Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོས་མ་ནག་མོའི་གཏོར་འབུལ། མངའ་བདག་ཉང་།
   


 
previousཁྲོས་མ་ནག་མོའི་གཏོར་འབུལ། མངའ་བདག་ཉང་།next

ཁྲོས་མ་ནག་མོའི་གཏོར་འབུལ། མངའ་བདག་ཉང་།

༈ ཁྲོས་མ་ནག་མོའི་གཏོར་འབུལ་ནི། གཏོར་མ་ཤ་ལྔ་བདུད་རྩིའི་རང་བཞིན་དུ་བསམ་ལ། ཨ་ར་ལི་ཕེཾ༔ ཞེས་པས་བླ་མ་མཁའ་འགྲོ་སྤྱན་དྲངས། ༀ་ཤྲཱི་བཛྲ་བྷ་ར་ཧེ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨི་དཾ་བ་ལིངྟ་གྷྲིཧྞ་གྷྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱི ས་འབུལ། ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནསཿ འགྲོ་བའི་དོན་མཛད་རྡོ་རྗེ་ཕག་མོ་ནི༔ སྐུ་མདོག་མཐིང་ནག་གཏི་མུག་ཕག་གི་དབུ༔ གཅེར་བུ་རྔམས་བརྗིད་འཇིགས་པའི་ཆ་ལུགས་ཅན༔ ཕྱག་གཡས་གྲི་གུག་འབར་བས་ཉོན་མོངས་གཅོད༔ གཡོན་པས་ཐོད་པ་ཁྲག་བཀང་ཞལ་དུ་གསོལ༔ ཕ་རོལ་ཕྱིན་དྲུག་རུས་པའི་རྒྱན་དྲུག་ལྡན༔ བདེ་ཆེན་ཡབ་དང་གཉིས་མེད་ཁ་ཊཱྃ་འཛིན༔ ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་འགྱིངས༔ བསྐལ་པའི་མེ་དཔུང་ཀློང་ན་ཧཱུྃ་སྒྲ་སྒྲོགས༔ གནས་གསུམ་མཁའ་འགྲོའི་ཚོགས་རྣམས་དབང་དུ་སྡུད༔ མཆོག་ཐུན་དངོས་གྲུབ་མ་ལུས་ཀུན་སྟེར་མ༔ མཐུ་སྟོབས་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་པའི་ལྷ༔ རིགས་བཞི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ལྷ་འདྲེ་མི་གསུམ་མ་ལུས་དབང་དུ་བསྡུས༔ གནོད་བྱེད་འབྱུང་པོའི་ཚོགས་རྣམས་རྡུལ་དུ་རློགས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཉང་གི་གཏེར་གཞུང་ལས་སོ།།


previousཁྲོས་མ་ནག་མོའི་གཏོར་འབུལ། མངའ་བདག་ཉང་།next