Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོས་ནག་བཀའ་སྲུང་སྤྱང་ཞོན་མཆེད་གསུམ་གསོལ་བྱང་དགྲ་བགེགས་མཐར་བྱེད། འཇམ་མགོན་མི་རྣམ་རྒྱལ།
   
   


 
previousཁྲོས་ནག་བཀའ་སྲུང་སྤྱང་ཞོན་མཆེད་གསུམ་གསོལ་བྱང་དགྲ་བགེགས་མཐར་བྱེད། འཇམ་མགོན་མི་རྣམ་རྒྱལ།next

ཁྲོས་ནག་བཀའ་སྲུང་སྤྱང་ཞོན་མཆེད་གསུམ་གསོལ་བྱང་དགྲ་བགེགས་མཐར་བྱེད། འཇམ་མགོན་མི་རྣམ་རྒྱལ།

༈ ཁྲོས་ནག་བཀའ་སྲུང་སྤྱང་ཞོན་མཆེད་གསུམ་གསོལ་བྱང་དགྲ་བགེགས་མཐར་བྱེད་བཞུགས། གཏོར་མ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས། ཧཱུྃ༔ དུར་ཁྲོད་ཁྲག་མཚོ་མེ་རླུང་འཁྲུགས་པའི་ཀློང་། །སྤྱང་ཞོན་ནག་མོ་གྲི་གུག་ཐོད་ཁྲག་འཛིན། །སྟག་ཞོན་དམར་མོ་གྲི་གུག་སྤྲུལ་ཞགས་ཐོགས། །འཕར་ཞོན་སྔོན་མོ་གྲི་གུག་ལྕགས་ཀྱུ་བསྣམས། །ལས་བྱེད་ཕོ་ཉ་བྱེ་བ་འབུམ་གྱིས་བསྐོར། །ཨུ་རྒྱན་སྨུག་ནག་འཁྲིགས་པའི་དུར་ཁྲོད་ནས། །སྐད་ཅིག་ཡུད་ལ་གནས་འདིར་གཤེགས་སུ་གསོལ། །བདུད་རྩི་སྨན་རག་གཏོར་མའི་མཆོད་པ་བཞེས། །པདྨ་ཐོད་ཕྲེང་དགྱེས་མཛད་ཁྲོས་མ་ཡི། །བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་གི། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །དགྲ་སོད་བགེགས་ཐུལ་བཅོལ་བའི་ཕྲིན་ལས་མཛོད། །མ་བྷྱོ་ཛཿམ་ཧཱ་བ་ལིངྟ་ཁཱ་ཧཱི། ཞེས་པའང་འཇམ་དཔལ་དགྱེས་པའི་རྡོ་རྗེས་རྣམ་རྒྱལ་ལོའི་མགོ་ཟླའི་ཚེས་གཅིག་ལ་པདྨ་བདེ་ལྡན་དུ་སྦྱར་བ་མངྒ་ལཾ།།


previousཁྲོས་ནག་བཀའ་སྲུང་སྤྱང་ཞོན་མཆེད་གསུམ་གསོལ་བྱང་དགྲ་བགེགས་མཐར་བྱེད། འཇམ་མགོན་མི་རྣམ་རྒྱལ།next