ཕུར་པའི་བཀའ་སྲུང་གི་གསོལ་མཆོད་སྙིང་པོ། འཇམ་མགོན་མི་ཕམ་རྣམ་རྒྱལ།

༈ ཕུར་པའི་བཀའ་སྲུང་གི་གསོལ་མཆོད་སྙིང་པོ་ནི། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཤོ་ན་བདག་ཉིད་ས་བདག་མ། །བསེ་ལྕགས་དུང་གི་སྐྱེས་བུ་སོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབས། །དམ་རྫས་གཏོར་མ་འདི་བཞེས་ལ། །སྔོན་ཆད་ཇི་ལྟར་དམ་བཅས་བཞིན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ༀ་བཛྲ་ཀཱི་ལ་ཡ་དྷརྨ་པཱ་ལ་མ་ཧཱ་བ་ལིངྟ་ཁཱ་ཧི། གཞུང་ལས་དྷཱི་ཡིས་བཏུས་པ་དགེ།།