང་མི་མགུ་བས། །རང་གི་ཆོས་ཉིད་ཀྱིས་ཐོབ་ཟང་ཟིང་དང་། །གྲགས་སྐམ་ཕྱི་སའི་ཕུང་པོར་མནོག་ནོར་བཞིན། །ལྟོ་འགེངས་སྤྱོད་པས་མི་ཚེ་འཕུལ་འཚལ་ལོ། །ཐུབ་བསྟན་སྒྲོན་མེ་རྣམས་ཀྱི་ཞབས་བརྟན་ཅིང་། །ལུང་རྟོགས་དཔལ་རྒྱས་བདག་ཀྱང་སྐྱེ་ཀུན་ཏུ། །བླ་མ་ཡིད་བཞིན་འཁོར་ལོས་རྗེས་བཟུང་སྟེ། །འཆི་མེད་བཅུད་ཀྱིས་འགྲོ་བ་འཚོ་བྱེད་ཤོག །ཅེས་པ་འདིའང་ཐུབ་བསྟན་ཡོངས་རྫོགས་ཀྱི་བཤེས་གཉེན་བཀའ་དྲིན་སུམ་ལྡན་འཇམ་དབྱངས་མཁྱེན་བརྩེའི་


KMC023_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་བཀའ་ལུང་ཟླ་ཟེར་བདུད་རྩིའི་རྒྱུན་གྱིས་བྲན་པས་སྤྲོ་བའི་ཀུ་མུད་ཅུང་ཟད་དགོད་དེ། རང་ལ་ལེགས་པར་འདོད་པ་རྣམས་ཀྱི་ཆ་རྐྱེན་ཏུ། བྱམས་མགོན་ཏཱའི་སི་ཏུའི་བཀའ་འབངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས། མཁས་པ་དང་གྲུབ་པའི་སྐྱེས་བུ་རྒྱུན་མི་འཆད་པ་འབྱུང་བའི་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་འབྱོར་དྲུག་རྒྱས་པའི་དུས་ཚེས་བཟང་པོར་བྲིས་པ་བསྟན་འགྲོ་ལ་སྨན་པར་གྱུར་ཅིག །དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གསང་ཐིག་སྙིང་པོའི་སྐོར་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས།


KMC023_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་སྙིང་པོའི་སྐོར་ལས༔ རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་བཞུགས་སོ༔


KMC023_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཏཊྡདྟཊ༔ ན་མོ་བཛྲ་ཀུ་མཱ་རཱ་ཡེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཕྲིན་ལས་སྙིང་པོར་བསྡུས་པ་ནི༔ སྐྱབས་ཡུལ་ཐམས་ཅད་མདུན་ཏུ་བསྒོམ༔ བླ་མ་དཀོན་མཆོག་གསུམ་རྣམས་དང་༔ ཧེ་རུ་ཀ་དང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྗོགས་པའི་སངས་རྒྱས་ཐོབ་འདོད་ལ༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་འཐོབ་པར་བྱ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་


KMC023_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ནས་ཐིགས་པ་ཤར༔ ཧཱུྃ་གི་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་ཕུར་བུའི་ཞིང་ཁམས་གྱུར༔ མཐིང་ནག་ཨེ་ཡེ་ཀློང་དཀྱིལ་དུ༔ བྲག་ཆེན་པད་ཉི་ལྷ་ཆེན་སྟེང་༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན༔ འོད་ཟེར་མཆོག་ཏུ་འབར་བ་ལས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དྲག་པོའི་སྤྱན་དགུ་ཕྱོགས་བཅུར་བགྲད༔


KMC023_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཤིང་༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོག༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་གྱེན་འཁྱིལ་སྐྲ་གསེབ་ཏུ༔ རྡོ་རྗེ་ཕྱེད་པས་མཚན་པ་ཡི༔ ལྟེ་བར་བླ་མ་མི་བསྐྱོད་པ༔ གཡས་པ་དང་པོས་རྩེ་དགུ་དང་༔ བར་པས་རྩེ་ལྔ་ཕྱོགས་བཅུར་གཟིར༔ གཡོན་པ་དང་པོས་མེ་ཕུང་དང་༔ བར་པས་ཁ་ཊྲཱཾ་རྩེ་གསུམ་འཛིན༔ ཐ་མས་རི་རབ་ཕུར་བུ་བསྒྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ གླང་ཆེན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་གི་པགས་པའི་ཤམ་ཐབས་མཛད༔ ཐོད་ཕྲེང་ཚར་གསུམ་དོ་ཤལ་དང་༔ ཐོད་སྐམ་རྣམས་ཀྱིས་དབུ་བརྒྱན་ཅིང་༔ རིན་པོ་ཆེ་ཡི་རྩེ་ཕྲན་དང་༔ སྦྲུལ་རིགས་ལྔ་ཡི་ཆུན་པོས་བརྒྱན༔ ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུགས༔ རུས་པའི་རྒྱན་དྲུག་ལ་སོགས་པའི༔ དཔལ་གྱི་ཆས་བཅུ་སྐུ་ལ་རྫོགས༔ ཞབས་བཞི་རོལ་པའི་སྟབས་ཀྱིས་འགྱིང་༔ དེ་ཡི་པང་དུ་སྦྱོོར་བའི་ཡུམ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་


KMC023_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འབར༔ གཡས་པས་ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ ལང་ཚོ་རྒྱས་པའི་འགྱུར་བག་ཅན༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང་༔ གཡོན་བསྐུམ་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་བརྐྱང་བདེ་བ་ཆེན་པོར་སྦྱོར༔ སྤྱི་བོར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ༔ ཡབ་ཀྱི་གསང་གནས་ཧཱུྃ་ཡིག་ལས༔ རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན༔ ཡུམ་གྱི་མཁའ་གསང་པཱྃ་ཡིག་ལས༔ པདྨ་ཉི་མ་ཨཱྃ་གིས་མཚན༔ བདེ་བ་ཆེན་པོའི་དབྱིངས་སུ་རོལ༔ བ་སྤུ་རྡོ་རྗེ་ཕྱེད་པ་དང་༔ སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཐུགས་ཀར་འོག་ཀྱི་གུར་ཁྱིམ་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ སྙེམས་མ་གྲི་ཐོད་འཛིན་དང་འཁྲིལ༔ སྐྱིལ་ཀྲུང་བཞུགས་པའི་སྲོག་གི་


KMC023_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གོར༔ རིན་ཆེན་ཆ་བརྒྱད་ཉི་ཟླའི་སྟེང་༔ རྡོ་རྗེ་སྔོན་པོའི་ལྟེ་བ་ལ༔ ཉི་མའི་སྟེང་དུ་ཧཱུྃ་མཐིང་ག༔ མཐའ་བསྐོར་འབྲུ་དགུ་རང་སྒྲར་བཅས༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས༔ སྐུ་གསུང་ཐུགས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ནི༔ དཔག་ཏུ་མེད་པ་སྤྱན་དྲངས་ཏེ༔ རང་གི་གནས་གསུམ་ཐིམ་པ་ཡིས༔ དབང་བསྐུར་བྱིན་རླབས་དངོས་གྲུབ་ཐོབ༔ བདེ་གཤེགས་བླ་མ་མཉེས་པར་བྱས༔ མཆེད་དང་ལྕམ་དྲལ་ཉམས་ཆགས་བསྐང་༔ མཁའ་འགྲོ་ཆོས་སྐྱོང་མཁོན་པ་སྦྱངས༔ དྲེགས་པ་ཐམས་ཅད་ལས་ལ་བཙུད༔ བདུད་དང་དམ་སྲི་ཐལ་བར་བརླག༔ འགྲོ་བའི་སྒོ་གསུམ་སྒྲིབ་པ་སྦྱངས༔ སྣང་བ་ཐམས་ཅད་ལྷ་ཡི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ༔ དྲན་རྟོག་ཡེ་ཤེས་རོལ་པར་བསྒོམ༔ རང་གི་སེམས་ཉིད་འདི་དག་ནི༔ རྡོ་རྗེ་གཞོན་ཆུ་ཉིིད་དུ་བལྟ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་


KMC023_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཅེས་བཟླས་ཐུན་མཚམས་གཏོར་མ་འབུལ༔ སྐབས་སུ་དཔལ་གྱི་གཏོར་མ་ནི༔ ལྷ་རུ་བསྡོམ་ལ་དབང་བླངས་ཏེ༔ དེ་ཡང་དང་པོ་མེ་ཏོག་འབུལ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས༔ བདག་ལ་བྱིན་གྱིས་བརླབས་ནས་ཀྱང་༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་སྩོལ༔ ཞེས་གསོལ་རང་ཉིད་ལྷ་རུ་བསྒོམ༔ གཏོར་མ་ལྷ་ཡི་གནས་གསུམ་ནས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་གི་གནས་གསུམ་ཐིམ་པ་ཡིས༔ སྒོ་གསུམ་སྒྲིབ་པ་མ་ལུས་སྦྱངས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་བསམས༔ ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་བཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉེན་པོའི་སྒོ་ཕྱེས་ལ༔ གཟི་


KMC023_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་སྐུ་ཡི་དབང་མཆོག་ལུས་ལ་སྩོལ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོལ༔ འཇའ་ལུས་རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད༔ ཚངས་དབྱངས་གསུང་གི་དབང་མཆོག་ངག་ལ་སྩོལ༔ ངག་སྒྲིབ་ངག་མནན་དིག་ལྐུགས་བསལ་བ་དང་༔ དྲག་སྔགས་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ སྤྲོས་བྲལ་ཐུགས་ཀྱི་དབང་མཆོག་སེམས་ལ་སྩོལ༔ ཡིད་སྒྲིབ་སྨྱོོ་འབོགས་བརྒྱལ་ནད་ཞི་བ་དང་༔ བདེ་ཆེན་ཐུགས་ཀྱི་དངོས་སྒྲུབ་སྩོལ་དུ་གསོལ༔ གཞན་ཡང་བྱད་ཁ་རྦོད་གཏོང་བཟློག་པ་དང་༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལཿ སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་པས་དབང་བླངས་གཏོར་འབུལ་ནི༔ རྃ་ཡྃ་ཁྃ་གིས་གཏོར་མ་བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་༔ བྷྲཱུྃ་ལས་བྷཉྫ་ཡངས་ཤིང་རྒྱ་ཆེའི་ནང་༔ གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་༔ བི་མུ་མར་ཤུ་ལས་


KMC023_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔ༔ ཁ་ཆོད་ཉི་མ་ཟླ་བ་རྡོ་རྗེས་མཚན༔ མེ་རླུང་སྦྱོར་བས་བདུད་རྩི་ཞུ་ཞིང་ཁོལ༔ རླངས་པས་འཁོར་འདས་དྭངས་མ་བཅུད་རྣམས་འདུས༔ རིགས་ལྔ་ཡབ་ཡུམ་སྐུར་གྱུར་བདེ་ཆེན་སྦྱོར༔ ཁ་ཆོད་བཅས་པ་བྱང་ཆུབ་སེམས་སུ་ཞུ༔ དམ་ཚིག་ཡེ་ཤེས་བདུད་རྩིར་གཉིས་མེད་འདྲེས༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོཿ ལག་པ་གཡས་ཕྱར་གཡོན་གདེངས་ཤིང་༔ མཐེབ་མཛུབ་སྦྲེལ་བའི་ཕྱག་རྒྱས་བརླབ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ སྲུང་མ་དམ་ཅན་འཁོར་དང་བཅས༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟོར་རྣམ་པར་འཕྲོ༔


KMC023_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དྷརྨ་པཱ་ལ་ས་པ་རི་ཝཱ་ར་པཱུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་དྱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧཱི༔ མ་ཧཱ་རཀྟ་ཁ་རཾ་ཁ་ཧི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་གྲྀཧྞཱནྟུ༔ མ་མ་སརྦ་སིདྡྷི་མེ་པྲ་ཡཙྪ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ངྷརྨ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་ཏུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྗོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ མ་བཅོས་སྤྲོས་མེད་དེ་བཞིན་ཉིད་དབྱིངས་ལས༔ བདེ་ཆེན་ལྷུན་གྲུབ་འབར་བའི་སྐུར་བཞེངས་པ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ རྡོ་རྗེ་ཕུར་བུའི་རིག་པ་འཛིན་རྣམས་དང་༔ ཁྲོ་བཅུ་ཡབ་ཡུམ་ཟ་བྱེད་གསོད་


KMC023_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཚོགས༔ སྲས་མཆོག་ཉེར་གཅིག་ཁྲོ་མོ་སྒོ་མ་བཞི༔ ཤྭ་ན་བདག་ཉིད་ས་བདག་སྐྱེས་བུའི་ཚོགས༔ ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་རྫས་ཕྱི་ནང་གསང་བའི་མཆོད་པ་དང་༔ བདུད་རྩི་རཀྟ་གཏོར་མའི་མཆོད་པ་བཞེས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས༔ སྒོ་གསུམ་ལོངས་སྤྱོད་བཅས་པ་སྲུང་བ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྩལ་དུ་གསོལ༔ ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པ་དང་༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པ་དང་༔ དགྲ་བགེགས་ཐལ་བར་བརླག་པའི་ཕྲིན་ལས་མཛོད༔ བྱད་ཁ་ཕུར་ཁ་ཐམས་ཅད་བཟློག་ཏུ་གསོལ༔ བཀྲ་ཤིས་བདེ་ལེགས་འབྱུང་བར་མཛད་དུ་གསོལ༔ ཞེས་བཅོལ་ཡེ་ཤེས་རང་ལ་བསྟིམ༔ འཇིག་རྟེན་པ་རྣམས་རང་གནས་གཤེགས༔ འདིས་ནི་བར་ཆད་ཐམས་ཅད་ཞི༔ བསམ་པ་


KMC023_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འདི་ཡི་འགྲུབ༔ དེ་ཕྱིར་འདི་ལ་བརྩོན་པར་གྱིས༔ ཟབ་མོའི་གདམས་པ་འདི་ཉིད་ཀྱང་༔ མ་འོངས་དོན་དུ་གཏེར་དུ་སྦས༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་རྩཱ་འདྲ་རིན་ཆེན་བྲག་ནས་སྤྱན་དྲངས་ཏེ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་གཏན་ལ་ཕབ་པའི་ཡིག་བྲིས་པདྨ་གར་གྱི་དབང་ཕྱུག་གིས་བགྱིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གསང་ཐིག་ཕུར་པ་ལ་གོང་འོག་གི་ཕྲིན་ལས་ཅུང་ཟད་ཀྱིས་བཅིང་པ་ཕྲིན་ལས་ཤིང་རྟ།


KMC023_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་སྐོར་གསུམ་ལས། །རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པ་ལ་གོང་འོག་གི་ཕྲིན་ལས་ཅུང་ཟད་ཀྱིས་བཅིང་པ་ཕྲིན་ལས་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།


KMC023_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཀུ་མཱ་ར་ན་མོ། །མ་རུངས་བདུད་སྡེ་འདུལ་ལ་ཆེས་དཔའ་ཞིང་། །སྒྲུབ་པོར་དངོས་གྲུབ་སྟེར་བར་འགྲན་ཟླ་མེད། །རིགས་འཛིན་ཡོངས་ཀྱི་ཐུགས་དམ་ལྷ་གཅིག་པུ། །དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་གསང་ཐིག་སྐོར་གསུམ་ལས་བར་ཆད་སེལ་བྱེད་རྡོ་རྗེ་ཕུར་པ་ཕྱག་རྒྱ་གཅིག་པའི་ཕྲིན་ལས་གོང་འོག་གིས་ཆིང་གིས་བཅིང་སྟེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན། དངོས། རྗེས་སོ། །དང་པོ་ལ་ལྔ་ལས། དང་པོ་ནི། གང་དུ་བསྒྲུབ་པའི་ཁང་པའི་བྱི་དོར་བྱས་ལ། དཔལ་ཆེན་པོའི་བྲིས་སྐུ་སོགས་ཀྱིས་མདུན་དུ་སྨན་གཏོར་རཀྟ་ཉེར་སྤྱོད་སོགས་དགོས་པའི་ཡོ་བྱད་མ་ཚང་བར་མེད་པར་བདོག་གོ །རང་ཉིད་ཀྱང་བདེ་བའི་སྟན་ལ་ལུས་གནད་དང་ལྡན་པར་འདུག་སྟེ། ཀུན་


KMC023_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྡོར་སེམས་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་ཆོས་དང་མཁའ་འགྲོ་ལས་དབང་མོ། །པྲ་བྷ་ཧསྟི་ངྷ་ན་སཾསྐྲྀ་ཏ། །གསོལ་བ་འདེབས་སོ་བར་ཆད་གཡུལ་འཇོམས་ཤོག །དགའ་རབ་རྡོ་རྗེ་སློབ་དཔོན་ཧཱུྃ་ཀཱ་ར། །རྡོ་རྗེ་ཐོད་ཕྲེང་རྩལ་དང་བི་མ་ལ། །བལ་འབང་ཀ་ལཱ་སིདྡྷི་མཁར་ཆེན་བཟའ། གསོལ་བ་འདེབས་སོ་བར་ཆད་གཡུལ་འཇོམས་ཤོག །ཆོས་རྒྱལ་ཡབ་སྲས་མཆོག་གྱུར་བདེ་ཆེན་གླིང་། །རྩ་བ་ཡན་ལག་རྒྱུད་ལུང་མན་ངག་གི །བརྒྱུད་པའི་བླ་མ་རིམ་


KMC023_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱོན་རྣམས་ལ། །གསོལ་བ་འདེབས་སོ་བར་ཆད་གཡུལ་འཇོམས་ཤོག །ཐུན་མོང་ཐུན་མིན་སྔོན་འགྲོས་རྒྱུད་སྦྱངས་ཤིང་། །ལམ་གྱི་དངོས་པོ་ཡོངས་རྫོགས་ཉམས་བླང་བས། །གདོས་བཅས་ལུས་ལ་ཡེ་ཤེས་སྐུར་སྨིན་ཏེ། །བདུད་འཇོམས་དཔའ་བོའི་གོ་འཕང་མངོན་འགྱུར་ཤོག །ཅེས་གསོལ་བ་བཏབ་ཅིང་གནས་བདག་ལ་གཏོར་མ་སྤྱི་ལྟར་ཕུལ། གཉིས་པ་ཚོགས་བསགས་པ་ནི། དཔལ་ཆེན་རྡོ་རྗེ་ཕུང་བུའི་ལྷ་ཚོགས་སྐྱབས་ཡུལ་རྒྱ་མཚོས་བསྐོར་བ་རང་གི་སྙིང་གའི་འོད་ཀྱིས་སད་པར་བྱས་ཏེ། ན་མོཿ བླ་མ་དཀོན་མཆོག་གསུམ་རྣམས་དང་༔ ཧེ་རུ་ཀ་དང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་དང་། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྫོགས་པའི་སངས་རྒྱས་ཐོབ་འདོད་ན༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་ཐོབ་པར་བྱ༔ ཞེས་སེམས་བསྐྱེད། མཆོད་འོས་རྣམས་ལ་མཆོད་འབུལ་ཕྱག་འཚལ་ཞིང་། །


KMC023_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་འགྱོད་བཤགས་དགེ་ལ་ཡི་རང་ངོ་། །ཆོས་འཁོར་བསྐོར་བཞིན་མྱ་ངན་མི་འདའ་བཞུགས༔ དགེ་རྩ་རྣམས་མཁྱེན་རྗོགས་བྱང་ཐོབ་ཕྱིར་བསྔོ། །མཐའ་ཡས་སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། ཆགས་སྡང་དང་བྲལ་བཏང་སྙོམས་ལ་གནས་ཤོག །ཅེས་ཡན་ལག་བདུན་པ་དང་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བྃ་ཧོཿས་ཚོགས་ཞིང་རྣམས་རང་ལ་བསྡུའོ། །གསུམ་པ་ནི། བགེགས་གཏོར། རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་སརྦ་བྷུ་ཏ་ཨ་ཀཪྵ་ཡཛཿས་མགྲོན་དགུགས། ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ དཔལ་ཆེན་ཁྲོ་རྒྱལ་ཁྲོ་ནས་སུ༔ རྡུལ་དུ་བརླག་པར་གདོན་མི་ཟ༔ དྲག་སྔགས་གུལ་ཡུངས་རོལ་མོས་ཚ་རྔམས་ཀྱིས་བསྐྲད། རྗེས་འབྲེལ་དུ་མཚམས་བཅད་པ་ནི། ཧཱུྃ༔ དཔལ་ཆེན་སྤྲུལ་པས་ནམ་མཁའ་གང་༔


KMC023_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་སྣ་ལྔས་གུར་ཆེན་ཕུབ༔ མ་བཅོས་ཆོས་དབྱིང་ཀློང་ཡངས་ལས༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཨོཾ་བཛྲ་རཀྵ༔ ཞེས་སྲུང་འཁོར་བསྒོམ། བཞི་པ་བྱིན་དབབ་པ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་བླ་མ་རིག་འཛིན་ཚོགས༔ འོག་མིན་ཞིང་ནས་བདེ་གཤེགས་ཞི་དང་ཁྲོ༔ མཁའ་སྤྱོད་གནས་ནས་ཌཱཀྐི་ཆོས་སྲུང་བཅས༔ མ་ལུས་འདིར་བྱོན་བྱིན་ཆེན་དབབ་ཏུ་གསོལ༔ ཛྙཱན་ཨ་ཝེ་ཤ་ཡ་ཨ་ཨཱཿ ལྔ་པ་མཆོད་རྫས་བྱིན་བརླབ་པ་ནི། རྃ་ཡྃ་ཁྃ༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁྃཿ ཞེས་སྤྱིར་བརླབས་ནས་སྤྲོ་ན་སྨན་རཀ་གཏོར་གསུམ་གྱི་སྔགས་གསུམ་གསུམ་བརྗོད་པས་ཀྱང་བརླབ་བོ། །གཉིས་པ་དངོས་གཞི་ལ་ལྔ་ལས། དང་པོ་དམ་ཚིག་བསྐྱེད་པ་ནི། ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ ཧཱུྃ་


KMC023_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གི་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་ཕུར་བུའི་ཞིང་ཁམས་གྱུར༔ མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ བྲག་ཆེན་པད་ཉི་ལྷ་ཆེན་སྟེང་༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན༔ འོད་ཟེར་མཆོག་ཏུ་འབར་བ་ལས༔ རང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དྲག་པོའི་སྤྱན་དགུ་ཕྱོགས་བཅུར་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཤིང་༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོག༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་གྱེན་འཁྱིལ་སྐྲ་གསེབ་ཏུ༔ རྡོ་རྗེ་ཕྱེད་པས་མཚན་པ་ཡི༔ ལྟེ་བར་བླ་མ་མི་བསྐྱོད་པ༔ གཡས་པ་དང་པོས་རྩེ་དགུ་དང་༔ བར་པས་རྩེ་ལྔ་ཕྱོགས་བཅུར་གཟིར༔ གཡོན་པ་དང་པོས་མེ་དཔུང་དང་༔ བར་པས་ཁ་ཊྭཱྃ་རྩེ་གསུམ་འཛིན༔ ཐ་མས་རི་རབ་ཕུར་བུ་


KMC023_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ གླང་ཆེན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་གི་པགས་པའི་ཤམ་ཐབས་མཛད༔ ཐོད་ཕྲེང་ཚར་གསུམ་དོ་ཤལ་དང་༔ ཐོད་སྐམ་རྣམས་ཀྱིས་དབུ་བརྒྱན་ཅིང་༔ རིན་པོ་ཆེ་ཡི་རྩེ་ཕྲན་དང་༔ སྦྲུལ་རིགས་ལྔ་ཡི་ཆུན་པོས་བརྒྱན༔ ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུགས༔ རུས་པའི་རྒྱན་དྲུག་ལ་སོགས་པའི༔ དཔལ་གྱི་ཆས་བཅུ་སྐུ་ལ་རྫོགས༔ ཞབས་བཞི་རོལ་པའི་སྟབས་ཀྱིས་འགྱིང་༔ དེ་ཡི་པང་དུ་སྦྱོར་བའི་ཡུམ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་འབར༔ གཡས་པས་ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབས༔ ལང་ཚོ་རྒྱས་པའི་འགྱུར་བག་ཅན༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང་༔ གཡོན་བསྐུམ་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་བརྐྱང་བདེ་བ་ཆེན་པོར་སྦྱོར༔ སྤྱི་བོར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སྐུ་


KMC023_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་སུ་བྱིན་གྱིས་བརླབ༔ ཡབ་ཀྱི་གསང་གནས་ཧཱུྃ་ཡིག་ལས༔ རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན༔ ཡུམ་གྱི་མཁའ་གསང་པཱཾ་ཡིག་ལས༔ པདྨ་ཉི་མ་ཨཱཾ་གིས་མཚན༔ བདེ་བ་ཆེན་པོའི་དབྱིངས་སུ་རོལ༔ བ་སྤུ་རྡོ་རྗེ་ཕྱེད་པ་དང༔ སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ་ཨོཾོཾ་ཏྲཱྃ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ༔ ཞེས་དབང་བསྐུར་རྒྱས་གདབ་རྣམས་བྱ། གཉིས་བ་ཡེ་ཤེས་པ་སྤྱན་དྲངས་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ སྲུང་མ་དམ་ཅན་འཁོར་དང་བཅས༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔


KMC023_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ གསུམ་པ་མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པ་དྱཾ་པཱུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་དྱ་ཤབྡ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷ་ཏུ་པཱུ་ཛ་ཧོ༔ བཞི་པ་བསྟོད་པ་ནི། ཧཱུྃ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ལྔ་པ་བཟླས་པ་བྱ་བ་ནི། ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ སྙེམས་མ་གྲི་ཐོད་འཛིན་དང་འཁྲིལ༔ སྐྱིལ་ཀྲུང་བཞུགས་པའི་སྲོག་གི་གོར༔ རིན་ཆེན་ཆ་བརྒྱད་ཉི་ཟླའི་སྟེང་༔ རྡོ་རྗེ་


KMC023_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོའི་ལྟེ་བ་ལ༔ ཉི་མའི་སྟེང་དུ་ཧཱུྃ་མཐིང་ག༔ མཐའ་བསྐོར་འབྲུ་དགུ་རང་སྒྲར་བཅས༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅས་ཀྱིས༔ སྐུ་གསུང་ཐུགས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ནི༔ དཔག་ཏུ་མེད་པ་སྤྱན་དྲངས་ཏེ༔ རང་གི་གནས་གསུམ་ཐིམ་པ་ཡིས༔ དབང་བསྐུར་བྱིན་རླབས་དངོས་གྲུབ་ཐོབ༔ བདེ་གཤེགས་བླ་མ་མཉེས་པར་བྱས༔ མཆེད་དང་ལྕམ་དྲལ་ཉམས་ཆགས་བསྐང་༔ མཁའ་འགྲོ་ཆོས་སྐྱོང་མཁོན་པ་སྦྱངས༔ དྲེགས་པ་ཐམས་ཅད་ལས་ལ་བཙུད༔ བདུད་དང་དམ་སྲི་ཐལ་བར་བརླག༔ འགྲོ་བའི་སྒོ་གསུམ་སྒྲིབ་པ་སྦྱངས༔ སྣང་བ་ཐམས་ཅད་ལྷ་ཡི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ༔ དྲན་རྟོགས་ཡེ་ཤེས་རོལ་པར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཞེས་རྩ་སྔགས་འབྲུ་བཅུ་


KMC023_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཅི་ནུས་སུ་བཟླ། དེས་སྐྱོ་ན། རང་གི་སེམས་ཉིད་འདི་དག་ནི༔ རྡོ་རྗེ་གཞོན་ནུ་ཉིད་དུ་བལྟ༔ ཞེས་པ་ལྟར་ལྷ་བདག་རང་སེམས་དབྱེར་མེད་ཀྱི་སྲོག་བཟུང་སྟེ་རང་བབས་སུ་བཅས་བཅོས་མེད་པར་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བར་རྩམས་པ་ན། དབྱངས་གསལ། རྟེན་སྙིང་གསུམ་གྱིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་རྗེས། སྔར་ཀྱི་མཆོད་བསྟོད་དང་། ཡི་གེ་བརྒྱཔའང་བརྗོད་དོ། དེ་ནས་གཏེར་གཞུང་གི་གཏོར་འབུལ་དང་དབང་བླངས་བཅས་བྱ། །གསུམ་པ་རྗེས་ནི། ཚོགས་མཆོད་ཕྲིན་ལས་བཅུད་ཐིག་ལྟར་མཐར་ཆགས་སུ་བཏང་བས་གྲུབ་བོ། །རང་བློར་དཔག་པའི་ཕྲིན་ལས་འདི། །རང་དང་རང་འདྲའི་བློ་རྟུལ་ལ། །ཤིན་ཏུ་སྨན་པ་ཉིད་ཡིན་ཅིང་། །དགེ་བས་ཧེ་རུ་ཀ་འགྲུབ་ཤོག །ཅེས་པ་འདིའང་ཀུན་བཟང་འགྱུར་མེད་ཚེ་དབང་གྲགས་པས་རང་ལོ་བཅུ་དགུ་བར། དབོ་ཟླའི་ཡར་ངོའི་ཚེས་བཅུ་བཞི་ལ་བྲིས་པ་དགེ་བར་གྱུར་ཅིག །ཤུདྷཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གསང་ཐིག་ཕུར་པའི་ཚོགས་མཆོད་ཕྲིན་ལས་བཅུད་ཐིག


KMC023_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་སྐོར་གསུམ་ལས། རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་ཚོགས་མཆོད་ཕྲིན་ལས་བཅུད་ཐིག་ཅེས་བྱ་བ་བཞུགས་སོ།། །།


KMC023_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཆོག་ཀུན་གྱི་ཐུགས་དམ་ལྷ། །བདུད་འདུལ་ཁྲོ་བོ་ཆེན་པོ་ལ། །གུས་པས་ཕྱག་བྱས་ཚོགས་མཆོད་ཚུལ། །ཉུང་ངུར་བྲི་ལ་དགེ་ལེགས་སྩོལ། །ལྷ་འདི་ལ་ཚོགས་མཆོད་འབུལ་བར་འདོད་ཅིང་ཕྲིན་ལས་རྒྱས་པ་བློས་མི་ལྕོགས་པ་དག་གིས། དཔལ་གཏོར་སྨན་རཀ་ཕྱི་མཆོད་ཚོགས་ཀྱི་རྫས་ཅི་འབྱོར་བཤམས་ལ། གཏེར་གཞུང་གི་བདག་བསྐྱེད་བཟླས་པ་ཅི་འགྲུབ་བྱས་ནས་མཐར་དབང་ལེན་འགྲུབ་མིན་གང་བདེས་ཆོག །དེ་ནས་གཏོར་མ་བྲན་ལ་གཏོར་འབུལ་ཕྲིན་བཅོལ་བཅས་གྲུབ་པ་དང་། ཚོགས་རྫས་ཆུ་ཆང་ནང་མཆོད་ཀྱིས་སྦྱངས་ལ། ཧཱུྃ༔ རང་བྱུང་རིག་པའི་ཡེ་ཤེས་ཀྱིས༔ རྃ་ཡྃ་ཁྃ་གིས་དངོས་འཛིན་སྦྱངས༔ བྷྲཱུྃ་ལས་དབྱིངས་ཀྱི་ཀ་པཱ་ལར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿརྣམས་


KMC023_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས༔ བདེ་གཤེགས་རིགས་ལྔའི་དམ་ཚིག་རྫས༔ ཁ་དོག་དྲི་རོ་ནུས་པར་ལྡན༔ ཨོཾ་ག་ཎ་ཙཀྲ་ཀཱ་མ་གུ་ཎ་ཧཱུྃ་ཧྲཱི་ཋ༔ ཚོགས་ཞིང་སྦྱན་འདྲེན་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོན་ལྡན་རྡོ་རྗེ་གཞོན་ནུ་དང་༔ སྲུང་མ་དམ་ཅན་འཁོར་དང་བཅས༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་


KMC023_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ༔ བཛྲ་ས་མ་ཛཿ མཆོད་པ་ནི། ཧཱུྃ༔ ཡེ་ཤེས་ལྔ་ཡི་ཆོ་འཕྲུལ་ལས༔ འདོད་ཡོན་མཆོད་སྤྲིན་བསམ་མི་ཁྱབ༔ བསོད་ནམ་ཡེ་ཤེས་ཚོགས་རྫོགས་ཕྱིར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ སྐབས་འདིར་སྐོང་བ་སྤྲོ་ན། ཧཱུྃ༔ མ་བཅོས་སྤྲོས་མེད་དེ་བཞིན་ཉིད་དབྱིངས་ལས༔ བདེ་ཆེན་ལྷུན་གྲུབ་འབར་བའི་སྐུར་བཞེངས་པ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ རྡོ་རྗེ་ཕུར་བུའི་རིག་པ་འཛིན་རྣམས་དང་༔ ཁྲོ་བཅུ་ཡབ་ཡུམ་ཟ་བྱེད་གསོད་བྱེད་ཚོགས༔ སྲས་མཆོག་ཉེར་གཅིག་ཁྲོ་མོ་སྒོ་མ་བཞི༔ ཤྭ་ན་བདག་ཉིད་ས་བདག་སྐྱེས་བུའི་ཚོགས༔ ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་རྫས་ཕྱི་ནང་གསང་བའི་ཚོགས་མཆོད་དང་༔ བདུད་རྩི་རཀྟ་གཏོར་མའི་མཆོད་པ་བཞེས༔ ཐུགས་


KMC023_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གཉེན་པོ་ཆོས་ཀྱི་དབྱིངས་སུ་བསྐང་༔ དམ་ཚིག་ཉམས་ཆགས་འགལ་འཁྲུལ་མཐོལ་ཞིང་བཤགས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི༔ སྒོ་གསུམ་ལོངས་སྤྱོད་བཅས་པ་སྲུང་བ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པ་དང་༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པ་དང་༔ དགྲ་བགེགས་ཐལ་བར་བརླག་པའི་ཕྲིན་ལས་མཛོད༔ བྱད་ཁ་ཕུར་ཁ་ཐམས་ཅད་བཟློག་ཏུ་གསོལ༔ བཀྲ་ཤིས་བདེ་ལེགས་འབྱུང་བར་མཛད་དུ་གསོལ༔ ཚར་གྲངས་ལྟ་བུ་ཤིན་ཏུ་བསྡུ་སྐབས་སྐོང་བ་འདི་མ་བྱས་ཀྱང་ཆོག །བཤགས་པ་ནི། ཧཱུྃ༔ ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་སྤྱོད་པས་དམ་འགལ་བ༔ ཚོགས་ཀྱི་འཁོར་ལོས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ བསྒྲལ་བ་ནི། ཧཱུྃ༔ མ་


KMC023_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གཉིས་འཛིན་དགྲ་དང་བགེགས༔ རྣམ་ཐར་གསུམ་གྱི་ཨེ་དབྱིངས་སུ༔ ཡེ་ཤེས་ཕུར་པའི་མཚོན་གྱིས་བསྒྲལ༔ ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ༔ མ་ཏྲཾ་རུ་དྲ་མཱ་ར་ཡ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧིཿ གལ་ཏེ་ཡུན་ཐུང་དུས་ཚང་གྲངས་བསགས་དགོས་པ་བྱུང་ན། ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝ་ར་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཧཱུྃ༔ དཔལ་ཆེན་འཁོར་དང་བཅས་རྣམས་ཀྱིས༔ མཆོད་པ་རྒྱ་མཚོའི་འདི་བཞེས་ཤིག༔ ཉམས་ཆགས་རྒྱ་མཚོ་མ་ལུས་བཤགས༔ ཐུགས་དམ་རྒྱ་མཚོ་མ་ལུས་བསྐང་༔ དངོས་གྲུབ་རྒྱ་མཚོ་སྩལ་དུ་གསོལ༔ ཕྲིན་ལས་རྒྱ་མཚོ་མ་ལུས་སྒྲུབས༔ ཞེས་པ་ལ་གྲངས་བཟུང་ངོ་། །དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ༔ དཔལ་གྱི་བཀའ་ཉན་དམ་ཚིག་ཅན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ སྡོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿ དེས་ཚོགས་ཀྱིི་ཕྲིན་ལས་


KMC023_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཅིང་། རྗེས་མཆོད་བསྟོད་ནི། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དྷརྨ་པཱ་ལ་ས་པ་རི་ཝཱ་ར་པཱུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ཀྱི༔ བདེ་ཆེན་གསང་བའི་མཁའ་ཀློང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཞེས་དངོས་གྲུབ་བླང་། ཧཱུྃ༔ སྣང་སྲིད་ཕུར་བུའི་དཀྱིལ་འཁོར་རྣམས༔ ཐུགས་ཀྱི་ཐིག་ལེ་ཆེན་པོར་ཐིམ༔ དཔལ་ཆེན་པོ་ཡི་དབྱིངས་ཉིད་ལས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ༔ ཞེས་བསྡུ་ལྡང་བྱ། གཙྪ་གཙྪ་སྭ་བྷཱ་ཝ་ནཾ། ཞེས་མགྲོན་ཐབས་འཇིག་རྟེན་པ་


KMC023_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ནས༔ རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ༔ འགྲོ་བ་ཀུན་གྱི་དཔལ་དུ་ཤོག༔ ཧཱུྃ༔ རིག་འཛིན་རྩལ་འཆང་བྱིན་རླབས་ཀུན་གྱི་བདག༔ སྲིད་པའི་ཕུར་བུ་དངོས་གྲུབ་ཀུན་གྱི་གཏེར༔ མ་མོ་མཁའ་འགྲོ་མྱུར་མགྱོགས་ཕྲིན་ལས་ཅན༔ ཕུར་པའི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་དང་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །དཔལ་ཆེན་དགྱེས་པའི་ཉི་འོད་ཀྱིས། །ལྷ་མིན་མུན་ཚོགས་རབ་གསལ་ནས། །གནས་སྐབས་མཐར་ཐུག་གྲུབ་གཉིས་ཀྱི། །དགེ་མཚན་རྒྱས་པའི་དཔལ་དུ་ཤོག །ཅེས་པའང་ཉེ་བར་གནས་པ་ཀརྨ་ནོར་འཕེལ་ནས་དོན་དུ་གཉེར་བའི་ངོར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་གཏེར་གཞུང་རྣམས་ཀྱི་དགོངས་པ་བསྡེབས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གསང་ཐིག་ཕུར་པའི་ཚེ་འགུགས།


KMC023_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསང་ཐུགས་ཀྱི་ཕུར་གཅིག་ལས༔ ཚེ་འགུགས་བཞུགས་སོ༔


KMC023_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཀུ་མཱ་ར་ན་མོ༔ དཀྱིལ་འཁོར་དབུས་སུ་ཚེའི་འབྲང་རྒྱས་བཤམ༔ གཡས་གཡོན་དུ་ཚེ་ཆང་དང་ཚེ་མདའ་བཤམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ བཟླས་ཤིང་མདའ་དར་གཡབ་ལ༔ ཧཱུྃ༔ དབུས་ནས་རྡོ་རྗེ་ཚེ་ཡི་ལྷ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ འཁོར་འདས་ཚེ་ཡི་བཅུད་རྣམས་བསྡུས༔ རྡོ་རྗེའི་ཚེ་སྲོག་བརྟན་པར་མཛོད༔ ཕྱོགས་བཅུའི་རྡོ་རྗེ་ཚེ་ཡི་བདག༔ དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུབ་


KMC023_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ༔ སྤྲུལ་པའི་ཕྲ་མན་ཉི་ཤུའི་ཚོགས༔ ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཕྱོགས་སྐྱོང་ལག་ནས་ཚེ་ཁུག་ལ༔ རྡོ་རྗེའི་ཚེ་སྲོག་བརྟན་པར་མཛོད༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས༔ ཁྱེད་ཀྱི་ཐུགས་དམ་གནས་ནས་བསྐུལ༔ ཚེ་སྲོག་གདོན་གྱི་བརྐུས་པ་ཁུག༔ དོ་རྗེའི་ཚེ་མཆོག་བརྟན་པར་མཛོད༔ ཚེ་འབྲང་སྤྱི་བོར་བཞག་ལ་ཚེ་ཆང་བཏུང་༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཚེ་ཡི་ལྷ༔ སྙིང་པོ་ཡེ་ཤེས་བཅུད་དང་ལྡན༔ བདེ་ཆེན་ཡེ་ཤེས་ཚེ་སྩོལ་ཅིག༔ རྡོ་རྗེ་སྲོག་


KMC023_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་འབྲང་ལོངས་སྤྱད་བཀྲ་ཤིས་སྨོན་ལམ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁོ་བོ་མཆོག་གྱུར་གླིང་པས་ཀརྨའི་དམ་ཅན་བྲག་གནས་སྤྱན་དྲངས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གཏོར་མ་འབུལ་བ་ཆོ་ག་ཕྲིན་ལས་མྱུར་འགྲུབ།


KMC023_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ལ་གཏོར་མ་འབུལ་བ་ཆོ་ག་ཕྲིན་ལས་མྱུར་འགྲུབ་བཞུགས་སོ། །


KMC023_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ་གཏོར་མ་འབུལ་བའི་ཆོ་ག་བཤད་པ་ལས། དང་པོ་ཡིད་དང་མཐུན་པའི་གནས་སུ་སྐུ་རྟེན་བཤམས་པའི་མདུན། སྟེགས་བུ་ཁེབ་ལྡན་གྱི་ཁར། རིན་པོ་ཆེའི་སྣོད་དུ། འབྲུ་ཕྱེ་ཁྲག་དང་མར་ཁུས་སྦྲུས་པ། དཔལ་གཏོར་སྟོད་ཟུར་གསུམ་ལ། འཁོར་རང་འདྲ་བཅུ། བར་མཚམས་སུ་འཐེབ་ཀྱུ་སུམ་བརྩེགས་སྤེལ་བའི་མུ་རན་ནག་པོ་དཀར་ཐིག་གིས་སྤྲས་པ། ཕུར་སྲུང་ལ་དམར་གཏོར་ཟུར་གསུམ་རཀ་ལམ་ནག་པོ་དཀར་ཐིག་གིས་སྤྲས་པ་ལ་འཁོར་རང་འདྲ་བཅུ་གཉིས། ཐེབ་ཀྱུ་གཉིས་བརྩེག་གིས་བརྒྱན་པ། གཉིས་ཀར་རྒྱན་མེ་རི་དར་གདུགས་ཤའི་བརྒྱན་ཅིང་ཟས་སྣ་མཐར་སྤུངས། གཏོར་མ་


KMC023_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གོང་འོག་ཏུ་བཤམས་པའི་གཡས་སུ་ཆོས་སྨན་ཆང་དང་སྦྱར་བ། གཡོན་དུ་རཀྟ་སོ་ལྔ་ཁྲག་དང་སྦྱར་བ་མདུན་དུ་ཉེར་སྤྱོད་སོགས་ཕྲེང་ཚར་དུ་བཤམས། རང་གི་མདུན་དུ་ནང་མཆོད་ཌཱ་རུ་དྲིལ་བུ་འཐོར་ནས་སོགས་འདུ་བྱ། བརྒྱུད་འདེབས་སྔོན་འགྲོ་བས་བདག་གི་རྣལ་འབྱོར་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿས་ཚོགས་ཞིང་སྤྱན་དྲངས། བླ་མ་དཀོན་མཆོག་གསུམ་རྣམས་དང་༔ ཧེ་རུ་ཀ་དང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་


KMC023_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྫོགས་པའི་སངས་རྒྱས་ཐོབ་འདོད་ན༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་ཐོབ་པར་བྱ༔ རྡོ་རྗེ་སློབ་དཔོན་སོགས་པོར་བསྔོ༔ སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང་༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར་པར་བསམ་ལ་མཆོད་པ་བྱིན་བརླབ་ནི། རྃ་ཡྃ་ཁྃ༔ རང་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས། མ་དག་པའི་དངོས་པོ་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་སྟོང་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་ཡས་ཕུན་སུམ་ཚོགས་པའི་ནང་དུ་ཨ་ལས་བྷནྡྷ་འབར་བའི་སྣོད་ཀྱི་ནང་དུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ།


KMC023_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས། རོལ་མོ་ལ་སོགས་པ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུར་ནམ་མཁའི་མཐའ་ཀླས་པ་གང་བར་གྱུར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། པ་དྱཾ་སོགས་ནས་ཤབྡའི་བར་སོ་སོའི་ཕྱག་རྒྱས་བྱིན་བརླབས། བདུད་རྩི་ལ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་རྃ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་ཀཾ་ལས་ཐོད་སྒྱེད་གསུམ་གྱི་སྟེང་དུ་བྷྲུྃ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བའི་དབུས་སུ་ཤུ་ལས་བྱང་སེམས་དཀར་པོ། ཤར་དུ་བི་ལས་དྲི་ཆེ་སེར་པོ། ལྷོར་མ་ལས་ཤ་ཆེན་སྔོན་པོ། ནུབ་ཏུ་རཀྟ་དམར་པོ། བྱང་དུ་མུ་ལས་དྲི་ཆུ་ལྗང་གུ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་དུ་གོ་ལས་བ་ལང་གི་ཤ །ལྷོ་རུ་ཀུ་ལས་ཁྱིའི་ཤ །ནུབ་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ་རྣམས་སྤུངས། ཡྃ་ལས་རླུང་གཡོས་རྃ་ལས་མེ་སྦར་རྫས་རྣམས་ཞུ་མ་དག་པ་ཕྱིར་ལུད།


KMC023_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་གིས་འོད་ཟེར་གྱིས་ཡེ་ཤེས་བདུད་རྩི་བཀུག་འོད་དུ་ཞུ་བ་ལས་དམ་ཚིག་གི་རྫས་དང་འདྲེས་པ་ལས་འོད་ཟེར་དཀར་བའི་མདོག་ཆགས་པ་རླངས་པ་འོད་ཟེར་ལྔ་འཕྲོས་པའི་ཟེག་མ་ལ་འདོད་ཡོན་ལྔའི་མཆོད་སྤྲིན་བཟའ་བཅའ་གཏོར་མ་རཀྟ་བྱང་སེམས་དམར་པོའི་རང་བཞིན་ནམ་མཁའི་ཁམས་གང་བས་དམ་རྫས་སྨན་རཀ་གཏོར་གསུམ་ངོ་བོ་ཡེ་ཤེས་བདུད་རྩིའི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལ་ཏེ་ཧཱུྃ་ཧྲཱིཿཋཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀཱ་མ་ལ་གུ་ཎ་པཱུ་ཛ་ཧཱུྃ་ཧྲཱིཿཋཱཿ ལན་གསུམ་བརྗོད་པས་བྱིན་གྱིས་རླབས༔ ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔ ཧཱུྃ་གི་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་ཕུར་བུའི་ཞིང་ཁམས་གྱུར༔ མཐིང་ནག་ཨེ་ཡེ་ཀློང་དཀྱིལ་དུ༔ བྲག་ཆེན་པད་ཉི་ལྷ་


KMC023_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྟེང་༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན༔ འོད་ཟེར་མཆོག་ཏུ་འབར་བ་ལས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དྲག་པོའི་སྤྱན་དགུ་ཕྱོགས་བཅུར་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཤིང་༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོག༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་གྱེན་འཁྱིལ་སྐྲ་གསེབ་ཏུ༔ རྡོ་རྗེ་ཕྱེད་པས་མཚན་པ་ཡི༔ ལྟེ་བར་བླ་མ་མི་བསྐྱོད་པ༔ གཡས་པ་དང་པོས་རྩེ་དགུ་དང་༔ བར་པས་རྩེ་ལྔ་ཕྱོགས་བཅུར་གཟིར༔ གཡོན་པ་དང་པོས་མེ་ཕུང་དང་༔ བར་པས་ཁ་ཊྲཱཾ་རྩེ་གསུམ་འཛིན༔ ཐ་མས་རི་རབ་ཕུར་བུ་བསྒྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ གླང་ཆེན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་གི་པགས་པའི་ཤམ་ཐབས་མཛད༔ ཐོད་ཕྲེང་ཚར་གསུམ་དོ་ཤལ་དང་༔ ཐོད་སྐམ་


KMC023_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་དབུ་བརྒྱན་ཅིང་༔ རིན་པོ་ཆེ་ཡི་རྩེ་ཕྲན་དང་༔ སྦྲུལ་རིགས་ལྔ་ཡི་ཆུན་པོས་བརྒྱན༔ ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུགས༔ རུས་པའི་རྒྱན་དྲུག་ལ་སོགས་པའི༔ དཔལ་གྱི་ཆས་བཅུ་སྐུ་ལ་རྫོགས༔ ཞབས་བཞི་རོལ་པའི་སྟབས་ཀྱིས་འགྱིང་༔ དེ་ཡི་པང་དུ་སྦྱོོར་བའི་ཡུམ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་འབར༔ གཡས་པས་ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ ལང་ཚོ་རྒྱས་པའི་འགྱུར་བག་ཅན༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང་༔ གཡོན་བསྐུམ་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་བརྐྱང་བདེ་བ་ཆེན་པོར་སྦྱོར༔ སྤྱི་བོར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ༔ ཡབ་ཀྱི་གསང་གནས་ཧཱུྃ་ཡིག་ལས༔ རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན༔ ཡུམ་གྱི་མཁའ་གསང་པཱྃ་ཡིག་ལས༔ པདྨ་ཉི་མ་ཨཱྃ་གིས་མཚན༔ བདེ་བ་ཆེན་པོའི་དབྱིངས་སུ་རོལ༔ བ་


KMC023_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་རྡོ་རྗེ་ཕྱེད་པ་དང་༔ སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཐུགས་ཀར་འོག་ཀྱི་གུར་ཁྱིམ་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ སྙེམས་མ་གྲི་ཐོད་འཛིན་དང་འཁྲིལ༔ སྐྱིལ་ཀྲུང་བཞུགས་པའི་སྲོག་གི་གོར༔ རིན་ཆེན་ཆ་བརྒྱད་ཉི་ཟླའི་སྟེང་༔ རྡོ་རྗེ་སྔོན་པོའི་ལྟེ་བ་ལ༔ ཉི་མའི་སྟེང་དུ་ཧཱུྃ་མཐིང་ག༔ མཐའ་བསྐོར་འབྲུ་དགུ་རང་སྒྲར་བཅས༔ ཐུགས་སྲོག་ལས་ནི་འོད་འཕྲོས་པས༔ སྒོམ་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ངྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿས་སྤྱན་དྲངས་ནས་བཞུགས་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ཤབྡ་པྲ་ཏཱིཙྪ་ཧོ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རྃ་ཁཱ་ཧཱི༔ མ་ཧཱ་རཀྟ་ཁ་རྃ་ཁ་ཧི༔ མ་ཧཱ་བྷ་ལིཾ་ཏ་ཁ་རྃ་ཁ་ཧི༔ ཧཱུྃ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་ཏུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྗོགས་མཛད་པའི༔


KMC023_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར༔ བཟླས་པ་བྱ་བ་ནི། ཐུགས་སྲོག་སྔགས་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས༔ སྐུ་གསུང་ཐུགས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ནི༔ དཔག་ཏུ་མེད་པ་སྤྱན་དྲངས་ཏེ༔ རང་གི་གནས་གསུམ་ཐིམ་པ་ཡིས༔ དབང་དང་བྱིན་རླབས་དངོས་གྲུབ་ཐོབ༔ བདེ་གཤེགས་བླ་མ་མཉེས་པར་བྱས༔ མཆེད་དང་ལྕམ་དྲལ་ཉམས་ཆགས་བསྐང་༔ མཁའ་འགྲོ་ཆོས་སྐྱོང་མཁོན་པ་སྦྱངས༔ དྲེགས་པ་ཐམས་ཅད་ལས་ལ་བཙུད༔ བདུད་དང་དམ་སྲི་ཐལ་བར་བརླག༔ འགྲོ་བའི་སྒོ་གསུམ་སྒྲིབ་པ་སྦྱངས༔ སྣང་བ་ཐམས་ཅད་ལྷ་ཡི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ༔ དྲན་རྟོག་ཡེ་ཤེས་རོལ་པར་བསྒོམ༔ ཅེས་གསལ་བཏབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཞེས་ཅི་ནུས་བཟླས་མཐར། ཐུགས་ཀ་ནས་


KMC023_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས། སྣང་སྲིད་འོད་ཞུ་རང་ལ་ཐིམ། རང་ཉིད་འོད་དུ་ཞུ་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར་པར་བསྒོམ་ལ་མཉམ་པར་བཞག །སླར་ཡང་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུར་གྱུར་པ་ལ་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམ། དེ་ནས་ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། རྗེས་སུ་མཐུན་པའི་གཏོར་ཆོག་དངོས་ནི། རྃ་ཡྃ་ཁྃ་གིས་གཏོར་མ་བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་༔ བྷྲཱུྃ་ལས་བྷཉྫ་ཡངས་ཤིང་རྒྱ་ཆེའི་ནང་༔ གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་༔ བི་མུ་མར་ཤུ་ལས་བདུད་རྩི་ལྔ༔ ཁ་ཆོད་ཉི་མ་ཟླ་བ་རྡོ་རྗེས་མཚན༔ མེ་རླུང་སྦྱོར་བས་བདུད་རྩི་ཞུ་ཞིང་ཁོལ༔ རླངས་པས་འཁོར་འདས་དྭངས་མ་བཅུད་རྣམས་འདུས༔ རིགས་ལྔ་ཡབ་ཡུམ་སྐུར་གྱུར་བདེ་ཆེན་སྦྱོར༔ ཁ་ཆོད་བཅས་པ་བྱང་ཆུབ་སེམས་སུ་ཞུ༔ དམ་ཚིག་ཡེ་ཤེས་བདུད་རྩིར་གཉིས་མེད་འདྲེས༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་


KMC023_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར༔ ཨོཾ་ཨཱཿཧཱུྃ་ཧོཿས་རྒྱས་གདབ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུ་རིག་འཛིན་སྲུང་བ་དང་བཅས་པ་སྤྱན་དྲངས་བཛྲ་ས་མ་ཛཿ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ སྲུང་མ་དམ་ཅན་འཁོར་དང་བཅས༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛཿ མདུན་གྱི་ནམ་མཁར་བཞུགས་པར་བསམ། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དྷརྨ་པཱ་ལ་ས་པ་རི་ཝཱ་ར་པཱུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་དྱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་


KMC023_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩ་ཨ་མྲྀ་ཏ་ཁ་རྃ་ཁཱ་ཧཱི༔ མ་ཧཱ་རཀྟ་ཁ་རྃ་ཁ་ཧི༔ རྡོ་རྗེ་ཐལ་མོ་གྱེན་དུ་ཕྱོགས་ལ། ཨོཾ་མ་ཧཱ་གུ་རུ་མཎྜལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྲྀཧྞཱནྟུ་མ་མ་སརྦ་སིདྡྷི་མེ་པྲ་ཡཙྪ༔ དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཡབ་ཡུམ། རྡོ་རྗེ་སེམས་དཔའ། ལག་ན་རྡོ་རྗེ། མཁའ་འགྲོ་མ་ལས་ཀྱི་དབང་མོ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིང་ཧ། བྲམ་ཟེ་པྲ་བྷ་ཧསྟི། གུ་རུ་པདྨ་འབྱུང་གནས། སློབ་དཔོན་ཧཱུྃ་ཆེན་ཀཱ་ར། བི་མ་ལ་མི་ཏྲ། དྷ་ན་སཾ་ཀྲྀ་ཏ། བལ་པོ་ཤཱི་ལ་མཉྫུ། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། དཔལ་གྱི་ཡེ་ཤེས། གཉགས་ཆེན་ཛྙཱ་ན་ཀུ་མ་ར། གཉན་ཆེན་དཔལ་དབྱངས། ཤུད་བུ་དཔལ་སེང་། སངས་རྒྱས་ཡེ་ཤེས། མཁོན་ཀླུ་དབང་། ཆོས་རྒྱལ་ཡབ་སྲས་ལ་སོགས་པ་ཕུར་བུ་བསྒྲུབ་པའི་རིག་འཛིན་རྣམས་ཀྱིས་དམ་རྫས་གཏོར་མའི་མཆོད་པ་འདི་བཞེས་ལ་སྐུ་གསུང་ཐུགས་ཀྱི་བདག་རྒྱུད་བྱིན་གྱིས་རློབས་པར་མཛད་དུ་གསོལ།


KMC023_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྲྀཧྞཱནྟུ་མ་མ་སརྦ་སིདྡྷི་མེ་པྲ་ཡཙྪ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ། ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། སྲས་མཆོག་ཉི་ཤུ་རྩ་གཅིག །ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སྒོ་མ་དང་བཅས་པ། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་དམ་རྫས་གཏོར་མའི་མཆོད་པ་འདི་བཞེས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མྱུར་བ་ཉིད་དུ་སྩལ་བར་མཛད་དུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཡ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ཤྭ་ན་ཆེན་མོ་ཡབ་ཡུམ་སྤྲུལ་པ་ཕྱག་བརྙན་བཀའ་སྡོད་ཤྭ་ན་མ་བཞི། བདག་ཉིད་མ་བཞི། ས་བདག་མ་བཞི། སྲིང་མོ་བཞི། སྐྱེས་བུ་བཅུ་གཉིས་རྒྱལ་བློན་སྤྲུལ་པ་ཡང་སྤྲུལ་ལྷ་མོ་འབྱུང་པོ་བྱ་གཅན་སོགས་ཕུར་པའི་བཀའ་སྲུང་རྣམས་ཀྱིས་དམ་རྫས་གཏོར་མའི་མཆོད་པ་འདི་བཞེས་ལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་སྲུང་བ་དང་། སྐྱོབ་པ་དང་། སྦ་


KMC023_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཕྲིན་ལས་རྣམ་པ་བཞིའི་ལས་མྱུར་དུ་འགྲུབ་པ་དང་། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་སོལ་ལ་ཅི་བཅོལ་བའི་ཕྲིན་ལས་རབ་འབྱམས་ཐོག་པ་མེད་པར་མཛད་དུ་གསོལ། ཞེས་དང་། ཧཱུྃ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་ཏུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྗོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ མ་བཅོས་སྤྲོས་མེད་དེ་བཞིན་ཉིད་དབྱིངས་ལས༔ བདེ་ཆེན་ལྷུན་གྲུབ་འབར་བའི་སྐུར་བཞེངས་པ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ རྡོ་རྗེ་ཕུར་བུའི་རིག་པ་འཛིན་རྣམས་དང་༔ ཁྲོ་བཅུ་ཡབ་ཡུམ་ཟ་བྱེད་གསོད་བྱེད་ཚོགས༔ སྲས་མཆོག་ཉེར་གཅིག་ཁྲོ་མོ་སྒོ་མ་བཞི༔ ཤྭ་ན་བདག་ཉིད་ས་བདག་སྐྱེས་བུའི་ཚོགས༔ ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ མི་


KMC023_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་རྫས་ཕྱི་ནང་གསང་བའི་མཆོད་པ་དང་༔ བདུད་རྩི་རཀྟ་གཏོར་མའི་མཆོད་པ་བཞེས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས༔ སྒོ་གསུམ་ལོངས་སྤྱོད་བཅས་པ་སྲུང་བ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྩལ་དུ་གསོལ༔ ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པ་དང་༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པ་དང་༔ དགྲ་བགེགས་ཐལ་བར་བརླག་པའི་ཕྲིན་ལས་མཛོད༔ བྱད་ཁ་ཕུར་ཁ་ཐམས་ཅད་བཟློག་ཏུ་གསོལ༔ བཀྲ་ཤིས་བདེ་ལེགས་འབྱུང་བར་མཛད་དུ་གསོལ༔ ཞེས་མངའ་གསོལ་བ་ནི། ཧཱུྃ༔ ཆོས་ཀྱི་སྐུ་ལས་མ་འགག་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུར་སྣང་དགོངས་བརྡ་སྙན་བརྒྱུད་ཀྱི། །རྡོ་རྗེ་ཕུར་པའི་རིག་འཛིན་རྩལ་འཆང་རྣམས། །སངས་རྒྱས་ཀུན་གྱི་རྒྱལ་པོར་མངའ་གསོལ་ལོ། །རྒྱལ་ཀུན་ཕྲིན་ལས་རོལ་པའི་ཧེ་རུ་ཀ །


KMC023_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་སྐུར་བཞེངས་དཔལ་ཆེན་ཁྲོ་བོའི་རྒྱལ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །རང་རིག་བདེ་སྟོང་ངོ་བོར་མངའ་གསོལ་ལོ། །ཐབས་དང་ཤེས་རབ་མཉམ་སྦྱོར་བྱང་ཆུབ་སེམས། །ཐབས་ཀྱི་འདུལ་བའི་སྐལ་དང་མི་ལྡན་རྣམས། །ཤུགས་ཀྱིས་བསྒྲལ་མཛད་སྲས་མཆོག་ཉི་ཤུ་རྣམས། །བདུད་དཔུང་ཚར་གཅོད་མཛད་ལ་མངའ༴ ཡེ་ཤེས་དབང་སོགས་ཁྲོ་རྒྱལ་ཆེན་པོ་བཅུ། །ཕ་རོལ་ཕྱིན་མ་རྡོ་རྗེ་ཁྲོ་མོ་དང་། །དབྱིངས་ཡེ་གཉིས་མེད་རོལ་རྩལ་ཁྲ་ཐབས་ཚོགས། །ཕྱོགས་བཅུར་སྲུང་བའི་རྒྱལ་པོར་མངའ༴ སྣང་སྲིད་ཡེ་དག་རྟོག་པའི་དཀྱིལ་འཁོར་ལ། །མ་རྟོགས་གཉིས་འཛིན་མཐའ་བཞིའི་བདུད་བརྟུལ་ཏེ། །ཕོ་བྲང་སྒོ་བཞི་སྲུང་བའི་གདོང་ཅན་བཞི། །འགུགས་འཆིང་སྡོམ་མྱོས་མཛད་ལ༴ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ་བཞེངས་པ། །སྲིད་པ་གསུམ་གྱིས་བདུད་དང་རུ་ཏྲའི་གཤེད། །རྡོ་རྗེ་ཤྭ་ན་ཆེན་མོ་ཡབ་དང་ཡུམ། །བསྟན་


KMC023_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ཀུན་གྱི་གཙོ་མོར༴ ཡབ་ཡུམ་གཉིས་ཀྱི་བཀའ་ལས་མི་འདའ་བའི། །ཤྭ་ན་བདག་ཉིད་ས་བདག་སྐྱེས་བུའི་ཚོགས། །ལྷ་མོ་འབྱུང་པོ་ཕོ་ཉ་བྱ་གཅན་རྣམས། །མཐུ་རྩལ་ཐོག་པ་མེད་ལ༴ རིག་འཛིན་ལྷག་པའི་ལྷ་དང་སྲུང་མར་བཅས། །དེང་ནས་བཟུང་ཏེ་བྱང་ཆུབ་སྙིང་པོའི་བར། །མི་འབྲལ་ཡི་དམ་ལྷ་རུ་འགྱུར་བ་དང་། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པའི་བགེགས། །མི་དང་མི་མིན་ཐམས་ཅད་ཚར་ཆོད་ཅིག །ཕ་རོལ་གནག་སེམས་ལོག་པའི་བསམ་སྦྱོར་དང་། །ནད་གདོན་བར་ཆད་སྡིག་སྒྲིབ་ཞི་བར་མཛོད། །ཐོས་བསམ་སྒོམ་ལ་ཉམས་རྟོགས་ཤེས་རབ་སྩོལ། །དཔལ་འབྱོར་འཁོར་སློབ་འགྲོ་དོན་སྤེལ་བ་དང་། །ཆོས་བཞིན་དུ་ཡུན་རིང་འཚོ་བའི་ཚེ། །བསོད་ནམས་སྙན་གྲགས་མངའ་ཐང་རྒྱས་པར་མཛོད། །དེ་ནས་བསྐང་བ་བྱ་བ་ནི། ཧཱུྃ༔ སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་། །ཁམས་གསུམ་འཁོར་བ་རྒྱས་འདེབས་


KMC023_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །འཁོར་ལོ་རྒྱས་འདེབས་ཐུགས༴ མི་དགེ་བཅུ་པོ་ཚར་གཅོད་ཕྱིར། །ཁྲོ་རྒྱལ་བཅུ་ཡི་ཐུགས༴ དགེ་བཅུ་དང་དུ་བླངས་བའི་ཕྱིར། །ཁྲོ་མོ་བཅུ་ཡི་ཐུགས༴ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར། །ཁྲ་ཐབས་ཉི་ཤུའི་ཐུགས༴ གདུགས་པའི་དགྲ་བགེགས་ཚར་གཅོད་ཕྱིར། །སྲས་མཆོག་ཉེར་གཅིག༴ ཞི་རྒྱས་དབང་དྲག་ལས་སྒྲུབ་ཕྱིར། །ཕྲིན་ལས་བཞི་ཡིས༴ སློབ་དཔོན་སྐུ་དགྲ་འདུལ་བའི་ཕྱིར། །ཤྭ་ན་མཆེད་བཞིའི༴ བསྟན་པའི་སྤྱི་དགྲ་འདུལ་བའི་ཕྱིར། །རེ་ཏི་མཆེད་བཞིའི༴ རྣལ་འབྱོར་དགོས་དགྲ་འདུལ་བའི་ཕྱིར། །བསྭེ་མོ་བཞི་ཡི༴ མྱུར་མགྱོགས་དྲག་པོའི་ཚར་གཅོད་ཕྱིར། །བསྭེ་ལྕགས་དུང་གསུམ༴ འགུགས་འདྲེན་འཆིང་སྡོམ་མྱོས་པའི་ཕྱིར། སྒོ་མ་བཞི་ཡི༴ རུ་ཏྲ་སྡེ་གསུམ་འདུལ་བའི་ཕྱིར། །གིང་ཆེན་བཅོ་བརྒྱད༴ ཕྱོགས་བཅུར་དམག་དཔོན་གཡབ་པའི་ཕྱིར། །མ་བདུན་སྲིང་བཞིའི་ཐུགས༴ ཕྲིན་ལས་རྒྱ་མཚོ་སྒྲུབ་པའི་ཕྱིར། །


KMC023_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་། །ཞེས་དང་། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །དཀྱིལ་འཁོར་ལྷ་ཚོགས་ཐུགས༴ བདུད་རྩི་སྨན་གྱིས༴ བ་ལིཾ་གཏོར་མས༴ ཏཀྟ་དམར་གྱིས༴ ཞལ་ཟས་ཚོགས་ཀྱིས༴ དཀྱིལ་འཁོར་ཞལ་གྱིས༴ ཛ་གད་ཕུད་ཀྱི༴ ཞུན་མར་འོད་ཀྱི༴ སྲོག་དབུགས་མདང་ཀྱིས༴ བསུར་ཆེན་དྲི་ཡིས༴ རོལ་མོ་སྒྲ་ཡིས༴ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །གཡར་དམ་ཉམས་ཆག་སོར་སྩོལ་ཅིག །དེ་ནས་བཟློག་པ་བྱ་བ་ནི། ཧཱུྃ༔ དེ་ལྟར་བསྐང་བས་བསྐང་གསོལ་ནས། །འདི་ལྟར་བཟློག་པའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་གྱི་སྲི་ལང་ཕྱིར་ལ་བཟློག །ཉེ་བའི་བྱོལ་པོ་ཕྱིར་ལ༴ ཡུལ་སའི་འགྲམ་ཆགས་ཕྱིར་ལ༴ ཕ་ཚན་རྒྱ་འདྲེ་ཕྱིར་ལ༴ གཤེད་རྗེའི་འཁྲུལ་འཁོར་ཕྱིར་ལ༴ མ་མོའི་ཁྲག་ཟོར་ཕྱིར་ལ༴ བདུད་ཀྱི་ཁྲམ་ཁ་ཕྱིར༴ བཙན་གྱི་རྐྱལ་ཁ་ཕྱིར་ལ༴ ས་


KMC023_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གདུག་བྱེད༴ རྒྱལ་པོའི་སྨྱོ་འདྲེ༴ གཟའ་ཡི་ཀིང་ཀང་ཕྱིར་ལ༴ མུ་སྟེགས་ངན་སྔགས༴ ཐེའུ་རང་སྲི་རྐུན༴ ནད་ཁ་རིམས་ཁ༴ སྔགས་པའི་ཕུར་ཁ་བྷྱོ་ཞིང་ཟློག །བོན་གྱི་བོན་ཟོར་བྷྱོ་ཞིང་ཟློག །སུམ་པའི་གླང་ཟོར་བྷྱོ༴ མེ་ཉག་བང་སོ༴ ལོ་སྐག་ཟླ་སྐག་བྷྱོ་ཞིང་ཟློག །ལྟས་ངན་མཚན་ངན༴ ཕོ་བརྒྱས་མདའ་ལྟར་མཚོན་ཁ་ཟློག །མོ་བརྒྱས་དུག་གཡོས་བྷྱོ་ཞིང་ཟློག །མི་ནག་སྐྱེས་བོའི་ཡ་ག་ཟློག །བྲན་གཡོག་ངན་པའི་དམོད་མཆུ་ཟློག །དགྲ་ལ་བྷྱོ་ཟློག་བསྒྲལ་དུ་གསོལ། །བགེགས་ལ་བྷྱོ་ཟློག་རྡུལ་དུ་བརློག །གསང་ཐིག་ཕུར་པའི་ཆ་རྐྱེན་དུ་ཉེར་མཁོའི་དབང་གི་མཆོག་གྱུར་གླིང་པས་སྤེལ་བ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་


KMC023_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཕུར་སྲུང་ཤྭ་ན་མུ་ཁའི་གསོལ་མཆོད་བསྡུས་པ།


KMC023_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་སྲུང་ཤྭ་ན་མུ་ཁའི་གསོལ་མཆོད་བསྡུས་པ་དགྲ་བགེགས་ཚར་གཅོད་ཕྲིན་ལས་མྱུར་འགྲུབ་བཞུགས་སོ། །ན་མོ་བཛྲ་ཀུ་མ་ར་ཡ། དབང་ཐོབ་དམ་ལྡན་རྣལ་འབྱོར་པས། །ཕུར་སྲུང་དམ་ཅན་རྒྱ་མཚོ་ལ། །གཏོར་འབུལ་ཕྲིན་ལས་གཉེར་གཏད་ན། །དམར་གཏོར་ཐེབ་ཀྱུ་བཅུ་གཉིས་ཅན། །བདུད་རྩི་དང་ནི་རཀྟས་བྲན། །ཇ་ཆང་སྐྱེམས་ཕུད་གང་འབྱོར་བཤམས། །ཧཱུྃ་བྷྱོཿ བདག་ཉིད་རྩ་བའི་དཀྱིལ་འཁོར་དཔལ་ཆེན་པོ། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་སྐུ་ལ་རྫོགས། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཕྱག་གི་འདྲིལ། །རྣམ་གསུམ་དཀྱིལ་འཁོར་ཡེ་རྫོགས་རོལ་པ་ལས། །ཕྲིན་ལས་མགོན་པོ་ཡབ་ཡུམ་ཕྲ་མན་ཚོགས། །ཤྭ་ན་མ་བཞི་བདག་ཉིད་ཆེན་མོ་བཞི། །ས་བདག་མ་བཞི་དུང་གི་སྐྱེས་བུ་བཞི། །ལྕགས་ཀྱི་སྐྱེས་བུ་བསྭེ་ཡི་སྐྱེས་བུ་བཞི། །ཤན་པ་བཞི་དང་སྒྲོལ་བའི་གིང་ཆེན་བཞི། །ཤེལ་གིང་བཞི་དང་དགེ་བསྙེན་ཉི་ཤུ་གཅིག །ཕུར་པའི་ལྷ་མོ་དབུ་བརྒྱ་མ་མོ་བཞི། །དྲེགས་པའི་བུ་མོ་བཞི་དང་མོན་མོ་བཞི། །འོག་གི་ཕོ་ཉ་འབྱུང་པོ་དཔའ་བོ་བཞི། །


KMC023_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་སྤྲུལ་པའི་ཕོ་ཉ་ཁྱི་མོ་བརྒྱད། །ཤེལ་བསྭེ་ལྕགས་ཟངས་དུང་གི་གདོང་དགུ་ལྔ། །གནམ་ཁྱི་བསྭེ་ཁྱི་ཁྱུང་ཁྱི་སྟག་ཁྱི་བཞི། །ལྕགས་ཀྱི་སྤྱང་མོ་དུང་གི་ཁྱི་མོ་བརྒྱད། །གསེར་གྱི་འཕར་བ་ཟང་ཀྱི་ཝ་མོ་བརྒྱད། །སྟག་སྦྲུལ་བྱི་ལ་ཁྱུང་གི་ཁྲ་ཆེན་བརྒྱད། །སྤྲུལ་པ་ཡང་སྤྲུལ་ཕྲ་མན་ཕོ་ཉའི་ཚོགས། །རེ་རེ་ལ་ཡང་བརྒྱ་སྟོང་ཁྲི་དང་འབུམ། །ལ་ལ་མི་ལུས་མགོ་བརྙན་སྣ་ཚོགས་ཅན། །ལ་ལ་གཤོག་པ་ལྡིང་ཞིང་མཁའ་ལ་རྒྱུ། །ལ་ལ་གཅན་གཟན་མཆེ་ཅན་ཤ་ལ་རྔམས། །ལ་ལ་ལྕགས་ཀྱི་ལྡེར་ཅན་ས་ལ་རྒྱུག །ལ་ལ་ཉི་ཟླ་མུན་པའི་ཟེར་ལ་རྒྱུ། །སྲིན་པོ་སྲིན་མོའི་ཚོགས་ཀྱི་འོ་དོད་འབོད། །ཤ་ཟ་ཨ་ཙར་མོན་པའི་ཆོ་འཕྲུལ་གཏོང་། སྟག་གཟིག་གཅན་གཟན་སྣ་ཚོགས་ངར་སྒྲ་འདོན། །ཝ་སྤྱང་འཕར་ཁྱི་མང་པོས་ཟ་དུ་བྱེད། །ཁྱུང་ཆེན་ལྕགས་ཀྱི་བྱེ་ཁྲས་རྐན་སྒྲ་རྡེབས། །རོ་ལངས་ཀེང་རུས་དུ་མས་བྲོ་གར་འཁྲབ། །ངེས་པའི་དོན་ལ་ཡེ་ཤེས་པ་ཡིན་ཀྱང་། །རྣམ་པ་


KMC023_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དྲེགས་པའི་སྐུར་བཞེངས་ནས། །སངས་རྒྱས་བསྟན་པ་གཉན་པོ་སྲུང་བའི་གཙོ། །དཔལ་གྱི་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །སྡེ་བརྒྱད་ཁེང་ལོག་མ་མོའི་ཆོ་འཕྲུལ་ཟློག །སྡང་བའི་དགྲ་སོད་གནོད་བྱེད་བགེགས་དཔུང་ཆོམས། །བསྟན་འཛིན་སྐྱེས་བུ་དམ་པའི་སྐུ་ཚེ་བསྲིང་། །གཙུག་ལག་ཆོས་འཁོར་དབེན་གནས་འདུས་སྡེ་སྐྱོངས། །ནད་མུག་འཁྲུག་རྩོད་མཐའ་ཡི་དམག་དཔུང་ཟློག །གཞི་བྱེས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་འཕེལ། །ལས་བཞིའི་ཕྲིན་ལས་གང་དང་གང་བཅོལ་བའི། །ཐོག་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་ཁཱ་ཧི། ཞེས་པ་འདི་ལྟར་བྲིས་ཞེས་ངེས་དོན་སྙིང་པོའི་མཛོད་འཛིན་བླ་ན་མེད་པ་བསྟན་འཛིན་གྲགས་པས་བསྐུལ་ཀྱང་རིང་མོ་འབྲི་རྒྱུ་མ་བྱུང་བར་ལུས་པས་རབ་ཚེས་ལྕགས་ཡོས་ལོར་ཕུར་པའི་བསྙེན་སྒྲུབ་སྐབས་སུ། ཀརྨ་རཏྣས་བྲིས་པ་སྲུང་མ་མངོན་སུམ་རྒྱུ་བའི་དགེ་


KMC023_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་བཅས་ལྷན་ཅིག་གྲུབ་པའང་དོན་དང་ལྡན་པར་གྱུར་ཅིག །བི་ཛ་ཡནྟུ།། །། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཕུར་ཟློག་ཤིན་ཏུ་བསྡུས་པ་ཕྲིན་ལས་མཚོན་ཆ།


KMC023_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་སྐོར་གསུམ་ལས། རྡོ་རྗེ་གཞོན་ནུ་ལ་བརྟེན་པའི་ཕུར་ཟློག་ཤིན་ཏུ་བསྡུས་པ་ཁྱེར་བདེ་ཞིང་མཁོ་ཆེ་བ་ཕྲིན་ལས་མཚོན་ཆ་ཞེས་བྱ་བ་བཞུགས་སོ། །


KMC023_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྒྲུབ་ལ་བར་ཆད་ཆེས་མང་ཞིང་། །དེ་དག་འདུལ་བའི་གཉེན་པོར་ཆེད་བསྔགས་པ། །དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིིལ་འཁོར་དང་། །ཐ་མི་དད་པ་བླ་མ་ཆེ་ལ་བཏུད། །འདིར་མན་ངག་གི་ལུགས་སུ་གཏོགས་པའི་གསང་ཐིག་ཕུར་པ་བདག་བསྐྱེད་ཕྱག་རྒྱ་གཅིག་པ་དང་། མདུན་བསྐྱེད་གཙོ་འཁོར་ཡོངས་རྫོགས་སྐད་ཅིག་དྲན་རྫོགས་ཀྱིས་བསྐྱེད་དེ་འགལ་རྐྱེན་བར་ཆད་ཟློག་པའི་ཕྲིན་བཅོལ་ཙམ་བྱེད་ཚུལ་སྤྲོས་མེད་ལ་དགའ་བ་རྣམས་ཀྱི་ལས་སྦྱོར་སྟབས་བདེ་འདིར་འཇུག་པ་ལ་གསུམ། སྦྱོར། དངོས། རྗེས་སོ། །དང་པོ་ནི། གང་དུ་བྱ་བའི་གཞི་དེར་སྨན་རཀ་གཏོར་གསུམ་ཉེར་སྤྱོད་ཚོགས་གཏོར་འབུལ་སོགས་སྤྱི་མཐུན་དང་། ལྕགས་སྣོད་དུ་འབྲུ་ནག་དུག་དང་ཁྲག་གིས་


KMC023_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུས་པའི་གཏོར་མ་ཟུར་གསུམ་ཐོག་མདིལ་གྱི་དབྱིབས་ཅན། མདུན་དུ་ཁྲག་ཀོང་། འཁོར་རང་འདྲ་ཉེར་གཅིག །དེ་རྒྱབ་བཅུ། དེ་རྒྱབ་ཉི་ཤུ། དེ་རྒྱབ་བཞི། དེ་རྒྱབ་བཅུ་གཉིས། དེ་རྒྱབ་ཉེར་བརྒྱད། དེ་རྒྱབ་ཉེར་གཅིག །བར་མཚམས་རྣམས་སུ་ཁྲག་དཀྱུས་ཐེབས་ཀྱུ་སོགས་གྲངས་མང་མཚེ་ཡུངས་གཙང་དུག་དང་། ཤ་དུམ་བ་སུ་ཏ་སོགས་ཀྱིས་བརྒྱན། རྩེར་དར་གདུགས་མཐིང་ནག་གཙོ་བོའི་སྐུ་ཙག་གིས་སྤྲས་པ་བཙུག །མཐར་སྨན་རཀ་དྲག་མཆོད་སོགས་འབྱོར་ན་བཤམས། ཤིན་ཏུ་བསྡུ་ན་གཙོ་བོའི་གཏོར་མ་ཁྲག་ཀོང་གཅིག་དང་། མཚེ་ཡུངས་རྩང་སོགས་ཁྲག་གིས་སྤགས་པ་གཏོར་ཐེབས་ལྟ་བུར་བསྐུལ་གཏོར་གྱི་ཚུལ་དུ་བཅས་ལ་གང་བདེར་བཞག །རྒྱས་ན་ཟློག་གཏོར་གྱི་


KMC023_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་དུ། མདའ། རྡོ། ཁྲག །གཏོར་ཟོར། ཀོང་ཟོར། ཉའོ། སྒྲོལ་གྲི། གསེར་སྐྱེམས་སྣོད་ཙམ་དང་། འཛོམ་ན་བསྒྲལ་ཆས་སོགས་གང་དགོས་འདུ་བྱའོ། །གཉིས་པ་ནི། ཁོ་བོའི་བྲིས་པའི་ལས་བྱང་ཕྲིན་ལས་ཤིང་རྟ་ཞེས་པའི་བསྙེན་མཚམས་གཏོར་འབུལ་དང་ཚོགས་བཏགས་པའམ། མི་ནུས་ཀྱང་གཏེར་གཞུང་བདག་བསྐྱེད་གཏོར་འབུལ་བཅས་གྲུབ་མཚམས། ཚོགས་མཆོད་ཕྲིན་ལས་བཅུད་ཐིག་ལྟར་ཐ་མའི་བར་བཏང་། གཏོར་འབུལ་རྗེེ་གཏེར་ཆེན་བླ་མས་མཛད་པ་དེ་བྱུང་ན་ལེགས། དེ་ནས་སྙིང་པོ་འབྲུ་བཅུ་གཉིས་པའི་མཐར། བྷྱོ་རཾ་ཕཊ་ཛཿ ཞེས་བརྗོད་པའི་རྐྱེན་གྱིས་དངས་པའི་མཚོ་ལ་ཉི་ཟླ་གཟའ་སྐར་གྱི་གཟུགས་བརྙན་ཤར་བ་མུན་རུམ་དུ་གློགས་འཁྱུགས་པའི་གོ་སྐབས་བཞིན། ལྟར་སྐད་ཅིག་གིས་མདུན་གྱི་ཟོར་གཏོར་གྱི་ནམ་མཁར་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། སྲས་མཆོག་ཉེར་གཅིག་ཁྲོ་བོ་བཅུ་ཡབ་ཡུམ། ཟ་གསོད་ཉི་ཤུ། སྒོ་སྐྱོང་ཕུར་སྲུང་རིག་འཛིན་དང་བཅས་པ་སྤྲིན་ཕུང་ལྡང་བ་ལྟར་ཁྲོས་འཁྲུགས་རྔམས་དྲག་ཤིན་ཏུ་མི་བསྲུན་པའི་ཉམས་དང་ལྡན་པ་དམག་དཔུང་གོ་གསར་བྱས་པ་བཞིན་སྙིང་རྗེའི་ཡུལ་


KMC023_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུགས་རྗེས་ཉེ་བར་དགོངས་ཏེ་བཞུགས་པར་གསལ་བར་བསྐྱེད་ལ་སྤུ་གྲིའི་དྲག་སྔགས་དང་། མ་ཤེས་ཀྱང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་ཀརྨ་ཡཀྵ་བྷྱོ་ཛཿ ཞེས་བཏགས་པ་ཅུང་ཟད་བཟླ། དེ་ནས་ཐུགས་དམ་བསྐུལ་བ་ནི། གཏོར་མར་སྨན་རཀ་བྲན་ཅིང་དར་ནག་གཡབ། རྔ་བོན་ཐབས་སུ་བརྡུང་ཞིང་། ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན། །མ་ཧཱ་དེ་ཝ་ལྷ་ཆེན་ཁྲི་སྟེང་ནས། །སྣང་སྲིད་ཕུར་བུས་འདེབས་པའི་ལྷ་ཚོགས་ནི། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །གཉིས་མེད་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། ཐུགས་ཀྱི་སྲས་མཆོག་རིགས་བཞི་ཀཱི་ལ་ཡ། །འཇིགས་བྱེད་ཁྲོ་བོ་ཕ་བཅུ་མ་བཅུ་དང་། །ཟ་བྱེད་གསོད་བྱེད་ཁྲ་ཐབས་ཉི་ཤུ་དང་། །སྒོ་བཞི་སྲུང་བའི་ཕྲ་མན་སྒོ་མ་བཞི། །ས་བདག་ཆེན་མོ་བསྭེ་ཡི་ལྷ་མོ་བཞི། །བདག་ཉིད་ཆེན་མོ་དཔལ་གྱི་མཆེད་སྡེ་བཞི། །ཕྱག་བརྙན་ཆེན་མོ་ཤྭ་ན་མཆེད་སྡེ་བཞི། །བསྭེ་ཡི་སྐྱེས་བུ་བཞི་དང་ལྕགས་ཀྱི་


KMC023_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་བཞི། །དུང་གི་སྐྱེས་བུ་བཞི་སོགས་ཕུར་སྲུང་ཚོགས། །ཕྲིན་ལས་ཕུར་པའི་ལྷ་ཚོགས་ཐུགས་དམ་ཅན། །མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ། །དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །གཉིས་སུ་མེད་པའི་ཕྱག་བགྱི་བཞེས་ནས་ཀྱང་། །དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བསྟོད་དོ་ཕྲིན་ལས་མཛོད། །དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །ཞེས་ཐུགས་དམ་བསྐུལ་ཞིང་གཟི་བྱིན་བསྐྱེད། ཕུད་རྫས་གསུམ་དང་ལྡན་པ་འབྲུ་གསུམ་གྱིས་བྱིན་བརླབས་ལ། འདོད་ཡོན་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ༔ རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་༔ འདུས་མདོ་སྒྱུ་འཕྲུལ་སྒྲུབ་སྡེ་ཆེན་པོ་བརྒྱད༔ ཁྱད་པར་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད༔ མ་མགོན་ལྕམ་དྲལ་ཕུར་


KMC023_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲུང་མའི་ཚོགས༔ དྲེག་ཆེན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང་༔ ཕྱི་ནང་གསང་བ་གབ་སྦས་སྡེ་བརྒྱད་རྣམས༔ གསེར་སྐྱེམས་འདི་བཞེས༴ སྔགས་འཆང་བདག་གི་རིགས་དང་བརྒྱུད་ཀྱི་སྲུང་༔ ཡུལ་རིས་གནས་ཀྱི་ལྷ་སྲུང་དཀོར་གྱི་བདག༔ ལོ་ཟླ་ཞག་དུས་ཚེས་ལ་དབང་བ་རྣམས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད༔ ཅེས་གསེར་སྐྱེམས་འབུལ། མཁྱེན་པར་གསོལ་བ་ནི། ཧཱུྃ་བྷྱོཿ དུས་གསུམ་རྒྱལ་བའི་གདུང་འཚོབས་བླ་མ་རྗེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔ ཁྲོ་བཅུ་ཡབ་ཡུམ་ཟ་བྱེད་གསོད་བྱེད་དང་༔ སྲས་མཆོག་ཉེར་གཅིག་ཁྲོ་མོ་སྒོ་མ་བཞི༔ ཤྭ་ན་བདག་ཉིད་ས་བདག་སྐྱེས་བུའི་ཚོགས༔ ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ དཔང་གྱུར་སྤྱན་གྱུར་ཅན་རྣམས་དགོངས་སུ་གསོལ༔ བདག་ནི་མ་ཉེས་དམ་ཉམས་དགྲ་ཡིས་ཉེས༔ ཉེས་བྱས་འདི་ལ་ཆད་པའི་ལས་མཛོད་ཅིག༔ ཅེས་དང་ནུས་ན། ཧཱུྃ༔ བདག་ནི་


KMC023_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་སྒྲུབ་པ་པོ༔ རྡོ་རྗེ་ཐེག་པའི་བསྟན་པ་ལ༔ མི་ཕྱེད་དད་པས་རབ་ཞུགས་ཏེ༔ སྒྲུབ་པ་སྙིང་པོར་ལེན་པ་དང་༔ ཀློག་དང་སྤང་བའི་སྡེ་བཙུགས་ཤིང་༔ ཐོས་བསམ་བསྟན་པ་བཙུག་པ་ལ༔ དགྲ་དང་བགེགས་ཀྱི་བར་ཆད་བྱུང་༔ མ་གཡེལ་དྲག་པོའི་ལས་མཛོད་ཅིག༔ ད་དུས་བསྐལ་པ་སྙིགས་མ་ལ༔ རྣལ་འབྱོར་མགོན་སྐྱབས་མ་མཆིས་པས༔ ལྷ་དང་སྲུང་མ་གྲོགས་ལ་བྱོན༔ བདེན་རྫུན་གཉིས་ཀྱི་དཔང་པོ་མཛོད༔ བདག་ནི་མ་ཉེས་མ་ལེན་ནོ༔ མ་ཡོ་མ་བཅོས་གཟུ་དང་དབང་༔ དམ་ཉམས་དགྲ་བོ་སྡིག་ཅན་གྱིས༔ ལྷ་དང་སློབ་དཔོན་བརྙས་པ་དང་༔ རྡོ་རྗེ་མཆེད་ལ་འཁུ་བ་དང་༔ སྲུང་མ་རྣམས་ལ་མཐུ་མེད་ཟེར༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སེམས་ཅན་ཡོངས་ལ་འཚེ་བ་དང་༔ ཆེས་འཁོར་སྲིས་ལ་རྔམས་པ་དང་༔ དགེ་འདུན་སྡེ་ལ་འཚེ་བ་དང་༔ བསྟན་པའི་གཞི་ལ་ཕྲག་དོག་བྱས༔ མི་དགེ་བཅུ་ནི་དང་ལེན་པའི༔ དམ་ཉམས་སྡིག་ཅན་


KMC023_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོ་འདི༔ མྱུར་དུ་བསྒྲལ་བར་མ་བྱས་ན༔ སྙིང་པོའི་སྒྲུབ་པ་བཤོལ་ལ་ཐུག༔ སངས་རྒྱས་བསྟན་པ་འཇིག་ལ་ཉེ༔ ད་ནི་ལྷ་དང་སྲུང་མ་རྣམས༔ མངོན་སྤྱོད་དྲག་པོའི་ལས་ལ་བསྐུལ༔ མ་གཡེལ་དྲག་པོའི་ལས་མཛོད་ཅིག༔ འགུགས་པ་ནི། ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཛཿཧཱུྃ་བྃ་ཧོཿའཕྲོས་པས་ཕུར་སྐྱོང་དམ་ཅན་སྲུང་མར་ཕོག་པས་ཐམས་ཅད་ལས་ལ་རྔམས་པར་གྱུར། ཧོམ་བསྐྱེད་པ་ནི། རང་གི་མདུན་དུ་བྲུབ་ཁུང་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ། མཚོན་ཆ་སྣ་ཚོགས་ཀྱིས་ཆར་འབེབས་པའི་ཕྱི་རོལ་དུ་ཕུར་སྲུང་དམ་ཅན་ལས་ལ་རྔམས་པ། དེའི་ནང་དུ་ནྲྀ་ཏྲི་ལས་གནོད་བྱེད་དགྲ་བགེགས་ནག་ལ་ཧོམ་པ། རྐང་ལག་ལྕགས་སྒྲོག་གིས་བསྡམས་པ། བུ་ག་དགུ་ནས་ཁྲག་འཛག་པ། ཁ་ངུ་བ། མིག་ཤི་མིག །འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་གྱུར། ན་མོ། སངས་རྒྱས་ཀྱི་བཀའ་བདེན་


KMC023_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་རིག་སྔགས་སྙིང་པོ། ཕྱག་རྒྱ། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བླ་མ་བསྟན་གཉིས་སྐོར་གསུམ། ཡི་དམ་ཞི་ཁྲོ་རབ་འབྱམས། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད། དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཕྱག་བརྙན་བཀའ་སྡོད་དང་བཅས་པ་དང་། ལེགས་ལྡན་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོ་ཡབ་ཡུམ་སྲས་འཁོར་ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། འཕྲལ་གྱི་ཚེ་སྲོག་ལ་བར་དུ་གཅོད་པ། ཡུན་གྱི་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པ། བསྟན་པ་དང་སེམས་ཅན་ཉེས་མེད་ལ་གནོད་ཅིང་འཚེ་བ། མི་འདོད་པ་གློ་བུར་དུ་བྱེད་པའི་བདུད་དང་དམ་སྲི་དྲེགས་ཚོགས་དགྲ་བགེགས་ཐམས་


KMC023_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ད་ལྟ་ཉིད་དུ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བྃ་ཧོཿ ཤྲཱི་གྷྲཾ་ཨ་པ་ན་ཡ་ཧཱུྃ་ཕཊ༔ ཅེས་དགུས་གཞུག་དྲག་ཏུ་བྱས་ནས། བསྒྲལ་ཆས་ཡོད་ན་དང་མེད་ཀྱང་ཕུར་པ་ཞིག་ཐོགས་ལ། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་བོའི་དུས་ལ་བབ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱོད་ཀྱི་ཕྲིན་ལས་དུས༴ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ ཅེས་ཕོ་ཉ་བསྐུལ། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་བཀུགས་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་༔ སྡུག་


KMC023_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཉམས་སུ་མྱོང་བར་མཛོད༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏུབས་ཤིག་གྲོགས་དང་བྲལ་བར་གྱིས༔ རེངས་པར་ཁུག་ལ་སྨྱོར་ཆུག་ཅིག༔ ཕོབས་ཤིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ཀྱང་༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཁས་བླངས་དམ་བཅས་བཞིན༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་བ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ གདུག་ཅིང་སྡང་སེམས་ལྡན་པ་ཡི༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང་༔ ང་ལ་བར་ཆད་བྱེད་པའི་བགེགས༔ མཐུ་དང་རྫུ་འཕྲུལ་མེད་པར་


KMC023_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བྱོས༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་འདི༔ རྡོ་རྗེ་མེ་དཔལ་སྙིང་བསྲེག་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུང་བྱས་ནས༔ ལྷ་ཡང་རུང་སྟེ་བསྒྲལ་བར་བྱ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སྤུ་གྲིའི་སྔགས་བཟླ་བཞིན་པས་བརྡེག་ཅིང་ཐུན་གྱིས་བྲབ། ལིང་རོར་བདུད་རྩི་བྲན་ཅིང་གཏོར་མར་ཕྱེད་ཆ་ཕུལ་ཏེ། ཧཱུྃ༔ དཔལ་ཆེན་ཕུར་བུའི་ལྷ་ཚོགས་རྣམས༔ རི་རབ་རྩམ་གྱི་སྐུར་བཞེངས་ལ༔ གནམ་ས་ཙམ་གྱི་ཞལ་ཕྱེས་ཤིག༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ཙམ་གྱི་ལྗགས་བརྐྱངས་ལ༔ དགྲ་བགེགས་དམ་ཉམས་བསྒྲལ་བ་ཡི༔ ཤ་ཕྲག་ཕུང་པོ་ནང་རོལ་བཅས༔ དབང་པོ་དོན་སྙིང་རུས་པ་རྣམས༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔ དཔལ་ཆེན་འཁོར་དང་བཅས་པ་ཡི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་བསྒྲིམ་མོ་ཨཱ་ར་ལི༔ བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་


KMC023_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཡང་བཅོལ་བསྐུལ་ཁྱུག་ཙམ་བྱེད་ན་ཕུར་པ་བསྒྲིལ་ཞིང་། སླར་ཡང་བཀའ་ལ་མི་ཉན་པ་ཐམས་ཅད་འདི་ལྟ་བུས་སྦྱོར་བས་བསྒྲལ་བར་བྱ་བ་གདོན་མི་ཟའོ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱར་ཁོས་ལ༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ འདིར་ཚོགས་ལ་རོལ་ཞིང་ལྷག་མ་བཏང་། ཟློག་སྒྱུར་གྱི་ཕྲིན་ལས་བཅོལ་བ་ནི། ཁྲག་སྐྱེམས་ལིང་རོ་ཟོར་གཏོར་དུ་བསྟབ་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ། །རིགས་གྱི་ཁྲོ་བོ་དབང་སྡུས་ལ། །དགྲ་བགེགས་གཟུགས་ཕུང་རྣམ་ཤེས་རོལ། །ཕྱོགས་བཅུའི་གནོད་པ་མ་ལུས་ཟློག །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །དགྲ་


KMC023_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བཀྲག་དང་མདངས་ལ་རོལ། །ཟློག་ཅིག་བསྒྱུར་བའི་ཕྲིན་ལས་མཛོད། །སྲས་མཆོག་བུདྡྷ་ཀཱི་ལ་ཡ། ཤར་ཕྱོགས་དགྲ་བགེགས་ཞི་བས་ཟློག །སྲས་མཆོག་རཏྣ་ཀཱི་ལ་ཡ། ལྷོ་ཕྱོགས་དགྲ་བགེགས་རྒྱས་པས་ཟློག །སྲས་མཆོག་པདྨ་ཀཱི་ལ་ཡ། །ནུབ་ཕྱོགས་དགྲ་བགེགས་དབང་གིས་ཟློག །སྲས་མཆོག་ཀརྨ་ཀཱི་ལ་ཡ། །བྱང་ཕྱོགས་དགྲ་བགེགས་དྲག་པོས་ཟློག །རྣམ་པར་རྒྱལ་བས་དགྲ་ཤ་ཟོ། །དྲི་ཟའི་དམག་ཚོགས་དགྲ་ལ་བསྒྱུར། །དབྱུག་པ་སྔོན་པོས་དགྲ་ཤ་རོལ། དྲང་སྲོང་དམག་ཚོགས་དགྲ་ལ་བསྒྱུར། །གཤིན་རྗེ་གཤེད་པོས་དགྲ་ཤ་རོལ། །ཡི་དྭགས་དམག་ཚོགས་དགྲ་ལ༴ མི་གཡོ་མགོན་པོས་དགྲ་ཤ་རོལ། །སྲིན་པོའི་དམག་ཚོགས་དགྲ་ལ༴ །རྟ་མགྲིན་རྒྱལ་པོས་དགྲ་ཤ་རོལ། །ཀླུ་ཡི་དམག་ཚོགས་དགྲ་ལ༴ འདོད་པའི་རྒྱལ་པོས་དགྲ་ཤ་རོལ། །རླུང་ལྷའི་དམག་ཚོགས་དགྲ་ལ༴ བདུད་རྩི་འཁྱིལ་པས་དགྲ་ཤ་རོལ། །གནོད་


KMC023_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དམག་ཚོགས་དགྲ་ལ༴ ཁམས་གསུམ་རྣམ་རྒྱལ་དགྲ་ཤ་རོལ། །དབང་ལྡན་དམག་ཚོགས་དགྲ་ལ༴ ཧཱུྃ་ཆེན་སྔོ་སྐྱ་དགྲ་ཤ་རོལ། །ཚངས་པའི་དམག་ཚོགས་དགྲ་ལ༴ སྟོབས་ཆེན་རྒྱལ་པོས་དགྲ་ཤ་རོལ། །ས་བདག་དམག་ཚོགས་དགྲ་ལ་བསྒྱུར། །རྡོ་རྗེ་སྙེམས་མས་དགྲ་ཁྲག་རོལ། །ཤར་ཕྱོགས་དགྲ་བགེགས་ཟློག་ཅིང་བསྒྱུར། །རྡོ་རྗེ་སྡེར་མོས་དགྲ་ཁྲག་རོལ། །ཤར་ལྷོའི་དགྲ་བགེགས་ཟློག་ཅིང་༴ དུར་ཁྲོད་བདག་མོས་དགྲ་ཁྲག་རོལ། །ལྷོ་ཕྱོགས་དགྲ་བགེགས་ཟློག་ཅིང་༴ རྡོ་རྗེ་གཏུན་ཁུང་དགྲ་ཁྲག་རོལ། །ལྷོ་ནུབ་དགྲ་བགེགས་ཟློག་ཅིང་༴ རྡོ་རྗེ་གཏུམ་མོས་དགྲ་ཁྲག་རོལ། །ནུབ་ཕྱོགས་དགྲ་བགེགས་ཟློག་ཅིང་༴ རྡོ་རྗེ་མདའ་སྙེམས་དགྲ་ཁྲག་རོལ། །ནུབ་བྱང་དགྲ་བགེགས་ཟློག་ཅིང་༴ རྡོ་རྗེ་རླུང་འབྱིན་དགྲ་ཁྲག་རོལ། །བྱང་ཕྱོགས་དགྲ་བགེགས་ཟློག་ཅིང་༴ རྡོ་རྗེ་གསོད་མས་དགྲ་ཁྲག་རོལ། །བྱང་ཤར་དགྲ་བགེགས་ཟློག་ཅིང་༴ རྡོ་རྗེ་སྒྲ་འབྱིན་


KMC023_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཁྲག་རོལ། །སྟེང་ཕྱོགས་དགྲ་བགེགས་ཟློག་ཅིང་༴ རྡོ་རྗེ་བཏུལ་བྱེད་དགྲ་ཁྲག་རོལ། །འོག་ཕྱོགས་དགྲ་བགེགས་ཟློག་ཅིང་བསྒྱུར། །ཕྲ་མན་སྟག་གི་མགོ་བོ་ཅན། །ཏི་ར་ཐོགས་ནས་ཟ་ཞིང་རྒྱུག །མཚོན་ཆ་ཐོགས་ནས་ལས་བྱེད་པ། །ཕྲིན་ལས་ཤར་གྱི་དགྲ་བགེགས་ཟློག །ཕྲ་མན་གཡག་གི་མགོ་བོ་ཅན། །རྒྱུ་མ་ཐོགས་ནས་ཟ་ཞིང་༴ མཚོན་ཆ་ཐོགས་ནས་ལས༴ ཕྲིན་ལས་ཤར་ལྷོའི་དགྲ་བགེགས༴ ཕྲ་མན་ཤ་བའི་མགོ་བོ་ཅན། །ཞིང་ཆེན་ཐོགས་ནས་ཟ་ཞིང་༴ མཚོན་ཆ་ཐོགས་ནས་ལས༴ ཕྲིན་ལས་ལྷོ་ཡི་དགྲ་བགེགས༴ ཕྲ་མན་གཟིག་གི་མགོ་བོ་ཅན། །ཙིཏྟ་ཐོགས་ནས་ཟ་ཞིང་༴ མཚོན་ཆ་ཐོགས་ནས༴ ཕྲིན་ལས་ལྷོ་ནུབ་དགྲ་བགེགས༴ ཕྲ་མས་བྱི་ལའི་མགོ་བོ་ཅན། །ཀླད་ཁྲག་ཐོགས་ནས༴ །མཚོན་ཆ་ཐོགས་ནས༴ ཕྲིན་ལས་ནུབ་ཀྱི་དགྲ་བགེགས༴ ཕྲ་མན་སྦྱང་ཀིའི་མགོ་པོ་ཅན། །ཤ་ཆེན་ཐོགས་ནས༴ མཚོན་ཆ་ཐོགས་ནས་


KMC023_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལས༴ ཕྲིན་ལས་ནུབ་བྱང་དགྲ་བགེགས༴ ཕྲ་མན་སེངྒེའི་མགོ༴ ཞིང་ཆེན་ཐོགས་ནས༴ མཚོན་ཆ་ཐོགས་ནས་ལས༴ ཕྲིན་ལས་བྱང་གི་དགྲ་བགེགས༴ ཕྲ་མན་དོམ་གྱི་མགོ་བོ༴ རྐང་གཟུགས་ཐོགས་ནས༴ མཚོན་ཆ་ཐོགས༴ ཕྲིན་ལས་བྱང་ཤར་དགྲ་བགེགས༴ ཕྲ་མན་ཕག་གི་མགོ༴ ལག་ན་གཟུགས་ཐོགས་ཟ༴ མཚོན་ཆ་ཐོགས་ནས་ལས༴ ཕྲིན་ལས་སྟེང་གི་དགྲ་བགེགས༴ ཕྲ་མན་དྲེད་ཀྱི་མགོ་བོ་ཅན། །ལྷ་གཟུགས་ཐོགས་ནས་ཟ༴ མཚོན་ཆ་ཐོགས་ནས་ལས་བྱེད་པ། །ཕྲིན་ལས་འོག་ཕྱོགས་དགྲ་བགེགས་ཟློག །བྱ་རྒོད་མགོ་ཅན་མགྱོགས་པའི་གཟུགས། །ཤར་ཕྱོགས་དགྲ་བགེགས་བསྒྱུར་ཞིང་ཟློག །བྱ་རོག་མགོ་ཅན་རིག་པ་ཅན། །ཤར་ལྷོའི་དགྲ་བགེགས་བསྒྱུར་ཞིང་༴ འུག་པའི་མགོ་ཅན་ཤེས་རབ་ཅན། །ལྷོ་ཡི་དགྲ་བགེགས་བསྒྱུར༴ ཁྭ་ཏའི་མགོ་ཅན་སྒྲིབ་ཤིང་ཅན། །ལྷོ་ནུབ་དགྲ་བགེགས་བསྒྱུར༴ པུ་ཤུད་མགོ་ཅན་མིག་རྩ་དམར། །ནུབ་


KMC023_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགྲ་བགེགས་བསྒྱུར༴ མགྱོགས་པ་ཁྲ་ཡི་མགོ་བོ་ཅན། །ནུབ་བྱང་དགྲ་བགེགས་བསྒྱུར༴ ཕ་ཝཾ་མགོ་ཅན་ཐབས་ལ་མཁས། །བྱང་གི་དགྲ་བགེགས་བསྒྱུར༴ གསོད་བྱེད་སྲེ་མོང་མགོ་བོ་ཅན། །བྱང་ཤར་དགྲ་བགེགས་བསྒྱུར༴ རྨིག་བུའི་མགོ་ཅན་ས་ལམ་སྤྱོད། །སྟེང་ཕྱོགས་དགྲ་བགེགས་བསྒྱུར༴ སྒྲོལ་བྱེད་བྱི་ལའི་མགོ་བོ་ཅན། །འོག་ཕྱོགས་དགྲ་བགེགས་བསྒྱུར་ཞིང་ཟློག །ཤར་གྱི་སྒོ་བ་པུ་ཤུད་མགོ །ཤར་ཕྱོགས་དགྲ་བགེགས་གནོད་པ་ཟློག །ལྷོ་ཡི་སྒོ་བ་སྐྱ་གའི་མགོ །ལྷོ་ཕྱོགས་དགྲ་བགེགས་གནོད་པ་ཟློག །ནུབ་ཀྱི་སྒོ་བ་སྲིན་བྱའི་མགོ །ནུབ་ཕྱོགས་དགྲ་བགེགས་གནོད་པ་ཟློག །བྱང་གི་སྒོ་བ་ཁྲ་ཡི་མགོ །བྱང་ཕྱོགས་དགྲ་བགེགས་གནོད་པ་ཟློག །བཀའ་ཡི་བསྟན་པ་སྲུང་བྱེད་པ། །ཤྭ་ན་མུ་ཁ་ཆེན་མོ་བཞི། །བདག་ཉིད་ཆེན་མོ་མཆེད་སྔ་བཞི། །ས་བདག་ཆེན་མོ་མཆེད་སྡེ་བཞི། །སྐྱེས་བུ་ཕོ་ཉ་བཅུ་གཉིས་རྣམས། །དགྲ་བགེགས་


KMC023_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁྲག་འདི་རོལ་ལ། །དཔལ་གྱི་བཀའ་བཞིན་དགྲ་བགེགས་ཟློག །ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས། །ཤ་ཁྲག་མཆོད་གཏོར་འདི་བཞེས་ལ། །དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །མ་ཧཱ་མཱཾ་ས་ལ་ཁཱ་ཧི། །མ་ཧཱ་རཀྟ་ལ་ཁཱ་ཧི། །མ་ཏཱ་ཙིཏྟ་ལ༴ མ་ཧཱ་གོ་རོ་ཙ་ན་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི། དེ་ཙམ་མི་ནུས་ན། དཀྱུས་སུ་འདི་ཙམ་གྱིས་སྤྲོས་པ་མཚོན་པར་འགྱུར་ཏེ། ཧཱུྃ༔ སྣང་སྲིད་འཁོར་ལོའི་རྩིབས་སྟེང་ན༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ ཞལ་གསུམ་ཕྱག་དྲུག་མཐིང་ནག་འབར༔ དུར་ཁྲོད་ཆས་ཅན་མཚོན་ཆ་འཕེན༔ འཁོར་ལོ་རྒྱས་འདེབས་ཡུམ་དང་སྦྱོར༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ ཁྲོ་བོ་རྣམས་ཀྱི་དབུས་ནས་འགྱིངས༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང་༔ སྒོ་བ་བཞི་དང་སྲུང་མའི་ཚོགས༔ འཁོར་དང་ཕོ་ཉ་ལས་ལ་འགྱེད༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཀུན་ཀྱང་ཐུགས་དམ་གནད་ནས་བསྐུལ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔


KMC023_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རྐྱེན་དང་བར་དུ་གཅོད་པ་དང་༔ རྦོད་གཏོང་དྲག་པོའི་གནོད་པ་དང་༔ ཆག་ཆེན་གང་འབྱུང་ཐམས་ཅད་ཟློག༔ ཚར་གྲངས་བསགས་ན་འདི་ཡན་གྱི་ཚིག་རྐང་བཅུ་བདུན་ཉིད་བྱ་ཞིང་། ཟློག་བྱང་ནི། ལྷ་ཆེན་དམོད་པ་གཏོར་མས་ཟློག༔ ཀླུ་ཡི་མཛེ་གཏད་གཏོར་མས༴ བཙན་གྱི་གྲི་འཐབ་གཏོར༴ རྒྱལ་པོའི་སྨྱོ་འབོག༴ བདུད་ཀྱི་ཞགས་པ༴ གཤིན་རྗེའི་ཁྲམ་ཁ་གཏོར༴ མ་མོའི་ནད་རྐྱལ་གཏོར༴ གཟའ་ཡི་གཟེར་ཐབས་གཏོར༴ ཐེའུ་རང་སྲིད་རྐུན་གཏོར༴ གནོད་སྦྱིན་གདུག་པ་གཏོར༴ མེ་ལྷའི་ཧོམ་སྦྱོར་གཏོར༴ སྲིན་པོའི་ཟ་ཁ་གཏོར༴ རླུང་ལྷའི་འཁོར་ལོ་གཏོར༴ དབང་ལྡན་བར་ཆད་གཏོར༴ ཕུར་པའི་དབལ་ཟོར་གཏོར༴ གཤིན་རྗེའི་མཆོད་རྟེན་གཏོར༴ མགོན་པོའི་སྦར་བུ་གཏོར༴ མ་མོའི་མདོས་སྦྱོར་གཏོར༴ གཙུག་ཏོར་ཕྱིར་ཟློག་གཏོར༴ ནག་པོའི་གཏོ་སྦྱོར་གཏོར༴ རྟ་ཡི་ཆུ་བསྐོལ་གཏོར༴ བོན་པོའི་ཛོ་དམར་གཏོར༴ སྡེ་


KMC023_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀིང་ཀང་གཏོར༴ དམ་སྲིའི་ཆོ་འཕྲུལ་གཏོར༴ སྲོག་ལ་བར་གཅོད་གཏོར༴ ཚེ་ལ་འཇབ་པ་གཏོར༴ བླ་ལ་རྐུ་བ་གཏོར༴ རྗེ་ཡི་བཀའ་ཆད་གཏོར༴ བློན་གྱི་ངན་གཡོ་གཏོར༴ འབངས་ཀྱི་མི་ཁ་གཏོར༴ མཐའ་དམག་དབུས་འཐིབ་གཏོར༴ དུས་ངན་ལྟས་འབྱུང་གཏོར༴ ནད་ཡམ་འཁྲུགས་རྩོད་གཏོར༴ བཙའ་སད་སེར་གསུམ་གཏོར༴ ནོར་གྱི་གོད་ཁ་གཏོར༴ འགོང་པོའི་བསེ་རག་གཏོར༴ ཕ་ཚན་རྒྱབ་འདྲེ་གཏོར༴ མ་ཚན་བྱུར་འདྲེ་གཏོར༴ བྱིས་པའི་ཆུང་སྲི་གཏོར༴ དུར་སྲིའི་ཤི་ཁ་གཏོར༴ ཀག་དང་སྲི་ངན་གཏོར༴ འབྱུང་བའི་དགྲ་གཤེད་གཏོར༴ གློ་བུར་ཡེ་འདྲོག་གཏོར༴ ལུས་ལ་ན་ཚ་གཏོར༴ སེམས་ལ་སྡུག་བསྔལ་གཏོར༴ མ་ཉེས་ཁ་ཡོག་གཏོར༴ བྲན་གྱི་དམོད་མཆུ་གཏོར༴ སྤྱི་ཆགས་དགོས་ཆགས་གཏོར༴ གཡས་ནས་ཕོ་བརྒྱས་མདའ་འཕན་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་ཟློག༔ མདུན་ན་རྩང་བཞིན་འཛུག་པ༴ ངོས་ལ་


KMC023_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲེལ་ལྟར་འཛེགས་པ༴ རྒྱབ་ནས་ཁྱི་བཞིན་འབྲང་བ༴ ལྐོག་ནས་འབུ་བཞིན་གཡེངས་བ༴ ཟས་ཀྱི་དུག་སྦྱོར་བྱེད་པ༴ གཡས་ཀྱི་ཕོ་བདུད་གཡས་སུ་ཟློག༔ གཡོན་གྱི་མོ་བདུད་གཡོན་དུ་ཟློག༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ སྔགས་ཟློག་བྱེད་ན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་དུ་ཚལ་དུ་རྦད་ནན༔ ཞེས་རྦད་དགུའི་སྔགས་ཀྱང་བཟླ་བ་ཕྱག་བཞེས་སོ། །དེ་ནས་རྒྱུན་གྱི་ལས་སྦྱོར་ཙམ་ལ་འདིས་མཐར་བསྐུལ་ཐུང་ཙམ་གྱིས་གཏོར་མ་དགྲ་ཕྱོགས་སུ་འཕང་། གཏོར་རྒྱག་བྱེད་ན་གཏོར་མ་ལ་མེ་སྒྲོན་བཙུག་སྟེ་རྡོ་རྗེ་འདེགས་པའི་རྒྱས། སྙིང་པོའི་མཐར་བྷྲཱུྃ་ཛྙཱ་ན་མཎྜལ་བེ་ག་ཀྲ་མ་ཡཾ༔ ཞེས་བརྗོད་པས་གཏོར་མའི་ཡེ་ཤེས་པ་ནམ་མཁར་གཤེགས།


KMC023_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་པ་རྣམས་ཁྲོས་འཁྲུག་རྣམས་པས་ལས་ལ་ཆས་པར་བསམ། གཏོར་མར་དམིགས་བྱ་འགུགས་བསྟིམ་བྱ་ཞིང་རཀྟ་ཕྱར་ལ། ཧཱུྃ་བྷྱོ་ཛཿ མ་བཅོས་སྤྲོས་མེད་དེ་བཞིན་ཉིད་དབྱིངས་ལས༔ བདེ་ཆེན་ལྷུན་གྲུབ་འབར་བའི་སྐུར་བཞེངས་པ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ རྡོ་རྗེ་ཕུར་བུའི་རིག་པ་འཛིན་རྣམས་དང་༔ ཁྲོ་བཅུ་ཡབ་ཡུམ་ཟ་བྱེད་གསོད་བྱེད་ཚོགས༔ སྲས་མཆོག་ཉེར་གཅིག་ཁྲོ་མོ་སྒོ་མ་བཞི༔ ཤྭ་ན་བདག་ཉིད་ས་བདག་སྐྱེས་བུའི་ཚོགས༔ ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་རྫས་ཕྱི་ནང་གསང་བའི་མཆོད་པ་དང་༔ བདུད་རྩི་རཀྟ་གཏོར་མ་འདི་བཞེས་ལ༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་ཅིག༔ ད་རེས་སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ ད་རེས་གནོད་པའི་བགེགས་ལ་ལས་མཛོད་ཅིག༔ ཅེས་བསྐུལ། ཡེ་ཤེས་འཇིག་རྟེན་


KMC023_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྲུང་མ་ལ་ཆད་ཐོ་བསྒྲགས་པ་ནི། ཧཱུྃ༔ སྔོན་ཚེ་དུར་ཁྲོད་ཆེན་པོ་རུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ བར་དུ་ཡང་ལེ་ཤོད་ཀྱི་གནས༔ རྒྱ་གར་སློབ་དཔོན་རྣམ་གསུམ་དང་༔ ཐ་མ་ཡང་རྫོངས་དབེན་གནས་སུ༔ པདྨ་ཐོད་ཕྲེང་མཚོ་རྒྱལ་གྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཕུར་པའི་བཀའ་སྲུང་དམ་ཅན་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྔོན་གྱི་ཁས་བླངས་དམ་བཅས་བཞིན༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ གཏོར་མ་ཕྱིར་དཔག་ལ། ཧཱུྃ༔ དམར་ཆེན་གཏོར་མ་ཕུར་བུའི་ཚོགས༔ དགྲ་དང་བགེགས་ལ་རྦད་པའི་ཚེ༔ ཐོག་སེར་འབེབས་པའི་ཆོ་འདྲ་ཞིང༔ སྟོང་གསུམ་ཐམས་ཅད་ལྡེགས་ཤིང་འཁྱོམ༔ སྐར་མདའ་འབེབས་པའི་ཆོ་འདྲ་ཞིང་༔ རི་རབ་ཐམས་ཅད་གཡོ་ཞིང་འགུལ༔ སེང་ཆེན་འགྱིང་བའི་ཆོ་འདྲ་ཞིང་༔ ངར་སྐད་དྲག་པོས་སྟོང་གསུམ་འཁྲུགས༔ བདུད་དམག་ཆས་པའི་ཆོ་འདྲ་ཞིང་༔ རུ་དར་ནག་པོ་ཟངས་སེ་ཟང་༔ རྡོ་རྗེ་


KMC023_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུས་དམག་དཔོན་མཛོད༔ སྒོ་མ་བཞི་ཡི་དམག་སྣ་དྲོངས༔ ཕྱོགས་བཅུའི་ཁྲོ་བོས་མཐའ་ནས་སྡུས༔ ཕུར་སྲུང་རྣམས་ཀྱིས་རུ་དར་ཕྱོར༔ ཕ་རོལ་བདུད་ཀྱི་དམག་དཔུང་ལ༔ གཡུ་ངོ་ཆེན་པོ་དེར་སྤྲོད་ཅིག༔ མཐུ་དང་རྩལ་གྱི་ནུས་པ་ཕྱུངས༔ ཐུགས་དམ་མ་གཡེལ་དགྲ་ལ་ཡ༔ དྲག་སྔགས་བཟླ་ཞིང་རུ་མཚོན་གྱིས་སྣ་དྲངས་ལ་གིང་དང་བཅས་ཆས། གཏོར་ཚུག་བྱེད་ན། གསེར་སྐྱེམས། གཟུ་དཔང་། ཟློག་སྒྱུར་ཕྱི་མ་དང་། འོག་གི་ཕུར་སྒྲིལ་བཅས་བྱ། འཕང་བའི་སར་བྱིན་པ་དང་། གསེར་སྐྱེམས་འཚམས། ཕུར་པ་བསྒྲིལ་ཞིང་། ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་སྟེ༔ ང་ཡི་བཀའ་ལས་མདའ་མ་བྱེད༔ ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས༔ དཀར་ལ་དེ་ནི་ཡེ་རེ་རེ༔ ལྷ་རྣམས་ཀུན་གྱི་གྲོགས་མཛོད་ཅིག༔ ཀླུ་གཤེགས་རྒྱ་མཚོའི་གཏིང་དུ་གཤེགས༔ སྔོ་ལ་དེ་ནི་ཐིབས་སེ་ཐིབ༔ ཀླུ་རྣམས་ཀུན་གྱིས་གྲོགས་མཛོད་ཅིག༔ བཙན་གཤེགས་བྲག་དམར་ལོགས་ལ་གཤེགས༔ དམར་ལ་དེ་ནི་སྤྲིངས་སེ་སྤྲིང་༔ བཙན་རྣམས་ཀུན་གྱིས་གྲོགས་


KMC023_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག༔ མཐོ་བ་རྣམས་ཀྱིས་ཞབས་སྐུམས་ཤིག༔ དམའ་བ་རྣམས་ཀྱིས་དབུ་ཁུག་ཅིག༔ བར་པ་རྣམས་ཀྱིས་སྐུ་བཟུར་ཅིག༔ ཟོར་གྱི་གདོང་ལ་མ་བཞུགས་པར༔ སོ་སོ་རང་རང་གནས་སུ་གཤེགས༔ ཞེས་དྲག་ཏུ་བསྐུལ་ཞིང་ཟོར་ལམ་བསལ། གཟུ་དཔང་དང་ཟོར་ཐབས་སྐབས་དང་པོར་ཡོད་ན་དགུགས་གཞུག་ཀྱང་བྱ། ཟོར་བསྐུལ་བ་ནི། ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ དྲེགས་པ་ཐམས་ཅད་བདག་ལ་དགོངས༔ ང་ནི་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིན༔ སྣང་སྲིད་ཀུན་གྱི་བདག་པོ་སྟེ༔ ང་ཡི་བཀའ་ལ་ཐམས་ཅད་ཉོན༔ དེ་རིང་གྲོགས་དང་ལས་ལ་བྱོན༔ ཛཿ སྟོང་གསུམ་ལྕགས་རིའི་བསྐོར་བ་ནས༔ བདུད་རྒྱལ་དམག་ཚོགས་དགྲ་ལ་བྷྱོཿ སྟོང་གསུམ་ཟངས་རིའི་བསྐོར་བ་ནས༔ བཙན་གྱི་དམག་ཚོགས་དགྲ་ལ་བྷྱོ༔ སྟོང་གསུམ་གངས་རིའི་བསྐོར་བ་ནས༔ གིང་ཆེན་དམག་ཚོགས་དགྲ་ལ་བྷྱོ༔ སྟོང་


KMC023_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཁྲག་མཚོ་འཁྲུགས་པ་ནས༔ མ་མོའི་དམག་ཚོགས་དགྲ་ལ་བྷྱོ༔ སྟོང་གསུམ་རབ་འཇིགས་དུར་ཁྲོད་ནས༔ ཡང་སྤྲུལ་ཕོ་ཉ་དགྲ་ལ་བྷྱོ༔ བྷྱོ་བྷྱོ༔ ཉམས་པའི་དགྲ་བགེགས་དཔུང་བཅས་ལ༔ བདུད་དམག་རྣམས་ཀྱིས་ཀོང་ཟོར་རྒྱོབ༔ བཙན་དམག་རྣམས་ཀྱིས་མདའ་ཟོར་རྒྱོབ༔ གིང་ཆེན་རྣམས་ཀྱིས་རྡོ་ཟོར་རྒྱོབ༔ མ་མོ་རྣམས་ཀྱིས་ཁྲག་ཟོར་རྒྱོབ༔ ཕོ་ཉ་རྣམས་ཀིས་གཏོར་ཟོར་རྒྱོབ༔ ལུས་ངག་ཐལ་བའི་རྡུལ་དུ་རློག༔ མིང་ཙམ་མེད་པར་ཚར་ཆོད་ཅིག༔ ཅེས་བརྗོད་ཅིང་ཟོར་རྣམས་རིམ་བཞིན་བསྒྲིར། གཏོར་མ་ཐོགས་ལ། དམ་ཚིག་པ་རང་ལ་བསྟིམ་ཞིང་ཟོར་གཏོར་ནད་མཚོན་དུག་གི་ཐོག་ཟེར་དུ་གྱུར་པར་མོས་ལ། ཧཱུྃ༔ གཏུམ་ཆེན་ལས་ཀྱི་ཕོ་ཉའི་ཚོགས༔ རྔམས་པའི་སྐུར་བཞེངས་དགྲ་བགེགས་ཟློག༔ གཏོར་ཟོར་འབར་བའི་མཚོན་ཆ་ཡིས༔ ཕས་ཀྱི་མི་མཐུན་གནོད་པའི་རྐྱེན༔ ཐམས་ཅད་མ་ལུས་ཟློག་ཏུ་གསོལ༔ དྲག་སྔགས་བཟླ་ཞིང་གཏོར་མ་མེར་བསྲེག དམོད་མོ་ཐལ་བརྡེབ་ཅི་ཤེས་བྱ། སྲུང་འཁོར་བསྒོམ་ཞིང་ཡར་ལོག །


KMC023_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་དྲུང་དུ་བཤལ་ཆུས་བརྟན་མ་མཆོད་པ་ནི། བྷྱོཿ ཁྱད་པར་པདྨ་ཐོད་ཕྲེང་གིས༔ སྤྱན་སྔར་དབང་བསྐུར་དམ་མནོས་པའི༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་མོ་བཞི་སོགས་བརྟན་མའི་ཚོགས༔ འདིར་གཤེགས་བདུད་རྩིའི་བཤའ་ཆུ་བཞེས༔ ཕུར་བུ་སྒྲུབ་པའི་རྣལ་འབྱོར་གྱིས༔ ཆོས་བཞིན་སྒྲུབ་པའི་སྡོང་གྲོགས་མཛོད༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ གཏོར་གཞོང་ཁ་སྤུབ་ཅིང་རྡོ་རྗེས་རྒྱས་བཏབ་ལ། ཧཱུྃ༔ སྲིད་པ་ཕུར་བུའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཀྱི་བྲོ་བརྡུང་བས༔ དུག་གསུམ་དགྲ་བགེགས་བརླག་པར་མཛོད༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཞེས་ལས་མཇུག་བྲོས་བསྡུས་ལ་ཤིས་བརྗོད་ཀྱང་བྱ། ནང་དུ་ལོག་ལ་ཕྲིན་ལས་ཀྱི་རྗེས་རིམ་རྣམས་མཐར་དབྱུང་ངོ་། །ལམ་དུ་ཞུགས་པའི་རྣལ་འབྱོར་ནི། །སྤྲོས་མེད་དག་ལ་ཉེར་མཁོ་བའི། །རྒྱུན་གྱི་ལས་སྦྱོར་གསལ་བར་བཀོད། །དགེ་བས་ཡིད་སྲུབ་མཐར་བྱེད་ཤོག །ཅེས་པའང་གཏེར་སྟོན་ཚང་སྤྱི་སྒེར་གྱི་སྲུང་རིམ་དང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་དགུ་གསུམ་ཕུར་པའི་གཏོར་


KMC023_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་དགོས་ཞེས་བཀའ་རྟགས་ལ་བབ་པ་ཉིད། རང་གཞན་འཇུག་པ་བདེ་ཕྱིར། ཀུན་བཟང་འགྱུར་མེད་ཚེ་དབང་གྲགས་པས་རང་ལོ་བཅུ་དགུ་པར། དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་གང་ཤར་མགྱོགས་པར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།མསྟུ་ཤུབྷཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

རྩང་བཟློག་དམ་སྲི་ཚར་གཅོད།


KMC023_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྩང་བཟློག་དམ་སྲི་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །གཏོར་ཟློག་ལ་ཐུན་བརྟེག་ཅིང་ཁྲག་གི་ཨརྒྷྃ་བསྒྲེང་ཞིང་སྤྲུལ་པའི་ཕོ་ཉ་ལས་ལ་བསྐུལ་བ་ནི། ཧཱུྃ་བྷྱོཿ སྔོན་བྱུང་སྲིད་པའི་དང་པོ་ལ། །རྩང་བྱུང་སྲིན་པོའི་ཡུལ་དུ་བྱུང་། །ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱི། །ཕྱག་བརྙན་སྤྲུལ་པའི་ཕོ་ཉར་ཤར། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །དྲག་པོ་རྩང་གི་ལས་སྦྱོར་མཛད། །བཀའ་སྡོད་ཕོ་ཉ་བཞུགས་པའི་གནས། །བྱད་ཟོར་རྦོད་གཏོང་བཟློག་པའི་རྫས། །ཉམས་པ་བདུན་ལྡན་གསོད་པའི་མཚོན། །ཕོ་ཉ་ལས་མཁན་རྒྱུ་བའི་སྲང་། །སྲིན་མོའི་འགྲོས་དང་འཚུབས་མ་རིས། །བསྣོལ་བའི་དྲྭ་བ་རེ་རེ་ལ། །སྡེ་བརྒྱད་འབུམ་སྡེའི་དམག་དཔུང་འཚུབས། །མེ་དཔུང་འབར་བ་འུ་རུ་རུ། །ཁྲག་གི་ཆར་པ་སི་ལི་ལི། །མཚོན་ཆའི་བུ་ཡུག་ཆི་ལི་ལི། །ཤན་པའི་འོ་དོད་ལྷངས་སེ་ལྷང་། །གཅན་གཟན་ངར་སྐད་ཁྲ་ལ་ལ། །སྤྲུལ་པའི་རྣམ་འགྱུར་བསམ་མི་ཁྱབ། །དྲག་པོ་རྩང་གི་ལས་སྦྱོར་འདིས། །སྲིད་གསུམ་ལྷ་འདྲེའི་ཁེང་


KMC023_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཟློག །ལྷ་སྲུང་འཁྲུགས་པའི་ཆོ་འཕྲུལ་ཟློག །དམ་ཚིག་ཉམས་པའི་སྲི་ཀེག་ཟློག །རྒྱལ་འགོང་འདྲེ་ཡི་ཆོ་འཕྲུལ་ཟློག །རྣམ་རྟོག་སློང་བའི་ལྟས་ངན་ཟློག །བསམ་པ་ངན་པའི་ལས་སྦྱོར་ཟློག །སྦྱོར་བ་རྩུབ་པའི་དགྲ་གྱོད་ཟློག །མདོར་ན་མི་མཐུན་གནོད་པའི་རྐྱེན། །ཐམས་ཅད་དམིགས་མེད་དབྱིངས་སུ་ཟློག །བྷྱོ་བྷྱོ་བཟློག་བཟློག་ས་མ་ཡ། །ཟློག་གཞུང་གང་ཡིན་གྱི་སྔགས་དང་ཐལ་བརྡེབ་བྱའོ། །ཡང་དགོན་བླ་བྲང་དུ་ཞབས་བརྟེན་སྒྲུབ་པའི་སྐབས་སུ་མཁན་པོ་འདུལ་བ་འཛིན་པས་བྲིས་པ་དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཕུར་པའི་དྲག་བསྲེགས་ཤིན་ཏུ་བསྡུས་པ།


KMC023_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པའི་དྲག་བསྲེགས་ཤིན་ཏུ་བསྡུས་པ་འདོད་ན། གསང་ཐིག་ཕུར་པའི་བདག་བསྐྱེད་བཟླས་པ་ཅི་འགྲུབ་ཀྱིས་མཐར་ལིངྒ་ལ་དམིགས་ཏེ་འགུགས་གཞུགས་བྱ་བ་ནི། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བླ་མ་བསྟན་གཉིས་སྐོར་གསུམ༔ ཡི་དམ་ཞི་ཁྲོ་རབ་འབྱམས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད༔ དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཕྱག་བརྙན་བཀའ་སྡོད་དང་བཅས་པའི༴ ལེགས་ལྡན་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོ་ཡབ་ཡུམ་སྲས་འཁོར་ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། འཕྲལ་གྱི་ཚེ་སྲོག་ལ་བར་དུ་གཅོད་པ༔ ཡུན་གྱི་བྱང་ཆུབ་


KMC023_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ལ་བར་དུ་གཅོད་པ༔ བསྟན་པ་དང་སེམས་ཅན་ཉེས་མེད་ལ་གནོད་ཅིང་འཚེ་བ༔ མི་འདོད་པ་གློ་བུར་དུ་བྱེད་པའི་བདུད་དང་དམ་སྲི་དྲེགས་ཚོགས་དགྲ་བགེགས་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ད་ལྟ་ཉིད་དུ་ཁུག་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བྃ་ཧོཿ ཤྲཱི་གྷྲཾ་ཨ་པ་ན་ཡ་ཧཱུྃ་ཕཊ༔ ཅེས་རྟགས་མ་བྱུང་བར་དུ་འགུགས་ལ། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱོད་ཀྱི་ཕྲིན་ལས་དུས༴ མཐུ་སྩལ་ཕྱུང་བའི་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱི༔ ཡུད་ཙམ་གྱིས་


KMC023_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདིར་བཀུགས་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་མ་ར་སེ་ན་པྲ་མར་དྷ་ན་ཡེ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཅེས་པས་བསྒྲལ་ཞིང་བཏུབ་ལ། དུག་ཤིང་གོམ་གྱིས་མེ་སྦར་བའི་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་སྐད་ཅིག་གིས་གསལ་བར་གྱུར། ཧཱུྃ༔ དཔལ་ཆེན་བཛྲ་ཀུ་མ་ར༔ འཛིན་བྱེད་བསྐལ་པའི་མེ་ཆེན་འབར༔ ཞལ་ནི་གནམ་ས་ཙམ་དུ་གདང་༔ ཟས་སྐལ་མནག་པ་འདི་ཟོ་ལ༔ མིང་གི་ལྷག་མ་མེད་པར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་མ་རཀྨོ་ཀ་ལ་རུ་པ་གནོད་བྱེད་དགྲ་བགེགས་དམ་སྲིའི་སྙིང་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཁྲིལ་ཁྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ སྙིང་རྩིག་རྩིག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མ་མ་ཀརྨ་


KMC023_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲྀ་གྷྲཾ་ཀ་ར་ཡེ༔ མ་ར་སེ་ན་པྲ་མརྡ་ནི་ཧཱུྃ་ཕཊ༔ སྤུ་གྲིའི་མཐར། དགྲ་བགེགས་དམ་སྲི་ཛྭ་ལ་རྃ༔ ཅེས་བཏགས་པའི་ལིང་རོ་ཁྲག་དང་ཞུན་ཆེན་འབུལ་ཞིང་དམིགས་པ་རྩེ་ཅིག་པས་གྲང་མང་བར་སྦྱར་རོ། །ཧཱུྃ༔ རིག་འཛིན་རྩལ་འཆང་བྱིན་རླབས་ཀུན་གྱི་རྗེ༔ སྲིད་པའི་ཕུར་བུ་དངོས་གྲུབ་ཀུན་གྱི་བདག༔ མ་མོ་མཁའ་འགྲོ་མྱུར་མགྱོག་ཕྲིན་ལས་ཅན༔ ཕུར་པའི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཞེས་རྗེས་ཆོག་ཡང་ཡང་མི་དགོས་སེམས་ཀྱི་ངོ་བོ་ལ་ལྟ་ཞིང་སྤྱོད་ལམ་འཇུག །ཅེས་པའང་གཏེར་སློབ་ཀརྨ་རཏྣས་སྤེལ་བ་དྲག་པོའི་ཕྲིན་ལས་མཐར་ཕྱིན་པར་གྱུར་ཅིག །ཛ་ཡ་སུ་ཛ་ཡ། བཀྲ་ཤིས་ཤོག །སརྦ་དཱ་མངྒ་ལཾ། བྷ་ཝནྟུ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གསང་ཐིག་ཕུར་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱང་།


KMC023_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་སྐོར་གསུམ་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་རྡོ་རྗེའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །


KMC023_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཕྲིན་ལས་འདུས་པའི་ལྷ། །ས་ལམ་བར་ཆད་སེལ་མཛད་དེར། །གུས་པས་བཏུད་ནས་བྱིན་རླབས་ཀྱི། །སྙིང་པོ་ནོར་བུའི་སྒྲོན་མེ་སྤར། །རང་མདུན་སྟེགས་བུའི་ཁར་རིན་པོ་ཆེ་དང་བྷཉྫ་ལ་སོགས་པའི་སྣོད་དུ་དཔལ་གྱི་གཏོར་མ་རྒྱན་གྱིས་སྤྲས་པ། གཡས་གཡོན་ཏུ་སྨན་རཀ །མདུན་དུ་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྨན་རཀ་ཉེར་སྤྱོད་མ་འབྱོར་ན་ཡིད་ཀྱིས་དམིགས་པས་ཀྱང་ཆོག །སྐྱབས་ཡུལ་མདུན་གྱི་ནམ་མཁར་གསལ་གདབ་ལ། སྐྱབས་སེམས་ལན་གསུམ། བདག་བསྐྱེད་དང་བཟླས་པ་ཅི་འགྲུབ་བྱ། དེ་ནས་གཏོར་མ་ལ་དམིགས་ཏེ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ སོགས་ནས་བཟླས་པའི་བར་བསྐྱར་མར་བཏང་ལ་བཟླས་པ་དང་དབང་ལེན་


KMC023_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་གཏེར་གཞུང་དངོས་བསྟན་མཐར་ཆགས་སུ་བཏང་། བསང་ཆུའམ་ལས་བུམ་གྱི་ནང་དུ། པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་སྡིགས་མཛུབ་མཛད་ཅིང་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་སྐུར་གསལ་བ། བཛྲ་ཨ་མྲྀཏའི་སྔགས་ཀྱིས་བྱིན་བརླབ། ཁྲོ་བོ་འོད་དུ་ཞུ་ནས་ཆུའི་རྡུལ་རེ་རེ་ཞིང་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་མོས། སློབ་མ་རྣམས། ཇི་ལྟར་བལྟམས་པས་ཁྲུས་བྱ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ དང་། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་


KMC023_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གུ་གུལ་ཡུངས་ཐུན་རོལ་མོའི་སྦྱོང་བས་བགེགས་བསྐྲད། རྡོ་རྗེའི་རང་བཞིན་གྱི་སྲུང་བའི་འཁོར་ལོ་མཚོན་ཆ་ཁྲོ་ཆུང་མེ་ཕུང་གི་དཀྱིལ་འཁོར་རྣམས་དྲག་བརྟན་པས་མཚམས་བཅིངས་པར་གྱུར། བཛྲ་པཉྩ་རཀྵ་ཧཱུྃ་བྷྲུྃ༔ མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་བཅོམ་ལྡན་འདས་ཁྲག་འཐུང་བཛྲ་ཀཱི་ལ་ཡ་འདི་ཉིད་ཞི་བའི་དུས་ན་དཔལ་རྡོ་རྗེ་སེམས་དཔའ། སྔགས་ཕྱི་པའི་སྐབས་སུ་རྡོ་རྗེ་རྣམ་པར་འཇོམས་པ། བྱང་ཆུབ་སེམས་དཔའི་གྲལ་དུ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་པར་སྣང་ཞིང་། མདོར་ན་བདེ་བར་གཤེགས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྤྲུལ་པ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ། རྣམ་པ་ཕྲིན་ལས་ཀྱི་


KMC023_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་གཅིག་ཏུ་བསྡུས་པ་ཀརྨ་ཧེ་རུ་ཀའི་ཚུལ་དུ་སྣང་བ་སྟེ། རྒྱུད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་ཟད་པ། །ཞེས་དང་། གསང་རྒྱུད་ལས། ཀུན་གྱི་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ། །ཞེས་སོགས་གསུངས་ཏེ། ལྷག་པའི་ལྷ་མཆོག་འདི་ཉིད་ལ་བརྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་རྣམས་གཉིས་བརྙེས་པའི་གྲུབ་ཐོབ་འཕགས་བོད་གཉིས་སུ་གནམ་གྱི་སྐར་མ་ཙམ་བྱོན་པ་དང་། ལྷག་པར་སངས་རྒྱས་ཀྱི་བསྟན་པའི་གཞུག་བདུད་དང་དམ་སྲི་ཁ་འཕྱུར་བའི་སྐབས་འདིར་དེ་དག་འདུལ་བའི་གཉེན་པོ་ལྷ་མཆོག་འདི་ཉིད་ཆེད་དུ་བསྔགས་པ་སྟེ། ཨོ་རྒྱན་ཆེན་པོའི་ཞལ་ནས། ཡིད་གཉིས་ཐེ་ཚོམ་མེད་པར་མོས་བྱེད་ཅིང་། །སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང་། །ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན། །ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་བསླུས། །ཞེས་རྡོ་རྗེའི་གསུང་ལ་


KMC023_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བ་མ་མཆིས་པས། རྩོད་དུས་ཀྱི་ཐ་མ་འདིར་ལྷ་སྔགས་གཞན་གྱི་ནུས་པ་རྡུགས་པ་ལྟར་སྣང་ནའང་རྡོ་རྗེ་ཕུར་བུའི་རྟགས་མཚན་མངོན་དུ་གྱུར་པས་བར་ཆད་ཀྱི་བདུད་ཐུལ་ཞིང་། སྐལ་བ་དང་འཚམས་པའི་དངོས་གྲུབ་ཐོབ་པ་ཟམ་མ་ཆད་པའི་ཕྱིར་ན། གསར་རྙིང་མཁས་གྲུབ་ཀུན་གྱི་ཐུགས་དམ་ལྷ་གཅིག་མར་ཡོངས་སུ་གྲགས་པ་འདི་ལ་སྒྲུབ་ཐབས་རྒྱས་བསྡུས་བཀའ་གཏེར་དག་སྣང་གི་སྲོལ་ཀ་མང་དུ་མཆིས་པའི་ནང་ཚན་བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བ། རྩོད་བྲལ་དུས་བབ་ཀྱི་ཟབ་ཆོས། སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ལུག་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་གནས་ཆེན་དེ་བའི་ཀོ་ཊིའི་སྙིང་པོ་ཤར་ཕྱོགས་ཀྱི་ཆ་ཙཱ་འདྲ་རིན་ཆེན་བྲག་རི་དཔལ་ཆེན་པོའི་སྐུའི་རྣམ་པར་ཆགས་པའི་ཕྲག་གཡས། གུ་རུའི་གསང་ཕུག་ནས་སྤྱན་འདྲེན་པར་མཛད་པ།


KMC023_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་སྐོར་གསུམ་ལས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་བྱིན་རླབས་གཏོར་མའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པ་ལགས་པས་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་འཚལ། བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས༔ བདག་ལ་བྱིན་གྱིས་བརླབས་ནས་ཀྱང་༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་སྩོལ༔ ཞེས་གསོལ་བ་ལན་གསུམ་གདབ། བླ་མ་དང་ཁྲག་འཐུང་རྡོ་རྗེ་གཞོན་ནུ་གཉིས་སུ་མེད་པ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་དྲུང་དུ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་


KMC023_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་མཛོད། བླ་མ་དཀོན་མཆོག་གསུམ་རྣམས་དང་༔ ཧེ་རུ་ཀ་དང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་འཆི༔ ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་ལ་གནས་སྐབས་ས་དང་ལམ་ལ་བར་དུ་གཅོད་པའི་བདུད་སྡེ་དཔུང་དང་བཅས་པ་འདུལ་ཞིང་མཐར་ཐུག་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་པར་བྱ་བའི་སླད་དུ་བྱིན་རླབས་དབང་བསྐུར་ཟབ་མོས་རྒྱུད་སྨིན་པར་བྱས་ལ་རྣལ་འབྱོར་ཉམས་སུ་ལེན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྫོགས་པའི་སངས་རྒྱས་ཐོབ་འདོད་ལ༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་ཐོབ་པར་བྱ༔ ལན་གསུམ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཚོགས་ཀྱི་ཞིང་རབ་འབྱམས་རྒྱ་མཚོའི་སྤྲིན་ཆེན་པོ་དཔལ་ལྡན་བླ་མ་ཁྲག་འཐུང་རྡོ་


KMC023_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གཞོན་ནུའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་རྩལ་ལས་རང་ཤར་བའི་ཚུལ་དུ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པའི་སྤྱན་སྔར་ཕྱག་འཚལ་བ་ལ་སོགས་པ་བསགས་སྦྱོང་གི་སྙིང་པོ་བསྡུས་པ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་ཏུ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་བརྗོད། དེ་ལྟར་རྒྱུད་སྦྱོང་བ་སྔོན་དུ་སོང་ནས་བྱིན་རླབས་ཀྱི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་ཅིང་བསྟིམ་པའི་སླད་དུ་ཁྱེད་རང་ལྷའི་སྐུ་དམ་ཚིག་སེམས་དཔའ་འདི་ལྟར་དུ་གསལ་ཐོབ་མཛོད། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔ ཧཱུྃ་གི་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་ཕུར་བུའི་ཞིང་ཁམས་གྱུར༔ མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ བྲག་ཆེན་པད་ཉི་ལྷ་ཆེན་སྟེང་༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན༔ འོད་


KMC023_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་མཆོག་ཏུ་འབར་བ་ལས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དྲག་པོའི་སྤྱན་དགུ་ཕྱོགས་བཅུར་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཤིང་༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོག༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་གྱེན་འཁྱིལ་སྐྲ་གསེབ་ཏུ༔ རྡོ་རྗེ་ཕྱེད་པས་མཚན་པ་ཡི༔ ལྟེ་བར་བླ་མ་མི་བསྐྱོད་པ༔ གཡས་པ་དང་པོས་རྩེ་དགུ་དང་༔ བར་པས་རྩེ་ལྔ་ཕྱོགས་བཅུར་གཟིར༔ གཡོན་པ་དང་པོས་མེ་དཔུང་དང་༔ བར་པས་ཁ་ཊྭཱྃ་རྩེ་གསུམ་འཛིན༔ ཐ་མས་རི་རབ་ཕུར་བུ་བསྒྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ གླང་ཆེན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་གི་པགས་པའི་ཤམ་ཐབས་མཛད༔ ཐོད་ཕྲེང་ཚར་གསུམ་དོ་ཤལ་དང་༔ ཐོད་སྐམ་རྣམས་ཀྱིས་དབུ་བརྒྱན་ཅིང་༔ རིན་པོ་ཆེ་ཡི་རྩེ་ཕྲན་


KMC023_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ སྦྲུལ་རིགས་ལྔ་ཡི་ཆུན་པོས་བརྒྱན༔ ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུགས༔ རུས་པའི་རྒྱན་དྲུག་ལ་སོགས་པའི༔ དཔལ་གྱི་ཆས་བཅུ་སྐུ་ལ་རྫོགས༔ ཞབས་བཞི་རོལ་པའི་སྟབས་ཀྱིས་འགྱིང་༔ དེ་ཡི་པང་དུ་སྦྱོར་བའི་ཡུམ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་འབར༔ གཡས་པས་ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབས༔ ལང་ཚོ་རྒྱས་པའི་འགྱུར་བག་ཅན༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང་༔ གཡོན་བསྐུམ་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་བརྐྱང་བདེ་བ་ཆེན་པོར་སྦྱོར༔ བ་སྤུ་རྡོ་རྗེ་ཕྱེད་པ་དང༔ སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པར་གྱུར། གཏོར་སྣོད་ཆོས་དབྱིངས་མཐིང་ནག་གྲུ་གསུམ་ཨེ་ཀློང་འབར་བའི་གཞལ་


KMC023_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་ཆེན་པོ་མེ་རི་མེ་ཕུང་འཚུབས་མར་འཁྱིལ་བའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་ཚོགས་དང་བཅས་པ་ཡེ་ཤེས་སེམས་དཔའི་རང་བཞིན་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དང་ཁྲོ་ཆུང་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། གཟི་བརྗིད་སྟོབས་ཀྱི་དངོས་གྲུབ་ཐོབ། སྐུའི་བྱིན་རླབས་ལུས་ལ་ཞུགས་པའི་མོས་པ་མཛོད། ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་བཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉེན་པོའི་


KMC023_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཕྱེས་ལ༔ གཟི་བརྗིད་སྐུ་ཡི་དབང་མཆོག་ལུས་ལ་སྩོལ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོལ༔ འཇའ་ལུས་རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད༔ གཞན་ཡང་བྱད་ཁ་རྦོད་གཏོང་བཟློག་པ་དང་༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལཿ སྔགས་མཐར༔ ཀཱ་ཡ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་གཏོར་སྤྱི་བོར་བཞག །གཏོར་སྣོད་ཆོས་དབྱིངས་མཐིང་ནག་གྲུ་གསུམ་ཨེ་ཀློང་འབར་བའི་གཞལ་ཡས་ཁང་ཆེན་པོ་མེ་རི་མེ་ཕུང་འཚུབས་མར་འཁྱིལ་བའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་ཚོགས་དང་བཅས་པ་ཡེ་ཤེས་སེམས་དཔའི་རང་བཞིན་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་མགྲིན་པའི་ཨཱཿལས་འོད་ཟེར་དང་ཁྲོ་ཆུང་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་ནད་གདོན་བར་


KMC023_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཅོད་པ་ཐམས་ཅད་བསལ། དྲག་སྔགས་ནུས་པའི་དངོས་གྲུབ་ཐོབ། གསུང་གི་བྱིན་རླབས་ངག་ལ་ཞུགས་པའི་མོས་པ་མཛོད། ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་བཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉེན་པོའི་སྒོ་ཕྱེས་ལ༔ ཚངས་དབྱངས་གསུང་གི་དབང་མཆོག་ངག་ལ་སྩོལ༔ ངག་སྒྲིབ་ངག་མནན་དིག་ལྐུགས་བསལ་བ་དང་༔ དྲག་སྔགས་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ གཞན་ཡང་བྱད་ཁ་རྦོད་གཏོང་བཟློག་པ་དང་༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལཿ སྔགས་མཐར༔ ཝཱཀ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་གཏོར་མགྲིན་པར་བཞག །གཏོར་སྣོད་


KMC023_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་མཐིང་ནག་གྲུ་གསུམ་ཨེ་ཀློང་འབར་བའི་གཞལ་ཡས་ཁང་ཆེན་པོ་མེ་རི་མེ་ཕུང་འཚུབས་མར་འཁྱིལ་བའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་ཚོགས་དང་བཅས་པ་ཡེ་ཤེས་སེམས་དཔའི་རང་བཞིན་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དང་ཁྲོ་ཆུང་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། དྲག་སྔགས་ནུས་པའི་དངོས་གྲུབ་ཐོབ། ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པའི་མོས་པ་མཛོད། ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་བཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་༔ སྲས་


KMC023_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉེན་པོའི་སྒོ་ཕྱེས་ལ༔ སྤྲོས་བྲལ་ཐུགས་ཀྱི་དབང་མཆོག་སེམས་ལ་སྩོལ༔ ཡིད་སྒྲིབ་སྨྱོོ་འབོགས་བརྒྱལ་ནད་ཞི་བ་དང་༔ བདེ་ཆེན་ཐུགས་ཀྱི་དངོས་སྒྲུབ་སྩོལ་དུ་གསོལ༔ གཞན་ཡང་བྱད་ཁ་རྦོད་གཏོང་བཟློག་པ་དང་༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལཿ སྔགས་མཐར༔ ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་གཏོར་མ་སྙིང་གར་བཞག །དེ་ནས་སྤྱི་ལུགས་ལྟར་གཏོར་མའི་བཀའ་བསྒོ་བྱ་བར་འདོད་ན། དཔལ་གྱི་གཏོར་ཆེན་འདི་ཉིད་བཅོམ་ལྡན་འདས་ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡབ་ཡུམ་འཁོར་དང་བཅས་པར་གསལ་བའི་སྟེང་གི་ཆ་ལ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་བ་དང་ཁྲོ་བོ། འོག་རོལ་དུ་མཁའ་འགྲོ་དམ་ཅན་སྲུང་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་གསང་བ་གསུམ་ལས་འབྲུ་གསུམ་དང་བྱིན་རླབས་འོད་


KMC023_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟན་ཐོག་འདི་ཉིད་དུ་ཐོབ་པའི་མོས་པ་མཛོད་ཅིག །ཁྱབ་བདག་རྡོ་རྗེ་སེམས་དཔའ། དཔལ་ཆེན་ཁྲག་འཐུང་རིགས་ལྔ། སློབ་དཔོན་པྲ་བྷ་ཧསྟི། གུ་རུ་རྡོ་རྗེ་ཐོད་ཕྲེང་། ཡུམ་མཆོག་བདུད་འདུལ་རྒྱལ་མོ། བཀའ་བབ་རྗེ་འབངས་ཉེར་ལྔ། མཆོག་གྱུར་བདེ་ཆེན་གླིང་པ་ལ་སོགས་པ་རྩ་བརྒྱུད་བླ་མ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་དང་། བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ། ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། ཡེ་ཤེས་ཀྱི་ཁྲོ་བཅུ་ཡབ་ཡུམ། ཟ་གསོད་ཁྲ་ཐབས། སྒོ་སྐྱོང་ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་བརླབས་པ་དང་དབང་བསྐུར་བར་མཛད་དུ་གསོལ། འཇིགས་པ་བཅུ་


KMC023_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ནད་གདོན་རྐྱེན་ངན་གཟུང་འཛིན་འཁྲུལ་རྟོག་བག་ཉལ་དང་བཅས་པ་ཕྱི་ནང་གསང་བའི་འགལ་རྐྱེན་སྡིག་སྒྲིབ་མ་ལུས་པ་ཞི་བ་དང་། བྱད་ཕུར་རྦོད་གཏོང་ལོ་ཟླ་ཞག་ཀག་བདུད་དང་དམ་སྲིའི་གནོད་པ་ལ་སོགས་པ་ལས་དང་རྐྱེན་ལས་གྱུར་པའི་འཕྲལ་ཡུན་གྱི་བར་ཆད་ཐམས་ཅད་བཟློག་པ་དང་། ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། རིག་འཛིན་རྣམ་པ་བཞིའི་གོ་འཕང་མཐར་ཕྱིན་ནས་ཁྱབ་བདག་འབྲས་བུ་ཧེ་རུ་ཀ་ཆེན་པོ་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བ་སྟེ། མདོར་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་གཏོར་མ་གནས་གསུམ་དུ་བཞག་གོ །གལ་ཏེ་གཏོར་དབང་ཚར་གྲངས་བསགས་དགོས་པར་བྱུང་ན། སླར་ཡང་བྱིན་རླབས་གཏོར་མའི་དབང་བསྐུར་ཟབ་མོ་ཞུ་བའི་སླད་དུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ། མཎྜལ། གསོལ་གདབ། སློབ་མ་རྡོ་རྗེ་གཞོན་ནུར་གསལ༔


KMC023_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལྷ་ཡི་གནས་གསུམ་ནས༔ སོགས་ནས་སྔགས་བརྗོད་པའི་བར་གཏེར་གཞུང་བཅོས་མེད་ཉིད་བསྐྱར་རོ། །མཐར་ཡང་སྤྲོ་ན་གཏོར་མའི་བཀའ་བསྒོ་གོང་ལྟར་བྱ་ཞིང་ཤིས་པ་བརྗོད། དེ་ལྟར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་བྱིན་རླབས་གཏོར་མའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་གསང་བ་གསུམ་གྱིས་བསྡུས་པའི་དམ་ཚིག་རྩ་བ་དང་ཡན་ལག་ཐམས་ཅད་ལེགས་པར་བསྲུང་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ནས། བགྱི། གཏང་རག་མཎྜལ། དེང་ནས་བརྩམས་ཏེ་སོགས་ནས། གསོལ། དགེ་བསྔོ་བཅས་གྱིས་གྲུབ་བོ། །དེ་ནས་གཏོར་མ་བདུད་རྩིས་བྲན་ལ། རྃ་ཡྃ་ཁྃ་གིས་གཏོར་མ་བསྲེགས་གཏོར་བཀྲུས༔ ཞེས་སོགས་གཏོར་འབུལ་ཕྲིན་བཅོལ་ཡན་གཏེར་གཞུང་ལྟར་བྱ། ཨོཾ་ཨཱཿཧཱུྃ་གཏོར་མའི་ལྷ་ཡེ་ཤེས་པ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། གཏོར་མགྲོན་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། བདག་བསྐྱེད་ཧཱུྃ་ཧཱུྃ་ཧཱུྃ་


KMC023_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ་ཀྱིས་ཟུང་འཇུག་གི་སྐུར་ལྡངས་ཁྱེར་སོ་གསུམ་གྱི་གྲུབ་མཐའ་བསྐྱང་། དགེ་བསྔོ་བཀྲ་ཤིས་སྤྱི་ལྟར་རམ་ཡང་དག་ཕྱག་རྒྱ་གཅིག་པ་ལྟར་བྱའོ། །ཡོན་མཆོད་གཉིས་ཀར་བྱ་སླ་ཞིང་། །ཟབ་དྲིལ་འདི་ཉིད་ནན་ཏན་ཏུ། །སྤེལ་ནས་ཕྲིན་ལས་རྒྱ་མཚོ་ཡིས། །བདུད་སྡེའི་དཔུང་བཅས་ཕམ་བྱེད་ཤོག །ཅེས་པ་འདིའང་ལུང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བས་སྦས་པ་རྡོར་སློབ་ཀརྨ་རཏྣས་ཆེད་དུ་བསྐུལ་བའི་ངོར། ཟབ་ཆོས་འདི་ཉིད་རང་སྐལ་དུ་ཐོབ་པའི་ལས་འཕྲོ་དགེ་བ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་གཏེར་གནས་ཉིད་དང་འདབས་འབྱོར་བའི་བསམ་གཏན་ཁང་བུར་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གསང་ཐིག་ཕུར་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱང་།


KMC023_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་སྙིང་པོའི་སྐོར་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱང་བཞུགས་སོ། །


KMC023_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀུ་མཱ་ར་ཡེ། མཆོག་ཏུ་མི་འགྱུར་ཆོས་ཀྱི་དབྱིངས་ལས་མཐའ་དང་བྲལ། །བདེ་ཆེན་ཡེ་ཤེས་གཟུགས་སྐུ་ཡོན་ཏན་བདུན་དང་ལྡན། །དམིགས་མེད་སྙིང་རྗེས་འགྲོ་ཀུན་ཡོངས་སུ་བཟུང་བའི་ཕྱིར། །ཞིང་བཅུ་སྒྲོལ་མཛད་ཧེ་རུ་ཀ་དཔལ་དེ་ལ་འདུད། ཞེས་དཀྱིལ་འཁོར་གྱི་གཙོ་བོ་དང་གཏེར་ཆེན་རྡོ་རྗེ་འཆང་དབྱེར་མེད་པར་ཕྱག་འཚལ་ཞིང་གསོལ་བ་བཏབ་པ་སྔོན་དུ་སོང་ནས། གསང་ཐིག་སྙིང་པོའི་སྐོར་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་བསྐྱེད་


KMC023_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སྤྲོས་མེད་རྒྱུན་གྱི་ཉམས་ལེན་ལྟ་བུ་རེག་གཟིགས་མདོར་བསྡུས་པ་ལ། ཐོག་མར་དད་པ་དང་སྙིང་རྗེ་ངེས་འབྱུང་སོགས་སྔོན་འགྲོའི་རིམ་པ་རྒྱུད་ལ་སྦྱོར་བ་ནི་གལ་པོ་ཆེ་ཡིན་ཅིང་། མདུན་དུ་རང་ལ་གསང་སྔགས་སྟོན་པའི་བླ་མ་དང་རྡོ་རྗེ་གཞོན་ནུ་དབྱེར་མེད་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས་པའི་སྐྱབས་ཡུལ་བསྒོམ་པས་ཆོག །མིན་ན་སྐྱབས་ཡུལ་གྱི་ཡོན་ཏན་སོགས་དྲན་གདུང་ཤུག་དྲག་པོ་དང་བཅས་པས་ཚིག་དོན་དྲན་པས་འཐུས། གསར་སྙིང་སྔོན་


KMC023_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྤྱི་འགྲོས་རྒྱུད་སྦྱངས་ཟིན་པའི་དབང་དུ་བཏང་བས་སྐྱབས་ཡུལ་སྤྲོས་བཅས་སྒོམ་མི་དགོས། རྡོ་རྗེ་གཞོན་ནུ་ལ་ཐམས་ཅད་འདུས་ཤིང་འདིར་རྡོ་རྗེ་ཐེག་པ་དབྱེར་མེད་དམ་འབྲས་བུ་ངོ་བོ་སྣང་སྟོང་ཟུང་འཇུག་ཆོས་སྐུར་ལྟ་ཞིང་སྒོམ་པར་བྱེད་པ་ཡིན་སྟེ། བང་མཛོད་ཕྲུལ་ལྡེ་ལས། འབྲས་བུ་རྡོ་རྗེ་ཐེག་པ་ནི། །ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས། །འབྲས་བུ་དེ་ཉིད་ལམ་དུ་ཁྱེར། །རང་གི་ལུས་ངག་ཡིད་གསུམ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྦྱོར། །དེ་རིང་རྡོ་རྗེ་ཐེག་པ་བསྟན། །ཅེས་གསུངས་པ་ལྟར། དོན་དམ་ངོ་བོ་ཉིད་ཀྱི་སྐྱབས་འགྲོ་དང་སེམས་བསྐྱེད་པའོ། །ཕྱིའི་བླ་མ་བཞིའམ་དྲུག་སོགས་ཡིད་ཆེས་ཀྱི་དད་པ་བརྟན་པོས་ལམ་གྱི་རྩ་བ་བཤེས་གཉེན་བརྟེན་ཚུལ་མདོ་རྒྱུད་བསྟན་བཅོས་ཀུན་དང་རྒྱ་བོད་གྲུབ་ཐོབ་གོང་མའི་རྣམ་ཐར་ལ་བསམ་གཞིན་བྱས་ཏེ་རང་རྒྱུད་ལ་སྦྱར། དེ་ནས་སྐྱེ་འགགས་གཉིས་མེད་ངོ་བོ་ཟུང་འཇུག་རང་བཞིན་དོན་


KMC023_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བླ་མ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ་སྟེ། སྐུ་གསུམ་བདག་ཉིད་བླ་མ་མཐར་ཐུག་གི་སྐྱབས་གཅིག་པུ་རང་རིག་དོན་གྱི་ངོ་ཤེས་པ་དང་། ཧེ་རུ་ཀ་ཞེས་ཁྲག་འཐུང་སྟེ་ཡི་དམ་དེའང་ཕྱི་ཀུན་བཏགས་ཀྱི་ཡི་དམ་ཞི་བ་དང་ཁྲོ་བོ་སོགས་དཀྱིལ་འཁོར་དང་འབྱམས། ནང་ལྟར་དུག་ལྔ་ཡེ་ཤེས་ལྔ་ཁམས་ལྔ་ཡུམ་ལྔ་སོགས་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་དག་པ། གསང་བ་རང་རིག་པར་རྩལ་སྣང་གྲགས་ལྷའི་ངོ་བོ། སྟོོང་པའི་རང་རྩལ་འགགས་མེད་དུ་ཤར་བ་དེ་ཀའོ། །མཁའ་འགྲོ་ལ་ཕྱིའི་མཁའ་འགྲོ་ཡུལ་ཉེར་བཞིའི་ཡེ་ཤེས་དང་ལས་ལས་གྲུབ་པ། ནང་གི་མཁའ་འགྲོ་འཁོར་ལོ་ལྔ་ལ་གནས་པའི་རྩ་ཐིག་རླུང་གསུམ། གསང་བ་རིག་རྩལ་མ་འགགས་པའི་ཆོས་ཐམས་ཅད་དཔའ་བོ་ཤེས་རབ་ཀྱི་ཆ་རང་བཞིན་སྟོང་པ་ཟུག་འཇུག་བདེ་བ་ཆེན་པོའི་ངང་ཚུལ། སྐྱབས་ཡུལ་རྒྱ་མཚོ་


KMC023_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི། མང་ཚིག་སྟེ་ཡོད་དོ་ཅོག་རྣམས་ལ། བྱང་ཆུབ་བར་དུ་ཞེས་པ། བྱང་ཆུབ་ཐོབ་ཀྱང་སྐྱབས་མི་དགོས་པ་མིན་ཀྱང་མཐར་ཐུག་གི་སྐྱབས་སེམས་ཉིད་མངོན་དུ་གྱུར་པ་ཡིན་པས་སྐྱབས་ཡུལ་དང་ཤེས་པའི་ཡུལ་ཅན་དུ་མི་གནས་པའི་ཕྱིར་རོ། །དཔེར་ན་རྒྱལ་པོའི་ཕོ་བྲངགི་ལྕགས་རི་ནས་ཕོ་བྲང་ནང་དུ་འགྲོ་འདོད་པའི་མི་ཕོ་བྲང་དུ་བསླེབས་ཟིན་སླར་འགྲོ་མི་དགོས་པ་བཞིན་ནོ། །སེམས་ཅན་གྱི་དོན་ཀུན་གྱི་དོན་བྱ་བའི་ནུས་པ་ད་ལྟ་བདག་ལ་མེད་པས་དེའི་ཕྱིར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་སླད་དུ་བར་ཆད་ཀྱི་བདུད་འདུལ་བའི་ཕྱིར་དུ་ཞེས་པ་རྣམས་བདུད་བཞི་སྟེ། །འཆི་བདག་གི་བདུད། ཕུང་པོའི་བདུད། ཉོན་མོངས་པའི་བདུད། ལྷ་བུའི་བདུད། རྣམས་འདུལ་བའི་ཕྱིར་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། ཞེས་པའི་དོན་ནི། །དེ་ཡང་བར་ཆད་ཀྱི་བདུད་ཐམས་ཅད་བསྡུ་ན། ཆོས་དང་གང་ཟག་གཉིས་


KMC023_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདུས་ཤིང་། སྤྱིར་ཆོས་ཐམས་ཅད་ཁམས་བཅོ་བརྒྱད་ལ་འདུས་ཤིང་། དེའང་བསྡུ་ན་སྐྱེ་མཆེད་བཅུ་གཉིས་ལ་འདུས། དེ་ཡང་བསྡུས་ན་ཕུང་པོ་ལྔ་ལ་འདུས། གང་ཟག་གི་བདག་ནི་ངའོ་སྙམས་པའི་ངར་འཛིན། ཆོས་ཀྱི་བདག་ནི་ཕུང་པོ་ལྔར་བསྡུས་པའི་ཆོས་ཐམས་ཅད་བདེན་པར་འཛིན་པ་ཡིན་ནོ། །དེ་ཡང་བདག་མེད་ཅེས་པ་ནི་གང་ཟག་གི་སྟེང་དུ་མེད་པ་གང་ཟག་གི་བདག་མེད། མིག་དང་རྣ་བ་སོགས་ཀྱི་སྟེང་དུ་མེད་པ་ཆོས་ཀྱི་བདག་མེད་ཡིན་ནོ། །བདག་གཉིས་སུ་འཛིན་པ་ནི་འཁོར་བའི་འཆིང་བ་མ་རིག་པ་ཡིན་ཏེ། ཆོས་ཀྱི་བདག་འཛིན་ལ་བརྟེན་ནས་གང་ཟག་གི་བདག་འཛིན་མ་རིག་པ་འབྱུང་། དེ་ལས་འདུ་བྱེད་སོགས་ཐམས་ཅད་འབྱུང་། མ་རིག་པ་དེ་ལྡོག་ན་གཟུང་འཛིན་གཉིས་ཀ་སྟོང་སྟེ། ཆོས་དབྱིངས་བསྟོད་པ་ལས། བདག་མེད་རྣམས་བཞིའི་དོན་མཐོང་ན། །སྲིད་པའི་ས་བོན་འགགས་པར་འགྱུར། ཅེས་གསུངས་པ་ལྟར།


KMC023_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཐམས་ཅད་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅོམ་པས། དོན་ཤེས་པ་གལ་ཆེ། དངོས་གཞིའི་ཏིང་ངེ་འཛིན་གསུམ་པོ་འདི་གོ་དཀའ་ཞིང་གལ་ཆེ་བས་རང་གི་ཤེས་ཚོད་ཙམ་རྒྱས་པར་བཤད་ན། ངོ་བོ་ནི་རང་བཞིན་ཆོས་སྐུ། ངེས་ཚིག་ནི་དེ་མ་ནོར་བ་བཞིན་མ་བཅོས་པ་ཉིད་ཀྱི་ཐོག་ཏུ་གནས་པའི་ཏིང་ངེ་འཛིན་ངོ་བོ་སྟོང་པ་རང་བཞིན་གསལ་བ་འཛིན་མེད་པའི་སྟོང་གསལ་གྱི་ངང་ལ་མ་ཡེངས་པ་ནི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ལ། གཞུང་གི་ཚིག་རིས་རྡོ་རྗེ་ཞེས་པས་བསྟན་ཏེ། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། ཅེས་དང་། བཤད་རྒྱུད་མེ་ལོང་ལས། ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། ཅེས་པ་ཐ་དད་མེད་པའི་རང་བཞིན་དེ་ཇི་ལྟ་བ་ཡིན་པ་ཞེས་ན། རྩ་ཤེར་ལས། རང་བཞིན་ངང་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པས་ན། །རང་བཞིན་གཞན་དུ་འགྱུར་པ་ནི། །ནམ་ཡང་


KMC023_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པ་མ་ཡིན་ནོ། །ཅེས་སོ། །དེ་ལྟ་བུ་ལ་དགོས་ཆེད་ཅི་ཡོད་པ་ཡིན་ཞེས་ན། སེམས་ཅན་ཐམས་ཅད་ཡེ་ནས་འཁྲུལ་ཏེ་མ་རིག་པས་བདག་ཏུ་བཟུང་སྟེ་འཁོར་བ་འཁྱམས་པ་ཡིན་པས་དེའི་གཉེན་པོར་སྟོང་གསལ་འཛིན་མེད་སྤྲོས་བྲལ་ཆོས་སྐུ་བསྒོམ་པ་གསང་སྔག་འབྲས་བུ་ལམ་བྱེད་ཡིན་པས་ཆོས་སྐུའི་ངང་ལས་གཟུགས་སྐུའི་ཉམས་འབྱུང་བའི་ཕྱིར་རོ། །གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི། ངོ་བོ་སྙིང་རྗེ། ངེས་ཚིག་ནི། སྟོང་པ་ཉིད་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོའི་སྣང་བ་ཤར་བ་དགོས་ཆེད་ནི། དེ་བཞིན་ཉིད་སྤྲོས་བྲལ་ངོ་བོ་སྟོང་པ་དང་། རྒྱུའི་ཏིང་ངེ་འཛིན་མཚན་བཅས་ཡིག་འབྲུ་སྙིང་པོའི་ངང་མཚམས་སྦྱོར་བ། སྟོང་ཉིད་ངང་ལ་སྙིང་རྗེ་སྙིང་པོའི་སྒྱུ་མའི་ཆོ་འཕྲུལ་ཡི་གེ་འབྱུང་བའི་དགོས་ཆེད་དོ། །གཞུང་གི་ཚིག་ནི། ཁྲོས་པ་ཞེ་སྡང་གཅོད་པའི་མཐའ་བསྟན་ཏེ། ཁྲོས་པ་ནི་སྙིང་རྗེ་སྟེ། ཐུགས་རྗེའི་ཡུལ་ཞིང་བཅུ་ལ་


KMC023_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཁྲོས་པས་ཞེ་སྡང་གི་ཚུལ་གྱིས་ཞེ་སྡང་འཇོམས་པ་སྟེ། ངོ་མཚར་ངན་འགྲོ་ཐར་བའི་ཐབས། ཞེས་པས། ལས་ངན་གྱི་འབྲས་བུ་ངན་འགྲོར་འགྲོ་ངེས་པ། སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་བའོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། ངོ་བོ་ཐོལ་སྐྱེས་ཀྱི་རིག་པ་དེ་ཉིད་དོ། ངེས་ཚིག་ནི། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་དང་བཅས་བསྐྱེད་པའི་རྒྱུར་འགྱུར་བའི་ཕྱིར་རོ། དགོས་ཆེད་ནི། །དཀྱིལ་འཁོར་ལྷ་ཚོགས་བསྐྱེད་པའི་རྒྱུར་གྱུར་བའི་ཕྱིར་རོ། །གཞུང་གི་ཚིག་མཚོན་ཆ་སྔོན་པོ་འབར་བ་ན༔ ནམ་མཁའི་དཀྱིལ་ནས་ཐེག་པ་ཤར༔ ཞེས་པ་བསྟན་ཏེ། སྟོང་པ་ཉིད་སྙིང་རྗེ་ཆེན་པོ་མཚོན་པའི་རྒྱུ་ཧཱུྃ་ཡིག་མཐིང་ནག་མི་འགྱུར་བའི་ཐིག་ལེ་ཆེན་པོ་སྟེ། དེ་ཡང་རང་གི་རིག་པ་ཧཱུྃ་དུ་གསལ་བའི་ང་རྒྱལ་བརྟན་པོ་སྒོམ་པ་དཔེར་ན་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་ཟླ་བ་ལྡིང་བ་ལྟར་བསྒོམ་པའོ། །དེ་ཡང་ཧཱུྃ་ཞེས་པ། ཧའི་སྒྲ་ལས་ཧ་སྒྲ་ཧ་ཀ་ནི་བཟུང་བ། ཧ་སྒྲ་ཧ་


KMC023_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ནི་འཛིན་པ། ཞབས་ཀྱུའི་ཨུ་ལ་ཤའི་རྐྱེན་བྱིན་པ། ཤཱུནྱ་ཏ་ཏེ་སྟོང་པ། ཀླང་སྐོར་མ་ནི་མ་ནོ་ཏ་ཞེས་པ་ཡིད། དེ་ལྟར་ན་བཟུང་བ་དང་འཛིན་པའི་ཡིད་ཅེས་པའི་རྒྱུ་ཡི་ས་བོན་ཧཱུྃ་དེ་ལས་འོད་ཟེར་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་ཕྱོགས་བཅུར་སྤྲོས་པས། ཕྱི་སྣོད་འཇིག་རྟེན་སྣང་སྲིད་ཐམས་ཅད་རྡོ་རྗེ་ཕུར་པའི་ཞིང་ཁམས་དམིགས་པ་ལས་གཞལ་ཡས་ཁང་སྤྲོས་བཅས་སྒོ་མི་དགོས་ཤིང་། དེ་ལྟར་ཕྱི་སྣོད་གཞལ་ཡས་ཁང་དུ་ལམ་གྱིས་གསལ་བའི་དབུས་སུ་གྲུ་གསུམ་མཐིང་ནག་ཨེ་དེ་ཉིད་གདན་ཐབས་མཐིང་གསལ་འོད་ཀྱི་རང་བཞིན་ཁ་ཁྱེར་ར་བ་ལྟ་བུའི་སྐུའི་པུས་མོའི་ཐད་དུ་སླེབ་པ་ཙམ་སྒོམ་པའོ། །ཡང་ན་མཐིང་ནག་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ་རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་། གདེང་ཀ་ཆེ་བ་གྱེན་དུ་བསྟན་པའི་ཟུར་གཅིག་མདུན་དུ་བསྟན་ནོ། །ཡང་ན་ཟུར་གཅིག་རྒྱབ་དུ་བསྟན་པའི་མདུན་ལོག་ན་སྒོ་ཁྱུད་དང་བཅས་པའི་ལྟེ་


KMC023_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྡོ་རྗེ་བྲག་ཆེན་བཻཌཱུཪྱ་མཐིང་གསལ་འོད་ཀྱི་རང་བཞིན་གྲུ་གསུམ་གྱི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་རྡལ་བའི་དབུས་སུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ལྷ་ཆེན་ནག་པོ་ཁ་སྦུབ། དམར་པོ་གན་རྐྱལ་གཅེར་བུ་རྒྱན་མེད་ཕྱག་གཉིས་ཐལ་སྦྱར་བསྒོམ་པས་རུང་ལ། ཡང་ན་གཡས་སུ་ལྷ་ཆེན་མ་ཧཱ་དེ་ཝ་ནག་པོ་ཁྲོ་ཉམས་རལ་པ་དམར་སེར་གཡས་རྩེ་གསུམ། གཡོན་ཐོད་ཁྲག་སྟག་ཤམས་ཅན་ཁ་སྦུབ་ཏུ་འགྱེལ་བ། གཡོན་དུ་ཨུ་མ་དམར་མོ་ཆགས་ཉམས་ཅན་གཡས་རྩེ་གསུམ། གཡོན་ཐོད་ཁྲག་གཟིག་ཤམས་ཅན་གན་རྐྱལ་དུ་འགྱེལ་བ། དེའི་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མཐིང་ནག་གི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་མཆོག་ཏུ་འབར་ཞིང་འཕྲོས་པ་རྩམ་གྱིས་རྒྱལ་བ་མཆོད་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་སྦྱངས་ཤིང་འོད་ཟེར་ཚུར་འདུས་པའི་ངང་དེ་ཁོ་ན་ཉིད་རྡོ་རྗེ་ཆོས་དབྱིངས་ཡེ་ཤེས་སུ་གདོད་


KMC023_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་པ་ལས་གཏུམ་ཆེན་འབར་བའི་ཁྲོ་བོ་ཆེན་པོ་མི་ཟད་པ། མི་སྡུག་པའི་ཉམས་སོགས་གར་གྱི་ཉམས་དགུས་སྒེགས་པ། ཁྲོས་ཉམས་ཐམས་ཅད་མི་ཟད་པ་རྒྱན་གྱི་འཁོར་ལོར་རྫོགས་པ་སྟེ། ཆོས་ཉིད་འགྱུར་བ་མེད་པ་སྐུ་མདོག་མཐིང་ནག །སྐུ་གསུམ་མཚན་པའི་ཕྱིར་ཞལ་གསུམ། ཕར་ཕྱིན་དྲུག་མཚོན་པའི་ཕྱག་དྲུག །གཞན་ཡང་གཡས་དཀར་བ་སྐུ། གཡོན་དམར་བ་གསུང་། དབུས་མཐིང་བ་ཐུགས་མཚོན་པའི་དག་པ་སྦྱར་ནའང་རུང་། དྲག་པོ་ཁྲོས་པའི་སྤྱན་དགུ་ཕྱོགས་བཅུར་བགྲད་ཅིང་གཟིར་བ་ཐེག་པ་དགུའམ། ཡེ་ཤེས་དགུ་མཚོན། རབ་ཏུ་རྔམས་པའི་ཞལ་གསུམ་གདངས་ཞིང་ལྗགས་དམར་གློག་ལྟར་འཁྱུག་ཅིང་འདྲིལ་བ། རབ་དཀར་གངས་རི་ལྟ་བུའི་མཆེ་བ་བཞི་བརྩིགས་པ། ཨ་ར་ལིའི་སྒྲ་སྒྲོགས་པ་སྟེ། བཛྲ་ཨ་ར་ལི་ཞེས་པའི་སྔགས་དོན་སྙོག་པ་མེད་པ་དང་། རྡོ་རྗེ་ཕུར་གཅིག་འཕུར་ཞེས་པ་སྤྱོད་པ་ཐམས་ཅད་ལ་ཐོག་


KMC023_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་རོལ་པའི་དོན་ཡིན་པར་བཤད་པ། རྡོ་རྗེ་དགྲ་འཇོམས་སུ་ཞལ་ལུ་ལོ་ཙ་བས་བསྒྱུར་བས་ཕྱི་མ་ལྟར་འཐད་པར་བསམ། སྨ་ར་སྨིན་མ་ཨག་ཚོམ་དམར་སེར་མེ་ལྟར་འབར་བ། འཁྲུགས་ཅིང་རྔམས་པ་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་གཙུག་ཏུ་བཅིངས་ཤིང་ལྷག་མ་གྱེན་དུ་བརྫེས་པ། དབུ་སྐྲའི་གསེབ་གཙུག་གཏོར་རྩེར་རྡོ་རྗེ་མཐིང་ཁ་འོད་ཀྱི་རང་བཞིན་ཅན་གྱིས་ལྟེ་བར་རིན་པོ་ཆེའི་ཁྲི་ཕྱོགས་བཞི་ནས་གླང་ཆེན་ཟུང་ཏེ་བརྒྱད་ཀྱིས་བཏེགས་པའི་ཁྲིའི་སྟེང་དུ་པད་ཉི་ཟླ་བ་ལ་མི་སྐྱོད་པ་ཡབ་རྐྱང་། ལོངས་སྐུའི་ཆ་བྱད་ཅན། གཡས་ས་གནོན་དང་གཡོན་མཉམ་བཞག་གིས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འཛིན་པར་བསྒོམས། ཡུམ་གྱི་དབུའི་གཙུག་གཏོར་རྩེར་དབུ་སྐྲའི་གསེབ་ཏུ་སྤྱན་མ་མཐིང་བསལ་ལོངས་སྐུའི་ཆ་བྱད་གཡས་ས་གནོན་གཡོན་མཉམ་བཞག་གིས་རྡོ་རྗེ་འཛིན་པ་གླང་པོའི་ཁྲི་སོགས་སྔ་མ་ལྟར་བསྒོམ། ཕྱག་དྲུག་གི་གཡས་དང་པོ་རྡོ་རྗེ་


KMC023_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་དགུ་རྭ་གདེངས་འཕྱར་བས་ས་དགུའི་རྟོག་པ་ཐམས་ཅད་བཞོམ་པའི་བརྡ། དེ་ཡང་ཁམས་གསུམ་ས་དགུ་ཞེས། ལྟུང་བ་ཡོད་པ་དམྱལ་བའི་ས། ཡི་དྭགས་བྱོལ་སོང་བྱིང་གི་ས། བསོད་ནམས་གྲུབ་པ་མི་ཡི་ས། ཀུན་ཏུ་གཡོ་བ་རླུང་གི་ས། མཐོ་རིས་གོ་འཕང་ལྷ་ཡི་ས། མཚན་གྱི་བསྟན་པ་སྤྲིན་གྱི་ས། དྲི་མེད་ཡེ་ཤེས་ངན་ལྡན་ས། མིང་གི་མཚན་མ་སྐྱེ་མཆེད་ས། ཞེས་སྔ་འགྱུར་བ་འགའ་ཞིག་གིས་བཤད་པ་ཡོད་མོད་ཀྱང་། ཡོངས་གྲགས་ས་བཅུ་ཕྱིན་ཆད་ཀྱི་རྟོག་པ་ལ་སྦྱར་ན་འཐད་ཆེ་བར་གསུངས་སོ། །བར་པ་རྡོ་རྗེ་རྩེ་ལྔ་ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་གཟིར་བས། ཉོན་མོངས་པ་དུག་ལྔའི་རྟོགས་པ་ཐམས་ཅད་ཡེ་ཤེས་ལྔར་དག་པའི་བརྡའོ། །གཡོན་དང་པོ་སྡིག་མཛུབ་དང་བཅས་པས་མེ་དཔུང་འབར་བའི་རྣམ་པས་མ་རིག་པའི་མུན་པ་སྲེག་པའི་བརྡའོ། །བར་བས་ཁ་ཊཱྂ་རྩེ་གསུམ་དུག་གསུམ་སྒྲོལ་བའི་བརྡ། ཟ་མས་རི་རབ་ཕུར་


KMC023_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲིལ་བ་སྟེ། མཚན་མའི་ཡུལ་རྟག་ཆད་བདག་སོགས་མཚོན་གཞི་གང་ལ་བཏབ་ཀྱང་། མི་འགྱུར་བའི་བདེ་བ་ཆེན་པོའི་ལམ་མཐར་ཕྱིན་པར་སྦྱོང་བ་སྟེ། དེ་ཡང་སྲིད་པའི་ཕུར་བུ་ཞེས་པ། སྲིད་པ་གསུམ་ལྷ་ཡི་དཀྱིལ་འཁོར་དུ་རྫོགས་སྟེ། རྒྱ་མདུད་སྟེང་མ་ལ་གཟུགས་མེད་ཁམས། འཆང་བཟུང་འདབ་མ་བཅུ་དྲུག་དང་རྒྱ་མདུད་འོག་མ་ལ་གཟུགས་ཁམས། ཆུ་སྲིན་རྔམས་ཞལ་དང་དབལ་འདོད་ཁམས་ལ་སྦྱར་བའི་ཕུར་བུ་སྟེ། སྲིད་པ་གསུམ་པོ་དེ་དང་སྐུ་གསུང་ཐུགས་ཀྱི་རང་བཞིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །ཐུགས་ཀྱི་ཕུར་ཅིག་རྒྱུད་ཀྱི་དགོངས་འགྲེལ་ལས། རྩེ་ཤིང་ལ་སོགས་སྲིད་པ་ཀུན༔ སྣང་བའི་ཡུལ་དུ་ཕུར་པའི་དབྱིབས༔ རང་བཞིན་ཉིད་དུ་གནས་པའོ༔ ཅེས་གསུངས་སོ། །དེ་ཡང་དམ་སྦྱར་རྒྱུད་ཀྱི་དགོངས་འབྲེལ་ལས། དུག་གསུམ་སེལ་ཕྱིར་ཞལ་གསུམ་བསྟན༔ རྒྱུད་དྲུག་སྒྲོལ་ཕྱིར་ཕྱག་དྲུག་གིས༔ ཤེས་བྱའི་སྒྲིབ་གཅོད་རྩེ་དགུ་


KMC023_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གདེང་༔ དུག་ལྔ་འཇོམས་པའི་རྩེ་ལྔ་འཕེན༔ དུག་གསུམ་སྒྲོལ་བའི་ཁ་ཊྭཱྂ་འཛིན༔ རྣམ་རྟོག་འཇོམས་པའི་སྡིག་མཛུབ་མཛད༔ གདུག་པ་སྒྲོལ་བའི་ཕུར་བུ་སྒྲིལ༔ ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །ལག་གཡས་མི་བསྐྱོད་པ་ལ། གཡོན་རིན་འབྱུང་རང་བཞིན་དུ་གནས་པ་ལ། གཡས་རྡོ་རྗེའི་གཤོག་པ་མི་བསྐྱོད་པའི་རང་བཞིན། གཡོན་རིན་པོ་ཆེའི་གཤོག་པ་རིན་འབྱུང་གི་རང་བཞིན་དུ་གནས་པས་ན། རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཞེས་པའོ། །ཡང་ན་གཡས་རྡོ་རྗེ་གཤོག་པར་རྡོ་རྗེའི་ཐིག་ཕྲན། གཡོན་ཆུ་གྲིའི་གཤོག་པར་རིན་པོ་ཆེའི་ཐིག་ཕྲན་ཅན་སྒོམ་ཀྱང་རུང་ངོ་། །བརྒྱ་བྱིན་གྱི་ཞོན་པ་གླང་པོ་ཆེ་བཏུལ་ནས་གླང་ཆེན་ཀོ་རློན། ཚངས་པ་ཆེན་པོ་སྒྲལ་བས་ཞིང་ཆེན་གྱི་ལྤགས་པ་སྐུ་སྟོད་ལ་གསོལ་བ། གཟའ་ཆེན་ཉི་མའི་བུ་མོ་སྟག་གདོངས་སྤྱན་གཅིག་མ་བཏུལ་ནས་སྟག་གི་ལྤགས་པའི་ཤམ་ཐབས་མཛད་པ། རུ་ཊ་སྡེེ་གསུམ་སྒྲལ་བས་


KMC023_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་སྐམ་རློན་རྙིང་གསུམ་གྱི་ཕྲེང་བ་དོ་ཤལ་བྱས་པ། ཕུར་པ་རོག་ལུགས་སོགས་འགའ་ཞིག་ཏུ། ཐོད་སྐམ་དབུ་རྒྱན། ཐོད་རློན་དོ་ཤལ། ཚལ་བུའི་ཕྱག་ཞབས་ཀྱི་གདུབ་བུ་ཞེས་པའང་ཡོད། གཏེར་གཞུང་འདི་ནི་སྔ་མ་ཁོ་ནའོ། །ཐོད་སྐམ་པོ་ལྔ་ཡི་ཅོད་པཎ་རྒྱུ་མའི་ཁོང་སེང་གིས་སྦྲེལ་བས་དབུ་བརྒྱན་ཅིང་། དེ་ཡང་ཐོད་སྐམ་རྣམས་ཕྱི་ཐོད་པའི་རྣམ་པ་ལ་ནང་ཁང་བུར་གྱུར་པའི་ནང་དུ་དབུས་ཞལ་ལ་བཛྲ་ཧེ་རུ་ཀ་གཙོ་འཁོར་བཞུགས་པ་ལ་ཁྲག་འཐུང་རིག་ལྔ་ཡབ་རྐྱང་། གཡས་པ་རྣམས་རང་རྟགས་ཀྱི་ཕྱག་མཚན་དང་གཡོན་ཐོད་ཁྲག །དཔལ་དང་དུར་ཁྲོད་ཆས་སོགས་སྤྱི་འགྲོ་ལྟར་རམ། ཡང་ན་རྒྱན་མེད་པར་སྒོམ་ཀྱང་རུང་ངོ་། །གཡས་ཞལ་ལ་བུདྡྷ་ཧེ་རུ་ཀ་གཙོ་བོ་དང་། གཡོན་ཞལ་ལ་པདྨ་ཧེ་རུ་ཀ་གཙོ་བོར་བྱས་ནས་འགོད་ཤེས་པར་བྱ། ཡུམ་གྱི་ཐོད་སྐམ་ནང་དུ་བཛྲ་ཀྲོ་དྷི་གཙོ་བོར་གྱུར་པའི་ཁྲག་འཐུང་ཡུམ་ལྔ། རིན་ཆེན་རྩེ་ཕྲན་ནང་དུ་ཞི་བ་རིགས་ལྔ།


KMC023_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཞལ་ལ་མི་བསྐྱོད་པ། གཡས་ཞལ་ལ་རྣམ་སྣང་། གཡོན་ཞལ་ལ་སྣང་མཐའ་སོགས་སྔ་མ་ལྟར་རྒྱན་གོས་སོགས་གང་བདེར་བསྒོམ། ཡུམ་གྱི་རྩེ་ཕྲན་ནང་དུ་སྤྱན་མ་སོགས་ཡུམ་ལྔ་བསྒོམ། ཐོད་སྐམ་བཤད་པས་ཞལ་བྱུང་དུ་སྒོམ་བྱའི་ས་ཁོང་གྱི་ཞི་ཁྲོོ་རིགས་ལྔ་ཡབ་ཡུམ་འདིར་བཤད་པ་ཙམ་ལས། སྒོམ་རྒྱུ་དངོས་དབང་ལྷ་སྤྱན་འདྲེན་འོག་ཏུ་འབྱུང་བའི་སྐབས་བསྒོམ་དགོས་མོས་སྒོམ་བསྡུས་པའི་སྐབས་སུ་ཐོད་སྐམ་ལྔ་པོ་རིགས་ལྔའི་ངོ་བོ་ཡིན་པས་བསམ་པས་འཐུས་སོ། །ཀླུ་རྒྱལ་གདུག་པ་ཅན་རྣམས་བཏུལ་བས་སྦྲུལ་རིགས་ལྔའི་ཆུན་པོས་བརྒྱན་པ་སྟེ། དེ་ཡང་རྒྱལ་རིགས་དཀར་པོའི་དབུ་རྒྱན། རྗེའུ་རིགས་སེར་པོའི་སྙན་རྒྱན། བྲམ་ཟེ་དམར་པོའི་སེ་མོ་དོ། །བདོལ་པ་ནག་པོའི་མགུལ་ཆུ། དམངས་རིགས་ལྗང་གུས་གདུབ་བུ་དང་སྐེ་རག་དང་དོ་ཤལ་བྱས་པ་སོགས་སྒྱུ་འཕྲུལ་བཤད་པའོ། །ཡང་ན་སྔ་མ་ལྟར་ལ་ཁྱད་པར། བྲམ་ཟེ་


KMC023_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཁྲའི་ཅོད་པཎ་སྟེ་སྐྲ་ཆིང་། དམངས་རིགས་ལྗང་གུས་ཕྱག་ཞབས་ཀྱི་གདུབ་བུ། གདོལ་པ་ནག་པོ་སྐེ་རག་རིགས་ལྔ། ཞི་ཁྲོའི་དཀའ་གནད་ལས་བཤད་པ་ལྟར་བྱས་ཀྱང་རུང་། འཇིག་བྱེད་ཆེན་པོའི་དུར་ཁྲོད་ཀྱི་བདག་པོ་རུ་ཊ་བཏུལ་བའི་དཔའ་རྟགས་སུ་འཕྲོག་ནས་སྐུ་ལ་གསོལ་བ་ནི་དུར་ཁྲོད་ཆས་བརྒྱད་པོ་ཡིན་ལ། ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུག༔ རུ་ཊའི་ཆུང་མ་ལ་མ་ཆགས་ཐབས་ཀྱིས་རོལ་པས་དབང་དུ་བསྡུས་ནས། མཁུར་ཚོས་གཉིས་དང་སྣ་རྩེ་གསུམ་ལ་རཀྟའི་ཐིག་ལེ། དབང་མོ་ཉེར་བརྒྱད་དབང་དུ་བསྡུས་པས་ཨོ་ཀོ་ལ་ཞག་གི་ཟོ་རིས་གསུམ། སྲིན་མོ་ཉེར་བཞི་མུ་ཁ་ལིའང་བཏུལ་བའི་ཐལ་ཆེན་གྱི་ཚོམ་བུ་དཔྲལ་བར་རྩེ་གསུམ་པའི་དབྱིབས་སུ་བྱུག་པ། རུས་པའི་རྒྱན་དྲུག་ཕར་ཕྱིན་དྲུག་ལ་སྦྱར་བ་ནི། སྤྱི་བོ་རུས་པའི་འཁོར་ལོ་དྲྭ་མིག་སོ་གཉིས་པ། སྐྲ་ཐམས་ཅད་དྲྭ་མིག་ནས་ཟིང་བ་ཐོད་སྐམ་ལྔའི་དབུ་རྒྱན་ལས་བྱུང་བའི་རུས་


KMC023_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲྭ་བ་དྲྭ་བྱེད། སྙན་གཉིས་ལ་རུས་པའི་ཨ་ལོང་། མགུལ་ལ་རུས་པའི་མགུལ་རྒྱན་དྲྭ་མིག་བཅུ་དྲུག་པ། དཔུང་པ་མཁྲིག་མ་ཞབས་རྣམས་སུ་རུས་པའི་གདུབ་བུ། སྐེད་པར་སྐེད་རྒྱན་རུས་པའི་དྲྭ་མིག་དྲུག་བཅུ་རྩ་བཞི་པ། ཚངས་སྐུད་དང་ཐལ་བ་ཞེས་རྒྱ་གར་མུ་སྟེགས་བླ་མར་བྱེད་པ་རྣམས་བ་གླང་གི་ལྕི་བའི་ཐལ་བ་བྱུག་པའི་སྟེང་དུ། སྐུད་པ་ལྟ་བུ་ཞིག་གྱོན་པ་དེ་ཚངས་པ་མི་བརྗེད་པའི་དྲན་རྟེན་དང་དམ་ཚིག་ཡིན་ཟེར་བ་དེ་དག་འདུལ་ཕྱིར། ཧེ་རུ་ཀའི་སྐུ་སྟོད་ལ་ཐལ་ཆེན་གྱི་རི་མོ་བྲིས་པའི་སྟེང་དུ། རོ་སྐྲ་དང་རུས་པའི་ཕྲེང་བ་སེ་རལ་བ་གཉིས་བསྣོལ་མར་གྱོན་པར་བཤད་པ་དང་། ཡང་ན་མདུན་རྒྱབ་གཉིས་སུ་མས་ནོན་རུས་པའི་འཁོར་ལོ་རྩིབ་བཞི་པ་ལས་དགྱེས་པའི་རུས་པའི་ཕྲེང་བ་བཅས་རྒྱན་དྲུག་རྒྱུ་དུག་ལྔ་སེར་སྣ་དང་དྲུག་ལམ་ཕར་ཕྱིན་དྲུག་ཏུ་དག་པ་མཚོན་ཏེ། དེ་ཡབ་རུས་པའི་འཁོར་ལོ་ཤེས་རབ་ཕར་ཕྱིན། སྙན་ཆ་ཚུལ་ཁྲིམས།


KMC023_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་རྒྱན་བཟོད་པ། སྐེ་རག་བརྩོན་འགྲུས། ཚངས་སྐུད་སེ་རལ་ཁ་བསམ་གཏན། ཕྱག་ཞབས་ཀྱི་གདུབ་བུ་སྦྱིན་པའི་ཕར་ཕྱིན་མཚོན། འབྲས་བུའི་སྐབས་སུ་རིགས་དྲུག་མཚོན་པའོ། །དཔལ་དང་དུར་ཁྲོད་ཆས་རྣམས་ལ་བགྲངས་ཚུལ་ངོས་འཛིན་མི་འདྲ་བ་མང་པོ་ཡོད་དོ། །བཀའ་བརྒྱད་སྒྲུབ་ཁོག་ལས། ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན། །ཐེག་མཆོག་དོན་ལྡན་གླང་ཆེན་ཀོ་རློན། །འཁོར་བ་མི་སྤོང་ལྤགས་གཡང་གཞི། །ཞེ་སྡང་གཉིས་འཇོམས་སྦྲུལ་ནག་ཆུན་པོ། །ཕྲིན་ལས་རྣམ་བཞི་ལྷུན་འགྲུབ་སྟག་ཤམས། །འཁོར་བ་བཅུད་ལེན་ཞག་གི་ཟོ་རིས། །ཆགས་པ་དབང་བསྡུས་རཀྟའི་ཐིག་ལེ། །སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ། །སྐུ་གསུམ་ལྷུན་འགྲུབ་ཐོད་ཕྲེང་ཚར་གསུམ། །ཅེས་ཀྱང་མི་ཤིག་རྡོ་རྗེའི་གོ་ཁྲབ། །མ་རིག་ནགས་བསྲེག་ཡེ་ཤེས་མེ་དཔུང་། །ཞེས་པ་སྟེ། དོན་དུ་དུར་ཁྲོད་ཆས་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་གོ་ཁྲབ་དང་། མེ་དཔུང་བགྲངས་བའི་


KMC023_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་གསུང་། ཡང་ན་དུར་ཁྲོད་ཆས་བརྒྱད་ཀྱི་སྟེང་དུ་གསལ་བ་མེ་ཡི་ཆས། ཟིལ་གནོན་གཤོག་པའི་ཆས་དང་བཅུ། ཡང་དག་གི་རྒྱུད་ལས་བཤད་ཅེས་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་གསུང་ཞིང་། མཁས་གྲུབ་རྩེ་ལེ་རིན་པོ་ཆེ་ནས་ཀྱང་དེ་ལྟར་བཞེད་ལ། སྒྱུ་འཕྲུལ་ཆས་བརྒྱད། དཔལ་གྱི་ཆས་བརྒྱད། གསལ་བའི་རྒྱན་གཉིས། ཞེས་བཤད་དེ། དེ་ཡང་། ཞིང་ཆེན་གཡང་གཞི་བྱང་ཆུབ་སེམས་ཀྱི་རྒྱན། །གླང་ཆེན་ཀོ་རློན་སྟོབས་ཆེན་མཆོག་གི་རྒྱན། །སྟག་གི་ཤམ་ཐབས་དཔལ་གཏུམ་ཟ་བྱེད་རྒྱན། །སྦྲུལ་ནག་ཆུན་པོ་གཉེན་ལྕུག་འཁྲིལ་བའི་རྒྱན། །ཐོད་པ་ཚར་གསུམ་སྐུ་གསུམ་སྙན་པའི་རྒྱན། །རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྒྱན། །ཐལ་ཆེན་ཚོམ་བུ་འདུལ་བྱེད་ཕྲིན་ལས་རྒྱན། །ཞག་ཆེན་ཟོ་རིས་དོན་དམ་བཅུད་ཀྱིས་རྒྱན། །ཞེས་དང། དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆས་སུ་གནས་པའི་དཔལ་ཆས་བརྒྱད་ནི། དབུ་སྐྲ་གྱེན་


KMC023_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བརྫེས་འཁོར་བ་རུ་ལོག་ཆས། །རྡོ་རྗེ་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པར་རེག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་སྒྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡབ་ཡུམ་གྱི་ཆས། །གནོད་དུག་བཟློག་ཕྱིར་དཔའ་བོ་ལྕགས་ཀྱི་ཆས། །གཟི་བརྗིད་ཟིལ་གནོན་གཤོག་པའི་ཆས་དང་བརྒྱད། །ཞེས་དང་། གཡུ་སྟོན་བཛྲ་ཤྲཱིའི་རྩ་བར། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་བཟློག་ཡེ་ཤེས་མེ་ཡི་ཆས། །སྐྱེ་འཆི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་སློག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་དུག་བཟློག་ཕྱིར་རྒྱ་གྲམ་ལྕགས་ཀྱི་ཆས། །ཞེས་དང་། གསལ་བའི་རྒྱན་གཉིས་ནི། སྙན་གོང་


KMC023_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་གཉིས་སུ་ཉི་ཟླའམ། ཡང་ན་ལྷ་རྗེ་རོག་གིས་ཉི་ཟླའི་ཕྲེང་བའང་བཞེད་ལ། བདེ་འདུས་རྩ་རྒྱུད་ཞི་ཁྲོ་མངོན་བྱུང་གི་རྒྱུད་ལས། དཔལ་གྱི་ཆས་བཅུ་ཞེས་མིང་མི་འདྲ་བའང་ཡོད། འདིར་རིག་འཛིན་མཆོག་གི་གཏེར་བྱོན། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཏེར་གཞུང་ལས། དུར་ཁྲོད་ཆས་བརྒྱད་དང་དཔལ་གྱི་ཆས་བརྒྱད་བཤད་དོ། །དེའང་གཏེར་གཞུང་ལས། དུག་གསུམ་རྣམ་དག་བགོ་པའི་གོས་གསུམ་དང་༔ སྐྱེ་འགག་འགྱུར་མེད་བྱུག་པའི་རྩེ་གསུམ་དང་༔ འཁོར་འདས་དབྱེར་མེད་ཐོད་པའི་རྒྱན་གཉིས་སོགས༔ རྔམས་བརྗིད་དུར་ཁྲོད་དྲག་པོའི་ཆས་རྣམས་དང་༔ ཞེས་གསུངས་པས། དཔལ་ཆས་ལ། ཆེ་བཙན་འགྲན་ཟླ་བྲལ་བའི་གདན་ཁྲི་དང་༔ ཡེ་ཤེས་དཔག་ཏུ་མེད་པའི་མེ་དཔུང་འབར༔ ཉོན་མོངས་འཆིང་བས་མ་གོས་སྦྲུལ་གྱིས་བརྒྱན༔ འགྲོ་དོན་ཐོག་པ་མེད་པའི་གཤོག་པ་གསུམ༔ གདུལ་བྱའི་རེ་བ་སྐོང་བའི་དར་


KMC023_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱང་དང་༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་རུས་རྒྱན་དྲུག༔ རྣམ་རྟོག་དབྱིངས་ཀྱི་རྒྱན་འགྱུར་རིན་ཆེན་ཕྲེང་༔ གདུག་པ་ཀུན་འདུལ་ཁྱུང་གིས་དབུ་ཡང་རྒྱན༔ གར་དགུ་རོལ་མཛོད་དཔལ་གྱི་ཆས་ཞེས་གསུངས་པ་ལྟར་བསྒོམ་པའོ། ཡང་ན་གསང་ཐིག་དངོས་ཀྱི་གཏེར་གཞུང་ལྟར་གྱི་དགོངས་པ་ནི། དུར་ཁྲོད་ཆས་བརྒྱད་ཀྱི་སྟེང་དུ། རྡོ་རྗེའི་གཤོག་པ་དང་། རུས་པའི་རྒྱན་དྲུག་བརྩིས་པས་བཅུ་དངོས་སུ་བསྟན་ཅིང་། ཡང་ན་རུས་པའི་རྒྱན་དྲུག་ལ་སོགས་པའི༔ ཞེས་པའི་སོགས་ཁོངས་ནས་དཔལ་གྱི་ཆས་བསྟན་པར་འཆད་རུང་ངོ་། འདིར་ནི་སོགས་ཁོངས་ལས། ཨུཏྤལ་དང་ཉི་ཟླ་སྙན་གོང་རྒྱན་པ་གསང་ཁེབ་དར་སྣ་ལྔའམ་དར་ལྗང་གུ་ལ་ཕུར་པ་གསུམ་བཏགས་འཕྱང་ཞིང་། ལྟ་ཟུར་གཉིས་ནས་དར་དཔྱང་གསུམ་གསུམ་འཕྱང་བ། ཆུ་སྲིན་གྱིས་ཞབས་དཔུང་རྣམས་དང་། སྐུ་སྨད་རྒྱན་པ་ནི། ཆུ་སྲིན་འཛིན་ཤེས་བཏང་མི་ཤེས་པའི་དཔེ་ལྟར། ཐུགས་རྗེས་


KMC023_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་རྗེས་སུ་བཟུང་སྟེ་བཏང་མི་ཤེས་པ་མཚོན་པའི་བརྡའོ། ཞབས་བཞི་གཡས་སྐུམ་གཡོན་བརྐྱང་བའི་རོལ་སྟབས་ཀྱིས་འགྱིང་བ་ནི། བདུད་བཞི་གཡུལ་ལས་རྒྱལ་ཞིང་། བསྡུ་བ་རྣམ་བཞིའི་ཕྲིན་ལས་ཀྱིས་འགྲོ་རྣམས་འདྲེན་པའི་བརྡའོ། དེའི་དཔང་དུ་ཤེས་རབ་ཀྱི་སྣང་ཆར་སྦྱོར་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མཐིང་ནག་འབར་བ་ཆེན་མོ་ནི། ཆོས་སྐུ་ཐིག་ལེ་ཉག་ཅིག་མཚོན་པའི་ཞལ་གཅིག་ཐབས་ཤེས་གཉིས་ཀྱི་ཕྱག་གཡས་པས་མེ་ཏོག་ཨུཏྤལ་ལ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་པས་ཐོད་པ་ཁྲག་གི་གང་བ་ཡབ་ཀྱི་ཞལ་ལ་སྟོབ་པ། བརྒྱད་གཉིས་ལོན་པའི་ལང་ཚོ་ལྟར་རྒྱས་པའི་འགྱུར་བག་ཅན་ཏེ། འཁྲིལ་བག་ཆགས་པ་སྐུ་ཤ་རྒྱས་ཤིང་། གསེར་སོགས་རིན་པོ་ཆེ་བྱི་དོར་བྱས་མ་ཐག་པ་ལྟ་བུའོ། ཐལ་བ་སྤང་པའི་ཕྱག་རྒྱ་ལྔའི་རྒྱན་འཆང་ཞིང་ཞབས་གཡོན་སྐུམ་པས་ཡབ་ཀྱི་སྐེད་ལ་འཁྲིལ་


KMC023_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཞབས་གཡས་བརྐྱང་སྟབས་ཀྱིས་བདེ་བ་ཆེན་པོའི་དབྱིངས་སུ་སྦྱོར་བ་སྟེ། ཞབས་གཉིས་བདེན་པ་གཉིས་ཀྱིས་འཁོར་འདས་ཟིལ་གྱིས་གནོན་པས་མཚོན། གཏེར་གཞུང་གི་དངོས་བསྟན་དུ་རུས་པའི་རྒྱན་ལྔ་ཙམ་ལས་གསལ་བ་མེད་པས་བསྡུ་ན་དེས་ཀྱང་ཆོག་ལ། རྒྱས་པར་གྲུབ་དབང་ཀུན་མཁྱེན་རིན་པོ་ཆེས་གསུངས་པ་ལྟར། ཡུམ་རྣམས་ལ་སྟག་ཤམ་དོད་དུ་གཟིགས་ཤམ་བྱ་བ་ཙམ་མ་གཏོགས་གཞན་ཡབ་དང་འདྲ་བར་སྒོམ་པར་བཞེད་དོ། །དེ་ནས་དབང་ལྷ་རིགས་ལྔ་འཁོར་བ་ནམ་མཁའ་གང་བ་སྤྱན་དྲངས་ཤིང་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། སྐུ་གང་གི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔའི་དབུ་རྒྱན་ཚུལ་གོང་དུ་སོང་བ་ལྟར་བསྒོམ་ཤིང་། འབྲིང་དུ་རིགས་ལྔའི་ཕྱག་མཚན་དང་། ཡབ་ཡུམ་གཉིས་ཀ་ལ་བསྡུས་ན་སྤྱི་བོར་ཨོཾ་ཧཱུྃ་ཏྲཱྂ་ཧྲཱི་ཨཱཿསོགས་ཀྱི་ཡིག་འབྲུ་སྒོམ་ཀྱང་རུང་། དེ་ཡང་རྒྱས་བསྡུས་གང་


KMC023_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་བསྒོམ་པའོ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཡབ་ཀྱི་སྤྱི་བོར་རྣམ་སྣང་། མགྲིན་པར་སྣང་མཐའ། ཐུགས་ཀར་མི་བསྐྱོད་པ། ཡུམ་གྱི་སྤྱི་བོར་དབྱིངས་མ། མགྲིན་པར་གོས་དཀར། ཐུགས་ཀར་སྤྱན་མ་སྒོམ་པའོ། །བསྡུས་ན་འབྲུ་གསུམ་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གི་འབྲུ་གསུམ་གྱིས་མཚན་པར་བསྒོམ་པར་བྱའོ། །དེ་ཡང་སྐུ་མཚན་དང་དཔེ་བྱད་ཀྱིས་རྒྱན་པ། གསུང་ཚངས་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སུ་བྱིན་གྱིས་རླབས་པའོ། །ཡབ་ཀྱི་གསང་གནས་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གི་མགོ་ཡུམ་ལ་བསྟན་པ། ཡུམ་གྱི་མཁའ་གསང་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས། པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་སྟེང་དུ་དངོས་གྲུབ་ཐམས་ཅད་བསྡུས་པའི་བདག་ཉིད་ཡི་གེ་ཨོཾ་དམར་པོས་མཚན་པ། ཐིག་ལེ་ནཱ་དའི་གཟུགས་དང་


KMC023_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཞིང་བདེ་བ་ཆེན་པོའི་དབྱིངས་སུ་རོལ་པ། ལམ་ཐམས་ཅད་དུས་གཅིག་ཏུ་རྫོགས་པ། བ་སྤུ་བྱེ་བ་ས་ཡ་རྡོ་རྗེ་ཕྱེད་པའི་རང་བཞིན་དང་། སྣ་ཚོགས་རྡོ་རྗེའི་གོ་ཁྲབ། དཔལ་ཆས་སྐབས་སུ་རྡོ་རྗེའི་སློག་པ་ཞེས་པ་དང་ཁྲབ་སྣ་ཚོགས་རི་མོ་ཅན། མཆན། དབང་གི་བསེ་ཁྲབ་རྒྱ་གྲམ་ལྕགས་ཀྱི་ཆས། ཞེས་གསུངས་ནི། སྐུ་སྟོད་ལ་སྣ་ཚོགས་རྡོ་རྗེའི་གོ་ཁྲབ། སྐུ་སྐེད་ལ་དབང་གི་བསེ་ཁྲབ་དམར་པོ། སྐུ་སྨད་ལ་རྒྱ་གྲམ་ལྕགས་ཁྲབ་ནག་པོ་སྟེ། དོན་ཁྲབ་སྐུ་གསུམ་རང་ལ་གནས་པ་ལ་དག་པ་སྦྱོར་བ་ཙམ་མ་གཏོགས་ལྕགས་བསེ་སོགས་ཐེར་གཟུང་ཅན་ག་ལ་ཡིན་སྟེ། ཡེ་ཤེས་རང་སྣང་ལས་གྲུབ་པ་ཁོ་ནའོ། ཕུར་བུའི་ཚྭ་ཚྭ་ཞེས་པ་ནི་ལྕབ་བསྲེག་ལ་ཐོ་བས་རྡེག་པས་མེའི་ཚྭ་ཚྭ་འཕྲོ་བ་དེ་བཞིན་འཁྲུགས་པ་སྟེ་བར་མེད་གྲངས་མེད་ལྟ་བུ་འཕྲོ་བའོ། ཐུགས་ཀར་འོད་ཀྱི་གར་ཁྱིམ་མཐིང་གའི་དབུས་སུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་


KMC023_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་དཔང་དུ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པས་འཁྲིལ་ཞིང་སྦྱོར་བ་ཡུམ་རྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་བཞུགས་པའམ། ཡབ་ཀྱི་ཐུགས་ཀའི་སྲོག་གི་གོ་སར་རིན་པོ་ཆེ་ཆ་བརྒྱད་པ་སྟེ་ཟུར་བརྒྱད་མཐིལ་གསལ། འདིར་ཕུར་པ་རྒྱུད་ལུགས་སུ་ལེབ་ཆགས་ཡིན་ཅིང་། ཕུར་པ་ལུང་ལུགས་ལ་ཟུར་བརྒྱད་སྨུག་པོ་གུར་ཐབས་སུ་བཤད། རིན་ཆེན་ཆ་བརྒྱད་གདན་ཐབས་ཀྱི་སྟེང་དེར་ཉི་མ་དམར་པོ། དེའི་སྟེང་ཟླ་བ་དཀར་པོའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་དགུ་པའི་ལུང་ལུགས་ལ་རྩེ་དགུ་མིན། ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ཡིག་མཐིང་ཁའི་མཐའ་སྐོར་དུ། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུྃ་ཕཊ༔ ཞེས་པའི་ཡིག་འབྲུ་རྣམས་གནམ་ལྕགས་ལ་དམར་འོད་ཆགས་པ་ལྟ་བུ་མདུན་ནས་རྩམ་སྟེ་ཞལ་ནང་བསྟན་གཡས་སྐོར་དུ་བསྐོད་དེ། བསྙེན་པའི་སྐབས་སུ་མི་གཡོ་བ་


KMC023_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་སྐར་ཕྲེང་ལྟ་བུ་དང་། ཉེ་བསྙེན་གྱི་སྐབས་སུ་འཁོར་བ་འགལ་མེ་གླད་ལ་བསྐོར་བ་ལྟ་བུ། སྒྲུབ་པའི་སྐབས་སུ་འོད་ཟེར་སྤྲོ་བསྡུ་དང་བཅས་པ་རྒྱལ་པོའི་ཕོ་ཉ་བྲན་མངག་བཞུགས་པ་ལྟ་བུ། སྒྲུབ་ཆེན་ལས་སྦྱོར་དངོས་གྲུབ་ལེན་པའི་སྐབས་སུ་བུང་བ་ཚང་ཞིག་པ་ལྟ་བུ་སོགས་བསྙེན་སྒྲུབ་ཀྱི་ཟིན་བྲིས་སོགས་བསྟན་འཛིན་བྱང་ཆུབ་ཉི་མས་མཛད་པ་བླ་མའི་ཞལ་ལུང་ལྟར་དང་། བསྙེན་སྒྲུབ་གཅིག་དྲིལ་ཟིན་ཐོ་རབ་གསལ་འཕྲུལ་གྱི་མེ་ལོང་གཉིས་ལས་ཤེས་པར་བྱའོ། །རྒྱུན་ཁྱེར་ལ་འཁོར་ཞིང་འོད་ཟེར་སྤྲོ་བསྡུ་སོགས་བྱ་སྟེ། བསྙེན་སྒྲུབ་གཅིག་དྲིལ་ལྟ་བུ་ཡིན་ནོ། བསྙེན་སྒྲུབ་སྐབས་སུ་སྐུ་གསུང་ཐུགས་ཀྱི་བཟླས་པ་བྱ་ཚུལ་བསྙེན་ཡིག་གཉིས་ལས་ཤེས་པར་བྱ་ཞིང་། གསུང་གི་བཟླས་པའི་སྐབས་སུ་འགོགས་བཟླས་གསུམ་སྟེ། དབྱིབས་ལས་འགོགས་པ། སྒྲ་ལས་འགོགས་པ། དོན་ལས་འགོགས་པའོ། དང་པོ་ཡིག་འབྲུའི་གཟུགས་ཁོ་ན་ལ་


KMC023_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་སྟེ་རྩེ་གཅིག་ཏུ་འཛིན་པའོ། གཉིས་པ་ནི། ཡི་གེ་སྒྲ་གདང་ཁོ་ན་ལ་སེམས་འཛིན་པའོ། གསུམ་པ་ནི། སྔགས་ཀྱི་དོན་ལ་སེམས་རྩེ་གཅིག་ཏུ་འཛིན་པའོ། །སྔགས་ཀྱི་དོན་ནི། ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། ཨོཾ་ཡེ་ཤེས་རྣམ་པ་ལྔ། བཛྲ་ཡེ་ཤེས་རྡོ་རྗེ་ཡིན། །ཀཱི་ལི་ཀཱི་ལ་ཡ་རང་བཞིན་དག་པའི་ཕུར་པའོ། སརྦབིགྷྣན་བགེགས། བཾ་ནི་ནོན་པ། ཧཱུྃ་གིས་བསྡུས། ཕཊ་ཀྱིས་མི་གནས་བསྲེགས་པར་བྱེད། ཅེས་པ་ལྟར་རོ། །རྒྱུན་ཁྱེར་ལྟ་བུ་ཛབ་དགོང་དམིགས་པའི་ཕྲོ་འདུ་གཞུང་གི་དངོས་བསྟན་ལྟར་བཞིན། ཀཱི་ལ་ཡ་སྔགས་ཕྲེང་འཁོར་ཞིང་རང་སྒྲ་སྒྲོགས་པ་དེ་ལས་འོད་ཟེར་དཀར་པོ་འཕྲོས་པས། རྒྱལ་བ་ཐམས་ཅད་སྐུ་མཉེས་པའི་མཆོད་པ་ཕུལ། སྐུ་ཡི་བྱིན་རླབས་ཐམས་ཅད་ཨོཾ་དཀར་པོའི་རྣམ་པར་བསྡུས་ནས། རང་གི་དཔྲལ་བར་ཐིམ་པས་སྐུའི་དངོས་གྲུབ་ཐོབ་པར་བསམ། དེ་བཞིན་དུ་འོད་ཟེར་དམར་པོ་འཕྲོས་པས་གསུང་


KMC023_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པའི་མཆོད་པ་ཕུལ། གསུང་གི་བྱིན་རླབས་ཐམས་ཅད་ཨཱཿདམར་པོའི་རྣམ་པར་བསྡུས་ནས། རང་གི་མགྲིན་པར་ཐིམ་པས་གསུང་གི་དངོས་གྲུབ་ཐོབ་པར་བསམ། ཡང་འོད་ཟེར་མཐིང་ཁ་འཕྲོས་པས་ཐུགས་མཉེས་པའི་མཆོད་པ་ཕུལ། ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཧཱུྃ་མཐིང་ཁའི་རྣམ་པར་བསྡུས་ནས་རང་གི་སྙིང་ཁར་ཐིམ་པས་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། ཡང་རྒྱས་པའི་སྐབས་སུ་འོད་ཟེར་ལས་མཆོད་པའི་ལྷ་མོ་དཔག་མེད་སྤྲུལ་ཏེ། རྒྱལ་བ་ཐམས་ཅད་མཆོད་དེ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན། རྣམ་སྣང་། འོད་དཔག་མེད། མི་བསྐྱོད་པ་རྣམས་སྤྱན་དྲངས་ཏེ་གནས་གསུམ་དུ་བསྟིམ་མོ། །ཡང་དབང་ལ་འོད་ཟེར་སྣ་ཚོགས་པ་འཕྲོས། འཕགས་པ་རྣམས་མཆོད་ཅིང་བདེ་གཤེགས་བླ་མ་རྒྱལ་བ་སྲས་བཅས་མཉེས་པར་བྱས། མཆེད་དང་ལྕམ་དྲལ་རྣམས་ཀྱི་དམ་ཚིག་ཉམས་ཆགས་བསྐང་། མཁའ་


KMC023_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཆོས་སྐྱོང་རྣམས་འཁོན་པ་སྦྱོང་ཞིང་ཕྲིན་ལས་བསྐུལ། ཡང་དྲག་པོར་འོད་ཟེར་སྣ་ཚོགས་འཕྲོས་པས་དྲེགས་པའི་སྡེ་དཔོན་སུམ་ཅུ་སོགས་དྲེགས་པ་ཐམས་ཅད་རྒྱལ་བའི་བསྟན་པ་སྲུང་བའི་ལས་ལ་མི་གཡེལ་བར་བཀའ་བསྒོས་ཤིང་དམ་འོག་ཏུ་བཙུད། བདུད་དང་དམ་སྲི་སོགས་བྱང་ཆུབ་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཐལ་བར་བརླག །འགྲོ་བ་རིགས་དྲག་གི་སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་བཀོད། སྣང་བ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ། གྲགས་པ་ཐམས་ཅད་ཀཱི་ལ་ཡའི་སྒྲ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ། མདོར་ན་རང་ཉིད་ཀྱི་སྒོ་གསུམ་དང་རྡོ་རྗེ་གཞོན་ནུའི་གསང་གསུམ་དབྱེར་མེད་པར་རམ། སྣང་སྲིད་སྣོད་བཅུད་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བསྒོམ་སྟེ། བཟླ་བྱའི་སྔགས་བསྙེན་སྒྲུབ་གཅིག་ཏུ་དྲིལ་བ། དཀའ་བརྒྱད་ཞི་ཁྲོ་


KMC023_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྒྱུད་ལས། ཐོག་མཐར་ཨོཾ་དང་ཕཊ་བཞག་ནས༔ བར་ན་བཅུ་གཉིས་གྲངས་མཛེས་པ༔ ཞེས་དང་། བཀའ་བརྒྱད་ཕྱི་མ་སྔགས་ཀྱི་རྒྱུད་ལས། རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས༔ རྣལ་འབྱོར་རིག་པ་རྟག་བཟླས་ན༔ སྔགས་ཀྱི་བྱིན་རླབས་དངོས་གྲུབ་དང་༔ ལོག་འདྲེན་བསྒྲལ་བའི་སངས་རྒྱས་མཐུས༔ ཐོབ་པར་འགྱུར་བ་ཐེ་ཚོམ་མེད༔ བཟླས་བྱའི་སྔགས་དེ་གང་གྲུབ་པ་བཞིའི་རང་བཞིན་ཅན་དུ་སྟེ། དེ་ཡང་ཡི་གེ་ཧཱུྃ་དུ་གཅིག་ཚོན་ན། ངོ་བོ་ཨ་ཨུ་བ་གསུམ་འདུས་པ། རང་བཞིན་གྲུབ་པ་བཞིན་སྟེ། ཧཱུྃ་གི་ངོ་བོ་ཆོས་དབྱིངས་ཡེ་ཤེས་གདོད་མ་ནས་གནས་པ་ཆོས་ཉིད་ངོ་བོ་ཉིད་ཀྱི་གྲུབ་པ། རྣམ་པ་ཧཱུྃ་ཡིག་ཏུ་སྣང་བའི་ཆོས་ཅན་རང་བཞིན་གྱིས་གྲུབ་པ། དེ་ལ་ཐུགས་རྡོ་རྗེ་གྲུབ་པའི་ནུས་མཐུ་དང་ལྡན་པ་མཐུ་གྲུབ་པ། དེ་ཉིད་སྟོན་པ་རྡོ་རྗེ་འཆང་གི་ཐུགས་རྡོ་རྗེས་ས་བོན་དུ་བྱིན་གྱིས་རླབས་པ་ནི་བྱིན་གྱིས་རླབས་པའི་མཐུ་གྲུབ་པ་སྟེ། དེ་ལྟར་གྲུབ་པ་བཞི་ལ་


KMC023_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ཧཱུྃ་ཞེས་བཟླས་པས་ཐུགས་རྡོ་རྗེ་གྲུབ་པའི་ཉེར་ལེན་དུ་གྱུར་པ་ནི་སྔགས་ཀྱི་བྱེད་ལས་སོ། དེ་ལྟར་གསང་ཐིག་ཕུར་པ་རྒྱུན་ཁྱེར་བསྐྱེད་རིམ་ལྷ་ཁྲིད་གཙོ་བོར་བཤད་པའི་རེག་གཟིགས་མདོར་བསྡུས་པ་འདི་ནི་མཚོ་སྐྱེས་རྒྱལ་བ་གཉིས་པ་དང་དབྱེར་མ་མཆིས་པ་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་འདིའི་ཁྲིད་རྒྱས་བསྡུས་སྔ་ཕྱིར་ལན་མང་དུ་ཐོབ་ཕྱིར། དེའི་ཚེ་དཀའ་གནད་མི་བརྗེད་ཐོ་ཆུང་གཉིས་ཙམ་བྲིས་གྲྭ་ཚང་གི་ཚོགས་སུ་བདག་བསྐྱེད་རྒྱན་ཁྱེར་གསུང་པའི་སྐབས་མོས་པ་ལམ་བྱེད་ཀྱི་བག་ཆགས་བཞག་ནས། བསྒོམ་ཚུལ་དྲི་བ་སྙན་སྒྲོན་ལན་མང་ཞུས་པས། རང་རེ་བློ་གྲོས་དམན་པས་བརྗེད་པར་དོགས་སྟེ། ཡི་གེའི་རིས་སུ་བྲིས་པར་སེམས་ཀྱང་མཁས་གྲུབ་གཞན་དོན་མཐའ་ཡས་པས་ཆོས་ལ་དབང་བར་འགྲོ་བའི་ཡིག་ཆ་འདྲ་མོ་དྲི་བར་མི་འོས་གསུངས་པ་དང་། བླ་མའི་ཞབས་ཏོག་ཡིན་ཁུལ་དང་། རང་གི་


KMC023_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་གོས་ཀྱི་གཡེང་བ་སྣ་ཚོགས་སུ་ལུས་ཤིང་སྔ་ཕྱི་ལན་མང་དུ་མགོན་བླས་བསྐུལ་བ་དང་། རྟོགས་ལྡན་འཕགས་མཆོག་གིས་ཀྱང་འདི་ལྟར་བྲིས་སྐབས་བྱུང་ན་ཡང་ཡང་གསུངས་པ་དང་། ཁྱད་པར་རིམ་གཉིས་ཟབ་མོ་སྔགས་ཀྱི་རྣལ་འབྱོར་པ་ངག་དབང་ལྷུན་གྲུབ་ཀྱིས་གསུང་བསྐུལ་ནན་ཆེན་གསུངས་པ་ལྡོག་མ་ཕོད་པར། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བདེ་ཆེན་གླིང་པའི་ཞབས་སྤྱི་བོར་ཕོག་པའི་སྙོམ་ལས་པ་རྒྱལ་ཁམས་ཀུན་ཏུ་རྒྱུ་བའི་བཟོ་སྦྱོངས་པ་མཁན་པོ་དྲི་མེད་བློ་གྲོས་ཀྱིས་གཡེལ་ཕུག་ནམ་མཁའ་རྫོང་འགྱུར་མེད་གླིང་ནས་དབུ་རྩམ་སྟེ། ས་སྤྱོད་གསུང་གི་འཁོར་ལོ་འོག་མིན་ཀརྨའི་གཙུག་ལག་ཁང་གཡེལ་མོ་ཆེའི་ཤར་ལྷོའི་སྤྱིལ་བུ་ནས་བྲིས་པ་ཐོག་མ་མེད་པའི་དུས་ནས་གོམས་པའི་མ་དག་པའི་སྣང་ཞེན་ཞིག་པའི་ཆེད་དུ། དག་པ་ལྷའི་སྣང་བ། བརྟན་པོ་ལ་གོམས་ནས་དཔལ་ཧེ་རུ་ཀའི་གྲོང་ཁྱེར་ལ་འཇུག་པར་གྱུར་ཅིག་སརྦ་མངྒ་ལཾ། དགེའོ།


KMC023_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྷཾ། ཛ་ཡནྟ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གསང་ཐིག་ཕུར་པའི་དམིགས་རིམ་གནད་བསྡུས་གྲུབ་གཉིས་ཐིག་ལེ།


KMC023_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་ཕུར་པའི་དམིགས་རིམ་གནད་བསྡུས་གྲུབ་གཉིས་ཐིག་ལེ་བཞུགས་སོ། །


KMC023_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་ཕུར་པའི་དམིགས་རིམ་རྒྱས་པ་གཏེར་ཆེན་བླ་མའི་ཞལ་ལུང་ལྟར་རང་རེས་བྲིས་པ་དེར་མ་མཐུས་པ་མེད་ཀྱང་འདིར་གནད་འགགས་མདོར་བསྔུས་པ་ལ། སྒྲུབ་རྟེན་གྱི་གནད། བསྐྱེད་རིམ་གྱི་གནད། སྔགས་ཀྱི་གནད། རྫོགས་རིམ་ཉམས་ལེན་གྱི་གནད། བཞི་དང་ལྡན་པ་གལ་ཆེའོ། །དང་པོ་ནི་སྒྲུབ་རྟེན་བསྙེན་ཕུར་ཚད་ལྔན་གཅིག་ངེས་པར་དགོས་སོ། །ལྕགས་སྣ་བདུན་ལས་གྲུབ་པ་ནི༔ ཐོག་རྡུགས་མེན་པ་ཐོག་གི་ལྕགས༔ དྲག་ལས་བྱ་བ་མཚོན་གྱི་


KMC023_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས༔ འཕེན་པར་བྱེད་པ་སྒྱོགས་མདའི་ལྕགས༔ སྲ་བར་བྱེད་པ་ཁྲབ་བྱང་ལྕགས༔ ནུས་པ་ལྡན་པ་ཐོག་ཟེར་ལྕགས༔ ཞེས་པའི་ལྕགས་སྣ་བདུན་ལ་མགར་བ་ལོ་གདུག་པ་ཅན་ལ་སྐྱེས་པའི་གཟའ་རྒོད་དྲག་པོ་རྒྱུ་བའི་ཚེས་ལ་བསྲེག་བརྡུང་བྱས་ལ་མ་གྲུབ་བར་དུ་དྲག་སྔགས་ཀྱི་ཐུན་བཙུག །ཚར་བ་དང་གྲི་ཁྲག་དང་དུག་ཁྲག་གི་ངར་བླུད། བྱུགས་བདུག་གི་ཆོ་ག་དང་། དྲག་སྔགས་ཀྱི་ངར་བཏབ་སྟེ་ནུས་པ་དང་ལྔན་པར་བྱ། ཤིང་ལ་བཟོ་ན་ཚེར་མ་ཅན་གྱི་ཤིང་།


KMC023_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རོང་ས་གྲུ་གསུམ་དུ་སྐྱེས་པ། གཅོད་པའི་ཚེ་ལྕགས་ལ་དུག་ཁྲག་བྱུགས་ཏེ་བཅད། རྩ་བའི་ཕྱོགས་ལ་རྒྱ་མདུད་དང་རྩེ་མོའི་ཕྱོགས་ལ་དབལ་གཏོད། དུག་ཁྲག་དང་གྲི་ཁྲག་གི་ངར་བླུད། སྔགས་བྱང་དང་དར་ནག་ཡུངས་ཀར་ཐུམ་བུ་རྣམས་བཏགས་ཏེ་སྒྲུབ་པའི་རྟེན་དུ་བཟུང་ངོ་། །གཉིས་པ་ནི། རང་སེམས་གཞིའི་རྡོ་རྗེ་གཞོན་ནུ་ཡེ་ནས་རང་ལ་གནས་པ་ཉིད། བགྲོད་བྱེད་ལམ་གྱི་རྡོ་རྗེ་གཞོན་ནུར་བསྒོམ་པས། རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུའི་མངོན་དུ་རྟོགས་དགོས་པ་སྟེ། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། རང་སེམས་གཞི་ཡི་རྡོ་རྗེ་གཞོན་ནུ་ནི། ས་བོན་ཀུན་ཁྱབ་ཏིལ་མར་འདྲ། རྟོག་ན་སངས་རྒྱས་ངོ་མཚར་ཆེ། བགྲོད་པ་ལན་གྱི་རྡོ་རྗེ་གཞོན་ནུ་ནི། ཐབས་ཤེས་སྐུགསུམ་ཡེ་ཤེས་ལྔ། ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བྱ། རྟོག་པ་འབྲས་བུའི་རྡོ་རྗེ་བཞོན་ནུ་ནི། སྐུ་ལྔ་ཡེ་ཤེས་དགུ་ལྔན་ཏེ། མ་འཁྲུལ་རྟོགས་པ་མངོན་གྱུར་བྱ། གཞི་ལམ་འབྲས་བུ་རྟོག་གྱུར་ནས།


KMC023_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་སྤྲོས་བྲལ་མངོན་དུ་གྱུར། ཞེས་གསུང་པའི་གནད་ཤེས་པས། ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ་ལས། རྡོ་རྗེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཁྲོས་པའི་ཞེ་སྡང་གཅོད་པ་ཀུན་སྣང་གི་ཏིང་ངེ་འཛིན་ཏེ། རྡོ་རྗེ་ཞེས་པ་མཐའ་བཞིའམ་བརྒྱད་དང་བྲལ་བའི་ཆོས་བདུན་ལྡན་གྱི་སྟོང་པ་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེས་གཟུང་འཛིན་གྱི་རྟོག་པ་མཐའ་དག་གཅོད་ཅིང་གཞོམ་པའི་ཕྱིར་ཁྲོས་པ་ངེས་པའི་དོན་དང། སྒྲིབ་ཀུན་སྤང་པའི་སེམས་བསྐྱེད་ཀྱི་གཞན་དོན་ལ་དམིགས་པའི་སྙིང་རྗེེ་ཆེན་པོའི་དེའི་འགལ་ཟླ་ཞེ་སྡང་གཅོད་པའོ། །དེའི་རྩལ་ལས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་མཚོན་པར་བྱེད་པ་ཐིག་ལེ་ཆེན་པོ་ཧཱུྃ་ཡིག་སྔོན་པོ་འབར་བ་ནི་རྒྱུའི་ཏིང་ངེ་འཛིན་ནོ། །དེ་ལྟ་བུའི་དངོས་གཞི་ཏིང་འཛིན་གསུམ་གྱི་ཁོག་ཕུབ་ནས་མཚན་གཞི་སེམས་ཉིད་རྡོ་རྗེ་གཞོན་ནུ་ཉིད། མཚོན་བྱ་འབྲས་བུ་དག་པ་གཉིས་ལྡན་གྱི་རྡོ་རྗེ་གཞོན་ནུའི་


KMC023_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཁྱད་པར་ཐམས་ཅད་མཚོན་བྱེད་ལམ་གྱི་རྡོ་རྗེ་གཞོན་ནུ་སྐུ་མདོག་ཕྱག་མཚན་རྟགས་ཀྱི་ཁྱད་པར་དུ་ཤེས་པས་ཐམས་ཅད་དེ་སྒོམ་པ་ནི་བསྐྱེད་རིམ་གྱི་གནད་དམ་པའོ། །གསུམ་པ་ནི། ཀཱི་ལ་ཡ་ལྷར་ཤེས་པ། ཀཱི་ལ་ཡ་ཆོས་ཉིད་དུ་ཤེས་པ། ཀཱི་ལ་ཡ་དགུགས་པར་ཤེས་པ་རྣམས་ཀྱི་སྟོད་ལས་བྱང་ཆུབ་སྒྲུབ་པ་ལ་སྔ་མ་གཉིས་གལ་ཆེའོ། །སྔགས་གྱི་གྲངས་ལེགས་སྦྱར་དང་བསྟུན་ཏེ་འབྲུ་བཅུ་དྲུག་ཏུ་ས་སྐྱ་པས་བཞེད། རྙིང་མ་ཕལ་ཆེ་བས། སརྦ་དང་བཛྲ་ཡིག་འབྲུ་གཉིས་སུ་བརྩིས་ཏེ་ས་འབྲུ་བཅུ་བཞིར་བཞེད། གཏེར་གསར་རང་ལུགས་སུ། བིགྷྣཱན་འབྲུ་གཅིག་ཏུ་བརྩིས་པའི་ཀཱི་ལ་ཡ་བཅུ་གཉིས་སུ་བཞེད། སྔགས་ལྷ་སྦྱར་ན། ཨོཾ་རྡོ་རྗེ་གཞོན་ནུ། བཛྲ་འཁོར་ལོ་རྒྱས་འདེབས་མ། ཀཱི་ལི་ཁྲོ་བོ་བཅུ། ཀཱི་ལ་ཁྲོ་མོ་བཅུ། ཡ་སྲས་མཆོག་ཉེར་གཅིག སརྦ་ཐམས་ཅད་བིགྷྣཱན་བགེགས། བམ་ཆིངས་ཤིག །ཧཱུྃ་ཐུགས་ཀྱི་སྙིང་པོའི་བརྒྱུད་བསྐུལ་


KMC023_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཕཊ་སྤྲུལ་པ་འགྱེད་པ་སྟེ་བསྙེན་སྔགས་དང་ལས་སྔགས་སྤྲེལ་བའོ། །གཞི་སྙིང་གཅིག་སྤྲེལ་སྐབས་སུ། ཛ༔ཧཱུྃ་བྃ་ཧོཿ སྒོ་མ་བཞི། ཀ་ཊཾཀ་ཡེ། ཤྭ་ན་མ་བཞིའི་སྲོག་སྙིང་། ཛ་ཡེ་བི་ཛ་ཡེ། བདག་ཉིད་མ་བཞི། ཨ་ཛི་ཏེ། ཨ་ར་པ་ཛི་ཏེ། ས་བདག་བསེ་ཡི་ལྷ་མོ་བཞི། མ་ར་སེ་ན། སྐྱེས་བུ་གིང་བཞི། པྲ་མརྡ་ན་ཡེ། ཕོ་ཉ་ལས་བྱེད་འཁོར་ཚོགས་རྒྱ་མཚོ། ཧཱུྃ་ཕཊ་ལས་ལ་བསྐུལ་བའོ། །བཞི་པ་ནི། རང་གི་སེམས་ཉིིད་འདི་དག་ནི༔ རྡོ་རྗེ་གཞོན་ནུ་ཉིད་དུ་བསྒོམ༔ ཅེས་པ། སྣང་ལ་རང་བཞིན་མ་གྲུབ་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ་སྟེ་ཁྱད་པར་སུམ་ལྡན་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་སྐྱོང་སྟེ། དེ་ཡང་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ད་ལྟར་གྱི་ཤེས་པ་ལ་བཅོས་སླད་མ་བྱས་པར་གཉུག་མའི་རང་ངོ་སྐྱོང་བ་ནི་ངོ་རང་ཐོག་ཏུ་སྤྲད་པ། བཞི་ཆ་གསུམ་བྲལ་ཆོས་སྐུ་བློ་འདས་ཀྱི་དགོངས་པ་ཐག་གཅིག་ཏུ་བཅད་


KMC023_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ། གང་ཤར་གྱི་རང་ངོ་ལ་བཅོས་སླད་མེད་པར་ཅེ་རེ་བལྟས་པས་རྣམ་རྟོག་རྗེན་མེད་དུ་ཡལ་བ་རྦ་རླབས་ཆུར་ཐིམ་པ་ལྟར་གང་ཤར་རང་གྲོལ་སྤང་གཉེན་བྲལ་བ་ནི་གདེང་གྲོལ་ཐོག་ཏུ་ཆོད་པའོ། །ཕྱག་ཆེན་ལྟར་ན། ཡུམ་གྱི་རྟོག་པ་དང་བྲལ་བ་ད་ལྟའི་ཤེས་པ་རྗེན་པ་ལ་སྟོང་ཐོག་ངོ་སྤྲད། དེ་ལྟར་ངེས་པར་རྙེད་ནས་ཚོགས་དྲུག་གི་སྣང་བ་ཅི་ཤར་ཡང་བསལ་བཞག་བྲལ་བ་ལམ་དུ་ཁྱེར་བས། སྣང་ཐོག་རྩལ་སྦྱོང་སྣང་སྟོང་ཟུང་འཇུག་གི་ཉམས་སུ་བླང་པའོ། བྷཊྚཱ་ར་ཀ་བཛྲ་ཡོ་གི་ནི་སྐུ་ཕྲེང་བཅུ་པའི་ཐུགས་ལ་ངེས་པའི་ཕྱིར་དུ་འདུལ་འཛིན་རཏྣས་སོ།། །།བཀྲ་ཤིས།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །