Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་གསང་བ་སྙིང་པོ་ཞི་བ་འབྲིང་པོའི་སྒྲུབ་ཐབས་བྱིན་རླབས་ཀྱི་སྙེ་མ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།
   
   


 
previousབཅོམ་ལྡན་འདས་གསང་བ་སྙིང་པོ་ཞི་བ་འབྲིང་པོའི་སྒྲུབ་ཐབས་བྱིན་རླབས་ཀྱི་སྙེ་མ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།next

བཅོམ་ལྡན་འདས་གསང་བ་སྙིང་པོ་ཞི་བ་འབྲིང་པོའི་སྒྲུབ་ཐབས་བྱིན་རླབས་ཀྱི་སྙེ་མ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།

བྷ ག ཝཱཾ གུ ཧྱ ག རྦྷ ཤཱ ནྟ མ དྷྱཾ སྱ ས དྷ ནཱ དྷི ཥྛ ནཱཾ གུ ནྡཱི ནཱ མ བི ཧ ར ཏི སྨ།
བཅོམ་ལྡན་འདས་གསང་བ་སྙིང་པོ་ཞི་བ་འབྲིང་པོའི་སྒྲུབ་ཐབས་བྱིན་རླབས་ཀྱི་སྙེ་མ་ཞེས་བྱ་བ་བཞུགས་སོ། །
བཅོམ་ལྡན་འདས་གསང་བ་སྙིང་པོ་ཞི་བ་འབྲིང་པོའི་སྒྲུབ་ཐབས་བྱིན་རླབས་ཀྱི་སྙེ་མ་ཞེས་བྱ་བ། ཐུགས་རྗེའི་མངའ་བདག་རྗེ་བཙུན་བླ་མ་དཀྱིལ་འཁོར་གྱི་དབང་ཕྱུག་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་རྡོ་རྗེ་གསུམ་བསྡུས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་དངོས། །དབྱིངས་ཕྱུག་དགའ་མར་རྣམ་རོལ་མཆོག་བདེའི་སྤྲིན་ཕུང་ཆོས་དབྱིངས་ཀུན་ཁྱབ་ལས། །མཐའ་དག་བཞི་བཅུ་རྩ་གཉིས་ལྷ་ཡི་གར་སྤྲོ་ཨིནྡྲ་ནཱི་ལའི་རི། །རབ་སྒེག་ལྟར་མཛེས་བླ་མ་མི་བསྐྱོད་རྡོ་རྗེས་སྙིང་ལ་བདེ་ཆེན་བྱིན། །གང་དེའི་དངོས་གྱུར་པདྨ་གཉག་གནུབས་ཟུར་པའི་སྲོལ། །ཆོས་ཀྱི་སྤྱན་མངའ་དམ་པ་ཡབ་སྲས་ཀྱིས་བཀྲལ་བ། །དུས་མཐར་སྤྱོད་པའི་སྐལ་མཉམ་དོན་དུ་འདིར་བསྡེབས་ཏེ། །རྙོག་མེད་བཀོད་ལ་དཔའ་བོ་མཁའ་འགྲོས་བརྩེ་བར་མཛོད། །ཡེ་ཤེས་འཇའ་ལུས་སྒྱུ་མའི་སྐུ་ཅན་རྣམས། །གཤེགས་ཤུལ་ཟབ་དོན་རྒྱུད་སྡེའི་གྲོང་ཁྱེར་དུ། །རིམ་གཉིས་སྒོ་ཆེན་འབྱེད་ལ་བརྩོན་པ་རྣམས། །སྐལ་བཟང་འདོད་པ་སྦྱིན་པའི་ལྡེའུ་མིག་ལོངས། །དེ་ལ་འདིར་ཆོས་ཐམས་ཅད་ཀྱི་བརྗོད་བྱ་བདེན་གཉིས་དབྱེར་མེད་འཁོར་འདས་མཉམ་པ་ཉིད་བློ་ཡི་སྤྱོད་ཡུལ་འདས་པ་ཉིད། རྗོད་བྱེད་སྟོང་ཕྲག་བརྒྱ་པ་སྒྱུ་འཕྲུལ་དྲྭ་བ་ལས་ཕྱུངས་ཤིང་། གཉིས་སུ་མེད་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཐེག་པ་ཐམས་ཅད་ཀྱི་གཞི་དང་རྩ་བར་ངེས་པ་དཔལ་གསང་བ་སྙིང་པོའི་དོན་ཐམས་ཅད་དྲིལ་ན་ཆོས་བརྗེ་ཀཿཐོག་པའི་བཞེད་ཀྱིས་ལྔར་མཛད་དེ། ཤེས་བྱ་གཞི་སྐུ་གསུམ་གྱི་དཀྱིལ་འཁོར་དུ་གནས་ཚུལ། དེ་མ་རྟོགས་པས་གཞི་སེམས་ཅན། ལམ་རྣལ་འབྱོར། འབྲས་བུ་སངས་རྒྱས་ཀྱི་སྣང་བ་སོ་སོར་འཆར་བའི་འཁྲུལ་འཁོར་སྣང་ཚུལ། དེ་ཡང་དག་པ་འདུལ་བྱེད་སངས་རྒྱས་རྣམས་ཀྱི་ཐུགས་རྗེས་མཁྱེན་ཅིང་གཟིགས་པ་དང་། གཟིགས་ནས་རྟོག་པ་མེད་པའི་ཐུགས་རྗེ་ཉི་མའི་འོད་དང་། ཆུ་བོའི་རྒྱུན་ལྟར་རྟག་ཁྱབ་ལྷུན་གྲུབ་ཏུ་འཆར་ཞིང་། ཁྱད་པར་འཁྲུལ་པ་སྦྱོང་བྱེད་ཐབས་ལམ་རྐྱེན་ཡི་གེའི་རྒྱུད་ཀྱིས་དོན་མཛད་ཚུལ་རྣམས་སུ་བསྡུ་བར་མཛད་ལ། དེ་ལས་ལམ་རྒྱུད་ཀྱི་རིམ་པ། སྲིད་པ་སྡུག་བསྔལ་དུ་མ་མཐོང་བའི་བློས། །སྲིད་ལས་ཐར་འདོད་དང་། རང་གཅིག་པུ་མ་ཡིན་པར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྒྲོལ་འདོད་ཀྱི་བྱང་ཆུབ་ལ་འཇུག་པ་བརྟན་པོས། རྡོ་རྗེའི་སློབ་དཔོན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་མཉེས་པར་བྱས་ཏེ། རྡོ་རྗེ་ཐེག་པའི་ལམ་གྱི་གཞི་སྨིན་བྱེད་ཀྱི་དབང་ཐམས་ཅད་བསྐུར་བ་ཐོབ་པས། རྒྱུད་སྨིན་པའི་རྒྱལ་སར་ཆུད་པ་དང་། རྩ་བ་ཡན་ལག་གི་དམ་ཚིག་མཐའ་དག་མིག་འབྲས་ལྟར་མ་ཉམས་ལ་ཡོངས་སུ་རྫོགས་པར་སྲུང་བའི་རྟེན་གྱི་གང་ཟག་ཤེས་རབ་མཆོག་དང་། བརྩོན་འགྲུས་ཀྱི་གོ་ཆ་བགོས་པ་ཞིག་གིས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལམ་རིམ་པ་གཉིས་ལ་སློབ་པའོ། །དེའང་ཨིནྟྲ་བྷུ་ཏིས་མཛད་པའི་རིམ་གཉིས་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པའོ། །ཞེས་དང་། ཏིང་འཛིན་དེ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་པ་ཡིས། །སྐད་གཅིག་ཉིད་ལ་ལྷ་རྣམས་གསལ། །རྫོགས་པའི་རིམ་པའི་བསྐྱེད་རིམ་སྟེ། །བསྐྱེད་པའི་རིམ་པའི་རྫོགས་པའོ། །ཞེས་སོགས་གསུངས་པ་ལྟར་རྫོགས་རིམ་གྱི་རྟོགས་པས་སྐྱེ་བའི་ནུས་པ་སྨིན། །ལུས་ངག་ཡིད་གསུམ་ཐ་མལ་དུ་འཛིན་པ་བཟློག་ཅིང་། རྒྱུད་སྦྱོང་བའི་ཕྱིར་ལམ་ལྔའི་རྣལ་འབྱོར་རྒྱུད་དོན་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་ལམ་གྱི་རིམ་པར་བཀྲལ་པ་ལས་ཇི་སྐད་འབྱུང་བ་ལྟར་སྟོང་ཆེན་དང་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ལ་གོམས་པས་ཕྱག་རྒྱ་གཅིག་པའི་ཕྲ་བ་ཡི་གེའི་སྤྲོ་བསྡུ་དང་། རགས་པ་ཞལ་གཅིག་ཕྱག་གཉིས་དང་། གོམས་ནས་ཞལ་གསུམ་ཕྱག་དྲུག་གི་རྗེས་སྤྲོས་པའི་རྣལ་འབྱོར་བསྐྱེད་པའི་རིམ་པ་ལ་ནན་ཏན་དུ་བྱ་བ་ལས། ལེའུ་བཅོ་ལྔ་པ་ཡན་གྱི་རྩ་རྒྱུད་ཀྱི་མ་བསྒྱུར་རྣལ་མ་ཞི་བ་ལའང་ལྷ་དང་ཚོམ་བུ་སྤྲོ་བསྡུ་མཐའ་ཡས་པས་འདིར་ནི་གླེང་གཞི་ལས་གསུངས་པ་ལྷ་སོ་དྲུག་དང་། གསུམ་པ་ལས་ཐུབ་དྲུག་བཅས་དངོས་བསྟན་ཞེ་གཉིས་ཞི་བ་འབྲིང་པོའི་ཕྱག་རྒྱ་སྤྲོ་བ་དང་ཚོགས་བསྒྲུབ་ཀྱི་མོས་བསྒོམ་མཐའ་དག་ལ་སྦྱར་དུ་རུང་བའི་མངོན་རྟོགས་ཡན་ལག་མཐའ་དག་ཚང་བར་འཆད་དོ། །དེ་ལ་གཉིས། སྒྲུབ་བྱེད་ཆོ་གའི་རིམ་པ་གྲུབ་པའི་འབྲས་བུའོ། །དང་པོ་ལ་གསུམ་སྦྱོར་དངོས་རྗེས་སོ། །དང་པོ་ལ་སྔོན་འགྲོའི་སྦྱོར་བ་དང་། ཆོ་གའི་སྦྱོར་བའོ། །དང་པོ། སྒྲུབ་པོ་གང་ཟག །སྒྲུབ་པའི་ཀུན་སློང་། སྒྲུབ་པའི་རྐྱེན་ནོ། །དང་པོ་འོད་རིམ་ལས། སྒྱུ་འཕྲུལ་རི་མོའི་དཀྱིལ་འཁོར་དུ། །དབང་རྣམས་ཐོབ་པར་བྱས་པ་དང་། །སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་པའི་མཚན་ཉིད་མངའ་བས། །གཉིས་པ་ཡང་དེ་ཉིད་ལས། །ཁེ་གྲགས་འདོད་གཡེངས་ཀུན་སྤངས་ཏེ། །ཞེསདང་། ཚད་མེད་ཐུགས་རྗེས་འགྲོ་སྒྲོལ་ཞེས། །དམ་བཅའ་བརྟན་ཏེ་མི་ལྡོག་པར། །ཞེས་པ་ལྟར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་འདོད་བྱ་ལ་དྲན་པ་ཉེ་བར་བཞག་པས། གསུམ་པ་ལ་གནས་དང་། སྒྲུབ་རྫས་སོ། །དང་པོ་ཡང་དེ་ལས། རི་བོ་དབེན་པའི་གནས་མཆོག་ནི། །མེ་ཏོག་ཤིང་དང་བཀྲ་ཤིས་བྱ། །སྙན་པའི་སྒྲ་ལྡན་བར་ཆད་མེད། །ཅེས་སོགས་འབྱུང་བ་བཞིན་བདག་དབང་བར་ཆད་མེད་པའི་གནས་བསམ་གཏན་དང་མཐུན་པར། གཉིས་པ་རྩ་རྒྱུད་ལས། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཅེས་པ་དམ་ཚིག་གི་བྲིས་སྐུ་དང་། རྟེན་གསུམ་ལ་མཆོད་པའི་བྱེ་བྲག་ཕྱི་ནང་དང་། སྟེགས་དམའ་བར་སྔོན་གཏོར་ཆུ་དང་ཉེར་སྤྱོད། སྒྲུབ་པོའི་མདུན་དུ་རྡོར་དྲིལ་དང་ནང་མཆོད་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གནིས་པ་ལ་སྡོམས་ནི། ཕྱག་དང་གསོལ་གདབ་རྒྱུན་བཤགས་དང་། །སྒྲིབ་སྦྱོང་ཚོགས་བསགས་བསང་ཆུ་བརླབ། །བགེགས་བསལ་མཚམས་བཅད་བཤགས་སྡོམས་བཟུང་། །བྱིན་རླབས་སྔོན་འགྲོའི་རིམ་པ་བཅུ། །དང་པོ། བླ་མ་དཀྱིལ་འཁོར་སྲུང་མ་ལ་ཕྱག་དགུ་སྤྲུགས་སུ་འཚལ་བ་ཚུལ་ཕྱག་དང་། སློབ་དཔོན་ལ་སློབ་མ་རྣམས་ནས་ཕྱག་དང་། ཕན་ཚུན་ཐམས་ཅད་ནས་ཕྱག་བསྣོལ་བའི་གྲལ་ཕྲག་གིས་བདེ་བའི་སྟན་ལ་འཁོད་པའོ། །གཉིས་པ་འདུས་པ་ཚོམ་བུའི་སྒྲུབ་པའི་སྐབས། ལས་ཀྱི་རྡོ་རྗེས་ཕྱག་གསུམ་འཚལ་ནས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་དབུ་མཛད། གསང་བའི་དཀྱིལ་འཁོར་འདིར་འདུས་པ་ཐམས་ཅད་ཐུགས་དམ་ལ་མཉམ་པར་བཞག་པར་ཞུ། ཞེས་གསོལ་བ་གདབ། ཐམས་ཅད་ཀྱི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་རེ་བྱས་ལ་སྐུ་གསུང་ཐུགས་སུ་བྱིན་གྱིས་རླབས་རྡོ་རྗེ་སློབ་དཔོན་ནས་བཟུང་སྟེ་ཐམས་ཅད་ཀྱི་དབུ་ལ་མེ་ཏོག་གི་ཕྲེང་བ་གདགས་སོ། །གསུམ་པ་ལ་གཉིས་ཡན་ལག་བདུན་པ་དང་སྐྱབས་སེམས་སོ། །དང་པོ་ནི། རང་ཉིད་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་ཧཱུྃ་གི་འོད་ཟེར་སྲོག་དག་པའི་ལམ་ནས་ཞུགས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་པ་བཅོམ་ལྡན་འདས་ཐུགས་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་རྡོ་རྗེ་སློབ་དཔོན་ལ་བརྒྱུད་པའི་བླ་མས་བསྐོར་བ་དང་བཅས་པ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཞེས་སེ་གོལ་དཔུང་མགོར་བསྣོལ་མར་གཏོགས། ཡིད་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་སྟེ། ༀ་བཛྲ་ས་ཏྭ་ས་པ་རི་ཝ་ར་བཛྲ་ཨརྒྷཾ་པ་ཏིཙྪ་ཧཱུྃ། ནས་ཤབྟའི་བར་གྱི་མཆོད། ཐལ་མོ་སྙིང་གར་བཀོད་དེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །ཡིད་བཞིན་རིན་ཆེན་ལྟ་བུའི་སྐུ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་བཤེས་གཉེན་དམ་པ་ཁྱོད། །བདག་ཅག་རྣམས་ཀྱི་ཕ་ལགས་སོ། །བདག་ཅག་རྣམས་ཀྱི་མ་ལགས་སོ། །བདག་ཅག་རྣམས་ཀྱི་མགོན་ལགས་སོ། །བདག་ཅག་རྣམས་ཀྱི་སྟོན་པ་ལགས། །བདག་ཅག་རྣམས་ཀྱི་འདྲེན་པ་ལགས། །མུན་པ་སེལ་བའི་སྒྲོན་མ་ལགས། །དུག་གསུམ་ནད་སེལ་སྨན་པ་ལགས། །འགྲོ་བ་སྒྲོལ་བའི་གྲུ་ལགས་སོ། །ཉི་མའི་ཞལ་ལ་ཕྱག་འཚལ་འདུད། །ཟླ་བའི་སྐུ་ལ་ཕྱག་འཚལ་འདུད། །པདྨའི་གསུང་ལ་ཕྱག་འཚལ་འདུད། །ནམ་མཁའི་ཐུགས་ལ་ཕྱག་འཚལ་འདུད། །ཡོན་ཏན་རེ་སྐོང་ཕྱག་འཚལ་འདུད། །ཕྲིན་ལས་ཀུན་སྒྲོལ་ཕྱག་འཚལ་འདུད། །དེས་བསྐྱེད་དུས་གསུམ་སངས་རྒྱས་དང་། །དམ་ཆོས་རྒྱུ་འབྲས་མ་ལུས་དང་། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །དགེ་འདུན་རྣམས་ལ་ཕྱག་འཚལ་འདུད། །དེ་བཞིན་གཤེགས་པ་ཀུན་གྱི་བདག །ཡེ་ཤེས་རྒྱ་མཚོ་རབ་ཟབ་ཐུགས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ནོར་བུ་རིན་ཆེན་ཡོན་ཏན་མཛོད། །རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །མཉམ་ཉིད་དབྱིངས་སུ་བདུད་བཞི་ངང་གིས་བཅོམ། །ཕྱག་རྒྱའི་རང་བཞིན་གཉིས་མེད་རྫོགས་པར་ལྡན། །ཡོད་མེད་མཐའ་འདས་བདག་གཞན་ཡོངས་ཀྱི་དཔལ། །ཀུན་བཟང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གཉིས་མེད་སྒྲིབ་པ་སྤངས་པ་ཡི། །ཡེ་ཤེས་རང་རིག་གསལ་བའི་མཁའ་དཀྱིལ་ནས། །དཀྱིལ་འཁོར་སྤྲོ་བ་འགྲོ་དོན་སྤྲུལ་པ་ཡི། །མ་ལུས་ཐུགས་སུ་ཆུད་ལ་ཕྱག་འཚལ་ལོ། །ཀུན་བཟང་འཁོར་ལོ་བཞི་དབུས་དགའ་བཞིའི་གཟུགས། །བདེ་ཆེན་སྤྲིན་དཔུང་རྡོ་རྗེའི་ལྷ་མོ་རྣམས། །ཚད་མེད་བཞི་དང་འདོད་ལྔའི་དཔལ་ཐོགས་པས། །ཡེ་ཤེས་ལྔ་དང་རྡོ་རྗེ་བཞི་རུ་མཆོད། ༈ །བདག་གིས་ཚེ་རབས་ཐོག་མ་མེད་པ་ནས། །ད་ལྟ་ཡན་ཆོད་མི་དགེ་སྡིག་སྤྱོད་དང་། །འདུལ་སྡོམ་བཤིག་དང་ཕྱི་ནང་དམ་ཉམས་དང་། །ཁྱད་པར་ཉོན་མོངས་བག་མེད་ལེ་ལོ་ཡིས། །རྩ་བ་ཡན་ལག་ལ་སོགས་བསྲུང་བྱ་རྣམས། །ཞིག་རལ་ཉམས་དང་ཁྱད་བསད་ཡལ་བར་དོར། །གཞུང་དུ་མ་བསྙག་གཞུང་འགལ་ཆེ་ཆུང་རྣམས། །ཉམས་དང་ཚོར་དང་མ་ཚོར་ཉམས་སོ་འཚལ། །རྩ་བ་ཡན་ལག་ཟླ་ཞར་ཀུན་ཏུ་ཉམས། །ཤིན་ཏུ་འགྱོད་ཅིང་གདུང་བས་བཤགས་པར་བྱ། །གནོང་ངོ་འགྱོད་དོ་ཚངས་པར་སྩལ་དུ་གསོལ། ༈ །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་རྣམས་དང་སོ་སོའི་སྐྱེ་བོ་ཡིས། །དགེ་བའི་རྩ་བ་བསགས་པ་མ་ལུས་ལ། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། ༈ །འབྲས་བུ་མངོན་གྱུར་རིང་པོ་མ་ལེན་པར། །ཕྱོགས་བཅུའི་འཇིག་རྟེན་ཁམས་ན་བཞུགས་སོ་འཚལ། །འགྲོ་རྣམས་མྱུར་དུ་སངས་རྒྱས་ཐོབ་སླད་དུ། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། ༈ །གདུལ་བྱའི་བྱ་བ་ཚར་བའི་ཐུབ་པ་རྣམས། །ཆོས་ཀྱི་དབྱིངས་སུ་འདར་བར་བཞེད་པ་ལ། །ཇི་སྲིད་འཁོར་བ་སྟོང་པར་མ་གྱུར་བར། །བཞུགས་ནས་མྱ་ངན་མི་འདའ་གསོལ་བ་འདེབས། ༈ །བདག་གིས་ཚེ་རབས་ཐོག་མ་མེད་པ་ནས། །ད་ལྟ་ཡན་ཆོད་དགེ་བ་ཅི་སྤྱད་དང་། །ཁྱད་པར་དེང་འདིར་དགེ་བ་ཅི་བསགས་པ། །བདག་གཞན་དོན་ཕྱིར་བྱང་ཆུབ་ཆེན་པོར་བསྔོ། །གཉིས་པ་སྒྲུབ་ཐབས་མེ་ལོང་ལྟ་བུ་ལས། བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་པ་ཡང་ཡོངས་བསྒོམས་ནས། །ཞེས་པ་ལྟར་སྐྱེས་བུ་མཆོག་གི་བསམ་པས་དྲངས་པའི་བློས། ༈ བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཇི་སྲིད་བྱང་ཆུབ་བར་དུ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དམ་པའི་ཆོས་ཐེག་པ་རིམ་པ་དགུའི་འབྱུང་གནས། དགེ་འདུན་འཕགས་པ་རྣམས་ཀྱི་མངའ་བདག་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ལེགས་པར་གསུངས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་ཀྱི་མཆོག་དགེ་འདུན། བཅོམ་ལྡན་འདས་རྒྱལ་བ་བཞི་བཅུ་རྩ་གཉིས་ལ་སོགས་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ ཤྲཱི་མ་ཧཱ་ཀ་ལ། དཔལ་ལྷ་མོ་ནག་མོ་ལ་སོགས་ཏེ་ཆོས་སྐྱོངས་པའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་རྫུ་འཕྲུལ་གྱི་ཞབས་དང་ལྡན་པ་རྣམས་ལ༴ ལན་གསུམ། སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འགོད་པར་བྱ། དེ་ཡི་ཆེད་དུ་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། བཞི་པ་ཞི་ཁྲོ་བཤགས་ཆུང་གི་དོན་བསྡུ་ན་ཐུན་མོང་མིན་པའི་རྡོར་སེམས་བསྒོམ་བཟླས་ཏེ། རང་གི་སྤྱི་གཙུག་ཏུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཆེ་མཆོག་ཡོན་ཏན་ལ་སྙིང་གར་ཞི་བ་དང་སྤྱི་བོར་ཁྲོ་བོའི་ལུས་དཀྱིལ་རྫོགས་པའི་དབུ་ཐོག་ཏུ་པདྨ་དང་ཟླ་བའི་གདན་ལ། ཧཱུྃ་ལས་བྱུང་བའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བླ་མ་དང་གཉིས་སུ་མེད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བས་ཡུམ་སྙེམས་མ་དཀར་མོ་གཡོན་དྲིལ་བུ་ཐོགས་པ་ལ་འཁྱུད་པ། ཞབས་ཕྱེད་སྐྱིལ་མཐེ་བོང་གཡས་རང་གི་སྤྱི་གཙུག་ཏུ་རེག་པ། ལོངས་སྤྱོད་རྫོགས་པའི་རྒྱན་ཅན། སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་རྡོ་རྗེ་ཟླ་བ་སྔགས་ཕྲེང་གཡས་འཁོར་དང་བཅས་པའོ། །དེ་ལས་འོད་ཟེར་འཕྲོས་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ལུས་དཀྱིལ་དང་བཅས་པ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ། །བླ་མ་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དགོངས། །འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས། །ཉམས་ཆག་ན་རག་སྦྱོང་ཕྱིར་ཕྱག་མཆོད་བཞེས། །ཡོན་ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་འགྲོ་མགོན་ཅིར་ཡང་སྤྲུལ་པའི་སྐུ་ལ༴ གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ༴ ཡང་དག་མངོན་པར་བྱང་ཆུབ་སྐུ་ལ༴ ཉོན་མོངས་ཞི་མཛད་ཞི་བའི་ལྷ་ལ༴ ལོག་ལྟ་ཚར་གཅོད་ཁྲོ་བོའི་སྐུ་ལ༴ ཐབས་མགོན་ཚེ་བདག་འཇམ་དཔལ༴ སྐྱོན་བྲལ་སྒྲ་སྒྲོག་པདྨའི་གསུང་ལ། །ཡང་དག་དོན་ལྡན་བཛྲ་ཐུགས་ལ༴ དུག་ལྔ་ནད་སེལ་བདུད་རྩི་སྨན་ལ༴ དྲེགས་པ་འཇམ་མཛད་ཕུར་པའི་ལྷ༴ འབྱུང་བའི་མངའ་བདག་མ་མོའི་ཚོགས་ལ༴ ས་དང་ལམ་རྫོགས་རིག་འཛིན་རྣམས་ལ༴ བསྟན་པ་བསྲུང་མཛད་དམ་ཅན་རྣམས༴ དགྲ་བགེགས་འདུལ་མཛད་སྔགས་བདག་རྣམས་ལ་ཕྱག་འཚལ་ལོ། ༈ །གང་གི་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་འཚལ་ནས། །ཉམས་ཆག་མ་ལུས་ཀུན་བྱང་ནས། །མཚམས་མེད་ལྔ་ལ་སྨོས་ཅི་དགོས། །ན་རག་གནས་ཀྱང་དོང་དཀྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །རྡོ་རྗེ་སེམས་དཔའི་གསང་སྔགས་དངོས། །ལས་སྒྲིབ་ཉམས་སྒྲིབ་དག་བྱེད་པའི། །འཁོར་བ་དོང་དཀྲུགས་ཡོང་སྙིང་བཟླས། །བཅོམ་ལྡན་འདས་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་གནས་གསུམ་འབྲུ་གསུམ་ལས་འོད་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག །ཆག་ཉམས་ཐམས་ཅད་དག །སླར་ཡང་སྦྱོར་བ་མཛད་པའི་བྱང་སེམས་ཡེ་ཤེས་བདུད་རྩིས་ལུས་ཐམས་ཅད་གང་། དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་གྱུར་པར་མོས་ལ། ༀ་བཛྲ་ས་ཏྭ་ས་མ་ཡཱ། སོགས་ཡི་གེ་བརྒྱ་པ་ལན་ཉེར་གཅིག་བཟླས་མཐར། ཧོཿ བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ། །རྒྱལ་བའི་བཀའ་དང་བླ་མའི་ལུང་། །ཇི་བཞིན་མ་སྤྱད་སློབ་དཔོན་སྨད། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལྟ་ལོག་ངན་སེམས་ངག་ཏུ་སྨྲས། །བརྡེག་བཙོག་གནོད་པ་དངོས་སུ་སྤྱད། །ལྷ་དང་དཀྱིལ་འཁོར་ཉམས་མ་གསལ། །ཛབ་བཟླས་མ་དག་ཟུར་ཆག་ཉམས། །གསང་བར་འོས་དང་གཉེར་གཏད་སྨྲས། །གསང་བཅུ་བསྒྲག་ཅིང་བླ་མ་བསླུས། །རྩ་བའི་དམ་ཉམས་མཐོལ་ཞིང་བཤགས། །སྤྱད་པར་བྱ་བའི་དམ་ཚིག་ལྔ། །ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ། །མི་སྤང་ལྔ་དང་དང་ལེན་ལྔ། །ཡན་ལག་དམ་ཉམས་མཐོལ་ཞིང་བཤགས། །བསྙེན་བསྒྲུབ་ཏིང་འཛིན་མི་གསལ་ཞིང་། །ཉ་སྟོང་དུས་དྲུག་མཆོད་པ་ཆག །ལེ་ལོ་བསོག་འཇོག་ཚོགས་སྤྱང་གིས། །ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར། །ཚོར་དང་མ་ཚོར་རྐྱེན་དབང་གིས། །སྒོ་གསུམ་བག་མེད་དམ་ཉམས་བཤགས། །བླ་མ་རྡོ་རྗེ་སེམས་དཔས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་པར་བསམ་ནས། ཆོས་ཐམས་ཅད་ཡེ་ནས་གནས་པའི་གནས་ལུགས་ཡིད་ལ་བྱས་ཏེ། ཡིད་ཀྱི་དམ་ཉམས་ལྟ་བས་བཤགས། །དེ་ཡང་ཀུན་གཞི་བྱང་ཆུབ་སེམས། །ཡིན་པ་མེད་པའི་ལྟ་བ་རྟོགས། །མིན་པ་མེད་པའི་སྤྱད་པ་རྟོགས། །ཡིན་པ་མེད་པའི་དགོངས་ཉམས་ལོན། །ཡིན་མིན་མེད་པའི་སྤྱོད་པ་རྟོགས། །རེ་དོགས་མེད་པའི་བྱང་ཆུབ་སེམས། །རྩ་བ་ཡན་ལག་ཐམས་ཅད་ཀྱི། །ཆག་ཉམས་མ་བྱུང་མ་སྐྱེས་པས། །བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ། །ལྔ་པ་ནི། སྐུ་གསུམ་གྱི་མཎྜལ་འབུལ་བ་ལས་ལོངས་སྐུ་དག་པ་ཞིང་གི་མཎྜལ་ནི། ཚོམ་བུ་ལྔ་བཀོད་ཅིང་། ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱཿ སྣང་སྲིད་ཕྱོགས་བཅུ་རྣམ་དག་ཞིང་ཁམས་བདེ་ཆེན་འོག་མིན་སྟུག་པོ་བཀོད་པའི་བླ་བྲེ་ཅན། འདོད་ལྔའི་སྤྲིན་གྱི་ཆར་ཆེན་རྩི་ཤིང་སྐར་མ་ལྟར་བཀྲམ་འདོད་དགུའི་དཀྱིལ་འཁོར་ཀུན་འབྱུང་བས། ཀུན་ཁྱབ་ཆོས་དབྱིངས་རྡུལ་སྙེད་མཆོད་པས་ཀུན་ཏུ་འགེངས་པའི་ཀུན་བཟང་ནམ་མཁའི་མཛོད་ཆེན་འདི། དཔལ་ལྡན་རྡོར་སེམས་རྒྱལ་བ་རྒྱལ་སྲས་རྒྱ་མཚོ་མཉེས་པའི་དཔལ་སྟུག་རྒྱ་མཚོས་མཛེས་གྱུར་ཅིག །ཕྱོགས་བཅུའི་བརྟན་གཡོ་རྡུལ་སྙེད་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །བླ་མ་རྣམས་དང་དཀོན་མཆོག་གསུམ། །དཀྱིལ་འཁོར་ཀུན་ལ་རྒྱས་པ་འབུལ། །སྤྲུལ་སྐུ་སྣང་སྲིད་རྣམ་དག་གི་མཎྜལ་ལ། ཚོམ་བུ་བདུན་བཀོད་དེ། ཏྲཾ། གླིང་བཞིའི་དཀྱིལ་འཁོར་རིན་ཆེན་ལྡན། །དཔག་བསམ་ཤིང་དང་རྫིང་བུ་མཛེས། །ལས་བཞིའི་བྱིན་བརླབ་ཁྱད་པར་ལས། །ལྷ་དང་ལྷ་མོ་ལོངས་སྤྱོད་ལྡན། །ལྷག་པའི་ཏིང་འཛིན་མཆོད་པར་བཞེས། །ཆོས་རྣམས་ཐམས་ཅད་འབྲས་བུ་ཡོངས་རྫོགས་ཤིང་། །སངས་རྒྱས་རྣམས་ལ་མཎྜལ་འདི་འབུལ་བས། །འབྲས་བུ་འཕགས་པའི་ནོར་བདུན་ལྷུན་གྲུབ་སྟེ། །ཏིང་འཛིན་འབུམ་ཕྲག་རྣམས་ལ་དབང་བསྒྱུར་ཤོག །མོས་གུས་གསོལ་བ་གདབ་པ་ཆོས་སྐུའི་མཎྜལ་ནི། ན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་དང་། ཞིང་ཁམས་ཟག་པ་མེད་པ། ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བདེན་པ་དང་། རྒྱལ་བ་རྒྱ་མཚོ། གསང་བ་རྒྱ་མཚོ། སྨིན་པ་རྒྱ་མཚོ། བརྒྱུད་པའི་བླ་མ་རྗེ་བཙུན་རིན་པོ་ཆེ་རྣམས་ཀྱི་བྱིན་རླབས་ཀྱིས། །བདག་རིག་པ་འཛིན་པ་རྡོ་རྗེ་ཞེས་བགྱི་བ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར། དོན་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་ཉིད་དོན་གྱིས་གང་བ་དང་། ཤིན་ཏུ་གང་བ་དང་། རྒྱས་པ་དང་། ཤིན་ཏུ་རྒྱས་པ་དང་། སྨིན་པ་དང་། ཤིན་ཏུ་སྨིན་པ་དང་། གྲོལ་བ་དང་། ཤིན་ཏུ་གྲོལ་བ་རྒྱ་ཆེན་པོ་མཛད་དུ་གསོལ། བདག་གིས་དགེ་བའི་ལས་འདི་བགྱིས་པ་ཡིས། །འཇིག་རྟེན་རིང་པོར་མི་ཐོག་སངས་རྒྱས་ནས། དེ་ཀུན་འགྲོ་ལ་ཕན་ཕྱིར་དམ་ཆོས་ཀྱིས། །སྡུག་བསྔལ་མང་གདུང་སེམས་ཅན་སྒྲོལ་གྱུར་ཅིག །ཅེས་བརྗོད་པས་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བར་འགྱུར་རོ། །ཛ་ཧཱུྃ་བྃ་ཧོ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར་པའི་ངང་ལ་བཞག་གོ། །དྲུག་པ་ལ་རང་ང་རྒྱལ་བཟུང་བ་དང་། ལས་དངོས་སོ། །དང་པོ། ཧཱུྃ་བཛྲ་དྷྲཱིཀ །སྐད་ཅིག་གིས་སྟོང་པའི་ངང་ལས། རང་ཉིད་དཔལ་རྡོ་རྗེ་སེམས་དཔའི་སྐུ་མདོག་སྔོ་ནག་གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པ། ཞལ་འཛུམ་ཡང་མཆེ་བ་ཡུད་ཙམ་གཙིགས་པ། སྤྱན་གསུམ་ཞི་བ་ཡིན་ཀྱང་ཡུད་ཙམ་སྡང་མིག་ཏུ་གཟིགས་པ། སྐུ་འོད་དཔུང་གི་ནང་ན་བཞུགས་ཀྱང་འོད་ཀྱི་རྩེ་མོ་ལ་མེ་རི་འཕྲོ་བ། ཉི་མའི་དཀྱིལ་འཁོར་ལ་ཡུམ་དབྱིངས་ཕྱུག་མ་དང་སྙོམས་པར་འཇུག་པ། གཡས་པས་ཡབ་ལ་འཁྱུད་ཅིང་། གཡོན་པས་དྲིལ་བུ་ཡབ་ཀྱི་སྙན་རྩར་འཁྲོལ་པ། དེ་ཡི་ཐུགས་ཀར་ཟླ་བའི་གདན་ལ་རང་འདྲའི་ཡེ་ཤེས་སེམས་དཔའ། དེ་ཡི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་ལ། ཧཱུྃ་བཛྲ་དྷྲིཀ་གིས་བསྐོར་བ། ཡུམ་གྱི་ཐུགས་ཀར་དྲིལ་བུ་ལ། མུྃ་དྷཱ་དུ་ཤྭ་རིས་བསྐོར་བའི་བདག་ཉིད་ཅན་དུ་གྱུར། དེ་དང་དུས་མཉམ་དུ་ཕྱོགས་བཅུའི་འགྲོ་བ་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། སྤྱི་མགྲིན་སྙིང་ག་ནས་འོད་ཟེར་དཀར་དམར་སྔོན་པོ་བྱུང་ནས་རང་ལ་ཐིམས་པར་གྱུར། གཉིས་པ་ནི། བྷནྡྷའི་ནང་དུ་ཨ་མྲྀ་ཏ་བཏབ་པ་བཀོད། སྟོང་པའི་ངང་ལས། བྷྲཱུྃ་ལས་བྷནྡྷའི་ནང་དུ་ཨ་ལས་ཟླ་བའི་སྟེང་དུ། མཱུྃ་ལས་ཡུམ་ཀྲོ་དྷི་ཤྭ་རི་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་བསྣམས་པ། དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པའི་ཐུགས་ཀར་ཟླ་བའི་སྟེང་དུ། བྷནྡྷ་མཱུྃ་གྱིས་མཚན་པར་གསལ་བར་གྱུར། ༀ་བཛྲ་དྷཱ་དུ་ཀྲོ་ཏི་ཤྭ་རི་དེ་བི་ཤྭ་དྷ་ན་ཏ་ན་ཛྙཱ་ན་ཧཱུྃ་ཧཱུྃ་ཧཱུྃ། ལན་ཉེར་གཅིག །དབྱིངས་ཕྱུག་ཁྲོ་མོ་འོད་དུ་ཞུ་བའི་ཆུ་ཡི་རྡུལ་ཕྲ་རབ་ཏུ་བསམ་ནས་བདག་གནས་ཡོ་བྱད་རྣམས་ལ་གཏོར་ཞིང་། ༀ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ། བདུན་པ་ལ། དཀར་ཕྱོགས་དྲོད་ཉུལ་གྱི་བགེགས་བསལ་བ་དང་། ནག་ཕྱོགས་གླག་ལྟའི་བགེགས་བསལ་བའོ། །དང་པོ་ནི། རྃ་ཡྃ་ཁྃ་གིས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུྃ་ལས་བྱུང་བའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཏྲྃ་ལས་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པའི་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ་ཧོ་ས་སྤེལ། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་འཁོར་ཡུག་ཏུ་གནས་པ་མཁའ་འགྲོའི་ཚོགས་དང་། ཕྱོགས་སྐྱོང་ཞིང་སྐྱོང་སྲིད་གསུམ་འབྱུང་པོའི་ཚོགས་ཐམས་ཅད་ཨ་ཀཪྵ་ཡ་ཛཿ ས་སྤྱན་དྲངས་ལ་སྤྲོ་ན་སྔགས་དྲུག་ཕྱག་སྤེལ། ༀ་ཌཱཀྐི་ནི་ལོ་ཀ་པཱ་ལ་ཀྵེ་ཏྲ་པཱ་ལ་ས་པཱ་རི་ཝ་ར་ཨི་དཾ་བཱ་ལིནྟ་ཁ་ཁ་ཁ་ཧི་གསུམ་དབུལ་ལ། ཏིང་འཛིན་མཐུ་ལྡན་རྣམ་རོལ་གཟི་བྱིན་ཅན། །ཤེས་རིག་གྲགས་པའི་ཚུལ་ཁྲིམས་འཁོར་གྱིས་བསྐོར། །མྱ་ངན་འདས་པ་བདུད་རྩིའི་རོ་ཡི་བཅུད། །མཁའ་འགྲོ་ཞིང་སྐྱོང་མཉམ་ཉིད་ངང་དུ་བསྔོ། །ཕྱོགས་སྐྱོང་རྒྱལ་ཆེན་སོ་སོའི་འཁོར་བཟློག་ཅིང་། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་བསྲུང་བ་དང་། །དམ་བཅས་ཞལ་བཞེས་ཁས་བླངས་ལྷ་དག་བཞིན། །བསྟན་པ་བརྗོད་ལ་ཚུལ་བཞིན་སྲུང་དུ་གསོལ། །ཞེས་རོལ་མོའི་སྒྲ་བཅས་དཀར་གཏོར་སྒྲུབ་ཁང་གི་ངོས་སུ་དོར། གཉིས་པ་ནི། ༀ་སརྦ་བིགྷྣན་བ་ལིནྟ་གྷྲྀ་ཧྣ་ཁ་ཧི། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བ་ལ་ནི་མ་གཏོགས་ཤིང་། །ཉན་པ་ལ་ནི་མི་དབང་བ། །ཀུན་ཀྱང་རེ་བ་བསྐང་ལགས་ཀྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཧཱུྃ། ཅི་སྟེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །རྡོ་རྗེ་མཚོན་ཆེན་འབར་བ་ཡིས། །ཐལ་བ་བཞིན་དུ་བརླག་པར་བྱེད། །ཅེས་བགེགས་གཏོར་དོར། འདྲེ་འཇིག་བདུག །ཧཱུྃ་བཞི་བའི་སྔགས་རོལ་མོའི་སྒྲ་དྲག་པོ་དང་བཅས་པའི་ཚམ་རྔམས་བྱ། བརྒྱད་པ་ཀུན་རྫོབ་ཀྱི་མཚམས་དང་། དོན་དམ་གྱི་མཚམས་སོ། །དང་པོ། རང་གི་མིག་གཡས་མ་ལས་ཉི་མ། གཡོན་པ་ཨ་ལས་ཟླ་བ། གཡས་ཀྱིས་མེས་བགེགས་དང་ལོག་འདྲེན་ཐམས་ཅད་བསྲེག །ཧཱུྃ་ཧཱུྃ་ཧཱུྃ། ༀ་ཛྭ་ལ་བཛྲ་ཧཱུྃ། མནྟྲ་སུ་མ་བྷཱ་ནི་ཧཱུྃ། ཧཱུྃ་བྷྲུྃ། ༀ་བྷྲུྃ། ཏྲཱྃ་བྷྲུྃ། ཧྲཱིཿབྷྲུྃ། ཧཱ་བྷྲུྃ། ཞེས་གསུངས་པ་ཙམ་གྱིས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རྡོ་རྗེའི་ཆར། སྤྱི་བོ་ནས་འཁོར་ལོ། མགྲིན་པ་ནས་ཐོ་བ། ལྟེ་བ་རལ་གྲི། གསང་གནས་ནས་རྒྱ་གྲམ། སྐུ་ཐམས་ཅད་ལས་བྲག་རིའི་ཆར་བྱུང་བས་བགེགས་རྣམས་བརྒྱལ་ཞིང་གཏོར། གཡོན་གྱི་ཟླ་བ་བདུད་རྩིས་ཆུས་ཐལ་བ་ཡང་མ་ལུས་པར་བཀྲུས། ཧཱུྃ་ཧཱུྃ་ཧཱུྃ། ཕྱི་རོལ་དུ་མཚོན་ཆ་རྣམས་རིམ་པ་དྲུག་གི་གུར་ཁང་དུ་གྱུར་པའི་ཕྱི་རྡོ་རྗེ་རྒྱ་གྲམ་སྣ་ཚོགས་པའི་རྭ་ཅན་དུ་བརྟན། སླར་ཡང་སྤྱན་དབུས་མའི་བྱང་ཆུབ་སེམས་ཀྱི་འོད་ཀྱིས་བགེགས་བརྒྱལ་བ་རྣམས་སླར་བསླང་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བྱས་ཤིང་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེས་པར་གྱུར། ཧཱུྃ་ཧཱུྃ་ཧཱུྃ། ༀ་བཛྲ་ས་ཏྭ་ར་ཛཱ་ཛ༔ ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བ། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་སྲུངས། །ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །རྡོ་རྗེའི་ཐོ་ཐོག་སེར་ཆེན་འབེབས། །འོག་ཀྱང་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུག །ཕྱོགས་མཚམས་རྡོ་རྗེ་འབར་བས་གཏམས། །རླུང་ཡང་འགྱུ་བའི་སྐབས་མེད་ན། །བགེགས་ཀྱི་ཚོགས་ལྟ་ག་ལ་སྲིད། །ༀ་བཛྲ་ཛྭ་ལཱ་ཱན་ལངྐ་ཀྲོ་དྷ་ཧཱུྃ་ཕཊ། ཧཱུྃ། སྟེང་ཡང་འཁོར་ལོའི༴ འཁོར་ལོའི༴ འོག་ཀྱང་༴ འཁོར་ལོའི༴ ཕྱོགས་མཚམས་འཁོར་ལོ༴ རླུང་ཡང་༴ བགེགས་ཀྱི་ཚོགས་ལྟ༴ ༀ་ཙཱཀྲ་ཛྭ་ལཱ༴ ཧཱུྃ། སྟེང་ཡང་རལ་གྲིའི༴ རལ་གྲིའི༴ འོག་ཀྱང༴ རལ་གྲིའི་ཚ༴ ཕྱོགས་མཚམས༴ རླུང་ཡང་༴ བགེགས་ཀྱི༴ ༀ་པྲཱ་ཛྙཱ་ཛྭ་ལཱ༴ ཧཱུྃ། སྟེང་ཡང་ཐོ་བའི༴ ཐོ་བའི་ཐོ་ཐོག༴ འོག་ཀྱང་༴ ཐོ་བའི༴ ཕྱོགས་མཚམས་རླུང་ཡང་འགྱུ༴ བགེགས་ཀྱི༴ ༀ་མུ་སྟི་ཛྭ་ལ༴ ཧཱུྃ། སྟེང་ཡང་རྒྱ་གྲམ༴ རྒྱ་གྲམ་ཐོ་ཐོག༴ འོག་ཀྱང་༴ རྒྱ་གྲམ་ཚྭ༴ ཕྱོགས་མཚམས༴ རླུང་ཡང་༴ བགེགས་ཀྱི་ཚོགས༴ ༀ་ཀརྨ་ཛྭ་ལ༴ ཧཱུྃ། སྟེང་ཡང་བྲག་རིའི༴ བྲག་རིའི་ཐོ་ཐོག་སེར་ཆེན་འབེབས། །འོག་ཀྱང་བྲག་རིའི་ས་གཞི་ལ། །བྲག་རིའི་ཚྭ་ཚྭ་སྐར་ལྟར་འཁྲུག །ཕྱོགས་མཚམས་བྲག་རི་འབར་བས་གཏམས། །རླུང་ཡང་འཇུ་བའི་སྐབས་མེད་ན། །བགེགས་ཀྱི་ཚོགས་ལྟ་ག་ལ་སྲིད། ༀ་བཛྲ་པ་ཏ་ལ་པཉྩ་ཧཱུྃ་ཕཊ། གཉིས་པ་ནི། རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །རང་བཞིན་ཡེ་ནས་དག་ཞེས་ན། །བགེགས་ཞེས་བྱ་བའི་མིང་ཡང་མེད། །སྤྱི་བོ་སྣ་ཚོགས་རྡོ་རྗེའི་རྭ་བ་ལས། །རྐང་མཐིལ་རྡོ་རྗེ་ཆེན་པོའི་ས་གཞི་དང་། །རྩིབ་མ་རྡོ་རྗེའི་རྭ་བར་གནས་པ་དང་། །ལྟག་པ་རྡོ་རྗེ་གུར་དུ་ཕུབ་ནས་ནི། །བ་སྤུ་མདའ་ཡི་དྲྭ་བ་ཆེན་པོ་སྟེ། །སེན་མོ་མེ་རི་རབ་ཏུ་འབར་བའོ། །དགུ་པ་ལ་དམ་ཚིག་ཉམས་པའི་བཤགས་པ་ཁྱད་པར་བ་དང་། སྡོམ་པ་བཟུང་བའོ། །དང་པོ། ༀ་བཛྲ་ས་མཱ་ཛས། བཤགས་ཡུལ་བླ་མ་རྒྱལ་བ་རྒྱ་མཚོ་ནམ་མཁའ་ཏིལ་གྱི་གང་བུ་བཞིན་དུ་ཁྱབ་པ་གསལ་བར་གྱུར། ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་ལ་གནོང་ཞིང་འགྱོད་པས་བླ་མ་དང་། ཁྱད་པར་དུ་གསང་སྔགས་ཀྱི་སྐོར་ཞུགས་ནས་དམ་ཚིག་ཉམས་པས། འགྱོད་སྡོམས་ཀྱི་བསམ་པ་བརྟན་པོས་ཕྱག་སྲིན་ལག་རྩེ་སྤྲད་དེ། ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་མཛད་པ། །འདིར་གཤེགས་པ་དག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་རྒྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡོངས་པདྨོ་འཁྱིལ་པ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུྃ། ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདས་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མ་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོངས་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་གཅིག་ཙམ་ཡང་ཕྲད་སྨྲ་མི་བྱ་ཞིང་། །ལུང་པ་གཅིག་གི་ཆུ་ལ་མི་འཐུང་ཞེས། །བཀའ་ལས་བྱུང་བ་དེ་ལྟར་མ་ལྕོགས་ཏེ། གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་། མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དེ། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གིས། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པ་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་མི་འགྱུར་དབྱིངས་ལ་བདག་བཀོད་དེ། །མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་གཉིས་མེད་སྤྲོས་ལས་འདས་པ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ། །མཐོལ་ལོ་བཤགས་སོ་དམ་ཅན་གཉན་གྱི་ཚོགས། །གནོང་ངོ་འགྱོད་དོ། །སྦྱང་ངོ་བསལ་ལོ། །ནོངས་པ་མཆིས་ན་མི་འཆབ་བཟོད་པར་གསོལ། །བཟོད་པར་བཞེས་ཏེ་ཚངས་པ་སྩལ་དུ་གསོལ། །ཡི་གེ་བརྒྱ་པ་བརྗོད་དེ་ཆག་ཉམས་རང་བཞིན་མེད་པར་དག་པར་བསམ། གཉིས་པ་ནི། རྡོ་རྗེ་རྩེ་གཅིག་པའི་རྒྱ་བཅས་པ་ཐུགས་ཀར་འཆང་བཞིན་དུ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། །བླ་མེད་མི་སྤངས་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །གཏི་མུག་ཆགས་དང་ཞེ་སྡང་ཆེ། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་འདོར་རོ། །ༀ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་པའི་དོན་དུ་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་ཤིག །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་མཛད། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་ལན་གསུམ། བཅུ་པ་ལ་རང་གི་རྒྱུད་བྱིན་རླབས་པ་དང་། །མཆོད་རྫས་བྱིན་བརླབ་པའོ། །དང་པོ་ནི་ཡེ་ཤེས་འབེབ་པ་སྟེ། ཧཱུྃ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་སྟོན་པའི༴ བྱིན་ཆེན་དབབ་པའི༴ དབང་ཆེན་བསྐུར༴ ༀ། མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར༴ དངོས་གྲུབ་མཆོག་སྩོལ༴ གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ༀ་ཨཱཿཧཱུྃ་ས་མ་ཡཿསྟྭམ། ས་མ་ཡ་ཧོ། ཞེས་སྤོས་དང་བྱིན་ཆགས་པའི་རོལ་མོའི་བསྐུལ། ཧཱུྃ་ཧཱུྃ་ཧཱུྃ། རྩ་བརྒྱུད་ཀྱི་བླ་མ། དཀྱིལ་འཁོར་གྱི་ལྷ་ཚོགས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འོག་མིན་ནས་ཁ་ཆར་བབ་པ་ལྟར་བྱོན་ནས་སྙིང་གའི་སྒོ་ཕྱེས་ཏེ་སིབ་ཀྱིས་ཐིམ་པར་གྱུར་པའི་ངང་ལ་གསལ་སྟོང་འཛིན་མེད་དུ་ཅི་ནུས་སུ་བཞག་གོ། །གཉིས་པ་ལ། ཐུན་མོང་བ་དང་། ཐུན་མིན་གཉིས། དང་པོ་བསངས། རང་གི་ཐུགས་ཀ་ནས་ཡི་གེ་གསུམ་སྤྲོས། མཆོད་རྫས་ལ་ཕོག །རྃ་ཛྭ་ལ་རྃ། ཡྃ་སྥ་ར་ཎ་ཕཊ། ཁྃ་བི་ཤུདྡྷེ་ཧཱུྃ། མ་དག་པ་ཐམས་ཅད་བསྲེག་གཏོར་བཀྲུས། །སྃ་ཧ་ན་ཎ་ཧཱུྃ། ཐུགས་ཀར་ཐིམ་སྟེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྡོ་རྗེ་བདེ་མཆོག་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ལྔ་ཡི་རང་གཟུགས་དཀར་མཐིང་སྔོ་སེར་དམར་ལྗང་གཟུགས་ཀྱིས་མཛེས་པའི། རིག་མ་དམ་པ་མཆོད་ཡོན་མ་སོགས། བདུད་རྩིའི་སྣོད་དང་། ཁྲུས་ཁང་། བདུག་སྤྲིན། དཔག་བསམ་གྱི་མེ་ཏོག་སོགས་ཐོགས་ཤིང་། བརྟན་གཡོའི་བཅུད་ཀུན་བསྡུ་བ། ཏིང་ངེ་འཛིན་གྱི་འགྱུར་བ་མཐའ་ཡས་པའི་དཔལ་ཅན། སྤྱོད་ཡུལ་ཀུན་བཟང་ནམ་མཁའི་མཛོད་ཀྱི་སྤྲིན་དཔུང་ཆེན་པོ། བླ་མ་དང་བཅོམ་ལྡན་འདས་རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོར་མཉེས་པ་རྒྱ་མཚོ་འབྱུང་བར་གྱུར་ཅིག །སོ་སོའི་ཕྱག་རྒྱ་བཅས། ༀ་བཛྲ་ཨརྒྷཱཾ་ཨཱཿཧཱུྃ་དེ་བཞིན། པཏྱཾ༴ པུཥྤེ་ནས་གནྡྷེའི་བར་སྦྱར། ལྷག་མ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ་བོ། །གཉིས་པ་ཐུན་མིན་སྨན་རག་གཏོར་མ་བརླབ། དང་པོ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་བྷཱུྃ་ཆད། མུ་ཏིག་དྲི་མ་མེད་པ་དཀར་པོ་ལྟ་བུའི། ནང་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། ཐིག་བཞི་བཏབ་པས་རིལ་ཆ་དགུ་དང་ལྡན་པའི་དབུས་ཉི་མའི་སྟེང་བྱང་སེམས་དཀར་པོ་ལ་ཧཱུྃ་མཱུྃ། ཤར་དུ་ཟླ་བའི་སྟེང་དྲི་ཆེན་སེར་པོ་ལ་ཨཱོཾ་ལཱྃ། ལྷོར་རིན་ཆེན་ཟུར་བརྒྱད་སྟེང་ཤ་ཆེན་སྔོན་པོ་ལ་སྭཱ་མཱྃ། ནུབ་ཏུ་པདྨ་འདབ་བརྒྱད་སྟེང་རཀྟ་དམར་པོ་ལ་ཨཱྃ་བཱྃ། བྱང་དུ་ཨེ་གྲུ་གསུམ་སྟེང་དྲི་ཆུ་ལྡང་གུ་ལ་ཧཱ་ཏཱཾ། དེ་རྣམས་ལས་འོད་འཕྲོས་འཁོར་འདས་ཀྱི་བཅུད་བསྡུས་ཏེ་བསྟིམ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རྒྱ་གྲམ་འབར་བ་དང་། །སོ་སོའི་རིགས་ཀྱི་དྲིལ་བུར་གྱུར། །སྤྲོ་བསྡུས་རྡོ་རྗེ་གསུམ་དུ་བྱས། །དབུས་སུ་རྡོར་སེམས་ཡབ་ཡུམ་དཀར། །ཤར་དུ་རྣམ་སྣང་ཡབ་ཡུམ་སེར། །ལྷོ་རུ་རིན་འབྱུང་ཡབ་ཡུམ་སྔོ། །ནུབ་ཏུ་སྣང་མཐའ་ཡབ་ཡུམ་དམར། །བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་། །རང་རྟགས་ཐུགས་བསྣོལ་ཡུམ་ལ་འཁྱུད། །རང་གི་ཕྱག་གཡོན་པའི་མཐེབ་སྲིན་ལ་མ་ཨ་ཡོངས་སུ་གྱུར་པའི་ཉི་ཟླའི་དབུས་ཧྲཱིཿལས་རྟ་མགྲིན་དམར་པོ་ལྕགས་ཀྱུ་ཐོགས་ཤིང་སྡིགས་མཛུབ་མཛད་པ། མི་ཕམ་མ་དཀར་མོ་ལྕགས་ཀྱུ། ཁྲོ་གཉེར་མ་སེར་མོ་ཞགས་པ། རོ་ལང་མ་དམར་མོ་ལྕགས་སྒྲོག །རལ་གཅིག་མ་ལྗང་ཁུ་དྲིལ་བུ་འཛིན་པ་བཞིས་མདུན་གཡས་རྒྱབ་གཡོན་ནས་འཁྲིལ་བ། རང་དང་རྟ་མགྲིན་རིགས་ལྔར་བཅས་པའི་ཡབ་ཀྱི་རྡོ་རྗེ་ལ་ༀ་ཕཊ། ཡུམ་གྱི་པདྨ་ལ་ཡང་ༀ་ཕཊ་ཀྱིས་མཚན་པ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མྱ། ཛ་ཧཱུྃ་བཾ་ཧོཾཿབོ་དྷི་ཙིཏྟ། སྥ་ར་ཎ་ཕཊཿ སཾ་ཧ་ར་ན་ཧཱུྃཿ ཞེས་རང་ཡི་དམ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་རྟ་མགྲིན་ཡབ་ཡུམ་ལ་ཕོག །དེ་རོལ་པ་མཛད་པའི་བྱང་ཆུབ་སེམས་སྤྲིན་རིགས་ལྔ་ཡབ་ཡུམ་བཅུ་ལ་ཕོག་སྟེ། དེ་དག་རོལ་པར་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་གྱུར། ཧཱུྃ་བཛྲ་དྷྲིཀ །མཱུྃ་རྡ་དུ་ཤྭ་རི། ༀ་ཛི་ན་ཛིཀ྄ །ལྃ་དེ་ཤྭ་ར་ཏི། སྭཱ་རཏྣ་བྷྲཱིཀ །མཱྃ་མོ་ཧ་ར་ཏི། ཨཱོཾ་ཨ་རོ་ལིཀ །བཱྃ་ར་ག་ར་ཏི། ཧཱ་པྲཱཛྙཱ་དྷྲཱིཀ །ཏཱྃ་བཛྲ་ར་ཏི། ༀ་ཨཱ༔ཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཿཋཱཿ རྡོ་རྗེས་དཀྲུག་སྟེ་ལན་ཉེར་གཅིག་གམ་བདུན་བརྗོད་ནས། ཐེབ་སྲིན་ཉི་ཟླའི་སྐྱོགས་ཀྱིས། ༀ་ཨཱཿཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་མཆོད། །ཡང་གཏོར་ནས། ༀ་ཨཱཿཧཱུྃ། རྣལ་འབྱོར་མཆེད་རྣམས་སྡིག་སྒྲིབ་དག་པར་གྱུར་ཡང་གཏོར། ༀ་ཨཱ་ཧཱུྃ་མཆོད་རྫས་དང་གནས་ཁང་གི་ཉེས་སྐྱོན་དག་པར་གྱུར། རྡོ་རྗེའི་རྩེས་འཐོར་ཞིང་རྡོ་རྗེ་གསོར་ལ། ༀ་ཨཱཿཧཱུྃ་གང་ཞིག་བཀའ་རྐུ་བ་དང་། གསུང་གཅོད་པ་དང་། ལྟ་བ་དང་། ཉམ་པ་ལ་མི་དབང་བ་སྣོད་མ་ཡིན་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་པོ་དག་ལ། ང་ཡི་ཡེ་ཤེས་ཀྱི་བདུད་རྩིས་ཆུ་རྒྱུན་འདི་ཕོག་པ་ཙམ་གྱིས་ལུས་སྲོག་སྒྱུ་མ་རྡུལ་དུ་བརླག་ནས་ཐམས་ཅད་མེད་པར་བྱོས་ཤིག །གང་ཞིག་དམ་ཚིག་དང་ལྡན་པ་རྣམས་ཀྱི་ཐུགས་དམ་བསྐངས་བར་མཛོད་ཅིག །རིག་ཅན་རྣམས་ཀྱི་དམ་ཚིག་ནི། །རིག་མེད་རྣམས་ལ་དབབ་མི་འགྱུར། །རིག་ཅན་རང་གི་དམ་ཚིག་ལས། །སངས་རྒྱས་ཀུན་ཀྱང་འདའ་བ་མིན། །གནས་གསུམ་དུ་ཐིགས་གཏོར། ༀ་ཨཱཿཧཱུྃ། འཁྱོར་བའི་བདུད་རྩི་བཏུངས། ༀ་ཨཱཿཧཱུྃ་ལུས་ཀྱི་ལྷ་མཉེས་ཏེ། ཁ་ཆོད་ཟླ་བ་རྡོ་རྗེ་ལམ་ཐེབ་སྲིན་གྱི་རྟ་མགྲིན་བཞུགས་པར་གྱུར། གཉིས་པ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་བྷྲཱུྃ་ལས་ལྕང་ལོར་བཅས་པའི་དུང་ཆེན་དུ་ར་ལས་ངོ་བོ་ཡེ་ཤེས་ལ་རྣམ་པ་འཇིག་རྟེན་རྩི་བཅུད་སྲོག་གི་རྟེན་འབྱུང་རཀྟའི་རྒྱ་མཚོ། དམར་གྱི་སྦུ་ཕྲེང་ལྷ་མོའི་སྤྲིན་དང་། ཞིང་གི་སྙས་འཕྱོག །འཁོར་ལོའི་འོད་ཟེར་འཁྲུགས་པར་གྱུར། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ། རྡོ་རྗེས་དཀྲུག་སྟེ་གཏོར་ཞིང་། ཧཱུྃ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་ཚིམས། ཧཱུྃ་ཆོས་སྐྱོངས་རྣམས་ཀྱི་ཐུགས་དམ་བསྐངས། ཧཱུྃ་བགེགས་རིག་སྟོང་ཕྲག་བརྒྱད་ཅུ་རྡུལ་དུ་བརླག་པར་གྱུར། རང་གི་ལྕེ་ལ་ལན་གསུམ་བླང་སྟེ། སྙིང་གར་ཟླ་གམ་གྱི་མཚན་མ་བཏབ་བོ། །གསུམ་པ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་བྷནྡ་རིན་པོ་ཆེའི་གཞལ་མེད་ཁང་ཡོངས་སུ་རྫོགས་པ་རིལ་ཆ་དགུ་ལྡན་ལ། དབུས་བྱང་སེམས་དཀར་པོར་ཧཱུྃ། །དེའི་མདུན་མི་རོ་དམར་སྐྱ་ལ་མཱུྃ། །ཤར་དྲི་ཆེན་སེར་པོ་ལ་ཨཱོཾ། །ལྷོར་ཤ་ཆེན་སྔོན་པོ་ལ་སྭཱྃ། །ནུབ་ཏུ་པདྨ་རཀྟ་དམར་པོ་ལ་ཨཱྃ། །བྱང་དུ་དྲི་ཆུ་ལྗང་གུ་ལ་ཧཱ། །ཤར་ལྷོར་གླང་པོ་ཆེའི་རོ་དཀར་པོ་ལ་ལཱྃ། ལྷོ་ནུབ་ཏུ་རྟ་རོ་སྔོན་པོ་ལ་མཱྃ། ནུབ་བྱང་རྨ་བྱའི་རོ་ལྗང་ཀུ་ལ་བཱྃ། བྱང་ཤར་ཁྱི་རོ་དཀར་པོ་ལ་ཏཱྃ། མ་སུརྻ་མཎྜ་ལ་ཧཱུྃ། རང་གི་ཐུགས་ཀ་ནས་ཉི་དཀྱིལ་ཧཱུྃ་གིས་མཚན་པ་སྤྲོས། མ་དག་པ་ཐམས་ཅད་བསྲེགས། པྃ་པདྨ་མཎྜ་ལ་ཧཱུྃ། པདྨ་ཨཱྃ་གྱིས་མཚན་པས་ཡིག་འབྲུ་བཅུ་པོ་བདུད་རྩིར་གྱུར། ཨཱ་ཙནྟྲ་མཎྜ་ལ་ༀ། ཟླ་དཀྱིལ་ༀ་གྱི་མཚན་པ་བདུད་རྩིས་སྟེང་དུ་ཁ་ཆོད་གནས་པའི་དབུས་ཨཱོཾ་ལས་གཟུགས་རྡོ་རྗེ་མ་མེ་ལོང་བསྣམས་པ་དཀར། སྒྲ་རྡོ་རྗེ་པི་ཝཾ་སྒྲེང་བ་སྔོ། །དྲི་རྡོ་རྗེ་སྤོས་ཁང་ཐོགས་པ་སེར། །རོ་རྡོ་རྗེ་རོ་བརྒྱ་བའི་ཞལ་ཟས་ཐོགས་པ་དམར། །རེག་རྡོ་རྗེ་ན་བཟའི་གོང་བ་རྡོ་རྗེས་མཚན་པ་བྲེས་པ་ལྗང་། །ཆོས་རྡོ་རྗེ་ཨེ་གྲུབ་གསུམ་འཛིན་པ་མཐིང་མདོག་སྟེ། འདོད་པའི་ཡོན་ཏན་ཁམས་དྲུག་གིས་མཆོད་པ་དཔག་ཏུ་མེད་པས་རྒྱལ་བ་མཆོད་ཅིང་ཏིང་ངེ་འཛིན་གྱི་མཛེས་སྡུག་སྒྱུ་མའི་འགྱིང་བས་རོལ་པ་ཅན། གཏོར་མ་ཀུན་བཟང་ནམ་མཁའི་གཏེར་དུ་གྱུར། ༀ་བ་ལིཾ་ཏ་ཏེ་ཛྭ་ལ་ལིཾ་ཏ། བཱ་ལ་བྷ་ཏེ། གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ། རྒྱུད་ཀྱི་རྒྱལ་པོ་ལས་ཕྲེང་ལས་འབྱུང་བའི་མཆོད་སྤྲིན་བྱིན་རླབ་དང་རོལ་མོའི་བྱིན་རླབས་ལྷག་ཆད་ཁ་བསྐོང་ཡིག་བརྒྱ་དང་བཅས་རོལ་མོ་བསྐུལ་ནས་སྣང་སྤྱོད་དག་པ་བདེ་ཆེན་དུ་ཤེས་པར་བྱའོ། །གཉིས་པ་དངོས་གཞི་ལ་ཡང་གཉིས། སེམས་བསྐྱེད་པ་དང་རྣལ་འབྱོར་དངོས་ལ་འཇུག་པའོ། །དང་པོ་ལའང་ཀུན་རྫོབ་དང་། དོན་དམ་གསལ་གདབ་པའོ། །དང་པོ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གཉིས་པ་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས༴ འགག་པ་མེད་ལས༴ འགག་པ་ཉིད་ན༴ ཨེ་མ་ཧོ༴ རྫོགས་པའི༴ གནས་པ་མེད་ལས༴ གནས་པ་ཉིད་ན༴ ཨེ་མ་ཧོ༴ རྫོགས་པའི༴ དམིགས་པ་མེད༴ དམིགས་པ་ཉིད༴ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་ཐམས་ཅད་སྐྱེས། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །གཉིས་པ་རྣལ་འབྱོར་ལའང་། ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། རྒྱུ་ཡི་རྣལ་འབྱོར། ཆོ་འཕྲུལ་བཞིས་གཞུང་བསྲང་ནས་ཚོགས་པ་སྐུ་ཡི་རྣལ་འབྱོར། ཐུགས་དམ་བསྐུལ་ཞིང་བཟླས་པ་གསུང་གི་རྣལ་འབྱོར། མཉམ་པར་བཞག་པའི་ཏིང་འཛིན་ཕྲ་མོའི་མཇུག་ལྡང་ཐུགས་ཀྱི་རྣལ་འབྱོར་ཏེ་བཞི་ལས། དང་པོ་ལ་གསུམ་གྱི། དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། དངོས་རྣམས་ཉིད་ན་དངོས་མེད་པར། རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །ཨཱོཾ་མ་ཧཱ་ཤུ་མྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅་ཧཾ། ཕྱི་ནང་གི་ཆོས་འདི་ལྟར་སྣང་བ་ཐམས་ཅད་ཡེ་གདོད་མ་ཉིད་ནས་རང་བཞིན་མེད་པའི་དེ་ཁོ་ན་ཉིད་སྤྲོས་པ་ཀུན་དང་བྲལ་བ་སེམས་ཀྱི་གཤིས་མ་བཅོས་པའོ། །གཉིས་པ་ནི། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །ལུས་དང་ངག་སེམས་ཆོས་ཐམས་ཅད། །གང་ནའང་ནི་མི་དམིགས་པ། མིག་ཡོར་ཚུལ་དུ་སྦྱར་བ་ཡིས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །སྟོང་པ་ཉིད་དང་དབྱེར་མེད་པའི། །འགགས་མེད་སྙིང་རྗེ་སྒྱུ་མ་ཀུན་ཁྱབ་འཛིན་མེད་ནི། །མ་རྟོགས་སེམས་ཅན་གྱི་ཡུལ་ནམ་མཁའི་མཐའ་ཁྱབ་པ་དེ་སྙེད་དུ་གསལ་བར་གྱུར། །གསུམ་པ་ནི། དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཨཿ རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཚོར་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །སྣང་སྟོང་གཉིས་སུ་མེད་པའི་སྙིང་རྗེ་ལས་ཡི་གེ་ཨ་ཡིག་དཀར་པོ་གཞི་རྩར་བཞུགས་པ་གསལ་ཞིང་བརྟན་པ་གཅིག་བྱུང་། ཨ་སྥ་ར་ཎ་ཕཊ། དེ་ལས་ནམ་མཁའི་མཐའ་ཀླས་པར་སྤྲོས། སྃ་ཧ་ར་ཎ་ཧཱུྃ། དེ་ཐམས་ཅད་ཀྱང་གཞི་པོའི་ཨ་ལ་ཐིམ་སྟེ་འཕེལ་འགྲིབ་མེད་པའི་བྱང་ཆུབ་སེམས་ཀྱི་མཚན་ཉིད་བརྟན་པར་གྱུར། གཉིས་པ་ལ། བསྐྱེད་པའི་ཆོ་འཕྲུལ། དབང་བསྐུར་བའི་ཆོ་འཕྲུལ། བྱིན་གྱིས་རླབ་པའི་ཆོ་འཕྲུལ། མཆོད་པའི་ཆོ་འཕྲུལ་ལོ། །དང་པོ་ལ། རྟེན་གཞལ་ཡས་ཁང་དང་། རྟེན་པ་ལྷ་གསལ་བའོ། །དང་པོ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་ལས། ཨེ་ཡྃ་བྃ་ལྃ་སུྃ་རྃ་རྣམས་ཆད། འོད་ཟེར་སྤྲོ་བ་དང་བསྡུ་བས་འབྱུང་ལྔའི་རྟོག་པ་བསལ་ཏེ་ཡུམ་ལྔའི་མཁའ་ཀློང་དུ་དག་པར་བྱས། ཨེ་ལས་ཆོས་ཀྱི་འབྱུང་གནས་ཟུར་གསུམ་མཐིང་ཀ་རྒྱ་ཁྱོན་ནམ་མཁའ་ལྟར་འབྱམས་ཀླས་པའི་དབུས་སུ། ཡྃ་ལས་རླུང་གི་དཀྱིལ་འཁོར་སྲ་ཞིང་མཁྲེགས་པ། ཁ་དོག་དུད་ཀ་དབྱིབ་ཟླ་གམ་ཟུར་ལ་བ་དན་གཡོ་བས་མཚན་པའི་སྟེང་། བྃ་ལས་ཆུ་ཡི་དཀྱིལ་འཁོར་དཀར་ཟླུམ་བུམ་པས་བརྒྱན་པ། དེ་ཡི་སྟེང་ལྃ་ལས་གསེར་གྱིས་དཀྱིལ་གྲུ་བཞི་སེར་པོ། རྡོ་རྗེ་དང་བུམ་པས་མཛེས་པའི་སྟེང་། སུྃ་ལས་རི་ཡི་རྒྱལ་པོ་རི་རབ་རིན་པོ་ཆེ་སྣ་ཚོགས་པ་བཀྲ་ཞིང་དབྱིབས་གྲུ་བཞི་ཁ་ཁྱེར་དང་རྒྱ་མཉམ་པའི་ཐོག །རྃ་ལས་ཕྱི་རོལ་ཀུན་ཏུ་ཡེ་ཤེས་ཀྱི་མེ་སྣ་ལྔ་པ་འབར་བའི་དབུས། ཧཱུྃ་མཐིང་ནག་དང་སྣ་ཚོགས་རྡོ་རྗེ་ལས་སྐྱེས་པའི་སྲ་བརྟན་རྡོ་རྗེའི་གུར་ཁང་སྲུང་བའི་འཁོར་ལོ་རྡོ་རྗེའི་ས་གཞི་ར་བ་འབར་བ་དང་བཅས་པ་གསལ་བར་གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ། དེ་ཡི་ནང་དུ་རྒྱུ་ཡི་ཨ་ལས་བྷྲཱུྃ་ཆད། འོད་ཟེར་སྤྲོ་བསྡུས་ཐ་མལ་པའི་གནས་ཀྱི་འཛིན་པ་བསལ་ཏེ་དག་པའི་ཞིང་དུ་བྱས། བྷྲཱུྃ་བི་ཤྭ་བི་ཤུདྷེ། བྷྲཱུྃ་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་དབྱིངས་རང་བཞིན་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་འབར་བ་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི། རྒྱ་ཁྱོན་ཚད་བཟུང་དུ་མེད་པའི་ནང་ནས་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔ་ལྡན་གྱི་ནང་། ཤར་གྱི་ལོགས་དཀར་པོ་འཁོར་ལོ། །ལྷོ་སེར་པོ་རིན་པོ་ཆེ། ནུབ་དམར་པོ་པདྨ། བྱང་ལྗང་གུ་རལ་གྲི། སྟེང་མཐིང་ནག་རྡོ་རྗེས་བརྒྱན་པ་སྟེ། རིགས་དྲུག་པའི་ཐུགས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པས་ཁྱབ་པ། དེ་ཡི་སྟེང་གསེར་གྱི་ཕ་གུ་འཕྱང་བའི་ངོས་ཆུ་ན་འཕྱང་ཕྲེང་བ་གཅུས་པའི་སྟེང་། རིན་པོ་ཆེའི་ཕྲ་ཚོམ་ཅན་གྱི་མཛེས་གདུང་གིས་མནན་པའི་ཀ་ཐུང་ཉེར་བརྒྱད་བར་སེང་མགོ་ལས་འཕྱང་འཕྲུལ་མུ་ཏིག་གི་དྲྭ་བ་དང་། དྲྭ་ཕྱེད། དྲིལ་བུ་དང་། དྲིལ་བུ་ཆེན་པོ་འཁྲོལ་ཞིང་། །དེ་ལས་ཟླ་བ་དང་རྔ་ཡབ་ཆེན་པོའི་བསིལ་ཡབ་བསྐྱོད་པའི་ཐོག །བྱ་འདབ་ལས་རིན་པོ་ཆེ་དཀར་པོའི་ཤར་བུ། སྟེང་ན་མདའ་ཡབ་ཤེལ་གྱི་མཆོད་རྟེན་དབྱིབས་ཅན་གྱིས་ཡོངས་སུ་བསྐོར་བའི་པདྨའི་གདན་ལ་ཟུར་བཞིར་གདུགས་དང་། བ་དན་དང་རྒྱལ་མཚན་བརྒྱད་བརྒྱད་དང་། རྡོ་རྗེའི་འཕན་ལྷ་རྫས་ཀྱིས་གོས་རྣམ་པར་བཀྲ་བ་ལྷབ་ལྷུབ་ཏུ་གཡོ་བས་བརྒྱན་པ། ཉི་མ་དང་ཟླ་བ་ཕྱེད་པ་དང་རང་པའི་སྐར་ཁུང་ལྡིང་བའི་ཕྱོགས་ཏ་ར་ཎ་ཡིས་བཟུང་བ། རྩིག་པའི་ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་དམར་པོ་གྲུ་བཞི་ཀུན་དུ་འཁོར་བའི་བར་སྣང་དྲྭ་བའི་གསེབ་དང་ཁ་ཁྱེར་ལ་གཟུགས་ཀྱི་རྡོ་རྗེ་སོགས་གཟུངས་མ་ཁ་དོག་སྣ་ཚོགས་པས་མཆོད་རྫས་སྣ་ཚོགས་པ་ཐོགས་ཏེ་བཅོམ་ལྡན་འདས་ལ་མཆོད་པ་དང་རོལ་མོ་སྣ་ཚོགས་སྤྲིན་ལྟར་གཏིབ་པ། སྒོ་བཞིའི་མདུན་སྟེགས་བུ་གྲུ་བཞི་པའི་སྟེང་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་གསལ་བའི་མཐོང་ཁོང་རྡོ་རྗེའི་འགྲེང་རྭ་དང་བཅས་པ་ལ། རྟ་རྐང་ཆུ་སྐྱེས་རིན་ཆེན་སྒྲོམ། མ་སྐྱེས་ཐབས་ཀྱིས་ཟར་ཚགས། སྣམ་འཕྱང་ཆུན་འབྱང་ཤར་བུ་དང་། སྣ་ཚོགས་ཁྱུང་མགོ་རིམས་པར་འཁྲིགས། ཞེས་པའི་སྣམ་བུ་རིམ་པ་བརྒྱད་ལྡན། རྒྱལ་མཚན། བ་དན། འཕུར་མ། རྔ་ཡབ་དྲིལ་བུ་གཡོ་ཞིང་མཛེས་པའི་རྩེ་མོར་གདུགས་དང་པདྨའི་བར་ན་ཆོས་འཁོར་གཡས་གཡོན་རི་དྭགས་ཕོ་མོ་དང་བཅས་པ། གླང་སེང་ངང་པ་རི་དྭགས་དང་། ཁྱེའུ་ཆུང་ཀླུ་ཕྲུག་ཆུ་སྲིན་ཁྱུང་། སྒོ་ཁང་གི་རྒྱན་དགུ་དང་། འཛེགས་པའི་ཐེམ་སྐས་བརྒྱད་ལྡན། གཡས་གཡོན་གྱི་གཞི་ལ་མཁའ་འགྲོ་སོ་གཉིས་ཀྱི་གནས་ཏ་ལའི་ལྗོན་ཤིང་སོ་གཉིས་ཏེ་ཕྱོགས་རེར་བརྒྱད་རེ་ལ་གསེར་གྱི་དྲྭ་བ་སྦྲེལ་ཞིང་། གསེར་གྱི་ཙོང་ཙོང་བྲེས་བ། དེ་དང་གྲངས་མཚུངས་དཔག་བསམ་གྱི་ཤིང་མནྡྷཱར་བའི་མེ་ཏོག་བཀྲ་ཤིས་ཞིང་ཆོས་སྒྲ་སྒྲོགས་པའི་སྤྲུལ་པའི་བྱ་སྐད་སྙན་པར་སྒྲོགས་པ་གནས་པ། གསེར་གྱི་གཡེར་ཁ་འཁྲོལ་ཞིང་། བར་ན་རིན་པོ་ཆེ་སྣ་བདུན་པའི་རི་དང་། སྤྲིན་གསེབ་ན་མཆོད་པའི་ལྷ་མོ་གར་རྩེ་བ། ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩི་ཁྲུས་རྫིང་དང་། ནེའུ་སེང་སྔོན་པོའི་ཚལ། མེ་ཏོག་དཀར་པོའི་གླིང་རྣམས་ན་དད་པ་ཅན་ཆོས་ཉན་པའི་གནས་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་པའི་རྫས་སོགས་འདོད་ཡོན་གྱི་སྤྲིན་གཏིབ་པའི་ཕོ་བྲང་གི་ཟུར་བཞི་དང་། སྒོ་དང་སྒོ་ཁྱུད་ཕྱི་མཚམས་ལ་ཟླ་ཕྱེད་རྡོ་རྗེ་ནོར་བུ་འབར་བ་གནས་པའོ། ༈ །གཞལ་མེད་ཁང་ཀུན་དུ་ཡང་ནང་དུ་གྱུར་པའི་བར་ཁྱམས་གྲུ་བཞི་ཀུན་ནས་བསྐོར་བའི་གྲུ་ཆད་བཞི་ལ་གློ་བུར་མཁར་ཐབས་བཞི་ཡིས་བརྒྱན་པའི་དབུས་རྡོ་རྗེའི་ཕྲེང་བའི་ནང་འཁོར་ལོ་རྩིབས་བཞི་པ་སེར་པོ་རྩིབས་མཆན་སྔོན་པོའི་ལྟེ་བ་ཟླུམ་པོ་མཐིང་ཀ་དང་བཅས་པ། བླ་ན་མེད་པའི་རྟགས་རིམ་པ་བཞིན་རྡོ་རྗེའི་འགྲེང་བུ་རེས་སྦགས་ཤིང་། རྡོ་རྗེ་རྩེ་གསུམ་པའི་ཟླུམ་བསྐོར་ལ་བརྟེན་པ། ཤར་འཁོར་ལོ། ལྷོ་རིན་པོ་ཆེ། ནུབ་པདྨ། བྱང་རལ་གྲིའི་བརྒྱན་པའི་ཀ་བ་གཉིས་གཉིས་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲེས་ཤིང་མཛེས་པར་ཕུབ་པའི་ཀ་རྒྱན་དང་ཀ་ཞུ་ཐམས་ཅད་རིན་པོ་ཆེ་འབར་བ་ལས་བྱས་པ། ཕྱམ་ཙ་རིན་པོ་ཆེའི་གདུང་ཕྲན་ཉེར་བརྒྱད་ཕྱོགས་བཞིར་བཞི་བཞི། ཟུར་བཞིར་གསུམ་གསུམ། ཕྱམ་རྩེ་གདུང་ཐུང་ཉེར་བརྒྱད་མཐུད་པ། དེ་ཡང་བྱ་སྐྱིབས་ལྔ་ལྡན་གཞལ་མེད་ཁང་གི་ཐོག་སངས་རྒྱས་ཀྱི་གཙུག་ཏོར་ལྟར་ཟླུམ་པོར་འཁྱིལ་བའི་ཆོས་ཀྱི་སྐུ་ཡི་ཕོ་བྲང་མཆོད་རྟེན་བུམ་དབྱིབས་བྲེ་དང་ཆོས་འཁོར་འཕན་དང་ཟར་ཚགས་ཉི་ཟླ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པའི། འོག་མིན་གྱི་ཞིང་རང་སྣང་རྣམ་དག་སྟུག་པོ་བཀོད་པ། སྣང་ལ་རང་བཞིན་མ་གྲུབ་ཅིང་། བདེ་ལ་སྒྲིབ་པ་མེད་པར་གསལ་བ། གཞི་ཚད་མེད་པའི་ཡེ་ཤེས་ཆོས་ཀྱི་འཁོར་ལོའི་གདན་གྱི་ལྟེ་བ་ལ་ཕོ་བྲང་རྫོགས་པའི་སངས་རྒྱས་ཀྱི་བཀོད་པ་ཁྱད་པར་འཕགས་པའོ། །གཞལ་ཡས་དབུས་ཀྱི་ལྟེ་བ་ལ་སྨོན་ལམ་གྲུབ་པའི་གདན་མི་འཇིགས་བཞིའི་རྟགས་སེང་གེ། རྩིབས་བཞིའི་ཤར་དུ་སྟོབས་བཅུ་ལྡན་ཕྱིར་གླང་པོ། ལྷོར་རྫུ་འཕྲུལ་རྐང་བཞི། ནུབ་ཏུ་དབང་བཅུ་རྨ་བྱ། བྱང་འཕྲིན་ལས་བཞི་མཁའ་ལྡིང་རྣམས་བརྒྱད་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཛོད་མིག་བདུན་བདུན་དང་ལྡན་པ་རིན་པོ་ཆེ་འོད་འབར་བའི་ཀ་བ་ཅན། མུ་ཏིག་གི་དྲྭ་བས་ངོས་གཡོགས་ཤིང་མཛེས་པ་ཕུལ་དུ་བྱུང་བའི་སྟེང་ཡོན་ཏན་གྱིས་ཉེས་ཚོགས་བཅོམ་པའི་གདན་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་དབུས་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་རེ་རེ་སྟེ་ལྔ་བརྩེགས། གློ་འབུར་བཞི་གྲུ་ཆད་བཞི་སྟེ་བརྒྱད་དུ་རིན་པོ་ཆེའི་ཁྲི་ཆུང་དང་པད་ཉི་ཟླ་བ་བཞི་བརྩེགས། ལྷ་སྣམ་ཤར་ནུབ་དྲང་པོ་གཉིས་སུ་པདྨ་ཉི་ཟླ་གསུམ་བརྩེགས། །མཚམས་བཞི་ལྷོ་ནུབ་གཉིས་དང་དྲུག་ཏུ་པད་ཀྱང་རེ་རེ། སྒོ་བཞིར་ཉི་མ་ལ་བདུད་བཞི་དཀར་སེར་དམར་ལྗང་དང་བཅས་པ་གསལ་བར་གྱུར། སླར་ཡང་གསལ་གདབ་ཅིང་དག་པ་དྲན་པའི་ཕྱིར། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྫོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འོག་མིན་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡང་མ་ཆད་པའི། །ཡོན་ཏན་ཁྱད་པར་འཕགས་པ་ནི། །གསང་བ་ཡུམ་གྱི་བ་ག་ལ། །བཅུ་གསུམ་དབང་ཕྱུག་ལྡན་པ་ཡི། །རྡོ་རྗེ་འཆང་ཆེན་དཔག་མེད་དང་། །ཏིལ་འབྲུའི་ཚུལ་དུ་རབ་ཏུ་གནས། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཐོག་མ་ཐ་མ་དབུས་མེད་པའི། །རང་བཞིན་དོན་གྱི་འོག་མིན་ནི། །རྒྱལ་བ་ཀུན་གྱི་ཕོ་བྲང་ཕྱིར། །འདས་དང་ད་ལྟར་མ་བྱོན་པ། །རྒྱལ་བ་ཀུན་གྱི་རྟེན་པའི་གནས། ༈ །ཆོས་རྣམས་སྣ་ཚོགས་ཇི་སྙེད་པ། །དངོས་པོ་མཐའ་དག་མེད་ཕྱིར་ཟླུམ། །ཁྱབ་དང་དཔག་དང་ཚད་མེད་དང་། །ཡེ་ཤེས་བཞི་ཕྱིར་འཁོར་ལོ་བསྟན། །ཆོས་དབྱིངས་འདུ་འབྲལ་མེད་པའི་ཕྱིར། །མུ་ཁྱུད་ཟླུམ་པོས་ཀུན་ནས་བསྐོར། །སྐུ་གསུང་ཐུགས་དང་བྱིན་རླབས་དང་། །ཐུགས་རྗེ་མ་ཁྱབ་མེད་པའི་ཕྱིར། །ཡོངས་སངས་རྒྱས་པའི་དབྱིངས་སུ་བསྟན། །རང་བྱུང་ཡེ་ཤེས་མཐའ་བྲལ་བས། །ཕྱོགས་བཅུར་འགྲོ་འོང་མི་གནས་པའི། །ཚད་དང་བྲལ་བའི་སེམས་ཀྱི་ཕྱིར། གཞི་རྩ་ཚད་མེད་འཁོར་ལོར་བསྟན། །གདོད་ནས་བྱིན་རླབས་ངོ་བོའི་ཕྱིར། །མ་བསགས་ལྷུན་རྫོགས་མཛད་ཉིད་དེ། །འགྲོ་བ་རེ་འདོད་སྐོང་བའི་ཕྱིར། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །སྣ་ཚོགས་དངོས་དང་དངོས་མེད་པའི། །ཆོས་ཀུན་ངོ་བོར་རང་གནས་ཏེ། །བདག་གཞན་གཟུང་འཛིན་བྲལ་བའི་ཕྱིར། །ཕྱི་དང་ནང་བྲལ་སྒྲིབ་པ་མེད། །ཐུན་མོང་ལ་བརྟེན་ཐབས་ཀྱི་འབྲས། །ཡེ་ཤེས་ཐབས་ཀྱིས་འཕགས་པ་ཉིད། །གདུལ་བྱའི་བློ་ལ་མངོན་སྣང་བ། །གློ་འབུར་བཞི་ནི་ལྷག་པར་མཛེས། །ཐུན་མོང་ཐུན་མོང་མ་ཡིན་པའི། །གདུལ་བྱའི་རིམ་པ་མཐོ་དམན་ཀུན། །སྟོང་སྨོན་ཚད་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་བཤད། །ཐབས་མང་བསམ་གྱིས་མི་ཁྱབ་པས། །ལམ་བརྒྱད་རིམ་པར་བགྲོད་པ་ཡི། །འབྲས་བུས་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཞེན་དང་སྦང་བའི་ལམ་བྲལ་བ། །འདོད་ཡོན་ཡེ་ཤེས་ལྔར་རོལ་ཏེ། །བདག་མཆོད་ཀུན་མཉེས་ལས་འབྱུང་བས། འདོད་ཡོན་ལྷ་མོ་འཁྲིག་པར་བསྟན། །ཐབས་དང་ཤེས་རབ་ལྡན་པ་ཡི། །མ་ཆགས་ཐབས་དང་ལྡན་པ་དང་། །ཆེ་བའི་ཡོན་ཏན་ལྷུན་རྫོགས་པས། །ཉི་ཟླ་པདྨ་རིན་པོ་ཆེ། །ལས་དང་ཐུགས་རྗེ་སྨོན་ལམ་གྱི། །བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ། །སྨོན་ལམ་དབང་གིས་དེ་དག་ཏུ། །ཐོས་པ་རྒྱ་མཚོ་བསགས་ཕྱིར་གནས། ༈ །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའི་ལྡིང་གི་ཁྲི་ཆེན་ཏེ། ༈ །རང་བྱུང་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །རྩེ་མོ་ཀུན་ཏུ་ཟླུམ་པོར་འཁྱིལ། ༈ །ཚད་མེད་བཞི་ཡི་དོན་བརྩོན་ནས། །དགོས་འདོད་རེ་སྐོང་དོན་གྲུབ་ཕྱིར། ༈ །སྒོ་བཞི་གཡས་གཡོན་ལྗོན་ཤིང་དང་། །དཔག་བསམ་ཤིང་ཟུང་ཙོང་ཙོང་འཕེལ། །དྲིལ་བུ་གཡེར་ག་ཐེག་སྒྲོགས་པ། །བཀྲ་ཤིས་བྱ་སྙན་སྒྲ་སྒྲོགས་ལྡན། །ཡིད་བཞིན་རིན་ཆེན་བརྒྱད་བསྐོར་བས། །རིན་ཆེན་ཕུང་པོ་བཞི་གཉིས་ལྡན། །ཐམས་ཅད་ལ་ནི་དབང་སྒྱུར་ཕྱིར། །ལྷ་ཆེན་ཕྱོགས་སྐྱོང་བརྒྱད་ཀྱིས་བསྐོར། ༈ །གཉིས་པ་ལྷ་གསལ་བ་ལ་གསུམ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཕྱག་རྒྱའི་ཆོ་འཕྲུལ་ལོ། །དང་པོ་ནི། གཞི་ཡི་ཨ་དཀར་པོ་ལས་ཀྵཿསྔོན་པོ་བྱུང་། ཨ་དང་ཀྵའི་ཁྱད་པར་ལས་ཡི་གེ་བཞི་བཅུ་གཉིས་སུ་བྱུང་སྟེ། སོ་སོའི་གདན་ལ་འཁོད་དེ་ཐབས་ཤེས་མཚོན་པའི་ལོག་དྲང་གིས་བཞུགས་པ། དབུས་སུ་ཋ་ཐ་སྔོ། རྩིབས་བཞིའི་ཤར་དུ་ཊ་ཏ་དཀར། ལྷོར་ཌ་ད་སེར། ནུབ་ཏུ་ཌྷ་དྷ་དམར། བྱང་དུ་ཎ་ན་ལྗང་། གློ་འབུར་ཤར་ཀ་ཙ་དཀར། ལྷོར་ཁ་ཚ་སེར། ནུབ་ཏུ་ག་ཛ་དམར། བྱང་དུ་གྷ་ཛྷ་ལྗང་། གྲུ་ཆད་ཤར་ལྷོར་པ་ཡ་དཀར། ལྷོ་ནུབ་ཏུ་ཕ་ཝ་སེར། ནུབ་བྱང་དུ་བར་དམར། བྱང་ཤར་དུ་བྷ་ལ་ལྗང་། ཁྱམས་ཀྱི་ཤར་ལྷོ་ཨི་དཀར། བྱང་དུ་ཨཱི་སེར། ལྷོར་ཨུ་སེར། ནུབ་བྱང་དུ་ཨཱུ་ལྗང་སེར། ལྷོ་ནུབ་ཏུ་ཨེ་སེར། བྱང་ཤར་དུ་ཨཻ་ནག །ཤར་སྒོར་ང་ཤ་མཐིང་། ལྷོ་སྒོར་ཉ་ཥ་སེར། ནུབ་སྒོར་མ་ས་དམར། བྱང་སྒོར་ཨོ་ཨ་ཏ་ལྗང་། སླར་ཡང་ཀྵ་ཉི་ཁྱམས་ཀྱི་ཤར་དྲང་པོར་བཞུགས། ཨ་ལས་ཨ་ཞིག་བྱུང་ནུབ་དྲང་པོ་བཞུགས་གཞི་བོའི་ཨ་དེ་ཡིག་འབྲུ་ཐམས་ཅད་ལ་ཐིམ་པས་གསལ་ཞིང་འབར་ཏེ་སླར་ཡང་འོད་ཟེར་གྲངས་མེད་པ་འཕྲོས། མཁའ་ཁྱབ་འདི་གཉིས་གཅིག་ཏུ་བསྡུའང་གསུམ། མཆན། ཀྱི་འཕགས་པའི་གསུང་གི་རྒྱུད་བསྐུལ། བྱིན་བསྡུས། འགྲོ་བ་སེམས་ཅན་གྱི་ཐ་མལ་བའི་ངག་གི་སྒྲིབ་པ་སྦྱངས། སླར་འདུས་ཡིག་འབྲུར་ཐིམ་སྟེ་ཡོངས་སུ་གྱུར་པ་ལས། གཉིས་པས་ནི། དབུས་སུ་རྡོ་རྗེ་དང་དྲིལ་བུ། རྩིབས་ཀྱི་ཤར་འཁོར་ལོ་དང་དྲིལ་བུ། ལྷོར་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་པདྨ་དང་དྲིལ་བུ། བྱང་དུ་རལ་གྲི་དང་དྲིལ་བུ། གློ་འབུར་ཤར་རིན་པོ་ཆེའི་མྱུ་གུ་དང་མེ་ལོང་། ལྷོ་རུ་རལ་གྲི་དང་རིན་པོ་ཆེའི་ཕྲེང་བ། ནུབ་ཏུ་པདྨ་དཀར་པོ་དང་པི་ཝཾ། བྱང་དུ་རྡོ་རྗེ་དང་གར་གྱི་ལག་པ། གྲུ་ཆད་བཞིའི་ཤར་ལྷོར་ཀླུ་ཤིང་དང་། སྤོས་ཁང་། ལྷོ་ནུབ་ཏུ་ཆོས་ཀྱི་འཁོར་ལོ་དང་མེ་ཏོག་གི་ཕྲེང་བ། ནུབ་བྱང་དུ་རིན་པོ་ཆེའི་སྙེ་མ་དང་མར་མེ། བྱང་ཤར་དུ་ཨུཏྤལ་དང་དྲི་ཆབ། ཁྱམས་ཀྱི་ཤར་དུ་རྡོ་རྗེ་དཀར་པོ་རྩེ་ལྔ། ནུབ་ཏུ་ཆོས་འབྱུང་མཐིང་ཀ །ཤར་ལྷོར་པི་ཝཾ། བྱང་དུ་གོ་མཚོན། ལྷོར་མཁར་བསིལ་དང་ལྷུང་བཟེད། ནུབ་བྱང་དུ་ཆོས་ཀྱི་གླེགས་བམ། ལྷོ་ནུབ་ཏུ་རིན་པོ་ཆེའི་སྒྲོམ་བུ། བྱང་ཤར་དུ་མེ་ཆུ། ཤར་སྒོར་ཐོད་དབྱུག་དང་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེའི་དབྱུག་པ་དང་ཞགས་པ། ནུབ་སྒོར་པད་མའི་དབྱུག་པ་དང་ལྕགས་སྒྲོག །བྱང་སྒོར་རྒྱ་གྲམ་གྱི་དབྱུག་པ་དང་དྲིལ་བུ་རྣམས་ལས་འོད་ཟེར་གྲངས་མེད་པ་འཕྲོས། མཁའ་ཁྱབ་བདེ་བར་གཤེགས་པའི་ཐུགས་ཀྱི་རྒྱུད་བསྐུལ། བྱིན་བསྡུས། འགྲོ་བ་སེམས་ཅན་གྱི་ཐ་མལ་པའི་ཡིད་ཀྱི་སྒྲིབ་པ་སྦྱངས། སླར་ཕྱག་མཚན་ལ་ཐིམ་སྟེ་ཡོངས་སུ་གྱུར་པ་ལས། གསུམ་པ་ནི། རིགས་ལྔ་བྱ་བྱེད་སངས་རྒྱས་གདན། །ཐུབ་དྲུག་སེམས་དཔའ་སེམས་མའི་གདན། །ཁྲོ་རྒྱལ་སྒོ་བ་སྒོ་མའི་གདན། །ཅེས་པ་ལྟར་རིམ་པ་བཞིན་དུ་བསྐྱེད་དེ། ཧཱུྃ་བཛྲ་དྷྲིཀ །མཱུྃ་དྷ་ཏྭི་ཤྭ་རི་ཏི། སེམས་ཉིད་རྡོ་རྗེ་དྲིལ་བུ་ལ་སོགས་པ་སྐུ་ཕྲ་མོར་གནས་འགྱུར་བཞིན་འོད་ཟེར་གྲངས་མེད་པ་འཕྲོས། མཁའ་ཁྱབ་བདེ་བར་གཤེགས་པའི་སྐུ་ཡི་རྒྱུད་བསྐུལ། བྱིན་བསྡུས། འགྲོ་བ་སེམས་ཅན་གྱི་ཐ་མལ་པའི་ལུས་ཀྱི་སྒྲིབ་པ་སྦྱངས། སྐུ་ཕྲ་མོ་གྲངས་མེད་པ་སྤྲོ་བ་དང་བསྡུ་བ་མཛད་དེ། དབུས་ཀྱི་གདན་ལ་རང་ཉིད་བཅོམ་ལྡན་འདས་དཔལ་ཐུགས་སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་མི་བསྐྱོད་པའི་སྐུར་གྱུར་པ་ནི། རྣམ་ཤེས་ཀྱི་ཕུང་པོ་དང་ཞེ་སྡང་མ་སྤང་གནས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བའི་རྟགས་སུ་སྐུ་མདོག་མཐིང་ཀ་ཨིནྟྲ་ནི་ལ་དང་ནམ་མཁའ་འདྲེས་པའི་ལྟ་བུར་འཆོར་བ། ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་གཡོན་དམར་དབུས་སྐུ་དང་མཐུན་པ་དབུ་ར ལ་པའི་ཐོར་ཚུགས་ནག་པོ་འགྱིང་བ་རིན་པོ་ཆེའི་རྩེ་བྲན་ཅན། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་བས་ཡུམ་ལ་འཁྱུད་པ། གཡས་བར་མ་འཁོར་ལོ། ཐ་མ་ན་རིན་པོ་ཆེ། གཡོན་བར་མ་ན་པད་མ། ཐ་མ་ན་རལ་གྲི་འཛིན་པའི་ཕྱག་རྒྱ་དེ་དག་ལ་ཡེ་ཤེས་ཀྱི་མེ་འབར་བ། ཕྱི་ནང་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཞབས་མཉམ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་བར་དུ་ཡུམ་སྣང་བ་ནམ་མཁའ་རྣམ་པར་དག་པ་རྡོ་རྗེ་དབྱིངས་ཕྱུག་མ་མཐིང་ཀ །ཞལ་གཅིག་ཕྱག་གཉིས་གཡས་ཡབ་ལ་འཁྱུད་ཅིང་། གཡོན་པས་རྡོ་རྗེའི་དྲིལ་བུ་བསྣམས་པ། བརྟུལ་ཞུགས་སྐྱིལ་མོ་ཀྲུང་གིས་འཁྲིལ་བའོ། །ཨཱོཾ་ཛི་ན་ཛིཀ །ལཱྃ་དཱཻ་ཥ་ར་ཏི། འཁོར་ལོའི་རྩིབས་ཀྱི་ཤར་དུ། གཟུགས་ཕུང་དང་གཏི་མུག་བཅོས་སླད་མེད་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱུང་བའི་རྟགས་སུ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྐུ་མདོག་ཟླ་བ་ལྟར་དཀར་བ། དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་འཁོར་ལོ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་རྡོ་རྗེ་རིན་པོ་ཆེ། གཡོན་པདྨ་རལ་གྲི་འཛིན་པ། ཡུམ་སྲ་བ་ས་དག་པ་སྤྱན་མ་དཀར་མོ་གཡས་ཡབ་ལ་འཁྱུད་ཅིང་གཡོན་འཁོར་ལོའི་དྲིལ་བུ་འཛིན་པ། སྭཱ་རཏྣ་དྷྲིཀ྄ །མཱྃ་མོ་ཧ་ར་ཏི། ལྷོར་ཚོར་ཕུད་དང་ང་རྒྱལ་གསལ་སྟོང་དུ་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་རྟགས་སུ། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གསེར་བཙོ་མའི་ཁ་དོག་ཅན། སེར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རིན་པོ་ཆེ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་རྡོ་རྗེ་འཁོར་ལོ། གཡོན་པད་མ་རལ་གྲི་འཛིན་པ། ཡུམ་མཉེན་པ་ཆུ་ཁམས་དག་པ་མཱ་མ་ཀཱི་སེར་མོ་གཡས་ཡབ་ལ་འཁྱུད་ཅིང་གཡོན་རིན་པོ་ཆེའི་དྲིལ་བུ་འཛིན་པ། ཨཱོཾ་ཨཱ་རོ་ལིཀ྄ །པྱཱཾ་རཱ་ག་ར་ཏི། ནུབ་ཏུ་འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་བདེ་སྟོང་དུ་དག་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྟགས་སུ། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་པདྨ་རཱ་ག་ལྟར་དམར་བ། དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་ཕྱག་དང་པོ་གཉིས་པདྨ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་རྡོ་རྗེ་འཁོར་ལོ། གཡོན་རིན་ཆེན་རལ་གྲི་འཛིན་པ། ཡུམ་དྲོ་བ་མེ་ཁམས་དག་པ་གོས་དཀར་མོ་དམར་མོ་གཡས་ཡབ་ལ་འཁྱུད་ཅིང་གཡོན་པདྨའི་དྲིལ་བུ་འཛིན་པ། ཧཱ་པྲཛྙཱ་དྷྲིཀ྄ །ཏྃ་བཛྲ་ར་ཏི་བྱང་དུ། འདུ་བྱེད་ཀྱི་ཕུང་པོ་དང་ཕྲག་དོག་རང་གྲོལ་དུ་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་ལས་བྱུང་བའི་རྟགས་སུ། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་མརྒད་ལྟར་ལྗང་བ། ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རལ་གྲི་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་རྡོ་རྗེ་འཁོར་ལོ། གཡོན་རིན་ཆེན་པདྨ་འཛིན་པ། ཡུམ་བསྐྱོད་པ་རླུང་དག་པ་དམ་ཚིག་སྒྲོལ་མ་ལྗང་གུ་གཡས་ཡབ་ལ་འཁྱུད་ཅིང་། གཡོན་རལ་གྲིའི་དྲིལ་བུ་འཛིན་པ། བདེ་བར་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་དེ་དག་ཐམས་ཅད་ཀྱང་། གནག་སྣུམ་རལ་པའི་ཐོར་ཚུགས་འགྱིང་བ་རིན་པོ་ཆེའི་རྩེ་བྲན་གྱིས་མཛེས་པ། ཁ་སྦྱོར་སྒྱུ་མའི་བདེ་བའི་ལང་ཚོ་དར་ལ་བབ་ཅིང་། མཛེས་པ་ཐམས་ཅད་ཀྱི་ཕུལ་དུ་གྱུར་པ། ཕྱི་ནང་གི་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུ་ཆགས་པ། སྙན་གོང་གཡས་གཡོན་ཨུཏྤལ་མཛེས་ཤིང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ་ཕྱག་ཞབས་དཔུང་པའི་གདུ་བུ། མགུལ་རྒྱན། སེ་མོ་དོ། དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་དང་། ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པཎ། ཟི་ལྡིར་གར་གྱི་ཕུ་རུང་སྟེ་དར་གྱི་ཆས་གོས་ལྔ་ཡིས་ཀླུབས་པ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན་པ་སྟེ་ཞི་བའི་ཉམས་དགུས་རྒྱས་པ། ཡབ་ཡུམ་དེ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ཁ་དོག་དྲུག་ལྡན་འོད་ཟེར་བྱེ་བ་ཕྲག་དྲུག་རེ་འབར་བའི་ཀློང་ན་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ལ་ཡབ་རྣམས་མཉམ་པ་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་རོལ་པ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རྟགས་ཡབ་ཡུམ་ཞལ་སྦྱོར་དང་། འབྱུང་ལྔ་ཆོས་དབྱིངས་སུ་གཟིགས་པས་ཡབ་རྣམས་ཡུམ་ལ་གཟིགས་པ་དང་། ཕུང་ལྔ་ཡེ་ཤེས་སུ་ཤར་བས་ཡུམ་རྣམས་ཡབ་ལ་གཟིགས་པའོ། ༈ །གློ་འབུར་ལ་ནང་སེམས་བཞི་ནི། འདི་བི་མ་ལས་རྩིབས་མཆན་ལ་མཛད་ཀྱང་སློབ་དཔོན་པདྨས་གློ་འབུར་ལ་འགོད་པའི་རྗེས་སུ་དམ་པ་བདེ་བར་གཤེགས་པ་བཟང་། མཆན། ཀྵིཾ་ཧི་རཱ་ཛཱ་ཡ། ཧཱུྃ་ལཱ་སྱེ་ས་མ་སྟྭྃ། ཤར་དུ་མཐོང་བ་མིག་ཤེས་རྣམས་པར་དག་པ་བྱང་ཆུབ་ཆེན་པོ་ས་ཡི་སྙིང་པོ་དང་། ཡུལ་གཟུགས་དག་པ་ཡུམ་ལྷ་མོ་སྒེགས་མོ་མ་གཉིས་སྐུ་མདོག་དཀར་པོ་ཡབ་ཀྱི་ཕྱག་གཡས་ན་རིན་པོ་ཆེའི་མྱུ་གུ་དང་། གཡོན་དྲིལ་བུ་དཀུར་བསྟན་པ། ཡང་ན་སྐྱབ་སྦྱིན་མཛད་གསུངས། མཆན། ཡུམ་གྱིས་ཕྱག་གཡོན་ན་མེ་ལོང་འཛིན་པ། གཡས་པས་ཡབ་ལ་འཁྱུད་པ། དེ་གཉིས་ནི་རྣམ་པར་སྣང་མཛད་ཀྱི་སྐུ་དང་ཐུགས་ལས་བྱུང་བ། ཏྲཱྃ་ཨ་གརྦྷ་ཡ། ཏྲཱྃ་མཱ་ལྱེ་ས་མ་ཡ་ཧོ། ལྷོར་སྣོམ་པ་སྣ་ཤེས་རྣམ་པར་དག་པ་བྱང་ཆུབ་ཆེན་པོ་ནམ་མཁའི་སྙིང་པོ་དང་། ཡུལ་དྲི་དག་པ་ཡུམ་རིན་པོ་ཆེའི་ཕྲེང་བ་མ་གཉིས་སྐུ་མདོག་སེར་པོ། ཡབ་ཀྱི་ཕྱག་གཡས་ན་རལ་གྲི། གཡོན་དྲིལ་བུ། ཡུམ་གྱིས་ཕྱག་གཉིས་ན་རིན་པོ་ཆེའི་ཕྲེང་བ་ཐོགས་པས་ཡབ་ཀྱི་དབུ་ལ་ཐོད་བཅིང་བ། དེ་གཉིས་ནི་རིན་འབྱུང་གི་སྐུ་དང་ཐུགས་ལས་སྐྱེས་པ། ཧྲཱིཾ་ཧ་ཧཱུྃ་པདྨ་བ་ད་མ། ཧྲིཾ་གཱིརྟི་རཱ་གོ་ཧཾ། ནུབ་ཏུ་མྱོང་བ་ལྕེ་ཤེས་རྣམ་པར་དག་པ་བྱང་ཆུབ་ཆེན་པོ་སྤྱན་རས་གཟིགས་དང་། ཡུལ་རོ་དག་པ་ཡུམ་ལྷ་མོ་དབྱངས་མཁན་མ་གཉིས་སྐུ་མདོག་དམར་བ། ཡབ་ཀྱི་ཕྱག་གཡས་ན་པདྨ་དཀར་པོ་དང་། གཡོན་དྲིལ་བུ། ཡུམ་གྱི་ཕྱག་གཉིས་པི་ཝཾ་འཛིན་པ། དེ་གཉིས་ནི་སྣང་མཐའི་ཐུགས་ལས་སྐྱེས་པ། ཛྲིཾ་ཀུ་རུ་པཱ་ན་ཧྲཱིཿ ཨ་ནིརྟི་རཱ་ག་ཡཱ་མི། བྱང་དུ་ཐོས་པ་རྣ་ཤེས་རྣམ་པར་དག་པ་བྱང་ཆུབ་ཆེན་པོ་ཕྱག་ན་རྡོ་རྗེ་དང་། ཡུལ་སྒྲ་དག་པ་ཡུམ་ལྷ་མོ་གར་མཁན་མ་གཉིས་སྐུ་མདོག་ལྗང་ཀུ། ཡབ་ཀྱི་ཕྱག་གཡས་ན་རྡོ་རྗེ་དཀར་པོ་རྩེ་ལྔ་པ། གཡོན་དྲིལ་བུ། ཡུམ་གྱི་ཕྱག་གཉིས་གར་གྱི་ལག་པ་བསྒྱུར་ནས། ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་ཡབ་ཀྱི་ཞལ་དུ་སྟོབས་པ། དེ་གཉིས་ནི་དོན་ཡོད་གྲུབ་པའི་ཐུགས་དང་སྐུ་ལས་སྐྱེས་པ། ༈ གྲུ་ཆད་ཀྱི་ཟུར་བཞིར་ཕྱི་སེམས་བཞི་ནི། ཟུར་ལུགས་པ་བཤད་རྒྱུད་བཞེད་ལྟར་དཀར་སེར་སོགས་ཁྲ་བོར་མཛད་ཀྱང་། སློབ་དཔོན་པདྨའི་མན་ངག་ལ་དཀར་འབྱམས་སོགས་མཛད་པ་ཀཿཐོག་པའི་བཞེད། མཆན། མཻཾ་དྷ་ར་ཎ་སྭཱ་ཧཱ། ཛཿདྷཱུ་ཥྤ་པྲ་ཝེ་ཤ་ཡ། ཤར་ལྷོར་མཐོང་བྱེད་མིག་དབང་དག་པ་བྱང་ཆུབ་ཆེན་པོ་བྱམས་པ་མགོན་པོ་དང་། ཡུལ་འདས་པ་དཔྱིད་ཀྱི་དུས་དག་པ་ཡུམ་ལྷ་མོ་བདུག་སྤོས་མ་གཉིས་སྐུ་མདོག་དཀར་པོ། ཡབ་ཀྱི་ཕྱག་གཡས་ན་མེ་ཏོག་གི་ཕང་ཕུང་གཡོ་བའི་ཀླུ་ཤིང་དང་། གཡོན་ན་གུནྡྷེ་སྟེ་རིལ་བ་སྤྱི་བླུགས། ཡུམ་གྱི་ཕྱག་གཉིས་བདུག་སྤྲིན་འཐུལ་བའི་སྤོས་ཁང་འཛིན་པ། ཐླྷིཾ་ནིསྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨཱ་བེ་ཤ་ཡ། ལྷོ་ནུབ་ཏུ་ཐོས་བྱེད་རྣ་བའི་དབང་པོ་རྣམ་པར་དག་པ་བྱང་ཆུབ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཡུལ་ད་ལྟ་དབྱར་གྱི་དུས་དག་པ་ཡུམ་ལྷ་མོ་མེ་ཏོག་མ་གཉིས་སྐུ་མདོག་སེར་པོ་ཡབ་ཀྱི་ཕྱག་གཡས་ན་ཆོས་ཀྱི་འཁོར་ལོ་དང་། གཡོན་དྲིལ་བུ། ཡུམ་གྱི་ཕྱག་གཉིས་མེ་ཏོག་གི་ཕྲེང་བ་བསྣམས་པ། ཧཱུྃ་སྭཱ་རཱ་ཛཱ་ཡ་སྭཱ་ཧཱ། བཾ་དཱི་བ་སུ་གི་ཁི་ནཱི་རི། ནུབ་བྱང་དུ་སྣོམ་བྱེད་སྣ་དབང་རྣམ་པར་དག་པ་བྱང་ཆུབ་ཆེན་པོ་ཀུན་ཏུ་བཟང་པོ་དང་། ཡུལ་མ་འོངས་པ་སྟོན་གྱི་དུས་དག་པ་ཡུམ་མར་མེ་གཉིས་སྐུ་མདོག་དམར་པོ། ཡབ་ཀྱི་ཕྱག་གཡས་ན་རིན་པོ་ཆེའི་སྙེ་མ་དང་། གཡོན་དྲིལ་བུ། ཡུམ་གྱི་ཕྱག་གཡོན་མར་མེ། གཡས་ཡབ་ལ་འཁྱུད་པའོ། །མཱུཾ་ཤྲཱི་ཨ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། བྱང་ཤར་དུ་མྱོང་བྱེད་ལྕེ་དབང་རྣམ་པར་དག་པ་བྱང་ཆུབ་ཆེན་པོ་འཇམ་དཔལ་གཞོན་ནུ་དང་། ཡུལ་ཕྱིས་འབྱུང་བ། མ་ངེས་པའི་དགུན་དུས་དག་པ་ཡུམ་ལྷ་མོ་དྲི་ཆབ་མ་གཉིས་སྐུ་མདོག་ལྗང་གུ་ཡབ་ཀྱི་ཕྱག་གཡས་ཨུཏྤལ་དང་། གཡོན་དྲིལ་བུ། ཡུམ་གྱི་ཕྱག་གཉིས་ཀྱིས་དྲི་ཆབ་དུང་ཕོར་བསྣམས་པ། དེ་བཞི་ནི་སྣ་ཚོགས་པའི་རིགས་སམ་རྡོ་རྗེ་མི་བསྐྱོད་པའི་སྐུ་དང་ཐུགས་ལས་སྐྱེས་པའོ། །སེམས་དཔའ་སེམས་མ་དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས། མཚན་དང་དཔེ་བྱད་འབར་བ། ཞི་བའི་ཚུལ་ལྡན་ཅིང་རིན་པོ་ཆེ་དང་དར་གྱི་རྒྱན་ཐམས་ཅད་བརྒྱན་པ། འོད་ཟེར་གྲངས་མེད་པའི་ཀློང་ན། དབུ་རལ་པའི་ཐོར་ཚུགས་དང་བཅས། ཡབ་ཐམས་ཅད་ཞབས་གཡས་དང་། ཡུམ་ཞབས་གཡོན་ཅུང་ཟད་བརྐྱང་པའི་ཕྱེད་དཀྱིལ་གྱིས་ཡབ་ཡུམ་ཞལ་སྦྱོར་དུ་གནས་ཏེ་ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པུ་ལ་མས་བྱམས་པ་བཞིན་དགོངས་ཏེ་ཡེ་ཤེས་བདེ་ཆེན་སྒྱུ་མའི་རོས་སྒེགས་པ། ཡབ་ཡུམ་དེ་རྣམས་མངོན་པར་བྱང་ཆུབ་པའི་སྐུའོ། ༈ །ཁྱམས་ལ་བྱ་བྱེད་གཉིས་ནི། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨ། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨ། ཤར་དྲང་པོ་རྟོག་ཚོགས་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བས་རྒྱུད་ཐམས་ཅད་ཀྱི་བྱེད་པོ་ཡིད་རྣམ་པར་དག་པ་བཅོམ་ལྡན་འདས་ཡབ་རྡོ་རྗེ་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་མཉམ་པའི་ཕྱག་རྒྱའི་དཀྱིལ་ན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ། མཁྱེན་པའི་ཡེ་ཤེས་ཤེས་བྱའི་དངོས་པོ་ཐམས་ཅད་དབྱིངས་སུ་གཟིགས་པའི་རྟགས་ཞལ་ནུབ་ཏུ་གཟིགས་པ། ནུབ་དྲང་བོར་ཆོས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་གནས་སུ་དག་པ་བྱེད་པ་བཅོམ་ལྡན་འདས་མ་ཡུམ་ཀུན་ཏུ་བཟང་མོ་སྐུ་མདོག་དཀར་མོ་ཕྱག་གཉིས་ཆོས་འབྱུང་གི་ཕྱག་རྒྱ་བཅས་ཏེ། དབྱིངས་མཁྱེན་པ་དང་ལྡན་པའི་རྟགས་ཞལ་ཤར་དུ་གཟིགས་པ། གཉིས་ཀ་ཡང་མཉམ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། ཡབ་ཡུམ་དེ་གཉིས་ནི་ཆོས་ཀྱི་སྐུའོ། ༈ །ཁྱམས་ལ་ཐུབ་པ་དྲུག་ནི། ༀ་མུ་ནེ་ཀྲིཾ་སྭཱ་ཧཱ། ཤར་ལྷོ་རང་རྒྱལ་དག་པ་ལྷ་ཡི་ཐུབ་པ་བརྒྱ་སྦྱིན་དཀར་པོ་ཕྱག་ན་པི་ཝཾ་འཛིན་པ། ༀ་མུ་ནེ་ཧཱུྃ་ཏྲཱུྃ་སྭཱ་ཧཱ། བྱང་དུ་ཕྲག་དོག་དག་པ་ལྷ་མིན་གྱི་ཐུབ་པ་ཐག་བཟང་མཐིང་ག་གོ་ཆ་དང་མཚོན་མདུང་ཐུང་འཛིན་པ། ༀ་མུ་ནེ་སྲུྃ་སྭཱ་ཧཱ། ལྷོར་འདོད་ཆགས་དག་པ་མི་ཡི་ཐུབ་པ་ཤཱཀྱ་སེང་གེ་གསེར་བཙོ་མའི་ཁ་དོག་ཅན། བསྲེག་ཤང་དང་པར་བུ་འཛིན་པ། ༀ་མུ་ནེ་བྲེཾ་སྭཱ་ཧཱ། ནུབ་བྱང་དུ་གཏི་མུག་དག་པ་བྱོལ་སོང་གི་ཐུབ་པ་སེང་གེ་དམ་བརྟེན་སེར་ནག་ཆོས་ཀྱི་གླེགས་བམ་འཛིན་པ། ༀ་མུ་ནེ་ཀྵྃ་སྭཱ་ཧཱ། ལྷོ་ནུབ་ཏུ་སེར་སྣ་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ་སྔོན་པོ་རིན་པོ་ཆེའི་སྒྲོམ་བུ་དགོས་འདོད་འབྱུང་བ་འཛིན་པ། ༀ་མུ་ནེ་ཡེ་སྭཱ་ཧཱ། བྱང་ཤར་དུ་ཞེ་སྡང་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་སྔོན་པོ་ཕྱག་གཡས་མེ་བསྣམས་ནས་གྲང་བའི་སྡུག་བསྔལ་བསིལ་བ། གཡོན་ཆུ་ཐོགས་ནས་ཚ་བའི་སྡུག་བསྔལ་བསིལ་བར་མཛད་པ། སྐུ་མདོག་སོགས་འདི་དག་སྒྱུ་འཕྲུལ་བླ་མ་སྟེ་བཤད་རྒྱུད་ཀྱིས་རྩ་རྒྱུད་འབྲེལ་བའི་ལུགས་ཡིན། མཆན། ཀུན་ཀྱང་དབུ་གཙུག་ཏོར་དང་ལྡན་ཅིང་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། འགྲོ་བའི་དོན་ལ་བསྙེལ་བ་མི་མངའ་བར་གཞན་བདེ་བའི་དོན་མཛད་པའི་རྟགས་སུ། གདན་ལ་བཞེངས་སྟབས་ཀྱིས་རྒྱུད་དྲུག་གིས་འགྲོ་བ་སྒྲོལ་བ། ཐུབ་པ་དེ་དག་ནི་སྤྲུལ་པའི་སྐུའོ། །སྒོ་བ་བཞི་ནི། ཧཱུྃ་ཡ་མཱནྟ་ཀྲྀ་ཏྲ་ཕཊ། ༀ་མ་ཧཱ་བཛྲ་དྷ་རོ། མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ། ཤར་སྒོར་རེག་པ་ལུས་ཤེས་དག་པ་འཇོམས་པ་ཆེན་པོ་གཤིན་རྗེའི་གཤེད་དང་། རྟག་པར་མ་ཡིན་པའི་ཡུམ་མི་ཕམ་མ་གཉིས་སྐུ་མདོག་མཐིང་ནག །ཡབ་ཀྱི་ཕྱག་གཡས་ན་ཐོད་དབྱུག །ཡུམ་གྱི་གཡས་ན་ལྕགས་ཀྱུ་བསྣམས་པ། ཕུང་པོའི་བདུད་ཀྱི་གདན་ལ་རོལ་བའོ། །ཧཱུྃ་པྲཱཛྙཱནྟ་ཀྲྀ་ཏཱ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཛྭ་ལི་ནི་ཧཱུྃ་ཕཊ། ལྷོ་སྒོར་རེག་བྱེད་ལུས་དབང་དག་པ་འཇོམས་པ་ཆེན་པོ་སྟོབས་པོ་ཆེ་དང་། ཆད་པར་མ་ཡིན་པའི་ཡུམ་ཁྲོ་གཉེར་མ་གཉིས་སྐུ་མདོག་སེར་ནག་ཡབ་ཀྱི་ཕྱག་གཡས་ན་རྡོ་རྗེའི་དབྱུག་པ། ཡུམ་གྱི་གཡས་ན་ཞགས་པ་བསྣམས་པ། འཆི་བདག་གི་བདུད་ཀྱི་གདན་ལ་རོལ་པའོ། །ཧཱུྃ་པདྨནྟ་ཀྲྀ་ཏྲ་ཕཊ། ༀ་མ་ཧཱ་པདྨ་དྷ་རོ། །མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ། ནུབ་སྒོར་རེག་བྱ་དབང་ཡུལ་དག་པ་འཇོམས་པ་ཆེན་པོ་རྟ་མགྲིན་དང་། བདག་ཏུ་མ་ཡིན་པའི་ཡུམ་རོ་ལང་མ་གཉིས་སྐུ་མདོག་དམར་ནག །ཡབ་ཀྱི་ཕྱག་གཡས་ན་པདྨའི་དབྱུག་པ་སྦྲུལ་གྱིས་དཀྲིས་པ་དང་། ཡུམ་གྱི་ཕྱག་གཡས་ལྕགས་སྒྲོག་བསྣམས་པ། ཉོན་མོངས་པའི་བདུད་ཀྱི་གདན་ལ་རོལ་པའོ། །ཧཱུྃ་བིགྷྣནྟ་ཀྲྀ་ཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་རོ། མ་ཧཱ་ཀྲོ་དྷེ་ཤྭ་རི་ཛཱ་ལི་ནི་ཧཱུྃ་ཕཊ། བྱང་སྒོར་རེག་ཤེས་འདུས་བྱུང་དག་པ་འཇོམས་པ་ཆེན་པོ་བདུད་རྩི་འཁྱིལ་པ་དང་། མཚན་མར་མ་ཡིན་པའི་ཡུམ་རལ་གཅིག་མ་གཉིས་སྐུ་མདོག་ལྗང་ནག །ཡབ་ཀྱི་ཕྱག་གཡས་ན་རྡོ་རྗེ་རྒྱ་གྲམ་གྱི་དབྱུག་པ། ཡུམ་གྱི་གཡས་གསེར་གྱི་དྲིལ་ཆེན་འཁྲོལ་བ། ལྷ་ཡི་བུའི་བདུད་ཀྱི་གདན་ལ་རོལ་པའོ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད་ཅིང་མཆེ་བ་བཞི་གཙིགས་པ། ཞལ་ཕྱིར་ལྟ་བ། རྣམ་པར་འགྱུར་བའི་ཁྲོ་གཉེར་ཆུ་རླབས་ལྟར་འཁྲུགས་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། རལ་པ་གྱེན་དུ་བརྫེས་ཤིང་། ཞིང་གླང་སྟག་གི་གོས་གསུམ། སྦྲུལ་དང་ཐོད་རྒྱན་གཉིས། ཁྲག་ཞག་སྒྱུ་འཕྲུལ་ཐལ་བའི་ལུགས། ཐལ་བའི་བྱུག་པ་གསུམ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད། ཆུ་སྲིན་ཉི་ཟླ་མཆེ་བ་གཤོག་པ། རྡོ་རྗེའི་ཁྲབ་སླག་ལྕགས་མེད་པ་ལ་ཆས་བརྒྱད་དེ་བཅུ་དྲུག་གིས་བརྒྱན་པ། ཡུམ་གྱི་གཡོན་ཐམས་ཅད་ཐོད་པ་ཁྲག་གིས་བཀང་བ་ཐོགས་ཤིང་། གཞལ་ཡས་གྱི་སྒོ་ཁང་ཐམས་ཅད་ཁྲོ་བོའི་སྐུ་ལས་འཕྲོས་པའི་མེ་རི་རྡོ་རྗེ་རྩེ་ལྔའི་གཟུགས་འབར་བའི་ཀློང་ན་རྔམས་པ་ཆེན་པོས་གར་དགུས་གཏུམ་ཞིང་བདུད་བགེགས་ཀྱི་ཚོགས་རྣམ་པར་འཇོམས་ཀྱང་། ཐུགས་ཆོས་ཉིད་ལས་མ་གཡོས་པས། ཡབ་ཡུམ་དེ་རྣམས་ནི་རྡོ་རྗེ་མི་འགྱུར་བའི་སྐུའོ། །གཞལ་ཡས་ཕོ་བྲང་གི་ཕྱི་རོལ་ལ་ཏཱ་ལའི་ཚལ་དུ་མཁའ་འགྲོ་སོ་གཉིས་ལྷ་ཆེན་པོ་དཔལ་མགོན་བདུན་ཅུ་སོགས་དང་རྟ་བབས་ཀྱི་ནམ་མཁའ་རྒྱུད་སྡེ་དྲུག་གི་རྩ་གསུམ་ལྷ་དང་དབུས་མཆོད་རྟེན་གྱི་ཆོས་འཁོར་ལ་རིག་འཛིན་བླ་མ་སྤྲིན་ལྟར་འཁྲིགས་པའོ། །དེ་ལྟར་བདག་གི་དཀྱིལ་འཁོར་འདི་ན་བཞུགས་པ་བཞིན་དུ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱམ་པ་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དང་། ཆོས་ཀྱི་དབྱིངས་སེམས་ཉིད་སྒྱུ་འཕྲུལ་དྲྭ་བས་ཁྱབ་པའི་རྟེན་བརྟེན་པ་མ་ལུས་པ་སྣང་སྣོང་ཟུང་དུ་འཇུག་པར་གསལ་བར་གྱུར། སླར་ཡང་གསལ་གདབ་ཅིང་དག་པ་དྲན་པའི་ཕྱིར། གང་ཕྱིར་རྡོ་རྗེ་ཐུགས་ཆུད་པའི། །ལས་དང་སྤྱོད་པ་དཀའ་ཐུབ་དང་། །སྲིད་པའི་རི་བོས་མི་བསྐྱེད་པ། །དེ་ནི་མི་བསྐྱོད་མཆོག་ཏུ་གསུངས། །ཐབས་དང་ཤེས་རབ་འབྲེལ་བ་ཡི། །ཇི་སྙེད་སྐུ་གསུང་ཐུགས་སྣང་བ། །མེས་དང་ཐབས་ཀྱིས་ཁྱད་པར་གྱིས། །རྣམ་པར་སྣང་ཕྱིར་སྣང་མཛད་མཆོག །རྒྱལ་བ་ཀུན་གྱི་ཡོན་ཏན་ནི། །ཚོགས་རྣམས་འདུས་པའི་ངོ་བོ་ཉིད། །ཡོན་ཏན་རིན་ཆེན་ལྟར་འབྱུང་བས། །རིན་ཆེན་འབྱུང་བར་གསུངས་པ་ཡིན། །དཔག་ཏུ་མེད་པ་གསུང་གི་སྒོ། །དབང་པོ་ཐབས་ཀྱི་བྱེ་བྲག་གིས། །དོན་རྟགས་གསུང་དང་ཡི་གེའི་སྒོ། །མཐའ་ཡས་སྣང་ཕྱིར་མཐའ་ཡས་མཆོག །དཔག་མེད་ཐུགས་རྗེའི་མཛད་པ་ཡི། །འགྲོ་འོང་མེད་པའི་ཐུགས་རྗེ་ཡིས། །འགྲོ་བ་སྐྱོབས་པའི་དོན་མཛད་པ། །དོན་གྲུབ་ཅེས་ནི་རྣམ་པར་བསྟན། །རིག་པའི་རྒྱལ་པོ་འདི་དག་ཀྱང་། །ཐ་མལ་ལྔ་ཉིད་གནས་དག་ཅིང་། །དེ་ལས་ཐབས་དེས་མངོན་བྱས་པས། །དེར་དབང་བསྐུར་ཏེ་ཉིད་སྣང་བ། །རྒྱལ་པོ་ཉིད་དུ་བརྗོད་པ་ཡིན། །སྟེང་འོག་གཉིས་ལ་མངོན་གྲུབ་པའི། །སྦྱོར་དང་འཇུ་འདུལ་རླུང་གི་རིམ། །གང་དེ་ཐབས་ལས་མངོན་གྱུར་པའི། །བདེ་བའི་གཟུགས་དང་ཚོར་བ་དང་། །འདུ་ཤེས་དང་ནི་འདུ་བྱེད་དང་། །རྣམ་དག་བདག་མེད་བདེ་བའི་རོས། །དབང་བསྐུར་ཡེ་ཤེས་རྒྱལ་པོ་བཤང་། །གང་ཕྱིར་སྣང་དང་སྒོམ་དང་བྲིས། །ཕྱག་རྒྱ་རྩ་བཅུད་ཐིག་ལེའི་མདོག །དཀར་དང་དམར་དང་སེར་བ་དང་། །སྔོ་དང་ལྗང་དང་རིམ་ལྡན་པའོ། །རྒྱལ་བ་ཀུན་གྱི་བདེ་བསྐྱེད་ཅིང་། །སྤྱོད་དང་དེ་ལས་འབྱུང་བའི་ཡུམ། །ཐམས་ཅད་དེ་ལས་འབྱུང་བ་ལྔ། །ཐ་མལ་ཞེན་པ་དག་པ་དང་། །དབང་བསྒྱུར་རྒྱལ་པོ་ལྔ་རང་བཞིན། །སྲ་དང་གཤེར་དང་དྲོད་དང་བསྐྱོད། །ནམ་མཁའི་ཁམས་ཀྱི་གང་ཆེ་བ། །སྟེང་འོག་ཐབས་ལས་མངོན་གྱུར་པ། །ཡུལ་དང་ཤེས་པ་དབྱེར་མེད་ཅིང་། །ཐུགས་རྗེ་ཤེས་རབ་འབྲེལ་པ་ཡི། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་མེད་གཟིགས་པ་སྤྱན་གྱི་མཆོག །ཟག་མེད་སྟོང་པའི་བློ་ཆེན་གྱིས། །སྐྱེས་དང་བསྡུ་དང་གནས་པའི་ཕྱིར། །མཐའ་དབུས་བྲལ་བའི་དེ་བཞིན་ཉིད། །ནམ་མཁའི་དབྱིངས་ཤེས་གང་བརྗོད་པ། །ཐུན་མོང་ཐུན་མོང་མ་ཡིན་པའི། །ལས་དང་ལྟ་བ་ཉོན་མོངས་པ་དང་། །ཤེས་བྱའི་དྲི་མ་མཐའ་ཡས་པ། །རྟོག་པས་སྦྱོར་ཞིང་བསྲེག་པས་ན། །གོས་དཀར་མ་རུ་བརྗོད་པ་ཡིན། །གང་ཕྱིར་ལས་དང་ཏིང་འཛིན་དང་། །ཡེ་ཤེས་ཐུགས་རྗེ་བར་མེད་ཆུས། །གང་དང་འཁྲུ་དང་ཚིམ་བྱེད་པས། །ཆུ་ནི་མ་མཱ་ཀི་རུ་བཤད། །གང་ཕྱིར་རྟོག་དང་ཐབས་དག་དང་། །ཏིང་འཛིན་ཐབས་ཀྱིས་རླུང་དག་གིས། །བགྲོད་པ་མེད་པའི་ཞིང་ཁམས་སུ། །སྒྲོལ་བ་སྒྲོལ་མ་ཉིད་དུ་བཤད། །སྙིང་པོ་ཡེ་ཤེས་རང་བྱུང་ཉིད། །ཀུན་རྟེན་གནས་དང་ཁྱབ་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ས་ཡི་སྙིང་པོར་བརྗོད་པ་ཡིན། །རང་བྱུང་སྙིང་པོ་བྱང་ཆུབ་སེམས། །ནམ་མཁའ་ལྟ་བུར་བསམ་བརྗོད་བྲལ། །མཐའ་དབུས་སྒྲོ་བཀུར་གང་འདས་པ། །དེ་ནི་ནམ་མཁའི་སྙིང་པོ་ཉིད། །གང་ཕྱིར་ཐུགས་རྗེ་དཔག་མེད་པས། །འགྲོ་བ་ཆུ་བོ་བརྒལ་བའི་བར། །སྐྱེ་བ་མེད་ཅིང་གཟིགས་པས་ན། །སྤྱན་རས་གཟིགས་དབང་པདྨའི་གཙོ། །རྟོག་དང་དབྱེར་མེད་རྡོ་རྗེ་ཡིས། །མཐའ་ཡི་བདག་རྟོག་མཚན་མ་དག །འཇོམས་པ་ཕྱག་ན་རྡོ་རྗེ་སྟེ། །ཐུན་མོང་ཉིད་དང་ཁྱད་པར་གྱི། །གསང་བའི་རྣམ་པར་ཤེས་པ་བཞི། །ཐུན་མོང་ཡུལ་དང་ཁྱད་པར་གྱིས། །ཐབས་དང་ཤེས་རབ་འབྲེལ་བ་ལས། །མཚོན་དང་རྟོག་དང་སྒོམ་པ་ཡི། །ལྷ་མོ་བཞིར་ནི་མངོན་སྣང་བ། །བྱང་ཆུབ་སེམས་དང་བདེ་བ་དང་། །ཐབས་ཀྱི་བདེ་བས་སྒེག་པ་དང་། །ལྷ་མོ་འདི་ནི་སྒེག་མོར་བཤད། །གྲོལ་དང་མ་གྲོལ་འཁོར་བ་ཡི། །ཕྱི་ནང་སྒྲ་ཡི་བྱེ་བྲག་ཀུན། །བྲག་ཆ་ལྟ་བུར་བརྗོད་མཛད་པ། །བར་ཆད་མེད་པས་ཕྲེང་བ་དང་། །ཚིམས་པའི་ངོ་བོ་གང་བསྟན་དང་། །དྲི་དང་ལྡན་པའི་ཁྱད་པར་གྱིས། །དབྱངས་ཉིད་ཚིམས་ཤིང་ཡིད་བདེ་བས། །དེ་ཉིད་རྡོ་རྗེ་གིརྟི་མ། །རོ་ཡིས་ཁྱབ་ཅིང་གར་བསྒྱུར་ལྡན། །བདེ་བ་ཆེན་པོ་བཞི་ཡི་གར། །ཁྱབ་དང་མཛེས་དང་ཚིམས་པ་ལྟར། །མི་གནས་བཀྲོལ་བར་གར་མཁན་མ། །རྒྱན་དང་ཆགས་པའི་སྒྲ་དག་དང་། །ཡིད་ཀྱི་ཕྲེང་བ་བདེ་བའི་གར། །ལྷ་མོ་བཞི་ཡི་རང་བཞིན་ནོ། །མ་རྟོགས་འགྲོ་བ་མཐའ་ཡས་པ། །རང་བཞིན་ཐུགས་རྗེ་མཛད་པ་ཡི། །ཡོངས་ལ་ཕན་ཐོག་སྐྱོབ་པ་ནི། །འདི་ནི་བྱམས་པ་ཞེས་བྱའོ། །རྟོགས་གོམས་མཐར་ཕྱིན་ཁྱད་པར་གྱི། །ལས་དང་ཉོན་མོངས་ལྟ་བའི་རིམ། །སེལ་བ་འདི་ནི་སྒྲིབ་སེལ་ལོ། །ཐབས་དང་ཤེས་རབ་གནས་རྟོག་ན། །གང་ཕྱིར་སྒོང་ལེན་མི་གནས་པ། །ཕྱི་ནང་སྣོད་བཅུད་མ་ལུས་པ། །དབྱེ་བ་མེད་པས་ཀུན་ཏུ་བཟང་། །བདག་དང་གཞན་དུ་འཛིན་པ་ཀུན། །ཟག་པ་མེད་པའི་ཤེས་རབ་ཡིན། །ལྟ་བའི་དྲྭ་བ་སྤྱོད་པས་ན། །ཟག་མེད་ཤེས་རབ་འཇམ་དཔལ་སྐུ། །དབང་པོ་ཡི་གེ་ཐིག་ལེར་བཅས། །གནས་དང་རྟོག་དང་སྒོམ་པ་ཡི། །མངོན་དུ་སྣང་ཕྱིར་བརྗོད་པ་ཡིན། །དུས་བཞི་རིམ་པ་གཉིས་བརྒྱད་དེ། །དེ་གཉིས་བྲོད་དང་སྤྲོ་བསྐྱེད་དང་། །སྤྱོད་ཡུལ་ཕྱིར་དག་བརྗོད་པ་ནི། །དྲི་དང་ཕྲེང་བས་གང་ཚིམས་ཤིང་། །ཡིད་རྟོག་མེད་པས་རྡོ་རྗེ་དྲི། །ཕྱི་ནང་ཁྱབ་པའི་དཀྱིལ་འཁོར་ལ། །མེ་ཏོག་ཐིག་ལེ་བདེར་བཀོད་པས། །རྡོ་རྗེ་མེ་ཏོག་བླ་ན་མེད། །ཕྱི་ནང་སེམས་ལ་གནས་བཅས་པའི། །མུན་པ་བསལ་ཕྱིར་ཤེས་རབ་དང་། །ཡེ་ཤེས་སྣང་བ་བླ་ན་མེད། །རྡོ་རྗེ་གསལ་བའི་མར་མེ་མ། །ཕྱི་ནང་དཀྱིལ་འཁོར་མ་ལུས་ལ། །རང་བྱུང་ཏིང་འཛིན་བདེ་བ་ཡིས། །ཐམས་ཅད་ཁྱབ་པར་གནས་པའི་ཕྱིར། །ཁྱབ་བྱེད་རྡོ་རྗེ་དྲི་ཆབ་མ། །དེ་བཞིན་ཉིད་ལ་དགོངས་པ་ཡིན། །འཁོར་བའི་ཆོས་རྣམས་མ་ལུས་པ། །བྱང་ཆུབ་སྙིང་པོ་ཚར་བཅད་པས། །རྣམ་པར་རྒྱལ་བ་ཞེས་སུ་བརྗོད། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །གཉིས་མེད་རྟོག་པའི་གཉེན་པོ་སྟེ། །རྟོག་གོམས་དེ་ནི་འཇོགས་པས་ན། །ཡ་མནྟ་ཀྲྀཏྲ་གཤིན་རྗེ་སྟེ། །གང་ཕྱིར་འཁོར་བའི་རྒྱ་མཚོ་ལས། །ཐབས་དང་བཅས་པའི་རྫུ་འཕྲུལ་ལས། །འཇོམས་དང་སྒྲོལ་བར་མཛད་པས་ན། །རྟ་མགྲིན་རྒྱལ་པོར་དེ་བཤད་དེ། །འཁོར་བའི་བདུད་ཀྱི་དུག་ལྔ་ལས། །ཡེ་ཤེས་ལྔ་རུ་གསལ་གོམས་པས། །གཉིས་མེད་རྩི་རུ་གང་འཁྱིལ་བ། །སྒྲིབ་ཟད་བདུད་རྩི་འཁྱིལ་པར་བཤད། །གང་དུ་ལུས་དང་བཅས་པ་ཡིན། །དབང་པོ་ཡུལ་དང་རྣམ་ཤེས་རེག །རང་རྒྱུད་བཅས་པའི་ཡེ་ཤེས་ཉིད། །སྒོ་བ་རྣམ་པ་བཞི་རུ་གསུངས། །རང་རྒྱུད་རྟག་ཆད་བཟློག་པ་དང་། །གཟུང་དང་ལྷ་དང་བདེ་བ་དང་། །ཐིག་ལེ་རིག་པར་བཅས་པ་ཉིད། །གང་ཕྱིར་གནས་དག་དགུག་པ་དང་། །གང་དུ་འགྲོ་བར་མི་ནུས་དང་། །དེ་ལས་འདའ་བར་དཀའ་བ་དང་། །བསྟིམ་ནས་བདེ་བ་དྲིལ་བུ་མས། །གཟུང་དང་འཁྱུད་དང་སྡོམ་པ་དང་། །གཉིས་སུ་མེད་པས་བདེ་ཆེན་པ། །རང་ལུས་སྣང་སྲིད་བརྟན་གཡོ་ལ། །རྟོག་དང་གོམས་པའི་ཚུལ་གྱིས་སྦྱར། །དེ་དག་མ་ལུས་འདྲེན་བྱེད་པ། །རིག་པའི་རྒྱལ་པོ་ཀུན་དབྱེར་མེད། །ཀུན་གཞི་རྡོ་རྗེ་མི་ཕྱེད་པས། །ཀུན་ཏུ་བཟང་པོར་དེ་བཤད་དོ། །མ་ལུས་འདུསབྱས་མ་བྱས་ཆོས། །མ་ལུས་ཟག་མེད་ཁྱབ་པའི་དབྱིངས། །རྟོག་དང་ཤེས་དང་གང་གྱུར་པ། །ཀུན་ཏུ་བཟང་མོར་དེ་བཤད་དོ། ༈ །དམྱལ་བ་ཡི་དྭགས་བྱོལ་སོང་དང་། མི་དང་ལྷ་དང་ལྷ་མིན་ཏེ། །སོ་སོའི་གནས་དེ་གང་ཡིན་པ། །འགྲོ་བ་འདུལ་བ་སྟོན་པའི་གནས། ༈ །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྟུག་གཟི་བྱིན་འབར། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །མཐའ་དབུས་མེད་པར་ཁྱབ་པ་ཡིས། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། ༈ །མ་སྐྱེས་རིག་པ་བྱང་ཆུབ་སེམས། །དངོས་མེད་དངོས་པོའི་རང་བཞིན་དུ། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །གཡོ་དང་མ་གཡོར་བཅས་པ་ཡི། །ཕྱི་ནང་སྣོད་བཅུད་མ་ལུས་པ། །རང་བྱུང་སེམས་ཀྱི་དཀྱིལ་འཁོར་ཉིད། །རང་བཞིན་གནས་དང་རྟོགས་པ་དང་། །བསམ་དང་དམིགས་དང་གོམས་པ་ཡི། །སྐུ་གསུང་ཐུགས་དང་མཚན་མ་དང་། །ལྷ་དང་ལྷ་མིན་གསང་བ་དང་། །ཤ་ཟ་འབྱུང་པོ་མིའམ་ཅི། །གྲུལ་བུམ་ཡི་དྭགས་ཀླུ་རྣམས་དང་། །རྒྱུ་བ་སྲོག་ཆགས་མ་ལུས་དང་། །རྩི་ཤིང་གེལ་བ་འབྲས་བུ་དང་། །ཕུན་སུམ་ཚོགས་པ་མ་ལུས་དང་། །མ་བཅོས་དོན་གྱི་ལྷ་ཉིད་དེ། །བྱང་ཆུབ་སེམས་སུ་ཁྱད་པར་མེད། ༈ །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །འཇིག་རྟེན་འདས་པ་དཀྱིལ་ཡིན་ཏེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་བཤད། །རིག་པའི་དོན་ཉིད་དཀྱིལ་ཉིད་དེ། །ཆོ་འཕྲུལ་རང་བྱུང་འཁོར་དུ་གསུངས། ༈ གཉིས་པ་དབང་བསྐུར་བའི་ཕྱིར་ཐུགས་སྲོག་བཀོད་པ་དང་། དེ་ལ་དབང་བསྐུར་བའོ། །དང་པོ་ནི། དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀའི་དབུས་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་སྤངས་པ་རེའི་ཐུགས་ཀར་རང་རང་གི་ཕྱག་མཚན་ལྟེ་བར་ཡབ་ཐམས་ཅད་ལ་ཉི་མ་དང་། ཡུམ་ཐམས་ཅད་ལ་ཟླ་བའི་སྟེང་རིགས་ལྔ་སེམས་དཔའ་ཡབ་ཡུམ་ཀུན་བཟང་བཅས་ལ། ཧཱུྃ་མཱུྃ། ཨཱོཾ་ལཱྃ། སྭཱ་མཾ། ཨཱོཾ་པཱྃ། ཧཱ་ཏཱྃ། ཀྵཱྃ་ཧཱུྃ། ཏྲཱྃ་ཏྲཱྃ། ཧྲཱིཾ་ཧྲཱིཾ། ཛྲིཾ་ཨ། མཻཾ་ཛཿ ཐླྷིཾ་ཧཱུྃ། ཧཱུྃ་བྃ། མཱུྃ་ཧཱོ། ཧཱུྃ་ཨཿ རྣམས་དང་། ཐུབ་དྲུག་ཀྲེཾ་ཏྲུྃ་སྲུྃ་པྲེཾ་ཀྵཾ་ཡེ་དང་། སྒོ་བ་ཡབ་བཞིར་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཡུམ་ལ་ཛཿཧཱུྃ་བྃ་ཧྃཿརྣམས་ཀྱི་མཐར་རང་རང་གི་བཟླས་བྱའི་སྔགས་ཀྱིས་མཚན་པ་གསལ་བར་གྱུར། གཉིས་པ་ནི། ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་ༀ་བཛྲ་ས་མཱ་ཛཿ དེ་དག་ཀུན་ཀྱང་ཐབས་དང་ཤེས་རབ་དབྱེར་མེད་པས་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་བདག་ལ་དབང་བསྐུར། དྲི་མ་ཐམས་ཅད་དག །ཕུང་པོ་ལྔ་རིགས་ལྔ་དང་། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གནས་འགྱུར། གཙོ་བོ་བྱ་བྱེད་ཡབ་ཡུམ། ཐུབ་དྲུག་བཅས་ལ་མི་བསྐྱོད་པ་རྣམ་སྣང་། ས་སྙིང་བྱམས་པ། གཤིན་རྗེ་གཤེད་ཡབ་ཡུམ་རྣམས་ལ་རྣམ་སྣང་། རིན་འབྱུང་། ནམ་སྙིང་། སྒྲིབ་སེལ། སྟོབས་པོ་ཆེ་ཡབ་ཡུམ་རྣམས་ལ་རིན་འབྱུང་། སྣང་མཐའ། སྤྱན་གཟིགས། ཀུན་བཟང་། རྟ་མགྲིན་ཡབ་ཡུམ་རྣམས་ལ་སྣང་མཐའ། དོན་གྲུབ། ཕྱག་རྡོར། འཇམ་དཔལ། བདུད་རྩི་འཁྱིལ་བ་ཡབ་ཡུམ་རྣམས་ལ་དོན་གྲུབ་རྣམས་ཞལ་གཅིག་ཕྱག་གཉིས་རང་རྟགས་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་ཐུགས་ཀར་བསྣོལ་བ་ལོངས་སྐུའི་ཆ་བྱད་ཅན་རེས་བདག་པོར་བྱས་པའི་རིགས་ལྔ་ལྔས་དབུ་བརྒྱན་པར་གྱུར། ཕྱག་རྒྱ་མཛུབ་སྲིན་ཐེབ་ཆེ་ཆུང་བཅས་སོ་སོར་བརྐྱང་པ་སྤྱི་བོ། དཔྲལ་བ། རྣ་ལྟག་གཡས། རྒྱབ་གཡོན་རྣམས་སུ་བཞག་སྟེ། ༀ་མ་ཧཱ་ཤྲུ་ནྱ་ད་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མ་ཏྭ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནི་མི་བསྐྱོད་པ་གཙོ་བོའོ། །ༀ་མ་ཧཱ་ཨཱ་དཪྴ། ཤྲཱུ་ནྱ་ཏ། ས་མ་ཧཱ། པྲ་དྱ༴ ཀྲི་ཏྱཱ༴ རྣམས་རྣམ་སྣང་གཙོ་བོ། ༀ་མ་ཧཱ་ས་མ་ཏཱ། ཨཱ་དཪྴ༴ ཤྲཱུ་ནྱ་ཏ༴ པྲ་ཏྱ༴ ཀྲྀ་ཏྱཱ༴ རྣམས་རིན་འབྱུང་གཙོ་བོ། ༀ་མ་ཧཱ་པྲ་ཏྱཱ༴ ཨཱ་དཪྴ༴ ས་མ་ཏཱ༴ ཤྲཱུ་ནྱ་ཏྱ༴ ཀྲྀ་ཏྱཱ༴ རྣམས་སྣང་མཐའ་བདག་པོ་དང་། ༀ་མ་ཧཱ་ཀྲྀ་ཏྱཱ༴ ཨཱ་དཪྴ༴ ས་མ་ཏཱ༴ པྲ་ཏྱ༴ ཤྲཱུ་ནྱ་ཏ༴ རྣམས་དོན་གྲུབ་གཙོ་བོར་བྱས་པ་སྟེ་ལྔ་ཚན་ལྔའོ། །རྟགས་དེ་དག་གིས་དོན་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཆོས་ཉིད་ལས་མ་གཡོས་པ་དང་། འགག་པ་མེད་པར་རང་སྣང་བ་དང་། ཡེ་ནས་དབྱེར་མེད་པ་དང་། གདུལ་བྱའི་མོས་པ་དང་མཐུན་པར་འཇུག་པ་དང་། དོན་གཉིས་ཕུན་སུམ་ཚོགས་པ་རྣམས་མཚན་པའོ། །གསུམ་པ་ཡིན་གྱི་བརླབ་པའི་ཆོ་འཕྲུལ་བའི་རྡོ་རྗེ་ལྔར་བྱེད་པ་དང་། དམ་ཡེ་དབྱེར་མེད་དུ་བྱེད་པའོ། །དང་པོ་ནི། རྡོ་རྗེ་རྩེ་ལྔ་པའི་རྒྱ་གནས་ལྔར་གཏུགས་ཏེ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཱཀཱ་ཡ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཝཱ་ཀ྄་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐ་ག་ཏཱ་མ་ཧཱ་པུ་ཙ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ལྷ་ཚོགས་ཐམས་ཅད་ཀྱི་དུང་ཁང་གི་ནང་དུ་ཟླ་བ་ལ་གནས་པའི་ཨཱོཾ་དཀར་པོ། མགྲིན་པར་ལྗགས་པདྨ་ལ་གནས་པའི་ཨཱཿདམར་པོ། ཐུགས་ཀར་གཡས་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་མཐིང་སྔོན། ལྟེ་བར་རིན་པོ་ཆེ་ཟུར་བརྒྱད་ལ་གནས་པ་སྭཱ་སེར་པོ། གསང་བར་ཆོས་འབྱུང་གྲུ་གསུམ་ལ་གནས་པའི་ཧཱ་ལྗང་གུ་རྣམས་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་བསྐུལ། རྡོ་རྗེ་ལྔའི་ལྷ་ཚོགས་མི་ཟད་རྒྱན་གྱི་འཁོར་ལོ་ནམ་མཁའ་གང་བར་བྱོན། ཡི་གེ་རྣམས་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གོ་འཕང་གི་ཆོས་ལྔ་དང་ཐ་མི་དད་པར་གྱུར། ཡི་གེ་རྣམས་འོད་དུ་ཞུ་བ་ལས། སྐུ་རྡོ་རྗེ་དཀར་པོའི་འཁོར་ལོ་དང་དྲིལ་བུ་ཅན། ཐུགས་ཀར་འཁོར་ལོ་ཨཱོཾ་གྱིས་མཚན་པ། གསུང་རྡོ་རྗེ་དམར་པོ་པདྨ་དང་དྲིལ་བུ་ཅན། །ཐུགས་ཀར་པདྨ་ཨས་མཚན་པ། ཐུགས་རྡོ་རྗེ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་ཅན། ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན་པ། ཆགས་པའི་རྡོ་རྗེ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་ཅན། ཐུགས་ཀར་རིན་པོ་ཆེ་སྦཱས་མཚན་པ། མཆོད་པའི་རྡོ་རྗེ་ལྗང་ཀུ། རལ་གྲི་དང་དྲིལ་བུ་ཅན། ཐུགས་ཀར་རལ་གྲི་ཧས་མཚན་པ་རྣམས་ཀྱི་གནས་ལྔར་རྒྱས་བཏབ་པར་གྱུར། སླར་ཡང་ང་རྒྱལ་བཟུང་བའི་ཕྱིར། དེ་ལྟར་རྟོགས་པའི་རྣལ་འབྱོར་བས། །དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྟོགས་པས་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །དཀྱིལ་འཁོར་ཀུན་དུ་རབ་སྦྱར་བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། ༈ །གཉིས་པ་ལ་སྙན་གསན་དབབ་པ་དང་། སྤྱན་དྲང་བ་དངོས། རིག་པའི་མེ་ཏོག་གི་འཇུག་པ། དངོས་གྲུབ་བསྐུལ་ཏེ་བསྟིམ་པའོ། །དང་པོ། ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད། དགོངས་པ་ཆོས་སྐུ་ལས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར། གཟུགས་སྐུ་བཞི་བཅུ་རྩ་གཉིས་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་མངོན་སུམ་བཞུགས་པར་གྱུར། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེས་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །རྡོ་རྗེ་གནོད་སྦྱིན་ཕྱག་རྒྱ་བཅས། ༀ་བཛྲ་ས་མ་ཛ་ཧཱུྃ་ཛ། གཉིས་པའི་ལྕགས་ཀྱུའི་རྒྱ་བཅས། ཧོཿ ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གཤེགས། །ཡེ་ཤེས་རྒྱ་མཚོ་རྣམ་པར་རོལ་པའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །ཚོགས་ཆེན་གཉིས་རྫོགས་ཐུགས་དམ་དབྱིངས་ཀྱི་ལྷ། །ལོངས་སྤྱད་རྫོགས་མཛད་རོལ་པ་ཆེན་པོའི་སྐུ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཐབས་ཀྱིས་མ་རྨོངས་བདེ་ཆེན་དབྱིངས་ནས་བཞེངས། །ཡེ་ཤེས་སྒྱུ་མ་རྣམ་པར་རོལ་པའི་སྐུ། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི་གནས། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པས། །བདེར་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །ༀ་ཨེ་ཧྱ་ཧཱི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿ ཞེས་སྤོས་དང་རོལ་མོ་ཕུལ། ༀ་ཐུགས་རྗེས་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉ་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣལ་གྲོལ་དགྱེས་པ་བསྐྱེད། །ཅེས་བསྐུལ་བས་ངོ་བོ་ལ་བྱོན་བཞུད་མེད་ཀྱང་གདུལ་བྱའི་དོན་དུ་གཤེགས་པའི་ཡེ་ཤེས་པ་དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྲེལ་དུ་བཞུགས་པ་ལ། གསུམ་པ་ལ། ༀ་བཛྲ་ས་མ་ཨཱོཾ། ཨྃ་བཛྲ་ས་མ་ཨྃ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་གསོལ་བཏབ་པས་རང་བཞིན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེར་མེད་དུ་བྱས། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་སྟཾ། ༀ་བཛྲ་ས་མ་ཡ་ཧོཿ ཞེས་དབྱེར་མེད་དུ་བྱས་པ་དེ་ཡང་བརྟན་པར་བྱས། རིན་ཆེན་སེང་གེའི་ཁྲི་ལ་ཡང་དག་ངེས་བཞུགས་ཤིང་། རང་གི་ལྷ་མོ་དག་དང་སྲས་དང་གཡོག་འཁོར་བཅས་པ་རྣམས། ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། འཇིག་རྟེན་ལྷ་དང་བཅས་པ་རྣམས་ལ་ཕན་ཕྱིར་བཞུགས་སུ་གསོལ། སྟོབས་ཀྱི་གླང་པོའི་ཁྲི་ལ་ཡང་། རང་གི་ལྷ་མོ་ཀུན་ཏུ་བཟང་། འཇིག་རྟེན༴ རྫུ་འཕྲུལ་རྟ་ཡི་ཁྲི་ལ༴ རང་གི་ལྷ་མོ༴ ཀུན་ཏུ་བཟང་པོའི༴ འཇིག་རྟེན༴ དབང་བཅུ་རྨ་བྱའི་ཁྲི༴ རང་གི་ལྷ་མོ༴ ཀུན་ཏུ་བཟང་པོའི༴ འཇིག་རྟེན༴ ཐོག་མེད་མཁའ་ལྡིང་ཁྲི་ལ༴ རང་གི༴ ཀུན་ཏུ་བཟང་༴ འཇིག་རྟེན༴ ཀཱ་ཡ་ཝཱཀ་ཙིཏྟ་ཏིཥྛ་བཛྲ། བཞི་པ་མཆོད་པའི་ཆོ་འཕྲུལ་གྱི་སྡོམས་ནི། ཕྱག་དང་ཀུན་བཟང་ཕྱི་ལ་གསུམ། ཕྱག་རྒྱ་གར་མཆོད་ཕུལ། ཚོགས་མཆོད། སྦྱོར་སྒྲོལ་སྨན་གཏོར་དེ་ཁོ་ན། །ཡོན་ཏན་བསྟོད་པ་བཤགས་དམ་བླང་། །ཞེས་པ་ལྟར་བཅུ་གསུམ་ལས། དང་པོ། རང་གི་ཐུགས་ཀ་ནས་ཕྱུང་བའི་སྤྱན་མ་ལ་སོགས་པའི་ལྷ་མོ་སྒོ་བཞིར་འཁོད་ནས་ཕྱག་དང་མཆོད་པའི་ལས་རིམ་ལ་འཇུག་པར་གྱུར། འོག་མིན་ཞིང་གཤེགས་ཡང་དག་ཆོས་སྐུའི་དོན། །ཇི་བཞིན་གཟིགས་ཀྱང་གདུལ་བྱ་མི་འདོར་བའི། །ཐུགས་རྗེ་ཐབས་ཀྱི་བྱེ་བྲག་རྣམ་པར་སྤྲོ། །རབ་འབྱམས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེས་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ༴ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོར་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། །རིགས་ལྔ་བདེ་བར་གཤེགས་ལ༴ མཛེས་པའི་སྐུ་མཆོག་སེམས་ཅན་སྒྲོལ་ལ་མཁས། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །ཤེས་རབ་ཐབས་ཀྱིས་གཙོ་ལ་མཉེས་མཛད་མ། །རིགས་ཀྱི་ཡུམ་རྣམས་ལ་ཡང་༴ ཐབས་མཁས་ཐུགས་རྗེས་ཡེ་ཤེས་སྤྲུལ་པའི་སྐུ། །རིགས་ལྔ་རྣལ་འབྱོར་གྲུབ་པའི་ས་བརྙེས་པ། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །སེམས་དཔའ་སེམས་མ་རྣམས་ལ༴ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱིས། །ཉོན་མོངས་ལོག་པར་ལྟ་བའི་དགྲ་རྣམས་འཇོམས། །གཤིན་རྗེ་གཤེད་པོ་ལ་སོགས་ཁྲོ་བོ་བཞི། །སྒོ་བ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང་། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་གཉིས༴ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱང་། །བཅོམ་ལྡན་ཐུབ་པ་དྲུག་ལ༴ དམིགས་མེད་ཆོས་ཀྱི་སྐུ་ལ༴ ལོངས་སྤྱོད་རྫོགས་པའི་སྐུ༴ ཅིར་ཡང་སྤྲུལ་པའི་སྐུ༴ མི་འགྱུར་རྡོ་རྗེའི་སྐུ༴ མངོན་པར་བྱང་ཆུབ་སྐུ༴ ཁམས་གསུམ་ཞིང་དུ་སྦྱོར༴ ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ གཉིས་པ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱལ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀྱི། །སྤྱོད་པ་རྒྱ་མཚོ་རྨད་བྱུང་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མ་སྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱེཿ སརྦ་ཏྤ་ཏྤཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འབྱུང་བ་ཀུན་ལས་ནམ་མཁའ་ནི། །འབྱུང་བ་ཆེན་པོ་ལྔ་པ་སྟེ། །ནམ་མཁའ་ལས་ནི་འདོད་པ་འབྱུང་། །འདོད་པའི་མཆོད་པ་གྲུབ་གྱུར་ཅིག །ༀ་པ་ན་པེ་པེ་ནུ་སུ་ར་ཏོ། །ཏི་པུ་པ་ར་མུ། སརྦ་ཏཱ་ཐ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་སརྦ་ཏཱ་ཐཱ་ག་ཏ་ག་ག་ན་པུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གསུམ་པ་ལ་དངོས་འབྱོར་འདོད་ཡོན་དང་། ཡིད་སྤྲུལ་འདོད་ཡོན། དེ་བཞིན་ཉིད་ཀྱི་འདོད་ཡོན་ནོ། །དང་པོ་སྤྱིར་འབུལ་བ་དང་། བྱེ་བྲག་གོ། །དང་པོ། ཐོས་བསམ་མཆོད་ཡོན་ཞབས་བསིལ་སྒོམ་རླབས་གཡོ། །ཏིང་འཛིན་བདུག་པ་རྣམ་གྲོལ་མེ་ཏོག་འཕྲོ། །ཤེས་རབ་མར་མེ་དྲི་ཆུ་ཚུལ་ཁྲིམས་མཚོ། །བདུད་རྩི་མྱ་ངན་འདས་མཆོད་རོལ་མོའི་བཅུད། །བླ་མ་མཆོག་དང་མི་བསྐྱོད་རྡོ་རྗེ་གཙོ། །དཔལ་ལྡན་སྒྱུ་འཕྲུལ་བདེ་བའི་དཀྱིལ་འཁོར་ལ། །གུས་པས་འབུལ་ན་བདག་གཞན་སེམས་ཅན་ཀུན། །རྣམ་པར་ཐར་པ་བརྒྱད་ལ་མངའ་བརྙེས་ཤོག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་དེ་ཝསྱ་མཎྜལ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་ནས། ཤབྟ་པྲ་ཏིཙྪ་སྭཱ་ཧཱ། སོ་སོའི་ཕྱག་རྒྱ་བཅས། གཉིས་པ་ལ་རྣམ་བདུན་དང་། འདོད་ཡོན་དངོས་སོ། དང་པོ། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་སླད་དུ། ། རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨ་ཧ་ར་ཨ་ཧ་ར་སརྦ་བིརྻ་དྷཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ༀ་ཧཱུྃ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབ། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷཱུཥྤེའི་མཆོད་པར་རོལ། །ༀ་ཤྲཱི་བཛྲ་ར་ག་དྷཱུ་ཥྤེ་ཧཱུྃ། ཨུཏྤལ་མཐིང་ཀ་མེ་ཏོག་འཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་པུཥྤེའི་མཆོད་པར་རོལ། ༀ་ཤྲཱི་བཛྲ་ར་ག་པུཥྤེ་པུ། དབང་གི་ཕྱག་ནི་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་མཚན་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ལོ་ཀའི་མཆོད་པ་རོལ། །ༀ་ཤྲཱི་བཛྲ་རཱ་གཱ་ལོ་ཀེ་དྷྲཱིཿ ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་ཐབས་དང་ཤེས་རབ་ལ། །བཛྲ་གནྡྷེའི་མཆོད་པར་རོལ། །ༀ་ཤྲཱི་བཛྲ་ར་ག་གནྡྷེ་གན། །མྱ་ངན་འདས་མཆོག་རང་བཞིན་བས། །བཅུད་ལེན་བྲོ་མཆོག་ཞལ་ཟས་འདི། །བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་གྲུབ་མཆོག་སྩལ་དུ་གསོལ། །ༀ་བཛྲ་ནཻ་ཝི་ཏྱ་ཨཱ་ཧཱུྃ། དེ་ནས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ན་མོ་རཏྣ་ཏྲཱ་ཡ་ཡ། ན་མོ་བྷ་ག་ཝ་ཏེ་བཛྲ་ས་ར་སོགས་དང་། ༀ་བཛྲ་གཎྜེ་དྷརྨ་ར་ཎི་ཏ། སོགས་ཀྱིས་རོལ་མོ་དབུལ། གཉིས་པ་ནི། དུང་མདོག་སྒེགས་མོ་རྡོ་རྗེའི་སྤྱན། །སེམས་དཔའ་སྔོན་མོའི་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལ། །བཛྲ་སྱའི་མཆོད་པར་རོལ། །ༀ་བཛྲ་ལ་སྱ་ཧཱུྃ། ཡིད་བཞིན་རིན་ཆེན་གཙུག་ཁྲོ་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས། །བཛྲ་མཱ་ལྱེ་མཆོད་པར་རོལ། །ༀ་བཛྲ་མ་ལཱེ་ཏྲཾ། པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་དབང་དངོས་གྲུབ་འཛིན། །སོ་སོར་རྟོག་པའི་ཡེ་ཤེས་ལས། །བཛྲ་གིརྟིའི་མཆོད་པར་རོལ། །ༀ་བཛྲ་གིརྟི་ཧྲཱིཿ གར་མཁན་འགྱིང་བག་གཟི་ལྡན་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན་ཡེ་ཤེས་ལས། །བཛྲ་ནིརྟིའི་མཆོད་པར་རོལ། །ༀ་བཛྲ་ནིརྟི་ཨཱཿགཉིས་པ་ནི། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དམ་ཚིག་ཆེན་པོ་དམ་པ་གྲུབ་པར་མཛོད། །ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་གྲུབ་པར་མཛོད། །ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །མཆོད་པ་ཆེན་པོ་དགའ་བ་དག་པར་མཛོད། །ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །མཆོད་པ་ཆེན་པོ་བཏང་སྙོམས་གྲུབ་པར་མཛོད། ༈ །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཤིང་། །མཉེན་འཇམ་རེག་ན་བདེ་བ་ཡིས། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །ཏྲཾ། དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །བྷྲཱུྃ། རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །ཧྲཱིཿ གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །ཏྲཱི། བླ་བྲེ་རྒྱལ་མཚན་ན་བཟའ་བདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །ཨཱཿ བཟའ་དང་བཏུང་བའི་མཆོག་རྣམས་ཀྱི། །རང་ལ་མཛེས་པར་རྒྱན་པ་ཡི། །ལྷ་དང་ལྷ་མོའི་རྡུལ་སྙེད་ཀྱིས། །བྲོ་གར་གླུ་ཚིག་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བསྐངས་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །གསུམ་པ་ནི། སྤྲུལ་པའི་འཁོར་ལོར་རྣམ་རྟོག་སྤོས་རིང་ནི། །གཏུམ་མོས་བསྲེགས་པའི་དགའ་བ་རྡོ་རྗེ་མ། །ཨིནྡྲ་ནཱི་ལ་ལྟར་སྔོ་བདེ་བའི་དྲོད། །རབ་འབར་སྤྲིན་དུ་འཐུལ་བས་བླ་མ་མཆོད། །ༀ་བཛྲ་དྷཱུཥྤེ་གྲྀཧྞ་ཧཱུྃ། ༈ ཚངས་པའི་འཁོར་ལོར་ཀུནྡའི་པད་དཀར་ནི། །རྣམ་པར་འཐོར་བ་མཆོག་དགའ་རྡོ་རྗེ་མ། །གསེར་སྦྱང་ལྟར་མཛེས་ཧྃ་ཟེའུ་འབྲུ། །ཡས་འབབ་སྒྱུ་མའི་སྒེགས་པས་བླ་མ་མཆོད། །ༀ་བཛྲ་པུཥྤེ་གྲྀ་ཧྞ་ཧཱུྃ། ༈ ཆོས་ཀྱི་འཁོར་ལོར་གཟུང་འཛིན་མུན་པའི་གཤེད། །ཟག་མེད་སྣང་གསལ་དགའ་བྲལ་རྡོ་རྗེ་མ། །བྱེ་རུའི་མདངས་འཛིན་མི་ཤིག་ཐིག་ལེའི་འོད། །ལྔ་འདྲིས་སྐུ་གསུམ་རང་གསལ་བླ་མར་མཆོད། །ༀ་བཛྲ་ཨ་ལོ་ཀེ་གྲྀ་ཧྞ་ཧཱུྃ། ༈ །བདེ་སྐྱོང་འཁོར་ལོར་བདེ་ཆེན་དྲི་བཟང་པོ། །བརྗོད་བྲལ་ལས་ཤར་ལྷན་སྐྱེས་རྡོ་རྗེ་མ། །མ་རྒད་ལྟར་ལྗང་མས་བརྟན་བྱུགས་པའི་ཆབ། །བདེ་སྟོང་ལང་ཚོའི་འགྱུར་བས་བླ་མ་མཆོད། །ༀ་བཛྲ་གནྡྷེ་གྲྀ་ཧྞ་ཧཱུྃ། ལོངས་སྤྱོད་འཁོར་ལོར་རླུང་སྔགས་ནཱ་དའི་སྒྲ། །སྟོང་ཉིད་ངང་ན་སྒྲོགས་པའི་རོལ་མོའི་སྤྲིན། །རྡོ་རྗེའི་ལུས་ཀྱི་ཞིང་ཁམས་རྒྱ་མཚོ་ན། །སངས་རྒྱས་རྒྱལ་མཚོ་རྟག་ཏུ་མཉེས་ཕྱིར་འབུལ། ༈ །དྷུ་ཏིའི་དབུས་སུ་གཉིས་འཛིན་རྟོག་པའི་རོ། །གཉིས་མེད་མྱང་བ་བསམ་མི་ཁྱབ་བདེ་ཡིས། །ཀུན་བཟང་ངང་ཚིམས་ཞལ་ཟས་བཀོད་པ་བཅས། །བླ་མ་མི་བསྐྱོད་རྡོ་རྗེ་མཉེས་ཕྱིར་འབུལ། ༈ །བཞི་པ་ཕྱག་རྒྱ་ལ་རྟོགས་པ་ལྟ་བ་དང་། མ་འགག་བརྟགས་ཀྱི་ཕྱག་རྒྱའོ། །དང་པོ་ནི། ཧཱུྃ། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དབང་པོའི་ཡུལ་དུ་གང་གྱུར་པ། །ཐབས་དང་ཤེས་རབ་ལྡན་འགྱུར་ཞིང་། །མཉམ་པའི་ངང་ཉིད་རྟོགས་གསལ་ན། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གཉིས་པ་ནི། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམ་ན། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །འདི་ནི་སྤྱི་རྒྱ་ཆེན་པོ་སྟེ། །བླ་མེད་ཆེན་པོས་འདི་སྐད་གསུངས། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའ་འོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་འཕྲོས་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། ༈ །ༀ་དང་མུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཕྱག་རྒྱའི་བཅའ་ཚུལ་དང་། ཕྱག་རྒྱ་བཞིའི་དོན་ཤེས་པས། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཧཱུྃ་བཛྲ་དྷྲིཀ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུྃ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །མཱུྃ་དྷཱ་ཏྭཱ་ཤྭ་རི། འབྲུ་བཞི༴ ༀ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ༴ འཁྲིལ་བའི༴ ཨཱོཾ་ཛི་ན་ཛིཀ །འབྲུ་བཞི༴ ལཱྃ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ༴ བཏུད་དེ་འཛུམ༴ ལཱྃ་དྭཻ་ཥ་ར་ཏི། འབྲུ་བཞི༴ སྭཱ་སྒྲེང་རྩེ་མོར་རིན་ཆེན་འབར། ཟླ་བརྟུལ༴ འཁྲིལ་བའི༴ སྭཱ་རཏྣ་དྷྲཱིཀ྄ །འབྲུ་བཞི༴ མཱྃ་སྒྲེང་རྩེ༴ ཉི་མ་འབྲུ་ལྔ༴ བཏུད་དེ༴ མཱྃ་མོ་ཧ་ར་ཏི། འབྲུ་བཞི༴ ༀ་སྒྲེང་རྩེ་མོར་པདྨ་འབར། །ཟླ་བརྟུལ༴ འཁྲིལ་བའི༴ ཨཱོཾ་ཨ་རོ་ལྀཀ྄ །འབྲུ་བཞི༴ པྱྃ་སྒྲེང་༴ ཉི་མ༴ བཏུད་དེ༴ པྱྃ་རཱ་ག་ར་ཏི། འབྲུ་བཞི་༴ ཧ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བརྟུལ༴ འཁྲིལ་བའི༴ ཧཱ་པྲཛྙཱ་དྷྲིཀ྄ །འབྲུ་བཞི༴ ཏཱྃ་སྒྲེང་རྩེ༴ ཉི་མ༴ བཏུད་དེ༴ ཏཱྃ་བཛྲ་ར་ཏི། ༈ །རྡོ་རྗེ་རིན་ཆེན་ཐུགས་ཀར་འཛིན། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །ས་ཡི་སྙིང་པོའི་ཕྱག་རྒྱ་ཡིན། །ཀྵིཾ་ཧཾ་རཱ་ཛཱ་ཡ། རྡོ་རྗེ་རིན་ཆེན་ཁུ་ཚུར་བཅས། །སྐུ་ཡི་ཐད་ཀར་བཟུང་བ་དང་། འཛུམ་པའི༴ སྒེ་མོའི་ཕྱག་རྒྱ་ཡིན་པར་བཤད། །ཧཱུྃ་ལཱ་སྱེ་ས་མ་ཡ་སྟཾ། །རྡོ་རྗེ་རལ་གྲིའི་ཐུགས་ཀ་ནས། །རིན་ཆེན་དྲིལ༴ འཛུམ་པའི༴ ནམ་མཁའི་སྙིང་པོའི༴ ཏྲཱྃ་ཨ་གརྦྟ་ཡ། རྡོ་རྗེ་རིན་ཆེན་རྣ་ལྟག་བཞག །རིན་ཆེན་ཕྲེང་བ་བཟུང་བ་རུ། །འཛུམ་པའི་མདངས༴ ཕྲེང་བའི་ཕྱག༴ ཏྲྃ་མ་ལྱེ་ས་མ་ཡ་ཧོ། །རྡོ་རྗེ་པདྨའི་ཐུགས་ཀ་ནས། །རིན་ཆེན་དྲིལ༴ འཛུམ་པའི༴ སྤྱན་རས་གཟིགས་ཀྱི་ཕྱག་རྒྱ་ཡིན། །ཧྲཱིཾ་ཧ་ཧཱུྃ་པདྨ་བ་ད་མ། རིན་ཆེན་པི་ཝཾ་འཛིན་པར་བྱ། །རྡོ་རྗེ་ལེན་པར་བྱས་ནས་ནི། །འཛུམ་པའི་མདངས་ཀྱིས་བལྟའ་བ་ནི། །དབྱངས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །ཧྲི་གིརྟི་རཱ་ག་ཡ་ཧོ། །རྡོ་རྗེ་རྡོ་རྗེའི༴ རིན་ཆེན་དྲིལ་བསིལ༴ འཛུམ་པའི་མདངས༴ ཕྱག་ན་རྡོ་རྗེའི༴ ཛྲིཾ་ཀུ་རུ་པ་ཎ་ཧྲཱིཿ རིན་ཆེན་གར་ཐབས་བསྐོར་ནས་ནི། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི༴ གར་གྱི་ཕྱག་རྒྱར་དཔའ་བོས་བཤད། །ཨ་ནིརྟི་ར་ག་ཡ་མི། །རྡོ་རྗེ་ཀླུ་ཤིང་ཐུགས་ཀ་ནས། །རིན་ཆེན་དྲིལ་བསིལ༴ འཛུམ་པའི༴ བྱམས་པ་མཻ་ཏྲིའི༴ མཻ་དྷ་ར་ཎི་སྭཱ་ཧཱ། རིན་ཆེན་བདུག་སྤོས་ཐུགས་ཀར་འཛིན། །རྡོ་རྗེ་ལས་ལ་རབ་ཏུ་འཁྲིལ། །འཛུམ་པའི༴ བདུག་པའི་ཕྱག་རྒྱ་ཡིན་པར་བཤད། །ཛཿདྷཱུ་ཥྤེ་པྲ་ཝེ་ཤ་ཡ། རྡོ་རྗེ་པོ་ཏིའི་ཐུགས་ཀ་ནས། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི༴ སྒྲིབ་པ་རྣམས་སེལ་ཕྱག་རྒྱ་ཡིན། ཐླྷིཾ་ནི་སྶ་རི་པ་ཡེ་སྭཱ་ཧཱ། རྡོ་རྗེ་རིན་ཆེན་རྣ་ལྟག་ཏུ། །མེ་ཏོག་སྣོད་བཅས་འཛིན་པ་ལ། །འཛུམ་པའི༴ མེ་ཏོག་ཕྱག་རྒྱ་ཡིན་པར་བཤད། །ཧཱུྃ་པུཥྤེ་ཨ་ཝེ་ཤ་ཡ། རྡོ་རྗེ་སྙེམས་མའི་ཐུགས་ཀ་ནས། །རིན་ཆེན་དྲིལ༴ འཛུམ་པའི༴ ཀུན་ཏུ་བཟང་པོའི༴ ཧཱུྃ་སྭ་རྭཱ་ཛཱ་ཡ་སྭཱ་ཧཱ། རིན་ཆེན་མར་མེའི་ཐུགས་ཀ་ནས། །རྡོ་རྗེ་སེམས་དཔའ་ཆེ་ལ་འཁྲིལ། །འཛུམ་པའི༴ མར་མེའི་ཕྱག་རྒྱར་དཔའ་བོས་བཤད། །བྃ་དཱི་བ་སུ་ཁི་ནི། རྡོ་རྗེ་ཨུཏྤལ་ཐུགས་ཀ་ནས། །རིན་ཆེན་དྲིལ༴ འཛུམ་པའི་མདངས༴ འཇམ་དཔལ་གྱིས་ནི་ཕྱག་རྒྱ་ཡིན། །མཱུྃ་ཤྲཱི་ཨཾ་རཱ་ག་ཡ་སྭཱ་ཧཱ། རིན་ཆེན་དབྱུག་པའི་ཐུགས་ཀ་ནས། །རྡོ་རྗེས་ཉུག་པར་བྱེད་པ་དང་། །འཛུམ་པའི༴ དྲི་ཡི་ཕྱག་རྒྱ་ཡིན་པར་བཤད། །ཧོཿགནྡྷེ་ཙིཏྟ། ༈ ཪྣྲྀ་མགོ་གདེངས་པ་གཤེད་པོ་སྟེ། །ཧཱུྃ་ཡ་མནྟ་ཀྲྀ་ཏྲ་ཕཊ། མཛུབ་གཉིས་བཀུག་པ་ལྕགས་ཀྱུའི་རྒྱ། །ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤོ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ། རྡོ་རྗེ་རྣོན་པོ་སྟོབས་ཆེན་རྒྱ། །ཧཱུྃ་པྲ་ཛྙཱནྟ་ཀྲྀ་ཏྲ་ཧཱུྃ་ཕཊ། མཛུབ་གཉིས་རྩེ་སྤྲད་ཞགས་པའི་རྒྱ། ། ཨ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ཐོད་སྦྲུལ་གནོན་པ་རྟ་མགྲིན་རྒྱ། །ཧཱུྃ་པདྨནྟ་ཀྲྀ་ཏ་ཕཊ། མཛུབ་གཉིས་འཁྱུད་པ་ལུ་གུ་རྒྱུད། །ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱ་ཛྭ་ལི་ནི་ཧཱུྃ་ཕཊ། རྒྱ་གྲམ་གནོན་པ་འཁྱིལ་པའི་རྒྱ། །ཧཱུྃ་བིགྷྣནྟ་ཀྲྀ་ཏྲ་ཕཊ། བསྐྱོད་པར་གྱུར་ན་འབེབས་པའོ། །ༀ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཛྭ་ལི་ནི་ཧཱུྃ་ཕཊ། པི་ཝཾ་ལེན་པ་ལྷ་ཡི་རྒྱ། ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། མི་ནི་གསེག་པར་འཛིན་པ་སྟེ། ༀ་མུ་ན་ཧཱུཾ་ཏྲུྃ་སྭཱ་ཧཱ། ལྷ་མི་ཕྱག་རྒྱ་གོ་ཆ་ཡིན། །ༀ་མུ་ན་སྲུཾ་སྭཱ་ཧཱ། ཆོས་ཀྱི་འཁོར་ལོ་བྱོལ་སོང་རྒྱ། །ༀ་མུ་ནེ་པྲཾ་སྭཱ་ཧཱ། ཟ་མ་ཏོག་ནི་ཡི་དྭགས་རྒྱ། །ༀ་མུ་ནེ་ཀྵྃ་སྭ་ཧཱ། མེ་ཆུ་གཉིས་ནི་དམྱལ་བའི་རྒྱ། ༀ་མུ་ནེ་ཡེ་སྭཱ་ཧཱ། ཡབ་ཀྱི་སྤྱི་རྒྱ་ཀུན་བཟང་གིས། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཡུམ་གྱི་སྤྱི་རྒྱ་བཟང་མོར་བཤད། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨཿ ཡང་ན་ཀུན་བཟང་ཡབ་ཡུམ་ནི། །རྡོ་རྗེ་ཐལ་མོ་ཉིད་དུ་བཤད། །ཕྱག་རྒྱའི་མཆོད་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་ཐུགས་དམ་བསྐང་གྱུར་ཅིག །རྒྱལ་སྲས་མཆོད་པས་མཉེས་གྱུར་ནས། །མཐར་ཕྱིན་དངོས་གྲུབ་སྩལ་དུ་གསོལ། །ལྔ་པ་ནི། བཀྲ་ཤིས་རྫས་རྟགས་སྣ་བདུན་གོས། དང་པོ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་ཀུན་དངོས་སྒྱུ་འཕྲུལ་དྲྭ་བ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བྱ། །ༀ་ཨཥྚ་མངྒ་ལ་པུ་ཛ་ཧོ། གཉིས་པ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་རྣམས་ཀྱི། །ཕྱག་ན་གདུགས་དུང་པདྨ་གསེར་གྱི་ཉ། །དཔལ་བེའུ་བཀྲ་ཤིས་རྒྱལ་མཚན་འཁོར་ལོ་ནི། །ལེགས་པར་ཐོགས་ནས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ༀ་མངྒ་ལ་རཏྣ་པཱུ་ཛི་ཏེ་ཨཿཧཱུྃ། གསུམ་པ་ལ། སོ་སོའི་ཕྱག་རྒྱ་བཅས། ཞིང་འདི་འཁོར་ལོ་རིན་པོ་ཆེས། །མཁས་པ་རྣམས་ཀྱིས་ཡོངས་བསྐང་སྟེ། །དངོས་གྲུབ་འབྲས་བུ་སྒྲུབ་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ༀ་ཙཀྲ་རཏྣ་པུ་ཛི་ཏེ་ཨ་ཧཱུྃ། དེ་བཞིན་སྦྱར་ཏེ། ནོར་བུ༴ བཙུན་མོ༴ བློན་པོ༴ གླང་པོ༴ རྟ་མཆོག༴ དམག་དཔོན༴ རྣམས་དང་། མ་ཎི་རཏྣ༴ སྟྲཱི་རཏྣ༴ པུ་རུ་ཥ༴ ཧ་སྟི༴ ཏུ་ར་སྒ་ཨ་ཤྭ༴ ཁརྒ་རྣམས་ཀྱིས་འབུལ། བཞི་པ། སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཤིག་རྡོ་རྗེའི་སྐུ་ལ་འབུལ། །བདག་ཅག་རྡོ་རྗེའི་སྐུ་ཐོབ་ཤོག །ༀ་བཛྲ་ཝས་སེ་པྲ་ཏིཙྪ་ཡེསྭཱ་ཧཱ། དེ་ལྟར་མཆོད་པ་ཕུལ་བས་ལྷ་རྣམས་མཉེས་ཏེ་ལྷ་མོ་རྣམས་རང་ལ་ཐིམ་པར་གྱུར། དྲུག་པ་ནི། དཀྱིལ་འཁོར་པའི་ལྷ་ཡབ་རྣམས་ཀྱི་རྡོ་རྗེ་ཧཱུྃ་ལས་རྩེ་ལྔ་པའི་ལྟེ་བར་ས་བོན་དང་། ཡུམ་མཁའ་པདྨ་འདབ་བརྒྱད་ལ་ས་བོན་དང་། བུ་ག་ཕཊ་ཀྱིས་མཚན་པ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་ར་ག་ཡ་མྱེ། སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། །ཛཿཧཱུྃ་བྃ་ཧོཿ ཞེས་སྙོམས་པར་ཞུགས་ཤིང་རྒྱལ་བ་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་སེམས་ལྔའི་མཐའ་ལ་དགྱེས། །འགྲོ་བ་ཐམས་ཅད་བདེ་ཆེན་གྱིས་ཚིམ་པར་གྱུར། རིན་ཆེན་པདྨའི་དཀྱིལ་འཇམ་འདི། །འཛུམ་པའི་མདངས་ཀྱིས་འབུལ་ལགས་ན། །དགྱེས་པའི་རྡོ་རྗེ་གསོར་མཛད་ནས། །བྱང་ཆུབ་སེམས་སྤྲིན་དབབ་ཏུ་གསོལ། །རྡོ་རྗེ་གསོར་བའི་དགའ་མཆོག་འདི། །འཛུམ་ཞིང་འཁྱིལ་པའི་གནས་སུ་གསོར། །མི་དམིགས་བདེ་བའི་འཕྲོ་འདུ་ནི། །རྡོ་རྗེ་འཛིན་མར་ལྡན་ལས་བྱུང་། །ཤེས་རབ་དབྱིངས་མ་ཡུམ་གྱི་གཞལ་ཡས་སུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་བཀོད་དེ། །ཐབས་དང་ཤེས་རབ་འབྲེལ་པའི་སྦྱོར་མཆོད་འདི། །རྒྱལ་བའི་དཀྱིལ་འཁོར་ཚོགས་ལ་མཆོད་པར་འབུལ། །ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་བཛྲ་པྲ་ཝེ་ཤ་ཡ་ཨ་ལ་ལ་ཧོ། བདུན་པ་ནི། ཐུགས་ཀ་ནས་རྃ་གྱིས་སྣོད་འཇིག་རྟེན་དང་། །བཅུད་སེམས་ཐམས་ཅད་བསྲེག །ཡྃ་གིས་ཐལ་བར་གཏོར། ཁྃ་གི་ཆུས་བཀྲུས་ཏེ། རྣམ་ཤེས་ཧཱུྃ་དུ་གྱུར་པ་རང་གི་ཞལ་ནས་གྱི་མཁའ་ལ་བབ། རྡོ་རྗེ་སེམས་དཔར་གྱུར་པའི་གཙུག་ཏུ་ཀུན་བཟང་གིས་མཚན་པ་ཉི་ཟླའི་བར་དུ་བཞག་ནས་རླུང་དཀྱིལ་གྱིས་བཏེག་སྟེ། སྥ་ར་ཎ་ཕཊ་ཀྱིས་འོག་མིན་དུ་རྣམ་སྣང་གི་མཛོད་སྤུར་ཐིམ་པར་གྱུར། དེ་ལས་མཆོད་སྦྱིན་དམ་པ་ནི། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་དཀྱིལ་དུ་མཁས་པས་བཞག །ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཧཱུྃ་དུ་གྱུར་ནས་རྣམ་པར་དག །དབྱིངས་སུ་ཐིམ་ནས་ཕྱག་རྒྱ་འབར། །སྐུ་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་སྒོམ། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྦྱོར་སྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །བརྒྱད་པ་ནི། ཧོཿ རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིག་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བ། །སྡུག་བསྔལ་སེལ་བའི་བདུད་རྩི་སྟེ། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །བྱང་ཆུབ་སེམས་ནི་རྡོ་རྗེ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །ག་བུར་ཤེལ་གྱི་པོག་ཕོར་དྲི། །གཙང་དམེ་མེད་པ་དྲི་མེད་ཆུ། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །མ་འདུས་བསྡུས་པའི་ཐིག་ལེ་སྟེ། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱར་བ། །འཆི་མེད་བདུད་རྩི་ར་སཱ་ཡན། །རྒྱལ་བ་རྒྱ་མཚོ་ཀུན་གྱི་གསོས། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་དང་། །ལྷ་དང་ལྷ་མིན་གསང་བ་ཡི། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །འདི་ནི་སྔོན་གྱི་དམ་ཚིག་གོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ཞེས་ཐིགས་འབུལ་བཞིན། རྒྱལ་བ་ཐམས་ཅད་དང་དབྱེར་མེད་པའི་དཔལ་མགོན་བླ་མ་རིན་པོ་ཆེའི་ཞལ་དུ་ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རྃ་ཁ་ཧི། ཀུན་བཟང་རིགས་ལྔ་རིགས་གསུམ་དྲཱ་མ་ལྔ། །ཆོས་རྒྱལ་ཡབ་སྲས་ས་བརྒྱད་སེམས་མ་དང་། །རྡོ་རྗེ་ཡོན་ཏན་ཧཱུྃ་མཛད་ཕྲ་ཆེན་ཞབས། །སངས་རྒྱས་གསང་བ་རྣམས་ལ་བདུད་རྩིས་མཆོད། །ༀ་ཨཱཿཧཱུྃ་སརྦ༴ ཨུ་རྒྱན་ཆེན་པོ་པཎ་ཆེན་བི་མ་ལ། །རྨ་ལོ་ཀྱི་རེ་ཞང་བན་གནུབས་ཡབ་སྲས། །ཡེ་ཤེས་རྒྱ་མཚོ་བློ་གྲོས་བྱང་ཆུབ་དང་། །ཟུར་བ་མེས་དབོན༴ ༀ་ཨཱཿཧཱུྃ་སརྦ༴ རྫོགས་ཆེན་པ་དང་འཇམ་དབྱངས་ཀཿཐོག་པ། །ཆོས་རྗེ་ཡབ་སྲས་ནམ་མཁའ་རྡོ་རྗེའི་ཞབས། །ཐུགས་རྗེ་དབང་འབྱོར་དཔལ་འབར་རྒྱལ་མཚན་གཉིས། དྷཱརྨ་ལཀྵ་རྣམས་ལ༴ ༀ་ཨཱཿཧཱུྃ་སརྦ༴ ཡེ་ཤེས་རྒྱལ་མཚན་ནམ་མཁའ་རྣམ་གསུམ་དང་། །ཆོས་དབང་བསོད་ནམས་ཆོས་འབྱུང་ཤཱཀྱའི་མཚན། །རིན་ཆེན་སངས་རྒྱས་ཤཱཀྱ་ཨུ་རྒྱན་མཚན། །ཐུགས་ཀྱི་རྡོ་རྗེ་རྣམས་ལ༴ ༀ་ཨཱཿཧཱུྃ་སརྦ༴ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་གསུམ་སྡུག་བསྔལ་སེལ་མཛད་པ། །བདེ་གཤེགས་ཀུན་བཟང་ཡབ་ཡུམ་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ༀ་ཨཱཿཧཱུྃ་སརྦ༴ ཕུང་པོ་ལྔ་དང་འབྱུང་བ་ལྔ། ཡེ་ཤེས་དབྱིངས་སུ་རྣམས་དག་པ། །རིགས་ལྔ་བདེར་གཤེགས་ཡབ་ཡུམ་ལ། །དམ་རྫས༴ ༀ༴ རྣམ་ཤེས་ཚོགས་དང་སྤྱོད་ཡུལ་རྣམས། །བྱང་ཆུབ་སེམས་སུ་རྣམ་དག་པ། །སེམས་དཔའ་ལྕམ་དྲལ་ཚོགས་རྣམས་ལ། །དམ་ཚིག༴ ༀ༴ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འགྲོ་དྲུག་དབྱིངས་སུ་སྦྱོར་མཛད་པ། །སྤྲུལ་སྐུ་ཐུབ་པ་དྲུག་རྣམས་ལ། །དམ་ཚིག༴ ༀ༴ ཕྱི་ནང་བདུད་ཚོགས་ཐམས་ཅད་འདུལ་མཛད་པ། །གནས་ཡུལ་རོ་ལང་རྡོ་རྗེ་བཅིང་སྡོམས་འབབ། །སྤྲུལ་པའི་སྒོ་སྐྱོང་ཁྲོ་རྒྱལ་ཡབ་ཡུམ་ལ། །རྣམ་དག་དམ་ཚིག༴ ༀ༴ དུས་རྣམས་ཀུན་ཏུ་འགྲོ་ལ་བརྩེར་དགོངས་ཤིང་། །དུག་གསུམ་དུག་ལྔ་མ་སྤངས་གནས་དག་པ། །དུས་གསུམ་བཞུགས་པའི་རྡོ་རྗེ་སློབ་དཔོན་ལ། །རྣམ་དག༴ ༀ༴ ཚེ་རབས་སྔོན་ནས་ལས་ཀྱི་འཕྲོ་མཐུད་པའི། །མཆེད་དང་ལྕམ་དྲལ་ཀརྨ་གིང་ལ་སོགས། །རྡོ་རྗེ་ལྕམ་དྲལ་མ་ལུས་འཁོར་བཅས་ལ། །རྣམ་དག༴ ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཁ་རཾ་ཁ་ཧཱི། མཐར་རང་གི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་ཅིག་བཀོད་དེ། ༀ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡིས་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱ་ངན་དངོས་གྲུབ་ཐོབ་པར་འགྱུར། །ༀ་སརྦ་ཏ་ཐ་ག་ཏ་ཀ་ཡ་སིདྡྷི་ༀ། ཝཱཀ྄་སིདྡྷི་ཨ། ཙིཏྟ་སིདྡྷི་ཧཱུྃ། དགུ་པ་ནི། ༀ་ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །ཁམས་དྲུག་ལྡན་པ་རྡོ་རྗེའི་ལྷ་མོར་བཅས། །བཟའ་བཅའ་བཏུང་བའི་མཆོད་པ་དམ་པ་རྣམས། རྨད་བྱུང་གཏོར་མ་ཆེན་པོར་སྤུངས་ཏེ་འབུལ། །བཟའ་དང་བཅའ་དང་བཏུང་དང་བསྒོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །ཧཱུྃ། གཟུགས་ནི་ལག་གཉིས་མེ་ལོང་འཛིན། །གཟུགས་མཛེས་སྤྱོད་པས་ཕྱོགས་བཅུར་གཡོ། །ཤིན་ཏུ་སྒེགས་པའི་གཟི་བྱིན་འབར། །གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། །ༀ་བཛྲ་རཱུ་པ་ཧཱུྃ། སྒྲ་ནི་ལག་གཉིས་པི་ཝཾ་བརྡེག །བདེ་བའི་སྒྲ་སྙན་ཕྱོགས་བཅུར་སྒྲོགས། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །སྒྲ་ཡི་ལྷ་མོ་སྙན་ལ་ཐིམ། །ༀ་བཛྲ་ཛཾ་ཀ་ར་ཧཱུྃ། དྲི་ནི་ལག་གཉིས་སྤོས་བསྣམས་ཏེ། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །ཀུན་ཏུ་ཚིམ་བྱེད་དྲི་བསྲུང་ལྡན། །དྲི་ཡི་ལྷ་མོ་ཤངས་ལ་ཐིམ། །ༀ་བཛྲ་དྷུ་ཥྤེ་ཧཱུྃ། རོ་ནི་ལག་གཉིས་སྣོད་བསྣམ་སྟེ། །བཅུད་ལྡན་རོ་མཆོག་ལྔ་བརྒྱར་འཕྲོ། །ཤིན་ཏུ་སྒེགས་པའི་གཟི་བརྗིད་འབར། །རོ་ཡི་ལྷ་མོ་ལྗགས་ལ་ཐིམ། །ༀ་བཛྲ་ནེ་བི་ཏུ་ཧཱུྃ། རེག་ནི་རྡོ་རྗེ་ཡང་འཁྱུད་མ། །མཉེན་འཇམ་རེག་ན་བདེ་བ་ཡི། །གཟུགས་མཛེས་སྒོད་པ་ཕྱོགས་བཅུར་གཡོ། །ཤིན་ཏུ་སྒེགས་པའི་གཟི་བརྗིད་འབར། །རེག་གི་ལྷ་མོ་སྐུ་ལ་འཁྲིལ། །ༀ་བཛྲ་གནྡྷེ་ཧཱུྃ། ཆོས་ནི་འདུས་བྱས་འདུས་མ་བྱས། །སྣང་སྟོང་རྡོ་རྗེ་ནམ་མཁའི་སྐུ། །ཤིན་ཏུ་སྒེགས་པའི་གཟི་བརྗིད་འབར། །ཆོས་ཀྱི་ལྷ་མོ་ཐུགས་ཀར་ཐིམ། །ༀ་དྷརྨ་ཏྟུ་སྭཱ་བྷཱ་ཝཱ་ཱཨཏྨ་ཀོ྅་ཧཾ། གཏོར་མའི་སྟེང་ལས་འདོད་ཡོན་གྱི་ལྷ་མོ་དུ་མ་སྤྲོས། རྒྱལ་བ་རྣམས་ཀྱི་སྤྱན་ཤང་ཐུགས་ཀ་སྐུ་ལུས་ལ་ཐིམ། གཏོར་མའི་བར་བདུད་རྩིའི་རྒྱ་མཚོ་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་སྦུ་གུར་གྱུར་པས་གསོལ། འོག་དུག་གསུམ་ཤ་ཁྲག་རུས་པའི་རྒྱ་མཚོ་སྒོབ་ཆོས་སྐྱོང་གི་ཚོགས་ཀྱིས་ལྗགས་གྲི་གུག་ཏུ་གྱུར་པས་གསོལ་ནས་མཉེས་པར་གྱུར། ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁུ་ཛྙཱ་ན་དྷརྟུ་ཨཱཿ ས་པཱ་རི་ཝ་ར་ཨི་དཾ་མ་མ་ཧཱ་བ་ལིནྟ་ཁ་ཁ་ཧི་ཁ་ཧི། བཅུ་པ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་། ཉོན་མོངས་ལྔ་ཡི་དེ་ཁོ་ན། དོན་གྱི་མཆོད་པ་དེ་ཁོ་ན། ཡེ་ཤེས་རོལ་མོའི་དེ་ཁོ་ན། དེ་ལྡན་མཆོད་པའི་ཡོན་ཏན་ལྔ། དང་པོ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དགེ་དང་སྡིག་པའི་ལས་བྱས་པ། །ཐམས་ཅད་སངས་རྒྱས་མཛད་སྤྱོད་དེ། །ལས་ཀྱི་མཆོད་པ་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏཱ་ཀརྨ་པཱུ་ཛ་ཧཱུྃ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱིས། །གཟུགས་ལ་སོགས་པ་འདོད་རྣམས་དང་། །ཆགས་ལས་གྱུར་པའི་བདེ་བ་སྟེ། །སངས་རྒྱས་རྣམས་ལ་ཕུལ་གྱུར་ནས། །རྡོ་རྗེ་རིན་ཆེན་འདྲ་བར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་པཱུ་ཛ་ཧཱུྃ། ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །སྣང་ཞིང་སྲིད་པའི་གཟུགས་རྣམས་ཀུན། །ཕྱག་རྒྱ་སྣ་ཚོགས་དཀྱིལ་འཁོར་ལ། །སྐུ་མཆོག་ཕྱག་རྒྱའི་མཆོད་པར་བཞེས། །ༀ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་པཱུ་ཛ་ཧཱུྃ། ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །སྒྲར་གྲགས་པ་ནི་བྱེ་སྙེད་རྣམས། །ཐམས་ཅད་མ་ལུས་སྔགས་ཀྱི་ཚིག །གསུང་མཆོག་ཆོས་ཀྱི་མཆོད་པ་བཞེས། །ༀ་སརྦ་ཏ་ཐ་ག་ཏཱ་ཝཀྐ་པུ་ཛ་ཧཱུྃ། ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །སེམས་ཅན་རྣམས་ཀྱི་སེམས་རྟོགས་རྣམས། །ཏིང་འཛིན་འབུམ་ཕྲག་སྣ་ཚོགས་ལ། །དམིགས་པའི་དམ་ཚིག་མཆོད་པར་བཞེས། །ༀ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཏི་པཱུ་ཛ་ཧཱུྃ། གཉིས་པ་ནི། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱིས། །ཞེ་སྡང་སྤྱོད་པའི་ལས་རྣམས་ཀུན། །རྡོ་རྗེ་རིགས་ཀྱི་མཛད་སྤྱོད་དེ། །སྒྲོལ་བའི་མཆོད་པ་བཞེས་སུ་གསོལ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །གཏི་མུག་སྤྱོད་པའི་ལས་རྣམས་ཀུན། །བདེར་གཤེགས་རིགས་ཀྱི་མཛད་སྤྱོད་དེ། །རྟོག་མེད་མཆོད་པ་བཞེས་སུ་གསོལ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱིས། །ང་རྒྱལ་སྤྱོད་པའི་ལས་རྣམས་ཀུན། །རིན་ཆེན་རིགས་ཀྱི་མཛད་སྤྱོད་དེ། །ཏིང་འཛིན་མཆོད་པ་བཞེས་སུ་གསོལ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །འདོད་ཆགས་སྤྱོད་པའི༴ པདྨའི་རིགས༴ སྦྱོར་བའི་སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཕྲག་དོག་སྤྱོད་པའི་ལས་རྣམས་ཀུན། །ལས་ཀྱི་རིགས་ཀྱི་མཛད་སྤྱོད་དེ། །དམ་ཚིག་མཆོད་པ་བཞེས་སུ་གསོལ། །གསུམ་པ་ནི། རང་ལུས་རྣམ་པར་མི་རྟོག་པར། །བཤིག་ནས་སྟོང་པ་ཉིད་དུ་བསྒོམ། །དེ་ལྟ་བུ་ཡི་ཆོས་ཉིད་ཀྱིས། །མཆོད་པ་འཕགས་པ་རྣམས་ལ་འབུལ། །རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་ཐམས་ཅད་ཀུན། །བདག་ཉིད་ཆེན་པོ་རྟོགས་པ་ཡིས། །དབྱིངས་སུ་ཡང་ནི་སྤ་བར་བྱའོ། །བཞི་པ་ནི། ༀ། དབང་པོའི་སྤྱོད་ཡུལ་རང་བཞིན་དངོས་པོ་མེད། །རྣམ་དག་བདུད་རྩིའི་རང་བཞིན་སྡུག་བསྔལ་སེལ། །དམ་རྫས་དག་པ་ལྔ་དང་ཞལ་ཟས་ལྔ། །སྐུ་ལྔ་ཆོས་ལྔ་རང་བཞིན་དབྱེར་མེད་བསམས། །དེ་ཕྱིར་དག་པས་དག་པ་ཉིད་མཆོད་ཕྱིར། །ཆོས་ཉིད་ལ་ཡང་ཆོས་ཉིད་ཐིམ་པར་འབུལ། །དྲི་མེད་རྣམ་དག་ནམ་མཁའི་རང་བཞིན་ལ། །ལོག་རྟོག་མཚན་མ་མེད་པའི་སྤྲིན་དཔུངས་ཏེ། །ཡེ་ཤེས་ཉི་མའི་འོད་ཀྱིས་རབ་བརྒྱན་ནས། །དག་པའི་དོན་ཕྱིར་རྟོགས་ནས་མཆོད་པར་འབུལ། །མཉམ་ཉིད་བླང་དོར་མེད་ལ་སྙོམས་པར་བཞེངས། །བདེ་ཆེན་ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱན། །འདོད་ཡོན་ལྔ་ཡི་ལྷ་མོར་བྱིན་རླབས་པ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ལྔ་པ། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དཀྱིལ་འཁོར་བརྟེན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་མ། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིགས་སྒྲ་ཡི་ཕྱག་རྒྱའམ། །ཆོས་ཀྱི་དངོས་གྲུབ་ཐོར་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཟག་མེད་འགྱུར། །བཟའ་དང་བཏུང་བར་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཨ་ལི་ཀ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །བཅུ་གཅིག་པ་ནི། ཞི་གསང་ཐབས་ཞགས་ཀྱི་གླུ་རྣམས་ཏེ། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡིས། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཧོཿ ༀ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ། །ཧོཿ ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཧོཿ ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཧོཿ ༀ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་གཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཧོཿ ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ ༀ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །བླ་མེད་ལྷ་དང་ལྷ་མོ་ཡི། །གྲུབ་པའི་བྱིན་བརླབ་བསམ་མི་ཁྱབ། །ༀ། སེམས་དཔའ་བཅུ་དྲུག་རིགས་ཀྱི་གཙོ། །སེམས་མ་བཅུ་དྲུག་རིགས་ཀྱི་ཡུམ། །མཐུ་ཆེན་ཁྲོ་བོ་ཁྲོ་མོ་དང་། །ཕོ་ཉ་འཇིག་རྟེན་སྐྱོངས་བར་ལྡན། །ༀ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་ཐམས་ཅད་མ་ལུས་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་དཔའ་བོ་ཆེན་པོ་མཐུ་ལྡན་རྣམས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བདག་གིས་ལྷག་པའི་བསམ་པ་རྣམས། །གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ༀ། ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ༴ ལོངས་སྤྱོད་རྫོགས་པའི་སྐུ་ལ༴ ཅིར་ཡང་སྤྲུལ་པའི་སྐུ༴ བཅུ་གཉིས་པ་བཤགས་སྨོན་ནི། ཧོཿ ཡེ་ནས་སྤྲོས་པ་མེད་པའི་དབྱིངས། །རང་བཞིན་རྣམ་པར་དག་པ་ན། །དུས་གསུམ་གཤེགས་ཤིང་བཞུགས་པ་ཡིས། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །རྣམ་པ་ཐམས་ཅད་ཀུན་མཁྱེན་པའི། །ཡེ་ཤེས་བྱེ་བྲག་ཀུན་ལྡན་པ། །འགྲོ་བ་མ་ལུས་འདུལ་ཐབས་སུ། །བཅོམ་ལྡན་རྡོ་རྗེ་སེམས་སོགས་ཏེ། །རིགས་ལྔ་བདེ་བར་གཤེགས་པ་དང་། །རིགས་མཆོག་གཟུངས་ཀྱི་ཡུམ་དང་བཅས། །རྒྱལ་སྲས་འཁོར་དུ་སེམས་དཔའི་ཚོགས། །སེམས་མའི་དཀྱིལ་འཁོར་ལ་སོགས་པ། །ཡེ་ཤེས་ཆེན་པོའི་དབང་ཕྱུག་ཆེ། །ཐབས་ལ་མཁས་པའི་བདག་ཉིད་ཅན། །མཁའ་འགྲོའི་རང་བཞིན་རྣལ་འབྱོར་ལྡན། །ངོ་བོ་ཉིད་སྐུ་མ་ལུས་ཤིང་། ༈ །རྒྱལ་བ་རྒྱ་མཚོ་འཁོར་བཅས་པ། །ཁྱེད་རྣམས་གསན་ཅིང་དགོངས་སུ་གསོལ། ༈ །བདག་ཅག་ཚོགས་ཀྱི་དཀྱིལ་འཁོར་འདིར། །འདུས་ཤིང་ཚོགས་པའི་དཀྱིལ་འཁོར་རྣམས། །དང་པོ་གསང་སྒོར་ཁས་འཆེས་ཏེ། །དམ་ཚིག་གཉེན་པོ་མངོན་པར་མནོས། །ཆག་ཉམས་ཞིག་རལ་གྱུར་པ་དང་། །རྩ་བ་ཡན་ལག་དམ་མནོས་ནས། །བཀའ་བཞིན་བསྲུང་བར་རྔོ་མ་ཐོགས། །བསྲུང་བའི་དམ་ཚིག་མནོས་པ་ལས། །གཏི་མུག་མ་ཚོར་དབང་གིས་ནི། །བདེ་དང་སྡུག་བསྔལ་རྐྱེན་མ་བཟོད། །སྒོ་གསུམ་ཉེས་སྐྱོན་མེ་ཤོར་བས། །བདག་དང་གཞན་གྱི་རྒྱུད་བསྲེགས་པས། །སྐྱོན་བྲལ་མཚན་མར་མ་ཕྱིན་ཏེ། །བསྲུང་བའི་དམ་ཚིག་ཉམས་པ་བཤགས། །ༀ་བཛྲ་སཏྭ་སོགས། ཚོར་བ་དང་ནི་མ་ཚོར་བའི། །ཉམས་པ་ཐམས་ཅད་བྱང་གྱུར་ཅིག །ཚོར་དང་མ་ཚོར་ཉམས་པ་རྣམས། །ཕྱིན་ཆད་མི་བྱེད་པར་གྱུར་ཅིག །གནས་ཐོགས་པ་དང་རྒྱུད་བྱང་ལས། །སླན་ཆད་ཕྱིར་ལ་མི་ལྡོགས་པའི། །སེམས་དང་འབྲལ་བར་མ་གྱུར་ཅིག །ཤེས་རབ་རྣོ་ཞིང་དབང་པོ་གསལ། །ཡེ་ཤེས་ཅན་གྱུར་སེམས་ཅན་དོན། །མ་ལུས་བྱེད་པའི་མཐུ་ཐོབ་ནས། །སྐྱེས་པའི་ཚེ་རབས་ཐམས་ཅད་དུ། །སློབ་དཔོན་བཀའ་དྲིན་ལན་སྡོན་ཅིང་། །ཕ་མའི་དྲིན་ལན་རྗེས་སུ་སྒྲུབ། །མན་ངག་སྣོད་དང་ལྡན་གྱུར་ཅིག །ཚེ་འདི་དང་ནི་ཚེ་རབས་གཞན། །སྐྱོན་བརྗོད་ཐམས་ཅད་དང་བྲལ་ནས། །དགེ་བའི་རྩ་བ་ཐམས་ཅད་དུ། །ཡོན་ཏན་ཚད་བཞིན་ཐོབ་གྱུར་ཅིག ༈ །བདག་ཅག་སྒྲུབ་པོ་འདིར་འདུས་རྣམས། །དགེ་བའི་རྩ་བ་བསྒྲུབ་པ་ལ། །བར་ཆད་བྱེད་པའི་སྡང་དགྲ་དང་། །སྦྱོར་བ་རྐུ་དང་གནོད་བགེགས་གསུམ། །ཞི་དང་དབང་དང་མངོན་སྤྱོད་ཀྱིས། །མནན་དང་བཟློག་དང་སྤོར་ཞིང་སྤར། །འདུལ་སྐལ་ཕྲིན་ལས་མཚམས་པ་བཞིན། །ཚར་བཅད་གྲུབ་པར་མཛད་དུ་གསོལ། ༈ །བཅུ་གསུམ་པ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་གར་བཀོད་དེ། དམ་བཅའ་ཉེར་གཅིག་པའམ། ༀ། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དོན་གྱི་དངོས་གྲུབ་མཆོག་གི་གནས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཀཱ་ཡ་ཝཱ་ཀཱ་ཙིཏྟ་བྷོ་དྷི་ཙིཏྟ་ས་མ་ཡཱ་ཧཱུྃ། ༀ་ཨཱཿཧཱུྃ། ༈ གསུམ་པ་གསུངས་བཟླས་པའི་རྣལ་འབྱོར་ལ་གཉིས། བསྙེན་པ་དང་། མཇུག་བསྡུ་བའོ། །དང་པོ་ལ། ལྷ་རྟོག་གི་བསྙེན་པ་དང་། མཉམ་རྫོགས་ཀྱི་བསྙེན་པའོ། །དང་པོ་ལ་གཙོ་བརྒྱུད་འཁོར་བརྒྱུད་གཉིས་ཀྱི། །དང་པོ་གཙོ་འཁོར་གྱི་སྐུ་ལུས་གོ་འཕོ་བ་དང་། ཕྱི་མ་ཤེས་པ་གོ་འཕོ་ཞིང་བསྒོམས་པ་སྟེ། གང་ལྟར་ཡང་། རྟོག་ཚོགས་དེ་དག་ལྷ་དེ་དང་དེར་གྱུར་ནས་དབུའི་གཙུག་ཏོར་དང་གདན་ཁྲི་ནས་ལུས་སྐུ་ཡོངས་རྫོགས་གསལ་གདབས་དང་། སྔགས་འཁོར་སྤྲོ་བསྡུ་བཅས་པས། ཧཱུྃ། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ཧཱུྃ་བཛྲ་དྷྲིཀ྄ །མཱུྃ་དྷཱ་ཏྭཱི་ཤྭ་རི། ཞེས་བཟླ། དེ་ནས་རང་ཀུན་བཟང་དུ་གསལ་བ་རིགས་འགྲེས་ལ། ཡིད་ནི་རང་རིག་མ་སྐྱེས་པ། །ཀུན་ཏུ་བཟང་མོའི་རང་བཞིན་ལས། །ཏིང་འཛིན་བྱེད་པར་དབང་བསྒྱུར་ནས། །མ་ལུས་ཀུན་གྱི་བྱེད་པོར་ཤོག །ཆོས་ནི་དེ་བཞིན་མ་སྐྱེས་པ། །ཀུན་ཏུ་བཟང་པོའི་རང་བཞིན་ལས། །ཏིང་འཛིན་བྱ་བར་དབང་བསྒྱུར་ནས། །མ་ལུས་ཀུན་གྱི་བྱ་བར་ཤོག །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཿ གཟུགས་ཕུང་ས་ཡི་ངོ་བོ་ཉིད། །སེམས་ཕྱིར་སྣང་མཛད་ཡབ་ཡུམ༴ ཏིང་འཛིན་སྐུ་རུ༴ དངོས་གྲུབ་ལས་རྣམས་གྲུབ་བྱེད་ཤོག །ཨཱོཾ་ཛི་ན་ཛིཀ྄ །ལཱྃ་དྭེ་ཥ་ར་ཏི། ཚོར་བ་ཆུ་ཡི་རང་བཞིན་ལས། །སེམས་ཕྱིར༴ འབྱུང་ལྡན༴ ཏིང་འཛིན་ཡོན་ཏན༴ དངོས་གྲུབ༴ སྭཱ་རཏྣ་དྷྲིཀ྄ །མཱྃ་མོ་ཧ་ར་ཏི། འདུ་ཤེས་མེ་ཡི༴ སེམས༴ མཐའ་ཡས༴ ཏིང་འཛིན་གསུངས་གི༴ དངོས་གྲུབ༴ ༀ་ཨ་རོ་ལིཀ྄༴ པྱཾ་ར་ག་ར་ཏི། འདུ་བྱེད་རླུང་གི༴ སེམས༴ དོན་གྲུབ༴ ཏིང་འཛིན་ཕྲིན་ལས༴ དངོས་གྲུབ༴ ཧཱ་པྲཱཛྙཱ་དྷྲིཀ྄ །ཏྃ་བཛྲ་ར་ཏི། ༈ མིག་གཟུགས་སེམས་ཕྱིར་མ་སྐྱེས་པ། །ས་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵིཾ་ཧི་རཱ་ཛཱ་ཡ། ཧཱུྃ་ལཱ་སྱེ་ས་མ་སྟཾ། སྣ་དྲི་སེམས༴ ནམ་སྙིང་༴ ཏིང་འཛིན༴ སྤྱོད་ཡུལ༴ ཏྲྃ་ཨ་གརྦྷ་ཡ། ཏྲཱཾ་མ་ལྱེ་ས་མ་ཡ་ཧོ། ལྕེ་རོ༴ སྤྱན་གཟིགས༴ ཏིང་འཛིན༴ སྤྱོད་ཡུལ༴ ཧྲཱི་ཧ་ཧཱུྃ་པདྨ་བ་ད་མ། ཧྲི་གིརྟི་རཱ་ག་ཡ་ཧོ། རྣ་སྒྲ༴ ཕྱག་རྡོར༴ ཏིང་འཛིན༴ སྤྱོད་ཡུལ༴ ཛྲིཾ་ཀུ་རུ་པ་ཎ་ཧྲཱིཿ ཨ་ནིརྟི་རཱ་ག་ཡ་མི། མིག་དབང་འདས་དུས་མ་སྐྱེས་པ། བྱམས་པ་ཡབ་ཡུམ༴ ཏིང་འཛིན༴ སྤྱོད་ཡུལ༴ མེ་དྷ་ར་ནི་སྭཱ་ཧཱ། ཛ་དྷཱུ་ཥྤེ་པྲ་ཝེ་ཤ་ཡ། རྣ་དབང་ད་ལྟར༴ སྒྲིབ་སེལ༴ ཏིང་འཛིན༴ སྤྱོད་ཡུལ༴ ཐླྷིཾ་ནི་སྶ་རཾ་པ་ཡ། ཧཱུྃ་པུཥྤེ་ཨ་ཝ་ཤ་ཡ། སྣ་དབང་མ་འོངས༴ ཀུན་བཟང་༴ ཏིང་འཛིན༴ སྤྱོད་ཡུལ༴ ཧཱུྃ་སྭཱ་རཱ་ཛཱ་ཡ། པཱྃ་དི་པ་སུ་ཁི་ནཱི། ལྕེ་དབང་མ་ངེས་མ་སྐྱེས་སེམས། །འཇམ་དཔལ༴ ཏིང་འཛིན༴ སྤྱོད་ཡུལ༴ མཱུྃ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགནྦྷེ་ཙིཏྟ། རེག་ཤེས་རྟག་པ༴ གཤིན་རྗེ༴ ཏིང་འཛིན་འཇོམས་པར་དབང༴ གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་ཡ་མཱནྟ་ཀྲྀཏྲ་ཕཊ། ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནཱ་ཧཱུྃ་ཕཊ། རེག་ཡུལ་ཆད་པ༴ སྟོབས་ཆེན། ཏིང་འཛིན༴ གདུལ་བྱ༴ ཧཱུྃ་པྲ་ཛྙཱནྟ་ཀྲྀ་ཏྲ་ཧཱུྃ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནཱ་ཧཱུྃ་ཕཊ། རེག་དབང་བདག་འཛིན༴ རྟ་མགྲིན་ཡབ་ཡུམ༴ ཏིང་འཛིན༴ གདུལ་བྱ༴ ཧཱུྃ་པདྨཱནྟ་ཀྲྀ་ཏྲ་ཕཊ། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནཱ་ཧཱུྃ་ཕཊ། རེག་པ་མཚན་འཛིན་མ་སྐྱེས་པའི། །བདུད་རྩི༴ ཏིང་འཛིན༴ གདུལ་བྱ་མ་ལུས༴ ཧཱུྃ་བིགྷྣནྟ་ཀྲྀ་ཏྲ་ཕཊ། ༀ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ། ང་རྒྱལ་སེམས་ཕྱིར་མ་སྐྱེས་པ། །བརྒྱ་བྱིན་དབང་པོའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་ལྷ་རྣམས་འདུལ་བར་ཤོག །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ཕྲག་དོག༴ ཐག་བཟང་རིས་ཀྱི༴ ཏིང་འཛིན༴ འགྲོ་བ་ལྷ་མིན༴ ༀ་མུ་ནེ་སྲུྃ་སྭཱ་ཧཱ། འདོད་ཆགས༴ ཤཱཀྱ༴ ཏིང་འཛིན༴ འགྲོ་བ་མི་རྣམས༴ ༀ་མུ་ནེ་ཧཱུྃ་ཏྲུྃ་སྭཱ་ཧཱ། གཏི་མུག༴ སེང་གེ་དམ་བརྟེན༴ ཏིང་འཛིན༴ འགྲོ་བ་བྱོལ་སོང་༴ ༀ་མུ་ནེ་བྲཾ་སྭཱ་ཧཱ། སེར་སྣ༴ ཁ་འབར་ཐུབ་པའི༴ ཏིང་འཛིན༴ འགྲོ་བ་ཡི་དྭགས༴ ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཞེ་སྡང་༴ གཤིན་བུ་རྗེ་ཡི༴ ཏིང་འཛིན༴ འགྲོ་བ་དམྱལ་བ༴ ༀ་མུ་ནེ་ཡེ་སྭཱ་ཧཱ། ཞེས་པའི་བསྙེན་པ་ནི། ཐུན་རེ་རེ་རིགས་ལྔ་ཀུན་བཟང་དང་བཅས་ལ་བརྒྱ་རྩ་རེས་མཚོན་ན། སེམས་དཔའ་ལ་དེའི་ཕྱེད་ཐུབ་པ་སྒོ་བ་ཉེར་གཅིག་རེ་བཟླ་བར་གསུངས་སོ། །གཉིས་པ་མཉམ་རྫོགས་ལའང་མཉམ་རྫོགས་ཙམ་དང་། མཉམ་རྫོགས་ཆེན་པོའོ། །དང་པོ་ནི། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛྭཿཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ་ཕཊ་ཛཿ དམ་ཚིག་གིས་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེས་ནས། མདུན་གྱི་ནམ་མཁའ་ལ་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པར་གྱུར། རང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པའི་སྔགས་འཁོར་ཤང་བུག་གཡས་ནས་ཡུམ་གྱི་གཡོན་དུ་ཐུགས་ཀར་འཁོར། ཡང་ཡུམ་གྱི་གཡས་ནས་རང་གི་གཡོན་བརྒྱུད་འཁོར། དམ་ཚིག་པའི་ལྷ་འཁོར་རྣམས་དང་། ཡེ་ཤེས་པ་གཙོ་འཁོར་བཅས་པའི་ཐུགས་ཀའི་སྔགས་ཕྲེང་ཤང་བུག་བརྒྱུད། རང་གི་ཐུགས་ཀར་འཁོར་བས་བྱིན་བསྡུས། རང་གི་ཐུགས་ཀའི་སྔགས་ཕྲེང་ཤང་བུག་ནས་ཐོན། མཆོད་པའི་ཚུལ་དུ་ལྷ་དེ་དག་གི་ཐུགས་ཀར་འཁོར་བས་དགྱེས་པ་བསྐྱེད། འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བསལ་ནས། །གསུང་རྡོ་རྗེའི་གོ་འཕང་ལ་བཀོད། སླར་འདུས་ཏེ་རང་གི་ཐུགས་ཀར་ཐིམ་པར་གྱུར། གཙོ་འཁོར་སྔགས་ཚང་མ་གོང་བཞིན་ནམ། ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་རྟུ་ཨཿ ཞེས་སྤྱི་དྲིལ་བསྙེན། གཉིས་པ་མཉམ་རྫོགས་ཆེན་པ། དམ་ཚིག་གི་དཀྱིལ་འཁོར་ལྷ་ཡབ་རྣམས་བདག་མི་བསྐྱོད་པ་ལ་ཐིམ། ཡུམ་རྣམས་གཙོ་མོ་ལ་ཐིམ་སྟེ་འོད་གསལ་དུ་ཞུགས། རང་གི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་སྔགས་ཀྱི་རྣམ་པ་ཤང་གཡས་ནས་ཐོན། མདུན་གྱི་ཡེ་ཤེས་སེམས་དཔའ་ལ་མཆོད་པའི་ཚུལ་ཤངས་བུག་གཡོན་ནས་བརྒྱུད། ཐུགས་ཀར་འཁོར་ནས་གཡས་ནས་ཕྱིར་ཐོན། རང་གི་གཡོན་ནས་ཐུགས་ཀར་ཐིམ། འོད་གསལ་དུ་ཞུགས་པའི་ལྷ་རྣམས་སྐུ་ལུས་ལས་ཕྱིར་ཐོན། རང་རང་གི་གདན་སྟེང་དུ་འཁོད་པར་གྱུར། སྔགས་ཐམས་ཅད་སྦྲེལ་བའམ། ཡབ་ཡུམ་གཙོ་བསྙེན་ཁོ་ན་བཟླས་པས་ཀྱང་རུང་ངོ་། །མཐར་བཟླས་པའི་ལྟ་བ་གསལ་གདབ་པའི་ཕྱིར། ཡང་དག་དོན་གྱི་སྙིང་པོ་ནི། །ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། གང་ནས་བརྩལ་ཀྱང་མི་རྙེད་པས། །རང་རིག་དྲི་མེད་དག་པ་ཡིན། །དེ་ལ་རྟག་ཏུ་མོས་པ་ནི། །བསྙེན་པའི་དམ་པ་མཆོག་ཡིན་ན། །སེམས་ཉིད་ཐེག་པར་རབ་ངེས་ཏེ། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ད་ལྟ་ཉིད་དུ་མངོན་གྱུར་ཅིག །ཅེས་ངེས་ཤེས་བསྐྱེད་དེ། དེ་གང་དུའང་། དམ་ཡེ་འཕྲོ་འདུ་སྟེགས་ལ་གསུམ་གསལ་ཐེབ་པར་དགོས་སོ། །བསྙེན་ཚུལ་འདི་དག་གང་ཡང་རུང་བ་རེའམ། མཐར་ཆགས་སུ་བགྱིས་ཀྱང་ཆོག་ཅིག །ཅི་ནུས་བཟླ་བ་མོས་སྒོམ་གྱི་དབང་དང་། ལམ་ངེས་རྫོགས་ལ་རྟགས་དང་དུས་དང་། གྲངས་ཀྱི་དབྱེ་བ་རྒྱ་ཆེར་གསུངས་པ་རྒྱུད་དང་མན་ངག་ལས་ཤེས་པར་བྱའོ། །གཉིས་པ་མཇུག་ཏུ་དངོས་གྲུབ་གསོལ་བ་ལའང་མཆོད་བསྟོད་དང་། བསྙེན་བཤགས་དང་། དངོས་གྲུབ་ཞུ་བའོ། །དང་པོ། མདུན་གྱི་ཡེ་ཤེས་པ་ལ་ཀུན་བཟང་ལ་ཞབས་བསིལ། སྒེག་མོ་བརྒྱད་མཆོད་དང་། རོལ་མོ་རྣམས་སྔགས་ཙམ་གྱིས་མཆོད། ནངས་མཆོད་འབུལ་ནས། བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བའོ། །དངོས་པོ་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན། །གང་དུ་དང་པོར་མི་བསྐྱོད་རྡོ་རྗེ་ནི། །དྲི་མེད་བློ་ཡིས་ཡི་གེ་ཧཱུྃ་དུ་སྤྲུལ། །གཟུགས་མེད་ཚུལ་གྱིས་ཕྲེང་བས་བསྐོར་བ་ནི། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་སྙན་ཡི་གེས་ཀུན་ལ་ཁྱབ་པ་ཡི། །སྤྲོས་མེད་གསུང་དུ་འཇིག་རྟེན་དབང་ཕྱུག་བཞུགས། །མི་གསུང་ལྷ་མོ་དམ་བཅས་འདུལ་མཛད་པ། །སྒྱུ་འཕྲུལ་ཚུལ་མང་ལྡན་པ་འགའ་མ་མཆིས། །གང་དུ་བདེ་ཆེན་རང་བཞིན་རྗེས་ཆགས་པའི། །ན་ཆུང་དག་དང་ལྷན་ཅིག་བཞད་མཛད་དེ། །གཡས་ཀྱི་ཕྱག་གིས་རྡོ་རྗེ་བསོད་ནས་ཀྱང་། །གཡོན་པ་ཡིས་ནི་དྲིལ་བུའི་སྒྲ་སྙན་འཁྲོལ། །ལྷ་མོ་མཐའ་དག་བཙུན་མོར་གྱུར་པ་ཡིས། །དམ་ཚིག་རྣམས་ཀྱི་བྱ་བ་བྱེད་པར་འགྱུར། ༈ །མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་རང་བཞིན་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྨིན་པར་མཛད། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལ་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་དཀྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེ་ཤུགས་ལས་བྱུང་། །སྨོན་ལམ་འགྲུབ་པ་འགགས་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡིས། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་པ། །ཁམས་གསུམ་ཀུན་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡིས། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛོད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། ༈ །གཉིས་པ་ནི། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་བསྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིན་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་དག་སེམས་ཀྱི། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། ༈ དབྱངས་གསལ་རྟེན་སྙིང་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་བར་བྱའོ། །གསུམ་པ། རྡོ་རྗེ་རྩེ་གཅིག་པའི་རྒྱ་བཅས། གོང་སྡོམ་བཟུང་གི་སྐབས། ༀ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །སོགས་ཀྱི་མཐར་གནས་གསུམ་དུ་རྒྱ་གཏུགས་ལ། བྷོ་དྷི་ཙིཏྟ་ཀཱ་ཡ་ས་མ་ཡ་ༀ། བྷི་དྷི་ཙིཏྟ་ཝཱ་ཀ་ས་མ་ཡ་ཨཱཿ བྷི་དྷི་ཙིཏྟ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས་མདུན་གྱི་ཡེ་ཤེས་པའི་དཔྲལ་མགྲིན་སྙིང་ག་ནས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་བྱུང་། རང་གི་གནས་གསུམ་དུ་ཐིམ། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །རྡོ་རྗེ་གསུམ་མངོན་དུ་བྱས། སླར་ཡང་བདག་དང་ཡེ་ཤེས་པ་དབྱེར་མེད་དུ་བརྟན་པའི་ཕྱིར། ༀ་བཛྲ་ས་མ་ཡ་ཨཱོཾ་སོགས་ནས། དེ་ཡང་བརྟན་པར་བྱས། ཞེས་པའི་བར་གོང་བཞིན་དུ་བརྗོད་པས། ཛཿཧཱུྃ་བཾ་ཧོཿ དང་། སླར་ཡི་གེ་བརྒྱ་པའི་སྔགས་ཀྱིས་བརྟེན་པ་མངོན་དུ་གྱུར་པ་ཆུ་ལ་ཆུ་བཞག་ལྟར་བསམ་མོ། ༈ །བཞི་པ་ཏིང་འཛིན་ཕྲ་མོའི་འཇུག་ལྡང་ཐུགས་ཀྱི་རྣལ་འབྱོར་ནི། མ་ཧཱའི་ཨ་ནུ་དང་རྗེས་སུ་འབྲེལ་བ་སྟེ། ལུས་དཀྱིལ་གསལ་དང་ལུས་དག་དྲན། ཕྲ་མོའི་རྣལ་འབྱོར་བསྒོམ་པའོ། །དང་པོ་ནི། སྤྱི་གཙུག་བདེ་ཆེན་དཀྱིལ་འཁོར་ནས། །རྣམ་པར་སྣང་མཛད་ཡབ་ཡུམ་ལ། །སྒོ་བ་ཡབ་ཡུམ་བརྒྱད་ཀྱིས་བསྐོར། །འདི་ནི་སྐུ་ཡི་དཀྱིལ་འཁོར་ཏེ། །རྩ་དང་ཐིག་ལེ་སྔགས་དང་རླུང་། །དབུ་ཡི་གཙུག་ཏོར་རྩེ་མོ་ནི། །རིགས་བདག་ཀུན་བཟང་ཡབ་ཡུམ་ལ། །ཐུབ་དྲུག་སྤྲུལ་པའི་འཁོར་གྱིས་བསྐོར། །འདི་ནི་སྐུ་ཡི་དཀྱིལ་འཁོར་ཡིན། ༈ །མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་ལ། །སྣང་བ་མཐའ་ཡས་ཡབ་ཡུམ་ནི། །སྤྱན་རས་གཟིགས་དང་གླུ་མ་དང་། །ཀུན་བཟང་མར་མེ་མ་ཡིས་བསྐོར། །འདི་ནི་གསུང་གི་དཀྱིལ་འཁོར་ཉིད། །གནས་རྟེན་གྲུབ་པས་གཡོ་བར་གྲུབ། ༈ །སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ། །མི་བསྐྱོད་ཡབ་དང་ཡུམ་དུ་བཅས། །ས་ཡི་སྙིང་པོ་སྒེག་མོ་དང་། །བྱམས་པ་བདུག་སྤོས་མ་ཡིས་བསྐོར། །འཁོར་ལོ་ཐིག་ལེ་སྔགས་དང་རླུང་། །འདི་ནི་ཐུགས་ཀྱི་དཀྱིལ་འཁོར་ཉིད། །ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ནས། །དཀོན་མཆོག་དཔལ་ནི་ཡབ་ཡུམ་ལ། །ནམ་མཁའི་སྙིང་པོ་ཕྲེང་བ་མ། །སྒྲིབ་སེལ་མེ་ཏོག་མ་དང་བཅས། །འདི་ནི་ཡོན་ཏན་འཁོར་ལོ་ཏེ། །འཁོར་ལོ་ཁམས་བཅུད་སྔགས་དང་རླུང་། ༈ །གསང་བ་མེ་རླུང་དཀྱིལ་འཁོར་ལ། །གྲུབ་པ་གདོན་མི་ཟ་བ་ནི། །ཕྱག་ན་རྡོ་རྗེ་གར་མ་དང་། །འཇམ་དཔལ་དྲི་ཆབ་མ་ཡི་བསྐོར། །འཁོར་ལོ་བདུད་རྩི་ཡི་གེ་གཡོས། །འདི་ནི་ཕྲིན་ལས་འཁོར་ལོ་ཡིན། ༈ །གཉིས་པ་ལུས་ངག་དྲན་པའི་ཕྱིར། རང་གི་ལུས་ཉིད་འདོམ་གང་ལ། །ཐམས་ཅད་ཚང་བས་གནས་པ་ནི། །ཀུན་གཞི་དེ་སྟེང་ཉོན་ཡིད་མེད། །ཡབ་ནི་རྒྱུ་ཉིད་ཨར་གནས་སོ། །རྐང་མཐིལ་རླུང་ལ་སུམ་མདོ་མེ། །ལྟེ་བ་ཆུ་ལ་སྙིང་ག་ས། །སྒལ་ཚིག་རི་རབ་སྐྲ་ནི་མེ། །མི་མཉམ་མེད་པའི་གྲུ་བཞི་ལུས། །སྙིང་གའི་རྩ་ཡི་སྒོ་བཞི་ལ། །རྐང་བརྒྱད་ཀ་བ་རྣམ་པ་བརྒྱད། །མིག་གཉིས་པཉྩ་ར་ག་ལ། །སྣ་ནི་རིན་ཆེན་ཕ་གུ་ཉིད། །སོ་ནི་དྲྭ་བ་དྲྭ་ཕྱེད་ལ། །ལྕེ་ཆུ་འདོད་ཡོན་ལྷ་མོ་འབྱུང་། །རྣ་བ་རྟ་བ་ཉིད་དུ་གནས། །སྙིང་ནི་མ་འཇིག་སེང་གེའི་གདན། །མཁལ་མ་སྟོབས་བཅུ་གླང་པོ་ཆེ། །མཚེར་བ་རྫུ་འཕྲུལ་རྟ་ཡི་ཁྲི། །མཆིན་པ་དབང་བཅུ་རྨ་བྱ་ཉིད། །གློ་བ་ཐོགས་མེད་ནམ་མཁའ་ལྡིང་། །ཕོ་བ་རིན་ཆེན་ཁྲི་རྐང་ལ། །མཆིན་ཁྲི་དཀར་ནག་ཉི་ཟླའི་གདན། །རྒྱུ་ལོང་ཆགས་མེད་པདྨ་ཡིན། །ཁྱབ་བྱེད་གཟུགས་ཕུང་རྣམ་སྣང་མཛད། །སྲོག་འཛིན་རྣམ་ཤེས་མི་བསྐྱོད་པ། །མི་མཉམ་ཚོར་བ་རིན་ཆེན་འབྱུང་། །གྱེན་རྒྱུ་འདུ་ཤེས་སྣང་མཐའ་ཡས། །ཐུར་སེལ་འདུ་བྱེད་དོན་ཡོད་གྲུབ། །སྲ་བ་ས་ནི་སངས་རྒྱས་སྤྱན། །ནམ་མཁའ་དབྱིངས་ཕྱུག་མ་ཉིད་ལ། །གཉེན་པའི་ཆུ་དབྱིངས་མ་མཱ་ཀི། །དྲོ་བ་མེད་དབྱིངས་གོས་དཀར་མོ། །བསྐྱོད་པ་རླུང་ནི་དམ་ཚིག་སྒྲོལ། །བཅུད་ནི་ཡབ་ལ་སྣོད་ནི་ཡུམ། །སྤྱད་བྱར་གྱུར་པའི་བཙུན་མོ་ནི། །རྒྱུ་བས་སྙིང་མེ་རླུང་མིག །གཟུགས་ནི་སྒེག་མོར་གནས་པའོ། །ཤིན་ཏུ་རྒྱུ་བ་ནམ་མཁའ་ཉིད། །ནམ་སྙིང་སྣ་ལ་གནས་པ་དང་། །དྲི་ནི་ལྷ་མོ་ཕྲེང་བ་མོ། །མངོན་པར་རྒྱུ་བ་སྤྱན་རས་གཟིགས། །རྡོ་རྗེ་མྱོང་མར་བྱེད་པ་སྟེ། །རོ་ནི་ལྷ་མོ་གླུ་ལེན་མ། །རབ་ཏུ་རྒྱུ་བ་ཕྱག་རྡོར་ཉིད། །རྣ་བ་ལ་གནས་ཐོས་པ་ལ། །སྒྲ་ནི་ལས་ཀྱི་གར་བྱེད་མ། །རྣམ་ཤེས་དབང་པོ་བྱང་ཆུབ་སེམས། །ཡུལ་ལ་སྣང་བ་མཆེད་པ་དང་། །ཐོབ་པར་བྱེད་པ་སྣང་བ་གསུམ། །བྱམས་པ་མེ་ཡི་རླུང་དུ་བཤད། །དཔྱིད་ནི་འདས་དུས་སྤོས་མེ་མ། །སྒྲིབ་སེལ་སྣ་ཡི་རླུང་ཡིན་ཏེ། །ད་ལྟར་དབྱར་ནི་མེ་ཏོག་ལ། །ཀུན་བཟང་མ་ནི་མངོན་པར་རྒྱུ། །འབྱུང་དུས་སྟོན་ཏེ་མར་མེ་མ། །འཇམ་དཔལ་རླུང་ཉིད་གནས་པ་ཡང་། །མ་ངེས་དགུན་དེ་དྲི་ཆབ་མ། །དབང་པོར་སྣང་བའི་ལྷ་ཉིད་ཀུན། །རང་ལ་ཡེ་ནས་དུས་སྤྱོད་ཡུལ། །འདི་ནི་སྙིང་རྗེ་ཐབས་མཆོག་ཡབ། །ཆོས་ནི་སྟོང་པ་ཤེས་རབ་ཡུམ། །ཞེ་སྡང་དམྱལ་བར་སྣང་བ་ཡང་། །ཐུབ་པས་ཞེ་སྡང་མེ་ཡང་གསོད། །སེར་སྣས་ཡི་དྭགས་སྣང་བ་ཡང་། །ང་རྒྱལ་རི་བསྙིལ་ཐུབ་པ་ཡིན། །གཏི་མུག་བྱོལ་སོང་སྐྱེས་པ་ལ། །ཐུབ་པས་གཏི་མུག་མུན་པ་སེལ། །འདོད་ཆགས་མི་ཡི་སྐྱེ་གནས་ཉིད། །འདོད་ཆགས་དུག་འཇོམས་ཤཱཀྱ་ཐུབ། །ཁོང་ཁྲོས་ལྷ་མ་ཡིན་དུ་སྐྱེ། །བདག་གཞན་དྲན་པས་ལྷ་མིན་ཐུབ། །ཕྲག་དོག་ལྷ་ཡི་གནས་སྣང་བས། །ཕྲག་དོག་ལྕགས་འགྲོལ་ལྷ་ཡི་ཐུབ། །ལུས་ཀྱི་འདུས་ཏེ་རེག་པ་ནི། །རྡོ་རྗེ་རེག་པ་གཤིན་རྗེའི་གཤེད། །རེག་པ་སྲ་བ་ས་ཡིན་ཏེ། །རྟག་པར་མ་ཡིན་ལྕགས་ཀྱུ་མ། །ལུས་ཀྱི་དབང་པོ་རེག་བྱེད་ཉིད། །ཡབ་ཀྱི་རྡོ་རྗེ་སྟོབས་པོ་ཆེ། །གཤེར་བ་འབྱུང་བ་ཆུ་ཉིད་དེ། །ཆད་པར་མ་ཡིན་ཞགས་པ་མ། །ལུས་ཀྱི་ཡུལ་ནི་རེག་བྱ་ཉིད། །ཡུམ་གྱི་པདྨ་རྟ་མགྲིན་དཔལ། །ཚ་ཞིང་དྲོ་བ་མེ་ཡིན་ཏེ། །བདག་ཏུ་མ་ཡིན་ལྕགས་སྒྲོག་མ། །ལུས་ཀྱི་རྣམ་པར་ཤེས་པ་ནི། །དམ་རྫས་དཀར་དམར་བདུད་རྩི་འཁྱིལ། །གཡོ་རླུང་སྟོང་བདེའི་ནམ་མཁའ་ནི། །མཚན་མར་མ་ཡིན་དྲིལ་བུ་མ། །སྲིད་གསུམ་ཁམས་གསུམ་སེམས་ཅན་ལ། །ཡེ་ནས་རང་ལ་ལྷུན་གྱིས་གྲུབ། །རང་གནས་ཆེན་པོ་རྟོགས་གྱུར་ནས། །རང་བཞིན་དཀྱིལ་འཁོར་བསྐྱེད་པར་བྱ། །གསུམ་པ་ནི། ལྷ་དེ་དག་གི་ཐུགས་ཀར་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔ་འདུས། འོད་ལྔའི་རང་བཞིན་འཚེར་བ་རེ་རེ་བསྒོམས་ཏེ། དེ་ཡི་དབུས་སུ་དཀྱིལ་འཁོར་ཡོངས་རྫོགས་རེ་གསལ་བཏབ་པ་ལ་སེམས་བཟུང་ཞིང་། རྡོ་རྗེའི་བཟླས་པ་འབྲུ་གསུམ་སྤྲོ་བསྡུ་དང་སྦྱར་བའི་འོད་གསལ་གྱི་རྣལ་འབྱོར་ཟབ་མོས་ཕྱི་སྣོད་ནང་བཅུད་ཐམས་ཅད་སྟོང་པའི་ངང་ལ་མཉམ་པར་འཇོག་པ་དང་། དེ་གསལ་གདབ་པའི་ཕྱིར། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམས། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོའི་རིགས་ཀྱི་དེ་བཞིན་ཉིད། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྟག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟར་ཞིང་། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པར་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། ༈ །ཅེས་ངེས་པའི་ཤེས་པ་བསྐྱེད་དོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཆོ་གའི་རྗེས་དང་། ལས་ཀྱི་རྗེས་སོ། །དང་པོ་ལ་ཚོགས་ཀྱི་མཆོད་པ། ལྷག་མ་བྱ་བ། གཏོར་མ་སྐྱོང་བ། ཉེར་བསྡུའི་རྣལ་འབྱོར་རོ། །དང་པ་ལ་སྡོམས་ནི། སྔོན་དུ་བྱ་དང་གསོལ་བ་གདབ། མཚམས་བཅད་བྱིན་རླབས་བྱིན་དབབ་དང་། མཆོད་ཅིང་ཚིམས་པར་བྱ་བའོ། །དང་པོ། ཚོགས་ཀྱི་མཎྜལ་ཛ་གད་པཉྩ་དང་སྦྱར་བ་ནུབ། ཤར་ལྷོ། ཤིང་ཐོག །ཞོ་ཕྲུམ་སོགས་ཤར། ཚོགས་བཤོས་ཟླ་གམ་བྱང་། ཚོགས་དངོས་དང་། བུར་བ་དབུས། དར་དམར་མཐིང་གི་ཞལ་ཁེབ་དང་། ཕྱི་ནང་གི་མཆོད་པ་སྦྱར། འབྱུང་པོ་ཕྱོགས་སྐྱོང་ལ་གཏོར་མ་བསྔོ། གཉིས་པ་ལས་རྡོར་གྱིས་འཁོར་ལོའི་གཙོ་བོ་ལ་ཕྱག་གསུམ་འཚལ་ནས། ཀྱེ། རྡོ་རྗེ་སློབ་དཔོན་དཔལ་དང་ལྡན། །སྲིད་པའི་སྡུག་བསྔལ་བཅད་པ་དང་། །བྱིས་པའི་ལམ་ནས་བརྒལ་བའི་ཕྱིར། །སྤྱོད་པའི་ཁྱད་པར་མཛད་དུ་གསོལ། ༈ །ཕྱོགས་བཅུ་དུས་བཞི་བསམ་ཡས་ཀྱིས། །བདེ་བར་གཤེགས་པ་ཐམས་ཅད་དང་། །སྲས་ཀྱི་ཚོགས་འདུས་ཇི་སྙེད་པ། །སྤྱོད་པའི་ཁྱད་པར་འདི་ལས་བྱུང་། །བདེ་བས་བདེ་བ་ཆེན་པོ་ཡི། །ངོ་མཚར་ཡང་དག་བསྟན་དུ་གསོལ། །བྱང་ཆུབ་སྙིང་པོ་མཆོག་གི་བར། །བདེ་མཆོག་སྤྱོད་པ་ཡང་དག་བླང་། །ཞེས་ལན་གསུམ་གསོལ་བ་གདབ་བོ། །གསུམ་པ་ནི། ༀ་སུམྦྷ་ནི་སོགས་བརྗོད་ཅིང་བགེགས་གཏོར་དོར། དྲིལ་བུ་དཀྲོལ། ས་ཡི་ཕྱོགས་འདིར་གསང་སྤྱོད་ལྟ་བ་ལ་མི་དབང་བ་ཐམས་ཅད་རྒྱང་རིང་དུ་བྱེར་ཅིག །སརྦ་བིགྷྣན་གཙྪནྟུ། ཡིད་ཀྱིས་སྲུང་འཁོར་ཕུབ། བཞི་པ་སྤོས་ཆེན་བཏུལ། ཆུ་ཆང་ནང་གསུམ་འཐོར། རླུང་གཡབ་ཀྱིས་སྦྱང་། རང་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་སྤྲོས། ཚོགས་ཀྱི་ཞལ་ཟས་ཐམས་ཅད་བསྲེག་གཏོར་སྦྱང་སྟེ་སྟོང་པར་གྱུར། ༀ་ཀྲོ་དྷི་ཤྭ་རཱི་ཧཱུྃ་ཕཊ། ༀ་སྭཱ་བྷ་ཝ་སོགས་དང་། སྟོང་པ་ཉིད་ཀྱི་ངང་ལས་ཚོགས་གཞོང་བྷནྡྷ་རིན་པོ་ཆེའི་གཞལ་མེད་ཁང་ཡོངས་སུ་རྫོགས་པ། སོགས་ནས། གཏོར་མ་བྱིན་བརླབས་ལྟར། འགྱིངས་བས་རོལ་པ་ཅན། སྟེང་འདོད་ཡོན་གྱི་ལྷ་མོ། བར་བདུད་རྩིའི་རྒྱ་མཚོ། འོག་དུས་གསུམ་ཤ་ཁྲག་རུས་པའི་མཆོད་པ་ཚོགས་རྫས་ཀུན་བཟང་ནམ་མཁའི་མཛོད་དུ་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་རླབས། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་བྷྲཱུྃ་ཆད། མུ་ཏིག་དྲི་མ་མེད་པ་དཀར་པོ་ལྟ་བུའི་སོགས་སྨན་བྱིན་རླབས་ཡོངས་རྫོགས་ནས། ཧཱུྃ་ཧྲཱི་ཋཱཿ ལྔ་པ་སྤྱན་འདྲེན་དང་། གཟི་བྱིན་བསྐྱེད་པའོ། །དང་པོ་ནི། ༀ་བཛྲ་ས་མ་ཡ་ཧཱུྃ་ཛཿ རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །དུས་གསུམ་བདེ་བར་གཤེགས་པའི་བཤེས་གཉེན་ཏེ། །སྤྲུལ་པ་ཞི་ཁྲོ་མང་པོའི་འབྱུང་གནས་གཙོ། །འགྲོ་བའི་དོན་ཕྱིར་མཆོད་ཅིང་གཤེགས་སུ་གསོལ། །ཐུགས་རྗེ་ཆེན་པོ་ཡེ་ཤེས་སྒྲོལ་འབར་བ། །ཉི་ཟླ་ལྟ་བུར་སྒྲིབ་པ་སེལ་མཛད་ཅིང་། །ཡོན་ཏན་མཆོག་གིས་བརྒྱན་ཅིང་བསྒྲུབ་པའི་མགོན། །མཆོད་གནས་དཔལ་ཞིང་དམ་པར་གཤེགས་སུ་གསོལ། །རིན་ཆེན་དབྱིག་ལྟར་ཤིན་ཏུ་མཛེས་པའི་སྐུ། །མཉམ་ཉིད་ཡེ་ཤེས་ནམ་མཁའི་དབྱིངས་ལྟར་དག །འགྲོ་བ་མ་ལུས་བསྒྲལ་བར་དམ་བཅས་ལ། །བཀའ་དྲིན་དྲན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཆགས་རབ་དོན་ཕྱིར་མ་ལུས་དབང་དུ་བསྡུད། །རྟོག་པའི་ཡེ་ཤེས་ཐར་ལམ་འདྲེན་པའི་དཔལ། །ཆུ་སྐྱེས་ཁ་འབུས་འགྲོ་བའི་ཡིད་བསྒྱུར་བ། །དག་པའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཡེ་ཤེས་མཚོན་ཆེན་དུག་གསུམ་རྩད་ནས་གཅོད། །ནན་ཏན་ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཕྲིན་ལས་རྣམ་བཞི་འགྲོ་དྲུག་བསྒྲལ་བའི་ཕྱིར། །མཉམ་པའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཤེས་རབ་དབྱིངས་མའི་རིགས་ཀྱི་ཡུམ་ལྔའི་ངང་། །ཆོས་དབྱིངས་ཡེ་ཤེས་ནམ་མཁར་གསལ་བ་དང་། །གསང་ཆེན་བདེ་བའི་ལོངས་སྤྱོད་རྫོགས་པའི་ངང་། །ཐབས་ཀྱི་ཕྱག་རྒྱར་རོལ་ཅིང་གཤེགས་སུ་གསོལ། །རྟོགས་པའི་ཡེ་ཤེས་རིགས་ཀྱི་ཕྱག་རྒྱར་སྣང་། །ཐབས་ཀྱི་མ་རྨོངས་ཕྲིན་ལས་མཛད་པའི་རྟགས། །ཐུགས་རྗེའི་སྤྱོད་པས་ཡོན་ཏན་མཐར་ཕྱིན་པ། །སེམས་དཔའ་ཆེན་པོ་མཆོད་ཀྱིས་གཤེགས་སུ་གསོལ། །ཕྱི་ནང་གཉིས་ཀྱི་ལྷ་མོ་དམ་ཚིག་མ། །ཕྱག་རྒྱ་བཞི་ཡི་ཡེ་ཤེས་གསལ་བ་ལས། །གར་དང་ཕྱག་རྒྱས་རོལ་ཅིང་དགྱེས་མཛད་དེ། །གཙོ་མཆོག་ཐུགས་དམ་བསྐངས་ཕྱིར་གཤེགས་སུ་གསོལ། །ཏྀཀྲ་ཏ་ཁྲོ་བོ་གདུག་པ་འདུལ་བའི་ཕྱིར། །ཐུགས་རྗེ་ཐབས་ཀྱིས་ཕྱོགས་སྐྱོང་ཞབས་ཀྱིས་གནོན། །ཧཱུྃ་དང་ཕཊ་ཀྱི་འབྲུག་སྒྲ་ལྡིར་བ་ལས། །བརྗིད་པའི་ཐབས་ཀྱིས་འགྱིང་ཞིང་གཤེགས་སུ་གསོལ། །གཞལ་ཡས་ཕྱོགས་བཞིའི་ཡེ་ཤེས་བཞི་ཡི་ངང་། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཚུལ། །ཐར་པའི་ལམ་སྟོན་ཡང་དག་དབྱིངས་ལ་བཀོད། །སྒོ་སྐྱོངས་སྤྱན་འདྲེན་མཆོད་ཀྱི་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕོ་ཉ་མོ། །ཕྲིན་ལས་རྣམ་བཞི་རྫོགས་པར་མཛད་འཚལ་གྱིས། །ཡེ་ཤེས་སྐར་ལྟར་འཁྲུགས་པའི་དཀྱིལ་འཁོར་འདིར། །དམ་ཚིག་རྗེས་དགོངས་མཆོད་ཅིང་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧི་སོགས་ཀྱིས་སྤྱན་དྲངས་རྒྱ་བཅས། ༀ་ཤྲཱི་བཛྲ་ཨངྐུ་ཤ་ཛཿ ༀ་ཤྲཱི་བཛྲ་པཱ་ཤ་ཧཱུྃ། ༀ་ཤྲཱི་བཛྲ་སྥོ་ཊ་བཾ། ༀ་ཤྲཱི་བཛྲ་གྷཎྜེ་ཧོཿ གཉིས་པ་ནི། འབྱུང་བ་ཆེན་པོ་ནམ་མཁའ་ནི། སོགས་སྔགས་དང་བཅས་པ་དང་། བདེ་བར་གཤེགས་སོ་བཅོམ་ལྡན་འདས། སོགས་གོང་ཀུན་བཟང་མཆོད་པའི་སྐབས་འབྱུང་བ་སྔགས་དང་བཅས་པས་མཆོད། ཀུན་བཟང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཚིགས་བཅད་དུ་བསྡེབ་པ། ཏིང་ངེ་འཛིན་གྱི་སྦིར་གྱིས་ལེགས་བྲིས་པ། །འཇིག་རྟེན་སྣང་བ་རྒྱལ་བའི་དཀྱིལ་འཁོར་ན། །རྒྱ་མཚོའི་ཡོན་ཆབ་ལྷོ་སྤྲིན་བདུག་སྤོས་འཐུལ། །རྩི་ཤིང་མེ་ཏོག་ཉི་ཟླའི་མར་མེ་གསལ། །ཆུ་བོའི་བྱུག་པ་རི་བོ་ཞལ་ཟས་དང་། །སྒྲར་གྲགས་ཐམས་ཅད་རོལ་མོ་སྣང་གྲགས་ཕྱི། །གང་ཤར་ཚོགས་དྲུག་སྟོང་ཉིད་སྤྲུལ་པའི་གཤིས། །བདེན་མེད་སྤྲོས་བྲལ་སྒྱུ་མའི་བཀོད་པ་ནང་། །སྣང་བ་སྐུ་དང་སྒྲར་གྲགས་གསུང་རྡོ་རྗེ། །དྲན་རྟོག་མི་ཤིག་བློ་འདས་གསང་བའི་དབྱིངས། །སྐྱེ་མེད་ངང་ནས་གནས་ལུགས་འགག་མེད་གདངས། །སྣ་ཚོགས་ཤར་བ་དེ་ཉིད་ངང་ནས་མཆོད། །དྲུག་པ་ལ་ཚོགས་མཆོད་དང་། ཚོགས་བཤགས་ཀྱིས་ལྷ་ཚིམ་པར་བྱ་བ། དམ་ཚིག་གི་རྫས་ཀྱིས་རྣལ་འབྱོར་པ་ཚིམ་པར་བྱ་བ། ལྷག་མའི་ཟས་ཀྱིས་ལྷག་སྡུད་ཚིམ་པར་བྱ་བ། དེ་དག་གི་སྨོན་ལམ་མོ། །དང་པོ་ལ། མཆོད་བཤགས་གཉིས་ཀྱི། དང་པོ། གཏོར་མའི་སྟེང་གི་འདོད་ཡོན་ལྷ་མོས་ཚོགས་ཞིང་རྣམས་དགྱེས་པར་བསྐྱེད། བར་བདུད་རྩིའི་རྒྱ་མཚོ་ལས། ལྗགས་རྡོ་རྗེ་སྦུ་གུས་བཅུད་དྲང་སྟེ་གསོལ། འོག་ཤ་ཁྲག་རུས་པ་ཁྲོ་རྒྱལ་སྒོ་བ་ཆོས་སྐྱོངས་རྣམས་ཀྱིས་གསོལ་བས་མཉེས་པར་གྱུར། ཧཱུྃ། གཟུགས་ནི་ལག་གཉིས་མེ་ལོང་འཛིན། །སོགས་ནས་གོང་གཏོར་མཆོད་སྐབས་ལྟར་ཁམས་དྲུག་གི་ལྷ་མོ་རྫོགས་པ། སྭཱ་བྷཱ་ཝཱཏྨ་ཀོ྅་ཧཾ། བར་དང་། སྤྲོ་ན་སྒེགས་མོ་བརྒྱད་མཆོད་མཐར། ཧཱུྃ་བཛྲ་དྷྲིཀ །མཱུྃ་དྷཱ་ཏེ་ཤྭ་རཱི། ག་ན་ཙཀྲ་པཱུ་ཛ་བ་ཁ་ཁ་ཁ་ཧཱི་སོགས་ཞི་བ་ཞེ་གཉིས་སྔགས་ཚང་མའི་མཐར་བཏགས་ལ་གསུམ་གསུམ་འབུལ། གཉིས་པ་ནི། ཡང་དག་པའི་དགོངས་པ་མངོན་དུ་གྱུར་པ་དཔལ་ཀུན་ཏུ་བཟང་པོ་ནས་དྲིན་ཆེན་བླ་མ་དམ་པའི་བར་དུ་བྱོན་པ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་ཞི་ཁྲོ་ཕུར་གསུམ་ལ་སོགས་ཏེ་རྒྱུད་སྡེ་ཆེན་པོ་དྲུག་གི་ལྷ། ཡུལ་ཉེར་གཞི། ཧེ་རུ་ཀ་ཡི་གནས་བཅུ། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ན་གནས་པའི་དཔའ་བོ་མཁའ་འགྲོ། ཆོས་སྐྱོངས་བའི་སྲུང་མ་ནག་པོ་གནོད་སྦྱིན་ལྕམ་གསུམ་ལ་སོགས་པའི་ཞལ་དུ་ཚོགས་ཀྱི་མཆོད་པ་ཆེན་པོ་འབུལ་ལོ། །རྣལ་འབྱོར་པ་བདག་ཅག་གི་རྩ་བ་ཡན་ལག་ཆག་ཉམས་འགལ་འཁྲུལ་དུ་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །བྱང་ཞིང་དག་པར་མཛད་དུ་གསོལ། ཧཱུྃ་ལྟ་བ་འཕང་དམས་ཆོས་ཉིད་དོན་མ་རྟོགས། །སྒོམ་པ་ཡུན་ཐུང་ཡི་དམ་ལྷ་མ་གསལ། །སྤྱོད་པ་རླབ་ཆུང་ཡི་དམ་ལྷ་མ་མཉེས། །བརྩེ་གདུང་ཆུང་བས་སློབ་དཔོན་སྐུ་མ་མཉེས། །བཀྲ་བའི་ལྷ་ཚོགས་རྣམས་ལ་བཤགས་པར་བགྱི། །ཡི་གེ་བརྒྱ་པ་བརྗོད་ལ་ཆག་ཉམས་རང་བཞིན་མེད་པར་ཤེས་པ་རྟོག་པ་ལྟ་བས་བསྐངས་བར་བྱའོ། །གཉིས་པ་ཞུ་བ་དང་ལན་གྱིས་ཚོགས་ཀྱི་དོན་ངོ་སྤྲད་པ་དང་། བདུད་རྩིའི་མཆོད་པས་ཚོགས་ཀྱི་རྣམ་རྟོག་སེལ་བ་དང་། ཚོགས་ལ་རོལ་བ་དངོས་སོ། །དང་པོ་ལ་གསུམ་གྱི། དང་པོ་ཞུ་བའི་ཕྱིར་ལས་རྡོར་གྱིས་དབང་ཕྱུག་ལ་ཕྱག་གསུམ་འཚལ་ཏེ། ཛ་གད་ཀྱི་ཞལ་བུ་ཐོགས་ལ། གར་བསྐོར་བཅས། ཀྱེ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་རྣམ་རྟོག་བྱར་མི་རུང་། །ཁྱི་དང་བྲམ་ཟེ་གདོལ་པ་གསུམ། །རང་བཞིན་གཅིག་པ་ཉིད་དུ་རོལ། །ཞེས་དང་། ༀ། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །བདག་གི་ཚོགས་ཀྱི་མཆོད་པ་འདི། །མཉེས་པའི་དོན་དུ་བསྟབ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །གཉིས་པ་ནི། སློབ་དཔོན་གྱིས་ཡེ་ཤེས་ཆེན་པོ་ལས་བྱུང་བའི། ཚོགས་ཆེན་འབར་བས་ཉོན་མོངས་བསྲེགས། །འདི་འདྲའི་བདེ་བ་ཐོབ་ནས་ཀྱང་། །ཀུན་གྱིས་ཨ་ཧོ་སུ་ཁ་བརྗོད། །ཐམས་ཅད་ཀྱིས། ཨ་ཧོ་མ་ཧ་སུ་ཁ་ཧོ། ཨ་ལ་ལ་ཧོ། གསུམ་པ་ཆེ་བ་ལ་ཚོགས་ཀྱི་རང་བཞིན་ངོ་སྤྲད་པ་དང་། དེ་ཡི་རྒྱུ་ཡོ་བྱད་ལམ་དུ་བྱ་བའོ། །དང་པོ་སྐུ་གསུམ་དང་། བྱང་ཆུབ་སེམས་སུ་ངོ་སྤྲོད་པ་སྟེ། སྟོང་ལ་འབྱོར་བའི་རྟགས་སུ་དམ་པ་འབྱུང་། །བདེ་མཆོག་བདེ་མཛད་བདེ་བར་མཛད་པ་སྟེ། །རིག་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་ཡིན། །དེ་ནི་བྱང་ཆུབ་སེམས་སུ་རིག་པས་རིག །བྱང་ཆུབ་སེམས་ནི་དངོས་གྲུབ་མཆོག །དེ་རིག་ཡང་དག་ཉིད་ཅེས་བྱ། །འོད་དང་མངོན་ཤེས་ལྔ་ལ་སོགས། །ལྡན་ཡང་གནོད་སྦྱིན་མོས་མི་ཤེས། །གཉིས་པ་ལ། འགོ་བ་ཟས། གླུ་ཚིག་སྒྲ། བྲོ་གར་འདུ་འཕྲོའི་ཡོ་བྱད་གསུམ། དང་པོ་ཐམས་ཅད་ནས། རྣལ་འབྱོར་རིག་འཛིན་དམ་ལྡན་པས། །ན་བཟའ་དང་ནི་ཞལ་ཟས་རྣམས། །གྲུབ་པའི་རྫས་སུ་དབང་བསྐུར་ཏེ། །གསོལ་ནས་དངོས་གྲུབ་མཆོག་ཐོབ་འགྱུར། །གཉིས་པ། རྣལ་འབྱོར་རིག་འཛིན་དམ་ལྡན་པས། །གླུ་དང་ཚིག་གི་སྒྲ་རྣམས་ནི། །གསུང་གི་ངོ་བོར་བྱིན་རླབས་ནས། །བསྒྲགས་ནས་དངོས་གྲུབ་མཆོག་ཐོབ་འགྱུར། །གསུམ་པ། རྣལ་འབྱོར་རིག་འཛིན་དམ་ལྡན་པས། །བྲོ་དང་གར་གྱིས་མཆོད་བྱས་ཏེ། །འོད་ཀྱིས་འདུ་འཕྲོར་བྱིན་རླབས་ནས། །དངོས་གྲུབ་མཆོག་ཀྱང་ཐོབ་པར་འགྱུར། །ལས་ཀྱི་རྡོ་རྗེས་འདུས་པ་ཐམས་ཅད་ལ་གནས་གསུམ་དུ་དྲི་ཡི་ཐིག་ལེ་འབུལ། གཉིས་པ་བདུད་རྩིའི་མཆོད་པ་ལ། ཞུ་བ་དང་། འབུལ་བའོ། །དང་པོ་ནི། ལས་ཀྱི་རྡོ་རྗེ་ཕྱག་གསུམ་བཙལ་ནས། ཧཱུྃ་མཛད་ཧཱུྃ་གིས་ཐུགས་དམ་བསྐང་བ་ནི། །ལྕང་ལོར་བཅས་པའི་པདྨ་བྷཉྩ་རུ། །ཚེ་འཛིན་མཆོག་གི་དམར་ཆེན་དམ་པས་བཀང། །པདྨ་ཟིལ་ཏིག་དྲི་དང་རཀྟ་ཁཱ། །རྡོ་རྗེ་ལས་ཀྱི་ཆུ་དང་བདུད་རྩི་ལྔ། །ཤ་ཆེན་མཁའ་ལྡིང་ཤེལ་སྒོང་གཟུགས་ཚོགས་སོགས། །སྨན་ཆེན་ལྔ་དང་ཆོ་དང་བྱི་ལ་སེ། །སྦྱོར་དང་སྒྲོལ་བའི་བདུད་རྩི་མཆོག་ཉིད་ཀྱིས། །ཧཱུྃ་མཛད་ཧཱུྃ་གིས་ཐུགས་དམ་བསྐོང་བར་མཛོད། །ཅེས་གསོལ། གཉིས་པ་ནི། ཧོཾ། རང་བྱུང་གདོད་ནས་དག་པ་ཡི། །སོགས་ནས། ཙིཏྟ་སིདྡྷི་ཧཱུྃ། ཞེས་དངོས་གྲུབ་བླངས་བ་རྫོགས་པར་བརྗོད་ནས། མཐེབ་སྲིན་ཉི་ཟླའི་སྐྱོགས་ཀྱིས་འབུལ། སློབ་དཔོན་གྱི་མདུན་དུ་ཕྱི་མཆོད་བཀོད་པ་ལས་རྡོར་གྱིས་ཚོགས་ལ་འགྲིམ་པའམ་བཏེགས་ཏེ་སླར་ཡང་ཕྱི་མཆོད་རྒྱས་པ་བྱ། གསུམ་པ་ལ་ཕྱག་ཚང་བས་ཚོགས་འགྱེད་ཕུལ་ནས། རྣལ་འབྱོར་པ་ཀུན་ལ། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །ཞེས་ཞུ། ལེན་པ་པོས་ཀྱང་། ཨ་ལ་ལ་ཧོ། ཞེས་ལན་བཏབ། བྷྲཱུྃ་ཧ་ཧོ་ཕཊ། རང་ཉིད་བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ཡི། །སྙིང་གར་ཟབ་ཡངས་རྒྱུད་སྡེའི་དཀྱིལ་འཁོར་ལྷ། །སྤྱི་བོར་བླ་མ་མགྲིན་པར་མཁའ་འགྲོ་དང་། །ལྟེ་བར་ཆོས་སྐྱོངས་རྩ་ཁམས་དཔའ་བོ་དང་། །རྣལ་འབྱོར་མ་ལུས་རྡོ་རྗེ་རྩེ་གསུམ་ལྗགས། །བཟའ་དང་བཏུང་བ་ཁམས་དྲུག་འདོད་ཡོན་གྱི། །སྤྲུལ་པའི་རིག་མ་རང་བྱུང་རྩིའི་བཅུད། །རང་བཞིན་རྣམ་པར་དག་པའི་ངང་དུ་མཆོད། །ཞེས་བཟའ་བཏུང་ལོངས་སྤྱོད་བཞིན། རིགས་ཀྱི་རྟོགས་པ་དང་། ངོ་ཚ་དང་འཇིག་པ། མི་གཙང་བའི་རྟོག་པ་སྟེ་མི་བྱ་བ་གསུམ། རྡོ་རྗེ་འཛིན་པ་ལས་རྡོར། རྡོ་རྗེའི་སྤུན་ལ་ཐ་མལ་བླ་དྭགས་ཀྱི་མིང་དང་། དམ་རྫས་ལ་ཐ་མལ་གྱི་མིང་ནས་མི་འབོད་པ་གསུམ། ལུས་ལྷ། ངང་སྔགས། སེམས་ཆོས་ཉིད་དེ་མི་འདྲལ་བ་གསུམ། བྱ་བའི་དུས། བྱས་གྲགས། ཇི་ལྟར་བྱ་ཚུལ་གསང་བ་སྟེ་གསང་བ་གསུམ། ཚོགས་གྲལ་དུ་མ་བསྡད་པ་ལ་མི་སྦྱིན། རང་གིས་བྱིན་རླབ་རྫས་གཞན་ལ་མི་སྦྱིན། ལྷག་མ་ཁྱི་བྱ་ལ་སོགས་པའི་དོན་དུ་མི་སྦྱིན་པ་གསུམ། ཚོགས་གྲལ་དུ་ཀུ་ཅོ་རྩོད་པ་བག་མེད་པ་རྣམས་སྤངས་བའི་ཚུལ་ལ་འབད་དོ། །གསུམ་པ་ཟོས་ལྷག་ཕྱོགས་གཅིག་བསྡུས་པ། ཚོགས་ཀྱི་དཀྱིལ་འཁོར་ཤར་ལྷོ་དྲི་ཡི་མཎྜལ་དང་ཞིང་ལྤགས་སྟེང་། གཏོར་སྟེགས་ལ་བསོག་འཇོག་མེད་པར་སྣོད་དུ་བཀོད། དེའི་སྟེང་ངོས་གཏོར་ཁྲིར་ཚོགས་མཆོད་ཀྱི་ལྷག་མར་དཔལ་འབར་བཙུགས་ཏེ་སྨན་རཀ་སྦྲེང་། ལས་རྡོར་གྱིས་ཕྱག་བྱས་ཏེ། ལྷག་མ་ལ་བྱིན་རླབས་ཞུ་འཚལ། ༀ་ཨ་ཧཱུྃ། ལྷག་མའི་དམ་རྫས་སྟེང་འདོད་ཡོན་གྱི་ལྷ་མོ། བར་བདུད་རྩིའི་རྒྱ་མཚོ། འོག་དུག་གསུམ་ཤ་ཁྲག་རུས་པའི་ཚོགས་སུ་གྱུར། ལུས་ཀྱིས་མཛེས་པའི་ཕྱག་རྒྱ་དང་། ངག་གིས། ༀ་ཨེ་ཨཱ་ར་ལི་ཧོཿ ཛཿཧཱུྃ་བྃ་ཧོཾཿ བཛྲ་ས་མ་ཡ་ཕེཾ་ཕེཾ། ཐུགས་ཀར་ལྕགས་ཀྱུའི་ཕྱག་རྒྱ་བཅས། སྒུགས་པའི་བརྡས་བསྐུལ་ཏེ། ཌཱཀྐིར་ཛཿཧཱུྃ། ཌཱཀྐི་རཱ་ཛཱ་ཛ། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། པྲ་ཝེ་ཤ་ཡ། པྲ་ཝེ་ཤ་ཡ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཏིསྟ་ཡ། ཏིསྟ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་བཛྲ་ནན། ཌཀྐི་ནི་ཧྲི་ད་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་རང་གི་ཐུགས་ཀ་ནས་འདོད་པའི་རྒྱལ་པོ་བྱུང་ནས། ལྷག་མགྲོན་ཐམས་ཅད་ཀྱི་ཐུགས་ཀ་ནས་བཟུང་སྟེ་དཀྱིལ་འཁོར་གྱི་མུ་རན་ལ་བཀུག་པར་གྱུར། ལྷག་མ་གཉིས་ཀྱི་གཙང་ལྷག་དང་དམེ་ལྷག་སོ་སོར་སྨན་རཀ་སྦྲེང་། ༀ་སརྦ་བུདྡྷ་བཛྲ་རཏྣ་པད་མ་ཀརྨ་ཌཱཀྐི་ནི་ཨེ་མྃ་བ་ལིནྟ་ཧཱུྃ་ༀ་ཏྲཱྃ་ཧྲཱིཿཧཱ་ཕཊ། གསུམ་གྱིས་འབུལ། དམེ་ལྷག་དང་གཅིག་ཏུ་བསྲེས། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། དབང་མོ་ཉི་ཤུ་རྩ་བརྒྱད། དམ་ཅན་བཅུ་གཉིས་དྲེགས་པའི་ཚོགས་དང་བཅས་པ། ལངྒ་བཅུ་དྲུག །འབར་མ་བརྒྱད། མ་བདུན་སྲིང་བཞི། གིང་ཕོ་མོ་བཅོ་བརྒྱད། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་ལ་སོགས་པ། དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་ཤིང་དམ་བཅས་པ་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲུང་བར་ཞལ་གྱིས་བཞེས་པ། ལྷག་མགྲོན་དུ་གྱུར་པ། ཚོགས་ལྷག་ལ་དབང་བ་རྣམས་ཀྱི་ཞལ་དུ་ཁ་ཁ་ཁ་ཧི། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། ཆོས་སྦྱོང་ཟབ་མོ་ལ་བར་དུ་གཅོད་པའི་རྐྱེན་བཟློག་ཅིག །ཅེས་བརྗོད་ལ་ལྷག་མ་སྐྱོང་ངོ་། །ཡ་ཧི་གཙྪ། ལྷག་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། བཞི་པ་ནི། ཟག་མེད་བདེ་བའི་དཔལ་ལས་ལེགས་སྤྲུལ་པ། །གདན་གསུམ་ཚང་བའི་དཀྱིལ་འཁོར་རྒྱ་མཚོ་ལ། །དགྱེས་ལྡན་ལྷ་ཡི་མཆོད་པའི་སྤྲིན་དཔུང་ཚོགས། །ལེགས་པར་ཕུལ་བས་ཚོགས་གཉིས་རྫོགས་པར་ཤོག །རྡོ་རྗེའི་ལུས་ཀྱིས་སྒྱུ་མའི་ཐབ་ཁུང་དུ། །རང་རིག་གདོད་ནས་གྲུབ་པའི་རྩ་གསུམ་ལ། །ཀུན་རྟོག་བཟའ་བའི་བསྲེག་བླུགས་ཕུལ་བའི་མཐུས། །འཁོར་འདས་དག་མཉམ་ཆེན་པོར་རྒྱས་ཐེབ་ཤོག །རྡོ་རྗེ་ཐེག་པའི་གསང་བ་འདིར་འདུས་པ། །སྐལ་ལྡན་མི་ཡིས་འབྱོར་ལྡན་ཡོ་བྱད་ཚོགས། །དམ་ཚིག་རྫས་ལ་ལེགས་པ་སྤྱོད་པའི་མཐུས། །ཉམས་རྟོག་གོང་ནས་གོང་དུ་འཕེལ་བར་ཤོག །སྔོན་ཚེ་དཔལ་ཆེན་སྤྱན་སྔར་དམ་མནོས་པ། །ལྷག་སྡུད་རྣམས་ཀྱིས་རྣམ་མང་འདོད་ཡོན་ལ། །བདེ་བར་རོལ་པས་བདེ་ཆེན་རྡོ་རྗེ་སེམས། །བསྒྲུབ་ལ་རྟག་ཏུ་བར་ཆད་སྲུང་བར་ཤོག །དངོས་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཡིས། །ཆོས་ཉིད་རྫོགས་པ་ཆེན་པོར་ཚིམ་བྱེད་པ། །ལྷན་སྐྱེས་གཉུག་མའི་ཚོགས་ཀྱི་འཁོར་ལོ་ནི། །སྙིང་དབུས་པདྨར་རྟག་ཏུ་སིམ་གྱུར་ཅིག ༈ །བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ། །བསྒོམ་བཟླས་མཆོད་བསྟོད་ཚོགས་འཁོར་ཕུལ་བ་ཡིས། །དགེ་བ་འདི་ཡིས་བདག་གཞན་སེམས་ཅན་རྣམས། །སྐྱོན་བྲལ་ཡོན་ཏན་མ་ལུས་རབ་རྫོགས་ཏེ། །མཐར་ཐུག་སངས་རྒྱས་སྐུ་ལྔ་ཐོབ་པར་ཤོག ༈ །གཉིས་པ་ལྷག་ཆེན་གྱིས་ཆོ་ག་ནི། སྲུང་མའི་གཏོར་ཆོག་སྟེ་ཚོགས་མཆོད་མེད་ཀྱང་བསྙེན་པའི་མཇུག་ཏུ་བྱ་བར་གསུངས་པས། མདུན་སྟེགས་ལ་ཐོད་སྣོད་དུ་གཏོར་མ་སྙིང་གི་དབྱིབས་ཅན་སོ་དྲུག་གམ། ལྔ་དམ་རྫས་ཀྱིས་བརྒྱན་པ་བཀོད། གཏོར་གཞོང་གི་མདུན་དུ་ཕྱི་མཆོད་བཤམས། ༀ་ཨཱཿཧཱུྃ། གཏོར་མའི་སྟེང་འདོད་ཡོན་གྱི་ལྷ་མོ་སོགས་ཚོགས་ལྷག་བྱིན་རླབས་ལྟར་དང་། བདག་གི་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྤྲོས། མཁའ་འགྲོ་མ་སོ་གཉིས་དང་། དཔའ་བོ་བཞི་རང་དབང་མེད་པར་སྤྱན་དྲངས་ཏེ། བཅོམ་ལྡན་འདས་རིགས་ལྔའི་འཁོར་གྱི་ཕྱིར་གཞལ་མེད་ཁང་གི་ཕྱི་རོལ་ཏ་ལའི་ཚལ་དུ་ཕྱོགས་རེར་བརྒྱད་བརྒྱད་དང་། ཟུར་བཞིར་བཞི་གནས་པའོ། །ༀ་ཌཱཀྐི་རཱ་ཛཱ་ཧཱུྃ། སོགས་གོང་ལྟར་དང་སྤྱུག་གླུས་བསྐུལ། དེ་ཐམས་ཅད་ཀྱང་ཞིང་ཚལ་བའི་གདན་ལ་གར་གྱིས་འགྱིང་བ། གཅེར་བུ་ལག་ན་གྲི་གུག་དང་། ཐོད་ཁྲག་ཐོགས་པ། རུས་པའི་རྒྱན་དང་གཡེར་ཁའི་ཕྲེང་བས་ཀླུབ་པ། ཤར་བརྒྱད་དཀར། ལྷོ་བརྒྱད་སེར། ནུབ་བརྒྱད་དམར། བྱང་བརྒྱད་ལྗང་། མཚམས་རྣམས་གཉིས་འདྲེས་ཅན་ནོ། །སློབ་དཔོན་གྱིས་གཏོར་མ་ལ་ཁ་ཕྲུ་བཏབ་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ལྗགས་ཀྱི་རྩེ་མོ་ལས། བདུད་རྩིའི་ཆར་འཕྲོས། མཁའ་འགྲོ་མ་རྣམས་ཀྱིས་ཞལ་དུ་ཐིམ། དེ་ནི་ཁ་ཆུའི་དགོངས་པའོ། །གཏོར་མ་བདུད་རྩིའི་རྒྱ་མཚོ། མཁའ་འགྲོ་རྣམས་ཀྱིས་གསོལ། དེ་ནི་བདུད་རྩིའི་དགོངས་པའོ། །དུག་གསུམ་ཤ་ཁྲག་རུས་པར་གྱུར་ཡང་མཁའ་འགྲོ་མ་རྣམས་ཀྱིས་གསོལ་བར་གྱུར། དེ་ནི་དུག་གསུམ་གྱི་དགོངས་པའོ། །དེ་ནས་མཆོད་དེ། ཧཱུྃ་བཛྲ་དྷཱ་ཀ་ཌཱཀྐི་ནི། པྲ་ཏིཙྪ་ཨེ་མྃ་བ་ལིཾ་ཏ་ཧཱུྃ་ཕཊ་ཁ་ཧི། ༀ་སརྦ་བུདྡྷ་དྷཱ་ཀ་ཌཱཀྐི་ནི། པྲ་ཏིཙྪ་ཨི་མྃ་བ་ལིཾ་ཏ་ཨཱོཾ་ཕཊ་ཁ་ཧི། དེ་ཤར་གྱི་དགུ། ཏྲཱྃ་སརྦ་རཏྣ་དྷཱ་ཀ་དྷཱ་ཀི་ནི། པྲ་ཏིཙྪ་ཨི་མྃ་བ་ལིཾ་ཏ་ཏྲཱྃ་ཕཊ་ཁ་ཧི། ལྷོ་ཡི་དགུའོ། །ཧྲཱིཿསརྦ་པདྨ་ཌཱ་ཀ་ཌཱཀྐི་ནི། པྲ་ཏིཙྪ་ཨི་མྃ་བ་ལིཾ་ཏ། ཧྲཱིཿཕཊ་ཁ་ཧི། ནུབ་ཀྱི་དགུ། ཧཱཿསརྦ་ཀརྨ་ཌཱ་ཀ་ཌཱཀྐི་ནི། པྲ་ཏིཙྪ་ཨི་མྃ་བ་ལིཾ་ཏ་ཧཱ་ཕཊ་ཁ་ཧི། བྱང་གི་དགུའོ། །འདི་རྣམས་སོ་སོའི་གྲངས་ཚད་དམ་གསུམ་རེ་བཟླའོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་རྣ་བ་ཅག་གེར་ཉན་པར་གྱུར་པ་ལ། རྡོ་རྗེ་དྲིལ་བུའི་འགྱུར་བ་བཅས། ཧཱུྃ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། །མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ནི། །མངོན་པར་དགའ་བའི་འཇིག་རྟེན་ནས། །རྡོ་རྗེ་ནམ་མཁར་འགྲོ་མ་རྣམས། །ཡི་དྭགས་སྟན་ལ་ཡང་དག་བཞུགས། །དཔའ་བོ་འཇིགས་པའི་གཟུགས་འཛིན་ཏེ། །སྐལ་དང་རང་གི་ལག་ཆར་ལྡན། །གདུག་པའི་སེམས་ཀྱིས་བསྡིག་བྱེད་ཅིང་། །ཤ་ཁྲག་དང་ནི་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་སྤྱོད་རྣམས། །ཟ་བར་བྱེད་ཅིང་འདྲེན་པར་བྱེད། །གསོད་པར་བྱེད་ཅིང་ཕྲོག་པར་བྱེད། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །ཤར་གྱི་ཕྱོགས་ནས་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའ་ཡི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་སྒྲུབས། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །དཔལ་དང་ལྡན་པའི་འཇིག་རྟེན་ནས། །རྡོ་རྗེ་ནམ་མཁར༴ གཟི་བྱེད་ཆེ་དང་འབར་བྱེད་མེ། །འཇོམས་བྱེད་མ་དང་བོང་བུའི་མགོ། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །ལྷོ་ཡི་ཕྱོགས༴ འདིར་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ བདེ་བ་ཅན་གྱི་འཇིག་རྟེན་ནས། །རྡོ་རྗེ་ནམ༴ ཆགས་ཆེན་མ་དང་ཆགས་བྲལ་མ། །འཁོར་ལོ་མ་དང་རྒྱས་འདེབ་མ། །ཀུན་ཀྱང་རང་གི་ལག་ཆར་ལྡན། །ནུབ་ཀྱི༴ འདི་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ རྣམ་པར་དག་པའི་འཇིག་རྟེན་ནས། །རྡོ་རྗེ་ནམ༴ སྣ་ཚོགས་ལུས་དང་སྲུང་བ་མོ། །གནོད་སྦྱིན་མ་དང་ཡང་དག་འཕྲོག །ཀུན་ཀྱང་༴ བྱང་གི་ཕྱོགས༴ འདིར་གཤེགས༴ བཀའ་ཡི༴ བདག་གི༴ ཤ་ཆེན་སྤུངས་པའི་འཇིག་རྟེན་ནས། །བྱ་རོག་གདོང་ནི་མིག་འཕྲུལ་ཅན། །འཇིགས་པའི་མིག་དང་འཇིགས་པའི་གདོང་། །ཤར་ལྷོའི༴ ལག་པར་གྲི་དང་ཁྲག་གཞུང་ཐོགས། །མཆོག་ཏུ་ཤ་དང་ཁྲག་ལ་དགྱེས། །ཀུན་ཀྱང་༴ ཤར་ལྷོ་མཚམས༴ འདིར་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ ཀེང་རུས་སྤུངས་པའི་འཇིག་རྟེན་ནས། །བཞད་དང་འུག་པའི་གདོང་རིང་མ། །ཁྲོས་པ་ཁྱི་དང་ཕག་གི་གདོང་། །ལྷོ་ནུབ་ནམ༴ ལྟོ་འཕྱང་པོ་ལ་བུམ་པ་འཛིན། །ཀུན་ཀྱང་༴ ལྷོ་ནུབ་མཚམས༴ འདིར་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ རཀྟ་ཁྲག་གི་རྦ་ཀློང་ནས། །རྔ་མོང་བུའི་གདོང་འཛིན་ཏེ། །ཁྲོས་པ་ར་དང་བྱི་ལའི་གདོང་། །ནུབ་བྱང་ནམ་མཁར་འགྲོ༴ རྒྱུ་མའི་མགོ་ནས་ཟ་བར་བྱེད། །ཀུན་ཀྱང་༴ ནུབ་བྱང་མཚམས༴ འདིར་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ ཐལ་ཆེན་སྤུངས་པའི་འཇིག་རྟེན་ནས། །ཀེང་རུས་དཀར་པོ་འཛིན་པ་སྟེ། །ཁྲོས་པས་རུས་པའི་ཕྲེང་བ་ཀླུབ། །བྱང་ཤར་ནམ༴ ཕན་ཚུན་འཐབ་ཅིང་རྩོད་པར་བྱེད། །འཇིགས་བྱེད་དྲག་པོའི་མཆེ་བ་ཅན། །ལྕེ་སྤྱང་གི་ནི་འཁོར་གྱིས་བསྐོར། །ཀུན་ཀྱང་འདིར་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །དཀྱིལ་འཁོར་དེ་ཡི་གྲ་བཞི་ནས། །འཇིགས་བྱེད་མཁའ་འགྲོ་བཞི་འབྱུང་བ། །ཤར་གྱི་ཕྱོགས་ནས་བྱུང་བ་ནི། །རྡོ་རྗེ་མཁའ་འགྲོ་ཆེན་མོ་སྟེ། །སྲིན་མོ་བུམ་སྣ་གཤེགས་སུ་གསོལ། །འཇིགས་བྱེད་འབུམ་ཕྲག་དགུ་དང་བཅས། །ཀུན་ཀྱང་༴ འདིར་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ ༈ ལྷོ་ཡི་ཕྱོགས༴ རིན་ཆེན་མཁའ་འགྲོ༴ རྡོ་རྗེ་དུས་མཚན༴ འཇིགས་བྱེད་འབུམ་ཕྲག་ལྔ་དང་བཅས། །ཀུན་ཀྱང་༴ འདིར་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ ནུབ་ཀྱི་ཕྱོགས་ནས༴ པདྨ་མཁའ་འགྲོ༴ རྡོ་རྗེ་དུས་ཀྱི་འཁོར་ལོ་ཡང་། །འཇིགས་བྱེད་འབུམ་ཕྲག་གསུམ་དང་བཅས། །ཀུན་ཀྱང་༴ འདིར་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ བྱང་གི་ཕྱོགས༴ རྡོ་རྗེ་ལངྐ་མགྲིན་བཅུ་ཡང་། །གནོད་སྦྱིན་བྱེ་བ་འབུམ་དང་བཅས། །ཀུན་ཀྱང་༴ འདིར་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ མཁའ་འགྲོ་ཕོ་མོ་ཁྱེད་རྣམས་ཀྱང་། །སྔོན་ཚེ་བཅོམ་ལྡན་རིགས་ལྔ་ཡིས། །ཕོ་རྣམས་བཏུལ་ཏེ་གདན་དུ་བཏིང་། །མོ་རྣམས་བཏུལ་ཏེ་མཛའ་མོར་བྱས། །སོ་སོའི་དམ་ཚིག་བགོས་པ་བཞིན། །བདག་ཀྱང་རྒྱལ་བའི་བསྟན་སྲུང་ན། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །བར་དུ་གཅོད་པའི་དགྲ་བགེགས་རྣམས། །མྱུར་དུ་སྒྲོལ་ལ་མེད་པར་མཛད། །བདུད་འདུལ་མཐུ་དང་སྐལ་ལྡན་ཚེ། །མཛོད་ལྡན་ནོར་དང་འཁོར་རྣམས་ཀྱིས། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །སྨན་རཀ་བསྒྲེང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧི། མ་ཧཱ་རཀྟ་ཁ་ཧི། མཆོད་པའི་ཚོགས་གཏོར་གཞོང་དུ་གཤེགས་ལ། ཨི་དཾ་པུཥྤེ། དྷཱུཥྤེ། ཨ་ལོ་ཀེ །གནྡྷེ། ནཻ་ཝིཏྱེ། ཤ་པྟ་པཱུ་ཛ་ཧོ། ཞེས་ཡི་གེ་བརྒྱ་པ་བཟླ་བཞིན་རོལ་མོའི་སྒྲ་བཅས་གཏོར་མ་གཤེགས། མཁའ་འགྲོ་མ་རྣམས། ཡ་ཏི་གཙྪ། དམ་ཚིག་འཁོར་ལོའི་གནས་སུ་གཤེགས། །གསུམ་པ་ལ། བརྟན་མ་དང་། གཏོར་སྐྱོང་དངོས་སོ། །དང་པོ་གཏོར་མ་ནམ་མཁའ་མཐོང་སར་ཁྱེར་སྨན་རག་བྲན། ༀ་ཨཱཿཧཱུྃ། རྒྱ་གར་ཡུལ་གྱི་ཚུ་རོལ་དུ། །བལ་པོའི་ཡུལ་གྱི་ཕ་རོལ་ན། །ཨ་སུ་ར་ཡི་བྲག་ཕུག་ཏུ། །པདྨ་དབང་གིས་དམ་སྩལ་བ། །མི་སྡུག་ནག་མོའི་བུ་མོ་བདུད་མོ་བཞི། །དམར་མོ་ཁྲོ་གཉེར་བུ་མོ་གནོད་སྦྱིན་བཞི། །དཀར་ཤམ་བཞིན་བཟང་བུ་མོ་སྨན་བཙུན་བཞི། །འདིར་གཤེགས་དམ་དགོངས་མཆོད་སྦྱིན་བསྣམ་དུ་གསོལ། །མཆོད་པ་གཤེགས་ལ། ༀ་ལ་ལ། ལེ་ལེ། ཏཾ་ཏཾ། ཁ་རགྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ། ཨི་དཾ་པུཥྤེ་ནས། པུ་ཛ་ཧོ། སྨན་རག་སྔགས་དང་། ཡིག་བརྒྱ་བརྗོད། ཡ་ཧི་གཙྪ་ས་རང་གནས་སུ་གཤེགས། གཉིས་པ། གཏོར་མ་རྩ་བ་གཅིག་པ་རྩེ་མོ་གསུམ་པ་ལ། སྨན་བྲན། གཏོར་མ་ཏྲཱྃ་ལས་རིན་ཆེན་མཆོད་སྡོང་ནི། རྩེ་གསུམ་འབྲུ་གསུམ་རྩ་བ་ཏྲཱྃ་མཚན་པ། །བདེ་བར་གཤེགས་པ་དམ་ཅན་སྲུང་མ་དང་། །འགྲོ་དྲུག་སེམས་ཅན་ཀུན་ལ་མཆོད་སྦྱིན་འབུལ། །ལྷ་ཚོགས་ཐམས་ཅད་ཞལ་ཕྱིར་གཟིགས་པར་བསྒོམས་ལ་རོལ་མོ་དང་། བཟློག་སྔགས་དང་། བྱེ་བྲག་སྲུང་འཁོར་གྱི་སྐབས་ཀྱི་ཛྭ་ལི་བཛྲའི་སྔགས་བརྗོད། རང་གི་གནས་ལྔ་ནས་མཚོན་ཆ་སྣ་ལྔ་སྤྲོས། །རྡོ་རྗེའི་རྭ་གུར་ལ་ཕོག །དེ་ལས་མཚོན་ཆ་སྤྲོས་བདུད་བགེགས་ཐམས་ཅད་བསྐྲད། ཚུར་འདུས་སྲུང་བའི་གུར་ཁང་བརྟན་པར་གྱུར། བཛྲ་བྷྲཱུྃ་རཀྵ་རཀྵཿ རྟེན་སྙིང་དང་། རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །སོགས་སྨན་ལམ་བྱས་ཏེ་ལྷ་ཚོགས་ཞལ་ནང་དུ་གཟིགས་པར་བསམ། བཞི་པ་ཉེར་བསྡུ་ལ། གཏོང་རག་གི་མཆོད་བཤགས་དང་། ཉེར་བསྡུ་དངོས། དང་པོ། མཆོད་པ་བྱིན་རླབས་མཐར། རྣམ་བདུན་འདོད་ཡོན་སྨན་རག་གཏོར་མ་སྔགས་ཙམ་གྱིས་མཆོད་དེ། ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །ཁོང་སྟོང་ཁྱོད་ཀྱི་སྐུ་ལ་བསྟོད། །ཁྱོད་ནི་གླང་པོའི་རྣ་བ་ཅན། །ཁྱོད་ནི་སེང་གེའི་སྟང་སྟབས་ཅན། །ཁྱོད་ནི་ཕ་ལྟར་སྐྱོབས་པའོ། །ཁྱོད་ནི་མ་ལྟར་བྱམས་པའོ། །ཁྱོད་ནི་ས་ལྟར་འདེགས་པ་སྟེ། །ཁྱོད་ནི་ཆུ་ལྟར་སྡུད་པའོ། །ཁྱོད་ནི་གཟུགས་སྡུག་ཡིད་ཀྱིས་བརྒྱན། །ཁྱོད་ནི་རླུང་ལྟར་གཏོར་བའོ། །ཁྱོད་ནི་སྤྲིན་ལྟར་ལྡིང་བའོ། །ཁྱོད་ནི་ཆར་ལྟར་འབེབ་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་བདག །ཡེ་ཤེས་རྒྱུ་མཚོ་རབ་ཟབ་ཐུགས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །རང་ཉིད་གཙོ་བོ་ཕྱག་གཉིས་པའི་རྣམ་པས་ཤར་སྒོར་འཁོད་པར་གྱུར། །ན་མོ་བུདྷཱ་ཡ། ན་མོ་དྷཱརྨ་ཡ། ན་མོ་སངྒྷ་ཡ། བདག་ནི་རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །བཀའ་རྒྱུད་བླ་མའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བདག་ནི༴ བག་མེད༴ རྡོ་རྗེ་སེམས་སོགས་ཐུགས༴ ཐུགས་རྗེ་ཆེ་མངའ༴ བདག་ནི༴ བག་མེད༴ མ་མོ་མཁའ་འགྲོའི༴ ཐུགས་རྗེ༴ ཡིག་བརྒྱ་ལན་གསུམ་དང་དབྱངས་གསལ་རྟེན་སྙིང་གིས་ཁ་བསྐང་། གཉིས་པ་ལ་དཀྱིལ་འཁོར་བསྡུ་ཞིང་ལྷ་རུ་སྡང་། གོ་བགོ་ལུས་བསྲུང་སྨོན་བཀྲ་ཤིས། ཞེས་དྲུག་གི །དང་པོ། ཧཱུྃ་ཧཱུྃ། ཞེས་བརྗོད་པས་རང་གི་སྙིང་གའི་འོད་ཀྱིས་ཕོག་པས་ཁམས་གསུམ་བརྟན་གཡོ་རྣམ་པར་དག་པ་འོད་དུ་ཞུ་བ་སྲུང་འཁོར་ལ་ཐིམ། དེ་གཞལ་ཡས་ཁང་། དེའི་རྒྱུན་རྣམས་ཡབ། དངོས་པོ་རྣམས་ཡུམ་ལ་ཐིམ། སྐུའི་རིགས་རྣམས་སྣང་། གསུང་སྣང་མཐའ། ཐུགས་གཙོ་བོ། ཡོན་ཏན་རིན་འབྱུང་། ཕྲིན་ལས་དོན་གྲུབ། ཐུབ་དྲུག་བྱ་བྱེད་ལ་ཐིམ། དེ་ཐམས་ཅད་ཀྱང་ཉི་མ་དང་ཟེར་བཞིན་ཡབ་རྣམས་རྡོ་རྗེ་སེམས་དཔའ། ཡུམ་རྣམས་དབྱིངས་ཕྱུག་མ་ལ་ཐིམ། དེ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ། དེ་ཏིང་འཛིན་སེམས་དཔའ་ལ། དེ་ཧཱུྃ་ལ། དེ་གྱེན་རྫོགས་ན་དའི་བར་དུ་ཐིམ་ནས། སྤྲོས་བྲལ་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ནམ་མཁའ་ལྟ་བུ་མངོན་སུམ་དུ་གྱུར། སྟོང་ཉིད་ལ་ཅི་གནས་སུ་མཉམ་པར་འཇོག །གཉིས་པ་ནི། དེའི་ངང་ལས་སྡང་བ་ནི། ཧཱུྃ་བཛྲ་དྷྲིཀ྄ །རང་ཉིད་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའི་སྐུ་རྒྱུར། མཚམས་ལྷ་ལྟར་ཡིན་གསུངས། མཆན། གསུམ་པ་ནི། སྤྱི་བོ་དང་ལུས་ཀྱི་གནས་ལྔ་ལྔར་རིགས་ལྔ་དང་རྡོ་རྗེ་ལྔས་མཚན་པར་གྱུར། རྡོ་རྗེའི་ཕྱག་རྒྱ་གཏུག་སྟེ། ཧཱུྃ་ཨཱོཾ་སྭཱ་ཨཱྃཿཧཱཿ ཨཱོཾ་ཨཱྃ་ཧཱུྃ་སྭཱ་ཧཱཿ སེམས་དཔའ་སུམ་བརྩེགས་གསལ། བཛྲ་ཀཱ་ཝཱ་ཙི་རཀྵ་ཧྃ། ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོགས། ཧཱུྃ་ཧཱུྃ་ཞེས་པའང་རྐང་པའི་མཐེ་བོང་ནས་རྡོ་རྗེའི་རྒྱུན་ཐག་ཟུང་རེ་བྱུང་། རྐང་ཚིག་རྒྱབ། པུས་མོའི་འོག །དཔྱི་མིག་གནས་མདུན་རྒྱབ་ཏུ། ལྟེ་བ། སོག་ཕྲག །སྙིང་ཁ། ལྟག་རུས། དཔྲལ་བའི་སྐྲ་མཚམས་དྲུག་ཏུ་རྡོ་རྗེ་རྒྱ་གྲམ་གྱི་མདུད་པ་རེ་བཅིངས་བར་གྱུར། བཞི་པ་ནི། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །མཛུབ་མོ་གཡས་ན་ཧཱུྃ་ནག་པོ། །གཡོན་ཨ་དམར་པོ་གཉིས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནག་པོ་རྡོ་རྗེ་དང་། ཕག་རྒོད་ཀྱི་མཆེ་བ་འཛིན་པ། བདུད་རྩི་ཐབ་སྦྱོར་དམར་པོ་རལ་གྲི་དང་ཞགས་པ་ཐོགས་པས་མདོ་དྲུག་ཏུ་ཞབས་བསྣོལ་ཏེ་སྲུང་བར་གྱུར། ཧཱུྃ་ཨ་ཞེས་གནས་དྲུག་ཏུ་བསྒོམ་ༀ་ཨཱརྻ་ལམྦོ་དྷ་ར་ཨ་བྷི་ཥཉྩ་ཧྲཱིཿཧྲཱིཿ རྒྱུན་ཐག་རྩེ་སྨིན་མཚམས་ན་ཡོད་པ་ལས་དར་མཐིང་དམར་གྱི་ཅོད་པཎ་འཕྱང་བར་གྱུར། ༀ་བཛྲ་རཏྣ་པདྨ་མཱ་ལྱེ་ཨ་བྷི་ཥཉྩ་ཏྲཱྃ་ཏྲཱྃ། ཞེས་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་བཅིངས། ཡི་གེ་བརྒྱ་པ་བཟླ་བས་གསལ་ཞིང་བརྟན་པར་བྱའོ། །ལྔ་པ་ནི། སངས་རྒྱས་འབྱུང་དང་སྐལ་མཉམ་ཞིང་། །ཐེག་པ་དམན་པར་ཡང་མི་སྐྱེ། །ངན་སོང་དག་ཏུ་མི་ལྟུང་བར། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ལུས་བྱད་བཟང་ཞིང་ཡན་ལག་རྫོགས། ༈ །སྙིང་རྗེ་ཆེ་ཞིང་ཤེས་རབ་ལྡན། ༈ །བདག་དང་གཞན་དོན་རྫོགས་སྤྱོད་ཤོག །བླ་མེད་བྱང་ཆུབ་ཐོར་ཚུགས་ཅན། །ཤིན་ཏུ་བརྟན་པའི་རི་བོར་གནས། །མུ་སྟེགས་རླུང་གིས་ཚུགས་མི་འགྱུར། །ཐེག་མཆོག་རྡོ་རྗེ་དེ་ལྟ་བུ། །དཀྱིལ་འཁོར་མི་ཟད་འབྱུང་བའི་གཏེར། །རྡོ་རྗེ་ནོར་བུ་རིན་པོ་ཆེ། །བྱི་དོར་བྱས་ཤིང་ཤིན་ཏུ་གསལ། །བསྐལ་པ་གྲངས་མེད་གནས་གྱུར་ཀྱང་། །སྐུ་ནི་ཤིན་ཏུ་གཞོན་པའི་ཚུལ། །སྐྱེ་ཤི་མེད་པའི་རྡོ་རྗེ་ཡིས། །ཐམས་ཅད་འབྱུང་བའི་གཏེར་ཡིན་ཏེ། །ཡོན་ཏན་ཕུན་སུམ་ཚོགས་དང་ལྡན། །བླ་མེད་བྱང་ཆུབ་གྲུབ་གྱུར་ནས། །ཡེ་ཤེས་རྡོ་རྗེ་གྲུབ་པར་ཤོག །ཚོགས་ཆེན་གཉིས་ཀྱང་རྫོགས་རྒྱུར་ཅིག །ཐམས་ཅད་ཀུན་གྱིས་སྟོན་པ་པོ། །ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས། །སངས་རྒྱས་ཉིད་ལ་དབང་བྱེད་ཤོག །དེ་རྟོགས་ཀུན་ཀྱང་རྡོ་རྗེའི་རིགས། །སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །སེམས་ཅན་འདམ་གྱིས་མི་གོས་ཤིང་། །བླ་ན་མེད་པའི་བྱང་ཆུབ་ལམ། །སྣ་ཚོགས་སྡུག་བསྔལ་ཞི་མཛད་ཅིང་། །སེམས་ཅན་སྐོམ་པ་ངོམ་མཛད་ཤོག ༈ །ཐུགས་དམ་ཉམས་པ་ཀུན་བསྐང་སྟེ། །ཡེ་ཤེས་བླ་མའི་ས་གནོན་ནས། །སྐུ་གསུང་ཐུགས་ནི་མི་ཟད་པ། །རྒྱན་གྱི་འཁོར་ལོ་ཐོབ་པར་ཤོག །འདི་ལས་བདག་གི་དགེ་བ་གང་ཐོབ་པ། །འགྲོ་བ་བློ་ཞན་རྣམས་ཀྱིས་ཆོས་ཀུན་ནི། །སྟོང་ཉིད་སྒྱུ་མ་ལྟ་བུར་རབ་རྟོགས་ནས། །ཡེ་ཤེས་གཉིས་མེད་སྐུ་གསུམ་ཐོབ་པར་ཤོག །དེ་ལྟའི་དགེ་རྩས་ལམ་གནས་རྣལ་འབྱོར་ཀུན། །བསྐྱེད་རིམས་མཐར་ཕྱིན་ཡང་དག་ཞེན་གྲོལ་ནས། །ཀུན་གྱི་མཐར་ལམ་མངོན་གྱུར་དོན་རྫོགས་ཏེ། །མཐའ་ཡས་འགྲོ་དོན་ཚུལ་བཞིན་བྱེད་པར་ཤོག །དྲུག་པ་ནི། ཞལ་ནས་གསུངས་པའི་བཀྲ་ཤིས་དང་། བཀྲ་ཤིས་གང་ཞིག་ཀ་དག་ངང་ལས་མ་གཡོས་ཀྱང་། །ལྷུན་གྲུབ་འོད་གསལ་རྟག་པ་དམ་པའི་རོལ་མོ་ཅན། །ཐུགས་རྗེ་ཀུན་ཁྱབ་ཀུན་བཟང་བརྒྱུད་གསུམ་བླ་མ་ཡིས། །བདེན་པ་དེས་ཀྱང་དག་མཉམ་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཤིན་ཏུ་ཞི་བའི་ཆོས་དབྱིངས་ལས། །མི་བསྐྱོད་རྡོ་རྗེ་ཁ་སྦྱོར་རྒྱལ་པོ་མཛེས་པའི་སྐུ། །ཟུང་འཇུག་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོའི་བདག །བདེན་པ༴ བྱེ་བྲག་ཟེར་ཀློང་ཨིནྟྲ་ནཱི་ལའི་ལྷུན་པོ་ལ། །མཁའ་དབྱིངས་དབང་པོའི་གཞུ་ཡིས་འཁྱུད་འདྲ་ཞལ་གསུམ་མངའ། །དྲུག་ལྡན་ཕྱག་ན་སྣ་ཚོགས་རང་རྟགས་ལེགས་འཛིན་པ། །བདེན་པ༴ མེ་ལོང་ལ་སོགས་ཡེ་ཤེས་བཞི་ལས་གྲུབ་པའི་སྐུ། །རྣམ་སྣང་ལ་སོགས་རྩིབས་བཞིའི་འཁོར་ལོ་ལ་གནས་པ། །སྤྱན་མ་ལ་སོགས་མཉམ་སྦྱོར་ལོངས་སྤྱོད་རྫོགས་པའི་སྐུ། །བདེན་པ༴ མིག་སོགས་དབང་ཤེས་ཡུལ་བཅས་དག་པ་རྒྱལ་བའི་སྲས། །ས་སྙིང་ལ་སོགས་གློ་འབུར་གྲུ་ཆད་ལ་གནས་པ། །སྒེག་མོ་ལ་སོགས་བཅུ་དྲུག་མཉམ་སྦྱོར་མངོན་བྱང་སྐུ། །བདེན་པ༴ ཕུང་སོགས་འབྱུང་བའི་འཁོར་འདས་བདེན་གཉིས་རྣམ་དག་པ། །དེ་བཞིན་གཤེགས་སོགས་དཀྱིལ་འཁོར་འཁོར་ལོའི་སྤྲོ་བའི་གཞི། །རིགས་སོགས་ཀུན་བདག་ཁྱམས་ལ་བྱ་བྱེད་ཆོས་ཀྱི་སྐུ། །བདེན་པ༴ སེར་སྣ་ལ་སོགས་རྟོག་པ་དྲུག་དག་ཐུབ་པ་ནི། །ལྷ་ལ་སོགས་པའི་འགྲོ་བ་དྲུག་པོ་འདྲེན་མཛད་ཅིང་། །སྦྱིན་སོགས་ཕར་ཕྱིན་དྲུག་བདག་འཁྱམས་གནས་སྤྲུལ་པའི་སྐུ། །བདེན་པ༴ བྱམས་པ་ལ་སོགས་ཚད་མེད་བཞི་དངོས་རེག་སོགས་དག །གཤིན་རྗེ་ལ་སོགས་མཐར་བྱེད་ཡབ་ཡུམ་རྡོ་རྗེའི་སྐུ། །ཕུང་པོ་ལ་སོགས་བདུད་བཞིའི་རོ་ལ་དཔའ་ཞིང་བརྗིད། །བདེན་པ༴ བཀྲ་ཤིས་གང་ཞིག་འོག་མིན་སྟུག་པོ་བཀོད་པའི་ཞིང་། །ཐར་པ་ཆེན་པོའི་གཞལ་མེད་འོད་ལྔའི་སྤྲིན་ཕུང་འཕྲོ། །ཟླ་བ་རླུང་བསྐྱོད་གསེར་དང་དྲིལ་བུའི་དྲྭ་བས་བརྒྱན། །བདེན་པ༴ བྱང་ཕྱོགས་སོ་བདུན་བཀོད་པ་ངོ་མཚར་སྒྱུ་མའི་ཕུལ། །ཡིད་ཕྲོག་ཏཱ་ལ་དཔག་བསམ་ཤིང་ཚལ་རྟ་བབས་བརྒྱན། །པདྨ་རི་དྭགས་གདུགས་དང་ཆོས་འཁོར་རྒྱལ་མཚན་འཕྱང་། །བདེན་པ་སྣ་ཚོགས་རྡོ་རྗེའི་སྲུང་བའི་སྐུར་ཁང་བདུད་ལས་རྒྱལ། །ལོག་འདྲེན་བགེགས་འཇོམས་སྣ་ལྔ་འབར་བའི་མེ་རི་འཁྱིལ། །སྐྱོན་བྲལ་པདྨ་ནམ་མཁའི་མཐའ་མཉམ་ཕོ་བྲང་གི་བདེན་པ་དེས་ཀྱང་དག་མཉམ་ལ་གནས་བཀྲ་ཤིས་ཤོག ༈ །བཀྲ་ཤིས་གང་ཞིག་རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད། །བྱེ་བ་དུང་ཕྱུར་དཔག་མེད་ཀུན་གྱི་རྩེ་མོ་མཆོག །གསང་བ་སྙིང་པོ་ཕྱོགས་བཅུའི་རྒྱལ་བའི་ཐུགས་ཀྱི་མཛོད། །བདེན་པ་དེས་ཀྱང་དག་མཉམ་ལ་གནས་བཀྲ་ཤིས་ཤོག །ཅེས་ཤིས་པར་བརྗོད་པས་དགེ་ལེགས་སུ་བྱའོ། །གཉིས་པ་ལས་ཀྱི་རྗེས་ལ། སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་སྟོན་ཏེ། ཐ་མལ་པའི་མཚན་མར་འཛིན་པ་དང་། འདུ་ཤེས་ཐམས་ཅད་དོར་ནས། གནས་ཁང་དག་པའི་ཞིང་དང་གཞལ་མེད་ཁང་། གྲོགས་སུ་དང་འགྲོགས་ཀྱང་ཡི་དམ་གྱི་ལྷ་དཔལ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས། བྱེད་སྤྱོད་ཐམས་ཅད་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་དང་། བཟའ་བ་ཚོགས་དང་། བགོ་བརྒྱན་སོགས་ཡོ་བྱད་ཀྱི་རྣལ་འབྱོར་ཟབ་མོས་དགེ་སྡིག་བཏང་སྙོམས་ཐ་མལ་བ་མ་ཡིན་པར་རྡོ་རྗེ་ཐེག་པའི་ཐབས་མཁས་ཀྱིས་ཟག་མེད་ཚོགས་གཉིས་རྫོགས་པའི་དགེ་བར་བསྒྱུར་བ་ལ་མཁས་པར་བྱའོ། །དེ་ལྟར་རྗེས་ལ་ཐོབ་པའི་དུས་ཀུན་དུ་ཐ་མལ་དུ་མིག་ཡེང་བ་གལ་ཆེ་ཞིང་། རྣལ་འབྱོར་གྱིས་སྐྱོན་སེམས་ཅན་འདི་དག་ཐམས་ཅད་བདག་གིས་སངས་རྒྱས་སུ་བྱའོ་སྙམ་པའི་སེམས་བསྐྱེད་རིན་པོ་ཆེའི་རྩི་དང་མ་བྲལ་བ་དགོས་ཏེ། མེ་ལོང་ལྟ་བུའི་སྒྲུབ་ཐབས་ལས། ཡང་ན་རྒྱལ་བའི་དཀྱིལ་འཁོར་གྱི། །བྱིན་རླབས་ཀྱིས་ནི་རྣམ་པར་སྦྱངས། །སེམས་ཅན་ཐམས་ཅད་མཐོང་བ་ན། །སྙིང་རྗེ་བྱམས་པའི་སེམས་བསྐྱེད་དེ། །སངས་རྒྱས་ཉིད་དུ་བྱའོ་ཞེས། །སྨོན་པའི་སེམས་ནི་ཁྱད་པར་ཅན། །བློ་ཅན་གྱིས་ནི་རྟག་ཏུ་བྱ། །དེ་ལྟར་དུས་བཞིའི་ཉིན་མཚན་དུ། །རྣལ་འབྱོར་ཚུལ་ལ་གནས་པ་ཡིན། །ཞེས་གསུངས་པ་དང་གཞན་ཡང་གཉིད་འོད་གསལ་དུ་སྦ་བ་སོགས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་འཁོར་ཡུག་ཏུ་བྱས་ཏེ་གཉིས་འཛིན་གྱི་འཆིང་བ་གྲོལ་ནས་ཏིང་ངེ་འཛིན་ལ་བློ་བརྟན་པ་ནི་དངོས་གྲུབ་ཀྱི་རྒྱུའོ། །དེ་སྐད་དུའང་རྒྱུད་ལས། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་ནི། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་གསུངས་སོ། །གཉིས་པ་གྲུབ་པ་འབྲས་བུ་ལ་གནས་སྐབས་དང་། མཐར་ཐུག་གོ། །དང་པོ་ལའང་ཞར་ལས་བྱུང་བ་དང་། དངོས་སོ། དང་པོ་ཇི་སྐད་བཤད་པའི་བསྐྱེད་རིམ་བྱིན་གྱིས་བརླབས་པ་དང་། ཡོངས་སུ་བརྟགས་པ་དང་། རྟོགས་པའི་རྣལ་འབྱོར་གསུམ་དང་ལྡན་པས་ལྕགས་ལ་གསེར་འགྱུར་གྱི་རྩི་བཞིན་ཐ་མལ་ཕྱི་སྣང་ཞེན་སྦྱོང་སྟེ། རྒྱས་ཐེབས་པར་བྱས་ནས། རྡོ་རྗེ་གསུམ་གྱི་རྣལ་འབྱོར་གོམས་པས། རོ་ལང་གསེར་དུ་བསྒྱུར་བ་དང་། བུམ་པ་བཟང་པོའི་གཏེར་སོགས་དངོས་གྲུབ་བརྒྱད་དང་། ནམ་མཁའ་རྡོ་རྗེ་སྲ་འབྱུང་། ནད་སེལ་བདུད་རྩི། གདོན་བགེགས་གཏོར་མ་སོགས་དང་། ཆུ་མེར་བསྒྱུར་བ་སོགས་རྫུ་འཕྲུལ་རབ་འབྱམས་ལ་མངའ་དབང་འབྱོར་ན་ཞི་རྒྱས་དབང་དྲུག་གི་ལས་ཕྲན་ཚེགས་སྨོས་ཅི་དགོས་ཏེ་འཇིག་རྟེན་པའི་འོག་མིན་གྱི་བར་གྱི་མཐུན་པའི་ལས་དང་དངོས་གྲུབ་ཐམས་ཅད་འགྲུབ་པའི་ཐབས་ལྟ་བ། རྫོགས་རིམ་གྱིས་རྒྱས་ཐེབས་པའི་བསྐྱེད་རིམ་གྱི་རྣལ་འབྱོར་གོམས་པ་མངོན་གྱུར་པ་གཙོ་ཆེ་ཞིང་། དེའང་བསྙེན་པ་དང་། ཕྲ་མོའི་རྣལ་འབྱོར་གྱི་མཐར་སོན་པས་ཡིད་ཏིང་ངེ་འཛིན་བརྟན་པ་དང་། དེའི་རྒྱུ་རྫོགས་པ་ཞིག་དགོས་སོ། །གཉིས་པ་ནི། དེ་ལྟར་བསྐྱེད་རིམ་གྱིས་གཞི་བཟུང་སྟེ། གང་ལ་གནད་དུ་བསྣུན་པ་རྡོ་རྗེའི་ལུས་དང་། དེ་ལ་ཇི་ལྟར་བསྣུན་པའི་ཚུལ་མཁས་པས་མཚན་བཅས་ཀྱི་རྫོགས་རིམ། རྩ་གསུམ་འཁོར་ལོ་དྲུག་ལྡན་གྱི་ལུས་ལ། སྟེང་སྒོ་དང་འོག་སྒོ་འཇུ་འདུལ་རང་ལུས་དང་། ཕྱག་རྒྱ་གང་ཡང་རུང་བ་ལ་བརྟེན་པའི་ཡས་འབབ་དང་། མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་ངོས་བཟུང་ཞིང་། དེ་ལ་བརྟེན་ནས་བདེ་ཆེན་འདྲེན་པའི་གོམས་པ་མཐར་སོན་པས། རིལ་པོ་དང་རྗེས་གཞིག་གིས་མཚན་མ་མེད་པའི་རྫོགས་རིམ་ལ་འཇུག་པ་ནི་རླུང་དབུ་མ་སྐུར་ཞུགས་པའི་རྟགས་ཀྱིས་དྲངས་པའི་འོད་གསལ་འཆར་བ་དེ་ཏིང་སྟོང་པ་ཆེན་པོའི་རྣལ་འབྱོར་དང་། དེ་ཡི་ངང་ལས་སྒྱུ་འཕྲུལ་དྲྭ་བའི་ལྷ་སྐུ་གྲིབ་མ་ལྟ་བུར་ལྡང་བ་ཀུན་སྣང་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་དང་། དེ་ཡང་བདེ་སྟོང་ཟུང་འཇུག་གི་རྣམ་རོལ་ཆུ་ལ་གཟུགས་བརྙན་ཕོས་པ་ལྟ་བུའི་གསང་ཆེན་རིགས་གཅིག་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་། དེའང་གང་སྣང་ཐམས་ཅད་ཞུ་བདེའམ་ལྷན་སྐྱེས་ཀྱི་ལྷ་སྐུར་རྩལ་སྦྱོང་བ་ཕྱག་རྒྱ་སྤྲོས་བཅས་ཏེ་སྐྱེ་ཤི་བར་དོ་གསུམ་དང་ཆོས་མཐུན་དེ་སྦྱོང་བྱེད། འབྲས་དུས་སྐུ་གསུམ་དང་མཐུན་པའི་རྣམ་པ་ལམ་བྱེད་ཡིན་ཅིང་། དེ་ལྟར་རྫོགས་རིམ་ལ་གོམས་པའི་གང་ཟག་གིས། །རྟོགས་པ་དེ་བརྟན་པའི་སླད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་ཚོམ་བུ་ཚོགས་སྒྲུབ་ལ་འཇུག་པར་འགྱུར་ཞིང་། དེའི་འབྲས་བུ་མཐོང་ལམ་ལ་སྦྱོར་བས། དབང་པོ་རྣོ་ན་འོད་གསལ་ལས་ཟུང་འཇུག་གི་ལྷ་སྐུར་དངོས་ལ་ལྡང་ནུས་པ་ཚེ་དབང་དང་། མི་ནུས་ཀྱང་དོན་གྱི་འོད་གསལ་གྲུབ་པ་རྣམ་སྨིན་རིག་འཛིན་གང་རུང་གི་མཐར། ཡེ་ཤེས་སྒྱུ་མའི་སྐུ་ཅན་སྒོམ་ལམ་ཕྱག་ཆེན་རིག་འཛིན་དང་། དེ་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་འགྲུབ་མ་རག་པའི་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་བར་ལ། བརྩོན་པ་དང་ལྡན་ན་བར་མ་ཆད་པར་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བར་འགྲོ་བ་ཡིན་ནོ། །ཇི་སྐད་དུ། གང་ཞིག་འདི་ལ་མོས་གྱུར་པ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་དང་། བདེ་གཤེགས་ཉིད་ཀྱི་ཡུལ་བཞུགས་པ། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱར། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་རྡོ་རྗེ་ཐེག་པ་སྒྱུ་འཕྲུལ་དྲྭ་བའི་སྒོར་ཞུགས་ནས་དད་བརྩོན་དམ་ཚིག་མ་ཉམས་པའི་གང་ཟག་གིས་ལམ་ཚུལ་བཞིན་བསྒོམ་ན། སྔགས་བླ་མེད་ཀྱི་འཕགས་པའི་འབྲས་བུ་མཐོང་བའི་ཆོས་ལ་མངོན་དུ་འགྱུར་ནུས་ཞིང་། དེ་ནུས་ན་སངས་རྒྱས་ཀྱི་གོ་འཕང་ལ་དཀའ་བ་མེད་པར་མྱུར་དུ་བགྲོད་པ་ཡིན་ཏེ། སྦྱང་གཞི་རྒྱུ་རྒྱུད་ལ་བརྟེན་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་དག་པ་རབ་ཀྱི་མཐར་ཐུག་པ་ནི་ཕྱོགས་བཅུ་དུས་བཞིའི་ལོངས་སྤྱོད་ཆེན་པོའི་དབྱིངས། རང་སྣང་རྣམ་དག་སྟུག་པོ་བཀོད་པ་ནང་གཡོ་བ་མེད་པར་བཞུགས་པའི་ཆོས་སྐུའི་རང་མདངས། དཔལ་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཆེན་པོ་བསྐོད་དེ། སྤྲུལ་སྐུ་ནམ་མཁའ་དང་མཉམ་པར་སྤྲོ་བས་འཁོར་བ་མ་སྟོང་གི་བར་ལ་གདུལ་བྱའི་དོན་ལྷུན་གྲུབ་ཏུ་སྣང་ཡང་། ངོ་བོ་ལ་འགྱུར་བ་མེད་པ་རྡོ་རྗེའི་སྐུར་བཞུགས་པ་ནི། རྒྱུད་ཀྱི་རྒྱལ་པོ་ལ་བརྩོན་པས་ཐོབ་པའི་འབྲས་བུ་ལགས་ན། སྐལ་བ་དང་ལྡན་པ་དག་གིས་གཡར་དམ་མི་ལྷོད་པར་བྱའོ། །དེ་ལྟར་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་སྒྲུབ་ཐབས་འདིའང་། རྩ་བ་དང་བཤད་པའི་རྒྱུད་སྡེ་རྣམས་དང་། རྒྱ་བོད་ཀྱི་མན་ངག་ཚད་མའི་འགྲེལ་བ་རྣམས་དང་། དྲྭ་ཆེན་དྲྭ་ཆུང་མེ་ལོང་ལྟ་བུ་ལ་སོགས་པའི་སྒྲུབ་ཐབས་རྣམས་དང་། རིག་འཛིན་དམ་པ་གཞན་གྱིའང་ཡིག་ཆ་རྣམས་དང་། ཁྱད་པར་སློབ་དཔོན་པདྨ་ལས་སྙན་དུ་བརྒྱུད་པའི་མན་ངག་ཁྱད་པར་དུ་འཕགས་པའི་བདག་པོ། ལམ་འདི་ལས་ཟུང་འཇུག་ལ་གཤེགས་པ་མང་པོའི་འབྱུང་གནས་ཆོས་རྗེ་ཀཿཐོག་པའི་སྙན་བརྒྱུད་དྲི་མ་མེད་པ་རྣམས་ལ་ཡང་ཡང་དཔྱད་དེ་ལེགས་པར་བཀོད་པ་ཡིན་ནོ། །སངས་རྒྱས་གསང་དང་པདྨ་བི་མ་ལའི། ཞལ་ལུང་སོམ་ཉིའི་གནས་མིན་བརྒྱུད་པ་ནི། རྨད་བྱུང་རིན་ཆེན་གསེར་ཕྲེང་ལས་འོངས་པ། །གསང་ཆེན་འདི་འདྲ་འཇིག་རྟེན་གསུམ་ན་དཀོན། །མཁས་འདོད་དུག་ཆུས་མ་སྤགས་ལྷག་བསམ་གྱིས། །ཤིན་ཏུ་གསང་བ་རྨད་བྱུང་སྙིང་པོའི་རྒྱུད། །དཔང་པོར་བཀོད་ནས་གྲུབ་ཐོབ་འབུམ་ཕྲག་ལམ། །ཉམས་མེད་བདུད་རྩིའི་ཟིལ་མངར་བདག་གིས་འཐོར། །ཟབ་ཡང་རྒྱུད་སྡེའི་རྒྱ་མཚོ་གཏིང་མཐའ་བྲལ། །རྡོ་རྗེ་འཛིན་པའི་གསང་བའི་ཡུལ་ཡིན་ན། །བློ་ཆུང་བདག་འདྲས་དཔྱད་པའི་ཉེས་མཆིས་ན། །བླ་མ་རྣམས་དང་གསང་བའི་བདག་ལ་འཆགས། །བསོད་ནམས་གཟི་བརྗིད་རབ་འབར་འགྲོ་བ་མཐའ་ཡས་ཀྱིས། །སྙིང་གི་མུན་སེལ་བདེ་ཆེན་ལྷན་གཅིག་སྐྱེས་པ་ནི། །ཉི་མ་ལྟར་གསལ་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་བདེ། །མཁའ་མཐའ་ཟད་པ་དེ་སྲིད་རྟག་ཏུ་སྣང་གྱུར་ཅིག །ཅེས་པའང་རིང་མོ་ནས་བྱ་བར་འདོད་པ་ལ། ཉེ་ཆར་དོན་གཉེར་ཅན་རྣམས་ཀྱིས་བསྐུལ་བ་བཞིན། བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་འཚོ་བའི་གསང་བ་སྒྱུ་འཕྲུལ་པ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཆོས་ཀྱི་རྒྱ་མཚོས་གངས་ཅན་གྱི་ཁྲོད་ན་མངོན་པར་མཐོ་བའི་སྒྲུབ་གནས་ཆེན་པོ་ཤར་ཀཿཐོག་རྡོ་རྗེའི་གདན་དུ། སྣ་ཚོགས་དབྱིག་གི་ལོ། འབུམ་འགྱུར་ཟླ་བའི་ཚེས་དང་པོ་ནས་བརྩམས་ཏེ། དམར་ཕྱོགས་ཀྱི་ཚེས་བཅུ་ལ་རྫོགས་པར་གྱུར་པའི་དགེ་བས་ལུས་ཅན་ཀུན་གྱིས་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་མངོན་དུ་བྱེད་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousབཅོམ་ལྡན་འདས་གསང་བ་སྙིང་པོ་ཞི་བ་འབྲིང་པོའི་སྒྲུབ་ཐབས་བྱིན་རླབས་ཀྱི་སྙེ་མ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།next