cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་བདུན་པ།

གླེགས་བམ། ཙ༽

གཞན་ཕན་མཐའ་ཡས། འགྱུར་མེད་ཚེ་དབང་མཆོག་གྲུབ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

མན་ངག་རྫོང་འཕྲང་སྲོག་གསུམ་གྱི་བླ་བརྒྱུད་གསོལ་འདེབས། གཞན་ཕན་མཐའ་ཡས།

༄༅། །མན་ངག་རྫོང་འཕྲང་སྲོག་གསུམ་གྱི་བླ་བརྒྱུད་གསོལ་བདེབས་བཞུགས་སོ། །

སྟོན་པ་ཀུན་བཟང་རྡོ་རྗེ་སེམས་དཔའ་ཆེ། །རབ་དགྱེས་རྡོ་རྗེ་དཔལ་ལྡན་སེང་གེ་འོད། །མཁས་པ་མི་བཞི་ཞིང་དྲུང་ཡེ་ཤེས་གཞོན། །གནུབས་ཆེན་ཡབ་སྲས་རྣམས་ལ་གསོལ་བ་འདེབས། །པདྨ་དབང་རྒྱལ་ཚུལ་ཁྲིམས་རྒྱལ་མཚན་དང་། །ལྡན་བརྩོན་ཡེ་ཤེས་དབང་ཕྱུག་སེ་སྟོན་པ། །དངོས་གྲུབ་ཉང་རལ་འགྲོ་མགོན་ཆོས་དབང་ཞབས། །པདྨ་དབང་ཆེན་རྣམས་ལ༴ ཤེས་རབ་རྒྱ་མཚོ་ཟུར་ཧཾ་ཤཱཀྱ་འབྱུང་། །ཤཱཀ་རྡོར་བཤེས་དཔལ་གཉིས་དང་རུ་ལེགས་ཟུང་། །རིན་རྒྱལ་མངའ་རིས་པཎ་ཆེན་ངག་གི་དབང་། །ཚེ་བརྟན་རྒྱལ་པོ་རྣམས་ལ༴ ནམ་མཁར་སྤྱོད་པ་པ་རུ་ཧི་ཏ་དང་། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་ཞབས། །རིན་ཆེན་རྣམ་རྒྱལ་ཨོ་རྒྱན་རིག་འཛིན་དང་། །ཐེག་མཆོག་བརྟན་འཛིན་རྣམས་ལ༴ བསྟན་པའི་རྒྱལ་མཚན་རིག་འཛིན་རྒྱ་མཚོ་དང་། །ཕྲིན་ལས་དར་རྒྱས་པདྨ་བཀྲ་ཤིས་དཔལ། །པདྨ་རྡོ་རྗེ་ཀུན་བཟང་ཆོས་ཀྱི་གྲགས། །ཁྱབ་བདག་ཕན་བདེའི་འོད་ཟེར་ལ་གསོལ་བ་འདེབས། །མཁྱེན་བརྩེའི་མངའ་བདག་རྩ་བརྒྱུད་བླ་མ་ལ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཚད་མེད་ཐུགས་རྗེ་ཆེན་པོས་ཉེར་དགོངས་ཏེ། །བདག་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཚེ་འདིའི་མངོན་ཞེན་ལྡོག་པར་བྱིན་གྱིས་རློབས། །བདེན་བཞིའི་འཇུག་ལྡོག་ཤེས་པར་བྱིན༴ བྱང་ཆུབ་སེམས་གཉིས་འབྱོང་པར་བྱིན༴ སྨིན་གྲོལ་ལམ་ལ་འཇུག་པར་བྱིན༴ བསྐྱེད་རྫོགས་ཟབ་གནད་རྟོགས་པར་བྱིན༴ བསྙེན་སྒྲུབ་མཐའ་རུ་ཕྱིན་པར་བྱིན༴ སྐུ་བཞིའི་རྒྱལ་སྲིད་ཟིན་པར་བྱིན༴ རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་ལ་བརྒྱུད་པའི་ཁྱད་པར་གྱིས་གཏེར་ཆེན་ནས་རང་གི་བླ་མའི་བར་བརྒྱུད་རིམ་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།

མཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་བཀའ་མའི་བསྐྱེད་རིམ་གྱི་ཕྲིན་ལས་ཆོག་ཁྲིགས་ཧེ་རུ་ཀའི་དགོངས་པའི་རྒྱན། འགྱུར་མེད་ཚེ་དབང་མཆོག་གྲུབ།

༄༅། །མཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་བཀའ་མའི་བསྐྱེད་རིམ་གྱི་ཕྲིན་ལས་ཆོག་ཁྲིགས་ཧེ་རུ་ཀའི་དགོངས་པའི་རྒྱན་ཅེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ ལྷན་སྐྱེས་ཉམས་བརྒྱས་འཁྱུད་པའི་གཟི་འོད་ཀྱིས། །བདུད་གྱི་དཀྱིལ་འཁོར་མུན་པ་ཀུན་ཟ་བའི། །ཧེ་རུ་ཀ་དཔལ་མཆོག་གི་གྲོང་ཁྱེར་དུ། །དད་པས་བཏུད་དོ་དངོས་གྲུབ་ཅི་དགར་སྩོལ། །མཁས་མཆོག་རྣམ་བཞིའི་དགོངས་ཉམས་གསང་བ་ཆེན། །རྫོང་འཕྲང་སྲོག་གསུམ་མན་ངག་འབུམ་སྡེའི་བཅུད། །ཡོངས་དྲིལ་སྒྲུབ་པ་བཀའ་བརྒྱད་གྲུབ་མཐའ་ཡི། །རིམ་གཉིས་རྣལ་འབྱོར་སྒོམ་ལ་ཅིས་མི་སྤྲོ། །དེ་ཡང་ཁ་བསྒྱུར་སྡེ་དྲུག་མན་ངག་གི་ཆིངས་ལས། དགོན་པ་དབེན་པ་མི་མི་རྒྱུ་བའི་སར་འདུས་ལ། དཀྱིལ་འཁོར་དུས་གཅིག་ཏུ་བསྐྱེད། བསྙེན་པ་དུས་གཅིག་ཏུ་དབུལ། མཆོད་པ་དུས་གཅིག་ཏུ་དབུལ། བསྟོད་པ་དུས་གཅིག་ཏུ་བྱ། དངོས་གྲུབ་དུས་གཅིག་ཏུ་བླང་། ཕྲིན་ལས་དུས་གཅིག་ཏུ་བཅོལ་ལོ། །སྒྲུབ་པ་དུས་གཅིག་ལ་ཐོན་པའི་མན་ངག་ཞེས་བྱ་སྟེ། མཆོད་པ་དང་གཏོར་མ་ལ་སོགས་པ་བཤམས་ལ། དཀྱིལ་འཁོར་བཞེངས་ནས་ཞི་ཁྲོའི་ལྷ་བསྒྲུབ། དཀྱིལ་འཁོར་ཞལ་དབྱེ། དང་པོ་མཚམས་བཅད། བརྡ་སྒོ་དབྱེ་བ་དང་། བརྡ་ཕྱག་འཚལ་བ་དང་། མཆོད་རྫས་བྱིན་གྱིས་བརླབས་ལ་དབུལ་ལོ། །ཞེས་གསུངས་པ་ལྟར་དབེན་པའི་གནས་སུ་གཏོར་མ་དཀྱིལ་འཁོར་འདུ་བྱས་ལ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། རང་གི་སྙིང་གའི་འོད་ཀྱིས་བླ་མ་དང་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་མ་ལུས་པ་མདུན་གྱི་ནམ་མཁར་བཛྲ་སུ་མ་ཡ་ཛཿས་སྦྱན་དྲངས། ན་མོ། རྩ་བ་རྒྱུད་པའི་བླ་མ་དང་། །ཡི་དམ་ཞི་ཁྲོ་བཀའ་བརྒྱད་ལྷ། །མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བླ་མེད་རྫོགས་པའི་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་ཕྱིར་མི་ལྡོག་པ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །ཞི་ཁྲོ་བཀའ་བརྒྱད་བསྒྲུབས་ནས་ནི། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱིས། །འགྲོ་དོན་བྱེད་པར་སེམས་བསྐྱེད་དོ། །ལན་གསུམ། ཡན་ལག་བདུན་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་བའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་གྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུགས་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ལན་གསུམ། ཁ་བསྒྱུར་དྲུག་པའི་པྲིན་ལས་ལས། དང་པོ་མཚམས་བཅད་པ། ཧཱུཾ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །རྒྱལ་བ་ཞི་ཁྲོའི་བཞུགས་གནས་ཡིན། །ད་ལྟ་ཉིད་དུ་གནས་སུ་དེངས། །ཅི་སྟེ་མི་འགྲོ་བར་གཅོད་ན། །ཁྲོ་བོ་ཁྲག་འཐུང་རིགས་ལྔ་ཡི། །སྤྲུལ་པ་ཡང་སྤྲུལ་ཁྲོ་ཚོགས་ཀྱིས། །ལུས་སེམས་རྡུལ་དུ་བརླགས་པར་བྱ། །གདུག་སེམས་ལྡན་པ་ད་ལྟ་ཐུལ། །བགེགས་ཀྱི་ཚོགས་རྣམས་བརླགས་པར་གྱིས། །ཧཱུཾ་ཧཱུཾ་བི་ཤྭ་ཀྲོ་དྷ་ཛྭ་ལ་མ་དྷ་ལ་ཧ་ལ་ཧ་ལ་ཧཱུཾ་ཕཊ། བརྡ་སྒོ་དབྱེ་བ། ཧཱུཾ། སྣང་སྲིད་ཐམས་ཅད་གཞལ་ཡས་ཁང་། །གཟུགས་སྣང་ཐམས་ཅད་ཡེ་ཤེས་ལྷ། །མ་རྟོགས་མ་རིག་སྒོ་བཅད་པ། །རང་གསལ་ཡེ་ཤེས་སྒོ་ཕྱེ་ཞིག །བརྡ་ཕྱག་འཚལ་བ། ཧཱུྃ། རང་བྱུང་ཡེ་ཤེས་སེམས་ཀྱི་ལྷ། །མ་རྟོགས་རང་ངོ་མ་ཤེས་པས། །ཡེ་ནས་འགྲོགས་ཀྱང་ཞལ་མ་འཐོང་། །རང་གསལ་བརྡ་ཡིས་ཕྱག་འཚལ་ལོ། །མཆོད་རྫས་བྱིན་གྱིས་བརླབ་པ། ཧཱུྃ། གདོད་ནས་རང་དང་གཉིས་མེད་ལྷ། །འདུ་འབྲལ་མེད་པའི་ལྷ་ཚོགས་ལ། །མ་རིག་སྤྱན་འབྱེད་མར་མེ་དང་། །འབྲུ་བཅུད་བདུད་རྩི་སྦྱར་བའི་སྐྱེམས། །ཞལ་ཟས་རྨད་བྱུང་གཏོར་མ་དང་། །ཆགས་མེད་རཀྟའི་ཨ་རྒ་དང་། །དམ་རྫས་བདུད་རྩི་སྨན་གྱི་མཆོག །ཐུགས་དམ་བསྐང་ཕྱིར་འབུལ་ལགས་ན། །གཉིས་མེད་མཉམ་པའི་ངང་དུ་བཞེས། །དེ་ནས་བཤགས་པ་བྱ། དང་པོ་ཞི་བའི་དཀྱིལ་འཁོར་དུ་བསྐྱེད། དེ་ནས་ཁྲོ་བོར་གནས་བསྒྱུར། སྤྱན་དྲངས། བཞུགས་གསོལ། ཕྱག་དང་མཆོད་པ་ཡན་ཆད་བྱའོ། །ཞེས་པས་དང་པོ་བཤགས་པ་བྱ་བ། ཧཱུཾ། ཐོགས་མ་མེད་པའི་དུས་ཉིད་ནས། །རང་དང་གཉིས་སུ་མེད་མོད་ཀྱང་། །མ་རིག་དབང་གིས་ངོ་མ་ཤེས། །རང་བྱུང་ཡེ་ཤེས་ལྷ་ལ་བཤགས། །ཧཱུྃ། བསྐལ་པ་སྔོན་ནས་བསྒྲུབ་པའི་ལྷ། །ད་ལྟ་རྩེ་གཅིག་འདུ་འབྲལ་མེད། །སྲོག་གི་ཕྱིར་ཡང་མི་སྤང་ན། །བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །བྱིན་དབབ་པ། ཧཱུཾ། ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས། །ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །ལོགས་སྐུ་རིགས་ལྔ་ཞི་ཁྲོ་ཡབ་ཡུམ་འཁོར་དང་བཅས། །སྤྲུལ་སྐུ་འཁོར་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ། །གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ། །རྣལ་འབྱོར་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །གསང་བའི་དམ་རྫས་གཉན་པོ་མཆོད་པ་འབུལ། །ཁྱེད་ཀྱི་ཐུགས་རྗེ་མཆོག་གིས་བཟུང་དུ་གསོལ། །ཧཱུཾ་ཧཱུཾ་ཧཱུཾ། ཏིང་ངེ་འཛིན་སྒོམ་པ། ཧཱུཾ། མ་བཅོས་པ་ནི་ཆོས་ཀྱི་སྐུ། །མཚན་མ་གཟུང་འཛིན་དྲི་མ་བྲལ། །རྟོག་པ་མེད་པ་ནམ་མཁའི་ངང་། །དེ་བཞིན་ཉིད་དུ་བསྒོམ་པར་བྱའོ། །ཧཱུཾ། མ་རིག་འཁྲུལ་པ་འཁོར་བའི་ཀློང་། །གཟུང་འཛིན་བག་ཆགས་རབ་བརྟན་ནས། །མ་རྟོགས་ཟོ་ཆུ་ལྟ་བུར་འཁོར། །ཀུན་ཏུ་སྣང་དུ་བསྒོམ་པར་བྱའོ། །ཧཱུཾ། ཆོས་རྣམས་རྟེན་ཅིང་འབྲེལ་བ་སྟེ། །རྒྱུ་ལས་མ་བྱུང་གང་ཡང་མེད། །ས་བོན་ལས་ནི་འབྲས་བུ་བཞིན། །རྒྱུ་ཡི་ཡི་གེ་བསྒོམ་པར་བྱའོ། །ཧཱུཾ་ཨེ་ཡཾ་བཾ་ལཾ་རཾ། ཨེ་ལས་ནམ་མཁའི་དཀྱིལ་འཁོར་བྱུང་། །རྒྱ་ཁྱོད་དཔག་མེད་ཁ་དོག་དཀར། །གཏི་མུག་དག་པའི་རང་བཞིན་ཏེ། །ཀུན་ཏུ་བཟང་མོ་ནམ་མཁའི་དབྱིངས། །ཡཾ་ལས་རླུང་གི་དུ་ལ་བྱུང་། །བ་དན་མཚན་བ་སྔོ་སྐྱ་བ། །ཕྲག་དོག་དག་པའི་རང་བཞིན་ཏེ། །ཡུམ་ཆེན་སྒྲོལ་མ་མཁའ་ཡི་དབྱིངས། །བཾ་ལས་ཆུ་ཡི་དུ་ལ་བྱུང་། །དབྱིབས་ཟླུམ་ཁ་དོག་སྔོན་པོ་ལ། །འདོད་ཆགས་དག་པའི་རང་བཞིན་ཏེ། །མཱ་མ་ཀཱི་ཡི་མཁའ་ཡི་ཀློང་། །ལཾ་ལས་གསེར་གྱི་སུ་གཞི་བྱུང་། །གྲུ་བཞི་པ་ལ་ཁ་དོག་སེར། །ང་རྒྱལ་དག་པའི་རང་བཞིན་ཏེ། །སངས་རྒྱས་སྤྱན་གྱི་མཁའ་ཡི་ཀློང་། །རཾ་ལས་མེ་ཡི་དུ་ལ་བྱུང་། །གྲུབ་གསུམ་པ་ལ་ཁ་དོག་དམར། །ཞེ་སྡང་དག་པའི་རང་བཞིན་ཏེ། །གོས་དཀར་མོ་ཡི་མཁའ་ཡི་ཀློང་། །སུཾ་ལས་གསེར་གྱི་རི་རབ་ལ། །གྲུ་བཞི་པ་ལ་ཁ་དོག་བཞི། །རྒྱལ་བའི་དཀྱིལ་འཁོར་བཞུགས་གནས་རྟེན། །བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་། །ཕྱི་ནང་མེད་པར་ཀུན་ཏུ་གསལ། །ལིང་ཚེ་ལྔ་པ་གྲུ་ཆད་སྒོ་བཞིར་ལྡན། །ཕྱིན་ནང་མེད་པའི་རྒྱན་གྱིས་མཛེས་པ་ལ། །ཉི་ཟླ་པདྨ་སུམ་བརྩེགས་གདུལ་བྱ་གང་ཡིན་གདན་དུ་བཏིང་། ལྷ་བསྐྱེད་པ་ནི། ས་བོན་ཕྱག་མཚན་སོ་སོའི་འཕྲོ་འདུ་ལས། །དབུས་སུ་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། གཡས་པས་རྡོ་རྗེ་གཡོན་པ་དྲིལ་བུ་ལ། །ཞབས་གཉིས་མཉམ་གཞག་ཡུམ་དང་གཉིས་མེད་འཁྲིལ། །རྒྱན་དང་ཕྱག་མཚན་གཙོ་བོ་ཡབ་དང་མཐུན། །ཤར་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར། །གཡས་པས་འཁོར་ལོ་གཡོན་པས་དྲིལ་བུ་འཛིན། །ཞབས་གཉིས་མཉམ་གཞག་ཡུམ་དང་འཁྲིལ་བ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན་པའོ། །ལྷོ་རུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར། །གཡས་པས་རིན་ཆེན་གཡོན་པས་དྲིལ་བུ་འཛིན། །ཞབས་གཉིས་མཉམ་བཞག་ཡུམ་དང་འཁྲིལ་བ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན་པའོ། །ནུབ་ཏུ་ཨ་ལས་སྣང་བ་མཐའ་ཡས་དམར། །གཡས་པས་པདྨ་གཡོན་པས་དྲིལ་བུ་འཛིན། །ཞབས་གཉིས་མཉམ་གཞག་ཡུམ་དང་འཁྲིལ་བ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན་པའོ། །བྱང་དུ་ཧ་ལས་དོན་ཡོད་གྲུབ་པ་ལྗང་། །གཡས་པས་རྒྱ་གྲམ་གཡོན་པས་དྲིལ་བུ་འཛིན། །ཞབས་གཉིས་མཉམ་བཞག་ཡུམ་དང་འཁྲིལ་བ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན་པའོ། །སེམས་དཔའ་སེམས་མ་སྒོ་པ་ཐུབ་པ་རྣམས། །མི་བསྐྱེད་འཁོར་ན་རང་བཞིན་གནས་པ་ནི། །རྒྱལ་པོའི་འཁོར་ན་བློན་འབངས་གནས་པ་བཞིན། །དེ་ནས་སྐད་ཅིག་ཏིང་འཛིན་ལས། །ཞི་བ་ཁྲོ་བོར་གནས་བསྒྱུར་པ། །རྡོ་རྗེ་སེམས་དཔའ་བཛྲ་ཧེ་རུ་ཀ །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་རྡོ་རྗེ་གཡོན་པའི་དུང་ཁྲག་དཀྲུགས། །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །རྣམ་པར་སྣང་མཛད་བུདྡྷ་ཧེ་རུ་ཀ །སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་འཁོར་ལོས་གཡོན་པའི་དུང་ཁྲག་དཀྲུགས། །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །རིན་ཆེན་འབྱུང་ལྡན་རཏྣ་ཧེ་རུ་ཀ །སེར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་རིན་ཆེན་གཡོན་གྱི་ཐོད་ཁྲག་དཀྲུགས། །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །སྣང་བ་མཐའ་ཡས་པདྨ་ཧེ་རུ་ཀ །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་པདྨས་གཡོན་པའི་ཐོད་ཁྲག་དཀྲུགས། །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །དོན་ཡོད་གྲུབ་པ་ཀརྨ་ཧེ་རུ་ཀ །ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་རྒྱ་གྲམ་གཡོན་པའི་ཐོད་ཁྲག་དཀྲུགས། །ཞབས་གཉིས་བརྐྱང་བསྐུམ་ཡུམ་ལ་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །ཀེའུ་རི་སིདྷ་སྒོ་མ་དབང་ཕྱུག་ཚོགས། །རང་བཞིན་གནས་ནས་བསྒོམ་པར་བྱའོ། །དབང་བསྐུར་བྱིན་གྱིས་བརླབ་པ་ནི། འགྲོ་བའི་རྣམ་རྟོག་བཟློག་པ་དང་། །དབང་བསྐུར་བྱིན་གྱིས་བརླབས་པ་དང་། །ཐུགས་རྗེ་ཡིས་ནི་དགོངས་མཛོད་ལ། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །རིགས་ལྔའི་སངས་རྒྱས་ཡབ་ཡུམ་གྱིས། །དབུ་ལ་བརྒྱན་པར་དབང་བསྐུར་ལ། །རིགས་ཀྱི་བདག་པོ་གང་ཡིན་དབུས་ན་བཞུགས་པའོ། །ༀ་མ་ཧཱ་ཤུ་ཛྙཱ་ཧ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་དུ་རི་ཤ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏ་པྲ་བེ་ཤེ་ཛྙཱ་ཏ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅་ཧཾ། ༀ་མ་ཧཱ་སུ་མནྟ་གཉའ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲི་ཏ་ཨ་ནུ་ཏ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྐུ་གསུང་ཐུགས་སུ་བྱིན་བརླབ་པ། །སྤྱི་བོར་འཁོར་ལོ་ༀ་གྱིས་མཚན། །མགྲིན་པར་པདྨ་ཨཾཿགིས་མཚན། །ཐུགས་ཀར་རྒྱ་གྲམ་ཧཱུཾ་གིས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐ་ག་ཏ་ཝཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡེ་ཤེས་པ་སྤྱན་དྲངས་པ། ཧཱུྃ། རྟོགས་པར་གྱུར་པའི་དུས་ཉིད་ན། །དམ་ཚིག་ཡེ་ཤེས་གཉིས་མེད་དེ། །ཆུ་ལ་ཆུ་བཞག་ཇི་བཞིན་དུ། །དུ་མ་རོ་གཅིག་ངོ་མཚར་ཆེའོ། །ཛཿཧཱུཾ་བཾ་ཧོ། ཕྱག་འཚལ་བ། ཧཱུཾ་ཆོས་རྣམས་རང་བཞིན་ཡེ་ནས་དག །རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཀྱིས། །བྱམས་པའི་ཆར་ཆེན་ཅིར་ཡང་འབེབས། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་གར་མཆོད། ཧཱུཾ། གདུལ་བྱ་མོས་པ་ཐ་དད་པས། །ཞི་དང་ཁྲོ་བོ་འདྲེན་པའི་ཚུལ། །སྐུ་མདོག་ཞལ་ཕྱག་བསམ་ལས་འདས། །གར་དབྱངས་ཕྱག་རྒྱའི་མཆོད་པ་འབུལ། །རྒྱལ་བ་རྒྱ་མཚོའི་དགོངས་སྤྱོད་ལ། །མཆོད་དང་མ་མཆོད་གཉིས་མེད་ཀྱང་། །རྫས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན། །སྤྱངས་དང་བཅས་ཏེ་གུས་པས་འབུལ། །འགྲོ་བའི་དོན་དུ་ཐུགས་རྗེས་བཞེས། །སྦྱོར་བའི་མཆོད་པ། ཧཱུཾ། དབྱིངས་རིག་གཉིས་མེད་སྦྱོར་བ་ཡིས། །འཁོར་འདས་གཉིས་སུ་མེད་པར་སྦྱོར། །གཉིས་མེད་རྟོགས་པའི་སྦྱོར་མཆོད་འདི། །འགྲོ་བའི་དོན་དུ་ཐུགས་རྗེས་བཞེས། །སྒྲོལ་བའི་མཆོད་པ། ཧཱུཾ། ཡང་དག་དོན་རྟོགས་བློ་ཡིས་ནི། །མ་རྟོག་སེམས་ཅན་གནས་སུ་བསྒྲལ། །དུས་གསུམ་བདེ་གཤེགས་དེ་ལ་མཉེས། །མཆོག་གི་མཆོད་པ་ཆེན་པོ་འདི། །འགྲོ་བའི་དོན་དུ་ཐུགས་རྗེས་བཞེས། །བདུད་རྩི་མཆོད་པ། ཧཱུཾ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམ་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་ཆེ། །ༀ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཋཱ། ཧཱུཾ། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །ཐུན་མོང་མཆོག་དང་ཁྱད་འཕགས་འདི། །དུས་གསུམ་བླ་མ་ཡི་དམ་ལྷ། །རྒྱལ་བ་ཞི་ཁྲོ་ཐམས་ཅད་ལ། རྣམ་དག་བདུད་རྩི་མཉེས་མཆོད་འབུལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུཾ། ལྕེ་ཡི་རྡོ་རྗེ་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་ༀ་བསྒོམ་ཏེ། །མཐེབ་དང་སྲིན་ལག་རྩེ་སྦྱར་ནས། །ཐབས་དང་ཤེས་རབ་ཕྱག་རྒྱ་ཡིས། །མྱང་ན་དངོས་གྲུབ་མཆོག་ཐོབ་འགྱུར། །ཀཱ་ཡ་སིངྔྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། གཏོར་མ་དང་རཀྟའི་མཆོད་པ། ཧཱུཾ། རྨད་དུ་བྱུང་བའི་གཏོར་མ་ལ། །རཀྟ་དམར་གྱི་ཨརྒ་སྦྲེང་། །མཆོད་སྤྱིན་དམ་རྫས་ཆེན་པོ་འདི། །ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ། །དེ་ནས་ཛཔ྄་ལ་བབ་པ་དང་། དང་པོ་དལ་གྱི་དལ་གསལ་གདབ། དཔལ་ཆེན་པོའི་དཔལ་བེའུ་རིན་པོ་ཆེ་ཟུར་བརྒྱད་ལ། རུ་ལུ་འབྲུ་བརྒྱད་གནས་པ་ལ་སྤྲོ་བསྡུ་བྱ་ཞིང་བཟླས་སོ། །ཛཔ྄་བརྒྱ་རྩ་བཟླས་སོ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས། །རིན་ཆེན་གྭ་འུ་ཁ་ཕྱེ་ལ། །རུ་ལུ་གསེར་ཕྲེང་འོད་དུ་འཕྲོ། །ཕར་འཕྲོས་པས་ནི་སྐུ་ུལ་ཐིམ། །སྐུ་ཡང་འགྱུར་བ་མེད་པའི་སྐུ། །འགྱུར་བ་མེད་དེ་དང་རེ་སྦྲོ། །ཚུར་འདུས་པས་ན་གསུང་ལ་ཐིམ། །གསུང་ཡང་འགགས་པ་མེད་པའི་གསུང་། །འགགས་པ་མེད་དེ་དང་རེ་སྤྲོ། །གཉིས་སུ་མེད་པའི་སེམས་ལ་ཐིམ། །སེམས་ཀྱང་སྐྱེ་འཆི་མེད་པའི་སེམས། །སྐྱེ་འཆི་མེད་དེ་དང་རེ་སྤྲོ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་ཡང་བྱང་ཆུབ་ཀྱི་སེམས་སྤྲོས་པ་ཐམས་ཅད་དང་། བྲལ་ཞིང་། སྐྱེ་བ་མེད་པའི་ངང་དུ་མི་འགྱུར་བར་བསྒོམ་མོ། །དེ་ལ་ཡང་དག་ཐུགས་ཀྱི་གྲུབ་པའི་མཐའ། རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པར་འདུས། བརྒྱ་རྩ་བཟླས་སོ། །ཞེས་བྱའོ། ༈ །དེ་ནས་འཇམ་དཔལ་སྐུའི་སྒྲུབ་པ་བྱ་སྟེ། བུདྡྷ་ཧེ་རུ་ཀ་གནས་གྱུར་པ། གཤིན་རྗེས་གཤེད་པོ་སྨུག་ནག་ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན། གཡོན་ཐོད་ཁྲག །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར་བའོ། །འཁོར་ལོ་རྣམ་བཞི་སྐུ་ལ་རྫོགས་པ་ནི། ༀ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། ཐུགས་ཀ་ནས་གནས་པའི་འཁོར་ལོ། ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་ལས་འོད་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག་པས་གཉིས་མེད་དུ་གྱུར། སྲིད་པའི་འཁོར་ལོ་ལྟེ་བ་ནས་འོད་འཕྲོས། ཁམས་གསུམ་སྲིད་གསུམ་དུ་སྤྲོས། འཁོར་བའི་གནས་སྟོང་། སྤྲུལ་པའི་འཁོར་ལོ་ཞབས་འོག་ནས་འཕྲོས། འགྲོ་བ་རིགས་དྲུག་སེམས་ཅན་ལ་ཕོག་པས་སྐྱེ་བ་མེད་པར་གྱུར། གཅོད་པའི་འཁོར་ལོ་ཕྱག་མཚན་བེ་ཅོན་འཁོར་ལོ་ལས་འོད་འཕྲོས། ཕྲིན་ལས་རྣམ་བཞི་དུས་གཅིག་ལ་མཛད། ལྷ་མ་སྲིན་སྡེ་བརྒྱད་ལ་ཕོག་པས། སྲོག་བཅུད་ལ་ཕབ་སྟེ། ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་དུ་རོ་གཅིག་པར་བྱས། ༀ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། ཨ་ཡུ་གཉའན་གཡུ་ཚེ། ཨ་པ་ན་ཡེ་བྲུཾ། ཚེ་བྲུཾ་གཡུ་བྲུཾ། ཨ་ཡུ་གཉའ་ན་བྲུཾ། ཞེས་བརྒྱ་རྩ་བརྒྱད་དབུལ། ཧཱུཾ་ཚེ་ལ་མངའ་མཛད་གཤིན་རྗེ་གཤེད། །ཕྱག་མཚན་བེ་ཅོན་འཁོར་ལོ་ཡིས། །གཤིན་རྗེའི་གནས་ཁང་བཅོམ་ནས་ནི། །གཤིན་རྗེའི་ལག་ནས་ཚེ་འཕྲོག་ལ། །རྣལ་འབྱོར་བདག་ལ་ཚེ་སྩོལ་ཅིག །ཅེས་བསྐུལ་བས། རྣལ་འབྱོར་འཁོར་བཅས་ཀྱི་ཚེ་ཉམས་པ་དང་བརྐུས་པ་ཐམས་ཅད་སླར་ཐོབ་པར་བསམ་མོ། །འཇམ་དཔལ་འཁོར་ལོ་རྣམ་བཞིའི་དགོངས་པ། གཤིན་རྗེའི་ཚེ་སྒྲུབ་ལ་འདུས་ཞེས་ཀྱང་དེ་ལ་བྱའོ། ༈ །དེ་ནས་པདྨ་གསུང་གི་སྒྲུབ་པ་ཁ་བསྒྱུར་བྱ་སྟེ། པདྨ་ཧེ་རུ་ཀ་གནས་གྱུར། དཔལ་རྟ་མགྲིན་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་གཡོན་ཐོད་ཁྲག །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར་བའོ། །དབུ་གཙུག་ན་རྟ་མགོ་ལྗང་ཞུར་ཡོད་པའོ། །ༀ་པདྨ་ཏ་ཀྲིཏ་མ་ཧཱ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་པས། དབུས་ཀྱི་རྟ་སྐད་ཐེང་གཅིག་གིས། ཡེ་ཤེས་ཀྱི་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་དབང་དུ་བསྡུས། གཡས་ཀྱི་རྟ་སྐད་ཐེང་གཅིག་གིས། སྣང་སྲིད་ཀྱི་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས། གཡོན་གྱི་རྟ་སྐད་ཐེང་གཅིག་གིས། སྲིད་པའི་གཟའ་ཀླུ་ཕོ་མོ་དབང་དུ་བསྡུས་ཏེ་བྲན་བཞིན་བཀའ་ཉན་གསུང་སྡོད་པར་བསྒོམ་མོ། །འཛབ་བསྟོད། ཧཱུཾ། བཅོམ་ལྡན་དབང་ཆེན་རྟ་མཆོག་སྐུ། །སྐུ་མདོག་དམར་ནག་ཐམས་ཅད་དབང་དུ་སྡུད། །རྟ་སྐད་འཚེར་བའི་དྲེགས་པ་ལས་ལ་གཏོད། །ཕྱག་མཚན་མཚོན་ཆས་གདུག་པ་ཐལ་བར་རློག །དུར་ཁྲོད་རྒྱན་ཆས་མཁའ་འགྲོ་དམ་ལ་སྡུད། །ཞབས་ཀྱི་དོར་སྟབས་དགྲ་བགེགས་དམ་སྲི་གཟིར། །ཁམས་གསུམ་དབང་སྡུད་རྟ་མཆོག་སྐུ་ལ་བསྟོད། །ཅེས་བསྟོད་ཅིང་། འཇིག་རྟེན་འདས་དང་མ་འདས་ཐམས་ཅད་དབང་དུ་བསྡུ་ཞིང་ལས་ལ་གཟུད་དོ། །པདྨ་གསུང་གི་སྒྲུབ་པ། རྟ་སྐད་ཐེང་གསུམ་དགོངས་པར་འདུས། ཞེས་ཀྱང་དེ་ལ་བྱའོ། ༈ །དེ་ནས་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་བྱ་སྟེ། ཀརྨ་ཧེ་རུ་ཀ་གནས་གྱུར་པ། རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་ཕུར་པ་དྲིལ་བ་ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར་བའོ། །ཕུར་པ་སྲས་མཆོག་ཏུ་བསྐྱེད་ལ། ཁྲོ་བོ་ཁྲོ་མོ་སྤྲུལ་པ་ཁྲ་ཐབས་ཡང་སྤྲུལ་རྣམས་ཀྱིས་དགྲ་དང་བགེགས་བཀུག་ལ་བསྒྲལ་བར་བསམ་མོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཏི་བ་ཏ་བ་ཀྲ་གཉའ་ན་ཀྲོ་ཏ་དགྲ་བགེགས་མཱ་རུ་ཡ་ཧཱུཾ་ཕཊ། ཅེས་ཕུར་བུ་འདྲིལ་ཞིང་དགྲ་བགེགས་ལ་གདབ་སྟེ། ཛཔ྄ ་བསྟོད་ནི། ཧཱུཾ། ཁྲོ་རྒྱལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་བཞེངས། །ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡ། །འཇིགས་བྱེད་ཁྲོ་བོ་ཁྲོ་མོ་ཁྲ་ཐབས་དང་། །སྦྲུལ་པ་ཡང་སྦྲུལ་སུམ་སྤྲུལ་ཕོ་ཉའི་ཚོགས། །གདུག་པའི་དགྲ་བགེགས་ཁུག་ལ་ཕུར་པས་རྒྱོབ། །བར་ཆོད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ཅེས་ཕུར་པ་འདྲིལ་ནས་བཏབ་པས། དགྲ་བགེགས་ཐལ་ཕུང་ནས་བརླགས་པར་བྱ། རྩད་བཅད་པར་བསྒོམ་མོ། །ཕྲིན་ལས་ཕུར་པའི་སྒྲུབ་པ་ཕུར་པ་ཐལ་འབྱིན་དགོངས་པར་འདུས་ཞེས་དེ་ལ་བྱའོ། ༈ །དེ་ནས་བདུད་རྩི་ཡོན་ཏན་གྱི་སྒྲུབ་པར་བྱ་སྟེ། རཏྣ་ཧེ་རུ་ཀ་བདུད་རྩི་འཁྱིལ་པར་གནས་བསྒྱུར་ཏེ། བདུད་རྩི་དང་ཆང་བསྲེས་ལ་ཀ་པཱ་ལ་བཀང་ལ། ཐོད་པའི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་པོ། ཀ་པཱ་ལར་ཤ་ལྔ་བདུད་རྩི་ལྔ་ལས། རིགས་ལྔ་ཡབ་ཡུམ་བཅུར་གྱུར། སྦྱོར་བ་བྱས་བྱང་ཆུབ་སེམས་ཀྱི་བདུད་རྩིར་གྱུར། རིགས་ལྔ་ཡབ་ཡུམ་འོད་དུ་ཞུ། འོག་གི་རླུང་གིས་མེ་བུས། མེས་ཐོད་པ་དྲོས་བདུད་རྩི་ཁོལ་བས། བདུད་རྩིའི་ནང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ། སྐུ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་ཡུམ་ལ་འཁྱུད་ནས་ཐལ་མོ་བཟེད་པས་ཞབས་ལྟེ་བ་མན་ཆད་བདུད་རྩིའི་ནང་ན་ཡོད་པར་བསྒོམ། ༀ་ཨཱཾཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུན་དུ་ལི་ཧཱུཾ་ཧྲིཿཋཱ། ཛཔ྄་དེ་ཉི་ཤུ་རྩ་གཅིག་བརྗོད་པས། བདུད་རྩི་འཁྱིལ་བ་ཡབ་ཡུམ་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས། འོག་མིན་གནས་སུ་རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་སུ་ཕོག །ཡེ་ཤེས་བདུད་རྩི་བབ་པར་དམ་ཚིག་བདུད་རྩི་དང་འདྲེས་ནས། དཀར་ལྷུད་ལྷུད་གང་བར་བསམ་མོ། །རིགས་ལྔ་ཡབ་ཡུམ་མཁའ་ཀློང་དུ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །སྣང་སྲིད་སྐྱེ་འགྲོ་རྩི་བཅུད་སྨན་རྣམས་བཞིན། །ཐམས་ཅད་དག་པ་བདུད་རྩི་ཆེན་པོ་ལ། །བདུད་རྩི་ལྔ་རུ་ཡེ་སངས་རྒྱས། །བསེ་ཕོར་དམར་པོ་མཚན་ལྡན་མཛེས་པའི་སྣོད། །ཤེལ་ཕོར་དཀར་པོ་དྲི་མེད་དག་པའི་སྣོད་ནང་དུ། །དམ་རྫས་བདུད་རྩི་ལྔ་ཡི་བཅུད་བླུགས་ཏེ། །ཨེ་མ་ཧོ་བདུད་རྩི་བཅུད་འདི་ནི། །ཡེ་ཤེས་ལྷ་ལ་ཕོག་པས་རྒྱལ་བའི་དཀྱིལ་འཁོར་མཉེས། །དམ་ཅན་སྲུང་མ་རྣམས་ལ་ཕུལ་བས་ཐུགས་དམ་གཉན་པོ་སྐོངས། །རིགས་ལྔ་གྲུབ་པའི་ཚོགས་ལ་ཕུལ་བས་དངོས་གྲུབ་རྒྱ་མཚོ་སྤེལ། །རྣལ་འབྱོར་དབང་ཕྱུག་བདག་ལ་ཕོག་པས་དབང་དང་དངོས་གྲུབ་བརྩོལ། །ལས་མེད་བགེགས་ལ་ཕོག་པས་ཐལ་བའི་རྡུལ་དུ་རློག །ཨེ་མ་ཧོ་བདུད་རྩིའི་ཆུ་འདི་ནི། །མཐོང་ངམ་ཐོས་སམ་རེག་པ་ཙམ་གྱིས་ནི། །ཐམས་ཅད་དབང་སྡུད་རྣལ་འབྱོར་བདག་གིས་ཐོབ། །ཨེ་མ་ཐབས་ཆེན་ཁྱད་པར་ཅན། །ཨེ་མ་ཐབས་ཆེན་བླ་ན་མེད། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །ལྟ་བ་རྨད་བྱུང་ངོ་མཚར་ཆེ། །སྤྱོད་པ་རྨད་བྱུང་ངོ་མཚར་ཆེ། །སྐུ་ལྔ་ལྷུན་གྲུབ་ངོ་མཚར་ཆེ། །ཆོས་སྐུ་གཅིག་ལ་ཐ་དད་པ། །རིགས་ལྔའི་དངོས་གྲུབ་འདིར་ཐོབ་བོ། །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བདུད་རྩི་གཏོར་རོ། །ཚིག་གོང་ལྟར་བརྗོད་ཅིང་བསྒོམ། ཡང་དེ་ལྟར་བསྒོམ་མོ། །དེ་ནས་སྨན་མཆོད་བྱེད་པའི་དུས་སུ། བདུད་རྩི་འཁྱིལ་པ་ཡབ་ཡུམ་ཞུ་ལ། ཞི་ཁྲོ་གནས་འགྱུར་ལྷ་ཚོགས་རྣམས་ལ་མཆོད་པ་དུས་གཅིག་ལ་དབུལ། རིག་འཛིན་དང་མ་མོ་དང་མཁའ་འགྲོ་མ་དང་ཆོས་སྐྱོང་སྡེ་བརྒྱད་རྣམས་ལ་དབུལ་ལོ། །བདུད་རྩི་བྱང་ཆུབ་སེམས་ཀྱིས་མཉེས་པར་བསྒོམ་མོ། །བདུད་རྩི་ལྕེ་ལ་བཞག་དངོས་གྲུབ་ཐབས་གསུམ་བླང་ངོ་། །ཞེས་བཤད་པས། གོང་གི་སྨན་དབུལ་བ། ཧཱུཾ་རང་བྱུང་གདོད་ནས་སོགས། ཙིཏྟ་སིདྡྷི་ཧཱུཾ་གི་བར་བདུད་རྩི་མཆོད་ཅིང་དངོས་གྲུབ་བླང་བར་བྱའོ། །ཡང་བདུད་རྩི་བསྲུང་བའི་ཕྱིར། བདུད་རྩིའི་ནང་དུ་བདུད་རྩི་འཁྱིལ་བ་ཡབ་ཡུམ་བསྐྱེད་ལ་གཞག་གོ། །བདུད་རྩི་ཡོན་ཏན་གྱི་སྒྲུབ་པ་བདུད་རྩི་རྣམ་དག་གི་དགོངས་པར་འདུས་ཞེས་དེ་ལ་བྱའོ། །དེ་ནས་བསྟོད་པ་བྱ་བ། ཧཱུཾ། མཉམ་ཉིད་སྐུ་ཡི་རང་བཞིན་ནི། །ཀུན་བཟང་ཟག་པ་མེད་པར་བདེ། །སེམས་ཅན་དོན་ལ་བདེ་བར་གཤེགས། །ཐུགས་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ། རྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ། །མ་འགགས་པ་ལ་འཇིགས་པ་མེད། །ཆགས་བྲལ་སྐྱོན་མེད་རྡོ་རྗེའི་གསུང་། །ཡང་དག་གསུང་ལ་ཕྱག་འཚལ་བསྟོད། །ཧཱུཾ། སྤྲོས་པ་མེད་པ་དབྱིངས་ཀྱི་ངང་། །མ་སྐྱེས་འཇིགས་མེད་རྡོ་རྗེའི་ཐུགས། །བླང་དོར་མེད་པ་ཆོས་ཀྱི་དབྱིངས། །འགྱུར་མེད་ཐུགས་ལ་ཕྱག་འཚལ་བསྟོད། །ཧཱུཾ། ཆོས་དབྱིངས་རོལ་པ་བདེ་བ་ཆེན་པོ་ལས། བཙལ་དང་རྩལ་བར་མི་དམིགས་ཀྱང་། ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་གྱིས། །ཡོན་ཏན་རེ་སྐོང་ཕྱག་འཚལ་བསྟོད། །ཧཱུཾ། རང་བཞིན་ཅིར་ཡང་མ་ངེས་ཀྱང་། །དཀྱིལ་འཁོར་ཆེན་པོའི་ཆ་བཟུང་ནས། །རྟོག་མེད་དྲེགས་པ་ངང་གིས་འདུལ། །ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་ཞུ་བ། ཧཱུཾ། ལྷ་དང་རིག་འཛིན་ཐམས་ཅད་ལ། །དབང་དང་དངོས་གྲུབ་ཞུ་བ་ནི། །འདིར་འདུས་རིག་འཛིན་བདག་ཅག་རྣམས། །སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ནས། །བསྐྱེས་རྫོགས་གཉིས་ཀྱི་ལས་གཞུང་བསྲངས། །བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཆུབ། །ལས་དང་ཐུགས་རྗེ་མཐུན་པ་ཡི། །སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ། སྨོན་ལམ་ནི། ཧཱུཾ། སྔོན་དུས་བསྐལ་པ་དང་པོ་ནས། །ཐ་མ་ད་ལྟ་ཡན་ཆད་དུ། །བསོད་ནམས་དགེ་བའི་ལས་བགྱིས་པས། །འགྲོ་རྣམས་སྡུག་བསྔལ་གྲོལ་གྱུར་ནས། །སྐུ་གསུམ་གོ་འཕང་ཐོབ་པར་ཤོག །དཔལ་ལྡན་རོ་ལངས་བདེ་བ་ཡིས། །ཏནྟྲ་རྣམས་ཀྱི་བཅུད་ཕྱུང་ནས། །ཕྱི་རབས་རྣམས་ལ་གདམས་པ་བྱས། །ཁ་བསྒྱུར་དྲུག་པ་སྙིང་དང་འདྲ། །གསང་སྔགས་སྒྲུབ་པ་བཀའ་བརྒྱད་ཁ་བསྒྱུར་བའི་ཕྲིན་ལས། ཨྠྀི། རྒྱ་རྒྱ་རྒྱ། སློབ་དཔོན་གྲུབ་ཐོབ་དངོས་གྲུབ་གྱི་ཐུགས་དམ་པྱག་བཞེས། མྱང་རལ་པ་ཅན་གྱི་ཡི་དམ་ལགས་སོ། ༈ །དེ་ནས་སྒོམ་ཁོག་ལས། ཚོགས་དང་ལྷག་མས་ཁ་བསྐང་ལ། །ཚོགས་ལ་བྱིན་རླབས་ཚུལ་བཞིན་བྱ། །འདོད་ཡོན་ལྷ་མོས་དང་པོར་མཆོད། །བར་པས་མཆོད་ཅིང་བཤགས་པ་བྱ། །ཐ་མ་དགྲ་བགེགས་དམིགས་ལ་བསྒྲལ། །ཐ་མ་རྣལ་འབྱོར་ཚོགས་ལ་རོལ། །དེ་ནས་ལྷག་མའི་གཏོར་མ་ལ། །བདུད་རྩི་ཆེན་པོར་བྱིན་བརླབས་ལ། །དང་པོ་ཡེ་ཤེས་མཁའ་འགྲོ་མཆོད། །གཉིས་པ་དམ་ཚིག་མཁའ་འགྲོ་མཆོད། །གསུམ་པ་ལས་ཀྱི་མཁའ་འགྲོ་མཆོད། །བཞི་པ་དམ་རྫས་གཏོར་མ་ཡིས། །ལྷ་སྲིན་སྡེ་བརྒྱད་ཆོས་སྐྱོང་མཆོད། །དེ་ནས་གཏོར་མ་ཟོར་དུ་འཕངས། །དགྲ་དང་བགེགས་ལ་བརྡེག་པར་བྱ། །གཏོར་གཞོང་ཁ་སྦུབས་དགྲ་བགེགས་མནན། །དེ་རྣམས་ཕྲིན་ལས་རིམ་པ་ཡིན། །ཞེས་པའི་གོ་རིམ་ལྟར་ལས་ཚོགས་ཀྱི་མཆོད་པས་ཁ་བསྐང་བ་ལ། ཚོགས་དང་གཏོར་མ་འདུ་བྱས་ལ། བྱིན་གྱིས་བརླབས་པ། རཾ་ཡཾ་ཁཾ། ཨཿ བདེ་བ་ཆེན་པོའི་སྣོད་མཆོག་ཏུ། །ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནི། །བླང་དོར་མེད་པའི་དམ་ཚིག་རྫས། །ༀ་ཨཱཿཧཱུཾ་གིས་བདུད་རྩི་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ། སྤྱན་དྲང་བ། ཧཱུཾ། རྒྱལ་བ་ཞི་ཁྲོ་འཁོར་དང་བཅས། །ཡེ་ཤེས་ཚོགས་པ་སྤྱན་འདྲེན་ན། །དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས། །དགའ་དང་གུས་པས་ཕྱག་འཚལ་ལོ། །ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། དང་པོས་མཆོད་པ། གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་ལྡན་ཞལ་ཟས་རེག་བྱ་བདེ། །གར་དང་གླུ་དང་ཆོས་ཡིད་ཚིམ། །འདོད་ཡོན་ལྷ་མོས་ནམ་མཁའ་གང་། །ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །བར་པས་བཤགས་པ། ཧཱུཾ། ཞལ་ཟས་བདུད་རྩིའི་ཚོགས་མཆོད་འདི། །རང་བྱུང་ཡེ་ཤེས་ལྷ་རྣམས་ལ། །ཐུགས་དམ་བསྐང་ཕྱིར་འབུལ་ལགས་ན། །གཡར་དམ་ཉམས་པ་བསྐང་ཕྱིར་བཞེས། །ཡིག་བརྒྱ་བཟླས། ཐ་མ་བསྒྲལ་བ། བདེན་སྟོབས་དགུག་གཞུག་བྱས་ལ། ཧཱུཾ། རྣལ་འབྱོར་སྒྲུབ་ལ་བར་གཅོད་བགེགས། །ཚོགས་ལ་བསྟིམ་སྟེ་བསྒྲལ་བར་བྱ། །དུག་གསུམ་ཤ་ཁྲག་རུས་པའི་ཚོགས། །འཁོར་བ་དབྱིངས་སུ་བསྒྲལ་ཕྱིར་བཞེས། །ཚོགས་ལ་རོལ་པ། ཧཱུྃ། ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན། །དངོས་གྲུབ་སྣ་ཚོགས་འདི ལས་བྱུང་། །རྣལ་འབྱོར་ཚོགས་ལ་དགྱེས་པར་རོལ། །ཨ་ལ་ལ་ཧོཿ ༈ དེ་ནས་མ་མོ་རྦོད་གཏོར་གི་སྒྲུབ་པ་ནི། ལྷག་མའི་ཆོ་ག་ལ། ལྷག་མ་བསྡུས་ལ། བདག་ཉིད་དཔལ་ཆེན་པོ་བླ་མེད་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་གསལ། ༀ་འགུ་ཡ་གཉའ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ཅེས་མ་མོ་དང་མཁའ་འགྲོ་མ་ཐམས་ཅད་དབང་དུ་བསྡུ། ཨ་ཀཱ་རོ་མུ་ཁཾ་སོགས། ཧཱུཾ་ཕཊ་སྭཱ་ཧཱ། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ། ཧཱུཾ། མ་དང་མཁའ་འགྲོ་དམ་ཅན་མ། །བསྟན་པ་སྲུང་བའི་ལས་མཁན་མ། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །ཡེ་ཤེས་མཁའ་འགྲོ་ཐམས་ཅད་ཀྱང་། །དམ་རྫས་གཉན་ཀྱི་གཏོར་མ་ལོངས། །རྣལ་འབྱོར་བྱིན་གྱིས་བརླབ་ཏུ་གསོལ། །བསྟན་སྲུང་བཀའ་ཡི་བྱ་རུ་མ། །ལྷ་མོ་མོན་མོ་བལ་མོ་དང་། །དམ་ཚིག་མཁའ་འགྲོ་ཐམས་ཅད་ཀྱང་། །དམ་རྫས་གཉན་གྱི་གཏོར་མ་ལོངས། །བསྟན་པ་གཉན་པོ་བསྲུང་དུ་གསོལ། །དབང་ཕྱུགས་མཁའ་འགྲོ་འབར་མ་དང་། །མ་སྲིན་མཁའ་འགྲོ་འབར་མ་དང་། །མ་སྲིང་གིང་དང་ལང་ཀ་དང་། །ལས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱང་། །དམ་རྫས་གཉན་གྱི་གཏོར་མ་ལོངས། །རྣལ་འབྱོར་རྐྱེན་དབང་བཟློག་ཏུ་གསོལ། །ༀ་འགུ་ཡ་གཉའ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། དེ་ག་ལ་མ་མོ་རྦོད་གཏོང་གི་སྒྲུབ་པ་ཞེས་བྱའོ། །སྐབས་འདིར་སྤྲོ་ཞིང་ནུས་ན་ཞི་ཁྲོའི་བསྟོད་པ་ཟུར་བཀོལ་གྱིས་ཁ་བསྐང་བར་བྱའོ། །དེ་ནས་འཇིག་རྟེན་པ་ཐམས་ཅད་བསྐུལ་ཞིང་སྲོག་སྙིང་ནས་དྲངས། ཕྲིན་ལས་བཅོལ། དམ་རྫས་གཏོར་ཕུད་བསྟབ། ལྷ་མ་སྲིན་སྡེ་བརྒྱད་བསྟེན་ཅིང་དགྲ་ལ་རྦད། ཅེས་པས། ཧཱུཾ། ཞེ་སྡང་དྲེགས་པ་གཤིན་རྗེ་ནི། །མཐིང་ནག་བེ་ཅོན་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། འདོད་ཆགས་དྲེགས་པ་མ་མོ་ནི། །དམར་ནག་སྙིང་དང་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། ང་རྒྱལ་དྲེགས་པ་གིང་ཆེན་ནི། །དཀར་པོ་ཤེལ་གྲི་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། ཕྲག་དོག་དྲེགས་པ་རྨུ་བཙན་ནི། །དམར་ནག་ཤང་ལང་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། ལས་ཀྱི་དྲེགས་པ་དགྲ་ལྷ་ནི། ། སྨུག་པོ་རྡོ་རྗེ་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། ང་རྒྱལ་དྲེགས་པ་གནོད་སྦྱིན་ནི། །སེར་པོ་རུ་དར་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། གཏི་མུག་དྲེགས་པ་ཀླུ་བདུད་ནི། །ནག་པོ་སྦྲུལ་ཞགས་རུས་སྦལ་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། འཇིག་རྟེན་དྲེགས་པ་གཟའ་བདུད་ནི། །དུད་ཁ་ཆུ་སྲིན་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཡ་མ་རུ་ཡ་ཙ་སུ་མ་ཡ་ཛཿ དྲག་ཤ་ཁ་མུནྜ་ཛཿ དྲི་རུ་རུ་ཧྲིདཿ དྲི་དུ་རུ་དུ་རུ་ཏ་རུ་ཏི་ཛཿ ག་བུ་ལ་རི་དྲི་ནི་ཏྲ་ཤ་ཡཾ་ཛཿ བཛྲ་སུ་དྷུ་སུ་མ་ཡ་རུ་ཙ་ཏྲི་ཛཿ ཧྲིང་བཛྲ་ཡ་ཀ་ཤ་བཛྲ་ཧྲིང་ཧྲིང་ཛཿ ནཱ་ག་རུ་ཙ་སུ་མ་ཡ་ཕུ་ཛཿ ར་ཧུ་ལ་མ་ཏྲིག་ཛཿ ཤ་ཏྲུཾ་ནི་ཐུམ་ཛཿ ཆེ་གེ་མོ་མཱ་རུ་ཡ་རྦད། ཧཱུཾ། བཀའ་ཡི་བསྟན་པ་སྲུང་མཛད་པ། །གཤིན་རྗེ་བདུད་དང་མ་མོ་དང་། །གཟའ་དང་ཀླུ་དང་བཙན་དང་ལྷ། །གནོད་སྦྱིན་སྲིན་པོ་དགྲ་ལྷ་རྣམས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །དམ་རྫས་གཉན་གྱི་གཏོར་མ་ལོངས། །སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །དེ་ལ་འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་པ་ཞེས་བྱ་བའོ། ༈ །འཇིག་རྟེན་པ་ཐམས་ཅད་ཀྱི་དམོད་སྔགས་དང་དྲག་སྔགས་དྲག་ཏུ་བཟླས། དམ་རྫས་དང་གཏོར་མ་ཟོར་དུ་འཕང་ངོ་། །དགྲ་བགེགས་ལ་མཐུ་དང་བྱིན་རླབས་འཕྲལ་ལ་འབྱུང་བས། ༀ་བཛྲ་སརྦ་དུཥྚན་ཨེ་ཛ་བྷྱོ་ཧཱུཾ་ཕཊ། ཧཱུཾ། དྲག་པོ་ཀུན་གྱི་གཏོར་མ་འདི། །སྡང་དགྲ་གནོད་པའི་བགེགས་ལ་རྡེག །ལྔང་ཕུང་གཟུགས་ལ་གཏོར་ཟོར་རྒྱོབ། །ལུས་ངག་ཡིད་གསུམ་ཐལ་བར་སློག །དགྲ་བགེགས་ལས་ངན་རྩད་ནས་ཆོད། །ཅེས་པ་དམོད་མོ་དང་བཅས་པས་གཏོར་མ་དགྲ་ཕྱོགས་སུ་ཟོར་དུ་འཕང་ངོ་། །དམོད་པ་དྲག་སྔགས་ཀྱི་སྒྲུབ་པ་ཞེས་བྱའོ། །གཏོར་གཞོང་སྦུབ་ལ། ཧཱུཾ། གཏོར་ཕྱིར་འབྲངས་བའི་དམ་སྲི་རྣམས། །རྣལ་འབྱོར་འཁོར་ལ་བར་ཆོད་བགེགས། །གཏོར་གཞོང་རི་རབ་འོག་ཏུ་མནན། །བསྐལ་པའི་མཐར་ཡང་མི་བཏང་བར། །ལུས་ངག་ཡིད་གསུམ་ནན་གྱིས་མནན། །ༀ་ལཾ་ཨཱཿལཾ་ཧཱུཾ་ལཾ་སྲི་ནན། ཞེས་གཏོརཕྱིར་འབྲངས་པའི་དམ་སྲི་རྣམས། གཏོར་གཞོང་ཁ་སྦུབ་རི་རབ་འོག་ཏུ་མནན་པར་བསམ་མོ། །ཁ་བསྐང་མཆོད་བསྟོད་གོང་ལྟར་དང་བཟོད་གསོལ་བསྡུ་རིམ་བསྔོ་སྨོན་བཀྲ་ཤིས་སོགས་སྤྱི་ཁྱབ་ལྟར་གྱིས་མཐའ་རྒྱས་པར་བྱའོ། །དེ་ལྟར་ན་སྒྲུབ་པ་བརྒྱད་གཅིག་ཏུ་དྲིལ་ནས་བསྐྱེད་རིམ་ཉམས་སུ་བླང་བའི་ཚུལ་རྣམས་མདོ་ཙམ་ཆ་ཚང་བར་འགྱུར་ཞིང་གོང་འོག་གི་ཆིང་རྣམས་དེ་ལྟར་སོ་སོའི་གཅིག་སྒྲུབ་རྣམས་སྒོམ་ཁོག་ལྟར་མངོན་རྟོགས་སྦྱར་བས་འགྲུབ་པར་འགྱུར་ཏེ་བསྐྱེད་རིམ་གསལ་ཐེབས་ནས་ལྷ་དང་རང་སེམས་དབྱེར་མེད་པའི་ཏིང་འཛིན་ལ་མཉམ་རྗེས་ཀུན་ཏུ་ལམ་ཁྱེར་ནུས་ན་བསྐྱེད་རྫོགས་ཟུང་འཇུག་ཏུ་འགྱུར་ཞིང་། དེ་ནས་གཞུང་འདི་ཉིད་ཀྱི་རྫོགས་རིམ་ཟམ་མོ་རྣམས་ལ་བློ་ནུས་དང་བསྟུན་ནས་ཉམས་སུ་ལེན་པ་ལ་འབད་པར་བྱ་སྟེ། སྒོམ་ཁོག་ལས། ཕྲིན་ལས་ཁ་བསྒྱུར་དྲུག་པ་འདི། །སྒྲུབ་པ་དྲུག་གི་ཁོག་པ་ཡིན། །ཆིག་སྒྲུབ་སྒོས་སྒྲུབ་དེ་ལྟར་བྱ། །དེ་ནི་བསྐྱེད་རིམ་རྐྱང་པ་ཡིན། ༈ །རྫོགས་རིམ་ལྷ་དེ་རང་སེམས་ཡིན། སེམས་ཉིད་གཏན་ལ་དབབ་པ་ནི། །ལྷ་ཉིད་རང་ལ་རང་ཉིད་ལྷ། །དུས་གསུམ་རྟག་ཏུ་མི་འབྲལ་འགྲོགས། །གཉིས་སུ་མེད་ན་གྲུབ་པ་ཡིན། །ཞེས་གསུངས་སོ། །གང་གི་རིམ་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གཅིག །རྫོང་འཕྲང་སྲོག་གི་གྲུབ་པ འི་མཐར་འཆའ་བས། །དངོས་གྲུབ་མཆོག་གི་སུ་གསུམ་དབང་བྱེད་པ། །མཁས་པ་མི་བཞི་སྲེད་མེད་བུ་ཡི་གཡོ། །འཆི་མེད་བཏུང་བའི་དཔལ་གྱིས་མི་འཕྲོག་ཅིང་། །བུམ་བཟང་དཔག་བསམ་ཤིང་གི་གོ་སར་ཡང་། །འཛེགས་མིན་བླ་མེད་མཆོག་གི་རྒྱལ་ཐབས་ལ། །མྱུར་སྦྱོར་རྡོ་རྗེའི་གསེང་ལམ་འདི་མིན་ནམ། །དེང་དུས་འདི་འདྲའི་བླ་དྭགས་སྒྲ་ཙམ་ཡང་། །ཐོས་འཛིན་ཡུལ་དུ་བྱས་པ་དཀོན་མཐོང་ཞིང་། །ཆོས་ལ་འབད་པ་མདོ་མེད་རྩི་བའི་དུས། །སྡིག་ལྟས་ཁེབས་ལ་བདག་འདྲས་ཅི་བྱར་ཡོད། །འོན་ཀྱང་ཆོས་ཉིད་བདེན་པར་རྨད་པོ་ཆེ། །དུས་དང་སྤྱོད་པའི་ཁམས་སུ་ཉམས་བླངས་པའི། །རང་འབྲས་མི་བསླུ་དེ་དེར་ངེས་རྙེད་པས། །རྣལ་འབྱོར་ལམ་འདི་ལྷག་བསམ་ཁོ་ནས་བྱས། །གོང་འོག་དཀྲུགས་དང་མ་ཚང་འགལ་ལ་སོགས། །ཉིས་གྱུར་མཐའ་དག་སྡིག་དང་ལྷན་ཅིག་མཐོལ། །དགེ་བ་གྱུར་གང་མཐའ་ཡས་འགྲོ་བ་ཀུན། །ཧེ་རུ་ཀ་དཔལ་མྱུར་དུ་འཐོབ་ཕྱིར་བསྔོ། །སྒྲུབ་པ་བཀའ་བརྒྱད་བཀའ་མ་མཁས་པ་མི་བཞིའི་དགོངས་བཅུད་རྫོང་འཕྲང་ལ་སྔོན་ཆད་ལས་བྱང་ཆོག་ཁྲིགས་སུ་བཀོད་པ་མི་འདུག་པས་བློ་དམན་རྣམས་ཀྱིས་འཆད་ཉན་དང་བསྙེན་སྒྲུབ་ལག་ལེན་ལ་ཐེབས་དཀའ་བར་མཐོང་བས་ཟབ་ཆོས་འདི་ཉིད་ཀྱི་ཞབས་ཏོག་ཏུ་དམིགས་ནས་སྒྲིག་འདུན་ཡོད་པ་དང་། ལམ་འདི་ཉིད་ལ་མོས་པ་ལྷུར་ལེན་འགྱུར་མེད་ཆོས་དཔལ་གྱིས་བསྐུལ་བ་བཞིན་གཞུང་འདིའི་བསྐྱེད་རིམ་གྱི་ཆོས་སྐོར་རྣམས་རང་གཞུང་གི་དགོངས་པ་གང་ཡིན་ངག་འདོན་ཆུ་འབབ་སུ་བཀོད་པ་ལས་ཚིག་ཚོགས་དང་རང་བཟོའི་སྤྲོས་པ་སྤངས་ཏེ་སྙོམས་ལས་པ་འགྱུར་མེ་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་ཞེས་འབོད་པས་ངེས་གསང་སྙིང་པོའི་བཤད་སྒྲུབ་ཀྱི་སྒྲ་སྒྲོགས་པའི་གནས་ཀཿཐོག་རྡོ་རྗེ་གདན་གྱི་གནྡྷོ་ལའི་བ་གམ་དུ་སྡེབས་པ་དུས་ཐམས་ཅད་དུ་དགེ་ལེགས་སུ་གྱུར་ཅིག །ཡི་གེ་པ་ནི་ཤཱཀྱའི་བཙུན་པ་བཀྲ་ཤིས་འོད་ཟེར་གྱིས་བྱས་པ་དགེའོ།། །།

རྫོང་འཕྲང་ལས་དབང་བསྐུར་རྡོ་རྗེའི་ཕྲེང་བ།

༄༅། །རྫོང་འཕྲང་ལས། དབང་བསྐུར་རྡོ་རྗེའི་ཕྲེང་བ་བཞུགས་སོ། །རྒྱ་བོད་མཁས་པ་མི་བཞིའི་ཐུགས་བཅུད་ཟབ་པའི་མཐར་ཐུག་ལགས་སོ། །རྒྱ་གར་སྐད་དུ། མ་དྷ་ལ་བི་དཱི་ནཱ་མ། བོད་སྐད་དུ། དཀྱིལ་འཁོར་གྱི་ཆོ་ག །དཔལ་ལྡན་ཀུན་བཟང་རིག་པའི་ངང་། །གཉིས་མེད་ཡུམ་དང་བཅས་པ་ལ། །ལུས་ངག་ཡིད་གསུམ་པྱག་འཚལ་ཏེ། །རྡོ་རྗེ་ཐེག་པ་གཟུང་བ་དང་། །སེམས་ཅན་རྒྱུད་ནི་སྨིན་པ་དང་། །རང་དང་འདྲ་བ་དྲང་བའི་ཕྱིར། །སྐུ་གསུང་ཐུགས་ཀྱི་ཏནྟྲ་ལས། །འཕྲུལ་མེད་རྡོ་རྗེའི་ཕྲེང་བ་བརྩམ། །ཐམས་ཅད་མཉམ་ཉིད་གཞི་ཡིན་པས། །གཅིག་གི་གཞིར་གྱུར་དུ་མའི་གཞི། །མིང་དོན་ངེས་མེད་ཆེན་པོ་སྟེ། །ནམ་མཁའ་མིང་དུ་བཏགས་པ་ཙམ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད། །གཉིས་སུ་མེད་པ་ཡེ་ཤེས་ཏེ། །རང་བཞིན་དོན་གྱི་རྣལ་མ་ཡིན། །དཔེར་ན་ནམ་མཁའ་ལྟ་བུའོ། །མ་ནོར་བ་ཡི་སྙིང་པོའི་དོན། །ཆོས་དབྱིངས་རྣམ་པར་དག་དེ་ལ། །མ་བཅོས་པ་དེ་ཀུན་གྱི་གཞི། །དཔེར་ན་སུ་གཞི་ལྟ་བུའོ། །སྐྱེ་འགག་གཉིས་སུ་མེད་པ་ལ། །སྣང་དང་སྟོང་པ་གཉིས་སུ་མེད། །འཁོར་འདས་གཉིས་སུ་མེད་པ་ཡིན། །ནམ་མཁའ་དང་ནི་ཆོ་འཕྲུལ་འདྲ། །དོན་དེ་གང་ཞིག་སུས་རྟོགས་པ། །སྐུ་གསུམ་དགོངས་པ་རང་ལ་རྫོགས། །དོན་དམ་ཆོས་སྐུ་ཆེན་པོ་ཡིན། །དབུལ་མོས་གཏེར་ཆེན་རྙེད་པ་འདྲ། །དེ་ལྟ་བུ་ཡི་དོན་དེ་ཡང་། །རྟོགས་པ་རྣམས་ལ་མ་བསྣན་ཏེ། །མ་རྟོགས་པ་ལ་མ་ཕྲི་བས། །དངོས་པོ་གཞི་ཡི་གནས་ལུགས་ཡིན། །ཁུར་བའི་ནང་དུ་ཆུ་བླུག་འདྲ། །ཚིག་དང་བློ་ཡིས་མཚོན་དུ་མེད། །སྒྲ་ཚད་མཁས་པས་དེ་མི་ཤེས། །རིག་པ་རྣོ་བས་དེ་མི་རྟོགས། །དཔེར་ན་གྱད་ཀྱི་ནོར་བུ་འདྲ། །ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ལྟ་དགོངས་ཐམས་ཅད་ཀྱི་སྙིང་པོ། ཀུན་བཟང་རྒྱལ་བའི་ཐུགས་ཀྱི་ཡང་བཅུད། དེ་ཡང་རང་གི་རིག་པའོ། །རྡོ་རྗེ་ཕྲེང་བ་ལས། ལྟ་བའི་སྙིང་པོ་དོན་ལ་དབང་བསྐུར་བའི་ལེའུ་སྟེ་དང་པོའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མ་རྟོགས་ལོག་པའི་སེམས་ཅན་རྣམས། །དུག་ལྔས་བཟུང་བའི་དབང་གིས་སུ། །སྐྱེ་གནས་བཞི་དང་འགྲོ་རིགས་དྲུག །རྟག་ཏུ་འཁོར་བའི་ཟོ་ཆུ་འདྲ། །སྡུག་བསྔལ་སྒྲོལ་ཕྱིར་རྒྱལ་བའི་ཐུགས། །ཆོས་ཀྱི་སྐུ་ཡི་རང་བཞིན་ལས། །ཐུགས་རྗེའི་རང་བཞིན་གཟུགས་ཀྱི་སྐུ། །ཉི་ཟླའི་དཀྱིལ་འཁོར་བཞིན་དུ་ཤར། །འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས། །རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ། །དུག་ལྔ་ཡེ་ཤེས་ལྔ་ལྡན་དུ། །གཉིས་སུ་མེད་པར་དབང་བསྐུར་ཏེ། །ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་བརླབས། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་གྱིས། །རྣམ་པར་རྒྱལ་བའི་ཁང་བཟང་དུ། །དམ་པ་ཏོག་དཀར་དབང་བསྐུར་ཏེ། །གང་ལ་གང་འདུལ་ཐུབ་པར་སྤྲུལ། །སྐུ་དང་གསུང་དང་ཐུགས་ཀྱིས་སུ། །འགྲོ་བ་འདུལ་བར་བྱིན་བརླབས་ནས། །ཕྱི་དང་ནང་དང་གསང་བ་ཡི། །ཐེག་པ་ཐམས་ཅད་བཀའ་སྩལ་ཏོ། །དེ་དག་སྤྲུལ་སྐུ་རང་རྒྱུད་དེ། །རྡོ་རྗེ་ཆོས་ཀྱང་ཕྱི་དང་ནང་། །གསང་ཚུལ་དུ་ཡང་བསྡུ་བ་མཛད། །རིམ་པ་བཞིན་དུ་མི་ཡུལ་དུ། །ཕུང་པོ་རི་དང་གནམ་ལྕགས་ཅན། །ཟ་ཧོར་རྒྱལ་པོའི་མདོ་གླིང་དུ། །མ་མོ་རིག་འཛིན་རྣམས་ལ་གཏད། །དབང་ཡང་རིམ་པ་བཞིན་དུ་དབབས། །བསྟན་པ་རིམ་པ་བཞིན་དུ་དར། །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་རིམ་པ་བཞིན་དུ་ཐོབ། །བྱིན་གྱིས་བརླབས་ཀྱི་ཆོ་འཕྲུལ་དེ། །གོང་མའི་ཐབས་ལ་མ་བརྟེན་པར། །ཐབས་སམ་དཀའ་ཐུབ་རྩོལ་བ་ཡིས། །འབྱུང་བར་མི་འགྱུར་འཁྲུལ་བའི་ཀློང་། །དེས་ན་མོས་གུས་རབ་ཏུ་གཅེས། །སངས་རྒྱས་སྐུ་གསུམ་འབྲས་བུ་ཡང་། །བསྟན་པའི་བྱིན་རླབས་བབས་ལས་འབྱུང་། །བབས་ལ་མ་བསྟེན་འབྲས་བུ་ནི། །འབྱུང་བར་ཐུབ་པས་མ་གསུངས་ཏེ། །དཔེར་ན་ཐང་ལོའི་འབྲས་བུ་བཞིན། །སངས་རྒྱས་སྐུ་གསུམ་འབྲས་བུ་ཡང་། །བསྟན་པའི་བབས་ལས་འབྱུང་བར་གསུངས། །རྡོ་རྗེ་ཕྲེང་བ་ལས། བབས་བསྟན་པའི་ལེའུ་སྟེ་གཉིས་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་སྣོད་བཅུད་མཚན་ཉིད་ནི། །དད་པ་གཞི་ཆེ་བརྩོན་འགྲུས་མྱུར། །ཤེས་རབ་ཆེ་ལ་སྡེ་སྣོད་ཐོས། །དབུལ་སྦྱིན་བསམ་ནས་སྔགས་ལ་མོས། །བློ་སྦྱོང་དབང་དང་རིམ་པ་ཐོབ། །བསྐྱེད་རྫོགས་གཉིས་ཀྱིས་རང་རྒྱུད་གྲོལ། །དམ་ཚིག་གཙང་ལ་སྒོམ་ལ་བརྩོན། །དངོས་གྲུབ་ཐོབ་ཀྱང་རློམ་སེམས་མེད། །རང་དོན་སྤང་བའི་བཅོ་ལྔ་པ། །སྲོག་ལ་བསྡོས་པ་དེ་ཉིད་བཙལ། །ཆོས་བརྒྱད་བྲལ་དང་ཚད་མེད་ལྡན། །ཕར་ཕྱིན་བསྡུ་བཞིས་གཞན་དོན་མཛད། །འཁྲུལ་པ་མི་མངའ་བདེན་པ་མཐོང་། །ཐེག་ཆེན་སྔགས་ཀྱི་བདག་པོ་བདུན། །དེ་ཡང་བཀུར་བར་འོས་པ་ཡིན། །རྒྱུད་འབྱོངས་པ་ལ་ཕན་སེམས་ཆེ། །འདོད་པ་ཆུང་ལ་གདམས་ངག་ཆེ། །ཀུན་བཟང་ཐུགས་དང་དབྱེར་མེད་ལྔ། །དེ་ཡང་བླ་མ་བཟང་པོ་ཡིན། །བརྒྱུད་པ་བཟང་ལ་རང་རྒྱུད་ཐུལ། །འདོད་པ་ཆུང་བ་གསུམ་པ་སྟེ། །དེ་ཡང་རྟོག་པ་འཇོམས་པར་བྱེད། །བླ་མ་སངས་རྒྱས་གཉིས་སུ་མེད། །བསྙེན་པ་བྱས་ན་དངོས་གྲུབ་ཐོབ། །དུས་གསུམ་དཔའ་བོས་དེ་སྐད་གསུངས། །རྒྱལ་པོའི་དབུ་ཡི་རྒྱལ་མཚན་ལྟར། །གཉིས་མེད་དད་གུས་བྱས་གྱུར་ན། །སྐུ་གསུམ་འདུ་འབྲལ་མེད་པར་འགྱུར། །རིགས་བཟང་དད་པ་ཤིན་ཏུ་ཆེ། །བསྟན་ཅིང་ཟུངས་ཐུབ་ཤེས་བཞིན་ལྡན། །བླ་མ་ལ་གུས་ཞེན་པ་ཆུང་། །སྙིང་རྗེ་ཆེ་ལ་རིག་པ་རྣོ། །སྒྲིམ་ཞིང་བློ་གྲོས་ལྡན་པ་ལ། །ཉོན་མོངས་རྒྱང་ཞིང་བསམ་པ་བཟང་། །སྔགས་ལ་དད་པ་བཅུ་གསུམ་པ། །གསེར་སྣོད་ལྟ་བུའི་མཆོག་ཏུ་གསུངས། །ཤེས་རྒྱུད་འཇམ་ལ་ཆད་ལ་བཙན། །ཤེས་རབ་རྣོ་ལ་བརྩོན་འགྲུས་དྲག །གཡོ་རྒྱུ་ཆུང་ལ་སྐྱོ་ཤས་ཆེ། །བླ་མ་ལ་གུས་རྟོག་པ་ཆུང་། །གཏོང་ཕོད་ཆེ་ལ་ང་རྒྱལ་ཆུང་། །ཐེ་ཚོམ་མི་ཟ་བཅུ་གཅིག་པ། །འདི་ཡང་མཁས་པས་སྣོད་དུ་གསུངས། །གཤེ་སྐུར་ཆུང་ཞིང་ཀུན་ལ་དད། །དབེན་དང་གྲུབ་པ་དག་ལ་དགའ། །སྨོན་ལམ་དག་པས་བསོད་ནམས་གསོག །རྟོགས་པ་མཐོ་བ་བདུན་པ་ཡིན། །འོ་མ་ཐུབ་པར་སེམས་དཔས་གསུངས། །ཕྱི་ནང་རྟེན་འབྲེལ་མ་འཛོམ་པར། །མཐར་ཐུག་འབྲས་བུ་མི་འབྱུང་སྟེ། །བྱེ་མ་ལ་ནི་མར་བཞིན་ནོ། །དོན་དམ་གཞི་ལ་ངེས་མེད་པས། །གསེར་མདོག་མཚན་དཔེས་མ་ཐུལ་བ། །འཆར་ཀ་ཡིས་ནི་ཐུལ་བ་དང་། །ཚངས་པའི་གསུང་གིས་མ་ཐུལ་བར། །ཏྲེ་བུ་མི་ཏྲས་ཐུལ་བས་ན། །ཐུགས་རྗེ་དད་ཅིང་གུས་ལས་འབྱུང་། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །སྐུ་གསུང་ཐུགས་ཀྱང་བསམ་མི་ཁྱབ། །མོས་གུས་ཅན་ལ་བྱིན་རླབས་འབྱུང་། །གཅིག་ཏུ་མ་ངེས་ཐམས་ཅད་ཡིན། །རང་གིས་རྟོགས་པའི་སངས་རྒྱས་ཡིན། །རྡོ་རྗེ་ཕྲེང་བ་ལས། སྣོད་བཅུད་འབྲེལ་བ་ལ་བརྟེན་ནས། རིག་པ་དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སློབ་མ་རབ་གནས་བཟང་པོ་ཡིས། །རྒྱུད་སྨིན་དབང་བསྐུར་བྱ་བའི་ཕྱིར། །བཀྲ་ཤིས་ཡིད་འོང་དབེན་གནས་སུ། །ཐམས་ཅད་སྟ་གོན་གནས་བྱའི་ཕྱིར། །འཚོ་བའི་རྫས་དང་སྒྲུབ་པའི་རྫས། །དགྲ་བཟློག་མཚོན་དང་རྐྱེན་ལོག་སྨན། །མཆོད་པའི་དཀྱིལ་འཁོར་རྒྱུན་ལ་སྩོགས། །དབང་གི་རྫས་དང་དངོས་གྲུབ་རྫས། །མཚམས་དང་སྲུང་བ་བསྒྲུབ་པའི་རྫས། །གཞན་ལ་རག་མ་ལུས་པར་བྱ། །སྲོག་ཆགས་འདོན་དང་སྐུ་གདུང་བཞེངས། །བྱིས་པ་དགེ་སློང་སྟོན་མོ་བྱ། །འབུམ་ལྔ་ཕྱི་ནང་དཔང་སྐོང་ཀློག །ཆ་གསུམ་ཕྱི་ཡི་མཆོད་པ་འབུལ། །ཡུལ་དེའི་ལྷ་དང་གནོད་བྱེད་ལ། །གཏོར་མ་བྱིན་ལ་བསྒོ་བ་བྱ། །ཚོགས་བསགས་ཚུལ་དང་མཐུན་པར་ཞུ། །དེས་ན་སློབ་དཔོན་ཚད་ལྡན་དེས། །བསྙེན་པ་སྔོན་དུ་ལོང་བ་ཡིས། །དུས་དང་མཚན་མ་གྲངས་དང་ནི། །དཔའ་བོས་ལུང་བསྟན་ཐོབ་པ་ཡིན། །རང་གི་ལུས་ངག་རྒྱུད་སྦྱང་ཕྱིར། །ལས་ལ་སྦྱོར་ཁར་དྲངས་ལ་བརྟེན། །དངོས་གྲུབ་ཛཔ྄་དགོངས་དག་ལས་འབྱུང་། །ཐུགས་ལ་བཟུང་ལ་བསྙེན་པ་བྱ། །དེ་ནས་སྒྲུབ་པ་བྱ་བའི་ཕྱིར། །དཀྱིལ་འཁོར་སུ་ཡི་ཆོ་ག་ནི། །ལྟོ་འཕྱེ་ཤུགས་འགྲོས་ལྟ་བུ་ཡིས། །ཕྱི་དང་ནང་དང་གསང་བ་ཡིས། །བརྟན་པ་བྱས་ལ་དགོངས་པ་བསྐྱེད། །རིགས་ལྡན་མངའ་བདག་ལྷུང་བཟེད་སྲོག །རོ་ལྡན་དྲངས་ལ་བརྟེན་པས་སྒྲོལ། །ལུང་དང་སྣང་བ་བྱིན་པ་དང་། །ས་པྲ་དང་ནི་མཚན་མ་བརྟག །རོ་ལྔ་བསལ་ལ་སྟེགས་བུ་བྱ། །ལོ་དང་ཟླ་བ་ཡར་གྱི་ངོ་། །གཟའ་དང་སྐར་མ་བཟང་དུས་སུ། །མགྲོན་རིགས་བཞི་ལ་མཆོད་གཏོར་བྱ། །ས་བདག་ཕྱི་ནང་གསང་བ་ལ། །ཐམས་ཅད་མ་ལུས་ཚིམ་པར་བྱ། །དཀྱིལ་འཁོར་སངས་རྒྱས་སྤྱན་ཡིན་ཡང་། །དབུས་སུ་ལྷ་མོ་བསྐྱེད་བྱས་ལ། །ཧཱུཾ། གསེར་གྱི་སུ་ལ་མངའ་མཛད་མ། །དབུས་ཀྱི་སུ་ཡི་ལྷ་མོ་སངས་རྒྱས་སྤྱན། །སྐུ་མདོག་གསེར་གྱི་མདོག་འདྲ་མ། །གཡས་ན་གསེར་གྱི་བུམ་པ་བསྣམས། །གཡོན་པ་མཆོག་སྦྱིན་ཕྱག་རྒྱ་མཛད། །ལྷ་མོ་འཁོར་དང་བཅས་པ་ཡང་། །མཆོད་གཏོར་མགྲོན་དུ་སྤྱན་འདྲེན་ན། །ཐུགས་རྗེ་བརྩེ་ཕྱིར་གནས་འདིར་གཤེགས། །ཀོ་ལོང་བར་ཆད་མ་མཛད་པར། །བདག་ལ་སུ་ཡི་དངོས་གྲུབ་སྩོལ། །ཡེ་ཤེས་བྱིན་བརླབས་དབང་བསྐུར་བྱ། །གནང་བར་བསམ་ལ་དཔང་དུ་གསོལ། །ཧཱུཾ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱང་། །བྱང་ཆུབ་སྤྱོད་པ་སྤྱོད་པས་ན། །ས་དང་ཕ་རོལ་ཕྱིན་སྤྱད་པས། །ས་ཡི་སྟེང་དུ་འཚང་ཡང་རྒྱས། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སངས་རྒྱས་ཤཱཀྱ་ཐུབ་པ་ཡང་། །གྲངས་མེད་གསུམ་དུ་ཚོགས་རྫོགས་ནས། །ལྷ་མོས་དཔང་མཛད་འཚང་ཡང་རྒྱས། །སློབ་དཔོན་ཆེ་གེས་དབུ་བཟུང་ནས། །ད་ལ་བཟང་པོ་བཞེངས་པ་ལ། །ལྷ་མོ་སྤྱན་གྱིས་དཔང་པོ་མཛོད། །འཛམ་གླིང་སྤྱི་ན་མཐུ་ཆེ་བ། །བཅུ་གཉིས་ལོ་ཡི་ཁ་ལ་ཞོན། །ཀོང་ལོང་སྡོམ་ཞིང་ཀུན་ལ་འཚོ། །ཙང་ཀུན་ཙང་ཙང་ཏོང་ཕན་དང་། །ཐེ་སེ་བེ་སྣ་ལ་སྩོགས་དང་། །ཡུལ་ཕྱོགས་འདི་ན་མངའ་མཛད་པའི། །གཡའ་རི་གངས་རི་བྲག་རི་དང་། །བྱེ་རི་རྩི་ཤིང་ནགས་ཚལ་དང་། །ཁྱད་པར་སུ་གཞི་འདི་ལ་གནས། །རྒྱལ་བློན་བུ་སྨད་འཁོར་དང་བཅས། །རིགས་དང་ཁ་དོག་མི་མཐུན་པ། །ས་བདག་གཉན་ཚོགས་མ་ལུས་དང་། །རིག་འཛིན་བདག་ཅག་རྣམས་ལ་ནི། །ལན་ཆགས་གནོད་པ་གདོན་གྱི་ཚོགས། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ཕོ་གདོན་མོ་གདོན་ཐམས་ཅད་ལ། །བགེགས་རིགས་སྟོང་ཕྲག་འཁོར་དང་བཅས། །མཆོད་ཅིང་གཏོར་མའི་མགྲོན་དུ་ནི། །ད་ལྟ་ཉིད་དུ་སྤྱན་འདྲེན་གྱི། །བྱམས་ཐུགས་བརྩེ་ཕྱིར་གནས་འདིར་གཤེགས། །མཆོད་གཏོར་དམ་པ་འདི་དག་བཞེས། །ཀོ་ལོང་བར་ཆད་མ་མཛད་ཅིག །བདག་ལ་དངོས་གྲུབ་སྩལ་དུ་གསོལ། །ལྟོ་འཕྱེའི་མཚན་ཉིད་ཤེས་བྱས་ལ། །ལྟོ་ནས་བརྐོས་ལ་ཆུ་པྲ་བརྟག །རྣམ་ལྔ་བུམ་རྫས་ཉི་ཤུ་ལྔ། །ས་ཞག་བདུད་རྩིར་དྲིར་ལྡན་པས། །ལས་དང་བྱ་བས་འཛེམ་པར་བྱ། །ས་བོན་ལྔ་ལས་རིམ་གྱིས་བརྩེགས། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །དངོས་པོ་མཚན་མ་ཀུན་སྤྱངས་ནས། །རྒྱལ་བ་བཞུགས་པའི་རྟེན་དུ་བྱ། །དབང་དུ་བྱ་ཞིང་བཟུང་བ་ནི། །སྟེགས་བུའི་དབུས་སུ་མཆོག་ཕུར་ནི། །རྟ་མགྲིན་དབང་དུ་བསྒོམ་ལ་གདབ། །དབང་དུ་འདུས་ནས་བདག་གིར་བསམ། །གཞན་ཡང་དྲག་པོའི་ཕུར་པ་གཅིག །ཀཱི་ལ་ཡ་ཡི་སྔགས་བརྗོད་ལ། །སྐུ་སྟོད་ཁྲོ་ལ་སྐུ་སྨད་དབལ། །ས་གཞི་དག་ལ་བཏབ་ནས་ནི། །མཚོན་ཆ་རྣམ་ལྔའི་གུར་དུ་བསམ། །ཁྲོ་བོ་བཅུ་ཡིས་མཚམས་བཅད་ལ། །སྲིད་པའི་རླུང་ནི་མི་འཆོར་གཏམས། །དེ་ལྟར་བསམ་དང་བསྒོམ་པར་བྱ། །རྡོ་རྗེ་ཕྲེང་བ་ལས། སའི་ཆོ་གའི་ལེའུ་སྟེ་བཞི་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་སྟ་གོན་ཆོ་ག་ནི། །ཕོ་བྲང་བྱི་དོར་ལེགས་བྱས་ལ། །དེ་ནས་ལྷ་རྣམས་གར་བྱུང་བར། །དྲི་ཡི་ཐིག་ལེ་བྱས་ནས་ནི། །དམ་ཚིག་བསྐྱེད་ལ་ཡེ་ཤེས་བསྟིམ། །ཆོས་ཉིད་ཉི་ཟླའི་སྤྱན་དང་ནི། །ཕྱག་མཚན་མཚོན་ཆ་འབར་བའི་མེ། །ཕྱི་ནང་གསང་བ་ཁྲག་འཐུང་རོལ། །ཉུངས་ཀར་རྒྱལ་པོ་ལ་སྩོགས་པ། །མཚམས་ཡང་ཤིན་ཏུ་དྲག་པར་བཅད། །བཤགས་པ་དག་ཀྱང་ཅི་རིགས་བྱ། །མཆོད་རྫས་བྱིན་གྱིས་བརླབས་ལ་འབུལ། །བླ་མས་རབ་གནས་འཛབ་དགོངས་བྱ། །ཀརྨ་རྒྱལ་ཐེབས་རྣམ་གཉིས་ཀྱིས། །ཞི་བ་ཆེ་ཆུང་ལས་གཞུང་བསྲང་། །དབང་རྫོགས་ཐོབ་པར་མོས་པ་ཡིས། །དད་ལྡན་འཁོན་གཅུགས་བྱེད་པ་དང་། །མ་ཉམས་བླ་མ་ལ་གུས་དང་། །སྔགས་ལ་མོས་པའི་འཁོར་དག་ལ། །སྤྲོ་བ་བསྐྱེད་ལ་བཤགས་པ་བྱ། སྐྱབས་འགྲོ་མོས་གུས་གྲུབ་ཚད་བྱ། །ཚོགས་དང་ཕུད་ལ་ནན་ཏན་བྱ། །དེ་ནས་གསོལ་བ་ལྷ་ལ་གདབ། །དུས་གསུམ་རྒྱལ་བ་འདུས་པའི་གཙོ། །ཐུགས་རྗེ་བྱིན་བརླབས་བྱང་སེམས་ལྡན། །དགོངས་པ་རྣ་བརྒྱུད་ཐུགས་བཅུད་མངའ། །རྒྱུད་འགྲོལ་བྱང་ཆུབ་ལམ་ལ་འཛུད། །དུས་གསུམ་བླ་མ་སྐུ་དྲིན་ཅན། །ཐམས་ཅད་གསན་ཅིང་དགོངས་སུ་གསོལ། །རང་བཞིན་ལྷུན་གྲུབ་ཕོ་བྲང་ན། །བཞི་བཅུ་རྩ་གཉིས་ལྔ་བཅུ་བརྒྱད། །འཇམ་དཔལ་སྐུ་དང་པདྨ་གསུང་། །ཡང་དག་ཐུགས་དང་ཕྲིན་ལས་ཕུར། །ཡོན་ཏན་བདུད་རྩི་ལྷག་པའི་ལྷ། །དཀྱིལ་འཁོར་ཕྱི་ནང་ལྷ་ཚོགས་ཀྱང་། །བདག་ལ་གསན་ཅིང་དགོངས་སུ་གསོལ། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །དོན་དམ་བསྒྲུབ་པ་བསྟན་པའི་ཆོས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །འདས་དང་མ་བྱོན་ད་ལྟ་བ། །ལྷ་མི་ཀུན་གྱི་མཆོད་པའི་གནས། །བླ་མེད་དཀོན་མཆོག་རིན་པོ་ཆེ། །ཐམས་ཅད་གསན་ཅིང་དགོངས་སུ་གསོལ། །དཀྱིལ་འཁོར་ཕྱི་ནང་ཁས་བླང་ནས། །བསམ་པ་མྱ་ངན་འདས་མོད་ཀྱང་། །སྦྱོར་བ་འཇིག་རྟེན་པ་ཡི་ཚུལ། །འཇིག་རྟེན་བསྲུང་བར་ལས་མཛད་པའི། །རྣལ་འབྱོར་བསམ་པ་སྒྲུབ་མཛད་པ། །དཔའ་བོ་དཔའ་མོ་དམ་ཅན་ཚོགས། །ཐམས་ཅད་གསན་ཅིང་དགོངས་སུ་གསོལ། །བདག་དང་ཡོན་བདག་སློབ་མ་ལ། །ཐུགས་རྗེ་བརྩེ་བས་དགོངས་པ་ཡིས། །དཀྱིལ་འཁོར་བཟང་པོ་སང་འདྲི་ཡི། །བདག་ནི་དཀྱིལ་འཁོར་ཆོ་ག་བགྱིད། །སྟ་གོན་ལ་ནི་གནས་པར་མཛོད། །སློབ་མས་སོ་ཤིང་དོར་བར་བྱ། །སྲུང་སྐུད་དག་ཀྱང་བྱིན་པར་བྱ། །སྐུ་དང་པུ་སྟི་ཐོད་པ་དང་། །སྒྲུབ་སྨན་ཕུར་པ་ཅོད་པན་དང་། །བུམ་པ་ཚེ་དང་གཏོར་མ་དང་། །སྐུ་དང་ཙ་ཀ་ལི་རྣམས་དང་། །རིག་འཛིན་རྣམས་དང་མཉམ་པར་བྱ། །མཆོད་གཏོར་ཕུལ་ལ་ཡེ་ཤེས་བསྟིམ། །ལས་ཀྱིས་བུམ་པས་ཁྲུས་བྱས་ལ། །བློ་འགུག་རྒྱུད་བཅོས་དོམ་སྡོམ་པ་དཔོག །སྤྲོ་བ་བསྐྱེད་ཅིང་གདམས་ངག་བཤད། །ལྷག་མ་རྣམས་ལ་ནན་ཏན་བྱ། །ཐབས་དང་ཤེས་རབ་བཙོན་དུ་བཟུང་། །ཕྱིན་པོ་ཐམས་ཅད་དགྱེ་བར་བྱ། །སེངྒེའི་ཉལ་སྟབས་ལྟ་བུ་ཡིས། །ཀུ་ཤའི་སྟན་ལ་འདུག་ནས་ནི། །གཉིད་ལོག་ནས་ནི་མཚན་མ་བརྟག །རྡོ་རྗེ་ཕྲེང་བ་ལས། སྟ་གོན་གྱི་ལེའུ་སྟེ་ལྔ་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། ཕོ་བྲང་བྱི་དོར་ལེགས་བྱས་ལ། །བདུད་རྩི་ལྔ་ཡི་རྐྱང་ནུལ་བྱ། །ཧཱུཾ། རྡོ་རྗེ་བདུད་རྩི་དྲི་ཆེན་འདིས། །མ་དྷལ་བྱིན་ཆེན་ཉིད་དུ་འགྱུར། །བྱང་ཆུབ་སེམས་ཀྱི་བདུད་རྩི་འདིས། །ཉེས་པའི་སྐྱོན་གྱིས་མྱོས་མི་འགྱུར། །མཱཾ་སུ་བདུད་རྩི་ཆེན་པོ་འདིས། །འཁོར་བའི་ཉོན་མོངས་དབང་དུ་བསྡུད། །རཀྟ་བདུད་རྩི་ཆེན་པོ་འདིས། །མ་མོ་མཁའ་འགྲོ་དམ་ལ་འདུ། །རྡོ་རྗེ་བདུད་རྩི་དྲི་ཡི་ཆུས། །འཁོར་བའི་བག་ཆགས་འདག་པར་བྱེད། །གསང་བའི་དཀྱིལ་འཁོར་ཆག་ཆག་འདེབས། །འགུ་ཡ་ཙན་དྲ་མ་དྷ་ལ། །ཧཱུཾ། གསང་པར་བཀལ་བའི་སུམ་བསྒྲིལ་ལ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །ཡུམ་གྱི་ལག་ཏུ་གཏད་བྱས་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས། །ཤིན་ཏུ་གསལ་བའི་ཐིག་ཏུ་བསྒོམ། །ཧཱུཾ། བདེ་ཆེན་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རིག་པའི་ཡེ་ཤེས་རྡོ་རྗེའི་ཐིག །ཐབས་ཤེས་གཉིས་མེད་བྱང་ཆུབ་སེམས། །དུས་གསུམ་འགྱུར་མེད་གདབ་པར་བྱ། ། ༀ་མ་ཧཱ་དར་དུ་ཛྙཱ་ན་མ་དྷ་ལ་ཧཱུཾ། ཧཱུཾ། དུར་ཁྲོད་གསང་བའི་དཀྱིལ་འཁོར་དུ། །རིག་པ་ཕོ་མོ་ཐིག་འདེབས་ཀྱིས། །བྱང་ཆུབ་སེམས་ཀྱི་ཐིག་བཏབ་པས། །ཞི་ཁྲོའི་ཕོ་བྲང་གསལ་བར་འབྱུང་། །ཨཱོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་དྷ་ལ་ཧཱུཾ། ཐིག་བཞི་བཏབ་ལ་བརྒྱད་དུ་བགོ། །ཕོ་བྲང་ལིང་ཚེ་ལྔ་པ་ལ། །གྲུ་ཆད་པར་ཁྱམས་སྒོ་བཞིར་ལྡན། །འདོད་ཡོན་ཕ་གུ་དྲྭ་བ་ཕྱེད། །ཁ་བད་རྟ་བབ་དུར་ཁྲོད་བརྒྱན། །ཁྲག་འཐུང་ཕོ་བྲང་གསལ་བར་གདབ། །ཧཱུཾ། ཡི་གེ་དཔའ་བོ་འབྲུ་ལྔ་ལས། །ཚོན་ཀྱང་ཁ་དོག་རྣམ་པ་ལྔར། །ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །གཉིས་སུ་མེད་པར་བྱིན་གྱིས་རློབས། །ཨཱོཾ་པཱ་ཙ་རུ་ག་གཉའ་ན་མ་དྷ་ལ་ཧཱུཾ། མཛེས་ཤིང་དོན་དང་མཐུན་པར་བྲི། །ཕྱག་མཚན་ཡིག་འབྲུ་སྐུ་གཟུགས་འགོད། །མཆོད་རྫས་ཤར་ལ་དངོས་གྲུབ་ལྷོ། །དབང་རྫས་ནུབ་ལ་དྲག་རྫས་བྱང་། །གདུགས་དང་བླ་བྲེ་མདའ་དང་གྲི། །མེ་ལོང་དར་སྣ་ཕུར་པས་བསྐོར། །ཚོན་སྐུད་ལྔ་དང་ཡོལ་བས་བཅད། །ཧཱུཾ། འཁོར་བའི་རྒྱུན་གཅོད་ཡེ་ཤེས་རལ་གྲི་བཞི། །ཐབས་ཀྱི་རང་བཞིན་མདའ་བཞི་ལ། །ཤེས་རབ་རང་བཞིན་མེ་ལོང་བཞི། །ཁྲོ་བོའི་རང་བཞིན་ཕུར་པ་བཞི། །ཡེ་ཤེས་རིགས་ལྔ་ཚོན་སྐུད་གསལ་བར་བྲི། །ༀ་ཧཱུཾ་སྭཱ་ཧྲཱིཿཧཱ། གུ་གུལ་ཉུང་ཀར་རྒྱལ་པོ་ཡིས། །མཚམས་ཡང་ཤིན་ཏུ་དྲག་པར་བཅད། །དེ་ནས་དཀྱིལ་འཁོར་ལྷ་འགོད་དེ། །ཧཱུཾ། རྡུལ་ཚོན་དཀྱིལ་འཁོར་གསལ་བྲིས་ནས། །དམ་ཚིག་དཀྱིལ་འཁོར་གསལ་བསྐྱེད་དེ། །ཡེ་ཤེས་དཀྱིལ་འཁོར་སྤྱན་འདྲེན་ན། །ཞི་ཁྲོ་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕོ་བྲང་འདི་ལ་བྱིན་ཅིག་ཕོབ། །འཕགས་མཆོག་ཐུགས་རྗེས་བཟུང་བའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་ཆེན་མཐུ་སྩོལ་རྒྱལ་བ་ཞི་ཁྲོའི་ཚོགས། །བྱིན་ཆེན་བྱིན་ཕོབ་རྒྱལ་བ་ཞི་ཁྲོའི་ཚོགས། །དངོས་གྲུབ་མཆོག་སྩོལ་རྒྱལ་བ་ཞི་ཁྲོའི་ཚོགས། །བདག་ཅག་ལས་ཀྱི་འབྲས་བུ་འཆིས་པར་མཛོད། །ཨ་བེ་ཤ་ཡ་སུ་ཡ་ཧཱུཾ། ཧཱུཾ། དུས་འདི་བཟུང་ནས་བྱང་ཆུབ་མ་ཐོབ་པར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །གསང་སྔགས་རྡོ་རྗེ་ཐེག་པ་ལྟར། །ཇི་སྲིད་སྐུ་གསུམ་མ་ཐོབ་པར། །རྒྱལ་བ་ཞི་ཁྲོ་སྒྲུབ་པར་དམ་ཡང་བཅའ། །ས་མ་ཡ་ཏི་ཏ་ལྷན། རྡུལ་ཚོན་ཏིང་འཛིན་ཡེ་ཤེས་གསུམ། །གཉིས་སུ་མེད་པར་བརྟན་པར་བསྒོམ། །རྡོ་རྗེ་ཕྲེང་བ་ལས། དཀྱིལ་འཁོར་བཞེངས་པའི་ལེའུ་སྟེ་དྲུག་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞི་ཁྲོ་དཀྱིལ་འཁོར་ཆེན་པོ་རུ། །སློབ་མ་གཞུག་པར་བྱ་བ་དང་། །བསྲེ་བསྣན་བྱ་བའི་རིམ་པ་ནི། །དང་པོ་སློབ་མ་ཁྲུས་བྱས་ལ། །གདོང་ལ་དར་གྱིས་གཡོགས་ནས་ནི། །འབྲུ་དང་མེ་ཏོག་ཐོགས་བྱས་ལ། །ལས་ཀྱི་སློབ་དཔོན་ལག་སྦྲེལ་ལ། །དཀྱིལ་འཁོར་བླ་མ་ལྷ་ཚོགས་ལ། །བསྐོར་བ་བྱས་ལ་ཤར་སྒོར་འདུག །བདག་ཅག་སྐལ་ལྡན་རིགས་ཀྱི་བུ། །བྱང་ཆུབ་སྙིང་པོའི་བར་དུ་ནི། །རྒྱལ་བའི་བཀའ་བཞིན་བསྒྲུབ་ལགས་ན། །བདག་ཅག་དཀྱིལ་འཁོར་གཞུག་ཏུ་གསོལ། །དམ་ཚིག་སྡོམ་པ་དབང་བསྐུར་ཞུ། །བླ་མས་གནང་བ་བྱིན་པ་ནི། དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །སེམས་ཅན་སྡུག་བསྔལ་ལས་བསྒྲལ་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་དཀྱིལ་འཁོར་དམ་པ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ནས་སློབ་མས་འདི་སྐད་དོ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྒོ་བཞིར་འཇུག་པར་འཚལ་ལུགས་ཀྱི། །ཡེ་ཤེས་ལྷ་དང་ཞལ་མཇལ་ཞིང་། །བདག་ལ་བྱིན་གྱིས་རློབ་ཏུ་གསོལ། །བླ་མས་དཀྱིལ་འཁོར་སྒོ་དབྱེ་བ། ། ཧཱུཾ། ཕོ་བྲང་བདེ་གཤེགས་ཤར་གྱི་སྒོ། །ཞེ་སྡང་ཆེན་པོས་བཅད་པ་ལགས། །བྱམས་པའི་ངང་བཞིན་ལྕགས་ཀྱུ་མས། །གཞལ་ཡས་ཤར་སྒོ་དབྱེ་རུ་གསོལ། །མེ་ལོང་ཡེ་ཤེས་སྒོ་ཕྱེ་ཞིག །བཛྲ་པྲ་ཝེ་ཤ་ཡ་ཕཊ། །ཕོ་བྲང་དཀྱིལ་འཁོར་ལྷོ་ཡི་སྒོ། །ང་རྒྱལ་ཆེན་པོས་བཅད་པ་ལགས། །སྙིང་རྗེའི་རང་བཞིན་ཞགས་པ་མས། །གཞལ་ཡས་ལྷོ་སྒོ་དབྱེ་རུ་གསོལ། །མཉམ་ཉིད་ཡེ་ཤེས་སྒོ་ཕྱེ་ཞིག །རཏྣ་པྲ་ཝེ་ཤ་ཕཊ། ཕོ་བྲང་དཀྱིལ་འཁོར་ནུབ་ཀྱི་སྒོ། །འདོད་ཆགས་ཆེན་པོས་བཅད་པ་ལགས། །དགའ་བའི་རང་བཞིན་ལྕགས་སྒྲོག་མས། །གཞལ་ཡས་ནུབ་སྒོ་དབྱེ་རུ་གསོལ། །སོ་སོར་རྟོག་པའི་སྒོ་ཕྱེ་ཞིག །པདྨ་པྲ་ཝེ་ཤ་ཕཊ། ཕོ་བྲང་དཀྱིལ་འཁོར་བྱང་གི་སྒོ། །ཕྲག་དོག་ཆེན་པོས་བཅད་པ་ལགས། །བཏང་སྙོམས་རང་བཞིན་དྲིལ་བུ་མས། །གཞལ་ཡས་བྱང་སྒོ་དབྱེ་རུ་གསོལ། །བྱ་བ་ནན་ཏན་ཡེ་ཤེས་སྒོ་ཕྱེ་ཞིག །ཀརྨ་བྲ་ཝེ་ཤ་ཕཊ། །སློབ་མས་བརྡ་ཕྱག་འཚལ་བར་བྱ། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཞི་ཁྲོའི་ལྷ་ཚོགས་དཀྱིལ་འཁོར་ལྷ། །དཀོན་མཆོག་གསུམ་དང་རྡོ་རྗེ་མཆེད། །བརྡ་དང་གར་ཀྱིས་ཕྱག་བགྱིད་དོ། །ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ བླ་མས་ཐུགས་ཀྱིས་བཟུང་པ་ནི། ཧཱུཾ། འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །རྒྱུད་ལྔ་ལམ་གྱི་སྒོ་བཅད་ནས། །མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ། །བླ་མེད་གནས་སུ་དྲང་བར་བྱ། །བཛྲ་སུ་མ་ཛཿ སློབ་མས་གསོལ་བ་གདབ་པ་ནི། བདག་ཅག་འཁོར་བའི་སེམས་ཅན་རྣམས། །མ་རིག་རྨོངས་པའི་བག་ཆགས་ཀྱིས། །འཁོར་བའི་གནས་སུ་འཁྱམས་པ་ལ། །ཐུགས་རྗེའི་བྱིན་གྱིས་རློབ་ཏུ་གསོལ། །ཨ་ལ་ལ་ཧོཿ སློབ་དཔོན་གྱིས་འཁོར་བར་མི་བཏང་དྲང་བ་ནི། ཧཱུཾ། འཁོར་བའི་སེམས་ཅན་བུ་ལྟ་བུ། །ཡི་གེ་དཔའ་བོ་འབྲུ་ལྔ་ཡིས། །ལམ་ལྔར་སྐྱེ་བ་རྒྱུན་བཅད་ནས། །དངོས་གྲུབ་མཆོག་དང་སྤྲད་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། དེ་ནས་སློབ་མས་མེ་ཏོག་དོར། བདག་གི་རིག་པའི་མེ་ཏོག་འདི། །ཐུགས་རྗེ་ཆེན་པོའི་ལྷ་ལ་འབུལ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །པྲ་ཏི་གྲིཧྞ་ཧཱུཾ། བླ་མས་དམ་ཚིག་བསྒྲག་པ་ནི། ཧཱུཾ། འདི་ནི་དམ་ཚིག་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །ས་མ་ཡ་ཡཀྴ་ཨི་དན་དེ་ན་རུ་ཀུན། ལྕེ་ལ་བདུད་རྩི་ལན་ལྔ་བཞག །སློབ་མས་མིག་དབྱེའི་གསོལ་བ་གདབ། །མ་རིག་པ་ཡི་ལིང་ཐོག་གིས། །ཤིན་ཏུ་ལྡོང་པར་གྱུར་ལགས་ན། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །ཉོན་མོངས་སྒྲིབ་གཡོགས་བསལ་དུ་གསོལ། །བླ་མས་སློབ་མའི་མིག་དབྱེ་བ། ཧཱུྃ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཐུར་མས་ལིང་ཐོགས་བསལ་བ་ལྟར། །མ་རིག་པ་ཡི་ལིང་ཐོག་རྣམས། །རྒྱལ་བས་དགོངས་པས་བསལ་བར་བྱ། །ཙཀ་ཤུ་པྲ་བེ་ཤ་ཕཊ། དཀྱིལ་འཁོར་ལྷ་ངོ་བསྟན་པ་ནི། ཧཱུཾ། བུ་ཁྱོད་རྩོལ་སེམས་མ་ཆུང་ཞིག །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །འདི་ལ་དད་པ་རབ་ཏུ་བསྐྱེད། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །དོན་རྟོགས་བཤད་ལ་རྩོལ་བ་བསྐྱེད། །སློབ་མར་དམ་སྒྲག་པ། ཐམས་ཅད་དམ་ཚིག་ཕྱག་རྒྱ་བྱ། །ཧཱུཾ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ད་ལྟ་འདི་རུ་བཅས་པ་བཞིན། །སྲོག་ལ་བབ་ཀྱང་མ་བཏང་ཞིག །ཡན་ལག་དམ་ཚིག་རྟག་ཏུ་སྲུངས། །ས་མ་ཡ། སློབ་མས། རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ། །བཀའ་བཞིན་བགྱིད་དོ་དམ་ཚིག་བསྲུང་། །རྟག་ཏུ་ཐུགས་རྗེས་བཟུང་བ་དང་། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །མེ་ཏོག་དབུལ་ཞིང་བཏང་རག་བཏང་ངོ་། །རྡོ་རྗེ་ཕྲེང་བ་ལས། སློབ་མ་དཀྱིལ་འཁོར་འཇུག་ཆོག་གི་ལེའུ་སྟེ་བདུན་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་དབང་བསྐུར་བ་ནི། སློབ་དཔོན་མཆེད་ལྕམ་ཐམས་ཅད་ཀྱིས། །མཚམས་ནི་དྲག་ཏུ་བཅད་པར་བྱ། །བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ ། །ཕུད་གཏོར་རཀྟ་མཆོད་རྫས་དབུལ། །དམ་བཅའ་བཤགས་དང་བྱིན་དབབ་བྱ། །རྒྱུད་དང་ལུང་དང་མན་ངག་གིས། །ཞི་ཁྲོའི་དཀྱིལ་འཁོར་གཞུང་བསྲངས་ལ། །ཁ་སྒྱུར་དྲུག་གི་ལས་ཚོགས་བྱ། །ཛཔ྄་དང་བསྙེན་པའི་འཕྲོ་འདུ་བྱ། །ཚོགས་ཕུད་གཟབ་ཏུ་གསར་བྱས་ལ། གསང་བའི་དུ་ལར་གཞུག་པ་སྟེ། །ཅོད་པན་བཟུང་ལ་བྱིན་ཆེན་དབབ། །གནས་ལུགས་སེམས་ལ་ངོ་སྤྲད་བྱ། །དེ་ནས་ཅོད་པན་དོར་བར་བྱ། །ཧཱུཾ། སྔོན་ཚེ་ཚེ་རབས་གྲངས་མེད་ནས། །དགེ་བའི་སྟོབས་ཀྱིས་བསྟེན་པའི་ལྷ། །ལྷག་པའི་ལྷ་ནི་གང་ཡིན་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨཱོཾ་བཛྲ་པྲ་ཏི་གྲི་ན་ཧོཿ པྲ་བརྟག་གསང་མཚན་གདགས་པར་བྱ། །ཕུད་བཏང་ནས་ནི་ཚོགས་ལ་རོལ། །དེ་ནས་ཅོད་པན་དབང་བསྐུར་བ། ཧཱུྃ། ཅོད་པན་འདི་ནི་མཛེས་པ་སྟེ། །རིགས་ཀྱི་ལྷ་ཡིས་བྱིན་བརླབས་པ། །བར་ཆད་གནོད་པ་མི་ཚུགས་ཤིང་། །འཁོར་བའི་ཉེས་པས་མི་གོས་པ། །རྡོ་རྗེ་མིང་གི་དབང་ཐོབ་ཤོག །ཅོད་པན་གྱི་དབང་བསྐུར་བས། །སྦྱོར་བ་ཁམས་གསུམ་མཛད་ཀྱང་རྟག་ཆད་ཀྱི་མཐའ་ལས་འདས་ཏེ་ཉོན་མོངས་པའི་རྡུལ་གྱི་བག་ཆགས་དང་བྲལ་བར་གྱུར་ཅིག །བཛྲ་ཆེ་གེ་མོ་མིང་གི་དབང་ཐོབ་པར་གྱུར་ཅིག །དེ་ནས་བུམ་པའི་དབང་བསྐུར་བ། ཧཱུཾ། བུམ་པ་ལྷ་ཡི་གཞལ་ཡས་ཁང་། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ལུས་ངག་ཡིད་གསུམ་སྨིན་བྱས་ནས། །ལྷ་ཡི་སྐུ་རུ་འགྲུབ་འགྱུར་ཤོག །ཨཱོཾ་ཨཱཿཧཱུཾ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིན་ཙ་ཨ། བུམ་པ་ནང་གི་བདུད་རྩི་ཆུ་རྒྱུན་གྱི་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས། །ལྷའི་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པའི་དབང་ཐོབ་པར་གྱུར་ཅིག །དེ་ནས་དབུ་རྒྱན་གྱི་དབང་བསྐུར་བ། སངས་རྒྱས་ཀུན་གྱི་བཞུགས་གནས་ནི། །དཔག་ཏུ་མེད་པའི་འོད་དང་ལྡན། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རྒྱ་གྲམ་ཁང་བུ་ལྔ། །ཟེ་འབྲོག་ཁང་བུའི་དབུ་རྒྱན་དབང་བསྐུར་རོ། །བཛྲ་བུདྡྷ་རཏྣ་པདྨ་ཀརྨ། ཀུ་ཏ་ཏྲཾ་ཨ་བྷི་ཤིན་ཙ་ཨ། དབུ་རྒྱན་གྱི་དབང་བསྐུར་བས། སྣོད་ཀྱི་འཇིག་རྟེན་ཕྱོགས་བཞི་དབུས་དང་ལྔ་གནས་གྱུར་ཏེ། རྡོ་རྗེ་ལ་སྩོགས་པའི་ཁང་བུ་ལྔར་གྱུར་ནས། རིགས་ལྔ་ཡེ་ཤེས་ལྔ་ཡི་བཞུགས་གནས་དམ་པར་གྱུར་ནས། བྱིན་གྱིས་བརླབས་པའི་དབང་ཐོབ་པར་གྱུར་ཅིག །དེ་ནས་རིགས་ལྔའི་དབང་བསྐུར་བ། ཧཱུཾ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །རྡོ་རྗེ་དབྱིངས་ཕྱུག་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །རྡོ་རྗེ་ཐུགས་ཀྱི་དབང་ཡང་སྦྱིན། །བཛྲ་སཏྭ་ཨ་བྷི་ཥིཉྩ་ཨ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་དབང་བསྐུར་བས། ཉོན་མོངས་པ་ཞེ་སྡང་གནས་སུ་དག་ནས། མེ་ལོང་ལྟ་བུའི་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་མཐར་བྱིན་ནས། ཐུགས་ཡང་དག་པའི་དངོས་གྲུབ་ཐོབ་ནས། རྡོ་རྗེ་སེམས་དཔའ་དང་ཡུམ་རྡོ་རྗེ་དབྱིངས་ཕྱུག་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཧཱུཾ། རྣམ་པར་སྣང་མཛད་དེ་བཞིན་གཤེགས། །ཀུན་བཟང་ཡབ་ཡུམ་སྦྱོར་བ་ལས། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །རྡོ་རྗེ་སྐུ་ཡི་དབང་ཡང་སྦྱིན། །བུདྡྷ་གཉའ་ན་ཨ་བྷི་ཤིན་ཙ་ཨ། རྣམ་པར་སྣང་མཛད་ཡབ་ཡུམ་གྱི་དབང་བསྐུར་བས། ཉོན་མོངས་པ་གཏི་མུག་གནས་སུ་དག་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྷུན་གྱིས་གྲུབ་ནས། སྐུ་མི་ཟད་པ་རྒྱན་གྱི་དངོས་གྲུབ་ཐོབ་ནས་རྣམ་པར་སྣང་མཛད་དང་ཡུམ་སངས་རྒྱས་དབྱིངས་ཕྱུག་མའི་དབང་ཐོབ་པར་གྱུར་ཅིག །ཧུཾ། རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས། །རིན་ཆེན་དབྱིངས་ཕྱུག་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ལས། །ཡོན་ཏན་རྒྱ་མཚོ་དབང་ཡང་སྦྱིན། །རཏྣ་གཉའ་ན་ཨ་བྷི་ཤིན་ཙ་ཨ། རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་དབང་བསྐུར་བས། ཉོན་མོངས་པ་ང་རྒྱལ་གནས་སུ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་མཐར་ཕྱིན་ཞིང་ལྷུན་གྱིས་གྲུབ་སྟེ། ཡོན་ཏན་རིན་པོ་ཆེའི་དངོས་གྲུབ་ཐོབ་ནས། །རིན་ཆེན་འབྱུང་ལྡན་དང་རིན་ཆེན་དབྱིངས་ཕྱུག་མའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། སྣང་བ་མཐའ་ཡས་དེ་བཞིན་གཤེགས། །པདྨ་དབྱིངས་ཕྱུག་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ལས། །གསུང་རབ་རྒྱ་མཚོའི་དབང་ཡང་སྦྱིན། །པདྨ་གཉའ་ན་ཨ་བྷི་ཤིན་ཙ་ཨ། སྣང་བ་མཐའ་ཡས་ཡབ་ཡུམ་གྱི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས། སོ་སོར་རྟོག་པའི་ཡེ་ཤེས་མཐར་ཕྱིན་ཞིང་ལྷུན་གྱིས་གྲུབ་ནས། གསུང་སྒྲ་དབྱངས་མི་ཟད་པ་སྒྲོག་པའི་དངོས་གྲུབ་ཐོབ་ནས། སྣང་བ་མཐའ་ཡས་དང་པདྨ་དབྱིངས་ཕྱུག་མའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། དོན་ཡོད་གྲུབ་པ་དེ་བཞིན་གཤེགས། །ལས་ཀྱི་དབྱིངས་ཕྱུག་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ལས། །ཕྲིན་ལས་རྒྱ་མཚོའི་དབང་ཡང་སྦྱིན། །ཀརྨ་གཉའན་ཨ་བྷི་ཤིན་ཙ་ཨ། དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས་བྱ་བ་ནན་ཏན་གྱི་ཡེ་ཤེས་མཐར་ཕྱིན་ཞིང་ལྷུན་གྱིས་གྲུབ་ནས། དོན་ཡོད་གྲུབ་པ་དང་ལས་ཀྱི་དབྱིངས་ཕྱུག་མའི་དབང་ཐོབ་པར་གྱུར་ཅིག །དེ་ནས་ཁྲོ་བོ་རིགས་ལྔས་དབང་བསྐུར་བ། ཧཱུཾ། ཁྲག་འཐུང་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །ཐུགས་ཀྱི་ཁྲོ་བོའི་དབང་ཡང་སྦྱིན། །བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་ཨ་བྷི་ཤིན་ཙ་ཨ། བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་དབང་བསྐུར་བས། རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་ནས། ཐུགས་མི་འགྱུར་པའི་ཆོས་ཉིད་ཀྱི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཁྲག་འཐུང་བུདྡྷ་ཧེ་རུ་ཀ །བུདྡྷ་ཀྲོ་ཏི་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ནས། །སྐུ་ཡི་ཁྲོ་བོའི་དབང ་ཡང་སྦྱིན། །བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་ཏི་ཤྭ་རི་ཨ་བྷི་ཤིན་ཙ་ཨ། བུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱི་དབང་བསྐུར་བས། གཟུགས་ཀྱི་ཕུང་པོ་གནས་སུ་དག་ནས། སྐུ་མི་འགྱུར་བ་ཆོས་ཉིད་ཀྱི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཁྲག་འཐུང་རཏྣ་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །ཡོན་ཏན་ཁྲོ་བོའི་དབང་ཡང་སྦྱིན། །རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་ཏི་ཤྭ་རི་ཨ་བྷི་ཤིན་ཙ་ཨ། རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱི་དབང་བསྐུར་བས། ཚོར་བའི་ཕུང་པོ་གནས་སུ་དག་ནས། ཡོན་ཏན་མི་འགྱུར་བ་ཆོས་ཉིད་ཀྱི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཁྲག་འཐུང་པདྨ་ཧེ་རུ་ཀ །པདྨ་ཀྲོ་ཏི་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །གསུང་གི་ཁྲོ་བོའི་དབང་ཡང་སྦྱིན། །པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤྭ་རི་ཨ་བྷི་ཤིན་ཙ་ཨ། པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་དབང་བསྐུར་བས། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་ནས། །གསུང་མི་འགྱུར་བ་ཆོས་ཉིད་ཀྱི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཁྲག་འཐུང་ཀརྨ་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཤྭ་རི་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །ལས་ཀྱི་ཁྲོ་བོའི་དབང་ཡང་སྦྱིན། །ཀརྨ་ཧེ་རུ་ཀ་ཀརྨ་ཀྲོ་ཏི་ཤྭ་རི་ཨ་བྷི་ཤིན་ཙ་ཨ། ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱི་དབང་བསྐུར་བས། འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་ནས། ཕྲིན་ལས་མི་འགྱུར་བ་ཆོས་ཉིད་ཀྱི་དབང་ཐོབ་པར་གྱུར་ཅིག །དེ་ནས་ཁ་སྒྱུར་གྱི་ཁྲོ་བོ་ལྔས་དབང་སྐུར་བ། ཧཱུཾ། དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེ་གཤེད། །སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་བེ་ཅོན་གཡོན་པའི་ཐོད་ཁྲག་དཀྲུག །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར། །འཁོར་དུ་གཤིན་རྗེ་ཕོ་མོ་རྣམས་ཀྱིས་བསྐོར། །འཇམ་དཔལ་གཤིན་རྗེ་ཡབ་ཡུམ་དབང་ཐོབ་ཤོག །ༀ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བན་ཛ་ཧཱུཾ་ཕཊ་ཨ་བྷི་ཤིན་ཙ་ཨ། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱི་དབང་བསྐུར་བས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་འཇམ་དཔལ་སྐུ་ཡི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། དཔལ་ཆེན་རྟ་མགྲིན་རྒྱལ་པོའི་སྐུ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་པདྨས་གཡོན་པའི་ཐོད་ཁྲག་དཀྲུག །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར། །དབུ་གཙུག་རྟ་མགོ་རྟ་སྐད་འཚེར། །འཁོར་དུ་ཁྲོ་བོ་ཁྲོ་མོས་བསྐོར། །རྟ་མཆོག་ཡབ་ཡུམ་དབང་ཐོབ་ཤོག །ༀ་པདྨ་ཀྲོ་ཏ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཨ་བྷི་ཤིན་ཙ་ཨ། པདྨ་རྟ་མཆོག་ཡབ་ཡུམ་གྱི་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། པདྨ་གསུང་གི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཉིས་རྡོ་རྗེ་ཕུར་པ་འདྲིལ། །ཞབས་གཉིས་བརྐྱང་བསྐུམ་ཡུམ་ལ་སྦྱོར། །འཁོར་དུ་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་དབང་ཐོབ་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཨ་བྷི་ཤིན་ཙ་ཨ། དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཕུར་པ་ཕྲིན་ལས་ཀྱི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། དཔལ་ཆེན་བདུད་རྩི་འཁྱིལ་བ་ནི། །ལྗང་སེར་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཉིས་བདུད་རྩིའི་བུམ་པ་ཐལ་མོ་བཟེད། །ཞབས་གཉིས་བརྐྱང་བསྐུམ་ཡུམ་ལ་སྦྱོར། །འཁོར་དུ་རྩི་དང་སྨན་གྱི་སྲུང་མས་བསྐོར། །བདུད་རྩི་འཁྱིལ་པ་ཡབ་ཡུམ་དབང་ཐོབ་ཤོག །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུན་དུ་ལི་ཧཱུཾ་ཕཊ། ཨ་བྷི་ཤིན་ཙ་ཨ། བདུད་རྩི་འཁྱིལ་པ་ཡབ་ཡུམ་གྱི་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། བདུད་རྩི་ཡོན་ཏན་གྱི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་རྡོ་རྗེས་གཡོན་པའི་དུང་ཁྲག་དཀྲུག །ཞབས་གཉིས་བརྐྱང་བསྐུམ་ཡུམ་ལ་སྦྱོར། །འཁོར་དུ་སྲིད་པའི་མ་མོ་རྣམས་ཀྱིས་བསྐོར། །བླ་མེད་ཆེ་མཆོག་ཡབ་ཡུམ་དབང་ཐོབ་ཤོག །ༀ་འགུ་ཡ་གཉའ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ཨ་བྷི་ཤིན་ཙ་ཨ། ཆེ་མཆོག་ཡབ་ཡུམ་གྱི་དབང་བསྐུར་བས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད། མ་མོ་རྦོད་གཏོང་གི་དབང་ཐོབ་པར་གྱུར་ཅིག །དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར། ཡེ་ཤེས་ལྔར་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའི་དབང་བསྐུར་ཏེ། ཧཱུཾ། ཀུན་གཞིའི་རྣམ་ཤེས་གནས་གྱུར་ཏེ། །བག་ཆགས་མ་ལུས་གཏན་སྤངས་ནས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །དབང་མཆོག་དེས་ནི་དབང་བསྐུར་རོ། །ༀ་མ་ཧཱ་ཤུ་ཛྙཱ་ན་གཉའ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨ་བྷི་ཤིན་ཙ་ཨ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དབང་བསྐུར་བས། དངོས་པོ་དང་མཚན་མ་མེད་པའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། རྣམ་པར་ཤེས་པ་གནས་གྱུར་ཏེ། །བག་ཆགས་མ་ལུས་གཏན་སྤངས་ནས། །མེ་ལོང་ལྟ་བུའི་ཡེ་ཤེས་སུ། །དབང་མཆོག་དེས་ནི་དབང་བསྐུར་རོ། །ༀ་མ་ཧཱ་ཨ་ཏི་རི་ཤ་གཉའ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨ་བྷི་ཤིན་ཙ་ཨ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་བསྐུར་བས། ཆོས་ཐམས་ཅད་གསལ་ལ་རྟོག་པ་མེད་པའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཉོན་མོངས་ཡིད་ནི་གནས་གྱུར་ཏེ། །བདག་ཏུ་རྟོག་པའི་བག་ཆག་སྤངས། །མཉམ་པ་ཉིད་ཀྱི་ཡེ་ཤེས་སུ། །དབང་མཆོག་དེས་ནི་དབང་བསྐུར་རོ། །ༀ་མ་ཧཱ་སུ་མན་ཏ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨ་བྷི་ཤིན་ཙ་ཨ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་བསྐུར་བས། ཆོས་ཐམས་ཅད་ང་དང་བདག་ཏུ་རྟོག་པ་མེད་པའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཡིད་ཀྱི་རྣམ་ཤེས་གནས་གྱུར་ཏེ། །བག་ཆགས་མ་ལུས་གཏན་སྤངས་ནས། །སོ་སོར་རྟོག་པའི་ཡེ་ཤེས་སུ། །དབང་མཆོག་དེས་ནི་དབང་བསྐུར་རོ། །ༀ་མ་ཧཱ་པྲ་ཏ་པྲ་བེ་ཤ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨ་བྷི་ཤིན་ཙ་ཨ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དབང་བསྐུར་བས། ཆོས་ཐམས་ཅད་གསལ་ལ་མ་འདྲེས་པ་བཀྲ་སུ་ལེ་མཐོང་བའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། སྒོ་ལྔའི་རྣམ་ཤེས་གནས་གྱུར་ཏེ། །བག་ཆགས་མ་ལུས་གཏན་སྤངས་ནས། །བྱ་བ་ནན་ཏན་ཡེ་ཤེས་སུ། །དབང་མཆོག་དེས་ནི་དབང་བསྐུར་རོ། །ༀ་མ་ཧཱ་ཱཀྲི་ཧ་ཨ་ནུ་ཏ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨ་བྷི་ཤིན་ཙ་ཨ། བྱ་བ་ནན་ཏན་ཡེ་ཤེས་ཀྱི་དབང་བསྐུར་བས། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་མཐར་ཕྱིན་ཞིང་། མྱུར་དུ་ཆོས་ཀྱི་སྐུ་མཐར་ཕྱིན་པའི་དབང་ཐོབ་པར་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ། ཧཱུཾ། སྐུ་ནི་མི་འགྱུར་ཆོས་ཀྱི་སྐུ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་ཡི་ཕྱག་རྒྱས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྐུ་ཡི་ཕྱག་རྒྱས་དབང་བསྐུར་བས། ལུས་སུ་འཛིན་པ་རྣམ་པར་དག་ནས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་དུ་གྱུར་ཅིག །ཧཱུཾ། གསུང་ནི་མི་འགྱུར་ཆོས་ཀྱི་གསུང་། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །གསུང་གི་ཕྱག་རྒྱས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གསུང་གི་ཕྱག་རྒྱས་དབང་བསྐུར་བས། ངག་ཏུ་འཛིན་པ་རྣམ་པར་དག་ནས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད་དུ་གྱུར་ཅིག །ཧཱུཾ། ཐུགས་ནི་མི་འགྱུར་ཆོས་ཉིད་ཐུགས། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་བས། སེམས་སུ་འཛིན་པ་རྣམ་པར་དག་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་དུ་གྱུར་ཅིག །ཧཱུཾ། དབང་བསྐུར་བྱིན་གྱིས་བརླབས་པ་ཡིས། །ལུས་ངག་ཡིད་གསུམ་གནས་དག་ནས། །ལྷ་དབང་ལུས་ལ་རབ་གནས་ནས། །སྲིད་པ་གསུམ་ལ་དབང་བསྒྱུར་བས། །དབང་དང་དངོས་གྲུབ་རབ་ཏུ་གནས། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་དུན་ཏེ་ཥན་ཏ་ཐཱ་ག་ཏོ་ཧྱ་ཝ་དད། ཏེ་ཤཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཐིམ་པར་གྱུར། གསལ་བར་གྱུར། ཆོམ་པར་གྱུར། འབར་བར་གྱུར་ཏོ། །སྨིན་འཛོམ་རིགས་ན་རྟོགས་པར་འགྱུར། །སྨིན་འཛོམ་རིགས་ན་རྟག་པར་འགྱུར། །སྨིན་འཛོམ་རིགས་ན་གྲོལ་བར་འགྱུར། །ས་མ་ཡ་ཧོཿ ༈ དེ་ནས་ཞལ་ཟས་ཚོགས་དང་ཚེ་དབང་བསྐུར་ཏེ། ཧཱུཾ། བཟའ་དང་བཅའ་དང་བཏུང་བའི་ཚོགས། །ཁ་མངར་སྐྱུར་རྩུབ་ལན་ཚྭ་སྤོད། །ཛ་གད་ཛ་ཏི་ཟླ་རྒྱས་ཟླ་ཕྲོམ་དང་། །ཚེ་འཛིན་མཆོག་དང་མཱཾ་སུ་ཀུན་ཏུ་རྒྱུག །ཚིམ་བྱེད་འཇམ་དེས་རྡོ་རྗེ་ཆོས། །ཉིན་མཚན་རྟག་ཏུ་ལོངས་སྤྱོད་བདེ་ལེགས་ཤོག །ༀ་བཛྲ་ཨཱ་ཡུ་ཤེ་དུ་ཨ། སི་ཏི་ཕ་ལ་ཨ། ཞལ་ཟས་ཚོགས་ཀྱི་དབང་བསྐུར་བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ། དུས་ཐམས་ཅད་བཟའ་བཏུང་ལ་ལོངས་སྤྱོད་པའི་དབང་ཐོབ་པར་གྱུར་ཅིག །དེ་ལྟར་ལྷ་དབང་རྫོགས་ནས་ནི། །ཕུད་བཏང་ནས་ནི་ཚོགས་ལ་རོལ། །བདག་འཇུག་དབང་བསྐུར་མོས་པས་བླང་། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །རྡོ་རྗེ་སེམས་དང་གཉིས་སུ་མེད། །རེ་དོགས་ཐེ་ཚོམ་ཅན་གྱིས་ནི། །རང་གཞན་སྨིན་པར་ག་ལ་ནུས། །དད་ལྡན་སློབ་མ་རྣམས་ཀྱིས་ཀྱང་། །མ་དལ་བཟང་པོ་དབུལ་བར་བྱ། །དགོས་དང་གཅེས་དང་འཐད་པའི་ནོར། །རང་ཉིད་ཞེན་པ་དབྱིག་ལ་སོགས། །བུ་དང་ཉེ་འཁོར་ལུས་དང་སྲོག །རང་སེམས་ལྷག་མ་མེད་པ་འབུལ། །དབང་གི་རྒྱུ་ཞེས་སེམས་དཔས་གསུངས། །དགོངས་པ་བཞི་ལྡན་དང་པོ་པས། །ཐུགས་རྗེ་དགོངས་པ་ལམ་འདྲ་དབྱེ། །རང་འདོད་མེད་པའི་བསམ་པ་ཡིས། །སྟེང་སྒོ་ཕྱེ་ལ་ཡེ་ཤེས་བསྟིམ། །ཡིད་གཉིས་མེད་པའི་ནན་ཏན་བྱ། །བུམ་པ་བ་དང་བུང་བའི་ཚུལ། །མོས་དང་དམ་ཚིག་ཞིང་སུ་ལ། །དབང་གི་སུ་བོན་ཐེབ་ཙ་ན། །མྱུ་གུ་རང་དབང་མེད་པར་སྐྱེ། །རྒྱུ་ནི་རང་རིག་བྱང་ཆུབ་སེམས། །རྐྱེན་ནི་བླ་མས་བྱིན་གྱིས་བརླབས། །དགོས་པ་རྒྱུད་ནི་སྨིན་པར་བྱེད། །མཚུངས་ལྡན་རྒྱུ་ནི་ཡིག་འབྲུའི་ཚུལ། །དག་བྱེད་ཧེ་རུ་ཀ་ལྔ་ཡིན། །ནུས་པ་རྒྱུད་ལ་བཞག་པ་ཡིན། །ཉོན་མོངས་མ་སྤངས་གནས་སུ་དག །ཡེ་ཤེས་རྣམ་ལྔ་རང་བྱུང་ཤར། །སྐུ་གསུམ་སུ་ལ་ཐེ་ཚོམ་མེད། །ཡེ་ཤེས་ལྷ་དབང་རྫོགས་པ་དང་། །ལྷག་མ་མཆོད་པ་གཏོར་མ་དགྱེ། །རྣམ་བཞི་བྲོ་བརྡུང་བཀྲ་ཤིས་གསོལ། །གནས་ལུགས་རྟོག་མེད་ངང་ལ་བཞག །ལྷག་ཆད་འཁྲུལ་ལ་བཟོད་པར་གསོལ། །རྡོ་རྗེ་ཕྲེང་བ་ལས། ལྷ་དབང་བསྐུར་བའི་ལེའུ་སྟེ་བརྒྱད་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བཀའ་དང་ཏནྟྲ་ཐམས་ཅད་ལས། །ལྷ་སྲིན་ཟིལ་གྱིས་མ་གནོན་པར། །སངས་རྒྱས་ཐོབ་པར་མ་བཤད་དེ། །གནས་ན་གནས་དང་ཁ་འཐོར་དང་། །ཚོགས་བརྒྱད་མ་དག་སྡེ་བརྒྱད་དེ། །གཟུང་དང་འཛིན་པ་མ་སྤང་པས། །ཕྱི་ནང་གཉིས་སུ་བྱུང་བ་ཡིན། །དབང་སྡུད་ཟིལ་གྱིས་ནན་པའི་ཕྱིར། །འདྲེ་ཛཿས་དྲངས་ལ་སྐུ་ལ་བསྟིམ། །ཁོག་པ་ཕྲལ་ལ་བསྒྲལ་བར་བྱ། །ཤ་ཁྲག་རུས་པ་བཟའ་བར་བྱ། །དུག་གསུམ་རྩད་བཅད་ལྟུམས་ནས་དབྱུང་། །གཟུགས་ལ་བསྟིམས་ལ་གསལ་བར་བསྐྱེད། །དབང་བསྡུ་ལས་ལ་གཟུད་པའི་ཕྱིར། ཞབས་འོག་མནན་ཞིང་བྲན་བཞིན་བསམ། །སྨན་ཕུད་གཏོར་ལ་གསོ་བར་བྱ། །ཕུད་དང་གཏོར་མ་བཟང་དུ་བཤམ། །བདག་གི་སྲུང་མར་དམ་ལ་གདགས། །བསྟོད་པ་བཅོལ་བསྐུལ་ཤེས་ཚད་བྱ། །བསྟན་པ་སྲུངས་ཤིག་ཕྲིན་ལས་བཅོལ། །དམ་ཚིག་གཏོར་མ་མི་བཅག་གོ། །དེ་ནས་དབང་བསྐུར་རིམ་པ་ནི། །སློབ་མ་ཕྱག་ན་རྡོ་རྗེར་བསྒོམ། །ལག་ཏུ་རྡོ་རྗེ་དྲིལ་བུ་གཏད། །ཧཱུཾ། དུས་མཆོག་བཟང་པོ་དུ་ནང་ནི། །ཁྱོད་ཀྱང་ཕྱག་རྡོར་སྐུད་རུ་བྱས། །དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་ཡི་དབང་བསྐུར་བས། །ཁྱོད་ཀྱང་ཕྱག་རྡོར་སྐུར་གྱུར་ནས། །དྲེགས་པ་ཀུན་གྱི་གཉེན་པོ་ཡིན། །ཐམས་ཅད་ཚར་གཅོད་དབང་སྡུད་ཤོག །ༀ་བཛྲ་ཙན་དྷ་སརྦ་དུཤྚཾ་ཏ་ཀ་ཧ་ན་དུ་ཧ་པ་ཙ་ཧཱུཾ་ཕཊ། དཔལ་ཕྱག་ན་རྡོ་རྗེའི་དབང་བསྐུར་བས། ལུས་ངག་ཡིད་གསུམ་མཐུ་སྟོབས་བདག་པོའི་སྐུ་གསུང་ཐུགས་སུ་གྱུར་ནས། དྲེགས་པ་ཅན་གྱི་ལྷ་མ་སྲིན་སྡེ་བརྒྱད་དབང་སྡུད་ཟིལ་གྱིས་གནོན་པའི་དབང་ཐོབ་པར་གྱུར་ཅིག །དེ་ནས་སྡེ་བརྒྱད་ཙ་ཀ་ལི། །རང་དང་སློབ་མའི་མདུན་དུ་བཞག །སོ་སོའི་སྲོག་སྙིང་དྲངས་ལ་བསྟིམ། །རང་ཉིད་དཔལ་ཆེན་སྐུར་བསྒོམས་ལ། །ཧཱུཾ། ང་ནི་ཟ་བྱེད་དཔལ་ཆེན་ཡིན། །གཤིན་རྗེ་མ་མོ་རྒྱལ་པོ་དང་། །དགྲ་ལྷ་བཙན་དང་གནོད་སྦྱིན་དང་། །ཀླུ་དང་གཟའ་དང་ལྷ་སྲིན་རྣམས། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །མངོན་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །ཤ་རུས་ལ་སོགས་བཟའ་བར་བྱ། །བཛྲ་སརྦ་དུཥྚཾ་ཏྲིག་ནན། ཨེ་ཧུར་ཐུམ་ཛ་མཱ་རུ་ཡ་རྦད། ཅེས་བསྒྲལ་ནས་ནི། དྲེགས་པའི་ཤ་ཁྲག་རུས་པ་ཟོས། །ཉོན་མོངས་དྲེགས་པ་ཚར་བཅད་ནས། །དཔལ་གྱི་ལྷུམས་ནས་ཕྱུངས་ནས་ནི། །གཟུགས་ལ་བསྟིམས་ནས་དངོས་སུ་བསམ། །དེ་ནས་སློབ་མའི་བསྲུང་མར་གཏད། ཧཱུཾ། ཞེ་སྡང་དབང་གི་དྲེགས་པ་ནི། །གཤིན་རྗེ་བདུད་ཀྱི་རྒྱལ་པོ་ཡིན། །མཐིང་ནག་བེ་ཅོན་ཐོད་ཁྲག་ཐོགས། བྲན་དང་ཁོལ་པོ་ཡང་གཡོག་དང་། །འབངས་ཀྱི་ཚུལ་དུ་ཁྱོད་ལ་གཏད། །གཉེན་པོ་སྒྲུབ་པ་ཡུན་མ་ཐུང་། །བཀའ་དང་དམ་ལ་གནས་པར་གྱུར། །ཡ་མ་རུ་ཙ་སུ་མ་ཡ་ཛ་པ་ཤཾ་ཀུ་རུ་ཧ྄ཱུཾ་ཕཊ། བྲན་དང་ཁོལ་པོ་གཡོག་བཞིན་བསམ། སློབ་མའི་ཞབས་འོག་གནོན་དུ་གཞུག །ཧཱུཾ། འདོད་ཆགས་དབང་གི་དྲེགས་པ་ནི། །མ་མོ་མཁའ་འགྲོའི་རྒྱལ་པོ་ཡིན། །དམར་ནག་སྙིང་དང་ཐོད་པ་ཐོགས། བྲན་དང་ཁོལ་པོ༴ འབངས་གྱི་ཚུལ་དུ༴ གཉེན་པོ་སྒྲུབ་པ༴ བཀའ་དང་དམ་ལ༴ ཏྲག་རཀྴ་ཁ་མུན་ཏྲ་ཛ་པ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། ང་རྒྱལ་དབང་གི་དྲེགས་པ་ནི། །རྒྱལ་མོ་གིང་དཀར་མོ་ཤེལ་གྱི་ཐོད་ཁྲག་ཐོགས། །གི་ཚོགས་རྣམས་ཡིན། །བྲན་དང་༴ འབངས་ཀྱི༴ གཉེན་པོ༴ བཀའ་དང་༴ ཏྲི་དུ་རུ་ཧྲིང་དུ་རུ་དུ་རུ་ཧ་རུ་ཏི་ཛ་པ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། ཕྲག་དོག་དབང་གི་དྲེགས་པ་ནི། །དམུ་དང་བཙན་གྱི་ཚོགས་དམར་ནག་ཤང་ལང་ཐོད་ཁྲག་ཐོགས། ཡིན་ཏེ། །བྲན་དང༴ འབངས་ཀྱི༴ གཉེན་པོ༴ བཀའ་དང་༴ ཤུ་ལ་རུ་ཙ་ཏྲི་ནི་ཏྲ་མ་ཤ་ཡ་མ་ཛ་པ་ཤང་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། ལས་ཀྱི་དབང་གི་དྲེགས་པ་ནི། །དགྲ་ལྷ་མ་སངས་ཚོགས་དབྱུག་པ་རྡོ་རྗེ་ཐོད་ཁྲག་ཐོགས། ཡིན་ཏེ། །བྲན་དང་༴ འབངས་ཀྱི༴ གཉེན་པོ༴ བཀའ་དང་དམ་ལ༴ བཛྲ་སུ་ཏུ་སུ་མ་ཡ་རུ་ཡ་རུ་ཙ་ཏྲི་ཛ་པ་ཤང་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། ང་རྒྱལ་དབང་གི་དྲེགས་པ་ནི། གནོད་སྦྱིན་སྲིན་པོའི་ཚོགས་སེར་པོ་རུ་དར་ཐོད་ཁྲག་ཐོགས། ཡིན་ཏེ། །བྲན་དང་༴ འབངས་ཀྱི༴ གཉེན་པོ༴ བཀའ་དང་༴ ཧྲི་བཛྲ་ཡཀྴ་བཛྲ་ཧྲིཾ་ཧྲིཾ་ཛ་པ་ཤང་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། གཏི་མུག་དབང་གི་དྲེགས་པ་ནི། །ཀླུ་དང་ཀླུ་བདུད་ཚོགས་ནག་པོ་སྦྲུལ་ནག་རུ་སྦལ་ཐོགས། ཡིན་ཏེ། །བྲན་དང་༴ འབངས་ཀྱི༴ གཉེན་པོ༴ བཀའ་དང༴ ནཱ་ག་རུ་ཙས་མ་ཡ་ཕུ་ཛ་པ་ཤང་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། འཇིག་རྟེན་ལས་ཀྱི་དྲེགས་པ་ནི། །གཟའ་དང་གདོང་མོའི་ཚོགས་དུད་ཁ་ཆུ་སྲིན་ཐོད་ཁྲག་ཐོགས། ཡིན་ཏེ། །བྲན་དང་ཁོལ་བོ་ཡང་གཡོག་དང་། །འབངས་ཀྱི་ཚུལ་དུ་ཁྱོད་ལ་གཏད། །གཉེན་པོ་སྒྲུབ་པ་ཡུན་མ་ཐུང་། །བཀའ་དང་དམ་ལ་གནས་པར་འགྱུར། །རཱ་ཧུ་ལ་མ་ཏྲིག་ཛ་པ་ཤང་ཀུ་རུ་ཧཱུཾ་ཕཊ། དེ་ནས་ཞབས་འོག་ཕྱུངས་ནས་ནི། །སྲོག་སྙིང་བགྲང་ལ་ཕུད་ཀྱིས་གསོ། །ཨོཾ་ཨཱཿཧཱུཾ་སུ་མ་ཡ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། སྙིང་དང་དྲན་བཞིན་བྲན་དང་བྲན་མོའི་ཚོགས། །དམ་ལས་མ་འདའ་སུ་མ་ཡ། །བདག་གི་སྲུང་མར་མངའ་གསོལ་ལོ། །སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། རྣལ་འབྱོར་གྱི་སྐུ་དགྲ་སྒྲོལ་ཅིག །དམ་ལ་གདགས་ཤིང་ཕྲིན་ལས་བཅོལ། །འཇིག་རྟེན་ལྷ་སྲིན་འདི་དག་ཀྱང་། །ལ་ལ་བདེ་གཤེགས་ཞལ་མཐོང་བས། །དགོངས་པ་མྱ་ངན་འདས་མོད་ཀྱང་། །སྦྱོར་བ་འཇིག་རྟེན་པ་ཡི་ཚུལ། །དམ་ལ་བཏགས་པའི་དབང་གིས་སུ། །ད་རུང་འཇིག་རྟེན་ཡིན་མོད་ཀྱང་། །དགེ་བའི་ལས་ལ་མོས་པ་དང་། །དམ་ལ་མ་ཐོག་ལས་ངན་པས། །ས་བོན་རྩུབ་པས་ཕན་གནོད་ཆེ། །ཆོས་ལ་མ་དད་ནག་པོའི་ཚོགས། །རང་ཐུང་ཚད་འཕེལ་ལེགས་ཉེས་སྤྲུལ། །གནས་མེད་ཟས་སུ་ཕུད་གཏོར་ཕུལ། །དེ་འདྲ་འཇིག་རྟེན་ཚོགས་མང་བས། །དྲོད་སྩོགས་རིམ་གྱིས་མ་ཐོབ་པར། །མངལ་སྐྱེས་ལུས་ལ་བརྟེན་ནས་ནི། །དཔའ་དང་བརྟུལ་ཞུགས་ང་རྒྱལ་གྱིས། །ལྷ་འདྲེ་དྲེགས་པ་འདུལ་མི་བྱ། །བསོད་ནམས་རྒུད་པའི་དུས་སུ་ནི། །ཁོས་སུ་ཡལ་བར་ཅི་ལ་འཇོག །སྤྱོད་པ་མ་རྩིང་རྣལ་འབྱོར་པ། །མོས་སྤྱོད་ཆོས་སྒོར་ཞུགས་པས་ཀྱང་། །ལྷ་སྤྲུག་བཅོ་ལྔ་ལ་སོགས་པའི། །བླ་མའི་ཆོས་གཞུང་སྲུང་མ་དང་། །གནས་དེར་གནས་སམ་ཡུལ་གྱི་ལྷ། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །གསོལ་ཞིང་མཆོད་པར་བྱ་བར་ཤེས། །བླ་མ་སངས་རྒྱས་བསྟན་དོན་དུ། །མཆོད་རྟེན་དམོད་མོ་གང་སྒྲུབ་ཡང་། །མཉེས་བྱས་སྒྲུབ་ཐབས་ཚང་བར་ཞུ། །ཕལ་དུ་སྤྱི་མཐུན་རིག་མ་འདས། །འདོད་ཡོན་མཆོད་གཏོར་བཟང་ན་འགྲུབ། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་ནི། །དམ་ཚིག་དགོང་པ་ལས་འཕྲོ་དང་། །སྒྲུབ་ཐབས་ཟབ་དང་མི་ཟབ་དང་། །གང་ནུས་དངོས་གྲུབ་རིམ་པར་འབྱུང་། །ཡིད་གཉིས་རློམ་པ་ལྷ་སྦྱངས་ནས། །ལས་མི་འགྲུབ་པས་ཐེ་ཚོམ་སྤང་། །དེ་ལྟར་བྱས་ཀྱང་མ་འགྲུབ་ན། །སྤོང་པའི་ཆོ་གས་ཨར་ལ་གཏད། །དེས་ཀྱང་འཇིག་རྟེན་དངོས་གྲུབ་ཐོབ། །སྤྱི་བསྟན་སྲུངས་ཤིག་རྣལ་འབྱོར་པ། །རང་རྒྱུད་འགྲོགས་ཀྱང་མི་བདེ་བས། །སྐྱོན་ཡང་ཤིན་ཏུ་མང་བར་གསུངས་། །དགོངས་པ་བསྐྱེད་ཅིང་ཟབ་པར་བྱ། །འདི་དག་ཕུན་བུ་བཀོལ་བ་ཡང་། །བརྒྱུད་རིམ་བྱིན་བརླབས་ཐོབ་པ་དང་། །རྟོག་ཚོགས་ཉེ་བར་གྱུར་པ་དང་། །གཉིས་མེད་གནས་ལུགས་གཏིང་ནས་རྟོགས། །ཟག་བཅས་འབྱུང་བ་དབང་དུ་བསྡུས། །བདེན་མཐོང་ཆོས་ཉིད་རང་ལས་རྙེད། །དེ་ལྟ་བུ་ཡི་རྣལ་འབྱོར་པས། །ལས་ལ་བཙུད་ན་དངོས་གྲུབ་ནི། །དགོངས་པ་དག་ལ་མི་སྒྲིབ་པས། །བདེ་བར་གཤེགས་པ་ཉིད་དང་མཚུངས། །འདས་དང་མ་འདས་དངོས་གྲུབ་ཀུན། །བླ་མ་ཐུགས་རྒྱུད་མཉེས་ལས་འབྱུང་། །རྡོ་རྗེ་ཕྲེང་བ་ལས། སྡེ་བརྒྱད་འཇིག་རྟེན་པའི་དབང་གི་ལེའུ་སྟེ་དགུ་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །རྡོ་རྗེ་རྒྱལ་པོ་བཀའ་ཡིས་ནི། །སློབ་མ་ཁྲི་སྟན་ཆེན་པོར་བཞག །སྟེང་ན་གདུགས་ཀྱང་དབུབ་པར་བྱ། །ལག་ཏུ་རྡོ་རྗེ་དྲིལ་བུ་གཏད། །སློབ་དཔོན་དབྱིངས་ལ་དབང་རྫས་ཐོགས། །འདི་སྐད་བརྗོད་ལ་དབང་བསྐུར་བྱ། །ཧཱུཾ། བདེ་གཤེགས་སྲས་པོ་དམ་པའི་མཆོག །སྔོན་གྱི་ཐུགས་དམ་བཀའ་དང་མི་འགལ་ཞིང་། །དགོངས་པ་ཡིད་བཞིན་ནམ་མཁའི་མཁའ་དང་མཉམ། །ཕྲིན་ལས་ཐབས་ཀྱི་རྡོ་རྗེ་སློབ་དཔོན་མཆོག །འགྲོ་བ་མ་ལུས་ཀུན་གྱི་རེ་སྐོང་བ། །སྟོན་པའི་སྒྲོན་མ་མ་ལུས་ཁ་ལོ་འདྲེན། །ཤེས་རབ་མཐར་རྫོགས་ཡོན་ཏན་ལྷུན་གྱིས་གྲུབ། །སྡུག་བསྔལ་སྐྱབས་མཛད་མ་རིག་སེམས་ཅན་འདྲེན། །ཆོས་ཉིད་དོན་སྟོན་མ་ལུས་ཁ་ལོ་སྒྱུར། །སངས་རྒྱས་གདུང་གསོབ་རྡོ་རྗེ་སློབ་དཔོན་མཆོག །གང་ཡིན་མངོན་དུ་གྱུར་པ་ལྷུན་གྲུབ་པའི། །དབང་རྣམས་མ་ལུས་ཁྱོད་ཀྱིས་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱ་ཤྭ་རུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བས། དམ་ཚིག་དབང་གི་སློབ་དཔོན། ནམ་ངག་གི་སློབ་དཔོན། ཤེས་རབ་རྒྱུད་ཀྱི་སློབ་དཔོན། རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པར་ཤོག །དེ་ནས་གདུགས་ཀྱི་དབང་བསྐུར་བ། ཧཱུཾ། གཟུགས་མཛེས་གསེར་གྱི་ཡུ་བར་ལྡན། །སྐྱབས་ཆེན་བྱམས་པ་ཆེན་པོ་སྟེ། །ཉོན་མོངས་གདུང་བ་སེལ་བའི་ཕྱིར། །དེ་བས་གདུགས་ཀྱི་དབང་བསྐུར་རོ། །ༀ་སུཪྱ་རཏྣ་ཨ་བྷེ་ཤེ་ན་ཧོཿ གདུགས་ཀྱི་དབང་བསྐུར་བས། ཉོན་མོངས་པའི་ཚ་བ་སེལ་ཏེ། ཡེ་ཤེས་ཀྱི་སྣང་བ་སྐྱེས་ནས། ཐུགས་རྗེ་ཆེན་པོས་འཁོར་བ་ལས་སྐྱོབས་པའི་དབང་ཐོབ་པར་གྱུར་ཅིག །རྡོ་རྗེའི་དབང་བསྐུར་བ། ཧཱུཾ། མཆོད་པའི་རྡོ་རྗེ་རྩེ་ལྔ་པ། །སྐུ་ལྔ་ཆོས་ལྔ་ཡེ་ཤེས་ལྔ། །ཉོན་མོངས་དུག་ལྔ་འཇོམས་པའི་རྡོ་རྗེ་སྟེ། །རྡོ་རྗེ་འདི་ཡི་དབང་ཐོབ་ཤོག །གཉའ་ན་པན་ཙ་བཛྲ་ཨ་བེ་ཤ་ཨ། རྡོ་རྗེ་རྩེ་ལྔ་པའི་དབང་བསྐུར་བས། ཡེ་ཤེས་ལྔ་སྐུ་ལྔར་ལྡན་པའི་དབང་ཐོབ་པར་གྱུར་ཅིག །དྲིལ་བུའི་དབང་བསྐུར་བ། ཧཱུཾ། ཆོས་ཀྱི་སྒྲ་ཡི་དྲིལ་བུ་འདི། །གསུང་རབ་བཅུ་གཉིས་སྒྲ་བསྒྲགས་པས། །ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས། །ཐབས་དང་ཤེས་རབ་དབང་བསྐུར་རོ། །དྷརྨཱ་ཱདྷ་ཏུ་ཨ་བྷི་ཤིན་ཙ་ཨ། དྲིལ་བུའི་དབང་བསྐུར་བས། ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུའི་ཡེ་ཤེས་ལས། ཐབས་ཤེས་རབ་གཉིས་སུ་མེད་པའི་དབང་ཐོབ་པར་གྱུར་ཅིག །ཉན་པའི་དབང་བསྐུར་བ། ཧཱུཾ། ཤེས་རབ་རྣམ་གསུམ་དག་པ་ཡིས། །ཤེས་པའི་རྒྱུད་རྣམས་འགྲོལ་བའི་ཕྱིར། །བདེ་གཤེགས་བཀའ་ཡི་བྱིན་བརླབས་ལས། །དམ་པའི་རྫས་སུ་གང་སྒྲུབ་པ། །གསང་ཆེན་ཐུགས་ཀྱི་མན་ངག་དང་། །ཐེག་པ་ཕྱི་ནང་མཐའ་དག་ཀུན། །རྣ་བའི་དབང་པོས་ཉན་པ་དང་། །ཤེས་རབ་བློ་ཡིས་འཛིན་པ་དང་། །ཉན་པའི་དབང་རྣམས་ཐོབ་པར་ཤོག །ཨཱོཾ་དྷརྨ་ཁ་ནི་སཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། པོ་ཏི་བྱིན་ཏེ་ཉན་པའི་དབང་བསྐུར་བས། བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ། མཐུན་འཇུག་ཉན་པའི་དབང་ཐོབ་པར་གྱུར་ཅིག །ཕྱག་ཤིང་གཏད་ལ་བདུད་རྩི་ཡིས། །རྣ་བ་གཡས་གཡོན་ཐིག་ལེ་བྱ། །འབྲི་བའི་དབང་བསྐུར་བ་ནི། ཧཱུཾ། བདེ་གཤེགས་གསུང་གི་བཀའ་རྒྱུད་རྣམས། །ཐེག་པ་ཕྱི་ནང་མཐའ་དག་ཀུན། །ཚིག་དང་ཡི་གེར་གནས་པ་ཡིས། །མི་ནུབ་ཡུམ་གྱི་བཙས་སུ་འགྱུར། །ལག་གིས་ཡེ་གེ་འབྲི་བ་དང་། ཤེས་རབ་བློ་ཡིས་འཛིན་པ་ཡིས། །འབྲི་བའི་དབང་རྣམས་ཐོབ་པར་ཤོག །དྷརྨ་ཁ་ནེ་ཨཱ་ལི་ཀཱ་ལི་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། །འབྲི་བའི་དབང་བསྐུར་བས། ཆོས་ཐམས་ཅད་མི་བརྗེད་པའི་གཟུངས་དང་ལྡན་ཏེ། སྤྲུལ་སྐུས་འགྲོ་དོན་བྱེད་པའི་དབང་ཐོབ་པར་གྱུར་ཅིག །ཡིག་ཆ་གཏད་ལ་བདུད་རྩི་ཡིས། །མཐེབ་འཛུབ་གཉིས་ལ་ཐིག་ལེ་བྱ། །དེ་ནས་བཤད་པའི་དབང་བསྐུར་བ། །ཧཱུཾ། ཤེས་རབ་རྣམ་གསུམ་དག་པར་སྦྱངས་པ་ཡིས། །འདྲེན་པ་བླ་མེད་སྐྱེས་བུའི་སྐུར་སྟོན་པ། །ཐེག་པ་མཐའ་དག་གྲུབ་པའི་མཐུ་མངའ་བ། །ཤེས་རབ་རིག་པ་མཛོད་ཀྱི་ཁ་ཕྱེ་ལ། །ཚངས་པའི་གསུང་ཕྱུང་ཀུན་ལ་གོ་བ་ཡི། །ཐེག་པ་མཐའ་དག་ཆོས་རྣམས་བཤད་པར་བྱོས། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་དྷརྨ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཆོས་བཤད་པའི་དབང་བསྐུར་བས། གསུང་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། རྒྱུ་འབྲས་ཀྱི་ཆོས་ཀྱི་དད་ལྡན་སྐྱེས་བུ་ཚིམ་པར་བྱེད་པ། ཆོས་སྒྲ་སྒྲོགས་པའི་དབང་ཐོབ་པར་གྱུར་ཅིག །ཀཱ་ལི་པོ་ཏི་གཏད་བདུད་རྩིས་ལྕེ་ལ་ཐིག་ལེ་བྱས་ལ་བཞག །སྒྲུབ་པའི་དབང་བསྐུར་བ་ནི། ཧཱུཾ། རྣལ་འབྱོར་ཆེན་པོ་སྐུ་གསུང་ཐུགས་ཀྱི་བདག །སྡུག་བསྔལ་གནས་ཉིད་བྱང་ཆུབ་བདེ་སྒྲུབ་པའི། །རྫས་ཉིད་ཡེ་ཤེས་ལྔར་སྒྲུབ་ཕྱག་རྒྱའི་ཚོགས། །རྣམ་ཤེས་ཕུང་པོ་ལྔ་རྣམས་དཀྱིལ་འཁོར་ཚོགས། །སྐྱེ་མཆེད་ཁམས་རྣམས་སངས་རྒྱས་མང་པོའི་ཚོགས། །བདེ་གཤེགས་ཐབས་ཀྱི་འབྲས་བུ་གང་ཡིན་པ། །བདེ་གཤེགས་ལྷ་རྣམས་སྒྲུབ་པའི་དབང་ཐོབ་ཤོག །ༀ་ཡོ་ག་སརྦ་མ་ཧཱ་ཏ་ཐ་ག་ཏ་མ་ཧཱ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྒྲུབ་པའི་དབང་བསྐུར་བས། སློབ་མའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར་ནས། ཡི་དམ་ལྷ་བསྙེན་ཅིང་སྒྲུབ་པའི་དབང་ཐོབ་པར་གྱུར་ཅིག །སྐུ་གཟུགས་བསྟན་ཅིང་བདུད་རྩི་ཡིས། །སྙིང་གར་ཐིག་ལེ་བྱས་ལ་བཞག །དེ་ནས་ཕྲིན་ལས་རྣམ་བཞིའི་དབང་བསྐུར་བ། ། ཧཱུཾ། ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁམས་གསུམ་སྲིད་གསུམ་མཐའ་ཡས་པའི། །བདེ་གཤེགས་ཕྲིན་ལས་མཛད་པའི་ཕྱིར། །ཞི་བས་འཇིགས་པ་བརྒྱད་ལས་སྐྱོབས། །དབང་གིས་མོས་པ་རྣམ་བཞིར་སྡུད། །རྒྱས་པས་འབྱོར་བ་དྲུག་ལྡན་འགྱུར། །དྲག་པོས་དགྲ་བགེགས་ཚར་གཅོད་པ། །ཏ་ན་ག་ན་སྦྱོར་སྒྲོལ་རྣམས། །ཕྲིན་ལས་ཐམས་ཅད་འགྲུབ་པའི་དབང་ཐོབ་ཤོག །ༀ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཀརྨ་ཤྭ་རུ་སྭ་བྷཱ་ཝ་ཨཱཏྨཀོ྅་ཧཾ། ཕྲིན་ལས་ཀྱི་དབང་བསྐུར་བས། ཞི་རྒྱས་དབང་དྲག་བཞིས་གསང་སྔགས་ཀྱི་ཕྲིན་ལས་མཐར་ཕྱུངས་ནས། རྣལ་འབྱོར་དབང་ཕྱུག་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །ཕྲེང་བ་སྦྱིན་ཞིང་བདུད་རྩི་ཡིས། །ཡན་ལག་ལྔ་ལ་ཐིག་ལེ་བྱ། །དེ་ལྟར་དབང་བསྐུར་རྫོགས་པ་ན། །གསང་སྔགས་ཆོས་ལ་དབང་བྱེད་པའི། །ཆོས་ལ་དབང་སྒྱུར་རྒྱལ་པོར་འགྲོ། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་ན། །འབྲས་བུ་མེད་ཅིང་བརླགས་པར་འགྱུར། །དེས་ན་དབང་བསྐུར་ཐོབ་པ་གཅེས། །རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་གྱི་དབང་བཅུ་བསྐུར་བའི་ལེའུ་སྟེ་བཅུ་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་གསང་བའི་དབང་བསྐུར་ན། །ཡིད་འོང་དབེན་པའི་གནས་དག་ཏུ། །ཕུན་སུམ་ཚོགས་པ་ལྔ་ལྡན་པས། །མཚན་ལྡན་བཀྲ་ཤིས་ཡིད་འོང་མ། །བཅུ་དྲུག་ཉི་ཤུ་རྩ་གཅིག་མ། །གོས་རྒྱན་ལེགས་པར་ཁྲུས་བྱས་ལ། །བདེ་བའི་སྟན་ལ་བཞག་ནས་ནི། །རིགས་ཀྱི་ཡུམ་དུ་བྱིན་གྱིས་བརླབས། །བདག་ཉིད་རིགས་ཀྱི་ལྟར་བསྐྱེད་ལ། །ཡབ་ཡུམ་སོ་སོའི་བརྡ་ཡིས་བསྐུལ། །ཕྱག་རྒྱ་བཞི་ཡིས་བསྡུ་བར་བྱ། །ཡུམ་གྱི་མཁའ་ལ་རྡོ་རྗེ་བཞག །དལ་གྱིས་བསྲུབ་ལ་བདེ་བ་བསྐྱང་། །གཉིས་མེད་བདེ་བ་ཧཱུཾ་དུ་བསམ། ཧཱུཾ་ཧཱུཾ་རིང་ཐུང་སྣ་ནས་དྲང་། །མཁའ་གསང་ནང་ནས་ཧཱུཾ་སྤྲོས་པས། །སློབ་མ་གཟུངས་མར་བཅས་པ་ཡི། །ཤེས་རྒྱུད་དག་པར་སྦྱང་བར་བསྒོམ། ཡུལ་གསུམ་གསལ་བར་བརྟག་པ་ནི། །ཕྱི་ཡུལ་ལུས་ལ་བདེ་བ་སྐྱེ། །ཐ་མལ་ལུས་སུ་ཚོར་བ་མེད། །ནང་ཡུལ་དབུགས་ལ་རྒྱུ་མི་ཚོར། །ཐ་མལ་རླུང་གི་རྟོགས་པ་འགགས། །གསང་ཡུལ་སེམས་ལ་བདེ་གསལ་འབར། །ཐ་མལ་འདོད་ཆགས་ཉོན་མོངས་མེད། །གསང་བའི་དགྲ་གསུམ་དུས་དེར་སོད། །ཕྱོགས་བྲལ་དམིགས་པ་མེད་པ་ཡིས། །ཕྱི་དགྲ་གཟུང་དང་འཛིན་པ་བསད། །འདོད་ཆགས་བདེ་བ་ཡེ་ཤེས་འབར། །ནང་དགྲ་དུག་ལྔ་དུག་གསུམ་བསད། །རྣམ་རྟོག་བག་ཆགས་མཚན་མ་ནི། །གསང་དགྲ་ང་བདག་རྟོག་པ་བསད། །འཇིགས་པའི་དུས་བཞི་དུས་དེར་བཅོམ། །ཡབ་ཡུམ་སྐུ་ལ་གདོས་པ་མེད། །རེག་བྱ་ཕུང་པོའི་དུས་ཀྱང་བཅོམ། །ཉོན་མོངས་རང་གྲོལ་ངང་དུ་ཞི། །འདོད་ཆགས་ཉོན་མོངས་བདུད་ཀྱང་བཅོམ། །བདེ་བ་སྐྱེ་བས་ལྷ་རུ་གསལ། །བར་གཅོད་ལྷ་ཡི་བུ་བདུད་བཅོམ། །ཡབ་ཡུམ་ཐབས་དང་ཤེས་རབ་ལ། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ། །འཆི་བདག་བདུད་བཅོམ་རྫོགས་སངས་རྒྱས། །ལས་དང་བག་ཆགས་རྣམ་རྟོག་བསྲེག །འགྲོ་དྲུག་སྐྱེ་བའི་གནས་མེད་པས། །འགྲོ་དྲུག་གཡང་སུ་དེ་རུ་ཆོད། །དེ་ནས་ཡུམ་དེ་ཁ་བུབ་ལ། །མེ་ལོང་རང་ཡུ་ཅན་བཟེད་ལ། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པའི་རྒྱུ། །སློབ་མ་ལ་ནི་དབང་བསྐུར་རོ། །ཨཱོཾ། དྲི་མེད་སྐྱོན་བྲལ་ཁ་དོག་དཀར་པོ་མདོག །པདྨ་རཱ་ག་ཆགས་པ་ཆེན་པོའི་གནས། །ཆོས་ཉིད་དག་པའི་འགྲོ་དོན་མཐར་ཕྱིན་ཞིང་། །བྱང་ཆུབ་སེམས་ཀྱི་དབང་མཆོག་ཐོབ་པ་དང་། །བོ་དྷི་ཙིཏྟ་ཡབ་ཀྱི་བྱང་ཆུབ་སེམས། །དཀར་ལ་དག་པས་མུ་ཏིག་དྲི་མ་མེད། །ཤིན་ཏུ་དྲི་མེད་ཚོར་བའི་བྱང་ཆུབ་སེམས། །དོན་དམ་དབྱེར་མེད་བྱང་ཆུབ་ཆེན་པོའི་ངང་། །གཉིས་མེད་རོལ་པ་ཆགས་པའི་བྱང་ཆུབ་སེམས། །ཐར་པའི་ལམ་མཆོག་བདེ་བའི་ལམ་འདྲེན་ཞིང་། །འཁོར་བའི་ལམ་ལས་ཀུན་རྒྱལ་དབང་ཐོབ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་ཐོབ་ཐོག །ༀ་བོདྷི་ཙིཏྟ་ཀ་མ་ལ་སི་ཏི་ཧཱུཾ། ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བས། དབྱིངས་ཡེ་ཤེས་གཉིས་སུ་མེད་པས། འདུ་འབྲལ་མེད་པའི་དབང་ཐོབ་པར་གྱུར་ཅིག །དེ་ནས་སྣོད་ལྡན་སློབ་མ་ལ། །གསང་བའི་དབང་བསྐུར་བྱ་བ་ནི། །བཀྲ་ཤིས་མཚན་ལྡན་རིགས་ཀྱི་ཡུམ། །སློབ་མའི་ལག་ཏུ་གཏད་ནས་ནི། །ཧཱུཾ། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་རིག་པའི་ཡུམ། །ཕྲིན་ལས་མཚན་ལྡན་ཏིང་འཛིན་མཆོག་གིས་བརྒྱན། །ཐབས་དང་ཤེས་རབ་དབྱེར་མེད་རོལ་པ་ལས། །ལྷག་པ་བྱང་ཆུབ་སེམས་ཀྱི་འཁོར་ལོ་སྤྲོ། །འཕགས་མཆོག་སྡེ་བསྒྲུབས་འབྲས་བུས་ཀུན་མཉེས་པ། །གཉིས་མེད་དོན་སྤྱོད་ཆོས་ཉིད་དག་པའི་རྒྱན། །དགྱེས་པའི་རོ་མཆོག་ཆོས་ཉིད་དབང་མཆོག་འདི། །རྣལ་འབྱོར་སློབ་མ་ཁྱོད་ཀྱིས་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པྲད་ཉ་ཤྭ་རུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཐབས་ཤེས་རབ་གཉིས་སུ་མེད་པའི་གསང་པའི་དབང་བསྐུར་བས། བདེ་བ་ཆེན་པོ་བྱང་ཆུབ་སེམས་དགྱེས་པའི་རོ་གཏེར་བས། ཉོན་མོངས་པ་ཡེ་ཤེས་སུ་ཤར་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་གྱུར་ཅིག །སློབ་མ་ཡབ་ཡུམ་བྱིན་བརླབས་ལ། །རས་ཀྱི་འབོལ་སྟན་སྟེང་དུ་བཞག །བར་དུ་རས་ཀྱི་ཡོལ་བས་གཅོད། །ཡུམ་ལ་སྦྱོར་བ་བྱེད་དུ་གཞུག །ཡུལ་གསུམ་གསལ་བར་གྱུར་མ་གྱུར། །གསང་བའི་དགྲ་གསུམ་སོད་མ་སོད། །འཇིགས་པའི་བདུད་བཞི་ཆོམས་མ་ཆོམས། །འགྲོ་དྲུག་གཡང་སུ་ཆོད་མ་ཆོད། །ཚད་དང་ལྡན་ནམ་མཁས་པས་བརྟགས། །ཚད་དང་ལྡན་པར་གྱུར་པ་ན། །ཉོན་མོངས་མ་སྤངས་རང་སར་དག །རང་བྱུང་ཡེ་ཤེས་རང་ལ་ཤར། །ས་བཅུ་ནོན་ཏེ་ཕྱིར་མི་ལོག །གོམ་པ་དབང་གི་བསྒྲོད་པ་ཡིན། །རྡོ་རྗེ་ཕྲེང་བ་ལས། གསང་བའི་དབང་བསྐུར་བའི་ལེའུ་སྟེ་བཅུ་གཅིག་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཐེག་པ་ལྟ་བ་སྤྱི་འབྱམས་དབང་། །ཡང་དག་ལྟ་དགོངས་བཞི་ཡི་དབང་བསྐུར་བ། །སློན་དཔོན་ཕྱག་མཐིལ་ཡི་གེ་ཨ་དཀར་བྲི། །དགོངས་པ་ཆོས་ཉིད་མ་བཅོས་ངང་ལ་བཞག །སློབ་མའི་ལག་ཏུ་ནོར་བུ་རིན་ཆེན་ཐོགས། །སློབ་དཔོན་ཡབ་ཡུམ་སློབ་མ་ཡབ་ཡུམ་ནི། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་སྐུར་གསལ་ལ། །ཧཱུཾ། ཐམས་ཅད་ལྷུན་གྲུབ་ཀུན་ཏུ་བཟང་པོའི་དངོས། །རང་བཞིན་སྤྲོས་མེད་ཀུན་ཏུ་བཟང་མོའི་ངང་། །གཉིས་མེད་ཐབས་ཀྱི་རྒྱལ་པོས་ཡོངས་ལ་ཁྱབ། །གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་དབང་བསྐུར་བ། །ཀུན་ཏུ་བཟང་མོ་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་དབྱིངས་ལ་གཅིག་པུ་བཞུགས་པ་ཡི། །རང་གི་བྱང་ཆུབ་སེམས་ཀྱི་ལྷ་ཡིན་ཏེ། །དོན་དམ་སེམས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་སློབ་དཔོན་གྱི་ཕྱག་གཡས་པ། སློབ་མའི་སྤྱི་བོར་བཞུགས་ནས་ནི། ཧཱུཾ། ཀུན་ཏུ་བཟང་པོ་དྲི་མ་མེད་པ་ཡི། །ཡོངས་ལ་དབང་བསྒྱུར་ཡེ་ཤེས་རྒྱལ་པོར་ཤར། །རང་སེམས་རྣམ་དག་རྟོག་པའི་རྒྱལ་པོར་ཤར། །བྱང་ཆུབ་སྙིང་པོ་བདེ་བ་ཆེན་པོར་ཤར། །ཐམས་ཅད་མ་ལུས་ལྷུན་གྲུབ་ཆོས་ཀྱི་སྐུ། །ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་འདུས། །སེམས་ཀྱི་བདག་ཉིད་ཅི་ཡང་མ་ཡིན་པས། །ཐིག་ལེ་སྤྲོས་པ་མེད་པའི་རང་བཞིན་པས། །མཉམ་པའི་རྒྱལ་པོ་ཀུན་ལ་དབང་བསྒྱུར་ཏེ། །ཆོས་ཉིད་རིག་པའི་རྒྱལ་པོ་རྫོགས་པ་ཆེ། །མ་འདྲེས་ཅིར་ཡང་སྟོན་པ་ཐེག་པའི་མཆོག །འདི་དག་མ་ལུས་མྱུར་དུ་རྫོགས་བྱའི་ཕྱིར། །རྒྱལ་ཐབས་སྤྱི་བླུགས་ལྟ་བའི་དབང་མཆོག་འདི་བསྐུར་བས། །ཡོངས་ཀྱི་དབང་མཆོག་ཐབས་ཀྱི་རྒྱལ་པོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་སུ་ལ་པ་ཏྲ་པུ་ཏེ་རུ་ཙ་ན་ཤྭ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་བས། དཔལ་ཀུན་ཏུ་བཟང་པོའི་དགོངས་པ་གཏིང་ནས་རྟོགས་ཏེ། ཆོས་ཉིད་རྫོགས་པ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །དེ་ནས་ལྟ་བའི་དབང་བསྐུར་བ། །སློབ་མ་མདུན་གྱི་ནམ་མཁའ་ལ། །འབྲུ་ཚུགས་ལྟ་རུ་བཅུག་ནས་ནི། །ཧཱུཾ། ལྟོས་ཤིག་ལྟོས་ཤིག་སྐལ་ལྡན་ཁྱོད། །མདུན་གྱི་ནམ་མཁའ་འདི་ལ་ལྟོས། །གསལ་ལ་དྭངས་པ་མཐའ་དང་བྲལ། །གང་ལ་འཛིན་པ་མེད་པ་འདི། །ལྟ་བ་ཕྱོགས་ལྷུང་མཐའ་བྲལ་ཡིན། །འདི་ཡི་དོན་ལ་གནས་པ་ནི། །དུས་གསུམ་སངས་རྒྱས་དགོངས་པ་ཡིན། །འོ་རིགས་ཀྱི་བུ། མདུན་གྱི་ནམ་མཁའ་འདི་ལ་ཁ་དོག་དང་དབྱིབས་མེད་པ། གསལ་ལ་མ་འགགས་པ་སྟོང་སང་ངེ་ཡོད་མེད་ཀྱི་མཐའ་དང་བྲལ་བ་འདི། གང་གི་ཡང་འཛིན་པ་མེད་པ་འདི། ལྟ་བ་ཕྱོགས་ལྷུང་མཐའ་བྲལ་བ། སངས་རྒྱས་ཀྱི་དགོངས་པ་ཡིན་པས་ངོ་ཤེས་པར་གྱིས། དེ་སྐད་ངོ་སྤྲོད་དོ། །དེ་ནས་སྒོམ་པའི་དབང་བསྐུར་བ། ཧཱུཾ། ལྟོས་ཤིག་ལྟོས་ཤིག་སྐལ་ལྡན་ཁྱོད། །རང་གི་སེམས་ལ་ནང་དུ་ལྟོས། །གསལ་ལ་མི་རྟོག་མ་ཡེངས་པ། །མར་མེ་རླུང་གིས་མ་བསྐྱོད་འདྲ། །སྒོམ་པ་རང་གསལ་འཛིན་མེད་ཡིན། །འདི་ཡི་དོན་ལ་རྟག་ཏུ་སྒོམས། །སངས་རྒྱས་རྣམས་ཀྱི་དགོངས་པ་ཡིན། །འོ་རིགས་ཀྱི་བུ། སྐལ་ལྡན་རང་གི་སེམས་ལ་ནང་དུ་བལྟས་པས། སེམས་ལ་དངོས་པོ་དང་མཚན་མ་མེད་པ། གསལ་ལ་མི་རྟོག་པ་མ་ཡེངས་པ། རྣམ་རྟོག་གིས་མ་བསྐྱོད་པ། མར་མེ་ལ་རླུང་གིས་མ་བསྐྱོད་པ་ལྟར། ལྷོད་གྱིས་ཀློད་ལ་ཞོག་ཅིག །འདི་ཁོ་ན་སྒོམ་པ་རང་གསལ་འཛིན་པ་མེད་པ་བྱ་བ་སངས་རྒྱས་ཀྱི་དགོངས་པ་ཡིན་པས། དུས་རྟག་ཏུ་འདི་དང་མ་བྲལ་བར་སྒོམས་ཤིག །དེ་སྐད་དུ་ངོ་སྤྲད་དོ། །དེ་ནས་འབྲས་བུས་དབང་བསྐུར་བ། ཧ྄ཱུཾ། ལྟོས་ཤིག་ལྟོས་ཤིག་ལྐལ་ལྡན་ཁྱོད། །ཆོས་སྐུ་འགྱུར་མེད་དོན་ལ་ལྟོས། །སྨྲ་བསམ་བརྗོད་པའི་མཐའ་ལས་འདས། །འཁུར་བ་ཆུ་བླུགས་ཇི་བཞིན་དུ། །གང་ཡང་མ་གྲུབ་སྟོང་པའི་ངང་། །མི་སྐྱེ་མི་འགག་ཆོས་ཀྱི་སྐུ། །འབྲས་བུ་མི་འགྱུར་གདེངས་ལྡན་ཡིན། །འདི་ཡི་དོན་ལ་གནས་པར་གྱིས། །དུས་གསུམ་སངས་རྒྱས་འདི་ལ་གནས། །ཞེས་བརྗོད་ལ་བྱང་ཆུབ་སེམས་ཆང་དང་སྦྱར་བ་སློབ་མའི་ཁར་བླུགས་ལ། ཆོས་ཉིད་ཀྱི་དོན་སྨྲ་བ། བསམ་པ། བརྗོད་པ་ལས་འདས་པ། སྟོང་པའི་རང་བཞིན་སྐྱེ་འགག་གཉིས་སུ་མེད་པ་འདི། ཆོས་ཀྱི་སྐུར་འགྱུར་མེད་གདེངས་ལྡན་གྱི་འབྲས་བུ་བྱ་བ་ཡིན་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདིའི་ངང་ལ་གནས་པས། འདིའི་དོན་ལ་མི་འགྱུར་བར་གྱིས་ཤིག །དེ་སྐད་དུ་ངོ་སྤྲོད་དོ། །དེ་ནས་སྤྱོད་པའི་དབང་བསྐུར་བ། ཧཱུཾ། ཉོན་ཅིག་ཉོན་ཅིག་སྐལ་ལྡན་ཁྱོད། །རང་བྱུང་ཡེ་ཤེས་རོལ་པ་ལ། །མ་འགགས་ཐབས་ཀྱི་རྒྱལ་པོ་ཡིས། །གང་སྣང་སངས་རྒྱས་མཛད་སྤྱོད་ལ། །ཅི་བདེར་སྤྱད་པས་རང་སར་གྲོལ། །སྤྱོད་པ་སྤྱི་འབྱམས་ཡངས་དོག་མེད། །དུས་གསུམ་སངས་རྒྱས་དགོངས་སྤྱོད་ཡིན། །འོ་རིགས་ཀྱི་བུ། སྐལ་ལྡན། དབང་དབུ་ཞབས་ཀྱི་དོན། ལྟ་སྒོམ་འབྲས་བུ་སྤྱོད་པ་དང་། དོན་བཞིར་འདུས་པས། དབང་གི་རྒྱལ་པོ་གཞན་ནས་བསྐུར་མི་ནུས་པར། ལྟ་སྒོམ་འབྲས་བུ་སྤྱོད་པ་མཐར་ཕྱིན་པ། མན་ངག་གི་ཚད་ལ་ཕེབས་པས། སེམས་ལ་སངས་རྒྱས་རང་བྱུང་དུ་ཤར་བས། བཀའ་ཕྱི་ནང་གི་ཐེག་པ་ཐམས་ཅད་དང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དང་། རང་གི་སེམས་ལས་མ་གཏོགས་པ་གཞན་ན་ཅི་ཡང་མེད་པས། ལྟ་བ་སྤྱི་འབྱམས་ཀྱི་དབང་གིས་བཟང་ངན་མེད་པར་སངས་རྒྱས། སྒོམ་པ་སྤྱི་འབྱམས་ཀྱི་དབང་གིས་བསྒོམ་བྱ་དང་སྒོམ་བྱེད་མེད་པར་གནས། འབྲས་བུ་སྤྱི་འབྱམས་ཀྱི་དབང་གིས་སྐྱེ་ཤི་གཉིས་སུ་མེད་པར་རྟོགས། སྤྱོད་པ་སྦྱི་འབྱམས་ཀྱི་དབང་གིས་འཆིང་བ་དང་གྲོལ་བ་མེད་པར་གནས་པས། དེ་ལྟ་བུའི་དབང་བཞི་པོ་དེ། རྣལ་འབྱོར་པའི་རྣ་བར་སུས་ཐོས་ཤིང་། སུ་ཡི་བློ་ལ་གནས་པ་དེ། ཐེག་པ་ལྟ་པ་སྤྱི་འབྱམས་དབང་ཐོབ་པས། དབང་ཐམས་ཅད་འདི་ལས་འཕྲོས་པས། དབང་ཐམས་ཅད་ཀྱི་མེས་པོ་ཡིན་ནོ། །ཞེས་ངོ་སྤྲོད་དོ། །རྡོ་རྗེ་ཕྲེང་བ་ལས། ལྟ་སྒོམ་འབྲས་བུ་སྤྱོད་པ་ཐེག་པ་སྤྱི་འབྱམས་དབང་གི་ལེའུ་སྟེ་བཅུ་གཉིས་པའོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གྲོལ་ཞིང་རིག་པར་བསྟན་པ་ནི། ཏིང་འཛིན་གསུམ་དང་དབང་ཆེན་ཡུམ། །ཆོ་ག་གསུམ་ཚོགས་དམ་ཚིག་བསྐྱེད། །བྱིན་བརླབས་དབང་བསྐུར་ཡེ་ཤེས་བསྟིམ། །ཕྱི་ནང་གསང་བ་ཕྱག་རྒྱས་མཆོད། །བསྟོད་དང་ཛཔ྄་བསྙེན་འབུལ་ལ་སྩོགས། །བསྐྱེད་རིམ་གྲོལ་བའི་ལམ་ཡིན་ཏེ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ཀྱི་རྩལ་ཁ་སྦྱང་བ་ཡིན། །རྫོགས་རིམ་རྣམ་པ་གཉིས་ཡིན་ཏེ། །ལྷ་རྣམས་གནས་གྱུར་རྫོགས་རིམ་ནི། །ཡིད་ནི་ཡབ་ལ་ཆོས་ནི་ཡུམ། །ཕུང་པོ་ཡབ་ལ་འབྱུང་བ་ཡུམ། །རྣམ་ཤེས་ཡབ་ལ་ཡུལ་ལྔ་ཡུམ། །དབང་པོ་ཡབ་ལ་དུས་བཞི་ཡུམ། །ཉོན་མོངས་དྲུག་ནི་སྤྲུལ་པའི་སྐུ། །ལུས་ཆོས་ཡབ་ལ་མུ་བཞི་ཡུམ། །ཐམས་ཅད་ཐབས་དང་ཤེས་རབ་གཉིས། །རང་བཞིན་དེ་ལྟར་ཤེས་པ་ནི། །མ་སྤངས་རང་ལ་ལྷར་གནས་པས། །རང་བྱུང་གནས་གྱུར་རྫོགས་རིམ་ཡིན། །རང་བྱུང་ལྷུན་གྲུབ་རྫོགས་རིམ་ནི། །སངས་རྒྱས་ཐབས་མཁས་ཐུགས་རྗེ་ཡིས། །ཐེག་པའི་སྒོོ་མོ་གྲངས་མེད་ཡང་། །ཐམས་ཅད་བློ་ཡི་བྲིད་ཐབས་ཡིན། །ཆོས་རྣམས་ཐམས་ཅད་སེམས་ལ་རྫོགས། །ཆོས་རྣམས་བདེན་པ་དབྱེར་མེད་ལ། །ཐམས་ཅད་ཡིན་ལ་གང་ཡང་མིན། །སངས་རྒྱས་མཐར་ཐུག་ཆོས་ཀྱི་སྐུ། །ཀུན་ལ་རྫོགས་ཏེ་ངོ་མ་ཤེས། །ཧོ། འཁོར་བ་དང་ནི་མྱ་ངན་འདས། །འཁྲུལ་སྣང་འཛིན་པ་གཉིས་སུ་བྱུང་། །ཡང་དག་དོན་ལ་དབྱེ་བ་མེད། །གཉིས་ཀ་རང་རིག་སེམས་ལ་རྫོགས། །ཧོཿ ཆོས་སུ་འཛིན་པ་ཐམས་ཅད་ཀྱང་། །ཐམས་ཅད་སྤྲོས་པའི་ཀློང་ཡིན་ཏེ། །སྐུ་གསུམ་རང་ཡང་གྲངས་སུ་ཟད། །འདུས་བྱས་ཆོས་ཀྱིས་སངས་མི་རྒྱ། །ཧོཿ སངས་རྒྱས་ཆོས་སུ་འཛིན་པ་ནི། །མཐར་ཐུག་འཁྲུལ་བློ་ཆེན་པོ་ཡིན། །སངས་ནི་ཆོས་མེད་གཅིག་གིས་རྒྱ། །བློ་ལས་འདས་པ་རྫོགས་ཆེན་ཡིན། །རྒྱས་བསྡུས་རིམ་པ་རང་ལུས་བཞིན། །རིམ་པར་དབང་གིས་བསྒྲོད་པར་བྱ། །ས་མ་ཡ་ནི་ཤེལ་སྒོང་བཞིན། །གཞི་ནི་དམ་ཚིག་གཙང་མས་བཟུང་། །ཏིང་འཛིན་ལུས་དང་གྲིབ་མ་བཞིན། །ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། །མན་ངག་གར་ཆང་འཐུང་བ་བཞིན། །དོན་ནི་མན་ངག་ཟབ་མོས་བཟུང་། །ལྟ་བ་ནམ་མཁའི་མདུང་སྐོར་བཞིན། །ཐག་དང་འཕངས་ནི་ལྟ་བས་བཅད། །སྤྱོད་པ་མི་ཤ་ལོན་པ་བཞིན། །ལ་ནི་སྤྱོད་པས་དོར་བར་བྱ། །ཟུང་དུ་འབྲེལ་ལ་གོལ་སུ་མེད། །ཚིག་ཏུ་རྟོགས་ལ་མ་བརྟེན་པར། །སྐུ་གསུམ་འདོད་པ་གཅིག་ཏུ་བསྒྲིལ། །མཐའ་དྲུག་རྒྱུད་ལ་རྫོགས་པར་བགྱིས། །མཐར་ཐུག་དོན་དེ་ནང་ནས་འཆར། །ནམ་མཁའ་ལ་ནི་ནམ་མཁའ་བཞིན། །ཐམས་ཅད་སྟོང་པའི་ངང་ལ་གནས། །ཞེས་གསུངས་སོ། །རྣ་བརྒྱུད་དབང་གི་རིམ་པ་རྡོ་རྗེ་ཕྲེང་བ་ལས། རྫོགས་རིམ་གྱི་ལེའུ་སྟེ་བཅུ་གསུམ་པའོ།། ༈ །།དབང་གི་བརྒྱུད་པ་ཟམ་མ་ཆད་པ་ནི། རྒྱ་གར་གི་དབང་གི་ཆུ་བོ་ཆེན་པོ་བཞི་དང་། བོད་ཀྱི་དབང་གི་ཆུ་བོ་བཞི་ལས། རྒྱ་གར་གྱི་དབང་གི་ཆུ་བོ་བཞི་ལ། ཡི་དམ་གྱི་ལྷས་དབང་བསྐུར་ནས་ཐོབ་པ། སློབ་དཔོན་དགའ་རབ་རྡོ་རྗེ་ལ། དཔལ་རྡོ་རྗེ་སེམས་དཔས་དངོས་སུ་བྱང་སེམས་རྣམ་ལྔ་ལ་སོགས་པ་བཤད་ནས་དབང་བསྐུར། དེས་བོད་ཀྱི་བཻ་རོ་ཙ་ན་ལ་དབང་བསྐུར། བཀའ་རྒྱུད་སྡེས་དབང་བསྐུར་ནས་ཐོབ་པ། རྒྱལ་པོ་ཨིནྡྲ་བོ་དྷི་དང་། སློབ་དཔོན་ཀུ་ཀུ་རཱ་ཛ། ཀུ་ཀུ་རཱ་ཛས་ཧཱུཾ་ཀ་རུ་ལ་དབང་བསྐུར། དེས་གནུབས་ནམ་མཁའི་སྙིང་པོ་ལ་དབང་བསྐུར། རང་རིག་པ་རྩལ་གྱིས་དབང་བསྐུར་ནས་ཐོབ་པ། སློབ་དཔོན་པདྨ། དེས་ངན་ལམ་རྒྱལ་བ་མཆོག་དབྱངས་ལ་དབང་བསྐུར། པཎྜིཏས་དབང་བསྐུར་ནས་ཐོབ་པ། སློབ་དཔོན་མི་མ་ལ་མི་ཏྲ། དེས་ཞང་གཉའ་ན་ལ་དབང་བསྐུར་རོ། །བོད་དུ་དབང་གི་ཆུ་བོ་བཞི་འདུས་པ་ནི། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ། སློབ་དཔོན་པདྨ་འབྱུང་གནས་དང་། སློབ་དཔོན་བི་མ་ལ་མི་ཏྲ་དང་། པ་གོར་བཻ་རོ་ཙ་ན། གནུབས་ནམ་མཁའི་སྙིང་པོ། རྒྱ་བོད་ཀྱི་དབང་གི་ཆུ་བོ་བཞི་འདུས་ཏེ། རྒྱལ་པོར་སོང་བས་གཞན་ལ་དབང་མ་བསྐུར་ཏེ། དབང་གི་ཆུ་བོ་ཆད་དོ། །མཁས་པ་མི་བཞི་པོས་ཞང་གཉའ་ན་གཉགས་ཛྙཱ་ན། མཆན། ལ་དབང་བསྐུར་ཏེ། དབང་གི་ཆུ་བོ་བཞི་འདུས་པ་ནི་དྲི་མེད་ཟླ་ཤར་ཡིན་ནོ། །གཉའ་ནས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་དབང་བསྐུར། དེས་གནུབས་ཡོན་ཏན་རྒྱ་མཚོ་ལ་དབང་བསྐུར། དེས་གནུབས་པདྨ་དབང་རྒྱལ་ལ་དབང་བསྐུར། དེས་རཀྴི་ཚུལ་ཁྲིམས་རྒྱལ་མཚན་ལ། དེས་ཁམས་པ་ལྡན་བརྩོན་ལ། དེས་ཁམས་པ་ཡེ་ཤེས་དབང་ཕྱུག་ལ། དེས་ཤངས་གྱི་སེ་སྟོན་གྲུབ་ཐོབ་ལ། དེས་མངའ་བདག་ཉང་རིན་པོ་ཆེ་ལ་དབང་བསྐུར་རོ། །དེ་ནས་རིམ་པ་བཞིན། མངའ་བདག་འགྲོ་མགོན། གུ་རུ་ཆོས་དབང་། སྲས་པདྨ་དབང་ཆེན། ཤེས་རབ་རྒྱ་མཚོ། ཟུར་ཧཾ་ཤཱཀ་འབྱུང་། བློ་ཆེན་ཤྲཱི་ཕ་ལ། ཉང་ཤྭཀྱ་རྡོ་རྗེ། ཟུར་བཤེས་གཉེན་པ། སློབ་དཔོན་ཤྲཱི་ཕ་ལ། དེ་གཉིས་ཀ་ལ་སྔགས་འཆང་རུ་མོ་བ་དང་། ལེགས་པ་དཔལ་བཟང་གཉིས་ཀྱིས་གསན། གཉིས་ཀས་རིན་ཆེན་རྒྱལ་མཚན། དེས་མངའ་རིས་པཎ་ཆེན། འུ་ཡུག་པ་ངག་གི་དབང་པོ། སྤྲུལ་སྐུ་ཚེ་བརྟན་རྒྱལ་པོ། ནམ་མཁར་སྤྱོད་པ། པ་རུ་ཧི་ཏ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། དེས་བདག་ལྷ་རིགས་སྨྱོས་ཀྱི་སྔགས་འཆང་རིག་འཛིན་འགྱུར་མེད་རྡོ་རྗེ་ལའོ། །ཞར་བྱུང་ཆོས་སྐོར་གྱི་ལུང་བརྒྱུད་ནི། པཎ་ཆེན་ནས། མངའ་བདག་ཀུན་དགའ་ལྷུན་གྲུབ། དབང་སྟོན་གུ་རུ་པ། ནམ་མཁའ་ཆོས་དབང་། གར་དབང་བློ་མཆོག །རས་ཆེན་ཚེ་དབང་བསྟན་འཛིན། དེས་བདག་ལའོ། །གཏེར་ཆེན་རིན་པོ་ཆེ། ༈ བྱང་ཆུབ་སྒྲུབ་པའི་ཉེ་ལམ་རྙེད་དཀའི་ཆོས། །སྒྲུབ་སྡེ་བརྒྱད་ཀྱི་མན་ངག་རྫོང་འཕྲང་འདིའི། །མིང་ཙམ་ཐོས་པ་ཉིན་སྐར་ལས་ཀྱང་དཀོན། །འདི་འདྲའི་དགའ་སྟོན་ཐོབ་པ་ཨེ་མ་ཧོ། །དགེ་བ་འདི་ཡིས་མཉམ་མེད་གཏེར་བདག་གླིང་། །ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་རྫོགས་ཤིང་། །རྙིང་བསྟན་མི་ནུབ་དར་ཞིང་རྒྱས་པ་ཡི། །རྩ་ལག་སྲོག་གི་ཀ་བར་འདི་གྱུར་ཅིག །གཏེར་ཆེན་བླ་མའི་གཟིགས་དཔེའི་ཡིག་བྲིས་བ་དགེ་སྦྱོང་བློ་གསལ་རྒྱ་མཚོའི་གསུང་། དགེའོ།། །།

རྫོང་འཕྲང་གི་དཀར་ཆག་གསལ་བའི་སྒྲོན་མེ།

༄༅། །རྫོང་འཕྲང་གི་དཀར་ཆག་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ཨྠྀི། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བཀའ་བརྒྱད་བཀའ་མ་རྫོང་འཕྲང་སྐོར་གྱི་ཆོས་སྐོར་བཞུགས་པ་ལ། རྫོང་འཕྲང་སྲོག་གསུམ་གྱི་ཆིངས་ཀྱི་མན་ངག ། རྫོང་གི་ཆོས་གསམ། འཕྲང་གི་ཆོས་གསམ། སྲོག་གི་ཆོས་གསུམ་རྣམས་ཀྱི་གདམས་པའི་རྫོང་འཕྲང་གི་ཐེབ་ཡིག་རྫོང་གསུམ་འདས་པའི་ཊི་ཀ །དགོངས་ཆེན་བཅ་གསུམ་པ། ལྟ་སྒོམ་བཞིའི་ངོ་སྤྲོད། འཕྲང་གསུམ་འདས་པའི་ཊི་ཀ །སྲོག་བཟང་བའི་སྒྲོན་མེ་ཞེས་པ་རྫོང་འཕྲང་གི་གདམས་པ། མ་རིག་སྦུབས་འབྱེད་ཀྱི་གདམས་པ། ལོ་རྒྱས་ཉང་ང་། ཁ་བསྒྱུར་དྲག་སྡེ་དྲག །དྲིལ་སྒྲུབ་རྩ་བའི་སྒོམ་ཁོག །ཁ་བསྒྱུར་དྲག་པའི་འཕྲིན་ལས། ཚོགས་གཏོར། བསྟོད་པ། དབང་བསྐར་རྡོ་རྗེའི་ཕྲེང་བ་ལེའ་བཅ་གསུམ་པ། ཕྱི་འགྱུར་ཐེམ་ཡིག་སྙིང་པོ་བྱང་ཆབ་ཀྱི་མན་ངག །ག་རུ་ཉི་ཤུ་རྩ་ལྔ་ལས། དགའ་རབ། འཇོག་པོ། འཇམ་དཔལ་བཤེས་གཉེན། སངས་རྒྱས་གསང་བ། པད་འབྱང་། བི་མ་ལ་བཻ་རོ་རྣམས་ཀྱི་ཉམས་ཀྱི་མན་ངག །ཡེ་ཤེས་འཆར་ལུགས་གསུམ་བི་མ་ལས་གསངས་པ། འཇམ་དཔལ་གཤིན་རྗེ་ཐམས་ཅད་འཁོར་ལོ་རྣམ་པ་བཞིའི་དགོངས་པར་འད་བའི་མན་ངག །དབང་ཆེན་ཐམས་ཅད་རྟ་སྐད་ཐེངས་གསུམ་དུ་འད་བའི་དགོངས་པ། ཡང་དག་ཐམས་ཅད་རྒྱན་གྱི་ཏིང་ངེ་འཛིན་སངས་རྒྱས་ལག་འཆང་མར་འད་བའི་དགོངས་པ། ཆེ་མཆོག་ཐམས་ཅད་བདད་རྩི་རྣམ་དག་གི་དགོངས་པར་རྫོགས་པ། ཕར་པ་ཐམས་ཅད་ཕར་པ་ཐལ་འབྱིན་གྱི་དགོངས་པར་རྫོགས་པ། སྲིད་པ་མ་མོ་ཐམས་ཅད་རྩ་རླང་བྱང་སེམས་ཀྱི་དགོངས་པར་འདས་པ། འཇིག་རྟེན་པའི་སྲོག་གི་དགོངས་པ། ལྷ་མ་སྲིན་སྡེ་བརྒྱད་ཀྱི་བརྟག་པ། ལྟ་སྤྱོད་ཀྱི་སྡོམས། མ་མོ་རྩ་རླང་གི་དགོངས་པ། ཡང་མ་མོ་རྩ་རླང་གི་དགོངས་པ་དྷ་ན་སཾ་སྐྲྀ་ཏས་མཛད་པ། སྲོག་གི་སྔོམ་ཆིག་ཁ་སྦྱོར་གནད་གཟེར་བཞི་བསྟན་པ། གཟངས་མའི་མཚན་ཉིད་རིགས་ལྔར་སེམས་སྦྱང་བ། ཕང་མཁན་ངོས་བཟང་ཞིང་འཁྲལ་གཞི་རྩད་གཅོད་པ་བཻ་རོས་གཡ་སྒྲ་ལ་གཏད་པ། རྫོང་འཕྲང་གི་ཡོན་ཏན་བཤད་པ། གང་ཤིང་དགའི་མན་ངག །པདྨས་དགེ་ལྡན་མ་ལ་གདམས་པ་རྒན་མོ་མཛབ་ཚག །དབང་གི་མན་ངག་ཆ་བོ་བཞིའི་བབས་ཚལ། སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ། ཤེལ་གྱི་ཁང་བའི་དགོངས་པ། རིག་པ་སྤྱི་བླགས་ཀྱི་དགོངས་པ། ཁམས་གསུམ་རང་གྲོལ་གྱི་དགོངས་པ། འདའ་ཁ་ཚིག་གསུམ་གྱི་དགོངས་པ། ཟ་འོག་བེར་ཁྱིམ་གྱི་དགོངས་པ། ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ། དུས་བཞི་མཉམ་སྦྱོར་གྱི་དགོངས་པ། མེ་ལོང་གཡའ་དག་གི་དགོངས་པ། རྒྱ་མཚོ་ཀློང་ཡངས་ཀྱི་དགོངས་པ། སྲིད་གསུམ་རྣམ་དག་གི་དགོངས་པ། ཡལ་སེམས་གཉིས་མེད་ཀྱི་དགོངས་པ། རིག་པ་རང་ཤར་གྱི་དགོངས་པ། རྣལ་འབྱོར་དབང་ཕྱག་གི་དགོངས་པ། བསམ་གཏན་ཟས་ཀྱི་རིམ་པ། ཉི་ཟླ་ཁ་སྦྱོར་གྱི་དགོངས་པ་གཉིས། ལྷའི་དཀྱིལ་འཁོར་དུ་བདག་ཉིད་གསལ་བའི་སྒོ་ནས་འགྲོ་དོན་བྱ་ཐབས། སྦྱོར་སྒྲོལ་གྱི་མན་ངག །ལྟ་སྤྱོད་ཀྱི་གསང་སྒོ། ཁམས་གསུམ་འཁོར་བ་སངས་རྒྱས་སུ་ཡིད་ཆེས་པར་བྱེད་པའི་མན་ངག་དགའ་རབ་རྡོ་རྗེས་མཛད་པ་ནམ་མཁའི་སྙིང་པོ་ལས་བརྒྱད་པ། གནབས་ཡོན་ཏན་རྒྱ་མཚོས་ཁ་ལང་སྒང་དུ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་ཞས་པའི་དོགས་གཅོད། འདའ་ཁ་ཐགས་ཀྱི་མན་ངག །ལྟ་བ་ཤན་འབྱེད། བསམ་བསྟན་ལང་གི་མན་ངག །རིན་ཆེན་གསེར་གྱི་ཐིགས་པ། ཡོ་ག་རྣམ་གསུམ་གྱི་ལ་ཤན་དབྱེ་བ། དུས་བཞི་མཉམ་སྦྱོར་གྱི་དགོངས་པ་ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད་པ་རྣམས་སོ། །ཆོས་སྐོར་འདི་རྣམས་ཁྱབ་བདག་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེའི་པདྨའི་གཏེར་བཞད་རྩལ་ལ་ཟེར། ཕྱག་དཔེར་སྨྱོས་ཀྱི་དགེ་སློང་གསན་ཡིག་ན་པདྨ་འགྱུར་མེད་རྒྱ་མཚོས་བྲིས་པ་སྟེ། དེ་དག་ལས་ཆོས་སྐོར་ཁ་ཤས་ཤིག་མྱང་བན་ལྷན་གྲབ་བཟང་པོའི་ཕྱག་དཔེ་ལས་བཤས་ཤིང་། གཞན་ཕལ་ཆེ་བ་ཐམས་ཅད་སློབ་དཔོན་གྲུབ་ཐོབ་དངོས་གྲབ་ཀྱི་ཕྱག་དཔེ་ལས་གཏེར་ཆེན་མངའ་བདག་མྱང་རལ་གྱི་ཕྱག་བྲིས་མཛད་པའི་བ་ཡིག་ངོ་མ་པཎ་ཆེན་པདྨ་དབང་གི་རྒྱལ་པོའི་གཟིགས་དཔེ་ལས་བཤས་སོ། །བརྒྱད་པ་ནི། དབང་ལང་གཉིས་ལས། དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སིངྷ། པད་འབྱང་། བི་མ་ལ། བཻ་རོ། ནམ་མཁའི་སྙིང་པོ་སྟེ་རྒྱ་བོད་ཀྱི་རིག་འཛིན་མཁས་པ་མི་བཞི། གཉག་ཛྙཱ་ན་ཀ་མཱ་ར། གནབ་ཆེན་སངས་རྒྱས་ཡེ་ཤེས། གནབ་ཆང་ཡོན་ཏན་རྒྱ་མཚོ། གནབ་པདྨ་དབང་རྒྱལ། རཀྴི་ཚལ་ཁྲིམས་རྒྱལ་མཚན། ཁམས་པ་ལྡན་བརྩོན་པ། ཁམས་པ་ཡེ་ཤེས་དབང་ཕྱག །ཤངས་ཀྱི་སྤ་སྟོན་གྲབ་ཐོབ། སློབ་དཔོན་གྲུབ་ཐོབ་དངོས་གྲབ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉང་ཉི་མ་འོད་ཟེར། སྲས་མཆོག་འགྲོ་བའི་མགོན་པོ་ནམ་མཁའ་དཔལ། ག་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱག །རྒྱལ་སྲས་པདྨ་དབང་ཆེན། བླ་མ་ཤེས་རབ་རྒྱ་མཚོ། ཟར་ཧཾ་ཤཱཀྱ་འབྱང་གནས། སློབ་དཔོན་ཤྲཱི་ཕ་ལ། ཉང་ཤཱཀྱ་རྡོ་རྗེ། ཟར་བཤེས་གཉེན་པ། སློབ་དཔོན་ཤྲཱི་ཕ་ལ། དེ་གཉིས་ཀ་ལས་སྔགས་འཆངས་རུ་མོ་པ་དང་། ལེགས་པ་དཔལ་བཟང་གཉིས་ཀྱིས་གསན། གཉིས་ཀས་འཇམ་དབྱངས་རིན་ཆེན་རྒྱལ་མཚན། དེས་མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོ། འ་ཡག་པ་ངག་གི་དབང་པོ། སྤྲུལ་སྐུ་ཚེ་བརྟན་རྒྱལ་པོ། མཉམ་མེད་བློ་གྲོས་རྒྱལ་མཚན། ལོ་ཆེན་པ་རུ་ཧི་ཏ། གསང་བདག་ཆེན་པོ་རིག་འཛིན་འཕྲིན་ལས་ལྷན་གྲབ། དེ་ལས་རྗེ་བླ་མས་གསན་ནོ། །གཉིས་པ་ནི། མངའ་རིའི་པཎ་ཆེན་ནས། མངའ་བདག་ཀུན་དགའ་ལྷན་གྲབ། དབང་སྟོན་ག་རུ་བ། ནམ་མཁའ་ཆོས་དབང་། གར་དབང་བློ་མཆོག །རལ་ཆེན་ཚེ་དབང་བསྟན་འཛིན། རྗེ་བླ་མའོ། །སྨྲས་པ། མཐའ་བྲལ་རྒྱལ་བའི་ཞིང་ཁམས་ས། །རིགས་ཀུན་འདས་པ་ཀུན་བཟང་གིས། །རང་སྣང་རིག་པའི་འཁོར་རྣམས་ལ། །དགོངས་བརྡའི་ཚིག་གིས་གོ་བར་མཛད། །ཟབ་བརླིང་རྟོགས་དཀའ་རྒྱུད་ཀྱི་དོན། །གསང་འཛིན་རྣམས་ཀྱིས་མངོན་བསྡུས་པ། །དགའ་རབ་ཤྲཱི་སིངྷ་སོགས། །རིག་འཛིན་འཁོར་ལ་རིག་པས་བརྒྱད། །ཁྱད་པར་དབང་གི་ཆ་བོ་བཞི། །བསྐར་ཐོབ་ཡོངས་རྫོགས་མཁས་པ་བཞིའི། །ཐགས་ཀྱི་བཅད་མཆོག་སྙིང་པོའི་གཏེར། །ངེས་གསང་མན་ངག་འདི་ཁོ་ན། གདམས་པའི་ཆ་ཀླང་བདད་རྩིའི་རྒྱན། །རིག་འཛིན་བརྒྱད་པའི་འཇག་ངོགས་ལས། །བར་མ་ཆད་དུ་བབས་པ་ཉིད། །འགྲོ་འདིའི་གདངས་སེལ་སྨན་གཅིག་ཡིན། །མདོར་ན་སྒྲུབ་པའི་ཐབས་ཚལ་ཀུན། །སྒྲུབ་སྡེ་ཆེན་པོ་རྣམ་བརྒྱད་ད། །འདས་ཕྱིར་སྒྲུབ་གཞང་ཐམས་ཅད་ཀྱི། །གཙག་གི་ནོར་བ་ཉིད་དུ་གྲབ། །དེ་ཡང་བཀའ་གཏེར་ཚལ་གཉིས་ཀྱིས། །སྐལ་ལྡན་དོན་དུ་སྣང་བ་ལས། །རྩ་བར་གྱུར་བ་བཀའ་ཡི་དཔྱིད། །རྫོང་འཕྲང་སྲོག་གསུམ་དགོངས་པའི་གནད། །སྙིགས་མའི་རང་གཟགས་དར་བ་ལས། །ལམ་འདིར་སྤྱོད་པ་ལྟ་ཅི་སྨོས། །མཚན་ཐོས་ཉིན་སྐར་རྗེས་འགྲོ་ཡང་། །བདག་གི་བསོད་ནམས་ཞིང་དུ་ཐོབ། །དེ་ཕྱིར་དཀར་འཇམ་ཤོག་བའི་ངོས། །རྣམ་བཀྲ་སོར་མོའི་རོལ་རྩེ་གར། །རང་ལོ་ཉེར་བཞི་གླང་གི་ལོར། །ས་གའི་དུས་ཚེས་དགེ་བར་བསྒྱུར། །དགེ་བ་འདི་ཡིས་རྒྱལ་བསྟན་སྲོག །འགྱར་མེད་བྱེད་པོ་རྡོ་རྗེའི་མཁར། །ཐར་འདོད་ཞིང་དུ་བརྟན་གྱུར་པས། །འགྲོ་ཀུན་སྒྲོལ་བའི་དཔྱིད་གྱུར་ཅིག །ཤ་བྷ་མསྟུ་སརྦ་ཛ་ག་ཏཱཾ།། །།

བཀའ་བརྒྱད་རྫོང་འཕྲང་ལས་རྫོང་འཕྲང་སྲོག་གསུམ་གྱི་ཆིངས་ཀྱི་མན་ངག་སོགས་གཞུང་པོད།

༄༅། །བཀའ་བརྒྱད་རྫོང་འཕྲང་ལས། རྫོང་འཕྲང་སྲོག་གསུམ་གྱི་ཆིངས་ཀྱི་མན་ངག་བཞུགས་སོ། །

དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོཿ དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོར་བའི་སློབ་དཔོན་པདྨ་འབྱང་གནས་དངཿ དཔལ་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཆོས་མཁྱེན་ཅིང་ཆོས་ཉིད་ཐགས་སུ་ཆད་པའི་སློབ་དཔོན་བི་མ་ལ་མི་ཏྲ་དངཿ དཔལ་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་རྒྱ་བོད་ཆོས་ལ་མངའ་མཛད་པའི་སློབ་དཔོན་བཻ་རོ་ཙ་ན་དངཿ རྡོ་རྗེ་འཆང་གི་སྤྲུལ་པ་དཔལ་ཆེན་པོས་ཞལ་གཟིགས་ཉི་ཟླ་གདན་ལ་གནོན་ཅིང་མཁའ་ལ་འཕར་བའི་སློབ་དཔོན་ནམ་མཁའི་སྙིང་པོ་སྟེཿ རྒྱ་བོད་ཀྱི་མཁས་པ་མི་བཞིས་ལྷ་སྲས་ཁྲི་སྲོང་ལྡེའ་བཙན་གྱི་དོན་དཿ གསང་སྔགས་ཐམས་ཅད་ཀྱི་དོན་དང་མན་ངག་གཅིག་ཏུ་དྲིལ་བའི་རྫོང་འཕྲང་སྲོག་དང་གསུམ་གྱི་གདམས་པཿ བཀའ་བགྲོས་ནསཿ དོན་གཅིག་ཏུ་བསྡུས་པ་འདི་མཛད་དོཿ དེ་ལ་དང་པོ་རྫོང་གི་ཆོས་གསུམ་ལཿ གཞི་དངོས་པོ་གཤིས་ཀྱི་གནས་ལགསཿ ཤེས་བྱའི་གཤིས་དེ་སངས་རྒྱས་ལ་མ་བསྣནཿ སེམས་ཅན་ལ་མ་ཕྲིཿ མཉམ་པ་རིས་མེདཿ བདེ་བ་ཕྱོགས་མེད་དེཿ དེ་ལ་ཀུན་གཞི་བྱང་ཆབ་ཀྱི་སེམས་ཟེར་བ་ཡིནཿ དེ་ལ་ཀུན་གཞི་གཏན་ལ་འབེབས་པ་ལཿ རྫོང་དང་པོ་ཀུན་གཞི་གནད་ཀྱི་སྟོང་ཐན་བསྟན་པ་ཡིནཿ ད་གཞི་ཐོག་དེ་ནསཿ ཡར་ལ་སངས་རྒྱས་དགོངས་པསཿ དེ་ལ་སངས་རྒྱས་ཀྱི་སུ་གཏན་ལ་འབེབས་དགོས་པས་ནཿ སྐ་གསུམ་ལྷན་གྲབ་ཀྱི་འབྲས་བཿ སྐ་གསུམ་ལྷན་གྲབཿ རྫོང་གཉིས་པ་བསྟན་པ་ཡིནཿ དེ་གཞི་ལམ་འབྲས་བ་གསུམ་གྱིསཿ སངས་རྒྱས་ཀྱི་སུ་གཏན་ལ་མ་ཕེབས་ནཿ སངས་མི་རྒྱས་པསཿ མར་འགྲོ་དྲག་ཏུ་འཁྲལ་ནསཿ འཁྲལ་གཞི་རྩད་གཅོད་མ་རིག་སྒོ་ངའི་སྦུབས་འབྱེདཿ ཕྱི་བཟང་བའི་ཡལ་ལས་འཁྲལ་པ་ནང་འཛིན་པའི་སེམས་ལས་འཁྲལ་པཿ གསང་བ་གཟང་འཛིན་གཉིས་མེད་ལས་འཁྲལ་པསཿ འཁྲལ་གཞི་རྩད་བཅད་དོཿ རྫོང་གསུམ་པའོཿ དེ་ལྟར་ཀུན་གཞི་གནད་ཀྱི་སྟོང་ཐན་གྱིསཿ གསང་བའི་དགྲ་གསུམ་བསདཿ སྐ་གསུམ་ལྷན་གྲབ་ཀྱིསཿ འཇིགས་པའི་བདད་བཞི་གཞོམཿ མ་རིག་སྒོ་ངའི་སྦུབས་འབྱེད་ཀྱིསཿ འགྲོ་དྲག་གཡང་སུ་བཅད་དོཿ དེ་རྣམས་ནི་རྫོང་གི་ཆོས་གསུམ་ཡིན་ནོཿ ད་ནི་གཉིས་པ་འཕྲང་གི་ཆོས་གསུམ་ལཿ འཁྲལ་གཞི་རྩད་ནས་བཅད་ནས་སྒོམ་དགོས་པསཿ བསམ་གཏན་གཅིག་པ་སྒོམ་གྱི་མན་ངག་བསྟན་ཏེཿ དེ་ཡང་སྟོང་སྒོམ་གྱི་འོད་གསལ་དངཿ གསང་སྔགས་ཀྱི་ལྟ་སྒོམ་གཉིས་སུ་ཤེས་དགོསཿ དེས་འཕྲང་དང་པོ་བསྟན་ནོཿ བསྒོམ་པ་དེ་ལས་ཉམས་སྐྱེ་དགོས་ཤིངཿ ཉམས་མ་སྐྱེས་པའི་སྒོམ་གྱིས་མི་ཕན་པསཿ ད་ནངས་སྒོམ་པ་དང་དུ་སྔ་སྒོམ་པ་ཡང་དུ་སྔ་བསྐྱེད་འོང་དགོསཿ ད་སྔ་བས་དུ་རེས་བསྒོམ་བ་བསྐྱེད་ཆེ་བར་དགོས་བསཿ བསམ་གཏན་ཉམས་ཀྱི་ཡིག་ཆངཿ འཕྲང་གཉིས་པ་བསྟན་ནོཿ ཉམས་དེ་ལྟར་སྐྱེས་ཀྱངཿ སེམས་ཅན་ནས་སངས་རྒྱས་སར་འགྲོ་བ་ལཿ བསླབ་མཐའ་སྤྱང་དགོས་པསཿ བསླབ་མཐའ་སྦྱོང་བའི་ཡིག་ཆངཿ འཕྲང་གསུམ་པ་བསྟན་ནོཿ དེ་ལ་བསམ་གཏན་གཅིག་པ་སྒོམ་གྱི་མན་ངག་གིསཿ འཕྲང་རྫོང་ཐོག་ཏུ་བསྐྱལཿ བསམ་གཏན་ཉམས་ཀྱི་ཡིག་ཆང་གིསཿ རྫོང་འཕྲང་ཐོག་ཏུ་ཕབཿ བསླབ་མཐའ་སྦྱོང་བའི་ཡིག་ཆང་གིསཿ རྫོང་ཕྱགས་པོའི་བང་མཛོད་དང་འདྲཿ འཕྲང་དེའི་སྒོ་ལྕགས་དང་འདྲཿ རག་འཕྲང་ལ་རག་ལས་པས་འཕྲང་གི་ཆོས་གསུམ་མོཿ ད་གསུམ་པ་སྲོག་གི་ཆོས་གསུམ་མེད་ནཿ བདག་གཞན་གཉིས་ཀའི་དོན་མི་འགྲབ་པསཿ འདས་པ་ཟེར་ན་རིགས་ལྔ་ཡིནཿ མ་འདས་ཟེར་ན་སྡེ་བརྒྱད་ཡིན་པསཿ དེ་གཉིས་སུ་མེད་པར་གཅིག་ཏུ་འདྲིལ་ནཿ རིན་པོ་ཆེ་སྲོག་གི་སྒོ་ལྕགསཿ རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའིཿ འདས་པའི་སྲོག་གི་གནས་ལུགས་གར་འབེབས་ནཿ དཔའ་བོ་འབྲ་ལྔ་ལ་སྩོགས་ཡིག་འབྲ་སྙིང་པོ་ཡིན་པསཿ དེའི་དོན་ཤེས་དགོསཿ མ་འདས་ཟེར་ན་ལྷ་མ་སྲིན་སྡེ་བརྒྱད་ཡིན་པསཿ བླ་སྲོག་རྣམ་པར་ཤེས་པ་དེ་ཁོ་ན་ཉིད་ཤེས་དགོས་པསཿ སྲོག་གི་ཐར་མན་གསར་ཏེཿ སྲོག་གི་གདམས་པ་དང་པོའོཿ ད་སྲོག་འཕྲོག་དགོས་པསཿ གཉིས་པ་ཐ་རམ་འབྱེད་པའི་ལྡེ་མིག །ལྕགས་ཀྱའི་སྐོར་ལཿ ཕྱི་སྲོག་གསང་སྔགས་ཟབ་མོའི་སྒོ་ནས་འཕྲོག་པཿ ནང་སྲོག་ལྟ་བ་ཟབ་མོའི་སྒོ་ནས་འཕྲོག་པ་དངཿ གསང་སྲོག་ཏིང་ངེ་འཛིན་བརྟན་པོའི་སྒོ་ནས་འཕྲོག་པའོཿ ཕྱི་སྲོགས་གསང་སྔགས་ཟབ་མོའི་སྒོ་ནས་འཕྲོགས་པ་ལ་གདམས་ངག་གི་གནད་གསམཿ བསྙེན་པའི་དུས་སུ་ཉེར་མ་བཏབ་ནཿ རེངས་པ་ཁགས་སུ་གཞགསཿ རྦད་པའི་དུས་སུ་འགྲོ་མ་བཏབ་ནཿ འཁྱིལ་བ་ལམ་དུ་གཞགཿ བསད་པའི་དུས་སུ་ལས་མ་འགྲབ་ནཿ ལོག་རྡགས་མཐའ་ལ་གཏད་དོཿ ནང་སྲོག་ལྷ་བཟབ་མོའི་སྒོ་ནས་འཕྲོག་པ་ལཿ ཡི་དམ་གྱི་ལྷ་ཞིག་བསྒོམས་ནསཿ བཅངས་དང་འཇར་བཏབ་པའམ་ཞལ་མངོན་སམ་དུ་མཐོང་ཡངཿ ལྟ་བས་གདེངས་མ་ཆོད་ནཿ ཐན་མོངས་དངོས་གྲབ་ལསཿ མཆོག་གིས་དངོས་གྲབ་འཚང་རྒྱ་བ་ལ་མི་ཕན་ནོཿ ལྟ་བའི་གདེངས་ཀྱིས་ཟིན་ནཿ ཐེའ་རང་སྤུན་དགའི་ནང་ནས་ངན་ཤོས་གཅིག་གྲབ་ཀྱངཿ འཚང་རྒྱ་བ་ཡིན་ནོཿ གསང་སྲོག་ཏིང་ངེ་འཛིན་བརྟན་པའི་སྒོ་ནས་འཕྲོག་པ་ནིཿ ཡི་དམ་གྱི་ལྷ་ལ་ཏིང་ངེ་འཛིན་གྱི་བརྟན་པ་ཐོབ་པཿ ཡལ་གསུམ་གསལ་བར་གྱུར་པ་ཞིག་དགོསཿ སྲོག་འཕྲོག་ལུགས་ལ་བཞི། བདག་གི་སྲོག་འཕྲོག་པཿ ཡེ་ཤེས་ལྷའི་སྲོག་འཕྲོག་པཿ དམ་ཅན་སྲང་མའི་སྲོག་འཕྲོག་པཿ དམ་ཉམས་དགྲ་འདྲེ་ཡི་སྲོག་འཕྲོག་པའོ། །བདག་གི་སྲོག་འཕྲོག་ལ་ཕང་པོ་ལྷག་མེད་ཀྱི་སུ་ལ་གཏབ་པ་དངཿ ཡེ་ཤེས་ལྷའི་སྲོག་འཕྲོག་ལཿ སེམས་རྣམ་གྲོལ་སངས་རྒྱས་ཀྱི་སུ་ལ་བཏང་བ་དངཿ དམ་ཅན་སྲང་མའི་སྲོག་འཕྲོག་ལ། འཇིག་རྟེན་གྱི་མི་མ་ཡིན་ལཿ མཐོང་འཁོལ་མངོན་སམ་དུ་བྱ་བ་དངཿ དམ་ཉམས་དགྲ་འདྲེའི་སྲོག་འཕྲོག་པཿ ཕྱི་ཡི་བསྟན་པ་ལ་འཚེ་བ་བསྒྲལ་བ་དངཿ ནང་གི་བར་ཆད་ཀྱི་དམ་སྲི་བསྒྲལ་བ་དངཿ བདག་སྲོག་བཙལ་ཏེ་ཚེ་འགགསཿ བ་སྲོག་སྐྱབས་ཏེ་བླ་འགགསཿ དགྲ་སྲོག་བཅད་དེ་སྲོག་དང་བྲལ་ལོཿ དེ་ནས་ཐ་རམ་འབྱེད་པ་ལྡེ་མིག་ལྕགས་ཀྱ་ཡི་སྐོར་གྱིཿ སྲོག་གི་གདམས་པ་གཉིས་པའོཿ ད་ནི་སྲོག་གི་གདམས་པ་གསུམ་པཿ སེམས་ཅན་ལས་སངས་རྒྱས་སུ་མཚན་བསྒྱུར་དགོས་པསཿ མཚན་བསྒྱུར་གྱི་སྐོར་ལཿ དཔེར་ན་མཛེ་ཕོ་གཅིག་ལ་ཕན་འདོག་ནཿ ཀླ་ཡི་སྲོག་འཕྲོག་ལ་ཕྱག་ན་རྡོ་རྗེར་མཚན་བསྒྱུར་བསཿ གནོད་བྱེད་འདྲེ་ཡང་ཕན་བྱེད་ལྷར་འགྱུར་བསཿ ཤིན་ཏུ་བྱིན་བརླབས་ཆེ་བར་འགྱུར་བསཿ དགྲ་དང་འདྲེ་ལ་གནོད་པ་སྐྱེལ་ནཿ ཕྱག་ན་རྡོ་རྗེའི་སྲོག་འཕྲོག་ལཿ ཀླར་མཚན་བསྒྱུར་ནསཿ དགྲ་དང་འདྲེ་ལ་རྦད་ན། ཕན་བྱེད་ལྷ་ཡང་གནོད་བྱེད་འདྲེར་འགྱུར་བ་དང་དེ་ལྟར་སྲོག་ལ་དབང་ཐོབ་པས་ཕན་གནོད་ལས་གང་ལ་ཡང་རང་དབང་བྱར་ཡོད་པས་མཚན་བསྒྱུར་ཤེས་པ་ཤིན་ཏུ་གལ་ཆེའོ། །སྲོག་གི་གདམས་པ་གསུམ་པའོཿ དེ་ལ་རྫོང་འཕྲང་སྲོག་གསུམ་ལས། གདམས་ངག་ཏུ་ཧྲིལ་གྱིས་དྲིལ་བ་ལ། རྫོང་གི་ཆོས་གསུམ་ལཿ གདམས་ངག་ཏུ་ལྟ་བའི་སྡོམས་གལ་ཆེཿ དགོངས་པ་བཅས་སེམས་གཏན་ལ་དབབཿ དཔེ་དོན་རྟགས་གསུམ་གྱིས་རྒྱུད་ལ་ཉམས་སུ་ལོན་པར་བྱའོཿ ལྟ་བའི་སྡོམ་ཆེན་གྱིསཿ སངས་རྒྱས་ཀྱི་དགོངས་པ་རྒྱུད་ལ་ཉམས་སུ་མ་མྱོང་ནཿ མཁས་པའི་ཕལ་དུ་ཕྱིན་ཀྱང་གྲོལ་དུ་མི་བཏབ་བོཿ ནེ་ཙོ་སྨྲ་མཁས་དང་འདྲའོཿ འཕྲང་གི་ཆོས་གསུམ་ལཿ སྤྱོད་པའི་སྡོམ་གལ་ཆེཿ སྤྱོད་པའི་སྡོམ་ལ་ཡལ་གསལ་བའི་སྒྲོན་མེསཿ སྣང་བ་ལྷའི་དཀྱིལ་འཁོར་ལ་དབང་བསྒྱུར་མ་ནས་ནཿ སྒྲུབ་སྡེ་དྲག་གིཿ ཕྱི་སྒྲུབཿ ནང་སྒྲུབཿ གསང་སྒྲུབཿ ཡང་གསང་གཏེར་གྱི་སྒྲུབ་པ་ལ་མཁས་ཀྱང་མཐོང་འཁོལ་དངོས་སུ་མ་ཤེས་པསཿ ཕྱི་སྒྲུབ་ཡིན་པ་ཁ་ཚོན་ཆོདཿ སྤྱོད་པའི་སྡོམ་ཆེན་མ་ཤེས་ནཿ མཐ་སྟོབས་ཆེ་ཡང་སྲིན་པོ་དང་འདྲའོཿ སྲོག་གི་ཆོས་གསུམ་ལཿ བླ་སྲོག་ཚེ་དང་གསུམ་གྱི་དགོངས་པ་གལ་ཆེཿ དེ་ཡང་ཉམས་ན་ཚེ་ཉམསཿ འཁྱམས་ན་བླ་འཁྱམསཿ ཆད་ན་སྲོག་ཆད་པསཿ བདག་གི་བླ་སྐྱབས་པཿ ཚེ་བསྲིང་བཿ སྲོག་གསོལ་པཿ དགྲའི་བླ་དགགས་པཿ ཚེ་སྟུང་བཿ སྲོག་བཅད་པཿ ཕན་གནོད་ལས་ཀྱི་བསྒྱུར་ཁ་ཤེས་དགོསཿ བླ་ནི་གནས་པ་ལས་ལ་གནསཿ གཟགས་ནི་ཤ་བ་ལག་དང་གཡག་དང་རུ་ལ་སོགས་པར་སྤྲུལཿ འཁྱམས་ནི་ངེས་མེད་གར་ཡང་འཁྱམསཿ བསྡོངས་ནི་ལྷན་གཅིག་སྐྱེས་པའི་ལྷ་དང་སྡོང་ངོཿ ཚེ་ནི་སྙིང་གི་དཀྱིལ་ན་རྩ་བ་སྦྲ་འདྲ་བཿ དྭངས་མ་ལྔ་འདས་ཀྱི་དབས་ནཿ ཡི་གེ་ནྲྀ་ལྗང་ག་ཞིག་གི་དབྱིབས་སུ་གནསཿ དྲན་བྱེད་ཀྱི་ཤེས་པ་དེ་ལ་བརྟེན་ནས་གནསཿ དབགས་དང་འགྲོགས་ནས་དྲན་རིག་སྣ་ཚོགས་འགྱཿ འཆི་བའི་དུས་ན་ནྲྀ་དེ་རླང་དང་འགྲོགས་ནས་ཕྱི་ལ་ཐོན་ནས་ཡལ་ནས་འགྲོཿ ཡིད་ལ་རྟེན་མེད་པར་དོའི་གནས་སུ་འཁྱམས་སོཿ སྲོག་ལ་རྣམ་པ་བཞིཿ ཆགས་པ་ཁྲག་གི་སྲོགཿ ལས་ཆགས་དེ་ལ་སེམས་བརྟེན་པསཿ སྲོག་ཆགས་གཟགས་སུ་སྣང་བ་ཐམས་ཅད་ཡིནཿ འདི་ལ་བསད་དང་བཅད་དུ་ཡོད་པས་འཆི་བར་སྣང་བ་ཡིན་ནོཿ གནས་པ་དོན་གྱི་སྲོགཿ བདེ་བར་གཤེགས་པའི་སྲོག་ཡིནཿ ཆོས་ཉིད་དོན་གྱི་གནས་ལུགས་ཀྱི་སྲོག་ཆོད་པསཿ མྱ་ངན་ལས་འདས་པའི་དགོངས་པ་ཐོབཿ འཁྲལ་བ་ཡིད་ཀྱི་སྲོགཿ མི་མ་ཡིན་གྱི་སྲོག་ཡིནཿ ཡིད་ཀྱི་ལས་ལ་བརྟེན་ནསཿ དངོས་སུ་བསད་ཅིང་བཟང་དུ་མེདཿ རྫས་དང་སྔགས་དང་ཏིང་ངེ་འཛིན་གྱིསཿ ཡིད་སེམས་དབང་དུ་བསྡུས་པས་རང་ལ་རང་དབང་མེད་པསཿ སྲོག་ལ་དབང་བྱར་ཡོདཿ རྩ་རླང་བྱང་སེམས་ཀྱི་སྲོགཿ སྒོམ་པ་ཡིནཿ ལས་ག་ན་གནས་པ་ན་རྩ་གནསཿ རྩ་ག་ན་གནས་པ་ན་རླང་གནསཿ རླང་ག་ན་གནས་པ་ན་བྱང་ཆབ་སེམས་གནསཿ རླང་སེམས་ཨ་ཝ་དྷུ་ཏིར་ཆད་ནཿ རླང་དང་སེམས་ལ་དབང་ཐོབ་པསཿ འཁོར་འདས་ཀྱི་སྲོག་དུས་གཅིག་ཏུ་ཐོབ་པ་ཡིན་ནོཿ སྲོག་གི་ཆོས་གསུམ་ལཿ ལྟ་སྤྱོད་ཀྱི་བྱ་རས་སོད་པ་གལ་ཆེཿ ལྟ་སྤྱོད་དོན་དང་མ་ལྡན་ནཿ བཤན་པ་མ་རི་རྩེ་དང་འདྲའོཿ རྫོང་འཕྲང་སྲོག་དང་གསུམ་གྱིཿ ཆིངས་ཀྱི་མན་ངགཿ སྣོད་ངན་ལ་སྤེལ་བར་མ་གསངས་སོཿ ཨཐྎ རྒྱ་རྒྱ་རྒྱཿ གྲུབ་ཐོབ་དངོས་གྲབ་ཀྱི་ཕྱག་དཔེ་ལས་མངའ་བདག་མྱང་གིས་ཕྱག་བྲིས་མཛད་པའི་བ་ཡིག་མངའ་རིས་པན་ཆེན་གྱི་ཕྱག་དཔེ་ལས་ཞལ་བཤས་པའོ།། །།

༄༅། །རྫོང་འཕྲང་ལས། རྫོང་གི་ཆོས་གསུམ་བཞགས། རྫོང་དང་པོ་ཀུན་གཞི་གནད་ཀྱི་སྟོང་ཐན། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤེས་བྱ་གནད་ཀྱི་མན་ངག །ཚིག་དང་ཡི་གེར་བྲི་བར་མི་དབང་བ། ཕྱི་རབས་དོན་དུ་བྲིས་ཏེ་བསྟན། ཤེས་བྱ་ནི་གསུམ་སྟེ། ཀུན་གཞིའི་སྣང་ལུགས་དང་། ཀུན་གཞིའི་སྣང་ཚད་དང་། ཀུན་གཞིའི་སྣང་ཐབས་སོ། །སྣང་ལུགས་ནི། དོན་དང་སེམས་ཅན་དེ། སྣོད་བཅད་ཀུན་ཏུ་སྣང་ངོ་། །དེ་ལ་ཀུན་གཞི་ཡལ་སྣང་གི་མཚན་མ་འཛིན་པ་སྟེ། དགེ་སྡིག་གི་མཚན་མ་འཛིན་པའོ། །དེ་ལ་རྣམ་པར་ཤེས་པ་རང་གི་ངོ་བོ་ནི། ཀུན་གཞིའི་བདག་ཉིད་ཅན་དེ། མི་འགྱུར་པ། མི་ཤིགས་པ། རྒྱ་རྐྱེན་གྱིས་མ་སྐྱེད་པ། དགེ་སྡིག་གི་སུ་བོན་གྱིས་མ་གོས་པའོ། །ཀན་གཞི་ཡི་རྣམ་པར་ཤེས་པ། རང་གི་ངོ་བོར་ཆབ་པ་ལ། བྱང་ཆབ་ཅེས་བྱའོ། །དེ་ལྟར་མ་ཡིན་ཏེ། ཀུན་གཞི་ཡི་རྗེས་སུ་འབྲང་ནས། དགེ་སྡིག་གི་སུ་བོན་ལས་ཐར་པ་ཐོབ་ཏུ་རེ་བ་ནི། ལོང་བས་ལམ་ཆོད་དུ་རེ་བ་དང་འདྲའོ། །སྣང་ཆད་ནི། ཀུན་གཞི་ནམ་མཁའ་དང་འདྲ་སྟེ། ཀུན་ལ་ཁྱབ་བ་མཉམ་པ་རིས་མེད་དུ་གནས་སོ། །སྣང ་ཐབས་ནི། ཟང་གསུམ་སྟེ། དངོས་དང་གཟགས་བརྙན། ངོ་བོ་དང་། ངོ་བོ་གང་། རང་སྣང་དང་། གཞན་སྣང་ངོ་། །དེ་ལ་དངོས་གཞི་ཡིད་ལ་དང་། གཟགས་བརྙན་ནི། འཁོར་འདས་ཀྱི་གཟགས་བརྙན་གང་ལྟར་སྣང་ཡང་། དངོས་རང་སེམས་ཡིན་ཏེ། དཔེར་ན་མེ་ལོང་གི་རྐྱེན་གྱིས་གཟགས་བརྙན་ཐ་དད་པར་སྣང་ཡང་། བཞིན་གྱི་དཀྱིལ་འཁོར་གཅིག་ལས་མེད་པ་བཞིན། གཟགས་བརྙན་ཐ་དད་ཀྱང་དོན་རང་གི་སེམས་ཁོ་ནའོ། །ངོ་བོ་དང་། ངོ་གང་ནི། བསྒོམ་བྱའི་ངོ་བོ་ཐ་དད་པ། གང་སྒོམ་སྒོམ་དུ་སྣང་བཞིན། དེ་སེམས་ཀྱི་ངོ་གང་ལས་མ་འདས་ཏེ། སེམས་སྣ་ཚོགས་སུ་ཤར་བའོ། །དཔེར་ན་རྒྱ་མཚོ་ལ་ཉི་མ་ཟླ་བ་གཟའ་སྐར་མའི་ངོ་བོ་ཐ་དད་པར་སྣང་བ་བཞིན། སེམས་ཉིད་ལས་མ་འདས་སོ། །རང་སྣང་གཞན་སྣང་ནི། བསྒོམ་བྱ་མངོན་དུ་གྱུར་པ་སྟེ། ཡིད་དམ་ལྷ་དང་འགྲོགས་པ་དང་། བདེ་གཤེགས་གང་འདོད་པའམ། གང་དང་གང་སྒོམ་པ་མངོན་དུ་གྱུར་ཏེ། གསལ་བ་དང་། སྣང་བ་དང་། དབང་བསྒྱུར་བ་དང་། ཐམས་ཅད་སེམས་སུ་གཅིག་ཅིང་། མཉམ་པ་ཉིད་ཀྱི་གདེངས་དང་ལྡན་པ། རང་གི་སྤྱོད་ཡུལ་དུ་སྣང་བའོ། །འདི་ལྟར་སྣང་བ་སངས་རྒྱས་ཀྱི་སུ་ལ་སྦྱོར་ཅིང་། སྐ་གསུམ་རང་གི་སེམས་ལ་མངོན་དུ་གྱུར་པ་ཡང་རང་སྣང་ཡིན་གྱི། དེ་ལྟར་ཉིད་དུ་གསང་སྤྱོད་ཐན་མོངས་མ་ཡིན་པ་དང་། འཕྲིན་ལས་བཞིའི་ལས་ཁྱད་པར་ཅན་ཡང་རང་སྣང་ངོ་། །དེ་ལྟར་རང་སྣང་གི་སྤྱོད་ཡུལ་དུ་རྣམ་པར་གྲོལ་གྱི། གཞན་སྣང་ནི་མ་ཡིན་ནོ། །དཔེར་ན་རྨི་ལམ་གྱི་དངོས་པོ་རང་ལ་སྣང་བ་ཡང་། གཞན་ལ་མི་སྣང་བ་བཞིན། ཏིང་ངེ་འཛིན་གྱི་མངོན་དུ་གྱུར་པ་དང་། འཁོར་འདས་རོ་གཅིག་ཏུ་མཉམ་པ་ཉིད་དུ་གྱུར་པ་ཡང་། རང་སྣང་གི་སྤྱོད་ཡལ་ལོ། །རང་སྣང་ལ་ཐམས་ཅད་སངས་རྒྱས་སུ་སྤྱོད་པར་སྣང་ཡང་། རྟོགས་ལྡན་གྱི་རང་སྣང་ཡིན་གྱི། མ་རྟོགས་འཁྲལ་པ་ལ་སྤྱོད་པ་རྣམས་ལ། རང་སྣང་ཐ་དད་པར་སྣང་ཞིང་དེས་བཅིངས་པ་ཡིན་ནོ། །ཀན་གཞི་གནད་ཀྱི་སྟོང་ཐན་ཕྱི་རབས་རྗེས་འཇག་རྣལ་འབྱོར་ལ་མི་ཟད་པའི་གཏེར་དུ་བཞག་པ་ཡིན་ནོ། །ཕྱི་རབས་རྣམས་ལ་ཕན་པར་ཤོག །ཨྠྀི། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་གཉིས་པ་འབྲས་བ་སྐུ་གསུམ་གཏན་འབེབས། དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། །འགྲོ་དྲག་གི་སེམས་ཅན་ཀུན། སྐ་གསུམ་གྱི་དོན་མ་ཤེས་པས་བཅིངས་སོ། །འོ་ན་སྐུ་གསུམ་རང་ཇི་ལྟར་ཞེ་ན། རང་གི་སྙིང་པོ་བྱང་ཆབ་ཀྱི་སེམས་སྐྱེ་འཇིག་མེད་པ་འགྱུར་བ་མེད་པ། ཕྱོགས་རིས་མེད་པ་ཆོས་ཐམས་ཅད་ཀྱི་དངོས་གཞི། བརྟགས་ན་མ་གྲབ་པ། དེ་ཉིད་སྣ་ཚོགས་སུ་སྣང་བ་ལ་དེ་ཉིད་རང་དུ་ཤེས་ན་ཡེ་ཤེས་ལ། མ་ཤེས་ན་མ་རིག་པ་སྟེ། ཆོས་ཐམས་ཅད་ཀྱི་བདག་ཉིད། གདོད་མ་ནས་ཀྱི་འདས་ཚལ། མ་བཅོས་མ་བསླད། དེ་ཀ་ལ་བདེ་བར་གཤེགས་པའི་ཐགས། སེམས་ཅན་ཐམས་ཅད་ཀྱི་སེམས་སོ། །དེ་ཀ་ལ་ཆོས་གཞི་ཡི་སྐུ་གསུམ་ཀྱི་སྐུ་ཞེས་བྱའོ། །འཁོར་འདས་ཀྱི་སྣང ་ཚལ་ཐམས་ཅད་ཀུན། དེ་ཉིད་དུ་གཏན་ལ་འབེབས་པས་ལོངས་སྐུ་ཞེས་བྱ། དེ་ཉིད་ལ་དབང་བསྒྱུར་པས་སྤྲུལ་པའི་སྐུ་ཞེས་བྱའོ། །དེ་དག་ཀྱང་ཏིང་ངེ་འཛིན་གྱི་མན་ངག་ལས་ཤེས་ཏེ། ཡལ་གསུམ་དུ་གསལ་བ འམ། ད་ལྟར་གྱི་སྣང་བ་དངོས་ཏིང་ངེ་འཛིན་དང་ཁྱད་པར་མེད་པར་མཐོང་ཙམ་ན། ཐམས་ཅད་རང་གི་སེམས་སུ་ཤེས། སེམས་ཆོས་སྐུ་ཆེན་པོའི་འདས་ཚལ་ལས་མ་འདས་པའོ། །དེ་ནས་སྣང་བ་ཐམས་ཅད་རང་སྣང་ལ་དབང་བསྒྱུར་དུ་བཏབ་པས་ལོངས་སྐའོ། །ཅིར་ཡང་སྤྲུལ་ཞིང་ལམ་གྱི་སྐུ་གསུམ་བདག་གཞན་གྱི་དོན་ནས་པས་སྤྲུལ་པའི་སྐའོ། །དེ་ལྟ་བའི་གང་ཟག་དེ་ནི། ཟག་བཅས་ཀྱི་ཕང་པོ་འདི་དོར་ནས། ཡེ་ཤེས་ཀྱི་སྐུ་ལ་གནས་ཏེ། ཆོས་སྐའོ། །འཁོར་འདས་ཐམས་ཅད་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ལོངས་སྤྱོད་པས་ལོངས་སྐའོ། །སྐ་གསུམ་ཐགས་མི་ཟད་བ་རྒྱན་གྱི་འཁོར་ལོས། འབྲས་བའི་སྐུ་གསམ། འགྲོ་བའི་དོན་མཛད་པས་སྤྲུལ་པའི་སྐའོ། །སྙིང་པོ་བྱང་ཆབ་ཀྱི་སེམས་སྐྱེ་འཆི་མེད་པ། ཡེ་ནས་ཡིན་པར་ཤེས་པས་ཆོས་ཀྱི་སྐའི་ཡེ་ཤེས། དེ་ཉིད་སྣ་ཚོགས་སུ་སྣང་བར་ཤེས་པས། མེ་ལོང་ལྟ་བའི་ཡེ་ཤེས། མ་སྐྱེས་པ་དང་། མི་འགགས་པ་དང་། དབྱེར་མེད་པའི་ཀློང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས། འགྲོ་བ་རྣམས་ལ་སོ་སོར་གང་མོས་པ་སྟོན་པས། སོ་སོར་རྟོགས་པའི་ཡེ་ཤེས། བདག་གཞན་གྱི་དོན་ཐམས་ཅད་རང་གི་སེམས་ལས་གྲབ་བས། བྱ་བ་གྲབ་པའི་ཡེ་ཤེས། འཇིག་རྟེན་སྣང་བྱེད་ཉི་མའི་སྙིང་པོ་ལས། །མན་པ་རབ་རིབ་ཚོགས་ཀྱིས་ཉམས་མི་ང་། །འདོད་པ་འབྱང་བའི་ནོར་བ་རིན་ཆེན་ལ། །བཀྲེས་སྐོམ་གདང་བའི་ཚོགས་ཀྱིས་ཉམས་མི་ང་། །སྐ་གསུམ་ལྷན་གྲབ་དགོངས་པའོ། ཆོས་ཐམས་ཅད་སྐུ་གསུམ་འདོད་པར་གཅིག །ཆོས་འདི་ཡི་ལུགས་ཀྱི་གདམས་ངག་འདི་ཡིན་གསངས། རྟག་གཉིས་ཀྱི་སྐུ་གསུམ་དང་སྦྱར། པར་ཉམས་སུ་བླང་། སྐབས་སུ་ཤེས་པ་གཅན། འཆི་ཀའི་དུས་སུ་འབྲས་བའི་སྐུ་གསམ། བསྒོམ། སྣང་བ་རང་སྣང་དུ་ཤེས་ན་ལས་སུ་འགྲོ་བའི་དབང་མེད། ཤར་བ་རང་ཤར་དུ་ཤེས་ན། སེམས་སུ་འགྲོ་བའི་དཔེར་མེད། རླང་རང་གི་རྩལ་དུ་ཤེས་ན། ལས་སེམས་གཉིས་སུ་སོག་པའི་དབང་མེད། དབང་མེད་རྣམ་པ་གསུམ་གྱི་སྒོ་ནས། སྟོང་གསལ་རིག་པ་ཆོས་ཀྱི་སྐུ་རུ་འཚང་རྒྱའོ། །མཁས་པ་མི་བཞིས་གདམས་པ་ཐགས་ནས་སྙན་དུ་བརྒྱད་པ། གསང་སྔགས་རྫོང་གི་མན་ངག་རིམ་པར་བརྒྱད་ནས་ཡང་དབང་གཏེར་ལ་གདམས་པ། འབྲས་བ་སྐུ་གསུམ་གཏན་ལ་དབབ་པ་རྫོགས་སོ། །རྒྱ་རྒྱ་རྒྱ།། །།

༄༅། །རྫོང་གསུམ་པ་མ་རིག་སྦུབས་འབྱེད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་མ་རིག་པའི་མན་པས་ནོན་ཏོ། །སྲིད་པའི་དྲྭ་བས་བཅིངས་སོ། །དེ་དག་ཀྱང་མ་རིག་པ་སྟེ། རྟག་པ་ལས་བྱང་ཞིང་རྟག་པ་ཡིན་ནམ། འོ་ན་སྟོང་པ་ལས་བྱང་ཞིང་རྟག་པ་ཡིན་ནམ། འོ་ན་མ་རིག་པ་སྔ་མ་སྔ་མ་རྒྱ་ཕྱི་མ་ཕྱི་མ་འབྲས་བ་ཡིན་ན། རྒྱན་གྱིས་རྟག་གམ། འོ་ན་མ་རིག་པ་དེ། ཐོག་མར་རྒྱ་ཡོད་པ་ལས་བྱང་ངམ། མེད་པ་ལས་བྱང་ཞེས་པ་སྟེ། དེ་དག་ཀུན་ཆབ་པའི་ཤེས་པའོ། །མ་རིག་པ་ལ་དོན་ལྔ་སྟེ། ངོ་བོ་ཉིད་ཀྱི་རྒྱ་དང་མཚངས་པར་ལྡན་པ་དང་། ཀུན་ཏུ་བརྟགས་པ་དང་། འཕེན་པ་དང་། ཉེ་བར་ལེན་པའོ། །དེ་ལ་ངོ་བོ་ནི། རང་གི་སེམས་ཏེ་སེམས་མ་ཡིན་པ་ལས་འཁྲལ་མྱོང་འབྱང་། སེམས་དེ་རྫས་སུ་གྲབ་པའམ། རྟག་པ་ཐེར་ཟར་པའམ། ཕྱོགས་གཅིག་ཏུ་ངེས་པ་མ་ཡིན་ཏེ། དེ་ཡང་ཇི་ལྟར་ཞེ་ན། བརྟག་ན་མེད་པ་ཐམས་ཅད་འབྱང་བའི་ལེགས་པ་ཆེ། སྐྱེ་མེད་ཆོས་ཏེ་སྣ་ཚོགས་སྟོན། མ་སྐྱེས་པ། མི་འགག་པ། ཞེས་པས་སོ། །མཚངས་པར་ལྡན་པ་ནི། རང་གི་སེམས་ལ། སྣང་བ་དང་། སྟོང་པ་དང་། མ་རིག་པ་དང་། ཡེ་ཤེས་དང་། འཁོར་འདས་ཀུན་མཚངས་པར་ལྡན་ཏེ། རྟོགས་ཤིང་མངོན་དུ་གྱུར་ན་ཡེ་ཤེས་ལ། མ་རྟོགས་ཤིང ་རྗེས་སུ་འབྲེངས་པས་མ་རིག་པའོ། །ཀན་ཏ་བརྟག་པ་ནི། ཆགས་པའི་དབང་དང་། བ་དང་ནོར་གཉེན་ལ་སྩོགས་པ་ལ་བརྟག །ཞེ་སྡང་གིས་དབང་གིས་དགྲ་ལ་སྩོགས་པ་ལ་བརྟག །འཕེན་པ་ནི། ཉོན་མོངས་པ་ཆེ་ཆང་དབང་གིས། ངན་སོང་གསུམ་ལ་སོགས་པར་འཕེན། ཉེ་བར་ལེན་པ་ནི། གང་དུ་སྐྱེ་བ་དེ་ཕང་པོ་ལྔ་ལ་སོགས་པར་ཉེན་བར་ལེན་ནོ། །དེ་དག་ལས་གྲོལ་བར་བྱེད་པ་ནི། ངོ་བོ་ཉིད་ལ། སྐྱེ་འཆི་མེད་པ། འཕོ་འགྱུར་མེད་པ། དགག་སྒྲུབས་མེད་པ། སྤང་ཐོབ་མེད་པ། འཁོར་འདས་ཀུན་དེ་ཉིད་ཀྱི་ཀློང་དུ་གྲོལ་བའོ། །ངོ་བོ་ཉིད་ཀྱི་སྐུ་དང་། རང་བྱང་གི་ཡེ་ཤེས་དེ་བདག་ཏུ་འཛིན་པ། ཐེར་ཟག་པ་མ་ཡིན་ཏེ། མཚངས་པར་ལྡན་པ་ནི། སེམས་སྐྱེ་འཇིག་མེད་པའི་ཀློང་དུ་འཁོར་འདས་ཀུན་སྣང་ལ། སྣང་བ་ཉིད་སྐྱེ་འཇིག་མེད་དེ་ཉིད་དུ་ཤེས་ཤིང་དབང་བསྐར་བས། རྡོ་རྗེ་ལྟ་བའི་སྐུ་མཚངས་པར་ལྡན་ཕྱིར་ཡེ་ཤེས་ཏེ། ངར་འཛིན་པ་ལས་གྲོལ་བས་ན། ཕྱི་དགྲ་བསད་པའོ། །ཀན་ཏ་བརྟག་པ་ནི། ཀུན་ཏུ་བརྟག་པའི་ཡལ་དེ། དཔེར་ན་སོ་པ་ཐོ་ན་པོ་ནས། བྱ་རས་སོད་ནས། དགྲ་འོང་བ་མེད་པ་བཞིན་ད། ཐམས་ཅད་སེམས་སུ་གྲོལ་ནས་སེམས་ལས་གཞན་མེད་དེ། དེ་བྱང་ཆབ་སྙིང་པོར་བྱང་ཆབ་པས། མངོན་པར་བྱང་ཆབ་པའི་སྐུ་རུ་བརྟག་པའི་ཡེ་ཤེས་ཏེ། ཡལ་སྣང་སེམས་སུ་གྲོལ་བས་ཕྱིའི་དགྲ་བསད་པའོ། །དེ་ལྟར་འགྲོ་དྲག་སེམས་སུ་གྲོལ་བས། འཕེན་པའི་ཡལ་མེད་དོ། །དེ་དག་ཀྱང་ཏིང་ངེ་འཛིན་གྱི་མན་ངག་ལས་ཤེས་པར་བྱའོ། །འདིས་ནི་ཉེ་བར་ལེན་པ་སྤང་བླང་མེད་པར་ཤེས་པས། འགྲོ་དྲག་གཡང་སུ་བཅད་དེ་གྲོལ། ཨྠྀི། རྒྱ་རྒྱ་རྒྱ། སློབ་དཔོན་གྲུབ་ཐོབ་ཀྱི་གདམས་ངག །མྱང་རལ་པ་ཅན་ལ་གདོག་གོ། །མྱང་གི་ཕྱག་བྲིས་འཁྲལ་མེད་ཀྱི་བ་དཔེ་པཎ་ཆེན་པདྨ་དབང་གི་ཕྱག་དཔེ་ལས་པདྨ་འགྱུར་མེད་རྒྱ་མཚོས་བཤས་པའོ།། །།

༄༅། །རྫོང་འཕྲང་ལས། འཕྲང་གི་ཆོས་གསུམ་བཞགས། འཕྲང་དང་པོ་བསམ་གཏན་གཅིག་པ་སྒོམ་གྱི་མན་ངག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐར་པའི་ལམ་སྟོན་དེ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཡིད་འོང་དབེན་པའི་གནས། །དགོས་པའི་ཡོ་བྱད་ཚང་པའི་ས། །གཞན་ལ་རག་མ་ལས་པར་བྱ། །ཕྱི་ནང་དོན་ལ་མཁས་པ་དང་། །བསམ་གཏན་འདི་ཡི་དོན་ཤེས་པས། །གཟེར་བ་སྤངས་ལ་དོན་ཆེན་སྒྲུབ། །དེ་ལ་དང་པོ་གནས་ཆམ་ལ་ཕབ་ལ། ཡོ་བྱད་ཚོད་དང་སྦྱར་ལ། བླ་མ་དང་དཀོན་མཆོག་མཆོད་པ། རང་ལ་ཡང་འཚོ་བ་བཞག་ལ། དེ་ནས་ཞག་འགའ་ར། ལས་སེམས་ཆམ་ལ་དབབ། དེ་ནས་ལས་བདེ་བ་རུ་གོ་ཡང་སུ་ལམ་འཁྱག་པ། ཆང་སྐོམ་ཡལ་བཏང་། ཟས་མ་འགྲངས་མ་ལྟོག་པ་བྱ། མི་འཇག་མི་གཙང་སེམས་སུ་མི་གཞག་པར་གོ་ལེ་བྱས་ལ། དོན་ཆེན་པོ་སྒྲུབ། དེ་ལ་དང་པོ་ལྷ་དང་འཕྲད་པར་བྱ་བ་དང་གཅིག །གཉིས་པ་གསལ་བ་གྱད་དུ་གྱུར་པ་དང་གཉིས། གསམ་པ་གཉིས་སུ་མེད་པར་བྱ་བ་དང་གསམ། དང་པོ་ལྷ་དང་འཕྲད་པར་བྱ་བ་ནི། མིག་ཡུལ་དུ་གསལ་བར་བྱ་བ་ནི། དབང་པོའི་མངོན་སམ་དུ་ལྷ་དང་བསྲེ་བའི་མན་ངག །དབང་པོ་ཡན་པར་བཏང་ལ་སྟོང་པའི་ངང་ལ་བཞག །དེ་ནས་ལྷ་ལ་དམིགས་ཤིང་ཕྱོགས་གཞན་དུ་བལྟས་ཏེ། རྟེན་ལ་ལྟ་བ་དང་ཁྱད་པར་མེད་ན་ཟིན་པ་ཡིན། རྣམ་པར་འགྱུར་ན་འགྱུར་བ་དེ་ལ་བལྟ། ཡང་ན་རྟེན་ལ་བལྟ། དེ་ནི་མ་ཟིན་བར་དུ་ཏེ་ཡན་རིང་དུ་བཟང་ངོ་། །གཉིས་པ་གསལ་བ་ལས་གྱད་དུ་གྱུར་པ་ནི། ཡིད་ཀྱི་ཡུལ་དུ་གསལ་བ་སྟེ། ཡིད་ཀྱི་མངོན་སམ་ལྷ་དབྱེ་པའི་མན་ངག །སྟོང་པ་བཞག་ལ་ལྷ་ཁོ་ན་སྒོམ། སྐབས་སུ་བཏང་སྙོམས་ལས་ཁམས་གསེང་དེ་ནི་བརྟན་པ་མ་ཐོབ་པར་དའོ། །ཉི་མ་སམ་ཆ་ཐབ། ཞག་ཟླ་བ་ལོའོ། །བསྐལ་པ་ཆེན་པོ་ཐབ་པར་འགྱར། གསམ་པ་གཉིས་སུ་མེད་པར་བྱ་བ་ནི། ལས་ཀྱི་ཡུལ་དུ་གསལ་བ་དེ། རྣལ་འབྱོར་གྱི་མངོན་སམ་དུ་ལྷ་ལོངས་པའི་མན་ངག །གང་དང་གང་དུ་བསྒོམ་ཞིང་སྣ་ཚོགས་སུ་བསྒོམ་པའོ། །མང་བ་དང་། ཉང་བ་དང་། ཁྲོ་བོ་དང་། ཞི་བ་དང་། འཕྲོ་འད་དང་། ཇི་ལྟར་སྣང་བ། ད་ལྟར་གྱི་དངོས་པོ་དང་ཁྱད་པར་མེད་པར་མཐོང་ན། བསྒོམ་པ་དང་། མ་སྒོམ་པར་རང་ཁྱད་པར་མེད་པར་མངོན་དུ་འགྱུར་ཏེ། དེ་ནི་སྟོབས་སུ་གྱུར་པའོ། །དེ་ཙམ་དུ་སྣང་བ་ཏིང་ངེ་འཛིན་དུ་ཡང་ཤེས་ཏེ། དེ་ཙམ་ལ་སྣང་བ་དང་སྟོང་པ་གཅིག་པར་ཡང་ཤེས། དེ་ཙམ་ལ་སྣང་བ་ཡེ་ཤེས་སུ་ཤེས་ཏེ། ཆོས་སྐུ་ཆེན་པོའི་འདག་ཚལ་ལོ། །དེ་ནི་རང་རིག་པའི་མངོན་སམ་མོ། །གཡག་གི་མི་གྲིབ་རིས་བཅ་དྲག་ལ། བརྒྱད་པ་སྒོམ་བརྒྱད་ངལ་གསོ། དེ་ནས་བརྒྱད་དུ་བྱས་ཏེ། བཞི་བསྒོམ་བཞི་ངལ་བསོ། དེ་ནས་ཉི་མ་འབྲིང་པོའི་སམ་ཆ་ཐབ་པ་ནི་ཐན་རབ་སྟེ། དེས་སྲོག་ཐབ་པོ། སེམས་འཛིན་པའི་དུས་ས། མཚོན་པ་ལ་བ་མར་ཤེས་པའི་དས། སེམས་སྤྱོད་པའི་དུས་སུ་རང་གི་སེམས་བླ་མར་ཤེས་པའི་དུས་སོ། །སངས་རྒྱས་ཀྱི་སུ་ལ་གནས་པའི་རང་སེམས་སྐྱེ་འཆི་མེད་པ་མངོན་དུ་གྱུར་པར་ཆོས་སྣང་བ་རང་སྣང་གི་སྤྱོད་ཡུལ་དུ་སྤྱོད་པ་ནི་ལོངས་སྐ། སེམས་ལ་དབང་ཐོབ་ནས་ཅིར་ཡང་བསྒྱུར་དུ་སྟུབ་པ་ནི་སྤྲུལ་སྐའོ། །བསམ་གཏན་ཡལ་གསུམ་གསལ་བའི་མན་ངག་འདི། དབང་གི་ཆ་བོ་བཞི་འདས་ནས། ཡང་དབང་གཏེར་ལ་གདམས་པ། ཨྠྀི། རྒྱ་རྒྱ་རྒྱ།། །།

༄༅། །འཕྲང་གཉིས་པ་བསམ་གཏན་ཉམས་ཀྱི་ཡིག་ཆང་། སློབ་དཔོན་ནམ་མཁའི་སྙིང་པོས། མཁར་ཆ་སྒོང་ཕག་ཏ། མཁར་ཆེན་མཚོ་རྒྱལ་དོན་ད། ཏིང་ངེ་འཛིན་ཉམས་ཀྱི་སྦྱོར་བ་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ལ་གསུམ་སྟེ། དང་པོ་ཏིང་ངེ་འཛིན་གྱི་ཉམས་སུ་འཛིན་པའི་ཚད། གཉིས་པ་དེ་སྦྱོར་པའི་ཐབས། གསམ་པ་དེ་བརྟན་པར་བྱ་བ་དང་གསམ། རབ་ཀྱིས་དངོས་པོ་ལྟ་བར་ཟིན། །འབྲིང་གིས་ཉིན་པར་ལྟ་བར་ཟིན། །ཐ་མས་ཟིན་པའི་ཚད་རྣམས་ནི། །ནམ་ལངས་ཉི་མ་ཤར་བ་དང་། །ཉི་མ་ནབ་པར་མ་སྲས་པར། །དེ་རྣམས་ཚད་དུ་རྣམ་པར་བརྟགས། །རབ་ཀྱི་ཚད་དུ་ཕྱིན་པ་ལ། །གདམས་ངག་མྱར་དུ་འབོག་པར་བྱ། །ཡེ་ཤེས་གངས་ལ་གདག་གདལ་འདྲ། །ཉོན་མོངས་རྩི་སྤུར་མེ་བཏང་འདྲ། །རྡོ་རྗེ་སེམས་པས་དེ་མ་ཐག །སངས་རྒྱས་ཀུན་གྱི་སྙིང་པོར་འགྱར། །འབྲིང་གི་དོན་དུ་གྱུར་པ་ལ། །ཁམས་དང་སྦྱོར་ལ་ནན་ཏན་བྱ། །ཡང་ནས་ཡང་དུ་བརྟན་དུ་གཞག །གོམས་པས་རབ་ཀྱི་ཚད་དུ་འགྲོ། །དེ་ལ་ནན་ཏན་གོང་མ་བཞིན། །མཁས་པས་ཉམས་དང་སྦྱོར་ལ་དབོག །ཐ་མའི་དོན་དུ་རྣམས་བཞག་པ། །ཉི་མའི་དཀྱིལ་འཁོར་བསམ་པ་དང་། །སྤྱོར་བའི་དོན་དུ་གཉེར་བ་དང་། །ཚངས་པའི་བ་ག་དབྱེ་བ་དང་། །དེ་བས་དེ་ལ་ནན་ཏན་བྱ། །ཚད་དང་ལྡན་པར་གྱུར་བས་ན། །མཁས་པས་དེ་ལ་ནན་ཏན་བྱ། །ཐ་མའི་ཚད་ཀྱང་མེད་པ་ན། །དེ་ལ་གདམས་ངག་བྱིན་མི་བྱ། །ཁྱི་ལ་གསེར་བྱིན་ཇི་བཞིན་ཏེ། །སྙིང་པོ་ཡིན་པར་ངོ་མི་ཤེས། །སྒྲོ་སྐར་མང་པོའི་གནས་སུ་འགྱར། །ཏིང་འཛིན་དད་པས་མ་སྐྱེས་པར། །སྔོན་ལ་གདམས་ངག་འབོགས་པ་ནི། །མ་མཐོང་ཡུལ་དུ་གཏམ་རྒྱུད་གཏོང་། །བདེ་གཤེགས་རྣམས་ཀྱི་དགོངས་པ་འདི། །ཐོས་པ་རྣམ་གསུམ་གཉིས་བྱས་ཀྱང་། བླ་མའི་གདམས་ངག་མ་ཐོབ་ན། དམས་ལོང་ཟེར་དང་འདྲ་བ་སྟེ། དོན་གྱི་ཉམས་བག་སྟོན་མི་ནས། །དེས་ན་ཏིང་འཛིན་ཐོབ་པ་གཅེས། །ཏིང་འཛིན་རབ་ལ་ལང་བསྟན་པ། །གསེར་མིག་གཡ་ཡིས་སྤྲོད་པ་འདྲ། །ཏིང་འཛིན་འབྲིང་ལ་ལང་བསྟན་པ། །རིན་ཆེན་གསེར་གླིང་ཕྱིན་པ་འདྲ། །ཉེན་དང་བྲལ་ཏེ་འཇིགས་པ་མེད། །ཏིང་འཛིན་ཐ་མར་གྱུར་པ་ལ། །ལང་བསྟན་གདམས་ངག་འབོགས་པ་ནི། །གསེར་གྱི་ཉམ་ཐག་ཟིན་པ་འདྲ། །འདྲེན་པའི་གནས་སུ་ཉམ་མི་ང་། །དེ་ནི་རྗེས་འཇག་རྣལ་འབྱོར་ཏེ། །རང་རིག་དོན་གྱི་རྣལ་མ་ལ། །རིག་པ་ཡེ་ཤེས་བློས་འབྱོར་པས། །རྣལ་འབྱོར་ཞེས་ནི་དེ་ལ་བྱ། །ཤེས་རབ་ཏིང་འཛིན་མ་འཛོལ་བར། །ཆོས་རྣམས་མ་ལས་ཐམས་ཅད་ལ། །དབང་བསྒྱུར་ཟག་པ་མེད་པས་ཕྱག །བདེ་གཤེགས་ཆེ་བའི་ཡོན་ཏན་ཀུན། །རང་ལ་འདས་ཤིང་རྫོགས་པས་ཆེ། །རྣལ་འབྱོར་དབང་ཕྱག་ཆེན་པོ་ཞེས། །དེས་ན་དེ་ལ་ནན་ཏན་བྱ། །ཏིང་འཛིན་རྩལ་གསུམ་མ་རྫོགས་པར། །ལང་བསྟན་གོང་དུ་རྫོགས་བྱེད་པ། །ཁ་མེད་བཟའ་བཅའ་འཚོལ་བ་འདྲ། །ཤེས་རབ་རྩལ་གསུམ་མ་རྫོགས་པར། །སངས་རྒྱས་ཡིན་ཞེས་ཁས་ལེན་པ། །འཆིང་བ་རིན་ཆེན་ཁས་ལེན་འདྲ། །སྙིང་པོའི་དོན་འདི་མ་ཤེས་པར། །རྫོགས་ཆེན་ཡིན་ཞེས་ཁས་ལེན་པ། །བྱེ་ཕྲག་དཔྱང་ལ་འགྲོ་བ་འདྲ། །སྲོག་གི་སྒོ་ལྕགས་མ་ཤེས་ན། །ལྷ་མ་ཡིན་གྱི་སྲོག་འཕྲོག་པ། །སྤྲིན་མེད་མཁའ་ལ་ཆར་འདོད་འདྲ། །སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་གཉིས་སུ་བརྟགས་མི་བྱ། །དས་གསུམ་བདེ་གཤེགས་ཐམས་ཅད་པས། །བླ་མས་ཡོངས་སུ་ཟིན་པ་གཅེས། །བྱིན་རླབས་བླ་མ་ཉིད་ལས་འབྱང་། །གདམས་ངག་བླ་མའི་ཞལ་ནས་འབྱང་། །རྣ་བའི་བ་ག་གཟེད་ལ་འཐང་། །དེས་ན་དེ་ལ་ནན་ཏན་བྱ། །ཞེས་གདམས་སོ། །བླ་མའི་གདམས་པ། ཏིང་ངེ་འཛིན་ཉམས་ཀྱི་སྦྱོར་བའི་མན་ངག་གོ། ། ཨྠྀི། རྒྱ་རྒྱ་རྒྱ།། །།

༄༅། །འཕྲང་གསུམ་པ་སློབ་མཐའ་སྦྱངས་པའི་ཡིག་ཆང་། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྲིད་པའི་དྲྭ་བས་བཅིངས་གྱུར་ཏེ། །མ་རིག་མན་པས་འཐིབ་གྱུར་ན། །མན་སེལ་དྲ་བ་གཅོད་ལ་འདད། །གང་ཞིག་འཁོར་བ་ལས་ཡིད་དབྱང་ཞིང་ཐར་པ་ཐོབ་པར་འདོད་པས། སྡུག་བསྔལ་མང་པོས་བཞར་ཞིང་འཇིག་རྟེན་ལས་བློ་ལོག་པ་དེས། དང་པོ་ཁོ་ན་ཕན་སམ་ཚོགས་པ་ལྔ་དང་ལྡན་པར་བྱ་སྟེ། གནས་ཕན་སམ་ཚོགས་པ་ཡིད་དགའ་བ་བར་ཆད་ཀྱི་རྐྱེན་མེད་པ། ཕྱིའི་ཡོ་བྱད་གཉིས་ཚང་བ་ལ་བྱའོ། །སྟོར་བཞི་བླ་མ་སྟེ། རྡོ་རྗེ་སེམས་དཔའ་དང་དགོངས་པ་མི་གཉིས་པའོ། །ཐེག་པ་ཀུན་ལ་བློ་སྦྱོངས་པ་ཉམས་དང་ལྡན་པའོ། །བསྟན་པ་ནི། བཅད་ཀྱི་སྙིང་པོ་སྟེ། ཚེགས་ཆང་ལ་དོན་ཆེ་བ། སློབ་སླ་ལ་ཡོན་ཏན་ཆེ་བ། ཁ་དམ་ལ་ཤེས་སླ་བའོ། །འཁོར་ནི་བློ་དང་ཤེས་རབ་ཆེ་བ། གཏོང་ཕོད་བརྩོན་འགྲས་ཆེ་བའོ། །དས་ནི་བླ་མ་དང་སློབ་མ་གདམས་ངག་གསུམ་འཛོམས་པའི་དུས་སོ། །དེ་ནས་མི་ལྡོག་པའི་བརྟལ་ཞགས་ཀྱིས་ཡི་དམ་བཅའ། དེ་ནས་བསམ་གཏན་ལ་འཇག་སྟེ། སེམས་བཟང་སྟེ་བཟང་བར་བྱའོ། །དང་པོ་གཟགས་ལ་བཟང་བ་ནི། བདེ་བར་གཤེགས་པའམ། ཐ་མ་ལ་པའོ། །བདེ་གཤེགས་སྐུ་ལ་འཛིན་པའོ། །གསལ་བའི་ཕྱོགས་སུ་བཞུགས་པའོ། །བལྟ་བར་བྱའོ། །དེ་ཡང་ལྷ་ལ་བལྟ་བ་དང་། སྟོང་པ་དང་། བལྟ་བ་རེས་མོས་བྱའོ། །ཐ་མལ་པའི་གཟགས་ལ་སློབ་ན། མེ་ལོང་ནང་དུ་འཆར་དུ་བཅག་ལ་བལྟ། སྟོང་པ་དང་སྤེལ་ཞིང་བཟང་ངོ་། །དེ་ནས་ཟིན་པ་དང་། ཡལ་གསུམ་གསལ་བར་གྱུར་པ་དང་། སྣང་སྟོང་འཁོར་འདས་ཀུན་རང་གི་སེམས་སུ་གཅིག་པར་མཐོང་བ་དང་། ཆོས་ཐམས་ཅད་དོན་གཅིག་པར་གོ་སྟེ། རིག་པའི་རྩལ་སྦྱངས་ནི། སྒྲ་དང་། དྲི་དང་རོ་དང་། རེག་བྱ་དང་། ཀུན་ལ་སྤྱང་སྟེ། སྒྲ་ནི། དྲིལ་བ་འམ་གླིང་བ་ལ་བཟང་ཞིང་སྦྱང་ངོ་། །དྲི་ནི། སྦྱར་བ་རེང་བའམ་ལྷན་གཅིག་སྐྱེས་པ་ཙན་དན་ནམ་གླ་རྩིའི་དྲི་ལ་བཟང་ཞིང་སྦྱང་ངོ་། །རོ་ནི་མངར་བ་བ་རམ་ལ་སོགས་པ་ལ་བཟང་ཞིང་སྦྱང་ངོ་། །རེག་ནི། གང་འདོད་ལ་སྦྱང་སྟེ། དེ་དག་ཀྱང་སྟོང་པ་དང་རེས་འཇོག་སྤེལ་ཞིང་སྦྱང་ངོ་། །དེ་དག་ཀུན་ལ་འབྱོངས་པ་དང་། འགྲོ་དྲག་གི་གཟགས་ལ་སྦྱར་ཏེ། དམྱལ་བ་བཙོ་སྲེག་ཡི་དྭགས་བཀྲེས་སྐོམས། བྱོལ་སོང་བསྐོལ་བཅད། མི་དང་། ལྷ་མ་ཡིན། ལྷ་ལ་སྩོགས་པ། འགྲོ་དྲག་གི་གཟགས་ཀུན་ལ་སྦྱོངས་པས། ད་ལྟར་ཀུན་ལ་འབྱོངས་ཤིང་ཡལ་གསུམ་གསལ་བར་བསམ། ད་ལྟར་གྱི་དངོས་པོ་དང་ཁྱད་མེད་པར་མཐོང་ཙམ་ན། དགྲ་གསུམ་བསད། བདད་བཞི་གཞོམ། གཡང་སུ་དྲག་བཅད་ནས། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ངང་ལ་བཟང་ངོ་། །དེ་ལྟར་མ་ཡིན་ཏེ། གོང་མ་ཚད་དང་མ་ལྡན་ནས། ཏིང་ངེ་འཛིན་དང་ཤེས་རབ་ཀློང་དུ་མ་གྱུར་ན། གསང་བའི་དགྲ་གསུམ་ནི་མེ་མ་མར་བས་ཚ། འཇིགས་པའི་བདད་བཞི་ནི་མཚོན་རྣོན་པོ་བས་རྣོ། འགྲོ་དྲག་གཡང་སུ་ནི་རི་གཟར་རྦབ་བས་དྲག་བས། གདམས་པ་འདི་སྦྱིན་པའི་སྣོད་ནི། མཚོན་རྣོན་པོ་ཐོགས་ཏེ། སྡོམ་མཁར་ཆེན་པོ་བསྲང་བ་ལྟ་བ་ལ་སྦྱིན། སྣོད་ངན་རྣམས་ལ་སྤེལ་བར་མ་གསངས་སོ། །མཁས་པ་མི་བཞི་ཡིས་གདམས་སོ། །ཡང་དབང་གཏེར་གྱི་གདམས་པ། འཕྲང་གི་མན་ངག་གོ། །ཨྠྀི། རྒྱ་རྒྱ་རྒྱ།། །།སློབ་དཔོན་གྲུབ་ཐོབ་དངོས་གྲབ་ཀྱི་གདམས་པ་མྱང་རལ་པ་ཅན་ལ་བདོག །མྱང་གི་ཕྱག་བྲིས་མའི་བ་ཡིག་པཎ་ཆེན་མངའ་རིས་པའི་ཕྱག་དཔེ་ལས་འགྱུར་མེད་རྒྱལ་མཚོས་བཤས་སོ། །

༄༅། །རྫོང་འཕྲང་ལས། སྲོག་གི་ཆོས་གསུམ་བཞགས། སྲོག་གི་ཆོས་དང་པོ་སྲོག་གི་ཐ་རམ། དཔལ་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། །གསང་སྔགས་ཀྱི་བདག་ཉིད་རྣལ་འབྱོར་གྱི་དགོངས་སྤྱོད། ལྟ་སྤྱོད་སྒྲུབ་པ་གསུམ་གྱི་མན་ངག་དོན་གྱི་སྙིང་ཁ། སེམས་ཀྱི་ཡང་མཛོད་དུ་གབ་པ་རྒྱས་བཏབ་ནས་སྦས་པ་འདི། སྲོག་གི་སྒོ་ལྕགས་ཐ་རམ་རྒྱ་ཡིས་བཏབ་བོ། །འཇམ་དཔལ་གྱི་དངོས་གྲབ་བརྙེས་པའི་སིང་ག་ལའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་འཇམ་དཔལ་རྣམ་སྡོམ་ཆེན་མོའི་རྒྱུད་ནས་བཏས་ནས། ཕྱི་རབས་སྔགས་འཆང་རྣམས་ཀྱི་དོན་དུ་རྣལ་འབྱོར་པ་ཐོད་པའི་ཕྲེང་བ་ཅན་གྱིས་མཛད་དོ། །དེ་ལ་ལྟ་སྤྱོད་སྡོམ་དང་གསུམ་དུ་ཆོས་ཐམས་ཅད་འདས་པར་བཤད་དེ། ཕྱི་ནང་སྣོད་བཅད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཏེ་གནས་པ་ལ། སེམས་ཅན་རྣམས་ཀྱི་ལྷན་གཅིག་སྐྱེས་པའི་མ་རིག་པ་ལ་སོགས་པར་རྟོག་པ་དེ་ཡང་། དེ་དང་མགོ་མཉམ་དུ་འཁྲལ་ཏེ། འགྲོ་བ་ཐ་དད་དུ་སྣང་ངོ་། །རིགས་དྲག་གི་སེམས་རྒྱུད་དང་། སངས་རྒྱས་ཀྱི་ཐགས་དགོངས་དང་ལྷ་མ་སྲིན་གྱི་སྲོག་གི་དབང་པོ་རྣམས། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་དུ་ཀུན་གཅིག་པས་ན། དེ་ལ་བསྟན་པའི་སྙིང་པོ་ཞེས་བྱ། བསྟན་པའི་སྙིང་པོ་ག་ན་གནས་པ་ན། ཆོས་ཐམས་ཅད་དེ་ལ་གནས་པས། དམ་ཅན་ཡོངས་ཀྱང་དེ་ལ་གནས་སོ། །དེའི་དོན་གྱི་སྙིང་པོ་ནི། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བན་ཛ་ཧཱུྃ་ཕཊ། འཇམ་དཔལ་སྐའི་སྲོག་སྔགས་སོ། །ཨཱོཾ་པདྨ་མ་ཧཱ་ཀྲོ་ཏ་ཧ་ཡ་གྷྲི་བ་ཧ་ལ་ཧ་ལ་ཧཱུྃ་ཕཊ། པདྨ་གསང་གི་སྲོག་སྔགས་སོ། །ༀ་རུ་ལ་རུ་ལ་ཧཱུྃ་བྷྱོ་ཧཱུྃ། ཡང་དག་ཐགས་ཀྱི་སྲོག་སྔགས་སོ། །ཨཱོཾ་ཨཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཀུན་དྷ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བདད་རྩི་ཡོན་ཏན་གྱི་སྲོག་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཕར་པ་ཕྲིན་ལས་སྲོག་སྔགས་སོ། །ཨཱོཾ་ག་ཡ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། མ་མོ་རྦོད་གཏོང་སྲོག་སྔགས་སོ། །དས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྲོག་ཀྱང་དེ་རྣམས་ཡིན། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་དེ་རང་ཡིན། ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་ཀྱང་དེ་ཡིན། དེ་བས་ན་སྲོག་སྔགས་ཐམས་ཅད་ངོས་འཛིན་ཤེས་ན། བསྟན་པའི་སྙིང་པོ་ཞེས་བྱའོ། །དོན་དང་། སྔགས་དང་སུ་དང་མན་ངག་ཐམས་ཅད་ཀྱང་དེ་ལྟར་ཤེས་པར་བྱའོ། །དོན་རང་གི་སེམས་སུ་ཤར་བའོ། །སྔགས་ཡི་དམ་ལྷའི་སྙིང་པོ། ས་ཡི་དམ་གང་ཡིན་པ་དང་། མན་ངག་སྒྲུབ་ཐབས། དེ་ལྟ་བའི་རང་བཞིན་ཡིན་པས། ཐམས་ཅད་བྱང་ཆབ་སེམས་སུ་རོ་གཅིག་པས། ལྷ་མ་སྲིན་ཐམས་ཅད་ཀྱང་དམ་ལ་གནས་ཤིང་བཀའ་ཉན་པས། ཕྱི་ལ་མི་འཁ། ནང་དུ་མི་ལྡོག་པས། རྣལ་འབྱོར་པས་དེ་ལྟར་མ་རྟོགས་ན། འཁ་ལྡོག་དང་རག་གཟེར་བྱེད། ལས་བཅོལ་དུ་མི་ཉན། འཁོར་དང་ལོངས་སྤྱོད་འབྲི། གོད་ཁ་དང་གཏམ་བསྣོལ་འོང་ངོ་། །དེའི་ཕྱིར་ན་ལྟ་བ་དང་སྤྱོད་པ་ལ་གནས་པ་གལ་ཆེའོ། །ཨཐྎ ། རྒྱ་རྒྱ་རྒྱ། འཇིག་རྟེན་པའི་སྲོག་གི་ཐ་རམ་ནི། ལྟ་བ་དེ་ལྟར་མ་རྟོགས་པའི་སྐྱོན་གྱིས་དག་ལྔ་རག་པས་འཁོར་བར་འཁྱམས། རིག་དྲག་ཏུ་འཁོར། སྡེ་བརྒྱད་དུ་ཡང་སྐྱེས་ཏེ། ཞེ་སྡང་དབང་གིས་བདད་དང་གཤིན་རྗེ་རྣམས་སུ་སྐྱེ་སྟེ། སྲོག་གིས་དབང་པོ་ལྕགས་ཀྱི་སྦྱར་ཀ་བང་བ་ཙམ། རི་རབ་འོག་དཔག་ཚད་བདན་ཁྲི་ན་ལྕགས་མཁར་སྒོ་མེད་ན་གནས། བསེ་སྦྲོམ་ནག་པོ་ན་ལྕགས་ཀྱི་ཐ་རམ་སྩལ་ནས་གནས། འདོད་ཆགས་ཀྱི་དབང་གིས་མ་མོ་དང་གནོད་སྦྱིན་གྱི་སྲོག་ནི་ཟངས་ཀྱི་ཕྱེ་ལེབ་བྱེའ་སྐྱིགས་མོ་ཡི་མགོ་ཙམ་ཅིག་རྒྱ་མཚོ་ཡི་གཏིང་ན་གཡའི་གར་ཕབ་པའི་ནང་ན། གཡའི་སྒྲོམ་བ་ལ་ལྕགས་ཀྱི་ཐ་རམ་སྩལ་ཏེ་གནས་སོ། །གཏི་མག་དབང་གི་ཀླ་བ་སུ་ཏ་རིགས་བཞི་ཡི་སྲོག་ནི། དག་སྦྲུལ་ནག་པོ་གཤོག་པ་ཅན་གཅིག །རས་སྦལ་གྱི་སྦྲོམ་ན་མཐིང་གི་གཟེར་སྩལ་ཏེ་སྤོས་ངད་ལྡན་གྱི་མཚོ་ཡི་ནང་ན་གནས། ང་རྒྱལ་དབང་གིས་གཟའ་སྐར་དང་རྒྱལ་པོ་ཡི་སྲོག་ནི། བྱ་རྒོད་མེ་སྟག་ཙམ་ཞིག་དང་གི་ག་འར་བཅག་སྟེ། བར་སྣང་མཁའ་ལ་ལྡིང་བ་ལས་ཀྱི་རླང་གིས་ཕྱོགས་བཞིར་འདོད་དོ། །ཕྲག་དོག་དབང་གིས་དམ་དང་བཙན་གྱི་སྲོགས་ནི། ཟངས་ཀྱི་སྟག་མོ་བྱིའ་ཙམ་ཞིག་ཟངས་ཀྱི་ག་འར་སྩལ་ཏེ། བསེ་ཡི་སྒོ་ལྕགས་བཅག་ནས། གཡའ་དང་གངས་ཀྱི་སྟོད་ལ་གནས་སོ། །སྨན་དང་མ་སོངས་ཀྱི་སྲོག་ནི་དངལ་གྱི་ཕྱེ་མ་ལེབ་དར་དཀར་ཁག་མར་སྩལ་ཏེ། སྤང་སྣང་གྱི་ལོག་ན་གནས་སོ། །སློབ་དཔོན་འཇམ་དཔལ་བཤེས་གཤེན་མངོན་པར་ཤེས་པས། སྲོག་གི་དབང་པོ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་བླ་དེ་ལྟར་གཟིགས་ཏེ། སྲོག་དང་བླ་བརྟག་པའི་མན་ངག །སྒོ་ལྕགས་དངོས་གཞིའོ། །སྲོག་གི་སྒོ་ལྕགས་འཇིག་རྟེན་འདས་པ་དང་མ་འདས་པའི་བླ་སྲོགས་གཏན་ལ་དབབ་པའི་མན་ངག་ཡང་དག་པའོ། །ཨྠྀི། རྒྱ་རྒྱ་རྒྱ།། །།

༄༅། །སྲོག་གི་ཆོས་གཉིས་པ་ཐ་རམ་འབྱེད་པའི་ལྡེ་མིག །དཔལ་ཧེ་རུ་ཀ་ཆེན་པོ་ཁྲག་འཐང་ཚོགས་ལ་ཕྱག་འཚལ་ལོ། །སྲོག་དེ་ལྟར་ངོ་ཤེས་ཀྱི་གཏིང་ལ། སྒོ་ལྕགས་འབྱེད་ན་ཇི་ལྟར་དབྱེད། སྲོག་འཕྲོག་ན་ཇི་ལྟར་འཕྲོག །མཆོད་ན་ཇི་ལྟར་དུ་མཆོད། དབང་དུ་ཇི་ལྟར་བསྡུ། ཞེས་ཞས་པས། སྒོ་ལྕགས་འབྱེད་ན་ནི། ཧེ་རུ་ཀ་གང་ཡང་རང་བའི་ཏིང་ངེ་འཛིན་གསལ་བས། སྒོ་སྒོར་སྔགས་བཟླས་པ་ཙམ་གྱིས། སྔགས་སྒྲ་དང་འོད་དུ་ཆས་པ་འཕྲོས་པས། བདེ་གཤེགས་མཉེས་པའི་མཆོད་པ་ཕལ་ཏེ། ཐགས་དམ་གྱི་རྒྱུད་བསྐལ། རིག་དྲག་གི་སེམས་ཅན་གྱི་ལས་དང་བག་ཆགས་སྦྱངས་ཏེ། སྡེ་བརྒྱད་ལ་ཕོག་པས་རིན་པོ་ཆེའི་སྒྲོམ་བ་རྣམས་ཁ་བ་ཉི་མས་བཞ་བ་འམ། བྱ་སྒྲོ་མེས་ཚིག་པ་ལྟར་ཞ་སྟེ། དེ་ལ་ནི་སྒོ་ལྕགས་དབྱེ་བ་ཞེས་བྱའོ། །སྲོག་མཁར་གཞོམ་པ་ཞེས་ཀྱང་བྱ། སྲོག་མཁར་རྫོང་བརྡལ་བ་ཞེས་ཀྱང་བྱ། རིན་ཆེན་སྒྲོམ་བ་ན་དངས་མ་ལྔ་འདས་ལ། གོ་བའི་མིང་གིས་བསྐོར་ནས་གནས་པ་དེ། སྲོག་གི་ལྕགས་ཀྱས་དྲང་ཉ་འབྱིན་པ་དང་འདྲའོ། །ཡ་མ་རུ་ཙ་སུ་མ་ཡ་ཛཿ གཤིན་རྗེའི་སྙིང་སྲོག་གི་སྙིང་པོའོ། །ཏྲག་རག་ཤ་ཁ་མ་ཏྲ་ཛཿ མ་མོའི་སྲོག་གི་སྙིང་པོའོ། །ཏྲི་དུ་རུ་ཧྲི་དུ་རུ་དུ་རུ་ཧ་རུ་ཏི་ཛཿ རྒྱལ་པོའི་སྲོག་གི་སྙིང་པོའོ། །བཛྲ་སུ་དུ་སུ་མ་ཡ་རུ་ཙ་ཏྲི་ཛཿ དགྲ་ལྷའི་སྲོག་གི་སྙིང་པོའོ། །ཤ་ལ་རུ་ཙ་ཏྲི་ནི་ཏྲཾ་ཤ་ཡང་ཛཿ བཙན་གྱི་སྲོག་གི་སྙིང་པོའོ། །ཧྲི་བཛྲ་ཡཀྵ་བཛྲ་ཧྲིང་ཧྲིང་ཛཿ གནོད་སྦྱིན་སྲོག་གི་སྙིང་པོའོ། །ན་ག་རུ་ཙ་སུ་མ་ཡ་ཕ་ཛཿ ཀླའི་སྲོག་གི་སྙིང་པོའོ། །ར་ཧཱུ་ལ་མ་ཏྲིག་ཛ་ཛཿ གཟའི་སྲོག་གི་སྙིང་པོའོ། །སྲོག་གི་སྙིང་པོ་འགགས་པའི་ལྕགས་ཀྱ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྟོབས་དང་སྦྱར་ནས། རིམ་གྱིས་སྐུ་མངོན་དུ་འབྱང་བར་འགྱུར་རོ། །དེ་ལྟར་ལྟ་བ་ཆོས་ཉིད་དུ་རྟོགས་པའི་ངང་ནས། སྒོམ་པས་ལྷ་གཉིས་སུ་མེད་པར་བསྒོམས་ཏེ། ལྷའི་ང་རྒྱལ་དང་ལྡན་པས་ལྷ་མ་སྲིན་སྡེ་བརྒྱད་ལ་འདག་པའི་རང་དབང་མེད། དུས་ཀྱིས་ཤིང་ལོ་སྐམ་པོ་རླང་གིས་གདབས་པ་འམ། གངས་རི་རྒྱུད་ཆད་པ་བཞིན་ད། བདག་གི་དྲང་དུ་སྲོག་གི་དབང་པོས་མི་བཟོད་དེ་འོང་བར་འགྱུར་རོ། །དེ་ནི་སྡེ་བརྒྱད་ཀྱི་སྲོག་འཕྲོག་པ་ཞེས་ཀྱང་བྱ། གང་རང་རང་དུ་བྱར་མི་རང་ངོ་། །ཡེ་ཤེས་ལྷའི་བསྙེན་པ་ཐེམ་པར་བྱ། བསྙེན་པ་ཐེམས་ན་ལས་མ་བཅོས་ཡང་བྱེད། དེ་བས་ན་ཡེ་ཤེས་ལྷ་ལ་དབང་ཐོབ་པར་གྱིས་ཤིག་ཅེས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གདམས་པའོ། །མཆོད་པ་ནི་ལྕགས་ཀྱ་ལྟ་བའི་ཏིང་ངེ་འཛིན་དེས། སྙིང་ཐག་འཐེན་པའམ། མ་ཞོ་བས་འཐང་བའམ། ཡང་ན་མིང་བོས་སྲིང་མོ་བོས་པ་ལྟར་ཁགས་སོ། །ཕྱི་ནང་གང་ལྟར་སྒྲུབ་པ་ལྟར་མཐན་པའི་རྫས་ཀྱིས་མཆོད་ལ་ལས་ལ་བཏང་ངོ་། །དབང་དུ་བསྡུ་བ་ནི། འཁྲལ་འཁོར་ནག་པོ་ལས། འདས་པ་ཟེར་ན་རིག་ལྔ་ཡིན། མ་འདས་ཟེར་ན་སྡེ་བརྒྱད་ཡིན། འདས་དང་མ་འདས་དངོས་གྲབ་དེ། བླ་མ་མཉེས་པ་དག་ལས་བྱང་། ཞེས་པས། སྔོན་འགྲོར་བླ་མ་མཉེས་བྱས་ལས་ལ་སྦྱར། དང་པོ་བླ་མས་ཟིན་ན་ལྷ་སྲིན་བསྒྲུབ་མི་དགོས། ཞེས་གསངས་པས། བླ་མ་མཉེས་ནས་སྤྱི་བོར་བསྒོམ་ན་ལྷ་སྲིན་དབང་དུ་འདས། ཡི་དམ་ལྷའི་ཏིང་ངེ་འཛིན་གསལ་ཞིང་བསྙེན་པ་ཐིམས་ན་ལྷ་སྲིན་དབང་དུ་འདས་ཤིང་ལས་ལ་འགྲོའོ། །སྲོག་གི་ལྕགས་ཀྱ་ཐ་རམ་གྱི་ལྡེ་མིག་མན་ངག་ཡང་དག་པའོ། །ཨྠྀི། རྒྱ་རྒྱ་རྒྱ།། །།

༄༅། །སྲོག་གི་ཆོས་གསུམ་པ་མཚན་བསྒྱུར་གྱི་སྐོར་རོ། །བླ་མ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །སྲོག་ལ་བཞི་སྟེ། རང་བཞིན་གྱི་སྲོག་ནི། བླ་གནས་ཀྱི་སྒོམ་བ་ཡིན། དེ་ལ་རྣམ་ཤེས་བརྟན་པ་ཡིན། གནས་པ་སྲོག་གི་སྙིང་པོ། རང་གི་སྲོག་ཡི་གེར་སྙིང་ལ་གནས་པ་ཡིན་ནོ། །འགྱར་བ་སྲོག་གི་སྙིང་པོ་ཕྲིན་ལས་གང་བཅོལ་འགྲབ་པ་ཡིན། ངོ་བོ་ཉིད་ཀྱི་སྲོག་གི་སྙིང་པོ་སེམས་དང་ཆོས་ཉིད་དབྱེར་མེད་པ་དེ་ཡིན། དེ་ཡང་རྣམ་པ་མང་ན་ཡང་། འཇིག་རྟེན་འདས་དང་མ་འདས་གཉིས། ངོ་བོ་གཅིག་ཏུ་སེམས་སུ་ཤེས་པར་བྱའོ། །སྲོག་ངོ་ཤེས་པ། འཕྲོག་ལུགས་ཤེས་པ། ཐོབ་པའི་ཚད་ཤེས་པ། ཐོབ་པས་འཕྲིན་ལས་ལ་སྦྱོར་ཤེས་པའོ། །ཡི་གེ་ལ་སྲོག་ཏུ་ངོ་ཤེས་པ་རིག་པའང་འདས་པའི། ཨཱོཾ་ཧཱུྃ་སྭཱ་ཧྲཱི་ཧཱ། སྡེ་བརྒྱད་མ་འདས་པའི། ཡ་མ་རུ་ཏྲི་ཕཀྵ་རུ་ཕ། སྔགས་ལས་སྲོག་ཏུ་ངོ་ཤེས་པ། སྲོག་ལས་དྲང་བའི་སྙིང་པོའོ། །སྐ་གསལ་བ་ལ་སྲོག་ཏུ་ངོ་ཤེས་པ་དངོས་སུ་མཐོང་བའོ། །སྙིང་པོ་ཟབ་མོས་འཕྲོག་པས་ཁགས་པ། ཏིང་ངེ་འཛིན་ཟབ་མོས་འཕྲོག་པ་གསལ་བ། དགོངས་པ་ཟབ་མོས་འཕྲོག་པ་སེམས་སུ་ཤེས་པ། སྔགས་ཀྱི་ཐོབ་པའི་ཚད་གང་ལ་བཏབ་ཀྱང་བདེན་པ་འགྲབ། ཏིང་ངེ་འཛིན་གྱི་ཐོབ་པའི་ཚད་སྐུ་དངོས་སུ་གསལ་བ་དགོངས་པས་ཐོབ་པའི་ཚད་གཉིས་སུ་མེད་པའོ། །སྲོག་གི་གཟེར་བཞི་གདབ་པ་ནི། སྙིང་པོ་མི་འགྱུར་བའི་གཟེར་མ་ཐེབས་ན། རང་རྒྱུད་པ་གནས་ནས་མི་ཁགས། ཏིང་ངེ་འཛིན་མི་འགྱུར་བའི་གཟེར་མ་ཐེབས་ན། སྐ་དངོས་སུ་གསལ་བར་མི་ནས། དགོངས་པ་མི་འགྱུར་བའི་གཟེར་མ་ཐེབས་ན། སྐོ་ལ་ཆེན་པོ་གྲབ་ཀྱང་རྐོ་ལོང་གི་བར་ཆད་དུ་འགྲོ་ཞིང་། ཐན་མོང་ལས་མཆོག་ལ་མི་རེག །འཕྲོ་འདས་ལས་ཀྱི་ཕྱག་རྒྱས་འཕྲིན་ལས་ཁ་བསྒྱུར་བའི་གཟེར་མ་ཐེབས་ན། དམིགས་པ་ཕྱོགས་གཅིག་ལས་སྤྱི་འབྱམས་ལ་ཤེས་པས་སེམས་ལ་སྐྱེ་འཆི་མེད་པས་འཁོར་བ་ཀ་ནས་དག །མྱ་ངན་ལས་འདས་པ་སེམས་སུ་ཤེས་པས་མྱ་ངན་ལས་འདས་པ་སྒྲུབ་ཏུ་མེད་པར་ཀ་ནས་དག །འབྲས་བ་སྐུ་དང་ཡེ་ཤེས་ནི། །སྐ་ལྔ་ཡེ་ཤེས་ལྔ་རང་ལ་རང་ཆས་སུ་ཡོད་པས་ལ་ལོགས་ནས་བསྒྲུབས་རང་བྱང་དུ་ཤར་བའོ། །རང་ལྡན་ནི། ལྷན་གྲབ་ཀ་དག་སྐུ་དང་ཡེ་ཤེས་དེ་གསུམ་ཁ་རང་ལ་གདོད་མ་ནས་བྱང་བས་རང་བྱང་རང་ལྡན་ནོ། །མཁས་པ་མི་བཞིའི་གདམས་པ། སྲོག་གི་གདམས་པ། ཨྠྀི། རྒྱ་རྒྱ་རྒྱ། སློབ་དཔོན་གྲུབ་ཐོབ་དངོས་གྲབ་ཀྱི་གདམས་པ། མྱང་རལ་པ་ཅན་འཆང་ངོ་། །རྫོང་འཕྲང་སྲོག་གི་མན་ངག་རྣམ་གསུམ་ད། ཆོས་ཀུན་གདམས་པའི་དཔྱིད་འདས་གླེགས་བམ་འདི། སྐྱབས་མཆོག་གཏེར་བདག་གླིང་པའི་ཕྱག་དཔེ་ར། སྨྱོས་ཀྱི་དགེ་སློང་འགྱུར་མེད་རྒྱ་མཚོས་བྲིས་ཉང་གི་ཕྱག་བྲིས་མའི་བ་ཡིག་པཎ་ཆེན་མངའ་རིས་པའི་ཕྱག་དཔེ་ལས་བཤས་སོ།། །།

༄༅། །རྫོང་འཕྲང་ལས། ཐེམ་ཡིག་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསང་སྔགས་ཐམས་ཅད་བསྡུ་ན་རྣམ་གཉིས་ཏེ། ལྟ་བའི་སྡོམས་དང་། སྤྱོད་པའི་སྡོམས་སོ། །ལྟ་བའི་སྡོམས་ལ་གཉིས། ལྟ་བའི་རྫོང་དང་། ལྟ་བའི་འཕྲང་ངོ་། །རྫོང་ལ་གཉིས། ཁྱབ་བདལ་བདེ་བ་ཆེན་པོའི་རྫོང་དང་། འབ་ཆབ་ཀུན་འདས་དགོངས་པའི་རྫོང་ངོ་། །ཁྱབ་བརྡལ་བདེ་བ་ཆེན་པོའི་རྫོང་ནི། དགོངས་ཆེན་བཅ་གསུམ་ཡིན་ཏེ། ནམ་མཁའ་ཀློང་ཡངས་དགོངས་པ། རྒྱ་མཚོ་ཀློང་ཡངས་དགོངས་པ། མེ་ལོང་གཡའ་དག་དགོངས་པ། ཟ་འོག་གར་ཁྱིམ་དགོངས་པ། །ཉི་ཟླ་ཁ་སྦྱོར་དགོངས་པ། ཁྱང་ཆེན་གཤོག་རྫོགས་དགོངས་པ། སེང་ཕྲག་རྩལ་སྦྱོང་དགོངས་པ། ཆ་བྱ་རླན་སྐེམ་དགོངས་པ། སྲིད་གསུམ་རྣམ་དག་དགོངས་པ། ཡལ་སེམས་གཉིས་མེད་དགོངས་པ། ཁམས་གསུམ་ཡོངས་སྒྲོལ་དགོངས་པ། དག་ལྔ་གཏན་སྤྲུགས་ཀྱི་དགོངས་པ། དུས་བཞི་མཉམ་སྦྱོར་གྱི་དགོངས་པ། དེ་རྣམས་ཆོས་ཉིད་ཁྱབ་བདལ་ཆེན་པོའི་རྫོང་ཡིན། འབ་ཆབ་ཀུན་འདས་དགོངས་པའི་རྫོང་ནི། དགོངས་པ་བཅ་པོའི་དོན་ཡང་། ལྟ་བ་དང་། སྒོམ་པ། སྤྱོད་པ་འབྲས་བ་བཞིར་འདས་ལ། དེ་བཞི་ཡང་རང་གི་སེམས་སུ་འབ་ཆབ་པས། བྱང་ཆབ་སེམས་སུ་འདས་པ། འབ་ཆབ་ཀུན་འདས་དགོངས་པའི་རྫོང་ཞེས་བྱའོ། །ལྟ་བའི་འཕྲང་ལ་གསུམ་སྟེ། གསང་བའི་དགྲ་གསུམ་བསད་པ་དང་། །འཇིགས་པའི་བདད་བཞི་གཞོམ་པ་དང་། །འགྲོ་དྲག་གཡང་སུ་བཅད་པའོ། །སྤྱོད་པའི་སྡོམས་ལ་བཅ་སྟེ། འཇམ་དཔལ་སྐུ་ཡི་སྒྲུབ་པ་ནི། །འཁོར་ལོ་བཞི་ཡི་དགོངས་པ་སྟེ། །འཇམ་དཔལ་སྐུ་གཅིག་མ་ལ་འདས། །པདྨ་གསང་གི་སྒྲུབ་པ་ནི། །རྟ་སྐད་ཐེངས་གསུམ་དགོངས་པ་སྟེ། །པདྨ་གསང་གཅིག་མ་ལ་འདས། །ཡང་དག་ཐགས་ཀྱི་སྒྲུབ་པ་ནི། །ར་ལ་འབྲ་བརྒྱད་དགོངས་པ་སྟེ། །ཐགས་ཀྱི་མེ་གཅིག་མ་ལ་འདད། །བདད་རྩི་ཡོན་ཏན་སྒྲུབ་པ་ནི། །བདད་རྩི་རྣམ་དག་དགོངས་པ་སྟེ། །བདད་རྩི་བམ་གཅིག་མ་ལ་འདས། །ཕར་པ་འཕྲིན་ལས་སྒྲུབ་པ་ནི། །ཕར་པ་ཐལ་འབྱིན་དགོངས་པ་སྟེ། །གསང་པ་ཕར་གཅིག་མ་ལ་འདས། །མ་མོ་རྦོད་གཏོང་སྒྲུབ་པ་ནི། དམ་རྫས་བྱིན་ནས་ལས་ལ་འབོད་ན་མ་མོ་ཡམ་གཅིག་མ་ལ་འདས། འཇིག་རྟེན་མཆོད་སྟོད་སྒྲུབ་པ་ནི། །གཏོར་མ་བྱིན་ནས་མཆོད་ཅིང་བསྟེན། །དམ་རྫས་གཏོར་མའི་གཏའ་ལ་འདས། །དམོད་པ་དྲག་སྔགས་སྒྲུབ་པ་ནི། །སྔགས་ཀྱི་དམོད་པས་སྙིང་སྲོག་གཅོད། །དམ་ཅན་སྲོག་གི་སྙིང་པོར་འདས། །ཐམས་ཅད་གཅིག་ཏུ་སྒྲུབ་པ་ནི། །ཁ་བསྒྱུར་དྲག་གིས་སྒྲུབ་པར་འདས། །གཅིག་པོ་སེམས་སུ་སྒྲུབ་པ་ནི། །རྣལ་འབྱོར་དབང་ཕྱག་དགོངས་པར་འདས། །སྤྱོད་པའི་འཕྲང་ལ་རྣམ་གསུམ་སྟེ། །ཕྱི་ལྟར་སྲོག་སྙིང་འཕྲོག་པ་དང་། །ནང་ལྟར་སྲོག་སྙིང་འཕྲོག་པ་དང་། །གསང་བར་སྲོག་སྙིང་འཕྲོག་པའོ། །རྫོང་འཕྲང་གཉིས་ཀྱི་མན་ངག་འདིའི། །ལྟ་བའི་སྡོམས་ཆེན་མ་ཤེས་ན། །ཐོས་པ་ཆེ་ཡང་ནེ་ཙོ་འདྲ། །མཁས་ཀྱང་གྲོལ་བར་མ་གསངས་སོ། །སྤྱོད་པའི་སྡོམ་ཆེན་མ་ཤེས་ན། །མཐ་སྟོབས་ཆེ་ཡང་སྲིན་པོ་འདྲ། །ཐར་པ་ཐོབ་པར་མ་གསངས་སོ། །ལྟ་སྤྱོད་ལྡན་པ་ཤིན་ཏུ་གཅེས། །ཞེས་གདམས་སོ། །རྫོང་འཕྲང་གི་ཐེམ་ཡིག །ཨྠྀི། རྒྱ་རྒྱ་རྒྱ།། །།སློབ་དཔོན་གྲུབ་ཐོབ་དངོས་གྲབ་ལ། མྱང་རལ་པ་ཅན་གྱིས་ཞས་སོ། །

༄༅། །རྫོང་འཕྲང་ལས། རྫོང་གསུམ་འདས་པའི་ཊཱི་ཀ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསང་སྔགས་རྫོང་གི་མན་ངག །རྫོང་དང་པོ་ཀུན་གཞི་གནད་ཀྱི་སྟོང་ཐན་འདི་ལ། ཀུན་གཞིའི་སྣང་ལགས། སྣང་ཚད་སྣང་ཐབས་གསུམ་མོ། །དེ་ལ་ཀུན་གཞིའི་སྣང་ལུགས་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་དང་། ཤེས་བྱའི་གཤིས་དེ་སངས་རྒྱས་ལ་མ་བསྣན། སེམས་ཅན་ལ་མ་ཕྲི། མཉམ་པ་རིས་མེད། བདེ་བ་ཕྱོགས་མེད། དེ་ལ་ཀུན་གཞི་བྱང་ཆབ་ཀྱི་སེམས་ཟེར་བ་ཡིན། དེ་ལ་ཡིད་ཀྱི་རྣམ་པར་རྟོག་པས་ཁ་ཕྱིར་བལྟས་པས། སྣོད་ཀྱི་འཇིག་རྟེན་དང་། བཅད་ཀྱི་སེམས་ཅན་སྣང་། ཡལ་ལ་དགེ་སྡིག་གི་མཚན་མར་འཛིན་པ་ཡིན་ནོ། །དེ་ལ་ནི་རྣམ་པར་རྟོག་པའི་ཡིད་དུ་ངོས་བཟང་ངོ་། །གཞི་རྣམ་པར་ཤེས་པ་ཆོས་ཀྱི་སྐུ་ནི། གཞི་གང་གིས་ཀྱང་མི་འགྱུར་བ། རྐྱེན་གང་གིས་ཀྱང་མི་ཤིག་པ། རྒྱ་རྐྱེན་གྱིས་མ་བསྐྱེས་པས། དགེ་སྡིག་གི་སུ་བོན་གྱིས་མ་གོས་པ། བྱང་ཆབ་ཀྱི་སེམས་ཞེས་བྱའོ། །བྱང་བ་ནི་ཀུན་གཞི་དེ་ཡི་རྣམ་ཤེས་སྟོང་པ་ལ་ཉོན་མོངས་པའི་དྲི་མ་ཡེ་ནས་མེད་པའོ། །ཆབ་པ་ནི་ཀུན་གཞི་དེ་ཡེ་ནས་རང་བྱང་མ་བཅོས་པར་གནས་པའོ། །སེམས་ནི་རྣམ་པར་ཤེས་པ་དེ་གསལ་ལ་ངོས་བཟང་མེད་པ་ལ་བྱའོ། །དེ་ཡི་དོན་མ་རྟོགས་པས་ཐེག་པ་གཞན་ཀུན་གཞི་ལ་ལས་དང་བག་ཆགས་བཟང་ངན། དགེ་སྡིག་སུ་བོན་ལས་ཐར་པ་ཐོབ་ཏུ་རེ་བ་རྣམས། ཀུན་གཞི་ངོ་མ་ཤེས་པས་ལོང་བས་ལམ་མི་ཆོད་པ་དང་འདྲའོ། །གཉིས་པ་ཀུན་གཞིའི་སྣང་ཚད་ནི། ནམ་མཁའ་དང་འདྲ་སྟེ། ཡ་གི་སངས་རྒྱས་ནས་མ་གི་དམྱལ་བ་ཡན་ཆད་ལ། བཟང་ངན་མེད་པར་ཉམས་ཀད་དེ་གནས་སོ། །གསམ་པ་སྣང་ཐབས་ལ་གསམ། གཞི་ལམ་འབྲས་བ་གསམ། གཞི་ནི་དངོས་དང་གཟགས་བརྙན་ཡིན་ཏེ། དངོས་གཞི་རང་གི་བཞི་སེམས་ཡིན། གཟགས་བརྙན་སངས་རྒྱས་དང་སེམས་ཅན་འཁོར་འདས་གཉིས་སུ་སྣང་བ་ཡིན། དེ་གཉིས་ཀ་སེམས་ཀྱི་སྣང་བ་ཡིན་ཏེ། དཔེར་ན་མེ་ལོང་གཅིག་ལ་བཞིན་གྱི་གཟགས་བརྙན་ཐ་དད་པར་སྣང་ཡང་། བཞིན་དང་མེ་ལོང་གཅིག་ལས་མེད་པ་ལྟར། འཁོར་འདས་གཉིས་ཀ་སེམས་སུ་གཅིག་བས་རྟོགས་མ་རྟོགས་མེད་དོ། །ལམ་ནི་ངོ་བོ་དང་ངོ་གང་ལ་བྱ་སྟེ། ངོ་བོ་ནི་བསྒོམ་བྱ་ལ་སྟེ། སེམས་ཀྱི་ངོ་གང་ལ་མཚན་བཅས་མཚན་མེད་གང་སྒོམ་སྒོམ་དུ་སྣང་བ་ཡང་དེ་རྩ་བ་སེམས་ཡིན་སེམས་ལས་མ་འདས་སེམས་ཀྱི་རྩལ་སྣ་ཚོགས་སུ་ཤར་བ་ཡིན་ནོ། །ངོ་བོ་གང་ཞེ་ན། དཔེ་རྒྱ་མཚོ་ལ་གཟའ་སྐར་སྣ་ཚོགས་ཤར་ཡང་། ངོ་བོ་རྒྱ་མཚོ་ལས་མ་འདས་སོ། །དེ་བཞིན་དུ་མཚན་མེད་སྟོང་པ་ཉིད་ཀྱི་སྒོམ་ཐབས་སྣ་ཚོགས་དང་། མཚན་བཅས་ལྷ་སྐུ་སྣ་ཚོགས་ཀྱང་། སེམས་ཀྱི་ངོ་བོ་སྒོམ་ལས་མ་འདས་སོ། །འབྲས་བ་ནི། རང་སྣང་དང་གཞན་སྣང་ནི། རང་སྣང་དུ་མཚན་བཅས་ལྷའི་སྐུ་སྣ་ཚོགས་རང་ལ་གསལ་བ་དང་། མཚན་མེད་སྐུ་གསུམ་རང་གི་སེམས་ལ་མངོན་དུ་གྱུར་ཀྱང་། རང་སྣང་ཡིན། གཞན་སྣང་མིན། གསང་སྤྱོད་དང་། རིག་སྤྱོད་དང་། འཕྲིན་ལས་རྣམས་བཞི་ཡི་ལས་ཀྱིས་གཞན་དོན་བྱེད་པ་ལྟར་སྣང་ཡང་། གཞན་སྣང་མ་ཡིན་པར་རང་སྣང་ཡིན། བྱེད་མཁན་རང་གི་སེམས་ཡིན་ནོ། །དཔེར་ན་རྨི་ལམ་ན་བདེ་སྡུག་གི་དངོས་པོ་རང་ལ་ཇི་ལྟར་སྣང་ཡང་། གཞན་ལ་མི་སྣང་བ་བཞིན་ནོ། །རང་སེམས་མངོན་དུ་གྱུར་ནས་ཏིང་ངེ་འཛིན་ལོངས་སྤྱོད་ཀྱང་རང་སྣང་ཡིན། སྟོང་པ་ཉིད་ཀྱི་དོན་རྟོགས་ན། འཁོར་འདས་རོ་གཅིག་པར་སྣང་ཡང་རང་སྣང་ཡིན་ནོ། །སེམས་སངས་རྒྱས་རྟོགས་ཀྱང་རང་སྣང་ཡིན་ནོ། །མ་རྟོགས་འཁྲལ་པས་སྤྱོད་པ་རྣམས་ལ། ཕ་དང་མ་དང་བ་དང་གྲོགས་དགྲ་དང་གཉེན་དུ་སྣང་བ་ཐམས་ཅད་གཞན་སྣང་མ་ཡིན་རང་སྣང ་ཐ་དད་པ་དེས་བཅིངས་པ་ཡིན་ནོ། །ཧྲིལ་གྱིས་དྲིལ་བས་ཀུན་རྣམ་པར་རྟོག་པའི་ཡིད་དང་གཞི་ཤེས་པ་ཆོས་ཀྱི་སྐུ་འདྲེས་པ་ལ་ཀུན་གཞི་ཞེས་བྱའོ། །དཔེར་སུ་དང་ཆ་འདྲེས་པ་ལ་རྙོགས་མར་མིང་བཏགས་པ་དང་འདྲའོ། །ཡིད་ཀྱི་རྙོག་མ་སྟོག་པ་དང་སུ་པ་དེ་ལ་བྱང་ཆབ་ཀྱི་སེམས་ཞེས་བྱའོ། །དེ་རྣམས་ཀྱིས་གཞི་གཏན་ལ་ཕབ་པ་ཡིན་ནོ། །ཀན་གཞི་གནད་ཀྱི་སྟོང་ཐན་རྫོང་དང་པོའི་གདམས་ངག་དྲིལ་བ་ཡིན་ནོ། །ད་ནི་གཞི་ཐོག་དེ་ནས་ཡར་ལ་འཚང་རྒྱ་དགོས་པས། དེ་ལ་སངས་རྒྱས་ཀྱི་སུ་གཏན་ལ་འབེབས་དགོས། དེ་ལ་གསུམ་གཞི་ཡི་སྐུ་གསམ། ལམ་གྱི་སྐུ་གསམ། འབྲས་བའི་སྐུ་གསུམ་མོ། །དང་པོ་གཞི་ཡི་སྐུ་གསུམ་ནི། སྐ་གསུམ་རང་ལ་གནས་པ་དེ། འགྲོ་དྲག་གི་སེམས་ཅན་གྱིས་སྐུ་གསུམ་གྱི་དོན་མ་ཤེས་པས་འཁོར་བར་འཁྱམས་སོ། །སྙིང་པོ་བྱང་ཆབ་ཀྱི་སེམས་ཡེ་གདོད་མ་ནས་མ་བཅོས་མ་བསླད་པ་དེ། སངས་རྒྱས་ཀྱི་ཐགས་སེམས་ཅན་གྱི་སེམས་སོ། །དེ་ཀ་ན་མཉམ་པ་རིས་མེད་དུ་གནས་པ་དེ་ཆོས་ཀྱི་སྐ། སངས་རྒྱས་དང་སེམས་ཅན་འཁོར་འདས་གཉིས་ཀྱི་སྣང་ཚལ་རྟོགས་ན་སངས་རྒྱས་སུ་ལོངས་སྤྱོད། མ་རྟོགས་ན་སེམས་ཅན་དུ་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐ། འཁོར་འདས་གཉིས་ཀྱི་སྣང་བ་ལ་དབང་བསྒྱུར་བས་སྤྲུལ་པའི་སྐའོ། །གཉིས་པ་ལམ་གྱི་སྐུ་གསུམ་ནི། ཏིང་ངེ་འཛིན་གྱི་བྱེ་བྲག་གིས་མཚན་བཅས་ལྟའི་སྐུ་ཡི་བྱེ་བྲག་ཡལ་གསུམ་དུ་གསལ་བ་དང་། མཚན་མེད་སྟོང་པ་ཉིད་ལ་བློ་ཇི་ལྟར་གནས་པ་ཐམས་ཅད་རང་གི་སེམས་ཉིད་ཆོས་སྐུ་མ་བཅོས་པའི་འདག་ཚལ་དུ་འདག་པས་ཆོས་ཀྱི་སྐུ་ཡིན། ཏིང་ངེ་འཛིན་གྱི་སྣང་བའི་ཉམས་ཐམས་ཅད་རང་སེམས་ལ་ལོངས་སྤྱོད་དུ་ཡོད་པས་ལོངས་སྐུ་ཡིན་ནོ། །དེ་ལྟར་བའི་ཏིང་ངེ་འཛིན་རང་གི་རྒྱུད་ལ་སྐྱེས་པ་དེ། གཞན་ལ་སྟོན་ནས་པས་རང་གཞན་དོན་བྱེད་པས་སྤྲུལ་པའི་སྐའོ། །གསམ་པ་འབྲས་བའི་སྐུ་གསུམ་ནི། གཞི་ཡི་སྐུ་གསུམ་ལ་ངོ་ཤེས། ལམ་གྱི་སྐུ་གསུམ་ལ་བརྟན་པ་ཐོབ་ནས། ཟག་བཅས་ཀྱི་ཕང་པོ་འདིར་འདོར་བའི་དུས་སུ་བར་དོ་ལ་སེམས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་དེངས་ནས་ཡེ་ཤེས་ཀྱི་སྐུ་ལ་གནས་པ་ཆོས་ཀྱི་སྐ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ལོངས་སྤྱོད་དོ། །སྙིང་པོ་བྱང་ཆབ་སེམས་སྐྱེ་འཆི་མེད་བ་ཡེ་ནས་ཡིན་པར་ཤེས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེ་ཉིད་སྣ་ཚོགས་སུ་སྣང་བས་གསལ་ལ་མ་འགགས་པ་མེ་ལོང་ལྟ་བའི་ཡེ་ཤེས། ཆོས་ཐམས་ཅད་སྐྱེ་འགགས་གཉིས་མེད་ཀྱི་ཀློང་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས། འགྲོ་བའི་དོན་དུ་སོ་སོར་གང་ལ་གང་མོས་སུ་སྟོན་པས་སོ་སོར་རྟོགས་པའི་ཡེ་ཤེས། བདག་གཞན་གྱི་དོན་རང་གི་སེམས་ལས་གྲབ་པས་བྱ་བ་གྲབ་པའི་ཡེ་ཤེས་སོ། །དེ་ནི་རང་སྣང་དུ་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐའོ། །དེ་ལྟ་བའི་ངང་ལས་སྐུ་གསང་ཐགས་མི་ཟད་རྒྱན་གྱི་འཁོར་ལོས་འགྲོ་བའི་དོན་མཛད་པས་གཞན་སྣང་ལ་གང་ལ་གང་འདལ་ཅི་ལ་ཅི་འདལ་དུ་སྟོན་པས་སྤྲུལ་པའི་སྐའོ། །དེ་ནི་གཞི་ལས་རྟོགས་ཐོབ་དུས་གཅིག་ཏུ་སངས་རྒྱས་བས་འབྲས་བ་སྐུ་གསུམ་ལྷན་གྲབ་པོ། ཧྲིལ་གྱིས་དྲིལ་བས། གཞི་ཡི་སྐུ་གསུམ་གྱི་དུས་སུ་ངོ་ཤེས་པར་བྱས་ལ་རྟག་པར་ཉམས་སུ་བླང་སྟེ། བརྟན་པ་ཐོབ་པར་བྱའོ། །ལམ་གྱི་སྐུ་གསུམ་གྱི་དུས་སུ་ཤེས་པ་གཅན་ལ། མཚན་བཅས་མཚན་མེད་ཐམས་ཅད་ལ་རིག་པ་རྩལ་སྦྱོང་བས་སེམས་ལས་སུ་རང་བར་བྱ། འབྲས་བའི་སྐུ་གསུམ་གྱི་དུས་སུ་འཆི་ཁར་བསྒོམས་ཏེ། སྐ་གསུམ་ངོས་ཟིན་པས་བར་དོར་འཚང་རྒྱ་བ་སྟེ། སྐ་གསུམ་ཡེ་ཤེས་ལྔ་འཆར་བ་ཡིན་ནོ། །དེ་རྣམས་ཀྱིས་འབྲས་བ་སྐུ་གསུམ་གཏན་ལ་དབབ་པ་རྫོང་གཉིས་པའི་གདམས་ངག་དྲི་བ་ཡིན་ནོ། །ད་ནི་གཞི་ལམ་འབྲས་བ་གསུམ་གྱིས་སངས་རྒྱས་ཀྱི་སུ་གཏན་ལ་མ་ཕེབས་ནས་སངས་མ་རྒྱས་ན། མར་འགྲོ་དྲག་ཏུ་འཁྲལ་འགྲོ་བས། རྫོང་གསུམ་པ་མ་རིག་སྒོ་ངའི་སྦུབས་འབྱེད་འཁྲལ་གཞི་རྩད་གཅོད་སྟོན་ཏེ། ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ཐོག་མར་མ་རིག་པ་ལས་འཁྲལ་ནས། གཞི་གནས་ལུགས་ཀུན་གཞི་བྱང་ཆབ་སེམས་དེ་རང་ལ་ཡོད་པར་ངོ་མ་ཤེས། མ་རིག་པ་ངོ་ཤེས་པར་བྱེད་པ་ལ་དོན་ལྔ། ངོ་བོ་ཉིད་ཀྱི་རྒྱུད། མཚངས་པར་ལྡན་པ། ཀུན་ཏུ་བརྟག་པ། འཕེན་པ་དང་། ཉེ་བར་ལེན་པའོ། །དེ་ལ་མ་རིག་པའི་ངོ་བོ་ནི། སེམས་ཡིན་ཏེ། སེམས་རང་གིས་རང་ངོ་མ་ཤེས་པས། མན་པའི་སྨག་ལ་རང་གི་ལས་མི་མཐོང་བ་ལྟར། གནས་ལུགས་རང་ལ་གནས་ཀྱང་མ་མཐོང་བ་ཡིན་ནོ། །གཉིས་པ་མཚངས་པར་ལྡན་པ་ནི། རང་གི་སེམས་ལ་སངས་རྒྱས་དང་སེམས་ཅན་འཁོར་འདས་ཀུན་གྱི་རྩ་བ་མཉམ་ཀད་དེ་མཚངས་པར་ལྡན་ཏེ། རྟོགས་ན་སངས་རྒྱས། མ་རྟོགས་སེམས་ཅན། རྟོགས་ན་སྟོང་པ། མ་རྟོགས་སྣང་བ། རྟོགས་ན་ཡེ་ཤེས་མ་རྟོགས་མ་རིག་པའོ། །གསམ་པ་ཀུན་ཏུ་བརྟག་པ་ནི། གཏི་མག་གི་རྟོག་པས་ང་དང་བདག་ཏུ་རང་ལ་བཟང་། འདོད་ཆགས་དབང་གིས་གྲོགས་དང་བ་དང་ནོར་དང་གཉེན་དུ་བརྟག །ཞེ་སྡང་དབང་གིས་དགྲ་དང་གཞན་དུ་བརྟགས་སོ། །བཞི་པ་འཕེན་པ་ན། ཞེ་སྡང་དབང་གིས་དམྱལ་བར་འཕེན། འདོད་ཆགས་ཀྱིས་ཡི་དྭགས་སུ་འཕེན། གཏི་མག་གིས་བྱོལ་སོང་དུ་འཕེན། ཉེ་བར་ལེན་པ་ནི། འགྲོ་བ་རིགས་དྲག་གར་སྐྱེས་པ་ཐམས་ཅད་དུ་ལས་བླངས་ནས་ཉེ་བར་ཕང་པོ་ལྔ་ལ་སོགས་པ་ལེན་ནོ། །སྡུག་བསྔལ་སྣ་ཚོགས་སུ་སྣང་བས་འཁྲལ་པ་ཡིན་ནོ། །དེ་ལ་འཁྲལ་པ་དེ་དག་ལས་གྲོལ་ནས་བཟློག་པར་བྱ་བ་ནི། ངོ་བོ་ཉིད་ཀྱི་རྒྱུད་ནི། མ་རིག་པའི་ངོ་བོ་དེ་རང་གིས་རིག་པས། སེམས་ཉིད་ངོ་བོ་ཅི་ཡང་མ་ཡིན་པ་དེ་ལ་སྐྱེ་འཆི་འཕོ་འགྱུར་མེད་པས་མ་སྐྱེས་པ། དགག་སྒྲུབ་སྤང་ཐོབ་མེད་པས་མ་འགགས་པ། འཁོར་འདས་མ་སྤང་རང་སར་གྲོལ་བས་ངོ་བོ་ཉིད་ཀྱི་སྐ། རང་བྱང་གི་ཡེ་ཤེས་རང་ཤར་བར་ངོ་ཤེས་པས། བདག་འཛིན་རྟག་པ་ཐེར་ཟག་ཅན། མཉམ་པ་ཕྱོགས་རིས་མེད་པར་རྟོགས་པས་ཕྱིའི་དགྲ་བསད་དོ། །གཉིས་པ་མཚངས་པར་ལྡན་པ་ནི། སེམས་སྐྱེ་འཇིགས་མེད་པ་དེ་ཉིད་འཁོར་འདས་ཀུན་གྱི་རྩ་བར་སྣང་བས། འཁོར་འདས་མ་སྤངས་གཞི་ནས་དག་པས་མི་འགྱུར་བ་རྡོ་རྗེ་ལྟ་བའི་སྐུ་ལ། ང་དང་བདག་འཛིན་ལས་གྲོལ་བས་ནང་གི་དགྲ་བསད། གསམ་པ་ཀུན་ཏུ་བརྟགས་པ་ནི། ཉོན་མོངས་པ་དག་གསུམ་སེམས་ལས་བྱང་། སེམས་སྟོང་པའི་ངང་དུ་དག་གསུམ་རང་གྲོལ་བས། དཔེར་ན་སོ་པ་ནས་བྱར་སོད་ན་དགྲ་མི་ཡོང་བ་ལྟར། སེམས་ངོ་ཤེས་པས་མངོན་པར་བྱང་ཆབ་པའི་སྐ། ཡལ་སྣང་སེམས་སུ་གྲོལ་བས་གསང ་བའི་དགྲ་བསད་དོ། །བཞི་པ་འཕེན་པ་ནི། འགྲོ་བ་རིགས་དྲག་སེམས་སུ་གྲོལ་བ་ལས། དགེ་སྡིག་ཀ་ནས་དག་སྟེ། འཕེན་པའི་ཡལ་མེད་པས་འགྲོ་དྲག་གཞི་ནས་དག་གོ། །ལྔ་པ་ཉེ་བར་ལེན་པ་ནི། ཐམས་ཅད་སེམས་སུ་ངོ་ཤེས་པས་སེམས་སྟོང་པ་ལ་སྐྱེ་ཤི་འཕོ་འགྱུར་མེད་པས་འགྲོ་དྲག་ཏུ་ཉེ་བར་ལེན་པའི་ལས་བླང་དུ་མེད་དེ་གྲོལ་བས་འགྲོ་དྲག་གི་གཡང་སུ་ཆོད་དོ། །ཧྲིལ་གྱིས་དྲིལ་ན། ཕྱི་བཟང་བའི་ཡལ་ལས་འཁྲལ་བ། ཕྱི་ནང་སྣོད་བཅད་དུ་སྣང་བ་འདི་ཡིན་པས། སྣང་བ་སེམས་སུ་ཤེས་པས་ཕྱི་བཟང་བའི་ཡལ་ལས་གྲོལ། ནང་འཛིན་པའི་སེམས་ལས་འཁྲལ་བ། ང་བདག་ཏུ་འཛིན་པའི་ཤེས་པ་ཡིན་པས། སེམས་ཉིད་སྟོང་པར་ཤེས་པ་ང་བདག་འཛིན་པ་ལས་གྲོལ། གསང་བ་གཟང་འཛིན་གཉིས་མེད་ལས་འཁྲལ་བ། མ་རིག་པ་ངོ་མ་ཤེས་པས། རང་ངོ་རང་གིས་མ་ཤེས་ཏེ་འཁྲལ་པ་ཡིན་པས། །སྣང་བ་སེམས་སུ་ཤེས། སེམས་སྟོང་པར་ཤེས། སྟོང་པ་རང་འབྱང་ཡེ་ཤེས་རང་ངོ་རང་གིས་ཤེས་པས་གཟང་འཛིན་གཉིས་ཀ་རང་སར་གྲོལ་ལོ། །མ་རིག་པ་རིག་པ་རང་བྱང་གི་ཡེ་ཤེས་སུ་འཆར་བས། མ་རིག་སྒོ་ངའི་སྦུབས་འབྱེད་པའི་གདམས་ངག །རྫོང་གསུམ་པའི་གདམས་ངག་དྲིལ་བ་ཡིན་ནོ། །མཁས་པ་མི་བཞི་ཡི་གདམས་པ། རྫོང་གསུམ་འདས་པའི་ཊི་ཀ་ཞེས་བྱ་བ་སྙན་རྒྱུད་ཀྱི་གདམས་ངག །ཨྠྀི། རྒྱ་རྒྱ་རྒྱ།། །།སློབ་དཔོན་གྲུབ་ཐོབ་དངོས་གྲབ་ལ་མྱང་རལ་པ་ཅན་གྱིས་ཞས་སོ། །མྱང་རལ་ཕྱག་བྲིས་མའི་བ་ཡིག་མངའ་རིས་པཎ་ཆེན་གྱི་ཕྱག་དཔེ་ལས་བཤས་སོ། །

༄༅། །རྫོང་འཕྲང་ལས། དགོངས་ཆེན་བཅ་གསུམ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཁས་པ་མི་བཞི་ཡི་གདམས་པ། རྫོང་གི་གདམས་པ་དགོངས་པ་བཅ་ཡི་མན་ངག ༡༽ །ནམ་མཁའ་ཀློང་ཡངས་དགོངས་པ་ནི། །འབྱང་བ་ནམ་མཁའི་ངང་ལས་མ་གཏོགས་པ། །སྤྲིན་དང་ཁ་རླངས་གད་ནས་བྱང་བ་མེད། །རང་བྱང་རང་ཞི་ནམ་མཁའི་ངང་དུ་ཞི། །ཆོས་ཉིད་བྱང་ཆབ་སེམས་ལས་མ་གཏོགས་པ། །རྟོག་པའི་མཚན་མ་བྱང་ཚོར་གད་ན་མེད། །རང་བྱང་ར ང་ཞི་སེམས་ཀྱི་ངང་དུ་ཞི། །མཐའ་བྲལ་རྒྱ་ཆད་ཕྱོགས་ལྷང་མེད་པར་ཞོག །ནམ་མཁའ་ཀློང་ཡངས་དགོངས་པ་གསངས་པ་ཡང་། བྱང་ཆབ་སེམས་ཉིད་རྒྱ་ཆད་མེད་པ་ཡིན། ༢༽ །རྒྱ་མཚོ་ཀློང་ཡངས་དགོངས་པ་ནི། །དཔེར་ན་རྒྱ་མཚོ་ཀློང་ཡངས་ན། །རྒྱ་མཚོ་ཡི་ཆོ་འཕྲལ་བསམ་མི་ཁྱབ། །ཆ་རླབས་སྣ་ཚོགས་ཅི་སྣང་ཡང་། །རྒྱ་མཚོ་ཉིད་དེ་རྒྱ་མཚོའི་ཀློང་། །དེ་བཞིན་རིག་པ་བྱང་ཆབ་སེམས། །སེམས་ཀྱི་ཆོ་འཕྲལ་ཅིར་སྣང་ཡང་། །རིག་པ་ཉིད་དེ་རིག་པའི་ཀློང་། །སེམས་ཉིད་ཀློང་ལ་གཏིང་དཔག་མེད། །གཡོ་འགལ་མེད་པའི་ངང་ལ་ཞོག །རྒྱ་མཚོ་ཀློང་ཡངས་དགོངས་པ་གསངས་པ་ཡང་། །སེམས་ཉིད་ཡེ་ནས་གཏིང་དཔག་མེད་པ་ཡིན། ༣༽ །མེ་ལོང་གཡའ་དག་དགོངས་པ་ནི། །དཔེར་ན་མེ་ལོང་གཡའ་དག་ལས། །གཟགས་བརྙན་དཀྱིལ་འཁོར་སྣ་ཚོགས་འབྱང་། །གསལ་ཡང་མེ་ལོང་གཟགས་བརྙན་ཡང་། །གཞི་དང་སོ་སོ་ཐ་མི་དད། །དེ་བཞིན་རིག་པའི་སེམས་ཉིད་དེ། །སྣང་སྲིད་ཐམས་ཅད་འབྱང་བའི་གནས། །བྱང་ཡང་སེམས་དང་གཉིས་སུ་མེད། །གཉིས་མེད་མཉམ་པ་ཆེན་པོ་ནི། །གསལ་ལ་ངོས་བཟང་མེད་པར་གདོག །མེ་ལོང་གཡའ་དག་དགོངས་པ་གསངས་པ་ཡང་། །བྱང་ཆབ་སེམས་ལ་ངོས་བཟང་མེད་པ་ཡིན། ༤༽ །ཟ་འོག་གར་ཁྱིམ་དགོངས་པ་ནི། །དཔེར་ན་ཟ་འོག་གར་ཁྱིམ་ནང་། །གཟགས་བརྙན་སྣ་ཚོགས་འབྱང་བའི་གནས། །གཟགས་བརྙན་ཉིད་ཀྱང་ཟ་འོག་ལ། །གཟགས་དང་ཟ་འོག་གཉིས་སུ་མེད། །དེ་བཞིན་སྙིང་པོ་བྱང་ཆབ་སེམས། །འཁོར་འདས་ཆོས་རྣམས་འབྱང་བའི་གནས། །སེམས་དང་འཁོར་འདས་གཉིས་སུ་མེད། །མ་སྤང་མ་སྒྲུབ་རང་གྲོལ་ཞོག །ཟ་འོག་བེར་ཁྱིམ་དགོངས་པ་གསུམ་པ་ཡང་། །སྣང་སྲིད་སེམས་ལས་བྱང་ཞིང་འདས་པ་ཡིན། ༥༽ །ཉི་མ་མཁའ་ཤར་དགོངས་པ་ནི། །སྣང་སྲིད་ཐམས་ཅད་དུས་གཅིག་ལ། །དེ་བཞིན་སེམས་ཉིད་དོན་རྟོགས་ན། །ཐམས་ཅད་སེམས་སུ་ལྷན་གྱིས་གྲབ། །རིག་པ་རང་ལ་ཤར་བ་ཡིན། །སྣ ་ཚོགས་མ་བཅིངས་རང་སར་གྲོལ། །གསལ་ལ་དྲི་མ་མེད་པར་ཞོག །ཉི་ཟླ་མཁའ་ཤར་དགོངས་པ་གསངས་པ་ཡང་། །སེམས་ལ་གསལ་འགྲིབ་མེད་པར་གནས་པ་ཡིན། ༦༽ །ཁྱང་ཆེན་གཤོག་རྫོགས་དགོངས་པ་ནི། །དཔེར་ན་ཁྱང་ཆེན་གཤོག་རྫོགས་པས། །ངམ་གྲོག་གཡངས་སུ་འཇིགས་པ་མེད། །རིག་པའི་རྩལ་ཆེན་རྫོགས་པ་ལས། །བྱིང་རྒོད་སྐྱོན་གྱིས་གོས་པ་མེད། །བསྒོམ་བྱ་སྒོམ་བྱེད་མ་གྲབ་པས། །བྱིང་རྒོད་སྐྱོན་དང་བཅོས་མི་དགོས། །རང་སེམས་རྩལ་ཆེན་རྫོགས་པ་ལ། །འཁོར་པའི་གཡང་ལ་ཉམ་ང་མེད། །ཁྱང་ཆེན་གཤོག་རྫོགས་དགོངས་པ་གསངས་པ་ཡང་། །འཁོར་བའི་གཡང་ལ་ཉས་ང་མེད་པ་ཡིན། ༧༽ །སེང་ཕྲག་རྩལ་རྫོགས་དགོངས་པ་ནི། །དཔེར་ན་སེང་ཕྲག་རྩལ་རྫོགས་པ། །གང་ལྟར་ཕྱིན་ཡང་ཉམས་ང་མེད། །སེམས་ཀྱི་རྩལ་ཆེན་རྫོགས་པ་ལ། །བདག་འཛིན་དགྲ་ཡི་འཇིགས་པ་མེད། །སེམས་ཉིད་རང་བྱང་ཡེ་ཤེས་འདི། །རང་རིག་དོན་དམ་སེམས་ལ་རྫོགས། །རྫོགས་པ་ཆེན་པོའོ་ངང་ལ་ཞོག །སེང་ཕྲག་རྩལ་སྤྱོད་དགོངས་པ་གསངས་པ་ཡང་། །ཆོས་ཉིད་རྟོགས་པ་རིག་པ་རྩལ་འབྱངས་ཡིན། ༨༽ །ཆ་བྱ་རླན་སྐེམ་དགོངས་པ་ནི། །དཔེར་ན་ཆ་བྱ་རླན་ལ་གནས། །ཆ་བྱ་རླན་གྱིས་རྩལ་གསུམ་རྫོགས། །ཏིང་འཛིན་གསལ་བའི་རླན་བརྟེན་ན། །རིག་པའི་རྩལ་ཆེན་རྫོགས་པར་འགྱར། །ཆ་བྱ་རླན་སྐེམ་དགོངས་པ་ནི། །ཏིང་འཛིན་རླན་གྱིས་བརྟན་པར་བྱ་ཕྱིར་གསང་། ༩༽ །སྲིད་གསུམ་རྣམ་དག་དགོངས་པ་ནི། །སྲིད་གསུམ་བསྡུས་པས་བྱང་ཆབ་སེམས། །ཡེ་ནས་དྲི་མེད་སྙིང་པོས་བྱས། །བྱས་པས་ཟད་མེད་རང་རང་ཉིད། །རང་ཉིད་དྲི་མེད་རྣམ་པར་དག །དེ་བཞིན་སྙིང་པོ་བྱང་ཆབ་སེམས། །བག་ཆགས་གང་གིས་གོས་པ་མེད། །འགྱར་བ་མེད་པར་རྣམ་པར་དག །སྲིད་གསུམ་གནས་པའི་སེམས་ཅན་རྣམས། །སྙིང་པོ་ཉིད་དེ་རྣམ་པར་དག །སྲིད་གསུམ་རྣམ་དག་དགོངས་པ་ནི། །སྲིད་གསུམ་སེམས་སུ་ཐག་ཆོད་དོན་ཡང་ཡིན། ༡༠༽ །ཡལ་སེམས་གཉིས་མེད་དགོངས་པ་ནི། །དཔེར་ན་ཡལ་སེམས་གཉིས་མེད་པ། །ཡུལ་དུ་སྣང་བ་རང་གིས་སེམས། །སེམས་ཉིད་མ་འགགས་ཡལ་དང་གཅིག །ཡལ་སེམས་ཡེ་ནས་གཉིས་སུ་མེད། །སེམས་ཀྱི་ཆོ་འཕྲལ་ཅིར་ཡང་སྣང་། །སེམས་ལས་བྱང་ནས་སེམས་སུ་འདས། །ཡལ་དང་སེམས་ལ་གཉིས་སུ་མེད། །གསལ་ལ་མ་འགགས་གཉིས་མེད་ཞོག །ཡལ་སེམས་གཉིས་མེད་དགོངས་པ་ནི། །སྣང་སྲིད་སེམས་སུ་ཐག་ནི་ཆོད་པ་ཡིན། ༡༡༽ །ཁམས་གསུམ་རང་གྲོལ་དགོངས་པ་ནི། །ཁམས་གསུམ་སྲིད་གསུམ་འཁོར་བ་ནི། །སས་ཀྱང་མ་བྱས་རང་ལ་བྱང་། །སེམས་ཉིད་མ་བཅོས་རང་ལ་གསལ། །དགོངས་པ་མ་བཅོས་དབྱིངས་ན་གསལ། །མ་བཅོས་རང་གྲོལ་དགོངས་པའི་མཆོག །མ་རྩོལ་བཞག་པས་འབྲས་བ་རྙེད། །ཁམས་གསུམ་རང་སར་གྲོལ་བའི་དགོངས་པ་ནི། །སྣང་བ་ཤེས་ན་ཆོས་ཉིད་ཤེས་པ་ཡིན། ༡༢༽ །དག་ལྔ་གཏན་སྤྲུགས་དགོངས་པ་ནི། །ཉོན་མོངས་དག་ལྔ་འབར་བ་ནི། །ཉོན་མོངས་ཞེ་སྡང་གཏི་མག་དང་། །ང་རྒྱལ་ཕྲག་དོག་ལ་སོགས་པ། །ཡེ་ནས་རང་བྱང་བཅོས་སུ་མེད། །སྤངས་པས་མི་སྤང་རང་སར་གྲོལ། །ང་ཉིད་ཤེས་ན་གཏན་ནས་བརླག །གྲོལ་བས་དགོངས་པ་རྣམ་པར་དག །དག་ལྔ་རང་སར་གྲོལ་བའི་དགོངས་པ་ཡང་། །དག་ལྔ་སྤང་དུ་མེད་པར་གྲོལ་བ་ཡིན། ༡༣༽ །དས་བཞི་མཉམ་སྦྱོར་དགོངས་པ་ནི། །ད་ལྟའི་དུས་དང་རྨི་ལམ་དས། །ཤི་བའི་དུས་དང་སྒོམ་པའི་དས། །དེ་ལྟར་དུས་བཞི་མི་འདྲ་བའི། །རང་ལ་སྣང་བ་བཞི་ཤར་ཡང་། །རང་སེམས་མིན་པར་འཆར་མི་སྲིད། །སེམས་ཉིད་སྣ་ཚོགས་སྣང་བ་ཡང་། །སེམས་ཀྱི་ངོ་བོ་བརྟག་ན་དབེན། །ཕྱོགས་སུ་མ་ལྷང་ངོས་མ་ཟིན། །དས་བཞི་སྣང་བ་རང་ལ་ཤར། །དེ་ལ་བརྟན་པ་མེད་པ་ནི། །དས་བཞི་མཉམ་པར་སྦྱོར་བ་ཡིན། །དས་བཞི་མཉམ་སྦྱོར་དགོངས་པ་གསངས་པ་ཡང་། །ད་ལྟ་རྨི་ལམ་ཕྱི་མ་ཏིང་འཛིན་མཉམ་པར་སྦྱོར་བ་ཡིན། །མཁས་པ་མི་བཞིའི་དགོངས་པ་གཅིག་ཏུ་དྲིལ། །དགོངས་ཆེན་བཅ་གསུམ་རིན་ཆེན་ཕྲེང་བ་འདྲ། །ཕྱི་རབས་བློ་ལྡན་ལས་ཅན་དོན་དུ་བཞག །ཨྠྀི། རྒྱ་རྒྱ་རྒྱ།། །། སློབ་དཔོན་གྲུབ་ཐོབ་དངོས་གྲབ་ལ། མྱང་རལ་པ་ཅན་གྱིས་ཞས་སོ། །

༄༅། །རྫོང་འཕྲང་ལས། ལྟ་དགོངས་བཞིའི་ངོ་སྤྲོད་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དགོངས་པ་བཅའི་སྲོག །ལྟ་དགོངས་བཞིས་བཟང་བ། མཁས་པ་མི་བཞིའི་གདམས་ངག་ཧྲིལ་ལ་དྲིལ་བ། སྣང་བ་སེམས་སུ་ངོ་སྤྲོད་པ་ཟ་འོག་བེར་ཁྱིམ་ནི། དཔེར་ན་ཟ་འོག་ལ་རྨ་བྱ་དང་སེང་གེ་ལ་སོགས་པའི་གཟགས་བརྙན་ཐ་དད་པ་མང་པོ་སྣང་ཡང་། གཟགས་བརྙན་དང་ཟ་འོག་ཐ་དད་མེད་དེ། གཟགས་བརྙན་གང་ཡིན་པ་ཟ་འོག་ལ། ཟ་འོག་གང་ཡིན་པ་གཟགས་བརྙན་ནོ། །གཟགས་བརྙན་དང་ཟ་འོག་གཉིས་སུ་མེད་དེ་ཐ་མི་དད་དོ། །དཔེ་དེ་བཞིན་དུ་སྣང་བ་དང་སྟོང་པ་ཡང་རང་གི་བྱང་ཆབ་སེམས་ཏེ་གཉིས་སུ་མེད་དོ། །སྣང་བ་གང་ཡིན་སྟོང་པ་ཡིན་ལ། སྟོང་པ་གང་ཡིན་སྣང་བ་སྟེ། སྣང་བ་དང་སྟོང་པ་གཅིག་སྟེ་གཉིས་སུ་མེད་དེ་ཐ་དད་མེད་པའོ། །ཕྱི་གཟང་བའི་ཡུལ་དུ་སྣང་བ་ཡང་རང་གི་སེམས་ཡིན་ཏེ། དངོས་པོ་དང་མཚན་མར་སྣང་བ་ཙམ་དུ་ཟད་དོ། །སྣང་བའི་ཡལ་ཉིད་ན་སྣང་བའི་ངོ་བོ་རང་བཞིན་གྱིས་སྟོང་སྟེ། སྣང་བ་དང་སྟོང་པ་རང་དབྱེར་མེད་པ་གཅིག་གི་རང་བཞིན་ཏེ། དེ་གཉིས་ཀ་རང་གི་རིག་པ་བྱང་ཆབ་སེམས་ཡིན་པས་སྣང་བ་སེམས་སུ་ངོ་སྤྲད་དོ། །ཡལ་སེམས་གཉིས་མེད་དུ་ངོ་སྤྲད་པ་མེ་ལོང་གཡའ་དག་གི་དགོངས་པ་ནི། དཔེར་ན་མེ་ལོང་གི་དཀྱིལ་དུ་གཟགས་བརྙན་བརྟས་པས་སྣ་ཚོགས་སྣང་ཡང་། མེ་ལོང་དང་གཟགས་བརྙན་ཐ་དད་པ་མེད་དེ། གཟགས་བརྙན་གང་དུ་སྣང་ཡང་། མེ་ལོང་ཉིད་ཀྱང་གཟགས་བརྙན་ལ། གཟགས་བརྙན་ཉིད་ཀྱང་མེ་ལོང་སྟེ། གཟགས་བརྙན་དུ་སྣང་ཡང་རང་བཞིན་མེད་དོ། །དེ་བཞིན་དུ་དབང་པོ་ལྔ་ཡི་ཡུལ་དུ་གཟགས་ལ་སོགས་པ་ཅིར་སྣང་ཡང་། སེམས་ཀྱི་སྣང་བ་ལས་ལོགས་ན་གྲབ་པ་མེད་དེ། ཡལ་སྣང་ཉིད་ཀྱང་སེམས་ལ། སེམས་ཉིད་ཀྱང་ཡལ་སྣང་སྟེ། སེམས་དང་ཡལ་གཉིས་ཀ་རང་བཞིན་མེད་པས། དེ་གཉིས་ཀ་རང་གི་བྱང་ཆབ་སེམས་ཡིན་ནོ། །ཡལ་སེམས་གཉིས་མེད་དུ་ངོ་སྤྲད་དོ། །སེམས་སངས་རྒྱས་སུ་ངོ་སྤྲད་པ་ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ་ནི། འདི་ལྟར་གྱི་སྣང་བ་འདོད་ཁམས། གཟགས་ཁམས། གཟགས་མེད་ཁམས་དང་། སྲིད་པ་གསུམ་གྱི་སྣང་བ་འདི་ཐམས་ཅད་མཚན་མ་དང་དངོས་པོར་འདི་ལྟར་སྣང་བ་ཐམས་ཅད་རང་གི་བྱང་ཆབ་སེམས་ཀྱི་རྣམ་པ་ཡིན་ཏེ། དཔེར་ན་གཉིད་ལོག་པའི་རྨི་ལམ་ན། ལྷ་ཡི་ཡུལ་དུ་ཕྱིན་ནས་ལྷ་ཡི་ལོངས་སྤྱོད་མང་པོ་ཉམས་སུ་མྱོང་བ། ལྷ་ཡུལ་དུ་ཕྱིན་པ་མ་ཡིན། སེམས་ཀྱི་སྣང་བ་ཙམ་ཡིན། རྨི་ལམ་ན་དམྱལ་བའི་ཡུལ་དུ་ཕྱིན་ནས་སྡུག་བསྔལ་སྣ་ཚོགས་མྱོང་ཡང་། དམྱལ་བར་ཕྱིན་པ་མ་ཡིན་སེམས་ཀྱི་སྣང་བ་ཙམ་ཡིན། ད་ལྟར་གྱི་སྣང་བ་མི་ཡུལ་དུ་སྐྱེས་ནས་བདེ་སྡུག་གི་སྣང་བ་སྣ་ཚོགས་ཤར་ཡང་། བདེ་སྡུག་དངོས་པོར་བྱང་བ་མ་ཡིན། སེམས་ཀྱི་སྣང་བ་ཙམ་ཡིན། དཔེ་དེ་བཞིན་ད། ཁམས་གསུམ་སྲིད་གསུམ་དུ་སྣང་བ་འདི་ཉིད་ཐམས་ཅད་རང་རིག་པ་བྱང་ཆབ་སེམས་ལས་མ་གཏོགས་པ་ལོགས་ན་མེད་དོ། །གཉིད་སད་པས་ལྷ་དང་དམྱལ་བ་མི་བདེན་པ་ལྟར། ད་ལྟར་གྱི་སྣང་བའི་བདེ་སྡུག་ཐམས་ཅད་སེམས་ཡིན་སེམས་སྟོང་པ་ལ་བདེ་སྡུག་ཡོད་མ་མྱོང་བས། གདོད་མ་ནས་སངས་རྒྱས་པར་ཤེས་པས་ཁམས་གསུམ་འཁོར་བ་ལས་དུས་གཅིག་ཏུ་སྒྲོལ་བས། སེམས་ཅན་སངས་རྒྱས་སུ་ངོ་སྤྲད་དོ། །དས་བཞི་སེམས་སུ་ངོ་སྤྲོད་པ་དུས་བཞི་མཉམ་སྦྱོར་གྱི་དགོངས་པ་ནི། ཚེ་འདི་དང་། ཕྱི་མ་དང་། རྨི་ལམ་དང་། ཏིང་ངེ་འཛིན་དང་བཞི་ནི། ཤེས་པ་སྐད་ཅིག་ལ། ཚིག་སོ་སོར་མཐོང་བ་དང་འདྲའོ། །ཚེ་འདི་ཡི་རྣམ་པ་དང་སྤྱོད་ཡལ་སྣ་ཚོགས་སུ་སྣང་ཡང་། རང་གི་སེམས་ཀྱི་ཤེས་པའི་སྣང་བ་ཡིན་ཏེ། ལོགས་ནས་སྣང་བ་མེད་དོ། །ཚེ་ཕྱི་མའི་ལྟང་གནས་ངན་སོང་གསུམ་དང་། བདེ་འགྲོ་མཐོ་རིས་གསུམ་ཡང་། རང་གི་སེམས་ཀྱི་ཤེས་པའི་སྣང་བ་ལས། ལོགས་ནས་བྱང་བ་མེད་དོ། །རྨི་ལམ་གྱི་ཤེས་པ་ཡལ་དང་རྣམ་པ་དང་བྱེ་བྲག་བདེ་སྡུག་ཐམས་ཅད་ཀྱང་། རང་གི་སེམས་ཀྱི་ཤེས་པའི་སྣང་བ་ལས། ལོགས་ནས་སྣང་བ་མེད་དོ། །ཏིང་ངེ་འཛིན་གྱི་ཤེས་པ་ལ། མཚན་བཅས་ལྷའི་སྐུ་ལ་སོགས་པ་རང་གི་ཇི་ལྟར་བསམ་པ་བཞིན་དུ་སྣང་ཡང་། རང་གི་སེམས་ཀྱི་ཤེས་པ་དེ་ལྟར་སྣང་བ་ལས། ལོགས་ནས་སྣང་བ་མེད་དོ། །མཚན་མེད་ཞི་གནས་དང་ལྷག་མཐོང་། མཉམ་བཞག་དང་རྗེས་ཐོབ་ལ་སོགས་པ་ཇི་ལྟར་སྣང་ཡང་། རང་གི་སེམས་ཀྱི་ཤེས་པའི་སྣང་བ་ལས། ལོགས་ནས་སྣང་བ་མེད་དོ། །རང་གི་སེམས་ནི་གདོད་མ་ནས་རྣམ་པར་དག་པས། གང་གི་ཡང་ངོ་བོར་མ་གྲབ་པ་སྟོང་པ་ཆེན་པོར་གནས་པས་སྟོང་པའི་ངང་ལས་དུས་བཞིའི་སྣང་བ་མཉམ་པར་རང་དག་པས། དུས་བཞི་སེམས་སུ་ངོ་སྤྲད་པས། དུས་བཞི་མཉམ་སྦྱོར་གྱི་དགོངས་པ་བྱ་བ་ཡིན་ནོ། །དེ་ཡང་ལྟ་བ་སྣང་བ་སེམས་སུ་ངོ་སྤྲོད་པ་སྣང་སྟོང་དབྱེར་མེད་ཟ་འོག་བེར་ཁྱིམ། བསྒོམ་པ་ཡལ་སེམས་གཉིས་མེད་དུ་ངོ་སྤྲོད་པ་གསལ་སྟོང་དབྱེར་མེད་མེ་ལོང་གཡའ་དག །འབྲས་བ་སེམས་ཅན་སངས་རྒྱས་སུ་ངོ་སྤྲོད་པ་ཁམས་གསུམ་ཡོངས་སྒྲོལ་འཁོར་འདས་དབྱེར་མེད། སྤྱོད་པ་དུས་བཞི་སེམས་སུ་ངོ་སྤྲད་པ་དུས་བཞི་མཉམ་སྦྱོར་འདི་ཕྱི་གཉིས་མེད་དེ་ལྟ་དགོངས་བཞི་ཡི་ངོ་སྤྲོད། སྙན་རྒྱུད་ཀྱི་གདམས་པ། དགོངས་པ་བཅ་གསུམ་གྱི་དོན་བསྡུས་པ། ཨྠྀི། རྒྱ་རྒྱ་རྒྱ།། །། སློབ་དཔོན་གྲུབ་ཐོབ་དངོས་གྲབ་ལས་མྱང་རལ་པ་ཅན་གྱིས་ཞས་པའོ། །པཎ་ཆེན་ཕྱག་དཔེ་ལས་འགྱུར་མེད་རྒྱ་མཚོས་བླ་མའི་ཕྱག་དཔེར་བྲིས།

༄༅། །རྫོང་འཕྲང་ལས། འཕྲང་གསུམ་འདས་པའི་ཊཱི་ཀ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསང་སྔགས་འཕྲང་གི་མན་ངག་ལ་འཕྲང་གི་ཆོས་གསུམ་ལས། འཕྲང་དང་པོ་རྫོང་གི་གདམས་ངག་གསུམ་གྱིས་ལྟ་བ་གཏན་ལ་ཕབ། དེ་འཕྲང་གི་མན་ངག་གསུམ་རྒྱུད་ལ་བསྒོམ་དགོས། དེ་ལ་འཕྲང་དང་པོ་བསམ་གཏན་གཅིག་པ། བསྒོམ་གྱི་མན་ངག །དེ་ཡང་སྟོང་བསྒོམ་གྱི་འོད་གསལ་དང་། གསང་སྔགས་ཀྱི་ལྟ་བསྒོམ་གཉིས་སུ་ཤེས་དགོས། དེ་ལ་གསུམ་ལས། དང་པོ་ལྷ་དང་འཕྲད་པར་བྱ་བ་དང་། གཉིས་པ་གྱད་དུ་གྱུར་པ་དང་། གསམ་པ་གཉིས་སུ་མེད་པར་བྱའོ། །དང་པོ་ལྷ་དང་འཕྲད་པར་བྱ་བ་ནི། ལྷ་གང་བསྒོམ་པའི་རས་རིས་ལེབ་མོ་ལ་བལྟ་སྟེ། མིག་གི་ཡུལ་དུ་གསལ་བ་དང་། དེ་ནས་ལྷ་དེ་ལ་དམིགས་ཤིང་ཕྱོགས་གཞན་དུ་བལྟ་ཞིང་བསྒོམ། རྟེན་ལ་ལྟ་བ་དང་ཁྱད་པར་མེད་ན་ཟིན་པ་ཡིན། ནབ་མོར་དབང་པོ་ཡན་པར་བཞག་ལ། སྟོང་པའི་ངང་ལ་བཞག །ཡིད་ཀྱི་ཡུལ་དུ་མི་རྟོགས་པ་དེ་ལས་ལྷ་ཤགས་ལ་དྲན་པར་འབྱང་སྟེ། ཆེད་དུ་མ་བསྒོམ་པར་ཤགས་ལས་བྱང་བ་དེ་གསལ་པ་ཡིན་ནོ། །ལྷའི་རྣམ་པར་འགྱུར་ནས་བྱང་ན་རྟེན་གཅེར་མཐོང་དུ་བལྟས་ལ་བསྒོམ། ཡང་ལྷའི་རྩོལ་བ་བཏང་ལ་སྟོང་བའི་ངང་ལ་བཞག་གོ། །དེ་ལ་དང་པོ་མ་སན་པར་ཤིན་ཏུ་གསལ་བར་བྱ་སྟེ་མ་ཟིན་བར་དུ་བཟང་ངོ་། །གཉིས་པ་གསལ་བ་ལས་གྱད་དུ་གྱུར་པ་ནི། རྟེན་ལ་མ་བལྟས་པར་ཡིད་ཀྱི་ཡུལ་དུ་རས་རིས་དང་ཁྱད་པར་མེད་པར་འོང་སྟེ། སྟོང་པ་བཞག་ལ་ལྷ་རང་ཁོ་ན་བསྒོམ། སྐབས་སུ་བཏང་སྙོམས་སུ་བཞག་ལ་ཁམས་བསིང་། དེ་ལ་ཡིད་ཀྱི་ཡུལ་དུ་གསལ་བ་དང་། བརྟན་པ་མ་ཐོབ་པར་དུ་བསྒོམ་མོ། །ལྷར་གསལ་བ་དེ་ལ་དང་པོ་ཉི་མ་སམ་ཆ་ཙམ་ཐབ། དེ་ནས་ཞག་ཏུ་ཐབ་དེ་ནས་ཟླ་བ། དེ་ནས་ལོ། བརྟན་ན་བསྐལ་པ་ཆེན་པོར་ཡང་ཐབ་པར་འགྱུར་རོ། །གསམ་པ་ལྷ་དང་གཉིས་སུ་མེད་པར་བྱ་བ་ནི། ལས་ཀྱི་ཡུལ་དུ་གསལ་བ་དེ། ལྷ་དེ་ཤིན་ཏུ་གསལ་བར་རྣལ་འབྱོར་གྱི་མངོན་སམ་དུ་གསལ་ཙ་ན། ལྷ་དེ་ཆེན་པོར་བསྒོམ། ཆང་ང་བསྒོམ་མང་བར་བསྒོམ། ཉང་བར་བསྒོམ། ཁྲོ་བོར་བསྒོམ། ཞི་བར་བསྒོམ། རྒྱང་རིང་བ་དང་ཉེ་བ་ལ་སྩོགས་པ་ཅི་ལྟར་བསྒོམས་ཀྱང་། ད་ལྟར་གྱི་དངོས་པོ་དང་ཁྱད་པར་མེད་པར་བསྒོམ་མ་བསྒོམ་མེད་པར་མངོན་དུ་གྱུར་ཙ་ན། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་མཐོང་བར་འགྱུར་རོ། །ད་གདམས་ངག་གིས་ལྷ་དང་དབྲལ་ཏེ། ལྷ་དེ་རང་རྒྱུད་པར་སོང་ན་ཐན་མོངས་དངོས་གྲབ་ལས། མཆོག་གི་དངོས་གྲབ་མི་ཐོབ་པས། ལྷ་དེ་ལ་བརྟགས་པས། ལྷ་དེ་སེམས་ཀྱི་ནས་པ་བརྟགས་པའི་སྣང་བར་འདག །སེམས་དེ་ལྟར་བསྒོམ་མཁན་ལ་བརྟགས་པས། སྒོམ་མཁན་དང་བསྒོམ་བྱ་གང་ཡང་མ་གྲབ་པར་འདག་པས། དེ་ཀལ་རང་བྱང་རིག་པ་ཉིད་ལས་བསྐྱེད་པའི་ལྷ་ཞེས་བྱ་སྟེ། ལྷ་དང་བདག་གཉིས་སུ་མེད་དོ། །དེ་ཙམ་ན་སྣང་བ་ལྷ། རིག་པ་སྟོང་པ། སྣང་བ་དང་སྟོང་པ་གཅིག་པར་ཡང་ཤེས་སོ། །དེ་ཙམ་ན་སྣང་བ་ཡེ་ཤེས་སུ་ཤར་ཏེ། རང་བྱང་རང་ཤར་ཆོས་སྐུ་ཆེན་པོའི་འདག་ཚལ། དཔལ་ལྡན་རྡོ་རྗེ་སེམས་དཔའི་དགོངས་པ་ཡིན་ནོ། །འཕྲང་དང་པོའི་ཉམས་སུ་བླང་བའི་གདམས་པའོ། །ད་ནི་སྒོམ་པ་དེ་ལས་ཉམས་སྐྱེ་དགོས་ཏེ། ཉམས་མ་སྐྱེས་པའི་སྒོམ་གྱིས་མི་ཕན་པས། ད་ཉམས་སྐྱེ་བ་ལ་བསམ་གཏན་ཉམས་ཀྱི་ཡིག་ཆང་འཕྲང་གཉིས་པ་བསྟན་ཏེ། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་པ་ལ་གསུམ་སྟེ། དང་པོ་ཏིང་ངེ་འཛིན་གྱིས་ཟིན་པའི་ཚད། གཉིས་པ་དེ་སྦྱང་བའི་ཐབས། གསམ་པ་དེ་བརྟན་པར་བྱ་བའོ། །དང་པོ་ཟིན་པའི་ཚད་ལ་རབ་འབྲིང་ཐ་གསུམ་ལས། ཏིང་ངེ་འཛིན་རབ་ཀྱིས་ལྷ་ལ་དངོས་པོར་བཟང་དུ་བཏབ་པར་ཟིན་ཀྱང་། དེ་ཉིད་སེམས་ཀྱི་ཆོ་འཕྲལ་ཡིན་པས། ལྷ་དང་སེམས་གཉིས་མེད་ཀྱི་ཉམས་སྐྱེ་དགོས། ཏིང་ངེ་འཛིན་འབྲིང་གིས་ཉིན་པར་ཙམ་ཅིག་ཆ ོས་ཉིད་ཀྱིས་སྟོང་བསྒོམ་ཟིན་ཀྱང་། དེ་ཡང་སེམས་ཀྱིས་འཛིན་པས། འཛིན་མེད་རང་གྲོལ་གྱིས་ཉམས་སྐྱེ་དགོས། ཏིང་ངེ་འཛིན་ཐ་མས་ནམ་ལངས་ནས་ཉི་མ་ཤར་བ་ཙམ་སེམས་ཟིན་ཡང་། དེ་ཡང་སེམས་འཛིན་ཡིན་པས། བསྒོམ་བྱ་སྒོམ་བྱེད་ལས་གྲོལ་བའི་ཉམས་སྐྱེ་དགོས། ཏིང་ངེ་འཛིན་རབ་ལ་ཆོས་ཉིད་སྟོང་པ་ཉིད་རང་བྱང་གི་ཡེ་ཤེས་གསལ་ལ་མ་འགགས་པ་དེ་བརྟན་པས། ངེས་ཤེས་དང་ཉམས་ཁོང་ནས་ལྷག་ལ་འཆར་ཏེ། གངས་ལ་ཉི་མ་ཤར་བ་འདྲ། ཉོན་མོངས་པ་ཐམས་ཅད་རང་བཞིན་རང་རླག་ཏུ་འགྲོ་སྟེ་རྩི་སྤུབ་ལ་མེ་བཏང་བ་དང་འདྲའོ། །ཏིང་ངེ་འཛིན་ཟིན་པ་ལ། སྤྱོད་ལམ་རྣམ་བཞིར་བསྲེ་སྟེ། ཡང་ཡང་མཆོད་ཅིང་སྟོང་པ་ཉིད་ཀྱི་དོན་དྲན་པར་བྱའོ། །སྐབས་སུ་བཏང་སྙོམས་སུ་བཞག་ལ་ཁམས་གསེང་། ཡང་ཡང་ནན་ཏན་བྱས་པས། བརྟན་ཙམ་ན་ཕྱིས་མ་བསྒོམས་ཀྱང་འོང་། འགྲོ་ཉལ་འདག་སྡོད་སྤྱོད་ལམ་ཡང་ཆོས་ཉིད་ཀྱི་དོན་དང་མི་འབྲལ་ཏེ་ཉམས་སྐྱེའོ། །ཏིང་ངེ་འཛིན་ཐ་མར་ཟིན་པ་ལ་ཡང་། སེམས་ཆགས་པར་འདག་ན་ནན་མི་བསྐྱེད། མ་སན་པར་བྱ། མི་འཇན་མི་རྩབ་གསལ་བའི་འཕྲོ་ལ་བཞག་གོ། །སེམས་ཟིན་ཞིང་བརྟན་པར་གྱུར་ཙམ་ན། ཅི་ཙམ་ཐབ་པའི་ཚད་བལྟ། ཅི་ཙམ་འདོད་པ་ཙམ་དུ་འོང་ཙ་ན། དབང་པོ་དངས་པ་དང་། ཡན་པ་ལ་སློབ་ཅིང་འདྲིས་པར་བྱའོ། །ཏིང་ངེ་འཛིན་རབ་ལ་གདམས་ངག་ཕོག་ན། གསེར་མིག་གཡས་སྤྲས་པ་འདྲ་སྟེ། ཅིར་སྣང་སྐུ་དང་ཡེ་ཤེས་ཆེན་པོར་འཆར། ཏིང་ངེ་འཛིན་འབྲིང་ལ་གདམས་ངག་ཕོག་ན། རིན་ཆེན་གསེར་གླིང་དུ་ཕྱིན་པ་དང ་འདྲ་སྟེ། ཅིར་ཡང་རང་བྱང་ཡེ་ཤེས་ཆེན་པོ་འཆར། ཏིང་ངེ་འཛིན་ཐ་མ་ལ་གདམས་ངག་ཕོག་ན། གསེར་གྱི་ཉག་ཐག་ཟིན་པ་དང་འདྲ་སྟེ། ཐར་པའི་སྐས་ལ་ཉམ་ང་མེད་དོ། །ཐ་མའི་ཚད་ཀྱང་མེད་པ་ལ་གདམས་ངག་བྱིན་ན། ཁྱི་ལ་གསེར་བྱིན་པ་དང་འདྲ་སྟེ། སྙིང་པོའི་དོན་ཡིན་པར་ངོ་མི་ཤེས་པས། སྒྲོ་སྐར་དུ་འགྲོ་བས་བསྟན་པར་མ་གསངས་སོ། །འཕྲང་གཉིས་པའི་གདམས་ངག་དྲིལ་བའོ། །ཉམས་དེ་ལྟར་སྐྱེས་ཀྱང་སེམས་ཅན་ནས་སངས་རྒྱས་འགྲོ་བ་ལ་བསླབ་མཐའ་སྦྱོང་དགོས་པས། བསླབ་མཐའ་སྦྱོང་བའི་ཡིག་ཆང་འཕྲང་གསུམ་པ་བསྟན་ཏེ། རིག་པའི་རྩལ་སྦྱང་བ་ནི་སྲིད་གསུམ་ཐམས་ཅད་རང་གི་སེམས་ཡིན་པས། སེམས་སངས་རྒྱས་ཏེ་བྱ་བྱེད་ཀྱི་འབད་རྩོལ་དང་བྲལ་ཏེ། སྲིད་གསུམ་དག་པའི་ཞིང་དུ་བསྒྲལ་ལོ། །རྒྱད་དྲག་གི་ཕང་པོར་སྣང་བ་ཡང་རང་གི་སེམས་ཡིན་པས། སེམས་ཡེ་ནས་སངས་རྒྱས་པས། རྒྱད་དྲག་འཁོར་བ་རྩད་ནས་བཅད་པས་དག་པའི་ཞིང་དུ་བསྒྲལ་ལོ། །རྒྱ་ལྔ་ལམ་གྱི་སྒོ་ཡང་ཡེ་ནས་སངས་རྒྱས་ཡིན་པས་ངན་སོང་གི་ལམ་ལྔ་ཡང་ཡེ་ནས་མེད་དེ། དག་པའི་ཞིང་དུ་བསྒྲལ་བས་དོན་གྱི་སྒྲོལ་བ་ཞེས་བྱའོ། །འགྲོ་དྲག་སེམས་ཅན་ཡང་རང་གི་སེམས་སུ་ཤེས་དགོས། སེམས་རྒྱ་རྐྱེན་དང་བྲལ་བས་འགྲོ་དྲག་སྐྱེ་བའི་སུ་མེད་དོ། །དག་པའི་ཞིང་དུ་བསྒྲལ་བས་དོན་གྱི་སྒྲོལ་བ་ཞེས་བྱའོ། །འགྲོ་དྲག་སེམས་ཅན་ཡང་རང་གི་སེམས་སུ་ཤེས་དགོས། སེམས་རྒྱ་རྐྱེན་དང་བྲལ་བས་འགྲོ་དྲག་སྐྱེ་བའི་སུ་མེད། འགྲོ་དྲག་གི་གཡང་སུ་ཆོད་པའོ། །བདད་བཞི་སེམས་ཀྱི་ངང་དུ་ཆོམས་ཏེ། འཇོམས་བྱེད་དང་གཞོམ་བྱ་གཉིས་སུ་མེད་དེ། གཉིས་ཀ་སེམས་ཡིན་ཏེ། སེམས་སྟོང་པར་འདག་པས་ཕང་པོའི་བདད་བཅོམ། སེམས་སྟོང་པ། དེ་ལ་ཉོན་མོངས་ལྔ་ངང ་གིས་མེད་དེ། ཉོན་མོངས་པའི་བདད་བཅོམ། ཆོས་ཉིད་བྱང་ཆབ་སེམས་དེ་ལ་སྐྱེ་འཆི་མེད་དེ། འཆི་བདག་གི་བདད་བཅོམ། ཆོས་ཉིད་བྱང་ཆབ་སེམས་ལ་གེགས་མེད་དེ། ལྷ་ཡི་བའི་བདད་བཅོམ་མོ། །བདད་བཞི་རང་གི་སེམས་སུ་ཤེས་པ་ནི། འཇིགས་པའི་བདད་བཞི་ཆོམ་པའོ། །གསང་བའི་དགྲ་གསུམ་བསད་པ་ནི། དེ་ལ་བདག་ཉིད་ཡི་དམ་གྱི་ལྷ་གང་ཡིན་པ་དེར་གསལ་ཙམ་ན། བདག་དང་ལྷ་གཉིས་དབྱེར་མེད་ཕྱེད་པས། ལྷའི་ང་རྒྱལ་ཞིག་ལས་ཐ་མལ་དུ་མི་བཞག །ཏིང་ངེ་འཛིན་ལས་ལངས་པའི་ཚེ་ཡང་ལྷའི་ང་རྒྱལ་མི་འབྲལ་བར་ཡིད་ལ་གསལ་ཙམ་ན། དགྲ་གསུམ་བསད་པར་བྱ་སྟེ། བདག་ཏུ་འཛིན་པའི་འད་ཤེས་རྒྱན་ཆད་པས། འབྱང་བ་བཞིའི་ཕྱི་ཡི་དགྲ་བོ་བསད། དེ་ལྟར་གསལ་བའི་དུས་ན་ལྷའི་སྣང་བ་ལས་ཐ་མལ་བའི་འད་ཤེས་མི་རྒྱ་བར་ལས་ལྷར་བསྒྱུར་བས་ནང་གི་དགྲ་བསད། དེ་ནས་བདག་ཉིད་ཆེ་གེ་མོའི་སྐར་གསལ་བས། ཤ་ཁྲག་གི་ལས་མིན་སྙམས་སེམས་ལ་དབང་ཅད་ཟད་ཙམ་ཐོབ་པ་དང་། བདག་འཛིན་གྱི་འད་ཤེས་རྒྱན་ཆད་བས། གསང་བའི་དགྲ་བོ་བསད་དོ། །དེ་ལྟར་ཏིང་ངེ་འཛིན་དང་ཤེས་རབ་ཀློང་དུ་མ་གྱུར་ན། གསང་བའི་དགྲ་གསུམ་མེ་མ་མར་བས་ཚ་སྟེ་རང་རྒྱུད་སྲེག །འཇིགས་པའི་བདད་བཞི་ནི་མཚོན་རྣོན་པོའི་ངར་བས་རྣོ་སྟེ་སྲོག་ལ་རྒོལ། འགྲོ་དྲག་གཡང་སུ་རི་གཟར་རྦབ་བས་དྲག་པས་གཡང་སུ་ཆེ། གསང་བའི་དགྲ་གསུམ་སེམས་ལ་བསད། འཇིགས་པའི་བདད་བཞི་སེམས་ལ་གཞོམ། འགྲོ་དྲག་གཡངས་སུ་སེམས་ལ་བཅད་དོ། །དེ་ལ་རྫོང་ཕྱག་པོའི་བང་མཛོད་དང་འདྲ། འཕྲང་དེའི་སྒོ་ལྕགས་དང་འདྲ་རགས་འཕྲང་། ལྟ་བའི་རྫོང་གིས་ནི་ཆོས་ཐམས་ཅད་གདོད་མ་ནས་སངས་རྒྱས་པ་སྟེ། ཡེ་ནས་མ་བཙལ་གྲབ་པའི་ཆོས་ཉིད་དུ་ཐག་ཆོད་ལ། འཕྲང་གིས་ནི་ལྟ་བའི་དོན་དེ་རང་གི་རྒྱུད་ལ་ཉམས་སུ་བླངས་པས། དགྲ་གསུམ་བདད་བཞི་གཡང་སུ་དྲག་ཆོད་པ་ཡིན་ནོ། །དེ་ཡང་བསམ་གཏན་གཅིག་པ་བསྒོམ་གྱི་མན་ངག་གིས། འཕྲང་རྫོང་ཐོག་ཏུ་བསྐྱལ་ཏེ་ལྟ་སྤྱོད་ཡ་མ་བྲལ་བར་བྱའོ། །བསམ་གཏན་ཉམས་ཀྱི་ཡིག་ཆང་གིས་རྫོང་འཕྲང་གི་ཐོག་ཏུ་བསྣུན་ཏེ་ཆོས་ཉིད་དོན་ཉམས་སུ་ལེན་པར་བྱ། སློབ་མཐའ་སྦྱངས་བའི་ཡིག་ཆང་གིས། རིག་པ་རྩལ་འབྱངས་པས། རྫོང་ཕྱག་པོ་ཡི་བང་མཛོད་དང་འདྲ་བ། ཆོས་ཉིད་ཀྱི་ཡོ་ལང་ཆེན་པོ་སྟེ། འཕྲང་དེའི་སྒོ་ལྕགས་དང་འདྲ་བས་ཕྱེ་ནས་ཆོས་ཉིད་མཉམ་པ་རིས་མེད་དུ་རྒྱ་ལ་ཉམས་སུ་མྱང་བར་བྱས་ནས་ལོངས་སྤྱོད་པ་ཡིན་ནོ། །དེ་སུ་ན་རག་འཕྲང་ལ་ལས་པས། རྣལ་འབྱོར་པ་ཏིང་ངེ་འཛིན་ལས་སུ་རང་བ་གལ་ཆེའོ། །མ་བསྒོམ་པར་སངས་རྒྱས་པ་ནི། དཔལ་རྡོ་རྗེ་སེམས་དཔས་ཀྱང་མ་གསངས་སོ། །མཁས་པ་མི་བཞི་ཡི་གདམས་ངག་གི་བཅད། འཕྲང་གསུམ་འདས་པའི་ཊཱིཀ །ཨྠྀི། རྒྱ་རྒྱ་རྒྱ།། །།སློབ་དཔོན་གྲུབ་ཐོབ་དངོས་གྲབ་ལ། མྱང་རལ་པ་ཅན་གྱིས་ཞས་སོ། །ཟབ་གཏེར་བདག་པོ་མྱང་རལ་གྱི་ཕྱག་བྲིས་དངོས་ཀྱི་བ་དཔེ་པཎ་ཆེན་མངའ་རིས་པའི་ཕྱག་དཔེ་ལས་བཤས་པའོ། །

༄༅། །རྫོང་འཕྲང་ལས། སྲོག་བཟང་སྒྲོན་མེ་རྫོང་གི་གདམས་པ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་པདྨ་སཾབྷ་ཝ། བྱེ་མ་ལ་མི་ཏྲ། བཻ་རོ་ཙ་ན། ནམ་མཁའི་སྙིང་པོ། མཁས་པ་མི་བཞི་ཡི་བཀའ་བསྒྲོས་པ། སྲོག་བཟང་བའི་སྒྲོན་མེ་ཞེས་བྱ་བ། རྫོང་གི་གདམས་པ། དེ་ལ་ཆོས་ཐམས་ཅད་ཀྱི་སྲོག་ཨ་ཏི་ཡོ་གས་བཟང་། ཨ་ཏི་ཡོ་གའི་སྲོག་སྙན་བརྒྱད་ཀྱིས་བཟང་སྙན་བརྒྱད་ཀྱི་སྲོག་དགོངས་པ་བཅས་བཟང་། དགོངས་པ་བཅའི་སྲོག་ལྟ་དགོངས་བཞིས་བཟང་། ལྟ་དགོངས་བཞི་ཡི་སྲོག་ཚིག་འདས་ཀྱི་དགོངས་པ་གཅིག་གིས་བཟང་། ཚིག་འདས་ཀྱི་དགོངས་པ་གཅིག་གི་སྲོག་སེམས་ཀྱིས་བཟང་། སེམས་དེ་གཞི་ལྷན་གྲབ། ལམ་ཀ་དག །འབྲས་བ་སྐུ་དང་ཡེ་ཤེས། རང་བྱང་རང་ལྡན་ཚིག་དང་ཡི་གེས་མཚན་དུ་མེད་དོ། །དེ་ལ་ཆོས་ཐམས་ཅད་ཀྱི་སྲོག་ཨ་ཏི་ཡོ་གས་བཟང་། ཞེས་པ་ནི། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསངས་ཀྱང་། དབང་པོ་རབ་འབྲིང་ཐ་མའི་དབང་གིས་ཐེག་པ་རིམ་པ་དགར་འདས་ཏེ། ཨ་ཏི་ཡོ་གའི་དོན་རྟོགས་ན། ཐེག་པ་བརྒྱད་ཀྱི་ཚིག་ཚོགས་ལ་དགོས་པ་མེད། ཆོས་ཐམས་ཅད་ཀྱི་སྲོག་ཨ་ཏི་ཡིན་ཞེས་བྱ། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་དངོས་པོ་ལ་བདག་མེད་མ་རྟོགས་པས། ས་དང་པོ་བདེན་པ་མ་ཐོབ། མདོ་སྡེ་བྱང་ཆབ་སེམས་དཔའ་པས། ཕང་པོ་ལྷར་བསྒྱུར་མ་ཤེས་པས། ཕྱག་རྒྱ་ཆེན་པོའི་རིག་འཛིན་མི་ཐོབ། ཀྲི་ཡ་དང་ཡོ་ག་བས། ལྷ་ལོགས་ན་ཡོད་པར་བཟང་བས། འབྲས་བ་ཐག་རིང་། མ་ཧཱ་ཡོ་ག་དང་ཨ་ན་ཡོ་ག་བས། ལྷ་མ་བསྐྱེད་པར་རྫོགས་པར་ཡིན་པར་མ་ཤེས་པས། འཇིག་རྟེན་པ་དབང་དུ་མི་འདས་ཤིང་བྱིན་རླབས་ཆང་བ་ཡིན་ནོ། །ཐེག་པ་བརྒྱད་པོ་དེས། རང་གི་རིག་པ་རང་བྱང་གི་ཡེ་ཤེས་འདི་སྐུ་གསུམ་ཡེ་ཤེས་ལྔ་ཡེ་ནས་ཡིན་པ་ལ་ཡིན་པར་མ་ཤེས་པར་སངས་རྒྱས་ཚེ་འདིར་མི་ཐོབ་པ་ཡིན་ནོ། །དེ་བས་ན་ཨ་ཏི་ཡོ་ག་བས་རང་གི་རིག་པ་རང་བྱང་གི་ཡེ་ཤེས་སྐུ་གསུམ་ཡེ་ཤེས་ལྔ་ཡེ་ནས་ཡིན་པ་ལ་དེ་ལྟར་རྟོགས་པས་སངས་རྒྱས་ཚེ་འདིར་ཐོབ་སྟེ། ཕང་པོ་ལྷག་མེད་དུ་སངས་རྒྱས་པ་ཡིན་ནོ། །དེ་བས་ན་ཐམས་ཅད་ཀྱི་སྲོག་ཨ་ཏིས་བཟང་། ཞེས་གསངས་སོ། །ཨ་ཏི་ཡོ་གའི་སྲོག་སྙན་བརྒྱད་ཀྱིས་བཟང་། ཞེས་དང་། སྙན་བརྒྱད་ཀྱི་གདམས་ངག་ཁྱད་པར་ཅན་ཐམས་ཅད་ཀྱིས་ཨ་ཏི་ཡོ་གའི་དོན་རྟོགས་པར་ནས་པས་བརྒྱད་ཨ་ཏི་གཏན་ལ་འབེབས་པའི་སྲོག་ཡིན་ནོ། །དེས་ན་ཨ་ཏི་ཡི་སྲོག་སྙན་བརྒྱད་ཀྱིས་བཟང་། ཞེས་གསངས་སོ། །སྙན་རྒྱུད་ཀྱི་སྲོག་དགོངས་པ་བཅས་བཟང་། ཞེས་པ་སྙན་བརྒྱད་ཀྱི་གདང་རབ་ཉི་ཤུ་རྩ་ལྔ་ལ་སོགས་པས། བཀའ་རྫོགས་པ་ཆེན་པོའི་དོན་དེ། སེམས་ཀྱི་བློས་མ་ལོངས་ཀྱི་དགོས་ནས། སེམས་ཅན་གྱི་བློ་དང་སྦྱར་ནས་གསངས་པ་ཡིན་པས། རྡལ་ཕྲ་རབ་དང་འདྲ་བ་ཡིན་ནོ། །སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས། དཔེ་དོན་རྟོགས་པ་ལ་དགོངས་པས་དགོངས་པ་བཅ་གསང་ངོ་། །དགོངས་པ་བཅའི་སྲོག་ལྟ་དགོངས་བཞིས་བཟང་། ཞེས་པ། སྣང་བ་སེམས་སུ་ངོ་སྤྲོད་པ་ཟ་འོག་བེར་ཁྱིམ་གྱི་དགོངས་པ། ཡལ་སེམས་གཉིས་མེད་དུ་ངོ་སྤྲོད་པ་ལ་མེ་ལོང་གཡའ་དག་གི་དགོངས་པ། སེམས་ཅན་སངས་རྒྱས་སུ་ངོ་སྤྲད་པ་ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ། དུས་བཞི་སེམས་སུ་ངོ་སྤྲད་པ་དུས་བཞི་མཉམ་སྦྱོར་གྱི་དགོངས་པ་དང་བཞིའོ། །དགོངས་པ་བཅའི་དོན་ལྟ་དགོངས་བཞིར་འདས་བས་ན། དགོངས་པ་བཅའི་སྲོག་ལྟ་དགོངས་བཞིས་བཟང་། ཞེས་གསངས་སོ། །ལྟ་དགོངས་བཞིའི་སྲོག་ཚིག་འདས་ཀྱི་དགོངས་པ་གཅིག་གིས་བཟང་། ཞེས་པ། དེ་ལྟར་ལྟ་དགོངས་བཞིར་ཕྱེ་བ་དེ་རང་ཡང་ཚིག་དང་ཡི་གེ་ཡིན། ཆོས་ཐམས་ཅད་དབྱེར་མེད་པ་ལ། ཚིག་དང་ཡི་གེ་ལས་འདས་པ་གཅིག་ཡིན་པས་ན། ལྟ་དགོངས་བཞི་ཡི་སྲོག་ཚིག་འདས་ཀྱི་དགོངས་པ་གཅིག་གིས་བཟང་། གསངས་སོ། །ཚིག་འདས་ཀྱི་དགོངས་པ་གཅིག་པོ་དེའི་སྲོག་སེམས་ཀྱིས་བཟང་། ཞེས་པ། ཚིག་འདས་ཀྱི་དགོངས་པ་གཅིག་པོ་དེ་སེམས་ཡིན། སེམས་དེ་གཞི་ལྷན་གྲབ། ལམ་ཀ་དག །འབྲས་བ་སྐུ་དང་ཡེ་ཤེས། རང་བྱང་རང་ལྡན། ཞེས་པ། གཞི་ལྷན་གྲབ་ནི། རང་གི་སེམས་ཉིད་མ་བཅོས་པར་རང་བྱང་དུ་ལྷན་གྱིས་གྲབ་པ་ཡིན་པས། ཡེ་ནས་མ་བཅོས་པ་ཡིན་པས། གཞི་ལྷན་གྱིས་གྲབ་པ་ཡིན་ནོ། །ལམ་ཀ་དག་ནི། ད་ལྟ་ལམ་ཀ་ནས་དག་ལ། འཁོར་བ་ཡང་སེམས་སུ་ཤེས་པས། སེམས་ལ་སྐྱེ་ཤི་མེད་པར། འཁོར་བ་ཀ་ནས་དག །མྱ་ངན་ལས་འདས་པ་སེམས་སུ་ཤེས་པས། མྱ་ངན་ལས་འདས་པ་སྒྲུབ་ཏུ་མེད་པར་ཀ་ནས་དག །འབྲས་བ་སྐུ་དང་ཡེ་ཤེས་ནི། སྐ་ལྔ་ཡེ་ཤེས་ལྔ་རང་ལ་རང་ཆས་སུ་ཡོད་པས་ལོགས་ནས་མ་བསྒྲུབ་རང་བྱང་དུ་ཤར་བས་སོ། །རང་ལྡན་དུ་ལྷན་གྲབ་ཀ་དག་སྐུ་དང་ཡེ་ཤེས། དེ་གསུམ་ཀ་རང་ལ་གདོད་མ་ནས་བྱང་བས་རང་བྱང་རང་ལྡན་ནོ། །མཁས་པ་མི་བཞི་ཡི་གདམས་པ། རྫོང་གི་གདམས་པ་ཨྠྀི། རྒྱ་རྒྱ་རྒྱ།། །།སློབ་དཔོན་གྲུབ་ཐོབ་དངོས་གྲབ་གདམས་པ། མྱང་རལ་པ་ཅན་འཆང་ངོ་། །ཁྱབ་བདག་བླ་མ་གཏེར་བདག་གླིང་པའི་ཕྱག་དཔེར་འགྱུར་མེད་རྒྱ་མཚོས་བྲིས། མཁའ་ལྟར་ཡངས་ལྡན་ལྟ་བའི་རྫོང་། །ཆོས་ཉིད་གཞི་ལ་གནས་བཅས་པས། །མཚན་འཛིན་འཁྲལ་རྟོགས་ཉེས་དཔང་གིས། །ཐབ་པ་མེད་འདི་ཨེ་མ་ཕལ། །

༄༅། །རྫོང་འཕྲང་ལས། སྲོག་བཟང་སྒྲོན་མེ་འཕྲང་གི་གདམས་པ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེའི་སྤྲུལ་པ་པདྨ་འབྱང་གནས་དང་། ཆོས་ཉིད་བདེན་པ་མཐོང་བའི་བྱེ་མ་ལ་མི་ཏྲ་དང ་། རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་བཻ་རོ་ཙ་ན་དང་། ཉི་ཟླ་གཏོད་ལ་གནོན་ནས་ནམ་མཁའི་སྙིང་པོ་དང་། མཁས་པ་མི་བཞི་པོ་དེས། རྒྱལ་པོ་ཁྲི་སྲོང་ལྡེའ་བཙན་གྱི་དོན་དུ་བཀའ་བགྲོས་པ། སྲོག་བཟང་བའི་སྒྲོན་མེ་ཞེས་བྱ་བ། འཕྲང་གི་གདམས་པ། ཆོས་ཀྱི་སྲོག་སྔགས་ཀྱིས་བཟང་། སྔགས་ཀྱི་སྲོག་སྐུ་གསང་ཐགས་ཀྱི་རྒྱུད་སྡེ་རྣམས་ཀྱིས་བཟང་། རྒྱད་སྡེ་རྣམས་ཀྱི་སྲོག་རིགས་ལྔས་བཟང་། རིགས་ལྔའི་སྲོག་དབང་གིས་བཟང་། དབང་གི་སྲོག་སྒྲུབ་པ་སྡེ་དྲག་ལས་གང་ལ་མོས་པ་བདག་གིས་བཟང་། དེའི་སྲོག་བསྐྱེད་རྫོགས་ཟང་འཇག་གིས་བཟང་། བསྐྱེད་རྫོགས་ཐམས་ཅད་ཀྱི་སྲོག་དམ་ཚིག་གིས་བཟང་། དམ་ཚིག་གི་སྲོག་རང་གི་སེམས་ཀྱིས་བཟང་། སེམས་ཀྱི་སྲོག་ཏིང་ངེ་འཛིན་གྱིས་བཟང་ཏིང་འཛིན་གྱི་སྲོག་ཡལ་གསུམ་གསལ་བས་བཟང་། ཡལ་གསུམ་གསལ་བ་རང་ལ་གསུམ་སྟེ། ཆོས་སྐུ་ཡི་ཡལ་གསུམ་གསལ་བས་སེམས་སྣང་ཡལ་བསྲེ། ལོངས་སྐའི་ཡལ་གསུམ་གསལ་བས་ལས་ཡལ་སྣང་བསྲེ། སྤྲུལ་སྐུ་ཡི་ཡལ་གསུམ་གསལ་བས་སེམས་ཅན་གྱི་དོན་བྱ། ཞེས་གསངས་སོ། །དེ་ནས་ཆོས་ཐམས་ཅད་ཀྱི་སྲོག་སྔགས་ཡིན། ཅེས་གསངས་པ་ནི། སྔགས་ཀྱི་སྒོར་འཇག་གོ་ཅོག་ཐམས་ཅད་ལ། སྐྱབས་སུ་འགྲོ་བའི་སྡོམ་པ་རྒྱུད་ལ་སྐྱེ་དགོས། དེ་དང་ལྡན་ཙམ་ན་སོ་སོར་ཐར་པའི་སྡོམ་པ་རྒྱུད་ལ་སྐྱེ། དེ་དང་ལྡན་ཙམ་ན་བྱང་ཆབ་སེམས་དཔའི་སྡོམ་པ་རྒྱུད་ལ་སྐྱེ་དགོས་པས་ན། ཕྱི་རྒྱུད་སྡེ་གསུམ་གྱི་ཐེག་པ་ཐམས་ཅད་ཀྱིི་སྲོག་ཀྱང་སྔགས་ཡིན། བྱང་ཆབ་སེམས་དཔའི་སྡོམ་པ་དང་ལྡན་ཙམ་ན། སྔགས་ཀྱི་དམ་ཚིག་ཤགས་ལས་སྐྱེ། དེ་དང་ལྡན་ཙམ་ན་བསྐྱེད་པའི་རིམ་པ་ཤགས་ལས་སྐྱེ། དེ་ཙམ་ན་རྫོགས་པའི་རིམ་པ་ཆོས་ཐམས་ཅད་ཀྱི་རང་བཞིན་ཨ་ཏི་ལྟ་བ་གཅིག་རྒྱུད་ལ་སྐྱེ། ལམ་བསྐྱེད་རྫོགས་གཉིས་པོ་དེ་ལ། འབྲས་བའི་དུས་ན་ལོངས་སྤྱོད་རྫོགས་པའི་སྐ། ཡར་ཆོས་ཀྱིི་སྐུ་ལ་སྦྱོར་ནས་མར་གདལ་བྱ་ལ་སྤྲུལ་སྐུ་སྣ་ཚོགས་པ་འགྱེད་ནས་པ་འབྱང་ངོ་། །དེས་ན་ཆོས་ཐམས་ཅད་ཀྱི་སྲོག་སྔགས་ཡིན་པར་གསངས་སོ། །སྔགས་ཀྱི་སྲོག་སྐུ་གསང་ཐགས་ཀྱི་རྒྱུད་སྡེ་རྣམས་ཀྱིས་བཟང་། ཞེས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། རིགས་དྲག་གི་སེམས་ཅན་སྐུ་གསུམ་ཡེ་ཤེས་ལྔ་ཡི་གོ་འཕང་ལ་འགོད་པའི་ཆེད་དུ་གསང་སྔགས་ཐམས་ཅད་ཀྱི་སྲོག་ལྟ་བ་ར། སྐའི་རྒྱུད་སངས་རྒྱས་མཉམ་སྦྱོར། གླང་པོ་ཆེ་རབ་འབོག །གླང་ཆེན་ཆར་ཞགས། གསང་གི་ཏནྟྲ་ཟླ་གསང་ཐིག་ལེ་གཅིག་ལས་འཕྲོས་པས། པདྨ་དབང་གི་ཏནྟྲ། ཐགས་ཀྱི་ཏནྟྲ་གསང་བ་འདས་པ། རྩེ་གསུམ་འདས་པ། རི་བོ་བརྩེགས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ནམ་མཁའ་མཛོད་བྱིན་གྱིས་རློབས། བདད་རྩི་མཆོག་གི་ལང་། འཕྲིན་ལས་ཀརྨ་མཱ་ལེ། ཀཱི་ལ་ཡ་བཅ་གཉིས། སྒྲོལ་མ་བརྩེགས་པ། དམ་ཚིག་གི་རྒྱུད་སུ་མ་ཡ་བཀོད་པ། ཕྲིན་ལས་ཐམས་ཅད་ཀྱི་ཁ་སྐོངས། ཡོན་ཏན་ཐམས་ཅད་མཇག་སྡུད་ཐབས་ཀྱི་ཞགས་པ་ལ་སོགས་པ་རྒྱུད་སྡེ་འདི་དག་ཐམས་ཅད་ནི་གསང་སྔགས་མི་ནབ་པར་བྱེད་པའི་སྲོག་ལྟ་བ་ཡིན་པས་ན། སྔགས་ཀྱི་སྲོག་སྐུ་གསང་ཐགས་ཀྱི་རྒྱུད་སྡེ་རྣམས་ཀྱིས་བཟང་། ཞེས་གསངས་སོ། །རྒྱད་སྡེ་རྣམས་ཀྱི་སྲོག་རིགས་ལྔས་བཟང་། ཞེས་པ་ནི། བཀའ་དེ་རྣམས་རིགས་ལྔའི་རྒྱུད་ཡིན་པས། སྐ་ཡི་རྒྱུད་རྣམ་པར་སྣང་མཛད། གསང་གི་རྒྱུད་སྣང་བ་མཐའ་ཡས། ཐགས་ཀྱི་རྒྱུད་རྡོ་རྗེ་སེམས་དཔའ། ཡོན་ཏན་རྒྱུད་རིན་ཆེན་འབྱང་ལྡན། ཕྲིན་ལས་ཀྱི་རྒྱུད་དོན་ཡོད་གྲབ་པ། ཁྲོ་བོ་དང་སྦྱར་ན། ཁྲག་འཐང་རིགས་ལྔ་ཁ་བསྒྱུར་བས། བདྡྷ་ཧེ་རུ་ཀ །འཇམ་དཔལ་སྐ། པདྨ་ཧེ་རུ་ཀ་པདྨ་གསང་། བཛྲ་ཧེ་རུ་ཀ་ཡང་དག་ཐགས། རཏྣ་ཧེ་རུ་ཀ་བདད་རྩི་ཡོན་ཏན། ཀརྨ་ཧེ་རུ་ཀ་ཕར་པ་ཕྲིན་ལས། དེ་རྣམས་ཡེ་ཐོག་མ་ནས་རང་ལ་རང་ཆས་སུ་ཡོད་པ་དེ་སྟོན་པས། རིགས་ལྔར་ངོ་ཤེས་པར་བྱེད་པས་ན། རྒྱད་སྡེ་རྣམས་ཀྱི་སྲོག་རིགས་ལྔས་འཛིན། ཅེས་གསངས་སོ། །རིགས་ལྔའི་སྲོག་དབང་གིས་བཟང་། ཞེས་པ་ནི། རྒྱ་གར་གྱི་ཡུལ་དུ་དབང་གི་ཆ་བོ་བཞི་བབས་ཏེ། མ་སྨིན་པར་སྨིན་པར་བྱས་ནས་རིགས་ལྔའི་སུ་ལ་བཀོད། དེ་བཞིན་དུ་རྗེས་སུ་འཇག་པ་རྣམས་ལའང་། ལམ་ལོག་པ་མ་སྟེགས། ལམ་མ་སྨིན་པ་ཉན་རང་ལམ་མ་རྫོགས་པ་ཕ་རོལ་ཕྱིན་པ། ཐེག་པ་དེ་རྣམས་ལས་ཁྱད་པར་དུ་བྱ་བའི་ཕྱིར་དབང་བསྐར་དགོས་པ། ཉོན་མོངས་པ་ཡེ་ཤེས་སུ་ངོ་སྤྲོད་ཅིང་། སྐ་གསང་ཐགས་བྱིན་གྱིས་རླབས་ལ་དབང་བསྐར་དགོས་པས། དབང་མ་བསྐར་བར་རིགས་ལྔ་བསྒྲུབ་ཏུ་མི་བཏབ་པས། རིགས་ལྔའི་སྲོག་དབང་གིས་བཟང་ཞེས་བྱའོ། །དབང་གི་སྲོག་སྒྲུབ་པ་སྡེ་དྲག་གང་ལ་མོས་པ་གཅིག་གིས་བཟང་། ཞེས་པ་ནི། རང་གང་ལ་མོས་པ་གཅིག་ལ་དབང་བསྐར་ནོས་ཡི་དམ་བྱེད་པའོ། །དེའི་སྲོག་བསྐྱེད་རྫོགས་གཉིས་ཀྱིས་བཟང་། ཞེས་པ་ནི། དབང་དེ་ལྟར་བསྐར་བས་སྨིན་པར་བྱེད་ནས་ཡི་དམ་གང་མོས་པ་གཅིག་ལ་བྱེད་པ་ལ། གྲོལ་བྱེད་ལམ་བསྐྱེད་རིམ་དང་རྫོགས་རིམ་བསྒོམ་དགོས་པས། དེའི་སྲོག་བསྐྱེད་རྫོགས་གཉིས་ཀྱིས་བཟང་ཞེས་བྱའོ། །བསྐྱེད་རྫོགས་ཐམས་ཅད་ཀྱི་སྲོག་དམ་ཚིག་གིས་བཟང་། ཞེས་པ་ནི། དམ་ཚིག་མ་བསྲང་ན། བསྐྱེད་རྫོགས་བསྒོམས་པས་འབྲས་བ་མི་ཐོབ་པས། དམ་ལས་མ་འདས་པར་བསྲངས་ཙ་ན། འབྲས་བ་མཐར་ཕྱིན་པ་ཡིན་པས། དེས་ན་བསྐྱེད་རྫོགས་ཀྱི་སྲོག་དམ་ཚིག་གིས་བཟང་། ཞེས་གསངས་པ་ཡིན་ནོ། །དམ་ཚིག་གི་སྲོག་རང་གི་སེམས་ཀྱིས་བཟང་། ཞེས་པ་ནི། དམ་ཚིག་སྲང་མཁན་རང་གི་སེམས་ཡིན་པས། སེམས་ཀྱིས་མ་ཁྲེལ་བར་དམ་ཚིག་བསྲང་དགོས་སོ། །དེ་ལས་མི་འདའ་བ་དམ་ཚིག་ཅེས་བྱའོ། །སེམས་ཀྱི་སྲོག་ཏིང་ངེ་འཛིན་གྱིས་བཟང་། ཞེས་པས། སེམས་དེ་ཉོན་མོངས་པ་གཟང་འཛིན་གྱི་དྲི་མས་ཁྱེར་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་ལས་སུ་རང་བར། ཏིང་ངེ་འཛིན་གྱིས་འཛིན་པར་བྱེད་པའོ། །ཏིང་ངེ་འཛིན་གྱི་སྲོག་ཡལ་གསུམ་གསལ་བས་བཟང་། ཞེས་པ་ནི། ཏིང་ངེ་འཛིན་དེ་ཡལ་གསུམ་དུ་མ་གསལ་ན། ཚེ་འདིར་དངོས་གྲབ་མི་ཐོབ་པས། ཡལ་གསུམ་དུ་གསལ་བར་བྱ་ཞེས་གསངས་སོ། །དེ་རང་ལ་གསུམ་དུ་གསངས་པ་ནི། ཆོས་སྐའི་ཡལ་གསུམ་གསལ་བས། ཐམས་ཅད་གཉིས་སུ་མེད་པར་རྟོགས་པས་སེམས་རང་རྒྱུད་པ་མེད་པར་ཐག་ཆོད་པས་སེམས་ཡལ་སྣང་འདྲེས་སོ། །ལོངས་སྐུ་ཡལ་སྣང་འདྲེས་པས་རབ་འམ་རི་ལ་ཐོགས་པ་མེད་དེ། ལས་ཡལ་སྣང་འདྲེས་སོ། །སྤྲུལ་སྐུ་བསླབ་མཐའ་ཐམས་ཅད་ལ་སྦྱངས་པས་སེམས་དང་ལས་གཉིས་གང་ལའང་ཐོགས་པ་མེད་པས། སེམས་ཅན་ཐམས་ཅད་ཀྱི་དོན་འབྱང་བ་ཡིན་ནོ། །ཞེས་གསངས་སོ། །མཁས་པ་མི་བཞིའི་ཞལ་གདམས་ངག །སྲོག་བཟང་སྒྲོན་མ། འཕྲང་གི་གདམས་ངག་ཨྠྀི། རྒྱ་རྒྱ་རྒྱ།། །།སློབ་དཔོན་གྲུབ་ཐོབ་དངོས་གྲབ་ཀྱི་གདམས་པ། མྱང་རལ་པ་ཅན་ལ་གནང་ངོ་། །ཁྱབ་བདག་བླ་མ་གཏེར་བདག་གླིང་པའི་ཕྱག་དཔེར་འགྱུར་མེད་རྒྱ་མཚོས་བྲིས། འཁྲལ་མེད་ལམ་བཟང་རིན་ཆེན་མཆོག །བསྒོམ་པའི་འཕྲང་ཆེན་འདིར་ཞགས་པའི། །སྐལ་ལྡན་དོན་མཐན་སྐྱེས་བ་རྣམས། །རྣམ་གྲོལ་མཆོག་གི་སུ་ལ་བརྙེས། །

༄༅། །རྫོང་འཕྲང་ལས། མ་རིག་སྦུབས་འབྱེད་ཀྱི་གདམས་པ་བཞགས། ཐམས་ཅད་མཁྱེན་པ་ཕྱག་འཚལ་ལོ། །མ་རིག་སྒོ་ངའི་སྦུབ་འབྱེད་པ། །ཉོན་མོངས་དྲྭ་བ་གཅོད་པ་པོ། །སྡུག་བསྔལ་འཁོར་བའི་ཅོང་འབྱིན་པ། །ཆ་བོ་རབ་མེད་སྒྲོལ་བའི་གྲ། །འཇིགས་པའི་རྫོང་ཆེན་བརྟན་པའི་མཁར། །ལམ་སྟོན་སུ་མཁན་བཤེས་གཉེན་མགོན། །རྣམ་རྟོག་རྩི་སྦུར་སྲེག་པའི་མེ། །ཐེག་དམན་ཟིལ་གྱིས་གནོན་པའི་ལམ། །ས་མཁན་མགོན་ལ་ཕྱག་བཙལ་ནས། །རྨ་ལོང་འཐིབས་པོ་གསལ་བའི་ཕྱིར། །རྒྱད་ལང་མན་ངག་ལ་བརྟེན་ནས། །མ་རིག་སྦུབས་འབྱེད་དགོངས་པའི་དོན། །རྣལ་འབྱོར་ལམ་གྱི་སྙིང་པོ་ཞིག །མ་མཐོང་རྨོངས་ལ་བསྟན་པའི་ཕྱིར། །བསྐྱེད་བྱང་འགའ་ཞིག་བདག་གིས་བྱ། །བསྐྱེད་པའི་ཚལ་མ་ཧཱ་ཡོ་ག་དང་། །རྫོགས་པ་ཨ་ན་ཡོ་ག་དང་། །རྫོགས་པ་ཆེན་པོའི་ཚལ་ཨ་ཏི་ཡོ་ག་དང་གསུམ་མོ། །དེ་གསུམ་ཡང་རྟོགས་པའི་ལྟ་བའི་ཕགས་ནི་གཅིག་ལ། ཏིང་ངེ་འཛིན་ནི་ཁྱད་ཡོད་དེ། ཏིང་ངེ་འཛིན་ཐོབ་པ་ནི་མ་ཧཱ་ཡོ་ག །བརྟན་པར་གྱུར་པ་ནི་ཨ་ན་ཡོ་ག །སྟོབས་སུ་གྱུར་པ་ནི་ཨ་ཏི་ཡོ་ག་སྟེ། སེམས་ལས་མ་གཏོགས་པའི་ཆོས་ནི་རྡལ་ཙམ་ཡང་མེད་པར་རྟོགས་སོ། །དེ་ལ་ཏིང་ངེ་འཛིན་བཟང་བ་ལ་རྣམ་པ་མང་ན་ཡང་། ཤེས་རབ་བསྐྱེད་པར་འདོད་ན། རྡོ་རྗེ་སློབ་དཔོན་ལ་བཟང་བར་བྱའོ། །ཡོན་ཏན་གྱི་རྣམ་པ་མང་པོ་ཐོབ་པར་འདོད་ན། ནོར་བ་རིན་པོ་ཆེ་ལ་བསླབ་པར་བྱའོ། །ལྷ་མོ་མཛེས་མ་དང་འཕྲད་པར་འདོད་ན། འགྲོ་བ་བཟང་མོ་ལ་བསླབ་པར་བྱའོ། །འདོད་པའི་ཡོན་ཏན་ལྔ་ཐོབ་པར་འདོད་ན། །ཟས་ཕན་སམ་ཚོགས་པ་ལ་བསླབ་པར་བྱའོ། །མི་སྣང་བར་བསྒྲུབ་པར་འདོད་ན། །མེ་ལོང་གི་གཟགས་བརྙན་ལ་བསླབ་པར་བྱའོ། །འཇིག་རྟེན་གྱི་ཁམས་སྣང་བས་ཁེངས་པར་འདོད་ན། ཉི་མའི་སྙིང་པོ་ལ་བསླབ་པར་བྱའོ། །ནམ་མཁའ་ལ་མཆོང་བར་འདོད་ན། །གསེར་གྱི་ཟམ་པ་ལ་བསླབ་པར་བྱའོ། །མེས་མི་ཚིག་པར་འདོད་ན། མེ་འབར་བའི་ཕང་པོ་ལ་བསླབ་པར་བྱའོ། །ཆས་མི་ཚག་པར་འདོད་ན། རྒྱ་མཚོ་ཆེན་པོའི་གཏིང་དུ་འདག་པ་ལ་བསླབ་པར་བྱའོ། །གཡང་ལ་མི་ལྷང་བར་འདོད་ན། འདབ་ཆགས་བྱའི་རྒྱལ་པོ་ལ་བསླབ་པར་བྱའོ། །མཚོན་གྱིས་མི་ཚག་པར་འདོད་ན་སྤུ་གྲི་འབར་བ་ལ་བསླབ་པར་བྱའོ། །ཚེ་རིང་བར་འདོད་ན། ཉི་མའི་སྙིང་པོ་མེ་ཤེལ་དང་། ཟླ་བའི་སྙིང་པོ་ཆ་ཤེལ་ལ་བསླབ་པར་བྱའོ། །གཡལ་ལས་རྒྱལ་བར་འདོད་ན། རྡལ་མོ་ནག་མོ་ལ་བསླབ་པར་བྱའོ། །མི་གནས་པའི་ཡེ་ཤེས་ཐོབ་པར་འདོད་ན། རྡོ་རྗེ་སྙིང་པོ་ལ་བསླབ་པར་བྱའོ། །བསླབ་པ་དེ་རྣམས་གཅིག་འབྱོངས་ན། ཀུན་ལ་བསླབ་པར་བྱའོ། །བསླབ་པ་དེ་རྣམས་ཀྱང་མོས་པའི་སྒོ་ཐ་དད་ནས་སློབ་ཀྱང་། དོན་ཡེ་ཤེས་ཆེན་པོ་གཅིག་ཐོབ་པར་འདོད་པས་བསླབ་པའི་དོན་གཅིག་ཏུ་བསླབ་པར་བྱ་བ་ཡིན་ནོ། །སྤྱིར་རྒྱུད་དང་མདོ་སྡེ་ཀུན་གྱི་ནང་ནས། ཤེས་རབ་དང་ཏིང་ངེ་འཛིན་ལས་སུ་རང་ན། སངས་རྒྱས་དང་མཉམ་པར་བཤད་ལུགས་ཏེ། དེ་ཡང་ཏིང་ངེ་འཛིན་གྱིས་ནི། དངོས་པོ་མེད་ལས། དངོས་པོ་ཡོད་པར་སྣང་དུ་ཟད་དོ། །ཤེས་རབ་ཀྱིས་ནི། ཡོད་པར་སྣང་བ་ཀུན་ཀྱང་མེད་པར་ཤེས་པས། སྟོང་བཞིན་དུ་སྣང་ལ་སྣང་བཞིན་དུ་སྟོང་པས་ཤིན་ཏུ་ངོ་མཚར་ཆེའོ། །དེ་ཡང་གསང་བ་སྙིང་པོ་ལས་ཀྱང་། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་གསངས་སོ། །འདི་ལྟར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་ནི་རང་གི་སེམས་ཀྱི་རྣམ་པ་ཡིན་ལ། སེམས་ནི་མེད་བཞིན་དུ་སྣང་ལ། སྣང་ཙམ་ཉིད་ན་དངོས་པོ་མེད་དེ་སྟོང་པས། རྒྱད་ལས་ཀྱང་། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་གསངས་སོ། །སེམས་བཟང་བའི་ཐབས་ནི། དང་པོ་རྡོ་རྗེ་སློབ་དཔོན་ལ་མི་གཡོ་བའི་དད་པས་བསྟེན་ནས་ཕྱི་མཚམས་དང་ནང་མཚམས་བཅད་ལ། སེམས་ཀྱི་འཚེ་བ་ཐམས་ཅད་སྤངས་ལ་བསྒྲུབ་བོ། །དང་པོ་སེམས་ཐ་མལ་པའི་ཚད་བཞག་པར་མ་བྱས་ན་ཐོས་པའི་དུས་སུ་ཐེ་ཚོམ་ཟའོ། །དང་པོ་ཡིག་འབྲའམ་གང་ཡང་རང་བ་ལ་དམིགས་པ་གཏོད་ཙམ་ན་མི་བསྐྱོད་པའི་བར་དུ་གཏད་པར་བྱའོ། །དེ་ཡང་དང་པོ་ཡང་དང་ཡང་དུ་འཕྲོ་སྟེ་འཕྲོ་བ་དེ་ལ་སྡུག་བསྔལ་དུ་མི་བལྟ་བར་བླན་ཅིང་གཏོད་དོ། །དེ་ཡང་སེམས་ཆགས་ནས་འདག་ན་ནན་མི་བསྐྱེད་ནན་བསྐྱེད་ན་སན་ཕྱང་ན་དེ་ཕྱིས་ཆགས་པར་དཀའ་བས། མ་སན་པར་བྱ་བ་གཅེས་ཏེ། ཟས་ཞིམ་པོ་ཟ་འཕྲོ་ལ་འཇོག་པ་དང་འདྲའོ། །དེ་ལྟར་མ་སན་པར་སེམས་ཆགས་ཙམ་ན་སེམས་བྲོད་དུ་གཞག་སྟེ། མི་འཇན་མི་རྩབ་མི་གཏད་གསལ་འཕྲོ་ལ་བཞག་ཅིང་། དམིགས་པའི་དུས་ས། ད་ཅིའི་སྔ་མའི་འཕྲོ་ལ། ཤིན་ཏུ་སྔ་མ་བས་ཅི་གསལ་ཙམ་དུ་འོང་ན། དེའི་འཕྲོ་ལ་ཚོད་ཟིན་པ་དང་། ཐན་མི་ཆེ་བར་བྱ་བ་དང་། ཟས་བཅད་ཅན་དང་ཆང་བསྐོལ་ཡལ་ཙམ་བཏང་། ལོང་གཏམ་མང་པོ་དང་འད་འཛི་སྤངས། ཐན་ལ་འཇག་པའི་དུས་སུ་བརྩོན་འགྲས་བྱ། སྤྱིར་སེམས་བཏང་སྙོམས་སུ་བཞག །འདོད་པའི་དངོས་པོ་ལ་དངས་སེམས་མི་བསྐྱེད། སེམས་ཀྱི་ཉམས་རིང་ཞིང་ཉམས་བག་ལོན་པར་བྱ། དེ་ནས་སེམས་ཟིན་ཏེ་བརྟན་པར་གྱུར་ཙམ་ན། ཇི་ཙམ་ཐབ་པའི་ཚད་བལྟ། གང་ཅི་ཙམ་འདོད་པ་ཙམ་དུ་འོང་བ་དང་། སྤྲོ་བ་དང་བསྒྱུར་བ་དང་མང་དུ་སྤེལ་བ་དང་། ཡལ་གསུམ་དུ་གསལ་མི་གསལ་བལྟ་བ་དང་། རྒྱལ་བའི་སྐུ་ཞི་ཁྲོ་ལ་དམིགས་པ་བྱས་ཙམ་ན། མདན་དུ་བསྒོམ་པའམ། ནམ་མཁའ་ལ་བསྒོམ་པའམ་བདག་ཉིད་རིང་དུ་བསྒོམ་པའམ། དེ་ཀུན་ལ་ཉམས་སད་ཅིང་རྩལ་སྦྱང་བར་བྱའོ། །དེ་རྣམས་ལ་འབྱོངས་ནས་གང་འདོད་པའི་དངོས་པོ་རྣམས་ལ་བསླབ་པ་དང་གོང་གི་དམིགས་པ་རྣམས་ལ་ཡང་བསླབ་པར་བྱའོ། །དེ་ལྟར་གོམས་ཙམ་ན། དབང་པོ་དངས་པ་དང་ཧར་བ་དང་ཡན་པ་ལ་ཡང་བསླབ་པར་བྱའོ། །འདྲིས་པར་བྱའོ། །དེ་ནས་རིག་པར་རང་དབང་གི་གདམས་ངག་ཐོབ་ནས་རྣལ་འབྱོར་རྟག་ཏུ་འགྲོ་ཉལ་འདག་སྡོད་སྤྱོད་ལམ་རྣམ་བཞིར་རིག་པ་ཡེ་ཤེས་ཀྱི་རྟ་དང་མི་འབྲལ་ལོ། །དེ་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་པ་ནི། ལས་མི་རུ་འདག་ཀྱང་སེམས་སངས་རྒྱས་སུ་གྲབ་ཅེས་བྱ་སྟེ། སྒོམ་པ་ཁྲོམ་ཐབ་པ་བྱ་བ་ཡིན་ནོ། །དེ་ཕན་ཆད་གསེར་སུ་ལེ་སྦྲམ་དང་འདྲ་སྟེ། ས་འོག་ན་འདག་ཀྱང་། གསེར་ཆའི་ནང་ན་འདག་ཀྱང་། གསེར་བརྡང་ཀྱང་། གསེར་གཟགས་བརྙན་གྱི་རྣམ་པ་སྡུག་པ་དང་མི་སྡུག་པ་ལ་སྩོགས་པ་ཅིའི་གཟགས་སུ་འདག་ཀྱང་གསེར་ལས་མ་འདས་སོ། །དཔེ་དེ་བཞིན་དུ་ཆོས་ཐམས་ཅད་རང་གི་སེམས་ཡིན་ལ། སེམས་རང་བྱང་གི་ཡེ་ཤེས་ཆེན་པོར་སངས་རྒྱས་པ་ཡིན་ཏེ་ཚད་དང་རྐྱེན་དང་གཉེན་པོ་ཐམས་ཅད་དང་བྲལ་བའོ། །དེ་ལྟར་གང་ན་གནས་ཀྱང་རང་བྱང་ཡེ་ཤེས་ལས་མ་འདས་སོ། །སློབ་དཔོན་ཆེན་པོ་བྱེ་མ་ལ་མི་ཏྲས་མ་རིག་སྦུབས་འབྱེད་ཀྱི་དགོངས་པ་གསངས་པ། ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད་པའོ། །མ་རིག་སྦུབས་འབྱེད་ཨྠྀི། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ།། །།མངའ་རིས་པཎ་ཆེན་གྱི་ཕྱག་དཔེ་ལས་བཤས་སོ། །

༄༅། །རྫོང་འཕྲང་ལས། རྒྱལ་ཐབས་སྤྱི་བླགས་དབང་གི་ལོ་རྒྱས་ཉང་ང་བཞགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གསང་སྔགས་རྡོ་རྗེ་ཐེག་པའི་དོན་བསྡུས་པ་ལ་དྲག་སྟེ། ཐག་ལྟ་བས་བཅད་པ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་པ་དང་། ལ་སྤྱོད་པས་དོར་བ་དང་། གཞི་དམ་ཚིག་གིས་བཟང་བ་དང་། རིམ་པ་དབང་གིས་བགྲོད་པ་དང་། དོན་མན་ངག་གིས་སྒྲུབ་པའོ། །དེ་ལ་འབྲས་བ་དབང་གིས་ཐོབ་པར་བྱ་བ་ནི། འོག་མིན་གྱི་གནས། ལྕང་ལོ་ཅན་གྱི་ཕོ་བྲང་སྟེ། དག་པ་འཕྲལ་གྱི་གཞལ་ཡས་ཁང་། གསང་བ་མཆོག་གི་དཀྱིལ་འཁོར་ད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། དུས་གསུམ་གྱི་སངས་རྒྱས་མ་ལས་པའི་ཡམ་ཀུན་ཏུ་བཟང་མོས། རིགས་ལྔ་རྒྱལ་བ་རྒྱ་མཚོ་འཁོར་དང ་བཅས་པ་རྣམས་ལ། རྒྱལ་ཐབས་སྤྱི་བླགས་ཀྱི་དབང་བསྐར་ཏེ་རང་རིག་པའི་མངའ་གསོལ་ལོ། །དེ་རྣམས་ཀྱིས་སྡུད་པ་པོ་དཔལ་རྡོ་རྗེ་སེམས་དཔའ་ལ་དབང་བསྐར་རོ། །དེས་ཨཱ་ཙཱརྻར་དགའ་རབ་རྡོ་རྗེ་ལ་དབང་བསྐར་རོ། །དས་དེར་རྡོ་རྗེ་སེམས་དཔའི་ཞལ་དངོས་སུ་མཐོང་ངོ་། །དེས་འཇམ་དཔལ་བཤེས་གཉེན་ལ་དབང་བསྐར་ཏེ། འཇམ་དཔལ་གྱི་ཞལ་དངོས་སུ་མཐོང་ངོ་། །ཡན་ཆད་གསངས་རབས་རྩ་ལྔ་པོ་ལ་མཆན། དེས་བཻ་རོ་ཙ་ན་ལ་དབང་བསྐར་ཏེ། རིམ་པས་ལྷ་ཡི་ཞལ་མཐོང་ངོ་། །བཻ་རོ་ཙ་ནས་གཡ་སྒྲ་སྙིང་པོ་ལ་དབང་བསྐར་རོ། །དེས་ཡར་ཀླང་ཤེལ་གྱི་བྲག་ཕག་ཏུ་ཞང་གཉའ་ན་ལ་དབང་བསྐར་ཏེ། དེ་ཡན་ཆད་དབང་གི་ཆ་བོ་གཅིག་གོ། །ལྷ་སྲས་ཁྲི་སྲོང་ལྡེའ་བཙན་གྱི་སྐུ་རིང་ལ། སློབ་དཔོན་པདྨ་འབྱང་གནས་བོད་ཡུལ་དུ་སྤྱན་དྲངས་པས་བྱོན་པའི་དུས་ས། རྗེ་འབངས་ཉི་ཤུ་རྩ་ལྔས་ཚོམ་བའི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། དེ་ནས་འཆིང་ཕའི་རྫ་རུ་ར་རྡོ་རྗེ་ཕར་པའི་དཀྱིལ་འཁོར་བཞེངས་སུ་གསོལ་ནས། དབང་བསྐར་ཏེ་ལྡེའ་བཙན་གྱིས་ཕྱག་རྒྱས་བཏབ་པས། དབང་གི་ཆ་བོ་གཉིས་སོ། །སློབ་དཔོན་གནབ་ནམ་མཁའི་སྙིང་པོས། རྒྱ་གར་ཡལ་གསེར་བྲག་བྱ་ཁྱང་ཚལ་དུ་བཛྲ་ཧཱུྃ་ཀ་རུ་ལས་དབང་ནོད་ནས། གཉལ་གྱི་དག་རི་རུ་མར་མེ་དག་པ་བཞེངས་ནས་དབང་བསྐར་ཏེ། དབང་གི་ཆ་བོ་གསུམ་མོ། །སློབ་དཔོན་བྱེ་མ་ལ་མི་ཏྲ་བོད་ཡལ་སྤྱན་དྲངས་ནས་གཤེགས་པའི་དུས་ས། ཡར་ལང་མཆོད་ཀྱི་ཡངས་རྫོང་དུ་གསང་བ་མཆོག་གི་དཀྱིལ་འཁོར་བཞེངས་ནས་ཕྱི་ནང་གསང་བའི་དབང་བསྐར་ཏེ། གསང་མཚན་ཡང་། ཞང་དྲང་དྲི་མེད་ཟླ་ཤར་དུ་བཏགས་ནས་གྲབ་པ་ཡང་ཐོབ། ལྷ་སྲས་རལ་པ་ཅན་གྱིས་ཕྱག་རྒྱས་བཏབ་སྟེ། དབང་གི་ཆ་བོ་བཞིའོ། །དེ་ལྟར་དབང་གི་ཆ་བོ་བཞི་འདས་པ་ནི་ཞང་དྲང་གཉའ་ན་ལགས་སོ། །དེས་གྲའི་མན་ཁང་ད། སོག་པོ་ལྷ་དཔལ་གྱི་ཡེ་ཤེས་དང་། སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་དབང་བསྐར་ཏེ། ལྷ་སྲས་འོད་སྲང་གིས་ཕྱག་རྒྱས་བཏབ་བོ། །སངས་རྒྱས་ཀྱིས་གཙང་གི་མི་བཞི་ལ་དབང་བསྐར་ཏེ། པ་གོང་དང་། སོ་དང་། སྲ་དང་། གནབ་ཡོན་ཏན་རྒྱ་མཚོ་ལ། དམ་ཚིག་རྩལ་སྤྲུགས་ཀྱི་དབང་བསྐར་ཏེ། གསང་སྔགས་མཐའ་དག་གི་བཀའ་བབས་པའོ། །དེ་ལྟར་ཆ་བཀའ་བཞི་འདས་པའི་སྟེང་དུ་ཕྱིས་དུ་ན་འདའ་ལའི་བཀའ་དང་ལྔ་འདས་པ་ནི་ཡོན་ཏན་རྒྱ་མཚོ་ཡིན་ནོ། །ཁྱང་ཆེན་གཤོག་འབྱོངས་ནམ་མཁར་སྤྱོད་པ་ལ། །ངམ་གྲོག་གཡང་སུ་ཆ་ཀླང་ཉམ་མི་ངའོ། །གངས་གོང་ཡན་པའི་སེང་ཆེན་རྩལ་རྫོགས་ལ། །སྡེར་ཆགས་གཅན་གཟན་རྣམས་ལ་ཉམ་མི་ངའོ། །རིག་པའི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ལ། །ཐ་སྙད་སྒྲོ་བསྐར་ཆོས་ཀུན་ཉམ་མི་ངའོ། །ཡེ་ཤེས་རིག་པའི་རྩལ་དང་ལྡན་པའི་ཕྱིར། །རྒྱལ་ཐབས་སྤྱི་བླགས་ཚལ་དུ་དབང་བསྐར་ནས། །གནབས་ཡལ་རོང་གི་ཁ་ལང་དབེན་རྩ་ར། །ཡང་དབང་གཏེར་གྱི་སྣོད་བྱོན་ནས། །གཏེར་བཞད་རྩལ་གྱི་གཏེར་དུ་སྦས། །གཏད་རྒྱ། དབང་རྒྱ། བྱིན་རྒྱ། གསང ་ངོ་།། །།རིགས་ཀུན་ཁྱབ་བདག་འགྱུར་མེད་རྡོ་རྗེའི་ཕྱག་དཔེར། པཎ་ཆེན་མངའ་རིས་པའི་ཕྱག་དཔེ་ལས་བཤས་སོ། །

༄༅། །རྫོང་འཕྲང་ལས། ཁ་བསྒྱུར་དྲག་སྡེ་དྲག་ཅེས་པ་མན་ངག་གི་ཆིངས་བཞགས། དཔལ་ཆེན་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །རྒྱ་དང་བོད་ཀྱི་མཁས་པ་མི་བཞི་ཡིས། གསང་སྔགས་ཀྱི་ལམ་ཐམས་ཅད་མཐར་ཐག་པ་ཉམས་སུ་བླངས་པའི་ཐབས་བོད་ཀྱི་བ་གཅིག་པོ་གཉའ་ནའི་ཐགས་ཀྱི་གཏེར་དུ་སྦས། དེས་སོག་པོ་ལྷ་དཔལ་གྱི་ཡེ་ཤེས་གཏེར༴ དེས་རྡོ་རྗེ་ཡང་དབང་གཏེར་གྱི་ཐགས་ཀྱི་གཏེར༴ དེས་གནབ་ཁ་ལང་པ་ཡོན་ཏན་རྒྱ་མཚོ་ཡི་གཏེར༴ དེས་པདྨ་དབང་རྒྱལ་གྱི་ཐགས་ཀྱི་གཏེར༴ དེ་ལ་གསང་སྔགས་ཀྱི་ལྟ་སྤྱོད་གཉིས་ཀྱི་དོན་ཉམས་སུ་བླང་བའི་ཐབས་ལ། དུས་གསུམ་གྱི་བདེ་བར་གཤེགས་པའི་ཐགས། ཁམས་གསུམ་གྱི་སེམས་ཅན་གྱི་སེམས། ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་སྟེ། དེ་ཐམས་ཅད་ཀུན་གཞི་བྱང་ཆབ་ཀྱི་སེམས་སྐྱེ་བ་མེད་ཅིང་། སྤྲོས་པ་དང་བྲལ་བའི་ངང་དུ་ཀུན་གཅིག་པས། དོན་དེ་ལ་བསྟན་པའི་སྙིང་པོ་ཞེས་བྱའོ། །དེ་ལས་འཁོར་འདས་ཐམས་ཅད་གྱེས་པ་ཡིན་ཏེ། སེམས་ཅན་ཀྱི་དུས་ན་ཉོན་མོངས་པ་རྣམ་པ་ལྔ་ཤར། དེ་གནས་གྱུར་པ་ལ་ཡེ་ཤེས་རྣམ་པ་ལྔ་ཤར། དེ་ཡང་གཏི་མག་གནས་གྱུར་པ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཀུན་གཞི་སྐྱེ་བ་ཡིན་ལ། དེ་ལས་ཡོན་ཏན་གྱི་ཆ་ནས་ཡེ་ཤེས་བཞིར་ཤར་ཏེ། སེམས་ཉིད་ངང་གིས་གསལ་བས་མེ་མོང་ལྟ་བའི་ཡེ་ཤེས། དེའི་ངང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས། མཉམ་ཉིད་ངང་དུ་མ་འདྲེས་པར་གསལ་བས་སོ་སོར་རྟོགས་པའི་ཡེ་ཤེས། དེས་བྱང་ཞིང་ཕྲིན་ལས་ཐམས་ཅད་གྲབ་པས་བྱ་བ་གྲབ་པའི་ཡེ་ཤེས། ཡེ་ཤེས་རྣམ་པ་ལྔ་ཡི་སྣང་བ་ལས་རིགས་ལྔར་ཤར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ ་ཤེས་རྣམ་པར་སྣང་མཛད། མེ་ལོང་ལྟ་བའི་ཡེ་ཤེས་རྡོ་རྗེ་སེམས་དཔའ་སྟེ་རྣམ་སྣང་གི་ཐགས། རྣམ་སྣང་གི་མཉམ་ཉིད་ཀྱི་ཡེ་ཤེས་ལས་རིན་ཆེན་འབྱང་ལྡན་ཏེ་རྣམ་སྣང་གི་ཡོན་ཏན། སོ་སོར་རྟོགས་པའི་ཡེ་ཤེས་ལས་སྣང་བ་མཐའ་ཡས་ཏེ་རྣམ་སྣང་གི་གསང་། བྱ་བ་ནན་ཏན་ཡེ་ཤེས་ལས་དོན་ཡོད་གྲབ་པ་སྟེ་རྣམ་སྣང་གི་ཕྲིན་ལས་ཡིན། དེ་ཐམས་ཅད་རྣམ་པར་སྣང ་མཛད་ལས་ཤར་བ་ཡིན་ནོ། །དེ་ལ་ཁྲོ་བོའི་དུས་ན་ཧེ་རུ་ཀ་རྣམ་པ་ལྔར་ཤར་ཏེ། རྣམ་པར་སྣང་མཛད་ལས་བདྡྷ་ཧེ་རུ་ཀ་སྐུ་དངོས་སུ་ཤར་རོ། །རྡོ་རྗེ་སེམས་དཔའ་ལས་ཐགས་མི་འགྱུར་བས་བཛྲ་ཧེ་རུ་ཀ །རིན་ཆེན་འབྱང་ལྡན་ལས་འདོད་པ་འབྱང་བས་ཡོན་ཏན་རཏྣ་ཧེ་རུ་ཀ །སྣང་བ་མཐའ་ཡས་ལས་ཁམས་གསུམ་དབང་དུ་སྡུད་པས་གསངས་པདྨ་ཧེ་རུ་ཀ །དོན་ཡོད་གྲབ་པ་ལས་གདག་པ་འདལ་བའི་ཕྲིན་ལས་ཀརྨ་ཧེ་རུ་ཀ །དེ་ལྟར་ཞི་བ་རིགས་སྔགས་གནས་འགྱུར་བས་ཁྲོ་བོ་རིགས་ལྔར་ཤར་རོ། །དེ་ནས་སྒྲུབ་པ་སྡེ་དྲག་བྱང་སྟེ། བདྡྷ་ཧེ་རུ་ཀ་གནས་གྱུར་པ་ལས་འཇམ་དཔལ་སྐའི་སྒྲུབ་ཐབས། པདྨ་ཧེ་རུ་ཀ་གནས་གྱུར་པ་ལས་པདྨ་གསང་གི་སྒྲུབ་ཐབས། བཛྲ་ཧེ་རུ་ཀ་གནས་གྱུར་པ་ལས་ཐགས་ལ་འགྱུར་རྒྱ་མེད་དེ་ཡང་དག་ཐགས་ཀྱི་སྒྲུབ་ཐབས། རཏྣ་ཧེ་རུ་ཀ་གནས་གྱུར་པ་ལས་བདད་རྩི་ཡོན་ཏན་གྱི་སྒྲུབ་པ། ཀརྨ་ཧེ་རུ་གནས་གྱུར་པ་ལས་ཕྲིན་ལས་ཕར་པའི་སྒྲུབ་པ་རུ་བསྟན་ཏོ། །ཕྱི་བཟང་བའི་ཡུལ་དུ་ཤར་བ་ལས་དཔལ་ལྷ་མོ་ནག་མོ། ནང་འཛིན་པའི་སེམས་སུ་ཤར་བ་ལས་མོན་མོ་ནག་མོ། གསང་བ་གཟང་འཛིན་གཉིས་མེད་ལས་ཨེ་ཀ་ཙ་ཏི་ཞེས་བྱའོ། །དེ་ནི་མ་མོ་རྦོད་གཏོང་གི་སྒྲུབ་པའོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་ཤར། ཉོན་མོངས་པ་གཏི་མག་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་ཤར། རྣམ་པར་སྣང་མཛད་ལས་སྔགས་ཕྱི་ནང་གི་ལྷ་ཞི་བ་བསམ་གྱིས་མི་ཁྱབ་པར་ཤར། དེ་ཡང་ཕྱི་ལྟར་ན་རྣམ་པར་སྣང་མཛད་ལས། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞི་བའི་ཆ་ལུགས་སུ་ཤར། ནང་ལྟར་ན་བདྡྷ་ཧེ་རུ་ཀ །གསང་བ་ལྟར་ན་འཇམ་དཔལ་ཡ་མན་ཏ་ཀར་ཤར་བ་ཡིན་ནོ། །དེ་ཡང་རྣམ་པར་སྣང་མཛད་ནི། ཀུན་གཞི་བྱང་ཆབ་ཀྱི་སེམས་སྐྱེ་བ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་དུ་རྟོགས་པ་སྟེ། དེའི་ངང་དུ་རྟོགས་ཤིང་ཆད་པ་ནི་འབ་ཆབ་ཀུན་འདས་ཀྱི་དགོངས་པ་ཞེས་བྱའོ། །དེ་ལྟར་རྟོགས་པར་གསང་སྔགས་མ་ཧཱ་ཡོ་གའི་དངོས་གྲབ་བསྒྲུབ་པ། མཁས་པ་མི་བཞི་ཡི་མན་ངག་ཏུ་བཞག་པའོ། །ཨྠྀི།། །།

༄༅། །རྣལ་འབྱོར་དབང་ཕྱག་ཆེན་པོས་ལྷ་གཅིག་གྲབ་པས་ལྷ་ཐམས་ཅད་འགྲབ་པ་ནི། སྒྲུབ་པ་སྡེ་དྲག་གཅིག་ཏུ་ཉམས་སུ་ལེན་པ་ཁ་བསྒྱུར་དྲག་པའི་མན་ངག་ཡིན་ཏེ། དགོན་པ་དབེན་པ་མི་མི་རྒྱ་བའི་སར་འདག་ལ། དཀྱིལ་འཁོར་དུས་གཅིག་ཏུ་བསྐྱེད། བསྙེན་པ་དུས་གཅིག་ཏུ་དབལ། མཆོད་པ་དུས་གཅིག་ཏུ་དབལ། བསྟོད་པ་དུས་གཅིག་ཏུ་བྱ། དངོས་གྲབ་དུས་གཅིག་ཏུ་བླང་། ཕྲིན་ལས་དུས་གཅིག་ཏུ་བཅོལ་ལ། གྲབ་པ་དུས་གཅིག་ཏུ་ཐོབ་པའི་མན་ངག་ཅེས་བྱ་སྟེ། མཆོད་པ་དང་གཏོར་མ་ལ་སོགས་པ་བཤམས་ལ། དཀྱིལ་འཁོར་བཞེངས་ནས་ཞི་ཁྲོའི་ལྷ་སྒྲུབ། དཀྱིལ་འཁོར་ཞལ་དབྱེ། དང་པོ་མཚམས་བཅད། བརྡ་སྒོ་དབྱེ་བ་དང ་། བརྡ་ཕྱག་འཚལ་བ་དང་། མཆོད་རྫས་བྱིན་གྱིས་བརླབས་ལ་འབལ་ལོ། །དེ་ནས་བཤགས་པ་བྱ། དང་པོ་ཞི་བའི་དཀྱིལ་འཁོར་དུ་བསྐྱེད། དེ་ནས་ཁྲོ་བོར་གནས་བསྒྱུར་ལ་སྤྱན་དྲངས། བཞགས་གསོལ། ཕྱག་དང་། མཆོད་པ་ཡན་ཆད་བྱའོ། །དེ་ནས་ཛབ་ལ་བབ་པ་དང་། དང་པོ་དཔལ་གྱི་དུ་ལ་གསལ་གདབ་དཔལ་ཆེན་པོའི་ཐགས་དཔལ་བེའ་རིན་པོ་ཆེ་ཟར་བརྒྱད་པ་ལ། ར་ལ་འབྲ་བརྒྱད་གནས་པ་ལས་སྤྲོ་བསྡུ་བྱ་ཞིང་བཟླས་སོ། །ཛབ་བརྒྱ་རྩ་བརྒྱད་བཟླས་སོ། །ༀ་རུ་ལ་རུ་ལ་ཧཱུྃ་བྷྱོ་ཧཱུྃ། དཔལ་ཆེན་ཡབ་ཡམ་ཐགས་ཀ་ནས། རིན་ཆེན་གའ་ཁ་ཕྱེ་ལ། ར་ལ་གསེར་ཕྲེང་འོད་དུ་འཕྲོ། །ཕར་འཕྲོས་པས་ནི་སྐུ་ལ་ཐིམ། །སྐ་ཡང་འགྱུར་བ་མེད་པའི་སྐ། །འགྱར་བ་མེད་དེ་དང་རེ་སྤྲོ། །ཚར་འདས་པས་ནི་གསང་ལ་ཐིམ། །གསང་ཡང་འགགས་པ་མེད་པའི་གསང་། །འགགས་པ་མེད་དེ་དང་རེ་སྤྲོ། །གཉིས་སུ་མེད་པས་སེམས་ལ་ཐིམ། །སེམས་ཀྱང་སྐྱེ་འཆི་མེད་པའི་སེམས། །སྐྱེ་འཆི་མེད་དེ་དང་རེ་སྤྲོ། །ༀ་རུ་ལ་རུ་ལ་ཧཱུྃ་བྷྱོ་ཧཱུྃ། དེ་ཡང་བྱང་ཆབ་ཀྱི་སེམས་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་། སྐྱེ་བ་མེད་པའི་ངང་དུ་མི་འགྱུར་བར་བསྒོམ་མོ། །དེ་ལ་ཡང་དག་ཐགས་ཀྱི་སྒྲུབ་པའི་མཐའ། ར་ལ་འབྲ་བརྒྱད་ཀྱི་དགོངས་འདས་ཞེས་བྱའོ། ༈ །དེ་ནས་འཇམ་དཔལ་སྐའི་སྒྲུབ་པ་བྱ་སྟེ། བདྡྷ་ཧེ་རུ་ཀ་གནས་གྱུར་པ། གཤིན་རྗེ་གཤེད་པོ་སྨུག་ནག་ཞལ་གཅིག་ཕྱག་གཉིས། གཡས་བེ་ཅོན། གཡོན་ཐོད་ཁྲག །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར་བའོ། །འཁོར་ལོ་རྣམ་བཞི་སྐུ་ལ་རྫོགས་པ་ནི། ༀ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བ་ན་ཛ་ཧཱུྃ་ཕཊཿ ཅེས་བཟླས་པས། ཐགས་ཀར་གནས་པའི་འཁོར་ལོ་ཙིཏྟ་རིན་ཆེན་ཟར་བརྒྱད་ལས་འོད་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག་པས་གཉིས་མེད་དུ་གྱར། སྲིད་པའི་འཁོར་ལོ་ལྟེ་བ་ནས་འོད་འཕྲོས། ཁམས་གསུམ་སྲིད་གསུམ་དུ་སྤྲོས། འཁོར་བ་གནས་སྟོང་། སྤྲུལ་པའི་འཁོར་ལོ་ཞབས་འོག་ནས་འཕྲོས། འགྲོ་བ་རིགས་དྲག་གི་སེམས་ཅན་ལ་ཕོག་པས་སྐྱེ་བ་མེད་པར་གྱར། གཅོད་པའི་འཁོར་ལོ་ཕྱག་མཚན་བེ་ཅོན་འཁོར་ལོ་ལས་འོད་འཕྲོས་ཕྲིན་ལས་རྣམ་བཞི་དུས་གཅིག་ལ་མཛད། ལྷ་མ་སྲིན་སྡེ་བརྒྱད་ལ་ཕོག་པས་སྲོག་བཅད་ལ་ཕབ་སྟེ། ཐམས་ཅད་བྱང་ཆབ་སེམས་ཀྱི་ངང་དུ་རོ་གཅིག་པར་བྱས། ༀ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བ་ན་ཛ་ཧཱུྃ་ཕཊཿ ཨ་ཡ་ཛྙཱ་ན། གཡ་ཚེ་བྲྂ། ཨ་བ་ན་ཡ་བྲྂ། ཚེ་བྲྂ། གཡ་བྲྂ། ཨ་ཡ་གཉའ་ན་བྲྂ། ཞེས་བརྒྱ་རྩ་བརྒྱད་འབལ། ཧཱུྃཿ ཚེ་ལ་མངའ་མཛད་གཤིན་རྗེ་གཤེད། །ཕྱག་མཚན་བེ་ཅོན་འཁོར་ལོ་ཡིས། །གཤིན་རྗེའི་གནས་ཁང་བཅོམ་ནས་ནི། །གཤིན་རྗེའི་ལག་ནས་ཚེ་འཕྲོག་ལ། །རྣལ་འབྱོར་བདག་ལ་ཚེ་སྩོལ་ཞིག །ཅེས་བསྐལ་བས། རྣལ་འབྱོར་འཁོར་བཅས་ཀྱི་ཚེ་ཉམས་པ་དང་། བརྐས་པ་ཐམས་ཅད་སླར་ཐོབ་པར་བསམ་མོ། །འཇམ་དཔལ་འཁོར་ལོ་རྣམ་བཞི་ཡི་དགོངས་པ། གཤིན་རྗེ་ཚེ་སྒྲུབ་ལ་འདས་ཞེས་ཀྱང ་དེ་ལ་བྱའོ།། ༈ །།དེ་ནས་པདྨ་གསང་གི་སྒྲུབ་པ་ཁ་བསྒྱུར་བྱ་སྟེ། པདྨ་ཧེ་རུ་ཀ་གནས་གྱུར་པ། །དཔལ་རྟ་མགྲིན་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ། གཡོན་ཐོད་ཁྲག །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར་བའོ། །དབ་གཙག་ན་རྟ་མགོ་ལྗང་ཞར་ཡོད་པའོ། །ༀ་པདྨ་ཏ་ཀྲི་ཏ་མ་ཧཱ་ཀྲོ་ཏ་ཧ་ཡ་གྷྲི་ཝ་ཧ་ལ་ཧ་ལ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བརྒྱད་བཟླས་པས། དབས་ཀྱི་རྟ་སྐད་ཐེང་གཅིག་གིས། ཡེ་ཤེས་ཀྱི་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་དབང་དུ་བསྡུས། གཡས་ཀྱིས་རྟ་སྐད་ཐེང་གཅིག་གིས། སྲིད་པའི་གཟའ་ཀླ་ཕོ་མོ་དབང་དུ་བསྡུས་ཏེ། བྲན་བཞིན་བཀའ་ཉན་གསང་སྡོད་པར་བསྒོམ་མོ། །ཛཔ྄་བསྟོད། ཧཱུྃ། བཅོམ་ལྡན་དབང་ཆེན་རྟ་མཆོག་སྐ། །སྐ་མདོག་དམར་ནག་ཐམས་ཅད་དབང་དུ་སྡུད། །རྟ་སྐད་འཚེར་བས་དྲེགས་པ་ལས་ལ་གཏོང་། །ཕྱག་མཚན་མཚོན་ཆས་གདག་པ་ཐལ་བར་རློག །དར་ཁྲོད་རྒྱན་ཆས་མཁའ་འགྲོ་དམ་ལ་སྡུད། །ཞབས་ཀྱི་དོར་སྟབས་དགྲ་བགེགས་དམ་སྲི་གཟེར། །ཁམས་གསུམ་དབང་སྡུད་རྟ་མཆོག་སྐུ་ལ་བསྟོད། །ཅེས་བསྟོད་ཅིང་། འཇིག་རྟེན་འདས་དང ་མ་འདས་ཐམས་ཅད་དབང་དུ་བསྡུ་ཞིང་ལས་ལ་གཟད་དོ། །པདྨ་གསང་གི་སྒྲུབ་པ། རྟ་སྐད་ཐེང་གསུམ་དགོངས་པར་འདས། ཞེས་ཀྱང་དེ་ལ་བྱའོ། ༈ །དེ་ནས་ཕར་པ་ཕྲིན་ལས་ཀྱི་སྒྲུབ་པ་བྱ་སྟེ། ཀརྨ་ཧེ་རུ་ཀ་གནས་གྱུར་པ། རྡོ་རྗེ་གཞོན་ན་ལྗང་ནག་ཞལ་གཅིག་ཕྱག་གཉིས་ཕར་པ་འདྲིལ་བ། ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར་བའོ། །ཕར་པ་སྲས་མཆོག་ཏུ་བསྐྱེད་ལ། ཁྲོ་བོ་ཁྲོ་མོ་སྤྲུལ་པ་ཁྲ་ཐབས་ཡང་སྤྲུལ་གསུམ་སྤྲུལ་རྣམས་ཀྱིས། དགྲ་དང་བགེགས་བཀག་ལ་སྒྲོལ་བར་བསམ་མོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཏིབ་ཏ་ཙཀྲ་གཉའ་ན་ཀྲོ་ཏ་དགྲ་བགེགས་མཱ་རུ་ཡ་ཧཱུྃ་ཕཊ༔ ཅེས་ཕར་བ་འདྲིལ་ཞིང་དགྲ་བགེགས་ལ་གདབ་སྟེ། ཛཔ྄་བསྟོད་ནི། ཧཱུྃ། ཁྲོ་རྒྱལ་དཔལ་ཆེན་རྡོ་རྗེ་གཞོན་ན་བཞེངས། །ཐགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡ། །འཇིགས་བྱེད་ཁྲོ་བོ་ཁྲོ་མོ་ཁྲ་ཐབས་དང་། །སྤྲུལ་པ་ཡང་སྤྲུལ་གསུམ་སྤྲུལ་ཕོ་ཉའི་ཚོགས། །གདག་པའི་དགྲ་བགེགས་ཁག་ལ་ཕར་པས་རྒྱོབ། །བར་ཆད་དམ་སྲི་ཐལ་བའི་རྡལ་དུ་རློགས། །ཞེས་ཕར་པ་དྲིལ་ནས་བཏབ་པས་དགྲ་བགེགས་ཐལ་ཕང་ནས་བརླག་པར་བྱས་རྩད་བཅད་པར་བསྒོམ་མོ། །ཕྲིན་ལས་ཕར་པའི་སྒྲུབ་པ། ཕར་པ་ཐལ་འབྱིན་དགོངས་པར་འདས་ཞེས་དེ་ལ་བྱའོ། ༈ །དེ་ནས་བདད་རྩི་ཡོན་ཏན་གྱི་སྒྲུབ་པ་བྱ་སྟེ། རཏྣ་ཧེ་རུ་ཀ་བདད་རྩི་འཁྱིལ་པར་གནས་བསྒྱུར་ཏེ། བདད་རྩི་དང་ཆང་བསྲེས་ལ་ཀཱ་པ་ལ་བཀངས་ལ། ཐོད་པའི་འོག་ཏུ་ཡཾ་ལས་རླང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་བ། ཀཱ་པ་ལར་ཤ་ལྔ་བདད་རྩི་ལྔ་ལས་རིགས་ལྔ་ཡབ་ཡམ་བཅར་གྱར། སྦྱོར་བ་བྱས། བྱང་ཆབ་སེམས་ཀྱི་བདད་རྩིར་གྱར། རིགས་ལྔ་ཡབ་ཡམ་འོད་དུ་ཞ། འོག་གི་རླང་གིས་མེ་བས། མེས་ཐོད་པ་དྲོས། བདད་རྩི་ཁོལ་བས། བདད་རྩིའི་ནང་དུ་ཁྲོ་བོ་བདད་རྩི་འཁྱིལ་པ། སྐ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་ཡམ་ལ་འཁྱད་པའི་ཐལ་མོ་ཟེད་པ། ཞབས་ལྟེ་བ་མན་ཆད་བདད་རྩིའི་ནང་ན་ཡོད་པར་བསྒོམ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀནྡ་ལི་ཧཱུྃ་ཧྲཱིཿཋ། ཛཔ྄་དེ་ཉི་ཤུ་རྩ་གཅིག་བརྗོད་པས་བདད་རྩི་འཁྱིལ་པ་ཡབ་ཡམ་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས། འོག་མིན་གནས་སུ་རིགས་ལྔ་ཡབ་ཡམ་སྦྱོར་མཚམས་སུ་འཕོག །ཡེ་ཤེས་བདད་རྩི་བབ་པས་དམ་ཚིག་བདད་རྩི་དང་འདྲེས་ནས། དཀར་ལྷད་ལྷད་གང་བར་བསམ་མོ། །རིགས་ལྔ་ཡབ་ཡམ་མཁའ་ཀློང་ད། །ཐབས་དང་ཤེས་རབ་སྦྱོར་བ་ལས། །གཉིས་མེད་བྱང་ཆབ་སེམས་ཀྱི་འཕྲོ་འད་ལས། །སྣང་སྲིད་སྐྱེ་འགྲོ་རྩི་བཅད་སྨན་རྣམས་སྨིན། །ཐམས་ཅད་དག་པ་བདད་རྩི་ཆེན་པོ་ལ། །བདད་རྩི་ལྔ་རུ་ཡེ་སངས་རྒྱས། །བསེ་ཕོར་དམར་པོ་མཚན་ལྡན་མཛེས་པའི་སྣོད། །ཤེལ་ཕོར་དཀར་པོ་དྲི་མེད་དག་པའི་སྣོད་ནང་ད། དམ་རྫས་བདད་རྩི་ལྔ་ཡི་བཅད་བླག་སྟེ། ཨེ་མ་ཧོ། བདད་རྩིའི་བཅད་འདི་ནི། ཡེ་ཤེས་ལྷ་ལ་ཕོག་པས་རྒྱལ་བའི་དཀྱིལ་འཁོར་མཉེས། དམ་ཅན་སྲང་མ་རྣམས་ལ་ཕལ་བས་ཐགས་དམ་གཉེན་པོ་སྐོངས། རིགས་ལྔར་གྲབ་པའི་ཚོགས་ལ་ཕལ་བས་དངོས་གྲབ་རྒྱ་མཚོ་སྤེལ། རྣལ་འབྱོར་དབང་ཕྱག་བདག་ལ་ཕོག་པས་དབང་དང་དངོས་གྲབ་བསྩལ། ལས་མེད་བགེགས་ལ་འཕོག་པས་ཐལ་བའི་རྡལ་དུ་རློགས། ཨེ་མ་ཧོ། བདད་རྩིའི་ཆ་འདི་ནི། མཐོང་ངམ་ཐོས་སམ་རེག་པ་ཙམ་གྱིས་ནི། ཐམས་ཅད་དབང་བསྡུད་རྣལ་འབྱོར་བདག་གིས་ཐོབ། ཨེ་མ་ཐབས་ཆེན་ཁྱད་པར་ཅན། །ཨེ་མ་ཐབས་ཆེན་བླ་ན་མེད། །ཨེ་མ་ངོ་མཚར་རྨད་དུ་བྱང་། །ལྟ་བ་རྨད་བྱང་ངོ་མཚར་ཆེ། །སྤྱོད་པ་རྨད་བྱང་ངོ་མཚར་ཆེ། །སྐ་ལྔ་ལྷན་གྲབ་ངོ་མཚར་ཆེ། །ཆོས་སྐུ་གཅིག་ལ་ཐ་དད་པ། །རིགས་ལྔའི་དངོས་གྲབ་འདིར་ཐོབ་པོ། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུན་དུ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་བདད་རྩི་གཏོར་རོ། །ཚིག་གོང་ལྟར་བརྗོད་ཅིང་བསྒོམ། ཡང་དེ་ལྟར་བསྒོམ་ལ། དེ་ནས་སྨན་མཆོད་བྱེད་པའི་དུས་ས། བདད་རྩི་འཁྱིལ་པ་ཡབ་ཡམ་ཞ་བ། ཞི་ཁྲོ་གནས་གྱུར་ལྷ་ཚོགས་རྣམས་ལ་མཆོད་པ་དུས་གཅིག་ལ་དབལ། རིག་འཛིན་དང་མ་མོ་དང་མཁའ་འགྲོ་མ་དང་ཆོས་སྐྱོང་སྡེ་བརྒྱད་རྣམས་ལ་ཡང་དབལ་ལོ། །བདད་རྩི་བྱང་ཆབ་སེམས་ཀྱིས་མཉེས་པར་བསྒོམ་མོ། །བདད་རྩི་ལྕེ་ལ་བཞག་ལ་དངོས་གྲབ་ཐེབས་གསུམ་བླང་ངོ་། །ཡང་བདད་རྩི་བསྲང་བའི་ཕྱིར། བདད་རྩིའི་ནང་དུ་བདད་རྩི་འཁྱིལ་པ་ཡབ་ཡམ་བསྐྱེད་ལ་བཞག་གོ། །བདད་རྩི་ཡོན་ཏན་གྱི་སྒྲུབ་པ། བདད་རྩི་རྣམ་དག་གི་དགོངས་པར་འདས་ཞེས་དེ་ལ་བྱའོ། ༈ །དེ་ནས་མ་མོ་རྦོད་གཏོང་གི་སྒྲུབ་པ་ནི། ལྷག་མའི་ཆོ་ག་ལ། དཔལ་ཆེན་པོ་ཡབ་ཡམ་གྱི་སྐུ་གསལ་བཏབ་ལ། ༀ་ག་ཡ་གཉའ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊཿ ཅེས་མ་མོ་དང་མཁའ་འགྲོ་མ་ཐམས་ཅད་དབང་དུ་བསྡུད། གཏོར་མ་བཏང་ཁར་མ་མོ་ཐམས་ཅད་ལས་ལ་བསྐལ་ཞིང་རྦད། སྲོག་སྙིང་ནས་དྲངས། དེ་ཀ་ལ་མ་མོ་རྦོད་གཏོང་གི་སྒྲུབ་པ་ཞེས་བྱའོ། །དེ་ནས་འཇིག་རྟེན་པ་ཐམས་ཅད་བསྐལ་ཞིང་སྲོག་སྙིང་ནས་དྲངས། ཕྲིན་ལས་བཅོལ། དམ་རྫས་གཏོར་ཕད་བསྟབ། ལྷ་མ་སྲིན་སྡེ་བརྒྱད་བསྟེན་ཅིང་དགྲ་ལ་རྦད། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་པ་ཞེས་བྱའོ། །འཇིག་རྟེན་པ་ཐམས་ཅད་ཀྱི་དམོད་སྔགས་དང་དྲག་སྔགས་དྲག་ཏུ་བཟླས། དམ་རྫས་དང་གཏོར་མ་ཟོར་དུ་འཕང་། དགྲ་དང་བགེགས་ལ་མཐ་དང་བྱིན་རླབས་འཕྲལ་ལ་འབྱང་བས་དམོད་པ་དྲག་སྔགས་ཀྱི་སྒྲུབ་པ་ཞེས་བྱའོ། །གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་ལས་བྱིན་རླབས་ཁྱད་པར་ཅན་དུ་འབྱང་བས། གསང་སྔགས་ཐམས་ཅད་སྒྲུབ་པ་བཀའ་བརྒྱད་དུ་འདས། སྒྲུབ་པ་བརྒྱད་གཅིག་ཏུ་བསྒྲུབ་པ་ཁ་སྒྱུར་དྲག་པ་འདི་ཡིན་ནོ། །དེ་ཡང་རྩ་བའི་ལྷ་ཞི་ཁྲོ་རིགས་ལྔ་ལ། གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱི་ཏིང་ངེ་འཛིན་ཡལ་གསུམ་དུ་གསལ་ནས་མངོན་དུ་གྱུར་ཏེ་ཕང་པོ་ལྷག་མེད་སངས་རྒྱས་ཀྱི་སར་ཕྱིན་པ་ནི། མཆོག་གི་དངོས་གྲབ་ཕྱག་རྒྱ་ཆེན་པོ་ཐོབ་བ་ཞེས་བྱའོ། །མཁས་པ་མི་བཞིའི་ཐགས་བཅད། གསང་བའི་སྡེ་མིག་གཉིས་སྨོས་པ། ལྟ་བའི་སྡོམ་དང་སྤྱོད་པའི་སྡོམ། ལྟ་སྤྱོད་གཉིས་ཀྱི་མན་ངག་ལས། བསྡུས་པའི་ལག་ལེན་དུ་བཀོད་པ། །མཁས་པ་མི་བཞི་ཡི་ཞལ་ནས་སྙན་དུ་ཐགས་ནས་ཐགས་སུ་ཆད་པའི་དོན་རྡོ་རྗེ་ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། ལྷ་རྗེ་ཡེ་ཤེས་གཟངས་ཀྱི་ཐགས་དམ་མཛད་པའོ། །ཨྠྀི། སྒྲུབ་པ་བཀའ་བརྒྱད་གཅིག་ཏུ་སྒྲུབ་པ་ཁ་བསྒྱུར་དྲག་པ། ཨྠྀི། རྒྱ་རྒྱ་རྒྱ།། །།མྱང་རལ་པ་ཅན་གྱི་ཡི་དམ་ཏེ། སློབ་དཔོན་གྲུབ་ཐོབ་ལ་ཞས་སོ། །རིགས་ཀུན་ཁྱབ་བདག་གཏེར་བདག་གླིང་པའི་ཕྱག་དཔེར་སྨྱོས་ཀྱི་དགེ་སློང་པདྨ་འགྱུར་མེད་རྒྱ་མཚོས་བྲིས། རྒྱ་བོད་མཁས་པ་མི་བཞིའི་ཐགས་ཀྱི་བཅད། །མན་ངག་བདད་རྩིའི་དཔྱིད་འདིས་འགྲོ་བློའི་དྲི། །མངོན་པར་བཀྲས་ནས་ཡང་དག་ལམ་བཟང་པོར། །སྤྱོད་པའི་སྐལ་བཟང་དོན་ལྡན་ཉིད་གྱུར་གཅིག །

༄༅། །རྫོང་འཕྲང་ལས། དྲིལ་སྒྲུབ་རྩབ་ཁ་བསྒྱུར་དྲག་པའི་སྒོམ་ཁོག་བཞགས། ཞི་ཁྲོ་རྒྱལ་བའི་ཚོགས་ལ་ཕྱག་འཚལ་ལོ། །གསང་སྔགས་སྒྲུབ་པ་བཀའ་བརྒྱད་གཅིག་ཏུ་དྲིལ་ནས་སྒྲུབ་པའི་ཁ་བསྒྱུར་དྲག་པའི་ཕྲིན་ལས་ཀྱི་སྒོམ་རིམ་ལས། དང་པོ་མཚམས་བཅད་པ། སྐད་ཅིག་ལ་རང་ཁྲག་འཐང་རིགས་ལྔ་གཞལ་ཡས་ཁང་དང་བཅས་པར་བསྐྱེད་ལ། སྤྲུལ་པ་ཡང་སྤྲུལ་གསུམ་སྤྲུལ་མང་པོས་བར་དུ་གཅོད་པའི་དགྲ་བགེགས་བདད་དང་ལོག་འདྲེན་རྣམས་ལས་ངག་རྡལ་དུ་བཤིགས་ནས་བརླགས་པར་བྱས་པར་བསྒོམ་མོ། །དེ་ནས་བརྡ་སྒོ་དབྱེ་བ། སྣང་སྲིད་ལྷ་ཡི་གཞལ་ཡས་ཁང་ན། གཟགས་སུ་སྣང་བའི་སེམས་ཅན་ཐམས་ཅད་རྒྱལ་བ་ཞི་ཁྲོ་ཡི་ལྷ་ཚོགས་སུ་གསལ་བ་དེ་རང་གསལ་དུ་སུ་ལེ་གསལ་བ་དེ་ལ། བརྡ་སྒོ་དབྱེ་བ་ཡིན་ནོ། །བརྡ་ཕྱག་འཚལ་བ་ནི། སྣང་བ་ལྷའི་གཞལ་ཡས་ཁང་དེ། རང་གི་སེམས་ཀྱི་ཆོ་འཕྲལ་ཡིན་པས། རང་དང ་མི་གཉིས་པའི་ཚལ་གྱིས་ཕྱག་འཚལ་ལོ། །མཆོད་རྫས་བྱིན་གྱིས་བརླབས་ལ་དབལ་བ་ནི། མར་མེ་མ་རིག་པའི་མན་པ་སེལ་བའི་ཡེ་ཤེས་ཀྱི་སྤྱན་དང་། ཛ་ག ཏ་འབྱང་བ་ཆའི་བཅད་བདད་རྩི་དྲི་མ་མེད་པ་དང་། གཏོར་མ་ཞལ་ཟས་རྨད་དུ་བྱང་བའི་རོ་མཆོག་བརྒྱ་དང་ལྡན་པ་དང་། རཀྟ་འདོད་ཆགས་འཁོར་བ་ཟད་པར་མཛད་པའི་ཨ་རྒྷ་དང་། བདད་རྩི་དམ་རྫས་བདད་རྩི་རྣམ་ལྔ་སྨན་དུ་བསྒྱུར་བ་དང་། དེ་རྣམས་རྫས་དང་བྱིན་རླབས་ཏིང་ངེ་འཛིན་གྱིས་བསྒྱུར་ལ་ཚིག་དང་དོན་དང་ལྡན་པས་དབལ། དེ་ནས་བཤགས་པ་བྱ་བ་ནི། ཉོན་མོངས་དག་ལྔ་རིགས་ལྔ་ཡེ་ཤེས་ལྔ། རིག་པ་ལྷ་ཡི་རང་བཞིན་ཡིན་པར་མ་ཤེས་པར་བཤགས་པས་གཉིས་སུ་མེད། དམ་བཅས་པས་རང་དང་སྔོན་ནས་འད་འབྲལ་མེད་པ་དེ། ད་ལྟར་རང་ངོ་ཤེས་ནས་བསྒྲུབ་པས་འད་འབྲལ་མེད་པར་དམ་བཅའ་ཟིན། བྱིན་ཕབ་པ་ནི། རྒྱལ་བ་ཞི་ཁྲོ་ཡི་ལྷ་ཚོགས་རང་ལ་ཐིམ་པས་ལས་ངག་ཡིད་གསུམ་བྱིན་གྱིས་བརླབས་ནས་སྐུ་གསང་ཐགས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ་མོ། །དེ་ནས་ལྷ་ཡི་བསྐྱེད་རྫོགས་ཏིང་འཛིན་བསྒོམ་པ་ནི། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། སྟོང་ཉིད་སྤྲོས་བྲལ་ཆོས་ཉིད་ངང་དུ་བསྒོམ། དེ་ནས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན། རང་བྱང་རང་གསལ་སྙིང་རྗེ་ཆེན་པོར་བསྒོམ། དེ་ནས་རྒྱ་ཡི་ཏིང་ངེ་འཛིན། སེམས་ཀྱི་རང་བཞིན་ཁ་དོག་ལྔ་ལྡན་ཧཱུྃ་དུ་བསྒོམ། དེ་ནས་འབྱང་བ་རིམ་བརྩེགས་བསྐྱེད་པ་ནི། ཧཱུྃ་ལས་ཨེ་འཕྲོས་ནས་མཁའ་གྲ་གསུམ་དཀར་པོར་གྱར། ཧཱུྃ་ལས་ཡཾ་འཕྲོས་རླང་དཀྱིལ་ཟླ་གམ་སྔོན་པོ་ཆགས། ཧཱུྃ་ལས་བཾ་འཕྲོས་ཆ་ཡི་དལ་ཟླམ་པོར་འཁྱིལ། ཧཱུྃ་ལས་ལྂ་འཕྲོས་གསེར་གྱི་སུ་གཞི་སེར་པོ་གྲ་བཞིར་ཆགས། ཧཱུྃ་ལས་རཾ་འཕྲོས་མེ་དཔང་དམར་སེར་ཟར་གསུམ་འབར། ཧཱུྃ་ལས་ལཾ་འཕྲོས་རི་རབ་སེར་པོ་བང་རིམ་བཞི་པ་བརྩེགས། གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུྃ་ལས་བྷྲཱུྂ་འཕྲོས་རིན་ཆེན་གཞལ་ཡས་ཁང་ལིང་ཚེ་ལྔ་པ་གྲ་ཆད་སྒོ་བཞིར་ལྡན་པ། ཕྱི་ནང་མེད་པར་རྒྱན་གྱིས་མཛེས་པ་ལ། ཉི་ཟླ་པདྨ་གསུམ་བརྩེགས་གདལ་བྱ་གང་ཡིན་གད ན་དུ་བཏིང་། ལྷ་བསྐྱེད་པ་ནི། ས་བོན་ཕྱག་མཚན་སོ་སོར་འཕྲོ་འད་ལས། དབས་སུ་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། གཡས་པས་རྡོ་རྗེ་གཡོན་པས་དྲིལ་བ་འཛིན། ཞབས་གཉིས་མཉམ་བཞག་ཡམ་དང་གཉིས་མེད་ཁྲི་རྒྱན་དང ་ཕྱག་མཚན་གཙོ་བོ་ཡབ་དང་མཐན། ཤར་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར། །གཡས་པ་འཁོར་ལོ་གཡོན་པ་དྲིལ་བ་འཛིན། །ཞབས་གཉིས་མཉམ་བཞག་ཡམ་དང་འཁྲིལ་བ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐན་པའོ། །ལྷོ་རུ་རིན་ཆེན་འབྱང་ལྡན་སྐུ་མདོག་སེར། །གཡས་པ་རིན་ཆེན་གཡོན་པ་དྲིལ་བ་འཛིན། །ཞབས་གཉིས་མཉམ་བཞག་ཡམ་དང ་འཁྲིལ་པ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐན་པའོ། །ནབ་ཏ་ཨ་ལས་སྣང་བ་མཐའ་ཡས་དམར། །གཡས་པ་པདྨ་གཡོན་པ་དྲིལ་བ་འཛིན། །ཞབས་གཉིས་མཉམ་བཞག་ཡམ་དང་འཁྲིལ་བ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐན་པའོ། །བྱང་དུ་ཧ་ལས་དོན་ཡོད་གྲབ་པ་ལྗང་། །གཡས་པ་རྒྱ་གྲམ་གཡོན་པ་དྲིལ་བ་འཛིན། །ཞབས་གཉིས་མཉམ་བཞག་ཡམ་དང་འཁྲིལ་བ་ལ། །རྒྱན་དང ་ཆ་ལུགས་གཙོ་དང་མཐན་པའོ། །སེམས་དཔའ་སེམས་མ་སྒོ་བ་ཐབ་པ་རྣམས། །མི་བསྐྱོད་འཁོར་ན་རང་བཞིན་གནས་པ་ནི། །རྒྱལ་པོའི་འཁོར་ན་བློན་པོ་འབངས་རྣམས་གནས་པ་བཞིན། དེ་ནས་སྐད་ཅིག་ཏིང་འཛིན་ལས། །ཞི་བ་ཁྲོ་བོར་གནས་བསྒྱུར་བ་ནི། །རྡོ་རྗེ་སེམས་དཔའ་བཛྲ་ཧེ་རུ་ཀ །མཐིང་ནག་བཞག་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་གཡོན་པ་དང་ཁྲག་དཀྲག །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐན། །རྣམ་པར་སྣང་མཛད་བདྡྷ་ཧེ་རུ་ཀ །སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་འཁོར་ལོ་གཡོན་པ་ཐོད་ཁྲག་དཀྲགས། །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐན། །རིན་ཆེན་འབྱང་ལྡན་རཏྣ་ཧེ་རུ་ཀ །སེར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རིན་ཆེན་གཡོན་གྱིས་ཐོད་ཁྲག་དཀྲགས། །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐན། །སྣང་བ་མཐའ་ཡས་པདྨ་ཧེ་རུ་ཀ །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་པདྨ་གཡོན་པ་ཐོད་ཁྲག་དཀྲགས། །ཞབས་གཉིས་བརྐྱང་བསྐམ་ཡམ་དང ་སྦྱོར། །རྒྱན་དང་ཆ་ལུགས་ཡབ་དང་མཐན། །དོན་ཡོད་གྲབ་པ་ཀརྨ་ཧེ་རུ་ཀ །ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྒྱ་གྲམ་གཡོན་པས་ཐོད་ཁྲག་དཀྲགས། །ཞབས་གཉིས་བརྐྱང་བསྐམ་ཡམ་དང ་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐན། །ཀོ་རི་སིང་ཧ་སྒོ་མ་དབང་ཕྱག་ཚོགས། །རང་བཞིན་གནས་པར་བསྒོམ་པར་བྱའོ། །དབང་བསྐར་བྱིན་གྱིས་བརླབས་པ་ནི། །རིགས་ལྔའི་སངས་རྒྱས་ཡབ་ཡམ་གྱིས། །དབ་ལ་བརྒྱན་པ་དབང་བསྐར་ལ། །རིགས་ཀྱི་བདག་པོ་གང་ཡིན་དབས་ན་བཞུགས་པའོ། །སྐ་གསང་ཐགས་སུ་བྱིན་རློབས་པ། །སྤྱི་བོར་འཁོར་ལོ་ཨཱོཾ་གྱིས་མཚན། །མགྲིན་པར་པདྨ་ཨཱཿ ཡིས་མཚན། །ཐགས་ཀར་རྒྱ་གྲམ་ཧཱུྃ་གིས་མཚན་པའོ། །དེ་ནས་སྤྱན་དྲངས་བཞུགས་སུ་གསོལ་བ་ནི། །དམ་ཚིག་སེམས་དཔའི་དཀྱིལ་འཁོར་དང་། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གཉིས། །རང་གི་སེམས་ཀྱི་ཆོ་འཕྲལ་ཡིན། །གཉིས་མེད་སྤྱན་དྲངས་བཞུགས་སུ་གསོལ། །གཉིས་སུ་མེད་པར་བརྟན་པའི་མཆོག །དམ་ཚིག་ཡེ་ཤེས་གཉིས་མེད་ལ། །ཐན་མོངས་མ་ཡིན་གཉིས་ཕྱག་འཚལ། །ཕྱི་ནང་མཆོད་པའི་རིམ་པ་ནི། །ཕྱག་རྒྱ་གར་དབྱངས་མཆོད་པ་དང་། །ཕྱི་ནང་རྫས་ཀྱི་མཆོད་པ་དང་། །ཟབ་མོ་སྤྱོར་སྒྲོལ་མཆོད་པ་དང་། །བདད་རྩི་སྨན་གྱི་མཆོད་པས་མཆོད། །རྨད་བྱང་གཏོར་མའི་མཆོད་པ་དང་། །རཀྟ་དམར་གྱི་ཨརྒྷས་མཆོད། ༈ །དེ་ནས་ཁ་བསྒྱུར་དྲག་པ་ནི་བཛྲ་ཧེ་རའི་ཏིང་འཛིན་གྱིས། ར་ལ་འབྲ་བརྒྱད་འཕྲོ་འད་ཡིས། །སྐ་གསང་ཐགས་ཀྱི་དངོས་གྲབ་བསྡུ། །བདྡྷ་ཧེ་རུ་གནས་བསྒྱུར་པ། །གཤིན་རྗེ་གཤེད་པའི་སྐར་གསལ་བས། །ལྷ་སྲིན་ལས་ལ་བསྐལ་པ་དང་། །གཤིན་རྗེའི་ལག་ནས་ཚེ་འཕྲོག་ལ། །རྣལ་འབྱོར་པ་ལ་ཚེ་དབང་བསྐར། །པདྨ་ཧེ་རུ་ཀ་གནས་བསྒྱུར། །རྟ་མགྲིན་དབང་ཆེན་སྐར་གསལ་བས། །མ་མོ་མཁའ་འགྲོ་ལྷ་སྲིན་རྣམས། །དབང་དུ་སྡུད་ལ་ལས་ལ་གཟད། །ཀརྨ་ཧེ་རུ་གནས་བསྒྱུར་བ། །རྡོ་རྗེ་གཞོན་ནའི་སྐར་གསལ་ལ། །བར་ཆད་དགྲ་བགེགས་གཟིར་ཞིང་གདག །རཏྣ་ཧེ་རུ་གནས་བསྒྱུར་བ། །བདད་རྩི་འཁྱིལ་པར་གསལ་བཏབ་ལ། །རྒྱལ་བ་ཞི་ཁྲོ་སྨན་གྱིས་མཆོད། །སྐ་གསང་ཐགས་དང་ཡོན་ཏན་དང་། །ཕྲིན་ལས་སྒོ་ནས་བསྟོད་པར་བྱ། །སྐ་གསང་ཐགས་ཀྱི་དངོས་གྲབ་བླང་། །སྨོན་ལམ་གདབ་ཅིང་དགེ་རྩ་སྔོ། །ཚོགས་དང་ལྷག་མས་ཁ་བསྐངས་ལ། །ཚོགས་ལ་བྱིན་བརླབས་ཚལ་བཞིན་བྱ། །འདོད་ཡོན་ལྷ་མོས་དང་པོར་མཆོད། །བར་པས་མཆོད་ཅིང་བཤགས་པ་བྱ། །ཐ་མ་དགྲ་བགེགས་དམིགས་ལ་བསྒྲལ། །ཐ་མ་རྣལ་འབྱོར་ཚོགས་ལ་རོལ། །དེ་ནས་ལྷག་མའི་གཏོར་མ་ལ། །བདད་རྩི་ཆེན་པོར་བྱིན་བརླབས་ལ། །དང་པོ་ཡེ་ཤེས་མཁའ་འགྲོ་མཆོད། །གཉིས་པ་དམ་ཚིག་མཁའ་འགྲོ་མཆོད། །གསམ་པ་ལས་ཀྱི་མཁའ་འགྲོ་མཆོད། །བཞི་པ་དམ་རྫས་གཏོར་མ་ཡིས། །ལྷ་སྲིན་སྡེ་བརྒྱད་ཆོས་སྐྱོང་མཆོད། །དེ་ནས་གཏོར་མ་ཟོར་དུ་འཕང་། །དགྲ་དང་བགེགས་ལ་བརྡེག་པར་བྱ། །གཏོར་གཞོང་ཁ་སྦུབ་དགྲ་བགེགས་མནན། དེ་རྣམས་འཕྲིན་ལས་རིམ་པ་ཡིན། ཨྠྀི།། །།

༄༅། །བསྐྱེད་རྫོགས་ཟང་འཇག་རིམ་པ་ནི། །འཇམ་དཔལ་སྐུ་ཡི་ཆིག་སྒྲུབ་ནི། །མཚམས་དང་འཕྲིན་ལས་རིམ་པ་འདྲ། །ལྷ་ནི་འཇམ་དཔལ་གཤིན་རྗེ་གཤེད། །སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་བེ་ཆོན་གཡོན་པ་ཐོད་ཁྲག་བསྣམས། །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐན། །ཐགས་ཀར་གསེར་གྱི་འཁོར་ལོ་ན། །གནས་པ་འཁོར་ལོ་སེམས་ལ་གནས། །སེམས་ལ་སེམས་འདས་ཆོས་ཀྱི་སྐ། །སྲིད་པའི་འཁོར་ལོ་ལྟེ་བ་ན། །ཁམས་གསུམ་སྲིད་གསུམ་དེ་ལ་གནས། །སྤྲུལ་པའི་འཁོར་ལོ་ཞབས་འོག་ན། །འགྲོ་དྲག་སྐྱེ་སྒོ་དེ་ན་གནས། །གཅོད་པའི་འཁོར་ལོ་ཕྱག་མཚན་ན། །འཕྲིན་ལས་རྣམ་བཞི་ཐོགས་མེད་གཅོད། །སྐ་ལ་འཁོར་ལོ་རྣམ་བཞི་རྫོགས། །ཨ་ཀྲོའི་སྔགས་ཀྱིས་སྒྲུབ་པ་བྱ། །འཇམ་དཔལ་སྐུ་ཡི་སྒྲུབ་པ་ནི། །གཤིན་རྗེ་སྐུ་གཅིག་མ་ལ་འདས། །དེ་ནི་སྐུ་ཡི་སྒྲུབ་པར་གྲགས། ༈ །པདྨ་གསང་གི་སྒྲུབ་པ་ནི། །མཚམས་ནས་འཕྲིན་ལས་རིམ་པ་འདྲ། །ལྷ་ནི་པདྨ་རྟ་མཆོག་སྐ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་པདྨ་གཡོན་པ་ཐོད་ཁྲག་བསྣམས། །དབ་གཙག་རྟ་མགོ་རྟ་སྐད་འཚེར། །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར། །རྒྱན་དང་ཆ་ལུགས་ཡབ་དང་མཐན། །ཧ་ཡ་གྷྲི་བའི་སྔགས་ཀྱིས་བསྒྲུབ། །རྟ་སྐད་གསུམ་གྱིས་དབང་དུ་བསྡུ། །པདྨ་གསང་གི་སྒྲུབ་པར་གྲགས། །རྟ་མགྲིན་དཔའ་བོ་གཅིག་མར་འདས། །དེས་ན་གསང་གི་སྒྲུབ་པ་ཡིན། ༈ །ཡང་དག་ཐགས་ཀྱི་སྒྲུབ་པ་ནི། །མཚམས་ནས་འཕྲིན་ལས་རིམ་པ་འདྲ། །ལྷ་ནི་བཛྲ་ཧེ་རུ་ཀ །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་རྡོ་རྗེ་དང་ཁྲག་དཀྲགས། །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐན། །ཐགས་ཀ་དཔལ་བེའ་ཟར་བརྒྱད་ན། །ར་ལ་ཡེ་ཤེས་འབྲ་བརྒྱད་གསལ། །སེམས་ཀྱི་མར་མེ་གསལ་ལ་འབར། །ར་ལ་སྔགས་ཀྱི་འཕྲོ་འད་ཡིས། །གསལ་ལ་མི་རྟོག་མ་ཡེངས་བཟླས། །ཡང་དག་ཐགས་ཀྱི་སྒྲུབ་པ་ནི། །ཐགས་ཀྱི་མར་མེ་གཅིག་མར་འདས། །དེས་ན་ཐགས་ཀྱི་སྒྲུབ་པར་གྲགས། ༈ །བདད་རྩི་ཡོན་ཏན་སྒྲུབ་པ་ནི། །མཚམས་ནས་འཕྲིན་ལས་རིམ་པ་འདྲ། །ལྷ་ནི་བདད་རྩི་འཁྱིལ་པ་འདྲ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་ཐལ་མོ་བྲང་དུ་བསྣོལ། །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར། །རྒྱན་དང་ཆ་ལུགས་ཡབ་དང་མཐན། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་ནས། །བྱང་ཆབ་སེམས་ཀྱི་འཕྲོ་འད་ལས། །བདད་རྩི་འཁྱིལ་པའི་སྔགས་ཀྱིས་བསྒྲུབ། །རྫས་ནི་སྨན་དུ་སྒྲུབ་པས་ན། །བདད་རྩི་ཡོན་ཏན་སྒྲུབ་པ་ཡིན། །བདད་རྩི་བམ་གཅིག་མ་ལ་འདས། །འཆི་མེད་བདད་རྩི་རུ་སུ་ཡན། །དེས་ན་ཡོན་ཏན་སྒྲུབ་པར་གྲགས། ༈ །ཕར་པ་འཕྲིན་ལས་སྒྲུབ་པ་ནི། །མཚམས་ནས་འཕྲིན་ལས་རིམ་པ་འདྲ། །ལྷ་ནི་རྡོ་རྗེ་གཞོན་ན་ལ། །ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་རྡོ་རྗེ་ཕར་པ་འདྲིལ། །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར། །རྒྱན་དང་ཆ་ལུགས་ཡབ་དང་མཐན། །ཀི་ལ་ཡ་ཡི་འཕྲོ་འད་ཡིས། །དགྲ་བགེགས་བཀག་ལ་ཕར་པས་གདབ། །ཕར་པ་འཕྲིན་ལས་སྒྲུབ་པ་ཡང་། །ཕར་པ་ཕར་གཅིག་མ་ལ་འདས། །འཕྲིན་ལས་དྲག་པོས་དགྲ་བགེགས་སྒྲོལ། །དེས་ན་འཕྲིན་ལས་སྒྲུབ་པར་གྲགས། ༈ །མ་མོ་རྦོད་གཏོང་སྒྲུབ་པ་ནིི། །མཚམས་ནས་འཕྲིན་ལས་རིམ་པ་འདྲ། །དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་རྡོ་རྗེ་དང་ཁྲག་དཀྲགས། །ཞབས་གཉིས་བརྐྱང་བསྐམ་ཡམ་དང་སྦྱོར། །ཡམ་ཆེན་ཀུན་ཏུ་བཟང་མོ་ནི། །རྒྱན་དང་ཆ་ལུགས་ཡབ་དང་མཐན། །ཆེ་མཆོག་ཡབ་ཡམ་གསང་སྔགས་ཀྱི། །སྲིད་པའི་མ་མོ་དབང་དུ་བསྡུ། །དམ་རྫས་བྱིན་ལ་ལས་ལ་རྦད། །མ་མོ་རྦོད་གཏོང་སྒྲུབ་པ་ཡང་། །ཆེ་མཆོག་ཡབ་ཡམ་སྐུ་ལ་འདས། །རྦད་ན་བསྟན་པ་བསྲང་བས་ན། །མ་མོ་རྦོད་གཏོང་སྒྲུབ་པར་གྲགས། ༈ །འཇིག་རྟེན་མཆོད་བསྟེན་སྒྲུབ་པ་ཡང་། །མཆོད་ཅིང་བསྟེན་ནས་དགྲ་ལ་རྦད། །དམ་རྫས་གཏོར་མའི་གཏའ་ལ་འདས། །དེས་ན་མཆོད་བསྟེན་སྒྲུབ་པར་གྲགས། །དམོད་པ་དྲག་སྔགས་སྒྲུབ་པ་ཡང་། །སྔགས་ཀྱི་དམོད་པས་དགྲ་སྲོག་གཅོད། །དམ་ཅན་སྲོག་གི་སྙིང་པོར་འདས། །དེས་ན་དྲག་སྔགས་སྒྲུབ་པར་གྲགས། །ཕྲིན་ལས་ཁ་བསྒྱུར་དྲག་པ་འདི། །སྒྲུབ་པ་དྲག་གི་ཁོག་པ་ཡིན། །ཆིག་སྒྲུབ་དགོས་སྒྲུབ་དེ་ལྟར་བྱ། །དེ་ནི་བསྐྱེད་རིམ་རྐྱང་པ་ཡིན། ༈ །རྫོགས་རིམ་ལྷ་དེ་རང་སེམས་ཡིན། །སེམས་ཉིད་གཏན་ལ་དབབ་པ་ནི། །ལྷ་ཉིད་རང་ལ་རང་ཉིད་ལྷ། །དས་གསུམ་རྟག་ཏུ་མི་འབྲལ་འགྲོགས། །གཉིས་སུ་མེད་ན་གྲབ་པ་ཡིན། །ཅེས་གསངས་སོ། །སྒྲུབ་པ་བཀའ་བརྒྱད་ཀྱི་ཁོག་པ། །ཁ་བསྒྱུར་དྲག་པའི་སྒྲོན་ཁོག །ཨྠྀི། རྒྱ་རྒྱ་རྒྱ།། །།རིགས་ཀུན་འདས་པའི་སྤྱི་གཟགས་གཏེར་བདག་གླིང་པའི་ཕྱག་དཔེར་འགྱུར་མེད་རྒྱ་མཚོས་བྲིས།

༄༅། །རྫོང་འཕྲང་ལས། ཁ་བསྒྱུར་དྲག་པའི་ཕྲིན་ལས་བཞགས། ཞི་ཁྲོ་རྒྱལ་བའི་ཚོགས་ལ་ཕྱག་འཚལ་ལོ། །གསང་སྔགས་སྒྲུབ་པ་བཀའ་བརྒྱད་གཅིག་ཏུ་དྲིལ་ནས་སྒྲུབ་པ། ཁ་བསྒྱུར་དྲག་པའི་ཕྲིལ་ལས་ལ། དང་པོ་མཚམས་བཅད་པ། ཧཱུྃ། བཀའ་གསང་རྨད་དུ་བྱང་བའི་དཀྱིལ་འཁོར་འདི། །རྒྱལ་བ་ཞི་ཁྲོ་བཞུགས་གནས་ཡིན། །མི་དང་མི་མིན་བར་ཆད་བགེགས། །ད་ལྟར་ཉིད་དུ་གནས་སུ་དེངས། །ཅི་སྟེ་མི་འགྲོ་བར་གཅོད་ན། །ཁྲོ་བོ་ཁྲག་འཐང་རིགས་ལྔ་ཡི། །སྤྲུལ་པ་ཡང་སྤྲུལ་ཁྲོ་ཚོགས་ཀྱིས། །ལས་སེམས་རྡལ་དུ་བརླག་པར་བྱ། །གདག་སེམས་ལྡན་པ་དུ་ལྟར་ཐལ། །བགེགས་ཀྱི་ཚོགས་རྣམས་བརླག་པར་གྱིས། །ཧཱུྃ་ཧཱུྃ་བི་ཤྭ་ཀྲོ་ཏ་ཛྭ་ལ་མ་དྷ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཧཱུྃ་སྣང་སྲིད་ཐམས་ཅད་གཞལ་ཡས་ཁང་། །གཟགས་སྣང་ཐམས་ཅད་ཡེ་ཤེས་ལྷ། །མ་རྟོགས་མ་རིག་སྒོ་བཅད་པ། །རང་གསལ་ཡེ་ཤེས་སྒོ་ཕྱེས་ཤིག །ཧཱུྃ། རང་བྱང་ཡེ་ཤེས་སེམས་ཀྱི་ལྷ། །མ་རྟོགས་རང་ངོ་མ་ཤེས་པས། །ཡེ་ནས་འགྲོག་ཀྱང་ཞལ་མ་མཐོང་། །རང་གསལ་བརྡ་ཡིས་ཕྱག་འཚལ་ལོ། །ཧཱུྃ། གདོད་ནས་རང་དང་གཉིས་མེད་ལྷ། །འད་འབྲལ་མེད་པའི་ལྷ་ཚོགས་ལ། །མ་རིག་སྤྱན་འབྱེད་མར་མེ་དང་། །འབྲ་བཅད་བཅད་རྩི་སྦྱར་པའི་སྐྱེ མས། །ཞལ་ཟས་རྨད་བྱང་གཏོར་མ་དང་། །ཆགས་མེད་རཀྟའི་ཨརྒྷཾ་དང་། །དམ་རྫས་བདད་རྩི་སྨན་གྱི་མཆོག །ཐགས་དམ་བསྐང་ཕྱིར་འབལ་ལགས་ན། །གཉིས་མེད་མཉམ་པའི་ངང་དུ་བཞེས། །ཧཱུྃ། ཐོག་མ་མེད་པའི་དུས་ཉིད་ནས། །རང་དང་གཉིས་སུ་མེད་མོད་ཀྱང་། །མ་རིག་དབང་གིས་ངོ་མ་ཤེས། །རང་བྱང་ཡེ་ཤེས་ལྷ་ལ་བཤགས། །ཧཱུྃ། བསྐལ་པ་སྔོན་ནས་བསྒྲུབས་པའི་ལྷ། །ད་ལྟ་རྩེ་གཅིག་འད་འབྲལ་མེད། །སྲོག་གི་ཕྱིར་ཡང་མི་སྤོང་ན། །བདག་ལ་ཐགས་རྗེས་བཟང་དུ་གསོལ། །ཧཱུྃ། ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས། །ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །ལོངས་སྐུ་རིགས་ལྔ་ཞི་ཁྲོ་ཡབ་ཡམ་འཁོར་དང་བཅས། །སྤྲུལ་སྐུ་འཁོར་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཐགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ། །སྐ་གསང་ཐགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐར་དུ་གསོལ། །གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གཅིག་ཕོབ། །རྣལ་འབྱོར་ལས་ངག་ཡིད་གསུམ་བྱིན་གྱིས་རློབས། །གསང་བའི་དམ་རྫས་གཉེན་པོ་མཆོད་པར་འབལ། །ཁྱེད་ཀྱི་ཐགས་རྗེ་མཆོག་གིས་བཟང་དུ་གསོལ། །ཧཱུྃ་ཧཱུྃ་ཧཱུྃ། ཏིང་ངེ་འཛིན་བསྒོམ་པ། ཧཱུྃ། མ་བཅོས་པ་ནི་ཆོས་སྐ། །མཚན་མ་གཟང་འཛིན་དྲི་མ་བྲལ། །རྟོག་པ་མེད་པ་ནམ་མཁའི་ངང་། །དེ་བཞིན་ཉིད་དུ་བསྒོམ་པར་བྱའོ། །ཧཱུྃ། མ་རིག་འཁྲལ་པ་འཁོར་བའི་ཀློང་། །གཟང་འཛིན་བག་ཆགས་རབ་བརྟས་ནས། །མ་རྟོགས་ཟོ་ཆ་ལྟ་བ་འཁོར། །ཀན་ཏ་སྣང་དུ་བསྒོམ་པར་བྱའོ། །ཧཱུྃ། ཆོས་རྣམས་རྟེན་ཅིང་འབྲེལ་བ་སྟེ། །རྒྱ་ལས་མ་བྱང་གང་ཡང་མེད། །ས་བོན་ལས་ནི་འབྲས་བ་བཞིན། །རྒྱ་ཡི་ཡི་གེ་བསྒོམ་པར་བྱའོ། །ཧཱུྃ་ཨེ་ཡཾ་བཾ་ལཾ་རཾ། ཨེ་ལས་ནམ་མཁའི་དཀྱིལ་འཁོར་བྱང་། །རྒྱ་ཁྱོན་དཔག་མེད་ཁ་དོག་དཀར། །གཏི་མག་དག་པའི་རང་བཞིན་ཏེ། །ཀན་ཏ་བཟང་མོ་ནམ་མཁའི་དབྱིངས། །ཡཾ་ལས་རླང་གི་དུ་ལ་བྱང་། །བ་དན་མཚན་པ་སྔོ་སྐྱ་ལ། །ཕྲག་དོག་དག་པའི་རང་བཞིན་ཏེ། །ཡམ་ཆེན་སྒྲོལ་མའི་མཁའ་ཡངས་དབྱིངས། །བཾ་ལས་ཆ་ཡི་དུ་ལ་བྱང་། །དབྱིངས་ཟླམ་ཁ་དོག་སྔོན་པོ་ལ། །འདོད་ཆགས་དག་པའི་རང་བཞིན་ཏེ། །མཱ་མ་ཀི་ཡི་མཁའ་ཡི་ཀློང་། །ཡཾ་ལས་གསེར་གྱི་སུ་གཞི་བྱང་། །གྲབ་བཞི་པ་ལ་ཁ་དོག་སེར། །ང་རྒྱལ་དག་པའི་རང་བཞིན་ཏེ། །སངས་རྒྱས་སྤྱན་མའི་མཁའ་ཡི་ཀློང་། །རཾ་ལས་མེ་ཡི་དུ་ལ་བྱང་། །གྲ་གསུམ་པ་ལ་ཁ་དོག་དམར། །ཞེ་སྡང་དག་པའི་རང་བཞིན་ཏེ། །གོས་དཀར་མོ་ཡི་མཁའ་ཡི་ཀློང་། །སཾ་ལས་གསེར་གྱི་རི་རབ་ལ། །གྲ་བཞི་བ་ལ་ཁ་དོག་བཞིན། །རྒྱལ་བའི་དཀྱིལ་འཁོར་བཞུགས་གནས་རྟེན། །བྷྲུྂ་ལས་ཡེ་ཤེས་གཞལ་ཡས་ཁང་། །ཕྱིི་ནང་མེད་པར་ཀུན་ཏུ་གསལ། །གདལ་བྱ་པདྨ་ཉི་ཟླའི་གདན། །བདེ་བར་གཤེགས་པ་བཞུགས་པའི་གནས། །ས་བོན་ཕྱག་མཚན་དཔའ་བོའི་སྐ། །གཅིག་དང་དུ་མའི་མཐའ་ལས་འདས། །འཇའ་ཚོན་ལྟ་བར་གདལ་བྱ་འདལ། །མཁས་པས་གང་མོས་བསྒོམ་ན་འགྲབ། །འགྲོ་བའི་རྣམ་རྟོག་བཟློག་པ་དང་། །དབང་བསྐར་བྱིན་གྱིས་བརླབས་པ་དང་། །ཐགས་རྗེ་ཡིས་ནི་དགོངས་མཛོད་ལ། །ཚར་གཤེགས་ཚར་གཤེགས་བཅོམ་ལྡན་འདས། །ༀ་མ་ཧཱ་ཤ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་ཏ་རི་ཤ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏེ་བེ་ཀྵ་ན་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་སུ་མནྟ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧ་ཀྲྀ་ཏ་ཨ་ན་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ག་ཏ་ཝ་ཀ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཧཱུྃ། རྟོགས་པར་གྱུར་པའི་དུས་ཉིད་ན། །དམ་ཚིག་ཡེ་ཤེས་གཉིས་མེད་དེ། །ཆ་ལ་ཆ་བཞག་ཇི་བཞིན་ད། །ད་མ་རོ་གཅིག་ངོ་མཚར་ཆེའོ། །ཛཿཧཱུྃ་བཾ་ཧོ། ཧཱུྃ། ཆོས་རྣམས་རང་བཞིན་ཡེ་ནས་དག །རྟོག་འཁྲལ་འཇིག་རྟེན་སེམས་ཅན་ལ། །སྐ་གསང་ཐགས་ཡོན་འཕྲིན་ལས་ཀྱི། །བྱམས་པའི་ཆར་ཆེན་ཅི་ཡང་འབེབས། །ཐགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཧཱུྃ། གདལ་བྱ་མོས་པ་ཐ་དད་བས། །ཞི་དང་ཁྲོ་བོ་འདྲེན་པའི་ཚལ། །སྐ་མདོག་ཞལ་ཕྱག་བསམ་ལས་འདས། །གར་དབྱངས་ཕྱག་རྒྱའི་མཆོད་པ་འབལ། །རྒྱལ་བ་རྒྱ་མཚོའི་དགོངས་སྤྱོད་ལ། །མཆོད་དང་མ་མཆོད་གཉིས་མེད་ཀྱང་། །རྫས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན། །དབྱངས་དང་བཅས་ཏེ་གས་པས་འབལ། །འགྲོ་བའི་དོན་དུ་ཐགས་རྗེས་བཞེས། །ཧཱུྃ། དབྱིངས་རིག་གཉིས་མེད་སྦྱོར་བ་ཡིན། །འཁོར་འདས་གཉིས་སུ་མེད་པར་སྦྱོར། །གཉིས་མེད་རྟོགས་པའི་སྦྱོར་མཆོད་འདི། །འགྲོ་བའི་དོན་དུ་ཐགས་རྗེས་བཞེས། །ཧཱུྃ། ཡང་དག་དོན་རྟོགས་བློ་ཡིས་ནི། །མ་རྟོགས་སེམས་ཅན་གནས་སུ་བསྒྲལ། །དས་གསུམ་བདེ་གཤེགས་དེ་ལ་མཉེས། །མཆོག་གི་མཆོད་པ་ཆེན་པོ་འདི། །འགྲོ་བའི་དོན་དུ་ཐགས་རྗེས་བཞེས། །ཧཱུྃ། རང་བྱང་གདོད་ནས་དག་པ་ཡིན། །རྩ་བརྒྱད་སྟོད་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲབ་པའི་རྫས། །རྒྱད་དྲག་སེམས་ཅན་ཀུན་སྒྲོལ་ཕྱིར། །དག་ལྔ་སེལ་བའི་བདད་རྩི་ཆེ། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཧཱུྃ། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །ཐན་མོངས་མཆོག་དང་ཁྱད་འཕགས་འདི། །དས་གསུམ་བླ་མ་ཡིད་དམ་ལྷ། །རྒྱལ་བ་ཞི་ཁྲོ་ཐམས་ཅད་ལ། །རྣམ་དག་བདད་རྩི་མཉེས་མཆོད་འབལ། །ཐགས་རྗེ་ཆེར་དགོངས་དབང་དང་དངོས་གྲབ་སྩོལ། །སརྦ་པཉྩ་ཨ་མྲི་ཏ་ཁཱ་ཧི། ཧཱུྃ། ལྕེ་ཡི་རྡོ་རྗེ་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་ༀ་བསྒོམ་ཏེ། །ཐེབ་དང་སྲིན་ལག་རྩེ་སྦྱར་ནས། །ཐབས་དང་ཤེས་རབ་ཕྱག་རྒྱ་ཡིས། །མྱ་ངན་དངོས་གྲབ་མཆོག་ཐོབ་འགྱར། །ཀ་ཡ་སིདྡྷི་ༀ། ཝཀ་སིདྡྷི་ཨཾ། ཙིཏྟ་སིདྡྷི་ཧཱུྃཿ ཧཱུྃ། རྨད་དུ་བྱང་བའི་གཏོར་མ་ལ། །རཀྟ་དམར་གྱི་ཨརྒྷ་སྤྲེང་། །མཆོད་སྦྱིན་དམ་རྫས་ཆེན་པོ་འདི། །ཐགས་དམ་བསྐང་ཕྱིར་བཞེས་སུ་གསོལ། །ཧཱུྃ། མཉམ་ཉིད་སྐུ་ཡི་རང་བཞིན་ནི། །ཀན་བཟང་ཟག་པ་མེད་པར་བདེ། །སེམས་ཅན་དོན་ལ་བདེ་བར་གཤེགས། །ཐགས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། རྩོལ་མེད་རང་བྱང་ཆོས་སྐའི་སྒྲ། །མ་འགགས་པ་ལ་འཇིགས་པ་མེད། །ཆགས་བྲལ་སྐྱོན་མེད་རྡོ་རྗེའི་གསང་། །ཡང་དག་གསང་ལ་ཕྱག་འཚལ་བསྟོད། །ཧཱུྃ། སྤྲོས་པ་མེད་པ་དབྱིངས་ཉིད་ངང་། ། མ་སྐྱེས་འཇིགས་མེད་རྡོ་རྗེའི་ཐགས། །བླང་དོར་མེད་པ་ཆོས་ཀྱི་དབྱིངས། །འགྱར་མེད་ཐགས་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཆོས་དབྱིངས་རོལ་པ་བདེ་བ་ཆེན་པོ་ལས། །བསྩལ་དང་སྩོལ་བ་མི་དམིགས་ཀྱང་། །ནམ་མཁའ་མཛོད་ཀྱི་ཆོས་འཕྲལ་གྱིས། །ཡོན་ཏན་རེ་སྐོང་ཕྱག་འཚལ་བསྟོད། །ཧཱུྃ། རང་བཞིན་ཅིར་ཡང་མ་ངེས་ཀྱང་། །དཀྱིལ་འཁོར་ཆེན་པོའི་ཆ་བཟང་ནས། །རྟོགས་མེད་དྲེགས་པ་ངང་གིས་འདལ། །འཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལྷ་དང་རིག་འཛིན་ཐམས་ཅད་ལ། །དབང་དང་དངོས་གྲབ་ཞ་བ་ནི། །འདིར་འདས་རིག་འཛིན་བདག་ཅག་རྣམས། །སྨིན་གྲོལ་གཉིས་ཀྱིས་རྒྱུད་སྤྱངས་ནས། །བསྐྱེད་རྫོགས་གཉིས་ཀྱི་ལས་གཞང་བསྲང་། །བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན། །ལས་དང་ཐགས་རྗེ་མཐན་པ་ཡིན། །སྐ་གསང་ཐགས་ཀྱི་དངོས་གྲབ་སྩོལ། །ༀ་ཨཱཿཧཱུྃ་ཀཱ་ཡ་ཝཀ་ཙིཏྟ་སིདྡྷི་ཧཱུྃ། ཧཱུྃ། སྔོན་དུས་བསྐལ་པ་དང་པོ་ནས། །ཐ་མ་དུ་ལྟར་ཡན་ཆད་ད། །བསོད་ནམས་དགེ་བའི་ལས་བགྱིས་པས། །འགྲོ་རྣམས་སྡུག་བསྔལ་གྲོལ་གྱུར་ནས། །སྐ་གསུམ་གོ་འཕང་ཐོབ་པར་ཤོག །དཔལ་ལྡན་རོ་ལངས་བདེ་བ་ཡིས། །ཏནྟ་རྣམས་ཀྱི་བཅད་ཕྱངས་ནས། །ཕྱི་རབས་རྣམས་ལ་གདམས་པར་བྱས། །ཁ་བསྒྱུར་དྲག་པ་སྙིང་དང་འདྲ། །གསང་སྔགས་སྒྲུབ་པ་བཀའ་བརྒྱད་ཁ་བསྒྱུར་པའི་ཕྲིན་ལས། ཨྠྀི། རྒྱ་རྒྱ་རྒྱ།། །།སློབ་དཔོན་གྲུབ་ཐོབ་དངོས་གྲབ་ཀྱི་ཐགས་དམ་ཕྱག་བཞེས། མྱང་རལ་པ་ཅན་གྱི་ཡི་དམ་ལགས་སོ། །

༄༅། །རྫོང་འཕྲང་ལས། ཚོགས་གཏོར་གྱི་ཆོ་ག་བཞགས། ཚོགས་ཀྱི་མཆོད་པས་ཁ་བསྐང་བ། །ཧཱུྃ་རྒྱལ་བ་ཞི་ཁྲོ་འཁོར་དང་བཅས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་ན། །དམ་ཚིག་དཀྱིལ་འཁོར་གནས་འདིར་བཞགས། །དགའ་དང་གས་པས་ཕྱག་འཚལ་ལོ། །ཧཱུྃ། གཟགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་ལྡན་ཞལ་ཟས་རེག་བྱ་བདེ། །གར་དང་གླ་དང་ཆོས་ཡིད་ཚིམ། །འདོད་ཡོན་ལྷ་མོས་ནམ་མཁའ་གང་། །ཞི་ཁྲོ་དཀྱིལ་འཁོར་ལྷ་ལ་འབལ། །ཐགས་དམ་སྐོང་ལ་དངོས་གྲབ་སྩོལ། །ཧཱུྃ། ཞལ་ཟས་བདད་རྩི་ཚོགས་མཆོད་འདི། །རང་བྱང་ཡེ་ཤེས་ལྷ་རྣམས་ལ། །ཐགས་དམ་བསྐང་ཕྱིར་འབལ་ལགས་ན། །གཡར་དམ་ཉམས་པ་བསྐང་ཕྱིར་བཞེས། །ཧཱུྃ། རྣལ་འབྱོར་སྒྲུབ་ལ་བར་ཆོད་བགེགས། །ཚོགས་ལ་བསྟིམས་ཏེ་བསྒྲལ་བར་བྱ། །དག་གསུམ་ཤ་ཁྲག་རས་པའི་ཚོགས། །འཁོར་བ་དབྱིངས་སུ་བསྒྲལ་ཕྱིར་བཞེས། །ཧཱུྃ། ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །འདོད་ཡོན་མ་སྤང་ལོངས་སྤྱད་རྒྱན། །དངོས་གྲབ་སྣ་ཚོགས་འདི་ལས་འབྱང་། །རྣལ་འབྱོར་ཚོགས་ལ་དགྱེས་པར་རོལ། །ཨ་ལ་ལ་ཧོ། དེ་ནས་ལྷག་མའི་གཏོར་མ་ལ། །མ་མོ་མཁའ་འགྲོ་མཆོད་པར་བྱ། །ཧཱུྃ་མ་དང་མཁའ་འགྲོ་དམ་ཅན་མ། །བསྟན་པ་སྲང་བའི་ལས་མཁན་མ། །རྡོ་རྗེའི་རིགས་དང་རིིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །ཡེ་ཤེས་མཁའ་འགྲོ་ཐམས་ཅད་ཀྱང་། །དམ་རྫས་གཉན་གྱི་གཏོར་མ་ལོངས། །རྣལ་འབྱོར་བྱིན་གྱིས་བརླབ་ཏུ་གསོལ། །བསྟན་སྲང་བཀའ་ཡི་བྱ་རུ་མ། །ལྷ་མོ་མན་མོ་བལ་མོ་དང་། །དམ་ཚིག་མཁའ་འགྲོ་ཐམས་ཅད་ཀྱང་། །དམ་རྫས་གཉན་གྱི་གཏོར་མ་ལོངས། །བསྟན་པ་གཉེན་པོ་བསྲང་དུ་གསོལ། །དབང་ཕྱག་མཁའ་འགྲོ་འབར་མ་དང་། །མ་སྲིང་གིང་དང་ལོང་ཀ་དང་། །ལས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱང་། །དམ་རྫས་གཉན་གྱི་གཏོར་མ་ལོངས། །རྣལ་འབྱོར་རྐྱེན་དབང་བཟློག་ཏ་གསོལ། །ཧཱུྃ། བཀའ་ཡིས་བསྟན་པ་བསྲང་མཛད་པ། །གཤིན་རྗེ་བདད་དང་མ་མོ་དང་། །གཟའ་དང་ཀླ་དང་བཙན་དང་ལྷ། །གནོད་སྦྱིན་སྲིན་པོ་དགྲ་ལྷ་རྣམས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །དམ་རྫས་གཉན་གྱི་གཏོར་མ་ལོངས། །སངས་རྒྱས་བསྟན་པ་བསྲང་དུ་གསོལ། །ཧཱུྃ། དྲག་པོ་ཐན་གྱི་གཏོར་མ་འདི། །སྡང་དགྲ་གནོད་པའི་བགེགས་ལ་རྡེག །ལྔ་ཕང་གཟགས་ལ་གཏོར་ཟོར་རྒྱོབ། །ལས་ངག་ཡིད་གསུམ་ཐལ་བར་རློགས། །དགྲ་བགེགས་ལས་ངན་རྩད་ནས་ཆོད། །ཧཱུྃ། གཏོར་ཕྱིར་འབྲང་བའི་དམ་སྲི་རྣམས། །རྣལ་འབྱོར་འཁོར་ལ་བར་ཆོད་བགེགས། །གཏོར་གཞོང་རི་རབ་འོག་ཏུ་མནན། །བསྐལ་པའི་མཐར་ཡང་མི་བཏང་བར། །ལས་ངག་ཡིད་གསུམ་ནན་གྱིས་མནན། །ༀ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྲི་ནན། ཞེས་གཏོར་ཕྱིར་འབྲང་བའི་དམ་སྲི་རྣམས། གཏོར་གཞོང་ཁ་སྦུབས་རི་རབ་འོག་ཏུ་མནན་པར་བསམ་མོ། །མངའ་རིས་པཎ་ཆེན་གྱི་ཕྱག་དཔེ་ལས་བཤས་སོ།། །།

༄༅། །རྫོང་འཕྲང་ལས། བསྟོད་པ་བཞགས། ཧཱུྃ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །མཐིང་ག་རྡོ་རྗེ་དྲིལ་བ་བསྣམས། །རྡོ་རྗེ་དབྱིངས་ཕྱག་ཡམ་དང་སྦྱོར། །གཉིས་སུ་མེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། རྣམ་པར་སྣང་མཛད་དེ་བཞིན་གཤེགས། །དཀར་བོ་འཁོར་ལོ་དྲིལ་བ་བསྣམས། །ཡམ་ཆེན་སངས་རྒྱས་སྤྱན་དང་སྦྱོར། །གཉིས་སུ་མེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། རིན་ཆེན་འབྱང་ལྡན་དེ་བཞིན་གཤེགས། །སེར་པོ་རིན་ཆེན་དྲིལ་བ༴ རིན་ཆེན་དབྱིངས་ཕྱག༴ གཉིས་སུ་མེད༴ ཧཱུྃ། སྣང་བ་མཐའ་ཡས་དེ་བཞིན་གཤེགས། །དམར་པོ་པདྨ་དྲིལ་བ༴ པདྨ་དབྱིངས་ཕྱག༴ གཉིས་སུ་མེད་ལ༴ ཧཱུྃ། དོན་ཡོད་གྲབ་པ་དེ་བཞིན་གཤེགས། །ལྗང་ག་རྒྱ་གྲམ་དྲིལ་བ༴ ལས་ཀྱི་དབྱིངས་ཕྱག༴ གཉིས་སུ་མེད་ལ༴ ཧཱུྃ། ཁྲག་འཐང་བཛྲ་ཧེ་རུ་ཀ །མཐིང་ནག་རྡོ་རྗེ་ཐོད་ཁྲག༴ བཛྲ་ཀྲོ་ཏི་ཡམ་དང ་སྦྱོར། །གཉིས་སུ་མེད་ལ༴ ཧཱུྃ། ཁྲག་འཐང་བདྡྷ་ཧེ་རུ་ཀ །སྨུག་ནག་འཁོར་ལོ༴ བདྡྷ་ཀྲོ་ཏི༴ གཉིས་སུ་མེད་ལ༴ ཧཱུྃ། ཁྲག་འཐང་རཏྣ་ཧེ་རུ་ཀ །སེར་ནག་རིན་ཆེན་དྲིལ་བ༴ རཏྣ་ཀྲོ་ཏི༴ གཉིས་སུ་མེད་ལ༴ ཧཱུྃ། ཁྲག་འཐང་པདྨ་ཧེ་རུ་ཀ །དམར་ནག་པདྨ༴ པདྨ་ཀྲོ་ཏི༴ གཉིས་སུ་མེད་ལ༴ ཧཱུྃ། ཁྲག་འཐང་ཀརྨ་ཧེ་རུ་ཀ །ལྗང་ནག་རྒྱ་གྲམ༴ ཀརྨ་ཀྲོ་ཏི༴ གཉིས་སུ་མེད་ལ། ཧཱུྃ། དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེ་གཤེད། །སྨུག་ནག་བེ་ཅོན་ཐོད་ཁྲག་བསྣམས། །བེ་ཏ་ནག་མོ་ཡམ་དང་སྦྱོར། །གཉིས་སུ་མེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། དཔལ་ཆེན་རྟ་མགྲིན་དབང་གི་སྐ། །དམར་ནག་པདྨ་ཐོད་ཁྲག་བསྣམས། །པདྨ་གཟི་ལྡན་ཡམ་དང་སྦྱོར། །གཉིས་སུ་མེད་ལ༴ ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ན་ནི། །ལྗང་ནག་རྡོ་རྗེ་ཕར་པ་འདྲིལ། །འཁོར་ལོ་རྒྱས་འདེབས་ཡམ་དང་སྦྱོར། །གཉིས་སུ་མེད་ལ༴ ཧཱུྃ། དཔལ་ཆེན་བདད་རྩི་འཁྱིལ་པ་ནི། །ལྗང་ནག་བདད་རྩི་བམ་པ་ཟེར། ། རྩི་སྨན་རྒྱལ་མོ་ཡམ་དང་སྦྱོར། །གཉིས་སུ་མེད་ལ༴ ཧཱུྃ། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་རྡོ་རྗེ་ཐོད་ཁྲག་དཀྲག །ཀན་ཏ་བཟང་མོ་ཡམ་དང་སྦྱོར། །གཉིས་སུ་མེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཞེ་སྡང་དྲེགས་པ་གཤིན་རྗེ་ནི། །མཐིང་ནག་བེ་ཅོན་ཐོད་ཁྲག་ཐོགས། །བྲན་འཁོལ་གཡོག་བཞིན་འཕྲིན་ལས་མཛོད། །ཧཱུྃ། འདོད་ཆགས་དྲེགས་པ་མ་མོ་ནི། །དམར་ནག་སྙིང་དང་ཐོད་ཁྲག་ཐོགས། །བྲན་འཁོལ་གཡོག་བཞིན༴ ཧཱུྃ། ང་རྒྱལ་དྲེགས་པ་གིང་ཆེན་ནི། །དཀར་པོ་ཤེར་གྲི་ཐོད་ཁྲག་ཐོགས། །བྲན་འཁོལ་གཡོག་བཞིན༴ ཧཱུྃ། ཕྲག་དོག་དྲེགས་པ་རྨ་བཙན་ནི། །དམར་ནག་ཤང་ལང་ཐོད་ཁྲག་ཐོགས། །བྲན་འཁོལ་གཡོག་བཞིན༴ ཧཱུྃ། ལས་ཀྱི་དྲེགས་པའི་དགྲ་ལྷ་ནི། །སྨུག་པོ་རྡོ་རྗེ་ཐོད་ཁྲག་ཐོགས། །བྲན་འཁོལ་གཡོག་བཞིན༴ ཧཱུྃ། ང་རྒྱལ་དྲེགས་པ་གནོད་སྦྱིན་ནི། །སེར་པོ་རུ་དར་ཐོད་ཁྲག་ཐོགས། །བྲན་འཁོར་གཡོག་བཞིན༴ ཧཱུྃ། གཏི་མག་དྲེགས་པ་ཀླ་བདད་ནི། །ནག་པོ་སྦྲུལ་ཞགས་རས་སྦལ་ཐོགས། །བྲན་འཁོར་གཡོག་བཞིན༴ ཧཱུྃ། འཇིག་རྟེན་དྲེགས་པ་གཟའ་བདད་ནི། །དད་ཁ་ཆ་སྲིན་ཐོད་ཁྲག་ཐོགས། །བྲན་འཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཡ་མ་རུ་ཙ་སུ་མ་ཡ་ཛཿ ཏྲག་ཤ་ཁ་མནྟྲ་ཛཿ ཏྲི་དུ་རུ་ཧྲི་དུ་རུ་དྷུ་རུ་ཏ་རུ་ཏི་ཛཿ ག་བ་ལ་རུ་ཏྲི་ནི་ཏྲ་ཤ་ཡཾ་ཛཿ བཛྲ་སུ་དུ་སུ་མ་ཡ་རུ་ཙ་ཏྲི་ཛཿ ཧྲིང་བཛྲ་ཡག་ཤ་བཛྲ་ཧྲིཾ་ཧྲིཾ་ཛཿ ན་ག་རཱ་ཙ་སུ་མ་ཡ་ཕང་ཛཿ ར་ཧཱུྃ་ལ་མ་ཏྲིག་ཛཿ ཤ་ཏྲམ་ནི་ཐམ་ཛཿ ཆེ་གེ་མོ་མ་རཱ་ཡ་རྦད། ཨྠྀི།། །།མངའ་རིས་པཎ་ཆེན་པདྨ་དབང་གིས་རྒྱལ་པོའི་ཐགས་དམ་ངོས་ནས་དག་པར་བཤས་སོ། ༈ །དབང་བསྐར་རྡོ་རྗེའི་ཕྲེང་བ་ལོགས་སུ་ཡོད།

༄༅། །རྫོང་འཕྲང་ལས་ཐེམ་ཡིག་ཆེ་འབྲིང་ཆང་གསུམ་བཞགས། ཨྠྀི། ག་ཧྱ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔ་འགྱུར་སྤྱིའི་ཐེམ་གྱི་ཐེམ་ཡིག་དང་། ཕྱི་འགྱུར་གྱི་ཐེམ་ཡིག་དང་། །གསང་སྔགས་ལང་གི་ཁ་བྱང་དང་། །ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ཐེམ་ཡིག་དང་། །རིམ་པའི་ཡིག་ཆང་དང་། སྣང་སྲིད་གཞིར་བཞེངས་ཀྱི་མན་ངག་གོ། ༈ །ནམ་མཁའ་ཀློང་དགོངས་ཆེན་ཡངས་དགོངས་པ་དང་། །རྒྱ་མཚོ་ཀློང་ཡངས་དགོངས་པ་དང་། །མེ་ལོང་གཡའ་དག་གི་དགོངས་པ་དང་། །ཟ་འོག་བེར་ཁྱིམ་དགོངས་པ་དང་། །ཁམས་གསུམ་ཡོངས་སྒྲོལ་དགོངས་པ་དང་། །སྲིད་གསུམ་རྣམ་དག་དགོངས་པ་དང་། །ཡལ་སེམས་གཉིས་མེད་ཀྱི་དགོངས་པ་དང་། །དས་བཞི་མཉམ་ཉིད་ཀྱི་དགོངས་པ་དང་། །རིག་པ་རང་ཤར་གྱི་དགོངས་པ་དང་། །ཁམས་གསུམ་རང་སར་གྲོལ་བའོ། ༈ །དགོངས་ཆང་། རྣལ་འབྱོར་དབང་ཕྱག་ཆེན་པོའི་དགོངས་པ་ནི། བསམ་གཏན་ཟས་ལ་སློབ་པའི་རིམ་པ་དང་། ཉི་ཟླ་ཁ་སྦྱོར་གྱི་དགོངས་པ་དང་། མ་ཧཱ་ཡོ་ག་རྟེན་གྱི་སློབ་པ་དང་། སྦྱོར་སྒྲོལ་གཉིས་ཀྱི་དགོངས་པ་དང ་། ལྟ་སྤྱོད་ཀྱི་གསང་སྒོ་དང་། འགྲོ་དྲག་གཡང་སུ་བཅད་པ་དང་། ཕང་པོ་ལྷག་བཅས་ལྟག་མེད་དང་། བདད་བཞི་གཞོམ་པ་དང་། དགྲ་གསུམ་བསད་པ་དང་། འདའ་ཀ་ཐགས་ཀྱི་དགོངས་ཆང་དང་། འཇམ་དཔལ་འཁོར་ལོ་རྣམ་བཞིའི་དགོངས་པ་དང་། རྟ་སྐད་ཐེངས་གསུམ་གྱི་དགོངས་པ་དང་། ར་ལ་འབྲ་བརྒྱད་ཀྱི་དགོངས་པ་དང་། དག་ལྔ་སྨན་དུ་བསྒྱུར་བའི་དགོངས་པ་དང་། ཕར་པ་ཐལ་འབྱིན་གྱི་དགོངས་པ་དང་། མ་མོ་རྩ་རླང་གི་དགོངས་པའོ། ༈ །མ་རིག་སྦུབས་གྲོགས་ཀྱི་ཡི་གེ་འབྱེད་དང་། རིག་པ་སྤྱི་བླགས་དང་། གང་ཤིང་དགའི་མན་ངག་དང་། བཻ་རོ་ཙ་ནའི་གསང་ལང་དང་། འདྲེ་ཀུན་ངོས་འཛིན་གྱི་མན་ངག་དང་། ཡལ་གསུམ་གསལ་བའི་མན་ངག་དང་། ཀློང་ཡངས་ཆང་བའི་མན་ངག་དང་། རྒད་པོ་མཁར་བརྩགས་ཀྱི་མན་ངག་དང་། རྒན་མོ་མཛབ་ཚགས་ཀྱི་མན་ངག་དང་། དག་ལྔ་ལམ་དུ་ཁྱེར་བའི་མན་ངག་དང་། ལས་ཉིད་འཕོ་བའི་མན་ངག་དང་། དན་པ་ཏས་འཆི་ཁ་མའི་ལང་ནོས་པ་དང་། འདའ་ཀ་ཚིག་གསུམ་མན་ངག་དང་། བྱང་སེམས་ང་རྒྱལ་ཆེན་པོར་འགྲེལ་བ་དང་། འད་འབྲལ་མེད་པའི་མན་ངག་དང་། གསེར་གྱི་ཐིགས་པ་དང་། ཤེལ་གྱི་ཁང་བ་དང་། སྲོག་གསུམ་འཕྲོག་པའི་མན་ངག་དང་། སྔགས་མཚན་ཉིད་ཀྱི་ཁྱད་པར་དང་། ཁྱད་པར་གྱི་ཐེག་པ་དག་དང་། དབང་གི་ཆ་བོ་ཆེན་པོ་བཞིའི་མན་ངག་གོ། ༈ །བསམ་གཏན་ལང་གི་མན་ངག་དང་། དཔལ་ཕྲེང་མའི་རྟོག་པ་བཞ་བའི་མན་ངག་དང་། ལྷ་སྲིན་སྡེ་བརྒྱད་རང་སེམས་བརྟག་པའི་མན་ངག་དང་། སྲོག་གི་མཚན་བསྒྱུར་བའི་མན་ངག་དང་། ལ་ཤན་དབྱེ་བ་དང་། རྩ་རླང་གི་མན་ངག་དང་། ཐིག་ལེ་དོན་གཅོད་དང ་། ཐིག་ལེ་དོན་འཁའ་ཚེའི་སྒྲུབ་པ་དང་། རྫོང་འཕྲང་གི་དཔེ་དོན་དང་། རྫོང་འཕྲང་གི་ཐེམ་ཡིག་ཆེན་མོ། ཐེམ་ཡིག་འབྲིང་པོ་ངང་། ཐེམ་ཡིག་ཆང་ཀུན་དང་། མན་ངག་ཀུན་གྱི་ལྡེ་མིག་དང་། སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཕྱི་རབས་རྣམས་ལ་གདམས་པའོ། ༈ །ད་ལྟའི་དུས་ཀྱི་མན་ངག་དང་། རྨི་ལམ་དུས་ཀྱི་དང་། སྒོམ་པའི་དུས་ཀྱི་དང་། དུས་བཞི་མཉམ་སྦྱོར་ཆེ་ཆང་གཉིས་དང་། མན་ངག་ལྔའི་ཁ་བྱང་དང་། མན་ངག་གསེར་གྱི་ཁ་བྱང་དང་། ཐེག་པའི་དོན་བསྡུས་དང་། རྟོགས་པའི་འོག་ལེན། ཏིང་ངེ་འཛིན་ཉམས་ཀྱི་མན་ངག །དྲག་སྔགས་རྣམ་གཉིས། སྣོད་བཅད་གཏན་ལ་དབབ་པ། ཏིང་ངེ་འཛིན་མཐར་ཕྱིན་པའི་ཚད། སྙིང་པོ་འཕྲལ་གྱི་མེ་ལོང་། ལྟ་སྤྱོད་ཀྱི་སྡོམས། ལྟ་སྤྱོད་ཀྱི་བྱ་རུ་པ། མན་ངག་གི་གཟིར་ལྔ་ཞེས་པའི་ཡིག་སྣ་བརྒྱད་དོ། །ཐེམ་ཡིག་འབྲིང་པོ་གཏེར་བཞེད་རྩལ་གྱིས་རྒྱ། ཨྠྀི། རྒྱ་རྒྱ་རྒྱ།། །།

༈ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྤྱོད་པའི་སྡོམས་ནི་མཚོན་ཆ་འདྲ། །ཡོན་ཏན་བཞི་ཡི་འཕྲང་གྱུར་པས། །འཕྲིན་ལས་བཞི་ཡི་ངོ་བོར་གནས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སྲོག་གི་སྒོ་ལྕགས་མ་ཤེས་པར། །གང་འདོད་དངོས་སུ་འོང་མི་སྲིད། །གང་སྒྲུབས་དངོས་སུ་འབྱང་བ་དང་། །སྒྲུབ་པ་ཚེ་ལ་རྟེན་གྱུར་ནས། །སློབ་དཔོན་གཉན་གྱི་བཀའ་བཞིན་ད། །ཐ་ཚིག་སྔོན་བཞིན་གཞང་དང་མཐན། །དེས་ན་གཏན་དུ་གཡོག་ཏ་བྱ། །ཐ་མ་མི་དང་འགྲོག་པ་བཞིན། །དངོས་པོར་བྱ་བའི་ལས་རྣམས་ལ། །མཁས་པས་འཁོར་དང་འདྲ་བར་བརྟག །ཅི་བཅོལ་ལས་རྣམས་བཅོས་པར་བྱ། །ཡོ་བྱད་གཉིས་བྲལ་ཡལ་བར་འགྱར། །རྟག་ཏུ་ཡོ་བྱད་གཉིས་ལྡན་ན། །ཁྲོ མ་ན་འདག་ཀྱང་དྲང་ན་གནས། །དེས་ན་ཡོ་བྱད་ལྡན་པར་བྱ། །དྲི་མེད་ཟླ་ཤར་ལས་ཆད་པའི། །རྫོང་འཕྲང་ཐེམ་ཡིག་ཆང་ཀུན་འདི། །ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། །རྫོང་འཕྲང་ཐེམ་ཡིག་ཆང་ཀུན་འདི། །ཨྠྀི། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། སྙིང་པོ་བྱང་ཆབ་ཀྱི་མན་ངག་བཞགས། ཙིཏྟ་གཧྱ། ཨྠྀི། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣལ་འབྱོར་གྱི་ལུགས་ཀྱིས། རྫོགས་པ་ཆེན་པོ་སྙིང་པོ་བྱང་ཆབ་ཀྱི་མན་ངག །རྫོང་འཕྲང་གི་དཔེ་དོན་བསྟན་པ་འདི་ལ་གཉིས་ཏེ། ལྟ་བའི་རྫོང་དང་། ལྟ་བའི་འཕྲང་རྣམ་པ་གཉིས་སོ། །དེ་ལ་ལྟ་རྫོང་ནི་ཕྱག་པོའི་བང་མཛོད་དང་འདྲའོ། །དཔེར་ན་ཕྱག་པོའི་བང་མཛོད་ན་རྫས་འདི་ལྟ་བ་ཡོད་ཅེས་བྱ་བའམ། འདི་ལྟ་བ་མེད་ཅེས་བྱ་བ་མ་ཡིན་ཏེ། ཡིད་ལ་ཅི་འདོད་པའི་རྫས་ཐམས་ཅད་དང་ལྡན་པ་ལ་ཕྱག་པོའི་བང་མཛོད་ཅེས་བྱའོ། །དཔེ་དེ་བཞིན་ད། རྫོགས་པ་ཆེན་པོ་སྙིང་པོ་བྱང་ཆབ་ལ། འདི་ནི་རྫོགས་ལ་འདི་ནི་མ་རྫོགས་ཞེས་བྱ་བ་འམ། འདིས་སེམས་ཡིན་ལ་འདི་ནི་སེམས་མ་ཡིན་ཞེས་པ་གང་ཡང་མེད་དེ། ཆོས་ཐམས་ཅད་རྫོགས་ཤིང་ཐམས་ཅད་དང་ལྡན་པས་སྣ་ཚོགས་འབྱང་བ་ལ་སེམས་ཞེས་བྱའོ། །འོ་ན་སེམས་དེར་རང་ཇི་ལྟར་གནས་ཞེ་ན། སེམས་དེ་ཉིད་ནི་ཐོག་མཐའ་མེད་ཅིང་དག་པ་ཆེན་པོའི་བདག་ཉིད་དུ་གནས་པ་དང་། སེམས་ལ་འཕོ་དང་འགྱུར་བ་མེད་ཅིང་། ཐིག་ལེ་ཆེན་པོར་གནས་པ་དང་། སེམས་རྒྱ་ལས་མ་སྐྱེད་པས་རྐྱེན་གྱིས་མི་འགྱུར་བར་གནས་པ་དང་། སེམས་ཉིད་རྒྱ་ཆད་དང་ཕྱོགས་ལྷང་མེད་པས། ཐམས་ཅད་དུ་མ་འགགས་པར་རང་ཤར་བའི་བདག་ཉིད་དུ་གནས་པ་དང་། སེམས་ཉིད་ལ་དབྱིབས་དང་ཁ་དོག་འདི་འདྲ་ཞེས་བྱ་བ་མེད་པས། མཐའ་ཐམས་ཅད་དང་བྲལ་བའི་ངང་གཉིད་དུ་གནས་པ་དང་། སེམས་ཉིད་མེད་ལ་ཟད་མི་ཤེས་པས་གཅིག་ལས་འདོད་དགར་བསྒྱུར་བའི་བདག་ཉིད་དུ་གནས་པ་དང་། སེམས་ཉིད་ཡོན་ཏན་ཐམས་ཅད་རང་ལས་བྱང་ནས་རང་གི་ཡོན་ཏན་གྱིས་རང་བརྒྱན་པའི་བདག་ཉིད་དུ་གནས་པ་དང་། སེམས་ཉིད་སྣང་སྲིད་ཐམས་ཅད་དུ་རང་ཤར་བས་ཡེ་ནས་ཁྱབ་བརྡལ་ཆེན་པོའི་བདག་ཉིད་དུ་གནས་པ་དང་། སེམས་ཉིད་ཡེ་ནས་རང་སུ་ཟིན་པས་ཐམས་ཅད་ཡེ་ནས་ནོན་ཟིན་པའི་བདག་ཉིད་དུ་གནས་པའོ། །དེ་དག་ཀུན་ཏུ་གནས་པ་ཉིད་ཀྱང་། སྤུ་མ་བརྫེས། མདོག་མ་བསྒྱུར། ཐད་མ་བསགས། མ་བྱས། མ་བཅོས། ཡེ་ནས་ལྷན་གྱིས་གྲབ་ཟིན། ཡེ་ནས་བྱས་ཟིན། དེ་གདོད་དབྲལ་བར་བྱར་མ་མཆིས། བསྒྱུར་དུ་མ་མཆིས། ཐམས་ཅད་ནས་ཐམས་ཅད་དུ་སྙིང་པོ་བྱང་ཆབ་སེམས་ལས་མ་གཏོག་པའི་ཡལ་གང་ཡང་ཡོད་པ་མ་ཡིན་པ་དེ་ལ་ནི། ལྟ་བའི་རྫོང་ཞེས་བྱའོ། །ལྟ་བའི་འཕྲང་ནི་ལྡེ་མིག་དང་འདྲའོ། །དཔེར་ན་ལྡེ་མིག་གིས་སྒོ་ཕྱེས་ནས་མཛོད་དུ་ཞགས་ནས་རྫས་ལ་ལོངས་སྤྱོད་པ་དང་འདྲའོ། །དེ་བཞིན་དུ་འཕྲང་གི་མན་ངག་ནི། སྙིང་པོ་བྱང་ཆབ་སེམས་ངོས་བཟང་བ་དང་། བརྟག་པ་དང ་། ངོ་ཤེས་པར་བྱ་བ་དང་། རྡོ་རྗེ་ལྟ་བར་མི་འབྱང་ཞིང་བརྟན་པར་བྱ་བ་དང་། རང་ལ་རང་དབང་དུ་ལོངས་སྤྱོད་པ་ལ་ནི། ལྟ་བའི་འཕྲང་ཞེས་བྱའོ། །དེའི་ཕྱིར་ན། རྫོང་ནི་ཕྱག་པོའི་བང་མཛོད་དང་འདྲའོ། །འཕྲང་ནི་དེའི་སྒོ་ལྕགས་དང་འདྲ་ཞེས་བྱའོ། །དེ་ལ་སྙིང་པོ་བྱང་ཆབ་ངོས་བཟང་བྱ་བ་ལ་གཉིས་ཏེ། རིག་པའི་སྟོབས་ཀྱིས་བཟང་བར་བྱའོ། །དོན་མན་ངག་གིས་སྟོབས་ཀྱིས་བཟང་བར་བྱའོ། །རིག་པའི་སྟོབས་ཀྱིས་བཟང་བར་བྱ་བ་ནི། རྣལ་འབྱོར་པ་ཤེས་རབ་ཀྱི་མེ་ཆེན། དབང་པོ་ཡོན་པ་རྣམས་ཀྱིས་སྤྱོད་ཡུལ་དུ་གྱུར་པ་ཞེས་བྱའོ། །དོན་མན་ངག་གི་སྟོབས་ཀྱིས་བཟང་བ་ནི། གསང་བའི་ཡོ་བྱད་གཉིས་ལ་ལོངས་སྤྱོད་ནས། ལྟ་བ་ཐབས་སུ་བྱང་ནས་བརྟན་པའི་དུས་ན། སྐ་ཙ་ཀ་ལི་ལྟ་བ་འམ། གསང་ཡིག་འབྲ་ལྟ་བ་དང་། ཐགས་ཕྱག་མཚན་ལྟ་བ་ལ་བཟང་བའོ། །དེ་ནས་དམིགས་པ་གྱད་དུ་གྱུར་ནས་གང་ལ་བསླབ་ཀྱང་འདྲ་སྟེ། འཕྲོ་འད་ལས་ཀྱི་ཕྱག་རྒྱ་ལ་འཇམ་དུ་གཞག་ཅིང་ཉམས་སུ་མྱོང་བར་བྱའོ། །ཉམས་སུ་མྱོང་བའི་རྟགས། སྙིང་པོ་བྱང་ཆབ་ལ་སྦྱར་བར་བྱའོ། །སྙིང་པོ་བྱང་ཆབ་ལ་སྦྱར་བ་ཡང་ཉམས་སུ་མྱོང་བའི་རྟགས་བྱང་ཙམ་ན། སེམས་ཀྱིས་མྱོང་ངམ་ལས་ཀྱིས་མྱོང་ངམ་བརྟག་པར་བྱའོ། །སེམས་ཀྱིས་མྱོང་ན་སེམས་སྣ་ཚོགས་པའི་སྣང་གཞི་ཆོས་ཉིད་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་སེམས་དང་གཉིས་སུ་མེད་དོ། །ལས་ཀྱིས་མྱོང་ན་ཤི་བའི་རོ་ལ་ཡང་སྡུག་བསྔལ་མེད་པས་མྱོང་མི་འཚལ་ལོ། །དེས་ན་མྱང་བྱ་དང་མྱང་བྱེད་ཐམས་ཅད་སེམས་ཉིད་རང་སྣང་བའོ། །དེ་ལྟ་བ་ལ་འཕྲང་གི་མན་ངག་ཅེས་བྱའོ། །དེའི་ཕྱིར་ན་འཕྲང་ནི་དེའི་ལྡེའ་མིག་འདྲ། ཞེས་བྱའོ། །མན་ངག་འདི་ལྟ་བ་བསྟན་པའི་དུས་ནི། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ན་ཀླའི་རྒྱལ་པོའི་གཙག་ན་ནོར་བ་རིན་པོ་ཆེ་ཡོད་པ་ལྟ་བ་དང་ལྡན་པ་ལ་བསྟན་པར་བྱའོ། །དཔའ་བོ་མཆོག་དང་ལྡན་པས་མཚོན་ཆ་གཅོད་བྱེད་ཆེན་པོ་ཐོགས་ནས་སོ་མཚམས་ཀྱི་མཁར་བསྲང་བ་ལྟ་བ་ལ་བསྟན་པར་བྱའོ། །མན་ངག་གསང་བའི་བཀའ། སྙིང་པོ་བྱང་ཆབ་དོན། རྫོང་འཕྲང་དཔེ་དོན་འདི། ཡང་དབང་གཏེར་ང་ཡིས། གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ།། །།གསང་གསང་གསང་། དྲིན་ཆེན་རྩ་བའི་བླ་མ་གཏེར་བདག་གླིང་པའི་ཕྱག་དཔེར་འགྱུར་མེད་རྒྱ་མཚོས་བྲིས། མན་ངག་བཅད་ཀྱི་འདོད་དག་ཡིས། །ལེགས་གཏམ་ལྟ་བའི་རྫོང་ཆེན་སྒོམ། །གནད་དོན་ཀུན་ཏུ་ཚད་ལྡན་པའི། །འཕྲང་གི་ལྡེ་མིག་འཕྲལ་གྱིས་འབྱེད། །

༄༅། །རྫོང་འཕྲང་གི་ནང་ཚན་ག་རུ་ཉི་ཤུ་རྩ་ལྔའི་ཉམས་ཡིག་ལས། དགའ་རབ་ཀྱི་མན་ངག་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གདངས་རབས་ཉི་ཤུ་རྩ་ལྔའི་མན་ངག་ལས། །འདི་ནི་སློབ་དཔོན་དགའ་རབ་རྡོ་རྗེ་ཡིས། །སྣང་སྲིད་གཞི་བཞེངས་ཀྱི་མན་ངག་གསང་པའོ། །ཀན་བཞི་བྱང་ཆབ་སེམས་ནི་མ་ནབ་རྒྱལ་མཚན་ཏེ། །དས་གསུམ་འགྱུར་བ་མེད་པས་རྡོ་རྗེ་སེམས། །སྣང་སྲིད་འཁོར་འདས་ཆོས་འདི་ཡེ་ནས་མྱ་ངན་འདས། །སེམས་ཉིད་དེ་ལྟར་སྣང་ཞིང་མཛོད་པས་རྣམ་སྣང་མཛད། །སངས་རྒྱས་ཆེ་བའི་ཡོན་ཏན་མ་ལས་ཀྱང་། །རང་གི་སེམས་ལས་བྱང་བས་རིན་ཆེན་འབྱང་ལྡན་ནོ། །སེམས་ཀྱི་མཚན་ཉིད་ཅིར་ཡང་སྣང་བ་ལས། །དེ་ལ་དམིགས་པ་མེད་པས་སྣང་བ་མཐའ་ཡས་སོ། །བྱང་ཆབ་སེམས་ནི་ཡེ་ནས་སངས་རྒྱས་ཏེ། །བྱ་བརྩལ་མེད་པར་སྒྲུབ་པས་དོན་ཡོད་གྲབ་པའོ། །བྱང་ཆབ་སེམས་ཀྱིས་ཀུན་ལ་ཡེ་ཁྱབ་ལ། །སེམས་ལ་བཟང་ངན་མེད་པས་ཀུན་ཏུ་བཟང་པོའོ། །སེམས་ཉིད་སྟོང་པ་ཆེན་པོའི་རང་བཞིན་ཏེ། །ཀན་ཁྱབ་བཟང་ངན་མེད་པས་ཀུན་ཏུ་བཟང་མོ་ཡིན། །དེ་ཡི་ངང་ལས་སྣང་བའི་ཆོ་འཕྲལ་བྱང་། །དེ་ལྟར་བྱང་ཡང་རང་བྱང་རང་ཞིར་བཞག །དེ་ལྟར་བཞག་ན་སྒོམ་པ་ཆེན་པོ་ཡིན། །དེ་ལས་གཞན་དུ་བསྒོམ་ན་གོལ་སུ་བདན་ཡོད་དེ། གོལ་པའི་འབྲས་བ་བདན་པོ་གང་དང་གང་ཞེ་ན། སེམས་རྟོགས་པ་སྐྱེས་པའི་རྗེས་སུ་འབྲངས་ན། བྱིས་པ་མ་རབ་སྟེ་སོ་སོའི་སྐྱེ་བོར་གོལ། རྟོག་པ་དེ་ཐེར་ཟག་ཏ་བལྟས་ན་རྟག་པར་གོལ། སྟོང་པ་ཕྱལ་བར་ཡལ་བར་བཏང་བས་མ་སྟེགས་ཆད་པ་གོལ། རྟོག་པ་དེ་བཀག་པས་ཉན་ཐོས་སུ་གོལ། རྟོག་པ་དེ་དྲན་པ་ཉམས་པས་བསྒོམས་ན་རང་རྒྱལ་དུ་གོལ། རྟོག་པ་དེ་སེམས་ལ་སེམས་རང་གི་དོན་དམ་འདོད་ན་སེམས་ཙམ་དུ་གོལ། རྟོག་པ་དེ་སྟོང་པ་གཏད་མེད་དུ་བསྒོམས་ན་དབ་མར་གོལ་པའོ། །དེ་བས་ན་གང་ལ་ཡང་མི་གནས་པར་བྱའོ། །མི་གནས་པ་ལ་ཡང་མཚན་མར་མི་སྐྱེ། དེ་ལ་མཚན་མ་སྐྱེས་ན། ལས་ལེགས་ཉེས་ཀྱི་འབྲས་བ་མི་ལེན་ནོ། །ལས་ལེགས་ཉེས་ཀྱི་འབྲས་བ་མ་བླངས་ན། ཁམས་གསུམ་དུ་མི་འཁོར་རོ། །ཁམས་གསུམ་དུ་མ་འཁོར་ན། མཐོ་རིས་སུ་མི་སྐྱེ་ལ། ངན་སོང་དུ་ཡང་མི་ལྷང་ངོ་། །དེ་བས་ན་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་མ་ལས་པར་ཡེ་ཤེས་སུ་བཞེངས་པས་སྣང་སྲིད་གཞིར་བཞེངས་བྱའོ། །དེ་ལྟར་རྟོགས་ཙམ་ན་ཆོས་ཐམས་ཅད་ལ། ཐོབ་པར་བྱ་བ་དང་སྤང་བར་བྱ་བ་རྡལ་ཙམ་ཡང་མེད་པས་ན། བླ་ན་མེད་པའི་བྱང་ཆབ་ཅེས་བྱའོ། །ཇི་ཙམ་ཐོབ་པ་ཡོད་ན་མཚན་མའོ། །ཇི་ཙམ་དུ་མཚན་མ་ལ་བལྟས་ན། རི་རབ་ཙམ་དུ་བལྟས་པ་དང་། ཏིལ་འབྲ་ཙམ་དུ་བལྟས་པ་ལ་མི་འདྲ་བ་མེད་དོ། །གཉིས་ཀ་ཚད་མ་ཡིན་པས་འཆིང་བའོ། །དེ་བས་ན་མི་ལེན་མི་འདོད་མི་གནས་བླང་དོར་མེད་པར་འཇག་པར་བྱའོ། །ཅེས་སྒོམ་པའི་ཐབས་གོལ་སུ་བཅད་པ་དང་བཅས་པ་བསྟན་པའོ། །ཉི་ཤ་རྩ་ལྔའི་ཆ་རྒྱན་འདི། གཉའ་ན་ཉིད་ཀྱིས་འཐངས་ནས་ཀྱང་། །ཡེ་ཤེས་རིན་ཆེན་བདག་ལ་དབབས། །བདག་གིས་རྟོགས་པའི་མན་ངག་འདི། །ཡོན་ཏན་རྒྱ་མཚོ་ཁྱོད་ལ་གཏད། །ཡོ་བྱད་གཉིས་དང ་མི་ལྡན་ཞིང་། །ཁ་བྲིད་གཅམ་འཕྱར་ཆེ་ང་ལ། །ལྟག་སྤྲོད་བསྐར་ཆེན་འདེབས་པ་དང་། །དམ་ཚིག་གཞང ་ལྟར་མི་བསྲང་བ། །དེ་འདྲའི་མི་ལ་ཤོར་རུ་རེ། །གཏེར་བཞད་རྩལ་ལ་གཏད་པའོ། །རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་གི་ནང་ཚན་ག་རུ་ཉི་ཤུ་རྩ་ལྔའི་ཉམས་ཡིག་ལས། འཇོག་པོའི་མན་ངག་བཞགས། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདང་རབ་ཉི་ཤུ་རྩ་ལྔའི་མན་ངག་ལས། འདི་ནི་ཀླའི་རྒྱལ་པོ་འཇོག་པོས་སྣང་སྲིད་གཞི་འདིང་གི་མན་ངག་གསངས་པ། བདག་ནི་ཀླ་ཡི་རྒྱལ་པོ་འཇོག་པོ་སྟེ། དག་གསུམ་མ་སྤངས་སྐུ་གསང་ཐགས་སུ་རྫོགས། །དག་ལྔ་མ་སྤངས་ཡེ་ཤེས་ལྔ་རུ་རྟོགས། །འཁོར་བ་མ་སྤངས་ཡེ་ནས་མྱ་ངན་འདས། །སེམས་དང་ཆགས་སྡང་གཉིས་སུ་མེད། །བག་ཆགས་གནས་སུ་དག་ན་སྣང་མཐའ་ཡས། །མཚན་མར་བསྒོམས་ན་ཆགས་པའི་འདོད་ཆགས་ཡིན། །སེམས་དང་ཞེ་སྡང་གཉིས་སུ་མེད། །ཞེ་སྡང་གནས་སུ་དག་པ་རྡོ་རྗེ་སེམས་དཔའ་ཡིན། །མཚན་མར་ཆགས་པས་ཞེ་སྡང་ཡིན། །སེམས་དང་གཏི་མག་གཉིས་སུ་མེད། །གནས་སུ་དག་པས་རྣམ་པར་སྣང་མཛད་ཡིན། །མཚན་མར་ཆགས་པས་གཏི་མག་ཡིན། །ཉོན་མོངས་དག་གསུམ་ཅིར་གཡོས་ཀྱང་། །གཡོས་ཙམ་ཉིད་ན་གཡོས་པ་མེད་པར་བཞག །དེ་ལས་གཞན་དུ་བསྒོམ་མི་བྱ། །དེ་ལས་གཞན་དུ་བསྒོམས་གྱུར་ན། །སྒྲིབ་པ་རྣམ་པ་བཅ་འབྱང་སྟེ། །དེ་ཡང་གང་དང་གང་ཞེ་ན། །མི་གཡོ་བ་དང་གསལ་བ་དང་། །བདེ་བ་དང་ནི་སྡུག་བསྔལ་དང་། །ཤེས་པ་མང་པོ་སྐྱེ་བ་དང་། །མངོན་པར་ཤེས་པ་འདོད་པ་དང་། །རྫ་འཕྲལ་ཐོབ་པར་འདོད་པ་དང་། །རང་གི་ཏིང་འཛིན་བཟང་སྙམ་ནས། །ང་རྒྱལ་དག་གི་སྐྱེ་བ་དང་། །གཞན་གྱི་ལྟ་བ་ཁྱད་གསོད་དང་། །བདག་གི་ལྟ་བ་བསྙེམས་པ་དང་། །འདི་དག་དམིགས་པའི་སྐྱོན་ཅན་ཡིན། །མཚན་མ་ཟིལ་གྱིས་མནན་པའི་ཕྱིར། །ཡལ་གསུམ་གསལ་པའི་སྒོམ་པ་བྱ། །ཡལ་གཉིས་བཟང་ལ་བསླབ་པར་བྱ། །ཡོ་བྱད་གཉིས་ལ་བརྟེན་པར་བྱ། །གསང་བའི་དགྲ་གསུམ་བསད་པར་བྱ། །འཇིགས་པའི་བདད་བཞི་གཞོམ་པར་བྱ། །འགྲོ་དྲག་གཡང་སུ་བཅད་པར་བྱ། །ཀན་བརྟགས་གཉིས་ཀྱི་སེམས་ཀྱང་སྤང་། །ལྷ་སྲིན་སྡེ་བརྒྱད་ཁང་པ་བཞིན། །དེ་ལྟ་བ་ཡི་དོན་རྟོགས་པ། །ཇི་ལྟར་སྣང་ཞིང་སྲིད་པ་འདི། །ཡེ་ཤེས་ཉིད་དུ་བཞག་པས་ན། །ཡེ་ཤེས་ཉིད་དུ་གཞི་འདིང་བའོ། །སྣང་སྲིད་གཞི་འདིང་མན་ངག་འདི། །རྡོ་རྗེ་ཡང་དབང་གཏེར་ཆེན་གྱིས། །གཏེར་བཞད་རྩལ་ལ་གཏད་རྒྱ་རྒྱ་རྒྱ་རྒྱ་རྒྱ། གསང་ངོ་། །གསང་ངོ་། །གསང་ངོ་། ། ཨྠྀི།། །།

༄༅། །རྫོང་འཕྲང་གི་ནང་ཚན་ག་རུ་ཉི་ཤུ་རྩ་ལྔའི་ཉམས་ཡིག་ལས། འཇམ་དཔལ་བཤེས་གཉེན་གྱི་མན་ངག་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གདང་རབས་ཉི་ཤུ་རྩ་ལྔའི་མན་ངག་ལས། །འདི་ནི་འཇམ་དཔལ་བཤེས་གཉེན་གྱིས། །ཀློང་ཡངས་ཆང་བའི་མན་ངག་གསངས་པ། །དག་གསུམ་སྐུ་གསང་ཐགས་ཀྱི་རང་བཞིན་ཡེ་ནས་ཡིན་པར་བཤད་དེ། གཏི་མག་ནི་ཡེ་ནས་འབྱེད་པ་མེད་པའི་ཡེ་ཤེས་ཏེ་ཆོས་ཀྱི་སྐའོ། །ཞེ་སྡང་ནི་འདོད་པའི་ཡོན་ཏན་ལྔ་རང་ལས་བྱང་པར་ཤེས་ལ། དེ་ལ་གཞན་གྱིས་སྤྱད་ཀྱིས་དོགས་པའི་ཞེ་སྡང་ལ་རང་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐའོ། །འདོད་ཆགས་ནི་འདོད་པའི་ཡོན་ཏན་ཐམས་ཅད་རང་ལས་བྱང་བའི་སྤྲུལ་པ་ཡིན་པར་ཤེས་པས་སྤྲུལ་པའི་སྐའོ། །དེས་ན་རང་ཉིད་སྐུ་གསུམ་གྱི་ངོ་བོར་ཡེ་ནས་གནས་པའོ། །དེ་ཡང་། དག་གསུམ་མ་སྤང་སྐུ་གསུམ་ཐགས། ཞེས་པས་གསལ་ལོ། །ཀློང་ཡངས་ཆང་ཤོས་མན་ངག་འདི། གཏེར་བཞད་རྩལ་ལ་གཏད་པའོ། །རྒྱ་རྒྱ་རྒྱ། གསང་ངོ་། །གསང་ངོ་། །གསང་ངོ་།། །།

༄༅། །རྫོང་འཕྲང་གི་ནང་ཚན་ག་རུ་ཉི་ཤུ་རྩ་ལྔའི་ཉམས་ཡིག་ལས། སངས་རྒྱས་གསང་བའི་མན་ངག་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཁམས་གསུམ་རང་སར་གྲོལ་བའི་མན་ངག་འདི། སློབ་དཔོན་བདྡྷ་ག་བྷས་གསངས་པ། དང་པོ་རྣམ་པར་མི་རྟོག་པ་བསྒོམ་ན། དང་པོ་ལས་ལ་མཉམ་རྒྱས་གདབ། དེ་ནས་དབགས་ལ་སྤྲོ་བསྡུ་མེད་པའི་རྒྱས་གདབ། དེ་ནས་རྣམ་རྟོག་ལ་རང་བྱང་ཡེ་ཤེས་ཀྱི་རྒྱས་གདབ། རྣམ་རྟོག་ཐམས་ཅད་རང་བྱང་གི་ཡེ་ཤེས་སུ་ཐིམ་པས་རིག་པ་རང་གསལ་ལ། ཡལ་གང་ལ་ཡང་མི་གཡོ་བའི་རང་བྱང་གི་ཡེ་ཤེས། གསལ་ལ་མི་རྟོག་པ་ཡལ་མེད་རྟེན་མེད་གང་ལ་ཡང་མི་གནས་པར་འཆར་རོ། །དེ་གལ་ཏེ་བྱིང་རྒོད་ཀྱི་དབང་དུ་གྱུར་སྲིད་ན། ཡེ་ཤེས་བཙན་ཐབས་ཀྱི་རྒྱས་བཏབ་ལ་བཞག་གོ། །དེ་ནས་ཆོས་ཐམས་ཅད་རང་བྱང་ཡེ་ཤེས་ཀྱིས་རྒྱས་བཏབ་ལ་གནས་པར་བྱའོ། །དེ་ལྟར་རྒྱ་ལྔ་པོ་དེས་བཏབ་ན། ཡེ་ཤེས་རྟོག་པའི་དབང་དུ་མི་འགྱུར་བར། རྟོག་པ་ཡེ་ཤེས་ལ་ཐིམ་པས། འདོད་པའི་ཁམས་ཀྱང་རང་བྱང་ཡེ་ཤེས་སུ་རང་གྲོལ། གཟགས་ཀྱིས་ཁམས་ཀྱང་རང་བྱང་ཡེ་ཤེས་སུ་རང་གྲོལ། གཟགས་མེད་ཁམས་ཀྱང་རང་བྱང་ཡེ་ཤེས་སུ་རང་གྲོལ་པའོ། །དེའི་ཕྱིར་ཁམས་གསུམ་རང་སར་གྲོལ་བའི་དགོངས་པ་ཞེས་བྱའོ། །ཁམས་གསུམ་རང་གྲོལ་དགོངས་པ་འདི། །ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། དམ་མེད་ངོ་རྒོད་ལྟར་སྤྲད་སྐར། །དེ་འདྲའི་ལག་ཏ་ཤོར་རུ་རེ། །རྒྱ་རྒྱ་རྒྱ། གསང་ངོ་།། །།

༄༅། །རྫོང་འཕྲང་གི་ནང་ཚན་ག་རུ་ཉི་ཤུ་རྩ་ལྔའི་ཉམས་ཡིག་ལས། པད་འབྱང་གི་མན་ངག་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་ཡང་ཐེག་པ་ཆེན་པོ། དྲན་པ་དུས་མཚངས་ཀྱི་དགོངས་པ་སྒོམ་པའི་ཐབས། ཤིན་ཏུ་རྣམ་འབྱོར་ལ་མོས་པའི་ག་རུ་པདྨ་འབྱང་གནས་ཀྱིས་གསངས་པ། བསྐལ་པ་ཐོག་མཐའ་མེད་པ་ནས་བློ་སྦྱངས་པ། ཁྱད་པར་དུ་ཡང་ཐེག་པ་ཆེན་པོའི་དོན་མ་ནོར་ངེས་པ་ལ་མོས་པ་དང་། དང་པས་བླ་མ་དམ་པ་རྣམས་ལ་བསྙེན་བསྐར་བྱེད་པ་དང་། ངང་ཚལ་བཟང་ཞིང་ཤེས་རབ་ཆེ་བ་དང་། ལས་འཕྲོ་སྐལ་བར་ལྡན་པའི་གང་ཟག་གིས། །ལས་ངག་ཡིད་གསུམ་གྱོང་ཁེངས་རྣམས་སྤངས་སྟེ། །དད་ལ་མོས་པ་སྔོན་དུ་བཏང་ནས་ནི། །བླ་མ་དམ་པ་རྣམས་ལས་གདམས་ངག་བླངས། །དེ་ལྟ་བ་ནི་སློབ་མ་སྣོད་ལྡན་ནོ། །སློབ་དཔོན་རྣམས་ཀྱིས་མཚན་ཉིད་བསྟན་པ་ནི། །དགོངས་པ་གདེངས་གསུམ་དག་གིས་ཟིན་པ་དང་། །ཚད་མ་རྣམ་པ་གསུམ་དང་ལྡན་པ་ནི། །དགོངས་པ་རྒྱ་མཚོའི་གཏིང་གཞི་གཡོ་མེད་དང་། །འགྲོ་བའི་དོན་ལ་ཆ་བཞིན་ཐགས་རྗེའི་བརླན་དང་ལྡན། །བླ་མའི་གདམས་ངག་ཟབ་མོ་སྔགས་ལམ་མ་ཆད་པར། །གདལ་བྱ་གང་ལ་གང་འདལ་དོན་གྱིས་གདམས་ངག་སྟོན་པར་མཁྱེན། །དེ་ལྟ་བ་ཡི་བླ་མ་བཅད་ལྡན་མཚན་ཉིད་ཅན། །དེ་ལྟ་བ་ལ་ལས་སྲོག་ཕལ་ཏེ་བསྟེན། །ཅེས་ལང་ལས་གསངས་སོ། །དེ་ལྟར་སྣོད་བཅད་འབྲེལ་བས་གདམས་ངག་ཉམས་སུ་མྱོང་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མཐོང་བའི་དཔེ་ནི་རྒྱལ་པོ་དང་འདྲ་སྟེ། རྒྱལ་པོ་མཐོང་ན་དངོས་པོ་གཞན་གྱིས་བར་མ་ཆོད་པར་གཉན་པའི་ཤེས་པ་ངེས་པར་སྐྱེ་ལ། མ་མཐོང་ན་གཉན་པའི་བསམ་པ་མི་སྐྱེ་བ་དང་འདྲ་བར། ཤིན་ཏུ་རྣལ་འབྱོར་གྱི་རྣལ་འབྱོར་པ་ལ་ཡང་། དགོངས་པའི་གདེངས་ཀྱིས་ཟིན་ན། དངོས་པོ་ཅི་སྣང ་བ། ཅི་མཐོང་བ། ཅི་ཐོས་པ། ཅི་རིག་པ། ཅི་དྲན་པ། ཅི་སྤྱོད་པ། ཅི་ཚོར་བ། ཅི་བྱང་བའི་དངོས་པོ་གང་དང་གང་འཕྲད་པའི་དུས་ས། རྣམ་རྟོག་གིས་བར་མ་ཆོད་པར། གང་དང་གང་འཕྲད་ཀྱང་འཕྲད་པ་རང་གིས་དེའི་ངོ་བོ་སེམས་ཉིད་དུ་གསལ་ཞིང་། སེམས་ཉིད་དུ་ཤེས་པས། ཅི་དང་ཅི་སྣང་བ་ཐམས་ཅད་སེམས་སུ་མཉམ་པའོ། །དེའི་ཕྱིར་ན་དྲན་པ་དུས་མཚངས་ཞེས་བྱའོ། །དེ་ལྟར་དངོས་པོ་གང་དང་གང་འཕྲད་པའི་དུས་ས། རང་གིས་སུ་མཐོང་བ་དང་། ཐོས་པ་དང་། དྲན་པའི་དངོས་པོ་དེའི་ངོ་བོ་ཐམས་ཅད་སེམས་ཉིད་རང་སྣང་བར་ཟད་དོ། །དེ་ལྟར་དངོས་པོའི་ཆོས་གང་དང་གང་འཕྲད་ཅིང་གང་མཐོང་ཐོས་དྲན་རེག་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་སྣང་བ་དང་དེ་ཉིད་ཀྱིས་དུས་སུ་ཐམས་ཅད་ཆོས་ཉིད་དུ་བསྒོམ་པའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་སེམས་ཉིད་དུ་གསལ་བར་སྣང་བས། དངོས་པོར་སྣང་ཞིང་འཕྲད་པ་ཐམས་ཅད་སེམས་ཉིད་ཀྱི་ངོ་བོ་ཉིད་དུ་གསལ་བར་གྱུར་པའི་ཕྱིར་རོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་ལ། །དངོས་པོར་སྣང་བ་འདི་ཉིད་རང་། །མི་གཡོ་བ་ཡི་སྒོམ་པའོ། །བདག་གིས་རྟོགས་པའི་གདམས་ངག་འདི། །ཁྲི་སྲོང་ལྡེའ་བཙན་ཁྱོད་ལ་གཏད། །གསང་བའི་དོན་ལས་མ་མོས་ཤིང་། །མན་ངག་ཡོད་ཀྱང་མི་སྒྲུབ་པའི། །གང་ཟག་རྣམས་ལ་མ་བསྟན་ཅིག །གལ་ཏེ་བྱིན་ན་ཐ་ཚིག་རལ། །རིམ་ནས་རིམ་དུ་བརྒྱད་པ་ཡི། །དྲན་པ་དུས་མཚངས་དགོངས་པ་འདི། །ཡང་དབང་གཏེར་གྱི་གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་གི་ནང་ཚན་ག་རུ་ཉི་ཤུ་རྩ་ལྔའི་ཉམས་ཡིག་ལས། བི་མ་ལའི་མན་ངག་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སློབ་དཔོན་བྱེ་མ་ལ་མ་ཏྲས། རིག་པ་སྤྱི་བླག་སུ་ཤར་བའི་མན་ངག་གསངས་པ། རིག་པ་སྤྱི་བླགས་སུ་ཤར་བ་ནི། དཔེར་ན་མེ་ལོང་ལ་ཉི་མ་ཤར་བ་ལྟ་བའོ། །དེ་ཡང་མེ་ལོང་ལོགས་ལ་ཉི་མ་ཤར་བ་ལ་འདི་གསལ་འདི་མི་གསལ་མེད་པར། གཅིག་གསལ་གཅིག་གིས་བྱས་ནས་དུས་གཅིག་ལ་བྱས་པའོ། །དེ་བཞིན་ད། རྣལ་འབྱོར་པས་ཀྱང་རིག་པ་བྱང་ཆབ་ཀྱི་སེམས་སྣང་སྲིད་འཁོར་འདས་ཐམས་ཅད་དུ་རང་ཤར་བ་ལ་འདི་གསལ་འདི་མི་གསལ་མེད་པར། ཡེ་ཤེས་སྤྱི་བླགས་རང་ཤར་རང་གྲོལ་གྱི་དགོངས་པ་ལ་གནས་པར་བྱའོ། །དེ་ཡང་མན་ངག་ནི་འདི་ལྟར་བསྒོམ་སྟེ། ཆོས་ཐམས་ཅད་སེམས་སུ་ཐག་ཆོད་ཙམ་ན། གང་ལ་བསྒོམ་ཀྱང་ཡེ་ཤེས་སྐྱེ་བ་ཡིན། མཐོང་བའི་ཆོས་ལ་བློ་མི་བཟློག་པ་དྲང་པོར་གཏད། གང་སྣང་ཡལ་དེ་ཉིད་ལ་ཤེས་པ་དྲིལ་ལ་བཞག ། དེ་ལྟར་བསྒོམས་ན་ཆོས་རྣམས་ཐམས་ཅད་བསྒོམས་པ་ཡིན། དཔེར་ན་མི་གཅིག་གཅེར་བར་ཕྱངས་ནས་སྤྱི་བོར་ཆ་བླགས་ན། ལས་མགོ་མཇག་ལ་ཁྱབ་སྟེ་མི་ཁྱབ་པ་ཅི་ཡང་མེད་པ་དེ་བཞིན་ཆོས་ཉིད་སྣང་བ་ཆོས་ཅན་གཅིག་བསྒོམས་པས། ཆོས་རྣམས་ཐམས་ཅད་སེམས་ཉིད་འབའ་ཞིག་སྣང་པར་རྟོགས། དེ་ལྟར་གོ་བས་ཆོས་རྣམས་རིག་པར་མཉམ་པར་དུས་གཅིག་རྟོགས། དེ་ལྟར་བསྒོམས་ན་ཉམས་ཀྱང་ཕྱི་ནང་གསང་གསུམ་རིམ་པར་འབྱང་། ཆོས་ཉིད་ནམ་མཁའ་ལྟ་བའི་ངང་ལས་ས། །རིག་པ་ཉི་མ་ལྟ་བར་གསལ་བར་ཤར། །རྟོག་པ་མེད་པ་ཆོས་ཉིད་དུས་གཅིག་གསལ། །གསལ་བ་ཉིད་ན་རིག་པ་འཆར་ནབ་མེད། །ཉི་ཤ་རྩ་ལྔ་རིག་པའི་ཐགས་བརྡོལ་ནས། །དྲི་མེད་ཟླ་ཤར་བདག་ལ་བབས། །ངས་ཀྱང་ཞལ་ཆེམས་ཁྱོད་ལ་གཏད། །སྣོད་མེད་དག་ལ་ཤོར་རུ་རེ། །གཏེར་བཞད་རྩལ་གྱིས་ཁོང་པར་སྦོས། །རིག་པ་སྤྱི་བླགས་སུ་ཤར་བའི་དགོངས་པ། རྒྱ་རྒྱ་རྒྱ། གསང་ངོ་།། །།

༄༅། །རྫོང་འཕྲང་གི་ནང་ཚན་ག་རུ་ཉི་ཤུ་རྩ་ལྔའི་ཉམས་ཡིག་ལས། བཻ་རོའི་མན་ངག་བཞགས། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་ལས་སེམས་འཕོ་བའི་དུས་ས། འདའ་ཀ་ཚིག་གསུམ་གྱི་མན་ངག་འདི། བདག་ལ་བཙས་སུ་བཞག་པའོ། །ཆོས་ཐམས་ཅད་ངང་དང་རང་བཞིན་དང་བདག་ཉིད་ཆེན་པོ་དང་གསུམ་གྱིས་རྟོགས་པར་བྱའོ། །ཡང་ན་ཀུན་ཏུ་བཟང་པོ་ཡིན་པ་དང་། ཀུན་ཏུ་བཟང་མོ་ཡིན་པ་དང་། གཉིས་སུ་མེད་པ་ཡིན་པ་དང་གསུམ་གྱིས་རྟོགས་པར་བྱའོ། །ཡང་ན་རྒྱའི་རྣལ་འབྱོར་དང་། རྐྱེན་གྱིས་རྣལ་འབྱོར་དང་། འབྲས་བའི་རྣལ་འབྱོར་དང་གསུམ་གྱིས་རྟོགས་པར་བྱའོ། །ཡང་ན་བསྐྱེད་པ་དང་། རྫོགས་པ་དང་། རྫོགས་པ་ཆེན་པོ་དང་གསུམ་གྱིས་ཤེས་པར་བྱའོ། །ཡང་ན་རང་བཞིན་དང་། ཏིང་ངེ་འཛིན་དང་། གཟགས་བརྙན་དང ་གསུམ་གྱིས་རྟོགས་པར་བྱའོ། །ཡང་ན་ཁྱབ་པ་ནམ་མཁའ་ལྟ་བ་དང་། གསལ་བ་ཉི་མ་ལྟ་བ་དང་། བཏད་པ་སྤྲེའ་ལྟ་བ་དང་དཔེར་གསུམ་གྱི་མན་ངག་གིས་རྟོགས་པར་བྱའོ། །ཡང་ན་ལྷང་ངེ་བ་དང་། ལྷན་ནེ་བ་དང་། ས་ལེ་བ་དང་གསུམ་གྱིས་རྟོགས་པར་བྱའོ། །ཡང་ན་སྙན་ཁང་བརྒྱད་པའི་ལང་དང་། མངོན་དུ་བྱང་བའི་ལང་དང་། གཏན་ལ་འབེབས་པའི་ལང་དང་གསུམ་གྱིས་རྟོགས་པར་བྱའོ། །ཡང་ན་ལྟ་བ་དང་། སྤྱོད་པ་དང་། སྒོམ་པ་དང་དེ་གསུམ་གྱི་སྒོ་ནས་རྟོགས་པར་བྱའོ། །ཡང་ན་སྲིད་གསུམ་སྤོ་བའི་མན་ངག་གསུམ་གྱིས་རྟོགས་པར་བྱའོ། །ཡང་ན་སེམས་གསུམ་གྱིས་ཤེས་པར་བྱའོ། །ཡང་ན་རྩ་གསུམ་གྱིས་ཤེས་པར་བྱའོ། །ཡང་ན་སྐུ་གསུམ་གྱིས་ཤེས་པར་བྱའོ། །ཡང་ན་ཐེག་པ་གསུམ་གྱིས་ཤེས་པར་བྱའོ། །ཡང་ན་སེམས་ཀྱི་ཉམས་གསུམ་གྱིས་ཤེས་པར་བྱའོ། །ཡང་ན་སེམས་ཀྱི་རྟགས་ཕྱི་ནང་གསང་བ་གསུམ་གྱིས་ཤེས་པར་བྱའོ། །ཡང་ན་རྟོགས་པ་གསུམ་གྱིས་ཤེས་བྱའོ། །ཡང་ན་འཕྲིགས་གོ་བརྡ་ལེགས་པར་འཕྲད་པ་དང་གསུམ་གྱིས་ཤེས་པར་བྱའོ། །ཡང་ན་ཕྱི་ནང་གསང་བའི་སྲོག་འཕྲོག་པའི་མན་ངག་གསུམ་གྱིས་ཤེས་པར་བྱའོ། །བཻ་རོ་ཙ་ནས་གཡ་སྒྲ་སྙིང་པོ་ལ། །འདས་ཁ་ཚིག་གསུམ་བཅ་བདན་གཏད་པ་འདི། ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ། སང་ངོ་།། །།

༄༅། །རྫོང་འཕྲང་ལས། ཡེ་ཤེས་འཆར་ལུགས་གསུམ་བི་མ་ལས་གསངས་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཁས་པ་མི་བཞི་ཡིས། ཆ་ཀ་བཞི་འདས་ནས། དྲི་མེད་ཟླ་ཤར་ལ། སྒྲགས་ཀྱི་ཡོངས་རྫོང་དུ་རིན་ཆེན་བཅད་ཐིག་པ་གསེར་གྱིས་བམ་པར་སྩལ། སློབ་དཔོན་ཆེན་པོ་བྱེ་མ་ལ་མ་ཏྲ་ལ། ཞང་དྲི་མེད་ཟླ་ཤར་གྱིས་གས་པའི་ཚལ་གྱིས། ལག་པ་གཡོན་པར་གསེར་དང ་ཟ་འོག་ཐེག་ཚད་ཕལ་ནས་བསྟོད། ལག་པ་གཡས་པར་འབྲས་ཆང་དིང་པ་ལ། རྒན་ཆང་སྨུག་པོས་བསིངས་པ་ཐོགས་ནས། རིན་ཆེན་གྱི་སྐ། དྲི་མེད་ཀྱི་གསང་། སྤྲོལ་བྲལ་གྱི་ཐགས་བཤད་དུ་གསོལ། སློབ་དཔོན་གྱིས་བཀའ་བསྩལ་པ། དད་པ་ཅན་ལ་དལ་བའི་སེམས། ཁོམ་ལྡན་གྱི་ལས་བཤད་ཀྱི་ཉོན། སློབ་དཔོན་ལགས། མདོ་སྡེ་ཐེག་པ་ཆེན་པོ་དང་། སྔགས་ཕྱི་བརྒྱད་དང་། གསང་སྔགས་ནང་པ་གསུམ་གྱིས་དངོས་གྲབ་ཀྱི་ཚལ་ཇི་ལྟར་ཐོབ་པ་ལགས། བཀའ་བསྩལ་པ། དུས་ཕྱི་པའི་རྣལ་འབྱོར་པ་རྣམས། རྟོགས་པ་ཆེ་ལ་ཐེ་ཚོམ་ཟ། །ལེ་ལོ་ཆེ་ལ་སྒྲུབ་རྟགས་རིང་། །སྒྲུབ་ལ་དགའ་ལ་འབོར་བ་སྐྱེན། །ཉམས་སུ་ལོང་ནས་ཡལ་བར་འཇོག །དམ་ཚིག་མི་བསྲང་བར་དམ་ཅན་ཉེ་བར་འདོད། ཡོ་བྱད་དང་མི་ལྡན་པར་འཕྲིན་ལས་ལ་སྦྱོར། རྣལ་འབྱོར་གྱི་མཐ་བས་བཙན་བཙན་གྱི་མཐ་ལ་དགའ། བཀའ་ལང་ངེས་པའི་དོན་ཟབ་མོ་བས་བསླད་པའི་ཚིག་གི་སྒྲོན་མ་ལ་དགའ། ཚིག་ཉང་ཀུན་དོན་གྱིས་ནོམ་པར་བྱེད་པ་ལ་ནི་སོ་མ་ཞེས་སྨྲས། མང་པོ་སྨྲས་ཀྱང་དོན་གྱི་དངོས་པོ་མི་ཕིག་པ་ལ་ནི་རྣོ་ཞེས་ཟེར་བའི་གང་ཟག་འབྱང་བས། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་མ་འཇག་གི་བར་དུ་མི་སྦྱིན་ནོ། །དེ་ལ་དང་པོ་ཁོ་ན་ཕན་སམ་ཚོགས་པ་ལྔ་དང་ལྡན་པར་བྱས་ལ། བདག་དང་གཞན་གྱི་རྣམ་པར་རྟོགས་པ་སྦྱངས་ཏེ། ཡལ་གྱི་ཉེས་སྐྱོན་དང་། སེམས་ཀྱི་ཚེར་མ་སྤངས་ལ། དགོན་པ་མི་མི་རྒྱ་བའི་སར་འདག་ནས། དབྱེར་བ་མེད་པའི་སུ་ལ་འདག་ལ། ཡེ་ཤེས་གསུམ་བཙལ་ཞིང་ཤེས་པར་བྱའོ། །དེ་ལ་ཐེག་པ་ཆེན་པོ་མདོ་སྡེ་བ་ནི། ཡེ་ཤེས་ཆར་ལགས། ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་སྟེ། རྣམ་པར་མི་རྟོག་པ་ལ་གནས་ནས་ཡན་ཅི་རིང་དུ་བསྒོམས་པ་དང་། ཉོན་མོངས་པའི་རྣམ་རྟོག་གི་རྙོགས་མཁན་དང་རིམ་གྱིས་བྲི་ནས། དཔེར་ཆ་རྙོགས་མ་དྭངས་བ་ལ་བཞིན་གྱི་གཟགས་བརྙན་ལ་སོགས་པ་གསལ་བ་དང ་འདྲ་བར། རྣམ་པར་མི་རྟོག་པ་ལ་ཡན་རིང་ཙམ་ན། རྟོག་པ་ནི་གཞི་མི་རྟོག་པ་བསྟན་ཙམ་ན། ཆོས་ཐམས་ཅད་སྐྱུ་རུ་ར་རློན་པར་ལག་མཐིལ་དུ་བཞག་པ་བཞིན་ནམ། །མེ་ལོང་གཡའ་དག་པ་ལ་བཞིན་གྱི་གཟགས་བརྙན་གསལ་བ་བཞིན་དུ་གསལ་བར་རྟོགས་ནས་སུ་བཅ་ལ་སྤྲིན་མེད་པའི་ནམ་མཁའི་ལ་ཉི་མ་ཤར་བ་བཞིན་དུ་གྱུར་ནས། བཅ་གཅིག་ཀུན་ཏུ་འོད་ཀྱི་སུ་ལ་ཡེ་ཤེས་ཆེན་པོ་བསྟན་པ་ནི། ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་ཞེས་བྱ་སྟེ། ཕྱིས་འབྱང་བས་ན་རྒྱབ་ཅེས་བྱའོ། །ཡེ་ཤེས་དེ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་བརྟེན་པར་འདོད་པའོ། །ཡེ་ཤེས་ཆེན་པོ་མདན་ནས་འཆར་བ་ནི། སྔགས་ཕྱི་པའི་འདོད་པ་སྟེ། ད་ལྟ་ཉིད་དུ་འོག་མིན་གྱི་གནས་ནས། རྒྱལ་བ་འཁོར་དང་བཅས་པ་སྤྱན་དྲངས་པ། མདན་གྱིས་ནམ་མཁའ་ལ་བཞུགས་ནས་དེ་ལ་ཕྱག་འཚལ་བ་དང་། མཆོད་པ་འབལ་བ་དང་། དངོས་གྲབ་ནོད་པ་ལ་སྩོགས་པ་བྱས་ཤིང་ཡན་བསྲིངས་པ་ལས། ལྷས་དངོས་གྲབ་གསོལ་བ་ལྟར་གནང་བ་སྟེ། དག་པ་རྣམ་པ་གསུམ་ལས་རྟོགས་ཤིང་ཡེ་ཤེས་སྐྱེ་བ་ནི། ཡེ་ཤེས་ཆེན་པོ་མདན་ནས་འཆར་བ་ཞེས་བྱ་སྟེ། མདན་གྱི་ལྷ་ལས་དངོས་གྲུབ་ཐོབ་པ་ལྟར་སྣང་བར་བལྟ་བའོ། །ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ནི། གསང་སྔགས་ནང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ། ངང་དང་རང་བཞིན་དང་བདག་ཉིད་ཆེན་མོ་གསུམ་མོ། །ངང་ནི་སྐྱེ་འགྲོ་གཟགས་སུ་སྣང་བ་ཐམས་ཅད་ལ་བྱའོ། །རང་བཞིན་ནི་ཆོས་ཐམས་ཅད་དེའི་རང་བཞིན་ལས་མ་འདས་པའོ། །བདག་ཉིད་ཆེན་པོ་ནི་དེ་དག་ཐམས་ཅད་རང་གི་བྱང་ཆབ་སེམས་ལས་མ་འདས་ཏེ། སེམས་ལས་མ་གཏོགས་པའི་ཆོས་རྡལ་ཙམ་ཡང་མེད་པར་དེའི་བདག་ཉིད་དུ་ཆོས་ཐམས་ཅད་འདས་པས། བདག་ན་བདག་ཏུ་ཟད། ཆོས་ཉིད་ཀུན་གྱི་བདག །དེ་བས་ན་བདག་ཅེས་བྱ་སྟེ། ཆོས་ཐམས་ཅད་ངང་དང་རང་བཞིན་བདག་ཉིད་ཆེན་པོ་སྐུ་གསུམ་དུ་འདས་ཤིང་རང་ལས་བྱང་བའི་ཡེ་ཤེས་ཆེན་པོ་རིག་པ་ཁོང་ནས་ཤར་བ་ཞེས་བྱ་སྟེ། རང་གིས་རང་རིག་པའོ། །དེ་ཡང་སྔགས་ཕྱི་པ་ནི་མི་ཚེ་བདན་གྱིས་ཐོབ་པའོ། །སྔགས་ནང་པ་ནི་ཚེ་གཅིག་གིས་ཐོབ་པའོ། །དེ་ཡང་བཅད་ཀྱིས་བརླན་ཞིང་། སྣོད་ཀྱིས་དོན་དུ་གཉེར་ན། ལོ་གཅིག་ལོ་ཕྱེད་ཟླ་བ་བཅ་དྲག་གིས། རིག་འཛིན ་སུ་ལ་གདོན་མི་ཟའོ། །རྣལ་འབྱོར་པ་བདག་འཛིན་རགས་པ་དང་། ལྟ་བ་ལ་མི་དགའ་བ། སྤྱོད་པ་ལ་དགའ་བ་དང་། བདག་དང་བདག་གིར་འཛིན་པ་དང་བཅས་པ་རྣམས་ལ་བསྲང་ཞིང་སྐྱོབ་པར་འདོད་པ་དང་། བདག་ལ་བསྔོ་བའི་ཕྱོགས་རྣམས་སྨན་པར་འདོད་པ་རྣམས་ལ་ནི་རིང་པོར་འགོལ་བར་འགྱུར་བས་སྒྲ་ཡང་མི་བསྒྲག་གོ། །ཤེས་ཤིང་ཉམས་སུ་ལོངས་པ་དང་། བདག་གཞན་གཅིག་ཏུ་ལྟ་བའི་གང་ཟག་ལ་ནི་སྦྱིན་པར་བྱའོ། །ཡེ་ཤེས་ཕྱི་འཆར་ནང་འཆར་འདི། ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། གསང་ངོ་། །ངོ་མཚར་ཆེ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། སྱ་མྱ་ཡྻཿ རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལསཿ འཇམ་དཔལ་གཤིན་རྗེ་ཐམས་ཅད་འཁོར་ལོ་རྣམ་བཞིའི་དགོངས་པར་འད་བའི་མན་ངག་བཞུགས་སོ། །ཨྠྀི། བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོཿ འཇམ་དཔལ་གཤིན་རྗེ་མཐའ་ཡས་པ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ངས། །ད་མ་གཅིག་ཏུ་བསྡུས་བྱས་ལ། །འཁོར་ལོ་བཞི་རུ་ཤེས་པར་བྱ། །གསང་བའི་འཁོར་ལོ་སེམས་ལ་འདས། །སྲིད་པའི་འཁོར་ལོ་ལྟེ་བར་འདས། །གཅོད་པའི་འཁོར་ལོ་ལག་པར་འདས། །སྤྲུལ་པའི་འཁོར་ལོ་རྐང་པར་འདས། །དེས་ན་འཁོར་ལོ་རྣམ་བཞི་སྟེ། །བདག་ཉིད་དེ་རུ་ཤེས་པར་བྱ། དེ་ཡང་འཇམ་དཔལ་གཤིན་རྗེ་མཐའ་ཡས་པ་ཐམས་ཅད་འཁོར་ལོ་རྣམ་པ་བཞིར་སངས་རྒྱས་པར་འདོད་དེ། དེ་ཡང་གནས་པའི་འཁོར་ལོ་ནི། རྣལ་འབྱོར་བ་བདག་ཉིད་ཀྱི་སྙིང་ཁ་ན་གནས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་གནས་པ་དང་། སངས་རྒྱས་དང་སེམས་ཅན་གནས་པ་དང་། སྐ་གསུམ་གནས་པ་དང་། ཡེ་ཤེས་བཞི་གནས་པ་དང་། བདེན་པ་གཉིས་གནས་པའོ། །དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་གནས་པ་ནི། འཁོར་པའི་ཆོས་འགྲོ་བ་རིགས་དྲག །ལམ་རྒྱུད་ལྔ ། སྐྱེ་བ་རྣམ་བཞིར་སྣང་བ་ཡང་རང་གི་སེམས་ཡིན་ནོ། །མྱ་ངན་ལས་འདས་པའི་ཆོས་སྟོབས་དང་། མི་འཇིགས་པ་ལ་སོགས་ཏེ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱང་རང་གི་སེམས་ཡིན་པས། འཁོར་བ་དང་མྱ་ངན་འདས་པ་ཐམས་ཅད་གནས་ཞེས་བྱའོ། །སངས་རྒྱས་དང་སེམས་ཅན་དུ་གནས་པ་ནི། སངས་རྒྱས་ནི་རང་གི་བྱང་ཆབ་ཀྱི་སེམས་ཤེས་རབ་དང་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པས་སངས་རྒྱས་ལ། སེམས་ཅན་སྐྱེ་འགྲལ་ཐམས་ཅད་ཀྱང་རང་གི་བྱང་ཆབ་སེམས་ཡིན་པས། སངས་རྒྱས་དང་སེམས་ཅན་གནས་སོ། །ཞེས་བྱའོ། །སྐ་གསུམ་གནས་པ་ནི། རང་གི་བྱང་ཆབ་ཀྱི་སེམས་ཡེ་ནས་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པས་ཆོས་ཀྱི་སྐའོ། །དེ་ལས་རྒྱལ་བ་རིགས་ལྔའི་ངོ་བོར་གྱུར་བས་ལོངས་སྤྱོད་རྫོགས་པའི་སྐའོ། །དེ་ལས་གདལ་བྱའི་དོན་དུ་ཇི་ལྟར་འདོད་པ་ལྟར་སྤྲུལ་པས་སྤྲུལ་པའི་སྐའོ། །ཡེ་ཤེས་བཞི་གནས་པ་ནི། ཆོས་ཐམས་ཅད་ཉམ་ཞིང་དབྱེར་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཆོས་ཐམས་ཅད་གསལ་ལ་མ་འདྲེས་པར་གནས་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པས་མེ་ལོང་ལྟ་བར་ཡེ་ཤེས་སོ། །ཆོས་ཐམས་ཅད་ཡེ་ནས་ལྷན་གྱིས་གྲབ་པར་ཤེས་པ་ནི་བྱ་བ་གྲབ་པའི་ཡེ་ཤེས་སོ། །བདེན་པ་གཉིས་གནས་པ་ནི། ཀུན་རྫོབ་ཏ་འཁོར་བ་དང་མྱ་ངན་འདས་པའི་ཆོས་ཐམས་ཅད་སོ་སོར་རྟེན་འབྲེལ་གྱི་མཐ་ལས་སྣང་བར་འདོད་ལ། དོན་དམ་པར་རང་བཞིན་མེད་པར་བདེན་པས་བདེན་པ་གཉིས་གནས་ཞེས་བྱའོ། །དེའི་ཕྱིར་ན་གནས་པའི་འཁོར་ལོ་ཞེས་བྱའོ། །སྲིད་པའི་འཁོར་ལོ་ལྟེ་བ་ལ་གནས་ཞེས་པ། ལྟེ་བ་ནི་སྲིད་པ་གསུམ་གྱིས་འཇག་པ་ཡིན་ཏེ། འགྲོ་བ་རིགས་དྲག །ལམ་རྒྱུད་ལྔ། སྐྱེ་བ་རྣམ་པ་བཞི་ལ་སོགས་པ་ཐམས་ཅད། སྲིད་པ་གསུམ་ལས་བྱང་བས་ན་སྲིད་པའི་འཁོར་ལོ་ཞེས་བྱའོ། །སྤྲུལ་པའི་འཁོར་ལོ་ནི། འགྲོ་བ་རིགས་དྲག་ཏུ་སྣང་བ་ཉིད་རང་གི་སེམས་ཀྱི་སྤྲུལ་པ་སྣང་བ་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་སེམས་ཀྱིས་སྤྲུལ་པ་ཡིན་པར་ཤེས་པས། སྤྲུལ་པའི་འཁོར་ལོ་ཞེས་བྱའོ། །གཅོད་པའི་འཁོར་ལོ་ནི། འཕྲིན་ལས་བཅའི་འཁོར་ལོ་ཕྱག་བཅ་ན་བསྣམས། སྲིད་པའི་འཁོར་ལོ་ཕྱག་གཉིས་ཀྱིས་བཟང་སྟེ། ཕྱག་བཅ་ན་བསྣམས་པའི་འཕྲིན་ལས་བཅ་ནི། ལས་ཀྱི་ཙཀྲ་ཞེས་བྱས་བ་བཟང་བའོ། །དེ་ཡང་ཞི་བ་ཉི་མ་ཟླ་བའི་སྟེང་དུ་བྱ་བ་དང་། རྒྱས་པ་གླང་པོ་ཆེའི་རྒྱབ་ཏ་བྱ་བ་དང་། དབང་བད་མེད་ཀྱི་སྙིང་ཁར་བྱ་བ་དང་། བསད་པ་གཤིན་རྗེའི་ཁར་བྱ་བ་དང་། དགག་པ་སེང་གེའི་རྒྱབ་ཏ་བྱ་བ་དང་། བསྐྲད་པ་རྔ་མོའི་རྒྱབ་ཏ་བྱ་བ་དང་། དབྱེ་བ་རྟ་དང་མ་ཧེའི་རྒྱབ་ཏ་བྱ་བ། ལྐགས་པ་ལག་གི་ཁོག་པར་བྱ་བ་དང་། སྨྱོ་འབོག་ཤ་བའི་རྒྱབ་ཏ་བྱ་བ་དང་། མནན་པ་རི་རབ་ཀྱི་ནང་དུ་བྱ་བ་དང་བཅའོ། །དེ་ལྟར་ལས་བཅ་བོ་དེས་ནི། གཅོད་པར་བྱེད་པས་གཅོད་པའི་འཁོར་ལོ་ཞེས་བྱ་སྟེ། ཞི་བས་འཇིགས་པ་བརྒྱད་ལ་གཅོད། རྒྱས་པས་འབྱོར་པ་དྲག་གི་བར་དུ་གཅོད་པ་ལ་གཅོད། དབང་གིས་མོས་པ་རྣམ་བཞིའི་བར་དུ་གཅོད་པ་ལ་གཅོད། དྲག་པོས་དགྲ་དང་བགེགས་ལ་གཅོད། དེའི་ཕྱིར་ན་གཅོད་པའི་འཁོར་ལོ་ཞེས་བྱ་སྟེ། དེ་ལྟར་འཁོར་ལོ་རྣམ་པ་བཞིར་ལྟ་སྤྱོད་གཉིས་རྫོགས་པར་བྱས་ཤིང་སངས་རྒྱས་པར་འགྱུར་བའི་ཕྱིར་ན། འཇམ་དཔལ་འཁོར་ལོ་རྣམ་པ་བཞིར་སངས་རྒྱས་པའོ། །ཞེས་བྱའོ། །དེའི་ཕྱིར་བདག་ཉིད་ཡ་མཱན་ཏ་ཀའི་ངང་ངམ། རང་བཞིན་དུ་སངས་རྒྱས་པ་སྟེ། ཡེ་ནས་འཁོར་ལོ་བཞིའི་ངོ་བོར་གནས་པའོ། །འཁོར་ལོ་རྣམ་བཞིའི་དགོངས་པ་འདི། ཡང་དབང་གཏེར་གྱིས་གཏེར་བཞད་སྩལ་ལ་གཏད། དཔེ་རྙིང་ཤོག་དྲིལ་ལ་བྲིས་སོ། །རྒྱ་རྒྱ་རྒྱ། གསང་ངོ་།། །།མངའ་རིས་པཎ་ཆེན་གྱི་ཕྱག་དཔེའི་བ་ཡིག་སྐྱབས་མཆོག་བླ་མའི་ཕྱག་དཔེར་འགྱུར་མེད་རྒྱ་མཚོས་བྲིས།

༄༅། །རྫོང་འཕྲང་ལས། དབང་ཆེན་ཐམས་ཅད་རྟ་སྐད་ཐེངས་གསུམ་དུ་འདས་པའི་དགོངས་པ་བཞུགས་སོ། །ཨྠྀི། བཅོམ་ལྡན་འདས་དཔལ་རྟ་མཆོག་རྒྱལ་པོ་ལ་ཕྱག་འཚལ་ལོ། །པདྨ་གསང་གི་སྒྲུབ་པ་རྣམས། སྱ་མྱ་ཡྻཿ རྟ་སྐད་གསུམ་དུ་འདས་པ་ནི། རང་བྱང་ཡེ་ཤེས་དེ་ལ་འདས། དེ་ལ་རྟ་སྐད་རྣམ་པ་གསུམ་ནི། པདྨ་གསང་གི་སྒྲུབ་ཐབས་ཐམས་ཅད་རྟ་སྐད་ཐེངས་གསུམ་དུ་འདས་པར་ཤེས་དགོས་སོ། །དེ་ཡང་སྐད་དེའི་དོན་མ་ཤེས་ན་གསང་གི་སྒྲུབ་པ་གོལ་བ་ཡིན་པས། རྟ་སྐད་བརྟག་པ་གཅེས་སོ། །དེ་ལ་དང་པོ་ཁོ་ནར་བདག་ཉིད་བཛྲ་རྟ་མཆོག་རྒྱལ་པོའི་ཏིང་ངེ་འཛིན་དུ་ཞགས་ལ། རྟ་མཆོག་གི་ཆེ་བའི་ང་རྒྱལ་གྱིས་ཁམས་གསུམ་ཟིལ་གྱིས་མནན་ནོ། །དེ་ཡང་རྟ་སྐད་དང་པོ་བོས་བས། ཁམས་གསུམ་དང་སྲིད་གསུམ་དུ་སྣང་བའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་མ་བྱས་པར་ལྷན་གྱིས་གྲབ་པར་བརྟག་པའོ། །རྟ་སྐད་བར་མ་བོས་པས། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་ཤ་ཆེན་གྱི་ཕང་པོ་དང་། ཁྲག་གི་རྒྱ་མཚོ་དང་། ཀེང་རས་ཀྱི་རི་རབ་ཏ་གྱུར་པས། མ་མོ་དང་མཁའ་འགྲོ་ཐམས་ཅད་དགྱེས་པའི་ལོངས་སྤྱོད་རྒྱན་མི་ཆད་པར་བསམ་མོ། །རྟ་སྐད་ཐ་མ་བོས་པས། མ་མོ་མཁའ་འགྲོ་ཐམས་ཅད་བཀའ་འོག་ཏུ་འདས་ནས་ཅི་བཅོལ་བའི་ལས་བྱེད་ཅིང་། འཕྲིན་ལས་རྣམ་པ་བཞི་རྫོགས་པར་བྱེད་པ་ནི། ཡེ་ཤེས་གསང་སྡོད་ཅེས་དེ་ལ་བྱའོ། །མ་མོའི་འགྱིང་སྐད་ནི། དཔལ་གྱིས་རྟ་སྐད་བོས་ཙམ་ན། མ་མོ་རྣམས་འགྱིང་ཞིང་འགྱིང་ཞིང་། དམ་ཚིག་དང་ཐ་ཚིག་ལས་མི་འདས་པའི་གླ་ལེན་ཏེ། བདག་ཅག་ནམ་མཁའི་དབྱིངས་ནས་མཆི། །ནམ་མཁའི་དབྱིངས་ནས་མི་འཆི་ར། །བདག་ཅག་གནས་ནི་ནམ་མཁའ་ལགས། །བདག་ཅག་འཐིང་ཞིང་འགྲབ་ཞིང་མཆི། །ཐིང་ཞིང་འགྲབ་ཞིང་མི་མཆི་ར། །ཀེང་རས་ཟམ་བ་ཙིད་པ་ཚ། །བདག་ཅག་འབོག་ཅིང་རྒྱལ་ཞིང་མཆི། །འབོག་ཅིང་རྒྱལ་ཞིང་མི་མཆི་ར། །རཀྟའི་རྒྱ་མཚོ་གཏིང་རེ་ཟབ། །བདག་ཅག་ཐང་གཅིག་ཡད་ལ་མཆི། །ཐང་གཅིག་ཡད་ལ་མི་མཆི་ར། །མིང་བོ་རྡོ་རྗེའི་བཀའ་ལང་གཉན། །ཅེས་པའི་ཚིག་ནི་མ་མོའི་འགྱིང་སྐད་དོ། །རྣམ་འབྱོར་གྱི་རྟ་སྐད་ནི། ཆོས་ལ་དགྲ་བྱང་གིས། སངས་རྒྱས་རམ་མདའ་ལོག །ཅེས་པས། ཐལ་མོ་དང་པོ་གདབས་བས། བདེ་བར་གཤེགས་པ་རྣམས་བསྐལ། ཐལ་མོ་བར་པ་གདབས་པས། ཕྲ་མེན་རྣམས་དབྱིངས་ནས་བསྐལ། ཐལ་མོ་ཐ་མ་གདབས་པས། ལས་ཀྱི་མཁའ་འགྲོ་རྣམས་བསྐལ་ཏེ། བསྟན་པའི་མཁར་སྤེའ་བརྩེགས་པ་ལ་ནི། པདྨ་ཐམས་ཅད་རྟ་སྐད་ཐེངས་གསུམ་དུ་འདས་ཞེས་བྱའོ། །དེ་དག་ཀྱང་འཇིག་རྟེན་པ་རྣམས་ཀྱི་རྣམ་རྟོགས་གཞོམ་པ་དང་། སྒྲུབ་ཐབས་ཀྱི་དགོས་པ་ཙམ་མིན་པ། དོན་ཆོས་ཉིད་བྱང་ཆབ་ཀྱི་སེམས་ལས་མ་གཡོས་པས། རྟ་སྐད་ཐེངས་གསུམ་གྱི་དགོངས་པ་ཞེས་བྱའོ། །རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། པདྨ་ཐོད་ཕྲེང ་གིས་བསྡུས་པའོ། །ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ། གསང་ངོ་།། །།

༄༅། །རྫོང་འཕྲང་ལས། ས་མ་ཡ། རྒྱ་རྒྱ་རྒྱ། ཡང་དག་ཐམས་ཅད་རྒྱན་གྱི་ཏིང་ངེ་འཛིན་སངས་རྒྱས་ལག་བཅིང་སུ་མང་འད་བའི་དགོངས་པ་བཞུགས་སོ། །ཨྠྀི། ཡང་དག་གྲབ་པ་གཅིག་པ་ཉིད། སངས་རྒྱས་བདེ་ཆེན་ཀུན་འདས་བ། རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །ཐམས་ཅད་ག་ཧྱེ་གཉའ་ན་མདྷལ། ཞེས་བྱ་སྟེ། སངས་རྒྱས་ཀུན་གཞི་སྤྲོས་པ་མེད་པའི་དབྱིངས། །ཐིག་ལེ་ཆེན་པོ་མ་བཅོས་ལྷན་གྲབ་ངང་། །སྐྱེ་འགག་མེད་པ་བྱང་ཆབ་སེམས་ཀྱི་དོན། །ཡེ་ཤེས་མར་མེ་སྟོང་རྩར་ཤར་བའོ། །རང་བྱང་གི་བཅོམ་ལྡན་འདས། ཡེ་ཤེས་སུ་གསལ་བའི་དཀྱིལ་འཁོར་འདིར་འདས་པས། ག་ཡ་མ་དྷ་ལ། ཞེས་བྱ་སྟེ། དེའི་དོན་ཇི་ལྟར་སྒོམ་ཞེ་ན། གཟགས་ཀྱི་ཕང་པོ་དར་ཁྲོད་ཀྱི་གཞལ་ཡས་ཁང་འདོམ་གང་གྲ་བཞི་བ་གཅིག་ཏུ་གསལ་བ་ལ། དེའི་ནང་ན་ཙིཏྟ་ནི་ཟླ་གམ་དམར་པོའི་གཞལ་ཡས་ཁང་སྒོ་གཅིག་པ་འདོམ་ཕྱེད་དུ་གསལ་བའོ། །ཙིཏྟའི་རྩ་བ་དཀར་བ་ནི་ཟླ་བའི་དཀྱིལ་འཁོར་ཚེས་བརྒྱད་པ་ལྟ་བར་གདན་དུ་གསལ་བ། དེའི་དབས་ན། བྱང་ཆབ་ཀྱི་སེམས་ཐིག་ལེ་ཆེན་པོ། དེ་རང་བྱང་གི་དཔལ་ཆེན་པོ། ཡེ་ཤེས་ཀྱི་ཞལ་གསུམ་པ་ཕྱག་དྲག་པ། ཞབས་བཞི་པ། ཞལ་གཡས་དཀར་གཡོན་དམར་དབས་མཐིང་ནག་ལ། དར་ཁྲོད་ཀྱི་ཆས་དགས་བརྒྱན་པ། ཕྱག་དྲག་གི་གཡས་གསུམ་ན་རྡོ་རྗེ། ཁ་ཊཾ་རྔེའ་ཆང་། གཡོན་གསུམ་ན། དང་དམར་རྒྱ་ཞགས་དྲིལ་བ། གྲ་བཞི་བ་གཅིག་ཏུ་བདག་ཉིད་གསལ་བར་སྒོམ་མོ། །དེའི་ཐགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབས་ན། རིན་པོ་ཆེ་ཟར་བརྒྱད་པ། དེའི་ནང་ན་རྡོ་རྗེ་ནས་ཙམ་པ་གཅིག །དེའི་ཆང་བཟང་ལ། ཧཱུྃ་ཉངས་འབྲ་ཙམ་བཟར་བརྒྱད་ལ་རྡོ་རྗེ་འགྲེང་བ་རེ་རེ། ཆང་བཟང་ལ། ཟླ་བའི་སྟེང་ན་ཧ་བརྒྱད་ཐེལ་བརྒྱད་ལ། བྷནྡྷ་ཏིལ་འབྲ་ཙན་རེའི་ནང་ན་ཧེ་བརྒྱད། དེའི་མཐའ་མ་ན། ༀ་རུ་ལ་རུ་ལ་ཧཱུྃ་བྷྱོ་ཧཱུྃ། ཞེས་པ། ཁ་དོག་ལྗང་དམར། ཉངས་ཀར་གྱི་ཕྱེད་ཚལ་གྱིས་བསྐོར་བར་བསྒོམ་མོ། །ཞལ་གཡས་དཀར་བ་ཀེའ་རི་བརྒྱད། གཡོན་དམར་བ་བྲ་མོ་དམར་མོ། དབས་མཐིང་བ་ཧེ་རུ་ཀ །ཕྱག་དྲག་པ། གདན་ཟླ་བའི་དཀྱིལ་འཁོར་བརྩེགས་པའི་གཞི། སེང་ཧ་མ་བརྒྱད་ཀྱི་རྟགས། ཞབས་བཞི་སྒོ་མ་བཞི། དེ་ལྟ་བའི་སྐུ་དེ་ཡང་རྟག་པ་ཐེར་ཟག་མ་ཡིན་ཏེ། མ་སྐྱེས་པའི་དབྱིངས་སུ་གསལ་བ་ཡམ། དེ་ལྟར་བྱང་ཆབ་ཀྱི་སེམས་དངོས་པོའི་གཟགས་དང་བྲལ་ཏེ། ཡེ་ཤེས་ཀྱི་འོད་ཕང་དུ་འབར་ཞེས་པས་གསལ་ཏེ། དོན་དེས་ན་ཀུན་ཏུ་གསལ་བའི་རྟགས་མངོན་དུ་གྲབ་པའི་ཕྱིར། ལྕགས་དང་བྲལ་ཏེ་འཕྲོ་འད་རྒྱན་མི་ཆད་པར་བྱའོ། །དེ་ལྟར་གསལ་བ་དེ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ། འབྱང་བ་རིམ་བརྩེགས་ཀྱི་རླང་གི་དཀྱིལ་འཁོར་མང་པོ་བསྡུས་པ་ལ་མི་ཟེར་རང་གི་དབགས་ཕྱི་ནང་དུ་འགྱུར་ཞིང་བསྐྱོད་པར་བྱེད་པ། རླང་གི་དཀྱིལ་འཁོར་དུ་གསལ་བས། དེ་ནི་མ་བཅོས་ལྷན་གྱིས་གྲབ་པའི་དོན་ཏོ། །རཀྟའི་དཀྱིལ་འཁོར་བསྒོམ་པ་ཡང་། རང་གི་ཁྲག་དང་ཆ་སེར་ཡིན་གྱི། ཁྲག་དང་རཀྟ་མང་པོ་བསྐྱིལ་བ་ལ་མི་ཟེར། མཆོག་ཕྲན་གྱི་སུ་གཞི་ཡང་། རོ་མང་པོ་དབང་མེད་དུ་སྤུངས་པ་ལ་མི་ཟེར་ཏེ། རང་གི་ཤ་དང་རས་པ་བརྩི་བ་དང་མ་ཚིགས་པ་ཉིད་ཡིན་ནོ། །མེ་རི་ཡང་གཞན་ནས་སྲིད་པའི་མི་བསྡུས་པ་ནི་མ་ཡིན་ཏེ། རང་ལས་དྲོད་བྱང་བས་དར་ཁྲོད་ཀྱི་མེ་དཔང་བྱ་བ་དེ་ཡིན་ནོ། །བྷནྡྷའི་གཞལ་ཡས་ཁང་། རང་གི་མགོ་བྷནྡྷའི་གཞལ་ཡས་ཁང་ཡིན་གྱི། ཐོད་པ་མང་པོ་དབང་མེད་དུ་སྤུངས་པ་ནི་མ་ཡིན་ནོ། །སྣ་བག་གཉིས་ནི་ཕྱི་སྒོ་ལ། ཞལ་ནང་སྒོ་སྟེ། ཟླ་གམ་སྒོ་གཅིག་པ་ཡིན་ནོ། །དཔྲལ་བ་གཏོད་ཅིང་བཅོས་པ་ནི་མ་ཡིན་ནོ། །མིག་གཉིས་ཐབས་དང་ཤེས་རབ་ཉི་ཟླའི་དཀྱིལ་འཁོར་ཡིན་གྱི། ལོགས་ནས་བཙལ་ཞིང་སྣང་བ་ནི་མ་ཡིན་ནོ། །གནམ་ལྕགས་སྣ་དགའི་གཟེར་བཏབ་པ་ནི། རྣམ་པར་ཤེས་པའི་ཚོགས་དག་ཡེ་ཤེས་སུ་ཤར་ཏེ། ཡེ་ནས་མ་བཅོས་པར་ལྷན་གྱིས་གྲབ་པའི་དབྱིངས་ན། ཡེ་ཤེས་ཀྱི་མར་མེ་སྣང་བར་ཟད་ཀྱི་དུ་གདོད་སྒོམ་ཞིང་སྒྲུབ་ཏུ་མེད་དོ། །ར་ལ་འབྲ་བརྒྱད་ཀྱི་དགོངས་པ། ནམ་མཁའི་སྙིང་པའི་རྒྱུད་གྱི་ཏིང་ངེ་འཛིན་གྱི་བསླབ་པ། ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ། གསང་ངོ་།། །།ཨཐྎཿ

༄༅། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔ་ཡི་ངོ་བོ་ལས། །རྒྱལ་བ་རིགས་ལྔའི་ངོ་བོར་སྨིན། །སྐ་དང་གསང་དང་ཐགས་མཆོག་ལས། །དེ་ནི་ཐགས་ཀྱིི་སྒྲུབ་པ་སྟེ། །ཡང་དག་དོན་གྱི་ལྷ་དག་ཡང་། །ར་ལ་འབྲ་བརྒྱད་དགོངས་པར་འདས། །ༀ་ནི་ཁྲག་འཐང་ཡབ་ཡམ་བཅ། །ར་ལ་གོང་མ་ཀེའ་རི་བརྒྱད། །ར་ལ་འོག་མ་སེང་ཧ་བརྒྱད། །ཧཱུྃ་ནི་རྟ་གདོང་སྒོ་མ་བཞི། །བྷྱོ་ནི་དབང་ཕྱག་ཉི་ཤུ་བརྒྱད། །ཧཱུྃ་འོག་སྐུ་ལྔ་འདས་པའི་དཔལ། །ༀ་ནས་ཧཱུྃ་ལ་རྣམ་བསྡུས་པས། །ཁྲག་འཐང་ལྔ་བཅ་བརྒྱད་དུ་སྨིན། །དེ་ཡང་བདག་ཉིད་རང་བཞིན་ཏེ། །ཡི་གེ་ཧཱུྃ་གི་ངོ་བོར་གནས། །དེ་ལས་སྤྱོས་དང་བསྡུས་པ་ཡིས། ། བདག་ཉིད་བཛྲ་ཧེ་རུ་ཀའི། །ཁྲག་འཐང ་ཆེན་པོའི་ངོ་བོ་གྱར། །དེ་ལ་ཞལ་གཅིག་ཕྱག་གཉིས་པ། །སྐ་མདོག་ཤིན་ཏུ་དཀར་བ་ཡི། །གཡས་པས་རྡོ་རྗེ་ཐགས་ཀར་འཛིན། །གཡོན་པ་ཡམ་གྱི་གཉའ་ནས་འཁྱད། །བདག་ཉིད་དེར་གནས་གསལ་བ་ལ། །དས་གསུམ་རྒྱལ་བ་ཐམས་ཅད་ལས། །སྐ་འདས་གསང་འདས་ཐགས་ཉིད་འདས། །ཡོན་ཏན་ཕྲིན་ལས་ཐམས་ཅད་འདས། །དེ་བས་སྣང་སྲིད་ཆོས་ཀུན་འདས། །དེ་ལྟ་བ་ཡི་བདག་ཉིད་ལས། །གསང་བའི་དགྲ་གསུམ་སོད་མ་སོད ། །འཇིགས་པའི་བདད་བཞི་ཆོམས་མ་ཆོམས། །འགྲོ་དྲག་གཡངས་སུ་ཆོད་མ་ཆོད། །ཚད་དང ་ལྡན་ནས་མཁས་པས་བརྟགས། །ཚད་དང་ལྡན་པར་གྱུར་པ་ན། །བཛྲ་ཧེ་རུ་ཀ་ཉིད་དུ་བརྟགས། །ༀ་རུ་ལ་རུ་ལ་ཧཱུྃ་བྷྱོ་ཧཱུྃ། སྤྲོས་པས་ཁྲག་འཐང་ལྔ་བཅ་བརྒྱད་བསྡུས་པས་བདག་ཉིད་ཁྲག་འཐང་གི་ངོ་བོ་བཅོམ་ལྡན་དཔལ་ཆེན་པོ་བཛྲ་ཧེ་རའི་ངོ་བོར་གནས། རྡོ་རྗེ་རིགས་ཀྱི་རིགས་མཆོག་འཛིན། །དཔལ་གྱི་སྐུ་ལ་སྤྲོ་ཞིང་བསྡུ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྒྲུབ་པ་པོ་ནི་འདིར་སངས་རྒྱས། །རྟག་ཏུ་ཕྱག་རྒྱ་ཆེན་པོར་གནས། །བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱིས། །ཐགས་ཀྱི་དངོས་གྲུབ་ཐོབ་པའི་མཆོག །ནམ་མཁའི་སྙིང་པོ་གཉའ་ན་རཏྣ་བདག །རྡོ་རྗེ་ཡང་དབང་གཏེར་ལ་དབང་། །གཏེར་བཞད་རྩལ་ལ་གཏད་རྒྱ་བྱས། །ར་ལ་འབྲ་བརྒྱད་དགོངས་པ་འདི། །རྒྱ་རྒྱ་རྒྱ། གསང་ངོ་། །གསང་ངོ་། །གསང་ངོ་། །ཨྠྀི།། །།ཁྱབ་བདག་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་དཔེར་པདྨ་འགྱུར་མེད་རྒྱ་མཚོས་མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོའི་ཕྱག་དཔེ་ལས་དག་པར་བཤས་པ་ལགས།

༄༅། །རྫོང་འཕྲང་ལས། ས་མ་ཡ། རྒྱ་རྒྱ་རྒྱ། ཆེ་མཆོག་ཐམས་ཅད་བདད་རྩི་རྣམ་དག་གི་དགོངས་པར་རྫོགས་པ་ཞེས་བྱ་བ་བཞགས། ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྣོད་བཅད་ཕྱི་ནང་ཐམས་ཅད་ཀུན། །བདད་རྩི་རྣམ་ལྔར་འདས་བྱས་ལ། །རྒྱལ་བ་རིགས་ལྔར་བསྒྲུབ་པར་བྱ། །རང་བྱང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རྩ་བ་འབམ་ཕྲག་ཡངས་པའི་བཅད། །འཆི་མེད་བདད་རྩི་རུ་སུ་ཡན། །ཐམས་ཅད་འདས་པའི་སྙིང་པོ་སྟེ། །འགྲོ་དྲག་སེམས་ཅན་ཀུན་བསྒྲལ་ནས། །དག་ལྔ་སེལ་བའི་བདད་རྩི་མཆོག །ཐབས་མཆོག་རྒྱས་པོས་དེ་ལ་བྱའོ། །ཞེས་བྱེ་མ་ལ་མ་ཏྲས་གདམས་པའོ། །དེ་ལ་ཆོས་ཐམས་ཅད་དམ་རྫས་བདད་རྩི་ལྔར་འདས་པ་ནི། བདད་རྩིའི་རང་བཞིན་ཡིན་ཏེ། བདད་རྣམ་པར་རྟག་པ་འམ། ལོག་རྟོག་ཐམས་ཅད་ལ་བྱའོ། །རྩི་ནི་དེའི་སྙིང་པོ་ཡེ་ཤེས་ཏེ། དེའི་རང་བཞིན་ཤེས་པ་ལ་བྱའོ། །དེ་ལ་ཡང་ལོག་པར་རྟོག་པས་བརྟགས་ན། འཇིག་རྟེན་པ་རྣམས་སྤོང་ལེན་གཉིས་སུ་སྣང་སྟེ་བདེ་བ་དང་། སྡུག་བསྔལ་གཉིས་སུ་མཐོང་། སངས་རྒྱས་དང་སེམས་ཅན་གཉིས་སུ་མཐོང་། གཙང་བ་དང་མི་གཙང་བ་གཉིས་སུ་མཐོང་ལ་སྩོགས་པའོ། །དེ་དག་ཀྱང་བདེ་བ་ནི་དང ་དུ་བླང་། སྡུག་བསྔལ་ནི་དོར་བར་བྱ། སངས་རྒྱས་ནི་སྒྲུབ། སེམས་ཅན་ནི་སྤང་། གཙང་བ་ནི་བླང་། མི་གཙང་བ་ནི་དོར་བས་ལོག་རྟོག་ཞེས་བྱ་སྟེ། དེ་ལྟ་བའི་རྟོག་པ་ངན་པ་དེ་ལ་ལོག་པར་བརྟགས་ཏེ། འཁྲལ་བའོ། །ནམ་མཁའ་ཆེ་ལས་ཀྱང་། བདེ་དང་སྡུག་བསྔལ་རྒྱ་མཐན་ཞེས། །འགྲོ་བའི་མགོན་པོ་སེམས་དཔས་གསངས། །ཞེས་བྱང་བས། བདེ་བ་ཡང ་རང་གི་བྱང་ཆབ་སེམས། སྡུག་བསྔལ་ཀྱང་རང་གི་བྱང་ཆབ་ཀྱི་སེམས། བདེ་དང་སྡུག་བསྔལ་དུ་རྟོག་པ་ཡང་རང་གི་བྱང་ཆབ་ཀྱི་སེམས་ལས་མ་གཏོགས་རྡལ་ཙམ་ཡང ་མེད་པས་སྤོང་ལེན་མེད་པའི་བཏང་སྙོམས་མ་ཧཱ་མཉམ་པ་ཉིད་ལ་གནས་ཙམ་ན། རྩིར་མ་གྱུར་པ་གང་ཡང་མེད་དོ། །དེ་བས་ན་བདེ་སྡུག་གཉིས་སུ་མེད། སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པ་ལ་གཉིས་སུ་མཐོང་སྟེ། སངས་རྒྱས་ནི་བདེ་བ། སེམས་ཅན་ནི་སྡུག་བསྔལ་དུ་མཐོང་ཡང་། སངས་རྒྱས་ཀྱང་རང་གི་སེམས། སེམས་ཅན་ཀྱང་རང་གི་སེམས་ལས་མ་གཏོགས་པ་རྡལ་ཙམ་ཡང་མེད་པས། དུས་གསུམ་གཅིག་སྟེ་ཁྱད་མེད་དོ། །དེ་ཡང་ནམ་མཁའ་ཆེ་ལས། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །ཅེས་འབྱང་ངོ་། །དེ་ལྟར་དུས་ཐ་དད་པ་མེད་པར་གཅིག་པས། ལས་བཟང་ངན་དང་དེའི་རྣམ་པར་སྨིན་པ་མེད་དོ། །དེ་ཡང་ནམ་མཁའ་ཆེ་ལས། ཅི་སྟེ་ལས་ཀྱི་དབང་གྱུར་ན། །རང་བྱང་ཡེ་ཤེས་ཡོད་མ་ཡིན། །ཅེས་གསངས་པས། ལས་ཀྱི་རྣམ་པར་སྨིན་པ་ཡོད་ཅིང་དེའི་དབང་དུ་གྱུར་ན། རང་བྱང་གི་ཡེ་ཤེས་ཀྱང་མེད་པར་འགྱུར་རོ། །ལས་ཀྱི་རྣམ་པར་སྨིན་པ་མེད་ན། དེས་བསྐྱེད་པའི་སེམས་ཅན་ཀྱང་མེད་དོ། །དེ་མེད་པས་སངས་རྒྱས་ཀྱང་མེད་དོ། །དེར་སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་དེ། གཙང་བ་དང་། མི་གཙང་པར་མཐོང་བ་ཡང་། གཙང་བ་ནི་དང་དུ་བླང་། མི་གཙང་བ་ནི་དོར་བར་བྱ་བ་ཡིན་ན་འཁྲལ་རྟོག་གོ། །གཙང་བ་དང་མི་གཙང་བ་གཉིས་ཀྱང་། བྱང་ཆབ་ཀྱི་སེམས་སམ། སེམས་ཀྱི་ངོ་བོ་གཅིག་སྟེ། གཙང་བ་ཡང་བྱང་ཆབ་ཀྱི་སེམས་ཡིན་ལ། མི་གཙང་བ་ཡང་བྱང་ཆབ་ཀྱིས་སེམས་ཡིན་པས། སེམས་ལས་གཞན་མེད་པར་སེམས་སུ་གཅིག་གོ། །སེམས་ནི་ཡེ་ནས་སངས་རྒྱས་ཏེ་བྱ་བྱེད་ཀྱི་འབད་རྩོལ་ཐམས་ཅད་དང་བྲལ་ཞིང་རང་གྲོལ་ལོ། །དེའི་དོན་འགྲོ་བ་རྣམ་ལ་བཀྲི་ཤིང་འགོད་པར་བྱ་བའི་ཕྱིར། རེ་ཞིག་མི་གཙང་ཞིང་དོར་བར་བྱ་བ་རྣམས་ཀྱི་ནང་ནས་དམན་པ་ནི་རྣམ་པ་ལྔ་སྟེ། དྲི་ཆེན་དང་། དྲི་ཆ་དང་། བྱང་ཆབ་སེམས་དང་། མཾ་སུ་དང་། རཀྟ་དང་ལྔའོ། །དེ་རྣམས་ནི་མི་གཙང་ཞིང་དོར་བར་བྱ་བ་རྣམས་ཀྱི་ནང་ནས་ངན་སྙིགས་ནི་འདི་ལྔ་ཡིན་ནོ། །སྙིགས་མ་ལྔ་བོ་དེ་ལ། དྲི་ཆེན་ནི་རེ་ཞིག་སྐུ་མདོག་དང་སྦྱོར་ནས། རྣམ་པར་སྣང་མཛད་དུ་བཞག་པ་ཡིན་ནོ། །བྱང་ཆབ་སེམས་ཀྱང་སྐུ་མདོག་དང་སྦྱར་ནས། མི་བསྐྱོད་པར་བཞག་པ་ཡིན་ནོ། །མཾ་སུ་ནི་སྐུ་མདོག་དང་སྦྱར་ནས། རིན་ཆེན་འབྱང་ལྡན་དུ་བཞག་པ་ཡིན་ནོ། །རཀྟ་ནི་སྐུ་མདོག་དང་སྦྱར་ནས། སྣང ་བ་མཐའ་ཡས་སུ་བཞག་པ་ཡིན་ནོ། །དྲི་ཆ་ནི་སྐུ་མདོག་དང་སྦྱར་ན་དོན་ཡོད་གྲབ་པར་བཞག་པ་ཡིན་ནོ། །དེ་དང་རིགས་མཐན་པར་དེའི་སྐྱོབ་དང་དཔང་དུ་རིགས་དང་སྦྱར་ནས་སྣང་སྲིད་ཀྱིས་ལས་སྐྱེས་པ་དང་། གནམ་ལ་འཕར་བ་དང་། ཆ་ལ་གནས་པ་ཐམས་ཅད་མ་ལས་པར་བདད་རྩིའི་བཅད་དུ་བྱ་བ་ཡང་། བྱང་ཆབ་ཀྱི་སེམས་ལས་མ་གཏོགས་པའི་ཆོས་རྡལ་ཙམ་ཡང་མེད་པས། བཀྲི་བ་དང་གཞག་པའི་སྒོར་གསང་དུ་ཟད་ཀྱི། དོན་དམ་པར་བྱང་ཆབ་ཀྱི་སེམས་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ལས་མ་འདས་པའི་ཕྱིར། འཆི་མེད་བདད་རྩིའི་དགོངས་པ་ཞེས་དེ་ལ་བྱའོ། །བྱེ་མ་ལ་མ་ཏྲས་ཡང་ནས་ཡང་དུ་བརྒྱད་པ་ཡང་དབང་གཏེར་གྱིས། གཏེར་བཞད་རྩལ་ལ་གཏད། ཨྠྀི། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། ས་མ་ཡ། རྒྱ་རྒྱ་རྒྱ། ཕར་པ་ཐམས་ཅད་ཕར་པ་ཐལ་འབྱིན་གྱི་དགོངས་པར་རྫོགས་པ་ཞེས་བྱ་བ་བཞུགས་སོ། །ཨྠྀི། དཔལ་རྡོ་རྗེ་གཞོན་ན་ལ་ཕྱག་འཚལ་ལོ། །པདྨ་ཐོད་ཕྲེང་རྒྱལ་པོ་ངས། །རྡོ་རྗེ་ཕར་པ་སྲིད་གསུམ་མགོན། །སྲིད་གསུམ་གདག་པ་བསྒྲལ་བའི་ཕྱིར། །མདོར་བསྡུས་ཕར་པ་བཞི་རུ་བསྟན། །བྱང་ཆབ་སེམས་ཀྱི་ཕར་པ་ཡིས། །སྲིད་གསུམ་འགྲོ་བ་བརྡར་ཤ་གཅོད། །མ་བཏབ་བཞིན་དུ་ལྷན་གྱིས་རྫོགས། །མཉམ་པའི་རྒྱལ་པོ་རིག་པས་གདབ། །སེམས་ལ་བཏབ་པས་རིག་པ་ཤར། །དབྱིངས་ལ་བཏབ་པས་དོན་དམ་རྫོགས། །གཉིས་སུ་མེད་པས་མཉམ་པའི་ངང་། །བྱང་ཆབ་སེམས་ཀྱི་ཕར་པ་ཡིན། །དེ་ལ་ཕར་པའི་རྒྱ་བཞི་སྟེ། །རིག་པའི་ཡེ་ཤེས་ཀྱི་ཕར་པ། ལྷག་པ་བྱང་ཆབ་སེམས་ཀྱི་ཕར་པ་དང་། ཚད་མེད་སྙིང་རྗེའི་ཕར་པ་དང་། འདས་བྱས་རྫས་ཀྱི་ཕར་པ་དང་བཞི་སྟེ་དེ་ལ་རིག་པ་ཡེ་ཤེས་ཀྱི་ཕར་པ་དེ་ཡལ་གང་ལ་འདེབས་ན། ཡལ་ཆོས་ཀྱི་དབྱིངས་ལ་གདབ། དེ་ལ་དགོས་པ་ཅི་ཡོད་ན། དེ་བཞིན་གཤེགས་པའི་ཐགས་ཡང་དག་པའི་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར་བཏབ་སྟེ། དེ་ཡང་བཀའ་ལས། ལྷངས་ཀྱི་རྟོགས་ནས་ཐེབས་པ་ཡིན། །ཅེས་པས་གསལ་ལོ། །ལྷག་པ་བྱང་ཆབ་སེམས་ཀྱི་ཕར་པའི་ཡལ་ནི། ཡམ་གྱི་མཁའ་ལ་གདབ་པའོ། །དེ་ལ་དགོས་པ་ཅི་ཡོད་ན། དེ་བཞིན་གཤེགས་པའི་སྲས་རྣམས་འཐོན་པར་བྱའི་ཕྱིར་གདབ་སྟེ། དེ་ཡང་བཀའ་ཉིད་ལས། གཉིས་སུ་མེད་ན་སྦྱོར་བ་ཡིན། །ཅེས་འབྱང་བས་སོ། །ཚད་མེད་སྙིང་རྗེས་ཕར་པའི་གདབ་པའི་ཡལ་ནི། འགྲོ་བ་རིགས་དྲག་གི་སེམས་ཅན་ལ་གདབ་པའོ། །དེ་ལ་དགོས་པ་ཅི་ཡོད་ན། དཔྱང་ཐག་ཆད་པའི་འགྲོ་བ་རྣམས། བླ་ན་མེད་པའི་གནས་སུ་དྲངས་བར་བྱ་བའི་ཕྱིར་གདབ་སྟེ། དེ་ཡང་བཀའ་ལས། དཔྱང་ཐག་ཆད་བ་ཐགས་རྗེས་བཟང་སླད་ད། །སྒྲུབ་ཐབས་འདི་ནི་བདག་གིས་བཤད་པར་བྱ། །ཞེས་འབྱང་ངོ་། །འདས་བྱས་རྫས་ཀྱི་ཕར་པ་ནི། གདབ་པའི་ཡལ་ཡིད་ཀྱི་དམིགས་པའི་དགྲ་ལ་གདབ་བོ། །དེ་ལ་དགོས་པ་ཅི་ཡོད་ན། བསྟན་པ་ལ་བར་དུ་གཅོད་པ་བསྒྲལ་པའི་ཕྱིར་རོ། །དེ་ཡང་བཀའ་ལས། དཀར་ནག་མཚམས་ན་དྲངས་ནས་ས། །ལྷ་གཟགས་བྲལ་ཏེ་ཟོས་བསམ་ན། །རྡོ་རྗེ་རིག་ཀྱང་འཇིགས་པར་འགྱར། །སྡིག་ཆེན་གཞན་ལྟ་སྨོས་ཅི་དགོས། །ཞེས་འབྱང་བས། དགོངས་པ་གོང་མ་དེ་ལྟ་བ་དང་ལྡན་ནས་རྣལ་འབྱོར་ལ་གནས་ན། ཕར་པ་ཐལ་འབྱིན་གྱི་དགོངས་པ་ཞེས་བྱའོ། །དགོངས་པ་དེ་ལྟ་བ་དང་ལྡན་པའི་སྒོ་ནས་འདས་བྱས་རྫས་ཀྱི་ཕར་པའོ། །དེ་ཡང་རི་རབ་ལྟར་བརྗིད་པ་བཏབ་ན་ཐལ་འབྱིན་པ། གསོར་ན་གསོར་ཕྱིན་པ། གྲབ་གསུམ་ཤེར་གྱི་དཀྱིལ་འཁོར་ལས་ལ་རྫོགས་པ། སྟོད་ཁྲོ་བོར་ཞལ་གསུམ་ཕྱག་དྲག་པ་སྨད་ལྕགས་ཀྱི་ཕར་པ་ཟར་གསུམ་པས་ཐལ་འབྱིན་པ། སྐ་གསུམ་གྱི་སུ་ལ་སྦྱོར་བ་གཅིག་ཏུ་བདག་ཉིད་འགྲོ་ཉལ་འདག་སྡོད་ད། དེ་ལས་མི་ཉམས་པར་གནས་པར་བྱའོ། །སྐ་དེའི་ངང་ལས་མི་འདས་ཏེ། གསལ་ལ་རྟོག་པ་མེད་པར་གནས་པའོ། །གསང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཧཱུྃ་ཕཊ། ཅེས་རྒྱན་མི་ཆད་པར་འདྲེན་པའོ། །ཐགས་དགོངས་པ་གོང་མ་རྣམས་ལས་མ་གཡོས་པའོ། །ཡོན་ཏན་དེ་རྣམས་རྫོགས་པས་ཡོན་ཏན་ཟད་མི་ཤེས་ཏེ་ནོར་བ་རིན་པོ་ཆེ་དང་འདྲའོ། །ཕྲིན་ལས་ནི། ཞི་རྒྱས་དབང་དང་མངོན་སྤྱོད་པ་སོགས་པ་རྣམ་བ་བཞི་འམ་ལྔ་ལ་ལོངས་སྤྱོད་ཅིང་རོལ་བའོ། །དེ་དག་ཐམས་ཅད་ཀྱང་རང་གི་བྱང་ཆབ་ཀྱི་སེམས་ལས་མ་འདས་ཏེ། བྱང་ཆབ་ཀྱི་སེམས་ལས་གཞན་མེད་ལ་སེམས་ཡེ་ནས་སངས་རྒྱས་ཡིན་པས། དེ་ལྟར་ཤེས་ཤིང་དོན་མ་བཅོས་པའི་ངང་ལས་མ་ཡེངས་པ་ནི། ཕར་པ་ཐལ་འབྱིན་གྱི་དགོངས་པ་ཞེས་བྱའོ། །དོན་དེ་ལྟ་བ་དང་ལྡན་ན། ལྟེ་བར་ཕྱང་པའི་ཕར་པ། བྱི་ཏོ་ཏ་འབམ་སྡེ། སྒྲུབ་པར་ཕྱང་པའི་ཕར་པ། ཕར་པ་ཕན་སམ་ཚོགས་པ། ཕྲིན་ལས་སུ་ཕྱང་བ་ནི་རྡོ་རྗེ་གཞོན་ནའོ། །དེའི་ངང་ལས་མི་འདའ་བར་གནས་པས། དེ་དག་ཀྱང་དོན་རང་གི་བྱང་ཆབ་ཀྱི་སེམས་ལས་མ་གཡོས་པར་ཤེས་ན། ཡང་དག་དོན་གྱི་ཕར་པ་ཞེས་བྱ་སྟེ། བདྡྷའི་དགོངས་པ་མ་ནོར་མ་བཅོས་པ་དེའོ། །གནས་ཡང་ལེ་ཤོད་ཀྱི་བྲག་ཕག་ཏ། པདྨ་ཐོད་ཕྲེང་རྒྱལ་པོ་ངས། །ཕྱི་རབས་རྣམས་ལ་སྨན་སླད་ད། །འདི་བརྩམ་དགེ་བའི་རྩ་བ་རྣམས། །འགྲོ་བ་རྣམས་ཀྱི་དོན་དུ་བསྔོ། །ཕར་པ་ཐལ་འབྱིན་དགོངས་པ་འདི། །རྡོ་རྗེ་ཡང་དབང་གཏེར་བ་ཡིས། །གཏེར་བཞད་རྩལ་ལ་གཏད་པ་ནི། །སྲེལ་བའི་གནས་མེད་གཏེར་དུ་སྦོས། །རྒྱ་རྒྱ་རྒྱ། ཨྠྀི། གསང་ངོ་།། །།

༄༅། །རྫོང་འཕྲང་ལས། སྲིད་པའི་མ་མོ་ཐམས་ཅད་རྩ་རླང་བྱང་ཆབ་སེམས་ཀྱི་དགོངས་པར་འདས་པ་ཞེས་བྱ་བ་བཞུགས་སོ། །ཨྠྀི། གྱ་ཧྱ། མ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །སྲིད་པའི་མ་མོ་ཐམས་ཅད་ཀུན། །རང་རིག་བྱང་ཆབ་སེམས་སུ་འདས། །ཞེས་བྱ་སྟེ། མ་ཆོས་ཀྱི་དབྱིངས་ལ་མོ་རིག་པའི་ཡེ་ཤེས་ཏེ། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་ནི། མ་མོའི་རང་བཞིན་ནས་ངོ་བོར་ཏེ། དེ་ནི་ཀུན་ཏུ་བཟང་མོའི་རང་བཞིན་ནོ། །དེའི་རང་བཞིན་མ་མོ་འབམ་གྱི་ངོ་བོར་གནས་སོ། །མ་མོ་འབམ་ནི་མ་མོ་བཞི་བརྒྱ་རྩ་བཞིར་འདས་སོ། །དེ་དག་ཀྱང་སྐྱེ་འགྲོའི་རྩ་བཞི་བརྒྱ་རྩ་བཞི་ལ་གནས་སོ། །རྩ་བཞི་བརྒྱ་རྩ་བཞི་ཡང་རྩ་ཆེན་པོ་བཞིར་འདས་ནས་གནས་སོ། །རྩ་ཆེན་པོ་བཞི་ཡང་སྲོག་པ་རྩ་གསེར་གྱི་སྤུ་གར་གནས་པ། སྲོག་པ་རྩ་གསེར་གྱི་སྤུ་ག་ནི། ཙིཏྟ་རིན་པོ་ཆེ་འོད་ཀྱི་ཁང་པར་འདས་སོ། །རྩ་ཆེན་པོ་ཙིཏྟ་རིན་པོ་ཆེ་འོད་ཀྱི་ཁང་པ་དེའི་ནང་ན། བྱང་ཆབ་ཀྱི་འོད་ཚོན་གང་བ་ཅིག་ཏ་གནས་སོ། །འོད་དེ་ལས་ཡི་གེ་ཏྲག་གཅིག་ཏུ་གྱུར་ཏེ། ཏྲག་དེ་ལས་བད་མེད་ནག་མོ་གཡའི་རལ་པ་ཅན། དང་གི་མཆེ་བ་བཙིགས་པ་ལ་གསེར་གྱི་རྡོ་རྗེས་མཚན་པ་ལ། གཡའི་ལ་ཤ་ག་གསོལ་བ། ཁམས་གསུམ་ཟིལ་གྱིས་གནོན་ཅིང་། སྲིད་གསུམ་སུ་ལེ་གསལ་བ། སྐྱེ་ཤི་རྩ་བ་གཅོད་ཅིང་། ཁམས་གསུམ་འད་འབྲལ་མེད་པ། དབྱིངས་གཏིང་མཐའ་མེད་པ། ཆོས་ཉིད་མཐའ་དབས་མེད་པར། བདག་ཉིད་ཆེན་པོ་སུ་ལེ་མཁྱེན་ནོ། །དེའི་དགྲ་གསུམ་བསད་པ་དང་། བདད་བཞི་གཞོམ་པ་དང་། གཡང་སུ་དྲག་བཅད་པ་ཚེ་ཤེས་ཤིང་ཁོང་དུ་ཆད་པར་བྱས་པ་ནི། མ་མོ་ཐམས་ཅད་སྲིད་པའི་རྩ་རླང་འདས། ཞེས་བྱའོ། །མ་མོ་སྲིད་པའི་རྩ་རླང་གི་དགོངས་པ། ཡང་དབང་གཏེར་གྱིས། གཏེར་བཞད་རྩལ་ལ་གཏད་པའོ། །རྒྱ་རྒྱ་རྒྱ། ཨྠྀི། གསང་ངོ་།། །།ཁྱབ་བདག་བླ་མའི་ཕྱག་དཔེར་འགྱུར་མེད་རྒྱ་མཚོས་བྲིས། རྩ་རླང་བྱང་ཆབ་སེམས་ཀྱི་རྣམ་རོལ་ད། །འཁོར་འདས་ཆོས་ཀུན་སྲོག་གི་ཟངས་བཅད་སྟོབས། །འད་ཕྱིར་མ་སྲིང་མཁའ་འགྲོའི་སྒྲུབ་སྐོར་ཀུན། །རྩ་རླང་སེམས་གསུམ་དགོས་པར་ཚངས། །ཞེས་གསངས། རྒྱས་པར་གདལ། སངས་རྒྱས་མ་ཡིན་སེམས་ཅན་ནི། གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཀན་ཏ་བཟང་མོའི་ཀློང་ཡངས་ནས། རོལ་པའི་ཕྱག་རྒྱས་ཅིར་ཡང་སྣང་། སངས་རྒྱས་དངོས་པོ། སྡེ་བརྒྱད་ལ་སྡེ་བརྒྱད་དངོས་པོ་སངས་རྒྱས་ཡིན། ཡལ་བརྒྱད་སྡེ་བརྒྱད་དངོས་རང་ཡིན། ཚོགས་བརྒྱད་སྡེ་བརྒྱད་ཡིན་པར་ངེས་ཀུན་བཞིའི་རྣམ་པར་ཤེས་པ་ནི་ཡེ་ནས་དག་པས་ལྷ་ཡིན་ལ་སེམས་ཀྱི་དྲན་རྟོགས་ཐམས་ཅད་ནི། ཕོ་དང་མོ་དང་ལྷ་ཡི་འཁོར། །བསམ་གྱིས་མི་ཁྱབ་ཡི་སངས་རྒྱས། །ཉོན་མོངས་པ་ཡི་ཡིད་དེ་ནི། །ཡེ་ནས་འཁྲག་པས་ལྷ་མིན་ཡིན། །དེ་ལས་བྱང་བའི་ཡལ་རྣམས་ནི། །ཕོ་དང་མོ་སྟེ་ལྷ་མིན་འཁོར། །བསམ་གྱི་མི་ཁྱབ་ཡེ་སངས་རྒྱས ། །ཡིད་ཀྱི་རྣམ་པར་ཤེས་པ་ནི། །མི་འམ་ཅི་རྒྱལ་བདག་ཉིད་ཡིན། །ཡིད་ལས་བྱང་བའི་ཡལ་རྣམས་ནི། །ཕོ་མོ་མི་འམ་ཅི་ཡི་འཁོར། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །ལས་ཀྱི་རྣམ་པར་ཤེས་པ་ནི། །གྲབ་བམ་རྒྱལ་པོའི་བདག་ཉིད་ཡིན། །ལས་ལས་བྱང་བའི་རེག་བྱ་ནི། །ཕོ་མོ་གྲབ་བམ་འཁོར་ཡིན་ཏེ། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །མིག་གི་རྣམ་པར་ཤེས་པ་ནི། །འཆི་བདག་གཤིན་རྗེའི་བདག་ཉིད་ཡིན། །མིག་ནས་བྱང་བའི་གཟགས་རྣམས་ནི། །ཕོ་མོ་གཤིན་རྗེའི་འཁོར་ཡིན་ཏེ། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །སྣ་ཡི་རྣམ་པར་ཤེས་པ་ནི། །དྲི་ཟའི་རྒྱལ་པོའི་བདག་ཉིད་ཡིན། །སྣ་ལས་བྱང་བའི་དྲི་ཞིམ་ནི། །ཕོ་མོ་དྲི་ཟའི་འཁོར་ཡིན་ཏེ། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །ལྕེ་ཡི་རྣམ་པར་ཤེས་པ་ནི། །གནོད་སྦྱིན་རྒྱལ་པོའི་བདག་ཉིད་ཡིན། །ལྕེ་ལས་བྱང་བའི་རོ་རྣམས་ནི། །ཕོ་མོ་གནོད་སྦྱིན་འཁོར་ཡིན་ཏེ། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །རྣ་བའི་རྣམ་པར་ཤེས་པ་ནི། །ཀླ་ཡི་རྒྱལ་པོའི་བདག་ཉིད་ཡིན། །རྣ་བ་ལས་བྱང་སྒྲ་རྣམས་ནི། །ཕོ་མོ་ཀླ་ཡི་འཁོར་ཡིན་ཏེ། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །ཀན་ལ་སྐྱོབ་ཅིང་ཕན་འདོགས་པ། །ཡེ་ནས་ལྷ་ཡི་བདག་ཉིད་ཡིན། །གདག་ཙབ་ཆེ་ལ་སེམས་འཁྲགས་པས། །ལྷག་མའི་ཡིན་གྱིས་བདག་ཉིད་ཡིན། །ཅིར་ཡང་སྤྲུལ་ཞིང་གཟགས་འཛིན་པས། །མིའམ་ཅི་ཡི་བདག་ཉིད་ཡིན། །ཀན་ཏ་རྒྱ་ཞིང་ཐམས་ཅད་ཟ། །ཡེ་ནས་གྲལ་བམ་བདག་ཉིད་ཡིན། །ཐམས་ཅད་མ་ལས་གསོད་བྱེད་ཅིང་། །ཡི་དྭགས་ཀུན་གྱི་རྗེ་བྱེད་པས། །ཡེ་ནས་གཤིན་རྗེའི་བདག་ཉིད་ཡིན། །ཐམས་ཅད་ཀུན་གྱི་བཅད་བསྡུས་ཤིང་། ། དངོས་པོ་མེད་པར་ཡིད་ཀྱིས་ཟ། །ཡེ་ནས་དྲི་ཟའི་བདག་ཉིད་ཡིན། །གཅིག་གིས་ཕན་གནོད་སྣ་ཚོགས་བྱེད། །ཡེ་ནས་གནོད་སྦྱིན་བདག་ཉིད་ཡིན། །གདག་རྩབ་ཆེ་ལ་སྙིང་རྗེ་མེད། །ཡེ་ནས་ཀླ་ཡི་བདག་ཉིད་ཡིན། །ཟས་སུ་ཤ་རློན་ཁྲག་ལ་དགའ། །གཏམ་པོ་མི་བསྲན་འཇིགས་ཚལ་སྟོན། །ཡན་ལག་ཐང་ལ་གསུམ་ཁྱིམ་ཆེ། ། མི་སྡུག་དྲག་ཤལ་ཁྲོ་གཏམ་བྱེད། །ཡེ་ནས་སྲིན་པོའི་བདག་ཉིད་ཡིན། །རང་རང་གཙོ་འཁོར་རིག་འཛིན་པས། །ཐམས་ཅད་བསྐྱེད་ཅིང་ཀུན་ལ་དགོངས། །ཐགས་རྗེས་བརྩེ་ཞིང་བསྲིངས་ནས་གསངས། །ཡེ་ནས་མ་མོའི་བདག་ཉིད་ཡིན། །མཁའ་ལ་འཁོར་ཞིང་རང་དབང་བསྒྱུར། །ཡེ་ནས་མཁའ་འགྲོའི་བདག་ཉིད་ཡིན། །ཡིད་ཀྱིས་འགྱུར་ཞིང་ཡིད་ལ་འདོགས། །ཡེ་ནས་ཡི་དྭགས་བདག་ཉིད་ཡིན། །གཅིག་གི་ཚེ་སྲོག་ཀུན་སྤྱོད་ཅིང་། །ཀན་ལ་ཁྱབ་པས་བདད་ཀྱང་ཡིན། །ཆེ་བའི་ཡོན་ཏན་བསམ་ཡས་ཤིང་། །འགྱིང་བག་བརྗིད་པའི་ཚལ་སྟོན་པས། །ཡེ་ནས་རྒྱལ་པོའི་བདག་ཉིད་ཡིན། །དེ་ལྟ་བ་ཡི་སྡེ་བརྒྱད་པོ། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །ཚོགས་བརྒྱད་དག་པས་སྡེ་བརྒྱད་ཡིན། །ཚོགས་བརྒྱད་ཞིག་པས་ཕང་པོ་འཇོམས། །ཕང་པོའི་ཚོགས་འཇོམས་བདད་ཀྱང་ཡིན། །དེ་ལྷ་བ་ཡི་བདད་ཕོ་དེ། །སྙིང་པོ་ངོ་མ་ཤེས་ལས་བྱང་། །སྙིང་པོའི་དོན་དམ་རྟོགས་པ་ནི། །བདད་པོ་ཡེ་སངས་རྒྱས་པ་ཡིན། །བདད་པོ་ཉིད་ལས་སྙིད་པོ་གཞན། །བཙལ་བས་རྙེད་པར་མི་འགྱུར་རོ། །རྣལ་འབྱོར་སྐལ་ཅན་དབང་ཕྱག་ལ། །སྡེ་བརྒྱད་ཚོགས་ཀྱི་རང་དབང་བསྒྱུར། །རང་རྟགས་སྲོག་གི་སྙིང་པོ་ཕལ། །བདག་ལས་ཀུན་འབྱང་ཐམས་ཅད་ཞི། །བདག་ཉིད་སྡེ་བརྒྱད་ངོ་བོར་གནས། །སྡེ་བརྒྱད་བདག་ལས་གཞན་མ་ཡིན། །བདག་ལས་བྱང་ཞིང་བདག་ལ་འདས། །སྡེ་བརྒྱད་ཡེ་ནས་བདག་ལ་རྫོགས། །དཔེར་ན་མི་རྣམས་ཕལ་པ་གཅིག །རྣམ་ཤེས་གདོན་གྱིས་བསྒྱུར་བ་བཞིན། །གདོན་གྱི་དབང་བསྒྱུར་བྱ་བ་བྱེད། །སྡེ་བརྒྱད་དངོས་པོར་བདག་སྣང་བས། །ཕྲིན་ལས་རྣམ་བཞི་ཅི་བྱེད་ཀྱང་། །ཇི་བཞིན་སྡེ་བརྒྱད་སོ་སོར་སྤྱོད། །མཁའ་ལ་འཇའ་ཚོན་གསལ་བ་ལྟར། །མ་ནོར་མ་བཅོས་སོ་སོར་གསལ། །སེང་གེ་རྩལ་ཆེན་འཕྱོངས་པ་ཡང་། །མ་བཅོས་ལས་མ་བསྒྱུར་བ་ར། །ཕྱོགས་བཞི་ཀུན་ཏུ་ཆོད་བར་བྱེད། །དེ་བཞིན་སེམས་ཉིད་གཅིག་པ་ཡིས། །བྱ་བ་ཐམས་ཅད་ཀུན་བྱེད་པས། །སྡེ་བརྒྱད་ཇི་ལྟར་སྣང་བར་བྱེད། །གར་མཁན་རོལ་མོ་བསྒྱུར་བ་ལྟར། །ལས་མ་བཅོས་པར་ཅིར་ཡང་བསྒྱུར། །དེ་བཞིན་སེམས་ཉིད་མ་བཅོས་པར། །སྣང་ཚལ་སྣ་ཚོགས་ཅིར་ཡང་སྣང་། །སྣང་ཙམ་ཉིད་ན་གཡོས་པ་མེད། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །དེ་ལྟར་རྣལ་འབྱོར་སས་རྟོགས་པ། །རྟོགས་སུ་མེད་དེ་ཡེ་རྟོགས་ཡིན། །སྒོམ་དུ་མེད་དེ་ཡེ་བསྒོམ་ཡིན། །སྒྲུབ་ཏུ་མེད་དེ་ཡེ་སྒྲུབ་ཡིན། །བྱས་པ་མེད་དེ་ཡེ་ཟིན་ཡིན། །ཕྱིན་པ་མེད་དེ་ཡེ་རྡོལ་ཡིན། །སྤྱང་རྒྱུད་མེད་དེ་ཡེ་འབྱོངས་ཡིན། །བཙལ་བ་མེད་དེ་ཡེ་རྙེད་ཡིན། །ཞེས་སློབ་དཔོན་ཆེན་པོ་མཁས་པ་རྣམས་ཀྱིས། ཡང་ནས་ཡང་དུ་བསྐོལ་བའི་མན་ངག །ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་གི་གནད་བརྟག་པ་ཞེས་བྱ་བ། མཁས་པ་མི་བཞིའི་གཏེར་ཆེན། ཡང་དབང་གཏེར་གྱིས། གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ། གསང་རྒྱ། ཟབ་རྒྱ། གབ་རྒྱ། སྦ་རྒྱ། མནའ་རྒྱ།། །།

༄༅། །རྫོང་འཕྲང་ལས། ལྷ་མ་སྲིན་སྡེ་བརྒྱད་ཀྱི་བརྟག་པ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ཉམས་ཀྱི་མན་ངག་ལ། །བརྟལ་ཞགས་སྤྱོད་པ་བྱ་བ་དང་། །ལྷ་འདྲེ་བརྟག་ཅིང་བསྐང་ཐབས་བསྟན། །དེ་ལ་བརྟལ་ཞགས་སྤྱོད་པ་ནི། །ཉི་མའི་བརྟལ་ཞགས་ཆེན་པོ་ཡིས། །དགོས་པའི་དོན་རྣམས་གསལ་བར་བྱ། །ས་གཞི་ལྟ་བའི་བརྟལ་ཞགས་ཀྱིས། །དགོངས་པའི་དོན་རྣམས་ཚང་བར་བྱ། །ཝ་ཡི་བརྟལ་ཞགས་ཆེན་པོ་ཡིས། །རྣལ་འབྱོར་འགྲོམས་ཆག་གོང་ཕར་གདབ། །ཕག་གི་བརྟལ་ཞགས་ཆེན་པོ་ཡིས། །བླང་དོར་མེད་པའི་སྤྱོད་པ་བྱ། །ནམ་མཁའི་བརྟལ་ཞགས་ཆེན་པོ་ཡིས། །ཐམས་ཅད་གདེངས་དང་ལྡན་པར་བྱ། །རྒྱ་མཚོའི་བརྟལ་ཞགས་ཆེན་པོ་ཡིས། །ཐམས་ཅད་ཤོང་ཞིང་ཡངས་བར་བྱ། །སེང་གེའི་བརྟལ་ཞགས་ཆེན་པོ་ཡིས། །ཐམས་ཅད་ཟིལ་གྱིས་མནན་པར་བྱ། །མཚོན་ཆའི་བརྟལ་ཞགས་ཆེན་པོ་ཡིས། །གང་ལ་དམིགས་པ་འགྲབ་པར་བྱ། །གླང་པོའི་བརྟལ་ཞགས་ཆེན་པོ་ཡིས། །ཐམས་ཅད་འོག་ཏུ་ཆད་པར་བྱ། །དེ་ནས་ལྷ་འདྲེའི་བརྟག་ཐབས་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །འོད་བརྟག་པ་དང་སྐད་བརྟག་དང་། །གཟགས་བརྟག་པ་དང་རྡོ་བརྟག་དང་། །རྗེས་བརྟག་པ་དང་རྣམ་ལྔའོ། །དེ་ལ་འོད་བརྟག་མན་ངག་ནི། དམར་སྐྱ་བྱང་ན་མ་མོའི་འོད། དམར་སྐྱ་ལ་ནར་ནར་དུ་བྱང་ན་སྲིན་པོའི་འོད། དཀར་སྐྱ་འཇིག་རྟེན་ལྷ་ཡི་འོད། དཀར་སྐྱ་ལ་ནར་ནར་དུ་བྱང་ན་གནོད་སྦྱིན་གྱི་འོད། འོད་ལས་འོད་ཟེར་བྱང་ན་ཡེ་ཤེས་ལྷའི་འོད། སྐྱ་ལམ་དུ་བྱང་ན་རྒྱལ་པོའི་འོད། དེ་ལ་སྐད་ཀྱིས་བརྟག་ཐབས་ནི། ཤི བ་ཤིབ་བྱང་ན་མ་མོའི་སྐད། རྩེར་རྩེར་བྱང་ན་སྲིན་པོའི་སྐད། དིར་དིར་བྱང་ན་ཀླ་ཡི་སྐད། ལྷང་ལྷང་པོར་བྱང་ན་ལྷའི་སྐད་ཡིན་ནོ། །དེ་ལ་རཱུ་པའི་བརྟག་པ་ནི། དམར་པོ་ལྡེམ་ལྡེམ་པོར་བྱང་ན་མ་མོའི་གཟགས་ཡིན། དཀར་པོ་ལྡེམ་ལྡེམ་པོར་བྱང་ན་འཇིག་རྟེན་ལྷའི་གཟགས། ནག་པོ་ལྡེམ་ལྡེམ་པོར་བྱང་ན་བདད་ཀྱི་གཟགས་ཡིན། གྲོད་པའི་གཟགས་སུ་བྱང་ན་ཀླའི་གཟགས་ཡིན། དེ་ནི་ཤིན་ཏུ་བརྟག་པར་དཀར་བ་ཡིན། ལས་པོ་ཐམས་ཅད་མིག་གིས་གང་བ་བྱང་ན་སྲིན་མོའི་གཟགས་ཡིན། དེ་ལ་གདབ་དང་བརྡང་པར་བྱ། དེ་ནས་རྡོ་ཡི་བརྟག་པ་ནི། རི་རྡོ་བྱང་ན་དེ་ནི་མ་བཙན་གྱི་རྡོ་ཡིན། ནག་པོར་རམས་ཁ་བྱང་ན་བདད་ཀྱི་རྡོ་ཡིན། སོར་མོ་ཕྲོམ་ཕྲོམ་རྩེ་རུ་བྱང་ན་བཙན་གྱི་རྡོ་ཡིན། ཆ་རྡོ་བྱང་ན་མ་མོའི་རྡོ་ཡིན། དཀར་པོ་རྩང་གཞགས་བྱང་ན་འཇིག་རྟེན་ལྷའི་རྡོ། ཟླ་གམ་ལ་ཚོས་ཁར་བྱང་ན་སྲིན་པོའི་རྡོ། ཡལ་གྱི་རྡོ་དང་ཡལ་མིན་རྡོ་འདྲེས་ན། ཐེ་ཚོམ་ཡོད་པས་ཐེ་ཚོམ་སྤང་བར་བྱ། ཟླམ་པོ་ལ་གྲོ་བོར་བྱང་ན་ཀླའི་རྡོ། ཡལ་གྱི་སུ་རྡོ་རུ་བྱང་ན་བསྐང་གསོ་དགོས་པས་བྱ། དེ་ལ་རྗེས་ཀྱི་བརྟག་པ་ནི། འཕྲལ་རིང་ཞིང་གང་སྲིན་གཉིས་པོ་རིང་ན་མ་མོའི་རྗེས་སྟོད་ཆེ་ལ་སྨད་འཕྲ་ཞིང་སོར་མོ་དྲག་པ་གཤིན་རྗེའི་རྗེས། གྲ་བཞི་འདག་ལ་སོར་མོ་བདན་པ་གནོད་སྦྱིན་གྱི་རྗེས། བ་ཆང་གི་རྗེས་བྱང་ན་ཆོས་ལ་ཐེ་ཚོམ་ཡོད་སྤང་། གཅན་གཟན་གྱི་རྗེས་བྱང་ན་ཤ་ཁྲག་གིས་བསྐང་། བྱ་རྗེས་བྱང་ན་བྱ་ནག་དག་གིས་བསྐང་། གཡས་པའི་རྗེས་བྱང་རྣལ་འབྱོར་དགྲ་སྡང་པོ། ལག་པ་ཆེན་པོ་བྱང་ན་དབང་ཆེན་གྱི་སྔགས་བཟླ་ཞིང་། ཡི་དམ་ལྷའི་སྔགས་ཀྱང་བཟླ་བར་བྱ། ལྷ་བསྒོམ་མཉམ་པ་ཉིད་ལ་བཞག་ཅི་ལྟར་བྱང་ན་ཐེ་ཚོམ་སྐྱེ་མི་རང་། ཐམས་ཅད་དངོས་གྲབ་ཡིན་པས་ཤེས་པར་བྱ། །སྲོད་ལ་ཅིར་བྱང་ཐམས་ཅད་དངོས་གྲབ་ཏ། །ཤེས་པར་བྱ་བ་ཤིན་ཏུ་གཅེས་པ་ཡིན། །དེ་ལྟར་ཤེས་ན་དངོས་གྲབ་བླང་མི་དགོས། །ནམ་ཕྱེད་ཕན་ཆད་ཅི་བྱང་ཅི་སྣང་ཡང་། །དེ་ལ་དངོས་གྲབ་བླང་བར་བྱ་བ་ཡིན། དེ་ལ་མཆོད་པ་འབལ་བ་དང་།ལྟ་བས་དབང་དུ་བསྡུ་བ་དང་། སྤྱོད་པས་དབང་དུ་བསྡུ་བ་དང་། སྒོམ་པས་དབང་དུ་བསྡུ་བ་དང་། བརྟལ་ཞགས་ཀྱིས་དབང་དུ་བསྡུ་བ་དང་། མ་མོའི་དབང་དུ་བདག་མི་འགྲོ་བའི་ཐབས་དང་། བདག་གི་དབང་དུ་མ་མོ་བསྡུ་བའི་ཐབས་སོ། །ད་ནི་ལྷ་འདྲེའི་བསྐང་ཐབས་ལས། མཁའ་འགྲོའི་དམ་ཉམས་འདི་ལྟར་བསྐང་། །ཡེ་ཤེས་མཁའ་འགྲོའི་དམ་ཚིག་ཉམས་གྱུར་ན། །དེ་ནི་ལྟ་བས་བསྐང་བར་བྱ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཉམས་གྱུར་ན། །དེ་ནི་བརྟལ་ཞགས་མཆོག་གིས་བསྐང་། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཉམས་གྱུར་ན། །མཐན་རྫས་ཀྱིས་སུ་བསྐང་བར་བྱ། །ཤ་ཟ་མཁའ་འགྲོའི་དམ་ཚིག་ཉམས་གྱུར་ན། །དེ་ནི་ཤ་ཁྲག་དག་གིས་བསྐང་། །བརྟལ་ཞགས་སྤྱོད་པར་བྱ་བ་དང་། །ལྷ་འདྲེ་བརྟག་ཅིང་བསྐང་བའི་ཐབས། །ཤིན་ཏུ་གཅེས་པའི་མན་ངག་འདི། །ཡང་དབང་གཏེར་གྱི་སྣོད་བྱོན་ནས། །གཏེར་བཞད་རྩལ་གྱིས་ཁོང་པར་སྤོས། །སོ་ཕག །ཤི་ཐཾ། རྒྱ་རྒྱ་རྒྱ། གསང་ངོ་། །གསང་ངོ་། །གསང་ངོ་།། །།

༄༅། །རྫོང་འཕྲང་ལས། ལྟ་སྤྱོད་ཀྱི་སྡོམས་བཞགས། གསང་སྔགས་ཀྱི་བདག་ཉིད། དཔལ་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདེ་བཤེགས་རྣམས་ཀྱི་གསང་ཆེན་བརྡོ་ལས་ནས་ནི། རྣལ་འབྱོར་དབང་ཕྱག་ཆེན་པོས་དོན་བསྡུས་པ། །ལྟ་བ་སྤྱོད་པའི་མན་ངག་གསང་བསྡུས་ནས། །ཕྱི་རབས་རྣལ་འབྱོར་དམ་པའི་དོན་ཆེན་ད། །ལྟ་སྤྱོད་གཉིས་ཀྱི་སྡོམས་སུ་དྲིལ་ཏེ་བསྟན། །དེ་ལ་ལྟ་སྤྱོད་ཀྱི་སྡོམས་འདི་ལ་གཉིས་ཏེ། ལྟ་བའི་སྡོམས་དང་། སྤྱོད་པའི་སྡོམས་གཉིས་སོ། །ལྟ་བའི་སྡོམས་ལ་གཉིས་ཏེ། ལྟ་བའི་རྫོང་དང་། ལྟ་བའི་འཕྲང་རྣམ་པ་གཉིས་སོ། །ལྟ་བའི་རྫོང་ལ་རྣམ་པ་གཉིས་ཏེ། ཁྱད་བརྡལ་གདེངས་ཆེན་རྫོགས་པའི་རྫོང་དང་། འབ་ཆབ་ཀུན་འདས་དགོངས་པའི་རྫོང་ངོ་། །དེ་ལ་ཁྱབ་བརྡལ་གདེངས་ཆེན་རྫོགས་པའི་རྫོང་ནི། ནམ་མཁའ་ཆེ་ལ་སོགས་པ། བྱང་ཆབ་སེམས་སྨན་བཅོ་བརྒྱད་དང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལ་སོགས་ཏེ་རྫོགས་པ་ཆེན་པོའི་རྒྱུད་སྡེ་མཐའ་དག་དང་། རྒྱད་ཀྱི་རྒྱལ་པོ་དྲག་དང་། ཏནྟྲ་སྡེ་བཅོ་བརྒྱད་དང་། ལང་གི་དོན་བདན་གར་བྱང་བ་མཐའ་དག་གོ། །འབ་ཆབ་ཀུན་འདས་དགོས་པའི་རྫོང་ནི། ནམ་མཁའ་ཀློང་ཡངས་ཀྱི་དགོང་པ་ལ་སོགས་པ། དགོང་པ་ཆེན་པོ་བཅ་རུ་འདས་པར་ཤེས་པར་བྱའོ། །ལྟ་བའི་འཕྲང་ལ་གསུམ་སྟེ། མ་བཅོས་རང་བཞིན་འཆི་མེད་ཀྱི་འཕྲང་ད ང་། འདའ་ཁ་ཡེ་ཤེས་ཐར་པའི་འཕྲང་དང་། སྤྱོད་སྒྲོལ་ཉམས་སུ་ལེན་པའི་འཕྲང་ངོ་། །དེ་ཡང་དང་པོ་ནི། མན་ངག་ཨ་ཏི་ཡོ་གའི་འཕྲང་སྟེ། འགྲོ་དྲག་གཡང་སུ་བཅད་པའོ། །གཉིས་པ་ནི། ལང་ཨ་ནའི་ཡོ་གའི་འཕྲང་སྟེ། འདའ་ཁ་ཡེ་ཤེས་སོ། གསམ་པ་ནི། རྒྱད་མ་ཧཱ་ཡོ་གའི་འཕྲང་སྟེ། སྦྱོར་བ་དང་སྒྲོལ་བ་བྱེད་པའོ། །སྤྱོད་པའི་སྡོམ་ལ་རྣམ་པ་གཉིས་ཏེ། ཐགས་རྗེས་ཤགས་ཀྱིས་སྒྲོལ་བ་དང་། དྲག་ཤལ་ཐབས་ཀྱིས་སྒྲོལ་བའོ། །དེ་ལ་ཐགས་རྗེའི་ཤགས་ཀྱིས་སྒྲོལ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་སྲིན་ཐམས་ཅད་ཀྱི་སྲོག་འཕྲོག་པའོ། །དེ་ལ་སྲོག་འཕྲོག་ལུགས་གསུམ་སྟེ། ཕྱི་ལྟར་སྲོག་འཕྲོག་པ་དང་། ནང་ལྟར་སྲོག །གསང་བ་ལྟར་སྲོག་འཕྲོག་པའོ། །དེ་ལ་ཕྱིར་ལྟར་སྲོག་འཕྲོག་པ་ནི། ཕྱི་ནང་གི་སྒྲུབ་པ་མཐའ་དག་གོ། །ནང་སྲོག་འཕྲོག་པ་ནི། ལྷ་སྲིན་མངོན་དུ་ཁོལ་བའོ། །གསང་བ་ལྟར་སྲོག་འཕྲོག་པ་ནི། བསྒྲུབ་བྱ་ཐམས་ཅད་རང་གི་སེམས་སུ་ཤེས་པའོ། །དྲག་ཤལ་ཐབས་ཀྱིས་སྒྲོལ་བ་ལ་ཡང་གཉིས་ཏེ། ངོ་མཐོན་སྟོབས་ཀྱིས་བསྒྲལ་བ་དང་། སྦྱོར་བ་སྔགས་ཀྱིས་བསྒྲལ་བའོ། །དེ་ལ་ངོ་མཐོན་སྟོབས་ཀྱིས་བསྒྲལ་བ་ནི། བདག་གི་ཡིད་ལ་གནས་པའི་དགྲ་བགེགས་གང་བསྒྲལ་བའི་ཞིང་དུ་གྱུར་བ་གང་ཡིན་པ་དེ་དངོས་སུ་བསྒྲལ་བ་ནི། དེའི་སྲོག་ཁ་ཕང་ཁ་ཕྱེས་ལ་གཞང་དུ་བསྒྲལ་བ་སྟེ། དེ་ནི་རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ་ལ་བྱའོ། །སྦྱོར་བ་སྔགས་ཀྱིས་བསྒྲལ་བ་ལ་གཉིས་ཏེ། དྲག་སྔགས་ཀྱིས་བསྒྲལ་བ་དང་། ངན་སྔགས་ཀྱིིིས་བསྒྲལ་བའོ། །དྲག་སྔགས་ཀྱིས་བསྒྲལ་བ་ལ་གཉིས་ཏེ། གསང་བའི་དྲག་སྔགས་དང་། དམོད་པའི་དྲག་སྔགས་སོ། །ངན་སྔགས་ཀྱིས་བསྒྲལ་བ་ནི། རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ་འམ། དཀོན་མཆོག་གི་དབ་འཕང་སྨད་པ། སྲིན་པོ་མ་རུ་རྩེ་དང་མ་སྟེགས་ལ་སོགས་པ་རྣམས་སྦྱོར་བ་ཕྱི་ཐན་ནང་ཐན་གྱིས་བསད་པའོ། །དེ་ཡང་ལྟ་སྤྱོད་ཀྱིས་སྡོམ་འདི་མ་ཤོར་བར་བྱ་དགོས་ཏེ། དེ་ལ་ལྟ་བའི་སྡོམ་མ་ཤོར་ན་ཚེ་གཅིག་གི་སངས་རྒྱས་པའོ། །སྤྱོད་པའི་སྡོམ་མ་ཤོར་ན་བསྟན་པ་གཉན་པོ་མི་ནབ་པར་བསྟན་པ་ཚགས་པའོ། །དེ་ལ་ཚེ་གཅིག་གིས་འཚང་རྒྱ་བ་ཡང་ལོ་གཅིག་དང་། ཟླ་བ་དྲག་ཟླ་བ་བཅ་དྲག་གིས་སངས་རྒྱས་ཀྱི་སུ་ལ་ངེས་པར་འགྲོ་བས་ན། ནངས་རྟོགས་ན་ནངས་འཚང་རྒྱ་ལ། ནབ་རྟོགས་ན་ནབ་འཚང་རྒྱ་ཞེས་བྱའོ། །སྤྱོད་པའི་སྡོམ་མ་ཤོར་ན་བསྟན་པ་མི་ནབ་པར་བསྟན་པ་གཉན་པོ་ཚགས་ལ་ཡང་གསུམ་སྟེ། ཕྱི་ལྟར་སྲོག་འཕྲོག་པ་དང་། ནང་ལྟར་སྲོག་འཕྲོག་པ་དང་། གསང་བ་ལྟར་སྲོག་འཕྲོག་པའོ། །ཕྱི་ལྟར་སྲོག་འཕྲོག་པའི་སྡོམ་ལ་གསུམ་སྟེ། གཅན་པ་དང་གཟིར་བ་དང་། ཨར་ལ་གཏད་པ་དང་གསུམ་གྱིས་བྱའོ། །འཕྲིན་ལས་གང་ཡང་བརྟགས་ན། སྦྱར་བ་ནག་པོའི་ཕྱི་ཐན་དང་། ནང་ཐན་གྱིས་བསད་པའི་ལས་བྱའོ། །དེ་ལ་སྤྱོད་ཀྱི་སྡོམས་འདི་ནི་བླ་མ་མཁས་པ་རྣམས་ཀྱིས་ཐགས་ཀྱི་དཀྱིལ་འཁོར་གྱི་མཁའ་ལ་རྒྱ་བ་ལས་ཚིག་དང་ཡི་གེར་འདི་ལ་མི་དབང་སྟེ། ལས་དང་སྲོག་གི་ཕྱིར་ཡང་མི་གཏོང་བ་ལ་སྦྱིན་པར་བྱའོ། །གཏད་པར་བྱའོ། །ལྟ་སྤྱོད་གཉིས་ཀྱི་སྡོམས་འདི། ཡང་མཁས་པ་མི་བཞིའི་རྒྱུད་པའི་མཐའ་རྡོ་རྗེ་ཡང་དབང་གཏེར་ང་ཡིས་གཏེར་བཞད་རྩལ་ལ་གཏད་པའོ། །རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། མ་མོ་རྩ་རླང་གི་དགོངས་པ་བཞགས། མ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །ཀན་ཏ་བཟང་མོ་རྩ་ཡི་འཁོར་ལོར་ཐགས་ལ་གབ་པའི་མན་ངག་རྣལ་འབྱོར་པའི་རྒྱུད་ལ་གནས་པར་བྱའོ། །རྒྱལ་མོ་ལྟ་བའི་རྩ་དང་ཡེ་ཤེས་ཀྱི་མ་མོར་སྦྱོར། བློན་པོ་ལྟ་བའི་རྩ་དང་། ལས་ཀྱི་མ་མོར་སྦྱར། བྲན་མོ་ལྟ་བའི་རྩ་དང་། སྤྲུལ་པའི་མ་མོར་སྦྱོར། དེ་ལ་རྒྱལ་མོ་ལྟ་བའི་རྩ་ནི། ཙིཏྟ་རིན་པོ་ཆེ་སྲོག་ལ་རྩ་མ་བྲལ་བ་དེ་ལ། ཡེ་ཤེས་བསྐྱེད་པའི་རྩ་ཞེས་བྱའོ། །བློན་པོ་ལྟ་བའི་རྩ་ནི། སྲོག་པ་རྩ་ལས་རྩ་རླང་ཆེན་པོར་བཞིར་གྱེས་པ་ལ་བྱའོ། །བྲན་མོ་ལྟ་བའི་རྩ་ནི། རྩ་ཆེན་པོ་བཞི་ལས་རྩ་ཕྲན་སམ་བརྒྱ་དྲག་ཅ་གྱེས་པ་ལ་བྱའོ། །དེ་རྣམས་ནི་ཤ་ཁྲག་སྐྱེས་པའི་རྩ་ཡང་ཡིན་ལ། རྣམ་ཤེས་བསྐྱེད་པའི་རྩ་ཡང་ཡིན། བྱ་བ་བྱེད་པའི་རྩ་ཡང་ཡིན་ནོ། །དེ་ལ་མ་མོ་གནས་པའི་གནས་ལུགས་ནི། ཙིཏྟ་རིན་ཆེན་སྲོག་པ་རྩ་དང་ཆོས་པ་དེ་ལས་ཐམས་ཅད་འབྱང་ཞིང་གནས་པའི་རྟེན་ཡིན་པས། དེའི་ནང་ནས་དངས་མ་བཞི་གནས་ཏེ། རྩའི་དངས་མ་དང་། ཁྲག་གི་དངས་མ་དང་། རླང་གི་དངས་མ་དང་། འོད་ཀྱི་དངས་མ་བཞིར་གནས་སོ། །དེ་བཞིན་ནི། གསང་བའི་མ་མོ་བཞིའི་གནས་ཀྱང་ཡིན་ལ་དོན་ཀྱང་ཡིན་ནོ། །དེ་ལ་རྩའི་དངས་མ་ནི། རྩ་དར་དཀར་གྱི་སྐད་པ་འདྲ་བ་གཅིག་ཡོད་དོ། །ཁྲག་གི་དངས་མ་ནི་རྩ་དེའི་ནང་ན་ཁྲག་འཚལ་ཅོག་ལ་མ་འདྲ་བ་གཅིག་གནས་སོ། །རླང་གི་དངས་མ་ནི། རྩ་དེ་དང་ཁྲག་དེ་ལས་རླང་གསེར་སུ་ལེ་སྤྲམ་སུ་ཡི་འོག་ན་ཡོད་པའི་རླངས་པ་དང་འདྲ་བ་གཅིག་གནས་སོ། །འོད་ཀྱི་དངས་མ་ནི། དེ་རྣམས་འོད་གང་གི་ཡང་ངོ་བོ་ཡང་མ་གྲབ་པར་སྟེ། ནམ་མཁའ་ལྟ་བ་འམ། ཡིད་བཞིན་གྱི་ནོར་བ་རིན་པོ་ཆེ་ལྟ་བ་ཞིག་གནས་སོ། །དངས་མ་དེས་རྣམ་པར་ཤེས་པའི་གཤེར་འདེབས་པར་བྱེད་པས། གསང་བའི་མ་མོ་བཞིའི་གནས་སོ། །དེ་ཡང་བདེ་བ་ཟ་བྱེད། བདེ་བ་ཚེ་འཕེལ། བདེ་བ་རྨོངས་བྱེད། བདེ་བ་རྒྱས་འདེབས་མ་དང་བཞི་གནས་སོ། །ཙིཏྟ་སྲོག་པ་རྩ་དང་བཅས་པ་ནི། ཀུན་ཏུ་བཟང་མོའི་གནས་སམ་ངོ་བོར་གནས་སོ། །རྒྱལ་མོ་ཞེས་བྱ་བ་ནི། ཐམས་ཅད་འབྱང་ཞིང་གནས་པའི་ཕྱིར་རོ། །སྲོག་པ་རྣམས་རྩ་རླང་ཆེན་པོ་བཞིར་གྱེ ས་པ་ནི། མ་མོ་ཡང་བག་མ་བཞི་གནས་ཏེ། ཐམས་ཅད་དུ་ཁ་བློན་མོར་གྱུར་པ་དང་། དཀར་མོ་དང་སྨུག་མོ་དང་། ནག་མོ་དང་བཞིར་གནས་སོ། །གཙོ་མོ་བཞིར་གྱུར་པས་དབང་ཆེ་ཞིང་བློན་མོ་བཞིར་གནས་སོ། །ལས་ལས་གྲབ་ཅིང་གདག་པ་ཆེ་བས་ཡང་ནས་ཡང་དུ་གབ་པའི་མ་མོར་གནས་སོ། །སྤྲུལ་པའི་མ་མོ་ནི། དཀར་མོ་སྤྲུལ་པའི་མ་མོ། སྨུག་མོ་སྤྲུལ་པའི་མ་མོ། ནག་མོ་སྤྲུལ་པའི་མ་མོ་ལ་སོགས་པ། མ་མོ་ཐམས་ཅད་བྲན་མོ་ལྟ་བའི་ཚལ་ཅན་ཏེ། རྩ་བྲན་བསམ་གྱི ས་མི་ཁྱབ་པ་ལས། །མ་མོ་བསམ་གྱིས་མི་ཁྱབ་པ་གནས་པ་ཡང་། རྒྱད་སོ་སོའི་རང་རང་གི་རིག་པས་བཟང་ཞིང ་དཔྱད། ཞེན་ཅིང་ཆགས་པ་དང་། ལང་རབ་འབྲིང་སོ་སོ་ལས་བརྟགས་ཤིང་དཔྱད་ལ་ཤེས་པར་བྱའོ། །གཅིག་ཏུ་མ་ངེས་པས་ཇི་ལྟར་བཟང་ཞིང་གང ་ལྟར་བརྟགས་པ་ལྟར་སྣང་བས། ལང་འདིར་རྩ་རེ་ལས་མ་མོ་རེ་ངོས་མ་བཟང་ངོ་། །བཀའ་རྒྱས་འབྲིང་ཡོད་པའི་ཕྱིར་རོ། །སྨེ་བ་དཀར་དམར་འདས་པ་ལས། །མར་མེ་ཙམ་ལ་སྲེད་པའི་གནས། །གཟགས་ཕང་ཡོངས་སུ་རྫོགས་ཙམ་ན། །སོ་སོར་བརྟགས་ནས་ཞེན་ཆགས་པས། །ཆགས་པའི་གནས་ཞེས་བྱ་བ་ཡིན། །ཆོས་ཉིད་དག་པས་རྟོགས་ཙམ་ན། །ཆོས་ཉིད་གནས་སུ་འཁོར་གྷ་རྒྱ། །འཁོར་བ་སྒྱུ་མར་གནས་ཙམ་ན། །འཁོར་ནས་འཁོར་བའི་ལམ་སྙེགས་པས། །འཁོར་བའི་གནས་སུ་འཁོར་གྷ་ར། །དམ་ཚིག་རྗེས་སུ་བསྲངས་བའི་ཚེ། །ལེགས་ཉེས་ཞལ་ལྕེ་གཅོད་པར་རྒྱ། །རང་སྲོག་རང་གིས་གཅོད་པའི་ཕྱིར། །དམ་ཚིག་རང་སྲོག་བཞིན་དུ་བསྲངས། །རྣལ་འབྱོར་སྤྱོད་ལ་གནས་པའི་ཚེ། །བསྙེན་ན་རྩ་ཚིག་གཞལ་ཡས་ཁང་། །སྒྲུབ་ཚེ་མ་མོ་དངོས་སུ་ཏེ། །ཕྲིན་ལས་དུས་ན་མ ངོན་དུ་བྱང་། །སྲིད་པའི་རྩ་རླང་འདི་བསྟེན་ན། །མ་མོ་ལས་དང་གྲིབ་མ་བཞིན། །རྣལ་འབྱོར་ཡོངས་དང་ཡེ་ནས་འགྲོགས། །ཙིཏྟ་རིན་ཆེན་སེམས་ལ་བཅར། །མ་མོ་རྩ་རླང་དགོངས་པ་འདི། །རྡོ་རྗེ་བཞད་པ་བདག་ལ་གདམས། །གཏེར་བཞད་རྩལ་ལ་གཉེར་ཏ་གཏད། །རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། མ་མོ་རྩ་རླང་གི་དགོངས་པ་དྷ་ན་སཾ་སྐྲྀ་ཏས་བཤད་པ་བཞགས། ཀུན་བཟང་ཡབ་ཡམ་ལ་ཕྱག་འཚལ་ལོ། །ཡམ་གྱི་དགོངས་སྤྱོད་ཕགས་སྟིབ་ནས། དྷ་ན་སཾ་སྐྲྀ་བདག་གིས་བཤད། སྲིད་པོའི་རྒྱལ་མོས་དམག་དྲངས་རིགས་དྲག་འགྲོ་བ་རྒྱན་ཆད། ཐར་པའི་ལམ་སྐས་སྟེགས་བཙགས། མི་གནས་དབྱིངས་སུ་གཏན་བསྒྲལ། ཀུན་ཏུ་བཟང་མོའི་མཁར་ཐོབ། ཅེས་འབྱང་སྟེ་དེ་ལ་སྲིད་པའི་རྒྱལ་མོས་དམག་དྲངས། ཞེས་པ་ནི། རྣལ་འབྱོར་པ་བདག་གི་ལས་ངག་ཡིད་གསུམ་པོ་འདི་མ་མོའི་སྐུ་གསང་ཐགས་དང་དབྱེར་མེད་པར་རྟོགས་ཙམ་ན། མ་མོ་ལས་བདག་མ་མཐོང་སྟེ། དེ་ཙམ་ན་སྲིད་པའི་རྒྱལ་མོས་དམག་དྲངས་ཞེས་བྱའོ། །རིགས་དྲག་འགྲོ་བ་རྒྱན་བཅད། ཅེས་པས། བདག་ཏུ་བརྟགས་པའི་དབང་གིས། འཁོར་ཞིང་ལྟང་བའི་ལམ་རིགས་དྲག་ཡིན་པས། བདག་ཉིད་མ་མོའི་དཀྱིལ་འཁོར་དུ་གནས་ཙམ་ན་དགྲ་གསུམ་སོད། བདད་བཞི་ཆོམས། གཡང་སུ་དྲག་ཆོད་པས། ལྟང་བའི་གནས་དང་འཁོར་བའི་སུ་མེད་པས་རིགས་དྲག་འགྲོ་བ་རྒྱན་ཆད་ཅེས་བྱའོ། །ཐར་པའི་ལམ་སྐས་སྟེགས་བརྩགས་ཞེས་པས། བདག་གི་ལས་ངག་ཡིད་གསམ། མ་མོའི་སྐུ་གསང་ཐགས་སུ་གྱུར་པས། ཡལ་གསུམ་གསལ་བ་ཡིན་ཏེ། ཡལ་གསུམ་གསལ་བ་བྱང་ཙམ་ན། དགྲ་གསུམ་སོད། བདད་བཞི་ཡང་ཆོམས། གཡང་སུ་དྲག་ཆོད་པས། བདག་འཁོར་བ་ལས་ཐར་ནས། བྱང་སེམས་ཀྱི་ལམ་སྐས་སྟེགས་སུ་གྱུར་ཙམ་ན། ཐར་པའི་ལམ་སྐས་ཀྱི་སྟེགས་བཙགས་ཞེས་བྱའོ། །མི་གནས་དབྱིངས་སུ་གཏད་བསྒྲལ་ཞེས་པ། བདག་མ་མོའི་དཀྱིལ་འཁོར་དུ་གྱུར་པ་དེ། བྱང་ཆབ་ཆེན་པོའི་ལམ་དུ་གྱུར་ཏེ། མ་ཆོས་ཀྱི་དབྱིངས་ལ། མོ་རིག་པའི་ཡེ་ཤེས་སུ་ཐག་ཆོད་ན། སེམས་ཅན་ཐམས་ཅད་འཁོར་བར་མི་གནས་ཆོས་ཀྱི་དབྱིངས་སུ་བསྒྲལ་བས། མི་གནས་དབྱིངས་སུ་གཏན་བསྒྲལ་ཅེས་བྱའོ། །ཀན་ཏ་བཟང་མོའི་མཁའ་ཐོབ། ཅེས་བྱ་བ་ནི། མ་དང་མོ་ཡི་ཐག་ཆོད་དེ། ཚིག་ཙམ་མ་ཡིན་པར། དགོངས་པ་དེའི་ངང་ལ་གནས་ཤིང་། དེ་ལྟ་བའི་ཀློང་དུ་གྱུར་ན། དཔེར་ན་དཔའ་བོ་རྡོས་མཁར་བསྲང་བ་དང་འདྲ་སྟེ། དམག་གིས་མཐའ་མ་འཁོར་ཡང་ཉམས་ང་མེད་པ་དང་འདྲ་བར། དགོངས་པ་གོང་མ་ལས་མ་གཡོས་ན། ཁམས་གསུམ་འཁོར་བ་ལ་ཉམ་མི་ང་བས། ཀུན་ཏུ་བཟང་མོའི་མཁར་ཐོབ། ཅེས་བྱའོ། །ལྟ་བ་ལྟོས་མཁར་ལྟ་བ་དང་མ་བྲལ་ན། སྤྱོད་པ་དམག་མི་ལྟ་བ་ལ་ཉམས་མི་ངའོ། །ཡང་ནས་ཡང་དུ་བརྒྱད་པའི་མཐའ། །རྡོ་རྗེ་ཡང་དབང་གཏེར་ཉིད་ཀྱིས། །གཏེར་བཞད་རྩལ་ལ་གཏད་པ་ཡིན། །མ་མོ་རྩ་རླང་གི་དགོངས་པ། རྒྱ་རྒྱ་རྒྱ། གསང་ངོ་། །གསང་ངོ་། །གསང་ངོ་།། །།

༄༅། །རྫོང་འཕྲང་ལས། མན་ངག་གི་སྙིང་པོ་གསང་བའི་ལྡེ་མིག་སྲོག་གི་སྡོམ་ཚིག་ཁ་བྱང་གནད་གཟེར་བཞི་བསྟན་པ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མན་ངག་སྙིང་པོ་གསང་བའི་ལྡེ་མིག་འདི་ལ། སྲོག་གི་ཁ་བྱང་སྲོག་གི་སྡོམ་ཚིག་དང་། སྲོག་གི་གནད་དང་སྲོག་གི་གཟེར་དང་བཞི། ཕྱི་རབས་དོན་དུ་གསངས་པ་འདི་ལྟ་སྟེ། དེ་ལ་སྲོག་གི་ཁ་བྱང་བསྟན་པ་ནི། ལྷ་མ་སྲིན་སྡེ་བརྒྱད་ཀྱི་རང་སྲོག་བརྟག་པ་དང་། སྲོག་གསལ་བར་བྱེད་པའི་སྒྲོན་མ་བསྟན་པ་དང་། །སྲོག་གི་ལྕགས་ཀྱ་དང་། སྲོག་གི་སྒོ་ལྕགས་དང་། སྲོག་གི་ལྡེ་མིག་དང་། སྲོག་གི་མེ་ལོང་དང་། སྲོག་གི་བསྒྲུབ་པ་དང་། སྲོག་གི་ཡང་ཏིག་བསྐོལ་བ་དང་། སྲོག་གི་དགོངས་པ་དང་། འཁོར་གྱི་འཁོར་ལོ་དང་། སྲོག་གི་དན་པོ་དག་དང་། སྲོག་ཕྱི་ནང་གསང་བ་གསུམ་དང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་གི་གནད་བརྟག་པ་དང་། སྲོག་གི་སྟོབས་དང་། སྲོག་གི་དོན་སྡུང་ལ་སོགས་པ། སྲོག་གི་ཡི་གེ་རྣམས་སྤྱོད་པའི་སྡོམ་ཏེ། སྲོག་གི་མན་ངག་གྲོགས་ཀྱི་ཡི་གེ་འམ་སྟོངས་ཀྱི་ཡི་གེའོ། །ཕྱི་མའི་ཡི་གེ་རྣམས་ནི་ཁ་འཐོར་བསྡེབས་པའོ། །སྲོག་གི་གཟེར་བསྟན་པ་ནི་བཞི་སྟེ། ཏིང་ངེ་འཛིན་མི་འགྱུར་བའི་གཟེར་དང་། དྲག་སྔགས་མི་འགྱུར་བའི་གཟེར་དང་། དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འད་ཕྲིན་ལས་ཆེན་པོ་ལས་ལ་སྦྱོར་བའི་གཟེར་དང ་བཞིའོ། །སྲོག་གི་གནད་བསྟན་པ་ལྔ་སྟེ། དང་པོ་སྲོག་བརྟག་པ་དང་། དེ་ནས་སྲོག་ངོ་ཤེས་པར་བྱ་བ་དང་། སྲོག་འཕྲོག་པ་དང་། སྲོག་འཕྲོག་ལུགས་ཤེས་པར་བྱ་བ་དང་། སྲོག་ཐོབ་པའི་ཚད་བསྟན་པའོ། །མན་ངག་གི་སྙིང་པོ་གསང་བའི་ལྡེ་མིག་འདི། ཡང་དབང་གཏེར་གྱིས། གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ།། །།བརྗོད་བྱེད་ཚིག་གི་སྦྱོར་བ་ཉང་ང་ར། །ཆོས་ཀུན་སྲོག་ཟངས་འད་བའི་མན་ངག་དཔྱིད། །རྒྱལ་པོའི་མཛོད་ན་བསམ་འཕེལ་ནོར་བ་ལྟར། །ཐར་འདོད་ཡིད་ལ་ཀུན་དགའ་སྟེར་བའི་དཔལ། །ཁྱབ་བདག་བླ་མའི་ཕྱག་དཔེར་འགྱུར་མེད་རྒྱ་མཚོས་བྲིས། །

༄༅། །རྫོང་འཕྲང་ལས། སྦྱོར་བ་ལྔའི་གདམས་ངག་ཞེས་བྱ་བ་གཟངས་མའི་མཚན་ཉིད་རིགས་ལྔར་སེམས་སྤང་བའི་མན་ངག་བཞགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སློབ་དཔོན་པདྨ་སཾ་བྷ་ཝས་ཡེར་བ་ཟླ་བ་ཕག་ཏ། འབྲོམ་བཟའ་ཏི་བང་གི་དོན་ཆེད་ད། སྦྱོར་བ་ལྔ་བ་འདི་བཀའ་བསྩལ་ཏོ། དེ་ལ་དང་པོ་ཀ་ན། བདག་གི་མདན་དུ་ཤེལ་གྱི་རྡོ་རྗེ་ཚོན་གང་བ་གཅིག་བསམ་པར་བྱ་སྟེ། དེ་ནས་སེམས་དེ་ལ་ཡན་རིང་དུ་གནས་པར་བྱའོ། ། དེ་ནས་སེམས་གནས་སུ་བཏབ་ཙམ་ན། ཡལ་གསུམ་གྱིས་བརྟག་པར་བྱ་སྟེ། ཡལ་གསུམ་གནས་པར་འདག་པ་དང་། བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཤེལ་གྱི་ཁ་དོག་འདྲ་བ་དཀར་ལ་མཚེར་བ། སྣུམ་ལ་འབྲིལ་བ། དབ་ལ་རིགས་ལྔའི་སངས་རྒྱས་རྫོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབ་རྒྱན་དང་། དཔང་རྒྱན་དང་། ཕྱག་གདབ་དང་། ཞབ་གདབ་དང་། ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་པ་གསེར་ལས་བྱས་པ་ཐགས་ཀར་འཛིན་པ། གཡོན་ན་དངལ་གྱི་དྲིལ་བ་དཀ་རུ་བརྟེན་ལ། གདན་གླང་པོ་ཆེ་ལ་བཞུགས་པ་གཅིག་ཏུ་སུ་ལེ་གསལ་བར་བསྒོམ་མོ། །དེ་ཤིན་ཏུ་གསལ་བ་སྟོན་ཟླ་རུ་བའི་སྤྲིན་མེད་པའི་ཉི་མ་ཤར་བ་ལྟར་དུ་གསལ་བར་བརྟག་པར་བྱའོ། །དེ་ལྟར་གསལ་བར་གྱུར་ཙམ་ན་བདད་བཞི་དང་། དགྲ་གསུམ་དང་། གཡང་སུ་དྲག་ལ་བརྟག་ཅིང་སྒོམ་པར་བྱའོ། །དེ་དག་གི་ཉེན་དང་བྲལ་བར་བྱའོ། །དེ་ལྟར་དེ་དག་གི་ཉེན་མེད་པར་དེ་ལ་ཡན་རིང་དུ་གནས་པར་བྱ་ཞིང་བརྟན་པར་བྱའོ། །དེ་ནས་སྦྱོར་བ་ལྔ་ལ་བསླབ་སྟེ། སྦྱོར་བ་ལྔ་ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔའི་ལྷ་མོ་ལྔའོ། །དེ་ཡང་བདག་གི་སྙིང་ག་ནས་མེ་ཏོག་པདྨ་འདབ་མ་སྟོང་དང་ལྡན་པ་ལྔ་བྱང་ནས་མདན་དུ་བཀོད་ལ། པདྨ་ལྔ་པོ་དེ་ལ་ལྷ་མོ་ལྔ་འགོད་པ་ནི། གཟགས་ཀྱི་ལྷ་མོ་མེ་ལོང་ལས་མེ་ལོང་ཐོགས་པ་སྒྲའི་ལྷ་མོ་པི་ཝང་མས་པི་ཝང་ཐོགས་པ་དང་། དྲིའི་ལྷ་མོ་སྤོས་མེ་མས་སྤོས་མེ་ཐོགས་པ་དང་། རོའི་ལྷ་མོ་ཞལ་ཟས་མས་གཞོང་པ་ཐོགས་པ་དང་། རེག་བྱའི་ལྷ་མོ་ན་བཟའ་མས་འཁྱད་ཚལ་ཅན་དང་། ལྔ་སྤྲོས་ནས་བཀོད་ལ་བཞག་གོ། །ལྷ་མོ་དེ ་དག་ཀྱང་ཞི་བའི་ཚལ་དག་དང་ལྡན་པ་སྟེ། མཉེན་མཉེན་འདྲ་བ། ལྕག་ལྕག་འདྲ་བ། འཁྲིལ་འཁྲིལ་འདྲ་བ། ལྡེམ་ལྡེམ་འདྲ་བ། གཞོན་ཚལ་ཅན། གསལ་བག་ཀྱང་ཤེས་ལྟ་བ་ཡོད་པ། འཚེར་བ་ཉི་མ་ལྟ་བ་ཡོད་པ། ལྷན་སྡུག་པ་རི་བོ་ལྟ་བ་ཡོད་པ། བགས་ཀྱི་གདམ་པ། འཛམ་བག་ཏ་ལྟ་བ་དང་། སྒེག་ཚལ་ཆེ་བ། ཡིད་གཞངས་པ་དང་། །ལྡན་པའོ། །དེ་ལྟ་བའི་ལྷ་མོ་ལྔ་ལ་སྦྱོར་བ་ལྔ་ཞེས་བྱའོ། །དེ་ཡང་སྦྱོར་བ་གསུམ་དང་ལྡན་པར་བྱ་བ་སྟེ། སྦྱོར་བ་དང་པོ་ནི། བལྟས་པས་ཚིམ་པ་སྟེ། ཡིད་འཕྲོག་པའོ། །སྦྱོར་བ་གཉིས་པ་ནི། རེག་པས་ཚིམ་པ་སྟེ། ལག་འཕྲད་པ་དང་འོ་བྱས་པས་ཚིམ་པའོ། །སྦྱོར་བ་གསུམ་པ་ནི། དངོས་སུ་སྦྱོར་བ་སྟེ། དགྱེས་པའི་སྐུ་རོ་ཉམས་སུ་བསྟར་བས། བྱང་སེམས་དངོས་བརྒྱད་པའོ། །གཟགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་རྣམས་ཀྱི་འདོད་ཡོན་ལ། །ཡིད་ནི་ཆགས་པས་རྣམ་པར་རོལ། །རོལ་པའི་ལོངས་སྤྱོད་རྒྱན་མི་ཆད། །དེས་ན་ལོངས་སྤྱོད་རྫོགས་པའི་སྐ། །ཡིད་བཞིན་འབར་བའི་ལོངས་སྤྱོད་ལ། །རྟག་ཏུ་ཟད་མེད་བདེ་བར་རོལ། །དེས་ན་ལོངས་སྤྱོད་རྫོགས་པ་ཞེས། །བཀའ་བརྒྱད་ཀུན་ནས་གསངས་པ་ཡིན། །ཡོ་བྱད་གཉིས་ལས་བྱང་བ་ཡིན། །བདེ་བའི་ལོངས་སྤྱོད་མང་པོ་ཀུན། །རྟག་ཏུ་འདོད་པའི་རང་ལ་རྫོགས། །འདོད་པའི་ལོངས་སྤྱོད་མང་པོ་ཀུན། །རང་ལས་བྱང་ཞིང་རང་ལ་རྫོགས། །ཐམས་ཅད་རང་ལ་རྫོགས་པས་ན། །ལོངས་སྤྱོད་རྫོགས་ཞེས་དེ་ལ་བྱ། །གསང་བའི་དགྲ་གསུམ་སོད་མ་སོད། །འཇིགས་པའི་བདད་བཞི་ཆོམས་མི་ཆོམས། །འགྲོ་དྲག་གཡང་སུ་ཆོད་མི་ཆོད། །ཚད་དང་ལྡན་ནམ་མཁས་པས་བརྟགས། །ཚད་དང་ལྡན་པར་གྱུར་པས་ན། །འགྲོ་བ་མ་ཡང་སངས་རྒྱས་ལ། །འོག་མིན་གནས་མཆོག་དེ་ཉིད་ཡིན། །འབྲོང་གཟའ་ཏི་སང་གི་གཡང་དམ། །ཡང་ནས་ཡང་དུ་རྣ་བརྒྱད་ནས། །རྡོ་རྗེ་ཡང་དབང་གཏེར་ང་ཡིས། །གཏེར་བཞད་རྩལ་ལ་གཏད་པ་ཡིན། །སྦྱོར་བ་ལྔའི་མན་ངག །ཨྠྀི། སྦྱོར་བ་ལྔའི་གདམས་ངག་གསང་བ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ།། །།རིགས་ཀུན་འདས་པའི་སྤྱི་གཟགས་དྲིན་ཆེན་རྗེའི། །ཕྱག་དཔེ་པདྨ་འགྱུར་མེད་རྒྱ་མཚོ་ཡིས། །ཤེལ་དཀར་འཇིན་མའི་ལྟོ་བ་ཡངས་པ་ལ། །ལག་སོར་འཕྲལ་གྱིས་སྲིན་བའི་ཟློས་གར་བསྒྱུར། །

༄༅། །རྫོང་འཕྲང་ལས། ཕར་མཁན་ངོས་བཟང་ཞིང་འཁྲལ་གཞི་རྩད་བཅད་པ་བཻ་རོས་གཡ་སྒྲ་ལ་གཏད་པ་བཞགས། ཨྠྀི། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱ་གར་གྱི་ཡལ་རྡོ་རྗེ་གདན་དྲང་ད། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྣང་སྲིད་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་དགོངས་ཤིང་མཁྱེན་པ་དེས། བོད་ཀྱི་དགེ་སློང་བཻ་རོ་ཙ་ན་ལ། ཐགས་ཀྱི་བང་མཛོད་སྤྲིངས་ནས། བྱང་ཆབ་ཀྱི་ཤིང་དྲང་དུ་འཁྲལ་གཞི་གནད་ཀྱི་མན་ངག་འདི་བཀའ་གནང་བའོ། །མན་ངག་འདི་ནི་ཕང་མཁན་པོ་ངོས་བཟང་འཁྲལ་གཞི་རྩད་བཅད། འཁོར་བ་རུ་བཟློག །རྡོ་རྗེ་ཟླ་བར་བཀའ་སྩལ་ཏེ། དེ་ལ་འཁྲ་བཞི་རྩད་བཅད་པ་ལ་གསུམ་སྟེ། འཁྲལ་པའི་འཁྲལ་གཞི་དང་། གནས་པའི་གནས་ལུགས་དང་། འགྲོ་བའི་འགྲོ་སུ་དང་གསུམ་མོ། །དེ་ལ་འཁྲལ་གཞི་ལ་དྲག་ཏུ་བཀའ ་སྩལ་ཏེ། གཞི་གང་ལས་འཁྲལ་བ་གང་འཁྲལ། གང་དུ་འཁྲལ། དུས་ཅི་ཙམ་ནས་འཁྲལ། སྐྱོན་ཅིས་འཁྲལ། ཚལ་ཇི་ལྟར་དུ་འཁྲལ་བ་དང་དྲག་གོ། །གནས་ལུགས་གཉིས་སུ་བཀའ་སྩལ་ཏེ། སངས་རྒྱས་སུ་གནས་པ་དང་། སེམས་ཅན་དུ་གནས་པའོ། །འགྲོ་སུ་ལ་གཉིས་སུ་བཀའ་སྩལ་ཏེ། ཐབས་ཀྱིས་འགྲོ་བ་དང་། ཤེས་རབ་ཀྱིས་འགྲོ་བའོ། །འཁྲལ་གཞི་ལ་དྲག་ཏུ་བཀའ་སྩལ་བ་ལས། གཞི་གང་ལས་འཁྲལ་ན་གཞི་ཀུན་གཞི་ལས་འཁྲལ་ལོ། །གང་འཁྲལ་ན་ཉོན་མོངས་པ་ཅན་གྱི་ཡིད་འཁྲལ་ལོ། །གང་དུ་འཁྲལ་ན། སྣང་སྲིད་འདིར་འཁྲལ་ལོ། །དས་ཇི་ཙམ་ན་འཁྲལ་ན། ཐོག་མ་མེད་པའི་དུས་ནས་འཁྲལ་ལོ། །སྐྱོན་ཇི་ལྟར་འཁྲལ་ན། མ་རིག་པས་འཁྲལ་ལོ། །ཚལ་ཇི་ལྟར་འཁྲལ་ན། ཀུན་གཞི་ལས་མ་སྐྱེས་བས། རྐྱེན་དང་གཉེན་བོས་བཅོས་ཤིང་གཞི་གང་དུ་མེད་པ། ཐོག་མ་ཐ་མ་མེད་པས། དག་པ་ཆེན་པོ་རང་གནས་པ། གཞན་གྱིས་བྱས་པ་མ་ཡིན་པས། བདག་ཉིད་དུ་རང་བྱང་བ། དུས་གསུམ་འཕོ་བ་དང་། འགྱར་བ་མེད་པས། འཆི་འཕོའི་འཇིགས་པ་དང་ཡེ་ནས་བྲལ་བ། ཟབ་ཅིང་ཆ་ཕྲ་བས་ཤིན་ཏུ་བརྟག་དཀའ་བ། བརྟག་པ་དཀའ་བས་འདི་ཞེས་བརྗོད་དུ་མེད་པ། གང་གི་ངོ་བོར་ཡང་མ་གྲབ་པས་བརྗོད་ན་ཉམས་པ། དཔེ་ཡིས་མཚོན་དུ་མེད་པས། ཟླ་དང་ཡེ་ནས་བྲལ་པ། མི་དམིགས་པའི་རྫོང་ཆེན་པོ་དེ་དང་ཡེ་ནས་མ་བྲལ་བཞིན་ད། ཡིད་ཀུན་བྱེད་ཕང་འཁྲོལ་མཁན་པོ་བྱས་པ་མེད་པར་རང་བྱང་ནས། ཐམས་ཅད་དུ་འཁྲལ་ཞིང་འཁོར་རོ། །དེ་ནས་ཡིད་ཀྱི་ཀུན་གཞི་ངོ་མ་ཤེས་ཏེ་མ་རིག་པས། གསང་བའི་དགྲ་བོས་བར་དུ་བཅད་པ་ཡིན་ནོ། །མ་རིག་པས་ང་དང་བདག་ཏུ་བཟང་བ་ནི། ནང་གི་དགྲ་བོས་བར་དུ་བཅད་པ་ཡིན་ནོ། །ང་དང་བདག་ཏུ་བཟང་བས་བསྟན་པ་ལ་གནོད་ཅིང་ལོག་པར་ལྟ་བ་བྱང་བ་ནི། ཕྱིའི་དགྲ་བོས་བར་དུ་བཅད་པ་ཡིན་ནོ། །དེ་ལྟར་དགྲ་གསུམ་གྱིས་བར་དུ་བཅད་པས། འཇིགས་པའི་བདད་བཞིས་ཀྱང་བར་དུ་གཅོད་དེ། ཕང་པོ་ལ་ང་དང་བདག་ཏུ་བཟང་ནས་མངོན་པར་ཞེན་པ་ནི། ཕང་པོའི་བདད་ཀྱིས་བར་དུ་བཅད་པ་ཡིན་ནོ། །ཕྱིའི་ཡལ་བཟང་ངན་ལེགས་མི་ལེགས་ལ་ཆགས་སྡང་སྐྱེས་པ་ནི། ལྷའི་བའི་བདད་ཀྱིས་མངོན་པར་ཞེན་པ་དེས་བར་དུ་བཅད་པ་ཡིན་ནོ། །དེ་ལྟར་ཕང་པོ་དང་། ཡལ་ལ་ཞེན་པས་ན་བ་དང་། ཚྭ་བ་དང་། བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་འབྱང་བ་ནི། ཉོན་མོངས་པའི་བདད་ཀྱིས་བར་དུ་བཅད་པ་ཡིན་ནོ། །ཉོན་མོངས་པའི་སྡུག་བསྔལ་བྱང་བས་འཆི་བ་གཅིག་བྱང་བ་ནི། འཆི་བདག་གི་བདད་ཀྱིས་བར་དུ་བཅད་པ་ཡིན་ནོ། །དེར་འཆི་བ་གཅིག་བྱང་བ་དེ་ལ་གསོད་པ་ཞིག་བྱང་བ་ནི། ལྷའི་བའི་བདད་དམ་འཆི་བདག་གི་བདད་ཀྱིས་བར་དུ་བཅད་པ་ཡིན་ནོ། །དེ་ལྟར་ད་ལྟ་དགྲ་གསུམ་དང་བདད་བཞིས་བར་དུ་བཅད་པས་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲག་ཏུ་འཁྱམས་ཉོན་མོངས་པའི་སྡུག་བསྔལ་བསྡོ་ཙམ་ན། ཀུན་གཞི་བདེ་བ་ཆེན་པོར་ཤར་ཏེ་བདེ་བ་ཆེན་པོར་ཡོད་དོ། །དེ་ནི་དཔེར་ན་ཉི་མའི་སྙིང་པོ་ལས་འོད་ཟེར་ཕྱོགས་མེད་དུ་བརྡལ་ཙམ་ན། སྤྲིན་དང་ཁ་རླངས་ཀྱིས་བསྒྲིབ་པར་སྣང་བ་ཡང་འོད་ཟེར་རང་བསྒྲིབ་ཅིང་འོད་ཟེར་རང་འགགས་པ་ཡིན་ཏེ། ཉི་མའི་སྙིང་པོ་ལ་འགྲིབ་མ་མྱོང་འགགས་མ་མྱོང་བས་གསལ་ཡང་མ་མྱོང་བའོ། །དེ་བཞིན་དུ་ཀུན་གཞི་སྐྱེ་བ་མེད་པ་ལས་ཡིད་འགགས་པ་མེད་པ་ཤར་ནས། ཡིད་ལ་ཉོན་མོངས་པའི་སྡུག་བསྔལ་གྱིས་བཅིངས་ཤིང་བཀྲག་ཙམ་ན། ཀུན་གཞི་ལ་སྡུག་བསྔལ་གྱི་བརྫི་མ་མྱོངས་བས་བདེ་བ་ཡང་མྱོང་ཞེས་བྱའོ། །ཚལ་དེ་ལྟར་འཁྲལ་བ་ཡིན་ནོ། །གནས་ལུགས་ལ་གཉིས་སུ་བཀའ་སྩལ་བ་ནི། སེམས་ཅན་ལ་གནས་པའི་དུས་དང་། སངས་རྒྱས་སུ་གནས་པའི་དུས་སོ། །སེམས་ཅན་དུ་གནས་པའི་དུས་ནི། ཉོན་མོངས་པ་ཅན་གྱིས་ཡིད་རང་ངོ་རང་གི་ལྟ། རང་གིས་རང་མ་རིག་པས་འཁྲལ་ཞིང་འཁོར་བས། ད་ལྟ་སེམས་ཅན་དུ་གནས་པ་ཡིན་ཏེ། ཉོན་མོངས་པ་རྒྱན་མི་ཆད་པར་སྡུག་བསྔལ་བས། བདྡྷའི་བདེ་བ་ནི་སྐད་ཅིག་ཀྱང་མ་མྱོང་བར་གནས་པའོ། །སངས་རྒྱས་སུ་གནས་པའི་དུས་ནི་ཉོན་མོངས་པ་ཅན་གྱིས་ཡིད་རང་ངོ་རང་གིས་མ་ཤེས་པས་མ་རིག་པར་ཤེས་ནས། ཉོན་མོངས་པའི་སྡུག་བསྔལ་བདེ་བར་ཤར་བའི་དུས་ན། ཐམས་ཅད་ནས་ཐམས་ཅད་དུ་བདྡྷའི་བདེ་བ་རྒྱན་མི་ཆད་པས་འཁོར་བ་བྱ་བའི་མིང་ཡང་མ་མཐོང་བས་ན། བདྡྷ་རུ་གནས་ཞེས་བྱའོ། །འགྲོ་བ་ལ་གཉིས་སུ་བཀའ་སྩལ་ཏེ། ཐབས་ཀྱིས་འགྲོ་བ་དང་། ཤེས་རབ་ཀྱིས་འགྲོ་བའོ། །དེ་ལ་ཐབས་ཀྱི་འགྲོ་བ་ནི། གསང་སྔགས་ཐབས་ཆེ་བ་དང་། ཐབས་མྱར་བ་དང་། ཐབས་ཡངས་པ་དང་། ཐབས་མང་པ་དང་། ཐབས་ཟབ་པ་དང་། ཐབས་མཁས་པ་རྣམས་ལམ་དུ་ཁྱེར་ཏེ་བདྡྷའི་སུ་ལ་འགྲོ་བའོ། །ཤེས་རབ་ཀྱིས་བགྲོད་པ་ནི། ཕང་པོ་རྩད་ཆོད་ནས་སྙིང་པོ་བྱང་ཆབ་ངོ་ཤེས་ནས། ཤེས་རབ་སྤྲོས་པ་མེད་པའི་དབྱིངས་ལས་མ་གཡོས་པར་གནས་པ་ནི། ཤེས་རབ་ལམ་དུ་ཁྱེར་བ་སྟེ། གཅིག་ཅར་བགྲོད་པའོ། །འཁྲལ་གཞི་རྩད་གཅོད་གནད་ཀྱི་མན་ངག་འདི། བཻ་རོ་ཙ་ནས་གཡ་སྒྲ་སྙིང་པོ་ལ། །བཅད་ཀྱིས་དངས་མ་གནས་པའི་གཏེར་དུ་བཞག །དམ་ཚིག་གཞང་ཅན་ཤོར་རུ་རེ། ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། འཁྲལ་གཞི་རྩད་ཆོད།། །།ཨྠྀི། གྱ་ཧྱ། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། རྫོང་འཕྲང་གི་ཡོན་ཏན་བཤད་པ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ད་ནི་རྫོང་འཕྲང་གི་ཡོན་ཏན་བརྗོད་པར་བྱ་སྟེ། དེ་ལ་ལྟ་བའི་རྫོང་ནི། ཆོས་ཐམས་ཅད་གདོད་མ་ནས་སངས་རྒྱས་པ་སྟེ། ཡེ་ནས་མ་བཙལ་ལྷན་གྱིས་གྲབ་པའི་ཆོས་ཉིད་དུ་ཐག་ཆོད་ལ། འཕྲང་གིས་ནི། དེ་ལྟར་སངས་རྒྱས་བ་དེ་བདག་ཉིད་ཆེན་པོར་ལྷན་གྱིས་གྲབ་པའོ། །དེ་ཡང་ཨ་ཏི་ཡོ་གའི་སྐབས་སུ་འགྲོ་དྲག་གི་གཡང་སུ་བཅད་དོ། །ཨ་ན་ཡོ་གའི་སྐབས་སུ་ཐགས་མཚན་ནམ་ཡིག་འབྲ་ལ་སེམས་བཟང་ནས་ལས་གཉིས་སུ་བྱ་བ་ལ་ཐག་བཅད་དོ། །མ་ཧཱ་ཡོ་གའི་སྐབས་སུ་ལྷ་རུ་བསྒྱུར་བ་གསང་བའི་དགྲ་གསུམ་གྱི་གཡང་སུ་བཅད་པའོ། །དེ་ནས་དེ་རྣམས་ཉམས་སུ་མྱོང་བ་དང་སངས་རྒྱས་ཀྱི་སུ་ལ་སྦྱར་ཐབས་རྣམ་པ་གསུམ་ཡོད་དེ། ཨ་ཏི་ཡོ་ག་ཀུན་ཏུ་བཟང་པོའི་སུ་དབྱེ་བ་མེད་པའི་སུ་ལ་སྦྱར་བ་དང་ཨ་ན་ཡོ་ག་ལས་གཉིས་སུ་འཕོ་བ་ལ་སྦྱར་བ་དང་མ་ཧཱ་ཡོ་གས་ལྷ་ཞི་ཁྲོའི་ཞིང་ཁམས་ལ་སྦྱར་བའོ། །དེ་ལ་ཀུན་ཏུ་བཟང་པོ་འདི་བྱེད་བ་མེད་པའི་སུ་ལ་སྦྱང་བ་ནི་གཉིས་ཏེ་རྫོང་དང་འཕྲང་ངོ་། །རྫོང་གི་ནི་ཡེ་ནས་སངས་རྒྱས་པར་ཐག་ཆོད་ལ་འཕྲང་གི་འགྲོ་དྲག་ཏུ་སྣང་བའི་དུས་ཉིད་ནི་རང་གི་སེམས་སུ་ཤེས་ཏེ་སེམས་ཡེ་ནས་སངས་རྒྱས་སུ་ཐག་ཆོད་ལ་འགྲོ་བ་དྲག་དང་། དུས་གསུམ་གྱི་སངས་རྒྱས་དབྱེ་བ་མེད་པའི་ངང་ཉིད་ལས། འགྲོ་ཉལ་འདག་སྡོད་དུ་བསྒོམ་ཞིང་། འདག་པ་ནི་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་སུ་ཞེས་བྱའོ། །ཨ་ན་ཡོ་ག་ལས་གཉིས་སུ་བྱ་བ་ནི། བདག་ཉིད་ཀྱི་ལས་གཉིས་སུ་བྱ་སྟེ། སྔར་ནས་ཀྱང་ལས་ཕ་མའི་རྒྱ་རྐྱེན་ལས་གྲབ་པ་འདི་དང་ཏིང་འཛིན་ལས་གྲབ་པའི་ལས་དང་གཉིས་ལ་བལྟ་ཞིང་བརྟགས་པ་དང་། དེ་ཉིད་ལ་ཁྱད་པར་བྱེ་བྲག་མེད་པར་ཤེས་པ་དང་། གཡང་སུ་བཅད་པ་ལ་སྦྱང་བ་སྔ་མ་བཞིན་དུ་བརྟགས་ཤིང་ཤེས་པར་བྱའོ། །མ་ཧཱ་ཡོ་གའི་ལྷའི་དཀྱིལ་འཁོར་ཞིང་ཁམས་ལ་སྦྱང་བ་ལ་གཉིས་ཏེ། གང་ཟག་འདོད་ཆགས་ཅན་ཞི་བའི་ཚལ་དག་དང་ལྡན་པའི་ལྷ་ལ་སྦྱང་བ་དང་། ཞེ་སྡང་ཅན་འབར་བའི་གར་དག་དང་ལྡན་པའི་ལྷ་ལ་སྦྱང་བའོ། །དེ་ལ་འདོད་ཆགས་ཅན་ཞི་བའི་ཚལ་དག་དང་ལྡན་པའི་ལྷ་ལ་སྦྱང་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཞི་བའི་ལྷ་ཚོགས་ཀྱིས་གང་སྟེ། པདྨ་འདབ་མ་སྟོང་དང་ལྡན་པ་སུ་གཞི་གང་བའམ་གསེར་ལས་བྱས་པའི་སུ་གཞི་མནན་ན་ནེམ་པ་ལ། བརྟེག་ན་འཕར་བ་བྱེད ་སྙོམས་པའི་སྟེང་ན། ལྷ་མོ་མང་པོ། མགར་ཆ་དང་། སྙན་ཆ་དང་། དཔང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། མི་སྒྲིབ་པའི་བརྒྱན་མང་པོས་བཀླབ་པའི་ནང་ན། བདག་དང་མཉམ་པའི་རོལ་པ་སྦྱོར་བ་འདོད་པའི་དངོས་པོའི་ཡོན་ཏན་ལྔ་རང་ལས་བྱང་བ་ལ་རོལ་བ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །ཞེ་སྡང་ཅན་འབར་བའི་གར་དག་དང་ལྡན་པའི་ལྷ་ལ་སྦྱང་བ་ནི། ལྷ་ཁྲོ་བོ་དང་ཁྲོ་མོ་དང་གཏམ་བག་ཅན་རྣམས་ཀྱིས། ཁྲོ་ཚལ་དྲག་ཅ་རྩ་གཉིས་སམ། ཉི་ཤ་གནས་པ་དེ་ལ་ཡན་རིང་དུ་སྦྱངས་པ་དེ་ནི། གང་ཟག་ཞེ་སྡང་ཅན་བསྒྲལ་བའི་ཐབས་ཚལ་ཏེ། ཀེང་རས་ཀྱི་རི་རབ་དང་རས་པའི་སྒོང་ཁྲོད་དང་། ཁྲག་གི་རྒྱ་མཚོ་དང་། ཆ་སེར་གྱི་འབབ་ཆ་ལ་སོགས་པ་བསྒོམ་པ་སྟེ། དྲེགས་པས་བཅིངས་པ་དང་ང་རྒྱལ་གྱིས་ཁེངས་པ་དང་། ཞེ་སྡང་གི་མེ་མཆེད་པ་ལ་སོགས་པའི་གདག་པ་ཅན་ཚར་བཅད་པ་སྟེ། དེ་ཡང་བདག་ཉིད་གོང་ལྟར་ཁྲོ་བོའི་ཏིང་ངེ་འཛིན་དུ་གསལ་ཙམ་ན། གསང་བའི་དགྲ་གསུམ་སོད་དམ་མ་སོད་བརྟགས་ལ། ལོངས་སྤྱོད་རྫོགས་པའི་དངོས་གྲབ་བླང་བར་བྱའོ། །ཞིང་ཁམས་ཀྱི་དཀྱིལ་འཁོར་གསུམ་སྦྱང་བ་ནི། སངས་རྒྱས་ཀྱི་སུ་ལ་སྦྱངས་ཏེ། ཏིང་ངེ་འཛིན་ཐོབ་པ་དང་། གཏན་པ་དང་། སྟོབས་སུ་གྱུར་པ་གསུམ་ཐོབ་ན་བཟོད་སྦྱང་ངོ་། །དེ་ནི་རབ་ཟླ་བ་དྲག་གིས་སྦྱང་། འབྲིང་ཟླ་བ་བཅ་བཞི་འམ་བཅ་བདན་གྱིས་འབྱོངས། ཐ་མ་ལོ་ལྔས་འབྱོངས་སོ། །དེ་འབྱོངས་པས་སངས་རྒྱས་ལག་གིས་ལེན་ཞེས་པ་སྟེ། རང་སེམས་ཡེ་ནས་སངས་རྒྱས་ཟིན་པ་དེ་དང་ངོ་སྤྲད་པའོ། །ལྟ་བ་ཕལ་དུ་བྱང་བ་དང་། །སྤྱོད་པ་རྨད་དུ་བྱང་བ་ཡི། །གསང་སྔགས་རྫོང་འཕྲང་ཡོན་ཏན་འདི། །རྡོ་རྗེ་ཡང་དབང་གཏེར་ང་ཡིས། །གཏེར་བཞད་རྩལ་ལ་གཏད་པ་ཡིན། །རྒྱ་རྒྱ་རྒྱ། གསང་ངོ་། །གསང་ངོ་། །གསང་ངོ་།། །།

༄༅། །རྫོང་འཕྲང་ལས། གང་ཤིང་དགའི་མན་ངག་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསང་སྔགས་ནང་པའི་གང་ཤིང་དག་ལ། ཐག་བཅད་པ་གསམ། ལ་དོར་བ་གསམ། ས་བཟང་བ་གསུམ་སྟེ་དགའོ། །དེ་ཡང་མ་ཧཱ་ཡོ་གས་ཐག་གར་བཅད། ལ་གར་དོར། ས་གར་བཟང་། ཨ་ན་ཡོ་གས། ཐག་གར་བཅད། ལ་གར་དོར། ས་གར་བཟང་། ཨ་ཏི་ཡོ་གས། ཐག་གར་བཅད། ལ་གར་དོར། ས་གར་བཟང་བའོ། །དེ་ལ་མ་ཧཱ་ཡོ་གའི་གསུམ་ནི། མ་ཧཱ་ཡོ་གའི་ཐག་བཅད་པ། སྐ་གསང་ཐགས་ཡོན་ཏན་ཕྲིན་ལས་ལྔའོ། །སྐ་ལ་བགྲེས་རྒད་མི་མངའ་སྟེ། རང་རིག་པའི་སྐ། གསམ་ལ་འགག་པ་མི་མངའ་སྟེ། དྲི་མ་མེད་པའི་གསང་། ཐགས་ལ་སྐྱེ་འཆི་མི་མངའ་སྟེ། རིག་པ་རྒྱན་དུ་འཆར་བའི་ཐགས། ཡོན་ཏན་ལ་འཕེལ་འགྲིབ་མི་མངའ་སྟེ། སྐ་གསང་ཐགས་གོམས་པ་དང་ཕྲིན་ལས་ཐོགས་པ་མི་མངའ་སྟེ། ནོར་བ་རིན་པོ་ཆེ་དང་འདྲའོ། །དེ་ལྟ་བའི་རང་བཞིན་དུ་ཤེས་ཤིང་རྟོགས་ཕན་ཆད། ལྟ་བས་ཐག་བཅད་པ་ཞེས་བྱའོ། །སྤྱོད་པས་ལ་དོར་བ་ནི། དེ་ལྟར་སྐུ་གསང་ཐགས་ཡོན་ཏན་ཕྲིན་ལས་ཐག་ཆོད་ཕན་ཆོད་ད། མིག་གིས་བལྟས་ནས་གོམ་པས་བགྲོད་པ་དང་འདྲ་སྟེ། ལྟ་བའི་བྱ་རུ་བས་སོ་ཐག་ཆོད་ཕན་ཆོད་ད། གོམ་པས་བགྲོད་པས་ལམ་དོར་དེ་བགྲོད་དོ། །བགྲོད་དེ་འགྲོ་བས་ལ་སྤྱོད་པས་ལ་དོར་བ། སྦྱོར་བ་དང་། སྒྲོལ་བ་གཉིས་ལ་ཐོགས་པ་མེད་པའི་བརྟལ་ཞགས་ཀྱིས་སྤྱོད་པ་ལ། ལ་སྤྱོད་པས་དོར་ཞེས་བྱའོ། །ས་གར་བཟང་བ་ནི། དེ་ལྟར་ལྟ་སྤྱོད་གཉིས་ཡ་མ་བྲལ་སྤྱོད་པའི་དུས་ཉིད་ན། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངང་ལས་བཟང་སྟེ། ཐབས་ཏིང་ངེ་འཛིན་གྱི་རོལ་པ་གར་མཁན་གྱི་ཕ་དང་དང་འདྲ་ལ། ཤེས་རབ་འཛམ་བ་གླིང་དུ་ཉི་མ་ཤར་བ་དང་འདྲ་སྟེ། ལྟ་བས་རྟོགས་ཤིང་། སྤྱོད་པས་ལོངས་སྤྱོད་པའི་ངང་ལ་གནས་པའི་ལུགས་ཏེ། རྒྱད་མ་ཧཱ་ཡོ་གའི་འདག་སའོ། །ལང་ཨ་ན་ཡོ་ག་ལ་ཡང་གསུམ་ལས། ཐག་ལྟ་བས་གཅོད་པ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པའི་ལྟ་བ་ཡིན་ཏེ། དབྱིངས་ནི་ཡེ་ནས་གནས་པའི་ཆོས་ཉིད། ཡེ་ཇི་བཞིན་པ་དེ་ལ། ཡེ་ཤེས་ཡེ་ནས་གནས་པའི་དོན་དེ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པ་ནི། ལྟ་བས་ཐག་བཅད་པའོ། །དེ་ཡང་དེ་ལྟར་རྟོགས་པའི་དོན་ལ་ཐག་བཅད་དོ། །ལ་སྤྱོད་པས་དོར་བ་ནི། ལང་ལས། ཨེ་མ་ཧོ། ངོ་མཚར་རྣལ་འབྱོར་པ། །ལས་མ་བོར་བར་ཚེ་གཉིས་བླངས། །སྐྱེ་ཤི་མེད་པའི་རྟེན་མཆོག་ཐོབ། །ཅེས་གསངས་ཏེ། རྣལ་འབྱོར་པའི་ཏིང་ངེ་འཛིན་ལས་སུ་རང་བའི་དུས་ན། ལས་གཉིས་སུ་བྱས་ཏེ། ལས་ཕྱི་མ་ལ་འདག་པའི་དུས་ན། ཉམ་ང་བ་མེད་པའི་སྟོབས་ཀྱིས་འདག་པ་ནི། ལ་སྤྱོད་པས་དོར་བའོ། །ས་གར་བཟང་བ་ནི། འད་བ་དང་འབྲལ་བ་མེད་པར་སུ་བཟང་བ་སྟེ། འད་འབྲལ་མེད་པའི་ངང་དུ་རྟོགས་པ་ལ་སུ་བཟང་བ་ཡིན་ནོ། །མན་ངག་ཨ་ཏི་ཡོ་ག་ལ་ཡང་གསུམ་ཡོད་པ་ལས། ལྟ་བས་ཐག་བཅད་པ་ནི། སངས་རྒྱས་ལོག་ན་མེད་པར་ཐག་ཆོད་དེ། འབད་རྩོལ་དང་བྱ་བཙལ་ལས་ལོགས་ནས་སངས་རྒྱས་མི་འབྱང་སྟེ། རང་གི་སྙིང་པོ་བྱང་ཆབ་ཉིད་ཡེ་ནས་སངས་རྒྱས་ཟིན་པར་ལྟ་བས་ཐག་ཆོད་དོ། །ལ་སྤྱོད་པས་དོར་བ་ནི། འགྲོ་བ་དྲག་པོ་ཐམས་ཅད་ཡེ་ནས་རང་སངས་རྒྱས་པ་ཡིན་ཏེ། སེམས་ཅན་མ་ཤི་བར་སངས་རྒྱས་སུ་འཇག་ཅིང་ལ་དོར་སྟེ། སེམས་ཅན་ཉིད་སངས་རྒྱས་སུ་ཡིད་ཆེས་བླང་དོར་དང་སྤང་བླང་དང་། ཐོག་ཆགས་མེད་པར་དོར་རོ། །ས་གར་བཟང་བ་ནི། སངས་རྒྱས་སེམས་ཅན་གཉིས་སུ་མེད་པའི་ངང་ལས་བཟང་བ་སྟེ། བཀའ་ལས། སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་གྱིས་བཅོས་སུ་ག་ལ་ཡོད། །ཅེས་པ་དང་། རྨད་དུ་བྱང་བ་རིན་པོ་ཆེ་གསེར་གླིང་འདྲ་སྟེ། ཐམས་ཅད་ཡེ་སངས་རྒྱས། ཞེས་གསངས་ཏེ། ཀུན་ཏུ་བཟང་པོ་ལ་ངན་པའི་མིང་མེད་དེ། གསང་སྔགས་ཀྱི་གང་ཤིང་དག། ཡང་དབང་གཏེར་གྱིས། གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ། ངོ་མཚར་ཆེའོ།། །།

༄༅། །རྫོང་འཕྲང་ལས། པདྨས་དགེ་ལྡན་མ་ལ་གདམས་པ་རྒན་མོ་འཛབ་ཚགས་ཀྱི་གདམས་པ་བཞགས། དཔལ་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བྲག་དམར་བསམ་ཡས་ས། ཁྲི་སྲོང་ལྡེའ་བཙན་དད་པ་དང་ལྡན་པ་བྱང་ཆབ་སེམས་དཔའ་དེས། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་དེ་ཉིད། ཡལ་ཡང་ལེ་ཤོད་ནས་སྤྱང་དྲངས་པས་བྱོན་ནས་གཤེགས་པའི་དུས་ས། རྗེ་ཆེན་པོ་མངའ་བདག་ཉིད་ཀྱི་མཆོད་གནས་སུ་བཞུགས་པ་ལས། དགེ་ལྡན་མས་བརྫི་མོ་མར་གོང་བཟའ་རིན་ཆེན་མཚོ་ཞེས་བྱ་བ་ཞིག །སློབ་དཔོན་ལ་ནང་མ་རེ་རེ་ཆབ་ཞོ་ཞལ་བ་རེ་རེ་ལ་དགན་འབྲ་སྤར་རེ་བཏབ་ཅིང་འདྲེན་ཏ་བཏང་བ་ལ། དེ་ནས་ནངས་མ་ཅིག་ཙམ་ན། སློབ་དཔོན་ཆེན་པོ་རྒྱ་གར་ཡུལ་དུ་གཤེགས་པ་ལ། རྒན་མོ་དགེ་ལྡན་མས་བསྐོར་བ་ལན་གསུམ་བྱས་ནས། སློབ་དཔོན་ལགས། རྒན་མོ་ངན་བ་ལ། འཆི་ཁ་མའི་རྒྱག་གཅིག་ཞ་འཚལ་ཞེས་ཞས་པ་ལས། སློབ་དཔོན་ཆེན་པོའི་ཞལ་ནས། འོ་རྒན་མོ་ཁྱོད་གང་ཞིག་ཡིན་ཅེས་བཀའ་སྩལ་པ་ལས། རྒན་མོ་ན་རེ་འཁོལ་མོ་ངན་བ་ནི། ནངས་མར་རེ་རེ་ཆབ་ཞོ་ཞལ་བ་རེ་འདི་སྐྱེལ་འདྲེན་དུ་བཏང་ནས་མཆི་བ་དེ་ལགས་སོ་ཞེས་ཞས་པ་ལས། སློབ་དཔོན་ཆེན་པོས་བཀའ་སྩལ་པ། འོ་ན་ཁྱོད་ཁྲི་སྲོང་ལྡེའ་བཙན་པས་ཀྱང་དད་པ་ཆེ་བ་དེ་ཡིན་པར་འདག་ལ་ཞེས་གསངས་ནས། ཤིན་ཏུ་བཀའ་ཉིད་བྱམས་པར་གྱུར་ཏེ་གནང་བར་ཞལ་གྱིས་བཞེས་སོ། །དེ་ནས་སློབ་དཔོན་གྱི་ཞལ་ནས། འོ་ན་ཁྱོད་དེ་ལྟར་མོས་ན། སྐྱིལ་མོ་དཀྲང་ཆོས་ལ་འདག་ཅིག །ངས་བཤད་དོ་གསངས་ནས། ག་རས་བཀའ་སྩལ་པ། མདན་གྱི་ནམ་མཁའ་ལ་ཡི་གེ་ཧཱུྃ་ཅིག་སོམས་ཤིག །དེ་ཤིན་ཏུ་གསལ་བར་གྱུར་པ་དང་། རང་གི་སྙིང་གར་སོམས་ཤིག །དེ་ཤིན་ཏུ་གསལ་བར་གྱུར་པ་དང་། བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཕྱག་གཡས་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་བ་ཐགས་ཀར་འཛིན་པ། ཕྱག་གཡོན་པ་ན་དངལ་དཀར་གྱི་དྲིལ་བ་དཀར་བརྟེན་པ། གདན་གླང་པོ་ཆེ་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཅིག་ཏུ་བདག་ཉིད་གསལ་བར་སྒོམས་ཤིག །དེ་གསལ་བར་མངོན་དུ་གྱུར་པ་དང་། དགྲ་གསུམ་བསད་པའི་བསད་ལགས་དང་། བདད་བཞི་གཞོམ་པའི་གཞོམ་ལུགས་ཤེས་པར་གྱིས་ལ། རྟག་ཏུ་འགྲོ་ཉལ་འདག་སྡོད་འགྲེང་གན་རྐྱལ་ཁ་སྦུབ། ཇི་ལྟར་སོང་ཡང་དེ་ལས་མ་ཡེངས་ཤིག །དེས་བ་རྒན་མོ་ཐར་པ་ཐོབ་པར་འགྱུར་རོ། །གསངས་ནས་རྒྱ་གར་ཡུལ་དུ་གཤེགས་སོ། །དེ་ནས་རྒན་མོ་དཔོན་གཡོག་གཉིས་ཀྱིས་ཀྱང་། དེ་ཁ་ལྟར་དུ་བསྒྲུབས་པས་གྲབ་པ་ཐོབ་ནས་སངས་རྒྱས་པར་གྱུར་ཏོ། །ཆོས་འདིའི་མིང་ཡང་རྒན་མོ་མཛབ་ཚགས་ཞེས་བྱ་སྟེ། །སློབ་དཔོན་གྱིས་རྒན་མོའི་སྙིང་གར་མཛབ་མོ་བརྩགས་ནས་བཤད་པས་རྒན་མོ་མཛབ་ཚགས་ཞེས་བྱའོ། །རྒན་མོ་མཛབ་ཚགས་ཀྱི་མན་ངག །ཨྠྀི། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། དབང་གི་མན་ངག་ཆ་བོ་བཞིའི་བབས་ཚལ་བཞགས། རྒྱ་བོད་མཁས་པ་མི་བཞིའི་ཐགས་བཅད་གནག་པའི་མཐར་ཐག་འདི་ཁོ་ནའོ། །ཨྠྀི། ཟབ། གསང་སྔགས་ཀྱི་བདག་ཉིད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསང་སྔགས་ཀྱི་སྒོ་ཐམས་ཅད་ནི་དབང་ལ་ཐག་པ་ཡིན་ནོ། །དེ་ལ་དབང་གི་ངེས་པའི་ཚིག་ནི། ཉོན་མོངས་པས་མི་བརྫི་བའི་ལས་ཅན་ནོ། །དེ་ལ་དབང་གི་ཆ་བོ་ཆེན་པོ་བཞི་ལ། རྒྱ་གར་གྱི་བཞི་དང་བོད་ཀྱི་བཞི་སྟེ་བརྒྱད་ཡོད་དོ། །རྒྱ་གར་གྱི་དབང་གི་ཆ་བོ་ཆེན་པོ་བཞི་ནི་ཡིད་དམ་ལྷས་དབང་བསྐར་ནས་ཐོབ་པ་དང་། བཀའ་བརྒྱད་རྟགས་ཀྱི་གླེགས་བམ་གྱིས་དབང་བསྐར་ནས་རང་རིག་པའི་རྩལ་གྱིས་བསྐར་ནས་ཐོབ། དགེ་བའི་བཤེས་གཤེན་མཁས་བཙན་གྱིས་དབང་བསྐར་ནས་ཐོབ་པ་དང་བཞིའོ། །དེ་ལ་ཡི་དམ་ལྷས་དབང་བསྐར་ནས་ཐོབ་པ་ནི། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཡིན་ཏེ། ཡི་དམ་གྱི་ལྷ་རྡོ་རྗེ་སེམས་དཔའ་དངོས་སུ་བྱོན་ནས་དབང་བསྐར་ནས། བྱང་ཆབ་ཀྱི་སེམས་ཡེ་ནས་མ་བཅོས་པར་ལྷན་གྱིས་གྲབ་པའི་ལུགས་སུ་བཤད་དོ། །བཀའ་བརྒྱད་རྟགས་ཀྱི་གླེགས་བམ་གྱིས་དབང་བསྐར་ནས་ཐོབ་པ་ནི། རྒྱལ་པོ་ཨིནྟྲ་བྷོ་དྡྷི་ཡིན་ཏེ། རི་མ་ལ་ཡའི་རྩེ་མོ་ལ་དགོངས་པར་མཛད་ཅིང་བཞུགས་སོ། །དེར་བཞུགས་པའི་ནབ་མོ་རྨི་ལམ་ན། རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻཌཱུཪྱ་ཞན་མས་རང་ནན་དུ་བྲིས་པ་ཞིག །རྒྱལ་པོའི་ཁང་སྟེངས་སུ་བབ་པ་ཞིག་རྨིས་ནས། དེར་ནངས་པར་བལྟས་པས་དེ་ཁ་ལྟར་འདག་པ་དེ་དབ་ལ་གཏགས་ནས་ཁ་ཕྱེ་ནས་བལྟས་པས་གང་ཡང་ཤེས་པར་མ་གྱུར་ནས། ཁྱིའི་རྒྱལ་པོ་ཀ་ཀ་རཱ་ཙ་ལ་བསྟན་པས་ཀྱང་མ་མཁྱེན་ནས། དེ་རྒྱལ་པོས་གླེགས་བམ་སྤྱི་བོར་བཞག་སྟེ་གདང ་བ་སྐྱེད་ནས་ཞག་བདན་དུ་མཉམ་པར་བཞག་པ་ལས། དེས་རྡོ་རྗེ་སེམས་དཔའི་ཞལ་མཐོང་བར་གྱུར་ཏེ། དེ་ནས་ཡང་ཞག་ཉི་ཤུ་རྩ་གཅིག་ཏུ་མཉམ་པར་བཞག་པ་ལས། དེའི་དུས་སུ་གླེགས་བམ་གྱི་དོན་ཐམས་ཅད་ཐགས་སུ་གསལ་ཏེ། ཏནྟྲའི་དོན་ཐམས་ཅད་ལ་མཁས་པར་གྱུར་པ་དེས་དབང་ཐོབ་པའོ། །རང་རིག་པའི་རྩལ་གྱི་དབང་བསྐར་ནས་ཐོབ་པ་ནི། པདྨ་སཾ་བྷ་ཝ་ཡིན་ཏེ། ཕྱི་ནང་སྣང་སྲིད་ཐམས་ཅད་རང་གི་རིག་པ་བྱང་ཆབ་ཀྱི་སེམས་ཉིད་དེ། དཔལ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་པར་རིག་པར་རང་ལ་རང་ཤར་ཏེ། ཁམས་གསུམ་ཡོངས་བསྒྲལ། སྲིད་གསུམ་གཏད་སྤུགས། དག་གསུམ་རྩད་བཅད་ནས་རང་གི་རང་རྟོགས་པའི་དབང་ཐོབ་སྟེ། སྐ་གསང་ཐགས་ཡོན་ཏན་ཕྲིན་ལས་ལྔ་རུ་ལྷན་གྱིས་གྲབ་པར་གྱུར་ཏོ། །དགེ་བའི་བཤེས་གཉེན་གྱིས་དབང་བསྐར་ནས་ཐོབ་པ་ནི། བི་མ་ལ་མ་ཏྲ་ཡིན་ཏེ་དེ་ཡང་པཎྜི་ཏ་ལྔ་བརྒྱ་ལ། རྒྱ་གར་གྱི་རྒྱལ་པོས་ཞས་པ། བོད་ཀྱི་བཙད་པོས་ང་ལ་གསེར་བྱེ་བྲེ་གང་བསྐར་ནས། སྐྱེས་ལེན་དུ་པཎྜི་ཏ་མཁས་པ་ཅིག་རྫོངས་ཤིག་ཅེས་ཞ་བས། ཁྱེད་འདི་རྣམས་ཀྱི་ནང་ནས་མཁས་པ་གཅིག་བོད་ཡུལ་དུ་གཤེགས་འཚལ་ལོ་བར་ཞས་བ་ལས། ལྔ་བརྒྱའི་ནང་ནས་ལྔ་ཚིགས་སུ་གྱུར་ཅིག །མཁས་པ་ནི་བི་མ་ལ་མི་ཏྲ་བཞུགས་པ་ལ། ཡར་གྱི་རྣམས་ཀྱང་སྤྱན་གཅིག་ཏུ་གཟིགས། མར་གྱི་རྣམས་ཀྱང་སྤྱན་དུས་གཅིག་ཏུ་གཟིགས་པས། བི་མ་ལ་མ་ཏྲས་གོ་ནས། ཚིག་བཤད་བརྩམས་པ། །གཞ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བའི་འཐེབ་མོས་རྩོལ་ཕོད་ན། །མདས་ཀྱང་འབེན་ལ་སྐྱོལ་བར་འ གྱར། །གྲ་བོ་དག་ལ་བརྟེན་པའི་མི། །སྐྱེས་བའི་སྐྱ་བས་རྩོལ་ཕོད་ན། །གྲས་ཀྱང་ཕ་རོལ་ཕྱིན་པར་འགྱར། །རིག་པ་དག་ལ་བརྟེན་པའི་མི། །སྐྱེས་བས་འད་ཤེས་བསྐྱོད་གྱུར་ན། །རང་ཡལ་མིན་པའི་སུ་ཕྱོགས་ས། །ལས་ཀྱང་རང་དབང་མེད་པར་འགྲོ། །ཅེས་གསངས་ནས་བོད་དུ་བྱོན་ཏེ། པཎྜི་ཏ་ལྔ་བརྒྱས་དབང་བསྐར་ནས་ཐོབ་བོ། །རྒྱ་གར་གྱི་དབང་གི་ཆ་བོ་ཆེན་པོ་བཞི་དེ་ལྟར་ཡིན་ནོ། །དེ་ནས་བོད་ཡུལ་དུ་པདྨ་སཾ་བྷ་ཝ་དང་། བི་མ་ལ་མ་ཏྲ་དང་། ཤིནྟ་གརྦྷ་དང་། བདྡྷ་གཔྟ་དང་བཞི་བྱོན་པ་ལས། བདྡྷ་གཔྟས་ནི་གངས་ཀྱི་སེང་གེ་ལྟར་རྒྱ་གར་དུ་གཤེགས་ཏེ། བོད་ཀྱི་ལྷ་སྲས་ཁྲི་སྲོང་ལྡེའ་བཙན་གྱིས་དབ་མཛད་པའི་རྗེ་འབངས་རྣམས་ལ་གདམས་ངག་སྤྲིངས་ནས་སླར་གཤེགས་སོ། །ཤནྟ་རཀྵི་ཏ་ནི་དགོངས་པ་ལ་གཤེགས་ནས། བོད་ལ་ཕན་མ་ཐོགས་སོ། །བོད་ཀྱི་དབང་གི་ཆ་བོ་ཆེན་པོ་བཞི་ལ། པདྨ་སཾ་བྷ་ཝ་དང་། བི་མ་ལ་མ་ཏྲ་དང་། གནབ་ནམ་མཁའི་སྙིང་པོ་དང་། རྒྱལ་མོ་གཡ་སྒྲ་སྙིང་པོ་དང་བཞི་ཡིན་ནོ། །དེ་ལྟར་རྒྱ་གར་གྱི་མི་གཉིས་དང་། བོད་ཀྱི་མི་གཉིས་སྟེ་བཞི་པོ་དེ་ལ། བོད་ཀྱི་དབང་གི་ཆ་བོ་ཆེན་པོ་བཞི་ཡིན་ནོ། །དེ་བཞིས་གཉགས་གཉའ་ན་ཀ་མཱ་རུ་ལ་དབང་བསྐར། གཉགས་གཉའ་ན་ཀ་མ་རས། སོགས་པོ་ཁ་སྟོང་འབྱིན་དང་། གནབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་དང་། འོ་བྲན་དཔལ་གྱི་གཞོན་ན་དང་། སྒྱུ་འཕྲལ་རྡོ་རྗེ་དབྱིངས་དང་། འཆིམས་ནི་ཙག་སྟོང་དང་ལྔ་ལ་དབང་བསྐར་བ་ལས། འཆིམས་ནི་ཞང་བློན་ལས་མ་ཐར་པའོ། །བཞི་པོས་དབང་ནོས་སོ། །དེ་ནས་སངས་རྒྱས་ཡེ་ཤེས་ཀྱིས་རྩང་པ་མི་བཞི་ལ་གནང་སྟེ། གནབས་ཡོན་ཏན་རྒྱ་མཚོ་དང་། སྲང་ལེགས་པའི་སྒྲོན་མ་དང་སྤ་གོར་འཕགས་པ་བློ་ཆེན་དང་། སོ་ཡེ་ཤེས་དབང་ཕྱག་དང་བཞི་ལ། ཚྭན་ཚྭན་དུ་གནང་བ་ནི་སྤ་གོར་གྱིས་རྩ་བ་ཁྱེར། སྤུས་ཡལ་ག་ཁྱེར། སོས་འབྲས་བ་ཁྱེར། གནབས་ཀྱིས་རངས་བ་ཁྱེར་ཏེ། རྩ་བ་དང་ལོ་མ་དང་འབྲས་བ་དང ་རངས་པ་མ་ལས་པ་ཁྱེར་བ་ནི། གནབས་ཡོན་ཏན་རྒྱ་མཚོ་ཡིན་ནོ། །དགོངས་པ་བཅས་ནི་ལྟ་བའི་བརྡར་ཤ་བཅད། །འདའ་ཁའི་འཕྲང་གིས་འགྲོ་དྲག་གཡང་སུ་བཅད། །ཤེས་རབ་མེ་ཡིས་འཇིགས་པའི་བདད་བཞི་བཅོམ། །ཏིང་འཛིན་ཉམས་ཀྱིས་གསང་བའི་དགྲ་གསུམ་བསད། །ཅེས་བྱའོ། །དབང་གི་ཆ་བོ་ཆེན་པོ་བཞིའི་འདས་ལགས། ཨྠྀི། ཐ྄ིཏ།྅྅྅྅ ཡང་དབང་གཏེར་གྱིས། གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། སྣང་སྲིད་གཞིར་གཞེངས་ཀྱི་དགོངས་པ་བཞགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རང་བྱང་ཡེ་ཤེས་མ་བཅོས་རིག་པ་གཉིས་མེད་བྱང་ཆབ་སེམས། སྣང་སྲིད་ཀུན་གྱི་གཞི་རུ་ཤར། །གདལ་པ་ཆེན་པོ་ཀུན་ལ་ཁྱབ། །དེ་ལ་སྣང་སྲིད་གཞིར་གཞེངས་ཀྱི་དགོངས་པ་ཞེས་བྱ་སྟེ་འཁོར་བ་དང་མྱ་ངན་འས་འདས་པའི་ཆོས་ཐམས་ཅད། འབྱང་བ་ཆེན་པོ་ལྔའི་རང་བཞིན་དུ་མ་ཤར་བ་མེད་དེ། འབྱང་བ་ཆེན་པོ་ལྔ་ཉིད་དུ་ཤར། རིག་པ་རང་བྱང་གི་ཡེ་ཤེས་ཆེན་པོ་ངང་གིས་ཤར་ཏེ། ཐམས་ཅད་དེའི་ངང་དུ་ཡེ་ནས་སངས་མ་རྒྱས་པ་གཅིག་ཀྱང་མེད་དོ། །དེ་ཡང་ལང་ལས། ས་དང་ཆ་དང་མེ་དང་རླང་། དེ་བཞིན་ནམ་མཁའ་ལ་སོགས་ཏེ། །དེ་ལྟར་སྣོད་ཀྱི་འཇིག་རྟེན་རྣམས། །ཀན་ཀྱང་རང་བྱང་ཡེ་ཤེས་དབྱིངས། །དེ་ལས་རང་བྱང་གད་ན་མེད། །དེ་ཕྱིར་སངས་རྒྱས་གད་ན་མེད། །ཅེས་འབྱང་ངོ་། །དེ་ལ་དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། རིག་པ་རང་བྱང་གི་ཡེ་ཤེས་གཉིས་མེད། དང་པོ་ལ་སངས་རྒྱས་དང་སེམས་ཅན་གཉིས་མེད། སྣང་བ་དང་སྟོང་པ་གཉིས་མེད། སྡུག་བསྔལ་དང་བདེ་བ་གཉིས་མེད། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་མེད། རྟག་པ་དང་ཆད་པ་གཉིས་མེད། བླང་བ་དང་དོར་བ་གཉིས་མེད། དེའི་ཕྱིར་ལང་ལས་ཀྱང་། རིག་པ་གཉིས་མེད་ཤར་བ་ལ། འཁོར་བ་ངན་སོང་ག་ལ་ཡོད། སངས་རྒྱས་སེམས་ཅན་གཉིས་མེད་ལ། གཞན་ན་སངས་རྒྱས་ཡོད་མ་ཡིན། ཞེས་སོ། །དེ་ལ་རིག་པ་རང་བྱང་གི་ཡེ་ཤེས་གཉིས་མེད་ཆེན་པོར་ཤར་བ་ལ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གསལ་ལ་མ་འདྲེས་པར་ཡོངས་སུ་རྫོགས་པས། སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་སྟེ། ཁམས་གསུམ་རང་སར་གྲོལ་བའོ། །དེ་ཡང་ལང་ལས། རིགས་དྲག་དངོས་པོ་སྣ་ཚོགས་དང་། ཆོས་ཀྱི་སྐུ་ཡངས་ཐ་དད་མེད། ཆོས་སྐུ་གང་ཡིན་འཁོར་བ་ཡིན། འཁོར་བ་གང་ཡིན་ཆོས་སྐའོ། །ཞེས་གསངས་སོ། །དེ་ལྟར་རྟོགས་སམ་རིག་གམ། ཤེས་པའི་དུས་ན། སངས་རྒྱས་ཞེས་བྱ་བ་དང་། ཆོས་དབྱིངས་ཞེས་བྱ་བ་དང་། བྱང་ཆབ་སེམས་དཔའ་ཞེས་བྱ་བ་དང་། རང་བྱང་གི་ཡེ་ཤེས་ཞེས་བྱ་བ་དང་། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དང་། ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི། རང་གི་རིག་པ་བྱང་ཆབ་ཀྱི་སེམས་ལ་བྱ་སྟེ། རིག་པ་རང་བྱང་གི་ཡེ་ཤེས་ཆེན་པོ་རིག་པ་མངོན་དུ་ཤར་བ་ལ། གཞི་ངེས་པ་མེད་པའི་ཆོས་ཀྱི་སྐུ་ཡིན་ཏེ། དེ་བསྒོམ་པར་བྱའོ། །དེ་ཉིད་ཁོ་ན་རིག་པ་བྱང་ཆབ་སེམས་ཅི་ཡང་མ་ཡིན་པ་ལ་ཅི་ཡང་ཤར་བ་ཞེས་བྱའོ། །གཞི་ངེས་པ་མེད་པ་ལས། སྣང་བ་སྣ་ཚོགས་སུ་ཤར་བ་ཞེས་བྱའོ། །སྣང་བ་ཅི་ལྟ་བའི་ངོ་བོར་ཡང་ཤར་ལ། ངོ་བོ་ནི་འདི་འདྲ་ཞེས་གང་ལྟར་ཡང་མ་གྲབ་པ་ཞེས་བྱ་ཏེ། དེ་དག་ནི་ཆོས་ཐམས་ཅད་ཀྱི་སྙིང་པོར་གསངས་པའོ། །རྩོལ་བ་མེད་པའི་སེམས་ཉིད་ལས། །མ་བཅོས་པ་ཡི་ཆོས་ཉིད་གསལ། །མ་བརྩལ་རིག་པ་གཉིས་མེད་ཤར། །ཤར་བ་ཉིད་ན་ནབ་པ་མེད། །ཞེས་ལང་ལས་གསངས་སོ། །སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་ཞེས་བྱ་བ། གཏེར་བཞད་རྩལ་ལ་གཏད་པའོ། །ཨྠྀི། འག་ཡཱ། རྒྱ་རྒྱ་རྒྱ།། །།མ་རྟོགས་འཁྲལ་ལྡན་བློ་ངོར་སྲིད་པའི་ཆོས། །ཁམས་གསུམ་འཁོར་བའི་སྣང་ཚལ་ཅི་ཤར་ཡང་། །རྟོགས་ཚེ་རང་བྱང་ཡེ་ཤེས་བདེ་བའི་སྐ། །མཁའ་ཁྱབ་རྒྱལ་ཀུན་འཁོར་ལོར་ལྷན་གྱིས་གྲབ། །བླ་མའི་ཕྱག་དཔེར་བྲིས།།

༄༅། །རྫོང་འཕྲང་ལས། ཤེལ་གྱི་ཁང་པའི་དགོངས་པ་བཞགས། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མ་བཅོས་མ་བསླད་རིག་པ་བྱང་ཆབ་སེམས། །དས་གསུམ་བདེ་གཤེགས་རྣམས་ཀྱི་སྐུ་གསང་ཐགས། །སྣང་སྲིད་འཁོར་བ་རིག་པ་གཉིས་མེད་ཤར། །འབྲས་བ་ལྷན་གྱིས་གྲབ་པས་ཡེ་སངས་རྒྱས་ཞེས་གསངས་སོ། །དེ་ལ་རིན་པོ་ཆེ་ཁང་བ་བཙེགས་པ་ཤེལ་གྱི་ཁང་བའི་དགོངས་པ་ནི། དཔེར་ན་རིན་པོ་ཆེ་ཤེལ་གྱི་ཁང་བ་ནི། ནང་ནས་བལྟས་པས་ཕྱི་གསལ། ཕྱི་ནས་བལྟས་པས་ནང་གསལ། ཕྱི་ནང་དུ་དབྱེར་མེད་པའོ། །དེ་ལྟར་ནང་ནས་བལྟས་པའི་དུས་ན། སྣང་སྲིད་ཐམས་ཅད་རིན་པོ་ཆེའི་རང་བཞིན་དུ་མ་གྱུར་པ་མེད་དེ། གསལ་ལ་དྲི་མ་མེད་པ་དང་འདྲ་བར་རིག་པ་རང་བྱང་གི་ཡེ་ཤེས་ཆེན་པོ་གཉིས་མེད་ཤར་བའི་དུས་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རིག་པ་བྱང་ཆབ་སེམས་ཀྱི་ངང་ད། སངས་མ་རྒྱས་པ་འམ་བྱང་མ་ཆབ་པ་གཅིག་ཀྱང་མེད་དོ། །དེའི་ཕྱིར་ལང་ལས་ཀྱང་། ཆོས་རྣམས་ཐམས་ཅད་རིག་པ་བྱང་ཆབ་སེམས། །སྣང་སྲིད་ཐམས་ཅད་ཡེ་ནས་མངོན་སངས་རྒྱས། །ཞེས་བྱའོ། །ཡང་ལང་ལས་ཀྱང་། སྣང་སྲིད་འཁོར་བའི་ཆོས་མེད་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །དས་གསུམ་སངས་རྒྱས་བསྟན་པ་ན། །འཁོར་བ་ངན་སོང་མིང་ཡང་མེད། །སངས་རྒྱས་མིང་དུ་བརྟགས་པ་ཡང་། །སྣང་སྲིད་འཁོར་བའི་ཆོས་ལ་བརྟགས། །དེ་ཕྱིར་སངས་རྒྱས་མིང་ཡང ་མེད། །ཞེས་གསངས་ཏེ། དོན་ཡང་ཐམས་ཅད་ཀྱི་སྙིང་པོར་རིག་པ་བྱང་ཆབ་ཀྱི་སེམས་ཤར་ཡང་། བྱང་ཆབ་ཀྱི་སེམས་ལ་གཞི་དང་རྩ་བ་མེད་པས་འབྲས་བ་ཆོས་ཀྱི་སྐུ་ལ་དམིགས་པ་དང་བྲལ་བའོ། །དེ་ཡང་སྣང་ཞིང་སྲིད་པས་བསྡུས་པའོ། །འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད། རིག་པ་བྱང་ཆབ་སེམས་གཉིས་མེད་རང་ཤར་དུ་ཐག་ཆོད། སེམས་ཉིད་ཐོག་མ་ནས་མ་བྱང་མ་སྐྱེས་སྐྱེ་བ་མེད་པའི་དབྱིངས་སུ་ཐག་ཆོད། སྐྱེ་བ་མེད་པའི་དབྱིངས་ནས་སྐྱེ་བའི་ཆོ་འཕྲལ་སྣ་ཚོགས་པ་ནི། རོལ་པ་སྣ་ཚོགས་ཇི་ལྟ་བར་སྣང་ཡང་། དེ་ལ་གཞི་ངེས་པ་མེད་དེ། སྣང་བ་བསྔོ་ཙམ་ན་སྟོང་། སྟོང་པ་བསྔོ་ཙམ་ན་སྣང་སྟེ། དེའི་ཕྱིར་སྣང་བ་དང་སྟོང་པ་དབྱེར་མེད་པ་ནི། རིག་པ་གཉིས་མེད་རང་ཤར་བའི་དོན་དང་མ་བྲལ་བ་སྟེ། དེའི་ངང་ངམ་རླང་ངམ་འདི་དེའི་དོན་དང་མ་བྲལ་བ་ནི། གསལ་ལ་རྟོགས་པ་མེད་པ་སྟེ། རིན་པོ་ཆེ་ཤེལ་གྱི་ཁང་བའི་དགོངས་པའོ། །ཡང་ལང་ལས་ཀྱང་། གསང་བའི་མན་ངག་བསྡུས་པ་སྟེ། །རིན་ཆེན་ཤེལ་གྱིས་ཁང་བའི་དོན། །བཅོས་པ་མེད་པར་ཤེས་པ་ལས། །གཉེན་པོ་ཅན་གྱིས་དེ ་མ་བསྟན། །འགྱར་བ་མེད་པར་ཤེས་པ་ལས། །འཆི་འཕོ་ཅན་གྱིས་དེ་མ་བསྟན། །མཉམ་ཉིད་ཅན་གྱིས་ཤེས་པ་ལ། །ཆེ་ཆང་ཅན་གྱིས་དེ་མ་བསྟན། །ཀན་ཏ་བཟང་པོས་ཤེས་པ་ལས། །བཟང་ངན་ཅན་གྱིས་དེ་མ་བསྟན། །ཡེ་དག་ཆེན་པོའི་ཤེས་པ་ལ། །གཙང་སྨེ་ཅན་གྱིས་དེ་མ་བསྟན། །ཞེས་གསངས་སོ། །རིན་པོ་ཆེ་ཤེལ་གྱི་ཁང་བའི་དགོངས་པ། གཏེར་བཞད་རྩལ་ལ་གཏད་པའོ། །ཨྠྀི། ག་ཧྱ། རྒྱ་རྒྱ་རྒྱ།། །།རིགས་ཀུན་ཁྱབ་བདག་དཔལ་ལྡན་བླ་མ་ཡི། །ཕྱག་དཔེར་པདྨ་འགྱུར་མེད་རྒྱ་མཚོས་བྲིས། །དགེ་བས་བདག་གཞན་འགྲོ་ཀུན་རྣམ་གྲོལ་གྱི། །དགའ་སྟོན་མཆོག་ལ་སྤྱོད་པའི་བཀྲ་ཤིས་ཤོག།

༄༅། །རྫོང་འཕྲང་ལས། རིག་པ་སྤྱི་བླགས་ཀྱི་དགོངས་པ་བཞགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སྣང་ཞིང་སྲིད་པས་བསྡུས་པ་ཐམས་ཅད་ཀུན། །རིག་པ་གཉིས་མེད་ཡེ་ཤེས་ངང་དུ་ཤར། །ཡོད་དང་མེད་པའི་ཆོས་རྣམས་ཐམས་ཅད་ཀུན། །རིག་པ་གཉིས་མེད་ཤར་བའི་ངང་དུ་བརྡལ། །དེ་ལ་རིག་པ་སྤྱི་བླགས་སུ་ཤར་བའི་དགོངས་པ་ནི། དཔེར་ན་ཉི་མའི་སྙིང་པོ་དང་འདྲ་སྟེ། ཉི་མ་ནི་གཞན་གྱིས་བྱས་པས་ལྟ་བ་མ་ཡིན་ཏེ། ཉི་མ་ཉིད་ཡེ་ནས་འོད་ཀྱི་ཕང་པོ་ཆེན་པོར་ཤར་ཞིང་། ཉི་མ་ཡང་ཡེ་ནས་འོད་ཀྱི་ངོ་བོ་མ་བཅོས་པ་ཡིན་ཏེ། དེ་ནམ་མཁའ་ལ་ཤར་བའི་དུས་ན། ཕྱི་སྣོད་དང་ནང་བཅད་ཀྱིས་བསྡུས་པའི་ཆོས་དངོས་པོ་དང་མཚན་མར་སྣང་བ་ཐམས་ཅད་ལ་མན་པའི་གཞི་མེད་དེ་ཤིན་ཏུ་གསལ་བར་གྱུར་པ་དང་འདྲ་བར། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་རིག་པ་བྱང་ཆབ་སེམས་ཀྱིས་ངོ་བོ་ཡིན་ཏེ། བྱང་ཆབ་ཀྱིས་སེམས་སུ་མ་འདས་པའི་ཆོས་གང་ཡང་མེད་པས། བྱང་ཆབ་ཀྱི་སེམས་ཉིད་རང་ཆོས་ཐམས་ཅད་ཀྱིས་ངོ་བོར་ཤར་བ་ཡིན་ནོ། །དེ་ལྟར་ཐམས་ཅད་བྱང་ཆབ་ཀྱིས་ངོ་བོ་ཡིན་པར་ཤེས་པས། ཅི་སྣང་ཅི་སྲིད་ཐམས་ཅད་ཀྱང་། བྱང་ཆབ་ཀྱིས་སེམས་ཀྱིས་ངོ་བོ་ཡིན་པར་ཐག་ཆོད་ཅིང་གསལ་བ་ཡང་ཤེས་པར་བྱ་བའི་ཡལ་གཅིག་དང་། ཤེས་པར་བྱ་བའི་སེམས་གཉིས་མེད་དེ། ཆོས་ཐམས་ཅད་སེམས་ཉིད་རིག་པ་རང་ཤར་གྱིས་ཡེ་ཤེས་ས། སེམས་རང་ཡེ་ནས་རིག་པ་རང་བྱང་དུ་གསལ་བ་ལས། གཞན་གང་དུ་ཡང་མི་གཡོ་བ་ལ་འཁོར་བའི་རྣམ་པར་རྟོགས་པ་མིང་ཡང་མེད་བས་ན། དུས་དང་གནས་སྐབས་སུ་ཆེད་དུ་ཆོས་གང་ལའང་དམིགས་ཤིང ་གཏད་པ་མེད་པར་འཁོར་བ་དང་མྱ་ངན་ལས་པའི་ཆོས་ཐམས་ཅད་རིག་པ་བྱང་ཆབ་ཀྱི་སེམས་རང་བྱང་གི་ཡེ་ཤེས་ཆེན་པོའི་ངོ་བོར་གསལ་བ་ནི། རིག་པ་སྤྱི་བླགས་སུ་ཤར་བའི་དགོངས་པ་ཞེས་བྱའོ། །དེ་ལྟར་གསལ་བའི་དགོངས་པ་ལ་ཐེག་པ་འོག་མ་ལྟར་དུ་ཏིང་ངེ་འཛིན་གྱིས་དོན་ཆོས་ཉིད་ཡང་དག་པ་ལ་དམིགས་སུ་གཏད་ནས་གསལ་བར་བྱ་བའི་རྩོལ་བ་བྱ་མི་དགོས་པ་ནི། མན་ངག་གི་དམ་ཚིག་གོ། །ཡང་དག་པའི་དོན་ཆོས་ཉིད་ཤེས་པའི་རྣལ་འབྱོར་པ་དེ་ཆོས་ཐམས་ཅད་རང་བྱང་གི་ཡེ་ཤེས་ཡིན་པས་རང་གིས་རིག་པས་དམིགས་པའི་ཡལ་མེད་པ་ཉིད། རང་བྱང་གི་ཡེ་ཤེས་ཉིད་དུ་རང་བྱང་གིས་ཡེ་ཤེས་སུ་དམིགས་པ་མེད་པར་གསལ་བ་དང་། སེམས་ལས་གཞན་པའི་ཆོས་གང་ཡང་མི་མཐོང་བ་དང་། བློ་རྟོག་གང་དུ་ཡང་མི་སྐྱེས་པ་དང་། ཆོས་ཐམས་ཅད་རང་བྱང་གི་ཡེ་ཤེས་སུ་རང་གིས་རིག་པས། ངང་གིས་གསལ་བའི་ཕྱིར་གོལ་བ་དང་། སྒྲིབ་པའི་ཚོགས་མིང་ཡང་མེད་པ་ལ་རྦད་ཀྱི་བཅད་དོ། །སྤྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རིག་པ་རང་བྱང་གི་ཡེ་ཤེས་ཆེན་པོའི་ངོ་བོར་ཡེ་ནས་སངས་རྒྱས་པར་ཡིན་པར་ཤེས་ཤིང་ཐམས་ཅད་ཀྱང་སེམས་ཀྱི་ངོ་བོར་གསལ་བ་ལས་དགོངས་པ་གཞན་དུ་མི་གཡོ་བར་འདག་པ་གང་གིས་ཕྱོགས་གང་ནས་གནས་ཀྱང་ཐམས་ཅད་སེམས་སུ་གསལ་བ་ལས། རིག་པ་གཞན་དུ་འགྱུར་བ་མེད་པས་སེམས་ལས་གཞན་པ་གང་དའང་མ་མཐོང་ནས་ཆོས་ཐམས་ཅད་སེམས་སུ་གསལ་བའི་ཀློངས་ལ་འདག་པའང་འདག་པ་མེད་པའི་འདག་པ་ཞེས་བྱའོ། །དངོས་པོ་དང ་མཚན་མར་སྣང་བའི་ཆོས་ཐམས་ཅད་རིག་པ་བྱང་ཆབ་ཀྱི་སེམས་སུ་དྲན་པ་ནི་དྲན་པ་མེད་པའི་དྲན་པ་ཞེས་བྱའོ། །རྣམ་པར་རྟོག་པའི་མཚན་མ་ཅི་སྐྱེ་བ་དེ་ཉིད་རིག་པ་བྱང་ཆབ་ཀྱི་སེམས་སུ་ཤེས་པ་ནི་ཤེས་པ་མེད་པའི་ཤེས་པ་ཞེས་བྱའོ། །སྤྱོད་པས་བྱེད་སྤྱོད་ཁ་སེར་པོ་མཐོང་བ་ལ་སོགས་པ་འབྱང་བས། དེའི་གཉེན་པོ་ཅི་རིགས་པར་ཁམས་བཅོས་སོ། །དེ་ནས་ཚོགས་དྲག་ཡལ་ལྔ་ལ་བསླབ་སྟེ། མིག་གིས་གཟགས་གང་གཅེར་གྱིས་མཐོང་བའི་དུས་ས། དེ་ཉིད་ཀ་ནས་ཆོས་ཉིད་ཡིན་པས། གས ལ་ལ་རྟོག་པ་མེད་པའི་ངང་ལ་གནས་པར་བྱའོ། །དེ་ལྟར་རྣ་བས་སྒྲ། སྣས་དྲི། ལྕེས་རོ། ལས་ཀྱིས་རེག་བྱ། ཡིད་ཀྱིས་དྲན་རྟོག་གང་སྐྱེས་པ་ཐམས་ཅད་ཆོས་ཉིད་ཡིན་པས། གསལ་ལ་རྟོག་པ་མེད་པའི་ངང་ལ་གནས་པར་བྱའོ། །དེ་ལ་བྱིང་རྒོད་བྱང་ན། བཅས་བཅོས་བྱ་བའི་རྒྱ་མེད་དེ། གང་ལྟར་བྱས་ཀྱང་ཡེ་ཤེས་སུ་སྐྱེ་བས་སོ། །དཔེར་ན་ལོ་ཀའི་ཁམས་གང་དུ་ཕྱིན་ཡང་ནམ་མཁའ་ལས་མ་གཡོས་པ་བཞིན་དུ་ཅི་སྣང་ཆོས་ཉིད་ལས་མ་འདས་པར་མཉམ་པའོ། །དེ་ཡང་རྣལ་འབྱོར་པས་མིག་བཙམ་ནས་བསྒོམ་པ་ནི། མན་པའི་གཙོང་རོང་གཞོམ་པར་བྱ་བའི་དོན་དའོ། །མིག་ཕྱེ་ལ་དབང་པོ་ཡན་པར་བཞག་ལ་བསྒོམ་པ་ནི། དངོས་པོར་སྣང་བའི་གདོས་པའི་གཞིའི་ཞེན་པ་ལོག་པར་བྱ་བའི་དོན་དའོ། །གང་ལྟར་བསྒོམ་ཀྱང་ཆོས་ཉིད་ལས་མ་འདས་སོ། །བསྒོམ་པ་གཏན་ལ་དབབ་པ་འདི། ཡང་དབང་གཏེར་གྱིས། གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། ཁམས་གསུམ་རང་གྲོལ་གྱི་དགོངས་པ་བཞགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རིག་པ་ནམ་མཁའ་ལྟ་བར་ཡེ་ནས་བརྡལ་བ་ལ། སྣང་ཞིང་སྲིད་པའི་ཆོས་རྣམས་ཡེ་ནས་རྣམ་པར་དག །སྲིད་གསུམ་གཉིས་མེད་ཡེ་ནས་བརྡལ་བ་ལས། མཚན་མའི་ཆོས་རྣམས་ཡེ་ནས་གཉིས་མེད་ཤར། །དེ་ལ་ཁམས་གསུམ་རང་སར་གྲོལ་བའི་དགོངས་པ་ནི། དཔེར་ན་ནམ་མཁའ་སྟོང་པ་དང་འདྲ་སྟེ། ནམ་མཁའ་སྟོང་པ་ལས་སྤྲིན་དང་། ཁ་རླངས་དང་། འབྲག་དང་། ཐོག་དང་། སེར་བ་དང་། འཇའ་ཚོན་ལ་སོགས་པ་རྣམས་པ་སྣ་ཚོགས་པ་བྱང་ཡང་། ནམ་མཁའ་གཞི་མེད་པ་ལས་ཆོ་འཕྲལ་རྣམ་པ་སྣ་ཚོགས་སུ་བྱང་བ་ཡིན་ཏེ། དེ་ཡང་རྒྱ་རྐྱེན་གྱིས་མ་བསྐྱེད་དོ། །དེ་རྣམས་ཀྱང་ནམ་མཁའ་ལས་བྱང་ཞིང་། དེ་ཡང་ནམ་མཁའི་ངང་ལ་ཞི་ཞིང་ཡལ་བ་དང་འདྲ་བར། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་རིག་པ་རང་བྱང་གི་ཡེ་ཤེས་རང་སྣང་བས་མཚན་མ་སྣ་ཚོགས་སུ་སྣང་བ་ཐམས་ཅད་རང་གི་རིག་པའི་མཚན་ཉིད་ཡེ་ཤེས་ཆེན་པོར་སྣང་སྟེ། དེ་ལྟར་ཡིན་པའི་མཚན་མ་ཅི་སྣང་ཡང་། སྣང་བ་དེ་ཉིད་རིག་པ་རང་བྱང་གི་ཡེ་ཤེས་སུ་ཤེས་ཕན་ཆད། མཚན་མ་སྣ་ཚོགས་སུ་སྣང་བ་ཉིད་རིགས་པ་རང་བྱང་གི་ཡེ་ཤེས་ཡིན་པ་ལ། ཡིན་པར་རིག་ཅིང་གསལ་བ་ཤེས་པས། མཚན་ཉིད་གཞན་དུ་མི་འགྱུར་བ་ཡེ་ཤེས་སུ་དག་པ་སྟེ། མཚན་མ་སྣ་ཚོགས་ཉིད་རང་བྱང་གི་ཡེ་ཤེས་ཉིད་དུ་གསལ་བ་ལས། རིག་པ་མི་གཡོ་བའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཏེ། མཚན་མ་རང་སར་གྲོལ་བའི་དགོངས་པ་ཞེས་བྱའོ། །དེ་ལྟར་དུ་གསལ་བའི་རྣལ་འབྱོར་པ་ལ། མཚན་མ་ཇི་ལྟར་སྣང་ཡང་། དེ་ལ་སྐྱོ་དབ་མིང་ཡང་མེད་དོ། །ཐམས་ཅད་རིག་པ་རང་བྱང་གི་ངོ་བོར་གསལ་བའོ། །དེ་ཉིད་ཀྱི་ངང་ལ་གནས་པ་ལ་ཐ་སྙད་དུ་བསྒོམ་ཞེས་བཏགས་པ་ཙམ་དུ་ཟད་དོ། །དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རིག་པ་རང་བྱང་གི་ཡེ་ཤེས་སུ་ཐག་ཆོད་ཅིང་གསལ་བའི་དུས་ས། རྣམ་པར་རྟོག་པའི་མིང་ཡང་མེད་དེ། རྟོག་པ་ཉིད་རིག་པ་རང་བྱང་གི་ཡེ་ཤེས་སུ་ཤར་བས། ཆེད་དུ་བསྒོམ་ཞིང་ཆེད་དུ་བསྒྲུབ་ཏུ་མེད་པས་ན། ཁམས་གསུམ་རང་སར་གྲོལ་བའི་དགོངས་པ་ཞེས་བྱའོ། །དེ་ཡང་ལྟ་བ་མི་འགྱུར་ལྷན་གྱིས་གྲབ་པས་ན། གཞི་མ་ངེས་པའི་ལས་རྣམ་པ་སྣ་ཚོགས་སུ་ཤར་བ་ཞེས་བྱའོ། །དགོངས་པ་མི་འགྱུར་ལྷན་གྱིས་གྲབ་པ་ནི། རིག་པ་མི་འགྱུར་བའི་ཀློང་ཆེན་པོ་ཞེས་བྱའོ། །སྤྱོད་པ་མི་འགྱུར་ལྷན་གྱིས་གྲབ་པ་ནི། བླང་དོར་དང་ཕྲལ་བ་ཞེས་བྱའོ། །འབྲས་བ་དང་མི་འགྱུར་ལྷན་གྱིས་གྲབ་པ་ནི་རིག་པ་མངོན་དུ་གྱུར་པ་ཞེས་བྱའོ། །དེ་ཡང་ལང་ལས། རིག་པ་གཉིས་མེད་བྱང་ཆབ་སེམས། །གསལ་ལ་མི་རྟོགས་ཆ་ཟླ་འདྲ། །རིག་པ་མངོན་དུ་གྱུར་པ་ནི། །དམིགས་པ་མེད་པའི་གསལ་བའོ། །ཞེས་གསངས་སོ། །ཁམས་གསུམ་རང་སར་གྲོལ་བའི་དགོངས་པ་ཞེས་བྱ་བ་འདི་གཏེར་བཞད་རྩལ་ལ་གདམས་པའོ། །ཨྠྀི། འག་ཧྱ། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། འདའ་ཁ་ཚིག་གསུམ་གྱི་དགོངས་པ་བཞགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ནམ་མཁའ་རང་བཞིན་སྐྱེ་མེད་བརྡལ་བ་ལ། འབྱང་བའི་རང་བཞིན་ཡེ་ནས་རྣམ་པར་དག །སེམས་ཀྱི་རང་བཞིན་ཡེ་ནས་སྐྱེ་མེད་ལ། །འཁོར་བའི་རང་བཞིན་ཡེ་ནས་མངོན་སངས་རྒྱས། །ཞེས་འབྱང་ངོ་། །དེ་ལ་འདའ་ཁ་ཚིག་གསུམ་གྱི་དགོངས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། འབྲས་བ་སྐུ་གསང་ཐགས་སུ་སངས་མ་རྒྱས་པ་གཅིག་ཀྱང་མེད་དེ། གཟགས་སུ་སྣང་བ་ཐམས་ཅད་ནི་སྐའི་རང་བཞིན་ལ། སྒྲ་རུ་གྲགས་པ་ཐམས་ཅད་ནི་གསང་གི་རང་བཞིན། དྲན་པའམ་རིག་པའམ་ཤེས་པ་དང་རྟོག་པ་ནི་ཐགས་ཀྱི་རང་བཞིན་ནོ། །དེ་ཡང་གཟགས་སྣ་ཚོགས་སུ་སྣང་བ་ཙམ་ན་སྟོང་ལ། སྟོང་བ་རྡོ་ཙམ་ན་སྣང་སྟེ། དེའི་ཕྱིར་སྣང་བ་སྟོང་པ་དབྱེར་མེད་ཉིད། རིག་པ་རང་བྱང་གི་ཡེ་ཤེས་ཆེན་པོ་རང་ཡིན་པར་རང་ངོ་ཤེས་པར་རྟོགས་ན། འདའ་ཁ་མའི་སེམས་ཞེས་བྱ་སྟེ། འཆི་ཁ་མའི་སེམས་སོ། །དེ་ཡང་སྒྲ་རུ་གྲགས་པ་རྡོ་ཙམ་ན། སྟོང་ལ་སྟོང་བརྡོ་ཙམ་ན་གྲགས་ཏེ། གྲགས་པ་དང་སྟོང་པ་དབྱེར་མེད་པ་ཉིད། རིག་པ་རང་གི་ཡེ་ཤེས་ཆེན་པོར་ངོ་ཤེས་ཤིང་རྟོགས་ན་འདའ་ཁ་མའི་སེམས་སོ། །དེ་ཡང་གང་ཞེ་ན་རྟོག་པ་སྣ་ཚོགས་སྣང་བ་ལ་ཞེན་ཅིང་རྟོག་བརྡོ་ཙམ་ན་སྟོང་ལ། སྟོང་བརྡོ་ཙམ་ན་སྣ་ཚོགས་སུ་ཞེན་ཅིང་རྟོག་སྟེ། སྣ་ཚོགས་སུ་རྟོག་པ་ཐམས་ཅད་ཉིད་ཐིག་ལེ་ཆེན་པོའི་ངང་དུ་ཡེ་ནས་སངས་རྒྱས་པས་ཞེན་པ་དང་སྟོང་པ་དབྱེར་མེད་པའོ། །དེ་ལ་རིག་པ་རང་བྱང་གི་ཡེ་ཤེས་ཆེན་པོ་ཞེས་བྱ་སྟེ། འདའ་ཁ་མའི་སེམས་དག་པའོ། །དེ་ལྟར་སྣང་སྟོང་ངོ་ཤེས་པར་བྱ་བ་ཡང་ཤེས་པར་བྱ་བ་དང་ཤེས་པར་བྱེད་པ་གཉིས་དབྱེར་མེད་དོ། །དེ་ལྟར་ཆོས་ཐམས་ཅད་རང་བྱང་གི་ཡེ་ཤེས་སུ་ཐག་ཆོད་ན་ལས་མི་རུ་འདག་ཀྱང་སེམས་སངས་རྒྱས་ཀྱི་དངོས་པོ་ཞེས་བྱའོ། །མདོར་ན་སེམས་ལས་སངས་རྒྱས་གད་ན་མེད་པར་ཐག་རྦད་ཀྱིས་ཆོད། ལང་ལས། སྣང་ཞིང་སྟོང་པའི་ཆོས་རྣམས་ཀུན། །རིག་པ་བྱང་ཆབ་སེམས་སུ་གསལ། །དག་དང་མ་དག་ཆོས་རྣམས་ཀུན། །གང་ཡང་གཞན་ནས་སྤང་བླང་མེད། །གཉིས་མེད་བྱང་ཆབ་སེམས་སུ་རྫོགས། །ཞེས་གསངས་ཏེ། ཐམས་ཅད་ཀྱི་དངོས་གཞི་རང་གི་བྱང་ཆབ་ཀྱི་སེམས་གནས་པས། འབད་རྩོལ་གྱིས་ལོགས་ནས་བཙལ་དུ་མེད་དེ། དཔེར་ན་ནམ་མཁའ་སྟོང་པ་ལས་འཇའ་ཚོན་གྱི་རྣམ་པ་བྱང་བ་འམ། ཆ་ཟླའི་དཀྱིལ་འཁོར་རམ། མེ་ལོང་གི་གཟགས་བརྙན་ནམ། ཟ་འོག་གི་རི་མོའམ། ཉི་མའི་སྙིང་པོའམ། མར་མེ་ལྟ་བ་སྟེ། ཐམས་ཅད་གཉིས་སུ་མེད་ཅིང་དབྱེར་མེད་པའོ། །དེ་ཡང་ཆོས་ཐམས་ཅད་རང་བྱང་གི་ཡེ་ཤེས་སུ་ལྷན་གྱིས་གྲབ་པ་ལ། གང་ཡང་སྤང་བ་མེད་པར་ཀ་ནས་དག་པའོ། །དེ་ལྟར་སེམས་ཉིད་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐའི་ངོ་བོར་ཡེ་ནས་གསལ་བ་ལ། རྟག་པ་དང་ཆད་པའི་མ་མཐའ་མིང་ཡང་མེད་པས། ཟབ་ཅིང་གཏིང་དཔག་དཀའ་བ་སྟེ། ཆོས་ཉིད་བྱང་ཆབ་སེམས་ཀྱི་བསྒོམ་པ་ཞེས་བྱའོ། །དེ་ཡང་མ་སྐྱེས་པའི་ཆོས་ཉིད་ལ། འཕྱར་འཇག་མེད་པའི་བློ་བཞག་ན་བསྒོམ་པ་ཡིན། ཐམས་ཅད་སྤང་བ་མེད་པ་ཆ གས་གཞི་གྲབ་ན་བསྒོམ་པ་ཡིན། ཆོས་ཐམས་ཅད་ཅིར་ཡང་སྣང་བ་ནི་སེམས་ཀྱིས་མཚན་ཉིད་ཙམ་དུ་ཅི་ཡང་སྣང་ལ། མཚན་མ་འདི་འདྲས་ཞེས་བསྟན་དུ་མེད་ན་བསྒོམ་པའི་མཆོག་གོ། །དེ་ཡང་བལྟ་ན་རང་གི་སེམས་ལ་ལྟོས། །བསྒོམ་ན་འདའ་ཁ་ཚིག་གསུམ་བསྒོམ། །བསྒོམ་དུ་མེད་པ་བསྒོམ་པའི་མཆོག ། ཅེས་གསངས་སོ། །འདའ་ཁ་ཚིག་གསུམ་གྱི་དགོངས་པ། །གཏེར་བཞད་རྩལ་ལ་གཏད་པ་ཡིན། །ག་ཧྱ། རྒྱ་རྒྱ་རྒྱ། ཨྠྀི།། །།

༄༅། །རྫོང་འཕྲང་ལས། ཟ་འོག་བེར་ཁྱིམ་གྱི་དགོངས་པ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྲིད་གསུམ་གཉིས་མེད་བྱང་ཆབ་སེམས། །རང་བྱང་ཡེ་ཤེས་མ་བཅོས་པ། །ཟ་འོག་བེར་ཁྱིམ་ལྟ་བར་གནས། །གཉིས་མེད་ཚལ་དུ་ངོ་བོ་གཅིག །དེ་ལ་ཟ་འོག་བེར་ཁྱིམ་དགོངས་པ་ནི། ཟ་འོག་བེར་ཁྱིམ་ལ། ཡལ་དང་མཁར་དང་། རྒྱལ་པོ་དང་། བཙན་མོ་དང་། སྲས་དང་། འཁོར་དང་། རྟ་དང་། གླང་པོ་དང་། ཤིང་རྟ་དང་། གཟགས་བརྙན་གྱི་རྣམ་པ་མང་པོ་ཐ་དད་པར་སྣང་བ་ཡང་གཟགས་བརྙན་དེ་དག་དང་ཟ་འོག་ལས་ཐ་དད་པར་གྱུར་པ་མེད་དོ། །གཟགས་བརྙན་གང་ཡིན་པ་ཟ་འོག་ལ། ཟ་འོག་གང་ཡིན་པ་གཟགས་བརྙན་ཡིན་ཏེ། ཟ་འོག་དང་གཟགས་བརྙན་གཉིས། གཉིས་སུ་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ་སྣང་བ་དང་སྟོང་པ་ཡང་རང་གི་བྱང་ཆབ་ཀྱི་སེམས་སུ་གཅིག་སྟེ་དབྱེར་མེད་དོ། །སྣང་བ་གང་ཡིན་པ་སྟོང་པ་ལ། སྟོང་པ་གང་ཡིན་པ་སྣང་བ་སྟེ། སྣང་བ་དང་སྟོང་པ་གཅིག་པའི་ཕྱིར། བཀའ་ལས་ཀྱང་། སྣང་བ་དང་སྟོང་པ་གཅིག་པར་གསངས་ཏེ། ཇི་སྐད་ད། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིན་ན་སྐྱེ་བ་མེད། །ཅེས་གསངས་སོ། །ཡང་ཇི་སྐད་ད། ཡང་དག་སྒྱུ་མའི་ཚལ་གཉིས་ས། །བདག་དང་བདག་གི་སོ་སོར་འཛིན། །ཅེས་ཀྱང་གསངས་སོ། །དེ་བས་ན། ཕྱིའི་སྣང་བ་ཡང་རང་སེམས་ཡིན་ཏེ། དངོས་པོ་དང་གདོས་པ་ལྟ་བར་སྣང་དུ་ཟད་དོ། །སྣང་བའི་དུས་ཉིད་ན་སྟོང་པའི་རང་བཞིན་ནམ་ངོ་བོ་སྟེ། དེའི་ཕྱིར་སྣང་བ་དང་སྟོང་པ་དབྱེར་མེད་པས་གཅིག་གི་རང་བཞིན་ཡིན་ཏེ། རང་རིག་པ་བྱང་ཆབ་ཀྱི་སེམས་སོ། །དེའི་ཕྱིར་སྣང་བ་ལས་གད་དུ་སྟོང་པ། འཚོལ་བ་ནི། དམས་ལོང་གི་ལག་ཏ་གསེར་གཏད་པ་དང་འདྲ་སྟེ། དངོས་པོ་ངོ་ཤེས་ཀྱང་གསེར་དུ་ངོ་མི་ཤེས་པ་བཞིན་ད། སྣང་བ་ཐམས་ཅད་ཀུན་གཞིའི་སྣང་བར་མ་ཤེས་པར་སྣང་བ་ནི་སྒོ་ལྔའི་སྣང་བར་མཐོང་ལ། སྟོང་པ་ནི་བྱང་ཆབ་ཀྱི་སེམས་སུ་གོལ་ཏེ། བདག་དང་བདག་གིར་འཛིན་པའི་གཞི་ཆེན་པོར་གྱུར་པས། དམས་ལོང་གི་གསེར་དང་འདྲ་སྟེ། དམས་ལོང་གི་གསེར་དང་རྡོ་ངོ་མ་ཤེས་པས། དབལ་བའི་འཇིགས་པ་འབྱང་བ་བཞིན་ད། སྣང་སྟོང་གཉིས་གཅིག་ཏུ་མ་ཤེས་པས། སྐྱེ་འཆིའི་འཇིགས་པ་འབྱང་བ་ཡིན་ཏེ། དེའི་ཕྱིར་སྣང་བ་དང་སྟོང་པ་གཉིས་ཀ །སྣང་ཙམ་ན་སྟོང་། སྟོང་ཙམ་ན་སྣང་བས་སྣང་སྲིད་རྒྱན་དུ་བཀོད་པའི་ཆོས་ཉིད་ཅེས་བྱའོ། །བཀྲ་ལ་མ་འདྲེས་སོ་སོར་སྣང་ཡང་། རང་བཞིན་གཅིག་པས་ཟ་འོག་བེར་ཁྱིམ་འདྲ་ཞེས་བྱའོ། །སྣང་གསལ་འོད་ཀྱི་དཀྱིལ་འཁོར་ད། །རང་བྱང་ཡེ་ཤེས་འཕྲ་བཀོད་པས། །གསལ་ལ་མ་འདྲེས་བེའ་ཁྱིམ་འདྲ། །སོ་སོར་གསལ་ཡང་རང་བཞིན་གཅིག །གཉིས་མེད་དག་པའི་དགོངས་པ་འདྲ། །དབྱེར་མེད་ལྷན་གྱིས་གྲབ་པར་སྤྱོད། །ཟ་འོག་བེར་ཁྱིམ་གྱི་དགོངས་པ། །གཏེར་བཞད་རྩལ་ལ་གཏད་པ་ཡིན། །ཨྠྀི། ག་ཧྱ། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ་བཞགས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀྱང་། །རྣམ་དག་མ་བཅོས་ཐིག་ལེ་གསལ། །རྣམ་དག་བྱང་ཆབ་སེམས་ཉིད་ལ། །རྐྱེན་དང་གཉེན་པོས་ཡོངས་མི་གོས། །ཁམས་གསུམ་བསྒྲལ་ཞེས་དེ་ལ་བྱ། །དེ་ལ་ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ་ཞེས་བྱ་བ་ནི། འདི་ལྟར་ཁམས་གསུམ་དང་སྲིད་གསུམ་དུ་སྣང་བའི་ཆོས། མཚན་མའི་དངོས་པོར་སྣང་བ་འདི་དག་ཐམས་ཅད་ནི། རང་གི་བྱང་ཆབ་ཀྱི་སེམས་ཀྱི་རྣམ་པ་ཡིན་ཏེ། དཔེར་ན་གཉིད་ལོག་པའི་རྨི་ལམ་ན། ལྷའི་ཡུལ་དུ་ཕྱིན་ཏེ། ལྷ་ཕོ་མོ་མང་པོའི་ཐད་དུ་འདག་ཅིང་། ལྷའི་ལོངས་སྤྱོད་མང་པོ་ཉམས་སུ་མྱང་བར་ལོངས་སྤྱོད་པ་དེ་ལྷའི་གནས་སུ་ཕྱིན་པ་མ་ཡིན་ཏེ། རང་གི་སེམས་ཀྱིས་ལྷའི་ཡུལ་དུ་དང་། ལྷ་དང་ལྷ་མོར་སྣང་བ་ལས་མེད་དེ། དེ་བཞིན་དུ་རང་གི་སེམས་ཉིད་རྣམ་པ་དང་བྱེ་བྲག་སྤྱོད་ཡུལ་དུ་སྣང་ཞིང་། ཁམས་གསུམ་དང་སྲིད་གསུམ་དུ་སྣང་བ་ལས་མ་རྟོགས་པ། ཁམས་གསུམ་དང་སྲིད་གསུམ་ལོགས་ན་ཅི་ཡང་མེད་དོ། །དེ་བས་ན་འདོད་པའི་ཁམས་སུ་སྣང་བ་ཡང་རང་གི་བྱང་ཆབ་ཀྱི་སེམས། གཟགས་ཀྱི་ཁམས་སུ་སྣང་བ་ཡང་རང་གི་བྱང་ཆབ་ཀྱི་སེམས། གཟགས་མེད་པའི་ཁམས་སུ་སྣང་བ་ཡང་རང་གི་བྱང་ཆབ་ཀྱི་སེམས་ཡིན་ལ། སེམས་ནི་ཐམས་ཅད་ཀྱི་མཚན་ཉིད་ཅན་ཡིན་པས་གདོས་པ་མེད་པར་རྟག་ཏུ་ལྷང་བ་ཉིད་ཡིན་པས། རང་ཉིད་ཁམས་གསུམ་གྱི་ངོ་བོར་མ་ཤེས་ཏེ། བདག་གཞན་གྱི་དངོས་པོར་རྟོག་ནས། བདག་དང་གཞན་དུ་མཐོང་སྟེ། ཕྱི་དང་ནང་དུ་ཡང་མཐོང་ལ། བདག་དང་བདག་གིར་ཡང་མཐོང་བས་གཅིག་ལ་གཅིག་འཆོལ་ཏེ། ཁམས་གསུམ་དུ་འཁོར་ཞིང་གདོས་པར་མཐོང་ངོ་། །དེ་དེ་ལྟར་མ་ཡིན་པའི་དོན་གོང་མ་ལས་དཔག་ཏེ་བཤད་ན། དཔེར་ན་རྐན་མོ་གཅིག་གིས་ཁྱིམ་དུ་ཞགས་ན། ཁྱིམ་བདག་དེས་རྐན་མོ་ཡིན་པར་ཤེས་པ་ཙམ་གྱིས་རྐན་མོས་མི་ཚགས་སོ། །དེ་བཞིན་དུ་ཁམས་གསུམ་དང་སྲིད་གསུམ་དུ་སྣང་བ་ཉིད། རང་གི་བྱང་ཆབ་ཀྱི་སེམས་སྣང་བ་ལས་གད་ན་རྡལ་ཙམ་ཡང་མེད་དོ། །རྨི་ལམ་ན་ལྷའི་ཡུལ་དུ་ཕྱིན་པ་དང་འདྲ་སྟེ། སད་པའི་དུས་ན་ལྷའི་ཡལ་མི་འདག་པར། རང་གི་སེམས་ཀྱི་སྣང་བར་ཤེས་པས་ཡལ་གཞན་མེད་དོ། །དཔེ་དེ་བཞིན་དུ་ཁམས་གསུམ་སྲིད་གསུམ་དུ་སྣང་བ་ཉིད། རང་གི་སེམས་སུ་ཤེས་ཤིང་རྟོགས་ཕན་ཆད། སེམས་ནི་གདོད་མ་ནས་སངས་རྒྱས་པའི་རང་བཞིན། ཡེ་ནས་རྣམ་པར་དག་པའི་ངོ་ལས། མཚན་མའི་རྣམ་རྟོག་ལོག་པའི་ཤེས་པ་རྡལ་ཙམ་ཡང་མེད་པར་ཤེས་པར་བྱའོ། །དེ་ལྟར་ཤེས་ཕན་ཆད་ཁམས་གསུམ་ཡོངས་སུ་དུས་གཅིག་ཏུ་བསྒྲལ་ཏེ། དེ་ཡང་། བྱང་ཆབ་སེམས་ཀྱི་དབྱེ་ཐང་ལ། མ་སྙག་འཆོལ་རྙོག་ཏ་སྤྱོད་པ་ནི། རྣལ་འབྱོར་དབང་ཕྱག་ཆེན་པོའི། རོལ་པའི་ལོངས་སྤྱོད་ཆེན་པོ་ཡིན་པས། སྣང་སྲིད་རྒྱན་དུ་བཀོད་པའི་ཆོས་ཉིད་ཅེས་བྱའོ། །དེ་བས་ན་ཁམས་གསུམ་དང་སྲིད་གསུམ་དུས་གཅིག་ཏུ་བསྒྲལ་བས། ཁམས་གསུམ་ཡོངས་སྒྲོལ་གྱི་དགོང་པ་ཞེས་བྱའོ། །བདེ་ཆེན་བྱང་ཆབ་སེམས་ཀྱི་རང་བཞིན་ལ། །རྐྱེན་ལས་མ་བསྐྱེད་གཉེན་པོའི་མཐས་མི་གཡོ། །རྐྱེན་དང་བྲལ་བས་གཉེན་པོས་གཡོ་བ་མེད། །སྣང་སྲིད་རྒྱན་དུ་བཀོད་པའི་ཆོས་ཉིད་ལ། །རྣལ་འབྱོར་དབང་ཕྱག་བདེ་བའི་ལོངས་སྤྱོད་བྱེད། །ཐམས་ཅད་སེམས་སུ་མཐོང་བས་རྣམ་པར་དག །སེམས་ཉིད་ཡེ་སངས་རྒྱས་པས་ཀུན་ཏུ་བཟང་། །བདག་མེད་ཕྱོགས་དང་བྲལ་བས་དངོས་པོ་འཇིགས། །རྣམ་རྟོག་མེ་ལོང་ཡིན་པས་མེ་ལོང་གཟགས། །བྱེད་སྤྱོད་ཐམས་ཅད་རྫོགས་པར་ངོ་བོ་ཤར། །སྣ་ཚོགས་འབྱང་ཡང་ཟད་མེད་མཁའ་ལ་རོལ། །ཡིད་བཞིན་གཏེར་གྱིས་རང་གི་མཁའ་ལ་རྫོགས། །ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ། །གཏེར་བཞད་རྩལ་ལ་གཏད་པའོ། །ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ་གསངས་པ་ཡང་། དཔེར་ན་ཁམས་གསུམ་དཔའ་བོ་གྱད་ཀྱིས་མི་སྒྲོལ་ལྟར། རིག་པའི་རྒྱལ་པོ་རང་དབང་གྱུར་པའི་ཚེ། །ཁམས་གསུམ་འཁོར་བ་རང་གི་སེམས་ཡིན་ཏེ། །སེམས་ལ་སྐྱེ་ཤི་མེད་པས་སྒྲོལ་བ་ཡིན། །དེའི་ཕྱིར་ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ་གསངས་སོ། །ཨྠྀི། ག་ཡཱ། གཏད་རྒྱ། རྒྱ་རྒྱ་རྒྱ། གསང་ངོ་།། །།

༄༅། །རྫོང་འཕྲང་ལས། དུས་བཞི་མཉམ་སྦྱོར་གྱི་དགོངས་པ་བཞགས། རྒྱ་གར་སྐད་ད། བཛྲ་ག་ཡ་ཙིཏྟ་རཏྣ། བོད་སྐད་ད། རྡོ་རྗེ་གསང་བ་ཐགས་ཀྱི་ཡང་གཏེར། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་སྐུ་ལ་ཕྱག་འཚལ་ལོ། །ཐོག་མར་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ལ་འཁྲལ་པ་བྱང་བའི་ཚལ་བསྟན་པ་དང་། བར་དུ་སྲིད་པའི་གཞི་འཛིན་པའི་དུས་ས། སངས་རྒྱས་དང་སེམས་ཅན་རྒྱབ་གྱེས་པའི་ཚལ་བསྟན་པ་དང་། ཐ་མ་འཁོར་བ་རུ་བཟློག་པའི་དུས་ས། སེམས་དང་ཡེ་ཤེས་གྱེས་པའི་དུས་བསྟན་པ་དང་། ཐོག་མ་ཆོས་སྐུ་ཐིག་ལེ་ཉག་གཅིག་ལ་འཁྲལ་པ་བྱང་བའི་ཚལ་བསྟན་པ་ནི། ཐོག་མའི་དུས་ན་ཆོས་ཀྱི་སྐུ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ནང་གསལ་ཐིག་ལེ་འོད་འབར་དུ་མ་རོ་གཅིག་སྒྱུ་མ་ལྟ་བར་མ་གྲབ་པར། གསལ་བ་ལ་ངོས་བཟང་མེད་པ། ཡེ་ཤེས་འོད་འབར་གྱི་སྐུ་གཅིག་ཁྱབ་བརྡལ་འབ་ཆབ་ཏ་གནས་པ་ལ། དེ་རང་ཡིན་པར་ངོ་མ་ཤེས་པས། གཞན་སྣང་དུ་འཁྲལ་ལོ། །དེ་ཡང་ངོ་བོ་ངོས་བསྟན་པའི་དུས་ཤེས་པར་བྱའོ། །བར་དུ་སྲིད་པའི་གཞི་འཛིན་པའི་དུས་ས། སངས་རྒྱས་དང ་སེམས་ཅན་རྒྱབ་གྱེས་པའི་ཚལ་བསྟན་པ་ནི། སེམས་དང་ཡེ་ཤེས་ཕྱེད་པ་ཡིན་ཏེ། བསྐྱེད་ཚལ་བཞི་དང་བརྫས་སྐྱེས་སུ་ཤེས་པར་བྱའོ། །བསྐྱེད་ཚལ་བཞི་ནི། མངལ་སྐྱེས། སྒོང་སྐྱེས། དྲོད་སྐྱེས། གཤེར་སྐྱེས་སོ། །བརྫས་སྐྱེས་ནི། དེ་ཚོ་གང་ན་ཡང་རག་མ་ལས་པར། གདལ་བྱའི་དོན་དུ་སྐྱེ་ཚལ་བསྟན་པ་སྟེ། ནམ་མཁའ་ལས་ཆོ་འཕྲལ་བྱང་ཚལ་དུ་སྐྱེ་པའོ། །དེ་ཡང་མཚན་ཉིད་བཞི་ལྡན་ནོ། །ཐ་མ་འཁོར་བ་རུ་བཟློག་བའི་དུས་ས། སེམས་དང་ཡེ་ཤེས་གྱེས་པའི་ཚལ་བསྟན་པ་ནི། རྡོ་རྗེ་ཐགས་ཀྱི་སྙིང་ཁར་ཕྱང་པའོ། །འདི་ལ་ལྔ་སྟེ། སེམས་དང་ཡེ་ཤེས་ཀྱི་གནས་བསྟན་པ་དང་། དབྱེ་བའི་མན་ངག་དང་། འབྱེད་པའི་དུས་དང་། འབྱེད་པའི་ཚད་དང་། འབྱང་བའི་ལམ་མོ། །སེམས་དང་ཡེ་ཤེས་ཀྱི་གནས་བསྟན་པ་ལས་སེམས་ཀྱི་གནས་གང་གནས་བསྟན་པ་ནི། གློ་བ་ལ་གནས། ཡེ་ཤེས་ཀྱི་གནས་ནི། མིག་ལ་གནས་པར་འདོད་པ་ཡང་ཡོད་དེ། སྙིང་ལ་གནས་སོ། །སེམས་དང་ཡེ་ཤེས་དབྱེ་བའི་མན་ངག་ནི། སེམས་བྱང་དང་། རྨི་ལམ་ན་ཉོན་མོངས་པས་བརྫི་བ་དག་བྱང་ན། ད་རང་ཞེན་པ་ལས་མ་གྲོལ་བ་ཡིན་པས། དེ་ནི་ལྡོག་པའི་དུས་ཡིན་ཏེ། སོ་སོར་རྟོགས་པའི་ཤེས་རབ་ལ་བརྩོན་པར་བྱ་དགོས་སོ། །གོལ་བའི་སུ་ནི། སེམས་ཉིད་ཕྱོགས་དང་རིས་སུ་ཆད་ནས་མཐའ་ལ་ཞེན་ན། གོལ་བ་ཡིན་ནོ། །ཉོན་མོངས་པའི་རོ་ལྡང་བ་ནི། ཤེས་རབ་ཀྱིས་ཐག་ཆོད་ཀྱང་། རྣམ་པར་རྟོག་པ་འཇག་ན། ཉོན་མོངས་པའི་རོ་ལྡང་བ་ཡིན་ནོ། །དེ་བས་ན་སེམས་ཟིན་པ། ལྟ་བ་རྟོགས་པ། ཞེན་པ་བཟློག་པ་གསུམ་དུས་གཅིག་ཏུ་འདོད་དོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེ་ལ། རྣལ་འབྱོར་གྱི་དབང་ཕྱག་ཆེན་པོ་ཞེས་བྱའོ། །ཀྱཻ་གཅིག་པར་བཞུགས་པའི་རྣལ་འབྱོར་པ། །འདའ་ཁའི་གཅན་འཕྲང་མ་སོལ་བར། །སྒོམ་ཆེན་ཡིན་ཞེས་ཁས་ལེན་པ། །ལོང་བ་དགྲ་ཡལ་ཕྱིན་པ་འདྲ། །རྫོང་ཆེན་གདིང་དུ་མ་ཆད་པར། །སངས་རྒྱས་ཡིན་ཞེས་ཁས་ལེན་པ། །རྟ་རྒོད་སྲབ་མེད་ཞོན་པ་འདྲ། །རྫོང་ཆེན་གདིང་དུ་མ་ཆད་པར། །སངས་རྒྱས་ཡིན་ཞེས་ཁས་ལེན་པ། །ལག་རྡམ་གཏེར་གླིང ་ཕྱིན་པ་འདྲ། །ཤེས་རབ་ཆེ་ཡང་ཉམས་མི་ལོན། །དཀྱས་རྟ ་སྒྲོག་ཏ་བཅག་པ་འདྲ། །ཞེས་དགའ་རབ་རྡོ་རྗེས་གདམས་པའོ། །བྱང་ཆབ་ཀྱི་སེམས་དུས་བཞི་མཉམ་སྦྱོར། ཨྠྀི། གཏེར་བཞད་རྩལ་གྱིས་རྒྱས་བཏབ་བོ། །རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། མེ་ལོང་གཡའ་དག་གི་དགོངས་པ་བཞགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མ་བཅོས་མ་བསླད་རྣམ་དག་སེམས་ཀྱི་དབྱིངས། །རྒྱལ་བ་རྒྱ་མཚོའི་ཐགས་དང་ཡེ་ནས་མཉམ། །རྒྱད་ཉིད་འབྲས་བ་ཡིན་ཕྱིར་བསྒྲུབ་ཏུ་མེད། །འབྲས་བ་གདོད་ནས་དག་པ་སངས་རྒྱས་ཡིན། །རྡོ་རྗེ་སེམས་དཔའི་རང་བཞིན་ལས། །དགའ་རབ་རྡོ་རྗེའི་ཐགས་གདོལ་ནས། །ཡང་ནས་ཡང་དུ་རྣ་བརྒྱད་པ། །ནམ་མཁའི་སྙིང་པོས་གཏེར་སྦས་པ། །ཤེལ་དཀར་བཟའ་ལ་གཏད་པའོ། །མེ་ལོང ་གཡའ་དག་གི་དགོངས་པ་ནི། །ལྷོ་བྲག་མཁོ་མཐིང་སྒོམ་ཕག་ཏ། །གཏད་ནས་རྒྱ་གསུམ་བཏབ་པ་ནི། །རྒྱ་གཅིག་དོན་དམ་དབྱིངས་ཀྱི་རྒྱ། །རྒྱ་གཉིས་ཤེས་རབ་གཟངས་མའི་རྒྱ། །རྒྱ་གསུམ་ནན་ཏན་གཏད་པའི་རྒྱ། །རྡོ་རྗེ་རིགས་ཀྱི་གཟངས་མའི་རྒྱ། །ཞི་བའི་ཚལ་དང་ལྡན་པ་སྟེ། །གཉེན་ལྕག་འཁྲིལ་ལྡེམ་གཞོན་ཚལ་ཅན། །གསལ་འཚེར་ལྷན་སྡུག་གཟི་བྱིན་འཕྲོ། །དཀར་དམར་མདངས་ཅན་དང་མདོག་མ། །མདན་ནས་བལྟས་ན་དགྱེ་དགྱེ་འདྲ། །རྒྱབ་ནས་བལྟས་ན་རྒ་རྒ་འདྲ། །འགྲོ་ན་སྟབས་སྡུག་མཛེས་པས་འགྲོ། །སྨྲ་ན་ངག་སྙན་སྙན་པར་སྨྲ། །ཡིད་དུ་འོང་ཞིང་སེམས་འཕྲོག་མ། །རྡོ་རྗེ་སེམས་དཔའི་གཟངས་མར་ཤིས། །མེ་ལོང་གཡའ་དག་དགོངས་པ་སྟེ། །ཤེལ་དཀར་བཟའ་ལ་གཏད་པ་ཡིན། །དེ་ནས་མེ་ལོང་གཡའ་དག་ནི། །གཟགས་བརྙན་ཐམས་ཅད་འབྱང་བའི་རྒྱ་གྱུར་ཏེ། མཚན་མ་ཐམས་ཅད་ཀྱི་འབྱང་གནས་སོ། །དཔེར་ན་མེ་ལོང་གི་དཀྱིལ་འཁོར་མདོག་ཀུན་ནས་ལེགས་པར་བྱིན་པ་ནི། ཐལ་ལེ་གས ལ་ལེ་ལྷང་ངེའོ། །དེ་བཞིན་ཕྱི་ནང་སྣང་སྲིད་ཆོས་ཐམས་ཅད་ནི། རང་གི་སེམས་ཉིད་ཀྱི་རྣམ་པ་ཉིད། ཕྱི་རོལ་བ་དང་། ནང་པ་དང་། བདག་གཞན་གཉིས་ལ་སོགས་པར་མཐོང་དུ་ཟད་ཀྱི། དོན་དུ་རང་གི་བྱང་ཆབ་སེམས་ལས་གད་ན་ཅི་ཡང་མེད་དོ། །དེ་ཡང་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ན། གཟགས་བརྙན་སྣང་ཡང་། མེ་ལོང་དང་གཟགས་བརྙན་ལ་ཐ་དད་པ་ཡང་མེད་དོ། །གཟགས་བརྙན་ཉིད་དུ་སྣང་དུ་ཟིན་ཀྱང་། གཟགས་བརྙན་མེ་ལོང་ལས་ཀྱང་མ་བྱང་ལ། མེ་ལོང་མེད་པར་ཡང་མ་བྱང་སྟེ། མེ་ལོང་ཉིད་ཀྱང་གཟགས་བརྙན་ལ། གཟགས་བརྙན་ཉིད་ཀྱང་མེ་ལོང་སྟེ། རང་བཞིན་ནམ་དངོས་པོ་མེད་དེ། གཟགས་བརྙན་ཉིད་སྣང་ཟིན་གྱི། རང་བཞིན་ནམ་དངོས་པོར་གྲབ་པ་མེད་དོ། །ཡང་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ནི། གཡའ་དང་དྲི་མས་བསྒྲིབས་པ་རྣམས་ན་གཟགས་བརྙན་འབྱང་བའི་རྒྱར་མི་འགྱུར་རོ། །དེ་བཞིན་དུ་ཆོས་ཀྱི་ཆོས་ཉིད་ཀྱང་གང་ཟག་སྣོད་ཁ་སྦུབ་དང་། དག་ཅན་ཞབས་བརྡོལ་དང་། གཞོག་རལ་པ་རྣམས་ཀྱི་ཤེས་པའི་ཡུལ་དུ་མི་སྣང་ངོ་། །དཔེར་ན་མེ་ལོང་གི་དཀྱིལ་འཁོར་ནི་གཡའ་དང་བཅས་པ་ལ། གཟགས་བརྙན་འཆར་བའི་རྒྱར་མི་འགྱུར་རོ། །དེ་བཞིན་དུ་སྙིང་པོ་བྱང་ཆབ་དེ་ཡང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ། ཐེག་པ་འོག་མ་བ་རྣམས་ཀྱི་ཐེག་པས་བསྐལ་ནས། སྙིང་པོའི་དོན་མཐོང་བའི་སྐལ་བ་མེད་དོ། །དེ་ཡང་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ནི། དོན་དུ་མི་གཉེར་བ་རྣམས་ཀྱི་སྤྱོད་ཡུལ་དུ་མི་སྣང་སྟེ། སོ་སོར་བསྐལ་ནས་གནས་སོ། །དེ་ཡང་ནས་འཁོགས་པ་དང་། ཡིད་མི་བདེ་བ་དང་། བསམ་པ་ཆང་བ་དང་། དབང་པོ་མ་ཚང་བ་དང་། མ་དད་པ་རྣམས་ཀྱིས་དོན་དུ་མི་གཉེར་རོ། །དེ་བཞིན་དུ་སྙིང་པོ་བྱང་ཆབ་ཀྱང་མ་དད་པ། མེ་ལོང་ཅན་དང་མ་མོས་པ་དང་། ལས་འཕྲོ་དང་སྐལ་བར་མི་ལྡན་པ་དང་། གསང་བ་བླ་ན་མེད་པའི་ཐེག་པ་ལ་མ་སྟེགས་ཡིན་ཞེས་སྐར་པ་འདེབས་པ་དང་། དོན་དུ་མ་ཚད་པར་སྤྱོད་པར་སྤྱོད་པ་བརླབ་པོ་ཆེ་ལ་བསྒྲལ་བ་རྣམས་ལ་མི་གནས་ཏེ། དོན་དུ་མི་གནས་མི་གཉེར་རོ། །གཞོན་པ་དང་མཛེས་པ་དང་། བདག་འཛིན་རྒྱས་པ་དང་སྒེག་པ་རྣམས་ཀྱིས་དོན་དུ་གཉེར་བས་མེ་ལོང་གི་མདོག་ཕྱིས་ཏེ་ལེགས་པར་བལྟས་པས་དྲི་མ་དང་བཞིན་ལ་སོགས་པ་ཀུན་གསལ་བ་བྱེད་དོ། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་རྣམས་ལ་དོན་དུ་གཉེར་བའི་འདན་པ་མེད་དོ། །ན་ཆང་གཞོན་པ་དང་གཟགས་བཟང་བ་དང་། མཛེས་པ་རྣམས་ཀྱིས་མེ་ལོང་གི་དཀྱིལ་འཁོར་དོན་དུ་གཉེར་བ་དེ་བཞིན་དུ་ཐེག་པ་ཆེ་བ་དང་བློ་ཆེ་བ་དང་ཟབ་པ་དང་ཡངས་པ་དང་ཐེག་པ་ཆེན་པོ་རྣམས་དོན་དུ་གཉེར་བ་ཡིན་ནོ། །དེ་ཡང་ཇི་ལྟར་པདྨའི་རྒྱ་མཚོ་ལས་པདྨའི་སྡོང་པོའི་སྤྲིན་འཁྲིག་ཀྱང་། པདྨའི་སྡོང་པོའི་རྩ་བ་ན། ཉ་སྦལ་རྟག་ཏུ་གནས་པ་ཡིས། པདྨའི་སྦྲང་རྩིས་མི་མཐོང་ལྟར། །སྙིང་པོ་བྱང་ཆབ་རང་གསལ་བ། །ཉན་ཐོས་རང་རྒྱས་སྐྱེ་བོ་ཡིས། །རང་ལ་ཡོད་ཀྱང་ངོ་མ་ཤེས། །བང་བ་ནགས་ན་གནས་གྱུར་པས། །པདྨའི་སྦྲང་རྩི་ཁྱེར་བ་ལྟར། །ཐེག་ཆེན་རིགས་ཀྱི་རྣལ་འབྱོར་བས། །རིང་ན་འདག་ཀྱང་ཉེ་བར་འོང་། །མེ་ལོང་གཡའ་དག་དགོངས་པ་འདི། །ཤེས་དཀར་བཟའ་ཡི་འགྲོ་སླད་ཤོད། །རིང་ནས་རིང་དུ་རྣ་བརྒྱད་པས། །གཏེར་བཞད་རྩལ་གྱིས་གཏད་པ་ཡིན། །ག་ཧྱ། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། རྒྱ་མཚོ་ཀློང་ཡངས་ཀྱི་དགོངས་པ་བཞུགས་སོ། །བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རིག་པ་སེམས་ཀྱི་མེ་ལོང་ལ། ཕྱི་ནང་སྣོད་བཅད་དཀྱིལ་འཁོར་གསལ། ཙན་དན་འབར་བའི་སྡོང་པོ་ལ། ལོ་འདབ་མེ་ཏོག་འབྲས་བ་སྨིན། རང་སེམས་རྟོགས་པའི་རྣལ་འབྱོར་ལ། རང་བཞིན་གཅིག་ཏུ་མ་ངེས་པ། ཇི་ལྟར་བརྟག་པ་དེ་ལྟར་སྣང་། གང་ལྟར་ཡིན་པ་དེ་ལྟར་ཡིན། རྒྱ་མཚོའི་གཏིང་མཐའ་ཐག་པ་མེད། ཐམས་ཅད་རང་གི་སེམས་ཡིན་ཞིང་། སེམས་ལ་ཐག་པ་མེད་པའི་དཔེ། རྒྱ་མཚོ་ཀློང་ཡངས་ལ་དཔེ་བླངས་ཏེ་བསྟན་པ་ནི། དཔེར་ན་རྒྱ་མཚོ་ཀློང་ཡངས་པའི་ནང་ན་སྲོགས་ཆགས་བསམ་གྱིས་མི་ཁྱབ་པ་གནས་པ་དེ། སྣ་ཚོགས་འད་ཡང་རྒྱ་མཚོ་ཉིད་དོ། །རྒྱ་མཚོ་ལ་རྫི་དང་བརླབ་བྱང་པ་ཡང་རྒྱ་མཚོ་ཉིད་དོ། །ཆ་བྲན་སྣ་ཚོགས་འདས་པ་ཡང་རྒྱ་མཚོ་ཉིད་དོ། །རྒྱ་མཚོ་ནང་གི་ཉི་ཟླ་གཟའ་སྐར་ལ་སོགས་པའི་གཟགས་བརྙན་མང་པོ་གནས་པ་ཡང་རྒྱ་མཚོ་ཉིད་དོ། །རྒྱ་མཚོའི་གཏིང་ལ་མཐའ་ཐག་པ་མེད་པ་དང་། རྒྱ་མཚོ་ལ་ཟད་མི་ཤེས་པ་ཡང་རྒྱ་མཚོ་ཉིད་དོ། །དེ་བཞིན་དུ་རྟོགས་པའི་རྣལ་འབྱོར་བ་དེའི་སེམས་ཀྱི་མཚན་ཉིད་ཇི་ལྟར་ཡང་འདག་སྟེ། ཐམས་ཅད་དུ་མ་འགག་པའི་ལྷ་དང་ལྷ་མོའི་དཀྱིལ་འཁོར་དང་། དེའི་ཞིང་ཁམས་དང་མཛད་སྤྱོད་དང་ཕྲིན་ལས་དང་། དྲེགས་པ་ཅན་གནོད་སྦྱིན་ཕོ་མོའི་ང་རྒྱལ་དང་། དེའི་མཛད་སྤྱོད་དང་། རྫ་འཕྲལ་དང་ལས་དང་མི་དང་མི་མ་ཡིན་པ་དང་། བྱ་དང་བྱོལ་སོང་དང་གཅན་གཟན་དང་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟར་ཡང་གནས་ཏེ། ཐམས་ཅད་རང་གི་སེམས་ཉིད་ཡིན་ཏེ། བདེ་བ་དང་སྡུག་བསྔལ་དང་ཆེ་བ་དང་ཆང་བ་དང་བཟང་བ་དང་ངན་པ་དང་མང་པོ་དང་ཉང་བ་ལ་སོགས་པ་དང་། དབྱིབས་བསམ་གྱིས་མི་ཁྱབ་པ་དང་ཁ་དོགས་བསམ་གྱིས་མི་ཁྱབ་པ་དང་། དེ་ལྟར་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འདག་པ་ཡང་། རང་གིས་སེམས་ཀྱི་མཚན་ཉིད་དོ། །རིག་པ་རང་དབང་དུ་གྱུར་པའི་དུས་ན་སྐུ་གསང་ཐགས་ཡོན་ཏན་ཕྲིན་ལས་ལྔ་ལ་ཐོགས་པ་མེད་པར་སྤྱོད་པ་རྣམས་སེམས་ཉིད་དེ། རང་གི་སེམས་སུ་མ་གྱུར་པ་གང་ཡང་མེད་པ་དང་། སེམས་ལ་ཐག་པ་མེད་པ་གནས་པ་དང་ཟད་མི་ཤེས་པ་ལ་ལོངས་སྤྱོད་པ་དང་། དེའི་མཐ་དབང་དུ་གྱུར་པ་དང་། ནས་པ་མ་འགགས་པ་ཡིན་པ་སྟེ་ལོངས་སྤྱོད་རྣམ་པར་དག་པ་དང་ཕྱོགས་སུ་ཆད་པ་དང་རྫས་སུ་གྲབ་པ་དང་མཐར་ཐག་པ་ནི་གང་ཡང་མེད་དོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཀྱང་། རང་གི་རིག་པ་མ་འགགས་པ་ཡོངས་སུ་ཤར་ཏེ་སྣ་ཚོགས་སུ་གནས་སོ། །སེམས་ནི་རྒྱ་རྐྱེན་ལ་རག་མ་ལས་པ། རྐྱེན་དང་གཉེན་པོས་བཅོས་སུ་མེད། །ཚད་ལས་འདས་པས་དཔག་ཏ་མེད། །ནོར་བ་རིན་ཆེན་ལྟ་བའི་སྟོབས་མཆོག་ནི། །སེམས་ཉིད་ལྷན་གྱིས་གྲབ་པ་རྒྱལ་བས་གསངས། །བསྟན་པའི་སྙིང་པོ་སེམས་ཉིད་སྙིང་ཁ་འདི། །ཐེག་པ་ཀུན་གྱི་ཡང་རྩེ་མཆོག་གི་ལང་། །མན་ངག་ཀུན་གྱི་དམ་པར་གྱུར་པ་འདི། །རྗེ་འབངས་ཉི་ཤུ་རྩ་ལྔའི་ཕགས་ཕྱང་སྟེ། །མཁས་པ་རྣམ་བཞིས་ཛྙཱ་ན་བདག་ལ་གཏད། །རྒྱ་མཚོ་ཀློང་ཡངས་ཀྱི་དགོངས་པ། །གཏེར་བཞད་རྩལ་ལ་གཏད་པ་ཡིན། །ཨྠྀི། ག་ཧྱ། རྒྱ་རྒྱ་རྒྱ།། །།ཁྱབ་བདག་བླ་མའི་ཐགས་དམ་ཕྱག་དཔེ་ར། །ཟབ་གཏེར་སྤྱི་མྱེས་ཉང་རལ་ཕྱག་བྲིས་མའི། །བ་ཡིག་མངའ་རིས་པཎ་ཆེན་ཕྱག་དཔེ་ལས། །ཡིད་གཞང་དག་པར་བྲིས་དགེ་བྱང་ཆབ་བསྔོ། །ཇི་ལྟར་རྒྱ་མཚོ་ཆ་བརླབ་ཁ་དོགས་སོགས། །མ་འདྲེས་སྣ་ཚོགས་ཤར་ཡང་ཆ་གཏེར་གྱི། །རོལ་པ་ཉིད་ཡིན་དེ་བཞིན་བཟང་ངན་ཆོས། །ཅིར་ཡང་སྣང་རང་རང་སེམས་ངང་དུ་འད། །

༄༅། །རྫོང་འཕྲང་ལས། སྲིད་གསུམ་རྣམ་དག་གི་དགོངས་པ་བཞུགས་སོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཀན་ལ་ཁྱབ་པས་ནམ་མཁའི་དབྱིངས། །སྣ་ཚོགས་འབྱང་བ་རིག་པའི་གཏེར། །གཏིང་དཔག་དཀའ་བ་རྒྱ་མཚོའི་ཀློང་། །སེམས་ཉིད་ཀུན་ཏུ་བཟང་པོ་ཡིས། །བྱས་པ་མེད་པར་སྣ་ཚོགས་གྲབ། །མ་བརྗོད་སྒྲ་སྐད་ཅིར་ཡང་གྲགས། །མ་སྤྱད་རོལ་བ་རྒྱན་དུ་ཤར། །སྲིད་གསུམ་རྣམ་དག་ལྷན་གྱིས་གྲབ། །ཅེས་གསངས་ཏེ། སྟེང་ལྷའི་ཞིང་ཁམས་སུ་སྣང་བ་ཡང་། ང་བྱང་ཆབ་སེམས་ཉིད་དོ། །བར་མི་ཡི་ཞིང་ཁམས་སུ་སྣང་བ་ཡང་། ང་བྱང་ཆབ་སེམས་ཉིད་ཡིན་ནོ། །འགྲེའོ། །འོག་ཀླའི་ཞིང་ཁམས་སུ་སྣང་བ་ཡང་། ང་བྱང་ཆབ༴ སྲིད་པ་གསུམ་ན་བདེ་བར་གཤེགས་པའི་ཕོ་བྲང་ཞིང་ཁམས་དང་བཅས་པར་སྣང་བ་ཡང་། ང་བྱང་ཆབ༴ འོག་མིན་གྱི་གནས་ལྕང་ལོ་ཅན་ལ་སོགས་པ་ཡང་། ང་བྱང་ཆབ༴ རིགས་བཞི་དང རིགས་ལྔ་ཡང་། ང་སངས་རྒྱས་བྱེ་བ་ཁྲག་ཁྲིག་དུ་མ་དང་བཅས་པར་སྣང་བ་ཡང་། ང་བྱང་ཆབ ༴ རྒྱལ་བ་ཡབ་ཡམ་སྲས་འཁོར་དང་བཅས་པར་ཡང་། ང་བྱང་ཆབ༴ ཚོམ་བ་དང་སྡེ་ཚན་དུ་བཅས་པ་ཡང་། ང་བྱང་ཆབ༴ མཚན་དང་དཔེ་བྱད་དབྱིབས་དང་ཁ་དོགས་རྒྱན་དང ་ཆ་ལུགས་གཙོ་འཁོར་དང་བཅས་པར་སྣང་བ་ཡང་། ང་བྱང་ཆབ༴ ལྷ་དང་མིར་བཅས་པ་ཡང་། ང་བྱང་ཆབ༴ རིག་པ་སྡེ་ཚན་དུ་ཕྱེ་བ་ཡང་། ང་བྱང་ཆབ༴ ཕ་དང་མར་ཕྱེ་བ་ཡང་། ང་བྱང་ཆབ༴ སྐྱེ་རྒ་ན་འཆིར་རྒྱུད་བར་སྣང་བ་ཡང་། ང་བྱང་ཆབ༴ བདེ་དང་སྡུག་བསྔལ་དུ་གྱུར་པ་ཡང་། ང་བྱང་ཆབ༴ ང་དང་བདག་ཏུ་འཛིན་པ་ཡང་། ང་བྱང་ཆབ༴ ཕྱོགས་དང་རིས་སུ་འབྱེད་པ་ཡང་། ང་བྱང་ཆབ༴ བཟང་ངན་དང་ཡིན་མིན་དུ་འབྱེད་པ་ཡང་། ང་བྱང་ཆབ༴ མཐོ་རིས་དང་ངན་སོང་དུ་འབྱེད་པ་ཡང་། ང་བྱང་ཆབ༴ འཁོར་འདས་གཉིས་སུ་འབྱེད་པ་ཡང་། ང་བྱང་ཆབ༴ མཐོ་དམན་གཉིས་སུ་འབྱེད་པ་ཡང་། ང་བྱང་ཆབ༴ ཕན་གནོད་གཉིས་སུ་འབྱེད་པ་ཡང་། ང་བྱང་ཆབ༴ ཡལ་དང་ཡལ་ཅན་དུ་འཛིན་པ་ཡང་། ང་བྱང་ཆབ༴ ལྷ་དང་འདྲེར་འཛིན་པ་ཡང་། ང་བྱང་ཆབ༴ རིག་པ་དང་བེམ་པོར་འཛིན་པ་ཡང་། ང་བྱང་ཆབ༴ དེ་བཞིན་དུ་སྣང་སྲིད་ཐམས་ཅད་ལ་ང་མེད་པར་ངར་འཛིན་པ་དང་། ང་རིག་པ་བྱང་ཆབ་ཀྱི་སེམས་ཡིན་ཏེ། སེམས་ཀྱིས་སྣ་ཚོགས་སུ་བཟང་ནས། དེ་ལ་ཞེན་ཅིང་ཆགས་པས། རང་ལ་རང་ཕན་གནོད་སྣ་ཚོགས་མཐོང་ངོ་། །དེ་ནི་རང་གིས་རང་ངོ་མ་ཤེས་ནས། རང་ལ་རང་འཁོར་བ་ཡིན་ནོ། །དེ་དག་ཐམས་ཅད་རང་གི་སེམས་སྣ་ཚོགས་སུ་མ་འགགས་པ་ཅིར་ཡང་མ་ཡིན་པ་ལ་གང་ཡང་ཡིན་ལ། ཅིར་ཡང་མ་ཡིན་པ་ལ་ཅིར་ཡང་རིག་པ། ཅིར་ཡང་མེད་པར་ལས་ཅིར་ཡང་སྣང་བ། རིག་པ་མ་འགགས་པ་རང་ལ་སྤྱོད་དོ། །རང་ལས་བྱང་བ་རང་ལ་ཞི་བ་རང་ལས་གྲོལ་བ་རང་ལ་བྱང་བ། རང་ལ་རང་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་བྱང་བ། རང་ལ་རང་གསང་མི་ཟད་རྒྱན་གྱི་འཁོར་ལོ་བྱང་བ། རང་ལ་རང་ཐགས་མི་ཟད་རྒྱན་གྱི་འཁོར་ལོ་བྱང་བ། རང་ལ་རང་ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོ་བྱང་བ། རང་ལ་རང་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་བྱང་བ། དེ་དག་ཐམས་ཅད་རང་ལ་རང་ནས་པ་མ་འགགས་པར་རང་སྤྱོད་པ། ཐམས་ཅད་སེམས་ཀྱི་མཚན་ཉིད་དུ་མ་གྱུར་པ་གང་ཡང་མེད་དོ། །ཐམས་ཅད་སེམས་ཀྱི་སྤྱི་འཆིངས་པའོ། །སེམས་སུ་ཀུན་རྫོགས་སོ། །སེམས་རྒྱ་རྐྱེན་ལ་རག་མ་ལས་ཏེ། ཡེ་ནས་སངས་རྒྱས་ཀྱི་སྐུ་གསང་ཐགས་ཡོན་ཏན་འཕྲིན་ལས་ལྔར་གནས་སོ། །གདོད་མ་ནས་རྣམ་པར་དག་གོ། །དེ་ལྟར་ཐགས་སུ་ཀློང་བརྡོལ་ནས་གནས་སོ ། །དཔེར་ན་འདམ་གྱི་པདྨ་ལ། །འདམ་གྱིས་ངེས་པར་མི་གོས་ལྟར། །ཚིག་ཙམ་མ་ཡིན་ཐེ་ཚོམ་མེད། །རང་རིག་གཏིང་དུ་ཐག་ཆོད་ན། །འཁོར་བའི་ཉེས་པས་མི་བརྫི་སྟེ། །དས་གསུམ་མ་འགྱུར་སྙིང་པོ་གནས། །རྗེ་འབངས་ཉི་ཤུ་རྩ་ལྔ་ཡང་། །དབྱེར་མེད་སུ་ལ་གྲོལ་བར་གྱར། །མཁས་པ་མི་བཞིའི་བཀའ་རྟགས་རྒྱ། །དབང་རྟགས་རྣམ་བཞིའི་གཏད་རྒྱ་བཀའ་ནས་ཐོབ། །སྲིད་གསུམ་རྣམ་དག་གི་དགོངས་པ། །གཏེར་བཞད ་རྩལ་ལ་གཏད་པའོ། །གཏད་རྒྱ། རྒྱ་རྒྱ་རྒྱ། ག་ཧྱ།། །།

༄༅། །རྫོང་འཕྲང་ལས། ཡལ་སེམས་གཉིས་མེད་ཀྱི་དགོངས་པ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེམས་ཅན་གཉིས་མེད་པས། །ལམ་གྱིས་བཅོས་སུ་ག་ལ་ཡོད། །རང་རིག་རྩལ་ཆེན་རྫོགས་པ་ན། །སྒྱུར་མ་ལྷན་གྲབ་ཡལ་ལ་རོལ། །སྣང་སྲིད་རྒྱན་དུ་བཀོད་པ་ལ། །ཆོས་ཉིད་རོལ་པ་གདགས་མི་དགོས། །སངས་རྒྱས་སེམས་ཅན་གཉིས་མེད་ལ། །བདེ་དང་སྡུག་བསྔལ་སྤང་བླང་མེད། །བདེ་དང་སྡུག་བསྔལ་རྒྱ་མཐན་ལས། །རོལ་པའི་ཕྱག་རྒྱས་ཅིར་ཡང་སྣང་། །སྣང་སྲིད་ཀུན་བཟང་རྒྱན་མཆོག་ལ། །རྣམ་རྟོག་འགེགས་པ་ཆད་པ་ཡིན། །རྣམ་རྟོགས་འགེགས་པའི་ཆོས་ཉིད་ནི། །ཆོས་ཀྱི་སྐུ་ཡི་ལོ་མ་ཡིན། །ཆ་རྙོགས་དངས་བར་བྱས་པ་ནི། །གཟགས་བརྙན་འཆར་བའི་མེ་ལོང་ཡིན། །བདག་གཞན་མ་བྲལ་ཆོས་ཉིད་ནི། །ཡེ་ཤེས་ཆོས་ཉིད་འཆར་བ་སྟེ། །རོལ་ནས་མ་ཉམས་བདེ་བར་སྤྱོད། །བདེ་ཆེན་བྱང་ཆབ་སེམས་ཀྱི་རང་བཞིན་ནི། །རྒྱ་ལས་མ་བསྐྱེས་གཉེན་པོའི་མཐས་མི་གཡོ། །རྐྱེན་གྱིས་མི་འཇིག་པས་ན་གཉེན་པོས་གཡོ་བ་མེད། །ཀན་བྲལ་ཉག་ཅིག་ཇི་མ་སྤངས་པའི་དང་། །མཐའ་ཡས་འབྱང་ཡང་ཟད་པ་མེད་པའི་དབྱིངས། །གདོད་པ་མེད་པ་རྟག་ཏུ་འབྱང་བའི་ངང་། །གར་ཡང་མ་གཡོས་ཀུན་ཏུ་ཕྱིན་པའི་ངང་། །གར་བཟང་གར་བཏགས་ཆགས་པ་ཉིད་ཀྱི་ངང་། །ཅིར་བཟང་ཅིར་བཏགས་ཀུན་འཁོལ་སྤྱོད་པའི་ངང་། །རང་བཞིན་མ་བཅོས་སྣ་ཚོགས་འབྱང་བའི་ངང་། །ཞེས་སློབ་དཔོན་ཆེན་པོ་བྱི་མ་ལ་མི་ཏྲས་རྒྱལ་མོ་གཡ་སྒྲ་ལ་གདམས་པའོ། །རྒྱད་ལང་མན་ངག་ཤེས་པར་དཀའ། །རྒྱད་འཆད་པ་ཡི་སྐྱེས་བ་ནི། །སྡོད་རོགས་ནང་དུ་འཁྲ་བྱེད་འདྲ། །བསྒོམ་པའི་ཤེས་རབ་མ་སྐྱེས་པར། །རྫོགས་པའི་དོན་ལ་སྟོན་བྱེད་པ། །རྟ་རྒོད་སྲབ་མེད་ཞོན་པ་འདྲ། །ལྟ་བ་རྫོགས་ཆེན་མ་རྙེད་པར། །རྫོགས་ཆེན་ཡིན་ཞེས་ཁས་ལེན་པ། །བོང་བས་སེང་ལྤགས་གྱོན་པ་འདྲ། །འདི་ལ་རྫོང་འཕྲང་མ་སོལ་བར། །སྒོམ་ཆེན་ཡིན་ཞེས་ཁས་ལེན་པ། །ལོང་བ་དགྲ་ཡལ་ཕྱིན་པ་འདྲ། །རྫོང་འཕྲང་ངེས་པ་མ་རྙེད་པར། །སངས་རྒྱས་ཡེ་ཤེས་ཁས་ལེན་པ། །ལག་སྡུམ་བྲག་ལ་འཛེག་པ་འདྲ། །བླ་མ་མཉེས་པར་མ་བྱས་པར། །མན་ངག་དང་དུ་ལེན་པ་ནི། །ཁད་བྲག་ལམ་དུ་ཕྱིན་པ་འདྲ། །ལྟ་སྤྱོད་གང་ཡང་མི་ཤེས་པའི། །ཕྱོགས་སུ་གཏོད་པའི་སྒོམ་ཆེན་ནི། །མན་ནག་ནང་ནས་རྫས་འཚོལ་འདྲ། །ཤེས་རབ་ཏིང་འཛིན་མི་ལྡན་པས། །ཨ་ཏི་རྫོགས་ཆེན་ཁས་ལེན་པ། །དམངས་ཀྱིས་རྒྱལ་སུ་བཟང་བ་འདྲ། །གསང་སྔགས་ཉམས་དགའ་མ་རྙེད་པ། །གཞན་ལ་སྟོན་པའི་སློབ་དཔོན་ནི། །སྡོང་རལ་ཀ་བ་བྱེད་པ་འདྲ། །སློབ་དཔོན་གསང་ཞིང་རང་ཆེ་འབྱིན། །བཀའ་དྲིན་ཁྱད་གསོད་དྲིན་ལན་མེད། །དམ་ཚིག་ཉམས་པའི་སློབ་བ་ནི། །ས་བོན་རལ་པའི་མྱ་ག་འདྲ། །དད་པ་ཆེ་ལ་ཤེས་རབ་མེད། །སྒོམ་པ་འདོད་པའི་སྒོམ་ཆེན་ནི། །དོན་གཉེར་འཇིགས་སར་སྐྱེལ་བ་འདྲ། །རང་རྒྱུད་བཟང་ཡང་ཉམས་མི་ལེན། །སྣོད་ལྡན་བརྩོན་འགྲས་ཆང་བ་ནི། །རྒྱག་རྟ་སྒྲོག་ཏ་བཅག་པ་འདྲ། །ལྟ་བའི་རྫོང་དང་ལྟ་བའི་འཕྲང་། །ལྟ་བའི་རྫོང་ནི་དགོངས་པ་བཅ། །འཕྲང་ནི་འདའ་ཁ་ཡེ་ཤེས་ཡིན། །རྫོང་ནི་ཕྱག་པོའི་བང་མཛོད་འདྲ། །འཕྲང་ནི་བསྐྱེད་རྫོགས་རྣམ་གསུམ་ཡང་། །འཕྲང་ནི་ལྟ་སྤྱོད་སྡོམ་ཆེན་ཡིན། །ལྟ་བའི་སྡོམ་ནི་རྣམ་པ་གཉིས། །རྫོང་དང་འཕྲང་དུ་ཤེས་པར་བྱ། །སྤྱོད་པའི་སྡོམ་ལ་རྣམ་པ་གཉིས། །སྲོག་དང་སྲོག་གི་སྙིང་པོའོ། །སྲོག་ནི་མ་ཡེངས་ཏིང་འཛིན་ལ། །སྙིང་པོ་རང་དབང་མེད་པའི་སྔགས། །མཁས་པ་རྣམ་བཞིས་མདོར་བསྡུས་པ། །གསང་བའི་དོན་ལ་ལྟ་སྤྱོད་གཉིས། །ལྟ་སྤྱོད་གཉིས་ལས་མ་འདས་ན། །གསང་བའི་དོན་ལ་བལྟས་པ་ཡིན། །གཏེར་བཞད་རྩལ་ལ་གཏད་པ་ཡིན། །ཡལ་སེམས་གཉིས་མེད་དགོངས་པ་འདི། །གཏེར་བཞད་རྩལ་ལ་གཏད་རྒྱ་བྱས། །ཨྠྀི། ན་མོ། རྒྱ་རྒྱ་རྒྱ།། །།ཡལ་སེམས་གཉིས་མེད་ཀྱི་དགོངས་པའོ། །ག་ཧྱ། ཡལ་དང་སེམས་ཉིད་སོ་སོ་ར། །ཞེན་པའི་འཁྲལ་བློ་ཀུན་སྤངས་ནས། །ཡལ་སེམས་རྣམ་དབྱེར་མེད་རྟོགས་ཚེ། །རང་བྱང་ཡེ་ཤེས་མངོན་དུ་སྣང་། །བླ་མའི་ཕྱག་དཔེར་འགྱུར་མེད་རྒྱ་མཚོས་བྲིས།།

༄༅། །རྫོང་འཕྲང་ལས། རིག་པ་རང་ཤར་གྱི་དགོངས་པ་བཞགས། ས་མ་ཡ། རྒྱ་རྒྱ་རྒྱ། ག་ཧྱ། ཟབ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱ་གར་གྱི་མཁས་པ་མི་བཞིའི་ཐགས་ཀྱི་སྙིང་ཁ་ཟབ་པའི་མཐར་ཐག་གོ། །ཡལ་རྡོ་རྗེ་གདན་ན། རྒྱ་གར་གྱི་མཁས་པ་གདངས་རབས་ཉི་ཤུ་རྩ་གཉིས་ཀྱི་ཐགས་ཀྱི་ཉིང་ཁ་གབ་པའི་མན་ངག་ཐབས་ཆེན། ཡིད་བཞིན་ནོར་བ། ཡོན་ཏན་གྱི་མཛོད་ཆེན་པོ་རིག་པ་རང་ཤར་གྱི་མན་ངག་འདི། གང་ཟག་བརྟལ་ཞགས་བཅོ་བརྒྱད་དང་ལྡན་པ། གོ་ཆ་ཚད་ནས་མཁར་དུ་ཞགས་པ། མཐའ་དྲག་རྫོགས་ཤིང་ཡོ་བྱད་གཉིས་ལ་ལོངས་སྤྱོད་པ་ལ། བསྟན་ཞིང་ཞན་པར་བྱའོ། །དེ་མ་ཡིན་པ་རྣམས་ལ་ཚིག་གི་ཟར་ཙམ་བརྡ་ཙམ་དུ་ཡང་ཐོས་པར་མི་བྱའོ། །སྙིང་པོ་བྱང་ཆབ་ཀྱི་སེམས་དེ་ཆོས་ཐམས་ཅད་ཀྱི་གཞི་འམ་ངོ་བོར་གྱུར་པ། རྒྱ་ཡོངས་སུ་མ་ཆོད་པ། མཐའ་གང་དུ་ཡང་ཤར་བ་མ་འདྲེས་ལ་ཡོངས་སུ་རྫོགས། རིག་པ་ཐིག་ལེ་ཉག་གཅིག་སྣ་ཚོགས་སུ་ཤར་བ། གཞན་ལས་མི་འབྱང་ཞིང་རང་ལས་འབྱང་བ། སྣ་ཚོགས་ཀྱི་ངོ་བོར་གནས་ཀྱང་། མཐའ་གང་དུ་ཡང་མ་ཞེན་པ། རང་ལ་དབང་བསྒྱུར་བ། མི་ཟད་རྒྱན་གྱི་ལོངས་སྤྱོད་པ་རང་རོལ་བ། ཇི་ལྟར་བསྒྱུར་བ་དེ་ལྟར་སྣང་བ། བྱས་པའི་རྒྱ་མེད་པར་སོ་སོར་འདག་པ། དུས་གསུམ་གཅིག་སྟེ་གཉིས་སུ་མེད་པ། ཐོག་མཐའ་མེད་ཅིང་དག་པ་ཆེན་པོར་གནས་པ། དང་པོ་རྒྱས་མ་བསྐྱེད་པ། ཐ་མ་རྐྱེན་གྱིས་མི་འཇིགས་པ། རྡོ་རྗེ་ལྟ་བ་དུས་གསུམ་དུ་འད་མ་བྱས་པ། དེ་ཡི་དཔའ་བོ་རང་ལས་རང་བྱང་བ། རིག་པ་སྣ་ཚོགས་ཀྱི་བདག་ཉིད་དུ་རང་ཤར་བ། རང་ལས་རང་བྱང་ནས་རང་བརྒྱན་པ། སྣ་ཚོགས་སུ་འདག་པའི་ཕྱིར། རང་གིས་རང་ངོ་མ་ཤེས་ཏེ། རང་ལ་རང་འཁོར་ནས། རང་གིས་རང་འཇིགས་པ་དང་། རང་གིས་རང་ལ་གནོད་པར་བྱེད་པ་དང་། རང་གིས་རང་ལ་ཕན་འདོགས་པ་དང་། རང་གིས་རང་ལ་འཁོལ་བ་དང་། རང་གིས་རང་བལྟ་བ་དང་། རང་གིས་རང་ཟ་ཞིང་འཐང་བ་དང་། རང་གིས་རང་བཟང་པོར་བརྒྱན་པ་དང་། རང་གིས་རང་ལ་ངན་པར་བལྟ་བ་དང་། རང་གིས་རང་ལ་བླང་ཞིང་དོར་བ་དང་། རྒས་པ་དང་ན་ཞིང་འཆི་བ་དང་། ལོངས་སྤྱོད་པ་དང་། བདེ་སྡུག་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་འབྱང་ཞིང་འདག་ཀྱང་། ཐམས་ཅད་རང་གིས་རང་ལ་ལོངས་སྤྱོད་པ་ཡིན་ཏེ། ཐམས་ཅད་རང་ཁོ་ན་ཡིན། རང་ཉིད་སྣ་ཚོགས་སུ་སྣང་ལ་མ་འདྲེས་སོ། །མ་འདྲེས་ལ་ཡོངས་སུ་རྫོགས་སོ། །རིམ་གྱིས་འབ་ཆབ་བོ། །འོ་ན་རིག་པ་རང་བྱང་གི་ཡེ་ཤེས་ཆེན་པོ་དེ་རང་ཇི་ལྟར་ཡིན་ཞེ་ན། སྣ་ཚོགས་སུ་ཤར་རོ། །སྣ་ཚོགས་སུ་ཇི་ལྟར་ཤར་ཞེ་ན། འབྱང་བ་ལྔར་ཤར་བ་ཡང་ཡེ་ནས་རང་ལ་ཤར་བ་དང་། ཕྱི་སྣོད་དང་ནང་བཅད་དུ་ཤར་བ་ཡང་ཡེ་ནས་རང་ལ་ཤར་བ་དང་། ཕོ་མོ་དང་མ་ནིང་དུ་ཤར་བ་ཡང་ཡེ་ནས་རང་ལ་ཤར་བ་དང་། མི་དང་མི་མ་ཡིན་དུ་ཤར་བ་ཡང་ཡེ་ནས་རང་ལ་ཤར་བ་དང་། མཐོ་རིས་དང་ངན་སོང་དུ་ཤར་བ་ཡང་ཡེ་ནས་རང་ལ་ཤར་བ་དང་། བདེ་བ་དང་སྡུག་བསྔལ་དུ་ཤར་བ་ཡང་ཡེ་ནས་རང་ལ་ཤར་བ་དང་། ཁམས་གསུམ་གྱི་སེམས་ཅན་དུ་ཤར་བ་ཡང་ཡེ་ནས་རང་ལ་ཤར་བ་དང་། དུས་གསུམ་གྱི་བདེ་གཤེགས་སུ་ཤར་བ་ཡང་ཡེ་ནས་རང་ལ་ཤར་བ་དང་། གནོད་སྦྱིན་ཕོ་མོ་དང་དྲེགས་པ་ཅན་དུ་ཤར་བ་དང་ཡེ་ནས་རང་ཤར་བ་དང་། ཡལ་དང་དབང་པོར་ཤར་བ་ཡང་ཡེ་ནས་རང་ཤར་བ་དང་། རིག་པ་དང་བེམ་པོར་ཤར་བ་ཡང་ཡེ་ནས་རང་ཤར་བ་དང་། དབྱིབས་དང་ཁ་དོག་ཏ་ཤར་པ་ཡང་ཡེ་ནས་རང་ཤར་བ་དང་། གྲངས་དང་བྱེ་བྲག་ཏ་ཤར་བ་ཡང་ཡེ་ནས་རང་ཤར་བ་དང་། གཟགས་ཅན་དང་གཟགས་མེད་དུ་ཤར་བ་ཡང་ཡེ་ནས་རང་ཤར་བ་དང་། རྫ་འཕྲལ་དང་ཆོ་འཕྲལ་དུ་ཤར་བ་ཡང་ཡེ་ནས་རིག་པ་རང་ཤར་བ་ཡིན་ནོ། །དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་ཤར་བ་ཐམས་ཅད་ཡེ་ནས་རིག་པ་རང་ཤར་བ་ཡིན་ནོ། །དས་ཇི་ཙམ་ནས་རང་ཤར་ཞེ་ན། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱང་། །ཞེས་པས། དུས་ཐོག་མཐའ་མེད་པའི་དུས་ནས་རིག་པ་དཔའ་བོར་རང་བྱང་རང་ཤར་བ་ཡིན་ནོ། །སྣ་ཚོགས་པ་ཅིའི་ཕྱིར་ཞེ་ན། གཟགས་མེད་པ་ལ་གཟགས་སུ་བརྟགས་པ་ལས། ཁ་དོག་མེད་པ་ལ་ཁ་དོགས་བརྟགས་པ་དང་། དབྱིབས་མེད་པ་ལ་དབྱིབས་སུ་བརྟགས་པ་དང་། མིང་མེད་པ་ལ་མིང་དུ་བརྟགས་པ་དང་། སྡེ་ཚན་དང་ཚོམ་བ་མེད་པ་ལ་སྡེ་ཚན་དང་ཚོམ་བར་བརྟགས་ནས་ཕྱེ་བ་དང་། གྲངས་དང་བྱེ་བྲག་མེད་པ་ལ་གྲངས་དང་བྱེ་བྲག་ཏ་བརྟགས་ཤིང་ཕྱེ་བ་དང་། བྱ་བྱེད་མེད་པར་བྱ་བྱེད་དུ་མར་བྱས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་རིགས་དང་ཚན་དུ་ཕྱེ་ནས། དེ་ལ་ཞེན་ཅིང་ཆགས་པས་རང་སྣ་ཚོགས་སུ་ཤར་ཞིང་སྣ་ཚོགས་སུ་སྣང་བ་ཡིན་ནོ། །འོ་ན་སྣ་ཚོགས་ཀྱི་ངོ་བོ་རེ་གྲབ་ཟིན་ནམ་མ་ཟིན་ཞེ་ན། ཡེ་ནས་གྲབ་ཟིན་པ་ཉིད་དོ། །ཡེ་ནས་ཇི་ལྟར་གྲབ་ཟིན་ཞེ་ན། གཞན་ལས་མི་འབྱང་བར་རང་ལས་རང་བྱང་བ་དང་། རང་ཉིད་ཡེ་གདོད་མ་ནས་བྱས་ཟིན་ཞིང་གྲབ་ཟིན་པའི་ཕྱིར་རོ། །ད་དེ་ཉིད་བསྒྲུབ་དགོས་སམ་མི་དགོས་ཞེ་ན། དང་པོ་ནས་གྲབ་ཟིན་ཡིན་པས་དུ་གདོད་བསྒྲུབ་མི་དགོས་སོ། །ཡེ་ནས་གྲབ་ཟིན་པ་མ་ཡིན་ན། ད་བསྒྲུབ་པས་འགྲབ་པར་ཡང་མི་འགྱུར་ལ། གྲབ་ན་ཡང་བྱས་པའི་ཆོས་ཡིན་པས་འདས་བྱས་སུ་འགྱུར་རོ། །འདས་བྱས་ནི་འཇིག་པའི་ཆོས་ཅན་ཡིན་ནོ། །འོ་ན་གཏིང་རང་བསྒྲུབ་དགོས་སམ་བྱས་པ་ལ་སྒྲུབ་དགོས་སོ། །ཡེ་ཤེས་རྫེས་སུ་གྲབ་ནས་ཟིན་ཀོ ་འཐས་ནས་སོ་སོར་མཐའ་ཡས་པ་ལ་ཞེན་པའི་ཕྱིར། སྒྲུབ་དགོས་སོ། །བསྒྲུབ་ན་ཇི་ལྟར་འགྲབ་ཞེ་ན། སྙིང་པོ་བྱང་ཆབ་ཀྱི་སེམས་ཆོས་སྐུ་ཆེན་པོ་དེ་སྣ་ཚོགས་འདག་པའི་ཕྱིར་ན། སྣ་ཚོགས་སུ་བསྒོམ་ཞིང་བསྒྲུབ་པར་བྱའོ། །སྣ་ཚོགས་སུ་གྲབ་པར་གྱུར་པ་ན། སྙིང་པོ་ཆོས་སྐུ་གྲབ་པ་ཡིན། སྣ་ཚོགས་ཇི་ལྟར་གྲབ་ཅེས། སྣ་ཚོགས་ཀྱི་ངོ་བོར་དབགས་རྒྱ་བ་འདི་ཡིན་ནོ། །ཡེ་ཤེས་ཀྱི་ངོ་བོར་བྱང་ཆབ་ཀྱི་སེམས་གསལ་བའི་སྒྲོན་མེ་བྱ་བ་ཡིན་ནོ། །འབྱེད་པའི་དུས་ནི། དབགས་ཆད་པས་ཕང་པོ་བོར། རིག་པ་ཐོན་པའི་དུས་སུ་སེམས་དང་ཡེ་ཤེས་ཤག་གིས་ཕྱེ་ནས། སེམས་ལས་ལེན་ཏེ་འཁོར་བར་འཁྱམས་ལ། ཡེ་ཤེས་རྣམ་རྟོག་དངས་པས་རིག་པ་རང་གསལ་བ་དེ་རང་སུ་ཟིན་ཏེ། འོད་གསལ་འཛིན་མེད་དུ་གནས་སོ། །སེམས་དང་ཡེ་ཤེས་ཕྱེ་བའི་ཚད་ནི། དབགས་ཅང་ཟད་བཟང་བས། འཛིན་རྟོག་དངས་ཏེ་རྟོག་པ་རྒྱན་ཆད་པས། །ཡེ་ཤེས་རྟོག་མེད་དུ་གསལ་བའོ། །དེ་ཅི་ལྟ་ན་སངས་རྒྱས་ལ་བག་ཆགས་ཀྱི་ལས་མེད་ལ། ཡེ་ཤེས་ཀྱི་ལས་གསལ་ལ་འཛིན་རྟོག་མེད་པར་ཡོད་པའི་ཕྱིར་རོ། །འབྱང་བའི་ལམ་ནི། སེམས་ནི་འདོད་པའི་སྒོ་གསུམ་བྱ་བ་ཁ་དང་སྣ་བག་གཉིས་ལས་འབྱང་ལ། ཡེ་ཤེས་བྲི་ཀ་ཏའི་དབྱིངས་དང་མིག་གཉིས་ལས་འབྱང་ངོ་། །ཡེ་ཤེས་ལ་གཉིས་ཏེ། ངོ་བོ་དང་རྩལ་ལོ། །ངོ་བོ་ནི། ཡེ་ཤེས་གསུམ་བརྩེགས་ཀྱི་དགོངས་པའོ། །རྩལ་ལ་རྣམ་པ་དྲག་ཏེ། ཐིག་ལེ་གསམ། འབྲེལ་པ་དྲག །དགོས་པ་གཉིས། གནས་པ་གཅིག །འཆི་ཁ་མ་གསུམ་དུ་ཤེས་པར་བྱའོ། །ཐིག་ལེ་གསུམ་ནི། སྐ་གསུམ་འད་འབྲལ་མེད་པར་གནས་པའོ། །འབྲེལ་པ་དྲག་ནི་སྐུ་གསུམ་གྱི་རྩལ་འབྱུང་ལུགས་ཤེས་པའོ། །དགོས་པ་གཉིས་ནི། འབྲས་བའི་འབྱུང་ལུགས་ཤེས་པའོ། །གནས་པ་གཅིག་ནི། རིག་པ་གཅེར་བར་ཕྱང་བའི་མན་ངག་གོ། །གསམ་ལྡན་བཞི་ལྡན་གྱི་སྟབས་སུ་འདག་ཚལ་གྱིས་གནས་པ་དང་། སྣང་ཚལ་གྱིས་འབྱམས་པའོ། །འདག་ཚལ་གྱི་གནས་པ་ནི། རང་རིག་འོད་གསལ་གཉིས་སྣང་གི་འཛིན་རྟོགས་གིས་མ་གོས་པའི་རིག་པ་གཅེར་བར་གནས་སོ། །སྣང་ཚལ་གྱིས་འབྱམས་པ་ནི། ཁྲ་ཚང་ཁ་ན་གནས་པ་ལྟ་བའོ། །འཆི་ཁ་མ་གསུམ་ནི། སེམས་ཀྱི་སྒོ་བཅད་པ། གཟང་འཛིན་ལ་ཟླ་བ། ཡེ་ཤེས་མ་བ་སྤྲད་པའོ། །སེམས་ཀྱི་སྒོ་བཅད་པས་བྱང་ཚལ་གྱི་སྒོ་འགགས་ཏེ། ཁྱི་རྐན་སྒོར་བཏོན་པ་ལྟ་བའོ། །གཟང་འཛིན་ལ་བཟླས་པས་རྣམ་རྟོག་འཁོར་བ་རྒྱན་ཆད་དེ། དགེ་སྡིག་ཆ་སྙོམས་སོ། །ཡེ་ཤེས་མ་བ་སྤྲད་པས། རིག་པ་རང་སུ་ཟིན་ཏེ། མངོན་པར་རྫོགས་པར་སངས་རྒྱས་སོ། །ཐིག་ལེ་གསུམ་ནི། གནས་པ་བཞི་ཡི་རྩལ་ནང་དུ་སྣང་བས་གནས་པ་བྱང་ཆབ་སེམས་ཀྱི་ཐིག་ལེ་ཆོས་སྐ། རིག་པ་བྱང་ཆབ་སེམས་ཀྱི་ཐིག་ལེ་ལོངས་སྐ། ཀུན་རྫོབ་ཏ་སྒྱུ་མ་བྱང་ཆབ་སེམས་ཀྱི་ཐིག་ལེ་སྤྲུལ་སྐའོ། །འབྲེལ་པ་དྲག་ལ། སྒྲོན་མ་སྙིང་དུ་འབྲེལ་ཏེ་དར་སྐད་ཙམ། སྙིང་དང་གློ་བར་འབྲེལ་ཏེ་སོག་སྦུབས་ཙམ། གློ་བ་དང་མགྲིན་པར་འབྲེལ་ཏེ་སྦོམ་ལ་རགས་སོ། །དེ་དག་ཀུན་ཀྱང་སྟོང་པར་གནས་སོ། །དེའི་ལན་ནས་རིག་པ་བྱང་ཆབ་སེམས་ཀྱི་ཐིག་ལེ་བརྒྱས་ཏེ། སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་དབགས་མེད་པའི་རྒྱ་བ་ཅན་ཞེས་བྱའོ། །དེ་ཡང་གཞི་ཐིག་ལེ་བཞི་རང་ལ་གནས་པའི་དུས་སུ་རང་བྱང་གི་ཡེ་ཤེས་ཞེས་བྱའོ། །སྙིང་ལ་གནས་པའི་དུས་སུ་རིག་པའི་ཡེ་ཤེས་གློ་བ་ལ་གནས་པའི་དུས་སུ་ཤེས་པ། གྲེ་བ་ལ་གནས་པའི་དུས་སུ་སེམས་ཞེས་བྱ་སྟེ། དེ་དབགས་ཡིན་ནོ། །ཡང་གསལ་བའི་སྒྲོན་མ་དང་ཀླད་པ་དང་ཁང་གི་གཞལ་ཡས་ཁང་དུ་འབྲེལ། ཀླད་པ་གཞངས་པར་འབྲེལ། གཞངས་པ་དང་གསང་སྒོར་འབྲེལ་ལོ། །ཡང་སྒྲོན་མ་ལ་གནས་པའི་དུས་སུ་རང་བྱང་དབྱིངས་ཀྱི་ཐིག་ལེ། ཀླད་པ་གནས་པའི་དུས་སུ་བདེ་ཆེན་གསང་བའི་ཐིག་ལེ། གཞངས་པ་ལ་གནས་པའི་དུས་སུ་བདེ་བ་ཆེན་པོ་འོད་འབར་བའི་ཐིག་ལེ། གསང་བ་ལ་གནས་པའི་དུས་སུ་བདེ་བ་ཆེན་པོ་ཡོངས་ལ་ཁྱབ་པའི་ཐིག་ལེ། མཉམ་པ་ཉིད་གཉིས་སུ་མེད་པར་འཁྱིལ་ལོ། །སྒོ་དེ་རྣམས་ལས་ཐབས་ཤེས་རབ་ཀྱི་ཐིག་ལེ་དཀར་དམར་ལས་གཞན་མི་རྒྱའོ། །དེ་ནི་སྤྲུལ་པའི་སྐུ་འབྱང་བའི་རྒྱའོ། །ཀན་རྫོབ་བྱང་ཆབ་སེམས་ཐིག་ལེའོ། །རྒྱན་རིག་པ་བྱང་ཆབ་སེམས་ཀྱི་ཐིག་ལེ་དེ་བཞིན་གཤེགས་པ་ཡབ་ཡམ་གྱི་ལྗགས་ཀྱི་པདྨོ་ལས་ཡི་གེ་དྲག་པའི་འཁོར་ལོ་འོད་ཟེར་དཀར་དམར་དུ་འཕྲོས་པ་ལས། གང་ཟག་ཞིང་དག་པའི་བྱང་ཆབ་སེམས་དཔའ་ཡབ་ཡམ་སྲིད་པའི་འད་འཕྲོད་བྱེད་པའི་དུས་སུ་རྒྱ་རྐྱེན་འཛོམ་པ་ཡིན་ཏེ། རྒྱ་རྐྱེན་འཛོམ་པའི་དུས་སུ་མགོན་པོ་སུ་བཅ་ལ་གནས་པའི་བྱང་ཆབ་སེམས་དཔའ་དང་འདྲ་བའི་སྒོ་ནས་དོན་བྱེད་ནས་པ་འབྱང་བར་འགྱུར་རོ། །དགོས་པ་གཉིས་ལ། རིག་པ་བྱང་ཆབ་སེམས་ཀྱི་སྒོ་ནས། ཆོས་ཐམས་ཅད་ལ་མ་འགགས་པའི་དགོས་པ་ཡོད་དོ། །ཀན་རྫོབ་བྱང་ཆབ་སེམས་ཀྱི་སྒོ་ནས། སྤྲུལ་པ་འབྱང་བའི་དགོས་པ་ཡོད་དོ། །སྒོ་དེ་གཉིས་ནས་རིག་པ་ཐིག་ལེ་ལས་ཁྲག་མི་རྒྱའོ། །དེ་ཡན་ཆད་དུ་ནང་དུ་རྒྱ་བ་བསྟན་པའོ། །གནས་པ་གཅིག་ལ་གསུམ་སྟེ། ཡེ་ཤེས་རང་གི་ངོ་བོ། ཡེ་ཤེས་ཀྱི་འདག་ཚལ། ཡེ་ཤེས་སྣང་ཚལ་ལོ། །དེ་ལ་ཡེ་ཤེས་རང་གི་ངོ་བོ་ནི། གཞི་འགྱུར་བ་མེད་པའོ། །ཡེ་ཤེས་ཀྱི་འདག་ཚལ་ནི། འོད་དུ་གནས་པའོ་ཡེ་ཤེས་ཀྱི་སྣང་ཚལ་ནི། ཕྱི་ནང་ཟང་ཐལ་ཆེན་པོར་སྣང་བའོ། །དེ་ཡན་ཆད་དུ་འདག་ཚལ་གྱི་གནས་པ་བསྟན་པའོ། །རིག་པ་བྱང་ཆབ་སེམས་ཀྱི་ཐིག་ལེ་རྩལ་ཕྱིར་སྣང ་བ་དང་། སྣང་བ་ཐ་དད་སྣ་ཚོགས་སུ་སྣང་བ་ལ་རྟོག་དཔྱོད་ཀྱི་ཤེས་པ་མི་སྐྱེ་སྟེ། མཚན་མ་རང་སར་གྲོལ་བའི་དགོངས་པ་རང་སྣང་བའོ། །ཐིག་ལེའི་རྩལ་ཕྱི་ནང་མེད་པའི་དུས་སུ་ཡེ་ཤེས་ཟང་ཐལ་ཆེན་པོ་ཞེས་བྱའོ། །ཐིག་ལེའི་རྩལ་ནང་དུ་སྣང་བའི་དུས་སུ་རྣམ་གཅོད་ཅེས་བྱ་སྟེ། ཤེས་བྱའི་རྩལ་སྤྱོད་པའོ། །ཐིག་ལེའི་རྩལ་ཕྱིར་སྣང་བའི་དུས་སུ་ཡོངས་གཅོད་ཅེས་བྱ་སྟེ། སྣང་ཚལ་གྱིས་འབྱམས་པའོ། །དེ་ཡན་ཆད་དུ་རྟོག་པ་ལམ་དུ་ཁྱེར་བའི་མན་ངག་གོ། །དེ་ནས་བག་ཆགས་ལས་བོར་བའི་དུས་སུ་ཡེ་ཤེས་ཀྱི་ལས་ལ་འཇག་སྟེ། དེའི་དུས་སུ་ལྔ་ལྡན་དང་རྫོགས་ལྡན་གཉིས་སུ་འབྱང་སྟེ། ལྔ་ལྡན་ནི། འཇག་པ་དང་། སྣང་བ་དང་། ཤེས་པ་དང་། གྲོལ་པ་དང་། མཐའ་ཕྱིན་པ་དང་དུས་མཚངས་སོ། །དེ་ཡང་སྐར་མདའ་ནམ་མཁའ་ལ་རྒྱག་པ་ལྟ་བའོ། །རྫོགས་ལྡན་ཆེན་པོའི་དུས་ས། ཤེས་རབ་མཁའ་ལ་འདེགས་པ། འབྱང་བ་བག་ལ་ཞ་བ། ཤེས་རབ་དབྱིངས་སུ་ཐིམས་པ། ཤེས་རབ་མཁའ་ལ་འཁྱིལ་བ། རིག་པ་རང་སུ་ཟིན་པའོ། །དེ་རྣམས་དེ་བཞིན་གཤེགས་པའི་ཆོས་ལྔ། བྱང་ཆབ་སེམས་དཔའི་ཆོས་དྲག་ཏུ་ཤེས་པར་བྱའོ། །དེ་ལྟར་མཐའ་ཕྱིན་པའི་དུས་སུ་རྒྱ་བྱང་ཆབ་ཀྱི་སྙིང་པོའོ། །འབྲས་བ་བྱང་ཆབ་ཀྱི་སྙིང་པོ་ཤར་བའི་དུས་ན། ཆོས་སྐུ་ལ་ཡེ་ཤེས་གཞོག །ཆོས་སྐུ་དང་སྣང ་བའི་བར་ན། ཡེ་ཤེས་འཁྱམས་པ་ཡིན་ཏེ། ཆོས་སྐུ་དང་ཡེ་ཤེས་སྣང་བ་དང་གསམ། གཅིག་པ་དང་ཐ་དད་པ་ལྟར་སྣང་ཡང་རང་སུ་ནས་རང་སར་གྲོལ་བའོ། །དེའི་དོན་དེ་ལྟ་བའི་དགོངས་པ་ཐགས་སུ་ཆད་པར་བྱའོ། །འདི་ནི་རྗེའི་ཐགས་དམ་གསང་བ་རྨད་དུ་བྱང་བ་ཡིན་ནོ། །ལྟ་བ་ཁྱད་པར་ཅན་གྱི་ཆོས། རྡོ་རྗེ་གསང་བ་ཐགས་ཀྱི་ཡང་གཏེར་རྫོགས་སོ། །སྣོད་མིན་དམ་ཉམས་རྣམས་ལ་བྱིན་ན་ན་རུ་ཀུན། སྐལ་ལྡན་གཅིག་དང་འཕྲད་པར་ཤོག །གནད་ཀྱི་གདམས་ངག་ཡིན་ནོ། །གསང་བར་བྱ། གལ་ཏེ་སྟེར་ན་གསང་རྒྱ་དམ་དུ་བྱ། རྒྱ་རྒྱ་རྒྱ། ག་ཧྱ། གསང་ངོ་།། །།

༄༅། །རྫོང་འཕྲང་ལས། རྣལ་འབྱོར་དབང་ཕྱག་གི་དགོངས་པ་བཞགས། དཔལ་རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྒྱད་དང་ལང་དང་མན་ངག་དང་། བསྐྱེད་དང་རྫོགས་དང་རྫོགས་ཆེན་དང་། ཡོ་ག་རྣམ་པ་གསུམ་ཚལ་དང་། རྣལ་འབྱོར་རྣམ་པ་གསུམ་དག་ལས། རྣལ་འབྱོར་དབང་ཕྱག་དགོངས་པ་སྟེ། །སྐ་གསུམ་སུ་ལ་གོམས་པར་བྱ། །དེ་ལ་རྣལ་འབྱོར་གྱི་དབང་ཕྱག་ཆེན་པོའི་དགོངས་པ་ནི། རྒྱད་དང་ལང་དང་མན་ངག་དང་། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གྱིས། །དགོངས་པའི་བཅད་ནི་ཕྱང་ནས་ཀྱང་། །གང་ཟག་གཅིག་གི་ཆ་རྐྱེན་ད། །རྣལ་འབྱོར་དབང་ཕྱག་ཆེན་པོའི་དགོངས་པ་བཞག་གོ། །དེ་ལ་རྣལ་འབྱོར་ཅེས་བྱ་བ་ལ། རྣལ་ཞེས་བྱ་བ་ནི། ཡེ་ནས་གནས་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ། མ་བཅོས་མ་བསླད་རྣལ་མ་དེ་ལ་བྱའོ། །འབྱོར་ཞེས་བྱ་བ་ནི། དེའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཁོང་དུ་ཆད་པ་ལ་རྣལ་འབྱོར་ཞེས་བྱའོ། །དབང་ཞེས་བྱ་བ་ནི། ཕྱི་ནང་སྣོད་བཅད་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་དབང་བྱེད་པས་ན་དབང་ཞེས་བྱའོ། །ཕྱག་ཅེས་བྱ་བ་ནི། ཏིང་ངེ་འཛིན་ལས་སུ་རང་ཙམ། མི་ཟད་པའི་གཏེར་ལ་ལོངས་སྤྱོད་པས་ན་ཕྱག་ཅེས་བྱའོ། །ཆེན་པོ་ཞེས་པ་ནི། དེའི་ངང་ལ་གནས་པའི་དུས་ན། ཕྱོགས་བཅ་དུས་བཞིའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཡང་། ཆེ་བའི་ཡོན་ཏན་དེ་ལས་ལྷག་པ་མེད་པས་ཆེན་པོ་ཞེས་བྱའོ། །དེ་ལྟ་བའི་ངང་ལ་འགྲོ་ཉལ་འདག་སྡོད་སྤྱོད་ལམ་རྣམ་བཞིར་གནས་པའི་དུས་ཉིད་ན། མི་ཟད་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ་རང་ལྡན་ཏེ། སྐ་མི་ཟད་རྒྱན་གྱི་འཁོར་ལོ་ནི། གང་གི་སྐར་གནས་ཀྱང་བདག་ཉིད་དབང་ཆེ་བའོ། །གསང་མི་ཟད་རྒྱན་གྱི་འཁོར་ལོ་ནི། དེ་བཞིན་གཤེགས་པའི་གསང་སྔགས་ཚིག་དང་བཀའ་བརྒྱད་ཐམས་ཅད་ལ་ལོངས་སྤྱོད། ཐགས་མི་ཟད་རྒྱན་གྱི་འཁོར་ལོ་ནི། སྐྱེ་ཤི་མེད་པའི་སྲོག་ཉི་ཟླ་ལྟ་བའི་ཚེ། རྡོ་རྗེ་ལྟ་བའི་ཐགས་སོ། །ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོ་ནི། སེམས་རྩལ་སྦྱང་བའི་ཡོན་ཏན་ཏེ། ནོར་བ་རིན་པོ་ཆེ་དང་འདྲའོ། །ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ནི། ཞི་རྒྱས་ཀྱི་གསོ་བ་དང་། དབང་དྲག་གཉིས་ཀྱིས་བསད་ཅིང་བསྒྲལ་བའོ། །དེ་ལྟ་བའི་ལྷམས་སུ་གཞི་དམ་ཚིག་གིས་བཟང་། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། རིམ་པ་དབང་གིས་བགྲོད། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། དོན་མན་ངག་གིས་སྒྲུབ་པ་དང་དྲག་སྟེ། བསླབ་པའི་མཐའ་དྲག་པོ་དེ་དང་ལྡན་པར་བྱས་ལ། རྣལ་འབྱོར་ལ་བརྩོན་པར་བྱ་བ་ནི། ལས་མི་ཡིན་ཡང་། སེམས་སངས་རྒྱས་ཡིན་པ་ལ་བཅད་དོ། །དེ་ལྟ་བ་ལ་རྣལ་འབྱོར་གྱི་དབང་ཕྱག་ཆེན་པོ་ཞེས་བྱ། དེ་ཉིད་སྐུ་གསང་ཐགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་དུ་གྱུར་པས་དེ་སྐད་དོ། །རྣལ་འབྱོར་དབང་ཕྱག་ཆེན་པོ་ལ། །མ་བསྒྲུབ་པར་ཡང་ཐམས་ཅད་རྫོགས། །མ་སྤངས་པ་ནི་ཀུན་དང་བྲལ། །མ་གཡོས་པ་རུ་ཀུན་ཏུ་ཕྱིན། །ཡན་ལག་མེད་པར་སུ་རྣམས་བགྲོད། །བྱས་པ་མེད་པར་ལས་རྣམས་ཟིན། །རྟ་མཆོག་མི་འགྱུར་ཆོས་ཀྱི་སྐ། །བརྡལ་བ་ཀུན་གྱི་ནོར་གྱི་གཏེར། །གསལ་འགྱུར་ཡངས་པ་སུ་ཡལ་གཏེར། །རང་བྱང་ཡེ་ཤེས་བ་ཡི་གཏེར། །ཤེས་རབ་སྒྲོན་མ་མ་ཡི་གཏེར། །རང་བྱང་ཀུན་ཏུ་བཟང་པོའི་གཏེར། །ལྷ་མོ་མཛེས་མ་གྲོགས་ཀྱི་གཏེར། །རྟོགས་པའི་དམ་རྫས་ཟས་ཀྱི་གཏེར། །གཏེར་ཆེན་ཀུན་ལ་རྟོགས་པར་སྤྱོད། །དེས་ན་རྣལ་འབྱོར་དབང་ཕྱག་ཆེ། །གཏེར་ཁང་རིན་ཆེན་མཛོད་ཕགས་ས། །རིག་པའི་རྒྱལ་པོ་རང་དབང་སྤྱོད། །འདོད་དགར་སྤྲུལ་ཞིང་དགའ་མགར་སྤྱོད། །རང་ལས་བྱང་བའི་ལོངས་སྤྱོད་ལ། །རྟག་ཏུ་ཟད་མེད་བདེ་བར་རོལ། །དེས་ན་རྣལ་འབྱོར་དབང་ཕྱག་ཆེ། །བདག་འདྲ་པདྨ་ཐོད་ཕྲེང་གིས། །ཕྱི་རབས་རྣལ་འབྱོར་བརྒྱད་པ་ལ། །མི་ཟད་གཏེར་དུ་བཞག་པ་ཡིན། །མཁས་པ་རྣམ་བཞིའི་ཆ་རྒྱན་ལས། །གཉའ་ན་བདག་ལ་བརྒྱད་ནས་ནི། །གཉའ་ནས་ཡང་དབང་གཏེར་ལ་གཏད། །དེས་ཀྱང་གཏེར་བཞད་རྩལ་ལ་གཏད། །རྣལ་འབྱོར་དབང་ཕྱག་གི་དགོངས་པ། །ཨྠྀི། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། བསམ་གཏན་ཟས་ཀྱི་རིམ་པ་བཞགས། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བསམ་གཏན་ཟས་ཀྱི་རིམ་པ་ནི་ལས་སེམས་གཉིས་སུ་མེད་པར་བྱས་ཏེ། ཁམས་ཀྱི་ཟས་དང་བྲལ་ནས། ལས་སེམས་ཀྱི་རང་བཞིན་དུ་དབང་བསྒྱུར་བའི་མན་ངག་བླ་མ་དམ་པའི་ཉམས་བག་ལས་ཤེས་པར་བྱའོ། །འདི་ཉིད་ཡི་གེར་བྲི་བ་མི་དབང་སྟེ། ལང་དང་མན་ངག་བཤད་སྦྱར་ལ་མཁས་པས་ཀྱང་སྤྱད་དུ་མི་གནང་ངོ་། །འདི་ལ་ལྟ་བའི་རྫོང་དང་། ལྟ་བའི་འཕྲང་གཉིས་ལས། ལྟ་བའི་རྫོང་ལ་མཁས་པས་ལྟ་བའི་བརྙེམས་བཅས་ཏེ། འཕྲང་གི་ཉམས་བག་མ་རྟོགས་པར། རྡོ་རྗེ་སྙིང་པོ་གཏན་དུ་རེ་བ་ནི། ཉམས་བག་མི་རྙེད་པ་སྟེ། ཡང་ཏིང་ངེ་འཛིན་བརྟན་པར་བྱ་ཞིང་། དབེན་པ་ལ་གནས་པར་མ་བྱས་ན། རིགས་དྲག་གི་ཐ་མལ་པའི་ཏིང་ངེ་འཛིན་དང་འདྲ་བར། ཤེས་པ་རང་ཐད་དུ་དྲེད་དེ། སྙིང་པོ་བློ་ལ་མི་གནས་པས། ཆོས་ཉིད་ཆོས་ཚོལ་རྙེད་པར་ག་ལ་འགྱུར་ཏེ། ཡིད་ཆེས་པའི་གདེངས་མི་སྐྱེ་བར་དམ་པའི་ཆོས་ལ་ཡིད་གཉིས་ཟོས་པས། གཏམ་འཁྱམས་པར་གྱུར་པ་མང་དུ་བྱང་ཞིང་གདའ་བས། ལྟ་བའི་འཕྲང་ལ་ནན་ཏན་བསྐྱེད་པར་བྱའོ། །དེ་ལ་དང་པོ་ཁོ་ན་རྣལ་འབྱོར་པ་རང་ཉིད་དབེན་པར་གནས་པར་བྱས་ལ། སྐྱིལ་མོ་ཀྲང་བཅས་ནས་ལས་དྲང་པོར་བསྲངས་ནས་དབང་པོ་ཡན་པར་བཏང་ལ། བདག་གི་མདན་ན་ན་ཆང་མ་སྒེག་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤིན་ཏུ་མཛེས་པ་ཡིད་དང་མཐན་པའི་ཚལ་ཅན་གཅིག་གིས། དངལ་གྱི་གཞོང་པ་གཅིག་གིས་ནང་དུ་ཟས་ཕན་སམ་ཚོགས་པ་འབྲའི་ཟན་དང་། རྩི་མཆོག་དང་། ཤ་དང་། མར་དང་། ཁར་བ་དང་། ཀ་རུ་དང་། བ་རམ་དང་། སྦྲང་རྩི་དང་། ཆང་དང་། ཞོ་དང་ཆབ་ཚ་ལ་སོགས་པ་བསམ་གྱི་མི་ཁྱབ་པ་དྲངས་ཏེ་ཟོས་པས། ཤིན་ཏུ་ཉམས་མཚག་གི་ལས་སེམས་བརྟལ་ལ་བཅལ་ཏེ་བཏན་པར་བྱའོ། །དེ་ཡང་ཟས་དེ་དག་གི་རོ་སོ་སོར་ཚོར་ཞིང་འགྲངས་ལ་ཞིམ་པས། ཉམས་མཚག་ཅན་དུ་བརྟན་པར་གྱུར་པ་དང་། དེ་བཞིན་དུ་ཡང་ནས་ཡང་དུ་བརྟེན་ཅིང་། ཁམས་ཀྱི་ཟས་ཁད་ཀྱིས་བསྲེབས་ཤིང་། ཏིང་ངེ་འཛིན་གྱི་ཟས་ཏེ་བསམ་གཏན་གྱི་ཟས་ལ་བསླབ་བོ། །དེ་ཡང་ཡན་རིང་བ སྟེན་ཅིང་། ཟླ་བ་དྲག་ནས། ལོ་གཅིག་དང་། ལོ་ཕྱེད་དང་གཉིས་སམ། ཟླ་བ་བཅ་དྲག་གི་བར་བརྟེན་པར་བྱ་སྟེ། གཞན་གྱིས་བར་མ་ཆད་པར་བྱའོ། །དེ་ལྟར་ཡན་རིང་དུ་གནས་ཤིང་བརྟན་པའི་དུས་ན། འདོད་པའི་ཡོན་ཏན་ལྔ་ཀ་དེ་ལ་ཚང་བས་དེ་ལ་རོལ་ཞིང་། རང་ལས་བྱང་བའི་ལོངས་སྤྱོད་མ་འགགས་པའི་རོལ་པ། རང་གི་སེམས་ཀྱི་མཚན་ཉིད་དེ་ལྟར་བའི་ངོ་བོར་སྣང་བ་ཤེས་པར་བྱ་སྟེ། སེམས་ལ་སེམས་རོལ་ཞིང་། ཡེ་ཤེས་ལ་ཡེ་ཤེས་རོལ་པར་ཤེས་པར་བྱའོ། །དེ་ལྟར་ཤེས་པའི་དུས་ན་རྒྱ་རྐྱེན་གྱིས་ཟས་དང་ཅི་སྤྱོད་ཀྱང་། འཛིན་ཆགས་མེད་པར་སྤྱོད་པ་ནི། བྱེད་པ་མེད་པའི་བྱེད་པ་ཞེས་བྱའོ། །དེའི་ཕྱིར་ཆོས་ཐམས་ཅད་སྙིང་པོར། རིག་པ་སྤྱི་བླགས་ཀྱི་དགོངས་པ་ཞེས་བྱ་བ་འདི་གསངས་སོ། །གཏེར་བཞད་རྩལ་ལ་གཏད་པའོ། །ཨྠྀི། རྒྱ་རྒྱ་རྒྱ། ག་ཧྱ། གསང་ངོ་།། །།

༄༅། །རྫོང་འཕྲང་ལས། ཉི་ཟླ་ཁ་སྦྱོར་གྱི་དགོངས་པ་བཞགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྐྱེ་བ་མེད་པ་ལ། །སྣང་སྲིད་སྐྱེ་བའི་ཆོ་འཕྲལ་ཤར། །ཡེ་ནས་གཉིས་མེད་རྣམ་དག་པ། །མཁའ་གསལ་ཉི་ཟླའི་དཀྱིལ་འཁོར་གཞན། །སྣང་སྲིད་ཐམས་ཅད་འོད་དུ་ཤར། །སྣང་སྲིད་འོད་དུ་ཤར་ནས་ཀྱང་། །འོད་དང་ཉི་ཟླ་གཉིས་སུ་མེད། །ཅེས་གསངས་སོ། །ཆོས་དབྱིངས་སྐྱེ་བ་མེད་པ་ལས། །སྐྱེ་བའི་ཆོ་འཕྲལ་ཤར་བའི་དཔེ། །ཉི་ཟླ་གཉིས་ལ་བླངས་ཏེ་བཤད། །དཔེར་ན་ནམ་མཁའི་ཉི་ཟླ་ལས་མ་གཡོས་བཞིན་དུ་འོད་ཟེར་ཀུན་བརྡལ་བ་ཡང་། འོད་ཟེར་དེ་དང་ཉི་ཟླ་ལ་ཐ་དད་པ་མེད་དེ། འོད་ཟེར་ཡང་ཉི་ཟླའི་དཀྱིལ་འཁོར་ཡིན་ལ། ཉི་ཟླ་ཡང་འོད་ཟེར་གྱི་དཀྱིལ་འཁོར་རོ། །འོད་ཟེར་དེ་ཡང་དྲི་མ་མེད་པར་གསལ་བ་དང་། དྲོ་ཞིང་འཇམ་པ་དང་། གྲང་ཞིང་བསིལ་བ་དང་། ཚ་ཞིང་བསྲེག་པའི་བྱ་བ་བྱེད་དོ། །ཡང་ཉི་ཟླ་འོད་ཀྱི་དཀྱིལ་འཁོར་དེ། སྤྲིན་དང་ཁ་རླངས་ཀྱིས་བསྒྲིབ་པའི་ཚེ། འོད་ཟེར་ལ་འགགས་པ་མེད་བཞིན་ད། སྤྲིན་གྱིས་བཀབ་སྟེ་མི་སྣང་བ་བཞིན་ད། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ལས་མ་གཡོས་བཞིན་ད། སྐྱེ་བའི་ཆོ་འཕྲལ་མ་འགགས་པར་ཤར་པ་ཡང་། དབྱིངས་དང་ཆོ་འཕྲལ་གཉིས་སུ་མེད་དེ། ཆོ་འཕྲལ་མ་བཅོས་པ་ཡང་དབྱིངས་ལ། དབྱིངས་མ་འགགས་པ་ཡང་ཆོ་འཕྲལ་དུ་ཡེ་ནས་གནས་སོ། །ཡེ་ནས་དག་པའི་ཆོ་འཕྲལ་དེ་ལ་དྲི་མས་མ་གོས་ཤིང་། གདོད་མ་ཡེ་ཉིད་ནས་དག་པ་དང་། ལོངས་སྤྱོད་པའི་བྱ་བ་བྱེད་པ་གདོད་ནས་དག་པ་ཆེན་པོའི་རང་བཞིན་ལ། ཇི་ལྟར་སྤྱད་ཀྱང་ཉེས་པའི་སྐྱོན་མེད་པ་དང་འགགས་པ་མེད་པའོ། །དེ་ཡང་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་དང་། ཆོ་འཕྲལ་སྣ་ཚོགས་དངོས་སུ་བསྟན་ཡང་། ཐེག་པ་འོག་མ་པ་ལ་སོགས་པ་རྣམས་ཀྱང་། ཐེག་པས་བསྐལ་ནས་དེ་ཉིད་མ་མཐོང་བ་དང་། ཉོན་མོངས་པས་བསྒྲིབས་ཏེ་མ་མཐོང་བའོ། །དེ་ཡང་རྣལ་འབྱོར་གྱི་དབང་ཕྱག་ཆེན་པོ། རྩོལ་བ་དང་བྲལ་བས་བལྟས་ནས་བཟོད་ཇི་ལྟ་བ་བཞིན་དུ་མངོན་ནོ། །ལྟ་བ་ཡངས་པ་རྒྱ་མཚོའི་དོན་རྟོགས་ཀྱང་། །སྤྱོད་པ་རྒྱ་མཚོ་ཡངས་པ་བཞིན་དུ་སྤྱོད། །སྤྱོད་དབང་རྒྱ་མཚོ་ཡངས་པའི་དབང་རྫོགས་ཀྱང་། །དམ་ཚིག་རྒྱ་མཚོ་ཡང་པ་བཞིན་དུ་སྲངས། །མན་ངག་རྒྱ་མཚོས་ཡངས་པ་སྤྱིར་ཆབ་ཀྱང་། །མཆེད་གྲོགས་རྒྱ་མཚོ་ཡངས་པའི་སེམས་ཀྱང་བཟང་། །རིག་འཛིན་རྒྱ་མཚོས་ཡངས་པའི་སུ་ནོན་ཀྱང་། །བླ་མ་རྒྱ་མཚོ་ཡངས་པའི་ཞབས་ན་ཐབ། །དབྱིངས་དང་ཡེ་ཤེས་དོན་རྟོགས་པ། །ཉི་ཟླ་ཁ་སྦྱོར་དགོངས་པ་སྟེ། །ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། །ཉི་ཟླ་ཁ་སྦྱོར་གྱི་དགོངས་པ་ཞེས་བྱ་བ། །གཏེར་བཞད་རྩལ་ལ་གཏད་པའོ། །ཨཐྎ ། ག་ཧྱ། རྒྱ་རྒྱ་རྒྱ། དགོངས་པ་བཅ་ཡི་མན་ངག་འདིས། །ལྟ་བའི་གནས་ལུགས་སྟོན་པ་ཡིན། །རྫོང་གི་སརྻའི་རིག་པའི་དཀྱིལ་དུ་སིམ། །སྲོག་དང་བྲལ་བའི་ཁ་བཞིན་སྡོམས། །སོ་ཕག་ཤི་ཐི། ཟབ་མོའི་དོན་རྣམས་དགོངས་ཆེན་བཅ། །སྤེལ་བའི་གནས་མེད་རིག་པའི་གཏེར་དུ་སྦོས། །རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། གཏད་རྒྱ། གཏད་རྒྱ། གཏད་རྒྱ།། །།

༄༅། །རྫོང་འཕྲང་ལས། ཉི་ཟླ་ཁ་སྦྱོར་གྱི་དགོངས་པ་བཞགས། འདི་སྔར་མ་དང་ཚིག་ཟར་གྱི་ཁྱད་ལས་དོན་འདྲ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྐྱེ་བ་མེད་པ་ལས། །སྣང་སྲིད་སྐྱེ་བའི་ཆོ་འཕྲལ་ཤར། །ཡེ་ནས་གཉིས་མེད་རྣམ་དག་པ། །མཁའ་གསལ་ཉི་ཟླའི་དཀྱིལ་འཁོར་བཞིན། །སྣང་སྲིད་འོད་དུ་ཤར་ནས་ཀྱང་། །འོད་དང་ཉི་ཟླ་གཉིས་སུ་མེད། །ཅེས་གསངས་པས། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ལས། སྐྱེ་བའི་ཆོ་འཕྲལ་ཤར་བའི་དཔེ། ཉི་ཟླ་ལ་དྲངས་ཏེ་བསྟན་པའོ། །དཔེར་ན་མཁའ་གསལ་ཉི་ཟླ་ལས་མ་གཡོས་བཞིན་དུ་འོད་ཟེར་ཀུན་ཏུ་གདལ་བའོ། །འོད་ཟེར་གདལ་ཡང་། འོད་ཟེར་དང་ཉི་ཟླ་ལ་ཐ་དད་པ་མེད་པའོ། །འོད་ཟེར་ཡང་ཉི་ཟླའི་དཀྱིལ་འཁོར་ལ་ཉི་ཟླ་ཡང་འོད་ཟེར་གྱི་དཀྱིལ་འཁོར་རོ། །དེ་ལ་འོད་ཟེར་དེ་ཡང་དྲི་མ་མེད་པར་གསལ་བ་དང་། དྲོ་ཞིང་འཇམ་པ་དང་། གྲང་ཞིང་བསིལ་བ་དང་། ཚ་ཞིང་བསྲེག་པའི་བྱ་བ་བྱེད་དོ། །ཡང་ཉི་ཟླ་འོད་ཀྱི་དཀྱིལ་འཁོར་དེ། སྤྲིན་དང་ཁ་རླངས་ཀྱིས་བསྒྲིབ་པའི་ཚེ། འོད་ཟེར་ལ་འགགས་པ་མེད་ཀྱང་། སྤྲིན་གྱིས་འགགས་ཏེ་མི་གསལ་བ་བཞིན་ད། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ལས་མ་གཡོས་བཞིན་དུ་སྐྱེ་བའི་ཆོ་འཕྲལ་མ་འགགས་པར་ཤར་པའོ། །ཤར་ཡང་དབྱིངས་དང་ཆོ་འཕྲལ་གཉིས་སུ་མེད་དེ། ཆོ་འཕྲལ་མ་བཅོས་པ་ཡང་དབྱིངས། དབྱིངས་མ་འགགས་པ་ཡང་ཆོ་འཕྲལ་དུ་ཡེ་ནས་གནས་སོ། །ཡེ་ནས་གནས་པའི་ཆོ་འཕྲལ་དེ་ལ། དྲི་མས་མ་གོས་ཤིང་ཡེ་ཉིད་གདོད་མ་ནས་དག་པ་དང་། ལོངས་སྤྱོད་པའི་བྱ་བ་བྱེད་པ་དང་། གདོད་མ་ནས་དག་པ་ཆེན་པོའི་རང་བཞིན་ལ། ཇི་ལྟར་སྤྱད་ཀྱང་ཉེས་པའི་སྐྱོན་མེད་པ་དང་། འགགས་པ་མེད་པའོ། །དེ་ཡང་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་སྟེ། ཆོ་འཕྲལ་སྣ་ཚོགས་སུ་དངོས་སུ་བསྟན་ཀྱང་། ཐེགས་པ་འོག་མ་ལ་སོགས་པ་རྣམས། ཐེག་པས་བསྐལ་ནས་དེ་ཉིད་མ་མཐོང་བ་དང་། ཉོན་མོངས་པས་བསྒྲིབས་ཏེ་མི་མཐོང་པའོ། །དེ་ལ་རྣལ་འབྱོར་གྱི་དབང་ཕྱག་ཆེན་པོ་རིག་པའི་རྩལ་དང་ལྡན་པས་བལྟས་པས་བལྟས་ན་བཟོད་མངོན་ནོ། །དབྱིངས་དང་ཡེ་ཤེས་དོན་རྟོགས་པ། ཉི་ཟླ་ཁ་སྦྱོར་དགོངས་པ་སྟེ། ཡང་དབང་གཏེར་གྱི་གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། ལྷའི་དཀྱིལ་འཁོར་དུ་བདག་ཉིད་གསལ་བའི་སྒོ་ནས་འགྲོ་དོན་བྱ་ཐབས་བཞགས། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནར་གྱུར་པ་ལ་ཕྱག་འཚལ་ལོ། །གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞགས་པས། བདག་ཉིད་ལྷའི་དཀྱིལ་འཁོར་དུ་གསལ་བའི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་བྱས་པར་གསངས་སོ། །དེ་ལ་དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཅི་ཡང་མི་རྟོག་ཅི་ལ་ཡང་མི་སེམས་པ་སྟེ། མི་དམིགས་པའོ། །དེ་ལ་གནས་པར་བྱ་བ་ལས། འགྲོ་བའི་དོན་དུ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན། ཡོངས་ལ་ཁྱབ་པའི་སྙིང་རྗེ་འབྱང་ངོ་། །དེ་ལས་རྒྱའི་ཏིང་ངེ་འཛིན། གང་ཡང་རང་བའི་ཡིག་འབྲར་གྱུར་པར་བསམ་མོ། །དེ་ལས་འོད་སྤྲོས་པ་དང་སྡུད་པ་བྱས་ནས། དབང་ཆེན་གྱི་དཀྱིལ་འཁོར་རམ། ལྷའི་གཞལ་ཡས་ཁང་གདན་ཁྲི་འམ་བཞུགས་ཚལ་གསལ་བར་བསྒོམས་པ་གང་ཡིན་པ་དེ་ནི་རིག་པ་ཉིད་ལྷའི་གཟགས་ཀྱི་སྐའི་བདག་ཉིད་དུ་གསལ་བར་བསྒོམས་པའོ། །དེ་ལྟར་རང་གི་ཤེས་པ་ལྷ་རུ་གསལ་བའི་དུས་ན། གསལ་བ་མཐའ་ཕྱིན་པའི་འོད་དང་མེ་དཔང་གི་ནང་ནས་སྟོན་ནོ། །དེ་ལྟར་གསལ་བས། དང་པོ་སྐའི་རྟགས་འབྱང་སྟེ། བདག་ཉིད་ལྷ་གང་ཡིན་པའི་སྐར་གསལ་བ་དང་། དེ་ལ་གསལ་བའི་བྱིན་གྱིས་བརླབས་ཀྱིས། ཐོ་འཁོར་གྱི་སྣང་བ་སྟོན་པ་དང་། དམིགས་པ་ལས་ཀྱི་ཉི་མའི་དལ་དུ་སྣང་བ་དང་། དེའི་སྣང་བས་འཛམ་བ་གླིང་དང་། སེམས་ཀྱིས་ཕྱིན་ཚད་ཀྱི་སྣང་བ་སྟོན་པ་དང་། འགྲོ་བ་བཟང་མོ་དང་རྟེན་གྲོགས་བྱས་ཏེ་སྦྱོར་བ་བྱས་པ་དང་། དེས་ལས་བཅད་དངོས་སུ་འབྱང་བ་དང་། ལས་གཉིས་སུ་ཆད་པ་ལས། སེམས་ཀྱི་རྒྱན་གཉིས་ཀ་འཛིན་པ་དང་། ལས་ཐ་མལ་པ་ཀུན་ཏུ་བརྫས་ཏེ། ཀུན་ཏུ་བྱ་བ་བྱེད་པ་དང་། ཡལ་འཕར་མ་ཉམས་སུ་སྟོན་པ་དང་། གླིང་བཞི་རི་རབ་དང་བཅས་པ་མཐོང་བར་སྟོན་པ་དང་། དེ་རྣམས་སྐུ་ཕྱག་རྒྱས་དཀྱིལ་འཁོར་གྲབ་པའི་སྔ་ལྟས་སུ་བལྟའོ། །དེ་ལ་སྐུ་ཕྱག་རྒྱའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཏིང་ངེས། གསང་ཡིག་འབྲ་གསལ་བ་དངོས་སུ་འོད་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་འབྱང་སྟེ། དང་པོ་ཡིག་འབྲ་གང་ཡང་རང་བ་དངོས་སུ་གསལ་བ་དང་། ནམ་མཁའ་ལ་འཕར་བ་དང་། མང་དུ་སྤེལ་བ་དང་། ཉང་ང་བསྡུ་བ་དང་། གསང་སྔགས་གསལ་བར་མདན་གྱི་ནམ་མཁའ་ལ་འབྱང་བ་ནི་གསང ་གི་སྔ་ལྟས་སོ། །དེའི་འོག་ཏུ་གསང་རབ་དང་། པོ་ཏི་དང་། གླེགས་བམ་དང་། དངོས་སུ་གསང་སྒྲོག་པ་དང་། བདག་གི་ཐོས་ལོས་དང་། དངོས་སུ་གསང་རབ་དང་པོ་ཏི་མང་པོ་སྟོན་པ་རྣམས་འབྱང་སྟེ། དེ་ནི་གསང་འགྲབ་པའི་སྔ་ལྟས་སོ། །ཐགས་གྲབ་པའི་སྔ་ལྟས་ནི། རང་ལས་སུ་མི་ཞེན་པ་དང་། བདག་དང་གཞན་དུ་སྣང་བའི་དངོས་པོ་ནམས་སུ་ཞེན་ཆགས་སུ་མི་བལྟ་བ་དང་། ཡལ་གྱི་རྣམ་པ་ལ་ཞེན་པ་མེད་པ་དང་། བདག་གི་ལས་ལ་ལས་ཀྱི་དངོས་གཞིར་ལྟ་བ་དང་། ཐམས་ཅད་སེམས་ཡིན་པར་བློ་ཡི་གཏིང་དུ་གོ་བ་དང་། སེམས་ལ་སྐྱེ་ཤི་གཉེན་པོ་མེད་པར་ཤེས་པ་དང་། སེམས་ལས་མ་རྟོགས་པའི་ཆོས་ཡེ་ནས་མེད་པར་ཤེས་པ་དང་། ཐམས་ཅད་སེམས་ཡིན་པར་ཤེས་ཕན་ཆད། སེམས་ནི་ཡེ་ནས་དངོས་པོ་མེད་པ་ལ། དངོས་པོ་མེད་པ་དེ་ཉིད་དངོས་པོ་སྣ་ཚོགས་སུ་སྣང་བ་དང་། འདོད་པའི་ལོངས་སྤྱོད་མང་པོ་ལ་ཉམས་སུ་མྱོང་བ་སྤྱོད་པ་ཡོད་ཀྱང་། དེ་ལ་ཞེན་ཆགས་མེད་པར་སྤྱོད་པ་དང་། སྐྱེ་བ་དང་རྒས་པ་མེད་པར་ཤེས་པ་དང་། དེས་བདག་དང་གཞན་གྱི་དངོས་པོ་ལ་ཡིད་ཆེས་སུ་མི་བལྟ་སྟེ་རྡོ་རྗེ་ལྟ་བའོ། །དེ་ནི་ཐགས་གྲབ་པའི་ལྔ་ལྟས་སོ། །དེ་ལྟས་སྐུ་གསང་ཐགས་ཡོངས་སུ་རྫོགས་པའི་ཡོན་ཏན་ནི་ཟད་མི་ཤེས་པ་སྟེ། སྟོང ་པ་ལ་ལོངས་སྤྱོད་པའོ། །དེ་ནི་ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པ་སྟེ། ནོར་བ་རིན་པོ་ཆེ་དང་འདྲ་བར་ཟད་མེད་ཀྱི་ནོར་བ་ལ་ལོངས་སྤྱོད་པའོ། །དེ་ལྟར་ཡོན་ཏན་རིན་པོ་ཆེ་རྫོགས་ཕན་ཆད་དུ་ཕྲིན་ལས་ཐོགས་པ་མེད་པར་འགྲོ་བའི་དོན་བྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྤྱིར་ཕྲིན་ལས་ཀྱི་རྒྱུད་མང་དུ་མངའ་ན་ཡང་། ཕྲིན་ལས་རྣམ་བཞིར་འདས་ཏེ། ཞི་རྒྱས་གཉིས་ཀྱིས་གསོ་བའི་ལས་བསྟན། དབང་དྲག་གཉིས་ཀྱི་བསད་པའི་ལས་བསྟན་ནོ། །དེ་ལྟ་བའི་སྐུ་གསང་ཐགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྣལ་འབྱོར་པ་ཉིད་ཀྱི་ལས་ལ་རྫོགས་པར་བློའི་གཏིང་དུ་ཡིད་ཆེས་པར་གོ་བ་ནི། དེ་བཞིན་གཤེགས་པ་དང ་མི་གཉིས་པ། ཞེས་བྱའོ། །དེ་བས་གསང་སྔགས་ཐམས་ཅད་ཀྱི་སྤྱོད་པ་ནི་ཚིག་ཙམ་མ་ཡིན་ཏེ། རང་གི་རིག་པ་དང་། ཏིང་ངེ་འཛིན་གྱི་ཉམས་དང་། བླ་མ་དམ་པ་མཁས་པ་རྣམས་ཀྱི་གདམས་ངག་དང་། ལང་ཚད་དུ་ཕྱིན་པ་རྣམས་ལས་ཤེས་པར་བྱའོ། །དེ་ལྟར་བའི་ལྷམས་སུ་གཞི་དམ་ཚིག་གིས་བཟང་། ཐག་ལྟ་བས་བཅད། རིམ་པ་དབང་གིས་བགྲོད། ཉམས་སུ་ཏིང་ངེ་འཛིན་གྱིས་བླངས། ལ་སྤྱོད་བས་དོར། དོན་མན་ངག་གིས་སྒྲུབ་པ་དང་དྲག་གིས་གདེངས་དང་ལྡན་པར་བྱས་ལ། རྣལ་འབྱོར་ལ་བརྩོན་པར་བྱ་བ་ནི། ལས་མི་ཡིན་ཡང་སེམས་སངས་རྒྱས་སུ་གྲབ་ཅེས་བྱའོ། །དེ་ལྟ་བ་ལ་འགྲོ་ཉལ་འདག་སྡོད་སྤྱོད་ལམ་རྣམ་པ་བཞིར་གནས་པར་བྱའོ། །དེ་བས་ན་རྣལ་འབྱོར་ལ་བརྩོན་ཞིང་སྒོམ་པ་ལ་གནས་པར་བྱའོ། །དེ་ལྟར་མ་ཡིན་ན་ཚིག་ཙམ་དུ་འགྱུར་སྲིད་པས། བརྟག་པ་ལ་བརྩོན་པར་བྱའོ། །དེ་ལྟ་བའི་དོན་ལ་གསང་སྔགས་རྡོ་རྗེའི་ཐེག་པ་ཞེས་བྱའོ། །མ་ཧཱ་ཡོ་གའི་རྟེན་གྱི་བསླབ་པ། ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། ཨྠྀི། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། སྦྱོར་སྒྲོལ་གྱི་མན་ངག་བཞགས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སྒེག་མོ་ལ་ཕྱག་འཚལ་ལོ། །སྦྱོར་སྒྲོལ་གྱི་མན་ངག་གིས། དེ་བཞིན་གཤེགས་པའི་དགོངས་སྤྱོད་ཀྱི་ཕགས་མན་ངག་རྡེབ་པ། སྦྱོར་སྒྲོལ་ལ་གཉིས་ཏེ། སྦྱོར་བ་དང་། སྒྲོལ་བའོ། །སྦྱོར་བ་ལ་ཡང་གཉིས་ཏེ། དོན་གྱི་སྦྱོར་བ་དང་རྟགས་ཀྱི་སྦྱོར་བའོ། །སྒྲོལ་བ་ལ་ཡང་གཉིས་ཏེ། དོན་གྱི་སྒྲོལ་བ་དང་རྟགས་ཀྱི་སྒྲོལ་བ་རྣམ་པ་གཉིས། དེ་ལ་དོན་གྱི་སྦྱོར་བ་ནི། དེ་བཞིན་གཤེགས་པའི་ཐགས་ཡང་དག་པའི་ཡེ་ཤེས་ལ་རང་རིག་པའི་ཡེ་ཤེས་ཀྱི་བློས་སྦྱོར་བ་དང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉ ིད་ལ། སེམས་ཀྱི་སེམས་ཉིད་ཀྱིས་སྦྱོར་བ་དང་། ཐབས་དང་ཤེས་རབ་ཏ་སྦྱོར་བ་དང་། དབྱིངས་དང་ཡེ་ཤེས་སུ་སྦྱོར་བ་དང་། སངས་རྒྱས་དང་སེམས་ཅན་དུ་སྦྱོར་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པར་སྦྱོར་བ་དང་། ཕྱི་སྣོད་ནང་བཅད་དུ་སྦྱོར་བ་དང་། ཡལ་དང་དབང་པོར་སྦྱོར་བ་དང་། སེམས་དང་སངས་རྒྱས་སུ་སྦྱོར་བའོ། །རྟགས་ཀྱི་སྦྱོར་བ་ནི། ཏིང་ངེ་འཛིན་ལས་སུ་རང་བའི་རྟགས་ཡིན་ཏེ། སློབ་དཔོན་དང་ཕ་མ་དང་། བཤེས་གཉེན་ལ་སྦྱོར་བ་དང་། འདོད་པའི་དངོས་པོ་ལ་སྦྱོར་བ་དང་། ལྷ་མོ་མཛེས་མ་ལ་སྦྱོར་བའོ། །སློབ་དཔོན་ལ་སྦྱོར་བ་ནི། སློབ་དཔོན་ལ་རྟག་ཏུ་ཆོས་ཞ་བ་དང་། ཞབས་འབྲིང་དུ་མོས་ན་ཡང་། དེ་ཉིད་རང་གིས་ཚིག་ཙམ་མ་ཡིན་པ་ཤེས་པའོ། །ཕ་མ་དང་གཉེན་བཤེས་ལ་སྦྱོར་བ་ནི། ཕ་མ་དང་གཉེན་བཤེས་སྔར་ཤི་སྟེ་མི་གནས་ན་ཡང་། དེ་ལྟར་འགྲོགས་ཤིང་བྱ་བ་བསྟེན་པ་དང་། སྤྱོད་པ་དང་། གང་འདོད་པའི་དངོས་པོ་ཡིད་དུ་འོང་བ་སྤྱོད་ཀྱང་རང་དབང་དུ་སྤྱོད་པ་དང་། བཟའ་བ་དང་། བཅའ་བ་དང་། བཏང་བ་དང་། བགོ་བ་དང་། སྤྱོད་པ་ལ་སོགས་པ་གང་ལ་ཡང་ཉམས་སུ་མྱོང་བར་བྱེད་པ་དང་། དེ་ལྟར་ཡལ་སེམས་གཉིས་སུ་སྦྱོར་བ་དང་། འགྲོ་བ་བཟང་མོ་ལ་སྦྱོར་བ་དང་། ལྷ་མོ་མཛེས་མ་ལ་སྦྱོར་བའོ། །སྒྲོལ་བ་ལ་གཉིས་ལས། དོན་གྱི་སྒྲོལ་བ་ནི། ཁམས་གསུམ་ཐམས་ཅད་རང་གི་སེམས་ཡིན་པས། སེམས་ཡེ་ནས་སངས་རྒྱས་པ་དང་ཁམས་གསུམ་ཡོངས་སུ་སྒྲལ་བའོ། །སྲིད་གསུམ་ཐམས་ཅད་ཡེ་ནས་རང་གི་སེམས་ཡིན་པས། སེམས་ཡེ་ནས་སངས་རྒྱས་ཏེ། བྱ་བྱེད་དང་འབད་རྩོལ་དང་བྲལ་བས། སྲིད་གསུམ་དག་པའི་ཞིང་དུ་བསྒྲལ་ལོ། །རྒྱད་དྲག་ཏུ་སྣང་བ་ཡང་རང་གི་སེམས་ཡིན་པས། སེམས་ཡེ་ནས་སངས་རྒྱས་ཟིན་པ་ཡིན་ཏེ། རྒྱད་དྲག་འཁོར་བ་རྩད་བཅད་ནས་དག་པའི་ཞིང་དུ་བསྒྲལ་ལོ། །རྒྱད་ལྔ་ལས་ཀྱི་སྒོ་ཡང་ཡེ་ནས་སེམས་ཡིན་ཅིང་། སེམས་སངས་རྒྱས་ཡིན་པས་ངན་སོང་གི་ལས་རྣམ་པ་ལྔ་ཡང་ཡེ་ནས་གྲབ་པ་མེད་པས། དག་པའི་ཞིང་དུ་བསྒྲལ་པས། དོན་གྱི་སྒྲོལ་བ་ཞེས་བྱའོ། །རྟགས་ཀྱི་སྒྲོལ་བ་ནི། སེམས་ཅན་གཅིག་སྒྲོལ་བ་ཡིན་ན། སེམས་ཅན་དེ་རང་གི་སེམས་སུ་ངོ་ཤེས་དགོས་ཏེ། སེམས་ནི་སྣ་ཚོགས་པའི་ལས་ཅན་ཡིན་པས། ཏིང་ངེ་འཛིན་ལས་སུ་རང་བའི་དུས་ན། སེམས་ཅན་གང་ཡང་རང་བ་ཞིག་མདན་དུ་བསམ་ལ། དེ་མངོན་དུ་གསལ་བ་དང་། དེ་ལག་པས་བཟང་བ་གཉིས་ལ་ཁྱད་ཅི་ཡོད་བརྟག་པར་བྱའོ། །དེ་ལ་ཁྱད་ཡོད་དེ། ཡེ་ནས་ཡོད་པ་ནི་བརྟན་ལ། ཏིང་ངེ་འཛིན་གྱི་བྱས་པ་ནི་མི་བརྟན་པར་གོ་ན་ནི་མ་སྒྲོལ་བ་ཡིན་པས། རྣམ་པར་སྨིན་པ་འོང་སྟེ། གསང་ཚིག་རྩམ་དུ་ཁས་བླངས་ཏེ་དོན་ལ་སྒྲོལ་བ་མིན་པས། རྐྱེན་མེད་མཚོ་ལ་འགྲོ་བ་དང་འདྲའོ། །དངོས་པོ་གང་ན་ཡོད་པ་དེ་ཡང་སེམས་ཡིན་པས། གང་ན་སེམས་ཀྱིས་བཅད་པའམ། གོ་བར་ཤེས་ལ། ཏིང་ངེ་འཛིན་གྱི་བྱས་པ་དེ་ཡང་སེམས་ཡིན་ལ། སེམས་ཀྱི་མཚན་ཉིད་དངོས་པོོར་སྣང་བ་ཤེས་ཏེ། ཉམས་རྙེད་ནས་བསྒྲལ་ཀྱང་སྡིག་པས་མི་གོས་སོ། །སྡིག་པའི་བག་ཆགས་སུ་བརྟག་པ་དང་། རྣམ་པར་སྨིན་པ་དེ་ཡང་། རང་གི་སེམས་ཡིན་པར་ཤེས་པས། བག་ཆགས་ཀྱིས་གོས་པ་མེད་དེ། རྣམ་པར་སྨིན་པ་འོང་བ་མེད་པས་ན། སྡིག་གིས་གོས་པ་མེད། གོས་པའི་སུ་མེད་པ་སྟེ། དཔེར་ན་རང་གཉེན་དུ་སོང་ན། དགྲ་འོང་པ་མེད་པ་དང་འདྲའོ། །དེ་ནི་རྟགས་ཀྱི་སྒྲོལ་བའོ། །ཆོས་ཐམས་ཅད་སྦྱོར་བ་དང་སྒྲོལ་བ་གཉིས་པོ་དེར་འདས་པས་སངས་རྒྱས་གཞན་ན་མེད་དེ། རང་སེམས་ཉིད་སངས་རྒྱས་ཡིན་ནོ། །ཐེག་པ་འོག་མ་པས་དགྲ་དང་ཚེར་མ་བཞིན་དུ་བསྟས་ནས་སྤོང་བ་ཡང་། འདིའི་སྐབས་སུ་དེ་ཉིད་མ་སྤང་གནས་སུ་དག་པའམ་རང་གྲོལ་བའོ། །དེ་ནི་བྱང་ཆབ་ཆེན་པོ་མཆོག་གོ། །སྦྱོར་སྒྲོལ་གཉིས་ཀྱི་མན་ངག་འདི། ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། ཨྠྀི། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། ལྟ་སྤྱོད་ཀྱི་གསང་སྒོ་བཞགས། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་ལ། བཤད་པའི་ཚིག་སྦྱོར་ཙམ་ལ་བརྟེན་ནས་ཡིད་ལ་བྱེད་པ་ནི། དཔེར་ན་འཇག་མའི་ཁང་བའི་ཁང་ཐོག་ན་འདག་པ་དང་འདྲའོ། །དེའི་ཕྱིར་བླ་མ་མཁས་པའི་སེམས་ཉམས་ལས་བླངས་ཏེ། ཤེས་རབ་དང་ཏིང་ངེ་འཛིན་གཉིས། ཆབ་པར་ཡོད་པའི་རྣལ་འབྱོར་པས་བལྟས་པས་གདོད་མངོན་ནོ། །དེ་ལ་ཏིང་ངེ་འཛིན་ཆབ་པའི་རྣལ་འབྱོར་པ་ནི། དངོས་པོ་གདོས་པ་འདི་ལ། མེ་ལོང་གི་གཟགས་བརྙན་དང་འདྲ་བར་ཤེས་ཏེ། སྒྱུ་མའི་སྦྲུལ་དང་འདྲ་བར་ཤེས་ཏེ། དོན་གྱི་དངོས་པོར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་གྱིས་བསམ་པའི་དངོས་པོ་དང་། སྔར་ནས་ཡོད་པའི་དངོས་པོ་ལ། སོ་སོ་བ་དང་ཐ་དད་པར་མ་མཐོང་བས། དངོས་པོ་འདི་ཡང་སྟོང་པར་ཡིད་ཆེས་པ་དང་། ཤེས་རབ་སྐྱེས་ཏེ། ཨེ་མ་ཧོ། སྟོང་བཞིན་དུ་ནི་སྣང་བ། སྣང་བཞིན་དུ་སྟོང་པར་འདག་གོ། །སྟོང་བཞིན་དུ་སྣང་བ་ནི་ཅིར་ཡང་མེད་པ་ལས་ཏིང་ངེ་འཛིན་གྱིས་དམིགས་པ་ལས་མཚན་མ་ལྷའི་དཀྱིལ་འཁོར་རམ། དངོས་པོ་འདི་དག་ཐམས་ཅད་མེད་བཞིན་ད། ཇི་ལྟར་དམིགས་པ་ལྟར་སྣང་ངོ་། །སྣང་བཞིན་དུ་སྟོང་པ་ནི། ཕྱི་ནང་དངོས་པོ་འདི་དག་ཐམས་ཅད་གདོད་མ་ནས་མཚན་མའི་རྣམ་རྟོགས་གཟང་འཛིན་གདོས་མ་ཡིན་པར་མངོན། དེའི་དཔེ་ནི། མེ་ཤེལ་དང་ཆ་ཤེལ་གྱི་ནས་མཐ་ལས་ཤེས་བར་བྱ་སྟེ། མེ་ཤེལ་ལས་མེ་འབྱང་བ་དང་། ཆ་ཤེལ་ལས་ཆ་འབྱང་བ་སྟེ། མེ་དང་ཆའི་རྟེན་ནམ་གཞི་མེད་བཞིན་ད། མེ་བྱང་ནས་ཀྱང་བསྲེགས་ནས་ལ། ཆ་བྱང་ནས་ཀྱང་གཤེར་ནས་པ་དེ་བཞིན་ད། ཕྱི་ནང་གི་དངོས་པོ་འདི་དག་ཐམས་ཅད་ལ་རྟེན་ནམ། གཞིའི་ངོ་བོའམ། རང་བཞིན་ནམ། རྒྱ་འམ། འབྱང་བའི་གཞིར་མ་གྱུར་པ་མེད་དེ། མེ་ཤེལ་དང་ཆ་ཤེལ་བཞིན་ཤེས་པས། ཤེས་རབ་ཅེས་དེ་ལ་བྱའོ། །ཏིང་ངེ་འཛིན་གྱིས་ནི་དངོས་པོ་མེད་པ་ལ་དངོས་པོར་སྨིན་ནས་ལ། ཤེས་རབ་ཀྱིས་ནི་སྔར་དང་འདྲ་སྟེ། འཇལ་པ་ལ་སྤྱོད་པས། སྤྱད་གཞིར་སོང་བས་སྤྱད་པའི་བཞི་པོ་ནི། དེ་བཞིན་ཉིད་ཡིན་ཏེ་ཤེས་རབ་དང་ཏིང་ངེ་འཛིན་ལྷན་གྱིས་གྲབ་ཅེས་བྱ་སྟེ། སངས་རྒྱས་དངོས་ཡིན་པར་བདག་ཉིད་ཆོས་ཀྱི་སྐས་གསངས་སོ། །གང་ལ་གསངས་ནི། ལོངས་སྤྱོད་རྫོགས་པའི་སྐུ་ལ་གསངས། དེ་བས་ཉམས་བག་རྟོགས་པའི་གྲོགས་པོ་ནི། ས་བོན་དང་ཆ་ལད་ལྟ་བ་སྟེ། ས་བོན་རིག་པ་ཆ་ལད་ཉམས་བག་རྟོགས་པའི་གྲོགས་བྱེད་པའོ། །མེ་ཤེལ་དང་ཆ་ཤེལ་ནི་སེམས་ཀྱི་གཟགས་བརྙན་ཡིན་པས། བཅང་ན་ཤེས་རབ་སྐྱེ་བའི་གྲོགས་བྱེད་དོ། །དེ་བས་ན་རྣལ་འབྱོར་པས་བཅང་བར་བྱའོ། །རྟོགས་པའི་ཉམས་བག་དེ་ལྟར་ཁོང་དུ་ཆད་པ་དེས་ཀྱང་། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་ལྟ་བ། སྐ་གསང་ཐགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པ་སྟེ། སྣང ་སྲིད་རྒྱན་དུ་བཀོད་པའི་ཆོས་ཉིད། འདི་ལྟར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་ཆེན་པོ་མི་ཟད་པའི་གཏེར། འདོད་དགར་བསྒྱུར་བའི་འཕྲལ། རང་ལས་བྱང་བའི་ལོངས་སྤྱོད་ཡིན་པས། རང་དབང་དུ་གྱུར་པས་ན། ཐམས་ཅད་ལ་མ་བཀག་པར་ལོངས་སྤྱོད་པ་ཡིན་པས། ལོངས་སྤྱོད་རྫོགས་པའི་སྐུ་རང་ལ་ཚང་སྟེ། མཚན་དང་དཔེ་བྱད་དུ་ཇི་ལྟར་འདོད་པ་བཞིན་དུ་རང་དབང་ཆེ་བས། ལོངས་སྤྱོད་ལ་ཟད་པ་མེད་པ་དང་། སྐ་མཛེས་པའི་དཀྱིལ་འཁོར་ལ་ཟད་པ་མེད་པ་དང་། གསང་འགགས་པ་མེད་པ་མེད་པའི་དཀྱིལ་འཁོར་ལ་ཟད་པ་མེད་པ་དང་། ཐགས་སྐྱེ་ཤི་མེད་པའི་དཀྱིལ་འཁོར་ལ་ཟད་པ་མེད་པ་དང་། ཡོན་ཏན་ཇི་ལྟར་འདོད་པ་ལ་ཟད་པ་མེད་པ་དང་ཕྲིན་ལས་ཐོགས་པ་མེད་པ་ལ་ཟད་པ་མེད་པ་སྟེ། དེ་ལྟར་གཏེར་ཆེན་པོ་ལ་ལོངས་སྤྱོད་པས། ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན་ནོ། །སྐྱེ་ཤི་དང་བསྒྲེས་རྒད་མི་མངའ་ལ་ཆོས་ཐམས་ཅད་ཀྱི་འབྱང་གནས་སུ་གྱུར་པས་ཆོས་ཀྱི་སྐུ་ཡང་ཡིན་ནོ། རྣམ་པ་འམ་བྱེ་བྲག་གམ། ཐ་དད་པ་མང་པོར་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་དུ་བཏབ་པས་སྤྲུལ་པའི་སྐུ་ཞེས་ཀྱང་བྱའོ། །སྒྲིབ་པ་ཐམས་ཅད་དག་ནས་མངོན་སམ་དུ་བྱང་ཆབ་པས་མངོན་པར་བྱང་ཆབ་པའི་སྐུ་ཞེས་ཀྱང་བྱའོ། །རྐྱེན་དང་གཉེན་པོ་ཅིས་ཀྱང་མི་ཚགས་པས་རྡོ་རྗེའི་སྐུ་ཞེས་ཀྱང་བྱའོ། །དེ་ལྟར་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔར་ལོངས་སྤྱོད་ཅིང་སྦྱོར་བས་རིག་པའི་རྒྱལ་པོ་རང་དབང་དུ་གྱུར་པ་དེ། གཞན་གྱི་དབང་དང་ལས་དང་ཉོན་མོངས་པས་རྫིར་མི་འདོད་པས། ཅིས་ཀྱང་མི་ཚགས་པའི་དུས་ཙམ་ན། ཐམས་ཅད་རང་ལ་རྫོགས་པས་རྫོགས་པ་ཆེན་པོ་ཞེས་བྱའོ། །དེ་ལྟར་རང་བཞིན་ལྟ་བའི་ཚིག་བྱང་ནམ་མཁའ་ལ་ལྡིང་བ་བཞིན་དུ་གྱུར་ཙམ་ན། སྤྱོད་པ་ངམ་གྲོགས་གམ་གཡང་སུ་དང་འདྲ་བས་མི་ཚགས་ཏེ། ཉོན་མོངས་པ་རྣམ་པ་ལྔ་མ་བཀག་འཇོལ་ཉོག་ཏ་སྤྱད་ཀྱང་། དེས་མི་གནོད་དེ། ངམ་གྲོགས་དང་གཡངས་སུ་བྱང་ལ་མི་གནོད་པ་འམ། པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱི་ཉེས་པས་མི་ཚགས་པ་དང་འདྲའོ། །ལྟ་བ་ཕལ་དུ་བྱང་བ་དང་། སྤྱོད་པ་རྨད་དུ་བྱང་བའོ། །ལྟ་སྤྱོད་ཀྱི་གསང་སྒོ། ཡང་དབང་གཏེར་གྱིས་གཏེར་བཞད་རྩལ་ལ་གཏད། ཨྠྀི། རྒྱ་རྒྱ་རྒྱ།། །།སྨྱོས་ཀྱི་དགེ་སློང་འགྱུར་མེད་རྒྱ་མཚོས་བླ་མའི་ཕྱག་དཔེར་བྲིས།

༄༅། །རྫོང་འཕྲང་ལ། ཁམས་གསུམ་འཁོར་བ་སངས་རྒྱས་སུ་ཡིད་ཆེས་པར་བྱེད་པའི་མན་ངག་དགའ་རབ་རྡོ་རྗེས་མཛད་པ་ནམ་མཁའི་སྙིང་པོ་ལས་བརྒྱད་པ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་སེམས་བྱང་ཆབ་སྙིང་པོ་དེ། །སྔོན་ནས་མ་ཕྲལ་ཡོད་མ་ཤེས། །མཁས་པའི་གདམས་ངག་ཐོབ་པ་ན། །ཐོབ་མ་ཐག་ཏ་མངོན་སངས་རྒྱས། །གདོས་པ་མེད་པར་རྟག་ཏུ་ལྷང་། །བྱང་ཆབ་སེམས་ཀྱི་མཚན་ཉིད་ཡིན། །དེ་ལ་ཐེག་ཆང་རྨོངས་པ་ཡིས། །ཉོན་མོངས་ལས་སུ་ཞེན་ནས་འཁོར། །དེ་ཡིས་སྡུག་བསྔལ་སྣ་ཚོགས་བསྐྱེད། །ཁམས་གསུམ་འཁོར་བ་དཔྲལ་ལ་སྨིན། །རིགས་དྲག་གནས་སུ་དེ་ནས་བཏགས། །བདག་འཛིན་སྐྲན་གྱིས་དེ་ནས་ཟིན། །འཁོར་བའི་བརྩོན་རར་དེ་ནས་ཆད། །མ་རིག་ལིང་ཐོག་འཐིབ་པོར་གྱར། །ང་རྒྱལ་རི་བོས་དེ་ནས་ནོན། །ཞེ་སྡང་མཚོན་གྱིས་དེ་ནས་སྨས། །རྟག་ཏུ་གཅོང་རོང་གནས་སུ་འཁྱམས། །དེ་ནས་སྤྲུལ་པའི་རྟོག་པ་དེས། །སྙིང་པོ་ངོ་མ་ཤེས་ལས་བྱང་། །སྙིང་པོའི་དོན་ནི་རྟོགས་པ་ན། །གཞན་ནས་སྒྲུབ་བ་ཅི་ཡང་མེད། །དས་གསུམ་སངས་རྒྱས་རང་ལས་བྱང་། །དཔེར་ན་སེང་ཕྲག་རྩལ་སྦྱོང་དེ། །མ་བཅོས་ལས་མ་བསྒྱུར་པ་ནི། །ཕྱོགས་རྣམས་ཀུན་ཏུ་འཆད་པར་བྱེད། །འདབ་ཆགས་མཁའ་ལ་འགྲོ་བ་ལྟར། །གང་ལའང་ཐོགས་པ་མེད་པར་སྤྱོད། །དེ་བཞིན་ཐེག་ཆེན་རྣལ་འབྱོར་ཡང་། །འབྲས་བ་བདེ་ལ་སྦྱོར་བ་སྟེ། །ཤེས་པ་རྒྱ་རུ་བཞག་ནས་ནི། །གོམས་པ་ལམ་དུ་ཁྱེར་བྱས་ན། །མངོན་གྱུར་འབྲས་བའི་མཆོག་ཡིན་ནོ། །ཞེས་གནབས་ནམ་མཁའི་སྙིང་པོས་གདམས་པའོ། །གོམས་པ་ལམ་དུ་བྱེད་པ་ལ། །ཏིང་འཛིན་ཟིན་པ་ཤིན་ཏུ་གཅེས། །དེ་ལྟར་ཏིང་འཛིན་བརྟན་པ་ན། །ནོར་བ་རིན་ཆེན་ཡོན་ཏན་མཛོད། །དཀྱིལ་འཁོར་ཐམས་ཅད་འབྱང་བའི་གཏེར། །རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །ཞེས་འབྱང་སྟེ། སེམས་ལས་སུ་རང་བའི་མན་ངག་ཐོབ་པ་ནི་ནོར་བ་རིན་པོ་ཆེ་དང་འདྲ་སྟེ། ཀུན་གྱི་མཚན་ཉིད་ཅན་ནོ། །དེ་ལ་སློབ་དཔོན་གྱི་ལང་བསྟན་པ་ནི། སངས་རྒྱས་ལག་འཆང་ངོ་། །ཏིང་འཛིན་ཟིན་པར་གྱུར་པ་ལས། །ཡ་མཱནྟ་ཀ་འཇིགས་པའི་གཟགས། །མི་བཟོད་འབར་ཁྲོ་རྔམ་པའི་སྐ། །བདག་ཉིད་གསལ་བར་གྱུར་པ་ན། །དེ་ལ་བརྟགས་ནས་འཇམ་དཔལ་ཉིད། །བདད་བཞི་དགྲ་གསུམ་ཐལ་མ་ཐལ། །ཚད་དང་ལྡན་ནམ་མཁས་པས་བརྟག །ཚད་དང་ལྡན་པར་གྱུར་པ་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཡང་དག་དོན་ལ་རྟག་གནས་པས། །མ་ཧཱ་ཡོ་གའི་དཀྱིལ་འཁོར་རོ། །ཏིང་འཛིན་བརྟན་པོར་གྱུར་པ་ན། །ཡི་དྭགས་འཇིགས་ཤིང་བཀྲེས་པ་གཅིག །བདག་ཉིད་དེར་བསྒོམ་གསལ་བ་དང་། །བདག་ཉིད་ཉམས་བསྐྱེད་གསལ་བ་ཉིད། །བཀྲེས་དང་སྐོམ་པས་གདངས་པ་དེ། །ཡིད་བཞིན་འབར་བའི་ཟས་ཆེན་ལ། །རོལ་པ་ཆེན་པོ་སྤྱོད་མི་སྤྱོད། །རོལ་པ་ཆེན་པོར་སྤྱོད་པ་ན། །ཡི་དྭགས་གནས་ཆེན་དེ་ལས་ཐར། །སེམས་ཉིད་འཁྲལ་པར་རང་ལ་སྣང་། །རྡོ་རྗེ་སེམས་དཔའ་ཡིན་པར་བརྟག །ཏིང་འཛིན་གསལ་བར་གྱུར་པ་ན། །ན་རག་དམྱལ་བ་འཇིགས་པའི་གཟགས། །བསྐལ་པའི་མེ་ཆེན་འབར་བ་གཅིག །བདག་ཉིད་དེ་བསྒོམ་ཉམས་སུ་བླང་། །ཚ་བའི་སྡུག་བསྔལ་བྱང་བ་དང་། །ལས་པོ་བ་དང་མཚོར་བསྐྱལ་བ། །བདག་ཉིད་ཉམས་སུ་བླང་བྱ་སྟེ། །ལས་འཕྲོས་མཚོ་ཆེན་སྐྱལ་བ་ནི། །ན་རག་གནས་ཆེན་དེ་ལས་ཐར། །དམྱལ་བའི་གནས་ཀྱང་རང་གིས་སེམས། །མཁས་པས་རྡོ་རྗེ་སེམས་དཔའ་བརྟག །ཏིང་འཛིན་བརྟན་པོར་གྱུར་པ་ན། །བྱོལ་སོང་གཏི་མག་གཟགས་ཅན་ཞིག །བཀོལ་བཅད་གནས་ལས་ཐར་མི་མྱོང་། །ཞིང་པའི་གློང་ངམ་ཡང་ན་ནི། །ཚོང་པའི་བོང་བ་ལྟ་བར་བསམ། །བཀོལ་གཅོད་ཉམས་སུ་མྱོང་བ་ན། །གླང་པོར་རབ་བརྟན་སྟོབས་ཆེན་ཞིག །བདག་ཉིད་ཤིན་ཏུ་དེར་བསྒྱུར་ལ། །དེ་ཉིད་ཉམས་སུ་བླང་བར་བྱ། །གླང་ཆེན་བརྟན་པར་གྱུར་པ་ན། །བྱོལ་སོང་དད་འགྲོའི་གནས་ལས་ཐར། །དད་འགྲོར་སྣང་བ་རང་གི་སེམས། །རྡོ་རྗེ་སེམས་དཔར་མཁས ་པས་བརྟག །ཏིང་འཛིན་བརྟན་པོར་གྱུར་པ་ན། །ལྷ་མིན་དྲེགས་པའི་གཟགས་ཅན་ཞིག །གཡལ་ངོར་འཐབ་ཅིང་རྩོད་པར་བསམ། །དེ་ཉིད་གསལ་བར་གྱུར་པ་དང་། །ཤཱཀྱ་སེང་གེ་མི་ཡི་མགོན། །བྱང་སེམས་ལྡན་པས་གསལ་བར་བྱ། །དམིགས་པ་གསལ་བར་གྱུར་པ་དང་། །ལྷ་མིན་གནས་ངན་དེ་ལས་ཐར། །རང་གི་སེམས་ཉིད་ལྷ་མིན་སྣང་། །མཁས་པས་རྡོ་རྗེ་སེམས་དཔར་བརྟག །ཏིང་འཛིན་བརྟན་པོར་གྱུར་པ་ན། །ལྷ་དབང་རྒྱལ་པོའི་གཟགས་ཅན་ཞིག །མཛེས་ལ་ལྷན་སྡུག་མངའ་ཐང་ཅན། །བདག་ཉིད་དེ་ཉིད་གསལ་བར་བསམ། །དེ་གསལ་བརྟན་པོར་གྱུར་པ་ན། །དྲག་གི་གཡང་སར་འཇིགས་མི་འཇིགས། །མཁས་པས་རང་རིག་ཉམས་ཀྱིས་བརྟག །འཇིགས་པ་མེད་ན་དེ་ལས་ཐར། །དེ་རྟགས་རྡོ་རྗེ་སེམས་དཔའ་ཉིད། །ཏིང་འཛིན་བརྟན་པོར་གྱུར་པ་ན། །བདག་ལས་གཉིས་སུ་བསམ་བྱས་ཏེ། །སེམས་ཀྱི་ལས་ཉིད་བཟང་ནས་ནི། །ཉམས་བག་ཤིན་ཏུ་བརྟན་པར་བྱ། །ལས་ཉིད་འཕོ་བ་བརྟན་པ་ན། །ལས་མེད་ལས་ལ་བརྟན་པར་བཟང་། །ལས་མེད་ལས་ཏེ་ལས་ཀྱི་མཆོག །ལས་ཀྱི་མཐའ་ནི་རྟོགས་པ་ཞེས། །རྟོགས་པ་རང་རིག་རྒྱལ་པོའི་ལས། །ཡིད་བཞིན་ཟད་མེད་ལས་ཀྱི་གཏེར། །ཀན་གྱི་བདག་ཉིད་ཐམས་ཅད་རྒྱ། །དེས་ན་རང་རིག་བྱང་ཆབ་སེམས། །མཁས་པས་རྡོ་རྗེ་སེམས་དཔའ་བརྟག །འོག་མིན་རྒྱལ་བ་རྒྱ་མཚོ་ནས། །ན་རག་ལོ་ཀ་ཡན་ཆད་ནས། །ཕྱི་ནང་སྣོད་བཅད་ཐམས་ཅད་ཀུན། །རང་རིག་རྒྱལ་པོའི་ལས་སུ་གཅིག །དེས་ན་སངས་རྒྱས་ལོགས་ན་མེད། །རང་གིས་སེམས་ཉིད་སངས་རྒྱས་ཏེ། །རང་རིག་སེམས་ཉིད་ལས་སུ་སྣང་། །ལས་སུ་མངོན་ཞེན་འཁོར་བའི་རྒྱ། །ལས་མེད་ལས་མཆོག་སངས་རྒྱས་རྒྱ། །ཁམས་གསུམ་འཁོར་བ་ཉིད་སངས་རྒྱས་ཡིན་པར་ཡིད་ཆེས་པར་ཕྱེད་པའི་མན་ངག་ཟབ་མོ་ཡང་དག་པ། འགྲོ་དྲག་གཡང་སུ་གཅོད་པའི་དོན། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། གནབས་ནམ་མཁའི་སྙིང་པོ་ལས་བརྒྱད་པ་འདི་ནི། གཏེར་བཞད་རྩལ་ལ་གཏད་པའོ། །རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས་། གནབས་ཡོན་ཏན་རྒྱ་མཚོས་ཁ་ལང་སྒང་དུ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་ཞས་པའི་དོགས་གཅོད་བཞགས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གནབས་ཡོན་ཏན་རྒྱ་མཚོ་ཡིས། ཁ་ལང་ཁམ་ལང་སྒང་གི་དབེན་གནས་སུ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་གས་པའི་དད་པས་ཞས་པ། སློབ་དཔོན་ཆེན་པོ་ལགས། བསྐྱེད་རྫོགས་རྣམ་པ་གསུམ་གྱི་བཀའ་གཞང་གིས་ཚེ་གཅིག་གིས་འབྲས་བ་ཐོབ་ཅེས་གསངས་པ་ལགས་ན། ཕང་པོ་ལྷག་མ་མེད་པ་དང་། ལྷག་མ་དང་བཅས་པ་འདི། ཐབས་ཀྱི་སྒོ་ཚལ་གང་དང་། གང་གིས་མངོན་དུ་གྱུར་ཅིང་འབྲས་བ་ཐོབ་པ་ལགས། ལྷག་མ་དང་བཅས་ན་ནི། རྣམ་པར་གྲོལ་བ་དང་། འབྲས་བ་ཐོབ་པར་ཡང་ཅིས་མངོན། ལྷག་མ་མེད་ན་ནི། སེམས་རྣམ་པར་གྲོལ་བའི་སངས་རྒྱས་ལས་མེད་པར་ཤེས་ཤིང་རྟོགས་ཀྱང་། ལས་འབྱང་བ་ལྔ་ལ་རག་ལས་པ། ཕ་མའི་ཁ་ཁྲག་ལས་གྲབ་པ། སེམས་ཅན་རྣམས་ཀྱི་ཡང་ནས་ཡང་དུ་བརྟགས་ཤིང་ཞེན་པ། རྐྱེན་གྱི་འབྱང་གནས་སུ་གྱུར་པ་འདི། གྲོལ་ཞིང་སྟོང་པར་ཡང་མི་རིག་ན། ཇི་ལྟར་ལགས། ཞེས་བྱ་བ་དང་། ཡང་ལྟ་བའི་རྫོང་དང་། ལྟ་བའི་འཕྲང་གཉིས་ལས། ལྟ་བའི་རྫོང་ནི། ཤེས་བྱ་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ། ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་ཐག་བཅད་པར་གྱུར་པ་དེ་ཤེས་པར་བྱ་བའི་ཡལ་ཡིན་པས། འཕྲང་ནི། དེ་ཉམས་སུ་ལེན་པར་བྱས་ནས། དགྲ་གསུམ་དང་། བདད་བཞི་དང་། གཡང་སུ་དྲག་བཅད་ནས། རང་རིག་ལྷན་གྲབ་ཆོས་ཀྱི་སྐའི་ངང་ལས། གཟགས་སྐུ་རྣམ་པ་གཉིས་ཀྱིས་རོལ་ཞིང་ལོངས་སྤྱོད་པ་ལགས་ན། དགྲ་གསུམ་དང་བདད་བཞི་ཏིང་ངེ་འཛིན་གྱིས་གསོད་ཅིང་འགྲོ་དྲག་གཡང་སུ་ཆོད་ཀྱང་། ལས་རྣམ་སྨིན་པ་ལས་གྲབ་པས་འདི་མི་གྲོལ་ན། ཞེས་ཡང་དབང་གཏེར་ལ་ཞས་སོ། །རྡོ་རྗེ་ཡང་དབང་གཏེར་གྱིས། ཐགས་ཀྱི་གཏེར་ཆེན་ཕྱེས་ནས། ཐགས་སྲས་གཅིག་པ་གཏེར་བཞད་རྩལ་ལ་བཀའ་རྩལ་པ། ཉོན་ཅིག་རིགས་ཅན་ལྷ་ཡི་བ། །དད་པ་ཅན་ལ་དལ་བའི་སེམས། །གཡོ་སྒྱུ་ཆང་ལ་གསོང་པོར་སྨྲ། །ཡིད་བརྟན་ཟང་ཐབ་རི་བོའི་སེམས། །ཐེ་ཚོམ་མེད་ལ་བརྟལ་ཞགས་ཆེ། །དད་སེམས་ཆེ་ལ་ཤེས་རབ་ལྡན། །གསེར་གྱི་བམ་པ་ཁ་ཕྱེས་ཞིང་། །ཏནྟྲ་བཅོ་བརྒྱད་ཁོང་པ་དགྲོལ། །ལས་ཕྲན་བདན་ཅའི་འཕྲང་ཁ་དབྱེ། །བྱང་སེམས་བཅོ་བརྒྱད་ཁོང་སྙིང་ཕྱང་། །བླ་མ་མཁས་པའི་ཐགས་མཛོད་བརྡོལ། །གཏེར་བཞད་རྩལ་ལ་བྱིན་པར་བྱའོ། །ཞེས་གདམས་སོ། །དེ་ལ་བསྐྱེད་རྫོགས་རྣམ་པ་གསུམ་གྱི་གཞང་གིས་ཚེ་གཅིག་གིས་འབྲས་བ་ཐོབ་པ་ནི། བླ་མ་དམ་པ་རག་ལས་པ་སྟེ། དེ་ཡང་དང་པོ་ཕན་སམ་ཚོགས་པ་ལྔ་དང་ལྡན་པར་བྱ་དགོས་པ་ལས། དང་པོ་སྟོན་པ་ཕན་སམ་ཚོགས་པ་ནི། སློབ་དཔོན་ལ་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་དང་དགོངས་པ་མི་གཉིས་པ་ཞིག་དགོས་སོ། །གནས་ཕན་སམ་ཚོགས་པ་ནི། ཕྱི་ཡི་ཡོ་བྱད་རྣམས་ཚང་བ། བདག་གི་དབང་ལས་གཞན་གྱི་དབང་དུ་མི་འགྲོ་བའོ། །འཁོར་ཕན་སམ་ཚོགས་པ་ནི། ཐབ་དང་བསྟུན་པའོ། །དས་ནི་དེ་དག་ཐམས་ཅད་ཚོགས་པའམ་འཛོམ་པའོ། །བསྟན་པ་ནི། བཅད་ཀྱི་སྙིང ་པོ་སྟེ་རྡོ་རྗེ་སེམས་དཔའ་དགོངས་པའོ། །དེ་ནས་གླང་པོ་ཆེའི་སྤྱོད་པས་ཕྱིར་མི་ལྡོག་པར་བྱའོ། །དེ་ལ་ཚེ་གཅིག་གིས་སངས་རྒྱས་ཐོབ་པ་ལ། ཕང་པོ་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་རྣམ་པ་གཉིས་ལས། ལྷག་མ་མེད་པར་གྲོལ་བའི་ཐབས་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ནི་སེམས་ལས་མ་གཏོགས་པ་གཞན་མེད་པར་ཁོང་དུ་ཆད་ལ། སེམས་ནི་ཡེ་ནས་རང་སངས་རྒྱས་ཤིང་རྩོལ་སྒྲུབ་མེད་པར་ཤེས་ན། ལས་སུ་སྣང་བ་ཡང་སེམས་ཀྱི་ཞེན་པ་བརྟས་པས་ལས་སུ་སྣང་བའོ། །དེ་ལས་ཡིན་པའི་ཡིད་ཆེས་ནི། ཏིང་ངེ་འཛིན་གོམས་ཤིང་སྟོབས་སུ་གྱུར་པ་ལས་ཤེས་ཏེ། ལས་སེམས་འདྲེའོ། །འདྲེས་པ་དང་སེམས་ཀྱི་དབང་དུ་ལས་སོང་བའོ། །སེམས་རྟོགས་པ་དང་གྲོལ་བ་ལ་ཡན་རིང་བས། ལས་ལ་ལྷག་མ་ག་ལ་ཡོད་དེ་མེད་དོ། །དེའི་ཕྱིར་ན་སེམས་རྣམ་པར་གྲོལ་བས་ལས་ཀྱང་གྲོལ་ཏེ་སངས་རྒྱས་སོ། །ལྷག་མ་དང་བཅས་ནས་གྲོལ་བ་ནི། ལྷག་མ་དང་བཅས་ཀྱང་། ལས་ལ་ཤལ་དུ་ལས་པ་མེད་པ་སྟེ། ལས་ཉིད་སེམས་ཡིན་པར་རྟོགས་པ་ཁོང་དུ་ཆད་ཕན་ཆད་ལས་སེམས་བཅས་ནས་སངས་རྒྱས། ལས་དང ་པོ་པའི་སེམས་ཅན་མཐོང་བ་མཐན་པས་བལྟས་པས་ལས་དེ་བོར་བར་མཐོང་ཡང་། ལས་ལ་ལས་པ་མེད་པ་ཡིད་ཆེས་གོང་མ་དང་འདྲའོ། །དཔེར་ན་ཁྱང་ཕྲག་སྒོ་ངའི་ནང་ནས་མ་ཐོན་ཀྱང་། ཀླ་འདལ་པའི་སྟོབས་ཡོད་པ་བཞིན་དང་། ལས་མི་ཡིན་ཡང་། ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས། དག་ལྔ་དང་དག་གསུམ་གྱི་སྟོབས་ཀྱིས་མི་བརྫི་སྟེ། དེ་ཉིད་ཡེ་ཤེས་སུ་གྱུར་པའོ། །ཕང་པོ་ལྷག་བཅས་ལྷག་མེད་ཀྱི་དགོངས་པ། རྡོ་རྗེ་ཡང་དབང་གཏེར་གྱིས། གཏེར་བཞད་རྩལ་ལ་གཏད་པའོ། །རྒྱ་རྒྱ་རྒྱ། ཨྠྀི།། །།

༄༅། །རྫོང་འཕྲང་ལས། འདའ་ཁ་ཐགས་ཀྱི་མན་ངག་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདའ་ཁ་ཐགས་ཀྱི་མན་ངག་ལ། །མཐིང་ཀའི་ཧཱུྃ་ནི་བསམ་པར་བྱ། །རབ་ཀྱིས་ལོ་ཡི་བར་དུ་བསམ། །འབྲིང་གིས་ཟླ་བ་དྲག་ཏུ་བསམ། །ཐ་མས་ཟླ་གཉིས་བར་དུ་བསམ། །དམིགས་པ་བརྟན་པོར་གྱུར་ཙམ་ན། །ཕར་འཕྲོས་པས་ནི་འཕགས་པ་མཆོད། །ཚར་འདས་པས་ནི་ལས་ལ་བསྡུས། །བདག་ཉིད་ཧཱུྃ་གི་ངོ་བོར་བསམ། །དེ་ལས་རྡོ་རྗེ་སེམས་དཔར་བསྒྱུར། །སྐ་མདོག་ཆ་ལུགས་སྔོན་དང་མཐན། །དེ་ནས་གཡང་སུ་བརྟག་པར་བྱ། །འགྲོ་དྲག་གཡང་སུ་ཆོད་མ་ཆོད། །བདག་འཛིན་དགྲ་བོ་སོད་མ་སོད། །འཇིགས་པའི་བདད་བཞི་ཆོམ་མ་ཆོམ། །ཚད་དང་ལྡན་ནམ་མཁས་པས་རྟག །ཚད་དང་ལྡན་ན་ནད་དང་བྲལ། །ནད་མེད་རྟག་པ་གཡང་དྲང་སྐ། །རྟག་པ་ཆེན་པོ་འགྱུར་མེད་སེམས། །དབང་ཕྱག་ལྷན་གྱིས་གྲབ་པའི་སྐ། །བདེ་མཆོག་དེ་རུ་རྟག་པར་གནས། །འདའ་ཁ་ཐགས་ཀྱི་མན་ངག་ལས། །རྡོ་རྗེ་སློབ་དཔོན་བསམ་བྱ་སྟེ། །ཆ་ལུགས་ཇི་བཞིན་དམིགས་པ་བསྐྱེད། །ལོ་གཅིག་ཟླ་དྲག་ཟླ་གཉིས་བསམ། །དེར་ནི་ཡན་དེར་གནས་པར་བྱ། །དམིགས་པ་བརྟན་པར་གྱུར་པ་ལས། །བདག་ལས་སློབ་དཔོན་ཉིད་དུ་དམིགས། །བདག་མེད་སློབ་དཔོན་གསལ་བ་དང་། །ཐམས་ཅད་སྤྲུལ་པའི་ལས་སུ་བལྟ། །འགྲོ་དྲག་གཡང་སུ་ཆོད་མ་ཆོད། །གསང་བའི་དགྲ་གསུམ་སོད་མ་སོད། །འཇིགས་པའི་བདད་བཞི་བཅོམ་མ་ཅོམ། །ཚད་དང ་ལྡན་ནམ་མཁས་པས་བརྟག །ཚད་དང་ལྡན་པར་གྱུར་པ་ན། །འགྲོ་བ་མི་ཡང་སངས་རྒྱས་ཡིན། །སྐ་གསུམ་འད་འབྲལ་མེད་པར་གནས། །འདའ་ཁ་ཐགས་ཀྱི་མན་ངག་ལ། །སྐྱེ་མེད་ཨ་མཆོག་བསམ་པར་བྱ། །ལོ་གཅིག་ཟླ་དྲག་ཟླ་གཉིས་ས། །དམིགས་པ་བསྐྱེད་ལ་ནན་ཏན་བྱ། །ཡལ་གསུམ་གསལ་པོར་གྱུར་པ་ན། །ཀན་བཟང་རྡོ་རྗེ་སེམས་དཔར་བརྟག །འགྲོ་དྲག་གཡང་སུ་ཆོད་མ་ཆོད། །གསང་བའི་དགྲ་གསུམ་སོད་མ་སོད། །འཇིགས་པའི་བདད་བཞི་ཆོམ་མ་ཆོམ། །ཚད་དང་ལྡན་ནམ་མཁས་པས་བརྟག །ཚད་དང་ལྡན་པར་གྱུར་པ་ན། །སྣང་སྲིད་སྐྱེ་མེད་དབྱིངས་སུ་གྲོལ། །འདའ་ཁ་ཐགས་ཀྱི་མན་ངག་ལས། །མཐིང་ཀ་ཧཱུྃ་ནི་བསམ་བར་བྱ། །ལོ་གཅིག་ཟླ་དྲག་ཟླ་གཉིས་ས། །དམིགས་པ་བསྐྱེད་ལ་བསམ་བར་བྱ། །ཧཱུྃ་ཉིད་གསལ་བར་གྱུར་པ་དང་། །ཧཱུྃ་གིས་འཕྲོ་འདའི་ཚོགས་ཆེན་ལས། །བདག་ཉིད་ཡ་མཱནྟ་ཀར་བསྒོམ། །བདག་ལས་འཕོ་བ་ཐབ་པ་ནི། །འགྲོ་དྲག་གཡང་སུ་ཆོད་མ་ཆོད། །བདག་འཛིན་དགྲ་བོ་སོད་མ་སོད། །འཇིགས་པའི་བདད་བཞི་ཆོམ་མ་ཆོམ། །ཚད་དང་ལྡན་ནམ་མཁས་པས་བརྟག །ཚད་དང ་ལྡན་པར་གྱུར་པ་ན། །འགྲོ་བ་མི་ཡང་སངས་རྒྱས་སྐ། །འདའ་ཁ་ཐགས་ཀྱི་མན་ངག་ལས། །འདའ་ཁ་ཡེ་ཤེས་འཆར་བས་ན། །འདའ་ཁ་ཡེ་ཤེས་མན་ངག་ཡིན། །འདའ་ཁ་ཡེ་ཤེས་མན་ངག་འདི། །མཁས་པ་མི་བཞིའི་གཏེར་ཆེན་ཏེ། །རྡོ་རྗེ་ཡང་དབང་གཏེར་ཉིད་ཀྱིས། །གཏེར་བཞད་རྩལ་ལ་གཏད་པ་ཡིན། །དཔེ་སྙིང་ཤོག་དག་ལ་བྲིས། །རྒྱ་རྒྱ་རྒྱ། གསང་ངོ་། །གསང་ངོ་། །གསང་ངོ་།། །།

༄༅། རྫོང་འཕྲང་ལས། ལྟ་བ་ཤན་འབྱེད་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ལྟ་བ་ཀུན་གྱི་ཞེ་ཕག །སངས་རྒྱས་ཀུན་གྱི་དགོངས་པ། མ་ནོར་མི་བསླ་བའི་ལྟ་བ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ། ཐེག་པ་ཆེན་པོ་སེམས་ཙམ་པས་བརྒལ་བ། ཆོས་ཐམས་ཅད་ནི་སེམས་སུ་འདས་ལ། སེམས་ལས་མ་གཏོགས་པའི་ཡལ་གད་ན་མེད་དོ། །སྣང་བ་ཐམས་ཅད་ནི་སེམས་སུ་འད་ལ། སེམས་ལས་མ་གཏོགས་པའི་ཡལ་གད་ན་མེད། སྣང་བ་ཐམས་ཅད་ནི་སེམས་སུ་སྣང་བ་ཡིན་པས། ཡལ་ནི་ཀུན་རྫོབ་ཐ་སྙད་དུ་ཡང་མེད། སེམས་ནི་རྫས་སུ་ཡོད་པར་མཐོང་སྟེ། དེ་ཡང་གཞང་ལས། སེམས་ཙམ་ལས་ནི་བརྟེན་ནས་ས། །ཕྱི་ཡི་ཡལ་ལ་མི་སྤྱོད་དོ། །ཞེས་པ་དང་། ཕྱི་ཡི་ཡལ་ནི་མེད་མོད་ཀྱི། །ནང་གི་སེམས་ཉིད་ཕྱི་རོལ་སྣང་། །ཞེས་པ་དང་། ཀྱེ། རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་སེམས་ཙམ་མོ། །སྲིད་གསུམ་ཡང་སེམས་ཙམ་མོ། །སེམས་དེ་ཡང་མཐའ་དང་དབས་མེད་པར་རྟོགས་སོ། །ཞེས་པས། ངེད་ཀྱི་འདོད་གཞང་འདི་ཡིན་ན། འདི་ལས་མ་གཏོགས་པའི་ལྟ་བ་ཅིས་དཔག །ཅེས་གསོལ་བ་ལས། སླར་ལན་བཏབ་པ། ཆོས་ཐམས་ཅད་སེམས་སུ་འདས་ཀྱང་ངལ་ཏེ། སེམས་ཀྱི་རང་བཞིན་རྫས་སུ་བཟང་བས་འཁྲལ་ལོ། །དེ་ཡང་འདི་སྐད་དུ་འབྱང་སྟེ། དམིགས་མེད་དག་པས་རྫས་སུ་གྲབ་པ་མེད། །སྣང་བ་ཉིད་ན་དངོས་པོ་ཀུན་དང་བྲལ། །སྤྱོད་ལས་འདས་པས་ཡེ་ཤེས་རྒྱལ་པོ་འཕགས། །ཞེས་གསངས་པས་ཁྱད་ཆེའོ། །མདོ་སྡེ་སྤྱོད་པ་དབ་མ་པས་བརྒལ་བ། ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་ནི། ནང་གི་སེམས་དང་ཕྱིའི་ཡལ་གཉིས་སུ་འདས་ཏེ། ཡལ་སྣ་ཚོགས་སུ་སྣང་བ་འདི་ལ་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཟད། བརྟགས་ན་བརྟག་མི་བཟད་ལ། དཔྱད་ན་དཔྱད་མི་བཟོད་དེ། དོན་དམ་པར་དངོས་པོ་ཡེ་ནས་མེད་པས་རྒྱ་རྐྱེན་ཐམས་ཅད་དང་ཡེ་ནས་བྲལ་ཏེ། ཡེ་ནས་འདས་མ་བྱས་པའི་ངང་དུ་གནས་པ་ལ། ནང་གི་སེམས་ཀྱང་བསྐྱེད་པའི་སུ་བོན་དང་བྲལ་ཏེ། བཟོད་མ་ནས་མ་བྱང་མ་སྐྱེས་པས་ཡལ་སེམས་གཉིས་དང་དངོས་པོར་མ་གྲབ་པའི་ཆོས་ལས་ནི། གཞན་དངོས་པོར་མ་གྲབ་པར་སྤྱོད་དེ། ངེད་ཀྱི་འདོད་གཞང་ནི་འདི་ཡིན་ན། འདི་ལས་མ་གཏོགས་པའི་ལྟ་བ་ཅིས་དཔག །ཅེས་གསོལ་བ་དང་། སླར་ལན་བཏབ་པ། ཆོས་ཀྱི་རང་བཞིན་ཡལ་སེམས་གཉིས་མེད་ལ། །ཡལ་སེམས་གཉིས་སུ་མཐོང་བ་རྩ་བ་ཡེ་ནས་འཁྲལ། །ཅིར་སྣང་ཅིར་སྲིད་སེམས་ཀྱི་རང་བཞིན་སྣང ་ཞིང་སྲིད། །སེམས་ཉིད་བྱང་ཆབ་སེམས་ལས་མ་གཏོགས་པ། །ཆོས་འགའ་ཙམ་ཞིག་གད་ན་ཡོད་པར་ནི། །དས་གསུམ་རྒྱལ་བའི་ཞལ་ནས་མ་གསངས་ལ། །མཉམ་པ་ཉིད་ཀྱི་དབྱིངས་ལས་མ་གཡོས་འཕགས། །ཞེས་གསངས་སོ། །རྣལ་འབྱོར་སྤྱོད་པའི་དབ་མ་པས་བརྒལ་བ། ཡང་ཆོས་ཐམས་ཅད་ནི་རང་གི་སེམས་སུ་འདས་ཏེ། ཕྱི་ནང་གི་ཆོས་ཐམས་ཅད་སྣང་ཡང་རང་གི་སེམས་ཉིད་སྣང་བ་ལས་མ་གཏོགས་པ། ཡལ་གཞན་དུ་སྣང་བ་ཅི་ཡང་མེད་དོ། །སྣང་བ་གཉིས་ལ་དམིགས་སུ་མེད་པ་ནི། མི་སྣང་བ་མཐར་ཕྱིན་ལ། མི་སྣང་བའི་ངོ་བོ་ཉིད་ཀྱང་སྣ་ཚོགས་སུ་སྣང་ཞིང་འབྱང་སྟེ། སྣང་བ་ཡང་མཐར་ཕྱིན་ནོ། །སྣ་ཚོགས་སྣང་བས་ཆད་པའི་མཐའ་སྤངས་ལ། སྣང་བ་ཉིད་ལས་དམིགས་སུ་མེད་པས་རྟག་པའི་མཐའ་བསལ་ལོ། །དེ་ལྟར་སྣང་ལ་རང་བཞིན་མེད་པར་ཤེས་ནས། སྣང་བ་དགག་ཅི་ཡང་མི་དགོས་ཏེ། ངེད་ཀྱི་འདོད་གཞང་འདི་ཡིན་ན། འདི་ལས་མ་གཏོགས་པའི་ལྟ་བ་ཅིས་སྤགས། ཞེས་གསོལ་པ་དང་། སླར་ལན་བཏབ་པ། ཆོས་ཉིད་བྱང་ཆབ་སེམས་ལས་མ་གཏོགས་པ། །དེ་ལས་གཞན་པའི་ཆོས་ལྟ་ག་ལ་ཡོད། །ཆོས་ཉིད་བྱང་ཆབ་སེམས་ཀྱི་རང་བཞིན་མ་ཤེས་ཏེ། །བག་ཆགས་འབྱང་འཇག་བྱེད་ལས་རྫས་སུ་བརྟགས་པས་འཁྲལ། །སྣང་སྲིད་མ་ལས་སྣང་བའི་རྒྱ་རྐྱེན་མེད། །རྣམ་རྟོག་དབང་གིས་སེམས་ཉིད་སྲིད་པར་འབྱང་། །སྲིད་རྒྱ་ངེས་པའི་རྩ་བ་གཅིག་ཏུ་བས། །སྣ་ཚོགས་སྣང་བའི་བག་ཆགས་དངོས་པོར་མཐོང་བས་ས། །རང་རིག་གནས་ཆེན་ཡེ་ནས་དབྱེར་མེད་ལ། །སྣང་དང་མི་སྣང་སྤྱོད་ལས་འདས་པས་འཕགས། །ཞེས་གསངས་སོ། །མ་ཧཱ་ཡོ་ག་པས་བརྒལ་བ། སྐྱེ་མེད་གདོད་ནས་དག་པ་ནམ་མཁའ་ལྟ་བའི་རང་བཞིན་ལ། ཐབས་ཀྱི་ཆོ་འཕྲལ་ལྷའི་དཀྱིལ་འཁོར་དུ་སྣང་བ་ཡང་། སྣང་ལ་རང་བཞིན་མེད་པས་མཉམ་ལ་མ་འདྲེས་པར་རྟོགས་ཏེ། དེ་ཡང་གཞང་ལས། སྐྱེ་མེད་གདོད་ནས་དག་པའི་རང་བཞིན་ལ། །ཐབས་ཀྱི་ཆོ་འཕྲལ་སྐྱེ་བའི་སྐར་བསྟན་ཡང་། །སྤྱོད་ལ་མ་ཆགས་ཆ་ཟླའི་དཀྱིལ་འཁོར་དང་། །སྣང་ལ་དངོས་མེད་མེ་ལོང་གཟགས་བརྙན་དང་། །མཉམ་ལ་མ་འདྲེས་འཇའ་ཚོན་རི་མོ་འདྲ། །ཐབས་ལ་མཁས་པས་དེ་ལྟར་སྤྱོད་ཙམ་ན། །ཤེས་རབ་ཟབ་མོ་མཉམ་ལས་མི་ཞེན་ཏེ། །འདི་ལས་མ་གཏོགས་པ་ཡི་ལྟ་བ་ཅི་ཡིས་སྤགས། །ཞེས་འབྱང་སྟེ། འདི་ལས་མ་གཏོགས་པའི་ལྟ་བ་གང་ཞེས་གསོལ་པས། སླར་ལན་བཏབ་པ། ཆོས་ཉིད་རང་བཞིན་རིག་པའི་སེམས་ཉིད་དེ། །རང་རིག་ཡེ་ཤེས་གདོད་ནས་རྩོལ་དང་བྲལ། །རྩོལ་བ་མེད་པའི་དབྱིངས་སུ་ལྷན་གྲབ་ཅིང་། །བྱེད་པ་ཀུན་བྲལ་འད་ཤེས་མི་འཇག་ཕྱིར། །རྩོལ་སེམས་བྲལ་བའི་སེམས་དང་བཅས་པས་ན། །སྐྱེ་མེད་གདོད་ནས་དག་པའི་རང་བཞིན་ལ། རང་རིག་དབྱིངས་ནས་ཡེ་ཤེས་འཕྲལ་པས་འཕགས། ཞེས་བྱ་བ་གསངས་སོ། །ཨ་ན་ཡོ་ག་བས་བརྒལ་བ། རྒྱ་གཉིས་དག་པའི་དབྱིངས་ཉིད་ལས། འབྲས་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བ་ལས་མ་རྟོགས་པ། ད་གདོད་བརྩོན་འགྲས་བྱར་མེད་དེ། །ཡེ་ནས་ལྷན་གྱིས་གྲབ་པའི་བདག་ཉིད་དུ་གནས་པའི་ལྟ་བ་རྟོགས་ཏེ། དེ་ཡང་གཞང་ལས། རྒྱ་དག་པ་ཡི་དབྱིངས་ཉིད་ལས། །འབྲས་བ་ཡེ་ཤེས་དཀྱིལ་འཁོར་འཆར། །བརྩོན་འགྲས་མེད་པར་ལྷན་གྱིས་གྲབ། །འདི་ལས་མ་རྟོགས་པ་ཡི་ལྟ་བ་མེད། །ངེད་ཀྱི་འདོད་གཞང་འདི་ཡིན་ན། འདི་ལས་སྤགས་པ་གང་། ཞེས་གསོལ་བ་དང་། སླར་ལན་བཏབ་པ། རྒྱ་གཉིས་དག་པའི་དབྱིངས་ལས་མ་གཏོགས་པ། །དེ་ལས་གཞན་པའི་ཆོས་ལྟ་ག་ལ་ཡོད། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པས་ཕང་། །བརྩལ་བ་མེད་པར་ཡེ་ནས་དབྱིངས་ཀྱི་ངང་། །ལྷན་གྱིས་གྲབ་པས་ཡེ་ནས་བྱར་མེད་ཅིང་། །བརྡལ་བ་ཆེན་པོ་མཁའ་ལྟར་ཁྱབ་པ་ལ། །ཀན་ཏ་བཟང་པོའི་རོལ་པ་འབྱང་བའི་ཚེ། །རྣམ་པར་དབྱེ་བའི་གྲངས་སུ་མི་ཆོད་པར། །དམིགས་མེད་མཁའ་ལྟར་གསལ་བའི་དབྱིངས་ཉིད་ལས། །བགོ་གཤའ་མེད་པར་ལྷན་གྱིས་གྲབ་པས་འཕགས། །ཞེས་གསངས་སོ། །ལྟ་བའི་ལ་ཤན་དབྱེ་བ་འདི། །རྡོ་རྗེ་ཡང་དབང་གཏེར་ང་ཡིས། །གཏེར་བཞད་རྩལ་ལ་གཏད་རྒྱ་གསལ། །ལྟ་བའི་ལ་ཤན་དབྱེ་བ། ཨྠྀི། རྒྱ་རྒྱ་རྒྱ། གསང་ངོ་།། །།ག་ཧྱ། གཏེར་བདག་གླིང་པའི་ཕྱག་དཔེར་པདྨ་འགྱུར་མེད་རྒྱ་མཚོས་པཎ་ཆེན་མངའ་རིས་པའི་ཕྱག་དཔེ་ལས་བཤས་སོ། །

༄༅། །རྫོང་འཕྲང་ལས། བསམ་གཏན་ལང་གི་མན་ངག་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བྱང་ཆབ་སེམས་ཀྱི་བསམ་གཏན་ལས། རྒྱ་བ་ཕྲ་མོ་རྩི་ཞིབ་རྣམས། །འཁྲལ་པའི་སེམས་ཀྱིས་ཅི་ཡང་སྣང་། །སྣང་ཡང་རྟག་པ་ཅི་ཡང་མིན། །ཅི་ཡང་མིན་པས་ཡང་དག་ཉིད། །དོན་གྱི་རྩོལ་བ་མ་ཞགས་ན། །ཟབ་ཅིང་ཆ ་ཕྲ་བརྟག་དཀའ་བས། །བློ་ཡི་རྩོལ་པ་ཅི་ཞགས་ཀྱང་། །རྒྱ་ལ་སྤོམ་ཕྲ་ཡེ་ནས་མེད། །མ་བསམ་བཞག་ན་བསམ་གཏན་ཡིན། །བསམ་པའི་བློ་ཞགས་འཁྲལ་པའི་ལམ། །དཔྱོད་པ་མ་ཞགས་དྲང་པོ་ཡིན། །རྩོལ་བ་མ་ཞགས་བསམ་གཏན་ཡིན། །རྟོག་པ་མ་ཞགས་ཡང་དག་ཡིན། །མན་ངག་ལང་གི་བསམ་གཏན་ལས། །བསམ་མེད་དྲན་མེད་རྟོགས་དཔྱོད་མེད། །ནམ་མཁའི་ངོ་བོ་ཇི་ལྟར་བཞིན། །མི་བསམ་མི་བསྒོམ་མ་བཅོས་བཞག །མ་བཅོས་བཞག་པ་བསམ་གཏན་ཡིན། །རྩོལ་དང་མི་རྩོལ་བྱ་བྲལ་ལ། །བསམ་ཞིང་འབད་རྩོལ་མེད་པར་བཞག །རང་བཞིན་ཡེ་ནས་དངོས་མེད་པར། །འདི་ལྟར་འབད་རྩོལ་མེད་པར་བཞག །ཡལ་སེམས་གཉིས་སུ་མི་དབྱེ་བར། །ཅི་ཡང་བསམ་དུ་མེད་པར་བཞག །སེམས་མེད་ནམ་མཁའི་ངོ་བོ་ལས། །དམིགས་མེད་ནམ་མཁའི་ཏིང་འཛིན་བསྒོམ། །བསྒོམ་དུ་ཅི་ཡང་མེད་པ་ལ། །རྟོགས་པའི་གདེངས་ཀྱིས་ཟིན་པར་བྱ། །གང་ཡང་ཡིད་ལ་མི་བྱེད་པར། །དེ་ནི་བསམ་གཏན་རྣམས་ཀྱི་མཆོག །ཐོགས་མེད་འབྲས་བ་ངེས་པར་ཐོབ། །ཇི་སྲིད་ཡིད་ཀྱི་བློ་ཞགས་ན། །དེ་སྲིད་བདད་ཀྱི་སྤྱོད་ཡལ་ཡིན། །དཔྱོད་པ་ཞགས་ན་རྟོགས་པའི་གཞི། །འཛིན་པ་ཞགས་ན་འཁྲལ་པའི་རྒྱ། །བསམ་པ་ཞགས་ན་དམིགས་པའི་རྟེན། །བསམ་པས་ཞེན་པའི་འཛིན་ལ་བཟང་། །དམིགས་པ་ཞགས་ན་འཛིན་པའི་བཟང་། །དེ་རྣམས་བདད་ཀྱི་སྤྱོད་ཡལ་ཏེ། །དེ་ཀུན་རང་སེམས་ཡིན་པ་ལ། །བརྟགས་ནས་བསམ་གཏན་ཉིད་དུ་བསྒོམ། །བསྒོམ་པའི་འད་ཤེས་མི་འཇག་པར། །མི་བསམ་མི་ཡི་བསམ་གཏན་བསྒོམ། །མི་བསྒོམ་པ་ཡི་སྒོམ་པ་ཡིན། །བསམ་གཏན་ལང་གི་མན་ངག །ཡང་དབང་གཏེར་གྱིས། གཏེར་བཞད་རྩལ་གཏད། ཨྠྀི། རྒྱ་རྒྱ་རྒྱ། བསམ་གཏན་ལང་གི་མན་ངག་འདི། གསང་བའི་དོན་ནོ། །རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། རིན་པོ་ཆེ་གསེར་གྱི་ཐིགས་པ་བཞགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྲས་ཐ་བོ་རཱ་ཛ་ཧ་སྟིས། རིན་པོ་ཆེ་གསེར་གྱི་ཐིག་པ་གསངས་པ། །གསེར་ཞན་དག་པ་དྲི་མས་མ་གོས་ལྟར། །རང་སེམས་ཉིད་ལ་དྲི་མས་མ་གོས་ཏེ། །ཀན་བཟང་རྡོ་རྗེ་སེམས་དཔའ་རིགས་ནི་བྱང་ཆབ་སེམས། །རང་རིག་སྐྱེ་མེད་བྱང་ཆབ་སེམས་ཀྱིས་འཛིན། །རང་རིག་སྐྱེ་མེད་བྱང་ཆབ་སེམས་ཀྱིས་དོན་རྟོགས་ན། །སངས་རྒྱས་རིག་འཛིན་སུ་གསུམ་དུས་གཅིག་ནོན། །སྒོམ་ན་རང་གི་སེམས་ནི་ཡེ་ནས་སངས་རྒྱས་ཏེ། །སེམས་དང་སངས་རྒྱས་ཡེ་ནས་གཉིས་སུ་མེད། །སེམས་ལ་འཕོ་འགྱ་མེད་པས་སུ་གསུམ་དུས་གཅིག་ནོན། །དེ་ལྟར་རྟོགས་ན་མ་ཡེངས་སྒོམ་པ་ཆེན་པོ་ཡིན། །དེ་ལས་གཞན་དུ་བསྒོམ་ན་སྒོམ་པའི་སྐྱོན་དྲག་ཡོད། གློ་བར་དག་ཏ་འདོད་ཆགས་ཆེན་པོ་ལྡང་བ་དང་། ཞེ་སྡང་དྲག་པོ་སྐྱེ་བ་དང་། ང་རྒྱལ་དྲག་པོ་ལྡང་བ་དང་། ཕྲག་དོག་དྲག་པོས་སེམས་འཁྲག་དང་། རང་གི་ལྟ་བ་བསྙེམས་པ་དང་། གཞན་གྱི་ལྟ་བ་ཁྱད་གསོད་རྣམས། ཏིང་ངེ་འཛིན་གྱི་སྐྱོན་དྲག་ཡིན། ཅེས་སོ། །དེ་རྣམས་ཀྱང་རང་གི་སེམས་སུ་ཤེས་ཤིང་རིག་ན་ནི། རང་བྱང་གི་ཡེ་ཤེས་སུ་རང་བྱང་རང་ཞིར་གྲོལ་ཏེ། དེ་ལས་ཉམས་པ་མེད་དོ། །དེ་རང་གི་སེམས་སུ་ངོ་མ་ཤེས་ན་ནི། སྐྱེས་བ་ཆེན་པོས་མི་བཟད་པའི་དག་འཐང་བ་དང་འདྲའོ། །མན་ངག་གསེར་གྱི་ཐིགས་པ་འདི། ཡང་དབང་གཏེར་གྱི་གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ།། །།

༄༅། །རྫོང་འཕྲང་ལས། ཡོ་ག་རྣམ་གསུམ་གྱི་ལ་ཤན་དབྱེ་བ་བཞགས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མ་ཧཱ་ཡོ་གའི་ལྟ་བ་ནི། །བསམ་གྱིས་མི་ཁྱབ་སྐུ་གསང་ཐགས། །ཨ་ན་ཡོ་གའི་ལྟ་བ་ནི། །བསམ་གྱིས་མི་ཁྱབ་ཆོས་ཀྱི་སྐ། །ཨ་ཏི་ཡོ་གའི་ལྟ་བ་ནི། །རང་སེམས་གདོད་ནས་རྣམ་པར་དག་ཅེས་གསངས་སོ། །ལང་གི་ཁ་བྱང་གསལ་ཏེ། དེ་ལ་མ་ཧཱ་ཡོ་གའི་ལྟ་བ་ནི། ཕྱི་ནང་སྣོད་བཅད་དངོས་པོ་ཐམས་ཅད་ལྷ་དང་ལྷ་མོར་སྣང་བ། འཇིག་རྟེན་དང་འཇིག་རྟེན་པ་ལས་འདས་པའི་བདག་ཉིད་ཐམས་ཅད་སྐུ་གསང་ཐགས་ཀྱི་དཀྱིལ་འཁོར་དུ་སྣང་བ་ནི་ཀུན་རྫོབ་ཏེ་ཐབས་སོ། །དེ་ལ་རང་བཞིན་མེད་པ་ནི་དོན་དམ་པ་སྟེ་ཤེས་རབ་བོ། །དེ་གཉིས་སུ་མེད་པ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟེ་བདེན་པ་དབྱེར་མེད་ལྟ་བའོ། །དེ་ལ་རྫོགས་པ་ཆེན་པོའི་ཡོན་ཏན་གྱི་སྣང་བ་ཕྱོགས་ཙམ་ལས་མ་གཏོགས་ཏེ། མ་ཧཱ་ཡོ་ག་ནི། ལྟ་བ་དབྱེར་མེད་དུ་བཟང་ནས་དེ་ཉིད་རང་ཡིན་པར་མ་ཤེས་ཏེ། གདོད་གཞན་ནས་སྤྱན་དྲང་ཞིང་གཉིས་སུ་མེད་པར་བསྟིམ་པ་ལ་སོགས་པ་བྱས་པས་འཁྲལ་ལོ། །དེས་ན་མ་ཧཱ་ཡོ་གའི་ལྟ་བ་ནི་རྩོལ་བའི་གནད་ཀྱིས་བཅིངས་པ་ཡིན་ནོ། །ཨ་ན་ཡོ་གའི་ལྟ་བ་ནི། དངོས་པོར་སྣང་བ་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་སྣང་བ་ཡིན་ལ། དེ་དག་ཐམས་ཅད་ལ་རང་བཞིན་མེད་པ་ནི་ཀུན་ཏུ་བཟང་མོ་ཡིན་ལ། དེ་གཉིས་ལ་གཉིས་སུ་མེད་པ་ནི་སྲས་བདེ་བ་ཆེན་པོ་ཞེས་བྱ་སྟེ་ཆོས་ཀྱི་སྐར་འདོད་དོ། །ཡང་ན་རིག་པ་ཕར་ལ་འཆར་བ་ནི། ཀུན་ཏུ་བཟང་པོའི་རོལ་པ་མ་འགགས་པ་བྱ་བ་ཡིན་ལ། ཡལ་ཚལ་ལ་སྣང་བ་ནི། ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་དོན་སྐྱེ་བ་མེད་པ་བྱ་བ་ཡིན་ཏེ། དེ་ཉིད་ཡལ་སེམས་གཉིས་སུ་མེད་པ་ནི། སྲས་བདེ་བ་ཆེན་པོ་ཞེས་བྱ་བ་ཆོས་ཀྱི་སྐུ་ཡིན་པར་འདོད་དོ། །དེས་ཀྱང་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལྟ་བ་ཇི་ལྟ་བཞིན་དུ་མ་རྟོགས་ཏེ། ཆོས་ཐམས་ཅད་ཡེ་ཤེས་ཀྱི་སྣང་བར་གཅིག་ཀྱང་། དེ་ཉིད་ལ་བཟང་ངན་དང་བླང་དོར་ཡོད་མེད་ཀྱི་ཁྱད་པར་ཡོད། དེ་ལྟ་བ་ལ་ཞེ་ཁྲེལ་འབྱང་ངོ་། །དེ་ཡང་ཀུན་ཏུ་བཟང་མོ་ཞེས་བཏགས་པའི་ཕྱོགས་དང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱོགས་དང་། དེ་གཉིས་མེད་ཙམ་གྱིས་ཕྱོགས་གཅིག་རྟོགས་ཀྱི། དེས་རྫོགས་པ་ཆེན་པོའི་དོན་ཇི་ལྟར་བ་ལ་མ་རེག་པའོ། །ཨ་ཏི་ཡོ་ག་བའི་ལུགས་ཀྱིས་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྐུ་ལས་ཀྱང་འདས་པ། རང་གི་སེམས་ཉིད་གདོད་མ་ནས་རྣམ་པར་དག་པ། མཐའ་ཡས་པའི་ཆོས་ཀྱི་སྐུ་ཆེན་པོ་ཡིན་ལ། བཟང་ངན་དང་བླང་དོར་གང་ཡང་མེད་པ་ཡང་དེ་ཉིད་ཡིན་ལ། གང་ཡང་མ་སྤངས་ལ་གང་ཡང་མི་གནས་པ་ཡང་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡང་ཡིན་ལ། མ་དག་པ་ཡང་ཡིན། དེ་གཉིས་སུ་མེད་པ་ཡང་ཡིན་ལ་གཉིས་སུ་ཡོད་པར་མ་འགགས་པ་ཡང་ཡིན་ན། དེ་ཉིད་སྐྱེ་འགགས་མེད་པ་ཡང་ཡིན་ལ། སྐྱེ་འགགས་ཡོད་པར་ཡང་མ་འགགས་པ་ཡང་ཡིན་ནོ། །དེ་ལྟར་ཕྱོགས་མེད་དུ་འབྱམས་པ་ཡིན་ནོ། །ལང་ལས་ཀྱང་། རང་བཞིན་གཅིག་ཏུ་མ་ངེས་པས། །གང་ལྟར་བརྟག་པ་དེ་ལྟར་སྣང་། །ཞེས་པ་ནི། ཇི་ལྟར་ཡིན་པ་དེ་ལྟར་ཡིན། །ཞེས་པ་དང་། མ་ངེས་འཇའ་ཚོན་ཁ་དོག་ལ། །རིགས་ཀྱི་ཁྱབ་པར་མངོན་པར་སྣང་། །ཞེས་བྱང་བས། ཐམས་ཅད་ནས་ཐམས་ཅད་དུ་མ་བཀག་ཡོངས་སུ་རྫོགས་པ་ཡང་ཡིན་ནོ། །རྒྱ་ཡོངས་སུ་མ་ཆད་པ། ཕྱོགས་གར་ཡང ་མ་ལྷང་བ། ཤར་ཐམས་ཅད་དུ་རང་ཤར་བ། མཐར་ཐམས་ཅད་དང་ཡེ་བྲལ་བ་ཅིར་ཡང་སྣང་བ་ལ། གང་ཡང་མ་ཡིན་པ། ཆོས་ཐམས་ཅད་ཀྱི་དངོས་གཞི། ཞི་བའི་བདག་ཉིད་ཆེན་པོ་ཡང་ཡིན་ནོ། །དེ་ལ་མ་ཧཱ་ཡོ་ག་བ་དང་། ཨ་ན་ཡོ་ག་བས། དེ་ལྟར་མ་རྟོགས་ཤིང་དེ་སྐད་དུ་སྨྲ་མི་ནས་པ་ཡིན་ནོ། །དེས་ན་རྫོགས་པ་ཆེན་པོ་བའི་ལྟ་བ་ནི། དོན་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་། ཚིག་ཇི་སྐད་དུ་ཡང་སྨྲས་ཏེ། དགོངས་པ་ཕྱོགས་མེད། ལྷན་གྲབ་ཁ་འབྱམས། སྨྱོན་པའི་ཚིག་བཞིན་སྨྲས་པ་ཡིན་ཏེ། ཇི་སྐད་ད། སྨྲ་བ་རང་དབང་ཆེ། ཞེས་འབྱང་བས། རྫོགས་པ་ཆེན་པོ་ཁྱད་པར་འཕགས་པ་ཡིན་ནོ། །ཡོ་ག་གསུམ་གྱི་ལ་ཤན་དབྱེ་བ་དང་། བྱེ་བྲག་བསྟན་པ་ནི། མཁས་པ་རྣམ་བཞིའི་གཏེར་ཆེན། རྣལ་འབྱོར་པ་རྣམས་ལ་ཕྱི་རབས་ཀྱི་དོན་དུ་གཏད་དོ། །ཡོ་ག་གསུམ་གྱི་ལ་ཤན་དབྱེར་བ་ཨྠྀི། རྡོ་རྗེ་ཡང་དབང་གཏེར་ང་ཡིས། གཏེར་བཞད་རྩལ་ལ་རྒྱས་བཏབ་བོ། །མན་ངག་མཚན་གྱི་ཐེམས་ཡིག་ཅེས་ཀྱང་བྱའོ། བསྐྱེད་རྫོགས་གསུམ་གྱི་ལ་ཤན་ཅེས་ཀྱང་བྱའོ། །རྒྱ་རྒྱ་རྒྱ།། །།གཏེར་ཆེན་བླ་མ་འགྱུར་མེད་རྡོ་རྗེས་ཕྱག་དཔེར། སྨྱོས་ཀྱི་དགེ་སློང་འགྱུར་མེད་རྒྱ་མཚོས་བྲིས། མྱང་ཉི་མ་འོད་ཟེར་གྱི་ཕྱག་བྲིས་འཁྲལ་མེད་ཀྱི་བ་ཡིག་མངའ་རིས་པཎ་ཆེན་རིན་པོ་ཆེའི་ཕྱག་དཔེ་ལས། སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་ཕྱག་བྲིས་ཀྱིས་བཤས་པའི་སྨིན་གླིང་གཏེར་ཆེན་ཕྱག་དཔེའི་བ་ཡིག་དཔལ་ཡལ་པདྨ་མདོ་སྔགས་བསྟན་འཛིན་གྱི་ཕྱག་དཔེ་དང་། ཀཿཐོག་ལྕམ་སྤྲུལ་རིན་པོ་ཆེའི་ཕྱག་བྲིས་ཅན་བཅས་དཔེ་གཉིས་ལས་ལེགས་པར་བཤས་ཏེ་དཔལ་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་དཔལ་ཡུལ་དུ་བསྒྲུབ་པ་དགེ་ལེགས་འཕེལ།། །།

གནུབས་ཆེན་བླ་སྒྲུབ་ངང་སྒོམ་གྱི་ཁྲིད་ཡིག་རྒྱུད་དོན་གསལ་བའི་མེ་ལོང་།

༄༅། །གནུབས་ཆེན་བླ་སྒྲུབ་ངང་སྒོམ་གྱི་ཁྲིད་ཡིག་རྒྱུད་དོན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

དཀྱིལ་འཁོར་བདག་པོ་བདེ་བ་ཆེ། །ཧེ་རུ་ཀ་ལ་ཕྱག་འཚལ་ཏེ། །ཉེ་ཟབ་བླ་མའི་ལམ་མཆོག་ལ། །བརྟེན་པའི་རིམ་པ་ཉུང་ངུ་སྤེལ། །དེ་ཡང་རྟེན་གྱི་གང་ཟག་ཚེ་གཅིག་གིས་སྙིང་པོ་མཆོག་གི་གོ་འཕང་ལ་འགྲོ་བར་འདོད་པ་དག་གི། དང་པོ་སྔགས་ཀྱི་ཐེག་པའི་འཇུག་སྒོ་ཁྱད་པར་དུ་གྱུར་པ་སྨིན་བྱེད་ཀྱི་དབང་བླ་མ་མཚན་ཉིད་དང་ལྡན་པ་ལས་ནོས་ནས་གྲོལ་བྱེད་ལམ་གྱི་རིམ་པ་ཉམས་སུ་ལེན་པར་འདོད་པས། ཐོག་མར་གཟའ་སྐར་གྱི་སྦྱོར་བ་དགེ་བར་གོང་མས་བརླབས་ཤིང་བཀྲ་ཤིས་པའི་གནས་སུ་བསམ་གཏན་གྱི་ཁང་བུར་སྒྲུབ་པ་རྟེན་གྱི་ཡོ་བྱད་བླ་མའི་སྐུ་བརྙན་དང་། གཞན་ཡང་དཀོན་མཆོག་གི་རྟེན་བཀྲམ་པ་དང་། རྩ་བ་གསུམ་གྱི་གཏོར་མ་དང་། མཆོད་པའི་ཡོ་བྱད་སྨན་གཏོར་རཀྟ་གསུམ་ཐུན་མིན་དང་། ཐུན་མོང་པ་ཉེར་སྤྱོད་ཀྱི་མཆོད་པ་གྲངས་ཅི་མང་གིས་གཟབ་རྒྱས་སུ་བཤམས། མལ་འོག་ཏུ་སུ་དཀར་གྱིས་གཡུང་དྲུང་བྲིས་པའི་སྟེང་ཀུ་ཤ་རྩེ་མོ་ནང་བསྟན་གྱིས་རྒྱ་གྲམ་གྱི་རྣམ་པར་བཏིང་བའི་སྟེང་བསམ་གཏན་གྱི་འབོལ་ཆུང་འདིང་བའི་སྟེང་དུ་བདེ་བར་འཁོད་ལ། དེ་ནས་སྔ་དྲོ་སྒྲུབ་ཁང་གི་སྒོ་དྲུག་ཏུ་རྒྱལ་ཆེན་གྱི་ཐོ་བཙུགས། བགེགས་ཀྱི་གཏོར་མ་བཏང་། བསྲུང་བའི་འཁོར་ལོ་བསྒོམ་སྟེ་མཚམས་མ་གྲོལ་བར་དམིགས་བཞག་པ་མ་གཏོགས་ཕྱི་ནང་འགྲོ་འདུག་དང་བཅས་ཀ་བཏང་ལེན་མི་བྱ། སྔོན་འགྲོ་དལ་འབྱོར་རྙེད་དཀའ་ནས་བཟུང་བླ་མའི་རྣལ་འབྱོར་བར་ཞག་མི་ཉུང་བར་བློ་སྦྱོང་ནས་རྒྱུད་འཁུལ་ངེས་སུ་བྱས་ཏེ། དེ་ནས་དགོང་མོ་དབང་གི་དུས་ལ་དངོས་གཞིའི་མགོ་བཟུང་སྟེ་ལས་བྱང་ཚོགས་སྐོང་བཅས་པ་ཞིག་བྱས་ཏེ། དེའི་སྲོད་ལ་བསྙེན་པའི་མགོ་ཚུགས་པར་བྱའོ། །འདིར་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དག་མཉམ་ཆེན་པོར་གཏན་ལ་འབེབས་པའི་ལུང་གསུམ་གྱི་གཏན་ཚིགས་གཏན་ལ་འབེབ་ཚུལ་འོག་ནས་འབྱུང་བ་ལྟར་གཏན་ལ་ཕབ་སྟེ་ཉོན་མོངས་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་བསྒྱུར་བའི་སྔགས་ནང་བ་དབང་བསྒྱུར་ཐབས་ཀྱི་ཐེགས་པ་ལ་རྒྱུད་ལུང་མན་ངག་གཙོ་བོར་བཏོན་པའི་གསུམ་གྱི་ནང་ཚན་རྫོགས་པ་ཨ་ནུ་ཡོ་གའི་ལུགས་ལྟར་ཆོ་གའི་འགྲོས་བྱུང་བས། ལུགས་སྲོལ་འདིར་དུ་ཐོས་པའི་ཤེས་རབ་ཅན་ལ་དབང་བསྐུར་དུ་བྱེད་པ། བསམ་པའི་ཤེས་རབ་ཅན་ལ་བཤད་པ་བྱེད་པ། བསྒོམ་པའི་ཤེས་རབ་ཅན་ལ་ཁྲིད་དུ་འདེབས་ལུགས་གསུམ་བྱུང་བས། སྐབས་འདིར་ཕྱི་མ་ལྟར་བསྟེན་པའི་ལུས་ལ་འདུས་པ་མདོའི་ངང་སྒོམ་ཆེ་ཆུང་གི་གནད་ཚང་བ་ཙམ་འཆད། ཁྲིད་རིམ་ཐམས་ཅད་ཀྱི་ཐོག་མར་ལམ་ལ་འཇུག་པའི་སྒོར། ཚེ་འདི་དང་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཡིད་ངེས་པར་འབྱུང་བའི་སྐྱོ་ཤས་དང་། ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་པའི་ངེས་ཤེས་དྲག་པོ་དང་ལྡན་པའི་སྒོ་ནས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བའི་གདམས་པ་ནས་བཟུང་ལམ་འཁྱེར་བཞི་ཡོད་པ་ལས་དང་པོ་སྐྱབས་འགྲོ་ལམ་འཁྱེར་ནི། དོན་དམ་པར་བདག་དང་སེམས་ཅན་དང་། སྡུག་བསྔལ་གསུམ་རང་བཞིན་གྱིས་མ་དམིགས་ནའང་། ཀུན་རྫོབ་ཏུ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ནི་འཁོར་བ་ན་སྐྱབས་མེད་མགོན་མེད་ཡིན་པས། དེ་རྣམས་སྐྱོབ་ནུས་པ་པོ་བླ་མ་དང་དཀོན་མཆོག་གསུམ་ཡིན་པའི་ངེས་ཤེས་བསྐྱེད་ནས། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་དང་རུ་མདར་ཞུ་སྙམས་ནས། དུས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱིད་སྡུག་དང་ལེགས་ཉེས་ཅི་མཛད་དཀོན་མཆོག་ཁྱེད་རང་ཤེས་སྙམས་པས་སྐྱབས་སུ་འགྲོ་ཞིང་། ཡིད་ཆེས་དྲན་པས་བདེ་སྡུག་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་གི་སྐྱབས་འོག་ན་བློ་མེ་འབོལ་གྱིས་འདུག་པ་ཞིག་དགོས་སོ། །སྐྱབས་འགྲོ་འདི་ལ་མདོ་སྔགས་ཀྱི་ལམ་གང་ཉམས་སུ་བླངས་ཀྱང་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་ལས་མི་འདའ་བར་ཤེས་པ་གལ་ཆེའོ། །གཉིས་པའི་དམ་ཚིག་ལམ་འཁྱེར་ནི། །དབང་དང་དངོས་གྲུབ་དང་པོའི་གེགས། །བླ་མའི་འགྲོ་བའི་རྡོ་རྗེ་སྤུན། །འཁུ་ལྡོག་གདུང་བའི་སེམས་མེད་ན། །དབང་དང་དངོས་གྲུབ་གཉིས་པའི་གེགས། །བྱང་ཆུབ་སེམས་ལ་འདུན་མེད་ཅིང་། །ཐར་ལམ་འདྲེན་པའི་ལྷ་སྤོང་བ། །དངོས་གྲུབ་འབྱུང་བའི་གེགས་གསུམ་པ། །སྙིང་པོའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་གཅོད་པ་གེགས་བཞི་པ། །གསང་སྔགས་གསང་བའི་ལྟ་སྤྱོད་རྣམས། །ཡོངས་ལ་སྦྱིན་པ་ལྔ་པའི་གེགས། །ཐར་ལམ་སྟོན་པ་འདུན་མེད་ཅིང་། །སེར་སྣས་བཅིང་བ་དྲུག་པའི་གེགས། །གཟུ་ལུམ་དབང་མེད་ལས་ལ་སྤྱོད། །དངོས་གྲུབ་འབྱུང་བའི་གེགས་བདུན་པ། །འདོད་པ་ཁོ་གྲང་ལྷུར་ལེན་ཅིང་། །གསང་བའི་དམ་ཚིག་སྤོང་བ་ནི། །འདི་ནི་བརྒྱད་པའི་གེགས་སུ་བསྟན། །ཉམས་པ་འདི་དག་སུས་སྤོང་བ། །དངོས་གྲུབ་དབང་གི་སྣོད་དུ་བཤད། །ཅེས་འདི་བརྒྱད་པོ་ལ་རྟག་ཏུ་བླང་དོར་བྱེད་ནུས་ན་སྔགས་ཀྱི་དམ་ཚིག་ཐམས་ཅད་མི་འདྲ་ཡང་དོན་ལ་གནད་ཐམས་ཅད་འདི་ལ་འདུས་པས་ཉམས་སུ་ལོན་ན་དབང་གི་སྲོག་ཟིན་དངོས་གྲུབ་ཀྱི་རྒྱུར་འགྱུར་བ་ལ་འདི་ལས་མང་མི་དགོས་ཤིང་ཉུང་ན་གནད་མི་འདུ་བའི་ཕྱིར། གསུམ་པ་ལྷ་དང་། བཞི་པ་སྙིང་པོ་ལམ་འཁྱེར་ནི་འདུས་མདོ་ནས་ངན་སོང་གནས་འདྲེན་གྱི་དབང་དང་འབྲེལ་བས། གསང་བའི་བདག་པོ་བསྒོམ་ཞིང་དེའི་སྙིང་པོ་བཟླ་བར་གསུངས་ཀྱང་། འདིར་ནི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པ་རྗེ་བཙུན་འཇམ་པའི་དབྱངས་སངས་རྒྱས་དང་བྱང་ཆུ བ་སེམས་དཔའི་སྤྲིན་གཏིབས་པ་ལྟ་བུའི་བསྐོར་བར་བསམ་ལ། མཚན་བརྗོད་ཀྱི་རྒྱུད་ཅི་ནུས་སུ་བརྗོད་པ་དང་། གནས་ལུགས་མ་རྟོགས་པའི་སེམས་ཅན་ལ་བྱམས་སྙིང་རྗེེ་ཡང་དང་ཡང་སྒོམ་ཞིང་། ཁྱད་པར་དུ་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོའི་རྣལ་འབྱོར་ལ་གོམས་པར་བྱ་སྙམ་པ་རྒྱུད་ལ་སྐྱེ་ངེས་པར་བྱ། འདི་ནི་ཐུན་དང་ཐུན་མཚམས་ཐམས་ཅད་ལ་སྦྱང་བར་བྱའོ། །འདི་རྒྱུད་ལ་གཅིག་སྐྱེ་ན་དེ་ནས་བཟུང་སྐྱེ་བ་གོང་འཕེལ་ནས་སངས་རྒྱས་ཀྱི་བར་དུ་འགྲོ་བ་ལ་འདི་གཅིག་པོས་ཆོག་པར་འདུག །དེ་ནས་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་འདེབས་དང་ལམ་དབང་ལེན་པ་རྣམས་ཐུན་ཐམས་ཅད་ཀྱི་མགོ་བཟུང་བར་བྱ་བ་ཡིན་ནོ། །ཉམས་ལེན་ཁྲིད་ཀྱི་དངོས་གཞི་ལ། སྒྱུ་འཕྲུལ་ལས། ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་པས། དང་པོས་ལྷ་མིའི་ཐེག་པས་རང་གི་འབྲས་བུས་མི་མཐུན་ཕྱོགས་ངན་སོང་གིས་འཇིགས་ཏེ་མཐོ་རིས་ཀྱི་བདེ་འབྲས་དོན་དུ་གཉེར་ནས་མངོན་མཐོའི་རྟེན་སྒྲུབ་པ་སྐྱེས་བུ་ཆུང་ངུའི་ལམ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི་འཁོར་བས་འཇིགས་ནས་རང་དོན་དུ་ཞི ་བདེའི་འབྲས་བུས་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བ་སྐྱེས་བུ་འབྲིང་གི་ལམ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ནི་སྲིད་ཞི་གཉིས་ཀའི་མཐའ་ལ་འཇིགས་ནས་མི་གནས་པའི་མྱང་འདས་དོན་དུ་གཉེར་བ་སྐྱེས་བུ་ཆེན་པོའི་ལམ་སྟེ་བཞི་པོ་རྣམས་ཀྱིས་ངེས་པར་འབྱུང་བའི་མཐར་ཐོག་པ་གཅིག་པུ་སྔགས་ཀྱི་ཐེག་པ་ལ་རིམ་གྱིས་འཁྲིད་པར་བྱེད་པའི་ལུགས་ཀྱིས། དང་པོ་སྐྱེས་བུ་ུཆུང་ངའི་ལམ་གྱིས། སྤྱིར་ངོ་ཚ་ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ་ལུས་ངག་གི་བྱ་བ་ཡ་རབས་ཀྱི་ཚུལ་དང་མཐུན་པའི་སྤྱོད་པ་གསུམ་ལ་བསླབ་དགོས་ཏེ། དམ་པའི་རྒྱན་ལས། བཀུར་བར་འོས་པ་ལེགས་འཁུར་ཞིང་། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མདོ་སྤྱོད་ཡིན། །ཅེས་གསུང་པ་ལྟར་རོ། །ཁྱད་པར་མི་ཆོས་གཙང་མ་བཅུ་དྲུག་ལ་བསླབ་སྟེ་འབྱེད་པ་ལེའུ་ཆུང་ལས། དཀོན་མཆོག་གསུམ་ལ་དད་པ་སྐྱོ་ངལ་མེད་པར་བྱ་བ་དང་།༡ དམ་པའི་ཆོས་བཙལ་བ་དང་།༢ གཙུག་ལག་བཟང་པོ་ལ་མཁས་པར་སློབ་པ་དང།༣ ཅི་ལའང་དྲན་ཅིང་ཚོད་ཟིན་པར་བྱ་བ་དང་།༤ མ་བཅོལ་བའི་ལས་ལ་གཏོགས་འདོད་མི་བྱེད་པ་དང་།༥ མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སུ་བསྙོགས་པ་དང་།༦ དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བླན་པ་དང་།༧ ཕུ་ནུ་དང་ཕ་ཚན་ནང་དུ་ཤོང་ཡངས་ཆེ་བ་དང་།༨ རིམ་པས་རྒན་པ་ལ་བཀུར་བསྟི་བྱ་བ་དང་།༩ ཁྱིམ་ཚེས་ལ་བྱས་པ་དང་།༡༠ གཉེན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱིས་ཕན་འདོད་པ་དང་།༡༡ སྲིད་ཀྱིས་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་།༡༢ རིག་བྱེད་བཟོ་ལ་མཁས་པས་གཟན་ལ་ཕན་པ་དང་།༡༣ ལྟོས་པའི་མི་དྲིན་གྱིས་སྐྱབས་འོག་ཏུ་གཞུགས་པ་དང་།༡༤ ངན་བྱེད་ཀྱི་གྲོས་གཞི་བཀག་ནས་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདེང་བ་དང་།༡༥ ལས་མཐའ་ཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ།༡༦ །ཞེས་གསུང་པ་རྣམས་རང་གི་རྒྱུད་ལ་ལྡན་པར་བྱའོ། །དེ་དགེ་གནད་ལས་རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་བསྐྱེད་ནས་མི་དགེ་བ་སྤངས་དགེ་བ་ཆ་ཕྲ་མོ་ཆ་ནས་འབད་པར་བྱའོ། །གཉིས་པ་སྐྱེས་བུ་འབྲིང་གི་ལམ་ལ་གཉིས་ཀྱིས་ཉན་ཐོས་ལ་གདམས་གང་ངང་སྒོམ་གྱིས་ཐོག་མར་ཞི་གནས་ནི། ཚེ་འདི་དང་འཁོར་བ་ལ་ཡིད་འབྱུང་བའི་སྐྱོ་ཤས་ཀྱིས་འདུ་འཛི་དང་མི་དགེ་བའི་སེམས་སྤངས་ཏེ་བསྒོམ་བྱའི་ངོ་བོ་ནི། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་བསྒོམ། དེ་ལ་ཤེས་པ་གཏད་དེ་བཞག་པས་ཐིག་ལེ་དེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་ཀེང་རུས་སུ་སྐྱ་ཁྲོལ་གྱིས་སོང་བར་བསམ་སྟེ་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དེ་ལས་ཡང་སྡུད་པའི་སྦྱོར་བས་རང་ལུས་ཙམ་ཀེང་རུས་སུ་དམིགས་ནས་བསྒོམ་སྟེ། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པ་ལས་དང་པོ། །ཞེས་སོ། །དེ་ལྟར་མི་སྡུག་བའི་ཏིང་ངེ་འཛིན་གྱིས་ཆགས་སྡང་འགགས་ནས་སེམས་ལས་སུ་རུང་བ་དང་། དེ་ནས་ལྷག་མཐོང་བསྒོམ་པ་ནི། འདིར་གོང་མའི་ལམ་སྟེགས་སུ་གང་ཟག་གི་བདག་མེད་བསྒོམ་པ་ནི། དེ་ནས་རང་ལུས་ཉེར་ལེན་གྱིས་ཕུང་པོ་ལྔ་པོ་འདི་ལ་བདག་ཏུ་སྒྲོ་བཏགས་ནས་ངར་འཛིན་འཇུག་པས། དེ་སུན་དབྱུང་བའི་དོན་དུ་འདི་ལྟར་སྐད་ཅིག་བརྟགས་དགོས་ཏེ། ངའོ་ཞེས་རྣམ་པར་བཏགས་པའི་ཡུལ་ལ་དམིགས་ནས་བཏགས་ན་ང་ཞེས་བྱ་བ་གྲུབ་མོད་དེ། ལུས་རྣམས་རྡུལ་ཕྲན་གྱིས་བར་དུ་བཤིག་ཅིང་། སེམས་ཀྱང་དུས་གསུམ་དུ་གཞིག་པ་ན་ལུས་སེམས་གཉིས་ཀྱང་དོན་དམ་པར་མ་གྲུབ་པས་དེ་གཉིས་ཀྱང་ང་མ་ཡིན། དེ་གཉིས་ཀྱི་ཚོགས་པའང་མ་གྲུབ་པས་ང་མ་ཡིན། དེ་གཉིས་ལས་ལོག་ནའང་མེད་པའི་ཕྱིར་རོ། །གང་ཟག་མེད་པར་ངེས་པ་ན་དེའི་ངང་ལ་མཉམ་པར་བཞག་པར་བྱའོ། །དེའི་དགོས་པ་ནི། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་དང་བདག་གིར་འཛིན་པ་ཡིན་པས། དེ་མེད་པར་ཤེས་ནས་རྟོགས་ན། དེ་ལ་བརྟེན་པའི་ཉོན་མོངས་པ་དང་། ལས་ཐམས་ཅད་ཟད་ནས་འཁོར་བར་སྐྱེ་བ་ལྡོག་པའོ། །དབུ་མ་ལས། ལས་དང་ཉོན་མོངས་ཟད་ལས་ཐར། །ཞེས་སོ། །གཉིས་པ་རང་རྒྱལ་གྱི་གདམས་ངག་ནི། རང་གི་སྤྱི་བོར་ཐིག་ལེ་དམར་པོ་དང་། དེ་ལས་གྲུ་ནང་ཙམ་གྱི་མཐོ་བར་ཐིག་ལེ་དཀར་པོ་ཞིག་བསམ་སྟེ། གཉིས་ཀ་ཆེ་ཆུང་སྲན་མ་ཙམ་དུ་བསམ། གསལ་ཐེབ་པ་དང་ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས་དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །ཡང་ཐིག་ལེ་དཀར་ལ་ཤེས་པ་གཏད་པས་ཇེ་ཆེར་སོང་ནས་སྣང་བ་ཐམས་ཅད་དཀར་ལམ་གྱི་སོང་བར་བསམ་སྟེ་མཉམ་པར་བཞག །ཐིག་ལེ་གཉིས་པོ་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཆོས་སུ་ཤེས་པར་བྱ། དེ་ནས་ཐིག་ལེ་དཀར་དམར་གཉིས་པོ་འདྲེས་པ་རང་གི་སྤྱི་བོ་ནས་བབས་ཏེ་སྙིང་ཁར་ཐིམ་པའི་ངང་ལ་མ་བཅོས་པར་བཞག་གོ། །དེས་སེམས་ལ་གནས་ཆ་རྙེད་པ་ན་གང་ཟག་གི་བདག་མེད་དེའི་སྟེང་དུ། འདིར་ནི་དོན་དུ་སྣང་བ་རྡུལ་ཕྲན་དུ་བསིལ་བས། དེ་ཡང་རྣམ་པར་བཤིག་པས་གཟུང་བ་ཡུལ་གྱི་ཆོས་རང་བཞིན་གྱིས་མ་གྲུབ་པའི་ངེས་པ་རྙེད་པ་ལ་མཉམ་བར་བཞག་གོ། །གསུམ་པ་སྐྱེས་བུ་ཆེན་པོའི་ངང་སྒོམ་ནི། བསམ་གཏན་གྱི་འདུག་སྟངས་ཆོས་བདུན་དང་ལྡན་པའི་ངང་ནས། རང་གི་སྙིང་ནང་དུ་ཐིག་ལེ་ཅོག་སྒོང་ཙམ་པ་འོད་ཀྱི་རྣམ་པ་ཁ་དོག་ཅིར་ཡང་འཆར་བ་ཞིག་བསྒོམ་ནས། དེ་ཡང་ཐིག་ལེ་སྟོང་པ་སྐྱེ་བ་མེད་ཅེས་པས། ཐིག་ལེ་དེ་ལ་བརྟགས་པ་ན་ཁ་དོག་གི་རྣམ་པ་མ་འགགས་པ་ཅིར་ཡང་སྣང་ལ། ཁ་དོག་དེ་དག་ལ་བརྟགས་པས་གང་དུའང་མ་གྲུབ་པའི་ངང་ལ་རྩེ་གཅིག་ཏུ་འཇོག་གོ། །དེ་ལྟར་དཔྱད་ཅིང་བསྒོམས་པས་བློ་གནས་པ་ན། དཔེ་དེ་དང་འདྲ་བར་བསྒོམ་བྱ་སྒོམ་བྱེད་སྒོམ་པ་ལ་སོགས་པའི་བྱ་བྱེད་ཀྱིས་མཚོན། ཕྱི་ནང་གི་སྣང་བའི་དངོས་པོ་འདི་དག་རྟེན་འབྲེལ་ཙམ་དུ་མ་འགགས་པར་ཤར་ཡང་སྣང་ཙམ་ཉིད་ནས་དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པ་རྨི་ལམ་གྱི་སྣང་བ་ལྟ་བུ། དེ་མྱོང་མཁན་གྱི་རང་སེམས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་ཤིང་བཙལ་བ་ན་དབྱིབས་ཁ་དོག་ངོ་བོ་ངོས་བཟུང་ཅིའི་ངོ་བོར་མ་གྲུབ་པས་འཛིན་མེད་སྟོང་པར་ཐག་བཅད་ནས། ཡུལ་དངོས་མེད་སྟོང་གཟུགས་དང་། ཡུལ་ཅན་འཛིན་པའི་སེམས་ཡང་རང་བཞིན་མེད་པར་གཏད་མེད་དུ་སངས་རྒྱས་ཏེ། གཟུང་འཛིན་གང་དུའང་མ་གྲུབ་པའི་སྟོང་གསལ་ལྟ་བུའི་རེག་པ་སྨྲ་བསམ་བརྗོད་མེད་བློ་བྲལ་དུ་འཆར་ན་དེ་ཀའི་ངང་དུ་བསལ་བཞག་མེད་པར་མཉམ་པར་བཞག་པས་བདག་མེད་གཉིས་ཀྱི་དོན་རྟོགས་པར་འགྱུར་ལ། དེ་ལྟར་མཉམ་བཞག་ཏུ་བདག་མེད་གཉིས་རྟོགས་པ་དེའི་རྗེས་ཐོབ་ཏུ་དྲན་ཤེས་ཀྱིས་བསྐྱངས་ཏེ་སྣང་བ་གང་ཤར་ཡང་མེད་པ་གསལ་སྣང་སྒྱུ་མ་ཙམ་ལྟར་ཐག་བཅད་ནས། སྣང་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་ཅི་འབྱོངས་སུ་སྦྱང་བའོ། །ལྔ་པ་འབྲས་བུ་སྔགས་ཀྱི་ཐེག་པ་ལ་ནང་གསེས་སུ་ཕྱི་ནང་གཉིས་ལས། ཕྱི་རྒྱུད་ལ་གསུམ་དུ་བཤད་ན། འདིར་ནི་ཤིང་རྟ་ཆེན་པོ་སློབ་དཔོན་བདེ་བ་གསལ་མཛད་དང་། སངས་རྒྱས་གསང་བ་གཉིས་ཀའི་བཞེད་པར་ཕྱི་རྒྱུད་ལ་ཀྲི་ཡོ་གཉིས་སུ་མཛད་པ་ལྟར་གྱིས། ཀྲི་ཡའི་ངང་སྒོམ་ནི། འདིར་རྒྱུ་མཚན་ཉིད་ཐེག་པ་ལྟར་ཀུན་རྫོབ་སྣང་ཚོད་དུ་བདེན་པར་མི་འཇོག་པར་བཏགས་ཡོད་ཙམ་དུ་སྣང་བ་དེ་ལྷར་བསྒྱུར་ནས་ཉམས་སུ་ལེན་པ་སྟེ། བློ་ཆུང་ན་རང་རྣམ་སྨིན་གྱི་ལུས་འདི་དངས་གསལ་སྒྲིབ་ཐོགས་མེད་པར་འཇའ་ཚོན་ལྟ་བུ་བསམ་པ་དང་། བོ་ཆེ་ན་དེ་ཉིད་རིགས་གསུམ་གང་རུང་གི་ལྷར་བསྒོམ་ནས། དེའི་སྤྱི་བོ་ནས་མར་ཐིག་ལེ་དཀར་མ་མཐིང་གསུམ་བརྩེག་མར་བསམ་ལ་མཉམ་པ ར་བཞག །དེ་ལ་སེམས་བརྟན་པ་ན་ཐིག་ལེ་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྡིག་སྒྲིབ་སྦྱངས། དེ་བཞིན་གཤེགས་པ་རྣམས་ལ་སྐུ་མཉེས་པའི་མཆོད་པ་འབུལ། འོད་དེ་ཚུར་འདུས་ནས་རང་གི་སྤྱི་བོར་ཐིམ་པས། སྤྱི་བོར་འཇམ་དབྱངས་དམར་སེར་གསེར་བཙོ་མའི་མདངས་ཅན་རལ་གྲི་དང་ཨུཏྤལ་གླེགས་བམ་གྱིས་མཚན་པ་ཞིག་བསྒོམ། ཡང་ཐིག་ལེ་དམར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་ངག་སྒྲིབ་སྦྱངས། འཕགས་པའི་གསུང་མཆོད་ཚུར་འདུས། རང་གི་མགྲིན་པར་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་པའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ་ཞིག་བསྒམ། ཡང་ཐིག་ལེ་མཐིང་ནག་ལས་འོད་འཕྲོས། སེམས་ཅན་ཀྱི་ཡིད་སྒྲིབ་སྦྱངས། འཕགས་པ་རྣམས་ཀྱི་ཐུགས་མཆོད ། ཚུར་འདུས་རང་གི་སྙིང་ཀར་ཕྱག་རྡོར་སྔོན་པོ་རྡོ་རྗེ་དང་སྡིག་མཛུབ་ཅན་ཁྲོས་པའི་ཉམས་དང་སྡན་པར་བསྒོམ། དེ་ལྟར་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་རྒྱས་བཏབ་ནས་མཉམ་པར་འཇོག་པ་མཚན་བཅས་དང་། དེ་ནས་མཚན་མེད་ནི་ལྷ་སྣང་དེ་ཡང་མི་དམིགས་པར་སྦྱངས་ནས་སེམས་ཉིད་དག་པ་སྟོང་གསལ་གྱི་ཡེ་ཤེས་མཐའ་བཞི་བྲལ་བའི་ངང་ལ་མཉམ་པར་གང་བརྐྱང་བར་བྱའོ། །ལ་ཤན་ལས་སྣང་སྟོང་རིམ་གྱིས་བརྟན་པར་བྱེད་ཅེས་སོ། །བདེན་གཉིས་རེས་འཇོག་ཏུ་ཉམས་སུ་ལེན་པ་ཡིན་ནོ། །གཉིས་པ་ཡོ་ག་ནི་རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་རྣམ་སྣང་གི་སྐུར་བསྒོམ། དེ་གསལ་བ་དང་རང་གི་སྙིང་ནང་དུ་དྭང་བ་མི་ཤིག་པ་ལྔ་གདོད་ནས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པ་ཉིད་རྣམ་པ་ཐིག་ལེ་སྲན་མ་ཙམ་པ་འོད་ལྔའི་གོང་བུ་ཅན་ཞིག་གསལ་བཏབ་སྟེ། ཐེབས་པ་ན་རང་གི་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་རྩམ་ཞིག་བསྒོམ་དེ་མར་བབས་སྙིང་གི་ཐིག་ལེ་སྔ་མ་དེ་དང་ཕྲུག་གིས་འདྲེས་ཏེ་གཉིས་སུ་མེད་པའི་ངང་ལ་བསལ་བཞག་མེད་པར་བཞག་པས། ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་གསལ་ལ་གྱིས་ཤེས་པ་ལྷག་གེར་འཆར་ཏེ། དོན་ལ་མཚན་མ་མེད་པའི་ངོ་བོ་ཉིད་དོ། །དེའི་བྱིན་རླབས་ཀྱིས་གང་ཤར་གྱིས་སྣང་བ་ཐམས་ཅད་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་ལྟར་ལམ་དུ་ཁྱེར་བས་ལྷའི་རྣམ་པར་སྣང་བ་ནི་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་སྟེ། དེ་ལྟར་གཉིས་སུ་མེད་པའི་ངང་ལ་བློ་མ་བཅོས་པར་གནས་པ་ནི། དབང་དང་བྱིན་བརླབས་ཆགས་པའི་རྟེན་ཡིན་པར་འདི་ལྟར་སྟན་ཐོག་གཅིག་ཏུ་ཐེག་པ་རིམ་པ་ཐམས་ཅད་ཉམས་སུ་ལེན་ཚུལ་ནི་སོ་སོ་རང་རང་གི་གཞུང་ནས་བྱུང་བ་མ་ཡིན་པར། ཨ་ནུ་ཡོ་ག་རང་གི་ནང་གསེས་ལས་བྱེ་བའི་ཉམས་ལེན་ཡིན་པས་ཡིད་ཆེས་པའི་གནས་ལུགས་སོ། །དྲུག་པ་ནང་རྒྱུད་གསུམ་པོ་འདོམས་ཏེ་འཆད་ན། དང་པོ་དག་མཉམ་བདེན་པ་དབྱེར་མེད་དུ་ལུང་གསུམ་གྱི་ངེས་པ་ནི། དང་པོ་སྣང་བ་སེམས་ཀྱི་ལུང་འདི་ལོག་རྟོག་མ་དག་པའི་གཟུང་འཛིན་གྱི་རྟོག་པ་དངོས་པོ་བདེན་པར་གྲུབ་པར་འཛིན་པའི་ཞེན་པ་ཅན་གྱི་ངོར། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། རྒྱུ་སེམས་ཀྱི་ལུང་གིས་རིགས་གཅིག་པ་ཡིན་ཏེ། སེམས་ཀྱི་གདངས་སམ་རོལ་པ་ཡིན་པའི་ཕྱིར། དཔེར་ན་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྣང་བ་བཞིན། ཞེས་པ་འདི་ལ་ཁྱབ་པ་ཚད་ལས་འགྲུབ་ལ། གཏན་ཚིགས་སྒྲུབ་ན་ནང་པ་རྣམས་ཀྱིས་ཕྱི་རོལ་པ་བཞིན་དུ་མི་འདོད་པས། སྣང་བ་སེམས་མ་དག་པ་ལས་འབྱུང་བར་འདོད་དགོས་ལ་སེམས་དེ་ལ་ཕྲ་རགས་ཡོད་པར་ནི་འདོད་དགོས་ལ། དེ་ཡང་སེམས་མེད་པའི་གནས་སྐབས་ན་ཡང་། སེམས་ཡུལ་དང་འཛིན་པ་མེད་པའི་ཕྲ་བ་ཞིག་འདོད་དགོས་ཏེ། རྣམ་ཤེས་མིན་པའི་རྣམ་ཤེས་ཀྱིས། །ཉེར་ལེན་མེད་པའི་ཕྱིར་ཡང་གྲུབ། །གསུངས་པ་བཞིན་ནོ། །དེས་ན་ཡུལ་འཛིན་བྱེད་དུ་སྐྱེས་པའི་ཤེས་པ་མ་དག་པ་ཡིན་ལ། དེ་དང་བྲལ་བ་ནི་དག་པར་འདོད་དགོས་པའི་རྒྱུ་མཚན་གསུམ་གྱིས་ཡུལ་ཅན་དག་པ་ཞིག་ཡོད་པར་གྲུབ་ལ། དེ་གྲུབ་ན་དེའི་ཡུལ་སྟོང་ཉིད་སྐྱེ་བ་མེད་པའང་གྲུབ་པས། མཐུན་དཔེ་ཡང་སྤྱིར་བུམ་པ་བྱས་པ་དང་མི་རྟག་པར་གྲུབ་ན། སྒྲ་ཡང་དེ་དང་མཚུངས་པར་གྲུབ་པ་བཞིན་ནོ། །འོག་མིན་གྱི་ལོངས་སྤྱོད་སོགས་ཡེ་ཤེས་སེམས་དཔའི་གདངས་དང་རོལ་པ་ཡིན་པས་མཐུན་དཔེ་གྲུབ་བོ། །གཉིས་པ་སྲིད་པ་ཡེ་ཤེས་ཀྱི་ལུང་ནི། ལོག་རྟོག་དེ་ལྟར་རྒྱུའམ་སེམས་སུ་གཅིག་ན་སྣ་ཚོགས་སུ་སྣང་མི་རིགས་སོ་སྙམ་ན། དེ་ལ་འདི་ལྟར་དག་མ་དག་གི་སྣང་བ་ཆོས་ཅན། སྣ་ཚོགས་སུ་འཆར་རུང་སྟེ་ཅིར་ཡང་སྲིད་པ་ཡེ་ཤེས་ཀྱི་ལུང་དེའི་ཕྱིར། དཔེར་ན་སྐྱུ་རུ་རའི་སུ་བོན་བཞིན་ནོ། །འོ་ན་སྲིད་པ་དག་པ་དང་མ་དག་པའི་སྣང་བ་དེ་གང་ལས་འབྱུང་ན། དེས་རང་ངོ་ཤེས་པ་དང་། རང་རྩལ་ཤེས་པས་མྱ་ངན་འདས་པའི་སྣང་བ་འབྱུང་བ་དང་། དེ་མ་ཤེས་པས་འཁོར་བའི་སྣང་བ་འབྱུང་བའོ། །འདི་གཉིས་ཀྱིས་ལམ་གྱི་གཞི་དབྱིངས་དང་ཡེ་ཤེས་ཀྱི་ལུང་གིས་ལྟ་བ་བསྟན་ནས། གསུམ་པ་དེ་ལ་དོགས་པ་གཅོད་པ་ཡིན་ཏེ། རྣམ་འགྲེལ་ལས། ཡུལ་སྟོང་ཉིད་དེ་རྟོགས་ནས་གོམས་ན་བདེན་འཛིན་བཟློག་ནུས་ལ། ནུས་ནའང་ཕྱིར་མི་ལྡོག་གམ་སྙམ་པའི་དོགས་པ་བཀོད་པ་བཞིན། འདིར་ཡང་དབྱིངས་དང་ཡེ་ཤེས་ཀྱི་རོལ་པ་དེ་ལྟར་གོམས་ན་འདི་ལྟར་མ་དག་པའི་སྣང་ཞེན་འདི་བཟློག་ནུས་སམ། ནུས་ཀྱང་ཕྱིར་མི་ལྡོག་གམ་སྙམ་པའི་ངོར། གསུམ་པ་རོལ་པ་འབྱུང་བའི་ལུང་གིས་ཡེ་ཤེས་ཀྱི་རོལ་པ་ཆོས་ཅན། ཡེ་ཇི་བཞིན་པའི་དཀྱིལ་འཁོར་ད་ལྟ་སྒོམ་ཆིག་ཆོད་དུ་འཇུན་པ་ཡིན་ཏེ། ཁྱོད་ཇི་ལྟར་རྟོགས་དགོས་ན་ཇི་ལྟར་འབྱུང་བའི་ཕྱིར། དཔེར་ན་ཆབ་རོམ་ཆུར་ཞུ་བའི་ནུས་པའམ་བྱིན་རླབས་ཡོད་པའི་ཕྱིར། དེ་ལྟར་གཏན་ཚིགས་དེ་རྣམས་ཚད་མ་གང་གིས་རྟོགས་དགོས་རྟོགས་མི་ནུས་སོ་སྙམ་པའི་ངོར་ཡང་ཡེ་ཤེས་ཀྱི་རོལ་པ་དེ་ཆོས་ཅན། དེ་ལྟར་རྟོགས་དགོས་ཏེ། འཕགས་པའི་མངོན་སུམ་ཡིན་པའི་ཕྱིར། དཔེར་ན་ཆོས་དབྱིངས་མངོན་སུམ་རྟོགས་པ་བཞིན། དེས་ན་མངོན་སུམ་བཞི་ལས་འཕགས་པའི་མངོན་སུམ་འདི་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་བློ་ཡིན་པའི་ཕྱིར་དང་། དེ་དང་ལྡན་པའི་གང་ཟག་དེ་ཉིས་ཟད་ཡིན་པའི་ཕྱིར་ན་རྗེས་དཔག་ལོང་བ་བརྒྱུད་པ་ལྟ་བུའི་ངོར་གཞན་འཕགས་པའི་མངོན་སུམ་རྟགས་སུ་འགོད་པ་ཡིན་ནོ། །དེ་ལྟར་ལུང་གསུམ་གྱིས་སྒོ་ནས་དག་མཉམ་བདེན་པ་དབྱེར་མེད་དུ་ངེས་པ་སྔོན་དུ་སོང་བའི་ཏིང་ངེ་འཛིན་གྱིས་སྣང་སྲིད་ཐམས་ཅད་སྟོང་པ་དབྱིངས་ཐབས་ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་རྣམ་པ་ཁ་དོག་དམར་གསལ་དུ་ཤར་བའི་ཆོས་འབྱུང་བསྣོལ་མ་སུམ་ཅུ་རྩ་གསུམ་དང་མཐོ་ཁྱད་མཉམ་པའི་དབུས་སུ་སྣང་བའི་ཆ་ཡབ་ཀུན་ཏུ་བཟང་པོ་མཚོན་པ་ཉི་ཟླ་དང་བམ་རོ་དམར་སེར་མགོ་བོ་གཡོན་ཕྱོགས་སུ་བསྟན་པའི་སྟེང་དུ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྲས་བདེ་བ་ཆེན་པོ་རྩལ་ཆེན་རྫོགས་པའི་སུ་མངོན་དུ་བྱས་པ་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡི་དམ་འཇམ་དཔལ་ཁྲོས་པ་དང་གཉིས་སུ་མེད་པ་གཞུང་གི་ཚིག་གིས་གསལ་བཏབ་སྟེ། བསྐྱེད་རིམ་གྱི་གཙོ་བོ་ལྷ་བསྒོམ་པ་ཡིན་ཅིང་ཡན་ལག་ཏུ་བསྙེན་པ་བྱེད་པར་སྤྲོ་ན་དུས་གྲངས་མཚན་མའི་བསྙེན་པ་གཞུང་བཞིན་བྱས་པས་འཐུས། འདིར་ནི་ལྷ་བསྒོམ་པ་གཙོ་བོར་སྟོན་པས། དེ་ལ་གཉིས་ལྷའི་རྣམ་པ་སྤྱི་ལ་སེམས་འཛིན་པ་དང་། བྱེ་བྲག་ལ་སེམས་འཛིན་པའོ། །དང་པོ་ནི། ཐོག་མ་ནས་དཀྱིལ་འཁོར་ཡོངས་རྫོགས་རེ་སྒོམ་མདོག་བྱས་ཀྱང་གསལ་སྣང་འགྲུབ་དཀའ་བས། འདིར་ནི་བླ་མ་གཙོ་རྐྱང་ཞིག་བསྒོམ་སྟེ། དེ་ལ་གསལ་སྣང་ཐོན་ནས་རིམ་གྱིས་འཇམ་དཔལ་ཞི་དྲག་གི་དཀྱིལ་འཁོར་ཡོངས་རྫོགས་སྒོོམ་པ་ལ་བསླབ་བོ ། །དེ་ཡང་རང་གི་མདུན་དུ་གསལ་ཆ་ཡོད་པར་ཞལ་བསྟན་པའི་བླ་མ་དང་ཡི་དམ་གང་རུང་གི་ཐང་སྐུ་མཚན་ཉིད་ཚང་བ་མཛེས་ཤིང་སྐྱོན་དང་བྲལ་བ་ཞིག་བཀྲམ། གཏེར་ཆེན་ཡབ་སྲས་ཕྱག་བཞེས་ལ་ཁྲིད་ཐང་ཞེས་པ་ཡུལ་བཀོད་དང་། ལྷ་མགྲོན་སོགས་མང་པོ་མེད་པའི་སྐུ་གཙོར་འདོན་བྱས་པ་ཞིག་མཛད་སྲོལ་འདུག་པས་དེ་ལྟར་འཛོམས་ན་སྔ་འགྱུར་བའི་ཕྱག་བཞེས་ལགས་པས་ལེགས་ཆ་ཆེ། དེའི་མདུན་དུ་མཆོད་ནས་ཞིག་བཤམས། ཐག་ཉེ་བར་རང་གི་སྟན་བཏིང་རབ་ལུས་གནད་དང་ལྡན་པས་འཁོད་དེ། སྔོན་འགྲོ་རྒྱས་བསྡུས་ཇི་རིགས་བྱས་པས་ཆོག་མོད། མདོར་ན་ངེས་འབྱུང་དང་བྱང་སེམས་བསྐྱེད་དེ། རང་གི་སྤྱིར་བོར་བླ་མ་གས ལ་བཏབ་སྟེ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ཏེ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དྲག་པོས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཡང་དག་པ་རྒྱུད་ལ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དེས་དྲག་ལ་ཡུན་རིང་དུ་བཏབ་རྗེས་བླ་མ་དགྱེས་པ་ཆེན་པོ་འོད་དམར་པོར་ཞུ་སྟེ་རང་གི་སྤྱི་གཙུག་ནས་ཐིམ་པར་མོས་ལ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པར་བསམ་ལ་སེམས་ལྷོད་ཀྱིས་གློད་དེ་དར་གཅིག་བཞག །དེ་ནས་ཐོག་མར་ཐང་ཀ་ལ་མིག་ཅེར་གྱིས་བལྟས་ཏེ་སྐུའི་རྣམ་པ་ངེས་པར་བྱ་ལ་སེམས་བསྒྲིམ་སྟེ་ཅུང་ཞིག་བཞག །ཡང་མིག་བཙུམ་ལ་དེའི་ཐད་ཀར་དེ་དང་འདྲ་བ་ཞིག་ཨེ་གསལ་བལྟ། མི་གསལ་ན་ཡང་མིག་ཕྱེ་ལ་སྔོན་བཞིན་རྒྱུན་ཅི་རིགས་པར་སེམས་མ་ཡེང་བར་བལྟ། ཡང་མིག་བཙུམ་ལ་སྔར་བཞིན་བསྒོམ། དེ་ལྟར་རེས་མོས་ཀྱིས་བསྒོམ་ནས་མཐར་མིག་བཙུམ་དུས་མདུན་གྱི་ཐང་ཀའི་སྐུ་དེ་འདྲ་བ་ལམ་ལམ་གསལ་བ་བྱུང་ན་དེ་རང་གི་ལུས་ལ་སྤོས་ཏེ་བསྒོམ། དེ་ཡང་ཐོག་མར་རང་གི་ལུས་ལ་ལྷའི་རྣམ་པ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གདན་དང་བཅས་ཝལ་གྱིས་གསལ་བཏབ། །དེ་ཡང་རྫོགས་པར་གསལ་ནུས་ན་དེ་ག་ལ་སེམས་བཟུང་། དེ་ཙམ་མི་གསལ་ན་ཐོག་མར་ཡོངས་རྫོགས་གསལ་འདེབས་ཐང་གིས་བྱས་ནས། དེ་ནས་སྐུ་མདོག་དཀར་དམར་ལ་སོགས་པའི་བྱེ་བྲག་ཞལ་ཕྱག་ཕྱག་མཚན་ཉམས་འགྱུར་བཞུགས་སྟངས་གདན་འོད་ཟེར་བྱེ་བ་ཕྲག་དྲུག་དྲུག་འཕྲོ་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་ཞིག་ལམ་གྱིས་གསལ་བཏབ། དེ་ལ་ཡུད་ཙམ་ཞིག་བསྒོམ་སྟེ་འཕྲོ་བཅད། ཡང་ཞི་བ་དམར་པོ་གསལ་འདེབས་ཐང་གཅིག་བྱས་ཏེ་སྔར་བཞིན་སེམས་བཟུང་། མི་གསལ་ན་སྔར་བཞིན་བྲིས་སྐུ་ལ་བལྟ་བ་སོགས་སྤེལ་ནས་བསྒོམ། ཉིན་མོ་ཐུན་གཉིས་ལ་ཡང་ཡང་བསྒོམ། ཐུན་རེ་ལ་གྲངས་འདི་ཙམ་ངེས་པ་མེད། མཚན་མོ་ལྷ་སྐུ་ལ་རྣམ་པ་གསལ་རུང་མི་གསལ་རུང་། རེས་སེམས་བསྒྲིམ་སྟེ་གསལ་འདེབས་པ་དང་འཕྲོ་བཅད་ཀྱིན་བསྒོམ། རེས་རང་ལྷ་ཡིན་པའི་ང་རྒྱལ་དང་། ལྷའི་རྣམ་པ་ཡོད་ཚུལ་ཙམ་ལ་ཤེས་པ་ངལ་གསོ་གྱིན་གློད་ཀྱིན་སྒོམ་མོ། །གཉིས་པ་བྱེ་བྲག་པ་སེམས་འཛིན་ན། རྒྱན་མེད་དང་རྒྱན་ཅན་ལ་སེམས་འཛིན་པ་གཉིས་ལས། དང་པོ་ནི། དེ་ལྟ་བུའི་ལྷ་སྐུའི་གསལ་སྣང་སྤྱི་ཙམ་བའི་འཛིན་སྟངས་མ་ཤོར་བའི་ངང་ནས། བྱེ་བྲག་ཏུ་ཞི་བའི་རིགས་ལ་གཙུག་ཏོར་དང་སྨིན་མཚམས་གཉིས་གང་རུང་ནས་དང་པོ་སེམས་འཛིན། ཁྲོ་བོའི་རིགས་ལ་སྤྱན་དབུས་མ་ནས་ཐོག་མར་སེམས་བཟུང་། དེ་ཡང་དབུས་གནག་པ། མཐའ་སྐྱ་བ། སྤྱན་རྩ་དམར་ཤིག་གེ་བ། སྤྱན་གཡོན་པ་གྱེན་ལ་བསླང་བ་ལྟ་བུ་སྨིན་མ་དང་བཅས་པ་ཞིག་ཡིད་ཀྱིས་ཡང་ཡང་བསྒོམ། གསལ་ཐོབ་པ་ན་དེར་རིག་པ་མདུང་ཚུགས་སུ་གཏོད་པ་ནི་བསྒོམ་པས་གསལ་འདེབས་པ་ཞེས་བྱའོ། །དེས་གསལ་མ་ཐོབ་ན་ངག་ཏུ་བརྗོད་ལ་གསལ་འདེབས། དེས་ཀྱང་མི་གསལ་ན་སྤྱན་དབུས་མ་ཞིག་མཚོན་རྫོགས་ལེགས་པར་བྲིས་ཉེ་རིང་འཚམས་པར་བཞག་ལ་མིག་ཟིམ་བུས་བལྟ། གསལ་སྣང་ཤར་ན་མིག་བཙུམ་སྟེ་དེ་ལྟ་བུ་རང་གི་སྨིན་མའི་དབུས་སུ་ཡོད་པར་སྒོམ། དེ་ལྟར་རེས་མོས་རེས་སེམས་བསྒྲིམ་རེས་ལྷོད་འཛིན་སྟངས་ཀྱིས་ངར་མ་ཤོར་བར་བསྒོམ་དགོས། རྣམ་རྟོག་འཚུབས་ནས་མི་གསལ་ན་ཅུང་ཟད་གློད་ལ་ཁོང་ནས་བསྒྲིམ་སྟེ་རྣམ་རྟོག་འཕྲོ་བཅད་ནས་དེ་མ་ཐག་དམིགས་རྟེན་ལ་གཏོད། དམིགས་རྟེན་བརྗེད་ནས་འགོ་འགྱུ་དང་བརྗེད་འབྱམས་ལ་སོང་ན་སྐྱོན་ཆེ་བས་སླར་དེ་འདྲ་མི་འབྱུང་བའི་ཞེ་བཅད་དྲག་པོ་བྱ། དེ་ལྟར་སྤྱན་དབུས་མ་ལ་གསལ་སྣང་ལེགས་པོ་ཐོན་ན་དེ་ནས་རིམ་གྱིས་སྤྱན་གཡས། གཡོན་ཤངས་ཞལ་ཚེམས་ལྗགས་སྙན་མགུལ་སྐུ་སྟོད་སྐུ་སྐེད་སྐུ་སྨད་ཞབས་གདན་ཁྲི་འོད་ཟེར་མེ་རིའི་བར་དུ་ཆ་ཤས་རེ་རེ་ནས་སེམས་བཟུང་། དངོས་སུ་ལག་པས་རེག་རྒྱུའམ། མིག་ཤེས་ཀྱིས་མཐོང་རྒྱུ་ཡོད་པ་ལྟ་བུའི་མཚན་མ་བརྟན་པོ་མ་བྱུང་གི་བར་དུ་བསྒོམ་དགོས་ཏེ། ཕུར་ཊིཀ་འབུམ་ནག་ལས། དེ་ཡང་སྲ་སྲ་འཐས་འཐས་སུ་བསྒོམ་མོ་ཞེས་གསུངས་པས། འདི་ལྟར་མི་བསྒོམ་ཞིང་བསྐྱེད་རིམ་འཇའ་ཚོན་འདྲ་བའམ། སྒྱུ་མ་རྨི་ལམ་ལྟར་ཡལ་ཡོལ་ཞིག་རང་གིས་བསམ་གཞན་ལ་འཆད། ད་དུང་བསྐྱེད་རིམ་སྤྲོས་བཅས་རེད། དེ་བས་རྫོགས ་ཆེན་བསྒོམ་ན་དགའ་ཟེར་བའི་ཁ་ལྟ་ཞིག་བཤད། དོན་རང་རྒྱུད་ཐ་མལ་ལས་མ་འཕགས་བཞིན་དུ་རིག་འཛིན་གོང་མ་རྣམས་ནས་བརྒྱུད་པའི་བསྐྱེད་རྫོགས་གཉིས་པོ་ཡ་བྲལ་དུ་བཏང་ནས་བསྐྱེད་རིམ་ལ་བལྟ་རྟོགས་མེད་པ་འདི་རྣམས་སྔ་འགྱུར་བའི་བླ་བཙོང་ཡིན་པས། དེ་ལྟར་མཐོ་སྐད་ལ་མ་ཉན། བསྐྱེད་རིམ་ནས་དང་པོ་སློབ་སྦྱོང་དགོས་སོ། །གཉིས་པ་ནི་དེ་ལྟར་སྐུ་གཅེར་བུ་རྒྱན་མེད་ལ་སེམས་འཛིན་རྫོགས་པ་ནས་དམིགས་པ་དེ་ཀ་མ་ཤོར་བའི་ངང་ནས། རྒྱན་གྱི་བྱེ་བྲག་རེ་རེ་ནས་སེམས་བཟུང་དགོས་ཏེ། རིན་པོ་ཆེ་རྒྱན་ཅན་རྣམས་ཀྱི་དབུའི་ཐོར་ཚུགས་ནོར་བུའི་ཏོག་དང་། རུས་པའི་རྒྱན་ཅན་གྱི་སྤྱི་བོར་རུས་པའི་འཁོར་ལོ་ནས་སྐུ་སྟོད་སྨད་ཀྱི་རྒྱན་གྱི་ཁྱད་པར་རེ་རེ་ནས་སེམས་བཟུང་ཞིང་གསལ་སྣང་བརྟན་པོ་མ་བྱུང་གི་བར་དུ་བསྒོམ་མོ། །དེ་ཡང་རབ་བསྒོམ་པས་གསལ་འདེབས། འབྲིང་བརྗོད་པས། ཐ་མ་བྲིས་པས་གསལ་འདེབས་པ་བྱིང་རྒོད་ཀྱི་སྐྱོན་བཅོས་པ་སོགས་མན་ངག་བཞིན་ཉམས་སུ་བླང་ངོ་། །དེ་ལྟར་རྟེན་བརྟེན་པ་གསལ་ཐེབས་པ་ན་ང་རྒྱལ་ལ་བསླབ་སྟེ། རང་མི་ཐ་མལ་པ་ཡིན་ནོ་སྙམ་པའི་འདུ་ཤེས་དེ་ཆེད་ཀྱིས་སྤངས་ནས། ང་སྐྱོན་ཀུན་ཟད་ཡོན་ཏན ་ཀུན་རྫོགས་སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་དང་ལྷག་པའི་ལྷ་གང་གསལ་བཏབ་པ་དེ་དངོས་ཡིན་སྙམ་པའི་ང་རྒྱལ་བྱེད་པའོ། །ནང་གསོས་སྐུའི་གཙུག་ཏོར་ནས་བྱེ་བྲག་རེ་རེ་ནས་ང་རྒྱལ་བཟུང་བ་དང་རྒྱན་དང་ཕྱག་མཚན་ལའང་རིགས་འགྲེའོ། །གསུམ་པ་དག་པ་དྲག་པོའི་སྒྲུབ་ཐབས་རང་རང་གི་ཆོས་ཉིད་དོན་རྟགས་ཀྱི་བསྟོད་པ་ལས་འབྱུང་མོད། མདོར་ན་རང་རིག་བདེ་ཆེན་གྱི་དག་པ་ཡབ་ཡུམ་མཉམ་སྦྱོར་གྱིས་དམིགས་པ་གསལ་འདེབས་པ་ན་རྫོགས་རིམ་གྱིས་ལུས་ལ་གནད་དུ་བསྣུན་པས་བདེ་ཆེན་ཆ་མཐུན་ཙམ་ཤར་བས་བསྐྱེད་རིམ་ལ་རྒྱས་འདེབས་པ་སྟེ། གང་ལྟར་ཡང་རྗེས་ཆགས་བདེ་བ་ཆེན་པོའི་རྩིས་ཟིན་པར་བྱེད་པའོ། །ཆོས་ཉིད་ཀྱི་དགོངས་པ་ནི། དེ་ཡང་སྣང་ཆ་སྒྱུ་མ་ལྟ་བུ་ལ་ངོ་བོ་བྱུང་གནས་འགྲོ་གསུམ་སྐྱེ་འགགས་གནས་གསུམ་སོགས་ཀྱི་ངོས་བཟུང་ཐམས་ཅད་དང་བྲལ་བའི་ལྟམ་མ་བས་རྒྱས་བཏབ་སྟེ་སྣང་སྟོང་ཟུང་འཇུག་ཏུ་བསྒོམ་པའོ། །དེ་ཡང་སྣང་གྲགས་འགྱུ་གསུམ་ཐམས་ཅད་དབྱིངས་སྐྱེ་བ་མེད་པ་ཉིད་ཅིར་ཡང་མ་འགགས་པའི་ཡེ་ཤེས་ཀྱི་རོལ་རྩལ་དུ་ཐག་བཅད་ནས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད། རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་སྒྲ་གྲགས་ཐམས་ཅད་སྔགས་དང་དྲན་རྟོག་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་བལྟ་ཞིང་། མཉམ་རྗེས་ཐམས་ཅད་དུ་གང་ཤར་དག་སྣང་དུ་སྦྱོང་བ་ལ་བསླབ་པས་ལྷའི་སྣང་ཞེན་ལ་གསལ་བརྟན་དུ་གྱུར་པ་ན། ངང་སྒོམ་ནི་དེའི་སྤྱི་བོར་རིག་མེ་དམར་པོ་དང་། དེ་ལས་གྲུ་གང་གི་མཐོ་བར་ཐིག་ལེ་དཀར་པོ་སྟེ། གཉིས་ཀ་སྲན་མ་ཙམ་འོད་འབར་བར་བསྒོམ། དེ་གསལ་བ་དང་སྣ་བུག་གཡོན་ནས་འོད་ཀྱི་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་འཕྲོས། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཐིམ། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་སངས་རྒྱས་མཆོད། སེམས་ཀྱི་དོན་བྱས་སྡིག་སྒྲིབ་སྦྱངས། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཞུ་བ་འོད་དང་འགྲོགས་ཏེ་ཚུར་འདུས་ཐིག་ལེ་དམར་པོ་ལ་ཐིམ། དེ་ཡང་འོད་དུ་ལྟེ་མེ་ཞུ་བ་ལ་སེམས་བཟུང་། ཡང་སྣ་བུག་གཡས་ནས་འོད་ཀྱི་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་འཕྲོས། དེ་སྟེང་གི་ཐིག་ལེ་དཀར་པོ་ལ་ཕོག་པས། དེ་ལས་འོད་ཟེར་འཕྲོས་ཏེ་དོན་གཉིས་བྱས། འཁོར་འདས་ཞུ་བ་དང་འགྲོགས་ཏེ་ཐིག་ལེ་དཀར་པོ་ལ་ཐིམ་པས། དེ་ཡང་འོད་དུ་ཞུ་སྟེ་ཐིག་ལེ་དམར་པོ་ལ་ཐིམ་པ་རང་གི་ཚངས་བུག་ནས་སྙིང་ནང་དུ་ཐིམ་པས་བདེ་སྟོང་གཉིས་མེད་ཀྱི་སེམས་སྐྱེ་བར་བསམ་སྟེ་མཉམ་པར་བཞག་གོ། །འཇམ་རླུང་བཟུང་ལ་མཉམ་པར་བཞག་གོ། །དེ་ནི་ལྷའི་ངང་སྒོམ་ཨ་ནུའི་སྔོན་འགྲོ་ཡིན་ལ། ཨ་ནུ་རང་གི་ངང་སྒོམ་ནི། རང་གི་སྙིང་གི་དཀྱིལ་དུ་སྔ་མའི་ཐིག་ལེ་དེ་དཀར་པོ་ཕུག་རོན་གྱི་སྒོ་ང་ཙམ་པ་འོད་འབར་བ་ཞིག་བསྒོམ། དེ་གསལ་ཐེབས་པ་དང་། དེ་ལས་འོད་ཀྱི་ཐིག་ལེ་སྐར་མདའ་འཕང་བ་ལྟར་སྤྱི་གཙུག་ནས་ཐོན། དེ་ལས་ཀྱང་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོས་ནམ་མཁའི་ཁྱོན་གང་བ་ལ་སེམས་བཟུངས། ཡང་ཐིག་ཕྲན་རྣམས་ཚུར་འདུས་འཕྲོ་གཞིའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པའི་ངང་ལ་བལྟ་བྱ་བལྟ་བྱེད་མེད་པར་བཞག་པས། ཡུལ་དབྱིངས་དང་། ཡུལ་ཅན་རིག་པའི་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོར་ལྷག་གེར་འཆར་ཏེེ། དེ་ཀའི་ངང་ལ་ཞེན་འཛིན་མེད་པར་བསྐྱང་བར་བྱའོ། །ཨ་ཏི་ཡོ་གའི་ཀུན་རྫོབ་བྱང་ཆུབ་གྱི་སེམས་ལ་སྦྱང་བ་ལ་ཐོག་མར་སྒྲོལ་མ་བཟུང་བ་ནི། རང་ཉིད་བླ་མ་དང་ཡི་དམ་གང་ཡང་རུང་བ་སྐུ་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ། གཡས་གཡོན་དུ་རོ་རྐྱང་གཉིས་ཡས་སྣེ་སྣ་བུག་ལ་ཟུག་པ། མས་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་དབུ་མར་ཚུད་པར་མོས་ལ། སྤྱི་བོར་བླ་མ་ཡབ་ཡུམ་བསྒོམ་སྟེ་གསོལ་བ་བཏབ་པས། དེ་ནས་ནད་གདོན་སྡིག་སྒྲིབ་རྣམས་སངས་ཀྱིས་དག་པར་མོས་ཏེ་རླང་རོ་བསལ། དངོས་གཞི་ལ་བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་རྔུབས་ཏེ། སྲོག་ཐུར་ལྟེ་འོག་ཏུ་ཁ་སྦྱར་ཏེ་མ་ཡེང་བར་བཟུང་བས་རླུང་དབུ་མའི་ནང་དུ་ཞུགས་ནས་ཐུགས་ཀའི་སྙིང་པོ་ལ་ཐིམ་པས་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བར་བསྒོམ། མི་ཐུབ་པ་ན་སངས་ཀྱིས་གཏོང་བ་གནད་དོ། །འདིའི་ཡོན་ཏན་ནི་རྡོ་རྗེ་བཞད་པས། བརྟེན་པའི་སྒྲོལ་མ་ཟིན་ན། རིག་པའི་ཕུར་བུ་ཐེབས་པས། དེ་ལས་མི་དམིགས་པར་ཡང་འགྱུར་ལ། དེས་ཉི་ཟླ་འཛིན་འགྲོམ་པར་འགྱུར་རོ། །ཞེས་སོ། །དེ་ནས་ཐིག་ལེ་སྒོམ་ན་གཞན་སྔར་ལྟར་ལས་སྤྱི་མགྲིན་སྙིང་ཀ་ལྟེ་བའི་འཁོར་ལོ་བཞི་དང་ལྟེ་འོག་ཏུ་མེ་འཁོར་གྱི་དབུས་སུ་མེའི་དངས་མ་རཾ་ཡིག་འབར་བ། གཤང་ཁར་རླང་གི་འཁོར་ལོ། སྤྱི་བོར་ཧཾ་ཡིག་དཀར་པོ་བདེ་བའི་རང་བཞིན་ཅན་བསྒོམ། དེ་ནས་རླུང་སྔར་ལྟར་བཟུང་། སྟོང་རླུང་རོ་རྐྱང་བརྒྱུད་དེ་འོང་བ་དང་གཤང་ཁའི་རླུང་དཀྱིལ་གཡོས་པ། མེ་དཀྱིལ་གྱི་རཾ་ལ་ཕོག་པས། མེ་ལྕེ་ཚ་བ། རྣོ་བ། ཕྲ་ཞིང་གསལ་བ་དབུ་ུམའི་ནང་ནས་ཡར་འབར་བས་ཧམ་ལ་རེག །སྤྱི་བོའི་བླ་མ་བདེ་དྲོད་ཀྱིས་མཆོད་དགྱེས་པ་ཆེན་པོས་བདུད་རྩིར་ཞུ་བ་ཧམ་ལ་ཐིམ། ཧམ་ལས་བྱང་སེམས་དྭངས་གསལ་བདེ་བའི་རང་བཞིན་ཕྲ་མོ་བ་ཐག་ལྟར་བབས་པས་རམ་ལ་ཐིམ་པས་མེ་ཡི་གསོས་བྱས་ཏེ་ཆེས་ཆེར་འབར། དེས་ཟླ་བ་བདུད་རྩི་ཞུ་བའི་དྭངས་མས་ལུས་ཀུན་གང་བའི་འབར་འཛག་ལ་སེམས་རྩེ་གཅིག་ཏུ་བཟུང་བས་བདེ་བ་ཆེན་པོ་ངང་གིས་འཆར་རོ། །སླར་ཡང་ཧཱུཾ་འདྲེན་དང་འགྱུར་བཞིས་ཟླ་བ་གྱེན་དུ་དྲངས་ཏེ་ལྟེ་བ་ནས་ཡར་རིམ་གྱིས་སྤྱི་བོར་ལྡོག་སྟེ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ་མི་རྟོག་པའི་ངང་ལ་བཞག་པས་ཁྱད་པར་དགྲལ་ལོ། །གཉིས་པ་དོན་དམ་བྱང་ཆུབ་སེམས་ལ་སྦྱངས་པ་ལ་རྟེན་ཅན་དང་རྟེན་མེད་གཉིས་ལས་དོང་དང་། གླན་རྡོ་རྗེ་འོད་ཀྱི་ཕྱག་བཞེས་འགོས་ཀྱིས་ཡི་གེར་བཀོད་པ་དང་། ཟུར་ཧམ་གྱི་ཕྱག་བཞེས་གཉལ་པའི་ཡི་གེ། སློབ་དཔོན་རྡོ་རྗེ་བཞད་པའི་མན་ངག་ལས་སྙིང་གའི་མི་ཤིག་པའི་ཐིག་ལེ་ལ་བརྟེན་པ་འོད་གསལ་ལྷན་ཅིག་སྐྱེས་པའི་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པ་དང་ལུགས་གསུམ་བྱོན་པ་ལས་འདིར་ཕྱི་མ་ལྟར་ན་ལུས་གནད་དང་ལྟ་སྟངས་མི་གཡོ་བར་བཅིང་ལ། རང་གི་སྙིང་མཆོང་གུར་ཕུབ་པ་ལྟར་ཁོང་སྟོང་གི་དབུས་སུ་རྩ་བརྒྱད་པོ་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ལྟེ་བར། རྩའི་དྭངས་མ་ཤེལ་གྱི་བ་ཐག་ལྟ་བུའི་ནང་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་འོད་ལྔའི་གོང་བུ་ཡུངས་འབྲུ་ཙམ་པ་དྭངས་གསལ་འབར་བའི་རྣམ་པར་ཅན་ལ་སེམས་གཏད་དེ་མ་ཡེངས་པར་སལ་ལེ་མཉམ་བར་བཞག་པ་ན་རླུང་སེམས་ཀྱི་དྭངས་མ་ཐམས་ཅད་དེར་ཐིམ་པས། དབྱིངས་རིག་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་ཞིང་བདེ་བ་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཞིག་སྟེ་ཁམས་སུམ་བདེ་བ་ཆེན་པོར་གྲོལ་བར་འགྱུར་རོ། །རྟེན་མེད་ནི་ལུས་མི་གཡོ། ངག་མི་བརྗོད་སེམས་དུས་ཀྱི་སྤྲོས་པ་ཐམས་ཅད་བཅད་ནས་སྤྲིན་མེད་ཀྱི་ནམ་མཁའ་ལྟར་རྣམ་པར་མི་རྟོག་པའི་ངང་ལ་བཞག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་ནི་ཀུན་ཏུ་བཟང་པོ་ཆོས་ཉིད་དོན་གྱི་ཡེ་ཤེས་ཏེ། དབྱིངས་སྐྱེ་བ་མེད་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར། གསལ་རིག་ལྗེན་ནེ་བའི་སྣང་ཆ་ནི་ཀུན་ཏུ་བཟང་མོ་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། ཡེ་ཤེས་འགགས་པ་མེད་པ་རང་བཞིན་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་རོ། །དེ་གཉིས་དབྱེར་མེད་པའི་རིག་པ་ནི་དབྱིངས་དང་ཡེ་ཤེས་ཟུང་འཇུག་གཉུག་མའི་ཡེ་ཤེས་ཏེ། སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་མཉམ་པར་བཞག་གོ། །དེ་ལྟར་བསྐྱེད་རྫོགས་ཀྱི་དོན་ལ་ཐུན་རེ་རེ་ནས་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་བསྐྱེད་རིམ་དང་། འཆི་བ་ཆོས་སྐུའི་ལམ་འཁྱེར་རྫོགས་རིམ་དང་། བར་དོ་ལོངས་སྐུའི་ལམ་འཁྱེར་སྒྱུ་མའི་སྐུར་ལྡང་བ་རྣམས་ལ་སྦྱང་བ་ནས་བསྙེན་པའི་ཁ་གྲངས་ལ་རེ་བ་ཙམ་མིན་པར་ཉམས་སུ་བླང་ངོ་། །དེ་ནས་མཚམས་ཞག་བདུན་ཙམ་ནས་གྲོལ་རྒྱུའི་སྔ་རོལ་དུ་མཆོད་གཏོར་གསར་དུ་བརྗེས། དངོས་གྲུབ་ཀྱི་རྫས་བཤམས་ཏེ་མདུན་རྟེན་རྣམས་བདག་བསྐྱེད་བཞིན་གསལ་བཏབ་སྟེ་སྔགས་བཟླ་བ་ན། རང་བདག་བསྐྱེད་ཀྱི་ཐུགས་ཀ་ནས་ལྷ་དང་དངོས་གྲུབ་དབང་དུ་བྱ་བའི་ཕྱིར་འོད་ཟེར་དམར་པོ་སྤྲོས་ཏེ། མདུན་བསྐྱེད་རྣམས་བསྐུལ་བས་དེ་དག་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། དུས་གསུམ་གྱི་བླ་མ་རིག་འཛིན་སངས་རྒྱས་དང་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ལ་དངོས་གྲུབ་བསྐུལ་ཏེ། དེ་དག་གི་ཐུགས་རྗེ་དང་དངོས་གྲུབ་ཐམས་ཅད་མདུན་བསྐྱེད་ཀྱི་ལྷ་ལ་ཐིམ། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་མཆོག་གི་དངོས་གྲུབ་གཙོ་བོར་གྱུར་པའི་ཐུན་མོང་གི་ལས་རབ་འབྱམས་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། རྩ་སྔགས་ལ་དངོས་གྲུབ་བསྐུལ་བའི་སྡེབ་སརྦ་སིདྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་ལ་བཟླ། ཞག་བདུན་སོང་བའི་ནམ་ཕྱེད་ཙམ་ནས་ལངས་ཏེ་བྱང་བཟླས་པ་ཚོགས་སྐོང་བསྐུལ་ཆད་བརྟན་བྲོ་མནན་ཡན་གྲུབ་པར་བྱས་ཏེ། ཐོ་རེངས་དང་པོ་ཤར་བ་འོད་གསལ་གྱི་དུས་ཡིན་པས་དེ་དུས་དངོས་གྲུབ་ལེན་དགོས་ཏེ། རྒྱུད་ལས་རྡོ་རྗེ་སྲིན་པོའི་ནམ་ཡང་ལངས། །དངོས་གྲུབ་བརྩོལ་བའི་དུས་ལ་བབས། །ཞེས་སོ། །དེ་ལས་དང་པོ་དངོས་གྲུབ་ཀྱི་གེགས་ཉམས་ཆག་ཡིན་པས་དེ་ལ་སྐོང་གི་ཆོ་གའི་བསྡུ་ན་རྡོར་སེམས་བསྒོམ་བཟླས་བྱ། དངོས་གྲུབ་ལེན་ཁར་སྒྲུབ་རྫས་ལ་གཞུང་གི་བྱིན་འབེབས་བསལ་བབས་དྲུག་འདས་བཞིས་བྱིན་དབབ་ནས་ནུས་ལྡན་དུ་སྒྲུབ། རྗེས་འབྲང་གི་བགེགས་བསལ་ཏེ། དེ་ནས་དངོས་གྲུབ་ལེན་དམིགས་པ་སྒྲུབ་རྫས་མདུན་བསྐྱེད་དུ་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། སླར་ཡང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བདག་ཉིད་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པས་གཉིས་སུ་མེད་པའི་དངོས་གྲུབ་ཐོབ་པར་བསམ་ལ་མཉམ་པར་བཞག་གོ། །དེ་ནས་ཆོ་གའི་མཇུག་རྣམས་རྫོགས་པར་བྱས་ཏེ། ཉིན་དེའི་སྔ་དྲོ་ནས་ཁ་སྐོང་གི་སྦྱིན་སྲེག་དང་མིན་ཀྱང་གཏང་རགས་ཀྱི་ཚོགས་སྐོང་རྒྱ་ཆེར་བྱས་ཏེ་རྒྱལ་ཐོ་རྣམས་བཀྲོལ་ཏེ་ཉིན་ཆ་ཤས་མི་དང་མི་འཕྲད། དེ་ནས་དམ་ཚིག་གཙང་བ་རེ་གཉིས་དང་འཕྲད་པས་རིམ་གྱིས་མཚམས་གྲོལ་བར་བྱས་པ་ཡིན་ནོ། །སྤྱིི་མདོ་དགོངས་འདུས་རྒྱུད་དོན་ཡིན། །གནུབས་ཆེན་པོ་ཡི་ཐུགས་བཅུད་ཡིན། །རིག་འཛིན་བརྒྱུད་པའི་ཞལ་ལུང་ཡིན། །ཉམས་བླངས་བསླུ་བ་ཡོད་རེ་ཀུན། །ཨེ་མ་སྐལ་པ་མི་བཟང་ངམ། །སྔ་འགྱུར་བརྒྱུད་པའི་གསང་མཛོད་ནས། །དགོས་དགུའི་ནོར་ལ་སྤྱོད་པ་ནི། །མཁའ་འགྲོ་གཅེས་ཕྲུག་མིན་པ་སུ། །ཟབ་མོ་ཐང་མལ་བརྡལ་བ་ལ། །དབྱིངས་ནས་རྩ་གསུམ་མི་དགྱེས་མོད། །སྙན་བརྒྱུད་མན་ངག་ཆད་ཀྱིས་དོགས། །རྣམ་དཀར་ཡི་གེ་རིས་སུ་སྤེལ། །ས་མ་ཡ་རྒྱ། ཕྱག་བྲིས་ལ་ཞལ་བཤུས།

སྐྱབས་རྗེ་རིན་པོ་ཆེའི་གསུང་ལས་འཕྲོས་པའི་དབང་བཞིའི་རྣམ་བཤད་རིན་ཆེན་ཕུང་པོ།

༄༅། །སྐྱབས་རྗེ་རིན་པོ་ཆེའི་གསུང་ལས་འཕྲོས་པའི་དབང་བཞིའི་རྣམ་བཤད་རིན་ཆེན་ཕུང་པོ་བཞུགས།

ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་འདུས་མགོན་པོ་སྤྱན་རས་གཟིགས། །གང་དང་དབྱེར་མེད་དྲིན་ཅན་ཆོས་ཀྱི་རྗེ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ནས། །དབང་བཞིའི་གོ་དོན་ཉུང་གསལ་བྲི་བར་འདོད། །དེ་ལ་སྤྱིར་སྐལ་པ་མཆོག་དང་ལྡན་པའི་གང་ཟག་ཚེ་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་པའི་བློ་རབ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་སློབ་པར་འདོད་པ་དག་གི་དང་པོའི་འཇུག་སྒོ་མ་ནོར་བ་ནི་སྨིན་བྱེད་དབང་བསྐུར་བ་ཉིད་ཡིན་ཏེ། ཇི་སྐད་དུ། དོ་ཧ་ལས། ཨེ་མ་རིན་ཆེན་དབང་དང་བྲལ་བའི་སྐྱེས་བུ་ནི། །གདོལ་བ་དམན་པ་ཞིག་གིས་རྒྱལ་པོར་རེ་སྨོན་བཞིན། །ཞེས་དང་། རྒྱུད་ལས། དབང་མ་བསྐུར་བར་དངོས་གྲུབ་མེད། །བྱེ་མ་བཙིར་ལས་ཞུན་མར་བཞིན། །ཞེས་སོགས་གསུང་པ་དང་། དབང་བསྐུར་མ་ཐོབ་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་བསྐྱེད་རྫོགས་དང་། གྲོགས་བསྙེན་བསྒྲུབ་སོགས་གང་ལ་བསླབ་ཀྱང་གསང་སྔགས་རང་ཉིད་ལེན་པའི་ཉེས་པ་འབྱུང་ཞིང་མཁའ་འགྲོ་དང་གྲུབ་པ་ཅན་དག་གིས་བསད་ནས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ལ། བླ་མ་མཚན་ཉིད་དང་ལྡན་པ་ལས་དབང་བཞི་ཚུལ་དང་མཐུན་པ་ཞིག་ཐོབ་ཕན་ཆད་རབ་དབང་བསྐུར་གྱི་དུས་དེ་ཉིད་དུ་སྨིན་གྲོལ་ཆིག་ཆོད་དུ་གྱུར་ནས་མཆོག་གི་དངོས་གྲུབ་ཐོབ་པའང་ཡོད། འབྲིང་ཉམས་ལེན་བསྐྱེད་རྫོགས་ལ་འབད་པས་ཚེ་འདིར་མཆོག་གྲུབ་པ་དང་། ཐ་མ་ཡང་དམ་ཚིག་མ་ཉམས་ན་ཚེ་རབས་གཞན་དུ་རྡོ་རྗེ་ཐེག་པའི་ཆོས་དང་བླ་མ་ཡང་དག་པ་འཇལ་ཞིང་རྗེས་སུ་བཟུང་ནས་གྲོལ་བར་འགྱུར་ཏེ། ཇི་སྐད་དུ། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒོམ་པར་ཡང་དངོས་གྲུབ་འཐོབ། །ཅེས་སོ། །དབང་བསྐུར་བ་དེ་ཡང་སྤྱིར་རྒྱུད་སྡེའི་རྣམ་གྲངས་དང་བསྟུན་པའི་གྲངས་དང་དབྱེ་སྒོ་མི་འདྲ་བ་དུ་མ་ཡོད་ཀྱང་ཐམས་ཅད་མདོར་བསྡུ་ན་གསང་སྔགས་ཕྱི་ནང་ཐུན་མོང་དུ་གྱུར་པ་ཐུན་མོང་རིག་པའི་དབང་ལྔ་དང་། ནང་རྒྱུད་བླ་ན་མེད་པའི་ཐུན་མོང་མ་ཡིན་པ་གསང་བ་ཟབ་མོའི་དབང་གསུམ་སྟེ་བརྒྱད་པོ་འདིར་མ་འདུས་པ་མེད་མོད། འོན་ཀྱང་བླ་མེད་ཀྱི་བུམ་དབང་ནི་སྤྱིར་ཡི་དམ་གྱི་ལྷའི་བསྐྱེད་རིམ་སྒོམ་བཟླས་ཕྱིའི་རྣལ་འབྱོར་ལ་དབང་བར་བྱེད་པ་ཡིན་པས་ཐུན་མོང་རིག་པའི་དབང་ལྔ་དང་རྣམ་པ་མཚུངས་པ་ཙམ་ཡིན་མོད་ཀྱང་དོན་དུ་འཆད་འགྱུར་ལྟར་གང་དུ་བསྐུར་བའི་དཀྱིལ་འཁོར། ཇི་ལྟར་བསྐུར་བའི་ཐབས། གང་ལ་བསྐུར་བའི་གནས། ཅིའི་ཕྱིར་བསྐུར་བའི་དགོས་པ་རྣམས་མི་འདྲ་བས་ཕྱི་རྒྱུད་ཀྱི་ཐུན་མོང་རིག་པའི་དབང་ལྔ་ཙམ་གྱིས་བླ་མེད་གྱིས་བུམ་དབང་ཐུན་མོང་མ་ཡིན་པ་འདིའི་དོད་མི་ཐུབ་ཅིང་། གནས་སྐབས་ཡི་དམ་གྱི་ལྷ་ངོ་བསྟན་ནས་སྒོམ་བཟླས་ལ་དབང་བར་བྱེད་པ་ཙམ་བུམ་དབང་གི་ཞོར་ལ་འདུ་བས་ཐུན་མོང་རིག་པའི་དབང་ལྔ་ཡང་བུམ་དབང་གི་ཡན་ལག་ལྟ་བུར་འགྱུར་ཞིང་དེར་འདུ་བས། མདོར་ན་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཐམས་ཅད་དབང་བཞིར་འདུས་པ་ཡིན་ནོ། །དབང་བཞི་པོ་དེ་ཡང་གང་དུ་བསྐུར་བའི་དབང་རང་རང་ལ་ལྟོས་པའི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་གྱིས་དཀྱིལ་འཁོར་ལ་མ་བརྟེན་པར་དབང་བསྐུར་བ་ནི་མི་སྲིད་དེ། སློབ་དཔོན་དྲིལ་བུ་བས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བ། །རྡོ་རྗེ་འཆང་གིས་བཤད་པ་སྟེ། །ཞེས་གསུངས་པ་ལྟར་རོ། །དེ་ནས་དང་པོ་བུམ་པའི་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་ནི་གསུམ་སྟེ་སྤྲོས་པ་ལ་དགའ་བས་རྒྱས་པར་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་བརྟེན་པ་དང་། སྤྲོས་པ་འབྲིང་གི་དབང་དུ་བྱས་ན་རས་བྲིས་ཀྱི་དཀྱིལ་འཁོར་ལ་བསྟེན་པ་དང་། བློ་རབ་སྤྲོས་དང་བྲལ་བའི་དབང་དུ་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པའང་ཡོད་དེ། དྲིལ་བུ་པས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པས་བསྒྲུབ་བྱ་དེ་མ་ཡིན། །ཅེས་པ་རྡུལ་མཚོན་དང་རས་བྲིས་གཉིས་གདུལ་བྱ་བློ་དམན་པའི་དབང་དུ་བྱས་ཀྱི་མཁས་པས་དོན་དུ་གཉེར་བྱ་མ་ཡིན་པར་བསྟན་ནས། བློ་རབ་ཀྱི་ངོར་འགྲོ་བ་འདི་ཀུན་རང་བཞིན་གྱི། གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསུངས་ཞིང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་འཇུག་པར་བཤད་པའང་ཡོད་མོད། བློ་འབྲིང་མན་ཆད་ལས་དང་པོ་རྣམས་ནི་དང་པོ་དཀྱིལ་འཁོར་དུ་མ་ཞུགས་པར་དབང་བསྐུར་དུ་མི་རུང་བས་དང་པོ་དཀྱིིལ་འཁོར་དུ་འཇུག་པ་གལ་ཆེ་ཞིང་དེ་ལ་དང་པོ་དཀྱིལ་འཁོར་མེད་པར་འཇུག་ཏུ་མི་རུང་བས་དཀྱིལ་འཁོར་བཞེངས་པ་དང་། སྒྲུབ་ཅིང་མཆོད་པ་གལ་ཆེའོ། །དཀྱིལ་འཁོར་བཞེངས་པ་དེ་ལའང་རྒྱས་པར་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ན་སུ་ཆོག་དང་སྟ་གོན་དཀྱིལ་འཁོར་སྒྲུབ་པ་སོགས་ཡན་ལག་ཚང་བར་བྱ་དགོས་ཤིང་། རས་བྲིས་ལས་ཆོག་གི་ཡན་ལག་འགའ་ཞིག་མེད་ཀྱང་ཆོག་པའང་ཡོད་མོད་ཀྱི་གཞན་ཕལ་ཆེར་ངེས་པར་དགོས་ཤིང་གང་ལྟར་ཡང་ཆོ་གའི་ཡན་ལག་མ་ཚང་ན་སློབ་མའི་རྒྱུད་སྨིན་པར་མི་ནུས་ཤིང་སློབ་དཔོན་ལའང་ཉེས་པ་དང་བཅས་པར་འགྱུར་བས་ཆོ་གའི་ཡན་ལག་རྣམས་ཚང་པར་བྱེད་པ་ནི་ཅིས་ཀྱང་གལ་ཆེ་བ་ཡིན་ནོ། །དབང་བསྐུར་བ་དངོས་ལ་དང་པོ་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པ་ལ་དབང་བསྐུར་བ་གཉིས། དང་པོ་དཀྱིལ་འཁོར་དུ་འཇུག་པ་ལ་ཡང་སློབ་དཔོན་རང་ཉིད་འཇུག་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་པ་གཉིས། དང་པོ། སློབ་དཔོན་རང་ཉིད་འཇུག་པ་ནི་རྒྱས་པར་སློབ་མ་དབང་ཇི་ལྟར་བསྐུར་བའི་ཚུལ་དུ་བདག་འཇུག་བླང་བ་དང་། བསྡུ་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ཀྱང་ཆོག་སྟེ། སྒྱུ་འཕྲུལ་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་པ་ལྟར་རོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་ཞུགས་པ་ལ་ཕྱི་འཇུག་དང་ནང་འཇུག་གཉིས། དང་པོ་ཕྱི་འཇུག་གི་སྔོན་དུ་འགྲོ་བ་ནི་སྡིག་སྒྲིབ་སྦྱངས་པའི་ཕྱིར་ཡི་གེ་བརྒྱ་པའི་ཁྲུས་ནས་འདོན་པ། བར་ཆད་བསལ་པའི་ཕྱིར་བགེགས་བསྐྲད་ཅིང་མཚམས་བཅད་པ། ཆོས་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་ལོ་རྒྱུས་ཀྱི་སྤྲོ་བ་བསྐྱེད་པ། བསོད་ནམས་ཀྱི་ཚོགས་རྫོགས་པའི་ཕྱིར་མཎྜལ་དབུལ་བ། བསླབ་པ་ཀུན་གྱི་གཞི་འཛིན་པའི་ཕྱིར་སྐྱབས་འགྲོ་འབོག་པ། ཐེག་ཆེན་གྱི་ལམ་དུ་ཚུད་པའི་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། དབང་གི་སྣོད་རུང་དུ་གྱུར་པའི་ཕྱིར་དམ་ཚིག་རྣམས་བསྲུང་བར་ཁས་ལེན་པ། ཆོས་ལ་དོན་གཉེར་གྱི་འདུན་པ་གསལ་བའི་ཕྱིར་དབང་དོན་དུ་གསོལ་བ་འདེབས་པ་རྣམས་མེད་དུ་མི་རུང་བའི་ཡན་ལག་ཡིན་པས་ཚིག་དོན་མ་འཛོལ་བ་གནད་དུ་འགྲོ་བར་བྱས་ནས། ཕྱི་འཇུག་དངོས་ལ་དཀྱིལ་འཁོར་དུ་གཞུགས་པར་གསོལ་བ་འདེབས་པ། མིག་དབྱེ་བ། མེ་ཏོག་འཐོར་བ། ལྷ་ངོ་བསྟན་པ་རྣམས་ཏེ། འདིའི་དོན་ནི་ཚེ་རབས་སྔོན་ནས་རང་དང་འབྲེལ་ཆེ་བའི་ཡི་དམ་གྱི་ལྷ་གང་ཡིན་པ་དེ་ངོས་བཟུང་ནས་ལྷ་དེ་ཉིད་ཀྱི་བསྒོམ་བྱའི་དཀྱིལ་འཁོར་དང་སྐུ་མདོག་ཕྱག་མཚན་ལ་སོགས་པ་བརྡའ་དོན་རྟགས་གསུམ་དང་བཅས་པ་ངོ་སྤྲོད་པའོ། །གཞན་ཡང་མེ་ཏོག་དབུས་སུ་བབས་ན་རྡོ་རྗེའི་རིགས། ཤར་དུ་སངས་རྒྱས་རིགས་སོགས་རང་གི་མེ་ཏོག་གང་ལ་བབས་པའི་རིགས་དེ་ཉིད་གཙོ་བོར་བྱས་ནས་བསྒྲུབ་ན་ཉེ་བའི་དཀྱིལ་འཁོར་ཞེས་བྱ་བ་ཚེ་རབས་ཀྱི་ལྷ་སྐལ་ཡིན་པས་འགྲུབ་ཐག་ཉེ་བ་དང་། དམ་ཚིག་བསྲུང་མཚམས་ཀྱི་སྐབས་སུའང་རང་རིག་གི་དམ་ཚིག་གཙོ་བོར་བསྲུངས་ཤིང་གཞན་རྣམས་ཞར་བྱུང་ཙམ་དུ་ཅི་ནུས་སུ་འབད་པའོ། །ལྷ་དང་དཀྱིལ་འཁོར་གྱི་རྣམ་དག་གམ་བརྡའ་དོན་བཤད་པ་ནི། ཡི་དམ་གྱི་ལྷ་གཙོ་འཁོར་དང་གཞལ་ཡས་ཁང་གི་རྣམ་པར་སྣང་བ་དེ་ཡང་མཚན་མ་ཕྱག་དང་བཅས་པའི་ལྷ་རང་རྒྱུད་པ་དེ་ལྟ་བུ་ཞིག་གཉེར་ན་ཡོད་པ་མ་ཡིན་གྱི། རང་རྒྱུད་ཀྱི་ཕུང་པོ་ལྔ་པོ་འདིའི་རང་བཞིན་ཡེ་ནས་རྒྱལ་བ་རིག་ལྔར་གནས་པ་སོགས་གཞི་རང་བཞིན་ལྷུན་གྲུབ་ཀྱི་ལྷ་ངོ་སྤྲོད་པ་དང་། ལམ་ཐབས་དང་ཤེས་རབ་ཕ་རོལ་ཕྱིན་དྲུག་བྱང་ཕྱོགས་བདུན་ལ་སོགས་དེ་དག་གི་དག་པ་དང་སྦྱར་ནས་ལམ་མཚོན་པ་རྟགས་ཀྱི་ལྷ་ངོ་སྤྲད་པ་དང་། མཐར་ཐུག་ཡེ་ཤེས་ལྔ་དང་། སྣང་སྟོང་དབྱེར་མེད་སྐུ་གསུམ་སྐུ་ལྔ་ལ་སོགས་དག་པ་དང་སྦྱང་ནས་བཤད་པས་འབྲས་བུ་ཡེ་ཤེས་ཕྱག་རྒྱའི་ལྷ་ངོ་སྤྲད་པ་སྟེ། གང་ལྟར་ཡང་ལྷ་དང་དཀྱིལ་འཁོར་དུ་སྣང་བ་དེ་ཡང་གཞི་ལམ་འབྲས་བུའི་ཆོས་དེ་དང་དེ་དག་གི་དབྱིབས་དང་ཁ་དོག་དང་གྲངས་ཀྱི་རྣམ་གྲངས་དེ་དང་དེ་ལྟ་བུས་མཚོན་པར་བྱས་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཀྱི་སྒོ་ནས་ལྷའི་རྣམ་པ་ཙམ་ལམ་དུ་བྱས་ནས་བསྒོམ་པ་ཡིན་གྱིས་རང་ལས་རྒྱུད་ཐ་དད་པའི་ལྷ་དེ་དང་ལྟ་བུ་མཆོད་ན་མཉེས་ཤིང་དངོས་གྲུབ་སྦྱིན་པའི་ལྷ་ཕྱི་རོལ་པའི་དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པ་ལྟ་བུ་ཞིག་གཞན་ན་མེད་པ་ངོ་སྤྲོད་པ་ཡིན་ནོ། །གཉིས་པ་ནང་འཇུག་ནི་ཡེ་ཤེས་འབེབས་པ་སྟེ། སློབ་དཔོན་གྱི་བསྐྱེད་རྫོགས་དང་སློབ་མའི་མོས་པ་ལ་བརྟེན་ནས་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་བསྐྱེད་ཅིང་ཡི་དམ་གྱི་ལྷས་བྱིན་གྱིས་བརློབས་པའི་རྟེན་འབྲེལ་སྒྲིག་པ་སྟེ་གཞུང་རང་རང་ནས་འབྱུང་བ་ལྟར་བྱིན་ཕེབས་པའི་རྟགས་མ་བྱུང་བར་བྱ་ཞིང་། རྟགས་ཇི་བཞིན་མ་བྱུང་ན་སྤོག་ཆོག་བྱ་བ་སོགས་ཀྱིས་རྟགས་ཐོན་དུ་བྱ་བའོ། །གཉིས་པ་དབང་དངོས་གཞི་ལ། རྒྱུད་སྡེ་འོག་མ་དང་ཐུན་མོང་པ་དང་། བླ་མེད་ཀྱི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའོ། །དང་པོ་ཐུན་མོང་པ་ལ་སྤྱིར་དབྱེ་བསྡུ་མང་དུ་ཡོད་ཀྱང་། ད་ལྟའི་ཡོངས་གྲགས་ཀྱི་དབང་དུ་བྱས་ན། སློབ་མའི་དབང་དྲུག །རྡོ་རྗེ་སློབ་དཔོན་གྱི་དབང་དང་བདུན་ནོ། །སློབ་མའི་དབང་དྲུག་གི་དང་པོ་མི་བསྐྱོད་པ་ཆུའི་དབང་ནི། ལྷ་ཞུ་བའི་རང་བཞིན་རྣམ་རྒྱལ་བུམ་པའི་ཆུ་སྤྱི་བོ་ནས་བླུགས་ཤིང་ཁྲུས་བྱས་པས་ལས་ཉོན་བག་ཆགས་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་སྤྱི་གཙུག་ཏུ་རིགས་ཀྱི་བདག་པོ་རྡོ་རྗེ་མི་བསྐྱོད་པས་དབུ་བརྒྱན་པར་བསམ་པས། ཉོན་མོངས་པ་ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་རྡོ་རྗེ་མི་བསྐྱོད་པ ་དང་ནམ་མཁའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་དུ་སངས་རྒྱས། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པར་མོས་པའོ། །གཉིས་པ་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་ནི། རིན་འབྱུང་གི་རང་བཞིན་ཅན་གྱི་དབུ་བརྒྱན་མགོ་ལ་བཅིང་པས་ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་ཆུ་ཁམས་མ་མ་ཀིའི་རང་བཞིན་དུ་སངས་རྒྱས། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པར་མོས་པའོ། །གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ནི། སྣང་མཐའི་རང་བཞིན་རྡོ་རྗེ་ལག་གཡས་སུ་གཏད་པས། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེ་ཁམས་གོས་དཀར་མོའི་རང་བཞིན་དུ་སངས་རྒྱས། སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་པའོ། །བཞི་པ་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ནི། དོན་གྲུབ་ཀྱི་རང་བཞིན་དྲིལ་བུ་ལག་གཡོན་དུ་གཏད་པས་ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་ཁམས་དམ་ཚིག་སྒྲོལ་མའི་རང་བཞིན་དུ་སངས་རྒྱས། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་པའོ། །ལྔ་པ་རྣམ་པར་སྣང་མཛད་མིང་གི་དབང་ནི། རང་གི་མེ་ཏོག་གང་ལ་ཕོག་པའི་རིགས་དང་མཐུན་པའི་མིང་བཏགས་ནས་བརྗོད་པས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་། ས་ཁམས་སངས་རྒྱས་སྤྱན་མའི་རང་བཞིན་དུ་སངས་རྒྱས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པར་མོས་པའོ། །དྲུག་པ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་ལེན་པ་ལ་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་དང་མཐུན་པར་ཉམས་སུ་ལེན་དགོས་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་རྡོར་དྲིལ་ལག་ཏུ་གཏད་ནས་ཐབས་ཤེས་ཟུང་འཇུག་གི་ལམ་ཉམས་སུ་ལེན་པར་རྗེས་སུ་གདམས་པས་ཕྱི་གཟུང་བ་ཡུལ་དང་ནང་འཛིན་པ་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་གནས་དག་ཐབས་རྡོ་རྗེ་སེམས་དཔའ་སྣང་སྟོང་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཉམས་ལེན་ལ་དབང་བར་བྱས་པ་སྟེ་སློབ་མའི་དབང་དྲུག་གོ། །སློབ་དཔོན་གྱི་དབང་ནི། སློབ་མ་གཞན་དུ་དོན་ནུས་པ་ལ་དམིགས་བསལ་དུ་བསྐུར་བ་སྟེ། སློབ་མ་སེང་གེའི་ཁྲི་ལ་བཀོད་ནས་དམ་ཚིག་གསུམ་སྦྱིན་པ་ནི། ཕྱག་རྒྱ་སྐུའི་དམ་ཚིག་ཡི་དམ་གྱི་ལྷ་ཡབ་ཡུམ་གྱི་སྐུར་བསྒོམ་དུ་བཅུག་ནས། དྲིལ་བུ་གསུང་གི་དམ་ཚིག་ལག་གཡོན་དུ་གཏད་ཅིང་། རྡོ་རྗེ་ཐུགས་ཀྱི་དམ་ཚིག་ལག་གཡས་སུ་སྦྱིན་པས་ཕྱི་མཚན་མ་རྫས་ཀྱི་རྡོལ་དྲིལ་དམ་ཚིག་གི་རྫས་སུ་གཏད་པ་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀུར་བརྟེན་པ་དང་། ནང་མཚོན་བྱེད་རྟགས་ཀྱི་རྡོར་དྲིལ་ཡབ་ཡུམ་གྱི་གསང་བ་མཉམ་པར་སྦོར་པས་ཁམས་དཀར་དམར་ཞལ་མཇལ་བའི་བདེ་བ་རྒྱུད་ལ་སྐྱེས་པ་དང་། གསང་བ་མཚོན་བྱ་དོན་གྱི་རྡོར་དྲིལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་མ་བཅོས་པར་མཉམ་པར་བཞག་པས་སྟོང་ཉིད་ཀྱི་ཡེ་ཤེས་བསྐྱེད་ཅིང་རྡོ་རྗེ་རྒྱལ་པོའི་གོ་སུ་ཐོབ་པ་སྟེ། དེའི་ཡན་ལག་ཏུ་དུས་དེ་རིང་ནས་བཟུང་སྟེ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཕྲིན་ལས་དང་བཅས་པས་རང་བཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་མཛོད་ཅིག་ཅེས་རྗེས་སུ་གནང་བ་དང་། ཉམས་ལེན་བརྩོན་འགྲུས་ཀྱི་དབང་གིས་འདི་དང་བར་དོ་གང་རུང་དུ་མེ་ཏོག་ཕོག་པའི་རིགས་དེ་དང་མཐུན་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་སྟོན་པ་དང་། འཁོར་བའི་སྡུག་བསྔལ་རྒྱུན་རིང་པོ་ལས་གྲོལ་ཞིང་དམ་ཚིག་མ་ཉམས་ན་ངན་སོང་གསུམ་རྒྱུན་ཆད་པ་ཡིན་ནོ་ཞེས་དབུགས་དབྱུང་བ་དང་སངས་རྒྱས་ཐམས་ཅད་ཀྱི་སྲས་དང་བྱང་སེམས་རིག་པ་འཛིན་པ་ཐམས་ཅད་ཀྱི་སྤུན་དུ་འགྱུར་ཞིང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་མགོན་བྱེད་པ་ཡིན་པས་དགའ་བར་གྱིས་ཤིག་ཅེས་གཟེང་བསྟོད་པ་དང་སློབ་མ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་གྱུར་པ་ལ། མཆོད་པ་དང་བསྟོད་པས་མངའ་གསོལ་བ་ལ་སོགས་པའོ། །དེས་ནི་ལུས་ངག་ཡིད་གསུམ་དུ་འཛིན་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་གནས་འགྱུར། གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་ལམ་ཉམས་སུ་བླང་བ་ལས་བྱུང་བའི་འབྲས་བུ་ཐབས་བྱུང་རྡོ་རྗེ་འཆང་རིག་བདག་དྲུག་པ་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་དམ་པའི་གོ་འཕང་ཐོབ་པའི་རྟེན་འབྲེལ་གྱི་ནུས་པ་བཞག་པའོ། །དེ་དག་གིས་ནི་དབང་བཞི་ལས་བུམ་དབང་གི་དངོས་གཞི་སྟེ་རྒྱུད་སྡེ་འོག་མ་དང་ཐུན་མོང་ཞེས་བཤད་ཀྱང་། དག་བྱ་དག་འབྲས་དབང་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་སོགས་ཕལ་མོ་ཆེ་རྒྱུད་སྡེའི་འོག་མ་ལས་ཁྱད་པར་དུ་འཕགས་པས་ན་བླ་མེད་ཀྱི་ཁྱད་ཆོས་རྣམས་ནི་ཐུན་མོང་མ་ཡིན་པའང་ཡིན་ནོ། །ད་ལྟའི་ཡོངས་གྲགས་ཀྱི་དབང་ཆོག་རྣམས་ལས་རིག་དབང་ལྔ་ལ་སོགས་པའི་རྗེས་སུ་བུམ་ཆུའི་དབང་ཟུང་དུ་འབྱུང་བ་ནི་སྤྱིར་རིག་དབང་ལྔ་སོགས་བུམ་དབང་གི་དངོས་གཞི་ཡིན་པས་རེ་རེ་བཞིན་ཡང་བུམ་པའི་ཆུ་རྗེས་སུ་འགྲོ་བ་ཅན་ཡིན་ཡང་འདིར་བུམ་པ་གཅིག་ཏུ་བསྡུས་ཏེ་ཐམས་ཅད་ཀྱི་རྗེས་སུ་བུམ་པའི་ཆུ་དབང་གཅིག་བསྐུར་བའོ། །དེའི་ཡན་ལག་ཏུ་ལྷ་སྐུ་ཕྱག་རྒྱའི་དབང་ལྷ་གྲངས་དང་མཐུན་པར་དབང་བསྐུར་བ་དང་། སྙིང་པོ་སྔགས་ཀྱི་བཟླས་ལུང་སྦྱིན་པ་དང་། ཡོ་བྱད་ལོངས་སྤྱོད་རྫས་ཀྱི་དབང་བསྐུར་བ་དང་། ཕྲིན་ལས་དྲག་པོ་སྒྲོལ་བའི་དབང་ལ་སོགས་པ་ནི་ཆོ་ག་རང་རང་གི་གཞུང་དང་བསྟུན་ནས་ཤེས་པར་བྱ་བ་ལས་འདིར་བརྗོད་ཀྱི་མི་ལང་ངོ་། །དེ་ལྟ་བུའི་བུམ་པའི་དབང་དེ་གང་དུ་བསྐུར་བའི་དཀྱིལ་འཁོར་ནི་རྡུལ་མཚོན་སོགས་ཀྱི་བྲིས་པ་རྟགས་ཀྱི་དཀྱིལ་འཁོར་ཡིན་ལ། གང་གིས་བསྐུར་བ་པོ་ནི་སློབ་དཔོན་དང་དགོངས་པ་དབྱེར་མེད་པའི་མདུན་རྟེན་དཀྱིལ་འཁོར་ན་བཞུགས་པའི་ལྷ་དང་། དེ་ལས་ལོགས་སུ་ཕྱེ་སྟེ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་གཉིས་པའི་རྣམ་པས་ཤར་སྒོ་ན་བཞུགས་པར་མོས་པ་སློབ་དཔོན་དངོས་དང་། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷའི་དགོངས་པ་གཏད་དེ་དབྱིངས་ནས་སྤྱན་དྲངས་པའི་ལྷ་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོ་སྟེ་གདན་གསུམ་ཚང་བའི་ལྷ་དང་བཅས་པ་གསུམ་ཀ་ལས་ཐོབ་དགོས་ཀྱང་། དབང་གི་ལག་ལེན་བྱེད་པ་པོ་དངོས་ནི་དབང་ལྷ་སྤྱན་དྲངས་པ་རྣམས་ལས། གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། །གཤེགས་མ་རྣམས་ཀྱི་བུམ་པ་དང་དབུ་རྒྱན་སོགས་དབང་རྫས་ཐོགས་ཏེ་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར། །ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ་དབང་བསྐུར་བར་མོས་པའོ། །དེ་ལྟར་བུམ་པའི་དབང་བསྐུར་བའི་དབང་དོན་གྱི་ཡེ་ཤེས་ནི་ཕྱི་སྣོད་ནང་བཅུད་ཕུང་པོ་ཁམས་དང་སྐྱེ་མཆེད་དང་བཅས་པ་ཡེ་ནས་དཀྱིལ་འཁོར་གྱི་རང་བཞིན་དུ་གནས་པ་ངོ་འཕྲོད་དེ་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་གཅིག་ཏུ་རྟོགས་པས་ཐག་གཅོད་པ་སྟེ། བློ་རབ་འབྲིང་ལ་ལྟོས་པའི་སྣང་སྲིད་ལྷ་རུ་ལྟ་བའི་ངེས་ཤེས་ནི་དབང་དོན་གྱི་ཡེ་ཤེས་ཡིན་ལ། དེ་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་ན་དབང་ཐོབ་པ་ཡིན་ནོ། །དབང་དེ་ཉིད་ཐོབ་པས་ལུས་དང་རྩའི་སྒྲིབ་པ་དག །ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པའོ། །གཉིས་པ་གསང་སྔགས་བླ་ན་མེད་པའི་ཐུན་མོང་མ་ཡིན་པའི་དབང་ནི་གསུམ་སྟེ། གསང་དབང་། ཤེར་དབང་། ཚིག་དབང་ངོ་། །དང་པོ་གསང་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་ནི། རྩ་ཡི་གེ་བྷ་གའི་དཀྱིལ་འཁོར་ཞེས་བྱ་སྟེ། བླ་མ་ཡབ་ཡུམ་གྱི་ལུས་རྩའི་དཀྱིལ་འཁོར་དུ་གནས་ཤིང་རྩ་མདུད་ཡི་གེའི་རྣམ་པར་ལྟར་དུ་གནས་པས་ན་རྩ་ཡི་གེའི་དཀྱིལ་འཁོར་ཞེས་བྱ། ཡི་གེའི་རྣམ་པ་ཅན་གྱི་རྩ་མ དུད་དེ་དག་ཏུ་རླུང་དང་ཁམས་ཀྱི་དངས་མ་འདུས་པས་མཚན་མའི་རྣམ་པར་རྟོག་པ་འཇོམས་པར་བྱེད་པ་དང་། ཁྱད་པར་ཡབ་ཀྱི་རྡོ་རྗེ་ནོར་བུ་ཐབས་བདེ་བ་ཆེན་པོ་ཝཾ་ཡིག་གི་རྣམ་པར་གནས་ཤིང་། ཡུམ་གྱི་མཁའ་གསང་ཤེས་རབ་སྟོང་པ་ཉིད་ཨེ་ཡིག་གི་རྣམ་པར་གནས་པ་ནི་གསང་དབང་གང་ལས་ལེན་པའི་དཀྱིལ་འཁོར་དངོས་སོ། །དཀྱིལ་འཁོར་འདི་གཉིས་སུ་ཡབ་ཡུམ་གྱི་རླུང་སེམས་དྭངས་མའི་ཐིག་ལེ་ཞལ་མཇལ་བའི་སྐབས་སུ་རང་བཞིན་བརྒྱད་བཅུའི་རྟོག་ཚོགས་ཐམས་ཅད་བཅོམ་ནས་རྟོག་བྲལ་བདེ་སྟོང་གི་ཡེ་ཤེས་བསྐྱེད་པས་ན་ཡི་གེ་བྷ་གའི་དཀྱིལ་འཁོར་ཞེས་བྱ་སྟེ། བྷ་ག་ནི་བཅོམ་པའི་དོན་ནོ། །དབང་ཇི་ལྟར་བསྐུར་བའི་ཚུལ་ནི། ནམ་སྲོད་ཀྱི་དུས་སུ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་སྐུའི་རྣམ་པར་བཞུགས་པ་ལ་གཟུངས་མ་མཚན་ལྡན་དང་མཎྜལ་ཕུལ་ནས་གསོལ་བ་གདབ། སློབ་དཔོན་གྱིས་རྗེས་སུ་གནང་བ་བྱིན་ནས་མིག་དར་བཅིང་སྟེ་ཡོལ་བའི་ཕྱི་རོལ་དུ་བཞག །བླ་མ་ཡབ་ཡུམ་ལྷར་གསལ་བའི་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་བདེ་བའི་རོལ་མོས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བཀུག་སྟེ་བླ་མ་ཡབ་ཡུམ་གྱི་སྐུ་ལ་བསྟིམ་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་བ་ཉིད་མཁའ་གསང་དུ་ཕབས་ཏེ་སློབ་བུའི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བྱ་བའི་ཕྱིར་རླུང་གི་སྟོབས་ཀྱིས་ལན་གསུམ་གྱེན་དུ་ལྡོག་སྟེ་སླར་ཡུམ་མཁར་ཕབས་པའི་དཀར་དམར་འདྲེས་པའི་བདུད་རྩི་དེ་ཉིད་སློབ་བུའི་ལྕེ་ཐོག་ཏུ་བཞག་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནས་བཟུང་སྟེ་རྩ་འཁོར་ལོ་བཞིའི་གནས་ཐམས་ཅད་རིམ་པ་བཞིན་དུ་གང་། མ་དག་པའི་རྩ་ཁམས་ཀྱི་ཡི་གེ་ལས་རླུང་གིས་བསྐྱོད་པའི་གཟུང་འཛིན་འཁྲུལ་པའི་རྣམ་རྟོག་ཆ་དང་བཅས་པ་རང་བཞིན་གྱིས་འགགས། སེམས་གསལ་སྟོང་གཉིས་སུ་མེད་པའི་རང་བཞིན་ཐབས་དང་བྱིན་བརླབས་ལ་བསྟེན་པའི་ཡེ་ཤེས་བརྗོད་པ་དང་བྲལ་བ་དེ་ཉིད་ངོ་སྤྲོད་པའོ། །དེའི་དབང་དོན་གྱི་ཡེ་ཤེས་ནི་རླུང་དབུ་མར་ཞུགས་པའི་ཐབས་ཀྱི་དྲངས་པའི་གསལ་སྟོང་དྭངས་སང་ཕྱེད་པའི་སེམས་བཟོ་བཅོས་དང་བྲལ་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་རང་བཞིན་གང་ཡིན་པའོ། །དེ་ལྟ་བུའི་ཡེ་ཤེས་དེ་སློབ་མ་མོས་གུས་ཀྱིས་སྣོད་དང་ལྡན་པ་དང་བླ་མ་ཐུགས་རྗེ་ཅན་གྱི་བྱིན་རླབས་གུང་འཛོམ་པ་ལས་དཀར་དམར་བྱང་ཆུབ་ཀྱི་སེམས་རྟེན་འབྲེལ་རྫས་ཀྱི་ནུས་པ་ལ་བརྟེན་ཏེ་རྒྱུད་ལ་ངེས་པར་སྐྱེས་ན་དབང་ཐོབ་པ་ཡིན་ནོ། །དབང་དེ་ཐོབ་པས་ངག་དང་རླུང་གི་སྒྲིབ་པ་དག །ལམ་གཏུམ་མོ་དང་སྒྱུ་ལུས་ལ་སོགས་བདག་བྱིན་གྱིས་རློབས་པའི་རྫོགས་རིམ་ཐམས་ཅད་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། གང་དུ་བསྐུར་བའི་དཀྱིལ་འཁོར་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། སློབ་བུ་རང་ཉིད་ཀྱི་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་གནས་པའི་ཁམས་བདེ་ཆེན་བྱང་ཆུབ་ཀྱི་སེམས་དཀར་དམར་ནི་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་གྱི་ཚུལ་དུ་གནས་ཤིང་བདེ་སྟོང་ཡེ་ཤེས་ཀྱི་སྙིང་པོ་ལེན་པས་ན་དཀྱིལ་འཁོར་ཏེ། དཀྱིལ་འཁོར་ནི་མཎྜལ་ཞེས་པའི་སྒྲ་ལས་དྲངས་ན་སྙིང་པོ་ལེན་པ་ཞེས་བྱའོ། །དཀྱིལ་འཁོར་དེ་ཉིད་དུ་དབང་ཇི་ལྟར་བསྐུར་བའི་ཚུལ་ནི། ནམ་གུང་གི་དུས་སུ་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བླ་མ་ཐུགས་རྡོ་རྗེ་ཆོས་སྐུའི་རྣམ་རོལ་དུ་བཞུགས་པ་ལ་སློབ་བུས་མཎྜལ་ཕུལ་ནས་གསོལ་བ་གདབ། བླ་མས་ན་ཚོད་གཞོན་ཤིང་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཐེག་པ་ཐུན་མོང་པའི་ཆོས་ཀྱིས་རྒྱུད་སྣོད་རུང་དུ་བྱས་ཤིང་རྡོ་རྗེ་ཐེག་པའི་ཐབས་ལམ་ལ་ཐེ་ཚོམ་མེད་པ་ཉིད་སློབ་མ་ལ་གཏད་དེ་རྗེས་སུ་གནང་བ་སྦྱིན། དེས་ཀྱང་སྤྲོ་བ་དྲིས་ནས་སློབ་བུའི་པང་དུ་བྱོན་པས་སློབ་བུ་ཡབ་ཡུམ་གཉིས་ཡི་དམ་གྱི་ལྷར་བསྒོམས་ནས་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམ་པར་ཞུགས་པས་བདེ་བའི་འོད་ཟེར་དང་སློབ་དཔོན་ཡབ་ཡུམ་གྱི་བྱིན་བརླབས་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་བསྐུལ་ཏེ་བྱོན་ནས་སློབ་བུ་ལ་ཐིམ། དེ་ཉིད་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་རྐྱེན་གྱིས་ཁམས་བྱང་ཆུབ་ཀྱི་སེམས་བདེ་བའི་ངོ་བོ་ཞུ་སྟེ་སྤྱི་བོ་ནས་མགྲིན་པར་བབས་པ་དགའ་བ། མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའ། སྙིང་གནས་ལྟེ་བར་བབས་པས་ཁྱད་པར་དགའ་བ། ལྟེ་བ་ནས་གསང་བར་བབས་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ཞིང་། དཀར་ཆ་རྡོ་རྗེ་ནོར་བུའི་རྩེར་བྱོན་པས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངང་དུ་རང་བཞིན་བརྒྱད་ཅུའི་རྟོགས་ཚོགས་ཐམས་ཅད་འགགས། བདེ་བས་ཐབས་བྱས་པའི་ཤེས་རབ་སྟོང་པ་ཉིད་ཀྱི་གནས་ལུགས་བཟོ་བཅོས་དང་བྲལ་བ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བ་ཉིད་ངོ་སྤྲོད་པའོ། །དབང་འདིའི་སྐབས་སུ་དབང་དོན་གྱི་ཡེ་ཤེས་ནི་དགའ་བཞིའི་དྲངས་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སེམས་བཅོས་མ་དང་བྲལ་བ་དེ་ཉིད། དེ་ལྟ་བུའི་ཡེ་ཤེས་ངོ་འཕྲོད་ན་དབང་ཐོབ་པའོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་དང་ཐིག་ལེའི་སྒྲིབ་པ་དག །ལམ་གཞན་ལུས་ཕྱག་རྒྱའི་ལམ་ལ་བརྟེན་པའི་རྫོགས་རིམ་ཐམས་ཅད་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པའོ། །གསུམ་པ་ཚིག་གི་དབང་ནི། དབང་འདི་གང་དུ་བསྐུར་བའི་དཀྱིལ་འཁོར་ནི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་སློབ་བུའི་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་རྣམ་པར་ཤེས་པའི་རང་བཞིན་རིག་པ་ཡེ་ཤེས་ཀྱི་ཐིག་ལེ་གཉུག་མ་དོན་གྱི་ཆོས་ཉིད་འཁོར་འདས་ཀྱི་དཀྱིལ་འཁོར་མ་ལུས་པའི་སྤྲོ་གཞི་ཆོས་ཉིད་བདེ་གཤེགས་སྙིང་པོ་སེམས་ཉིད་ཡེ་སངས་རྒྱས་པའི་དཀྱིལ་འཁོར་དུ་བཞུགས་པ་ཉིད་དོ། །དཀྱིལ་འཁོར་དེ་ཉིད་དུ་དབང་ཇི་ལྟར་བསྐུར་ན་ནམ་ཐོ་རངས་ཀྱི་དུས་སུ་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་རྣམ་པར་བཞུགས་པ་ལ་སློབ་བུ་མཎྜལ་ཕུལ་ཏེ་གསོལ་བ་བཏབ། བླ་མས་སློབ་མ་ལ་སྔར་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་ཐིག་ལེའི་བདེ་བ་ལ་བརྟེན་ཏེ་ངོ་སྤྲད་པའི་ཡེ་ཤེས་དེ་ཉིད་ཐབས་ལས་བྱུང་བའི་དཔེའི་ཡེ་ཤེས་དུ་དུང་ཉམས་ཞེན་གྱི་སྦུབས་དང་མ་བྲལ་བ་ཉིད་ཡིན་པས། སེམས་རང་བབ་བཟོ་བཅོས་དང་བྲལ་བའི་གནས་ལུགས་བདེ་གསལ་མི་རྟོག་པའི་ཉམས་ཀྱི་ཞེན་པ་དང་བྲལ་བའི་གཉུག་མ་གཤིས་ཀྱི་ཆོས་སྐུ་རང་རིག་ཟང་ཐལ་རྗེན་པའི་ཡེ་ཤེས་དེ་ཉིད་དུས་དང་རྣམ་པར་ཐམས་ཅད་དུ་བྲལ་མ་མྱོང་ཡང་རང་ངོ་མ་ཤེས་པར་ཡོད་པ་དེ་ཉིད་མཚོན་པའི་བརྡའ་དང་། མཚོན་བྱེད་ཀྱི་ཚིག་གིས་ངོ་སྤྲོད་པ་སྟེ། དབང་བཞི་པ་འདི་ལ་རྣམ་གྲངས་ཙམ་དུ་དབྱེ་ན་ལྔ་སྟེ། སྔར་ཤེས་རབ་ཡེ་ཤེས་ཀྱིི་དབང་གི་སྐབས་སུ་དགའ་བཞི་ལུགས་འབྱུང་གི་མཐར་ཁམས་བྱང་སེམས་རླུང་གི་སྟོབས་ཀྱིས་གྱེན་དུ་ལྡོག་པས་ལུགས་ལྡོག་གི་དགའ་བ་བཞི་ཉམས་སུ་མྱོང་སྟེ་ཐིག་ལེ་སྤྱི་བོར་ཐིམ་པས་དགའ་བའི་ཉམས་ཞེན་དང་བྲལ་བའི་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་བླ་མས་ཚིག་ཙམ་གྱིས་ངོ་སྤྲད་པའི་ཚིག་གི་བཞི་པ། གལ་ཏེ་དེས་ཡེ་ཤེས་མ་སྐྱེས་ན་སླར་ཡང་ཕྱག་རྒྱ་དང་སྙོམ་པར་ཞུགས་ཏེ་དགའ་བཞི་ལུགས་འབྱུང་དང་ལུགས་ལྡོག་གི་ཐབས་ལ་བརྟེན་ནས་ངོ་སྤྲོད་པ་རྟེན་ཅན་གྱི་བཞི་པ་བློ་རབ་དབང་དུས་སམ་འབྲིང་མན་ཆད་ལ་ལམ་གོམས་པའི་མཐུ་ལ་བརྟེན་ནས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱས་ནས་སེམས་བདེ་གཤེགས་སྙིང་པོའི་ཆོས་ཉིད་མངོན་སུམ་པར་རྟོགས་པ་ནི་དོན་གྱི་བཞི་པ། དེ་ལྟར་རྟོགས་པའི་ཡེ་ཤེས་དེ་ཉིད་དུ་དུང་ཤེས་སྒྲིབ་ལྷག་མ་སྦྱང་བའི་དོན་དུ་སྒོམ་ལམ་སུ་དགུར་ཡང་དང་ཡང་དུ་གོམས་འདྲིས་སུ་བྱེད་པ་ནི་ལམ་གྱི་བཞི་པ། དེ་ལྟར་གོམས་པར་བྱས་པས་ལམ་མཐར་ཕྱིན་པའི་ཚེ་སུ་བཅུ་རྒྱུན་གྱི་ཐ་མ་ལ་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ལས་འོད་ཟེར་ཆེན་པོའི་དབང་བསྐུར་བ་ནོད་པས་དཀར་དམར་རླུང་གསུམ་དེ་ཉིད་ཀྱི་འགྱུར་བདེ་མྱོང་བའི་ཤེས་རིག་དང་བཅས་པ་རྒྱུན་ཆད་དེ་དཀར་ཆ་དག་པ་སྐུ་རྡོ་རྗེ། དམར་ཆ་དག་པ་གསུང་རྡོ་རྗེ། ཤེས་རིག་དག་པ་ཐུགས་རྡོ་རྗེ་སྟེ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་གོ་འཕང་གང་ཡིན་པ་མངོན་དུ་གྱུར་ཅིང་ཆོས་ཀྱི་སྐུའི་དགོངས་པ་བསལ་བཞག་དང་བྲལ་བ་མངོན་དུ་བྱས་པ་ནི་མཐར་ཐུག་འབྲས་བུའི་བཞི་པའོ། །འདིའི་སྐབས་སུ་དབང་དོན་གྱི་ཡེ་ཤེས་ནི་ད་ལྟ་རང་གི་སེམས་འཁྲུལ་རྟོག་འདི་ཉིད་ཀྱི་ཆོས་ཉིད་དམ་རང་བཞིན་གྱི་གནས་ལུགས་བཟོ་བཅོས་དང་བྲལ་བའི་གཤིས་འདི་ཉིད། རང་གནས་ཀྱི་ཡེ་ཤེས་རང་བཞག་གི་ཆོས་སྐུ། གཉུག་མའི་གནས་ལུགས་དོན་དམ་པའི་ཆོས་ཉིད་ཉིད་དུ་གནས་པ་དེ་ཉིད་རང་ངོ་འཕྲོད་ན་དབང་ཐོབ་པའོ། །དེ་ལྟར་དབང་བཞི་པ་བསྐུར་བས་སྒོ་གསུམ་ཆ་མཉམ་པའི་སྒྲིབ་པ་ཞེས་ཐོག་མ་མེད་པའི་དུས་ནས་རང་རྒྱུད་ལ་གནས་པའི་ལུས་ངག་ཡིད་གསུམ་གྱིས་སུ་བོན་ཕྲ་བ་དཀར་དམར་རླུང་གསུམ་ལ་བརྟེན་པའི་སྣང་གསུམ་ཕྲ་བའི་སྒྲིབ་པ་དེ་ཉིད་དག །ལམ་གནས་ལུགས་ཕྱག་རྒྱ་ཆེན་པོའམ་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །དེ་ལྟ་དབང་བཞི་པོ་དེ་དག་གི་དོན་པོ་ནི་དབང་དོན་གྱི་ཡེ་ཤེས་དེ་ཉིད་ངོ་སྤྲོད་པ་ཡིན་པས། གསང་སྔགས་ཀྱི་གཞུང་དང་མཐུན་པར་བླ་མ་དང་སློབ་མའི་མཚན་ཉིད་ཚང་ཞིང་དབང་ཇི་ལྟ་བ་བཞིན་བསྐུར་ན་བྱིན་བརླབས་འཕོ་བའི་སྟོབས་ཀྱིས་སློབ་བུ་ལ་དབང་དོན་གྱི་ཡེ་ཤེས་སྐྱེ་བ་ཡིན་མོད། འོན་ཀྱང་དུ་ལྟའི་དུས་སུ་དེ་འདྲ་བ་མི་འོང་བས་མོས་པས་སྤྱོད་པའི་བླ་སློབ་ཀྱིས་ནི་དབང་གི་ཆོ་ག་དང་ཆོ་གའི་ཡན་ལག་རྣམས་སླ་ཆོས་དང་རྩིང་སྤྱོད་དུ་མ་སོང་བར་ཕྱག་ལེན་ལ་ཐེབ་པར་བྱ་ཞིང་གསང་དབང་ཤེར་དབང་གཉིས་ཀྱང་བདུད་རྩི་དང་རིག་ཙཀ་ལ་བརྟེན་ནས་བསྐུར་ན་དམིགས་པ་ལ་དོ་གལ་དུ་བྱ་ཉམས་མྱོང་དང་ཡེ་ཤེས་ཚིག་གིས་ངོ་སྤྲོད་ཅིང་ཉམས་མྱོང་རྒྱུད་ལ་ཅི་སྐྱེས་བྱས་པས་རྒྱུད་སྣོད་རུང་དུ་གྱུར་ཏེ་དམ་ཚིག་མ་ཉམས་ཤིང་བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་བླང་བས་དབང་དོན་གྱི་ཡེ་ཤེས་རང་རྒྱུད་ལ་སྐྱེ་རུང་གི་ནུས་ལྡན་དུ་གྱུར་ན་ཡང་དབང་ཐོབ་པར་བྱ་དགོས་སོ། །དེས་ན་དབང་ཐོབ་པའི་ཚད་ནི་དབང་དོན་གྱི་ཡེ་ཤེས་དེ་དང་དེ་རྒྱུད་ལ་སྐྱེས་པའམ་སྐྱེ་ངེས་ཀྱི་ནུས་ལྡན་དུ་བྱས་པས་ན་དབང་ཐོབ་པ་ཡིན་ནོ། །དེའི་ཕྱིར་དབང་དོན་གྱི་ཡེ་ཤེས་ལ་ངེས་ཤེས་ཅུང་ཟད་ཀྱང་མ་སྐྱེས་པར་དབང་བསྐུར་གྱི་གཟུགས་བརྙན་ཙམ་བྱེད་པ་ནི་སྙིང་པོས་དབེན་པ་ཉིད་དོ། །དེ་དག་གི་མཇུག་ཏུ་དམ་ཚིག་དང་སྡོམ་པའི་གནས་ཐམས་ཅད་བསྒྲགས་ནས་ཁས་བླང་དུ་གཞུག་ཅིང་ཡོན་འབུལ་ཞིང་གཏང་རག་ཏུ་ཚོགས་ཀྱི་འཁོར་ལོ་བྱ། ཤིས་པ་བརྗོད་ཅིང་དགེ་བ་བསྔོ་བ་སོགས་བྱ་བ་ནི་མཇུག་གི་ཆོ་གའོ། །གྲངས་མེད་བསྐལ་པའི་ཡུན་ལ་མ་ལྟོས་བར། །ཚེ་གཅིག་སངས་རྒྱས་མངོན་བྱེད་རྡོ་རྗེའི་ཐེག །འདོད་ཡོན་རྒྱན་དུ་ཤར་བའི་ཁྱད་པར་ལམ། །ལམ་མཆོག་འདི་འདྲ་མཇལ་རྣམས་སྐལ་བ་བཟང་། །འོན་ཀྱང་སྙིགས་མར་སྤྱོད་པའི་གཞན་དབང་གིས། །སྨིན་གྲོལ་ལམ་གྱི་ཟབ་གནད་ཀུན་ནུབ་ཅིང་། །ཚིག་ཙམ་བོན་དུ་གྱེར་བའི་འཆོལ་སྤྱོད་ཀྱིས། །བསྟན་པའི་གཟུགས་བརྙན་ལུས་ལ་སེམས་འདི་སྐྱོ། །དེ་ལྟ་ན་ཡང་དམ་པའི་བླ་མ་ལ། །བསྟེན་ནས་མན་ངག་གནད་ཀྱི་བཅུད་བླང་སྟེ། །ཚུལ་བཞིན་ཉམས་སུ་ལེན་པའི་མོས་ལྡན་འགའ། །ཡོད་པར་གྱུར་ན་ཚུལ་འདིར་སྤྲོ་བར་འགྱུར། །དེ་ཕྱིར་དམ་པའི་གྲོགས་ཀྱི་བཀས་བསྐུལ་ནས། །བརྗོད་བྱའི་སྙིང་པོ་ཉུང་ངུའི་ངག་གིས་བཀོད། །ལོག་པར་བཤད་དང་སྦས་དོན་བཤད་ཆེས་པའི། །ནོང་པ་གང་མཆིས་ལྷ་དང་བླ་མར་བཤགས། །དགེ་ཚོགས་གང་ཞིག་མཆིས་པས་འགྲོ་བ་ཀུན། །འཁྲུལ་མེད་རྡོ་རྗེ་ཐེག་པའི་ལམ་བཟང་དང་། །མཇལ་ནས་སྨིན་བྱེད་དབང་བཞིའི་རྒྱུད་སྨིན་ཏེ། །གྲོལ་བྱེད་ལམ་གྱིས་མངོན་སངས་རྒྱ་བར་ཤོག །དེ་ལྟར་དབང་བཞིའི་གོ་དོན་ཅུང་ཟད་བཀྲལ་བ་འདི་ཉིད་རྡོ་རྗེའི་མཆེད་དམ་ཚེ་དབང་བཟང་པོའི་བསྐུལ་བའི་ནན་ངོར་མ་ལྡོག་པར་དུག་ལྔ་མེ་འབར་དཔལ་དགེ་ཧྲལ་བོས་རྒྱལ་འཕགས་རི་ཁྲོད་དུ་བློ་ཐོག་ནས་ཤར་མར་བྲིས་པ་དགེའོ། །དགེའོ། །དགེའོ།། །།

བསྐྱེད་རྫོགས་ཀྱི་སྤྱི་དོན་ཐབས་ལམ་སྙིང་པོ།

༄༅། །བསྐྱེད་རྫོགས་ཀྱི་སྤྱི་དོན་ཐབས་ལམ་སྙིང་པོ་ཞེས་བྱ་བཞུགས་སོ། །

གཞི་ཡི་དཀྱིལ་འཁོར་རྣམ་བཞིར་ལམ་དུས་ཀྱི། །དཀྱིལ་འཁོར་བཞི་ཡི་རྐྱེན་གྱིས་ཟིན་པ་ལས། །མཐར་ཐུག་འབྲས་བུའི་དཀྱིལ་འཁོར་རྣམ་པ་བཞིར། །སྨིན་མཛད་དཀྱིལ་འཁོར་ཀུན་བདག་བླ་མར་འདུད། །རྡོ་རྗེ་འཆང་དབང་སྒྲུབ་པའི་ཐབས་ཚུལ་གྱིས། །ལམ་ཀུན་རིམ་པ་གཉིས་སུ་སྡུད་མཛད་པའི། །གསང་བདག་དཔའ་བོ་དེ་དང་དེ་ཉིད་ཀྱི། །རྣམ་རོལ་རྡོ་རྗེ་འཛིན་པ་གཉིས་པས་སྐྱོངས། །དེ་ལ་འདིར་སྐལ་པ་དང་ལྡན་པའི་གང་ཟག་ཐེག་པ་མཆོག་གི་བཞོན་པས་རྣམ་པར་གྲོལ་པའི་ཁང་བཟང་དུ་འཇུག་པར་འདོད་པ་དག་གིས་ཐོག་མར་ཤེས་པར་བྱ་བའི་གནས་ནི། གང་ཞིག་རང་གི་འབྲས་བུ་དོན་དུ་གཉེར་བ་ལ་དེ་མེད་ན་མི་འབྱུང་གི་རྒྱུའི་ངོ་བོར་གནས་པ་གཞི་ལམ་གྱི་རྣམ་པར་བཞག་པ་དག་ཉིད་ཡིན་ན། འདིར་ཡང་རེ་ཞིག་དེ་ཉིད་མདོར་བསྡུས་ཏེ་བརྗོད་པར་བྱའོ། །དེ་ཡང་གཞི་དུས་ཀྱི་དཀྱིལ་འཁོར་བཞི་དང་ལྡན་པའི་ཀུན་གཞི་ཉིད་ནི་ཉེར་ལེན་གྱི་རྒྱུ་དང་། དེ་ཉིད་འབྲས་དུས་ཀྱི་སྐུ་བཞིའི་དཀྱིལ་འཁོར་བཞིར་འབྱིན་བྱེད་ཀྱི་ཐབས་སུ་གྱུར་པ་ལམ་དུས་ཀྱི་དཀྱིལ་འཁོར་བཞི་རྗེས་འབྲང་དང་བཅས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཏེ་རྒྱུ་རྣམ་པ་གཉིས་ཀྱི་ངོ་བོར་གནས་སོ། །དེ་ལས་ལྷན་ཅིག་བྱེད་རྐྱེན་ནམ་ལྷན་ཅིག་བྱེད་པའི་རྒྱུའི་ངོ་བོ་ལམ་གྱི་རྣམ་པར་བཞག་པ་ཉིད་འཆད་པ་ལ། སྤྱིར་བཏང་རྒྱུ་དང་འབྲས་བུའི་ཐེག་པའི་རྣམ་བཞག་ཇི་སྙེད་ཅིག་མཆིས་པ་ལས། བྱེ་བྲག་ཏུ་སྙིགས་དུས་ཀྱི་མི་ཚེ་ཐུང་དུ་གཅིག་ལ་དཀའ་ཚེགས་ཆུང་ངུས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་སྒྲུབ་པར་བྱེད་པའི་ཐབས་སུ་གྱུར་པ་ནི་སྤྱིར་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་དང་། ཁྱད་པར་དུ་གསང་སྔགས་བླ་མེད་ཀྱི་རྒྱུད་ཉིད་ཡིན་ལ། དེ་ཡང་རྒྱུའི་ཐེག་པས་བསྐལ་པ་གྲངས་མེད་གསུམ་མམ་བདུན་ལ་སོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་ལྟ་བུ་བསགས་ནས་ཚེགས་ཆེན་པོས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་གསུངས་པ་གང་ཞིག །འདིར་དཀའ་ཚེགས་ཆུང་ངུས་ཚེ་གཅིག་གིས་མཐར་ཐུག་གི་འབྲས་བུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དེ་ཉིད་མངོན་དུ་འཐོབ་པའི་རྒྱུ་མཚན་ཡང་ཅི་ཞིག་ཡིན་སྙམས་པ་ལ། ཁ་ཅིག་ལྷའི་རྣལ་འབྱོར་སྒོམ་དུ་ཡོད་པའི་རྒྱུ་མཚན་ཙམ་གྱིས་ཡིན་ནོ་སྙམ་དུ་སེམས་ན་ཡང་། མི་འཐད་དེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་མདོ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལ་སོགས་པ་ལས་ཀྱང་ལྷའི་རྣལ་འབྱོར་སྒོམ་པ་ཙམ་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་གསང་སྔགས་ཀྱི་ལམ་འདིར་སེམས་ཀྱི་ཆོས་ཉིད་དམ་སྟོང་ཉིད་རྟོགས་པའི་ཐབས་བསྟན་པའི་རྒྱུ་མཚན་གྱིས་ཡིན་ནོ་ཞེས་ཟེར་ན་ཡང་། མ་ཡིན་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ཐེག་ཆེན་ངེས་དོན་གྱི་མདོ་སྡེ་མཐའ་དག་ལས་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་ཚོགས་བསགས་པའི་ཐབས་ཀྱི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པས་ཏེ། དཔེར་ན་རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་བཞུགས་པར་མོས་པ་དང་། དེ་དག་ལ་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པའི་མཆོད་པའི་རྣམ་རོལ་ལྟ་བུ་ཡིད་ཀྱིས་སྤྲུལ་ནས་ཕུལ་བས་བསྐལ་པ་གྲངས་མེད་དུ་མའི་ཚོགས་སྐད་ཅིག་རེ་རེས་ཀྱང་འདུམ་པར་འགྱུར་བའི་རྒྱུ་མཚན་གྱིས་ཡིན་ནོ་ཞེས་ཟེར་བ་ཡང་མི་འཐད་དེ། དེ་དག་ནི་ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་ཀྱང་རྒྱ་ཆེར་བཤད་དེ། བཟང་པོ་སྤྱོད་པའི་སྨོན་ལམ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དང་། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་དང་། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །ཞེས་པ་ལ་སོགས་པ་མང་དུ་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་གསང་སྔགས་ནི་འབྲས་བུ་ལམ་བྱེད་ཀྱི་ཐེག་པ་ཡིན་པའི་ཕྱིར་ཚོགས་གཉིས་མ་བསགས་པར་ཡང་ཚེ་གཅིག་གིས་སངས་རྒྱས་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཧ་ཅང་མི་འཐད་དེ། རྒྱུ་མེད་པའི་འབྲས་བུ་འབྱུང་མི་སྲིད་པའི་ཕྱིར་དང་། གལ་ཏེ་འབྲས་བུ་ལམ་དུ་བྱེད་པའི་རྒྱུ་མཚན་གྱིས་འབྲས་བུ་གཞན་ནས་བཙལ་མི་དགོས་པ་ཞིག་ནའང་། གཞི་དུས་སུ་ལམ་དུ་བྱེད་རྒྱུའི་སྐུ་བཞི་ལ་སོགས་པ་དེ་དག་ཉིད་གང་གིས་འབྲས་བུར་སྨིན་པར་བྱེད་པའི་ཐབས་སུ་གྱུར་པ་དེ་ཡང་རྒྱུའི་བྱེ་བྲག་བྱེད་པའི་རྒྱུ་ཞེས་བྱ་བ་ཉིད་ཡིན་ཞིང་། དེ་ཡང་ཚོགས་གཉིས་གང་རུང་ལས་མ་འདས་པའི་ཕྱིར་རོ། །དེས་ན་ལྟ་བ་ངན་པའི་ཐིབ་པོ་མཐའ་དག་ཉེ་བར་བསལ་ཏེ། ཡང་དག་པའི་སྣང་བ་དམ་པ་སྦྱིན་པ་ལ། སྤྱིར་བཏང་ལས་འབྲས་ལ་དགེ་མི་དགེའི་ལུང་མ་བསྟན་དང་གསུམ་དུ་ཡོད་པ་ལས། དགེ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་རྒྱུ་དང་བཅས་པ་ཉིད་ཡིན་ལ། མི་དགེ་བ་ནི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་ཉིད་ཡིན་ཞིང་ལུང་མ་བསྟན་པ་ནི་བདེ་སྡུག་གི་འབྲས་བུ་འབྱིན་པར་མི་བྱེད་པའི་ལས་དང་རྣམ་སྨིན་དག་གོ། །དེ་ལས་ལུང་མ་བསྟན་གྱི་ལས་འབྲས་དགེ་བར་བསྒྱུར་བའི་ཐབས་ནི་མདོ་ལམ་ལས་ཀྱང་བཤད་མོད་དེ། མི་དགེ་བའི་ལས་འབྲས་དགེ་བར་སྒྱུར་བའི་ཐབས་ནི་གསང་སྔགས་ཀྱི་གཞུང་ཁོ་ན་ལས་གཞན་དུ་མ་བཤད་ལ། གསང་སྔགས་ལས་དེ་ལྟར་བཤད་པ་དེ་ཡང་ཆོས་ཐམས་ཅད་དག་མཉམ་ཆེན་པོར་རྟོགས་པས་འཁོར་འདས་དབྱེར་མེད་དུ་ལྟ་བ་ལ་བརྟེན་ནས། མཉམ་པའི་སྒོམ་པ་དང་། མཉམ་པའི་སྤྱོད་པ་དག་ལ་རིམ་བཞིན་བསླབས་པས་སྒོ་གསུམ་གྱི་འདུ་བྱེད་མཐའ་དག་ཚོགས་གཉིས་ཀྱི་ལམ་དུ་སྒྱུར་བར་བྱེད་པའི་གནད་འདིའི་ཡིན་ཏེ། དེས་ན་མདོ་ལམ་གྱི་ཚོགས་གསོག་པ་ལ་རྒྱུན་ཆད་དམ་རེས་འཇོག་ཡོད། སྔགས་ལམ་གྱིས་ཚོགས་གསོགས་པ་ལ་རྒྱུན་ཆད་དམ་རེས་འཇོག་མེད་དེ། ཆོས་ཐམས་ཅད་ལ་བླང་དོར་མེད་པའི་བསམ་སྤྱོད་དང་ལྡན་པས་ལས་གསུམ་གྱི་གནས་སྐབས་མཐའ་དག་དགེ་བའི་ལམ་དུ་བསྒྱུར་བའི་ཕྱིར་རོ། །རྒྱུ་མཚན་འདི་ལ་དགོངས་ནས་ཐབས་ཤེས་ཁྱད་པར་ཅན་གྱིས་མཚན་རྟོག་སྡོམ་པ་ཉིད་སྔགས་སྡོམ་གྱི་ངོ་བོར་ཡང་བཞག་སྟེ། མཉམ་པའི་སྒོམ་སྤྱོད་དག་ཐབས་ཁྱད་པར་ཅན་དང་། མཉམ་པའི་ལྟ་བ་ཤེས་རབ་ཁྱད་པར་ཅན་ཡིན་པའི་ཕྱིར་དང་། དེ་ཉིད་ཀྱིས་མ་དག་པའི་མཚན་རྟོག་མཐའ་དག་བསྡམས་པ་ན་ཉེས་སྤྱོད་ཉུང་ངུ་ཙམ་ཞིག་ཡུལ་དུས་རེས་འགའ་བ་ཞིག་ཏུ་སྤངས་པ་ལས་ཆེས་ཁྱད་པར་དུ་འཕགས་པར་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་པའི་ཕྱིར་རོ། །འོ་ན་དེ་ལྟ་བུའི་ཐབས་ཤེས་ཁྱད་པར་ཅན་དེ་གསང་སྔགས་ཀྱི་གཞུང་ནས་ཇི་ལྟར་བཤད་སྙམས་ན། འདི་ལ་རྒྱུད་སྡེ་བཞི་པོ་སོ་སོའི་དགོངས་པ་ཐ་དད་པར་བཤད་དུ་ཡོད་ནའང་། རེ་ཞིག་རྒྱུད་སྡེ་འོག་མ་གསུམ་པོའི་ལམ་གནད་མཐའ་དག་ནི། བླ་མེད་ཀྱི་རྒྱུད་དོན་དུ་འདུ་བའི་ཕྱིར་འདིར་དེ་ཉིད་འཆད་པ་ལ་གསང་སྔགས་བླ་ན་མེད་པ་རྣལ་འབྱོར་ཆེན་པོའི་ལམ་གྱིས་སུ་ཐམས་ཅད་དབང་བཞིའི་ཁོང་ནས་འཛིན་དགོས་པ་དང་། དབང་བཞིའི་རུ་བ་ལས་ནམ་ཡང་མི་འདའ་བའི་ཚུལ་འདི་ཐོག་མ་ཁོ་ནར་མི་ཤེས་སུ་མི་རུང་སྟེ། འདི་ཁོང་དུ་ཆུད་པར་མ་གྱུར་ན་དབང་བཞིའི་ལམ་ལ་མ་འདུས་པའི་རྣལ་འབྱོར་བླ་མེད་ཀྱི་ལམ་གཞན་ཡང་ཡོད་དམ་སྙམ་དུ་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་རོ། །དེས་ན་གསང་སྔགས་བླ་མེད་ཀྱི་ལམ་ཡིན་ན་དབང་བཞི་པོ་གང་རུང་གི་ལམ་ཡིན་པས་ཁྱབ་ཅེས་ཀྱང་བྱ། དེ་ལྟ་བུའི་དབང་བཞིའི་ལམ་དེ་ཡང་སྤྱིར་བཏང་འབྲས་བུ་ལམ་བྱེད་ཡིན་པ་སྨོས་མ་དགོས་ཀྱང་། བྱེ་བྲག་ཏུ་ཁ་ཅིག་ཆོས་གཟུགས་ཀྱི་སྐུ་གཉིས་ལམ་དུ་བྱེད་པའི་སྒོ་ནས་བསྐྱེད་རྫོགས་གཉིས་སུ་བསྡུ་བར་མཛད། ཁ་ཅིག་སྐུ་གསུམ་ལམ་དུ་བྱེད་པའི་སྒོ་ནས་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་བསྡུ་བར་ཡང་མཛད། ཁ་ཅིག་སྐུ་བཞི་ལམ་དུ་བྱེད་པའི་སྒོ་ནས་བསྐྱེད་རྫོགས་ཡན་ལག་བཞིར་དབྱེ་བར་ཡང་མཛད་དེ། དེ་དག་གང་ཡིན་ཀྱང་སྦྱང་གཞི། སྦྱོང་བྱེད། སྦྱང་བྱ། སྦྱངས་འབྲས་ཏེ་བཞི་བཞི་ཚང་བ་ཞིག་ནི་ཅི་ནས་ཀྱང་དགོས་ལ། དབྱེ་བསྡུའི་རྣམ་གྲངས་དེ་དག་ཀྱང་དགོས་པའི་དབང་གིས་དབྱེ་སྒོ་ཐ་དད་པར་བསྟན་པ་ཙམ་ལས་དབྱེ་ངོ་ནི་གཞན་མ་ཡིན་ཏེ། འདི་ལྟར་བསྐྱེད་རྫོགས་གཉིས་སུ་བསྡུ་བའི་སྐབས་དེར་ཡང་། བུམ་དབང་གི་ལམ་བསྐྱེད་པའི་རིམ་པ་དང་། མཆོག་དབང་གོང་མ་གསུམ་གའི་ལམ། རིམ་པ་གཉིས་ཀྱི་ཟླས་ཕྱེ་བའི་རྫོགས་རིམ་དུ་འཇོགས་པར་མཛད་པའི་ཕྱིར་དང་། བསྐྱེད་རྫོགས་གསུམ་དུ་འཇོག་པའི་སྐབས་དེར་ཡང་རིམ་པ་དང་པོ་སྔར་ལྟར་ལས། རིམ་པ་གཉིས་པ་ལ་མཚན་བཅས་དང་མཚན་མ་མེད་པའི་རྫོགས་རིམ་གཉིས་སུ་དབྱེ་བ་སྟེ། གསང་དབང་དང་ཤེར་དབང་གི་ལམ་དག་ནི་མཚན་བཅས་ཀྱི་རྫོགས་རིམ་ཞེས་རྫོགས་རིམ་ཙམ་པོ་དང་། ཚིག་དབང་གི་ལམ་ནི་རིམ་པ་གཉིས་པའི་རིམ་པ་གཉིས་པ་མཚན་མ་མེད་པའི་རྫོགས་རིམ་སྟེ་རྫོགས་པ་ཆེན་པོའི་སྒྲས་བརྗོད་པ་ཉིད་ཡིན་པའི་ཕྱིར་དང་། བསྐྱེད་རྫོགས་ཡན་ལག་བཞིར་དབྱེ་བའི་སྐབས་དེར་ཡང་། བསྐྱེད་རིམ་དབྱིབས་ཀྱི་ལམ་ལ་སོགས་པ་དབང་བཞི་པོའི་ལམ་སོ་སོར་ཕྱེ་ནས་འཇོག་པར་མཛད་པ་ཙམ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དབང་བཞིའི་ལམ་དེ་དག་ཐབས་ཤེས་ཁྱད་པར་ཅན་དུ་འཇོག་པའི་རྒྱུ་མཚན་ཡང་། དཔེར་ན་ཙནྡན་ལས་བྱུང་བའི་མེ་དེ་ནི་མེ་ཕལ་བ་ལས་བདུན་འགྱུར་གྱིས་ཚ་བར་བཤད་པ་ལྟར། ཐབས་ཁྱད་པར་ཅན་ལས་བྱུང་བའི་ཤེས་རབ་དེ་ཡང་ཤེས་རབ་ཁྱད་པར་ཅན་ཡིན་ཏེ། རྣམ་པར་གྲོལ་བའི་ལམ་གཅོད་པ་ལ་ཆེས་མྱུར་བ་དང་སྟོབས་ཆེ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་མཚན་མ་དང་བཅས་པའི་རྣལ་འབྱོར་རྣམས་ནི་ཐབས་ཁྱད་པར་ཅན་དེ་རིམ་པ་དང་པོ་དང་། རིམ་པ་གཉིས་པའི་ཡང་ཕྱོགས་གཅིག་སྟེ་སྒྱུ་ལུས་སྦྱོར་བ་དང་བཅས་པ་རྣམས་སོ། །མཚན་མ་མེད་པའི་རྫོགས་རིམ་རྗེས་འབྲང་དང་བཅས་པ་ནི་ཤེས་རབ་ཁྱད་པར་ཅན་ཏེ་འོད་གསལ་རྫོགས་པ་ཆེན་པོ་ཉིད་དོ། །འདིར་ཟུང་འཇུག་ནི་གཞན་མ་ཡིན་ཏེ་འོད་གསལ་ཉིད་ལ་སྣང་སྟོང་ཟུང་འཇུག་གི་འོད་གསལ་གསུམ་དུ་དབྱེ་བའི་རྣམ་གྲངས་ཙམ་ཡིན་པའི་ཕྱིར་རོ། །འདི་དག་སྔགས་རང་ལམ་གྱི་ཞི་ལྷག་གཉིས་དང་། བདེན་པ་གཉིས་ཀྱང་ཡིན་ལ། དེ་བཞིན་དུ་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་བཞག་པ་དེ་ཡང་སྔགས་རང་ལམ་གྱི་བསླབ་པ་གསུམ་ཡིན་པའང་ཤེས་པར་བྱའོ། །དེ་རྣམས་བསྐྱེད་རྫོགས་སུ་འཇོག་བྱེད་ལའང་སྔོན་གྱི་བདག་ཉིད་ཆེན་པོ་རྣམས་གཞིའི་སྒོ་ནས་འཇོག་པར་མཛད་པ་དང་། ལམ་གྱི་སྒོ་ནས་འཇོག་པར་མཛད་པ་དང་། འབྲས་བུའི་སྒོ་ནས་འཇོག་པར་མཛད་པ་སོགས་བཞེད་པ་མི་འདྲ་བ་ཇི་རིགས་སྣང་ན་ཡང་། གོང་དུ་སྨོས་པའི་འབྲས་བུ་ལམ་དུ་བྱེད་པའི་ཚུལ་འདི་ཙམ་ཞིག་ནི་ཀུན་གྱིས་ཐུན་མོང་དུ་ཁས་བླངས་པར་བྱ་བ་ཉིད་ཡིན་ནོ། །དེ་ནས་འདིར་དབྱེ་བསྡུ་དེ་དག་ལས་གང་ལྟར་བཞག་ཀྱང་འགལ་བ་མེད་མོད་དེ། རེ་ཞིག་རྒྱུད་སྡེ་རྙིང་མ་ཕལ་ཆེར་ལ་ཡོངས་སུ་གྲགས་པ་བཞིན་འཇུག་སྒོ་དབང་གི་གྲངས་དང་མཚུངས་པར་བསྐྱེད་རྫོགས་ཡན་ལག་བཞི་ཉིད་བརྗོད་པར་བྱ་སྟེ། འདི་ཉིད་ཀྱི་ཁོངས་སུ་གཞན་རྣམས་ཀྱང་ཞར་ལ་འདུ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དབང་བཞི་དང་འབྲེལ་བའི། ལམ་བཞི།༡ ལྟ་བ་བཞི།༢ གྲུབ་མཐའ་བཞི།༣ འདའ་ག་མ་བཞི།༤ འབྲས་བུ་བཞི་༥སྟེ་ལྔ། བཞི་ཉི་ཤུ་ཐམ་པ་ལ་ལམ་སོགས་ཆོས་ཉི་ཤུ་ཞེས་བྱའོ། །དེ་ལས་དང་པོ་བུམ་པའི་དབང་གི་ལམ་སོགས་ཆོས་ལྔ་བཤད་པ་ལ་ལྔ་ལས། དང་པོ་བུམ་དབང་གི་ལམ་ནི་བསྐྱེད་རིམ་དབྱིངས་ཀྱི་ལམ་ཞེས་བྱ་སྟེ། སྔ་འགྱུར་རྒྱུད་ལུང་གཉིས་ཀ་ལ་ཁྱབ་པ་དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་བའི་ལེའུ་བཅུ་གསུམ་པ་གྲོལ་ལམ་ལྟ་བའི་བཤགས་པས་ཀུན་གཞི་རྒྱུ་རྒྱུད་ལེགས་པར་གཏན་ལ་ཕབས་ནས། ལེའུ་བཅུ་བཞི་པ་ཐབས་ལམ་དབང་གི་བཤགས་པ་ལས། ༀ། བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང་། སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ། །དུག་ལྔ་རྣམ་དག་རིགས་ལྔ་ཡབ་ཡུམ་སྐུ། །བསྐྱེད་རིམས་དབྱིངས་ཀྱི་ལམ་དུ་མ་ཤེས་བཤགས། །ཞེས་གསུངས་ཏེ། དེའི་དོན་ཡང་རང་ཉིད་གཉུགས་མའི་ལྷར་གསལ་བའི་ཐུགས་ཀའི་སུ་བོན་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་དང་དབྱེར་མ་མཆིས་པའི་དཔལ་ཧེ་རུ་ཀ་ལ་སོགས་པ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་རྣམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས། དེ་ལ་ཡན་ལག་བརྒྱད་པ་ལ་སོགས་པའི་ཕྱག་མཆོད་འབུལ་བ་སྔོན་དུ་འགྲོ་བས་ཚོགས་ཞིང་རང་ལ་བསྟིམས་ཏེ། ལུས་དཀྱིལ་གྱི་སྲུང་འཁོར་དང་གཞལ་ཡས་ཁང་བསྒོམ་ནས། དེ་ཉིད་ཀྱི་གནས་ལྔར་དུག་ལྔ་དང་། ཕུང་པོ་ལྔ་ལ་སོགས་པ་རྣམ་པར་དག་པ་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བསྒོམ་པ་སྟེ། འདིར་ཡང་གཞི་དུས་ཀྱི་སྐྱེ་བའི་རིམ་པ་དང་མཐུན་པར་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དམ། མངོན་བྱང་ལྔ་བསྐྱེད་ལྟ་བུས་རིམ་གྱིས་བསྐྱེད་ནས་བསྒོམ་དགོས་པའི་ཕྱིར་དང་། ལྷ་སྐུའི་དབྱིབས་དང་ཁ་དོག་སྒོམ་པའི་རྣལ་འབྱོར་ཉིད་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །འདི་ལ་གཞུང་གཞན་ལས་སྙིང་ཁར་ཞི་བའི་དཀྱིལ་འཁོར་དང་། སྤྱི་བོར་ཁྲག་ཐུང་གི་དཀྱིིལ་འཁོར་སྒོམ་པ་སོགས་ལུས་དཀྱིལ་འགོད་ལུགས་འདྲ་མིན་ཇི་རིགས་གསུངས་པ་རྣམས་ཀྱང་འདིར་བསྡུ་བར་བྱ་ཞིང་གནས་ལྔའི་དཀྱིལ་འཁོར་སྒོམ་པ་ཡང་ཐོག་མ་སྙིང་ག་ནས་རིམ་གྱིས་སྒོམ་དགོས་པ་སོགས་རྒྱུ་མཚན་དུ་མ་ཡོད་དོ། །གཉིས་པ་བུམ་དབང་གི་ལྟ་བ་ནི་ངོ་བོ་ཉིད་གསུམ་ཞེས་བྱ་བ་སྟེ། རྒྱུད་དྲི་མ་མེད་པའི་རྒྱལ་པོ་དེ་ཉིད་ལས། ལུས་སེམས་ཡོད་ན་ཟུང་འཇུག་གནས་པ་ལ། །སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་མ་ཤེས་ཏེ། །མཉམ་བཞག་རྗེས་ཐོབ་ཉམས་ལེན་སྐྱོང་མ་ཤེས། །ངོ་བོ་ཉིད་གསུམ་ལྟ་བའི་ཀློང་དུ་བཤགས། ཞེས་གསུངས་པ་ལྟར། སྣང་ཕྱོགས་ཀྱི་ངོ་བོ་ཉིད་༡དང་། སྟོང་ཕྱོགས་ཀྱི་ངོ་བོ་ཉིད་༢དང་། ཟུང་འཇུག་གི་ངོ་བོ་ཉིད་༣དེ་གསུམ་གྱིས་སྒོ་གསུམ་གྱི་སྣང་སྤྱོད་མཐའ་དག་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་གཏན་ལ་ཕབས་ནས་མཉམ་བཞག་ཏུ་བློ་བྲལ་གྱི་དོན་ལ་སེམས་རྩེ་གཅིག་པ་དང་། རྗེས་ཐོབ་ཏུ་ལྷར་སྣང་སྒྱུ་མ་ལྟ་བུར་ལམ་དུ་བྱེད་པ་གཉིས་རེས་མོས་སུ་བསྒོམས་པས་ནམ་ཞིག་མཉམ་རྗེས་ལ་རེས་འཇོག་མི་དགོས་པར་ཟུང་དུ་འཇུག་པར་འགྱུར་བ་ཡིན་ནོ། །གསུམ་པ་བུམ་དབང་གི་གྲུབ་མཐའ་ནི། འཁོར་འདས་དབྱེར་མེད་ཅེས་བྱ་བ་སྟེ། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་དེ་ཉིད་ལས། ཡེ་ནས་འཁོར་འདས་དབྱེར་མེད་ཡིན་པ་ལ། །སྣོད་བཅུད་གཞལ་ཡས་ཁང་དང་ལྷར་མ་ཤེས། །འབྱུང་བཞིའི་ཆོས་ལ་མངའ་དབང་མ་བརྙེས་པ། །གྲུབ་མཐའ་འཁོར་འདས་དབྱེར་མེད་ངང་དུ་བཤགས། །ཞེས་གསུངས་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པའི་ཆོས་ཉིད་དམ་དེ་བཞིན་ཉིད་ནི་ཆོས་ཀྱི་སྐུ་ཡིན་པར་ཉན་ཐོས་ཀྱི་ཐེག་པ་ཡན་ཆད་ལ་གྲགས་པ་སྟེ། དཔེར་ན་ཤཱ་རིའི་བུ་དང་། རྣ་བ་བྱེ་བ་རི་དྭགས་ཀྱིས་སློབ་དཔོན་གཞན་འཕགས་པ་རྟ་ཐུལ་དང་། ཀ་ཏའི་བུ་ཆེན་པོ་དག་ལ་བརྟེན་ནས་བདེན་པ་མཐོང་བར་གྱུར་པ་ན། དེ་དག་ན་རེ། བདག་ཅག་གི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་མཐོང་ན་གཟུགས་ཀྱི་སྐུ་ནི་མ་མཐོང་བས་མཇལ་བར་འདོད་དོ་ཞེས་སྨྲས་པ་ལྟ་བུ་སྟེ། ཚུལ་འདི་ནི་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དབྱེར་མེད་པའི་རྒྱུ་མཚན་གྱིས་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འབྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གསུངས། ཞེས་དང་། དབུ་མ་རྩ་བའི་དེ་བཞིན་གཤེགས་པ་བརྟགས་པ་སྟེ་རབ་བྱེད་ཉེར་གཉིས་པ་ལས་ཀྱང་། དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་བའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་སོགས་གསུངས་ཤིང་། རྒྱལ་བའི་ཡུམ་ལས་ཀྱང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་དབྱེར་མེད་པར་གསུངས་པས་སོ། །དོན་འདི་ཙམ་ལ་དགོངས་ནས་མདོ་ལམ་དུའང་འཁོར་འདས་དབྱེར་མེད་དུ་བཤད་པ་ཡོད་དེ། དབུ་མ་རྩ་བའི་མྱང་འདས་བརྟགས་པ་སྟེ་རབ་བྱེད་ཉེར་ལྔ་པ་ལས། འཁོར་བ་མྱ་ངན་འདས་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པའང་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །རབ་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའོ། །འོ་ན་སྔགས་ལམ་གྱི་འཁོར་འདས་དབྱེར་མེད་དེ། དེ་ལས་ཅི་ཞིག་གིས་ཁྱད་པར་དུ་འཕགས་སྙམས་པ་ལ། འདི་ནི་དེ་བཞིན་ཉིད་ཆོས་ཀྱི་སྐུར་འཁོར་འདས་དབྱེར་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། བདེན་པ་གཉིས་དབྱེར་མེད་པའི་རྒྱུ་མཚན་གྱིས་སྟོང་ཉིད་ཆོས་སྐུ་ཡིན་པ་སྒྲུབ་བྱེད་དུ་བཀོད་ནས་སྟོང་གཞི་ཆོས་ཅན་གཟུགས་ཀྱི་སྐུར་བསྒྲུབས་ཏེ་ཀུན་རྫོབ་ཏུ་ཡང་འཁོར་འདས་དབྱེར་མེད་པར་འདོད་པས་རབ་ཏུ་ཕྱེ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་སྒྱུ་འཕྲུལ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་བདེན་པ་གཉིས་དབྱེར་མེད་པ་ནི། ཤེས་རབ་སྙིང་པོ་ལས། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཞེས་སོགས་གསུང་པའི་དོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཀུན་རྫོབ་ལས་ནི་ལོགས་ཤིག་ཏུ། །དོན་དམ་ཉེ་བར་མ་དམིགས་སོ་ཞེས་དང་། དབུ་མ་རྩ་བའི་འཕགས་པའི་བདེན་པ་བརྟགས་པའི་རབ་བྱེད་ལས། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་བདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གཞི་གྲུབ་ལ་རྟེན་འབྱུང་གིས་ཁྱབ་ཅིང་རྟེན་འབྱུང་ལ་སྟོང་ཉིད་ཀྱིས་ཁྱབ་པ་དང་། སྟོང་ཉིད་མ་ཡིན་པའི་ཆོས་འགའ་ཡང་མེད་པར་གསུངས་པ་ལྟ་བུའོ། །དེ་ལྟར་ན་སྟོང་ཉིད་ཆོས་སྐུ་ཡིན་པའི་རྒྱུ་མཚན་གྱིས། དེའི་སྟོང་གཞི་ཆོས་ཅན་གཟུགས་ཀྱི་སྐུ་ཡིན་དགོས་པར་འགྱུར་ཏེ། ཆོས་སྐུའི་རྟེན་གཟུགས་སྐུ་ཡིན་པའི་ཕྱིར་དང་། བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རོ། །འོ་ན་ཆོས་ཅན་གཟུགས་ཀྱི་སྐུ་ཡིན་པར་གསང་སྔགས་ཀྱི་རྒྱུད་ལས་ཇི་ལྟར་བཤད་སྙམ་ན། གསང་བ་འདུས་པ་ལས། གཟུགས་ནི་རྣམ་པ་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་ཉིད། །ཅེས་སོགས་གསུང་པ་དང་མཐུན་པར་སྒྱུ་འཕྲུལ་རྩ་རྒྱུད་ལས། ཨེ་མ་ཧོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས་པ་ལྟར་ཏེ། འདི་ཡང་རྟེན་འབྱུང་གཞན་དབང་གི་ངོས་ནས་བཞག་པ་ཡིན་གྱི། སྣང་ཚད་ཀུན་བཏགས་ཀྱི་ངོས་ནས་བཞག་པ་ནི་མ་ཡིན་ཏེ། དེ་ཉིད་མེད་སྣང་གློ་བུར་བའི་དྲི་མ་ཡིན་པའི་ཕྱིར་རོ། །འོ་ན་སྣང་སྲིད་དག་མཉམ་ཆེན་པོ་ལ་མ་དག་པའི་དྲི་མ་གཞན་ཡང་ཡོད་དམ་ཞེ་ན་མ་ཡིན་ཏེ། འདི་ནི་དོན་ལ་མེད་ཀྱང་འཁྲུལ་ངོར་སྣང་བ་མིག་ཡོར་ལྟ་བུ་སྟེ་བླ་མའི་གདམས་ངག་གིས་ངོ་སྤྲོད་པར་བྱ་བ་ཉིད་དང་། སེམས་ཀྱི་འཁྲུལ་པ་ཡང་ཐབས་ཀྱིས་སྦྱང་བར་བྱ་བ་ཉིད་དོ། །དེ་ལྟར་སོ་སོའི་སྐྱེ་བོའི་གནས་སྐབས་སུ་འཁོར་འདས་དབྱེར་མེད་ཀྱི་དོན་སྤྱི་ཙམ་ངེས་པར་གྱུར་ནས། བྱེ་བྲག་ཏུ་རྒྱུ་ལམ་འབྲས་བུའི་ལྷན་སྐྱེས་གསུམ་གྱི་རིམ་པས་སྣོད་བཅུད་གཞལ་ཡས་ཁང་དང་ལྷར་རྟོགས་པ་གྲུབ་མཐའ་སྙོགས་ཏེ་འཕགས་སུ་དྲུག་ཏུ་འབྱུང་བཞིའི་ཆོས་ལ་མངའ་དབང་བསྒྱུར་ནས་སྟོང་གསུམ་ཡོང་འབྲུར་ཆུད་པ་ལ་སོགས་པའི་རྫུ་འཕྲུལ་སྟོན་ནུས་པ་སྟེ། ལུས་ནམ་སྨིན་གྱི་ཕུང་པོའི་སྦུབས་ནས་སེམས་ལྷ་སྐུར་ཡོངས་སུ་སྨིན་པས་ན་མ་དག་སྒྱུ་མའི་སྐུ་རྣམ་པར་སྨིན་པའི་རིག་འཛིན་ཅེས་བྱའོ། །བཞི་པ་བུམ་དབང་གི་འདའ་ཁ་མ་ནི། དེ་ལྟར་གྲུབ་མཐའ་མ་སྙོགས་ན་གོང་དུ་འཕོ་བ་ཞེས་བྱ་བ་སྟེ། སྔར་སྨོས་པའི་དྲི་མེད་རྒྱལ་པོའི་རྒྱུད་དེ་ཉིད་ལས། ཡེ་ནས་སྐྱེ་ཤི་མེད་པར་མ་ཤེས་པས། །མ་རྟོགས་འཆི་དུས་སྣང་བ་སྒྱུར་བ་དང་། །འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་མ་ཤེས། །འདའ་ཁ་འཆི་དྲོད་ངང་དུ་བཤགས་པར་བགྱི། །ཞེས་གསུངས་པ་ལྟར། སྣང་བ་སྒྱུ་མའི་འདའ་ཁ་མ། །འོད་ཀྱི་གོང་བུའི་འདའ་ཁ་མ། །སྒྲ་ཡི་འཕོ་བའི་འདའ་ཁ་མ་སྟེ་གསུམ་ལས། དང་པོ་ནི། དེ་ལྟར་རིམ་པ་དང་པོའི་ལམ་ལ་སློབ་པའི་གང་ཟག་དེས་ལམ་མཐར་མ་ཕྱིིན་པར་གློ་བུར་དུ་འཆི་ན། དེའི་དུས་སུ་སེམས་ཉིད་ཡེ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་ལ་སྐྱེ་འཆི་རང་མཚན་པ་མེད་པའི་ངེས་པ་དྲངས་ནས། སྣོད་དང་བཅུད་ཀྱི་རྣམ་པ་དབང་པོའི་ཡུལ་དུ་གང་སྣང་བ་ཐམས་ཅད་གཞལ་ཡས་ཁང་དང་ལྷའི་རྣམ་པར་བསྒྱུར་ནས་དེ་ཉིད་ཀྱི་ཐུགས་ཀར་འཕོ་བའི་འཕེན་པ་དྲག་པོ་གཏོད་པ་ཉིད་ཡིན་ནོ། །འདི་ལ་ཡང་སྦྱོར་བ་ཡོ་བྱད་ཐམས་ཅད་སྤང་དག་བྱས་ནས་ཚོགས་གསོག་པ་དང་། རང་གི་བླ་མ་དང་ཡི་དམ་གྱི་ལྷའི་སྣང་བརྙན་དག་དམིགས་པའི་གསལ་འདེབས་ཀྱི་རྟེན་དུ་བཤམས་པ་དང་། གྲོགས་བློ་མཐུན་གྱི་ཚིག་གིས་གསལ་འདེབས་པ་དག་ཀྱང་འབྱོར་ན་ལེགས་སོ། །གཉིས་པ་ནི་ཉེ་བའི་འཆི ་ལྟས་ཐིམ་རིམ་ལ་སོགས་པ་བྱུང་བ་ན་བྱ་སྟེ། དེ་ཡང་སྔོན་འགྲོ་ཚོགས་གསོགས་ལ་སོགས་པ་སྔར་བཞིན་བྱས་ཏེ། ལུས་ཙོག་པུ་ལ་སོགས་པར་བཅོས་ནས། རང་གི་སྙིང་ཁའི་ནང་དུ་འོད་ཀྱི་གོང་བུ་མཐེ་བོང་ཙམ་ཞིག་བསྒོམ། དེ་ལས་འོད་གོང་དེ་འདྲ་བ་རེ་རིམ་བཞིན་ཆད་པས་ཐོག་མར་གཤང་གཅི་གཉིས་ཀྱི་སྒོ་དགག །དེ་ནས་ལྟེ་བ་དང་། ཁ་དང་། སྣ་བུག་གཉིས། མིག་གཉིས། རྣ་བ་གཉིས། མཛོ་སྤུ་དང་སྤྱི་གཙུག་གི་བར་གྱི་སྒོ་རྣམས་རིམ་པར་བཀག །དེ་ནས་ལྟེ་བའི་ཐད་ཀྱི་ལུས་ནང་དུ། རླུང་དང་ཟླ་དཀྱིིལ་ལ་གནས་པའི་རང་སེམས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་གཅིག་བསྒོམ་ལ་ཧཱུྃ་དྲག་ལ་རིང་བ་ཉེར་གཅིག་གིས་རླུང་དང་ཟླ་དཀྱིལ་ཧཱུྃ་དང་བཅས་པ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་སུ་རིམ་བཞིན་དྲངས་ནས་ཚང་པའི་རྒོ་གསལ་ཏེ་སྤྱི་བོར་བླ་མ་དང་ཡི་དམ་དབྱེར་མེད་དུ་བསྒོམས་པའི་ཐུགས་ཀར་འཕངས་ཏེ་མཉམ་པར་བཞག་པས་གྲུབ་མཐའ་སྙོགས་ཏེ་རིག་འཛིན་གྱི་གོ་འཕང་འཐོབ་པར་འགྱུར་རོ། །གསུམ་པ་ནི་གཞན་དེ་དང་འདྲ་བ་ལས། དབང་པོའི་སྒོ་རྣམས་དགག་བྱེད་ཡི་གེས་བྱེད་པ་དང་། རྣམ་ཤེས་ཧིག་སྒྲ་ཉེར་གཅིག་གིས་འཕེན་པར་བྱེད་པ་ཙམ་གྱིས་ཁྱད་པར་དུ་བྱས་པ་ཡིན་ནོ། །ལྔ་པ་བུམ་དབང་གི་འབྲས་བུ་ནི། སྤྲུལ་པའི་སྐུ་རང་བཞིན་ལྷུན་གྲུབ་ཅེས་བྱ་བ་སྟེ། རྒྱུད་སྔ་མ་ལས། ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་པ་རྣམས། །ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ། །དབྱིབས་ཀྱི་ལྷ་སྐུ་རང་གསལ་སྒོམ་མ་ཤེས། །སྤྲུལ་སྐུའི་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས། །ཞེས་གསུངས་པ་ལྟར། གཞི་དུས་ཀྱི་དཀྱིལ་འཁོར་བཞི་མཐར་ཐུག་སྐུ་བཞིའི་སྒྲུབ་གཞིར་སྔར་བཤད་པ་ལས། དང་པོ་ལུས་རྩ་ཡི་དཀྱིལ་འཁོར་ཕྲ་རགས་དང་གཙོ་ཕལ་རྣམས་ཡེ་ནས་སྤྲུལ་སྐུའི་རང་བཞིན་དུ་གནས་པ་ཤེས་པར་བྱས་ནས། སྔར་ལྷར་བསྐྱེད་རིམ་དབྱིབས་ཀྱི་ལྷར་སྐུ་རང་གསལ་དུ་བསྒོམས་པས་རྩ་རྣམས་ཀྱི་འགྲོས་ཐིམ། དབྱིབས་ཀྱི་ལམ་དག །ལུས་ཀྱི་སྒྲིབ་པ་མ་ལུས་པ་བྱང་ནས་མཐར་ཐུག་གི་འབྲས་བུ་ལུས་བསྐྱེད་རིམ་སྤྲུལ་པའི་སྐུ་རང་བཞིན་ལྷུན་གྲུབ་མངོན་དུ་བྱེད་པར་འགྱུར་བ་ཡིན་ཏེ། བཤགས་རྒྱུད་ལེའུ་བཅོ་ལྔ་པ་འབྲས་བུ་བསྟན་པ་ལས། རྩ་རྣམས་འགྲོས་ཐིམ་དབྱིབས་ཀྱི་ལམ་དག་པ། །ལུས་ཀྱི་སྒྲིབ་བྱང་བསྐྱེད་རིམ་སྤྲུལ་པའི་སྐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བུམ་དབང་གི་ལམ་རྗེས་འབྲང་དང་བཅས་པ་རྒྱས་པར་བཤད་ནས། དེ་དག་གི་དོན་བསྡུ་བའི་ཕྱིར་ལེའུ་བཅུ་བཞི་པའི་ལུང་སྔ་མའི་འཕྲོ་ལས། ལུས་རྩ་བུམ་པའི་དབང་དུ་མ་ཤེས་པས། །མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་མ་ནུས། །བུམ་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཚངས་པར་གྱུར་ནས་བསྐྱེད་རིམ་དངོས་གྲུབ་སྩོལ། །ཞེས་གསུངས་ཏེ། དེ་ཡང་ལུས་རྩ་ཡི་དཀྱིལ་འཁོར་ཉིད་བུམ་པའི་དབང་གི་སྒྲུབ་གཞིར་ཤེས་པར་བྱས་ནས། མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོའི་བསྐྱེད་རིམ་སྒོམ་པའི་གྲོགས་སུ་བུམ་དབང་གི་དམ་ཚིག་བླ་མ་དང་མཆེད་ལ་གུས་པར་བྱ་བ་ལ་སོགས་པ་རྣམས་མ་ཉམས་པར་བསྲུངས་པས་རྒྱུད་ཡོངས་སུ་དག་པར་གྱུར་པ་ན། ཐུན་མོང་གི་དངོས་གྲུབ་གཙོ་བོར་གྱུར་པའི་དངོས་གྲུབ་རྣམ་པ་གཉིས་ཇི་རིགས་པར་འཐོབ་པར་འགྱུར་བ་ཡིན་ནོ། །སྤྱི་དོན་གཉིས་པ་གསང་དབང་ལའང་ལམ་སོགས་ཆོས་ལྔ་ལས། དང་པོ་གསང་དབང་གི་ལམ་ནི། །བདག་བྱིན་གྱིས་རློབས་པའི་ལམ་ཞེས་བྱ་བ་སྟེ། དེ་ཡང་རྒྱུད་སྔ་མ་ལས། ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །འཁོར་ལོ་བརྟེན་དང་མ་བརྟེན་མན་ངག་གནད། །བདེ་བ་ཉམས་སུ་ལེན་པའི་ལམ་མ་བསྒོམ། །བདག་ལ་བྱིན་རླབས་ལམ་གྱི་ངང་དུ་བཤགས། །ཞེས་གསུངས་པ་ལྟར་ལུས་གནས་ཀྱི་རྩ་ཡིག་ཡེ་ནས་ལོངས་སྐུའི་རང་བཞིན་དུ་གནས་པ་གང་ཞིག །ད་ལྟ་ལམ་གྱི་དུས་སུ་དེ་ཉིད་སྦྱངས་ནས་ཉམས་སུ་ལེན་པའི་གདམས་ངག་ལ། རྩའི་འཁོར་ལོ་ལ་བརྟེན་པའི་གདམས་ངག་གསུམ། རྩའི་འཁོར་ལོ་ལ་མ་བརྟེན་པའི་གདམས་ངག་ལྔ། གཞན་མན་ངག་གི་གནང་ལ་བརྟེན་པའི་གདམས་ངག་གཅིག་སྟེ་བསྡོམས་པའི་དགུ་ཡོད་པ་ལས། ལམ་ཉམས་སུ་ལེན་པའི་གནས་སྐབས་ན་འཁོར་ལོ་ལ་མ་བརྟེན་པའི་གདམས་ངག་ཉིད་སྔོན་དུ་ཉམས་སུ་བླངས་པར་བྱ་བ་ཡིན་པས་ན་དེ་ཉིད་ཐོག་མར་བརྗོད་པ་ལ། མར་མེ་གསོ་བ། ཚངས་པའི་ཐོག །རྩའི་རྣལ་འབྱོར། སྲུབ་ཤིང་གི་འཁོར་ལོ། ཐིག་ལེའི་རྣལ་འབྱོར་ཏེ་ལྔ་དང་། གཉིས་པ་འཁོར་ལོ་ལ་བརྟེན་པའི་གདམས་ངག་ལ། ལྟེ་བའི་རྩ་འཁོར་གཅིག་པུ་ལ་བརྟེན་པའི་གདམས་ངག་དང་། ལྟེ་བ་དང་སྙིང་གའི་རྩ་འཁོར་ཏེ་གཉིས་ལ་བརྟེན་པའི་གདམས་ངག་དང་། དེའི་སྟེང་དུ་མགྲིན་པ་དང་སྤྱི་བོའི་རྩ་འཁོར་གཉིས་བསྣན་པའི་འཁོར་ལོ་བཞི་ལ་བརྟེན་པའི་གདམས་ངག་སྟེ། དེ་ལྟར་གསུམ་དང་། གཞན་མན་ངག་གི་གནད་ལ་བརྟེན་པའི་ཟབ་པ་གཅིག་སྟེ་བསྡམས་པས་དགུའོ། །འདི་དག་ཇི་ལྟར་བསྒོམ་པའི་ཚུལ་རྣམས་ནི་ཧ་ཅང་མང་བས་མ་སྤྲོས་ལ་ཞིབ་ཏུ་རྟོགས་པར་འདོད་པ་དག་གིས་ནི་གཞུང་དུ་བལྟ་བར་བྱའོ། །གཞན་ཡང་གསང་བའི་གནད་རྣམས་ནི་ཁྱབ་བདལ་དུ་བརྗོད་པར་བྱ་བའང་མ་ཡིན་པས་བླ་མའི་ཞལ་ལས་བླངས་པར་བྱའོ། །དེ་ལྟར་གདམས་ངག་དགུས་བདེ་བ་ཉམས་སུ་ལེན་པའི་ལམ་བསྒོམས་པས་བདག་གཞན་གྱི་ཟླས་ཕྱེ་བའི་བདག་གི་ལུས་ལ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རང་ལས་བྱུང་བའི་ཡེ་ཤེས་རྟོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་གསང་དབང་གི་ལྟ་བ་ནི། རང་བྱུང་ཡེ་ཤེས་ཞེས་བྱ་བ་ཡིན་ཏེ། རྒྱུད་སྔ་མ་ལས། ཉོན་མོངས་དང་རྣམ་རྟོག་སྣྲེལ་ཞི་རྣམས། །གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་གནས། །སྙིང་ག་རོ་རྐྱང་དབུ་མ་ཟུང་འཇུག་མདོ། །ལྟ་བ་རང་བྱུང་ཡེ་ཤེས་ཀློང་དུ་བཤགས། །ཞེས་གསུངས་པ་ལྟར། ཉོན་མོངས་རང་བྱུང་ཡེ་ཤེས། རྣམ་རྟོག་རང་བྱུང་ཡེ་ཤེས། སྣྲེལ་ཞི་རང་བྱུང་ཡེ་ཤེས། གསལ་ཞིང་ཡང་པའི་རང་བྱུང་ཡེ་ཤེས་ཏེ། ནང་གསེས་བཞི་ཡོད་པ། དེ་དག་གང་ལས་སྐྱེ་བའི་གནས་ལ་གནད་དུ་བསྣུན་པའི་སྒོ་ནས་ཐིག་ལེ་རྣལ་འབྱོར་བཞི་སྟེ། སྙིང་ཁའི་ཉི་ཟླ་ཁ་སྦྱོར། ལྟེ་བའི་དཔའ་བོ་འབའ་ཞིག །གསང་གནས་བདེ་བའི་ཐིག་ལེ། མཛོ་སྤུའི་སྐྲ་དཀར་སུ་བོན་ནོ། །དེ་ལས་དང་པོ་ནི་སྙིང་ཁར་ཉི་ཟླ་ཁ་སྦྱོར་གྱི་ཐིག་ལེ་མཚན་ཉིད་གསུམ་ལྡན་སྒོམ་པའི་ཚུལ་རྣམས་ཡིན་ལ། གཉིས་པ་ནི་ལྟེ་བར་ཐིག་ལེ་མཚན་ཉིད་གསུམ་ལྡན་བསྒོམས་པ་ལ་རོ་རྐྱང་གི་ལམ་ནས་སྟེང་རླུང་མནན་ནས་བསྟིམས་པའི་སྦྱོར་བ་ཉིད་ཡིན་ནོ། །གསུམ་པ་ནི། གསང་བའི་སྦུབས་སུ་ཐིག་ལེ་དམར་པོ་ཆོས་གསུམ་ལྡན་བསྒོམ་སྟེ་འོག་རླུང་ཆེར་བསྐུམ་པའི་སྦྱོར་བས་རླུང་སེམས་དབུ་མར་འཇུག་པའི་ཐབས་སོ། །བཞི་པ་ནི་མཛོད་སྤུར་ཧཾ་ཡིག་འཁྱོགས་པོ་འགོ་མཐུར་ལྟ་བསྒོམས་ཏེ་རླུང་འབྱུང་འཇུག་གི་སྦྱོར་བས་ཧཾ་ལས་བབས་པའི་བདུད་རྩིས་ལྕེ་ཆུང་གི་རྒྱབ་རྩའི་སུམ་མདོ་བརྒྱུད་སྙིང་གའི་ཧཱུཾ་ཡིག་ཚིམ་པར་བྱེད་པའི་བར་དུ་བསྒོམ་པའི་གདམས་ངག་གོ། །དེ་ལྟར་བཞི་ལ་བརྟེན་ནས། ཡུལ་རྐྱེན་ལ་ལྟོས་པ་དང་། མི་ལྟོས་པ་དང་། མི་གསལ་བ་དང་གསལ་བའི་ཁྱད་པར་གྱིས་རང་བྱུང་གི་ཏིང་ངེ་འཛིན་བཞི་པོ་སྐྱེ་བར་འགྱུར་བ་ཡིན་ནོ། །གསུམ་པ་གསང་དབང་གི་གྲུབ་མཐའ་ནི། མ་འདྲེས་ལ་ཡོངས་སུ་རྫོགས་པ་ཅེས་བྱ་བ་སྟེ། རྒྱུད་སྔ་མ་ལས། སྒྲ་དབྱངས་ཡེ་ནས་སྐད་དུ་གནས་པ་ལ། །འགྲོ་བ་རིགས་དྲུག་སོ་སོའི་རང་སྐད་དང་། །གསུང་རབ་ཡན་ལག་བཅུ་གཉིས་ཡིན་མ་ཤེས། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ངང་དུ་བཤགས། །ཞེས་གསུངས་པ་ལྟར། རང་སྐལ་གྱི་གཞི་ལ་སྒྲ་དབྱངས་ཐམས་ཅད་ཡེ་ནས་གསུང་རྡོ་རྗེའི་ངོ་བོར་གནས་པའི་ཚུལ་རྣམས་ཤེས་པས་འགྲོ་བ་རིགས་དྲུག་སོ་སོའི་རང་སྐད་དུ་ཆོས་སྟོན་པ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་ཤེས་ཤིང་གཞན་ལ་འདོམས་པའི་ཚངས་པའི་དབྱངས་ཐོབ་པ་དང་། སོ་སོ་ཡང་དག་པའི་རིག་པ་བཞི་ལ་རང་དབང་ཐོབ་པ་ལ་སོགས་པའི་ཡོན་ཏན་མཐའ་དག་མ་འདྲེས་ལ་ཡོངས་སུ་རྫོགས་པ་རང་བཞིན་གྱིས་འོད་གསལ་བའི་ལྷ་སྐུ་དག་པ་སྒྱུ་མའི་སྐུ་ཚེ་ལ་དབང་བའི་རིག་འཛིན་ཉིད་མངོན་དུ་འཐོབ་པར་འགྱུར་བའོ། །བཞི་པ་གསང་དབང་གི་འདའ་ཁ་མ་ནི། འོད་གསལ་ཞེས་བྱ་བ་སྟེ། རྒྱུད་དེ་ཉིད་ལས། སེམས་ཀྱི་འོད་གསལ་ཡེ་ནས་འདུ་འབྲལ་མེད། །མ་བསྒོམ་རང་ཆས་ཡིན་པར་མ་ཤེས་པས། །འཆི་དུས་རང་གསལ་འབྱུང་བར་མ་འཚལ་བ། །འདའ་ཁའི་གདམས་ངག་འོད་གསལ་ངང་དུ་བཤགས། །ཞེས་གསུངས་པ་ལྟར་གལ་ཏེ་ཚེ་འདིར་གྲུབ་མཐའ་མ་སྙོགས་ནའང་སེམས་ཀྱི་འོད་གསལ་ཡེ་ནས་འདུ་འབྲལ་མེད་པའི་རྒྱུ་མཚན་གྱིས། ཆེད་དུ་མ་བསྒོམས་ཀྱང་འཆི་ཁའི་དུས་སུ་འོད་གསལ་ཉིད་རང་ཆས་སུ་འབྱུང་བ་ཡིན་ཏེ། དེ་ཡང་འཆི་ཁ་མའི་རླུང་གིས་རྐྱེན་བྱས་ནས་རྩ་མདུད་ཐམས་ཅད་གྲོལ་ཏེ་རླུང་ཐམས་ཅད་དབུ་མར་ཞུགས་པས་སྟོང་གསལ་མཆོག་གི་ཏིང་ངེ་འཛིན་སྐྱེ། དེ་སྔར་གྱི་རང་བྱུང་ཡེ་ཤེས་ཀྱི་ཏིང་ངེ་འཛིན་དང་འདྲེས་ནས་བར་དོ་མེད་པར་གྲུབ་མཐའ་སྙོགས་ཏེ་རིག་པ་འཛིན་པའི་གོ་འཕང་ཐོབ་པར་འགྱུར་བའོ། །ལྔ་པ་གསང་དབང་གི་འབྲས་བུ་ནི། ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཅེས་བྱ་བ་སྟེ། རྒྱུད་སྔ་མའི་འཕྲོ་ལས། ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །ལམ་དུ་མ་ཤེས་བདེ་བ་མ་བསྒོམས་པས། །གཏུམ་མོའི་དྲོད་ཀྱིས་འབྲས་བུ་མ་ཐོབ་པ། །འབྲས་བུ་ལོངས་སྤྱོད་རྫོགས་པའི་ངང་དུ་བཤགས། །ཞེས་གསུངས་ཏེ། དེ་ཡང་གཞི་དུས་ཀྱི་དཀྱིལ་འཁོར་བཞི་ལས། ལུས་ལ་གནས་པའི་རྩ་ཡི་གེའི་དཀྱིལ་འཁོར་ཉིད་ཡེ་ནས་ལོངས་སྐུ་ཆེན་པོའི་རང་བཞིན་དུ་གནས་པ་ལ། དེ་ཉིད་ལམ་དུ་ཤེས་པའི་བདེ་བའི་ཐབས་ལ་བརྟེན་ཏེ་བསྒོམས་པས་གཏུམ་མོ་ཡེ་ཤེས་ཀྱི་དྲོད་མཆོག་ཏུ་བསྐྱེད་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་ལ་རང་དབང་བསྒྱུར་ཏེ་ཡི་གེའི་འགྲོས་ཐིམ། སྔགས་ཀྱི་ལམ་དག །ངག་གི་སྒྲིབ་པ་མ་ལུས་པ་བྱང་ནས། མཐར་ཐུག་གི་འབྲས་བུ་རྫོགས་རིམ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་ལྷུན་གྲུབ་ཉིད་མངོན་དུ་བྱེད་པར་འགྱུར་བ་ཡིན་ཏེ། བཤགས་ལེ་བཅོ་ལྔ་པ་ལས། ཡི་གེའི་འགྲོས་ཐིམ་སྔགས་ཀྱི་ལམ་དག་པ། །ངག་གི་སྒྲིབ་བྱང་རྫོགས་རིམ་ལོངས་སྤྱོད་སྐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་གསང་དབང་གི་ལམ་རྗེས་འབྲང་དང་བཅས་པ་རྒྱས་པར་བཤད་ནས། དེ་དག་གི་དོན་བསྡུ་བའི་ཕྱིར་ལེའུ་བཅུ་བཞི་པའི་ལུང་སྔ་མའི་འཕྲོར། གསང་བའི་དབང་གི་གདམས་ངག་ཤེས་གྱུར་ཀྱང་། །རང་གི་བདེ་བ་ལམ་དུ་མ་ལོངས་ཏེ། །གཏུམ་མོའི་དྲོད་རྟགས་ལུས་ལ་མ་ཤར་བ། །གསང་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། དེ་ཡང་རྩ་ཡི་གེའི་དཀྱིལ་འཁོར་ཉིད་གསང་བའི་དབང་གི་གདམས་ངག་བསྒོམ་པའི་སྒྲུབ་གཞིར་ཤེས་པར་བྱས་ནས་གཞན་རྐྱེན་ལ་མ་ལྟོས་པར་རང་གི་བདེ་བ་ལམ་དུ་བྱེད་པའི་གྲོགས་སུ་སྔགས ་དང་ཕྱག་རྒྱ་རྒྱུན་མི་བཅད་པ་སོགས། གསང་དབང་གི་དམ་ཚིག་རྣམས་མ་ཉམས་པར་བསྲུངས་པས་དོན་དམ་ཡེ་ཤེས་ཀྱི་གཏུམ་མོའི་དྲོད་རྟགས་ལུས་ལ་ཤར་ཏེ་ཚེ་འདིར་མཆོག་གི་དངོས་གྲུབ་མངོན་དུ་འཐོབ་པར་འགྱུར་བ་ཡིན་ནོ། །སྤྱི་དོན་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལའང་ལམ་སོགས་ཆོས་ལྔ་ལས། དང་པོ་ཤེར་དབང་གི་ལམ་ནི། དཀྱིལ་འཁོར་འཁོར་ལོའམ། འཁོར་ལོ་ཐབས་ཀྱི་ལམ་ཞེས་བྱ་བ་སྟེ། དེ་ཡང་རྒྱུད་སྔ་མ་ལས། ལུས་ཁམས་བདུད་རྩི་རང་ལ་གནས་པ་ལ། །ཡུམ་བདག་འདོད་པ་བྱིན་རླབས་མཉམ་པ་དང་། །སྦྱོར་བ་དངོས་གཞི་རྗེས་ཀྱི་བསྡུས་རྒྱས་རྣམས། །མ་བསྒོམས་འཁོར་ལོ་ཐབས་ཀྱི་ལམ་དུ་བཤགས། །ཞེས་གསུངས་པ་ལྟར། ལུས་ཀྱི་རྩ་ཡིག་ལ་ཁམས་བདུད་རྩི་ཡེ་ནས་རང་ཆས་སུ་གནས་པ་ཉིད་ལམ་གྱིས་སྦྱངས་ནས་ཉམས་སུ་ལེན་པར་བྱེད་པ་ལ་ལམ་རྒྱས་བསྡུས་གཉིས་ལས། རྒྱས་པ་ལའང་། ལུས་ངག་མཉམ་པ། འདོད་པ་མཉམ་པ། བྱིན་རླབས་མཉམ་པ། རིག་མ་དག་པ། མན་ངག་གི་གནད་ཀྱིས་ཟིན་པ་སྟེ་ལྔ་ལས། དང་པོ་ནི་ཡུམ་དང་བདག་གཉིས་ཀའི་ལུས་ལྷ་དང་ངག་སྔགས་སུ་མཉམ་པའོ། །གཉིས་པ་ནི། ཕན་ཚུན་གཉིས་ཀས་ཐབས་ཟབ་མོ་འདི་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་ཏེ་རྫོགས་པའི་བྱང་ཆུབ་འཐོབ་པར་བྱའོ་སྙམས་པའི་འདོད་པ་མཉམ་པ་དང་། གསུམ་པ་ནི། མཁའ་གསང་རྡོ་རྗེ་དང་པད་མར་ཕན་ཚུན་བསྣོལ་མར་བྱིན་གྱིས་རློབས་པར་མཉམ་པའོ། །བཞི་པ་ནི། སྐྱེ་བས་ཐོབ་པའམ་སྦྱངས་པ་ལས་བྱུང་བའི་རིག་མ་དག་པ་སྟེ། དང་པོ་ནི། རི་དྭགས་ཅན་མ་དང་། དུང་ཅན་མ། གླང་པོ་ཅན་མ། རི་མོ་ཅན་མ། སྣ་ཚོགས་ཅན་མ་རྣམས་སོ། །གཉིས་པ་ནི་ཐོས་བསམ་དང་བསླབ་པས་རྒྱུད་ཡོངས་སུ་དག་པ་དང་། དབང་གིས་དག་པ། རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱིས་དག་པ་རྣམས་སོ། །ལྔ་པ་མན་ངག་གི་གནད་ཀྱི་ཟིན་པ་ནི། དབབ་བཟུང་ལྡོག་ཁྱབ་མི་ཉམས་པར་བསྲུངས་པ་རྣམས་སོ། །གཉིས་པ་ལམ་བསྡུས་པ་ལའང་། ལུས་ཀྱི་འཁྲུལ་འཁོར་འཆོས་པ་ལ་སོགས་པའི་སྦྱོར་བ་དང་། འཛིན་འདྲེན་དགྲམ་པ་ལ་སོགས་པའི་དངོས་གཞི་དང་། རྗེས་བཅད་པའི་གདམས་ངག་རྣམས་གཞུང་ལས་བཤད་པ་བཞིན་ཉམས་སུ་བླངས་པའི་ཐབས་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པར་བྱེད་པ་ཡིན་ནོ། །གཉིས་པ་ཤེར་དབང་གི་ལྟ་བ་ནི། དགའ་བཞིའི་ལྷན་སྐྱེས་ཞེས་བྱ་བ་ཡིན་ཏེ། རྒྱུད་སྔ་མ་ལས། བདེ་བ་ཡེ་ནས་རང་ལ་གནས་པ་ལ། །གོ་རིམ་གནས་དང་སྤང་བྱ་ངོ་བོ་ཡི། །བདེ་བ་རྣམ་བཞི་ཉམས་སུ་མ་ལོན་པ། །བདེ་བཞིར་ལྟ་བ་ལྷན་སྐྱེས་ངང་དུ་བཤགས། །ཞེས་གསུངས་པ་ལྟར། ཁམས་བདུད་རྩི་བདེ་བ་ཆེན་པོ་ཉིད་ཡེ་ནས་རང་ལ་གནས་པ་ཐབས་ཟབ་མོས་ཉམས་སུ་བླངས་པས་དགའ་བ་བཞིའི་ཡེ་ཤེས་རྣམས་རིམ་བཞིན་སྐྱེ་བར་འགྱུར་ཏེ། དེ་ལ་དབྱེ་ན། གོ་རིམ་གྱི་དགའ་བ་བཞི་དང་། གནས་ཀྱི་དགའ་བ་བཞི་དང་། སྤང་བྱ་ལ་ལྟོས་པའི་དགའ་བ་བཞི་དང་། ངོ་བོའི་དགའ་བ་བཞི་སྟེ། ནང་གསེས་ཀྱི་དགའ་བ་བཞི་བཞི་བཅུ་དྲུག་ཡོད་པའི་མཐའི་ལྷན་ཅིག་སྐྱེས་པའི་དགའ་བ་ངོས་ཟིན་པར་བྱས་ནས་ཉམས་སུ་ལེན་པ་སྟེ། འདིར་དགའ་བ་དང་བདེ་བའི་ཁྱད་པར་ནི་ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་ཞེས་དབྱེ་བའམ། ཡང་ན་དེ་གཉིས་མིང་གི་རྣམ་གྲངས་ཙམ་དུ་ཤེས་པར་བྱའོ། །གསུམ་པ་ཤེར་དབང་གི་གྲུབ་མཐའ་ནི། བདེ་སྟོང་རྒྱ་ཆུང་ཞེས་བྱ་བ་སྟེ། རྒྱུད་སྔ་མའི་མུར། བདེ་བ་རང་ལ་གནས་པར་མ་ཤེས་ཤིང་། །སྡུག་བསྔལ་རྐྱེན་གྱིས་བདེ་བ་མ་བསྒོམས་པས། །བདེ་སྟོང་རྒྱ་ཆུང་གྲུབ་མཐའ་མ་རྟོགས་པ། །ལྷན་ཅིག་སྐྱེས་པ་བདེ་བའི་ངང་དུ་བཤགས། །ཞེས་གསུངས་པ་ལྟར། ཡེ་ནས་བདེ་བ་ཆེན་པོ་རང་ལ་གནས་པའི་ཚུལ་རྣམས་ཤེས་པར་བྱས་ནས། སྡུག་བསྔལ་དང་རྐྱེན་གྱི་རྣམ་པ་ཇི་ལྟར་སྣང་བ་ཐམས་ཅད་བདེ་བ་ཆེན་པོར་ལམ་དུ་བྱས་ནས་བསྒོམས་པས་རང་སྐལ་གྱི་སུ་གཉིས་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཇི་རིགས་པ་རྣམས་བདེ་སྟོང་དུ་རྟོགས་པ་འབྱུང་སྟེ་ལམ་གོང་མ་ལ་ལྟོས་པའི་བདེ་སྟོང་རྒྱ་ཆུང་བ་སློབ་པའི་ཟུང་འཇུག་གི་ངོ་བོ་ཉིད་ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་དུ་བྱས་པའོ། །བཞི་པ་ཤེར་དབང་གི་འདའ་ཁ་མ་ནི། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྟེ། དེ་ཡང་རྒྱུད་སྔ་མ་ལས། བདག་ཉིད་རྡོ་རྗེ་སེམས་དཔར་མ་ཤེས་པས། །འཆི་དུས་རང་ཉིད་དེར་སྣང་སྐུར་མ་གྲུབ། །འཁོར་ལོ་བཞི་ཡི་བདེ་བ་མ་འབྱོངས་པ། །འདའ་ཁ་རྡོ་རྗེ་སེམས་པའི་ངང་དུ་བཤགས། །ཞེས་གསུངས་པ་ལྟར། བདག་ཉིད་ཡེ་ནས་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པར་ཤེས་ནས་བསྒོམས་པས། གལ་ཏེ་གྲུབ་མཐའ་མ་སྙོགས་པར་འཆི་བར་འགྱུར་ནའང་། སྐབས་དེར་འཆི་བའི་རླུང་གིས་རྐྱེན་བྱས་ནས་འཁོར་ལོ་བཞི་ཡི་རྩ་མདུད་རྣམས་དྲལ་ཏེ་སེམས་ཀྱི་རྟེན་ཁམས་ཀྱི་ཐིག་ལེ་རྣམས་རིམ་གྱིས་ཚོགས་ནས་དབུ་མར་ཞུགས་པས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྡོ་རྗེ་སེམས་དཔའ་སྐྱེ་བར་འགྱུར་བ་སྟེ། སྒྱུ་འཕྲུལ་བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སྟོང་པ་ཉིད་ལ་བྱ། །སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། །ཞེས་གསུངས་པ་ལྟར་ཏེ། དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་དེ་ཉིད་སྔར་གྱི་བདེ་སྟོང་གི་ལྟ་བ་དང་འདྲེས་ནས་བར་དོ་མེད་པར་གྲུབ་མཐའ་སྙོགས་པར་འགྱུར་རོ། །ལྔ་པ་ཤེར་དབང་གི་འབྲས་བུ་ནི། ཆོས་ཀྱི་སྐུ་རང་བཞིན་ལྷུན་གྲུབ་ཅེས་བྱ་བ་སྟེ། རྒྱུད་སྔ་མ་ལས། ཡེ་ནས་བདུད་རྩི་ཐིག་ལེ་ཆེན་པོ་ནི། །ཆོས་སྐུ་དྲི་མ་མེད་པར་གནས་པ་ལས། །མ་ཤེས་མ་རྟོགས་བདུད་རྩི་མ་སྦྱངས་པ། །ཞེས་གསུངས་ཏེ། དེ་ཡང་སེམས་ཀྱི་རྟེན་ནི་བདུད་རྩི་ཐིག་ལེ་ཆེན་པོ་སྟེ། དེ་ཉིད་ཡེ་ནས་ཆོས་སྐུ་དྲི་མ་མེད་པར་གནས་པའི་ཚུལ་རྣམས་ཤེས་ཤིང་རྟོགས་པར་བྱས་ནས ་དཀྱིལ་འཁོར་བཞི་ལས་ཁམས་བདུད་རྩིའི་དཀྱིལ་འཁོར་དེ་ཉིད་ལ་གནད་དུ་བསྣུན་པའི་སྒོ་ནས་ལེགས་པར་སྦྱངས་པས་བདུད་རྩི་ཁམས་ཀྱི་འགྲོས་ཐིམ། བཅུད་ཀྱི་ལམ་དག །སེམས་ཀྱི་སྒྲིབ་པ་མ་ལུས་པ་བྱང་སུ་ནས། མཐར་ཐུག་གི་འབྲས་བུ་དྭངས་མ་ཆོས་ཀྱི་སྐུ་རང་བཞིན་ལྷུན་གྲུབ་ཉིད་མངོན་དུ་བྱེད་པར་འགྱུར་བ་ཡིན་ཏེ། བཤགས་ལེ་བཅོ་ལྔ་པ་ལས། བདུད་རྩི་ཁམས་ཀྱི་འགྲོས་ཐིམ་བཅུད་ཀྱི་ལམ། །སེམས་ཀྱི་སྒྲིབ་དག་དངས་མ་ཆོས་ཀྱི་སྐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཤེར་དབང་གི་ལམ་རྗེས་འབྲང་དང་བཅས་པ་རྒྱས་པར་བཤད་ནས། དེ་ཉིད་ཀྱི་དོན་བསྡུ་བའི་ཕྱིར་ལེའུ་བཅུ་བཞི་པའི་ལུང་སྔ་མའི་འཕྲོར། དྲི་ཆེན་དྲི་ཆུ་མམ་སུ་རཀྟ་ཟིལ། །འབྱུང་བ་བཞི་སྟེ་ཁམས་ཀྱི་བདུད་རྩི་དགུ། །བདེ་བ་མཆོག་བདེ་རྣམ་རྟོག་བྲལ་བདེ་བ། །ལྷན་སྐྱེས་ཡེ་ཤེས་དབང་གི་ངང་དུ་བཤགས། །ཞེས་གསུངས་ཏེ། དེ་ཡང་ཁམས་བདུད་རྩིའི་དཀྱིལ་འཁོར་ཉིད་ཤེར་དབང་གི་ལམ་གྱི་སྒྲུབ་གཞིར་ཤེས་པར་བྱས་ནས་ལྷན་སྐྱེས་སྒོམ་པའི་གྲོགས་སུ། དྲི་ཆེན་ལ་སོགས་པའི་བདུད་རྩི་ལྔ་དང་། འབྱུང་བ་བཞི་སྟེ་ཁམས་ཀྱི་བདུད་རྩི་དགུ་པོ་བསྟེན་པ་དང་། ཤེས་རབ་ལ་མི་སྨད་པ་ལ་སོགས་པའི་ཤེར་དབང་གི་དམ་ཚིག་རྣམས་མ་ཉམས་པར་བསྲུངས་པས། བདེ་བ་དང་། མཆོག་བདེ་དང་། རྣམ་རྟོག་བྲལ་བདེ་དང་། ལྷན་ཅིག་སྐྱེས་པའི་བདེ་བ་སྟེ། ཡས་བབས་ཐབས་ཀྱི་རང་བཞིན་དགའ་བཞིའི་ཡེ་ཤེས་ཉིད་མཐར་ཆགས་སུ་སྐྱེས་ནས་མཆོག་གི་དངོས་གྲུབ་ལ་སྦྱོར་བར་འགྱུར་བ་ཡིན་ནོ། །སྤྱི་དོན་བཞི་པ་ཚིག་དབང་ངམ་བདེ་བ་ཆེན་པོའི་དབང་ལའང་ལམ་སོགས་ཆོས་ལྔ་ལས། དང་པོ་དབང་བཞི་པའི་ལམ་ནི་རྡོ་རྗེའི་རྦ་རླབས་ལམ་གསུམ་ཞེས་བྱ་བ་སྟེ། དེ་ཡང་རྒྱུད་སྔ་མ་ལས། ཐབས་དང་ཤེས་རབ་གཉིས་ཀ་རང་གནས་ཀྱང་། །ཐབས་ཀྱི་རྒྱུད་དང་ཤེས་རབ་རྒྱུད་དག་དང་། །གཉིས་ཀའི་རྒྱུད་ལ་དག་པར་མ་སྦྱོངས་པ། །རྡོ་རྗེ་རྦ་རླབས་ལམ་གསུམ་ངང་དུ་བཤགས། །ཞེས་གསུངས་པ་ལྟར། ཐབས་ཡབ་དང་། ཤེས་རབ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་གཉིས་ཀ་རང་ཆས་སུ་ལྷན་ཅིག་གནས་པ་དེས་ཟབ་ལམ་འདི་ཉིད་ཉམས་སུ་ལེན་པར་བྱེད་པ་ལ། དང་པོ་ལུས་སྦྱངས་པ་ལ་སོགས་པ་སྔོན་དུ་འགྲོ་བས་བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱས་ཏེ། དངོས་གཞིར་འོག་རླུང་བསྐྱོད་པ་ལུས་ཀྱི་རྦ་རླབས། ངག་གི་རྦ་རླབས་ཞི་དྲག་གཉིས། ཏིང་ངེ་འཛིན་སྒོམ་པ་སེམས་ཀྱི་རྦ་རླབས་ཏེ། སྒོ་གསུམ་རྡོ་རྗེའི་རྦ་རླབས་གསུམ་ཉམས་སུ་ལེན་པ་ལ། ཐབས་ཡབ་ཀྱི་རྒྱུད་དག་པ་དང་། ཤེས་རབ་ཡུམ་གྱི་རྒྱུད་དག་པ་དང་། ཡབ་ཡུམ་གཉིས་ཀའི་རྒྱུད་དག་པ་སྟེ། དག་པ་གསུམ་གྱིས་རྒྱུད་ལེགས་པར་སྦྱངས་དགོས་པ་ལས། དང་པོ་ནི། ལུས་ངག་མཉམ་པ་ལ་སོགས་པ་གསུམ་སྔོན་དུ་འགྲོ་བས། ཐབས་ཤེས་སྙོམས་པར་ཞུགས་ཏེ། དངས་མ་མཆོག་གི་ཟེར་བར་བྱོན་པའི་བར་སྔར་ལྟར་ལས། དེ་ནས་ཁམས་འོད་ཟེར་གྱི་རྣམ་པར་གནས་པ་དེ་ཉིད་རྩ་གཙོ་མོ་གསུམ་དང་འཁོར་ལོ་ལྔར་ལུགས་ལྡོག་ཏུ་སྦྱངས་པའི་ཐབས་ཀྱིས། གཡས་གཟུང་བའི་རྦ་རླབས་རེངས་པ། གཡོན་འཛིན་པའི་རྦ་རླབས་རེངས་པ། དབུས་གཉིས་ཀའི་རྦ་རླབས་རེངས་པ་སྟེ་གསུམ་གྱིས་རྣམ་ཐར་སྒོ་གསུམ་དང་། འབྲས་བུ་གསུམ་ལ་སྦྱོར་བའོ། །གཉིས་པ་ཤེས་རབ་ཀྱི་རྒྱུད་དག་པར་བྱེད་པའི་ཚུལ་ཡང་། མགྲིན་པ་དང་སྤྱི་བོའི་འཁོར་ལོའི་འོད་ཟེར་སྤྲོ་བསྡུ་བྱེད་ཚུལ་གྱི་ཁྱད་པར་ཅུང་ཟད་ཙམ་རེ་ལས་གཞན་དེ་ཉིད་དང་འདྲའོ། །གསུམ་པ་ཐབས་ཤེས་གཉིས་ཀའི་རྒྱུད་དག་པར་བྱ་བ་ནི། ཡབ་ཡུམ་སོ་སོའི་དངས་མ་འོད་ཟེར་གྱི་ཕུང་པོར་འབར་བ་ཉིད་ལུགས་ལྡོག་ཏུ་དབུ་མའི་ལམ་བརྒྱུད་དེ་རང་རང་གི་གཙུག་ཏོར་མཆོག་ཏུ་ཐིམ་སྟེ། གཉིས་ཀ་ཡང་སྐུ་ལྔ་ལྷུན་གྱིས་གྲུབ་པར་དྲན་པ་ཙམ་བྱས་ཏེ་ཉམས་གང་སྐྱེས་བྱུང་རྒྱལ་དུ་བསྐྱང་ངོ་། །གཉིས་པ་དབང་བཞི་པའི་ལྟ་བ་ནི། ཆོས་རྣམས་རྣམ་དག་ཅེས་བྱ་བ་སྟེ། རྒྱུད་སྔ་མ་ལས། ལུས་ངག་སེམས་དང་ལུས་སེམས་གཉིས་ཀ་ལ། །ཕན་འདོགས་རང་ལ་གནས་པར་མ་ཤེས་པས། །རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་བྱེད་པ་དང་། །དྲི་མ་མེད་པའི་ཡོན་ཏན་མ་ཤེས་པ། །ལྟ་བ་ཆོས་རྣམས་རྣམ་དག་ངང་དུ་བཤགས། །ཞེས་གསུངས་ཏེ། དེ་ཡང་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་མས་བརྟན་གྱི་དགའ་བ་བཞི་ལ་སྦྱངས་བས་རིམ་བཞིན། ལུས་དང་། ངག་དང་། སེམས་དང་། ལུས་སེམས་གཉིས་ཀ་སྟེ། སྒོ་གསུམ་ཆ་མཉམ་དང་བཅས་པ་ལ་ཕན་འདོགས་པའི་ཡོན་ཏན་རང་ལ་རང་ཆས་སུ་གནས་པ་ཉིད་མངོན་དུ་གྱུར་ཏེ། རྒྱུ་མཐུན་པའི་འབྲས་བུ་ནི་སྐྲ་དཀར་འཇོམས་པ་དང་། འགྲོ་བ་ཀུན་གྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་འགྱུར། རྣམ་སྨིན་གྱི་འབྲས་བུ་ནི་སྟོབས་འཕེལ་ཞིང་མངོན་པར་ཤེས་པ་ཅུང་ཟད་འཆར། སྐྱེས་བུ་བྱེད་པས་ནི་ཁམས་རྣམ་པར་འཕེལ་ཞིང་འཇིག་རྟེན་ཁམས་ཀྱི་རོ་ཐམས་ཅད་ལ་ཅི་རིགས་པར་ལོངས་སྤྱོད་ནུས། དྲི་མ་མེད་པའི་འབྲས་བུར་འཆི་མེད་འགྲུབ་ཅིང་རྫུ་འཕྲུལ་འགྲུབ་པའོ། །དེ་དག་གི་སྐབས་སུ་སྟོང་གི་ཏིང་ངེ་འཛིན་ཡང་རིམ་བཞིན་ཆུང་འབྲིང་ཆེན་པོ་ཤིན་ཏུ་ཆེན་པོ་རྣམས་འགྲུབ་པར་འགྱུར་རོ། །གསུམ་པ་དབང་བཞི་པའི་གྲུབ་མཐའ་ནི། བདེ་སྟོང་རྒྱ་ཆེན་ཞེས་བྱ་བ་སྟེ། རྒྱུད་སྔ་མ་ལས། ལྟ་བ་རང་གནས་ཉམས་སུ་མ་མྱོང་བས། །འཇིག་རྟེན་འདས་པའི་གྲུབ་མཐའི་རྟགས་མ་ཤར། །བདེ་སྟོང་རྒྱ་ཆེའི་གྲུབ་མཐའ་མ་རྟོགས་པ། །འཁོར་འདས་ཆོས་རྣམས་བདེ་སྟོང་གཅིག་ཏུ་བཤགས། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་རང་གནས་ཀྱི་ལྟ་བ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ཉམས་སུ་མྱོང་ཤིང་མངོན་དུ་གྱུར་པས་འཇིག་རྟེན་ལས་འདས་པའི་གྲུབ་མཐའི་བདེ་སྟོང་རྒྱ་ཆེན་པོ་རང་སྐལ་གྱིས་ཕྱེད་པ་ལ་འཁོར་འདས་ཐམས་ཅད་བདེ་སྟོང་གཅིག་གི་ངང་དུ་རྟོགས་ཏེ། བླང་དོར་དང་སྤང་ཐོབ་མེད་པར་མི་སློབ་པའི་ཟུང་འཇུག་གི་སས་བསྡུས་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཉིད་མངོན་དུ་བྱས་པའོ། །བཞི་པ་དབང་བཞི་པའི་འདའ་ཁ་མ་ནི། གསང་ཆེན་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་སྟེ། རྒྱུད་སྔ་མའི་འཕྲོར། སྦྱངས་དང་གོམས་དང་ལས་ལ་སྦྱར་དུ་མེད། །མ་རྟོགས་དབང་གིས་སྦྱངས་གོམས་ལས་མ་སྦྱར། སྲོག་རྩོལ་རླུང་ལ་གོམས་པར་མ་གྱུར་བ། །འདའ་ཁ་ཕྱག་རྒྱ་ཆེན་པོའི་ངང་དུ་བཤགས། །ཞེས་གསུངས་པ་སྟེ། དེ་ཡང་དམ་པའི་དོན་དུ། སྦྱངས་པ་དང་། གོམས་པ་དང་། ལས་ལ་སྦྱར་དུ་མེད་པར་རྟོགས་པས། །ཐ་སྙད་དུ་སྦྱང་གོམས་ལས་ཁ་སྦྱར་བ་སྟེ། འདིར་ཡང་སྦྱང་བ་ནི། ཞག་ཉེར་གཅིག་གི་བར་དུ་ཉིན་དང་པོར་རླུང་ཁུག་བཅུ་བདུན་ནས་ཉིན་རེ་བཞིན་རླུང་ཁུག་རེ་སྤར་བས་ཉིན་ཐ་མ་ལ་སྲོག་རྩོལ་གྱི་རླུང་ཁུག་པ་སོ་བདུན་དུ་འགྱུར་རོ། །ཡང་ཉིན་རེ་རླུང་ཁུག་རེ་ཕྲི་བས་ཞག་ཉེར་གཅིག་ན་སྔར་གྱི་ཚད་དུ་འགྱུར་ཏེ་དེ་ལྟར་ཞག་བཞི་བཅུ་རྩ་གཉིས་ལ་རླུང་སྦྱངས་བས། རྒྱུ་བ་གསལ་བ་དང་། རྣམ་པ་ངེས་པ་འབྱུང་ངོ་། །གོམས་པ་ནི། ཧི་ཀ་དང་ཀ་ཏིག་སྦྱོར་བས་སྒྲ་ལ་གོམས་པར་བྱ་བ་དང་། རྩ་གནས་ཀྱི་ཡི་གེ་གསལ་བས་ཡི་གེ་ལ་གོམས་པར་བྱ་བ་སྟེ་གཉིས་སོ། །ལས་ལ་སྦྱར་བ་ལའང་། བདེ་འགྲོ་ལ་སྦྱར་བ། གྲོང་གཞན་ལ་སྦྱར་བ། གླིང་དང་སྐྱེ་གནས་ལ་སྦྱར་བ་དང་། ལམ་ཕྱག་རྒྱ་ཆེན་པོ་ལ་སྦྱར་བ་སྟེ་བཞི་ལས་སྔ་མ་གསུམ་དང་ཡང་ཐུན་མོང་བ་ཡིན་ཞིང་། འདི་དབང་བཞི་པ་རང་གི་ཐུན་མོང་མ་ཡིན་པ་ནི་ཕྱི་མ་འདི་ཉིད་དེ། དེ་ཡང་ཚེ་འདིར་གྲུབ་མཐའ་མ་སྙོགས་པར་འཆི་ན། དེའི་དུས་སུ་ལུས་གནད་སྐྱིལ་ཀྲུང་ལ་སོགས་བཅོས་ཏེ། ལུས་ཀྱི་བུ་ག་རྣམས་ཐུན་མོང་མ་ཡིན་པའི་ཡི་གེས་བཀགས་ནས། སྲོག་རྩོལ་འབྱུང་འཇུག་གི་དུས་སུ་རྩ་གནས་ཀྱི་ཡི་གེ་རྣམས་དབུ་མར་བློས་རྩེ་གཅིག་ཏུ་གཅུག་པས། འཆི་ཁར་རང་གིས་རླུང་སེམས་དབུ་མར་ཞུགས་པ་དང་། རྣལ་འབྱོར་པས་དེ་ལྟར་བསྒོམས་པས། སྲོག་རྩོལ་གྱི་རླུང་མཐའ་དག་དབུ་མར་ཟད་དེ་ཐིམ་ནས། ཕྱག་རྒྱ་ཆེན་པོ་བདེ་སྟོང་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་རྟོགས་ནས། སྔར་གྱི་ཉམས་མྱོང་དེ་དང་འདྲེས་པའི་ཚུལ་གྱིས་གྲུབ་མཐའ་སྙོགས་ཏེ་རིག་པ་འཛིན་པར་འགྱུར་རོ། །ལྔ་པ་དབང་བཞི་པའི་འབྲས་བུ་ནི། ངོ་བོ་ཉིད་ཀྱི་སྐུ་རང་བཞིན་ལྷུན་གྲུབ་ཅེས་བྱ་བ་སྟེ། རྒྱུད་སྔ་མའི་འཕྲོ་ལས། ཡེ་ཤེས་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུ། །མ་སྦྱངས་གནས་ལུགས་དོན་དུ་མ་རྟོགས་པས། །ལམ་བསྟན་རྡོ་རྗེ་རྦ་རླབས་ལམ་མ་བསྒོམས། །འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རུ་བཤགས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་ཡེ་ཤེས་ཀྱི་རྣམ་པར་བཞག་པ་གང་ཇི་སྙེད་པ་ཐམས་ཅད་ཀྱང་དབྱིངས་གོ་བོ་ཉིད་ཀྱི་སྐུ་འདི་ཉིད་ལ་མ་བརྟེན་པ་ན་འགའ་ཡང་མེད་ལ། དེ་བཞིན་དུ་འདི་ཉིད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་རོ་གཅིག་པའི་རྒྱུ་མཚན་གྱིས་དངོས་པོའི་གནས་ལུགས་དོན་དམ་པའི་བདེན་པ་ཡང་ཡིན་པའི་ཚུལ་རྣམས་རྟོགས་པར་བྱས་ནས། དཀྱིལ་འཁོར་བཞི་ལས་སྙིང་པོ་རླུང་གི་དཀྱིལ་འཁོར་སྦྱོང་བའི་ལམ་དུ་བསྟན་པ་རྡོ་རྗེ་རྦ་རླབས་ཀྱི་ལམ་འདི་ཉིད་བསྒོམ་པས། རླུང་གི་འགྲོས་ཐིམ། མི་ཤིག་རྡོ་རྗེའི་རླུང་གི་ལམ་དག །སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་མ་ལུས་པ་བྱང་ནས་མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་ལྷུན་གྲུབ་ཉིད་མངོན་དུ་བྱེད་པར་འགྱུར་བ་ཡིན་ཏེ། བཤགས་ལེ་བཅོ་ལྔ་པ་ལས། རླུང་གི་འགྲོས་ཐིམ་མི་ཤིག་རྡོ་རྗེའི་རླུང་། །ལུས་ངག་ཡིད་དག་ངོ་བོ་ཉིད་ཀྱི་སྐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་དབང་བཞི་པའི་ལམ་རྗེས་འབྲང་དང་བཅས་པ་རྒྱས་པར་བཤད་ནས། དེ་ཉིད་ཀྱི་དོན་བསྡུ་བའི་ཕྱིར། ལེའུ་བཅུ་བཞི་པའི་ལུང་སྔ་མའི་མུར། །སྲོག་དང་རྩོལ་བ་ལྔ་ཡི་བདག་ཉིད་ལ། །རྩ་བ་ཕུང་པོ་རྣམ་ཤེས་ཡན་ལག་སོགས། །རླུང་བཅུ་སྲོག་ཤིང་གསུམ་དུ་མ་རྟོགས་པ། །བདེ་བ་ཆེན་པོའི་དབང་གིས་ལམ་དུ་བཤགས། །ཞེས་གསུངས་ཏེ། དེ་ཡང་སྙིང་པོ་རླུང་གི་དཀྱིལ་འཁོར་ཉིད་དབང་བཞི་པའི་ལམ་གྱི་སྒྲུབ་གཞིར་ཤེས་པར་བྱས་ནས། དེ་ཉིད་ཡན་ལག་སྲོག་དང་རྩོལ་བ་གཉིས་ལ། བྱེད་ལས་ཀྱི་སྒོ་ནས། གྱེན་རྒྱུ། ཐུར་སེལ། མེ་མཉམ། སྲོག་འཛིན་ཁྱབ་བྱེད་ཀྱི་རླུང་སྟེ། རྣམ་པ་ལྔ་ཡི་བདག་ཉིད་དུ་དབྱེ་བ་ལ་རྩ་བའི་རླུང་ལྔ་ཞེས་གྲགས་ཏེ་བརྟེན་པ་ཕུང་ལྔའི་རྟེན་བྱེད་པའོ། །དེ་བཞིན་དུ་མིག་ཤེས་ལ་སོགས་པ་སྒོ་ལྔའི་རྣམ་པར་ཤེས་པའི་རྟེན་བྱེད་པའི་རྒྱུ་བ་ལ་སོགས་པ་ཡན་ལག་གི་རླུང་ལྔ་དང་། འབྱུང་ལྔའི་རླུང་ལྔ་སྟེ་བཅུ་པོ་ལ་ཡན་ལག་གི་རླུང་བཅུ་ཞེས་གྲགས་སོ། །དེ་ཐམས་ཅད་ཀྱང་རྩ་གཙོ་མོ་གསུམ་མམ་སྲོག་ཤིང་གསུམ་ལ་བརྟེན་པའི་གཟུང་འཛིན་འོད་གསལ་གསུམ་གྱི་རྟེན་པའི་ཆ་ནས་བཞག་པའི་རླུང་གསུམ་དུ་འདུ་སྟེ། དེ་དག་ཀྱང་གཞི་དུས་སུ་སྒོ་གསུམ་དང་། དུས་གསུམ་དང་། ནད་དང་གདོན་གསུམ་གསུམ་ལ་སོགས་པའི་རྟེན་དུ་འགྱུར་ལ། འབྲས་དུས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་། སྐུ་གསུམ་ལ་སོགས་པའི་རྟེན་བྱེད་པའོ། །དེ་ལྟ་བུའི་རླུང་གི་གནས་ཚུལ་རྣམས་ལེགས་པར་རྟོགས་ནས། དེ་ཉིད་སྦྱངས་པའི་ཐབས་སུ་གྱུར་པ་རྡོ་རྗེ་རྦ་རླབས་ཀྱི་གདམས་པ་ཟབ་མོ་བསྒོམ་པའི་གྲོགས་སུ་རང་བཞིན་དག་པའི་ཆོས་ལ་སོམ་ཉི་ཟ་བ་དང་། མིང་བྲལ་གྱི་ཆོས་ལ་ཚད་མས་གཞལ་བ་ལ་སོགས་ཚིག་དབང་གི་སྤང་བྱའི་དམ་ཚིག་རྣམས་མ་ཉམས་པར་གསུངས་པས་མས་བརྟན་ཤེས་རབ་ཀྱི་དགའ་བཞི་མཐར་ཕྱིན་ནས་འཁོར་ལོ་ལྔའི་རྩ་མདུད་མཐའ་དག་གྲོལ་ནས་སུ་བཅུ་གསུམ་པ་རྡོ་རྗེ་འཆང་གི་སར་སྦྱོར་བར་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་དབང་བཞིའི་ལམ་དེ་གང་ཟག་གཅིག་གིས་ཉམས་སུ་ལེན་ནའང་། གང་ཟག་གི་དབང་པོའི་བྱེ་བྲག་གིས་དབང་སྔ་མ་སྔ་མའི་ལམ་དེ་མཐར་ཕྱིན་ནས་ཕྱི་མ་ལ་རིམ་བཞིན་འཇུག་པའང་ཡོད། སྔ་མ་ལ་བརྟན་པ་ཇི་རིགས་ཐོབ་ནས་ཕྱི་མ་དག་ལ་འཇུག་པའང་ཡོད། སྔ་མ་རྣམས་ལ་ངེས་པ་འབྲོང་ཙམ་རེ་བྱས་ནས་ཕྱི་མ་ལ་འཇུག་པའི་གང་ཟག་ཀྱང་ཡོད་མོད་དེ། སྔ་མ་བོར་ནས་ཕྱིི་མར་འཇུག་པ་ནི་མེད་དེ། རྩིག་རྨོང་མ་བཏིང་བའི་ཐོག་ཁར་ཕྱིན་པ་མེད་པ་བཞིན་ནོ། །དེ་ལྟར་རང་གི་རྒྱུད་ཚོད་དང་འབྲེལ་བའི་དབང་བཞིའི་ལམ་གང་ཡིན་ཉམས་སུ་ལེན་པ་ནའང་། མཉམ་བཞག་གི་དམ་ཚིག་ཏུ་དབང་རང་རང་གི་ལམ་དེ་རྩེ་གཅིག་ཏུ་ཉམས་སུ་ལེན་པ་དང་། རྗེས་སྦྱོར་གྱི་དམ་ཚིག་ཏུ་དབང་རང་རང་གི་ལྟ་བ་སྐྱོང་བ་དང་། གཞན་ཡང་བཟའ་བ་དང་། བསྲུང་བ་དང་། མི་འབྲལ་བའི་དམ་ཚིག་རྣམས་ཀྱང་ཇི་རིགས་པར་ཉམས་སུ་བླངས་ཏེ་བསྲུངས་ཤིང་། གལ་ཏེ་དམ་ཚིག་ཉམས་ན་མཁའ་འགྲོ་ལྔ་ལ་བརྟེན་ནས་གསོ་བ་སྟེ། དེ་ཡང་རྡོ་རྗེ་མཁའ་འགྲོ་ནི་བླ་མ། ཡེ་ཤེས་མཁའ་འགྲོ་ནི་ལོངས་སྐུ། མ་མོ་མཁའ་འགྲོ་ནི་སྤྲུལ་སྐུ། ཤ་ཟ་མཁའ་འགྲོ་ནི་དུར་ཁྲོད་ཀྱི་བདག་པོ་ལ་སོགས་པའོ། །དམ་ཚིག་མཁའ་འགྲོ་ནི་རྡོ་རྗེ་སྤུན་གྲོགས་སོ། །དེ་ལྟ་བུའི་མཁའ་འགྲོ་ལྔ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྒོ་ནས་ཉམས་པ་སྐོང་བའོ། །དེ་ལྟར་དབང་བཞིའི་ལམ་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ཉམས་སུ་བླངས་པ་ལ་བརྟེན་ནས་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི་དང་། མཐར་ཐུག་གི་འབྲས་བུ་སྐུ་ལྔ་ཡོངས་རྫོགས་རྡོ་རྗེ་འཆང་གི་གོ་འཕང་ཉིད་མངོན་དུ་བྱེད་པ་ཡིན་པས་ན་སྐལ་བ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་མི་གཡེལ་བར་འདི་ཉིད་ཁོ་ན་ཉམས་སུ་བླང་བར་བྱའོ། །དེ་ལྟ་བུའི་ཚུལ་འདི་ཡང་། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་དེ་ཉིད་དང་དཔལ་ཧེ་རུ་ཀའི་གལ་པོ་དང་། མ་མོ་ལམ་རྒྱུད་ལུང་ལ་སོགས་པ་སྔ་འགྱུར་རྙིང་མའི་རྒྱུད་སྡེ་མང་པོ་ཞིག་ལས་རྒྱ་ཆེར་གསུང་བའི་ཕྱིར་ཞིབ་པར་འཆད་འོས་པ་ཞིག་ནའང་། འདིར་མདོར་བསྡུས་ཏེ་དགོས་ཞེས་ཕེབས་པ་དང་། བཤགས་པའི་རྒྱུད་འདི་ཉིད་སྔ་འགྱུར་རྙིང་མ་པ་ཐམས་ཅད་ལ་ཡོངས་སུ་གྲགས་ཤིང་རྩོད་པ་མེད་པའི་རྒྱུད་སྡེའང་ཡིན་པའི་ཕྱིར། དེ་ཉིད་དངོས་བསྟན་ལྟར་སྙིང་པོ་དྲིལ་ཏེ་བརྗོད་པའོ། །སླར་ཡང་སྨྲས་ས། དེང་སང་གྲུབ་འབྲས་ཐོབ་རློམ་མང་ན་ཡང་། གྲུབ་པའི་རྒྱུ་རྐྱེན་འཆང་ལ་ཆེས་རྨོངས་པའི། །ཚུལ་འདི་མཐོང་ནས་གྲུབ་པའི་གྲགས་པ་ལ། །གྲུབ་བྲལ་བདག་འདྲས་བ་སྤུ་གཡོ་མ་འདོད། །གང་ཞིག་རྒྱུ་དང་མཚུངས་པའི་འབྲས་འབྱུང་ཞེས། །བརྟེན་འབྲེལ་བསླུ་བ་མེད་པའི་ལམ་འདི་ནི། །སྟོན་པ་ཚད་མར་གྱུར་པས་ལེགས་གསུངས་ན། །རྒྱུ་བྲལ་འབྲས་ལ་དཔྱོད་ལྡན་སུ་ཞིག་སྨོན། །ཀྱེ་ཧུད་སྟོན་པ་ཟླ་མེད་དགུང་ལ་གཤེགས། །བསྟན་པ་རིན་ཆེན་ཆུ་ལྷའི་ཕང་བར་ལྷུང་། །བསྟན་འཛིན་རྣམས་ནི་ཚེ་འདིར་གྲགས་པའི་བསླུས། །ལུས་མེད་གཡོ་ཅན་ཚོགས་ཀྱི་དགོངས་པ་གྲུབ། །ད་ནི་ཉེས་བརྒྱའི་རྒྱུ་སྐར་རྣམས་བཀྲ་བ། །མི་ཕམ་ཆོས་ཀྱི་ཉི་མ་མ་ཤར་བར། །ཆེན་པོར་གྲགས་པའི་ཟླ་བ་སྟོང་གིས་ཀྱང་། །སྣང་མེད་རུམ་དུ་སྦ་བར་མི་ནུས་སྙམས། །འདི་འདྲའི་ཚུལ་ལ་བསམ་ཚེ་གཅེས་པའི་སྙིང་། །སྒྲེན་མོར་བཏོན་པ་ལས་ཀྱང་ཆེས་ལྷག་པའི། །བཟོད་མེད་གདུང་བའི་ཁུར་ཆེན་བདག་སེམས་ལ། །བཀལ་བའི་ལྕིད་འདིས་འཛིན་མའང་གཡོ་སྙམས་བགྱིད། །དེ་ལྟར་ན་ཡང་ལྷག་བསམ་དགེ་བའི་འབྲས། །བརྒྱ་ཕྲག་བསྐལ་བའི་མཐར་ཡང་འཛད་མེད་ཅེས། །བདེན་པར་སྨྲ་བའི་གསུང་གིས་བདེན་གསུང་ན། །བདག་ནི་དུ་དུང་ཐུབ་བསྟན་འཛིན་ལ་སྤྲོ། །སྲས་བཅས་རྒྱལ་བ་ཀུན་དང་རྒྱལ་བའི་བཀས། །བསྟན་པ་རིན་ཆེན་འཛིན་པའི་གཉེར་གཏད་པའི། །མཐུ་ལྡན་བསྟན་སྲུང་དྲེགས་པའི་ཚོགས་རྣམས་ཀྱང་། །བརྩེ་བས་བུ་ལ་མ་བཞིན་དགོངས་ཤིག་ཀྱེ། །ཞེས་བསྐྱེད་རྫོགས་ཀྱི་སྤྱི་དོན་ཐབས་ལམ་སྙིང་པོ་ཞེས་བྱ་བ་འདི་ཡང་གངས་རིས་ཁྲོད་ཙམ་ན་ཐེག་པ་མཆོག་གི་བསྟན་འཛིན་མཚུངས་ཟླ་དང་བྲལ་བ། མདོ་ཁམས་རྫོགས་ཆེན་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཡང་སྲིད་བཞི་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་འཁོར་ལོའི་མགོན་པོ་༢མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ལམ། མཚན་གཞན་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེ་ཞེས་གྲགས་པའི་མུ་ཁྱུད་ཕྱོགས་ཀྱི་རྭ་བར་འཁོར་བ་དེ་ཉིད་ཀྱི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་བསྐྱེད་རྫོགས་ཀྱི་སྤྱི་དོན་ཉུང་ངུ་ཞིག་བྲི་དགོས་ཞེས་རིན་ཐང་ལྕི་བའི་གསུང་ངག་གསེར་གྱི་གཅོད་པཎ་སྤྱི་བོར་བཅིང་བར་མཛད་པ་ཉིད་མདོར་དུ་ཕངས་ནས། ཆོས་སྨྲ་བའི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པས། ལེགས་བཤད་རྒྱ་མཚོའི་འབྱུང་གནས་དཔལ་སེང་གེའི་ནགས་ཁྲོད་ཐུབ་བསྟན་ཉིན་མོར་བྱེད་པའི་གླིང་གི་མཚམས་མལ་ནས་ཤར་མར་སྤེལ་བ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག་གུ། དགེའོ།། ༈ །།ཐུབ་བསྟན་སྙིང་པོ་བསྡུས་པའི་ངག །ནུབ་མེད་སྤར་གྱི་རྒྱལ་མཚན་རྩེར། །མཆོད་འདིས་སྲིད་ཞིའི་དཔལ་བཟང་པོ། །འགོག་མེད་ཕྱོགས་བརྒྱར་འབར་གྱུར་ཅིག །ཅེས་པའང་བཙུན་པ་གཞན་ཕན་པས་སོ།། །།

བསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས།

༄༅། །བསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས་ཞེས་བྱ་བ་བཞུགས་སོ། །

རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། །རིགས་བརྒྱའི་ཁྱབ་བདག་དཀྱིལ་འཁོར་འཁོར་ལོའི་མགོན། །འགྲོ་ལ་ཕན་བདེའི་མཆོག་རྩོལ་ཡིད་བཞིན་དབང་། །མཚུངས་མེད་དྲིན་ཆེན་བླ་མར་ཕྱག་བགྱིའོ། །བགྲང་ཡས་གདུལ་བྱའི་ཞིང་གི་མཁའ་ཁྱབ་ཏུ། །རླབས་ཆེན་ཐུགས་རྗེའི་སྤྲིན་ཕུང་གཡོ་བ་ལས། །ངེས་གསང་བདུད་རྩིའི་ཆོས་ཆར་འབེབས་མཛད་པའི། །ཀུན་མཁྱེན་ཡབ་སྲས་བརྒྱུད་པ་བཅས་ལ་འདུད། །ཐེག་མཆོག་རྡོ་རྗེ་སྙིང་པོའི་ཉེ་ལམ་ན། །ཐབས་ཤེས་ཟུང་འབྲེལ་རིམ་གཉིས་གཤོག་རླབས་ཀྱིས། །སྐུ་བཞིའི་རྒྱལ་སར་མྱུར་དུ་བགྲོད་འདོད་པའི། །སྐལ་བཟང་སྐྱེ་བོའི་དགའ་སྟོན་འདིར་གསལ་བྱ། །དེ་ལ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས་ཚེ་འདིར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འདོད་པ་དག་གིས་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལ། རྟེན་གྱི་གང་ཟག་ཐུན་མོང་གི་བློ་སྦྱོང་རྣམས་ཀྱིས་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་རིན་ཆེན་རྒྱུད་ལ་ནན་ཏན་གྱིས་བསྐྱེད་ནས་མཚན་ལྡན་གྱི་བླ་མ་ལས་དབང་བཞི་ལེགས་པར་ནོད་ཅིང་། དད་པ་དང་དམ་ཚིག་ལ་གནས་པ་ལམ་འདི་ལ་འཇུག་གོ། །དེ་ལའང་སྦྱོར་བ། དངོས་གཞི། །རྗེས་དང་གསུམ་ལས། ༈ དང་པོ་ནི། གསལ་བཀྲ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་བས་སྒྲུབ་པར་བྱ། །ཞེས་གསུངས་པ་ལྟར། གང་དུ་སྒྲུབ་པའི་གནས་ནི། ལས་དང་པོ་བ་རྣམས་འདུ་འཛི་བྲེལ་གཡེང་དང་ཆགས་སྡང་འཕེལ་བའི་གནས་ལས་རྒྱང་བསྲིང་བར་བྱ་དགོས་ཏེ། ལྷག་བསམ་བསྐུལ་བ་ལས། གང་ལ་སྤྲོས་པའམ་རྩོད་པ་ཡོད་པ་ལས། དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །གང་ལ་ཉོན་མོངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཏུ་གནས་པར་མི་བྱའོ། །ཞེས་གསུངས་ཤིང་། དེ་ཡང་དགེ་འདུན་སྡེ་འཁྲུགས་བྱེད་པའི་དགོན་གནས་རྣམས་སུ་ནི། སྔར་ཡོད་ཀྱི་དགེ་རྩ་ཉམས་ཤིང་། ཕྱིས་མི་སྐྱེ་བ་དང་། ས་རིམ་པ་བདུན་གྱི་བར་ཚིག་སྟེ་སྣོད་ཅུད་ཀྱི་ལེགས་ཚོགས་ཐམས་ཅད་ཉམས་པ་དང་། ཁྱད་པར་བསྒྲུབ་སུ་འབྲས་རྟགས་དང་ཡོན་ཏན་གང་ཡང་སྐྱེ་རྒྱུ་མེད་པར་གསུངས་པས་སྤོང་བར་བྱ་ཞིང་། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་ཡོན་ཏན་ལྔ་ལྡན་ནམ། དུས་འཁོར་རྩ་རྒྱུད་ལས། གང་དུ་སུ་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེ་གནས་སུ་འཛིན་རྩོད་མེད་པར། དེར་ནི་རྣལ་འབྱོར་ཡང་དག་བརྩམ། ཞེས་རྒྱལ་པོ་ཆོས་ལྡན་དང་། གཞི་བདག་དཀར་ཕྱོགས་ཀྱི་དགེ་བསྙེན་གནས་པ། དགྲ་རྐུན་དང་རྩོད་པ་མེད་པ་སྟེ་སྤྱི་དང་། ཁྱད་པར་དུ། པད་སྡོང་བརྩེགས་པའི་རྒྱུད་ལས། སྤྱི་དང་བྱེ་བྲག་གང་ལ་ཡང་། །གནས་དང་ཡུལ་དང་ཉེ་བའི་གནས། །རྒྱལ་བའི་ཞབས་བཅག་བཀྲ་ཤིས་པ། །ཡིད་དང་མཐུན་པ་མཆོག་ཏུ་གཅེས། །ཞེས་པས་གནས་ཡུལ་བྱིན་ཅན་དང་། ཨོ་རྒྱན་ཆེན་པོ་སོགས་གྲུབ་ཐོབ་གོང་མའི་སྒྲུབ་གནས་རྣམས་ནི་མཆོག་ཏུ་བསྔགས་པ་ཡིན་ཏེ། དགོངས་འདུས་ལས། ཕལ་པའི་གནས་སུ་ལོ་གཅིག་བསྒྲུབ་པ་བས། །འདི་དག་རྣམས་སུ་ཞག་གཅིག་འགྲུབ་ཐག་ཉེ། །ཞེས་དང་། སྒྲུབ་གནས་གང་ཡང་གནམ་སའི་དབྱིབས་ཁ་དོག་སོགས་སུ་དཔྱད་ཀྱི་བྱེ་བྲག་རྣམས་ལས་བཞི་སོ་སོ་དང་མཐུན་པའི་དམིགས་གསལ་ཀྱང་གསུངས་སོ། །དེ་ཙམ་མ་འགྲིགས་ན། བསམ་གཏན་ངལ་གསོ་ལས། མདོར་ན་གནས་ཁང་དང་པོ་ཉམས་དགའ་ལ། །འདྲེས་ཤིང་མི་དགའ་དངོས་གྲུབ་ཆུང་བའི་གནས། །དང་པོར་འཇིགས་ལ་མི་དགའ་འདྲེས་ཤིང་དགའ། །བྱིན་ཆེན་དངོས་གྲུབ་མྱུར་ལ་བར་ཆད་མེད། །དེ་ལས་གཞན་ཀུན་བར་མ་ཕན་གནོད་མེད། །ཅེས་པས་འདྲེས་ཤིང་དགའ་བ་དང་། བསམ་གཏན་ལ་ཚེར་མ་མེད་པའི་གནས། ཞེས་པ། དབེན་ཞིང་ཉམས་དགའ་ལ་ཡིད་དང་རྗེས་སུ་མཐུན་པ་གལ་ཆེ་སྟེ། དགོངས་འདུས་སུ། ཡིད་མཐུན་བྱུང་ན་གྲོང་ཁྱེར་ཡིན་ཀྱང་རུང་། །ཞེས་དང་། བསྡུས་རྒྱུད་ལས། གང་དུ་སེམས་ནི་ཚིམ་པར་འགྱུར་བ་དེར་ནི་བསྒྲུབ་པར་བྱའོ་མི་ཡི་བདག་པོ་ཀྱེ། །ངེས་པར་འཇམ་པའི་མལ་ཆ་དག་དང་སྟན་ལ་ཉེ་བར་འདུག་ནས་སྔགས་བརྗོད་སྲུང་བ་བྱས་ནས་ནི། །ཞེས་པ་ལྟར་རོ། །དུས་ནི། པད་སྡོང་བརྩེགས་པའི་རྒྱུད་ལས། ར་བ་བཞི་ཡི་ཡར་ངོ་དག །བཀྲ་ཤིས་དགེ་ལེགས་འབྱུང་བར་བྱེད། །ཉ་དང་གནམ་སྟོང་ཚེས་བརྒྱད་ནི། །ལྟས་བཟང་བཅས་ཏེ་སྒྲུབ་པ་འཕེལ། །ཞེས་པས་སྒྲུབ་ཆེན་གྱི་དུས་ནི་དེ་རྣམས་དགེ་ཞིང་། གཞན་ཡང་། རྒྱུ་སྐར་རྒྱལ་སོགས་ཡིད་སྨོན་འགྲུབ། །གཟའ་དར་ཟླ་བ་ཡར་གྱི་ངོ་། །ཞེས་དང་། རྒྱུད་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་རྩོམ། །ཤིན་ཏུ་སྐར་མ་རྒྱལ་རྣམ་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པར་བླངས་བར་བྱ། །ཞེས་སོ། །དེ་ཡང་རྟོག་མེད་གདེང་ལྡན་གྱི་གང་ཟག་ལ་གནས་དུས་ཀྱི་ཁྱད་པར་མེད་ཀྱང་། ལས་དང་པོ་བས་གཟའ་སྐར་དུས་ཚོད་སོགས་ལས་བཞི་དང་མཐུན་པའི་རྟེན་འབྲེལ་ལེགས་ཕྱོགས་སུ་བསྒྲིག་པ་ལ་དགོས་འབྲས་ཁྱད་པར་ཅན་ཡོད་པར་གསུངས་ཏེ། རྔམས་གློགས་ལས། འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་དེ། །རྟགས་དང་དངོས་གྲུབ་མཚན་མ་འབྱུང་། །ཞེས་སོ། །གང་ལྟར་ཡང་རྒྱབ་རིམ་གྱི་དཔུང་བསྐྱེད་ཕྱིར་སྲོག་བསླུ། །ཉེའུ་འདོན་པ། ལམ་འཕྲང་བཅོས་པ། ས་ཚྭ། གཏོར་མ། བརྒྱ་བཞི་སོགས་མཆོད་སྦྱིན་དང་། འབུམ་སྡེ་ལྔའམ། དབང་སྡུད་སོགས་བཀའ་ཀློགས་པ། ཁྱད་པར་དྲག་པོའི་སྦྱིན་བསྲེགས་སོགས་དགེ་བའི་རྒྱབ་དཔུང་ཅི་འགྲུབ་ཏུ་བྱ་ཞིང་། སྒྲུབ་པའི་གྲོགས་དང་། འཚོ་ཆས། སྒྲུབ་རྫས་ལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱང་འདུ་བྱའོ། །དེ་དག་གི་ཚུལ་ཞིབ་པར་མན་ངག་མཛོད་སོགས་ལས་རྟོགས་པར་བྱའོ། །དེ་ནས་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་ཡོད་ན་བཀྲམ། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམས་ཤིང་ཡིད་དུ་འོང་བས་སྣང་བ་ལ་བག་ཕེབས་ཤིང་བྱིན་ཆགས་པར་བྱ། གནས་ཁང་གསར་པ་ཡིན་ན་བདག་བསྐྱེད་སྔོན་དུ་འགྲོ་བ་ཅན་གྱི་སུ་ཆོག་དགོས། རྙིང་པ་ལ་མི་དགོས། དེ་ནས་ཕྱི་རོལ་ཏུ་བླ་གབ་མེད་པའི་སར་སྡེ་བརྒྱད་སྤྱི་དང་བྱེ་བྲག་གནས་གཞིའི་སུ་བདག་སོགས་ལ་དམིགས་པས། འཁོར་འདས་སྤྱི་གསོལ་ཆེན་མོ་ལྟ་བུའམ། ཆ་གསུམ་སྡེ་བརྒྱད་མཆོད་པ། བསང་རྔན་སོགས་རྒྱས་བསྡུས་ཇི་ལྟར་རིགས་པ་བཏང་ནས་སྒྲུབ་པའི་སྡོང་གྲོགས་བྱེད་པའི་ཕྲིན་ལས་བཅོལ། སྐབས་འདིར་བགེགས་བསྐྲད་དང་མཚམས་གཅོད་རྒྱལ་ཐོ་འཛུག་པ་རྣམས་བྱས་ཀྱང་ཆོག །དཀྱིལ་འཁོར་དང་ཞལ་སྤྲོད་དུ་རང་གི་གདན་གྱི་འོག་ཏུ་འབྲུ་དཀར་རམ་སུ་དཀར་གྱིས་གཡུང་དྲུང་ཆོས་སྐོར་དུ་བྲི། སྤྲོ་ན་རྩ་ཀུ་ཤའམ་དུརྦའི་རྩ་བ་ཕྱི་དང་རྩེ་མོ་ནང་བསྟན་དུ་བཏིང་བའི་ཁར་མལ་སྟན་བཤམས། དེ་ཡང་གདན་གྱི་རྒྱབ་ཅུང་ཟད་མཐོ་བ་ལེགས་པར་བཤད། སྐབས་འདི་དག་གི་ཚེ་མཆོད་གཏོར་སོགས་ཀྱང་། རྒྱུ་གཙང་བ། དངོས་པོ་གཙང་བ། བཀོད་ལེགས་པ་རྣམས་གལ་ཆེ་བར་གསུངས་པས། གཏོར་མའི་རྒྱུ་དེ་ཉིད་ཀྱང་ལོག་འཚོས་བསྒྲུབ་པ་དང་། ངན་སྙིང་སོགས་མ་ཡིན་པའི་རྒྱུ་བཟང་པོའི་ཕུད་ལ་གཙང་སྦྲ་དང་ལྡན་པས་དང་པོ་དཀར་གསུམ་ཅུང་ཟད་བསྲེས་ནས་ལྷ་བཤོས་བྱ། གཏོར་ཟན་ལ་དམ་སེལ་མེད་པའི་བདུད་རྩིའི་ཕུར་མ་དང་ཆང་། དཀར་གསུམ་མངར་གསུམ་རྣམས་བསྲེ་ལ་དཀའ་སླ་རང་གི་ཟ་ཚོད་རན་པ་ཙམ་དུ་བྱ་ཞིང་རང་གཞུང་གི་སྒྲུབ་གཏོར་མཚན་དང་ལྡན་པར་བཟོ། འབྲི་སྨུག་དང་དཀར་པོ་གང་འོས་བྱུག །གཏོར་མའི་དབྱིབས་གང་ཡང་ཟུར་རང་ལ་མི་བསྟན་པར་དཀར་རྒྱན་དང་བཟའ་བཅའ་སྣ་ཚོགས་པས་བརྒྱན། གཏོར་གདུགས་རང་མདོག་ཅན་བཅས་ཀྱི་གཡས་གཡོན་དུ་སྨན་རག་རྫས་ལྡན་བཤམས་གཞན་ཡང་དམ་ཅན་ཆོས་སྐྱོང་གཏེར་བདག་གཞི་བདག་དང་བཅས་པའི་གཏོར་མ་གང་འོས། ཚོགས་ཀྱི་ཡོ་བྱད་སོགས་སྐབས་ཐོབ་བཞིན་འདུ་བྱའོ། །གཏོར་མ་ལ་གཟུངས་འཇུག་འཇོག་པར་སྤྲོ་ན། རྒྱ་ཤོག་ལ་དྲི་བཟང་དང་མཚལ་སྣག་གང་རུང་གིས། ལྷ་གཙོ་འཁོར་གྱི་རྩ་སྔགས་སྦྲེལ་གཤམ་དུ་ནམ་མཁའ་མཛོད་ཀྱི་སྔགས་བྲི། འཕགས་པའི་ལྷ་ཚོགས་འཁོར་དང་བཅས་པས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། །ཞེས་པའི་འཕྲོར་ཡེ་དྷར་ཚར་གཅིག་བྲིས་ཏེ། དབུ་ནས་ཡིག་མགོ་ནང་བསྟན་དུ་དྲིལ་ཏེ་མགོ་མཇུག་མ་ལོག་པར་དར་ལྷའི་མདོག་མཚུངས་ཀྱིས་དྲིལ་ནས་སྙུག་སྦུབས་སམ་ཟངས་སྦུབས་སུ་བཅུག་སྟེ་འཛུད། བྱེ་བྲག་རྒྱས་པར་སྤྲོ་ན། རྟེན་གཏོར་ནི་གཏོར་མ་དེ་ཉིད་ལྷར་བསྐྱེད་དེ་ཇི་སྲིད་བར་དུ་མཆོད་པས་སྟོབས་ཏེ་འཇོག་པ་དང་། རྟགས་གཏོར་ནི། ལོ་ཟླ་དུས་ཚིགས་ངེས་པའི་བར། སྒྲུབ་གཏོར་རམ་མཆོད་གཏོར་ནི་ལྷ་རྣམས་ལ་མཆོད་འབུལ་གྱིས་བཞེས་པ་སྟོབས་རྒྱུའི་ཚུལ་དང་། བསྐང་གཏོར་ནི། འདོད་ཡོན་ལོངས་སྤྱོད་སྣ་ཚོགས་ཀྱི་མཆོད་རྫས་སྤྱན་གཟིགས་ཀྱི་ཚུལ་དང་། གཏའ་གཏོར་ནི་ལས་མ་གྲུབ་བར་དུ་བཟུང་ནས་གྲུབ་ཚེ་མཆོད་རྒྱུ་སྟེ་ལས་མི་འགྱང་བར་མྱུར་བའི་ཆེད་དང་། ཐུན་གཏོར་རམ་རྒྱུན་གཏོར་ནི་གློ་བུར་ལས་བཅོལ་བའི་ཆེད་དུ་འཕྲལ་ལ་འབུལ་རྒྱུ་ལྟ་བུ་ལ་བྱའོ། །དེ་ལྟར་བྱ་བཏང་སྤྲོས་མེད་ཀྱིས་ནི་བཟའ་བཅའ་སྣ་ཚོགས་པའི་ཕུད་རྩམ་ལ་བརྟེན་ནས་ཀྱང་རུང་ངོ་གཞན་ཡང་གཏོར་མ་ལ་ཤེས་པ་སུམ་ལྡན་ནམ་བཞི་ལྡན་སྐབས་ཐོབ་ཀྱི་དམིགས་པའི་འཕྲུལ་ནི་ཤེས་དགོས་ཏེ། དགོངས་འདུས་ལས། གཏོར་མ་ལ་ཡང་མཚོན་བྱེད་བཞི༔ བྱིན་རླབས་དབང་དུས་བླ་མ་འམ། ཡི་དམ་ཌཱཀྐི་ལ་སོགས་དམིགས༔ དེ་བཞིན་བདུད་རྩི་འདོད་པ་ཡིས༔ བདུད་རྩི་དམིགས་རོལ་གང་འདོད་འབྱུང༔ བགེགས་ཀྱི་སྦྱོར་བ་བཤིགས་པའི་ཚེ༔ རྣོ་ངར་ལྡན་པའི་མཚོན་ཆར་དམིགས༔ མཆོག་དང་ཐུན་མོང་བསྐང་ཚེ་ནི༔ འདོད་ཡོན་ལོངས་སྤྱོད་མཆོད་པའི་སྤྲིན༔ བསྐང་བའི་རྫས་རྣམས་སོ་སོར་དམིགས༔ གང་ཡང་ལས་ཀྱིས་སྦྱོར་བ་ཤེས༔ ཞེས་དང་། དེ་བཞིན་དུ་སྒྲུབ་པའི་ཚེ་ཡང་། བཀའ་བརྒྱད་ཀྱི་མན་ངག་གཅེས་པའི་ལྡེ་མིག་ལས། ལག་ལེན་ཤེས་པ་བཞིར་བསྟན་ཏེ༔ བ་ལིང་གཏོར་མ་ཆེན་པོ་ཡིས༔ མཆོད་པར་ཤེས་དང་ལྷར་ཤེས་དང༔ དམག་དཔུང་ཤེས་དང་ཟོར་ཤེས་བྱ༔ ཞེས་པས་ལས་བྱང་སྐབས་སུ་མཆོད་པར། བཟློག་པའི་དུས་སུ་ལྷར། ཆད་ཐོའི་སྐབས་སུ་དམག་དཔུང་། འཕང་བའི་ཚེ་གཏོར་མའི་ཡེ་ཤེས་པ་རང་ལ་བསྡུ། གཏོར་མའི་དམ་ཚིག་པ་མཚོན་ཆ་མེ་དཔུང་དུག་རླང་ཁྲོ་ཆུ་སོགས་སུ་ཤེས་ནས། མེ་དཔུང་གི་ནང་དུ་དགྲ་སྡེ་ཡུལ་མཁར་བཅས་གསལ་བ་ལ་འཕང་། ཞེས་གསུངས་པ་ལྟར། གཞན་ཡང་དབང་པོ་རབ་རྣམས་ལ་ཕྱི་མི་ཟད་རྒྱན་གཏོར། འཇིག་རྟེན་གཏོར་སྣོད། སེམས་ཅན་གཏོར་རྒྱུ་སོགས་ནང་ཕུང་པོ་སྣོད། ཤ་རུས་གཏོར་རྒྱུའི་སོགས། གསང་བ་རང་བཞིན་སྟོང་པ་སྣོད། །སྣང་བ་གཏོར་མ་ཞེས་གསུངས་པ་རྣམས་ཀྱིས་བྱེ་བྲག་ཀྱང་ཤེས་པར་བྱའོ། །དེ་ནས་བཤམས་ཚུལ་ནི་རྟེན་གྱི་མདུན་དུ་སྟེགས་བུ་ཁེབ་ལྡན་ཉིས་རིམ་གྱི་གོང་མར་འབྲུ་ཚོམ་ལ་རང་གཞུང་བཞིན་སྨན་གཏོར་རཀྟ་སྒྲུབ་རྫས་སོགས་ཐམས་ཅད་བཤམས། སྟེགས་བུ་འོག་མར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རྣམས་སྦྲེེང་ཚར་དུ་བཤམས། བསྙེན་རྐྱང་གི་སྐབས་འདིར་དེ་ཙམ་གྱིས་ཆོག །གཞན་ཡང་ཕྱི་མཆོད་ཨརྒྷཾ་སོགས་ཀྱིས་ཁ་དོག་བསྒྱུར་བ་ལ་ནི་རྐྱེན་གྱི་མཆོད་པ་ཞེས་སུ་དགོངས་འདུས་རྣམ་བཤད་ལས་གསུངས་ཤིང་། དེ་ཡང་ཨོ་རྒྱན་ཡུལ་གྱི་བྱང་ཕྱོགས་རི་བོ་དཔལ་ལྡན་ཞེས་བྱ་བའི་ངེས་ལ་ཡན་ལག་བརྒྱད་ལྡན་གྱི་ཆུ། དྲི་མ་མེད་པས་གཙང་བ། མ་སྙོགས་པས་དྭངས་བ། ངད་དང་ལྡན་པས་བསིལ་བ། ཟུག་རྔུ་མེད་པས་འཇམ་པ། དྲི་དང་ལྡན་པས་བསུང་བ། རོ་མཆོག་དང་ལྡན་པས་ཞིམ་པ། གདུང་བ་སེལ་བས་ངོམ་པ། ལུས་ལ་ཕན་པས་བདེ་བ་སྟེ། དེ་ལྟ་བུའི་ཆུ་དེ། རྩོལ་སྒྲུབ་དུ་མས་བླང་ནས་ཆོས་སྟོན་ཆེན་པོའི་ཚེ་སྔོན་དུ་འགྲོ་བར་ཕུལ་བ་དང་ཆོས་མཚུངས་པར་གསུངས་སོ། །དེ་ཡང་མཆོད་མགོ་ནི། འཇིག་གླིང་གིས་ནི། མཆོད་རྫས་རྣམས་ནི་ཐབས་དང་སྣང་བ་དང་བདེ་བའི་ཆ་སྟེ། བླ་ན་ཡོད་པ་ཡིན་ལ། མཆོད་ཡུལ་རྒྱལ་བ་སྲས་བཅས་རྣམས་ནི་རྣམ་པར་གྲོལ་བ་ཤེས་རབ་ཀྱི་ཆར་བཞུགས་པ་ལ། གཡོན་ཕྱོགས་ཤེས་རབ་ཀྱི་ཕྱོགས་ལ་མཆོད་མགོ་གཏོད་པ་ལེགས། ཞེས་དང་། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ། བདག་མདུན་གང་ཡིན་ཀྱང་མཆོད་ཡུལ་དེ་ལ་ལྷ་མོ་རྣམས་ཞལ་ཕྱོགས་པ་ཡིན་པས་མཆོད་མགོ་ནི་འབུལ་ཡུལ་དེ་ཉིད་ཀྱི་གཡོན་ཕྱོགས་ནས་བརྩམ་མོ། །ཞེས་གསུངས་སོ། །བདག་བསྐྱེད་ཞི་མཆོད་རྐྱང་པ་ཅན་ལ་མཆོད་གཏོར་གྱི་གཡོན་ནས་མཆོད་མགོ་བརྩམ་ཞེས་གླིང་སྤྲུལ་གསུངས་སོ། །ཡང་གསར་མ་བ་ཀུན་དང་རང་ཕྱོགས་ཕལ་ཆེ་བས་ནི། བདག་མདུན་གང་ཡིན་ཀྱང་གཡས་ཕྱོགས་ནི་གྲལ་མགོ་ཡིན་པས་མཆོད་མགོ་ཡང་གཡས་ནས་རྩམ་དགོས་ཞེས་ཀྱང་གསུངས་སོ། །ཡང་བསྙེན་བསྒྲུབ་སྦྲག་མ་ལྟ་བུ་མདུན་བསྐྱེད་ཡོད་ཚེ། བདག་བསྐྱེད་མཆོད་པའི་རྒྱབ་མདུན་གང་རུང་ཚོམ་དཀྱིལ་གཉིས་གང་རུང་ངམ། ཚོམ་བུ་ཙམ་ལ་བརྟེན་ཀྱང་རུང་སྟེ། སྒྲུབ་རྫས་རྣམས་གཞུང་བཞིན་བཤམས་པའི་མཐར་ཞི་མཆོད་ཀྱི་ཚེ་བགེགས་མི་འཇུག་པའི་ཆེད་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བརྩམ་སྟེ། ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ་སོགས་གཡས་བསྐོར་གྱིས་བཤམས། དྲག་མཆོད་དགོས་ཚེ་ལྷོ་ནུབ་སྲིན་པོ་ནས་མཚམས་འཛིན་གྱི། ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས་དྲག་བཤོས་རྣམས་ནུབ་ནས་རིམ་པས་གཡོན་བསྐོར་གྱིས་བཤམས་མོ། །ཡང་ཞི་མཆོད་བྲེང་ཚར་དང་དྲག་པོ་སྐོར་མཆོད་ཀྱང་གསུངས་སོ། །དེ་ནས་ཕྱི་རོལ་དུ་རྒྱན་གྱི་བྱེ་བྲག་ཅི་འབྱོར་བས་བསྐོར་ཞིང་། སྟགས་ལྤགས་སོགས་ཀྱི་རྒབ་དཀྲིས་བྱ། ཡང་ན་སྟབས་བདེར། མདུན་བསྐྱེད་ཀྱིི་གཡས་ནས་བརྩམས་ཏེ་ཞི་མཆོད་དང་། གཡོན་ནས་བརྩམ་སྟེ་དྲག་མཆོད་རྣམས་བྲེང་ཚར་དུ་བཤམས་པའི་བར་དུ་རྒྱུན་གཏོར་བཤམ་མོ། །དེ་ཚེ་སྨན་རཀ་སོགས་ཕྱི་ནང་གི་མཆོད་པ་རྣམས་ཀྱང་བབ་ཆོལ་གྱིས་འདྲེས་པར་མི་བྱ་སྟེ། ཨོ་རྒྱན་ཆེན་པོ་ནས། མདོར་ན་འོག་མའི་མཆོད་པ་རྣམས་ཀྱི་ཟེར་གོང་མ་ལ་ཕོག་པས་སྐྱོན་དུ་མི་འགྱུར་ཞིང་། གོང་མའི་མཆོད་པ་རྣམས་ཀྱི་ཟེར་འོག་མ་ལ་ཕོག་པས་ཐུན་མོང་གི་མཆོད་པ་ཕྱི་ཨརྒྷཾ་དགའ་བ་རྣམས་ཀྱིས་ཐོབ་པ་ལ་སོགས་པ་རྣམས་ཀྱི་དོན་ཤེས་པར་བྱའོ། །ཡང་གཏོར་མ་དང་མཆོད་པ་རྣམས་བཤམས་མ་ཐག་བྱིན་རླབས་མ་བྱས་ནས་བགེགས་འཇུག་པ་གསུངས་པས་ཆབ་གཙང་གིས་བྲན་ཏེ་བྱིན་རླབས་བསྡུས་ཙམ་བྱ། དེ་ནས་ལོང་ཁྱབ་སྐབས་དང་བསྟུན་ཏེ་ཞག་གྲངས་ཇི་ལྟར་རིགས་པར་སྔོན་འགྲོ་རྣམས་སྦྱང་དགོས་ཏེ། ཐར་པའི་ལམ་གྱི་རྩ་བ་ངེས་འབྱུང་གི་བློ་བཅོས་མ་མ་ཡིན་པ་སྐྱེ་བའི་ཐབས་སུ་བློ་ལྡོག་གི་ཆོས་བཞི་དང་། ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་ཐབས་སུ་ཚད་མེད་བཞིས་བློ་སྦྱོང་བ་རྣམས་རྒྱུད་ལ་འདྲོངས་བ་ངེས་ཤེས་སྐྱེ་བར་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་རྣམས་དང་། ཁྱད་པར་སྒྲིབ་སྦྱང་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་གསོག་པ་མཎྜལ། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་རྣམས་ལ་གནད་དུ་བསྣུན་པར་བྱའོ། །གང་ལྟར་ཡང་དང་པོ་སྒྲུབ་པའི་དབུ་འཛུགས་པའི་དུས་ནི། ཕྱི་ཐུན་ནམ། སྲོད་ཐུན་གྱི་སྔ་ལོངས་སུ། སྤྲོ་ན་བུམ་ཆུས་ཁྲུས་བྱ་ཞིང་གཙང་སྦྲ་ལ་གནས་པས་སྟན་ལ་འདུག །རླུང་རོ་བསལ་ནས་ལུས་སེམས་རྣལ་དུ་ཕབ། ཀུན་སློང་གསལ་གདབ། དེ་ནས་རང་གི་སྙིང་གར་གཉུག་མ་བྱང་ཆུབ་སེམས་ཀྱི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས། ངོ་བོ་རང་གི་རྩ་བའི་བླ་མ་དེ་ཉིད་ཡིན་པ་ལ་རྣམ་པ་རྒྱུད་སྡེ་གང་ཡིན་པ་དེའི་ལྷ་དེ་གཙོ་བོར་གྱུར་པའི་དཀོན་མཆོག་གསུམ་དང་། བརྒྱུད་པའི་བླ་མ་མཁའ་འགྲོ་ཆོས་སྐྱོང་རྣམས་དང་བཅས་ཏེ། སྐྱབས་ཡུལ་མ་ལུས་པས་བསྐོར་བ་ཐམས་ཅད་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིགས་པ་ལྟར་གསལ་གདབ་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བའི་དམིགས་པ་རྣམས་ནན་ཏན་དུ་བྱ་བ་ཀུན་རྫོབ་དང་། སྐྱབས་ཡུལ་དང་རང་སེམས་དབྱེར་མེད་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས། ངོ་བོ་སྟོང་པ་ཆོས་སྐུ་རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཟུང་འཇུག་སྤྲུལ་པའི་སྟེ་སྐུ་གསུམ་རང་ཆས་སུ་བཞུགས་པའི་དོན་ལ་དྲན་པ་ཉེ་བར་བཞག་པ་དོན་དམ་པའི་སྐྱབས་འགྲོ། སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་འགོད་པར་བྱ་བའི་ཆེད་དུ། ཟབ་མོའི་ལམ་འདི་ཉིད་ཉམས་སུ་བླང་བར་བྱའོ་སྙམ་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པར་ཅི་ཡང་མ་གྲུབ་ཅིང་ཀུན་རྫོབ་ཏུ་ཅིར་ཡང་འཆར་བའི་གནས་ལུགས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་ངང་དུ་མཉམ་པར་འཇོག་པ་ལ་དོན་དམ་སེམས་བསྐྱེད་དེ། ཚུལ་དེ་དག་ལ་ནན་ཏན་དུ་བྱ། སྐྱབས་སེམས་སོགས་ཀྱི་དམིགས་རྣམ་རྒྱས་པ་ནི་གཞན་ནས་ཤེས་པར་བྱའོ། །དེ་ནས་བསགས་སྦྱངས་སྤེལ་གསུམ་གྱི་སྒོ་ཐམས་ཅད་ཡན་ལག་བདུན་དུ་བསྡུས་ཏེ་ཚོགས་གསོག་གི་འདུན་པ་ལ་སྦྱངས། མཐར་ཚོགས་ཞིང་རྣམས་རང་ལ་བསྟིམ་སྟེ་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ངང་ལ་དར་ཅིག་ངལ་གསོ། སྐབས་འདིར་སྤྲོ་ན་དྲིལ་དང་བསང་ཆུ་སོགས་བྱིན་གྱི་རླབས་ཚུལ་གཞན་ནས་འབྱུང་བ་ལྟར་བྱ། དེ་ནས་ཕྱི་རོལ་དུ་ཕྱིན་ཏེ་རང་ཉིད་ལྷར་གསལ་བས་དཀར་གཏོར་བསྔོ་ཞིང་ཕྲིན་ལས་བཅོལ། སྒོ་དྲུང་དུ་བགེགས་གཏོར་ཤ་ཁྲག་སྒོག་བཙོང་སོགས་ཀྱིས་བརྒྱན་པ་བཤམས་ལ། རང་ཉིད་རྟ་མཆོག་ཧེ་རུ་ཀ་སོགས་ཕྲིན་ལས་ཀྱི་ལྷ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དུ་གསལ་བའི་ང་རྒྱལ་གྱིས། གཏོར་མ་ལ་དམིགས་ནས་འབྲུ་གསུམ་བརྗོད་པས། ༀ་གྱིས་མ་དག་པའི་དྲི་མ་ཐམས་ཅད་སྦྱངས་ནས་དག་པར་བྱ། ཨཱ༔ས་རྫས་རྣམས་མང་པོར་སྤེལ་བས་མཐའ་མེད་དུ་འཕེལ་ཞིང་རྒྱས་པར་བྱས། ཧཱུྃ་གིས་གང་མོས་ཀྱི་ངོ་བོ་ལྟར་འཆར་བའི་འདོད་ཡོན་ཕུན་སུམ་ཚོགས་པར་བྱས། ཧོ༔ས་དེ་ཡང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བས་བྱིན་གྱིས་རླབས་ལ། རང་གི་ཐུགས་ཀ་ནས་ཁྲོ་བོ་ཌཱཀྐི་རུ་ཛ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ་གཡས་ཐོ་བ་དང་། གཡོན་ལྕགས་ཀྱུ་འཛིན་པ་གྲངས་མེད་པ་སྤྲོས་པས། ལོག་འདྲེན་བགེགས་དང་འབྱུང་པོ་ཐམས་ཅད་རང་དབང་མེད་པར་མདུན་དུ་བཀུགས་ལ། བཀའ་བགོ་ཞིང་གཏོར་མ་བྱིན་ཏེ་རང་གནས་སུ་གཏོང་། བསྒོ་བའི་བཀའ་ལ་མི་ཉན་པ་བར་གཅོད་རྩོམ་པའི་རིགས་ཐམས་ཅད་ཁྲོ་མཚོན་མེ་དཔུང་གི་དབལ་ཟེར་གྱིས་སྐད་ཅིག་ཉིད་ལ་བསྡིག་བསྐྲད་བརླག་པར་བསམ་ཞིང་། ལས་བྱང་གི་བགེགས་སྐྲོད་རྣམས་བྱ། གུ་གུལ་བདུག །དྲག་སྔགས་དང་ཡུང་ཐུན་གྱིས་བྲབ་ཅིང་མི་དམིགས་པས་རྒྱས་གདབ། དེ་ནས་ཕྱི་རོལ་དུ་གོམ་པ་བདུན་ཅུའི་སའམ། ཡང་ན་སྒོ་ཟུར་དུ་ཐོ་ཆུང་དཀར་པོ་བརྩིགས་པ་ལ། རྒྱལ་ཆེན་བཞིའི་མཚན་སྔགས་དང་འདོད་གསོལ་བྲིས་པ་བཙུགས་ནས། དེ་ལ་རྒྱལ་ཆེན་དྲངས་བསྟིམ་བགྱིས་ཏེ། མཆོད་བསྟོད་ཕྲིན་བཅོལ་བྱ་ཞིང་ཞལ་ཕྱིར་གཟིགས་ཏེ་དགྱེས་བཞིན་བཞུགས་པས་འཁོར་ཡུག་ཐམས་ཅད་རྒྱལ་ཐབ་བཞིའི་གུར་གྱིས་བར་མཚམས་མེད་པར་བཅིང་ནས་སྲུང་བའི་ལས་མཛད་པར་བསམ་ལ། ཕྱི་མཚམས་བཅད། སྐབས་འདིར་དམ་སྲི་མནན་པ་དང་། སྒོ་བྱང་ཕུར་གདབ་སོགས་ནི་སྒྲུབ་ཆེན་གྱི་དུས་མ་གཏོགས་བསྙེན་རྐྱང་ལྟ་བུར་མི་དགོས། དེ་ནས་ནང་དུ་ལོག་ནས་སྒོ་བསྡམ་ལ་རྣམ་གཡེང་དང་རྒྱུ་འགྲིམ་སྤངས་ཏེ། སྲུང་བའི་གུར་ཁང་འོག་ཐམས་ཅད་རྡོ་རྗེའི་སུ་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། འཁོར་ཡུག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རུ་བ་ཟླུམ་སྐོར་ཡངས་ཤིང་རྒྱ་ཆེ་ཞིང་དཔང་མཐོ་བ། ཀུན་ཀྱང་བར་མཚམས་མེད་པར་རྡོ་རྗེ་ཕྲ་མོས་གཏམ་སྟེ། ཞུ་ལུགས་སུ་འབྲེལ་བ་ཞུན་ཐེབ་པ་ལྟ་བུའི་ཕྱི་རོལ་དུ་རྡོ་རྡོའི་ཐག་པ་བསྣོལ་ཞིང་སྦྲེལ་བས་རྒྱ་ཆིངས་སུ་བཅིང་པའི་དྲྭ་བས་གཡོག་པ་རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་དང་། རྐེད་པར་རྡོ་རྗེའི་ཕྲེང་བས་དཀྲིས་པ། དེ་ཐམས་ཅད་ཀྱང་ཁ་དོག་སྔོན་པོའི་ཕྱི་དབྱིབས་ལྕགས་རྨོག་ཁ་སྦུབ་པ་ལྟ་བུ་ལས་ཡེ་ཤེས་ཀྱེ་མེ་དཔུང་ཁ་དོག་ལྔ་ལྡན་ཕྱོགས་ཀུན་ཏུ་འཕྲོ་བར་བསམ་མོ། །ཡང་སྒོང་དབྱིབས་དང་། གུར་ཁྱིམ་ལྟ་བུའི་བཞེད་ཚུལ་ཀྱང་སྣང་ཡང་། སྲུང་གུར་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་ཐམས་ཅད་གོ་མཚམས་མེད་པས་ན་དོན་གྱི་གནད་གཅིག་གོ། །ཡང་དེ་ཡི་ཕྱི་རོལ་ཏུ་ཁྲོ་ཆུང་དང་མཚོན་ཆ་སྣ་ཚོགས་ཆར་སྤྲིན་ལྟར་འཁྲིགས་ཤིང་། མེ་འབར་བའི་མེ་དཔུང་གི་གུར་ཁང་ཆུ་དེའི་ཕྱི་རོལ་དུ་རྡོ་རྗེའི་ཆུ་བོ་རླབས་ཤིན་ཏུ་འཁྲུགས་པའི་གུར་ཁང་རླུང་དེའི་ཕྱི་རོལ་དུ་རྡོ་རྗེ་རླུང་ནག་སྤུ་གྲི་རེག་ཆོད་འཁྲུགས་པའི་གུར་ཁང་གསུམ་གྱི་གུར་ཁང་དང་། ཡང་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར་མེ་དཔུང་འབར་བའི་ཀློང་ན་བྷྲཱུྃ་ལས་འཁོར་ལོ་རྩིབས་བཅུ་མུ་ཁྱུད་ལྟེ་བ་དང་བཅས་པ་ཁོང་སྟོང་ཡངས་ཤིང་རྒྱ་ཆེ་བ་ཆོས་དབྱིངས་དང་མཉམ་པའི་རྩིབས་ནང་བཅུ་ལ་པད་ཟླ་ཉི་མའི་གདན་ལ་ཧཱུྃ་བཅུ་ལས་ཁྲོ་བོ་བཅུ་བསྐྱེད་པ་དང་། ཡང་སྲུང་བའི་འཁོར་ལོ་སྦུབ་སྟོང་གི་ནང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྣམ་སྣང་གི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བ་སྒོམ་པ་སོགས་གསུང་ཡང་ཆོ་ག་རང་རང་གི་ཚིག་ཟིན་ལྟར་གྱི་ཆོག་གོ། །དེ་ལྟར་སྲུང་བའི་འཁོར་ལོས་མཚམས་བཅད་པས་བགེགས་དང་ལོག་འདྲེན་རྣམས་ཉེ་མི་ནུས་པའི་ནང་དུ་བདག་དང་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ་མཚམས་གཅོད་ཀྱི་ཚིག་རྣམས་བརྗོད་པར་བྱ་ཞིང་། ནང་མཚམས་བཅད། དེ་ནས་གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་པ་ལྟར། གཟོད་མ་ནས་གཟུང་འཛིན་གྱི་འཁྲུལ་བས་གོས་མ་མྱོང་བའི་འོད་གསལ་གཉུག་མའི་ངང་དུ། ཀུན་བཏགས་གློ་བུར་གྱི་གདོན་བགེགས་ཐམས་ཅད་རང་བཞིན་མེད་པའི་ལྟ་བས་རྒྱས་འདེབས་པ་ཁྱད་པར་གྱི་སྲུང་འཁོར་ཏེ། དེ་ལྟར་མི་རྟོག་པས་རྒྱས་གདབ་པ་གསང་མཚམས་བཅད། སྐབས་སུ་འཕྲད་དགོས་པ་རྣམས་སྲུང་འཁོར་དུས་དམིགས་འོག་ཏུ་འཚུད་པར་བྱ། དེ་ལས་གཞན་པའི་ངོ་སར་དང་མི་འཕྲད་ཅིང་། ཆས་གཏོགས་ལེན་སོགས་མི་བྱ། སྲུང་འཁོར་འདི་མཚམས་གྲོལ་བའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་ཐམས་ཅད་ཀྱི་མགོར་གསལ་འདེབས་རེ་བྱའོ། །ཡང་མཆོད་པ་བཤམས་བཀོད་དང་བསགས་སྦྱངས་སོགས་སྐབས་འདིར་བྱེད་པའི་ཕྱག་བཞེས་ཀྱང་སྣང་ངོ་། །དེ་ལྟར་ནང་མཚམས་བཅད་ནས་བཟུང་། ལུས་མཚམས་མིའི་མ་མཐོང་བ་དང་། ངག་མཚམས་ཐ་མལ་གྱི་སྨྲ་བ་གཅོད་པ་དང་། ཡིད་མཚམས་ཆགས་སྡང་སོགས་ཉོན་མོངས་པའི་ངན་རྟོག་གི་རྗེས་སུ་མི་འབྲང་བར། དྲན་ཤེས་བག་ཡོད་གསུམ་དང་མ་བྲལ་བའི་སྒོ་ནས་དགེ་སྦྱོང་གནད་དུ་འགྲོ་བའི་ཕྱིར། ཐོར་ཐུན་དང་། སྔ་ཐུན། ཕྱི་ཐུན། སྲོད་ཐུན་ཏེ་ཐུན་བཞི་ཁྲིགས་ཆགས་སུ་གཏོང་བ་ཡིན་ནོ། །དེ་ནས་བྱིན་འབེབས་ནི། ཁྱད་པར་གྱི་སྦྱར་སྤོས་དང་དབྱངས་རོལ་བཅས་ཏེ་མོས་གུས་དྲག་པོས། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་རྩ་གསུམ་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་བས་རང་བཞིན་གྱི་དབྱིངས་ནས་མཁྱེན་བརྩེ་ནུས་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། འོད་དང་འོད་ཟེར། འཇའ་སྤྲིན་མེ་ཏོག་དང་ཐིག་ལེ་ལ་སོགས་པའི་རྣམ་པར་སད་ནས་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པས་ཡེ་ཤེས་ཆེན་པོའི་གཟི་བྱིན་ནུས་བཅུད་དང་ལྡན་པར་བསམ་མོ། །ཡང་དབང་རབ་རྣམས་ཀྱིས་ནི། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་ཤར་ཙམ་ནས་གཟུང་འཛིན་གྱི་མདུད་པ་རང་གྲོལ་དུ་ཞིག་པས་ཅིར་སྣང་ཕྱི་ནང་གསང་བའི་མཆོད་སྤྲིན་དུ་ཤར་བ་དག་པ་རབ་འབྱམས་ཡེ་ཤེས་ཆེན་པོའི་བྱིན་འབེབ་པའོ། །མཆོད་རྫས་བྱིན་རླབས་ནི། མཚན་ཉིད་ཐེག་པ་མདོ་ལྟར་ན། །དངོས་འབྱོར་གྱི་མཆོད་པ་ཐམས་ཅད་གཟུངས་སྔགས་དང་། རིགས་སྔགས་དང་། མོས་པའི་སྟོབས་དང་། བདེན་པའི་སྟོབས་བརྗོད་པས་བྱིན་གྱི་རླབས་ཤིང་སྤྲུལ་བར་གསུངས་ལ། སྔགས་སུ་སྐྱབས་འགྲོ། ལྷ་སྔགས་ཏིང་ངེ་འཛིན་ཕྱག་རྒྱ་སྟེ་ལྔ་དང་ལྡན་པས་བྱིན་གྱི་རླབས་པར་གསུངས་པས། རང་ཉིད་ལྷ་ཡི་ཐུགས་ཀ་ནས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས་པས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས། མཆོད་རྫས་རྣམས་ཀྱི་མ་དག་པའི་དངོས་འཛིན་ཉེས་སྐྱོན་དྲི་མ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་བསམ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ༀ་ལས་བྱུང་བའི་ལྷ་རྫས་ཀྱི་མེ་ཏོག་སོགས་ཐུན་མོང་ཕྱི་ཡི་ཉེར་སྤྱོད་ལྔ་དང་། རང་བྱུང་དབང་པོ་ལྔའི་མེ་ཏོག་སོགས་ཁྱད་པར་ནང་གི་ཉེར་སྤྱོད་དུར་ཁྲོད་དྲག་པོའི་མཆོད་པ་སོགས་གང་ཡིན་ཀྱང་། སྲིད་ཞི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ། དེ་དག་རེ་རེ་ལས་ཀྱང་མཆོད་རྫས་སོ་སོ་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པའི་མཆོད་སྤྲིན་འཕྲོ་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་མོ། །ནང་མཆོད་སྨན་རཀ་གཏོར་གསུམ་གྱི་དང་པོ་སྨན་ནི། ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨའམ་བྷྲཱུཾ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་ཤ་ལྔ་དང་། བདུད་རྩི་ལྔ་ནི། དབུས་སུ་མི་ཤ་དང་དྲི་ཆེན། ཤར་དུ་བ་གླང་གི་ཤ་དང་ཁུ་བ། ལྷོར་ཁྱི་ཤ་དང་ཤ་ཆེན་གྱི་དྭངས་མ་སྟེ་ཀླད་པ། ནུབ་ཏུ་རྟ་ཤ་དང་རྡུལ་ཏེ་པདྨའི་ཁྲག །བྱང་དུ་གླང་ཆེན་གྱི་ཤ་དང་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་རིམ་པར། ཧྲཱི༔བཱཾ་སྣང་མཐའ་ཡབ་ཡུམ་ཧཱུྃ་ལཱཾ་རྡོར་སེམས་ཡབ་ཡུམ་ཏྲཱཾ་མཱཾ་རིན་འབྱུང་ཡབ་ཡུམ་ༀ་མུཾ་རྣམ་སྣང་ཡབ་ཡུམ་ཨཱཿཏཱཾ་དོན་གྲུབ་ཡབ་ཡུམ། མཆན། དེ་རྣམས་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་དུ་གྱུར་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པས་ཐོད་པ་གང་མཐར་ལྷ་རྣམས་འོད་དུ་ཞུ་ནས་རྫས་ལ་ཐིམ་པས། ཡེ་ཤེས་བདུད་རྩིའི་རྒྱ་མཚོར་འཁྱིལ་ཞིང་ཟེར་མ་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་བསམ་མོ། །དེ་ཡང་དགོངས་འདུས་ལས། འགོ་གི་རླུང་གཡོས་མེ་སྦར་ཐོད་པ་དྲོས༔ རྫས་ཁོལ་རླང་པའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཡེ་ཤེས་བདུད་རྩི་བཀུག་ཅིང་ནང་དུ་བསྟིམ༔ ལྷ་དང་དམ་རྫས་ཡེ་ཤེས་བདུད་རྩིའི་ཚོགས༔ གཉིས་སུ་མེད་པར་འདྲེས་ཤིང་དཀར་དམར་འཁྱིལ༔ ལྷ་ལ་ཕོག་ན་དགྱེས་པ་བསྐང་བའི་རྫས༔ མཆེད་ལ་ཕོག་ན་དངོས་གྲུབ་འབྱུང་བའི་བཅུད༔ དགྲ་ལ་ཕོག་ན་སྲོག་རྩ་གཅོད་པའི་མཚོན༔ བགེགས་ལ་ཕོག་ན་རྡུལ་དུ་བརླག་པའི་ཐུན༔ གང་ལ་ཕོག་ན་དོན་འགྲུབ་བདུད་རྩིར་དམིགས༔ ཞེས་གསུངས་པ་ལྟར་རོ། །རཀྟ་ནི། རླུང་མེ་ཐོད་སྒྱེད་གོང་ལྟར་སྟེང་བྷནྡྷ་རློན་པ་སྐྲ་དང་བཅས་པའི་སྣོད། ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁམས་གསུམ་གྱི་ཞེན་ཆགས་ཀྱི་རྟོག་པ་ཐམས་ཅད་ཁྲག་གི་རྣམ་པར་བསྡུས་ཤིང་འཁྱིལ་བའི་དབུས་སུ་རཀྟའི་ལྷ་མོ་གིརྟི་མ་དམར་མོ་གཅེར་བུ་གྲི་ཐོད་ཅན་གྱི་བྷ་ག་ནས་རཀྟའི་རྒྱུན་བབས་པས་ཐོད་པའི་རྫས་དང་དབྱེར་མེད་དུ་འདྲེས་ཤིང་གང་བའི་མཐར་ལྷ་ཡང་འོད་དུ་ཞུ་ནས་རྫས་ལ་ཐིམ་པས། ངོ་བོ་ཆགས་མེད་བདེ་བ་ཆེན་པོ་རཀྟའི་རྒྱ་མཚོ་རྦ་རླབས་འཕྱོ་ཞིང་འདོད་ཡོན་གྱི་སྤྲིན་འཕྲོ་བར་བསམ་མོ། །གཏོར་མ་ནི། ཀ་པཱ་ལའམ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་བཟའ་བཅའ་སྣ་ཚོགས་པའི་གཏོར་མ་ལྷའི་བདུད་རྩི་རོ་བརྒྱ་དང་ལྡན་པ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་གཏེར་དུ་གྱུར་པ་ལས་ཕྱི་ནང་གསང་བའི་མགྲོན་སོ་སོའི་དགྱེས་བསྐང་གི་མཆོད་རྫས་ཐོགས་པའི་ལྷ་མོ་གྲངས་མེད་པའི་སྤྲིན་འཕྲོ་བར་བསམ་མོ། །དེ་ཡན་ཆད་ནི་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོའི་རིམ་པ་རྣམས་སོ། །གཉིས་པ་དངོས་གཞིའི་རིམ་པ་ལ། སྤྱི་དོན་བསྡུས་ཏེ་བསྟན་པ་དང་། གཞུང་དོན་རྒྱས་པར་བཤད་པའོ། །དང་པོ་ལའང་། རྒྱུད་སྡེའི་དགོངས་པ་སོ་སོར་དང་སྦྱར་ཏེ་བཤད་པ་དང་། སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་དང་སྦྱར་ཏེ་དང་། དབང་པོའི་རིམ་པ་དང་སྦྱར་ཏེ་ལྷ་སྒོམ་ཚུལ་བྱེད་པ་རྣམས་ལས། དང་པོ་ནི། རྒྱུད་ལས། རྫོགས་པའི་རིམ་པ་འདོད་པ་ཡི། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །བསྐྱེད་པའི་རིམ་པ་རྨིང་ནས་རྩིག །ཅེས་དང་། གསང་བདག་ཞལ་ལུང་ལས། མདོར་ན་མ་དག་པའི་སྣང་བ་དག་པའི་སྣང་བར་བསྒྱུར་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་བསྐྱེད་རིམ། དེ་བདེ་སྟོང་གི་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར་མཚན་བཅས་རྩ་རླུང་ཐིག་ལེ་དང་། མཚན་མེད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི་རྫོགས་རིམ་སྟེ། ཞེས་གསུངས་ཤིང་། སྔ་མ་བསྐྱེད་རིམ་ལའང་། ཡུལ་སྣང་བདེན་མེད་དུ་ཤེས་པ་སྒྱུ་མའི་བསྐྱེད་རིམ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ། ལྷ་སྐུ་ཞལ་ཕྱག་དང་བཅས་པ་སྤྲུལ་པའི་བསྐྱེད་རིམ་རྣམས་ལས་འདིར་ཕྱི་མ་ལྟར་བཤད་པ་ལ། མཚན་ཉིད་ནི། དེ་གང་ཞིག་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་ལྷ་སྐུ་སྣང་སྟོང་བསྐྱེད་རིམ་གྱི་མཚན་ཉིད། དེ་ཡང་ཁྱད་ཆོས་བཞི་ལྡན་ཏེ། རྗེ་བཙུན་ཀུན་དགའ་སྙིང་པོས། ཆོ་གའི་ཁྱད་པར་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་པར ་དག་རྫོགས་སྨིན་གསུམ་ཚང་བའོ། །ཞེས་གསུངས་ཤིང་། དེ་ཡང་ཕྱི་རྒྱུད་སྡེ་གསུམ་ལྟར་ན། སེམས་ཉིད་ངལ་གསོ་ལས། བྱ་བས་རང་ཉིད་དམན་ལ་ལྷ་ཉིད་མཆོག །རྗེ་ཁོལ་ཚུལ་དུ་བསྒྲུབ་པའི་དངོས་གྲུབ་ལེན། སྤྱོད་པས་རང་དང་ལྷ་གཉིས་མཉམ་པར་བལྟ། །རང་ཉིད་དམ་ཚིག་མདུན་དུ་ཡེ་ཤེས་ལྷ། །གྲོགས་པོའི་ཚུལ་གྱི་དངོས་གྲུབ་ལེན་པ་ཡིན། །རྣལ་འབྱོར་དངོས་གཞིར་གཉིས་སུ་མེད་པ་ལ། །སྦྱོར་རྗེས་ལྷ་ནི་དགུགས་གཤེགས་གཉིས་སུ་བྱེད། །ཆུ་ལ་ཆུ་བཞག་གཉིས་མེད་དངོས་གྲུབ་ལེན། །ཞེས་པས། དེ་ལ་བྱ་རྒྱུད་ཙམ་པོ་རྣམས་སུ་ནི། རང་ལྷར་བསྐྱེད་པ་མེད་ཀྱང་། ཁྱད་པར་བ་རྣམས་སུ་ལྷ་ཡེ་ཤེས་པ་རྒྱལ་པོ་ལྟར་བྱས་ཏེ། རང་དམ་ཚིག་པ་འབངས་ཀྱི་ཚུལ་གྱིས་གཙང་སྦྲ་སོགས་ཕྱིའི་བྱ་བ་གཙོ་བོར་གྱུར་པས་དངོས་གྲུབ་ལེན་པར་འདོད་དེ། རིགས་ཐམས་ཅད་ཀྱི་དངོས་གྲུབ་ལེན་པའི་རྒྱུད་ལས། རྗེ་དཔོན་རྒྱལ་པོའི་སྐུ་བལྟས་ལ། །རང་ཉིད་བྲན་གྱི་འདུ་ཤེས་ཀྱིས། །སྔགས་བསྒྲུབ་དངོས་གྲུབ་སྙིང་པོ་ནི། །བླ་ན་མེད་པའི་མཆོག་ཏུ་བླང་། །ཞེས་སོ། །སྤྱོད་པའི་རྒྱུད་ནི། ལྟ་བ་ཡོ་ག་ལྟར་དང་། སྤྱོད་པ་ཀྲྀ་ཡ་ལྟར་ཆ་མཉམ་པའི་སྒོ་ནས་རང་དམ་ཚིག་སེམས་དཔར་བསྐྱེད་པའི་མདུན་དུ་ལྷ་ཡེ་ཤེས་སེམས་དཔའ་སྤུན་ནམ་གྲོགས་པོའི་ཚུལ་དུ་བསྐྱེད་ནས་དངོས་གྲུབ་ལེན་ཏེ། རིགས་གསུམ་སྤྱིའི་རྒྱུད་ལས། སྤུན་ནམ་གྲོགས་ཀྱི་ཚུལ་ཙམ་དུ། །དངོས་གྲུབ་དམ་པ་བླང་བར་བྱ། །ཞེས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། བདག་ལྷར་བསྒོམ་པ་ལ་ཡེ་ཤེས་པ་དགུགས་བསྟིམ་གྱིས་གཉིས་སུ་མེད་པར་བྱས་ལ། མཆོད་བསྟོད་བཟླས་པ་སོགས་ཀྱི་མཐར་དངོས་གྲུབ་བླངས་ནས་གཤེགས་སུ་གསོལ་བ་སྟེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་དབྱིངས་དང་། །བླ་མེད་དངོས་གྲུབ་དམ་པ་བླང་། །ཞེས་སོ། །ནང་རྒྱུད་སྡེ་གསུམ་གྱི་སྒོམ་ཚུལ་ནི། སེམས་ཉིད་ངལ་གསོ་ལས། མ་ཧཱས་ལུང་དང་བསྐྱེད་རིམ་ཐབས་གཙོ་ལ། །ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ། །ཨ་ཏིས་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ། །ཀུན་ཀྱང་ཆོས་ཀུན་ཡེ་ནས་མཉམ་པ་ཉིད། །ཡིན་པར་ཤེས་པའི་ཚུལ་གྱིས་ཉམས་སུ་ལེན། །ཞེས་པས། མ་ཧཱ་ཡོ་གར་ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་དཀྱིལ་འཁོར་རིམ་གྱིས་བསྐྱེད་པ་གཙོ་བོ་བྱེད་པའི་སྒོ་ནས་ལྷ་རྟོག་དབྱེར་མེད་དུ་བསྒོམ་པའོ། །ཨ་ནུ་ཡོ་གར་ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡེ་ནས་སངས་རྒྱས་པ་ཀུན་ཏུ་བཟང་པོའི་རོལ་པ་མ་འགགས་པའི་རྩལ་ལྷ་སྐུར་འཆར་བ་འདོད་དེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་དང་། ཨ་ནུ་ཡོ་གའི་ཐེག་པ་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་ནས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། །ཞེས་དང་། ཀུན་འདུས་ལས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །ཞེས་གསུངས་པ་ལྟར་རོ། །ཨ་ཏི་ཡོ་གར་ནི། ཀ་དག་ཁྲེགས་ཆོད་ཀྱི་དབྱིངས་ནས། །ལྷུན་གྲུབ་ཐོད་རྒལ་གྱི་སྣང་ཆ། །རིག་རྩལ་ལྷ་སྐུའི་ཚོམ་བུ། །རྟེན་འབྱུང་མ་འགགས་པ་རང་ཤར་བའི་ཚུལ་གྱིས། ཡོངས་གྲུབ་དག་མཉམ་ཆེན་པོའི་ལྷའི་གསལ་སྣང་ལ་སེམས་འཛིན་པ་སྟེ། མན་ངག་སྙིང་ཐིག་ལུགས་ཀྱི་མངོན་རྟོགས་ཕལ་ཆེ་བར་བཞིན་ནོ། །སྔགས་ཕྱི་ནང་གི་ཁྱད་པར་གཞན་ཡང་། དགོངས་འདུས་ལས། ཕྱི་པ་ལ་ལྷ་ཕོ་རྐྱང་མོ་ཀྱང་། རྫོགས་རིམ་ཡིག་འབྲུ་འམ་ཐིག་ལེ། ནང་པ་ལ་ལྷ་ཡབ་ཡུམ་སྦྱོར། རྫོགས་རིམ་ཕྱག་རྒྱ་ཆེན་པོ། རྒྱན་ཡང་ཕྱི་པའི་ལྷ་ལ་རིན་པོ་ཆེའི་རྩེ་ཕྲན་ཡོད། ནང་པ་ལ་རུས་རྒྱན་ཤོགས་ཡོད། ཕྱི་པ་ལ་དཀར་གསུམ་མཆོད། ནང་པ་ལ་ཤ་ལྔ་བདུད་རྩི་ལྔ་མཆོད། ཕྱི་པ་ལ་རིན་པོ་ཆེའི་སྣོད། ནང་པ་ལ་ཀ་པཱ་ལ་སོགས་སོ། །ཕྱི་ནང་ཐུན་མོང་དུ་གཏོར་མ། སྦྱིན་བསྲེག་རབ་གནས་ཚ་ཚ་བུམ་སྒྲུབ་རྣམས་འདྲའོ། །ཞེས་གསུངས་སོ། །གཉིས་པ་ནི། འཁོར་བའི་ཆོས་སྣ་ཚོགས་པ་སྣང་བ་འདི་དག །སྲིད་པར་སྐྱེ་བ་བླང་པ་ལ་བརྟེན་ནས་འཆར་བའི་ཕྱིར། འཁོར་བའི་ཆོས་ཀྱི་གཙོ་བོ་ནི་སྐྱེ་གནས་བཞི་ཡིན་པས་དེའི་བག་ཆགས་སྦྱོང་བ་དང་སྒོ་བསྟུན་ནས་བསྐྱེད་རིམ་བསྒོམ་ཚུལ་བཞིར་གསུངས་ཏེ། རྒྱུད་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པ་ལྟར་བཞི་ལས། སྒོང་སྐྱེས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ནི། སྒོ་ང་ལས་སྐྱེ་བ་རྣམས་ལན་གཉིས་སུ་སྐྱེ་བ་ལྟར། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས། མདུན་མཁར་དཀྱིལ་འཁོར་གྱི་ལྷ་སྤྱན་དྲངས་ཏེ། མཆོད་བསྟོད་གསོལ་གདབ་རྒྱུན་བཤགས་རྣམས་ཀྱི་མཐར་བསྡུ་རིམ་གྱིས་སྟོང་པའི་ངང་ལ་དར་གཅིག་མཉམ་པར་འཇོག་པ་ནི། ཁྱད་པར་གྱི་ཆོས་བསྡུས་པའི་ཚུལ་དང་། དེ་ནས་རྒྱས་པའི་ཚུལ་བདག་སྲས་དང་གཞན་སྲས་ལྟར་བསྐྱེད་པ་སྟེ། བཀའ་བརྒྱད་ལས། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། །ས་བོན་ལས་ནི་གཙོ་བོ་ཡབ་ཡུམ་བསྐྱེད། །ཕྱོགས་བཅུ་བདེ་གཤེགས་བཀུག་ནས་ཡུམ་མཁར་བསྟིམ། །སེམས་ཅན་བཀུགས་ནས་སྒྲིབ་པ་སྦྱོང་བ་དང་། །གཉིས་སུ་མེད་ལ་ཆེ་བ་བསྐྱེད་པ་དང་། །མཁའ་ནས་བཏོན་ཏེ་གདན་ལ་འཁོད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད། །གཙོ་བོ་འོད་ཞུ་སུ་བོན་གྱུར་པ་དང་། །དེ་ལས་ཡབ་ཡུམ་སྐྱེ་མཆེད་རྫོགས་པ་དང་། །ཡབ་ཀྱི་རྟོག་པ་ཡི་གེར་གྱུར་པ་དང་། །ཡུམ་ལས་འོད་འཕྲོས་ལྷ་ལ་སྲོལ་གདབ་དང་། །ཀུན་ཀྱང་རང་བསྟིམ་ང་རྒྱལ་བཟུང་པ་དང་། །སྙོམས་པར་ཞུགས་ནས་མཁའ་རུ་དཀྱིལ་འཁོར་བསྐྱེད། །རྟོག་པ་ཞེ་གཉིས་ལྷར་གསལ་ཕྱིར་འདོན་དང་། །ཕྱག་རྒྱ་བཞི་ཡིས་བཅིང་དང་རྒྱས་གདབ་བོ། །ཞེས་པས། བདག་གཞི་དུས་ཀྱི་དེ་བཞིན་གཤེགས་པ་ཡིན་པས་བདག་གིས་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང་། དེ་བཞིན་གཤེགས་པའི་རིགས་མི་ནུབ་པར་བྱ་བའི་ཕྱིར། གཞན་གྱིས་སྲས་སུ་བདག་བྱ་བ་ཡིན་ཞེས་རོང་ཟོམ་ཆེན་པོ་ནས་བཞེད་ལ། འདི་དག་སྒོམ་ཚེ་གོ་རིམ་མེད་པར་གསུངས་སོ། །མངལ་སྐྱེས་སྦྱོང་བྱེད་འབྲིང་གི་བསྐྱེད་རིམ་ལའང་གསུམ་ལས། བསྡུས་པ་ནི། ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་སྟེ། །སྦྱང་བྱ་བར་སྲིད་མངལ་གནས་བཙའ་བ་གསུམ། །སྦྱོང་བྱེད་རྡོ་རྗེ་རྩེ་ལྔ་ལ་སོགས་ཕྱག་མཚན་གྱི་རྣམ་པར་བསྒོམ་པས། སྦྱང་བྱའི་ཡིད་ཐུགས་རྡོ་རྗེ་དག །ཕྱག་མཚན་དེ་གནས་གྱུར་ཏེ་ཧཱུྃ་ཡིག་སོགས་ཀྱི་མཚན་པར་བསྒོམ་པས། །ངག་གསུང་རྡོ་རྗེ་རྫོགས། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པས་ཡོངས་སུ་གྱུར་ནས་ལྷའི་སྐུ་རྒྱན་དང་ཆ་ལུགས་སོགས་རྫོགས་པར་བསྒོམས་པས། ལུས་སྐུ་རྡོ་རྗེ་སྨིན་པའོ། །འབྲིང་ནི། མ་རྒྱུད་ལྟར་མངོན་བྱང་བཞི་སྟེ། གལ་པོ་ལས་དང་པོ་སྟོང་པ་བྱང་ཆུབ་སེམས། གཉིས་པ་སུ་བོན་དབྱུང་བ་སྟེ། གསུམ་པ་ལ་ནི་གཟུགས་རྫོགས་པ། བཞི་པ་ལ་ནི་ཡི་གེ་འགོད། ཅེས་པས། དེ་དག་གིས་སྦྱང་བྱ་རིམ་པར་འཆི་སྲིད་བར་དོ་དང་བཅས་པ། དྲི་ཟའི་སེམས་ཁུ་ཁྲག་གི་དབུས་སུ་ཞུགས་པ། རླུང་བཅུས་ལུས་རིམ་གྱིས་བསྐྱེད་པ། བཙས་ནས་དབང་པོ་ཡུལ་ལ་སད་པ་རྣམས་སོ། །རྒྱས་པ་ནི། སྦྱང་བྱའི་རིམ་པར་བར་དོའི་རྣམ་ཤེས་དང་། མངལ་དུ་འཇུག་ཁ་མ། ཞུགས་པ། ཞུགས་ནས་ཟླ་བཅུའི་ལུས་རྫོགས་པ། བཙའ་བ་དང་ལྔ་པོ་ལམ་ལྔར་སྦྱར་ཏེ། དང་པོ་གསུམ་སྦྱོང་བྱེད་ཏིང་འཛིན་གསུམ་དང་། བཞི་པ་སྦྱོང་བྱེད་མངོན་བྱང་ལྔ་སྟེ། ཀྱེ་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་སུ་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་སོ། །ལྔ་པ་སྦྱོང་བྱེད་ལྷར་སྣང་ཕྱག་རྒྱ་ཆེན་པོའི་རྟེན་དང་བརྟེན་པ་གསལ་བ་སྲོག་སྡོམ་གཟེར་བཞིའི་མན་ངག་གི་བསྙེན་སྒྲུབ་ཡན་ལག་བཞི་རྫོགས་ནས་ཆོ་གའི་བསྡུ་རིམ་གྱི་བར་རོ། །དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བྱེད་བསྡུས་པ་ནི། སྦྱང་བྱ་དྲོད་གཤེར་ལ་བརྟེན་ནས་ལུས་རྫོགས་པ་བཞིན་དུ། སྦྱོང་བྱེད་ཉི་ཟླའི་སྟེང་དུ་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་ལྷ་སྐུ་རྫོགས་པར་བསྒོམ་པའོ། །རྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བྱེད་ཤིན་ཏུ་བསྡུས་པ་ནི། སྙིང་པོ་བརྗོད་པ་ཙམ་གྱིས་སྐད་ཅིག་གིས་བསྐྱེད་པ་སྟེ། རང་ཤར་ལས། ཅིག་ཆར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །ཞེས་པས། དབང་རབ་རྣམས་ཀྱིས་ནི་སེམས་ཉིད་གདོད་མའི་ལྷ་སྐུར་མེ་ལོང་གི་གཟུགས་བརྙན་ལྟར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པའོ། །དེ་དག་ལས་མངལ་སྒོང་གཉིས་སྦྱོང་བྱེད་ནི་མ་ཧཱ་ཡོ་ག་ལྟར་དང་། དྲོད་གཤེར་ནི་ཨ་ནུ། རྫུས་སྐྱེ་སྦྱོང་བྱེད་ནི་གཙོ་བོ་ཨ་ཏི་ཡོ་ག་ལྟར་རོ། །དེ་དག་གི་ཚེ་འཁོར་བ་དང་རྣམ་པ་མཐུན་པའི་སྲིད་པ་སྦྱངས་ཤིང་དག །མྱང་འདས་དང་བཞུགས་ཚུལ་མཐུན་པའི་འབྲས་བུ་གཞི་ལ་རྫོགས། གཉིས་ཀ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ནི་སྤྱིའི་གོ་བའོ། །དེ་ལྟར་གཙོ་ཆེར་ལས་དང་པོ་བ་སོགས་ཀྱིས་བསྐྱེད་ཚུལ་རྒྱས་བསྡུས་ཀྱི་ཁྱད་པར་དེ་དག་གིས་སྐྱེ་གནས་བཞི་སོ་སོར་སྦྱོང་ཚུལ་ཀྱང་གཙོ་བོར་སྟོན་པ་ཡིན་གྱི། དོན་ལ་བཞི་ཀས་སྦྱོང་བ་ལ་ཁྱད་པར་མེད་དོ། །གསུམ་པ་ནི། དགོངས་འདུས་ལས། དབང་པོ་རབ་ཀྱིས་མ་བཅོས་རང་བྱུང་ཡེ་གསལ་ལྷུན་གྲུབ་སྤྲོས་བྲལ་རྣམ་པར་དག་པ་ལྷའི་ངོ་བོ་ཤེས། འབྲིང་གིས་འདུས་བྱས་མཚན་མ་ཅན་མ་ཡིན་པར་ཐུགས་རྗེ་རང་བྱུང་གི་རྩལ། རྩ་ཁམས་དག་པ་གསལ་འཚེར་གྱི་ལྷར་ཤེས་པ། ཐ་མས་གཟུགས་སྣང་ཐམས་ཅད་ལྷ་དང་ལྷ་མོ་མི་རྟོག་པའི་ངང་ཆུ་ལས་ཉ་འཕར་བའི་ཚུལ་ཅན་དང་། དད་དམ་དག་པས་མངོན་བྱང་ལྔ་དང་། ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་གསལ་བར་བསྐྱེད། ཅེས་དང་། པད་སྡོང་བརྩེགས་པའི་རྒྱུད་ལས་ཀྱང་། དབང་པོ་རབ་འབྲིང་ཐ་མ་སོ་སོ་ལ་གསུམ་རེ་ཕྱེ་བས་དགུ་ཕྲུགས་སོགས་ཀྱི་སྒོ་ནས་རྒྱས་པར་གསུངས་པ་རྣམས་ཀྱང་གཞུང་དེ་དག་ལས་རྟོགས་པར་བྱའོ། །གཉིས་པ ་གཞུང་དོན་ལ། མཉམ་བཞག་གི་རྣལ་འབྱོར་དང་རྗེས་ཐོབ་ཀྱི་རྣལ་འབྱོར་གཉིས། དང་པོ་ལ། སྐུ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པའི་རྣལ་འབྱོར། ཐུགས་འོད་གསལ་གྱི་རྣལ་འབྱོར་དང་གསུམ། དང་པོ་ལའང་། ཏིང་འཛིན་གསུམ་གྱིས་ཁོག་ཕུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ཡེ་ཤེས་པ་དྲངས་ཤིང་བརྟན་པར་བཞུགས་པ། ཕྱག་འཚལ་མཆོད་བསྟོད་བྱ་བ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་དང་ལྔ་ལས། དང་པོ་ནི། མ་ཧཱ་ཡོ་ག་ཡན་ཆོད་ལ་ཏིང་ངེ་འཛིན་གསུམ་གྱིས་བསྐྱེད་ཚུལ་གསུངས་ཏེ། དེ་ལ་ཐོག་མར་རང་སེམས་ཁོང་ཀློད་དེ་འཁྲུལ་རྟོག་གི་རྗེས་སུ་མི་འབྲང་བར། རིག་སྟོང་བསམ་བརྗོད་ལས་འདས་པའི་ཆོས་ཉིད་སྤྲོས་བྲལ་གྱི་ངང་ལ་དར་ཅིག་མཉམ་པར་འཇོག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། སྟོང་པ་ཆེན་པོའི་རྣལ་འབྱོར་ཏེ། །རྡོ་རྗེ་ལྟ་བུ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། རྟག་མཐའ་བསལ་ཞིང་། གཟུགས་མེད་ཁམས་ཀྱི་བག་ཆགས་དང་། འཆི་སྲིད་ཆོས་སྐུར་སྦྱངས་ཤིང་དག་པར་བྱེད་ཕྱིར་རིག་པའི་ངོ་བོ་བསམ་གྱིས་མི་ཁྱབ་པའི་ཆ་ནས་བཞག་པའོ། །སྐབས་འདིར་སྔར་གྱི་སྲུང་གུར་སོགས་ཀྱང་མི་དམིགས་པར་འཇོག་པ་ཡིན་གྱི་གཏན་མེད་ནི་མིན་པར་ཤེས་དགོས་སོ། །སྟོང་པ་དེའི་ངང་ལས། རང་གནས་ཀྱི་ཡེ་ཤེས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཅུང་ཟད་ཅིག་བསྒོམ་པ་ནི། ཀུན་སྣང་གི་ཏིང་ངེ་འཛིན། སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ཏེ། དཔའ་བར་འགྲོ་བ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། ཆད་མཐའ་བསལ་ཞིང་། གཟུགས་ཁམས་ཀྱི་བག་ཆགས་དང་། བར་སྲིད་བཅས་གནས་འགྱུར་ལོངས་སྐུར་རྫོགས་པར་བྱེད་པའི་ཕྱིར་རིག་གདངས་ཐུགས་རྗེས་རང་བཞིན་མ་འགགས་པའི་ཆར་བཞག་གོ། །རྟོག་མེད་ཀྱི་ངང་ལས་སྙིང་རྗེ་དེས་འཕེན་བྱེད་བྱས་ནས། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་དང་ཧྲཱིཿལ་སོགས་པའི་རྣམ་པར་རྟེན་མེད་པའི་ནམ་མཁའ་སྟོང་པའི་དབྱིངས་ན་ལམ་མེར་གནས་པ་ལ་སེམས་བཟུང་བ་ནི། རྒྱུ་ཡི་ཏིང་ངེ་འཛིན། ཕྱག་རྒྱ་གཅིག་པའི་ནང་ཚན་ཕྲ་བ་ཡིག་འབྲུ་ལ་བསླབ་པ་སྟེ། སྒྱུ་མ་ལྟ་བུ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་ལ། བདག་ལྟ་མཚན་འཛིན་གྱི་དྲི་མ་དང་། འདོད་ཁམས་ཀྱི་བག་ཆགས་སྦྱངས་ཕྱིར། སྐྱེ་བ་སྤྲུལ་པའི་སྐུར་སྨིན་པར་བྱེད་པས་རིག་རྩལ་ཡུལ་ལ་ཤར་བའི་ཆར་བཞག་པའོ། །དེ་ལ་རྟེན་དང་བརྟེན་པའི་ལྷ་ཚོགས་བསྒོམ་པ་ནི་རགས་པ་ལྷ་སྐུ་ལ་བསླབ་པ་དང་། དེ་ལ་གྲོགས་དང་ཞལ་ཕྱག་སོགས་སྤྲོས་ཏེ་བསྒོམ་པ་ནི་ཕྱག་རྒྱ་སྤྲོས་བཅས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི། སྦྱོར་ལམ་དུ་ཚོགས་སྒྲུབ་ཀྱི་ཉེ་རྒྱུ་ལ་བརྟེན་ནས་རིམ་གྱིས་རིག་འཛིན་བཞིའི་གོ་འཕང་བགྲོད་པ་ཡིན་ནོ། །སྐབས་འདི་དག་ཏུ་སྭཱ་བྷ་ཝ་སོགས་ཀྱི་སྔགས་འབྱུང་བ་ཡོད་པས་དེའི་སྔགས་དོན་ནི་རང་བཞིན་རྣམ་པར་དག་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ངའོ། །ཞེས་དེ་ཏིང་གི་དོན་དང་། མ་ཧཱ་ཤུ་ནྱ་ཏིའི་སྔགས་དོན་ནི། སྟོང་པ་ཉིད་ཆེན་པོ་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་དོ། །ཞེས་སྟོང་པ་ཉིད་ཆེན་པོས་དེ་ཏིང་དང་། ལྷག་མས་ཀུན་སྣང་དང་། རྒྱུ་ཏིང་གི་དོན་སྟོན་ནོ། །གཉིས་པ་ལ། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྟ་བསྐྱེད་པའོ། །དང་པོ་ནི། བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་ཟུར་འདེབས་ལས་གསུངས་པ་ལྟར། སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་གི་ནམ་མཁར་སྔར་གྱི་རྒྱུ་ཏིང་གི་སུ་བོན་དེ་ལས། ཨེ་ཡཾ་རཾ་བཾ་ལཾ་སུཾ་བྷྲཱུཾ་རྣམས་རིམ་པ་བཞིན་ཆད་པ་ལས། ཨེ་ཡིག་ཡོངས་སུ་གྱུར་པས་དངོས་འཛིན་ཐམས་ཅད་སྦྱངས་ཏེ། སྟོང་དབྱིངས་ནམ་མཁའི་རང་བཞིན་མཐིང་ག་གྲུ་གསུམ་པ་རྒྱ་ཁྱོན་ཚད་མེད་པའི་གདེང་ཁ་གྱེན་དུ་བསྟན་པ་ལྟ་བུའི་དབྱིབས་ཁ་དོག་ཅན་དང་། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་ནག་རྒྱ་གྲམ་གྱི་རྣམ་པ་འོད་ཟེར་ལྗང་ནག་གིས་བསྐོར་བ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་འོད་ཟེར་དམར་པོས་བསྐོར་བ། དེའི་སྟེང་དུ་བཾ་ལས་ཆུ་ཡི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་འོད་ཟེར་དཀར་པོས་བསྐོར་བ། དེའི་སྟེང་དུ་ལམ་ལས་གསེར་གྱི་སུ་གཞི་སེར་པོ་གྲུ་བཞི་པ་འོད་ཟེར་སེར་པོས་བསྐོར་བ། དེ་སྟེང་དུ་སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་བང་རིམ་བཞི་པའི་སྟེང་དུ། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར། གཙུག་ཏོར་འཁོར་ལོའི་སྒྱུར་བའི་སུ་བོན་བྷྲཱུཾ་ལས་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་པ། ཆོས་ཉིད་སྤྲོས་བྲལ་མཚོན་པའི་ལྟེ་བ་ཟླུམ་པ། བདེན་བཞིའི་གྲུ་ཆད། བདེན་གཉིས་ཟུང་འཇུག་གི་བར་ཁྱམས་འཁོར་བ། ཡེ་ཤེས་རེ་རེ་ལའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པ་གདུལ་བྱའི་རེ་བ་སྐོང་བའི་རྟགས་སུ། གྲུ་ཆད་བཞི་ལས་ཕྱིར་འཕྱར་བའི་རིན་པོ་ཆེའི་གློ་འབུར་རིགས་བཞིའི་ཁ་དོག་ཅན་གྱི་མཛེས་པ། རྣམ་ཐར་བཞིའི་སྒོ་བཞི་སྒོ་ཁྱུད་ཀྱི་ཟླས་དྲངས་བའི་འགྲམ་ལོག་གིས་མཛེས་པ། ཐེག་བརྒྱད་བགྲོད་པའི་རྟགས་སུ་སྒོ་ཕུག་གི་ཕྱི་ནང་གཉིས་ན་ཐེམ་སྐས་བཞི་རེ་སྟེ། རྒྱུའི་རྟ་བབས་བརྒྱད་དང་། དེས་གྲུབ་མཐའི་ཡོན་ཏན་རྫོགས་པའི་རྟགས་སུ་སྒོ་ཁང་གི་སྟེང་ན་རྒྱན་གྱི་རྣམ་པར། ཏོ་རུ་ན་ཞེས་པ་འབྲས་བུའི་རྟ་བབས་བརྒྱད་དེ། རྟ་རྐང་། ཆུ་སྐྱེས། སྒྲོམ་བུ། ཟར་ཚག །རྣམ་འཕྱང་། ཆུན་འཕྱང་། ཤར་བུ་མདའ་ཡབ་རྣམས་བརྩེགས་པའི་བྱ་འདབ་ཀྱི་ཁྱུང་མགོས་བརྒྱན་པ། སྒོ་ཁང་གི་སྟེང་ན་པདྨ་ལ་གནས་པའི་ཆོས་འཁོར་གྱི་རྩེར་གདུགས་དང་། གཡས་གཡོན་དུ་རི་དྭགས་ཀྱིས་མཛེས་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་རྩིག་པ་རིམ་པ་ལྔ་སྦྲག་གི་སྟེང་ན་མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་དཔྱང་བའི་སེང་མགོས་བཏེགས་པའི་རིན་པོ་ཆེའི་ཕ་གུ། དེའི་སྟེང་ན་བྲེ་ཕུལ་གྱི་རྣམ་བུར་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད། དེའི་ཕྱི་ངོས་ནས་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་དུ་པུ་ཤུད་དེ་མདའ་ཡབ་ཀྱིས་མཛེས་པ། འཕན་གདུགས་རྒྱལ་མཚན་ལ་སོགས་པའི་རྒྱན་སྣ་ཚོགས་ཀུན་ཏུ་འཁྲིགས་པ། འདོད་ཡོན་མ་སྤང་རྒྱན་དུ་ཤར་བས། འདོད་སྣམ་ལ་མཆོད་པའི་ལྷ་མོ་མང་པོས་མཆོད་རྫས་ཐོགས་པས་སྤྲིན་ཕུང་བཞིན་གཏིབ་པ། དེ་ཡང་ཕྱི་ནང་ཀུན ་ཏུ་མི་སྒྲིབ་པར་ཟང་ཐལ་དུ་གསལ་བ། ཆོས་དབྱིངས་ཡེ་ཤེས་མཐར་ཐུག་པ་མེད་པའི་བརྡར་དབུས་ཕྱུར་བུའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་ཤིང་བལྟར་མི་མངོན་པ། གཞན་ཡང་སྒོ་རྒྱན་དང་དྲིལ་བུ་དར་དཔྱང་ལྗོན་ཤིང་སོགས་རྒྱན་ཐམས་ཅད་ཀྱིས་མཛེས་པ། ཕྱིའི་འཁོར་ཡུག་གི་མཐར་པདྨ་དུར་ཁྲོད་རྡོ་རྭ་མེ་དཔུང་གི་ཕྱི་ཡི་སྲུང་འཁོར་མིན། མཆན། འཁོར་ཡུག་དང་བཅས་བསྐོར་བ་རྣམས་སོ། །ཁྲོ་བོའི་ཁྱད་པར་ལ་རཀྟའི་རྒྱ་མཚོ། ཞིང་ཆེན་གྱི་སུ་གཞི། ཀེང་རུས་ཀྱི་རི་རབ། ཡེ་ཤེས་ཀྱི་མེ་དཔུང་གི་ཀློང་ན་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། གསེར་ཁྱམས་ཁྲག་ཁྱམས་གང་རིགས་དང་། ཐོད་པ་སྐམ་རློན་རྙིད་གསུམ་གྱི་རྩིག་པ་ལ། གནམ་ལྕགས་ཀྱི་གཟེར་བུས་བཏབ་ཅིང་། རཀྟས་སྤྱིན་ཐབས་སུ་སྦྱར་བ། རྩིག་སྟོང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་འཕྱར་བ་ལས་རྒྱུ་མ་དང་སྙིང་གི་མགུལ་འཁོར་དང་། བྲེ་ཕུལ་གྱི་རྣམ་བུར་སྦྲུལ་དང་ཐོད་ཕྲེང་གི་དྲྭ་བ་དང་དྲྭ་ཕྱེད། རྐང་ལག་གི་ཤར་བུ། སྒལ་རྩིབ་ཀྱི་མདའ་ཡབ། རུས་སྦལ་གྱི་མ་ཐེམ། ཆུ་སྲིན་གྱི་ཡ་ཐེམ། སྦྲུལ་ནག་གི་སྐྱེས་བུ་སྟེ་སྒོ་ཡི་གཡས་གཡོན་གྱི་རུ་ཤིང་། ཞིང་གི་སྒོ་གླེགས། རྟ་བབས་རྩེར་ཆོས་འཁོར་གཡས་གཡོན་དུ་ཆུ་སྲིན་གྱི་ཕྲུ་གུ་དང་། སྟེང་ན་ཞིང་གདུགས་དང་། ཞིང་ལྤགས་ཀྱི་ཐོག་ཕུབ། ཉི་ཟླའི་མཐོང་སྐར་དང་བཅས་པའི་དབུས་ཕྱུར་བུ་ལྷ་ཆེན་པོའི་ཐོད་པ་སྦུབས་པའི་སྟེང་ན་ཙིཏྟའི་ཏོག་གིས་མཛེས་པ་ལ་སོགས་པའོ། །གཞལ་ཡས་ཁང་གི་དབུས་དང་ཕྱོགས་མཚམས་ཀྱི་ལྷ་གནས་རྣམས་སུ་གདན་གྱི་ཁྱད་པར་ཡང་། གདུལ་བྱའི་རེ་འདོད་སྐོང་བའི་བརྡར། མི་འཇིགས་པ་སེང་གེ་དང་། སྟོབས་གླང་ཆེན་སོགས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་འཁོར་བའི་སྐྱོན་གྱིས་མ་གོས་པའི་རིན་པོ་ཆེའི་པདྨ་དང་། ཟེའུ་འབྲུ་ཁེབ་པའི་ཐབས་ཤེས་ཉི་ཟླ་ལ་སོགས་སྐབས་ཐོབ་ལྟར་དང་། ཁྲོ་བོ་ལ་བྱོལ་སོང་རུ་ཏྲ་བམ་རོ་པད་ཟླ་ཉི་མ་སོགས་སོ་སོར་གཞུང་ཚིག་གི་བསྟན་དོན་ལྟར་གོང་འོས་སུ་བསྐྱེད་དོ། ༈ །གཉིས་པ་བརྟེན་པ་ལྟ་བསྐྱེད་པ་ནི། དགོངས་འདུས་ལས། གཞལ་ཡས་ཁང་ནི་ཕྱི་ནས་རིམ་པས་བསྐྱེད་ལ། ལྷ་རྣམས་ནི་ནང་ནས་རིམ་པས་བསྐྱེད་དོ། །ཞེས་གསུངས་པ་ལྟར། སྔར་གྱི་རྒྱུ་ཡི་གེ་དེ་དབུས་ཀྱི་གདན་ལ་བབས་པས། དེ་ཡོངས་སུ་གྱུར་པ་ལས་སམ། ཡང་ན་གཙོ་བོའི་གཡས་པའི་ཕྱག་མཚན་ལ་ཐུགས་སྲོག་གི་ཡི་གེས་མཚན་པར་གྱུར་ནས། འོད་ཟེར་འཕྲོ་འདུ་དོན་གཉིས་བྱས། །ཚུར་འདུས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ལྷ་ཡི་སྐུ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བ་སོགས། ཆོ་ག་རང་རང་གི་བསྐྱེད་ཚིག་དང་མཐུན་པར་གཙོ་འཁོར་ཡོངས་རྫོགས་རིམ་བཞིན་དུ་བསྐྱེད་པར་བྱའོ། །གནས་གསུམ་བྱིན་གྱི་རླབས་པ་ནི། དེ་ལྟར་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོའི་དུང་ཁང་ན་འཁོར་ལོ་དཀར་པོའི་གདན་ལ་ༀ་དཀར་པོ་། མགྲིན་པའི་དབུས་སུ་པདྨ་དམར་པོ་འདབ་བརྒྱད་ཀྱི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་སྙིང་གི་མདུན་དུ་ཉི་མ་ལ་ཧཱུཾ་མཐིང་ག་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གསལ་བས་རྒྱས་གདབ་བོ། །ཡང་སྐབས་འགར་འབྲུ་གསུམ་པོ་དེ་ལས་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་དང་བཅས་པ་ལོངས་སྐུའི་ཆས་ཅན་གྱིས་རྒྱས་གདབ་པར་མོས་ཏེ། སྔགས་རྒྱ་གནས་སོ་སོར་འཇོག་ཅིང་རྡོ་རྗེ་གསུམ་གྱི་ང་རྒྱལ་བྱ་བ་ཡང་འབྱུང་ངོ་། །དེ་ནས་དབང་བསྐུར་བ་ནི། རང་གི་སྙིང་གིའི་སུ་བོན་ནམ། །ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་བཞིན་ཡི་གནས་ནས་བདེ་བར་གཤེགས་པ་ཐམས་ཅད་དབང་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད་པས། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས། ཉོན་མོངས་པ་ལྔའི་དྲི་མ་དག་ནས། ཆུ་ལུད་པ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས། རང་རིགས་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱི་དབུ་རྒྱན། ཕུང་པོ་ལྔ་དག་པས་རིགས་ལྔའི་སངས་རྒྱས་ང་རྒྱལ་བྱ། རིགས་ལྔའི་དབང་རྒྱ་གནས་སོ་སོར་འཇོག་ཅིང་དབང་སྔགས་བརྗོད་པའོ། །སྐབས་མགར། དེ་ནས་གནས་གསུམ་བྱིན་གྱིས་རླབས་པ་དང་། ཡང་དབང་བསྐུར་བ་མི་དགོས་པ་སོགས་ཡོད་པས་རང་གཞུང་དང་འབྱོར་པ་དགོས་སོ། །གསུམ་པ་སྤྱན་འདྲེན་པ་ནི། དེ་ལྟར་རང་གི་སྙིང་གའི་ཧཱུྃ་ཡིག་ལས་འོད་ཟེར་དམར་པོ་རྩེ་མོ་ནང་དུ་ཅུང་ཟད་གུག་པ་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས། མཁའ་ཁྱབ་ཀྱི་ཞིང་རབ་འབྱམས་ན་བཞུགས་པའི་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་སྲུང་མ་དང་བཅས་པ། ཆོས་སྐུ་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་བཞུགས་པ་དེ་དག་གི་ཐུགས་རྒྱུད་བསྐུལ་བས། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། ཐུགས་རྗེའི་དབང་གིས་གཟུགས་སྐུའི་རོལ་པར་བཞེངས་ནས་འབྱོན་མ་རག་པར་བསམ་པར་ནི། སྙན་གསན་དབབ་པ་སྟེ། དཔེར་ན་འཇིག་རྟེན་ན་རྒྱལ་པོ་སྤྱན་དྲངས་པའི་ཐོག་མར་སྙན་གསན་འབེབ་དགོས་པ་བཞིན། དམ་ཚིག་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུར་གནས་སུ་བྱ་བའི་ཆེད་དུ་སྲི་ཞུ་གུས་པའི་སྒོ་ནས་ཚུལ་མཐུན་པའོ། །དེ་ཡང་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་ཞུགས་ཤིང་མི་ཕྱེད་པའི་དད་པ་དང་ལྡན་པས་ན། རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་རང་བཞིན་གྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། མོས་ཤིང་བསྐྱེད་པའི་གནས་སུ་སྐད་ཅིག་གིས་འབྱོན་པར་འགྱུར་བ་ཆོས་ཉིད་ཡིན་པས། མོས་གུས་གྱིས་གདུང་བ་བསྐྱེད་ཅིང་སྤོས་བཏུལ་དབྱངས་རོལ་དང་བཅས་པས་སྤྱན་འདྲེན་གྱི་ཚིག་རྣམས་སྙན་པར་བརྗོད་པས། རྟེན་གཞལ་ཡས་ཁང་སྲུང་བའི་གུར་ཁང་དང་བཅས་ཏེ། བརྟེན་པ་ཞི་ཁྲོའི་ལྷ་ཚོགས་གང་ཡིན་ཀྱང་། བདག་དམ་ཚིག་པའི་དཀྱིལ་འཁོར་བསྐྱེད་པའི་སྣ་ཚོགས་དང་འདྲ་བ། ཡེ་ཤེས་སྒྱུ་མའི་རྣམ་རོལ་ཁ་བ་བུ་ཡུག་འཚུབས་པ་ལྟར་དཔག་ཏུ་མེད་པ་བྱོན་ནས་མཁྱེན་བརྩེ་ནུས་པའི་གཟི་བྱིན་གྱི་ཕུང་པོ་དམ་ཚིག་པའི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་མེ་རི་འདབ་འབྱར་ཙམ་དུ་སྤྲིན་འཁྲིགས་པ་ལྟར་བསམ་མོ། །ཡང་སྐབས་འགར་རང་དམ་ཚིག་པའི་ཐུགས་ཀ་ནས་ཕྱག་རྒྱ་ལྷ་མོ་བཞི་སྤྲོས་ཏེ། ལྕགས་ཀྱུ་མས་ཐུགས་དམ་བསྐུལ། ཞགས་པ་མས་སྤྱན་དྲངས། ལྕགས་སྒྲོག་མས་གནས་ནས་བསྐྱོད། དྲིལ་བུ་མས་དགྱེས་པར་བསྐྱེད་དེ་མདུན་མཁར་སྤྱན་འདྲེན་པར་ཡང་གསུངས་སོ། །བཞུགས་སུ་གསོལ་བ་ནི། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་དག་ཐམས་ཅད་བདག་དམ་ཚིག་པའི་དཀྱིལ་འཁོར་ལ་དབྱེར་མེད་དུ་བཞུགས་པར་གསོལ་བ་བཏབ་པས། དགྱེས་ཤིང་བརྩེ་བས་མཚོ་ལ་ཁ་བ་བབས་པ་ལྟར་དུ་རང་ལ་ཐིམ་པས་དམ་ཡེ་དབྱེར་མེད་དུ་གྱུར་པ་བསམ་མོ། །ཡང་ཞལ་ལུང་ལས། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡེ་ནས་དག་པ་ལྷའི་དཀྱིལ་འཁོར་དུ་གྲུབ་པ་ནི་དམ་ཚིག་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་ནས་དབྱེར་མེད་པ་ནི་དམ་ཡེ་གཉིས་མེད་དུ་བྱས་པའི་དོན་ནོ། །ཞེས་དང་། གང་ལྟར་གང་། དམ་ཡེ་གདོད་ནས་དབྱེར་མེད་པ་གསལ་འདེབས་པའི་ཕྱིར་སྤྱན་འདྲེན་པ་སོགས་ཡིན་གྱི། གཅིག་ལ་གཅིག་བཅུག་པ་ལྟ་བུ་ནི་མིན་པར་ཤེས་དགོས་སོ་ཞེས་འཇིགས་མེད་གླིང་པས་གསུངས་ཤིང་། རྩེ་ལེས་ཀྱང་། དེ་ནས་སྤྱན་འདྲེན་པ་སོགས་ཕྱི་རོལ་ནས་མི་གཅིག་པ་ཞིག་སྤྱན་དྲངས་ནས་འབྱོན་རུ་ཡོད་པ་ལྟ་བུ་མ་ཡིན་ཏེ། མ་དག་པའི་འཁྲུལ་སྣང་སྦྱང་ཕྱིར་ལྷ་སོ་སོའི་མཚན་དང་བཞུགས་གནས་སོགས་ཐ་དད་ནས་སྤྱན་དྲངས་བའི་ཚིག་ངག་ནས་བརྗོད་ཀྱང་དོན་དུ་རང་རིགས་བྱང་ཆུབ་སེམས་ཀྱི་རོལ་པའི་ཆོ་འཕྲུལ་སྣང་སྲིད་ཀུན་ལ་མ་ཁྱབ་པ་མེད་པའི་ཕྱིར། རང་གཤིས་རིག་པའི་དམ་ཚིག་ཡེ་ཤེས་སུ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དུ་སྤྱན་དྲངས། ཞེས་གསུངས་པ་ལྟར་རོ། །ཡེ་ནས་དམ་ཡེ་དབྱེར་མེད་པའི་རང་བཞིན་མ་རྟོག་པའི་ངོར་གསལ་འདེབས་པའི་ཕྱིར། ཀུན་རྫོབ་སྒྱུ་མ་ལྟ་བུའི་སྣང་ཚུལ་མ་འགག་པའི་ངོར་བརྡ་ཙམ་དུ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ་ཡིན་ནོ། །སྐབས་འདིར་ཛཿཧཱུྃཿབཾཿཧོ་ཞེས་འབྱུང་བ་ནི། ཛཿས་དམ་ཚིག་པ་ལ་ཡེ་ཤེས་པ་བཀུགས་པ་དང་། ཧཱུྃ ཿགིས་དབྱེར་མེད་དུ་བསྟིམ་པ་དང་། བཾཿགྱི་འདོད་པ་མ་གྲུབ་ཀྱི་བར་དུ་མི་གཤེགས་པར་བཅིང་བ་དང་། ཧོཿས་དགྱེས་བཞིན་དུ་བཞུགས་པར་བསམ་ལ་དམ་ཡེ་དབྱེར་མེད་དུ་བསྲེ་ལ་བརྟན་པར་བྱའོ། །བཞི་པ་ཕྱག་འཚལ་བ་ནི། དོན་དམ་པར་ལྷ་དང་རང་སེམས་དབྱེར་མེད་དུ་ཤེས་པ་ནི་ལྟ་བ་མཇལ་བའི་ཕྱག་སྟེ། དོན་གྱིས་ཕྱག་འཚལ་བ་ཡིན་ལ། བརྡའ་ཙམ་དུ་ལྷ་རྣམས་ཀྱི་ཡོན་ཏན་དྲན་པས་གུས་པའི་ཡིད་ཀྱིས་ཕྱག་མཆོད་སོགས་བྱ་བ་ནི། འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་འདོད་ཡོན་ལ་རྩེ་ཞིང་རོལ་པ་བཞིན་དུ། བདག་ཉིད་གཙོ་བོའི་ཐུགས་ཀ་ནས་རིག་པའི་ལྷ་མོ་བཞི་ཐོན་པས། སྒོ་བཞི་ནས། ཨ་ཏི་པུ་ཧོ༔ ཞེས་བྱས་པས། དཀྱིལ་འཁོར་པས་པྲ་ཏི་ཛ་ཧོཿཞེས་ཕྱག་ལན་གནང་བར་བསམ་ཞིང་། སླར་རང་གི་ཐུགས་ཀར་བསྡུའོ། །ཡང་མདུན་བསྐྱེད་ཡོད་ཚེ། བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞི་བྱུང་བས་མདུན་བསྐྱེད་ལ་ཕྱག་བྱ་ཞིང་། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་དེ་ལྟར་ལྷ་མོ་བཞི་བྱུང་བས་ཕྱག་ལན་མཛད་པར་བསམ་ལ། མཐར་རང་རང་གི་ཐུགས་ཀར་བསྡུའོ། །ཞེས་འཇིགས་གླིང་གསུངས་སོ། །ཡང་ན་ཕྱག་ནི་ལུས་ངག་ཡིད་གསུམ་གུས་པས་འདུད་པ་ཙམ་ཡིན་པས་འཚལ་མཁན་དང་འཚལ་ཡུལ་དམིགས་བསལ་ཐ་དད་མི་དགོས་ཞེས་དཔལ་སྤྲུལ་གསུངས་སོ། །མཆོད་པ་ལ་ཕྱི་ནང་ཐུན་མོང་གི་མཆོད་པ་ནི། རང་གི་ཐུགས་ཀ་ནས་གཟུགས་རྡོ་རྗེ་མ་ལ་སོགས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲུལ་ནས། དེ་དག་གི་ལག་ན་ཉེར་སྤྱོད་བདུན་འདོད་ཡོན་ལྔ་སོགས་མཆོད་རྫས་དཔག་ཏུ་མེད་ལ་ཐོགས་ཤིང་། གླུ་དབྱངས་རོལ་གར་དང་བཅས་ཏེ། མཆོད་པའི་ཟེག་མ་རེ་རེ་ལའང་འདོད་དགུའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་སྤྲོ་བས་ལྷ་རྣམས་ཀྱི་དགྱེས་པ་བསྐོང་བར་བསམ་ཞིང་། བྱེ་བྲག་ཏུ། ཡན་ལག་བརྒྱད་ལྡན་གྱི་མཆོད་ཡོན་ནི་ཞལ་དུ། དྭངས་བསིལ་ཡིད་འོང་གི་ཆུ་ནི་ཕྱག་ཞབས་བསིལ་བྱེད་དུ། ལྷ་རྫས་མེ་ཏོག་གི་ཕྲེང་བ་སྤེལ་ལེགས་པ་ནི་དབུ་ུལ། ལྷན་སྐྱེས་དང་སྦྱར་བྱུང་དྲི་བཟང་པོའི་བདུག་སྤོས་ནི་ཤིང་ལ། རིན་པོ་ཆེ་དང་རྩི་མར་སོགས་ཀྱི་སྒྲོན་མེ་ནི་སྤྱན་ལ། ཙནྡན་དང་གུར་གུམ་སོགས་ཀྱི་དྲི་དང་ལྡན་པའི་སྨན་ཆབ་ནི་སྐུ་ལ། རོ་བརྒྱ་བཅུད་ལྡན་གྱི་ཞལ་ཟས་ནི་ལྗགས་ལ། འབུད་དཀྲོལ་བརྡུང་བ་སོགས་སྙན་འཇོམས་རོལ་མོའི་སྒྲ་དབྱངས་ནི་སྙན་གྱི་དབང་པོ་རྣམས་ལ་འབུལ་ཞིང་། མཐར་ལྷ་མོ་རྣམས་ཀྱང་གནས་དེ་དག་ཏུ་ཐིམ་པར་བསམ་མོ། །དེ་ཡང་འཇིགས་གླིང་གིས། དེ་ལྟར་མཆོད་བསྟོད་རྣམས་ལྷས་ལྷ་ལ་བགྱི་བ་ལྟ་བུ་ནི་ཤིན་ཏུའང་ཡིན་ཏེ། མ་དག་པའི་སྣོད་བཅུད་དག་པའི་སྣོད་བཅུད་དུ་སྦྱངས། དག་པའི་སྣོད་བཅུད་སྤྲུལ་པའི་བསྐྱེད་རིམ་དུ་བསྒྱུར་བ་ལ་མཆོད་པ་བྱེད་མཁན་རང་རྒྱུད་པ་ག་ན་ཡོད་ཅེས་གསུངས་སོ། །ཡང་ན་འདོད་སྣམ་ལ་འཁོད་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ་བ་ཡིན་ཞེས་དཔལ་སྤྲུལ་གསུངས་པས། གང་ལྟར་འདྲ་ནའང་། ཚུལ་དེ་དག་ཀྱང་ལྷན་ཅིག་ཏུ་བྱེད་པ་ལགས། ཡང་མདུན་བསྐྱེད་ལྟ་བུའི་ཚེ། མཆོད་པའི་ལྷ་མོ་རྣམས་ལྷ་ཚོགས་ཀུན་གྱི་གནས་སོ་སོར་ཐིམ་ཞིང་། སླར་ཡང་ཚུལ་བྱུང་ནས་སྐྱེས་ལན་གྱི་ཚུལ་དུ་རང་གི་གནས་སོ་སོར་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་མོ་ཞེས་རྒྱུད་ལས་གསུངས་སོ། །དེ་ཡང་མཆོད་པ་རྣམས་བཀོད་ལེགས་པ་ནི་བཤམས་པ་རྫས་ཀྱི་མཆོད་པ། དེ་ཉིད་ཀུན་བཟང་མཆོད་སྤྲིན་ལྟར་དམིགས་པ་ནི་ཏིང་ངེ་འཛིན་གྱི་མཆོད་པ། འབུལ་ཚིག་སྙན་པ་བརྗོད་པ་ནི་དབྱངས་ཀྱི་མཆོད་པ། ལུས་གུས་པས་ཕྱག་རྒྱ་པད་སྐོར་གྱིས་འབུལ་བ་ནི་བརྡ་སྤྲོད་པ་ཕྱག་རྒྱའི་མཆོད་པ། འབུལ་ཚིག་གི་སྔགས་ཨརྒྷཾ་སོགས་ནི་སྔགས་ཀྱི་མཆོད་པ་དང་ལྔའོ། །ཞེས་གསུངས་སོ། །རབ་ཀྱིས་ཅི་སྣང་ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོར་སྤྲོས་ཏེ་འབུལ་ལོ་ཞེས་ཏིང་སྤྲུལ་གསུངས་སོ། །ནང་མཆོད་ལ་སྨན་ནི། རྩ་བ་བརྒྱད་ལ་ཡན་ལག་སྟོང་རྩ་སྦྱར་བའི་དམ་རྫས་དེ་ནི། ཆོས་ཐམས་ཅད་བླང་དོར་མེད་པ་མཉམ་ཉིད་དུ་རྟོགས་པ་ལས་བྱུང་བས། གཉིས་འཛིན་རྣམ་རྟོག་གི་བདུད་སེལ་བའི་རྩི་སྟེ། གྲུབ་པ་བཞི་དང་། ཡིན་པ་གསུམ་གྱི་རང་བཞིན་བླ་ན་མེད་པའི་སྨན་ཆེན་པོ། མཐེ་སྲིན་ཉི་ཟླའི་གའུས་བཅུས་ཏེ་གཏོར་བས་བདུད་རྩིའི་ཟེག་མ་ལྷ་རྣམས་ཀྱི་ཞལ་དུ་ཐིམ་པས་བདེ་བ་ཆེན་པོའི་རོས་ཚིམ་པར་བསམ་ལ། སྤྱི་སྒོས་རྣམས་སུ་འབུལ་ཚུལ་ཤེས་པར་བྱ། མཐར་རང་གི་ལྕེར་རེག་སྟེ་གནས་གསུམ་དུ་ཆགས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །གཏོར་མཆོད་ནི། རིན་པོ་ཆེ་སོགས་ཀྱི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཟའ་བཅའ་སྣ་ཚོགས་པའི་གཏོར་མ་འདོད་དགུའི་ཕུང་པོ་སྤུང་བ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཡིན་པ་ལ། ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུ་དང་། རྡོ་རྗེ་རྩེ་གསུམ་པའི་རྣམ་པ་ལས་བྱུང་བའི་འོད་ཀྱི་སྦུ་གུས་བཅུད་དྲངས་ཏེ་གསོལ་བས་དགྱེས་པར་བསམ་པ་དང་། གཏོར་མའི་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པས། ལྷ་ཚོགས་ཀྱི་དགྱེས་པ་བསྐྱེད་ནས་རང་ལ་ཐིམ་པར་བསམ་མོ། །དོན་ལ་ཡུལ་ལྔའི་བཟའ་བ་དང་རྣམ་ཤེས་ཀྱི་བཏུང་བ་ཐམས་ཅད་འོད་གསལ་གྱི་ཀློང་དུ་རོལ་པའོ། །རཀྟའི་མཆོད་པ་ནི། སྲིད་པའི་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་པ་རྣམས་ཁྲག་གི་རྣམ་པར་བསྡུས་པས། ཆགས་མེད་བདེ་བ་ཆེན་པོའི་ཀློང་དུ་ཕུལ་བས། གདུལ་དཀའི་འགྲོ་རྣམས་ཐུགས་རྗེས་སྒྲོལ་བའི་ཕྱིར་ལྷག་མེད་དུ་བཞེས་ནས་འཁོར་བ་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་བར་བསམ་མོ། །གསང་མཆོད་ལ། སྦྱོར་མཆོད་ནི། སྣང་བ་ཡུལ་ཅན་ཐབས་ཡབ་ཀྱི་རང་བཞིན། ཡུལ་སྟོང་པ་ཉིད་ཤེས་རབ་ཡུམ་གྱི་རང་བཞིན། དེ་གཉིས་ཟུང་འཇུག་དབྱེར་མི་ཕྱེད་པ་ནི་ཐམས་ཅད་ཡེ་སྦྱོར་ཆེན་པོ་ཡིན་ལ། དེ་ལྟར་མཉམ་སྦྱོར་ལས་བྱུང་བའི་བདེ་བ་ཆེན་པོའི་རོས་དཀྱིལ་ཐམས་ཅད་ཚིམ་པར་བྱེད་པ་སྟེ། དེ་ཤེས་བྱེད་ཡབ་ཡུམ་ཞལ་སྦྱོར་རྣམས་རང་རང་སྙོམས་པར་འཇུག་པ་དང་། ལྷ་མོ་རྐྱང་པ་རྣམས་རིགས་བདག་གམ་ཡབ་སྦས་པའི་ཕྱག་རྒྱ་ཁ་ཊྭཱཾ་ཀ་བསྒྱུར་བ་དང་སྙོམ་པར་ཞུགས་པའི་ཞུ་བདེ་ཁྱད་པར་ཅན་ཡས་བབས་མས་བརྟན་རིམ་པར་རྫོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ལ་བློ་བཞག་ནས་ལྷ་ཐམས་ཅད་ཀྱིི་རྗེས་ཆ གས་དང་དབྱེར་མེད་པའི་ང་རྒྱལ་བྱེད་པའོ། །སྒྲོལ་མཆོད་ནི། བསྒྲལ་བྱ་བདག་ལྟའི་མཚན་ཉིད་ཅན་གྱི་གཟུང་བ་དང་འཛིན་པའི་རྣམ་རྟོག་ཡིན་ལ། དེས་འཁོར་བར་འཕེན་ཅིང་། གཉིས་མེད་ཀྱི་ཡེ་ཤེས་རྟོགས་པ་ལ། བར་དུ་གཅོད་པའི་དགྲ་ཡིན་པའི་ཕྱིར། དེ་གང་གིས་སྒྲོལ་ན་འཛིན་རྟོག་དང་བྲལ་བའི་ཡེ་ཤེས་ཀྱི་མཚོན་ཆས་རང་རྒྱུད་ཀྱི་གཉིས་འཛིན་ཞེན་རྟོག་དང་བཅས་པ་སྐྱེ་བ་མེད་པའི་དབྱིངས་སུ་སྒྲོལ་བ་ནི་ཐམས་ཅད་ཡེ་སྒྲོལ་ཆེན་པོའི་དོན་ཡིན་ལགས། དེའི་ངང་ལས་ཞིང་བཅུས་བསྡུས་པའི་སེམས་ཅན་ལས་ངན་གྱི་རྒྱུ་བསགས་པ་རྣམས། དེའི་འབྲས་བུས་སྡུག་བསྔལ་བཟོད་པར་དཀའ་བ་ལས་སྒྲོལ་བའི་ཕྱིར། སྙིང་རྗེ་ཆེན་པོའི་ཀུན་ནས་བསླངས་ཏེ། བདག་དང་བསྒྲལ་བྱ་ངོ་བོ་བདེན་པར་མ་གྲུབ་པའི་སྒྱུ་མ་དང་མིག་ཡོར་ལྟར་རྟོགས་པའི་སྒོ་ནས་བསྒྲལ་ཞིང་། རྟོག་ཚོགས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དག་པས་འཁོར་འདས་མཉམ་ཉིད་ཀྱི་ཀློང་དུ་རོ་གཅིག་པར་བསམ་མོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གདོད་མ་ནས་འཁོར་འདས་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པས། འཁོར་གསུམ་དམིགས་མེད་ཕྱག་རྒྱ་ཆེན་པོའི་དོན་ལ་དྲན་པ་ཉེ་བར་འཇོག་པའོ། །བསྟོད་པ་ནི། རྡོ་རྗེ་གླུ་དབྱངས་ཀྱི་མཆོད་པ་སྟེ། རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས། དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ། སྐུ་གསུམ་ཡེ་ཤེས་ལྔ་ལྡན་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས། གཟུགས་སྐུ་རྣམ་རོལ་གྱི་བརྡ་རྟགས་དང་། སྤངས་རྟོགས་ཕུན་སུམ་ཚོགས་པའི་བདག་ཉིད་སྟོབས་སོགས་ཡོན་ཏན་རྒྱ་མཚོའི་རྣམ་གྲངས་ལ་མོས་ཤིང་དད་པས་སྔགས་བརྗོད་ཀྱིས་བསྟོད་དབྱངས་སྒྲོགས་པར་བསམ་ཞིང་། བསྟོད་ཡུལ་དང་བསྟོད་མཁན་འདུ་འབྲལ་མེད་པར་ཤེས་པས་བསྟོད་པར་བྱའོ། །གཞན་ཡང་གཞལ་ཡས་ཁང་གི་འཁོར་ཡུག་གི་ཁྱམས་ལ། ཚངས་པ་དང་བརྒྱ་བྱིན་སོགས་ལྷ་ཆེན་པོ་རྣམས་ཀྱི་ཀྱང་དེ་ལྟར་བསྟོད་པར་བསམ་མོ། །བསྟོད་པ་འདི་རྣམས་དག་དྲན་པའི་དོན་ཡིན་པས། ལྷ་རང་མཚན་པ་མེད་པའི་དོན་ལ་ངེས་ཤེས་འདྲོངས་བར་བྱའོ། །ཞེས་འཇིགས་གླིང་གསུངས་སོ། །འདིའི་སྐབས་སོགས་སུ་གོ་རིམ་དང་དམིགས་བསལ་སྐོར་རྣམས་ལ་འདྲ་མིན་སྣ་ཚོགས་འབྱུང་ཡང་གང་ལྟར་འགལ་བ་མེད་དོ། །རྒོད་ཚང་པས། དམིགས་པ་གཅིག་བསྒོམས་ཚར་ནས་གཞན་བསྒོམ་ཐབས་མེད་པ་ལྟ་བུ་མ་ཡིན་ཞིང་། ཐམས་ཅད་སེམས་ཀྱི་རྣམ་རོལ་ཡིན་པ་ལ། འདི་དང་འདི་མི་འཁྲུགས་པར་འདུག་སྙམ་པ་ལྟ་བུའི་གུ་དོགས་བྱར་མི་རུང་བ་ནི་སྤྱི་ཡི་གནད་ཆེ་ཤོས་ཡིན་ཞེས་གསུངས་ཤིང་། འཇིགས་གླིང་གིས་ཀྱང་། དེས་ན་ཨ་འཐས་ཀྱི་མཚན་མར་གོལ་ནས་ཐུགས་རེག་ཕོག་གི་དོགས་པ་དང་། དེ་དང་དེ་མཉམ་པོར་མི་འཁྲུགས་སྙམ་པ་དང་། གཅིག་ཟིན་ནས་འཇོག་པ་ལྟ་བུའི་ཐེ་ཚོམ་རྣམས་མི་དགོས་པར་གསུངས་སོ། ལྔ་པ་དམིགས་པའི་གཙོ་བོ་ལྷ་ཡི་སྣང་ཞེན་ལ་བསླབ་པ་ལ། རྣམ་པར་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་དང་གསུམ་མོ། །དེ་ལས་སྔ་མ་ནི། བསྐྱེད་རིམ་གྱི་ཁྲིད་དངོས་ཡིན་ལ། ཕྱི་མ་གཉིས་ནི། འགལ་རྐྱེན་སྤོང་ཞིང་མཐུན་རྐྱེན་སྒྲུབ་པའི་སྒོ་ནས་ཡན་ལག་ལྟ་བུར་ཤེས་དགོས་སོ། །ཞེས་དགེ་སྤྲུལ་གསུངས་སོ། །དེ་ལ་དང་པོ་རྣམ་པ་གསལ་བ་ནི། སྤྱིར་སྨིན་སློབ་ཀྱི་དབང་དུ་བྱས་ན། བཟོ་བོ་མཁས་པས་བྱས་པའི་བྲིས་སྐུ་མཚན་ཉིད་དང་ལྡན་པའི་མདུན་དུ་མཆོད་པ་བཤམ། སྔོན་འགྲོ་རྒྱས་བསྡུས་ཇི་ལྟར་རིགས་པ་བཏང་། དེ་ནས་བླ་མ་དགོངས་འདུས་ལས་གསུངས་པ་ལྟར། རང་གི་སྤྱི་བོར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་སྐྱབས་གནས་ཀུན་འདུས་སུ་གསལ་བ་ལ་མོས་གུས་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱི་རླབས་ཏུ་གསོལ། ཁྱད་པར་དུ་ཡང་བསྐྱེད་པའི་རིམ་པ་ཏིང་ངེ་འཛིན་ཡང་དག་པ་རྒྱུད་ལ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་རླབས་ཏུ་གསོལ། །ཞེས་གསོལ་བ་དྲན་ཏུ་བཏབ། བླ་མ་དགྱེས་ཤིང་འཛུམ་པའི་དམངས་ཀྱིས་འོད་དམར་པོར་ཞུ་སྟེ་རང་གི་སྤྱི་གཙུག་ནས་ཐིམ་པར་མོས་ལ། ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ངང་ལ་དར་ཅིག་ངལ་གསོ། དེ་ནས་མདུན་གྱི་ཐང་སྐུ་ལ་བལྟ། ཡང་མིག་བཙུམ་ལ་དེའི་ཐད་ཀར་དེ་འདྲ་བ་ཞིག་ཨེ་གསལ་བ་བལྟ་བ་རེས་མོས་བྱ། མིག་བཙུམ་ཀྱང་དེ་འདྲ་ལམ་ཙམ་གསལ་ནས་རང་གི་ལུས་ལ་སྤོས་ཏེ་བསྒོམ་པ་རྣམས་རེས་མོས་ཀྱིས་འབད། གོམས་ནས་ཆེ་ཆུང་མང་ཉུང་གཙོ་འཁོར་ལ་རྩལ་སྦྱངས། དེ་ལྟར་སྐུ་ཡོངས་སུ་རྫོགས་པ་དུས་གཅིག་ཏུ་གསལ་འདེབས་པའམ། ཡང་ན་སྐུ་དང་རྒྱན་གྱི་ཆ་ཤས་རེ་རེ་ནས་རིམ་པ་གསལ་བ་རེས་མོས་སུ་སློབ། གང་ལྟར་ཡང་ཐོག་མར་གཙོ་བོ་ཁོ་ན་ལ་སེམས་བཟུང་སྟེ། དེ་ཡང་དབུ་རྒྱན་གྱི་རེ་ནས་པདྨའི་གདན་གྱི་བར་སྐུ་མདོག་ཞལ་ཕྱག་རྒྱན་དང་ན་བཟའ། སྤྱན་གྱི་དཀར་ནག །ཕྱག་ཞབས་ཀྱི་རི་མོ། མཚན་དཔེའི་རྣམ་འགྱུར། འོད་ཟེར་གྱི་འཕྲོ་འདུ་སོགས་ཆ་ཕྲ་མོ་ནས་གསལ་ཆ་བཏོན་ཏེ། དེ་ཡང་རས་བྲིས་ལྟ་བུ་ལེབ་ལེབ་པོ་དང་ལྡེར་སོ་ལྟ་བུའི་གདོས་བཅས་ཀྱི་བེམ་པོ་ལྟར་དང་། འཇའ་ཚོན་ལྟ་བུའི་སེམས་མེད་རྣམས་མ་ཡིན་པར། མདུན་རྒྱབ་གཡས་གཡོན། དཀུ་སྐབས་ཕྲ་སྦོམ་སོགས་སྐབས་ཕྱེ་བ་ལ། ནང་ཁྲོལ་གདོས་བཅས་སོགས་སྤངས་པའི་དྭངས་མ་འོད་ཀྱི་ལུས། མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་དང་ལྡན་པས་ལྷ་དངོས་སུ་བྱོན་པ་ལྟ་བུ་ཞིག་ལ་བསླབ། དེ་ལ་སེམས་ཟིན་ནས་རིམ་བཞིན་འཁོར་དང་གཞལ་ཡས་དང་ཞིང་གི་བཀོད་པ་དང་སྲུང་བའི་འཁོར་ལོ་ཚུན་ཆད་ཀྱི་གསལ་སྣང་བཏོན་ཏེ། རེས་རྣམ་པ་སྤྱི་ལ་སེམས་བཟུང་། རེས་བྱེ་བྲགས་ལ་སེམས་བཟུང་བ་སྟེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཡིད་ངོར་བཀྲ་ལམ་གྱིས་འཆར་བ་ལ་སློབ་པ་ནི་རྣམ་པ་གསལ་བ་ཞེས་བྱ། དེ་ཡང་བསྐྱེད་རིམ་གྱི་དོན་པོ་ལྷ་ལ་སེམས་འཛིན་པའི་ཞི་གནས་སྒྲུབ་པའི་ཐབས་ཁྱད་པར་ཅན་པར་ཅན་ཡིན་པས། རྣམ་པ་གསལ་བ་ལ་རིག་པ་གཅུར་ནས་བསྒོམ་པ་གལ་ཆེ། དེ་ལ་གོམས་པས་ཉམས་ལྔ་པོ་རིམ་གྱིས་སྐྱེ་བ་ཡིན་ནོ། །སྐབས་འདིར་ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་སོགས་ཆོ་ག་རང་གཞུང་ལྟར་ཤེས་དགོས་ལ། སྤྱི་འགྲེས་ཀྱི་རྣམ་བཤད་འགའ་ཞིག་ནི། རྔམས་གློགས་ལས། དེ་ལྟར་སྐུ་མཆོག་རེ་རེ་ལ། །ཚུལ་དགུ་དག་དང་ལྡན་པ་སྟེ། །གཉེན་དང་ལྕུགས་དང་འཁྲུལ་བག་དང་། །ལྡེམ་བག་ཆགས་དང་གཞོན་ཚུལ་ཅན། །གསལ་དང་འཚེར་དང་ལྷུན་སྡུག་དང་། །གཟི་བྱིན་འབར་བར་རབ་ཏུ་གནས། །ཞེས་པ་ལྟར། ཞི་བ་ལ་ཚུལ་དགུ་སྟེ། ང་རྒྱལ་གནས་སུ་དག་པས་སྐུ་ཤ་མཉེན་༡པ། ཞེ་སྡང་དག་པས་དཀུ་སྐབས་ཕྱེད་ཅིང་མཚམས་པས་ལྕུགས་པ༢། འདོད་ཆགས་དག་པས་སྐུ་ལྷོད་པོར་མ་གྱུར་པས་བག་ཆགས་༣པ། ཕྲག་དོག་དག་པས་སྐུ་དྲངས་ཤིང་ལྡེམ་༤ པ། གཏི་མུག་དག་པས་སྐུར་གཞོན་ཤ་ཆགས་པ༥། མ་རིག་པ་སྤངས་པས་སྐུ་གཙང་ཞིང་གསལ་བ༦། ཡེ་ཤེས་རྒྱས་པས་བཀྲག་ཅིང་འཚེར་བ༧། མཚན་དཔེ་རྫོགས་པས་བརྗིད་ཅིང་ཡིད་དུ་འོང་བ་ལྷུན་སྡུག་པ༨། ཆེ་བའི་ཡོན་ཏན་གྱིས་ཐམས་ཅད་ཟིལ་གྱིས་གནོན་པས་གཟི་བྱིན་ཆེན་པོ་༩དང་ལྡན་པ་སྟེ། སྔ་མ་ལྔ་ངོ་བོའི་ཡོན་ཏན་དང་། ཕྱི་མ་བཞི་རྣམ་པའི་ཡོན་ཏན་ནོ། །དེ་ཡང་གསལ་ཞིང་དག་པའི་འོད་ཟེར་སྣ་ཚོགས་འཕྲོས་པའི་ཀློང་ན་བཞུགས་ཤིང་། གདུལ་བྱའི་ཉོན་མོངས་པའི་གདུང་བ་སེམས་པའི་བརྡར་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལྔ་དང་། འདོད་ཡོན་མ་སྤང་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་བསྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་དེ། རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་པའོ། །དེ་ལ་ཆས་གོས་ལྔ་ནི། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱིས་སྟོད་གཡོག །ཚིག་གུ་སྟེ་སྣ་ཚོགས་པས་སྨད་དཀྲིས། སེར་པོ་སྐུ་རགས་སམ་ཆོས་གོས། ལྗང་གུའི་གར་གྱི་ཕུ་དུང་། ཞེས་པ་སྟོད་ཁེབ་ལྟ་བུ་ལ་ཕུ་དུང་ཐུང་ངུ་ཡོད་པ། རིགས་ལྔའི་དབུ་རྒྱན་གྱི་འོག་ཏུ་དར་སྣ་ཚོགས་པས་ཅོད་པཎ་དང་། དར་མཐིང་ཁྲའི་ཅོད་པཎ་ལྟག་པ་ནས་ཕྱིར་འཕྱང་བའི་ཟིལ་ལྡིར་རྣམས་སོ། །འགའ་ཞིག་ཏུ་སྐུ་རགས་སམ་ཆོས་གོས་ཞེས་པ་དོར་ནས། ཅོད་པན་དང་། ཟིལ་ལྡིར་གཉིས་སོ་སོར་བགྲང་བར་སྣང་ངོ་། །རྒྱན་བརྒྱད་ནི། རིན་པོ་ཆེའི་དབུ་རྒྱན༡། སྙན་རྒྱན༢། མགུལ་རྒྱན༣། སྐ་རགས༤། ཕྱག་གདུབ༥། ཞབས་གདུབ༦། དོ་ཤལ་ཞེས་པ་རིན་པོ་ཆེའི་ཕྲེང་བ་ལྟེ་འོག་ཡན་འཁོར་བ༧། སེ་མོ་དོ་ཞེས་པ་ནུ་མའི་བར་སླེབ་པའི་དོ་ཤལ་ཐུང་བ༨་རྣམས་སོ། །ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་བྱེད། དབུ་རྒྱན། དོ་ཤལ། གདུ་བུ། སྙན་ཆ། དཔུང་རྒྱན། སེ་མོ་དོ། མེ་ཏོག་གི་ཕྲེང་བ་སྟེ་རིན་པོ་ཆེའི་རྒྱན་བདུན་ནོ། །ཁྲོ་བོ་ལ་གར་གྱི་ཉམས་དགུ་སྟེ། གལ་པོ་ལས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཚུལ་གྱིས་བསྒྱིངས་བའོ། །ཞེས་པས། ཆག་ཉམས་ཀྱིས་སྒེག་པ། ཁྲོ་ཉམས་ཀྱིས་དཔའ་བ། རྨོངས་ཉམས་ཀྱིས་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། ཧ་ཧ་དང་ཧི་ཧི་སོགས་བཞད་པའི་གད་མོ་འབྱིན་པས་དགོད་པ། ཟུངས་ཤིག་དང་རྒྱོབ་ཅིག་ལ་སོགས་འཇིགས་པའི་ང་རོ་སྒྲོགས་པས་གཤེ་བ། དེ་དག་ཀྱང་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲ་གདངས་དང་ལྡན་པས་དྲག་ཤུལ་ཏེ་གསུང་གི་ཉམས་གསུམ། རྨོང་པའི་འགྲོ་ཁམས་རྗེས་སུ་འཛིན་པའི་སྙིང་རྗེ། མ་རུང་པའི་སེམས་ཅན་ཁྲོ་བས་གདུལ་ཕྱིར་རྔམས་པ། ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པས་ཞི་བ་དང་ཐུགས་ཀྱི་ཉམས་གསུམ་སྟེ་གར་དགུ་དང་ལྡན་པའོ། །རྒྱན་ཆས་ཀྱི་རིམ་པ་ལ། དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆས་སུ་གནས་པའི་དཔལ་ནི་གྱི་ཆས་བརྒྱད་ནི། རྒྱུད་ལས། དབུ་སྐྲ་གྱེན་བརྫིང་འཁོར་བ་རུ་བཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པ་རིགས་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་བཟློག་བྱེད་དཔའ་བོ་ལྕགས་ཀྱི་ཆས། །ཉོན་མོངས་བསྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་དང་། ཡང་ཁྱད་པར་ཅུང་ཟད་མི་འདྲ་བ་གཞན་ཡང་། རྟ་མགྲིན་ཁམས་གསུམ་རོལ་པའི་སྒོས་དབང་ལས། །དཔའ་བོ་ཏིང་འཛིན་སྣོན་པོ་སྟག་གི་ཆས། །རྣོ་གདུག་བཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཤེས་རབ་ཏིང་འཛིན་རྡོ་རྗེ་འཆོལ་བའི་ཆས། །དབང་གི་བསེ་ཁྲབ་དམར་པོ་གཟི་བརྗིད་ཆས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་རྒྱན་གྱི་ཆས། །དབང་ཕྱུག་ཟ་བྱེད་ཏིང་འཛིན་མཆེ་བའི་ཆས། །རྡོ་རྗེའི་སླག་པ་མཐིང་ག་ལེ་བརྒན་ཆས། །སྡུད་བྱེད་གཅན་གཟན་གཏུམ་པ་གཟིག་གི་ཆས། །ཞེས་རྣམས་ཐར་བརྒྱད་དུ་གསུངས་སོ། །དུར་ཁྲོད་ཆས་བརྒྱད་ནི། བགོ་བའི་གོས་གསུམ་ནི། སྟོབས་བཅུས་གཏི་མུག་འཇོམས་པའི་བརྡར་གླང་ཆེན་གྱི་སྟོད་གཡོག །བྱང་ཆུབ་སེམས་ཀྱིས་འདོད་ཆགས་བཅོམ་པའི་བརྡར་ཞིང་ལྤགས་ཀྱི་སྐེད་ཆིངས། དཔལ་གཏུམ་དྲག་པོའི་ལས་ཀྱིས་ཞེ་སྡང་བཅོམ་པའི་བརྡར་སྟག་ལྤགས་ཀྱི་ཤམ་ཐབས་དགྲོལ་བའོ། །གདགས་པའི་རྒྱན་གཉིས་ལས། སྦྲུལ་རྒྱན་ནི། ཀླུ་རྒྱལ་རིགས་དཀར་པོས་སྐྲ་ཆིངས། རྗེ་རིགས་སེར་པོས་སྙན་ཆ། བྲམ་ཟེའི་རིགས་དམར་པོས་སེ་མོ་དོ་དང་མགུལ་ཆུ། དམངས་རིགས་ལྗང་གུས་སྐུ་རགས་དང་དོ་ཤལ། གདོལ་པ་ནག་པོས་སྐུ་རགས་རྣམས་སོ། །ཐོད་རྒྱན་ནི། ཐོད་པ་རྐམ་པོ་ལྔའི་དབུ་རྒྱན། །འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ། །ཚལ་བུའི་དཔུང་རྒྱན་རྣམས་སོ། །བྱུག་པའི་རྩི་གསུམ་ནི། དཔྲལ་བར་ཐལ་ཆེན་གྱིི་ཚོམ་བུ། མཁུར་ཚོས་གཉིས་སྣ་ཡི་ཟོར་དང་འབུར་གསུམ་དུ་རཀྟའི་ཐིག་ལེ། ཡང་ན་མཁུར་ཚོས་དཔྲལ་ཉམས་བཞིར་རཀྟའི་ཐིག་ལེ་མགྲིན་པར་ཞག་གི་ཟོ་རིས་དང་གསུམ་མོ། །དེ་བརྒྱད་ཀྱི་ཁར། ཡེ་ཤེས་ཀྱི་མེ་དཔུང་དང་། རྡོ་རྗེའི་གཤོག་པ་གཉིས་བགྲང་བས་དཔལ་གྱི་ཆས་བཅུའོ། །སྙན་གོང་གཡས་གཡོན་ན་ཉི་ཟླའི་འོད་ཟེར་འཕྲོ་བ་ནི་གསལ་བའི་ཆས་གཉིས་སོ། །རུས་པའི་རྒྱན་དྲུག་ནི། མགུལ་རྒྱན་སྦྱིན་པ། གདུ་བུ་ཚུལ་ཁྲིམས། རྣ་ཆ་བཟོད་པ། སྤྱི་བོའི་འཁོར་ལོ་བརྩོན་འགྲུས་སོ། དེ་ཡང་འཁོར་ལོའི་རྩིབ་སྟོང་གི་དབུས་ན་ཐོར་ཚུགས་གྱེན་དུ་ཕྱུངས་པའོ། །སྐ་རགས་བསམ་གཏན། མཆོད་ཕྱིར་ཐོགས་ཞེས་པ་དོ་ཤལ་ནི་ཤེས་རབ་སྟེ་དྲུག་གོ། །རུས་པའི་ཕྱག་རྒྱ་ལྔ་ནི། དོ་ཤལ་ཕྲིན་ལས་ལྷག་མ་རྣམས་ཡེ་ཤེས་ལྔ་མཚོན་པའོ། །དྲག་པོའི་རྒྱན་ཆས་དེ་དག་ཀྱང་སྔོན་ཧེ་རུ་ཀས་རུ་ཏྲ་བསྒྲལ་ནས་དེའི་ཆས་རྣམས་རང་གིས་དཔའ་རྟགས་སུ་བཞེས་པ་སྟེ་ཆས་བརྒྱད་དོ། །སྤྱིར་ཞི་བ་ལ་ཁྲོ་བོའི་རྒྱན་རྣམས་མི་ཚུད་ལ། ཁྲོ་བོ་ལ་ཞི་བའི་རྒྱན་རྣམས་མ་བཀགས་པར་ཡང་གསུངས་ཤིང་། སྐུ་མདོག་དང་རྒྱན་ཆས་སོགས་ལ་འདྲ་མིན་ཅུང་ཟད་རེ་འབྱུང་ནའང་། ཐུགས་རྗེ་དང་མཛད་པ་ལ་ཕྱོགས་རིས་མེད་པས་གདུལ་བྱའི་ཇི་ལྟར་མོས་པ་བཞིན་སྣང་དུ་རུང་བ་ཡིན་པས། གང་ལྟར་ཡང་འགལ་བ་མེད་ཀྱང་། ཆོ་ག་རང་གཞུང་གི་སྐབས་ཐོབ་བཞིན་ཤེས་པ་གལ་ཆེའོ། །ཡང་ལྷ་བསྐྱེད་ཀྱི་སྐབས་འདིར། སྒྱུ་འཕྲུལ་ལྟར་ན་ཕྱག་རྒྱ་གཅིག་པའི་ལྷ་རེ་རེ་ལའང་། སྙིང་གར་ཡེ་ཤེས་སེམས་དཔའ་རང་འདྲ་རྒྱན་མེད་དབུ་རྒྱན་གྱི་ལྷ་རིགས་ལྔ་དང་། གནས་གསུམ་དུ་བྱིན་རླབས་ཀྱི་ལྷ་ལོངས་སྐུའི་ཆས་ཅན་གསུམ་དང་ལྷག་པའི་ལྷ་དགུ། རྩ་ལྷ་དང་བཅུའོ། །ཡང་ན་དབུ་རྒྱན་རིགས་བདག་གཅིག་གིས་བསྡུས་པའི་ཕྱིར་གཅིག་ཏུ་རྩིས་པས་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པའི་ལྷ་སྐུ་ཞེས་གསུངས་སོ། །ཆོ་ག་སྤྱི་ལྟར་ན། བདག་གི་དེ་ཁོ་ན་ཉིད་བདག་བསྐྱེད་ལྷའི་དེ་ཁོ་ན་ཉིད་མདུན་བསྐྱེད་སྤྱན་འདྲེན་བཞུགས་གསོལ་སོགས། གསང་སྔགས་ཀྱི་དེ་ཁོ་ན་ཉིད། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད། འཕྲོ་འདུའི་དེ་ཁོ་ན་ཉིད་དང་ལྔ་ལ་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པ་ཞེས་གསུངས་སོ། །དེ་ཡང་གཙོ་བོར་གཤིས་མ་བཅོས་པའི་གདངས་ཀྱི་སྣང་ཆ་ལྷའི་སྐུ་ལམ་མེར་འཆར་བ་ནི་གསལ་སྣང་མཚན་ཉིད་པ་ཡིན་པར་གསུངས་པས། གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་ཀྱང་། གཙོ་བོ་ཉིད་ཀྱི་འགགས་མེད་ཡེ་ཤེས་ཀྱི་སྒྱུ་འཕྲུལ་བདེ་གསལ་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་ལས་བྱུང་བ་ཁོ་ན་ལས་གཞན་དུ་མ་གྱུར་ཅིང་། བསྐྱེད་པ་དེ་རྣམས་ཀྱང་དངས་བའི་མཁའ་ལ་འཇའ་ཚོན་ཤར་བའམ། དངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྣང་ལ་རང་བཞིན་མ་གྲུབ་ཅིང་། རྣམ་པ་ཐམས་ཅད་པར་འཆར་བའི་ཆོས་ཉིད་ཀྱི་རྟེན་ཅིང་འབྲེལ་འབྱུང་དྲན་བཞིན་པ་ལ་གནས་པ་གལ་ཆེ་ཞེས་གསུངས་སོ། །གཉིས་པ་ང་རྒྱལ་བརྟན་པ་ནི། བསྒོམ་བྱའི་ལྷ་དེ་དག་ཀྱང་ཡིད་ངོར་གསལ་བའི་དམིགས་རྟེན་ལྟ་བུ་ཙམ་མ་ཡིན་པར། བསྒོམ་བྱའི་ལྷར་དང་སྒོམ་མཁན་ཐ་དད་མེད་པར་ཡི་དམ་གྱི་ལྷ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་འཛིན་སྟངས་དང་མ་བྲལ་བ་ལ་བསླབ་པས་བར་ཆད་ཀྱིས་མི་ཚུགས་ཤིང་བདག་འཛིན་འཇིག་པའི་དགོས་པ་ཁྱད་པར་བ་ཡོད་པ་སྟེ། དགོངས་འདུས་ལས། ཀུན་བརྟགས་མཉམ་རྗེས་མེད་པ་ལ༔ ང་རྒྱལ་བརྟན་པ་གནད་ཆེ་ལ༔ དེ་ཡང་གསལ་རུང་མ་གསལ་རུང༔ ལྷ་རང་ཡིན་ནོ་སྙམ་བྱ་ཞིང༔ ཐ་མལ་སྣང་ཞེན་མེད་པར་བྱ༔ ཞེས་དང་། རྩེ་ལེས། སྣོད་བཅུད་གཟོད་ནས་དག་པའི་ལྷ་སྔགས་སུ། །ཡིན་ཚུལ་ཇི་བཞིན་ཤེས་པ་མེད་ཐབས་མེད། །ཅེས་དང་། སེམས་ཉིད་ངལ་གསོ་ལས། རང་སེམས་ཡེ་ནས་ལྷ་ཡི་རང་བཞིན་ལ། །ལུས་ནི་དཀྱིལ་འཁོར་སྒྲ་ཚིག་གསང་སྔགས་ཉིད། །ཐམས་ཅད་ལྷུན་རྫོགས་ཡེ་ཤེས་ཆེན་པོའི་ངང་། །དམ་ཚིག་ཡེ་ཤེས་གཉིས་མེད་དགུགས་བཞུགས་མེད། །གཤེགས་གསོལ་མི་དགོས་བཟང་ངན་བླང་དོར་མེད། །ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ། །ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལ། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན། །ཞེས་གསུངས་པ་ལྟར། སྦྱང་བྱ་སྐྱེ་འཆི་བར་དོ་གསུམ་དང་། ཕྲ་བའི་ལུས་ངག་ཡིད་གསུམ་ཉིད། །སྦྱངས་འབྲས་རྒྱལ་བའི་སྐུ་གསུམ་དང་། །རྡོ་རྗེ་གསུམ་གྱི་རང་བཞིན་དུ། །ཡེ་ནས་གནས་པར་ཐག་བཅད་ནས། །གློ་བུར་གྱི་སྒྲིབ་པ་སྦྱང་བའི་ཕྱིར། སྦྱོང་བྱེད་ཏིང་འཛིན་གསུམ་དང་། གསལ་བ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར། སྣང་གྲགས་རིགས་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པས་རྒྱས་འདེབས་པ་ལ་ང་རྒྱལ་བརྟན་པ་ཞེས་བྱ་བར་གསུངས་སོ། །གསུམ་པ་རྣམ་དག་དྲན་པ་ནི། དེ་ལྟར་གསལ་བ་དེ་ཡང་དངོས་པོ་རང་མཚན་ཅན་དུ་བདེན་པར་མི་ཞེན་པར། དོན་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མདོག་དབྱིབས་ཞལ་ཕྱག་སོགས་ཀྱི་སྤྲོས་པ་མི་མངའ་ཡང་། སངས་རྒྱས་རང་སྣང་གི་ཡོན་ཏན་རྣམས་གདུལ་བྱའི་བློ་ངོར་མཚོན་བྱེད་ཀྱི་བརྡ་རྟགས་སུ། རྟེན་དང་བརྟེན་པའི་རྣམ་པ་སྣ་ཚོགས་པ་ཤར་བ་ཡིན་པས། དེ་ལ་རྟེན་གཞལ་ཡས་ཁང་གི་དག་པ་མདོ་ཙམ་ནི་སྔར་སྨོས་པ་ལྟར་དང་། བརྟེན་པ་ལྷའི་དག་པ་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་བརྡར་ཞལ་གཅིག །ཞལ་གསུམ་ནི་རྣམ་ཐར་གསུམ་མམ་སྐུ་གསུམ། ཕྱག་གཉིས་ཐབས་དང་ཤེས་རབ། ཕྱག་བཞི་ཚད་མེད་བཞི། ཕྱག་དྲུག་ཡེ་ཤེས་ལྔ་དང་རང་བྱུང་གི་ཡེ་ཤེས་དང་དྲུག་གམ། ཕར་ཕྱིན་དྲུག །ཞབས་བཞི་བསྡུ་དངོས་བཞི། ཞབས་གཉིས་ཚུལ་ཁྲིམས་དང་ཏིང་ངེ་འཛིན། སྐྱིལ་ཀྲུང་ནི་སྲིད་ཞི་མཉམ་ཉིད། བཞེངས་སྟབས་ནི་འགྲོ་དོན་ལ་གཡེལ་བ་མེད་པ། སྤྱན་གསུམ་ནི་དུས་གསུམ་གཟིགས་པ། མཆེ་བ་བཞི་ནི་སྐྱེ་བ་བཞི་རྩད་ནས་གཅོད་པ། ཡབ་ཡུམ་ནི་ཐབས་ཤེས་ཟུང་འཇུག །ཡུམ་དེ་ཡང་མཚན་མའི་རྟོག་པས་སྒྲིབ་གཡོག་དང་བྲལ་བའི་མཚོན་བྱེད་སྐུ་གཅེར་བུ། མི་འགྱུར་བའི་བདེ་བ་ཆེན་པོ་དགའ་བ་བཅུ་དྲུག་དང་ལྡན་པ་མཚོན་བྱེད་བཅུ་དྲུག་ལོན་པའི་ན་ཚོད་ལ་བབས་པ། དབྱིངས་ལས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་མཚོན་བྱེད་དབུ་སྐྲ་གྲོལ་བ། ཞི་ལྷག་ཟུང་དུ་འཇུག་པ་ཤེས་བྱེད་མཁའ་གསང་མཉམ་པར་སྦྱོར་བ། སྐུ་མདོག་ཀྱང་། དཀར་པོ་ནི་སྐྱོན་གྱིས་མ་གོས་པ། སེར་པོ་ནི་ཡོན་ཏན་རྒྱས་པ། དམར་པོ་ནི་ཐུགས་རྗེ་ཆགས་པ། ལྗང་གུ་ནི་ལས་ཐོགས་མེད། ནག་པོ་ནི་ཆོས་ཉིད་མི་འགྱུར་བའོ། །ཕྱག་མཚན་ཀྱང་། ཡེ་ཤེས་ལྔ་མཚན་པའི་རྡོ་རྗེ་རྩེ་ལྔ་པ། ཉོན་མོངས་གཅོད་པའི་འཁོར་ལོ། ཡོན་ཏན་དགོས་འདོད་འབྱུང་བའི་རིན་པོ་ཆེ། སྐྱོན་གྱིས་མ་གོས་པདྨ། ཕྲིན་ལས་ཐོགས་མེད་སྣ་ཚོགས་རྡོ་རྗེ་རྒྱ་གྲམ། ཀུན་རྟོག་གཅོད་པ་གྲི་གུག །མི་རྟོག་ཡེ་ཤེས་བདེ་བ་སྐྱོང་བ་ཀ་པཱ་ལ། བདུད་བཞི་བཅོམ་པ་ཁྲག་གིས་གོང་བ། སྐྱེ་ཤི་རྩད་ནས་གཅོད་པར་རལ་གྲི། དུག་གསུམ་རྩད་གཅོད་ཁ་ཊྭཱྃ་ཀ་སོགས་སོ། །རྒྱན་ཆས་ཀྱི་དག་པ་མདོ་ཙམ་སྔར་སྨོས་པ་ལྟར་རོ། །དེ་ལྟར་རྟགས་བསྟོད་ལ་སོགས་ཀྱི་དོན་བཞིན། སྣང་སྲིད་ལྷ་ཡི་དཀྱིལ་འཁོར་སོ་སོར་དག་པ་ནི་ཆོས་ཅན་ལྷ་དང་ལྷ་མོའི་དག་པ་ཞེས་བྱ་བ་ལ། ལྷ་ཡབ་ཡུམ་མཉམ་སྦྱོར་གྱི་དམིགས་པ་གསལ་འདེབས་པའམ། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པའི་ཚེ། རྫོགས་རིམ་གྱི་ལུས་ལ་གནད་དུ་བསྣུན་པས་བདེ་ཆེན་ཆ་མཐུན་ཙམ་ཤར་བས་ཀྱང་བསྐྱེད་རིམ་ལ་རྒྱས་འདེབས་པ་སྟེ། གང་ལྟར་ཡང་རྗེས་ཆགས་བདེ་བ་ཆེན་པོ་ནས་རྩིས་ཟིན་པར་བྱེད་པ་ནི་རང་རིག་བདེ་ཆེན་གྱི་དག་པའོ། །སྣང་ཆ་སྒྱུ་མ་ལྟ་བུ་ལ་སྤྲོས་བྲལ་གྱི་ལྟ་བས་རྒྱས་བཏབ་པ་སྣང་སྟོང་ཟུང་འཇུག་ཏུ་བསྒོམ་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དག་པའོ། །ལྷའི་རྣམ་པ་ཤར་ཙམ་ནས་དག་པ་དེ་དང་དེའི་ངོ་བོར་འདུ་ཤེས་པ་བཅོས་མིན་དུ་འབྱུང་ན་གོམས་ཤིང་ལོབ་པ་ཡིན་ནོ། །ཞེས་འཇམ་དབྱངས་མཁྱེན་བརྩེས་གསུངས་སོ། །དེ་ཡང་ལས་དང་པོ་པས་དེ་ཙམ་མི་ནུས་པས་ལྷའི་གསལ་སྣང་ཐེབས་ཙམ་གྱི་མཐར། དེ་དག་ཀྱང་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་མཚོན་པའི་བརྡ་རྟགས་སུ་ཤར་བ་ཡིན་ནོ་སྙམ་པའི་མོས་པ་ལ་གནས་པས་དག་དྲན་རྗེས་མཐུན་པར་འགྱུར་ཞིང་། ལྷ་རང་རྒྱུད་དུ་འཛིན་པ་གོམ་པ་ལས་ལྡོག་པ་ཡིན་ནོ། །མདོར་ན་གཟུགས་ཀྱི་སྐུར་སྣང་ཡང་། །ཆོས་ཀྱི་སྐུ་ཡི་རང་བཞིན་ལས་མ་འདས་པར་སྣང་སྟོང་སྒྱུ་མའི་རོལ་པར་རྩལ་སྦྱོང་བ་ལ་རྣམ་དག་དྲན་པ་ཞེས་བྱའོ། །དེ་དག་ཐམས་ཅད་ཀྱི་སྐབས་སུ་བསྐྱེད་རིམ་ལ་བརྟེན་ནས་ཐལ་མལ་གྱི་སྣང་ཞེན་སྦྱོང་བ་ལམ་བསྒོམ་པའི་དོན་འབྲས་ཡིན་པས། དེ་ལ་སྣང་བ་ནི་རང་གི་དབང་པོ་ལྔའི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་། ཡིད་ཡུལ་དུ་ཆོས་ཁམས་ཀྱི་རྣམ་པ་སྣང་བ་དེ་ཡིན་པས། དེ་སྦྱོང་བྱེད་དུ་རྣམ་པ་གསལ་བ་གསུངས་ཏེ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །སྒྲ་གྲགས་སྔགས་ཀྱི་རང་བཞིན་དུ་གསལ་ནས། །སེམས་ཡུལ་ལ་མི་འཕྲོ་བ་དེ་ཡིན། ཞེས་པ་ཞེས་པ་ལ། བདག་ཏུ་ཞེན་པ་དང་། དངོས་པོར་ཞེན་པ་གཉིས་ཡོད་པ་ལས། དང་པོ་བདག་ཏུ་ཞེན་པ་ནི། ཐོག་མ་མེད་པའི་དུས་ནས་ངའོ་སྙམ་པའི་ངར་འཛིན་འདི་ཡིན་པས། དེའི་གཉེན་པོ་ང་རྒྱལ་བརྟན་པ་གསུངས་ཏེ། ངའམ་ཐ་མལ་དུ་འཛིན་པ་དོར་ནས་ང་ཡིི་དམ་གྱི་ལྷ་ཡིན་ནོ་སྙམ་པའི་ངེས་ཤེས་བརྟན་པོ་བྱེད་པ་དེ་ཡིན། རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་འདི་གཉིས་ལས་ང་རྒྱལ་བརྟན་པ་འདི་གལ་ཆེ་སྟེ། རང་ངེས་པར་ལྷ་ཡིན་པའི་ངེས་ཤེས་མེད་ན་རྣམ་པ་གསལ་ཡང་རྒྱུད་ཐ་མལ་པ་ཡིན་པས་དོན་མེད། རང་ངེས་པར་ལྷ་ཡིན་པའི་ང་རྒྱལ་ཡོད་ན་བདག་འཛིན་འཇིགས་ཅིང་། རྣམ་པའང་ཤུགས་ཀྱི་གསལ་འོང་བ་ཡིན། དངོས་པོར་ཞེན་པ་ཞེས་པ་དེ། སྣོད་བཅུད་དུ་ཞེན་པས་བདེན་བདེན་རྟག་རྟག་ཏུ་ཞེན་པའི་ཨ་འཐས་ལ་ཆོས་ཀྱི་བདག་ཟེར་བ་དེ་ཡིན་པས། དེའི་གཉེན་པོ་རྣམ་དག་དྲན་པ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ཡོན་ཏན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་རང་བཞིན་གཞལ་ཡས་ཁང་དང་། ལྷ་དང་ཞལ་ཕྱག་བརྡ་དང་རྟགས་ཀྱིས་རྣམ་པ་ཙམ་ཡིན་པས། དོན་ལ་བདེན་གྲུབ་ཏུ་འཛིན་པའི་ཞེན་པ་སྦྱོང་བ་ཡིན་པས། འདི་གསུམ་གལ་ཆེ་བས་རེ་མོས་ཚུལ་གྱིས་བློ་སྦྱོངས། འདི་རྣམས་མཚན་ཉིད་ཐེག་པ་ལྟར་སྣང་བའི་གཉེན་པོར་རྡུལ་ཕྲ་རབ་ཏུ་གསིལ་བ་སོགས་དང་། བདག་གི་གཉེན་པོར་བདག་མེད་བསྒོམ་པ་སོགས། སྤང་གཉེན་འགལ་བར་སྤྱོད་པ་མ་ཡིན་པར། གསང་སྔགས་ཐབས་མཁས་ཀྱི་ཁྱད་པར་གྱིས། དཔེར་ན་རྣ་བར་ཆུ་སོང་ན་སླར་ཆུ་བླུགས་ནས་འདོན་པ་དང་། མེས་ཚིག་པའི་ཟུག་རྔུ་སླར་མེ་ལ་བསྲོ་བ་ལྟར། འཁྲུལ་སྣང་གི་གཉེན་པོ་ལྷ་སྣང་དང་། བདག་ཏུ་ང་རྒྱལ་བའི་གཉེན་པོར་ལྷ་ཡི་ང་རྒྱལ་བསྐྱེད་པ་སོགས། རྣམ་རྟོག་གི་གཉེན་པོར་རྣམ་རྟོག་བསྒོམ་པས། མ་དག་པའི་རྣམ་རྟོག་མེད་པར་བྱེད་པ་སྔགས་ཀྱི་ཐབས་མཁས་ཡིན་པས། ཐབས་བསྐྱེད་པའི་རིམ་པ་ཟེར་དོན་ཡང་དེ་ཡིན་ནོ། །རྣམ་རྟོག་དང་ཉོན་མོངས་མི་སྤང་ཟེར་བ་ཡང་འདི་ལྟ་བུ་ལ་ཟེར་བ་ཡིན་གྱི། རང་བཞིན་ཐ་མལ་གྱི་རྣམ་རྟོག་དང་ཉོན་མོངས་མི་སྤང་བ་མིན་པར་ཤེས་དགོས་སོ། །དེ་ལྟར་བསྒོམ་པའི་ཚེ་ཤེས་པ་མི་གསལ་བ་དང་། བྱིང་ཞིང་འཐིབས་པ་དང་། བསྒོམ་སྙིང་མི་འདོད་པ་སོགས་བྱུང་ན་ཤེས་པ་ཧུར་བཏོན། བློའི་ཤོངས་ཡངས་བསྐྱེད། ལྷའི་རྣམ་པ་སྐུ་མདོག་ཕྱག་མཚན་ལྟ་བུའི་ཕྱོགས་སུ་ཤེས་པ་གུད་དུ་མི་གཅོད་པར། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དང་། འོད་དང་འོད་ཟེར་གྱི་རང་བཞིན་བཀྲ་ལམ་ལམ། གཡོ་འགུལ་ཤིག་ཤིག །སྒྲ་གྲགས་སྔགས་ཀྱི་རང་བཞིན་དུ་འུར་དི་རི་རི། དྲན་རྟོག་ཆོས་ཉིད་ཀྱི་རང་བཞིན་དུ་ཕྱ་ལ་ལ་བཏང་སྟེ། ཧཱུྃ་གླུ་ལེན་ཅིང་། ཤེས་པ་རྒྱ་བསྐྱེད། དཔང་བསྟོད། རྟོགས་ཚོགས་དུར་བུར་རྦུད་རྦུད་བཅད། །ཧ་ཅང་གནས་ན་མི་གནས་ན། །གསལ་ན་མི་གསལ་ན་སྙམ་པའི་གུ་དོགས་སྤངས་ཏེ་ཡངས་ཁྲོལ་ལེར་བསྒོམ། ཡང་ཤེས་ཧ་ཅང་རྒོད་པ་དང་འཕྲོ་བ་རྒྱ་འབྱམས་ན། བསྙེན་པ་སོགས་བཟླས་པ་ཅུང་ཟད་མཚམས་བཅད་ནས་རླུང་རོ་འབུད་ཤེས་ལྷོད་ཀྱིས་ཀློད་ནས་རང་ངོ་ཅེར་གྱིས་བལྟ། དེའི་ངང་ནས་ཐུགས་སྲོག་སུ་བོན་ལ་དམིགས་པ་གཅུར་ཏེ་སེམས་གཏད་ནས་བསྒོམ། ཧ་ཅང་དམིགས་པ་སོགས་ཨེ་གསལ་རེ་དོགས་ཆེ་བས་གུ་དོགས་དང་། གསལ་མ་གསལ་མེད་པར་ཁ་ཁྲལ་འཇལ་བ་ལྟ་བུའི་གུ་ཡངས་གཉིས་ཀ་མི་བྱ་བར་གུ་ཡངས་དོགས་ཚོད་ཟིན་པར་བྱ། སྐབས་སྐབས་སུ་དེ་ལྟར་ལྷ་བསྒོམ་པ་དང་། རྣམ་པ་གསལ་མི་གསལ་སོགས་ཀྱི་བྱེད་པ་པོ་ཁོ་རང་གི་ངོ་ལ་ཁ་ཚུལ་ལོག་ནས་བལྟ། དེ་ཡང་བལྟ་བྱ་ལྟོས་མཁན་ལ་སོགས་པའི་རྟོག་པ་ཕྲ་མོ་དེ་རྒྱ་ཁྲོལ་ལེར་བཏང་ནས། གང་ཡིན་དང་འདི་ཡིན་མེད་པའི་ཤེས་པ་ཧ་ཆད་དེ་བ་དེའི་ངང་སྐྱོངས། དེ་ལྟར་དགོངས་པ་མི་འགྱུར་བ་ཆོས་ཉིད་ཀྱི་གཟེར་དང་། ཏིང་ངེ་འཛིན་ལྷའི་གཟེར་གཉིས་རེས་མོས་དང་ཟུང་འཇུག་བློས་གང་ཆུན་བྱེད་ཅིང་། དེ་དག་ཀུན་གྱི་དུས་སུ་བཟླས་པ་སྔགས་ཀྱི་གཟེར་རྩ་བསྙེན་རྒྱུན་ཆད་མེད་པར་བཟླ། ཐུན་འཇོག་ཁ་དང་བསྙེན་མཚམས་གྲོལ་ག་རྣམས་སུ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་འོད་ཟེར་སྤྲོ་བསྡུ་སོགས་བསྙེན་ཡིག་རྣམས་ལས་བཤད་པ་ལྟར་བྱེད་པ་ནི། སྲོག་སྡོམ་གཟེར་བཞི་ཞེས་སྔ་འགྱུར་རྙིང་མའི་ཆོས་སྐད། ཨོ་རྒྱན་སངས་རྒྱས་གཉིས་པའི་མན་ངག་ཐུན་མོང་མ་ཡིན་པས་ཅིས་ཀྱང་གལ་ཆེ་ཞེས་དཔལ་སྤྲུལ་རིན་པོ་ཆེས་གསུངས་པ་ལྟར་ཏེ། རྒྱུད་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་པས། །དུར་ཁྲོད་འདྲེ་ངན་བསྒྲུབ་གྱུར་ཀྱང་། །མཆོག་དང་ཐུན་མོང་འབྲས་བུ་གང་། །མི་འདོད་རང་བྱུང་ལྷུན་གྲུབ་འབྱུང་། །དེ་ཉིད་མ་རྟོགས་ཨ་འཐས་བློས། །ཡེ་ཤེས་སེམས་དཔའ་བསྒྲུབ་གྱུར་ཀྱང་། །གནས་སྐབས་བདེ་འབྲས་ཕྲན་བུ་ལས། །ཡང་དག་འབྲས་བུ་སྲིད་མཐའ་ཙམ། །ཞེས་གསུངས་སོ། །དེ་ཡང་སྔ་འགྱུར་ལྟར་ན་བདུན་ཏེ། ལྷ་ལ་སེམས་བཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དཔྲལ་བ། ལྷ་ལམ་དུ་སློང་བ། ལྷ་རང་སེམས་དང་བསྲེ་བ་ལྔའི་ཁོང་ནས་ཉམས་ལྔ་མངོན་དུ་བྱས་པ་ནི། སྔོན་འགྲོའི་སུ་བཅད་ལྔ་དང་། ལྷ་དོན་ལ་སྦྱོར་བ་ནི་ཏིང་ངེ་འཛིན་གྱིས་དྲངས་བའི་བསྙེན་སྒྲུབ་ཡན་ལག་བཞི་འབྲེལ་གྱི་ལམ་ལ་སློབ་པ་སྟེ་དངོས་གཞིའི་སུ་བཅད་གཅིག་དང་ལྷ་ལམ་དུ་ཁྱེར་བ་ནི་ཤེས་བྱ་བཅུ་དང་། དམ་ཚིག་དྲུག་སོགས་རྗེས་ཀྱི་བཅད་གཅིག་དང་བདུན་ནོ། །དང་པོ་ནི། ལྷའི་སྐུ་མདོག་ཞལ་ཕྱག་རྒྱན་ཆ་ལུགས་སོགས་རྫོགས་པར་གསལ་བ་ལ་སྒོ་ལྔ་སྡུད་ཅིང་སེམས་གཞན་དུ་མ་ཡེངས་པར་བསྒོམ་པས། འགྱུ་དྲན་གྱི་རྟོག་པ་སྔར་ལས་ཤིན་ཏུ་འཚུབ་པ་ལྟར་འབྱུང་བ་ནི། གཡོ་བའི་ཉམས་ཏེ། དཔེར་ན་འབབ་ཆུ་དྲག་པོའི་འོག་ཏུ་ཉ་སྲམ་སོགས་ཀྱང་མི་མཐོང་ལ། དལ་གྱི་འབབས་པའི་འོག་ཏུ་རྡོའུ་ཕྲ་མོ་ཚུད་ཆད་མཐོང་བ་ལྟར་སེམས་ཅུང་ཟད་གནས་པའི་མགོ་རྩོམ་པ་ཡིན་ནོ། །སླར་རྣམ་རྟོག་རིམ་གྱིས་ཞི་ནས་ལྷ་བཀྲམ་ལམ་མེར་འཆར་བ་ནི་ཐོབ་པས་ཉམས་སོ། །གཉིས་པ་ནི་དམིགས་པ་བརྗེད་དང་ལེ་ལོ་དང་། མ་གྲུབ་དོགས་དང་བྱིང་བ་དང་། །རྒོད་དང་ཆོག་ནི་ཤེས་པའི་རྩོལ། །མ་གསལ་ལུས་སོགས་སྐྱོན་བདུན་ནོ། །ཞེས་དང་། རབ་རིབ་མོག་མོག་གྲིབ་མ་ཅན། །སྐུ་ཡི་ཚད་དང་ཆ་ལུགས་དང་། །དབྱིབས་དང་གྲངས་དང་བཞུགས་ཚུལ་དང་། །ཁ་དོག་འབའ་ཞིག་དབྱིབས་འབའ་ཞིག །རིམ་པར་ནུབ་དང་རྣམ་འགྱུར་ཆ། །མ་རྫོགས་འགྱུར་བའི་སྐྱོན་བཅུ་གཉིས། །ཞེས་གསུངས་པ་ལྟར། སྤྱི་དང་བྱེ་བྲག་གི་སྐྱོན་དེ་རྣམས་ཀྱི་དབང་དུ་མི་གཏོང་བར། ལྷའི་སྐུ་མདོག་ཞལ་ཕྱག་སོགས་གང་མི་གསལ་བ་དེ་ཆེད་དུ་གསལ་བཏབ་སྟེ་བསྒོམ་པའོ། །གསུམ་པ་ནི། ཐུན་རེར་ལྷ་ལ་སེམས་གཏད་དེ་མ་ཡེངས་པར་ནན་གྱིས་བསྒོམ། ཐུན་རེར་སྒོམ་མཁན་གྱི་རང་ངོ་ལ་བལྟས་ཏེ་ཡིན་ལུགས་སྐྱོང་བ་རེས་མོས་སུ་བྱེད་པའོ། །བཞི་པ་ནི། ལྷ་ཆེ་ཆུང་དང་རྣམ་འགྱུར་མང་ཉུང་སོགས་བྱས་ནས་བསྒོམས་པས་ལྷར་སྣང་རྒྱུན་དུ་འཆར་བ་ནི་གོམ་ཉམས་ཆུང་ཀླུང་ལྟ་བུའོ། །ལྔ་པ་ནི། བསྒོམ་བྱ་ལྷ་དང་སྒོམ་བྱེད་གྱི་མཁན་པོ་གཉིས་སུ་མེད་པའི་ངང་ལ་མཉམ་པར་བཞག་པས་ལྷའི་གསལ་སྣང་དང་མི་འབྲལ་བ་ནི་བརྟན་ཉམས་རི་རབ་ལྟ་བུའོ། །སྐབས་འདིར་གསལ་བའི་ཚད་བཞི་ནི། ལྷ་གང་ཡིན་དེའི་སྐུའི་སྣང་ཆ་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བས་གསལ་ལེ། དེ་ཡང་རིག་པའི་གསལ་ངར་དང་བྲལ་བའི་བྱིང་ཉམས་ཅན་ལྟ་བུ་མ་ཡིན་པར་གསལ་སྟོང་སེང་བག་དང་བཅས་པའི་རིག་པའི་ངར་དང་ལྡན་པས་སེང་ངེ་། དེ་དག་ཀྱང་སེམས་མེད་བེམ་པོའི་རྣམ་པ་འཇའ་ཚོན་ལྟ་བུ་མ་ཡིན་པར། བ་སྤུ་ཁུང་བུ་དང་དབུ་སྐྲའི་ཉག་མ་ཚུན་ཆད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པས། དབང་ཤེས་དང་བཅས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་བཀྲ་ཧྲིག་གེ་བཞུགས་པས་ན་ལྷག་གེ། དེ་ལྟ་བུའི་ལྷ་དེ་ཡང་དེ་ལྟར་ཡིན་དང་ཡོད་དོ་སྙམ་པའི་རྗེས་དཔག་གི་བློ་རྟོག་མ་ཡིན་པར་ཡིད་ངོར་ན་མངོན་སུམ་ལྟ་བུ་བཀྲ་ལྷང་ངེར་འཆར་བས་ལྷང་ངེ་བ་དང་བཞིའོ། །བརྟན་པའི་ཚད་བཞི་ནི། བརྗེད་ངས་དང་ལེ་ལོ་སོགས་མ་ཡིན་པར་སྤྱིའི་སྐྱོན་གྱིས་གཡོ་བ། རབ་རིབ་དང་མོག་མོག་སོགས་བྱེ་བྲག་གི་སྐྱོན་གྱིས་མི་འགྱུར་བ། དེ་ཡང་ཡུན་ཐུང་ངུ་ཙམ་མ་ཡིན་པར་ཉིན་དང་མཚན་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲ་མོ་ཡང་མི་རྒྱུ་བར་གསལ་བས་ན་མངོན་པར་མི་འགྱུར་བ། སྐུ་མདོག་དང་ཞལ་ཕྱག་འབྱོན་བཞུགས་འོད་ཟེར་སྤྲོ་བསྡུའི་རྣམ་པ་ལ་སོགས་པ་ཇི་ལྟར་བསྒོམ་ཡང་དེ་ལྟར་འབྱོངས་བ་ནི། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ། དེ་ལྟར་གསལ་བརྟན་གྱི་ཚད་བརྒྱད་བརྒྱད་དུ་མི་འགྱུར་བར་བསྒོམས་པས། གང་སྣང་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་འཆར་བ་ནི་མཐར་ཕྱིན་པའི་ཉམས་སྣང་བ་ལྷའི་འཁོར་ལོ་ཞེས་བརྟན་པ་ཡོངས་སུ་ཐོབ་པའི་ཚད་དོ། །དྲུག་པ་ནི། ཏིང་ངེ་འཛིན་གསུམ་དང་འབྲེལ་བའི་སྡོག་སྡམ་གཟེར་བཞིའི་མན་ངག་གིས་བསྙེན་བསྒྲུབ་ཡན་ལག་བཞི་འབྲེལ་གྱི་ལམ་ལ་བསླབ་པ་སྟེ། བསྙེན་པའི་ཡན་ལག་ཏིང་ངེ་འཛིན་གྱི་གཟེར། ཉེ་བསྙེན་གྱི་ཡན་ལག་སྙིང་པོ་སྔགས་ཀྱི་གཟེར། སྒྲུབ་པའི་ཡན་ལག་དགོངས་པ་མི་འགྱུར་བའི་གཟེར། སྒྲུབ་པ་ཆེན་པོའི་ཡན་ལག་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་རྣམས་སོ། །དེ་ཡང་གཉིས་ཀྱི་ཆ་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་གཅིག་ཏུ་བསྡོམ་པའི་གཟེར་བུ་ལྟ་བུ་ཡིན་པས་སོ། །དེ་ལ་ཏིང་ངེ་འཛིན་ལྷའི་གཟེར་ནི། ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་སྣོད་བཅུད་ལྷ་ཡི་དཀྱིལ་འཁོར་སྣང་སྟོང་སྒྱུ་མ་ལྟ་བུ་བསྒོམ་ནས། དབང་བསྐུར་རྒྱས་གདབ་སོགས་ཡན་ལག་ཚང་བར་བྱས་ནས། མར་འཁོར་བའི་དུས་ཀྱི་སྐྱེ་གནས་བཞིར་སྐྱེས་པའི་ལུས་ཀྱི་བག་ཆགས་སྦྱངས་ཤིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་སྐུའི་གསང་བ་སྤྲོས་པ་ལས་འདས་ཀྱང་། གང་འདུལ་གྱི་རྣམ་རོལ་དུ་སྣང་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་རྩ་ཁམས་དག་པ་ལྷར་སྦྱངས་པས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ། །སྙིང་པོ་སྔགས་ཀྱི་གཟེར་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཐུགས་སྲོག་སུ་བོན་སྔགས་ཕྲེང་གིས་བསྐོར་བ་ལ་སེམས་གཏད་དེ་བཟླས་པ་བྱས་པས། མར་འཁོར་བའི་དུས་སུ་འཁྲུལ་བའི་ངག་གི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་གསུང་གི་གསང་བ་སྒྲ་ཚིག་ལས་འདས་ཀྱང་། ཐེག་པ་བསམ་གྱིས་མི་ཁྱབ་པ་འཆར་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་ངག་རླུང་གི་རང་བཞིན་སྙིང་པོ་སྔགས་སུ་སྦྱངས་པས། ཕ་རྒྱུད་ལྟར་རླུང་ལ་བརྟེན་ནས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོའོ། །དགོངས་པ་མི་འགྱུར་བའི་གཟེར་ནི། ལྷ་སྔགས་གང་གི་ཚེ་ཡང་ཐ་དད་གཉིས་སུ་འཛིན་པ་ཐམས་ཅད་དག་མཉམ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཡེ་སངས་རྒྱས་པའི་ཆོས་ཉིད་བློ་འདས་ཀྱི་དོན་ལ་གནས་པས། མར་འཁོར་བའི་དུས་ཀྱི་ངན་སེམས་བག་ཆགས་དང་བཅས་པའི་ཆ་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་ཐུགས་རྡོ་རྗེ་གསང་བ་བསམ་བརྗོད་ལས་འདས་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། ལམ་བར་གྱི་དུས་ན་སྣང་སྟོང་གཉིས་སུ་མེད་པའི་ཆོས་ཉིད་ལ་གོམས་པས། བདེ་གསལ་སྟོང་པ་ཉིད་ཀྱི་རྫོགས་རིམ་བསྒོམ་པའི་སྨིན་བྱེད་དུ་འགྲོའོ། །འཕྲོ་འདུ་དམིགས་པའི་གཟེར་ནི། སྣོད་བཅུད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་ལས་མ་གཡོས་བཞིན་དུ་སྐུ་དང་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་དོན་གཉིས་བྱེད་པས་མཆོག་གི་དངོས་གྲུབ་དང་། གནས་སྐབས་འོད་ཟེར་དཀར་པོས་ཞི་བ་དང་། སེར་པོས་རྒྱས་པ་སོགས་ཕྲིན་ལས་བཞི་དང་། ཐུན་མོང་གི་གྲུབ་པ་བརྒྱད་སོགས་སྒྲུབ་པ་ཡིན་ནོ། །མར་འཁོར་བའི་དུས་ན་སྒོ་གསུམ་འཁོར་བའི་བྱ་བཞག་གི་རྣམ་པ་སྦྱངས་ཤིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་ཕྲིན་ལས་གཞི་ལ་རྫོགས། བར་ལམ་དུས་སུ་དམིགས་བཅས་ཐུན་མོང་གི་ལམ་དང་དམིགས་མེད་ཡེ་ཤེས་ཀྱི་དགོངས་པ་སྣང་སྲིད་འོད་སྐུར་སྦྱངས་བའི་སྨིན་བྱེད་དུ་འགྲོའོ། །དེ་ལ་དགོངས་པ་མི་འགྱུར་བའི་གཟེར་ནི་ལྟ་བ་ཡིན་པས་གཞི། ཏིང་ངེ་འཛིན་ལྷའི་གཟེར་ནི་བསྒོམ་པ། སྙིང་པོ་སྔགས་ཀྱི་གཟེར་ནི་བསྒོམ་པའང་ཡིན་ལ་ཤུགས་ཀྱི་སྤྱོད་པའང་ཡིན་པས་ལམ། འཕྲོ་འདུ་དམིགས་པའི་གཟེར་ནི་སངས་རྒྱས་ཀྱི་ཕྲིན་ལས་དུ་ལྟར་ནས་བྱེད་པས་འབྲས་བུ་ཡིན་པས། ལྟ་བསྒོམ་སྤྱོད་འབྲས་སམ། གཞི་ལམ་འབྲས་བུ་ཐ་མི་དད་པར་དབྱེར་མེད་ཟུང་འཇུག་གི་ལམ་ལ་སློབ་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། དེ་ཡང་གཞི་ལྟ་བ་ཡེ་ཤེས་ཀྱི་འཁོར་ལོས་འཁོར་འདས་མཉམ་ཉིད་དུ་རྟོགས་པས་སྲིད་ཞི་གཉིས་ཀའི་སྲོག་ལ་རང་དབང་སྒྱུར་ཞིང་། ལམ་བསྒོམ་པ་ལྷ་སྔགས་ཀྱི་འཁོར་ལོ་བསྐྱེད་རྫོགས་གཉིས་ཀའི་སྲོག་ལ་རང་དབང་ཞིང་། དོན་གཉིས་ལྷུན་གྲུབ་སྤྱོད་པས་ཐབས་ཆེན་བསམ་གྱིས་མི་ཁྱབ་པའི་སྲོག་ལ་རང་དབང་བ་སྟེ། རེ་རེ་ལའང་གནད་ཀྱི་ཁྱད་པར་དུ་མ་དང་ལྡན་ཞིང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གནད་ཐམས་ཅད་འདིར་འདུས་ལ། ཁྱད་པར་དུ་དགོངས་པ་མི་འགྱུར་བའི་གཟེར་ནི། གཞན་གསུམ་གྱི་སྲོག་ཀྱང་བསྡོམས་པས་ན་ཤིན་ཏུ་གལ་ཆེ་བ་དཔལ་སྤྲུལ་གསུངས་སོ། །དེ་ཡང་རྒྱུད་ལས། སྲོག་བསྡོམ་གཟེར་བཞི་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་སུ་རྐྱངས། །ཞེས་ཡུག་སུ་ནི་རྐང་པའི་བརྡའ་ཆད་དེ། གཟེར་བཞིའི་གནད་དང་མ་ལྡན་ན་དོན་མེད་པར་རྐང་པས་འགྲོ་ཚག་ཆེ་ཡང་ངལ་བ་ཙམ་དུ་ཟད་པའི་དཔེར་གསུངས་སོ། །བདུན་པ་ནི་འོག་ཏུ་འཆད་དོ། །སྤྱིར་བསྙེན་བསྒྲུབ་ཡན་ལག་བཞི་པོ་དེ་ལ། སྒྲུབ་པའི་དུས་སུ་བསྙེན་བསྒྲུབ་ཡན་ལག་བཞི། བསྐྱེད་རིམ་བསྡུས་པའི་ཆིངས་སུ་བཤད་པའི་བསྙེན་བསྒྲུབ་ཡན་ལག་བཞི། རྫོགས་རིམ་སྡུད་པའི་ཆིངས་སུ་བཤད་པའི་བསྙེན་སྒྲུབ་ཡན་ལག་བཞི། བསྐྱེད་རྫོགས་གཉིས་ཀ་སྡུད་པའི་ཆིངས་སུ་བཤད་པའི་བསྙེན་བསྒྲུབ་ཡན་ལག་བཞི་རྣམས་སུ་ཡོད་པ་ལས། འདིར་སྒྲུབ་པའི་དུས་ཀྱི་བསྙེན་བསྒྲུབ་ཡན་ལག་བཞི་ཡིན་ཞིང་། དེ་ལ་ཡང་བསྙེན་པ་དང་། སྒྲུབ་པ་གཉིས་སུ་དབྱེ་བས་བསྙེན་པའི་ཡན་ལག་བཞི་ཡོད་པས། འདིར་བཤད་པའི་བསྙེན་བསྒྲུབ་ཡན་ལག་བཞི་པོ་ནི། སྒྲུབ་པའི་དུས་ཀྱི་བསྙེན་པའི་བསྙེན་པ། བསྙེན་པའི་ཉེ་བསྙེན། བསྙེན་པའི་སྒྲུབ་པ། བསྙེན་པའི་སྒྲུབ་ཆེན་བཞི་ཡིན་པར་ཤེས་པར་བྱའོ། །ཞེས་མཁན་པད་རྡོར་གསུངས། ཡང་རྒྱུད་འགྲེལ་ལས། ལམ་དུས་ཀྱི་བསྙེན་བསྒྲུབ་ཡན་ལག་བཞི་ནི། དེ་བཞིན་དང་ཀུན་ཏིང་ནི་བསྙེན་པ། ཕྱག་རྒྱ་གཅིག་སྤྲོས་ནི་ཉེ་བསྙེན། །ཚོམ་བུ་ཚོགས་སྒྲུབ་ནི་སྒྲུབ་པ། དེ་འབྲས་རིན་འཛིན་བཞི་ཐོབ་མ་རག་པ་ནི་སྒྲུབ་ཆེན་ནོ། །སྦྱོར་བའི་དུས་ཀྱི་བཞི་ནི། ཡུམ་བཙལ་ཏེ་ཆས་སུ་བཅུག་པ་ནི་བསྙེན་པ། དེ་བྱིན་གྱི་རླབས་ཉེ་བསྙེན། རོལ་ནས་དབབ་བཟུང་གི་དགོངས་པ་ནི་སྒྲུབ་པ་ལྡོག་དགྲམ་གྱི་དགོངས་པ་ནི་སྒྲུབ་ཆེན་ནོ། །སྒྲུབ་པའི་དུས་ཀྱི་བཞི་ནི། ཆ་རྐྱེན་རྣམས་ཚོགས་ནས་སྒྲུབ་པ་དེ་ལ་འཇུག་མ་རག་པ་ནི་བསྙེན་པ། ཞུགས་ནས་ཟླ་ཕྱེད་ཡན་ཆད་ཉེ་བསྙེན། ཐ་མའི་ཞག་གཅིག་མ་གཏོགས་པའི་ཕྱེད་མན་ཆད་ནི་སྒྲུབ་པ། ནུབ་ཐ་མ་ལ་དངོས་གྲུབ་ལེན་པ་སྒྲུབ་ཆེན་ནོ། །ཞེས་གསུངས་ཤིང་། ཡང་སྒྲུབ་ཆེན་དུས་ཞག་དང་པོ་ལ་སྒྲུབ་རྫས་སོགས་སྟ་གོན་བྱས་ནས་ཆོ་ག་ཚར་གཅིག་གཏོང་བ་ཡན་ཆད་བསྙེན་པ། དེ་ནས་སྒྲུབ་པ་ཅི་ཙམ་བྱེད་པའི་ཞག་གྲངས་ཀྱི་ཕྱེད་ཚུན་ཆད་འོད་ཟེར་དཀར་པོའི་སྤྲོ་བསྡུས་སྡིག་སྒྲིབ་སྦྱོང་བའི་དམིགས་པ་གཙོ་བོར་བྱེད་པ་ཉེ་བསྙེན། དེ་ཕྱིན་ཆད་འོད་ཟེར་དམར་པོའི་སྤྲོ་བསྡུས་མཆོག་ཐུན་མོང་གི་དངོས་གྲུབ་རང་ལ་བསྡུ་བའི་དམིགས་པ་གཙོ་བོར་བྱེད་པ་སྒྲུབ་པ། ཞག་ཐ་མལ་དངོས་གྲུབ་ལེན་པ་སྒྲུབ་ཆེན་ནོ། །ཆོ་ཐུན་གཅིག་དང་སྦྱར་ན། ཏིང་ངེ་འཛིན་གསུམ་བསྒོམ་པ་ཡན་ཆད་བསྙེན་པ། རང་ལྷ་གཙོ་བོར་བསྒོམ་པ་ཉེ་བསྙེན། འཁོར་གྱི་ལྷ་ཚོགས་ཚང་བར་བསྒོམ་པ་སྒྲུབ་པ། དབང་བསྐུར་རྒྱས་གདབ་སྤྱན་འདྲེན་སོགས་ནས་བཟླས་པ་མཆོད་བསྟོད་སོགས་སྒྲུབ་པ་ཆེན་པོའོ། །ཡང་ན་གཙོ་བོ་ལ་སེམས་བཟུང་བ་བསྙེན། གཙོ་འཁོར་ཡོངས་སུ་རྫོགས་པ་ལ་སེམས་བཟུང་བ་ཉེ་བསྙེན། བཟླས་བརྗོད་བརྩོན་པ་སྒྲུབ་པ། འོད་ཟེར་སྤྲོ་བསྡུ་སྒྲུབ་ཆེན་ནོ་ཞེས་ཀྱང་འབྱུང་ངོ་། །དེ་རྣམས་ལ་ཁྱད་པར་ཅུང་ཟད་རེ་སྣང་བས་འཕྲོས་དོན་དུ་བཀོད་པ་ཙམ་མོ། །མདོར་ན་ཡུལ་གཉེན་པོ་ལ་འདྲེས་གདགས་པ་ལྟ་བུའི་དཔེས་མཚོན་ནས། བསྙེན་པ་བྱ་བའི་ཡེ་ཤེས་དེ་ཉིད་རང་རྒྱུད་ལ་ཉེ་བར་བྱེད་པ་བསྙེན་པ། དེ་ལ་ཐུགས་ཡིད་འདྲེས་པར་བྱེད་པ་ཉེ་བསྙེན། ཡེ་ཤེས་སམ་བསྙེན་བྱ་རང་དབང་དུ་བྱེད་པ་སྒྲུབ་པ། གཞན་དོན་གཙོ་བོར་གྱུར་པའི་ཕྲིན་ལས་རྣམ་པ་བཞི་སྒྲུབ་པ་ནི་སྒྲུབ་ཆེན་ནོ། །ཞེས་འཇིག་གླིང་གསུངས་པ་ལྟར་རོ། །གཞན་ཡང་ཚོགས་བསགས་པ་སྐོང་ཆོག་དང་འབྲེལ་སྐབས་དང་། སྒྲུབ་པ་དང་སྒྲུབ་ཆེན་གྱི་ཚེ་མདུན་བསྐྱེད་དགོས་ཤིང་། གཞན་དོན་དབང་བསྐུར་གནས་འདྲེན་སོགས་ཀྱི་ཚེ་བུམ་བསྐྱེད་ཀྱང་དགོས་པས། དེ་ལྟ་བུའི་བདག་མདུན་བུམ་གསུམ་ཆོ་ག་གཅིག་གི་ཁོང་ནས་མཉམ་དུ་བསྐྱེད་པ་ནི། སྔགས་རྙིང་མའི་ལུགས་བླ་མེད་རྒྱུད་ཁོ་ནའི་ཁྱད་ཆོས་ཡིན་ཞིང་། དེ་ཡང་ཆོ་གའི་སྐབས་སུ་འཇུག་པ་གཅིག་པས་བདག་མདུན་ཐ་མི་དད་དུ་བསྐྱེད་ནས། བསྟོད་པའི་འཇུག་ཏུ། བྷྲཱུྃ་བི་ཤྭ་སོགས་ནས་ཕཊ་ཛཿ ཞེས་བརྗོད་པས། ཕཊ་ཀྱིས་བདག་བསྐྱེད་དམ་ཚིག་གི་འཁོར་ལོ་ལས། མདུན་བསྐྱེད་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱེ་ནས་མདུན་དུ་ཕར་སྤྲོས་ནས། ཛས་མེ་རི་འདབ་འབྱར་གྱི་ཚུལ་དུ་བརྟེན་པར་བྱ་བ་སྟེ། དཔེར་ན་བཞིན་གཅིག་གི་གཟུགས་བརྙན་མེ་ལོང་གཉིས་སུ་སོ་སོར་སྣང་བ་ལྟར། ཀུན་ཀྱང་ངོ་བོ་གཅིག་ལ་ཡེ་ཤེས་ཀྱི་རོལ་པ་མེ་ལོང་དང་གཟུགས་བརྙན་བཞིན། སྲུང་འཁོར་གཅིག་གི་ནང་འབྱུང་བ་རིམ་བརྩེགས་དང་བཅས་པ་སྟེ། གཞལ་ཡས་ཁང་གཉིས་ཀའི་འཁོར་ཡུག་གི་མེ་རི་འདབ་འབྱར་གྱི་ཚུལ་དུ། བདག་མདུན་ཅིག་ཅར་དུ་གསལ་གདབ་ཅེས་སྨིན་གླིང་གཏེར་ཆེན་གསུངས་སོ། །དེའི་ཚེ་བུམ་པ་ནི་མདུན་བསྐྱེད་ཀྱི་ཤར་ཁྱམས་ཀྱི་བར་སྣང་ལ་བསྐྱེད་ཅིང་། ལས་བུམ་ནི་འཕྲལ་དགོས་དུས་བདག་གི་མདུན་དུ་བསྐྱེད་དོ། །ཡང་ན་ཆགས་མེད་ཀྱིས་ནི། བདག་བསྐྱེད་ཀྱི་འཁོར་ཡུག་གི་དུར་ཁྲོད་ཀྱི་ནང་དུ་མདུན་བསྐྱེད་བསྒོམས་ཤིང་། བདག་བསྐྱེད་ཀྱི་སྲུང་འཁོར་རྡོ་རྭ་དང་མེ་རི་ནི་གུར་ཕུབ་པ་ལྟ་བུའི་ནང་མདུན་བསྐྱེད་ཀྱི་རྡོ་རྭ་དང་མེ་རི་ནི་ལྕགས་རི་ལྟ་བུ་ཧད་པོར་བསྒོམ་གསུངས་སོ། །ཡང་བདག་མདུན་ཆོ་ག་ཐ་དད་པས་སོ་སོར་རིམ་གྱིས་བསྐྱེད་པ་ནི་གསར་ལུགས་སོ། །གཞན་ཡང་བདག་བསྐྱེད་ཁ་ནའི་དུས་སྒྲུབ་རྟེན་གྱི་གཙོ་བོ་ནི། སྤྱིར་རང་གི་ཕུང་ཁམས་སྐྱེ་མཆེད་རྣམས་ཡིན་ཞིང་། ལྷ་བསྐྱེད་དུས་ཀྱང་གཟུགས་ཕུང་རང་གཞལ་ཡས་ཁང་ཡིན་པ་ལ་དེ་ལྟར་གསལ་འདེབས་པ་ཡིན་གྱི། བཟོ་དབྱིབས་བསྒྱུར་ནས་གཞལ་ཡས་ཁང་དུ་སྒོམ་པ་ལྟ་བུ་ཡང་མིན་པར་གསུངས་སོ། །དེ་ལྟར་བདག་མདུན་གང་གི་ཚེ་ཡང་། བསྐྱེད་རིམ་དངོས་གཞིའི་སྐབས་རྣམས་སུ། དེ་བཞིན་ཉིད་ཏིང་ཉམས་ལེན་གྱི་ངང་ནས། ཀུན་སྣང་སྙིང་རྗེས་འཕེན་བྱེད་དང་གཉིས་པོ་མ་བྲལ་བར། བསྐྱེད་རིམ་ལྷའི་གསལ་སྣང་ཅི་ཐོན་དགོས་རྒྱུ་ལས། དེ་ཏིང་དང་ཀུན་སྣང་སྔ་སོར་བསྒོམ་ཙམ་བྱས་ནས་སྐྱུར་འཇོག་མི་ཆོག་སྟེ། དེ་ཏིང་དང་ལྷ་ཡི་གསལ་སྣང་མ་བྲལ་བ་དེ། གསལ་སྟོང་ཟུང་འཇུག་གམ། ཟབ་གསལ་དབྱེར་མེད་དམ། བསྐྱེད་རྫོགས་ཟུང་འཇུག་ཡིན། དེ་སྙིང་རྗེས་འཕེན་བྱེད་མ་བྲལ་བ་དེ་ཐེག་ཆེན་ལམ་གྱི་དངོས་གཞི། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཟེར་བ་དེ་ཡིན་པས། དེ་ཏིང་དང་ཀུན་སྣང་གཉིས་པོ་འདི་ལས་གལ་ཆེ་བ་མེད་དེ་སྐུ་གཉིས། ཚོགས་གཉིས། བདེན་གཉིས། ཐབས་ཤེས་རྣམས་ཟུང་དུ་འཇུག་པ་སྔགས་ཀྱི་མྱུར་ལམ་ཟབ་མོའི་ཁྱད་ཆོས་སུ་ཤེས་པར་བྱའོ། །དེ་ལྟར་མ་ཤེས་པར་བསྐྱེད་རིམ་རྐྱང་པ་དངོས་མཚན་དུ་བཟུང་ནས། གསལ་སྣང་དང་ང་རྒྱལ་ཅི་ཙམ་བརྟན་ཡང་བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བའི་སྟེང་། འཁོར་བར་འཆིང་བའི་སྒྲིབ་པ་རྔམ་པོ་ཆེ་ཡིན་ཏེ། བྱང་སེམས་ཀྱིས་མ་ཟིན་པའི་ལྷ་བསྒོམས་པ་ལ་གདུག་འདྲེ་རྣམས་ཀྱང་བློ་སྦྱངས་པ་ཡོད་ཅིང་། ཞི་བ་རང་རྒྱུད་པར་བཟུང་ནས་བསྒོམས་པའི་གཟུགས་ཁམས་ཀྱི་ལྷར་སྐྱེ་བ་དང་། ཁྲོ་བོ་རང་རྒྱུད་དུ་བསྒོམས་པས་རྒྱ་གར་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་ཞིག་ལ། དབུ་དགུའི་རྣམ་པའི་ལྦ་བ་དགུ་བརྩེགས་དང་། མཆེ་བ་བྱུང་བ་སོགས་བཞིན། ལྷ་གང་བསྒོམས་ཀྱི་རྣམ་པ་ཅན་གྱི་འདྲེ་དང་གཤིན་རྗེར་སྐྱེ་བ་འཇམ་དཔལ་རྩ་རྒྱུད་དུ་གསུངས་ཤིང་། ལྷ་ཁྲོ་ཆགས་ཀྱི་ཉམས་ཅན་བསྒོམས་པས་ཆགས་སྡང་ཆེར་འགྲོ་བ་སོགས་ཡན་ལག་གི་ལམ་དུ་མི་འགྱུར་བ་ལ་ངེས་ཤེས་འདྲོངས་དགོས་སོ། །དེས་ན་རབ་ལྟ་བ་གྱབས་ཀྱི་ལྷ། འབྲིང་གཉེན་པོ་སྟོབས་ཀྱི་ལྷ། ཐ་མ་གོང་གནོད་ཡེ་ཤེས་ཀྱི་ལྷ་ཞེས་གསུངས་པའི་དོན་ལ་འབྱོར་བ་གལ་ཆེ་ཞེས་གསུངས་སོ། །དེ་བཞིན་དུ་ཕྲིན་ལས་ཐམས་ཅད་གསང་སྔགས་ལུང་གི་སྒོ་བཞི་དང་འབྲེལ་དགོས་ཏེ། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུར་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་རྟགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་གསུངས་པ་ལྟར་ཡིན་པས། བསྐྱེད་རིམ་གསལ་འདེབས་ཀྱི་ཆོ་གའི་ཚིག་རྣམས་རིམ་པར་འདོན་སྐབས་སུ་གཞན་དུ་མ་ཡེངས་པར། དལ་བུས་ཚིག་རེ་རེ་བཞིན་དམིགས་འདོན་ཡ་མ་བྲལ་བ་བྱ། སྐབས་སུ་ཡེངས་ཤོར་ན་ཡང་བསྐྱར་མགོ་ནས་ཕྱིར་ལོག་རྒྱག །དེ་ལྟར་བྱས་ན་ཕྱིན་ཆད་ཡེངས་མི་འཆོར་བ་ལ་ཕན་པར་གསུངས་སོ། །དེ་ལྟར་གསལ་དག་བརྟན་པའི་བསྐྱེད་རིམ་དེ་ཉིད་རྩེ་གཅིག་ཏུ་བསྒོམས་པས་སྐྱོ་བར་གྱུར་ཚེ་བཟླས་པ་ལ་འཇུག་པ་ཡིན་ཏེ། གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། དད་པ་དམ་ཚིག་ལྡན་པ་ཡི། །མཆོག་དངོས་གྲུབ་འདོད་རྣལ་འབྱོར་པས། །ཡེ་ཤེས་ལྷ་དང་དབྱེར་མེད་དུ། །བསྲེ་བར་འདོད་ན་སྔགས་ལ་བརྩོན། །ཞེས་གསུངས་པ་ལྟར་རོ། །སྤྱི་དོན་གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ། སྤྱིའི་གོ་བ་ནི། འདིར་སྦྱང་བྱ་མ་དག་འཁྲུལ་པའི་ངག་ཚིག་སྒྲ་དོན་དེར་འཛིན་གྱི་བག་ཆགས་དང་བཅས་པ་ཡིན་ལ། སྦྱོང་བྱེད་ངག་བཟླས་གཙོ་ཆེ་བའི་དབང་དུ་བྱས་ནས། སྔགས་ཀྱི་སྒྲ་རྣམས་ཡང་དང་ཡང་དུ་བསྐྱར་ཞིང་བཟླས་པས། སྦྱངས་འབྲས་གསུང་རྡོ་རྗེའི་ཕྲིན་ལས་ཀྱིས་འགྲོ་དོན་མཛད་པའི་རྟེན་འབྲེལ་བསྒྲིག་པའོ། །ཁྱད་པར་གྱི་དགོས་པ་ནི། དཔེར་ན་མིའི་མིང་ནས་བོས་པས་རང་དང་ཉེ་བར་འོང་བ་ཆོས་ཉིད་ཡིན་པ་བཞིན་དུ། ཡེ་ཤེས་པའི་ལྷ་རྣམས་འབོད་པའི་དོན་ཡང་ཡིན་ཏེ། དགོངས་འདུས་ལས། བྱ་བ་སྒྲུབ་འདོད་དེ་གྲོགས་འཚོལ་བ་ལྟ་བུ་ནི་ལྷ་དང་། ཀྱེ་གྲོགས་ཆེ་གེ་མོ་ཞེས་པ་ལྟ་བུ་མིང་ནས་འབོད་པ་ནི་སྔགས་སོ། །ཞེས་དང་། རྡོ་རྗེ་གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ཀྱིས་སྙན་གསན་དབབ་པ་ཡིན། །ཞེས་སོ། །ངོ་བོ་ནི་སངས་རྒྱས་རྣམས་ཀྱི་གསུང་རྡོ་རྗེ་ཡེ་ཤེས་ཀྱི་རང་བཞིན་རིགས་སྔགས། དེ་དང་རྣམ་པ་མཚུངས་པ་ཐ་མལ་པའི་ཡིག་འབྲུའི་རྣམ་པར་བསྒོམ་ནས། ཡེ་ཤེས་ཀྱི་རིགས་སྔགས་སུ་མོས་པས་ཡང་ཡང་བསྐྱར་བཟློས་བྱ་བ་ནི་ཛབ་སྟེ་བཟླས་པའི་ངོ་བོའོ། །དེ་ལྟར་ལྷ་ལ་གསལ་སྣང་ཐེབས་ཚེ། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཙིཏྟ་རིན་པོ་ཆེའི་འོད་ཀྱི་རང་བཞིན་མཆོང་གུར་ཕུབ་པ་ལྟ་བུ་དྭངས་གསལ་སྒྲིབ་གཡོག་དང་བྲལ་བའི་ནང་དུ་ཉི་ཟླའི་གདན་ལ། ཡེ་ཤེས་སེམས་དཔའ་རང་འདྲའི་རྒྱན་དང་ཕྱག་མཚན་སྤང་བའི་ཐུགས་ཀར་ཕྱག་མཚན་གྱི་ཁོང་སེང་དུ། ཉི་ཟླ་རྐྱང་པའམ་བརྩེགས་མའི་གདན་སྲན་མ་བཀས་པ་ཙམ་གྱི་སྟེང་དུ། ཏིང་འཛིན་སེམས་དཔའ་རྩ་བའི་ཐུགས་སྲོག་ཧྲཱིཿཧཱུྃཿསོགས་ལྷ་ཡི་ཁ་དོག་དང་མཚུངས་པ་སྤུས་བྲིས་པ་ཙམ་དུ་ཕྲ་བ། མར་མེ་ལྟར་གསལ་ཞིང་འཚེར་བ་ལངས་སྟབས་སུ་ལྷའི་ཞལ་ངོ་བསྟན་ཕྱོགས་ལྟར། ཡིག་ངོ་ལེབ་ཕྱོགས་མདུན་བསྟན་དུ་གསལ་གདབ་བོ། །སེམས་དཔའ་སུམ་བརྩེགས་ཀྱང་སྣོད་ལ་སྣོད་བཅུག་པ་ལྟ་བུའི་རྟོག་ངན་སྤང་དགོས་པར་གསུངས་ཤིང་། འགའ་ཞིག་ལས་སེམས་དཔའ་སུམ་བརྩེགས་ཡོད་མེད་སྣ་ཚོགས་སྣང་བས་ཆོ་ག་རང་གཞུང་གི་སྐབས་བཞིན་ཤེས་པར་བྱའོ། །དེ་ཡང་སྐུ་རྒྱུད་ལས། རང་ལས་བྱུང་ཞིང་རང་ཉིད་དང་། །དམ་ཚིག་གཅིག་ཏུ་གནས་པའི་ཕྱིར། །དམ་ཚིག་སེམས་དཔའ་ཞེས་བྱའོ། །ཞེས་པས་རང་གི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་བསྐྱེད་ཅིང་། དེ་ལས་མི་འདའ་བས་ན་དམ་ཚིག །ལྷར་གསལ་ཞིང་ཐ་མལ་གྱི་ལོག་ལྟ་མེད་པས་ན་སེམས་དཔའ་ཞེས་བྱའོ། །ཡང་དེ་ཉིད་ལས། ཡེ་ནས་ཤེས་རིག་རྒྱལ་པོར་སྣང་། །དེ་ཕྱིར་ཡེ་ཤེས་སེམས་དཔའོ། །ཞེས་དང་། གསེར་ཕྲེང་ལས། ཡེ་ནས་གནས་པའི་དོན་གང་ཞིག་མ་ནོར་ཤེས་ཕྱིར་ཡེ་ཤེས་བརྗོད། ཅེས་པས། ཡེ་ནས་སྐུ་གསུམ་རང་ཆས་སུ་གནས་པའི་དོན་ཤེས་པས་ན་ཡེ་ཤེས་དང་། གཉིས་འཛིན་གྱི་ལོག་ལྟ་མེད་པ་ན་སེམས་དཔའ་ཞེས་བྱ་ཞིང་། སེམས་མི་གཡོ་བ་རྩེ་གཅིག་ཏུ་གནས་པའི་ཐབས་སམ་རྟེན་ཡིན་པས་ན་ཏིང་འཛིན་དང་། བྱིང་རྨུགས་སོགས་སྐྱོན་གྱིས་བརྫི་མི་ནུས་པས་ན་སེམས་དཔའ་ཞེས་བྱའོ། །ཞེས་པདྨ་མ་ཏིས་གསུངས་སོ། །ཡང་ཆགས་མེད་ཀྱིས་ནི། ཐུགས་སྲོག་གི་ཡི་གེའི་གདོང་མདུན་བསྟན་དུ་བཞེད་ཀྱང་། རྗེ་བླ་མའི་དགོངས་པ་ནི་སྔ་མ་ལྟར་རོ། །ཐུགས་སྲོག་དེའི་མདུན་ནས་བརྩམ་སྟེ། བཟླ་བྱའི་སྔགས་ཕྲེང་གཡས་སུ་འཁོར་དགོས་པ་རྣམས་ནི། སྔགས་ངོ་ཕྱིར་བསྟན་དང་། ཕྱི་ནས་བཀླག་ཕྱོགས་ལྟར་ཡིག་འབྲུ་རྣམས་ལངས་སྟབས་སུ་གཡོན་དུ་བཀོད་པ་ཕྲེང་བ་ལྟར་འཁོར་བའི་མགོ་འདྲེན་ༀ་ལྟ་བུ་དང་། ཧྲཱིཿཧཱུྃཿསོགས་མཇུག་གི་སྔགས་འབྲུ་ཐུག་པ། དེ་ཡང་རིང་བའི་རིགས་ལ་མདུན་ནས་ཡིག་མགོ་བརྩོམ་པའི་སྔགས་མགོ་ནང་དང་། སྔགས་མཇུག་ཕྱི་རོལ་དུ་ཐད་ཀར་འགྲིགས་པའི་རིམ་པ་གཉིས་གསུམ་སྦྲུལ་འཁྱིལ་བ་ལྟ་བུ་བསྒོམ་ལ། བཟླས་པའི་དུས་གཡས་སུ་ཀླག་ཐབས་སུ་འཁོར་དགོས་པ་ཡིན། སྔགས་ཕྲེང་གཡོན་དུ་འཁོར་དགོས་པ་རྣམས་ནི། ཐུགས་སྲོག་མདུན་ནས་སྔ་མ་ལྟར་ཡིག་འབྲུ་རྣམས་ལངས་སྟབས་སུ་སྔགས་ངོ་ནང་དུ་བལྟ་བ་ནང་ནས་བཀླག་ཕྱོགས་སུ་གཡས་བསྐོར་དུ་བཀོད། སྔགས་རིང་བ་རྣམས་ནི་སྐོར་ལུགས་སྔ་མ་ལྟར་བྱ། བཟླས་པའི་དུས་གཡོན་འཁོར་དགོས་པ་ཡིན་ཞེས་ཟུང་འཇུག་སྙེ་མ་ལས་གསུངས་སོ། །དེ་ཡང་ལྷ་ཡབ་ཀྱི་རིགས་རྣམས་གཡས་འཁོར་དང་། ཡུམ་རྣམས་གཡོན་འཁོར་ལྟ་བུ་ཤས་ཆེ་ཡང་ངེས་པ་མེད་པས་རང་གཞུང་གི་དགོངས་པ་དང་འབྱོར་པ་དགོས་སོ། །གཞན་ཡང་བསྲུང་བཟློག་གི་དམིགས་གནད་སོགས་ནི་སྐབས་ཐོན་བཞིན་ཤེས་པར་བྱའོ། །དེ་ཡང་ཐུགས་སྲོག་སུ་བོན་དང་སྔགས་ཕྲེང་རྣམས་ཇི་ཙམ་ཕྲ་བ་དེ་ཙམ་སེམས་ཟིན་པ་ལ་ཕན་པར་གསུངས་སོ། །དེ་ལྟར་ཛབ་དགོངས་གསལ་གདབ་ལ། ཐོག་མར་འགོགས་བཟླས། དེ་ནས་ཡིད་བཟླས་དང་། ངག་བཟླས་རྣམས་རིམ་བཞིན་བྱ་སྟེ། དང་པོ་ནི། ཐུགས་སྲོག་སྔགས་ཕྲེང་གིས་བསྐོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ནས་སྲོག་རྩོལ་སྡོམ་པའི་སྦྱོར་བས། བར་རླུང་འཇམ་ཞིང་རན་པ་ཁམས་ལ་མི་གནོད་ཙམ་དུ་བཟུང་ལ། རླུང་ཕྱིར་འབྱུང་བ་ན་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ལྔའི་ཟེར་ཐག་སྣལ་མ་བརྐྱང་བ་ལྟར་སྣ་བུག་གཉིས་ནས་ཕྱིར་ཐོན་ཏེ། སྣང་སྲིད་ཐམས་ཅད་དག་པའི་འཁོར་ལོར་སྦྱངས། ནང་དུ་རྔུབ་པས་བརྟན་གཡོ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ལྟེམ་གྱི་ཞུ་ནས། འོད་ལྔའི་རྣམ་པ་སྣ་བུག་གཉིས་ནས་སླར་ཞུགས་ཏེ་སྔགས་ཕྲེང་ཐུགས་སྲོག་དང་བཅས་པ་ལ་ཐིམ་པར་བསམ་སྟེ། ནང་དུ་གནས་པའི་ཚེ་བར་རླུང་བཟུང་ལ། རིག་པ་སྔགས་ཕྲེང་དང་དབྱེར་མེད་དུ་བསྲེ་བ་ལ་བསླབ་པར་བྱ་བ་ནི་འགོགས་བཟླས་སོ། །དེ་ནས་སྔགས་ཕྲེང་ལས་རང་སྒྲ་སྒྲོག་པའི་སྒྲ་གདངས་ལ་ཤེས་པ་གཏད་ནས་རྩ་སྔགས་ཆད་ལྷག་མ་སོང་བར་ཡིད་བཟླས་ཁོ་ནར་བྱ། དེ་ནས་ངག་བཟླས་བྱ་སྟེ། རྔམ་གློགས་ལས། སྒྲ་ཆེ་མ་ཡིན་ཆུང་བ་མིན། །མྱུར་བ་མ་ཡིན་བུལ་བ་མིན། །དྲག་པོར་མ་ཡིན་ཞན་པ་མིན། །ཡིག་འབྲུ་ཡན་ལག་ཉམས་པར་མིན། །ཡེངས་པས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་གསུངས་པ་ལྟར་སྐྱོན་བཅུ་སྤང་བར་བྱ། །དེ་བཞིན་དུ་དགོངས་འདུས་ལས་ཀྱང་། སྔགས་ངག་ནས་བརྗོད་པའི་ཚེ༔ ཧ་ཅག་རིང་ན་དབུགས་ཀྱི་མི་སྐྱོལ་ཞིང་སྐད་འགགས་པས་སྤངས༔ ཧ་ཅང་ཐུང་ན་དབུགས་ཚི་ཆད་དེ་ཚེ་ལ་གཟན་པའམ་ཁ་དོག་མི་གསལ་བས་སྤངས༔ དྲག་ན་ཁམས་ལ་གཟན་པའོ། །རྩུབ་ན་མི་མ་ཡིན་ལ་ཕོག་ཐུག་དང་བརྒྱལ་བས་སྤངས༔ ཞན་ན་སྔགས་ལ་ངར་མི་ཐོན་ཅིང་ནུས་པ་མྱུར་དུ་མི་འབྱུང་བས་སྤངས༔ དལ་ན་གྲངས་ཉུང་བས་སྤངས༔ བྲེལ་ན་སྒྲོས་མི་ཐོན་ཅིང་ཆད་ལྷག་འགྲོ་བས་སྐྱོན་དྲུག་སྤངས་ལ་བཟླ་བ་གསུངས་ཤིང་། ཡང་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། རི་སྒོག་གིས་ཞག་དགུ། ལྕེ་ཡིས་ཞག་ཉེར་གཅིག །ལྒ་གཡེལ་ཟ་ཐུག་གི་གསུམ། བྱིན་གྱིས་མ་བརླབ་པའི་ཤ་ཆང་གིས་ཞག་ལྔ་ཉམས་པ། རྫུན་དང་ཕྲ་མ་ལ་སོགས་པ། ངག་གི་མི་དགེའི་ལས་རྣམས་ཀྱིས། །སྔགས་ཀྱི་ནུས་པ་གཏན་བརླག་གམ། །མཐར་ཡང་ཡུན་རིང་འགྱང་བར་འགྱུར། །ཕུས་གདབ་འཇིག་རྟེན་བྲེ་མོ་ཡིས། །སྔགས་ཀྱི་ནུས་པ་ཉམས་པས་སྤངས། །ཞེས་གསུངས་སོ། །སྤྱི་དང་བྲག་གི་སྐྱོན་དེ་རྣམས་སྤངས་ལ་གསལ་དག་སྙན་པའི་གདངས་དང་བཅས་ཏེ་བཟླའོ། །དེ་ཚེ་ཐུགས་ཀའི་སུ་བོན་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་ཡིད་གཏད་དེ་བཀླག་པའི་ཚུལ་གྱིས་བཟླ་བ་ནི་བཀོད་པའི་བཟླས་པའམ་ཟླ་བ་སྐར་ཕྲེང་ལྟ་བུའི་ཛབ་དགོངས་བསྙེན་པའི་ཡན་ལག་ཡིན་ནོ། །ཡང་འགའ་ཞིག་ཏུ་གདན་ལས་འཕགས་ཏེ་རང་སྒྲ་དང་བཅས་འཁོར་བ་ལས་སེམས་གཏད་དེ་བཟླ་བ་ནི་བཟླ་བ་སྐར་ཕྲེང་ལྟ་བུ་གསུངས་ཀྱང་རྒྱུད་དང་བླའི་དགོངས་པ་ནི་སྔ་མ་ལྟར་རོ། །ཉེ་བར་བསྙེན་པ་འགལ་མེ་འཁོར་ལོ་ལྟ་བུའི་ཛབ྄་ནི། ཐུགས་ཀའི་སྔགས་ཕྲེང་ལས། སྔགས་ཕྲེང་གཉིས་པ་འཕྲོས་ཏེ། ཡིག་འབྲུ་རྣམས་ལངས་ཐབས་གཅིག་གི་ཞབས་སུ་གཅིག་གི་དབུ་ཚུད་པ། གཅིག་རྗེས་གཅིག་ནོན་ལུ་གུ་རྒྱུད་ཀྱི་ཚུལ་དུ་རེག་ལ་མ་འབྱར་ཞིང་བར་མ་ཆད་པའི་ཕྲེང་བ་ལྟར་འཕྲོས་ཏེ་སྔགས་ཀྱི་རང་སྒྲ་དང་བཅས་ཡེ་ཤེས་པ་དང་། དམ་ཚིག་སེམས་དཔའི་ཞལ་ནས་རིམ་པ་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་ནང་བརྒྱུད་མཁའ་གསང་དང་ནོར་བུའི་ལམ་ནས་བརྒྱུད་དེ་བདེ་ཆེན་བྱང་སེམས་ཀྱི་ངོ་བོར་ཐུགས་སྲོག་ལ་ཐིམ་པས། མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ཞིང་། སླར་ཡང་སྔ་མ་ལྟར་བར་མ་ཆད་དུ་འཁོར་བར་བསམ་ལ་བཟླའོ། །ཡང་ན་དམ་ཡེ་ཕྱེ་ལ། བདག་ཉིད་ཀྱི་ཞལ་ནས་ཐོན། མདུན་གྱི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། དེའི་ལྟེ་བ་ནས་ཐོན་ཏེ་བདག་གི་ལྟེ་བར་ཞུགས་ཤིང་འཁོར་བར་བསམ་མོ། །ཡང་སྐབས་འགར། སྔགས་ཀྱི་འོད་ཟེར་འཁོར་བ་ལས། སྔགས་ཕྲེང་འཁོར་བར་མ་བཤད་པའང་ཡོད་དོ། །མདུན་བསྐྱེད་ཡོད་པ་རྣམས་ལ་ཛབ྄་དགོངས་འདི་བཞིན་སྦྱར་ཞིང་། བདག་མདུན་བར་དུ་འོད་ཟེར་སྤྲོ་བསྡུ་དགོས་སོ། །སྒྲུབ་པ་ལ་རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛ྄བ་དགོངས་ནི། ཐུགས་ཀའི་སུ་བོན་ལས་འོད་ཟེར་འཕྲོས་ཏེ་རིམ་བཞིན་འཁོར་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བ་སོགས་དང་། ཡང་སྔགས་ཕྲེང་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས། སངས་རྒྱས་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་འབུལ་བས་ཚོགས་གཉིས་རྫོགས་དེ་དག་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱུང་བ་བདག་ལ་ཐིམ་པས། དབང་བཞི་ཐོབ། སྒྲིབ་བཞི་དག །སྐུ་བཞི་མངོན་དུ་གྱུར་པར་བསམ་པ་ནི་བདག་དོན་བྱིན་རླབས་བསྡུ་བའི་བཟླས་པའོ། །ཡང་འོད་ཟེར་འཕྲོས་པས་མཁའ་ཁྱབ་ཀྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས། ལས་ཉོན་སྡུག་བསྔལ་བག་ཆགས་ཐམས་ཅད་སྦྱངས་ནས། སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པར་བསམ་པ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པའོ། །སྒྲུབ་ཆེན་བུ་བ་ཚང་ཞིག་ལྟ་བུའི་ཛ྄བ་ནི། ལྷ་དང་སྔགས་ཕྲེང་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས། འགྲོ་དྲུག་གི་སྒྲིབ་པ་སྦྱངས་ཤིང་དག་ནས། སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་ཡི་དམ་ལྷའི་དཀྱིལ་འཁོར་དུ་གྱུར། སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ་བུང་བ་ཚང་ཞིག་ལྟར་དི་རི་རི་སྒྲོགས་ཤིང་། སེམས་ཀྱི་དྲན་རྟོག་ཐམས་ཅད་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆོས་སྐུའི་རོལ་པ་འཛིན་མེད་ཀྱི་ངང་ནས་བཟླ་བ་ནི། བདག་གཞན་གཉིས་མེད་ཀྱི་བཟླས་པའོ། །ཡང་འོད་ཟེར་སྤྲོ་བསྡུའི་དམིགས་པ་སྤྱིར་བཏང་གི་ཚེ། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་བྱུང་བ་གཙུག་ཏོར་དང་། མཛོད་སྤུ་དང་། ལྗགས་དང་ཐུགས་ཀའི་དཔལ་བེའུ་དང་། བ་སྤུའི་ཁོང་བུ་སོགས་ནས་ཐོན་ཏེ། སྟོང་གསུམ་འཇིག་རྟེན་གྱི་ཁམས་འདིས་མཚོན་པའི་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་ཁྱབ་པར་སྤྲོས་པས་འོད་ཟེར་གྱི་སྣ་ལ་མཆོད་པའི་སྤྲིན་ཕུང་དང་། བསྟོད་པའི་གླུ་དབྱངས། མེ་ཏོག་གི་ཆར་དང་། སྤོས་ཆུའི་ཆར་ཆེན་པོ་འབེབས་པའི་བྱང་ཆུབ་སེམས་དཔའི་ཁྱེའུ་དང་བུ་མོའི་གཟུགས་ཅན་བསམ་གྱིས་མི་ཁྱབ་པ་བྱུང་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་ཅིང་བསྟོད་ནས་འགྲོ་བའི་དོན་དུ་ཐུགས་རྒྱུད་བསྐུལ་བས། ཐམས་ཅད་ཀྱང་ཡི་དམ་གྱི་སྐུ་ཆེ་ཆུང་དང་རྣམ་འགྱུར་མ་ངེས་པ་སྣ་ཚོགས། གང་ལ་གང་འདུལ་གྱི་རོལ་པར་བཞེངས་ནས། ཐམས་ཅད་ཀྱི་སྐུའི་ལྟེ་བ་དང་། གསང་གནས། སྟ་ཟུར་གཉིས། པུས་མོའི་ལྷ་ང་། ཞབས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་སོགས་ལས་སྐུ་དང་འོད་ཟེར་སྔགས་ཀྱི་རང་སྒྲའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པ་བཀང་སྟེ། ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་འཁྲུལ་སྣང་བག་ཆགས་དང་བཅས་པ་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སྦྱངས་ནས། ཐམས་ཅད་ཡི་དམ་གྱི་སྐུར་གྱུར་ཏེ་སྔགས་ཀྱི་རང་སྒྲ་བུང་བ་ཚང་ཞིག་པ་བཞིན་ཟི་དི་རི་རི་སྒྲོགས་པར་བསམ། ཡང་འོད་ཟེར་རྣམས་ཚུལ་འདུ་བ་དང་ལྷན་ཅིག་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་དང་། སྣོད་བཅུད་དག་པའི་འཁོར་ལོར་གསལ་བ་ཐམས་ཅད་སྐུ་དང་ཡིག་འབྲུ། ཕྱག་མཚན་འོད་ཟེར་གྱི་རྣམ་པར་འདུས་ཏེ། རྩ་བའི་དཀྱིལ་འཁོར་དང་གཙོ་བོའི་བ་སྤུའི་བུ་ག་ནས་ཞུགས་ཏེ་ཐུགས་སྲོག་ལ་ཐིམ་པར་བསམ་ཞིང་། འཁོར་འདས་བདག་གཞན་དུ་འཛིན་པའི་རྟོག་པ་ཐམས་ཅད་རིག་པའི་ཡེ་ཤེས་ཀྱི་ངང་དུ་རོ་མཉམ་དབྱེར་མེད་དུ་བསྲེ་ཞིང་། ལྷ་དང་སྣང་བ་ཆོས་ཉིད་གསུམ་གཅིག་ཏུ་འདྲེས་པའི་གནད་ལ་གོམས་པར་བྱའོ་ཞེས་མཁན་པད་རྡོར་གསུངས་པ་ལྟར་རོ། །གཞན་ཡང་ལས་བཞི་སོ་སོ་སྐབས་ཀྱི་དམིགས་པའི་བྱེ་བྲག་ནི་རང་རང་གི་གཞུང་ལྟར་བྱའོ། །མདོར་ན་སྐུ་ཕྱག་རྒྱ་གསལ་བའི་ཏིང་ངེ་འཛིན། མདུན་ཆོས་རྒྱ་སྔགས་དག་པར་བཟླ་བ། ཐུགས་དམ་རྒྱ་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་གསུམ་དང་ལྡན་པར་བྱའོ། །དེ་ལྟར་ཛབ་དགོངས་བཞི་པོ་ཆོ་ག་གཅིག་ལ་སྦྱར་དགོས་པའི་ངེས་པར་མེད་ཀྱང་། གཙོར་ཆེ་རང་གཞུང་གི་བཟླས་དམིགས་སྐབས་ཀྱི་དངོས་བསྟན་གང་ཡིན་པ་དེ་ཉིད་སྦྱར་བས་ཆོག་གོ། །གང་ལྟར་ཡང་སྔགས་བཟླ་བའི་ཚེ་སྔགས་འབྲུ་རྣམས་ཀྱང་རང་སྒྲ་དི་རི་རི་སྒྲོགས་པ་དང་། ལྷ་ཚོགས་རྣམས་ཀྱིས་ཀྱང་ཞལ་ནས་སྔགས་ཀྱི་སྒྲ་འུར་དི་རི་རི་གསུང་ཞིང་། སྣོད་བཅུད་སྐྱེ་འགྲོ་རྩི་ཤིང་ལ་སོགས་པ་ཐམས་ཅད་ལྷའི་རང་བཞིན་དུ་གྱུར་ནས་སྔགས་སྒྲ་འུར་དི་རི་རི་སྒྲོགས་པ་བསམ་ན་ཕན་ཡོན་དང་ནུས་པ་ཆེ་བ་ཡིན་ཞེས་དཔལ་སྤྲུལ་རིན་པོ་ཆེ་ནས་གསུངས་སོ། །ལས་དང་པོ་བའི་རིགས་ཐོག་མར་སྔགས་ཕྲེང་ལ་སེམས་གཏད་ནས་བཟླ། རང་ལྷ་ཡིན་པའི་ང་རྒྱལ་བྱ། །སྔགས་ཕྲེང་སྐོར་རེའི་མཚམས་སུ་ལྷ་གསལ་འདེབས་སྐྱོར། དེ་ལ་གོམས་རིམ་པས་འོད་ཟེར་སྤྲོ་བསྡུ་སོགས་ལ་སློབ་བོ། །དེ་ལྟར་བསྙེན་པ་ཐེམ་ནས་སྒྲུབ་པའི་དམིགས་བཟླས་རྣམས་བྱའོ། །དེ་ཡང་ཡང་དག་ཐིག་ལེ་གཅིག་མའི་མན་ངག་ལས༔ ཐུན་གཅིག་ལྷ་ལ་སེམས་གཏད་སྒོམ༔ ཐུན་གཅིག་གསང་སྔགས་བཟླས་པར་བྱ༔ ཐུན་གཅིག་རླུང་དང་འགྲོ་འོང་བསྟུན༔ ཐུན་གཅིག་མངོན་སུམ་གནད་ལ་དབབ༔ མ་བཅོས་རིག་པ་ཀུན་ཏུ་བཟང༔ ཞེས་སོ། །ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་ན་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། གསང་རྒྱུད་ལས། གཉིས་རྨུག་འདྲེས་པའི་བཟླས་པ་ནི། །བགེགས་ཀྱི་བར་ཆད་འཇུག་པའི་རྒྱུ། །ལོག་པའི་བསམ་པས་བཟླས་པ་ནི། །བྱང་ཆུབ་ལམ་དུ་འགྲོ་མི་སྲིད། །ཅེས་དང་། པད་སྡོང་བརྩེགས་པའི་རྒྱུད་ལས། ཏིང་འཛིན་སྔགས་དང་བཟླས་བརྗོད་གསུམ། །གཅིག་མདངས་གཅིག་གིས་བསྐྱེད་པའི་ཕྱིར། །གསལ་དག་བརྗོད་པ་གཙང་བ་གཅེས། །དེ་འབྲས་ཅི་འདོད་དངོས་གྲུབ་འབྱུང་། །ཞེས་གསུངས་པ་ལྟར། ལྷ་བསྒམས་པ་དང་སྔགས་བཟླ་གང་གི་སྐབས་སུ་ཡང་། དྲན་ཤེས་དང་མ་བྲལ་བར་གལ་ཆེ་སྟེ། དགོངས་འདུས་ལས། སྤྱོད་ལམ་ལེགས་ལེགས་ཉེས་སྤྱོད་པས༔ ཕུབ་མ་ཞབས་སུ་ཆུ་བཅུས་བཞིན༔ རང་འཁྲུལ་མ་ཚོར་ཉེན་ཡོན་པས༔ སྐབས་སྐབས་དབང་པོ་ནང་དུ་གཏད༔ ལེགས་ཉེས་གཞིལ་འདྲལ་ལམ་ལ་བལྟ༔ ཐུན་ཆུང་གྲངས་མང་ཕྱི་ནང་བསྟུན༔ ཡང་དག་གནས་ལུགས་ངང་ལ་བཞག །ཅེས་གསུངས་པ་ལྟར། བཟླ་ཚུལ་གཞན་ཡང་ལམ་རིམ་ལས། སྐྱོན་བཅུ་སྤངས་ལ་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །ཞེས་པས་སྐྱོན་བཅུ་ནི་གང་དུ་སྨོས་པ་ལྟར་རོ། །རྣམ་པ་གསུམ་ནི། གསལ་བ་གསུམ་དང་། ཕྱི་ནང་གསང་གསུམ་དང་། ཕྲ་མོ་གསུམ་གྱིས་བཟླ་ལུགས་སོ། །དེ་ལ་གསལ་བ་གསུམ་གྱིས་བཟླ་ཚུལ་ནི། གང་ལས་སྤྲོ་བསྡུའི་གནས་བདག །གང་ལ་སྤྲོ་བའི་ཡུལ་མདུན། གང་སྤྲོ་བ་བར་གྱི་འོད་ཟེར་འཕྲོ་འདུ་གསལ་བའོ། །དེ་ཡང་ལམ་རིམ་ལས། ཡེ་ཤེས་མདུན་དུ་ལྷག་པ་ལ། བཟླས་པ་གསལ་བ་གསུམ་གྱིས་བྱ། ཞེས་པས། ཕཊ་ཛཿས་མདུན་གྱི་ནམ་མཁར་ཡེ་ཤེས་སེམས་དཔའ་རྟེན་དང་བརྟེན་པ་བཅས་པ་ཕྱེ་ལ། བདག་དམ་ཚིག་སེམས་དཔའ་ཐུགས་ཀ་ནས་འོད་ཟེར་ཕར་སྤྲོ་བ་དང་། ཚུལ་སྡུད་པའི་འཕྲོ་འདུ་འགལ་མེའི་འཁོར་ལོ་ལྟ་བུ་དང་། སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་བསམ་ལ་གྲགས་སྟོང་དབྱེར་མེད་ཀྱི་ངང་ནས་བཟླས་པ་བྱའོ། །ཕྱི་ནང་གསང་གསུམ་གྱི་བཟླ་ཚུལ་ནི། ཕྱི་ལྟར་ན་དམ་ཡེ་ཕྱེེ་ནས་སྤྲོ་བསྡུ་ཞལ་ནས་ཞལ་དུ་ཞུགས། གསང་བའི་རྡོ་རྗེ་ནས་འཁོར་བའི་ཚུལ་གྱིས་བཟླ་བའམ། ཡང་ན་འོད་ཟེར་འཕྲོས་པས་སྒྲིབ་པ་སྦྱངས་བར་བསྐུལ་ཞིང་། ཚུལ་འདུས་པས་སྒྲིབ་པ་བྱང་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བའོ། །ནང་ལྟར་ན་ཡེ་ཤེས་སེམས་དཔའ་འབྱེད་དམ་མ་འབྱེད་ཀྱང་རུང་སྟེ། འོད་ཟེར་ཕར་འཕྲོས་པས་དངོས་གྲུབ་བསྐུལ་ནས། ཚུལ་འདུས་པས་དངོས་གྲུབ་ཐོབ་པར་བསམ་པའོ། །གསང་བ་ལྟར་ན། ཕར་མི་སྤྲོ་བར་ཚུལ་དངོས་གྲུབ་སྡུད་པ་ཁོ་ནའམ། ཡང་ན་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། མཁའ་གསང་ནས་ཚུལ་འཁོར་བ་ལ་དམིགས་པའོ། །ཕྲ་མོ་གསུམ་གྱི། བཟླ་ཚུལ་ནི། སྤྲོ་བསྡུའི་ཚེ་ཡིག་འབྲུ་དང་ཕྱག་མཚན། སྐུ་ཕྲ་མོའི་འཕྲོ་འདུས་སམ། རྡོ་རྗེའི་བཟླས་པ་བྱེད་པའོ། །གཞན་ཡང་ངག་གི་བཟླས་པ། གཟུགས་ཀྱི་བཟླས་པ། རྣལ་འབྱོར་གྱི་བཟླས་པ། རྡོ་རྗེའི་བཟླས་པ་དང་བཞི་ལས། དང་པོ་ནི། སྤྲོ་བསྡུའམ་དམ་ཚིག་གི་དང་། ཁྲོ་བོའི་དང་། ཁྱོགས་ཀྱིས་བཟླས་པ་སྟེ། སྔར་རྨོས་པའི་འགལ་མེ་འཁོར་ལོ་སོགས་ངག་བཟླས་ཀྱི་ཛ྄བ་དགོངས་རྣམས་སོ། །གཟུགས་ཀྱི་བཟླས་པ་ནི། ལྷའི་རྣམ་པ་དྲན་པའོ། །རྣལ་འབྱོར་གྱི་བཟླས་པ་ནི། དེ་ཁོ་ན་ཉིད་སེམས་པས་སོ། །རྡོ་རྗེའི་བཟླས་པ་ལ་བཞི་སྟེ། དགོངས་པ་ལུང་སྟོན་ལས། བརྗོད་དང་དམིགས་པ་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་འབྲུ་གསུམ་ངག་ཏུ་བཟླས་པས་བརྗོད་བཅས་རྡོར་བཟླས། ཡི་གེ་གསུམ་དབྱིབས་དང་ཁ་དོག་གི་རྣམ་པར་སྒོམ་པ་དམིགས་པ་རྡོར་བཟླས། རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་གྱི་གདངས་སུ་མོས་པས། རླུང་སྔགས་དབྱེར་མེད་དུ་ཤེས་ནས་བཟླ་བ་བརྡར་འགྱུར་རྡོར་བཟླས། རླུང་གི་འགྲོ་འོང་གནས་གསུམ་དང་། སྒོ་གསུམ་ཕྱག་རྒྱ་ཆེན་པོ་དབྱེར་མེད་དུ་ཤེས་པས་མིང་ཚིག་བརྗོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དོན་དམ་རྡོ་རྗེའི་བཟླས་པའོ། །སྐབས་འདིར་སྔགས་ཀྱི་བགྲང་ཕྲེང་ཡང་། སློབ་དཔོན་ཆེན་པོ་ནས། རྒྱུ་ལ་རབ་ནི་རིན་པོ་ཆེཿ འབྲིང་པོ་ཤིང་གི་འབྲས་བུ་སྟེ༔ ཐ་མ་ཤིང་དང་སུ་རྡོ་དངཿ སྨན་གྱི་ལྡེ་གུའི་ཕྲེང་བའོཿ འདི་མན་མཆན། དུང་ནི་ཞི་བའི་ཕྲེང་བ་སྟེཿ ཞི་བའི་ལས་ལ་བསྔགས་པའོཿ གསེར་གྱི་ཕྲེང་བ་རྒྱས་པའི་ལསཿ བྱེ་རུའི་ཕྲེང་བས་དབང་ལས་འགྲུབཿ ལྕགས་དང་གཡུ་ཕྲེང་དྲག་པོའི་ལསཿ གཟི་མཆོང་སྣ་ཚོགས་ལས་ལ་ཤེསཿ སའམ་ཤིང་འབྲས་ཞི་བའི་ལསཿ མཐེའུ་ཁམས་འབྲས་རྒྱས་པ་འགྲུབཿ ལུང་ཐང་དབང་གི་ལས་ལ་ཤིསཿ ནཱ་ག་ཁྱུང་མཆུ་རུ་ཤ་ནིཿ དྲག་པོ་ལས་ཀྱི་ཕྲེང་བར་བསྔགསཿ བྷོ་དྷི་ཙི་ནི་ཀུན་ལ་ཤིསཿ བྱང་ཆུབ་ཤིང་དང་སྐྱེ་གཉེན་ཕྲེངཿ ཞི་བའི་ལས་ཀྱི་ཕྲེང་བར་ཤིསཿ འོ་སེ་ལ་སོགས་འབྲས་བུ་ཅནཿ རྒྱས་པའི་ལས་འགྲུབ་ཕྲེང་བའོཿ མཛོ་མོའི་ཤིང་དང་འོམ་བུའི་ཕྲེངཿ དབང་གི་ལས་འགྲུབ་ཕྲེང་བར་བསྔགསཿ སེང་ལྡིང་ཚེར་ནག་དྲག་པོའི་ཤིསཿ བར་གློ་ཤིང་གི་ཕྲེང་བ་ནིཿ ལས་རྣམས་ཀུན་ལ་བསྔགས་པའོཿ བ་སོའི་ཕྲེང་བས་ལས་ཀུན་འགྲུབཿ ས་རིམ་ཞི་བའི་ཕྲེང་བ་ལཿ རྒྱས་པར་རྡོ་ཡི་ཕྲེང་བ་ཤིསཿ སྨན་གྱི་ཕྲེང་བས་དབང་ལས་འགྲུབཿ ཐོད་པ་ལ་སོགས་རུས་ཆེན་གྱིཿ ཕྲེང་བས་དྲག་པོའི་ལས་འགྲུབ་འགྱུརཿ སྣ་ཚོགས་བསྡུས་པའི་ཕྲེང་བས་ནིཿ ལས་རྣམས་ཐམས་ཅད་འགྲུབ་ཅེས་བཤདཿ ཅེས་གསུངས་སོ། །རྒྱུ་དང་ཁ་དོག་གི་ཕྱེ་བས་ལས་བཞི་སོ་སོ་ལ་ཤིས་པའི་བྱེ་བྲག་ཀྱང་གསུངས་སོ། །ཁྱད་པར་དུ། བྷོ་དྷི་ཙི་ནི་ཀུན་ལ་ཤིསཿ ཞེས་དང་། གྲངས་འགྱུར་ཁྱད་ཀྱང་། བྷོ་དྷི་ཙི་ནི་གྲངས་མེད་དོ། །ཞེས་གསུངས་ཤིང་ཞི་ཁྲོ་གང་ལའང་ཤིས་པ་ཉིད་དེ་མཆོག་ཏུ་བསྔགས་སོ། །བཅང་དུ་མི་རུང་བ་ནི། མཚམས་མེད་ཀྱི་ལས་བྱས་པ་བཤན་པ། དམ་ཉམས། དམེ་ཕོ། ཡུགས་ས། རྐུན་མ་སོགས་ཀྱི་ལག་ནས་བྱུང་བ་དང་། གཞན་ལ་འཕྲོག་པ་དང་། ལྷ་ལ་གཞན་གྱིས་ཕུལ་བ་དང་། ལྷའི་རྒྱན་ནས་བཀྲོལ་བ་དང་། གྲངས་མ་འགྲིགས་པ། མེས་ཚིག་པ། དུད་འགྲོས་འགོང་བ། བྲ་བྱིས་ཟོས་པ་སོགས་ཀྱིས་སྔགས་ལ་དམ་སེལ་འཇུག་པར་གསུངས་པས་སྤངས་བར་བྱ་ཞིང་། རྒྱུ་རུང་བ་དེ་ཉིད་ཆུས་བཀྲུ་ཞིང་། བ་བྱུང་དང་དྲི་བཟང་བྱུག་པ་འཇམ་དཔལ་རྩ་རྒྱུད་ལས་གསུངས་ཤིང་། རང་ཤར་ལས། ཕྲེང་ལུང་གསུམ་ལྔ་དགུ་སྒྲིལ་བྱ། །སྐུ་གསུམ་རིགས་ལྔ་ཐེག་དགུར་མཚོན། །མདུད་འཛིན་སུམ་བརྩེགས་སྐུ་གསུམ་མོ། །ཞེས་པ་ལྟར། ཕྲེང་ཐག་ཀྱང་ལས་བཞི་དང་མཐུན་པའི་སྲད་བུ་དང་། དྲག་པོ་ལ་རྒྱུ་མ་སྒྲིལ་བ་དང་། རྒྱུས་པ་སོགས་ཀྱང་གསུངས་ཤིང་། དེ་ཡང་དགོངས་འདུས་ལས། ཀུན་ཀྱང་ཕྲ་སྦོམ་ཕྲེང་བ་ཡིསཿ མིག་དང་བསྟུན་ལ་རན་པར་བྱཿ ཡངས་བ་མ་ཡིན་དོགས་པ་མིནཿ རིང་བ་མ་ཡིན་ཐུང་བ་མིནཿ ཧ་ཅང་དོགས་ན་ལས་མི་འགྲུབཿ ཡངས་ན་གསེབ་ཚགས་བར་ཆད་འཇུགཿ རིང་ན་ལྷ་འགྱང་སྒྲུབ་པ་གཡེལཿ ཧ་ཅང་ཐུང་ན་ཚེ་ལ་གཟནཿ མཐུད་མ་ཅན་དང་མདུད་པ་ཅནཿ ཕྲ་སྦོམ་མ་སྙོམས་གོད་ཁ་འབྱུངཿ དེ་སོགས་རྣམ་དབྱེ་ཤེས་པར་བྱཿ ཞེས་དང་། གལ་ཏེ་ཐག་པ་ཆད་གྱུར་ན། །ཞག་བར་མ་ཆོད་མྱུར་དུ་བསབ། །ཅེས་སོ། །སྲད་བུ་ཇི་ལྟར་བརྒྱུད་ཚུལ་ནི། སཾ་བྷུ་ཊི་ལས། ཨཱ་ལི་ཀཱ་ལི་སུ་བོན་ཉིད། །ཧཱུྃ་གི་སྲད་བུ་བརྒྱུད་པར་བྱ། །ཞེས་པས་ཕྲེང་ཐག་ཡི་དམ་གྱི་གཙོ་བོ་ལས། ཕྲེང་བ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བར་བསམ་ཞིང་། ཧཱུྃ་གི་གླུ་ལེན་པ་དང་མཉམ་དུ་བརྒྱུད་པར་གསུངས་ཤིང་། དགོངས་འདུས་ལས། སྣ་ཚོགས་ལས་ཀྱི་ཕྲེང་བ་ལསཿ མདོ་འཛིན་སྐུ་གསུང་ཐུགས་ཀྱི་རྒྱཿ ཞེས་པས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མཚོན་བྱེད། སྟེང་མ་སྔོན་པོ། བར་མ་དམར་པོ། འོག་མ་དཀར་པོ་བྱ་བར་གསུངས་སོ། །དེ་ལྟ་བུའི་ཕྲེང་བ་མཚན་ཉིད་དང་ལྡན་པ་དེ་རབ་གནས་བྱ་བར་གསུངས་པས་དེའི་ཚུལ་ནི། དགོངས་འདུས་རྣམ་བཤད་ལས། ལག་གཡོན་པའི་ནང་དུ་ཕྲེང་བ་སྦྲུལ་འཁྱིལ་བ་ལྟར་བསྐྱིལ་ལ། དབུས་སུ་མདོ་འཛིན་ཙོག་པུར་ཡོད་པར་བྱས་ལ། འདི་ཉིད་ལས་བཤད་པ་ལྟར། ཐོག་མར་ལགས་པར་བྱིན་བརླབ་བྱ་སྟེ། ངག་ཏུ། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་ཧཱུྃ། གཡོན་པའི་མཐིལ་དུ་ཟླ་བ་ལ་ཨཱཿས་མཚན་པར་གྱུར། ཅེས་བརྗོད་ཅིང་བསམ། དེ་ནས་ལྷའི་ང་རྒྱལ་དང་ལྡན་པས། ༀ་སྭཱ་བྷ་ཝ་སོགས་ཀྱིས་ཕྲེང་བ་ཐ་མལ་དུ་འཛིན་པའི་རྟོག་པ་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླའི་སྟེང་། །སྐད་ཅིག་དྲན་རྫོགས་མདོ་འཛིན་ཡི་དམ་གཙོ། །ཕྲེང་བ་འཁོར་གྱི་རྣམ་པར་གྱུར་པས་བསྐོར། །གནས་གསུམ་ཡིག་འབྲུ་གསུམ་གྱི་སུ་བོན་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་སྤྱན་དྲངས་ནས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ། རྡོ་རྗེའི་ཆོས་བདུན་ངང་དུ་ལྷུན་གྱིས་གྲུབ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་སྲས་འཁོར་བཅས། །གདོད་ནས་ཕྲེང་བའི་ངོ་བོ་ཤར་བ་ལས། །ཡིན་ལ་ཡིན་པར་གོ་བའི་འདུ་ཤེས་ཀྱིས། །ཐབས་ཤེས་སོར་མོ་སྦྱོར་བས་སྙིང་པོའི་སྔགས། །བགྲང་བ་ཙམ་གྱིས་འཇིག་འདས་དངོས་གྲུབ་ཀུན། །ཐོགས་མེད་འགྲུབ་པའི་ནུས་མཐུ་ཅན་དུ་འགྱུར། །ཅེས་བརྗོད་ཅིང་རྩ་སྔགས་ཀྱི་མཐར། རྟེན་འབྲེལ་སྙིང་པོ་དང་། ཨཱ་དཱི་ཀཱ་དཱི་སྒྲེལ་བ་གང་མང་བཟླས་པས་མེ་ཏོག་ལ་སྔགས་ཏེ་འཐོར། ཁྱད་པར་རང་གཞུང་ནས་བཤད་པའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླ་ཞིང་། ཐམས་ཅད་ལ་དམིགས་པའི་ཁྱད་པར་ནི། བསྒྲུབ་བྱའི་ལྷ་དེ་ཡིག་འབྲུ་དེ་དག་གི་རྣམ་པར་ལས་མཐུན་གྱི་ཁ་དོག་ཅན་དུ་ནམ་མཁའ་ནས་ཆར་བབས་པ་བཞིན་དུ་བྱུང་ནས་ཕྲེང་བ་ལ་ཐིམ་པར་བསམ་མོ། །ༀ་རུ་ཙི་པྲ་མ་ཏ་ན་ཡེ་རཏྣ་མ་ཎི་དྷ་རུ་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཞེས་བཟླས་རྗེས་ཤིས་པར་བརྗོད། དེ་ནས་ལས་ལ་སྦྱར་བའི་ཚེ། །ཐོག་མར་འབྲུ་གསུམ་བརྒྱ་རྩ་བརྒྱད། །དེ་ནས་ཨཱ་དཱི་ཀཱ་དཱི་དང་རྟེན་སྙིང་། ཕྲེང་བ་བྱིན་རླབས་ཀྱི་སྔགས་ཉེར་གཅིག་ལ་སོགས་བཟླས་རྗེས། བཟླས་པ་གང་ཡིན་ལ་འཇུག་པར་གསུངས་ཤིང་། དེ་དག་རྣམས་གཞུང་གི་དགོངས་པ་འཁྲུལ་མེད་བསྡེབས་པ་ཡིན་ནོ། །དེ་ལྟར་ཚུལ་བཞིན་བྱས་པའི་ཕྲེང་བ་དེ་ལ་བགྲང་བའི་སྔགས་གང་ཡིན་པ་འབུམ་འགྱུར་དུ་འགྲོ་བར་གསུངས་ཤིང་། གཞན་ཡང་འདི་ཉིད་ལས། སྐབས་སྐབས་རབ་གནས་བསྐྱར་ན་བཟང་། །ཞེས་གསུངས་པ་ལྟར། སྐབས་སུ་བྱིན་རླབས་བསྐྱར་བ་ཡང་མན་ངག་ཡིན་ནོ། །ཞེས་གསུངས་པ་ལྟར། བཟླས་པའི་ཚེ་ཐུན་མགོར་ཕྲེང་བ་བྱིན་རླབས་དེ་ལྟར་བྱའོ། །བགྲང་ཚུལ་ཡང་། དྲག་འདུལ་གནམ་ལྕགས་འཁོར་ལོ་ལས། བགྲང་ཕྲེང་སྣ་ཚོགས་ཕྲེང་ཐག་ལུ་གུ་རྒྱུདཿ མཐེ་བོང་ཛཿལས་འོད་ཟེར་ལྕགས་ཀྱུ་ཡིསཿ ལྷ་ཉིད་དགུག་ཅིང་ལྟེ་བ་སྙིང་གར་བསྐྱིལཿ ཞེས་དང་། ཨོ་རྒྱན་ཆེན་པོ་ནས། ཞི་བ་ལ་ནི་སྙིང་གར་བགྲངཿ རྒྱས་པར་ལྟེ་བའི་ཐད་དུ་སྟེཿ དབང་ལ་ཕྲེང་བ་གསང་གནས་ཐདཿ དགུགས་པའི་འདུན་པས་འདྲེན་པར་བྱཿ དྲག་པོར་སྐྱིལ་ཀྲུང་བསྣོལ་མཚམས་ཀྱིཿ པུས་མོའི་སྟེང་དུ་བགྲང་བར་བཤདཿ སྣ་ཚོགས་ལས་ལ་གང་བདེར་བྱཿ ཞེས་དང་། ཞི་བའི་སྔགས་རྣམས་འདྲེན་པའི་དུསཿ མཛུབ་མོའི་སྟེང་ནས་འདྲེན་པར་བྱཿ དེ་བཞིན་རྒྱས་པ་གུང་མོའི་སྟེངཿ དབང་ལ་སྲིན་ལག་དྲག་པོ་ལཿ མཐེའུ་ཆུང་སྟེང་འདྲེན་པ་སྟེཿ ཀུན་ཀྱང་གཡོན་པ་ཀུན་ཉིད་དེཿ གཡས་ཀྱི་ལག་པས་མི་འདྲེན་ཞིང་ཿ ཞེས་དང་། སྐབས་འགར་ལག་པ་གཉིས་ཀས་མཉམ་དུ་འདྲེན་པ་དང་། དྲག་པོ་ལ་གཡས་པའི་མཐེ་སྲིན་གྱིས་བགྲང་བ་དང་། བཟློག་སྔགས་ལྟ་བུ་ལ་ཕྱིར་འཕེན་གྱིས་བགྲང་ཚུལ་ཡང་གསུངས་སོ། །ལས་བཞི་སྤྱི་ཁྱབ་ཏུ་སོ་སོར་སྦྱར་བའི་མཛུབ་མོའི་སྟེང་དུ་བཞག་ནས་མཐེ་བོང་ལྕགས་ཀྱུའི་རྣམ་པས་བགྲང་བ་ཉིད་འཇུག་བདེ་ཞིང་ལེགས་པ་ཉིད་དོ། །བཅང་བའི་དམ་ཚིག་ཀྱང་། སློབ་དཔོན་ཆེན་པོ་ནས། ཚུལ་དང་ལྡན་པའི་ཕྲེང་བ་གཅིགཿ ལུས་དང་གྲིབ་ལྟར་མི་འབྲལ་འགྲོགསཿ ཕྲེང་བའི་དམ་ཚིག་རྩ་བ་ཡིནཿ ཡན་ལག་དམ་ཚིག་མང་བཤད་ཀྱངཿ མདོ་བསྡུས་འདི་ལྟར་ཤེས་པར་བྱཿ ཕྲེང་བ་གཞན་ལ་མི་བསྟན་ཅིངཿ ལུས་ཀྱི་དྲོད་དང་མ་བྲལ་ནཿ གང་བསྒྲུབ་མྱུར་དུ་འགྲུབ་པར་འགྱུརཿ དེ་བཞིན་གཞན་གྱི་ལག་མི་འགྲིམཿ ཁྱད་པར་དམ་ཉམས་གྲིབ་ཅན་དངཿ རང་དང་དམ་ཚིག་མི་གཅིག་པའིཿ མི་ཡི་ལག་ཏུ་མི་འགྲིམ་གཅེསཿ བཟླས་པ་བྱེད་དུས་འདྲེན་པ་ལསཿ དུས་མིན་ལགས་པ་འདྲེན་པ་མིནཿ མི་ཡི་བརྩི་སླད་བཤར་མི་བྱཿ རབ་གནས་མི་ལྡན་ཕྲེང་བ་ནིཿ ནམ་ཡང་བཅང་བར་མི་བྱ་ཞིངཿ རབ་གནས་ལྡན་པའི་ཕྲེང་བ་དེཿ ལས་གཞན་མི་བྱ་གསང་བར་བྱཿ ས་ལ་མི་བཞག་ཡལ་མི་དོརཿ ཕྲེང་བ་བསླད་ཅན་ཞེས་བྱ་བཿ རིགས་མི་མཐུན་རྣམས་བསྡེབ་མི་བྱཿ ཞེས་གསུངས་ཤིང་། སྔགས་བགྲང་བའི་ཚེ་མི་གཏམ་ཤོར་ན་ཕྲེང་རྡོག་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་ན་བཅུ། མཆིལ་མ་དོར་ན་གཅིག་རྣམས་མི་རྩི་བར་སྔགས་རིག་པ་རྣམས་ཀྱིས་གསུངས་སོ། །དེ་ཡང་དང་པོ་ལྷར་སྣང་གསལ་བ། དེ་ནས་སྔགས་ཕྲེང་གསལ་བ། དེ་ནས་འཕྲོ་འདུ་བྱ་བ་སོགས། སྔ་མ་སྔ་མ་རྣམས་ལ་གསལ་སྣང་གི་བརྟན་པ་མ་ཐོབ་པར་ཕྱི་མ་ཕྱི་མ་རྣམས་མི་བྱ་བར་གནད་ཆེའོ། །དེ་ནས་ཐུན་བསྡུ་བ་ནི། བསྙེན་པའི་ལྷག་ཆད་ཁ་སྐོང་ཕྱིར། དབྱངས་གསལ། ཡིག་བརྒྱ། ཡེ་དྷར་བཅས་ལན་གསུམ་རེ་བཟླས་མཐར་མཆོད་བསྟོད་བྱ་སྟེ། སྒོམ་དོན་ནི་སྔར་བཤད་པར་ལྟར་རོ། །དེ་ཡང་བསྒྲུབ་པའི་སྐབས་སུ་ལྟས་བཟང་བྱུང་ན། དེ་མ་ཐག་དངོས་གྲུབ་མ་བླང་ན་ཡལ་ཉེན་ཡོད་པས། སྐབས་འདིར་རྒྱུན་གྱི་དངོས་གྲུབ་བླང་བ་དང་། མཐར་ཕྱིིན་པའི་ཐོ་རངས་སྐྱ་རེངས་ཤར་དུས་ལྷག་པར་ངེས་པར་དངོས་གྲུབ་བླང་ངོ་། །འདིའི་སྒོམ་དོན་ནི་འོག་ཏུ་འཆད་དོ། །དེ་ནས་གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས་བཟོད་གསོལ་ནི། བདག་ལྕག་གི་མི་ཤེས་པ་དང་། བག་མེད་པ་སོགས་ལས་དང་པོ་པའི་དབང་གིས། ཏིང་འཛིན་མ་གསལ་བ་དང་། བཟླས་བརྗོད་གྲངས་ཉུང་བ། ཆོ་ག་ལྷག་ཆད་དུ་གྱུར་པ། །མཆོད་རྫས་ཡོ་བྱད་མ་འབྱོར་ཞིང་། །ལེ་ལོས་གཡེལ་བ་སོགས། གསང་སྔགས་ཟབ་མོའི་ཆོ་གར་སྤྱད་པའི་ཉེས་པར་གྱུར་པའི་འགལ་འཁྲུལ་ཐམས་ཅད་གནང་ཞིང་འགྱོད་པ་དྲག་པོས་བཤགས་པར་བགྱི་ན། བཟོད་པར་མཛད་ནས་ཚངས་པ་དམ་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་སྟེ། ཡི་གེ་བརྒྱ་པ་བཟླས་པས་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་བསམ་མོ། །གསུམ་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ནི། སྒྲུབ་པའི་སྐབས་ལྟ་བུ་མདུན་བསྐྱེད་ཡོད་ཚེ། མདུན་གྱི་ཡེ་ཤེས་པ་རྣམས་ནི་རྟེན་ཡོད་ན་དེ་ལ་བརྟན་བཞུགས་བྱ། མེད་ན་རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ་བ་བྱ། དམ་ཚིག་པ་རྣམས་བདག་བསྐྱེད་ལ་བསྡུ། བདག་བསྐྱེད་ཁོ་ནའི་དུས་སུ། བདག་གི་ཡེ་ཤེས་པ་ནི་ནམ་ཡང་གཤེགས་པ་མ་ཡིན་པས། ཉེར་བསྡུའི་ཚིག་གིས་གསལ་གདབ་སྟེ། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། དེ་ཡང་མཐའ་ནས་རིམ་གྱིས་ཚུར་འདུས་ཏེ། འཁོར་གྱི་ལྷ་ཚོགས་ལ་ཐིམ། འཁོར་རྣམས་གཙོ་བོ་ཡབ་ཡུམ་ལ། །ཡུམ་ཡབ་ལ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། དེ་རིམ་བཞིན་བསྔགས་འཁོར་ལ། དེ་ཏིང་འཛིན་སེམས་དཔའི་ཐུགས་སྲོག་སུ་བོན་ལ་ཐིམ་པར་བསམ་སྟེ། དེ་ལ་སེམས་བཟུང་ཞིང་། དེ་ཇེ་ཕྲར་གྱེན་རྫོགས་ན་དཱའི་བར་ཡལ་ནས། དམིགས་པ་མེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་པས་རྟག་མཐའ་བསལ་ལོ། །ཡང་ན་འཇལ་ཚོན་ནམ་མཁའ་ཡལ་བ་ལྟར་བསྡུ་བ་འཇའ་ཡལ་བའམ་ཡང་ན་སྔ་མ་ལ་རྗེས་གཞིག་དང་། ཕྱི་མ་ལ་རིལ་འཛིན་ཟེར་པ་ཡིན་པས་གང་ལྟར་བསྡུས་ཀྱང་འདྲ་ཡང་། ལས་དང་པོའི་ཚེ་སྔ་མ་ལྟར་རྗེས་གཞིག་བྱེད་པ་གལ་ཆེའོ། །དེ་ཡང་ཀུན་མཁྱེན་ཆེན་པོས། བསྐྱེད་རིམ་སྣང་འདིའི་བདེན་ཞེན་འགོགས་པ་སྟེ། རྫོགས་རིམ་སྒྱུ་མར་ཞེན་པའི་རྟོག་པ་སྤངས། །གང་ལ་སྣང་སྟོང་བདེན་ཞེན་མེད་པ་ན། །བསྐྱེད་རྫོགས་གཉིས་མེད་རང་བཞིན་དག་པ་ཡིན། །ཞེས་པ་ལྟར། སྣོད་བཅུད་རང་མཚན་དུ་འཛིན་པ་ཐ་མལ་གྱི་ཞེན་རྟོག་གི་གཉེན་པོ། ལྷར་སྣང་སྒྱུ་མའི་སྣང་ཞེན་འོད་གསལ་གྱི་དབྱིངས་སུ་བསྡུ་བ་ལ་རྫོགས་རིམ་ཞེས་བྱ་སྟེ། འཆི་སྲིད་ཆོས་སྐུར་སྦྱོང་བའི་ཉམས་ལེན་གྱི་གནད་ཡིན་པས་འདོར་དུ་མི་རུང་། དེ་ནས་དེ་ལས་སྡང་བ་ན། །རྩ་སྔགས་ཚར་གཅིག་བརྗོད་པའི་རྐྱེན་གྱིས། རྗེས་ཐོབ་སྒྱུ་མའི་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣམ་པར་ལྡང་བས་ཆད་མཐའ་བསལ་ནས། གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པས། སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་བོ། །སྤྱི་བོར་ཧྃ་བཀོད་ལ་དེ་ཞི་བའི་རྒྱ་གྲམ་གྱིས་གོ་བགོ། །མཛུབ་རྩེ་ལ་ཁྲོ་བོ་གཉིས་བསྐྱེད་དེ་ལུས་སྲུང་། དབུ་རྒྱན་དང་ཅོད་པན་བཅིང་སྟེ་ཤིན་ཏུ་བརྟན་པར་བྱ། སྲུང་བའི་འཁོར་ལོ་གསལ་གདབ་པ་རྣམས་བྱ་སྟེ། བསྔོ་སྨོན་བཀྲ་ཤིས་ཀྱི་བར་བྱའོ། །དེ་ཡང་བསྐྱེད་རིམ་སྐབས་སུ་སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་རྣམས་སོ་སོར་ངེས་པར་བྱས་ནས། དག་རྫོགས་སྨིན་གསུམ་སྦྱོར་བ་ནི་གལ་ཆེ་ཡང་། དེ་དག་ཞིབ་པར་ནི་གཞན་ནས་ཤེས་པར་བྱའོ། །གཉིས་པ་རྗེས་ཐོབ་ཀྱི་རྣལ་འབྱོར་ནི། སྔར་གྱི་སུ་བཅད་བདུན་པ་ལྷ་ལམ་དུ་ཁྱེར་བ་འདི་ཡིན་ཏེ། དེ་ཡང་ཇི་སྐད་དུ། རྗེས་ཐོབ་སྒྱུ་མ་སྨྲིག་རྒྱུ་དང་། །རྨི་ལམ་གཟུགས་བརྙན་ཆུ་ཟླ་བཞིན། །མི་ཡོར་བྲག་ཅ་དྲི་ཟའི་གྲོང་། །ཆུ་བུར་སྤྲུལ་པ་ཇི་བཞིན་སྤྱོད། །ཅེས་ཤེས་བྱ་བཅུ་དང་། བླ་མ་ཡི་དམ་མི་སྤང་ཞིང་། །བླང་དོར་མ་ནོར་ཏིང་ངེ་འཛིན། །སྒོམ་དོན་སྤྱོད་པ་གསང་དང་དྲུག །བསྐྱེད་པའི་རིམ་པ་དམ་ཚིག་ཡིན། །ཞེས་དམ་ཚིག་གནད་དྲུག་སྟེ། དེ་དག་ལ་བླང་དོར་བྱ་བ་དང་། གཞན་ཡང་གདན་གསུམ་ལྷའི་དཀྱིལ་འཁོར་དུ་ཤེས་པས། ལམ་ཁྱེར་སོ་གསུམ་དང་མ་བྲལ་བ་ལ་བསླབ་བོ། །གདན་གསུམ་ནི། ཕུང་ཁམས་གཤེགས་པ་གཤེགས་མའི་གདན། །སྐྱེ་མཆེད་སེམས་དཔའ་སེམས་མའི་གདན། །ཡན་ལག་ཁྲོ་བོ་ཁྲོ་མའི་གདན། །ཅེས་ལྷ་སོ་བཞི་སྟེ། སེམས་དཔའ་སེམས་མ་དེ་དག་ཀྱང་དག་འབྲས་ཀྱི་ངོས་ནས་བཞག་པའི་སངས་རྒྱས་ཡིན་གྱི། ས་གནས་བྱང་སེམས་སུ་འཁྲུལ་བར་མི་བྱའོ། །དེ་ལྟར་ཐུན་མཚམས་ཀྱི་བྱ་བ་དང་། འགྲོ་འདུག་ཟ་འཆག་གི་སྤྱོད་ལམ་གང་གི་ཚེ་ཡང་། ལྷའི་ང་རྒྱལ་དང་མ་བྲལ་བའི་སྒོ་ནས། ཞིང་སྦྱང་བ་དང་། འདོད་ཡོན་ཚོགས་སུ་བསྒྱུར་བ་དང་། ཕྱག་སྐོར་བཟླས་པ་སོགས་ཆོས་སྤྱོད་བཅུའི་བྱ་བ་དང་། སེམས་ཅན་གྱི་རྒྱུད་སྨིན་པ་སོགས་ཀྱི་ཐབས་སུ་གང་འགྱུར་བྱ་བ་ལས། སྒོ་གསུམ་ཐ་མལ་དུ་མ་ཤོར་བ་བྱ་དགོས་ཏེ། ཐུན་མཚམས་རྣམས་སུ་རྟོག་པ་རྒྱ་འབྱམས་ཤོར་ན་ཐུན་ཡང་ལད་འགྲོ་ཞིང་། ཐུན་མཚམས་སུ་ངེས་འབྱུང་སྐྱོ་ཤས་སོགས་བསྐྱེད་དེ་ཐུན་ལ་འཇུག །ཤེས་པ་སྐྱོ་ཆད་དེ་ཡོད་ན། ཐུན་དེ་ཡང་གོ་ཆོད་ངེས་ཞིག་འོང་ཞིང་། དེས་སྤྲོ་བ་སྐྱེ་ནས་ཐུན་རྗེས་མ་རྣམས་ཀྱང་རིམ་པས་ཡོན་ཏན་ཡར་ལྡན་དུ་འགྲོ་བར་གསུངས་སོ། །གཞན་ཡང་ཟས་གོས་སྤྱོད་ལམ་སོགས་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཡང་། དྷརྨ་ཤྲིས། ནང་གི་ཆོས་སྤྱོད་ལས་གསུངས་པ་ལྟ་བུར་ཤེས་པར་བྱའོ། །དེ་ནས་ཐུན་གཞན་རྣམས་ཀྱི་ཚེ། ཚོགས་ཞིང་རྣམས་སྲུང་འཁོར་གྱི་ནང་གི་ནམ་མཁར་སྤྱན་དྲངས་ཤིང་། གསོལ་འདེབས་སྐྱབས་སེམས་ནས་བཟུང་། མཇུག་གི་བསྡུ་ལྡང་སོགས་དང་། བསྔོ་སྨོན་བཀྲ་ཤིས་ཀྱི་བར་དཀྱུས་བཞིན་བྱའོ། །བསྙེན་ཡིག་ཁ་ཅིག་ལས་ཐུན་ཕྱི་མ་རྣམས་ལ་བགེགས་བསྐྲད་སྲུང་འཁོར་སོགས་དོར་ནས་མཆོད་པ་བྱིན་རླབས་ནས་འཇུག་པ་དང་། ཐུན་མཐར་བསྡུ་རིམ་མི་བྱེད་པའམ། བྱེད་ཀྱང་སྲོད་ཐུན་གྱི་མཐའ་ལས་མི་བྱེད་པ་སོགས་ཡོད་ཀྱང་འདི་ལྟར་བྱས་ན་ལེགས་ཏེ། རྒྱུ་མཚན་བསྙེན་པའི་སྐབས་འདིར་བསྐྱེད་རིམ་གྱི་ཆོ་གས། སྐྱེ་འཆི་བར་དོ་གསུམ་སྦྱང་བའི་གདམས་པ་ཆ་ཚང་ལ་བློ་སྦྱོང་དགོས་པའི་ཕྱིར་དང་། ཐུན་མཚམས་ཉུལ་ལེ་སྐྲོད་པ་དང་། བར་ཆད་སྲུང་བ་སོགས་ཀྱི་དགོས་པ་ཡོད་དོ་ཞེས་གསུངས་སོ། །རྒྱུན་དུ་གཞི་བགེགས་ཀྱི་གཏོར་མ་བསྔོ་རྒྱུ་ཡོད་ན་སྔ་ཐུན་གྱི་མགོར་བྱའོ། །མེད་ཀྱང་ཆད་སྐྱོན་དུ་མི་འགྱུར། སྲོད་ཐུན་ལ་གཏོར་བསྔོ་དང་། ཚོགས་བསྐང་རྒྱས་བསྡུས་མཚམས་པ་རེ་གཏང་། སྤྱིར་ཚོགས་བསྐང་གི་དུས་གནད་སྲོད་དང་མཚན་མོའི་ཆར་ངེས་པར་ཡིན་པས་དེ་ལྟར་བྱ་བའམ། སྟབས་བདེ་བ་སོགས་ཀྱི་ཕྱིར་ཕྱི་དྲོའི་ཐུན་ལ་བྱས་ཀྱང་འགལ་བ་མེད་དོ། །གལ་ཏེ་རྒྱུན་པར་མ་འཛོམ་ན་ཡང་། བསྙེན་པའི་ཐོག་མ་དང་མཐའ་དང་དུས་ཆེན་རྣམས་སུ་བྱས་པས་འཐུས་སོ། །ཆད་བརྟན་རྒྱུན་པར་མེད་ཀྱང་རུང་ངོ་། །གང་ལྟར་ཡང་སྲོད་ཐུན་གྱི་རྗེས་སུ་ཀུ་སཱ་ལུའི་ཚོགས་བསགས་ཀྱི་མཐར། ཉལ་བའི་རྣལ་འབྱོར་ནི་ཕྱི་ལྟར་ན། མགོ་བྱང་། ཁ་ནུབ། རྒྱབ་ཤར་དུ་བསྟན་ཏེ། གཞོག་གཡས་སུ་འོག་ཏུ་བསྟན་ལ། ལག་གཡས་འགྲམ་འོག་ཏུ་བཅུག་སྟེ། སྲིན་མཛུབ་ཀྱིས་སྣ་བུག་གཡས་པ་དགག །ལག་གཡོན་བརླ་སྟེང་བརྐྱང་བ་སེང་གེའི་ཉལ་སྟབས་བྱས་ཏེ། དགེ་བའི་བྱ་བ་ལ་སྣང་བ་དང་ལྡང་བའི་འདུ་ཤེས་ཀྱིས། སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག་སྙམས་པས། ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་དུ་བློ་བཞག་ནས་ཉལ། ནང་ལྟར་ན། བསྡུ་བྱའི་དཀྱིལ་འཁོར་གསལ་གདབ། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་མ་དག་པའི་སྣོད་བཅུད་ཐམས་ཅད་རྟེན་ལ་ཐིམ། དེ་རིམ་བཞིན་ཐུགས་སྲོག་ནཱ་དའི་བར་བསྡུ། དེ་ཡང་མི་དམིགས་པའི་དབྱིངས་སུ་བསྡུ་ལ། བསམ་མེད་ཀྱི་ངང་ལ་གཉིད་ལོག་པར་བྱ་ཞིང་། དེར་གཉིད་མ་བྱུང་ན་ཡང་ཡང་བསྐྱར་བས་ཆོག གསང་བ་ལྟར་ན། ནམ་གུང་ཤེས་བྱ་བུམ་པར་དྲིལ་བ་ནི། སྙིང་པདྨ་དམར་པོ་འདབ་མ་བཞི་པ་ཅུང་ཟད་ཁ་ཟུམ་པའི་ནང་དུ། སྐྱེ་མེད་ཀྱི་དོན་མཚོན་པའི་རིང་ཆ་ཚེགས་དྲག་མེད་པའི་ཨ་ཡིག་དཀར་པོ་འོད་འབར་བ་བུམ་ནང་གི་མར་མེ་ལྟར་གསལ་བ་ལ་སེམས་གཏད་དེ། སྙིང་གར་རླུང་ཁ་སྦྱོར་དུ་བཟུང་བ་ལ་ལུས་སྟོད་སྨད་འདུས་པ་ལྟར་མོས་ནས་ཉལ་བས། རྨི་ལམ་མེད་པར་གཉིད་གསལ་སྟོང་རྣམ་པར་མི་རྟོག་པའི་འོད་གསལ་དུ་འཆར་རོ། ཞེས་དྷརྨ་ཤྲཱིས་གསུངས་པ་ལྟར་རོ། །དེ་ནས་ཐོར་ཐུན་ལ་བབས་པའི་ཚེ། ནམ་མཁའ་ནས་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུ་དང་དྲིལ་གཡེར་གྱི་སྒྲ་དང་བཅས་ཏེ། འོད་གསལ་ལས་གཟུགས་སྐུ་བཞེངས་ཤིག་ཅེས་པའི་གླུས་བསྐུལ་ཏེ་སད་པར་བསམ་ལ། རྗེས་ཐོབ་ཀྱི་ལྷ་སྐུར་ལྡང་ནས། རླུང་རོ་བསལ། ཀུན་སློང་གསལ་གདབ། ངག་བྱིན་རླབས་ནས་བླ་མའི་རྣལ་འབྱོར་དབང་བཞི་བླང་བའི་མཐར་ཐུག་གི་བར་བྱས་རྗེས། ཐོར་ཐུན་དཀྱུས་བཞིན་གཏང་ངོ་། །ཚུལ་དེ་ལྟ་བུའི་སྒོ་ནས་བསྙེན་པ་མ་ཚར་གྱི་བར་དུ་ཐུན་བཞི་ཁྲིགས་ཆགས་སུ་གཏོང་བ་ཡིན་ནོ། །ཐུན་ཚད་ནི། འཇམ་དཔལ་རྩ་རྒྱུད་ལས། སེ་གོལ་བརྒྱ་ཡི་ཚོགས་དག་ལ། །རྩ་རྒྱུན་གཅིག་ཏུ་བསྟན་པ་ཡིན། །རྩ་རྒྱུན་བཞི་ལ་ཆུ་ཚོད་བསྟན། །ཆུ་ཚོད་བཞི་ལ་ཐུན་ཞེས་བྱ། །ཐུན་བཞི་ལ་ནི་ཉིན་པ་དེ། །མཚན་མོ་དག་ཀྱང་དེ་བཞིན་བསྟན། །དེ་ལྟར་བརྒྱད་དང་ལྡན་པ་ལ། །ཉིན་མཚན་དུ་ནི་རབ་ཏུ་བརྟགས། །མིག་གི་འབྱེད་འཛུམ་བཅུ་ལ་ནི། །སྐད་ཅིག་ཙམ་དུ་རབ་ཏུ་བརྟགས། །སྐད་ཅིག་བཅུ་ཞེས་བྱ་བ་ནི། །ཡུད་ཙམ་དུ་ནི་ཡོངས་སུ་བརྟགས། །ཡུད་ཙམ་བཞི་ལ་ཐུན་གཅིག་ཅེས། །སྔགས་རིག་པས་ནི་ཡོངས་སུ་བརྟགས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་བསྙེན་པའི་ཚད་ལ་གསུམ་སྟེ། གྲངས་བསྙེན་ནི། གྲངས་འདི་ཙམ་ཞིག་ལ་བཟླ་སྙམ་པའི་བར་དེ་སྲིད་དམ། །གཙོ་བོ་ལ་སྔགས་ཉུང་ན་འབྲུ་འབུམ་དང་། །རིང་ན་འབུམ་ཕྲག་གཅིག་སྤྱིར་བཏང་ཡིན་ཞིང་། །དམིགས་བསལ་རང་གཞུང་ནས་འབྱུང་བ་ལྟར་དང་། །འཁོར་རྣམས་ལ་རྩ་སྔགས་དེའི་བཟླས་གྲངས་ཀྱི་བཅུ་ཆ་རེ་བཟླ་བར་བཤད་དོ། །དུས་བསྙེན་ནི། སྡོམ་འབྱུང་ལས། རྫོགས་ལྡན་དུས་ན་གཅིག་བཟླས་པ། །གསུམ་ལྡན་དུས་ན་ཉིས་འགྱུར་བཟླ། །གཉིས་ལྡན་དུས་ན་སུམ་འགྱུར་བཤད། །རྩོད་ལྡན་བཞི་འགྱུར་དུ་ནི་བཟླ། །ཞེས་དང་། ཡང་ན་ལོ་གཅིག་གམ། ཟླ་བ་དྲུག་དང་། གསུམ་སོགས་ཞག་གྲངས་ཇི་ཙམ་བར་བསྙེན་པ་འདོད་པ་ལྟར་རོ། །རྟགས་བསྙེན་ནི། དངོས་ཉམས་རྨི་ལམ་གང་རུང་ལ་འགྲུབ་པའི་རྟགས་མཚན་མ་མཐོང་གི་བར་རོ། །དེ་ལ་རྟགས་མཚན་ཀྱང་རང་གཞུང་ནས་གསུངས་པ་ལྟར་དང་། ཨོ་རྒྱན་ཆེན་པོ་ནས། ཉམས་དགའ་བག་དྲོ་རིག་པ་དྭངསཿ ཉམས་ལེན་འཕེལ་ཞིང་ལུས་སེམས་བདེཿ ཁྱད་པར་རྗེས་ཀྱི་ཤེས་རྒྱུན་ལསཿ རྟོགས་པར་འཆར་ཞིང་བརྩོན་འགྲུས་ལྡནཿ འཇིག་རྟེན་ཆོས་ལ་བློ་མི་འཇུགཿ ཅེས་སོགས་གསུངས་ཏེ། ངེས་འབྱུང་དང་སྐྱོ་ཤས། དད་མོས་དང་དག་སྣང་། སྙིང་རྗེ་དང་བྱང་སེམས་སོགས་ལམ་གྱི་ཡོན་ཏན་གོང་འཕེལ་དུ་འགྱུར་ཞིང་། ཆགས་སྡང་སོགས་ཉོན་མོངས་པ་རྣམས་རིམ་པས་འགྲིབ་པར་འགྱུར་བ་ན། དངོས་ཉམས་རྨི་ལམ་རྟགས་གཞན་རྣམས་ཀྱང་ཡང་དག་པ་ཡིན་ཞིང་། དེ་ལས་ལྡོག་པར་འདུག་ན། ཞལ་གཟིགས་དང་། ལུང་སྟོན་པ་སོགས་ཀྱང་བདུད་ཀྱིས་བསླུ་བ་ཡིན་པར་གསུངས་པས་ཤེས་པར་བྱ་ཞིང་། རྟགས་ལ་དགའ་སྡུག་དང་རེ་དོགས་མི་བྱ་བའང་གལ་ཆེའོ། །གཞན་ཡང་པད་སྡོང་བརྩེགས་པའི་རྒྱུད་ལས། དེ་ཕྱིར་ལྷ་དང་བླ་མ་ཉིད། །གྲུབ་ན་མཉེས་པར་བྱ་བ་དང་། །མ་མོ་ཌཱཀྐི་བྲན་ཁོལ་བཅས། །ཐུགས་དམ་བསྐང་ནས་ལས་ལ་སྦྱོར། །ཞེས་གསུངས་པས། གྲུབ་པའི་མཚན་མ་མ་མཐོང་བར་ལས་སྦྱོར་བརྩམ་ཀྱང་དོན་མེད་པའང་ཤེས་པར་བྱའོ། །ཡང་སྲོད་ཐུན་ནམ་ཕྱི་དྲོའི་ཐུན་ལ་སྲུང་མའི་བསྐང་གསོལ་བཏང་བའི་ཚེ་ནི། བཀའ་སྲུང་རྣམས་གཞལ་ཡས་ཁང་གི་ཕྱི་སྐོར་ལམ་དུ་བསྐྱེད་པའམ། ཡང་ན་རང་ཧེ་རུ་ཀར་གསལ་ཞིང་ཕྱིའི་འཁོར་ཡུག་གི་དུར་ཁྲོད་དུ་འཁོད་པའི་མདུན་མཁར་བཀའ་སྲུང་རྣམས་བསྐྱེད་ཅིང་གསོལ་མཆོད་བྱ། ཆད་བརྟན་གྱི་དུས་སུའང་དེ་ལྟར་བྱའོ། །ཆོས་སྐྱོང་གི་རྗེས་ཆོག་ནི་ཐུན་གཏོར་ཕུལ་མཐར་གཤེགས་བསྡུ་བྱེད་ཀྱང་ཆོག་ལ། ཆོ་གའི་མཇུག་ཆོག་གིས་མཐའ་རུ་བྱས་ཀྱང་རུང་ངོ་། །གཏོར་མ་རྣམས་གཏོང་དུས་གྲལ་ལས་ཅུང་ཟད་བསྐུལ་ལམ་བསྐྱོད་དེ། མཐར་སློབ་དཔོན་གྱི་ལག་པས་བཏེགས་པའི་བརྡའ་བྱ་ཞིང་མེ་ཏོག་འཐོར་ནས། སྒྲུབ་ཁང་གི་ཡང་ཐོག་གམ། ཕྱི་རོལ་བྱང་ཤར་དུ་གཏོར་སྟེགས་ལ། འཇིག་འདས་ཀྱི་ཁྱད་པར་ལྟར་ཞལ་ཕྱིར་བསྟན་ནམ་ནང་བསྟན་གང་འོས་ཀྱིས་འབུལ་ལོ། །མངོན་སྤྱོད་དུས་ཟོར་དུ་འཕེན་ཚུལ་མན་ངག་ལྟར་རོ། །ཁྱད་པར་དུ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་གསང་ལམ་མཐར་ཐུག་པའི་ཐབས་མཁས་ལ་བརྟེན་ནས་ཚོགས་གཉིས་མྱུར་དུ་འདུམ་པར་འདོད་པས། ཉེ་བར་བརྩམ་པའི་ཡན་ལག་ཁྱད་པར་ཅན་ནི་ཚོགས་ཀྱི་འཁོར་ལོ་སྟེ། དེ་ལ་གང་འཚོགས་པའི་དབྱེ་བ་ནི། སྒྱུ་དྲྭའི་བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། ། རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་མྱུར་དུ་རྫོགས་བྱེད་པར། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་འདུས་པ་ཐབས་ཤེས་མ་བྲལ་ན་ཚོགས་ཀྱི་འཁོར་ལོ་ཞེས་བྱ། རྗེས་མཐུན་ཙམ་ཡེ་རྒྱ་ལ་བརྟེན་པའི་ཐབས་ཤེས་གྲངས་མཉམ་པ་ཙམ་ལ་བྱའོ། །ཐབས་ཤེས་མ་འབྲེལ་ན་དཔའ་བོ་དང་དཔའ་མོའི་སྟོན་མོར་མི་གྲགས་ཤིང་། དེ་ལྟར་ཡང་ཐབས་ཤེས་ཟུང་དུ་འབྲེལ་བའི་སྐྱེ་བོ་དམ་པ་འདུས་པ་ནི་སྐལ་ལྡན་མི་ཡི་ཚོགས། བཟའ་བཏུང་གོས་རྒྱན་བྲོ་གར་གླུ་ཚིག་སྦྱོར་སྒྲོལ་ལྔ་ལ་སོགས་པ་ཚོགས་པ་ནི་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས། རྟེན་དང་བརྟེན་པ་བཅས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྲུང་མ་དང་བཅས་པ་དངོས་གྲུབ་ཀྱི་རྟེན་དུ་གཟུགས་བརྙན་བཀོད་ཅིང་སྒོམ་པ་ནི་དགྱེས་ལྡན་ལྷའི་ཚོགས་ཏེ་གསུམ་གྱི་སྟེང་དུ། དེ་དག་ལ་མ་འགགས་པར་སྤྱོད་པས་བསོད་ནམས་དང་། སྤྱོད་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ནི་ཚོགས་ཆེན་པོ་སྟེ་བསྣན་པས་བཞིའོ། །དེ་ནས་དམ་སེལ་མེད་པའི་འདུས་པ་རྡོ་རྗེའི་མཆོད་ལྕམ་རྣམས་ཀྱང་། ཤགས་དང་ཀུ་ཅོ་སོགས་བག་མེད་པ་སྤངས་ལ་རིག་པ་བརྟུལ་ཞུགས་ཀྱི་ཉམས་དང་ལྡན་པས། གྲལ་ཕྱག་དང་ཚུལ་ཕྱག་སྔོན་དུ་འགྲོ་བས་གདན་ལ་འཁོད་ཅིང་། ཀུན་འདུས་ལས། ཁ་ན་མ་ཐོ་བཅས་པ་དང་། ཉམས་པ་ལས་བྱུང་ཉེས་དང་བཅསཿ མ་དག་པ་ཡི་ཡོ་བྱད་རྣམསཿ གདུག་ཅན་འཕང་དུ་འོང་བ་ལྟརཿ ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིསཿ བསྐལ་པར་བཤུགས་ཏེ་སྤངས་བར་བྱཿ ཞེས་པས། ཚོགས་རྫས་སུ་མི་འོས་པ་ལོག་འཚོ་སོགས་ཀྱི་རིགས་དང་མ་དག་པའི་ཡོ་བྱད་རྣམས་སྤངས་ཤིང་། ཚོགས་མ་མཆོད་གོང་ནས་ཟ་ཤོར་བ་ལྟ་བུ་ཕུད་ཉམས་པ་དང་། ལྷག་མར་ཕྲི་བ་ལ་ཚོགས་ཀྱི་སྤྱང་གུ་ཞེས་གསུངས་པས། བླང་དོར་མ་འཛོལ་བར་བྱ། ཤ་ལྔ་དང་བདུད་རྩི་ལྔའམ། ཤ་ཆང་ནི་མེད་དུ་མི་རུང་བས་ཅི་འབྱོར་བསགས། གཞན་ཡང་གལ་པོ་ལས། རྡོ་རྗེ་ཚེ་དང་གལ་ཕྱིས་དང་། །འཇམ་དེས་ཟླ་ཁྲོམ་ཟླ་རྒྱས་དང་། །ཚེ་ཁྲིད་ཛ་གད་ཛཀྟི་དང་། །བྲན་མོ་ཤཾ་དང་ཀུན་དུ་རྒྱུ། །ཨ་སྨྲ་རྒུན་འབྲུམ་ཨ་ག་རུ། །ན་ལེ་གེ་རྒྱས་ལ་སོགས་དྲངས། །ཞེས་གསང་བའི་མིང་ནས་སྨོས་པ་རྣམས་ཀྱང་། སྣང་བ་ཐབས་ཆེན་ཚེ་མཆོག་དང་། །སྟོང་པ་ཤེས་རབ་གལ་ཆེན་པོ། །གཉིས་མེད་མཐུན་སྡེབ་ཐུགས་ཀྱི་རྫས། །ཞེས་ཚེ་ནི་འབྲས་ཕྱེ་སོགས་དང་། གལ་ནི་ཆང་སོགས། མཐུན་སྡེབ་ནི་དེ་གཉིས་ཀྱི་ཟན་དུ་བྱས་པའོ། །ཡང་ཇོ་བོ་རྗེས། བོད་ལ་བསོད་ནམས་མི་འོང་། །གཏོར་ཟན་སླ་མོར་བྱེད་འདུག །ཅེས་གསུངས་པ་ལྟར། ཚོགས་ཟན་དེ་ཡང་རང་གི་ཟ་ཚོད་རན་པ་ཙམ་ལས་སླ་མོ་བྱ་མི་རུང་བར་གསུངས་སོ། །ཡང་ན་རྡོ་རྗེ་ཚེ་སྟེ་ཟན། གལ་ཕྱིས་ཏེ་སྤོད་སྣ་ཚོགས་ཀྱིས་གཡོས་པ། གཞན་ཡང་འཇམ་དེས་ནི་འོ་མ། ཟླ་ཁྲོལ་ནི་མར། ཡང་ན་ཐུགས་དམ་ཁྲུམ། ཟླ་རྒྱས་ཞོ་དང་འཁུར་བ། ཚེ་ཁྲིད་སྐྱུར་པོ། མ་དུ་ནའམ། ཛ་གད་ནི་ཆང་། བ་ལའཾ། ཛ་ཀྟི་དང་། མཱཾ་སུ་ནི་ཤ་བྲན་མོ་ནི་ཚོད་མ། ཤམ་མོ་ནི་སིང་པོ། ཀུན་ཏུ་རྒྱུ་ཚྭ། ཨ་སྨྲ་མི་ཤ །རྒུན་འབྲུམ་གླང་པོའི་ཤ །ཨ་ག་རུ་རྟ་ཤ །ན་ལེ་བ་གླང་ཤ །གེ་རྒྱས་ཁྱི་ཤ་རྣམས་སོ། །མདོར་ན་གཡོ་ཅན་སྒོག་པ། ཤོ་མོང་། ཤིང་ཏོག་སོགས་བཟའ་བཅའ་བཏུང་བའི་རིགས་ཐམས་ཅད་ལས་ཅི་འབྱོར་བསགས་ལ། ཚོགས་རྫས་རྣམས་སྒྲེ་བོར་མི་འཇོག་ཅིང་། ཚོགས་གདན་ཞིང་ངམ་ག ཅན་གཟན་གྱི་པགས་པའམ་བྲིས་པའི་ཁར། ཀ་པཱ་ལའམ་རིན་པོ་ཆེའི་སྣོད་སོགས་སུ། བཟའ་བ་གཡས་དང་། བཏུང་བ་གཡོན་དུ་བཤམས། ཚོགས་ཆང་བྲན། དེ་ནས་བསང་ཆུའམ་ཆབ་གཙང་གིས་བྲན། དེ་ནས་ནང་མཆོད་ཀྱི་བདུད་རྩི་བྲན་པས་བསང་ལ། བགེགས་བསྐྲད་དེ་ཉེས་སྐྱོན་སྦྱངས་ཤིང་བྱིན་གྱིས་རླབས། འོན་ཀྱང་ཕྱི་མཆོད་རྣམ་ལྔ་དང་། རཀྟ་ལིང་ག་སོགས་ལ་ནང་མཆོད་མི་འཐོར་བར་གསུངས་སོ། །དེས་མཚོན་ནས་སྤྱིར་གཏོར་མ་སོགས་ལ་སྨན་རཀ་བྲན་པའང་། འབག་བཙོག་སྦྱང་བ་དང་། བགེགས་བསལ་བ་དང་། མཆོད་པ་འབུལ་བ་དང་། བྱིན་གྱི་རླབས་པ་དང་། ཆན་ལ་ཕབ་བཏབ་པ་བཞིན་དུ་ཐུགས་དམ་རྒྱུད་བསྐུལ་དུ་འགྱུར་བ་སོགས་དགོས་པ་སྣ་ཚོགས་དང་ལྡན་པ་ཁོ་ནའོ་ཞེས་གསུངས་སོ། །དེས་ནས་སྣོད་ཉི་མ་བཅུད་ཞལ་ཟས་ལ་འབྲུ་ལྔ་བཀོད་དེ། འབྲུ་གསུམ་སོགས་ཀྱི་སྔགས་རྒྱས་སྦྱངས་སྤེལ་བསྒྱུར་ཏེ། འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་རླབས་དེ་ཡང་འཇིག་རྟེན་ཁམས་ཀྱི་འདོད་ཡོན་གྱི་བཅུད་ཐམས་ཅད་བདག་གི་འོད་ཟེར་གྱིས་བསྡུས་ཏེ་ཚོགས་རྫས་ལ་བསྟིམ་པ་ནི་གནད་ཡིན་པར་གསུངས་སོ། །སྤྱིར་ཚོགས་དང་གཏོར་མ་སོགས་ནི་ཐུན་མཚམས་ཀྱི་ལྷས་ཕུལ་ཀྱང་རུང་ལ། སྲོད་ཐུན་མ་བསྡུས་པ་གཏོང་ན། གཙོ་བོའི་ཐུགས་ཀ་ནས་རང་འདྲ་ལས་ཀྱི་ལྷ་ཐོན་ནས་དཀྱིལ་འཁོར་གྱི་ཤར་ཁྱམས་སུ་འཁོད་དེ། ཚོགས་གནས་འདྲེན་སོགས་བྱ་བའམ། ཡང་ན་ལས་ཀྱི་ལྷ་དེ་ཉིད་ཕྱི་ཡི་འཁོར་ཡུག་གི་བྱང་ཤར་གྱི་དུར་ཁྲོད་དུ་འཁོད་ལ། དེར་དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་བཅུའི་ཞིང་ནས་སྤྱན་དྲངས་པའི་མགྲོན་ཐབས་ཀྱི་ལྷ་རྩ་གསུམ་སྲུང་མ་དང་བཅས་པའི་ཚོགས་རྣམས་མཁའ་ཁྱབ་ཏུ་སྤྲིན་ཕུང་ལྟར་སད་པར་བསམ་ལ། གལ་པོ་ལས། དང་པོ་འདོད་ཡོན་དྲུག་གི་མཆོད། །གཉིས་པ་དམ་རྫས་བདུད་རྩིའི་མཆོད། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབས། །ཞེས་ཚོགས་ཕུད་རྣམས་ཆ་གསུམ་དུ་སྤྲོ་གསུངས་པ་དང་། ཡང་བཞི་རུ་གསུངས་པའང་སྣང་བས། གང་ལྟར་ཡང་དང་པོ་ཕུད་མཆོད་ཀྱི་ཚེ། འདོད་ཡོན་གྱི་ལྷ་མོ་ནམ་མཁའ་གང་བས་མཆོད་སྤྲིན་སྣ་ཚོགས་བསམ་གྱིས་མི་ཁྱབ་པས་ཚོགས་ཞིང་རྣམས་མཆོད་ཅིང་དགྱེས་པ་བསྐྱེད་པས་ཚོགས་གཉིས་རྫོགས་པར་བསམ་མོ། །བར་པ་བཤགས་པའི་ཚེ། ཤ་ལྔ་བདུད་རྩི་ལྔ་སོགས་རྣམ་པ་དམ་ཚིག་གི་རྫས་ལ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཕུལ་ནས། དམ་ཚིག་ཉམས་ཆག་ཉེས་ལྟུང་ཐམས་ཅད་བཤགས་པར་གསོལ་བས། དགྱེས་ཤིང་བརྩེ་བས་དགོངས་ཏེ། ཉེས་ཚོགས་ལྷག་མེད་དུ་བྱང་ནས། ཡེ་ཤེས་ལྷ་དང་འཁོན་བཅུག་དག་པར་བསམ་མོ། །ཐ་མ་ལིང་ག་ཟུར་པ་མེད་ན་བྱིན་རླབས་ཀྱི་གོང་དུ་བཅད་ན་ནི་དེར་ཟད་ལ། མིན་ན་ཚོགས་བདུད་རྩིའི་རང་བཞིན་དུ་ཕུལ་ནས། ཚོགས་ཟན་གྱི་རྒྱབ་ངོས་ནས་བཅད་པ་ཁ་གྱེན་བསྟན་དུ་བཤམས་ལ། དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས་ཏེ། དགྲ་བགེགས་དགུགས་འཆིང་བསྡོམ་མྱོས་བྱས་མཐར། རྣམ་ཤེས་སྤར་བའི་རྙིགས་མའི་ལུས་རྟེན་ཁྲོ་བོ་ཚོགས་ཀྱིས་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་སྤྱད་པར་བསམ་ཞིང་། བདུད་རྩི་བྲན་ལ་བསྟབ་པར་བྱའོ། །ཡང་ཚོགས་ཕུད་ཀྱི་སྔོན་དུ་བསྐང་བ་གཏོང་སྲོལ་ཀྱང་སྣང་རུང་། སྨིན་གླིང་ཕྱག་སྲོལ་ལྟར་སྐབས་འདིར་གཏོང་བ་འཐད་པར་མངོན་ནོ། །དེ་ཡང་ཚོགས་མཆོད་ནི་བཟའ་བཏུང་གི་མགྲོན་ཐབས་ལྟ་བུ་དང་། བསྐང་བ་ནི་དངོས་རྫས་ཀྱི་འབུལ་ནོར་སྟོབས་པའི་ཚུལ་ལྟ་བུ་ཡིན་ཞེས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ། །དེ་ནས་ཆ་བཞི་པ་གནམ་ཕུད་ནི། ཚོགས་རྫས་བཤམས་པ་ལ་སྨན་རཀ་བྲན་ལ་གཙང་རིས་ཀྱི་མགོན་པོ་སོགས་ལ་མཆོད་པ་སྟེ། ཕྱི་རོལ་དུ་གཙང་སར་འབུལ་ལོ། །དེ་ནི་ཀུན་རྫོབ་དོན་དམ་ཟུང་འཇུག་ཏུ་བསྐང་བའི་དོན་ཡིན་པར་གཏེར་ཕྱོགས་འགའ་ནས་གསུངས་པ་སྣང་ལ། བཀའ་གཏེར་སྤྱི་འགྲེས་སུ་ཆ་བཞི་པ་ནི་གཙང་ལྷག་ལ་མཛད་དོ། །ཆ་ལྔ་པ་ནི། ལས་རྡོར་གྱིས་ཐབས་ཤེས་ཀྱི་རྫས་རྣམས་བསྣོལ་ཏེ་སློབ་དཔོན་ལ་ཕུལ། སློབ་དཔོན་གྱི་པད་སྐོར་སྔོན་དུ་འགྲོ་བས་རྩེ་གསུམ་རྒྱས་ལེན་ཅིང་། དེ་ནས་གྲལ་མགོ་ནས་རིམ་པས་འདུས་པ་ཀུན་ལ་བྲིམ། ཐམས་ཅད་ཀྱིས་ཤ་ལྔ་བདུད་རྩི་ལྔར་མོས་བཞིན་ནང་གི་སྦྱིན་བསྲེག་གི་ཚུལ་དུ་རོལ་ཞིང་སྨོན་ལམ་གདབ། དེ་ནས་འདུས་པ་རྣམས་ཀྱི་ལྷག་རོལ་གསོག་འཇོག་མེད་པར་གྲལ་མཇུག་ནས་ཡར་བསྡུ་ཞིང་། གལ་པོ་ལས། ལྷག་མའི་དཀྱིལ་འཁོར་བྱང་ཤར་མཚམས། ཞིང་ལྤགས་རཀྟའི་ཟླ་གམ་ཨེ། ཞེས་པས་དཀྱིལ་འཁོར་གྱི་བྱང་ཤར་རམ། ལྷོ་ནུབ་ཏུ་ཞི་བ་ལ་དྲིའི་མཎྜལ་ཟླུམ་པོ་དང་། ཁྲོ་བོ་ལ་ཞིང་ལྤགས་ལ་ཆོས་འབྱུང་དང་ཟླ་གམ་བྲིས་པའི་ཁར་སྔར་གྱི་ཚོགས་ཕུད་ཆ་བཞི་པ་གཙང་ལྷག་ལ་བསྒྲལ་བའི་ཕྱེད་ཆ་བསྣན་པ་དང་། གཙང་ལྷག་བཅས་གོང་འོག་གི་ཚུལ་དུ་བཤམས་ལ། ཕུད་ཀྱིས་ཡར་གྱི་གནས་བདུན་མཆོད། དཔལ་ཆེན་པོ་དང་རྣལ་འབྱོར་པའི་གཙང་ལྷག་གིས་ཡར་གྱི་གནས་བདུན་མཆོད། ཅེས་གསུངས་པས། ལྷག་མའི་དཀྱིལ་འཁོར་ཕྱི་ཁྱམས་མཐིང་ནག་གྲུ་གསུམ་འབྱམས་ཀླས་པའི་ནང་དུ་གཞལ་ཡས་ཁང་སྒོ་དང་བཅས་པར། རིགས་ལྔ། གནས་ཡུལ། སྒོ་མ་སྟེ་ཡར་གྱི་གནས་བདུན་ཞེས། ངོ་མཚར་ཚོགས་ཀྱི་ལྷ་སུམ་བཅུ་བསྐྱེད། ལྷག་གཏོར་ཟླ་བ་ལ་གནས་པའི་ༀ་གྱིས་འཕྲོ་འདུས་གསང་བའི་ལོངས་སྤྱོད་འདོད་ཡོན་བདུད་རྩིའི་ཕུང་པོར་བརླབས། མཁའ་འགྲོ་གིང་ལིང་སོགས་མར་གནས་བདུན་པོར་བཅས་ཏེ་སྙན་གསན་དབབ་ལ་སྤྱུགས་པའི་སྒྲ་དང་། འདོད་རྒྱལ་རྒྱས་སྤྱན་དྲང་ནས་ཕྱི་ཁྱམས་གྲུ་གསུམ་པའི་ནང་དུ་བྱ་ནག་ཐང་ལ་བབས་པ་ལྟར་ཐིབས་ཀྱིས་བྱོན་པར་བསམ། ཧེ་རུ་ཀའི་རྡོ་རྗེའི་ཁྱུང་གཤོག་རྒྱས་ཟིལ་གྱིས་མནན། པདྨའི་སྔགས་རྒྱས་གདན་འབུལ། རྟ་གདོང་གི་སྔགས་རྒྱས་དབང་དུ་བྱས། མགྲོན་རྣམས་རིགས་སོ་སོའི་ཚོམ་བུ་ལྔར་བཞུགས་པ་ལ་སྤྱི་མཆོད། སྨན་རཀ་ཀྱང་སྦྲེངས། རྒྱུ་མཚན་བསྒྲགས་པས་ངེས་ཤེས་བསྐྱེད། །བྱེ་བྲག་ཕུད་གཏོར་དམེ་གཏོར་དུ་མར་བླུགས་ཏེ་ཕུད་ལྷག་མཚམས་སྦྱར། དེ་ཡང་ཞི་རྒྱས་དབང་གསུམ་ལ་མར་བསྲེ། དྲག་པོ་ལ་ཡར་བསྲེ་ཞེས་ཀྱང་གསུངས། སློབ་དཔོན་ལྟ་དགོངས་དང་ལྡན་ན་གཙོ་བོའི་ང་རྒྱལ་ལ་གནས་པས་ཡ་རྐན་རྟ་མགྲིན་དང་། མ་རྐན་རྣལ་འབྱོར་མར་གསལ་བའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་བདུད་རྩི་དབབ་པར་མོས་པས་ཁ་ཕྲུ་གདབ། དཀྱུས་མ་ལ་སྨན་རཀ་འཐོར་བས་ཆོག་ཅིང་བྱིན་གྱིས་རློབས། དུས་མཚན་དང་གདོང་ཐུག་སྲུང་ཕྱིར་མེ་སྒྲོན་གཟུགས། མར་གནས་རྣམས་ཀྱི་མཚན་ནས་སྨོས་ཏེ་མཆོད་ཅིང་ཕྲིན་ལས་བཅོལ། མཐར་ལས་རྡོར་གྱིས་ཞྭ་ལྷམ་བཅས་ཏེ། སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་ཅུའི་སར་སྲིན་མོ་ཟ་ལམ་ཡིན་པས་དེར་བསྐྱལ་ལ་གཏོར་གཞོང་བཤལ། བཤལ་ཆུ་བསྔོ་རྒྱུའི་སྲོལ་འདི་མི་དགོས་པར་གསུངས། མཐར་ཡར་གནས་ཀྱི་རིགས་ལྔ་རང་ལ་བསྡུ། མགྲོན་གཞན་གཤེགས་ཤིང་དལ་བསྡུའོ། །ཡང་འདྲ་མིན་ཅུང་ཟད། ཡང་དག་དཀྱིལ་ཆོག་ལས། ལྷག་གཏོར་ཡར་གྱི་གནས་བདུན་གྱི་ལྷ་བཀྲ་ལམ་གྱིས་གསལ་བར་དམིགས། གཏོར་མའི་ལྷ་ཚོགས་ལས་མཆོད་སྤྲིན་སྣ་ཚོགས་སུ་ཤར་བས་ལྷ་རྣམས་མཆོད་པར་བསམ་ཞིང་། གཏོར་མའི་ལྷ་རྣམས་རང་ལ་བསྟིམ་ནས་གཏོར་མ་བདུད་རྩིའི་རྒྱ་མཚོ་འཁྱིལ་བར་བསམ། དེ་ནས་ཡར་གནས་བདུན་པོ་སྤྱན་དྲངས་ལ། རིགས་ཀྱི་ཚོམ་བུ་ལྔར་མཆོད་ཅིང་། དམེ་གཏོར་ལ་ཁ་ཕྲུ་བཏབ་ནས་བསྔོ་བར་གསུངས། ཡང་ཞི་བའི་སྐབས་སུ་ལྷག་དཀྱིལ་གདན་དང་བཅས་པའི་ནང་གི་དབུས་དང་ཕྱོགས་བཞིར་རིགས་ཀྱི་ཡབ་ལྔ་བསྐྱེད་ཅིང་། གཏོར་མ་བྱིན་གྱིས་རླབས། མཁའ་འགྲོ་སུམ་ཅུ་རྩ་གཉིས་སྤྱན་དྲངས་ཏེ་རིགས་ལྔ་ལ་འགྲིལ་བར་བསམ་ཞིང་། མེ་ཏོག་སོགས་ཀྱིས་མཆོད་ནས་གཏོར་མ་ཕུལ། དེ་ནས་མར་གནས་ལ་བསྔོ་ཚུལ་ཀྱང་གསུངས་སོ། །གཏེར་ཕྱོགས་འགའ་ནས་མར་གནས་ལ་བསྔོ་ཚུལ་ཙམ་ལས་མི་འབྱུང་བའང་སྣང་ངོ་། །གང་ལྟར་ཡང་སྒྲུབ་པ་ཞག་གྲངས་ལྟ་བུའི་ཚེ་དཀྱིལ་འཁོར་གྱི་བྱང་ཤར་དུ་ལྷག་བཙོན་གཏའ་མར་འཛིན་པ་ནི་ལས་མྱུར་བའི་ཆེད་ཡིན་ནོ། །སྐབས་འདིར་ཡར་གནས་བདུན་ནི། གལྤོ་ཆེ་ལས། དབྱིངས་ནས་རྣམ་པར་བསྐུལ་བ་དང་། །བྱིན་གྱིས་ཡང་དག་བརླབས་པ་དང་། །ཐབས་ཆེན་ཡབ་ཏུ་བསྟན་པ་དང་། །ཤེས་རབ་ཡུམ་དུ་གནས་པ་དང་། །ཁྲོ་བོ་ཀོ་རི་བརྒྱད་རྣམས་དང་། །ཡུལ་གྱི་ཕྲ་མེན་ཆེན་མོ་དང་། །ཡེ་ཤེས་སྒོ་མ་བཞི་པོ་རྣམས། །ཡར་གྱི་གནས་བདུན་དཀྱིལ་འཁོར་ཏེ། །ཞེས་དང་། མར་གནས་བདུན་ནི། རྫུ་འཕྲུལ་མཁའ་ལ་འགྲོ་བ་སུམ་ཅུ་གཉིས། །སྦྱོར་དང་སྒྲོལ་ལ་དགའ་བའི་གིང་ཆེན་བརྒྱད། །ལངྐ་ཚར་གསུམ་རྟོགས་ཚད་འབུལ་བ་དང་། །ལུས་ངག་ཡིད་གསུམ་གནོད་པའི་འབར་མ་བརྒྱད། །བདུད་སྲིན་མ་མོ་བདུན་དང་སྲིང་མོ་བཞི། །དྲུག་ཅུ་རྩ་བཞི་ཕོ་ཉའི་གནས་རྣམས་ཏེ། །ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན ། །ཉི་ཤུ་རྩ་བརྒྱད་ཕུད་ལྷག་གཉིས་ལ་དབང་། །ཞེས་སོ། །དམིགས་བསལ་ཚོགས་བརྒྱ་གྲངས་བསགས་ལྟ་བུའི་ཚེ་ནི། བྱིན་རླབས་ནས་བཟུང་ལྷག་མའི་མཐར་ཐུག་གི་བར་བསྐྱར་ཟློས་བྱ་བ་ཡིན་ཀྱང་། དྲངས་བ་ནི་རྗེས་མར་ལན་གཅིག་ཏུ་བྱས་པས་འཐུས་སོ། །ཡང་སྨིན་གླིང་ཕྱག་སྲོལ་ལྟར་དྲངས་བའང་སློབ་དཔོན་ལ་འབུལ་ཚུལ་དང་། བཞེས་པའི་མོས་པ་བྱས་མཐར། དེ་མ་ཐག་ལྷག་མ་དང་ལྷན་དུ་བསྔོ་ཚུལ་གྱི་ཕྱག་སྲོལ་ཀྱང་སྣང་ལ། དེ་ལྟར་དྲངས་བའང་གྲངས་བསགས་ན་ལེགས་ཞེས་ཀོ་ཤིའི་དགེ་བཤེས་གསུངས་སོ། །དེ་ལྟ་བུའི་ཚོགས་འཁོར་དེ་ནི་ཚིམ་པ་དྲུག་ལྡན་དུ་གསུངས་ཏེ། ཚོགས་ཞིང་རྣམས་མཆོད་པས་ཚིས་པ་དང་། རྣལ་འབྱོར་པ་རྣམས་རྡོ་རྗེའི་བཟའ་བཏུང་གིས་ཚིམ་པ་དང་། ཡེ་ཤེས་ཀྱི་འཁོར་ལོ་བདུད་རྩིའི་དྭངས་མས་ཚིམ་པ་དང་། ལུས་དཀྱིལ་གྱི་ལྷ་བདེ་སྟོང་གི་ཡེ་ཤེས་ཀྱིས་ཚིམ་པ་དང་། ཕྱི་ནང་གི་མཁའ་འགྲོ་རྣམས་གླུ་དབྱངས་ཀྱིས་ཚིམ་པ་དང་། དྲེགས་པ་ལས་བྱེད་ཀྱི་འབྱུང་པོ་རྣམས་གཏོར་མས་ཚིམ་པ་དང་དྲུག་ལྡན་ནོ། །ཞེས་འཇིགས་གླིང་གསུངས་སོ། །མཐར་ཚོགས་མགྲོན་ཡེ་ཤེས་པ་གཤེགས། །དམ་ཚིག་པ་རང་ལ་བསྡུ་ཞིང་། རང་གཙོ་བོའི་ཐུགས་ཀར་ཐིམ་པར་བསམ་མོ། །ཡང་ན་ཆོ་གའི་རྗེས་ཆོག་དུས་ལྷན་ཅིག་གཤེགས་བསྡུ་བྱས་ཀྱང་རུང་ངོ་། །ཕན་ཡོན་ནི། རྡོ་རྗེ་དྲ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པ་འགྱུར། །ཞེས་གསུངས་པས། བསྒྲུབ་བྱ་རྣམས་མཉེས་ཤིང་། སྒྲུབ་པ་པོའི་ཚོགས་གཉིས་རྫོགས་པ་དང་། དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་ནས་ཧེ་རུ་ཀ་དང་སྐལ་བ་མཉམ་པར་འགྱུར་བའོ། །གཞན་ཡང་སྐབས་འདིར་བསྒྲལ་ལས་ཀྱི་དམིགས་དོན་ཅུང་ཟད་བཀྲལ་བ་ལ། སྤྱིར་བསྒྲལ་བྱ་མཆོག་ཆེན་མཆོག་ཕྲན་ལ་བཞེད་ཚུལ་མང་ཡང་། སྤྱི་ཙམ་ལ། མཆོག་ཆེན་བཀྲ་ཤིས་དག་པའི་ཞིང་ནི་སྐྱེ་བ་བདུན་པའི་མི་དང་། མཆོག་ཕྲན་སྙིང་རྗེའི་ཞིང་ནི་ཞིང་བཅུ་དང་། ཉམས་པ་བདུན་དུ་གཏོང་བའི་དགྲ་བགེགས་ཡིན་ལ། དེ་ལ་ཞིང་བཅུ་ནི། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་ཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱི་དང་དུ་བླངས། །ཞེས་སོ། །ཉམས་པ་བདུན་ནི། དམ་ལས་ཉམས་པས་སློབ་དཔོན་མཆེད་ལ་བརྙས། །བཀའ་ལས་ཉམས་པས་ལས་འབྲས་ཁྱད་དུ་བསད། །དོན་ལ་ཉམས་པས་བདེན་གཉིས་ཁྱད་པར་བལྟ། །ལས་ཀྱིས་ཉམས་པས་ཉེས་མེད་རྣམས་ལ་འཇུག །མཚན་མས་ཉམས་པས་ཆོས་ལ་ཕྱོགས་རིས་བཟུང་། །འདོད་པས་ཉམས་པས་ཁྲེལ་མེད་འཕྲོག་བཅོམ་བྱེད། །ལོག་པས་ཉམས་པས་སེམས་ཅན་སྡུག་ལ་སྦྱོར། །ཞེས་པ་ལྟར་རོ། །དེ་ལྟ་བུའི་དགྲ་བགེགས་གང་ཡིན་གྱི་དམིགས་པའི་རྟེན། ཟན་ལིང་ཉ་བོ་མཚན་ཉིད་དང་ལྡན་པ། འཁོར་བ་རུ་ལོག་པའི་རྟེན་འབྲེལ་དུ་མགོ་བོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་གན་རྐྱལ། ཡང་ན་འཁོར་འདས་ལ་སྡུན་རྒྱབ་ཚུལ་དུ། མགོ་བོ་རྒྱབ་དང་། གདོང་པ་རང་ལ་བསྟན་ཏེ་རཀྟ་བྲན། རང་ཉིད་སྲུང་བའི་རྫོང་མཁར་དུ་ཞུགས། བཟློག་པ་རྡོ་རྗེའི་དཔུང་བཤམས་ནས། ལུས་ལྷ་སྐུ། ངག་བརྗོད་བྲལ། སེམས་སྐྱེ་མེད་དུ་དཔའ་བ་སྟེ་དཔའ་གསུམ། ལྟ་བ་མཐའ་བྲལ། སྒོམ་པ་བློ་འདས། སྤྱོད་པ་ཤུགས་འབྱུང་གི་གདེང་སྟེ་གདེང་གསུམ། རིག་པ་མདུང་ལས་རྣོ་བས་ཕྱི་ཡི་དྲེགས་པ་འབིགས་པ། རིག་པ་གསེར་བརྡར་ལྟ་བུས་ནང་གི་ཉོན་མོངས་གཅོད་པ། རིག་པ་རླུང་ཤུགས་ལྟ་བུས་རྣམ་རྟོག་སྤྲིན་ཕུང་གཏོར་བའི་ངར་གསུམ་དང་དགུ་པོ་ཚང་བས་གཟིར་བྱ་དགྲ་བགེགས་གང་ཡིན་དངོས་སུ་གསལ་ཞིང་དགུགས་བསྟིམ་བགྱིས་ཏེ་ལྟ་བ་ཆོས་ཉིད་ཀྱི་རྫོང་། སྒོམ་པ་ཏིང་འཛིན་གྱི་འཕྲང་། སྤྱོད་པ་སྙིང་རྗེའི་སྲོག་དང་ལྡན་པས་སྒྲོལ་བའི་ལས་ལ་འཇུག་སྟེ། རྒྱུད་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཞེས་པ་ལྟར། གཞི་ཡི་ཀུན་སློང་སྙིང་རྗེ་དང་། དུས་ཀྱི་ཀུན་སློང་ཞེ་སྡང་བར་མ་ཆད་པའི་ངང་ནས། མི་ལྡོག་པའི་གནད་རང་ཉིད་ཧེ་རུ་ཀར་གསལ། མི་སྡུག་པའི་གནད་ཕུར་བུ་སྲས་མཆོག་ཏུ་གསལ། མི་འབྱམས་པའི་ཕྱིར་ལིང་ག་གཟས་པོ་དངོས་སུ་གསལ་ལ། ཚེ་ཁྲུས་ནི། དམིགས་བྱའི་སྙིང་ནང་དུ་རྣམ་ཤེས་སྲོག་གི་དངོས་པོ་ཁྲག་གི་དྭངས་མ་བྱེའུ་ལེབ་མའི་མགོ་ཙམ་གྱི་དབུས་ན། ཚེ་བརྟེན་ཨ་དཀར་པོ་འོད་ཀྱི་རང་བཞིན་གྱི་ཐིག་ལེའི་ནང་དུ། རྣམ་ཤེས་ཀྱི་རྟེན་སྲོག་ཡིག་ཎི་ལྗང་དགུ་ཡོད་པ་དེ་ལ། ཕུར་བུའི་རྩེ་མོར་ཧཱུྃ་གསུམ་དང་དེའི་འོག་ཏུ་ཕཊ་གསུམ་གསལ་བ་དེ་དག་སྙིང་གའི་ཚེ་རྟེན་ལ་བཏབ་པས། ཎི་ཨར་བཅས་ཕུར་རྩེར་དཀར་མེར་གྱིས་འདུས་པ་དེ། ཕུར་རྩེ་ཚུལ་བསྟན་པས་ཨ་དེ་ཉིད་རང་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་རང་ཉིད་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ་པ་ནི་ཚེ་ལུང་ངོ་། །སྲོག་ཡིག་ཎི་དེ་ཕུར་རྩེའི་ཧཱུྃ་གསུམ་ལ་ཐིམ་པས། འོག་གི་ཕཊ་གསུམ་གྱིས་འཕང་བས་འོག་མིན་དུ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་པར་བསམ། ཧཱུྃ་གསུམ་པོ་དེའི་ནང་ནས་ཀུན་གཞིའི་ཧཱུྃ་སྔོན་པོ་དེ་ཐུགས་སྲོག་གི་ཧཱུྃ་དང་བཅས་པ་འོད་དུ་ཞུ་ནས། ཉོན་ཡིད་ཧཱུྃ་དམར་པོ་དང་བཅས་མགྲིན་པའི་ཨཱཿལ་ཐིམ། ཨཿདང་ཡིད་ཤེས་ཀྱི་ཧཱུྃ་དཀར་པོ་གཉིས་སྤྱི་བོའི་ༀ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་གཅིག་ཏུ་འདྲེས་པ་སྒལ་ཚིག་གི་རྟ་ལ་བརྒྱུད་དེ་ཡུམ་གྱི་མཁར་བབས་པས་རྒྱལ་བའི་སྲས་སུ་སྐྱེས་པར་བསམ་པ་ནི་ཁྲུས་ལུང་ཡིན་ནོ། །དེ་ནས་སྙིང་མའི་ལུས་རྟེན་ཕོའི་རྐང་པ་གཡས་ནས་དང་། མོའི་རྐང་པ་གཡོན་ནས་རིམ་པས་གཏུབ་སྟེ་བདུད་རྩི་བྲན་ལ། ཟ་བྱེད་པདྨའི་གིང་མོ་སྤྲུལ་པ་དང་བཅས་པས་བསྒྲལ་མཆོད་རྣམས་སྟང་སྟབས་གར་དང་བཅས་ཏེ་དཀྱིལ་འཁོར་ལྷ་ལ་སྟབས་པས་དགྱེས་ཤིང་རོལ་པར་བསམ་ལ། ཆ་གཅིག་བཟློག་གཏོར་ལ་བསྟབ། ཆ་གཅིག་བཟློག་བསྐུལ་ཚེ་འབུལ། ཆ་གཅིག་ལྷག་གཏོར་གཙང་དམེ་ལ་བསྲེ་ཞིང་སྨིན་གླིང་གཏེར་ཆེན་གསུངས་པ་ལྟར་རོ། །དེ་ལྟར་ཚེ་བཅུད་ཀྱིས་བདག་འཚེང་། རྣམ་ཤེས་སྤར་བས་དགྲ་འཚེང་ཤ་ཁྲག་སྟབས་པས་ལྷ་སྟེ། འཚེང་པ་གསུམ་གྱི་བསྒྲལ་འབྲས་དང་ལྡན་པས། ལྷ་རྟེན། ལུས་སེམས། ཤ་རུས་ཏེ་ཁ་སྦྱོར་གསུམ་པོ་དབྱེ་བ་ནི་བསད་པའི་ལས་ཀྱི་ཆོ་གའོ། །དེ་ལྟ་བུའི་མངོན་སྤྱོད་ཕྲིན་ལས་ཀྱི་གཙོ་བོ་བསྲུང་བཟློག་བསད་གསུམ་གྱི་མཐའ་ནི། བསྲུང་བ་ལ་མནན་པ། བཟློག་པ་ལ་འཕང་བ། བསད་པ་ལ་བསྲེག་པས་མཐའ་བསྡུ་བར་བྱ་ཞེས་ཀོང་སྤྲུལ་གསུངས་སོ། །བསྐུལ་བའི་དུས་གཏོར་མ་ལྷར་གསལ་བ་ལ་སྨན་རཀ་བྲན་པས་ཐུགས་རྒྱུད་བསྐུལ་ཏེ། ཆོས་སྐུ་ཞི་བ་ཆེན་པོའི་དབྱིངས་ནས། འགྲོ་བའི་དོན་ཕྱིར་གཟུགས་སྐུ་ཁྲོས་པའི་ཚུལ་གྱིས་བཞེངས་ནས་ཕྲིན་ལས་གཡེལ་བ་མེད་པའི་ལས་ལ་རྔམས་ཤིང་རང་བར་བསམ་མོ། །ཆད་ཐོའི་སྐབས་སུ་ཡང་སྨན་རཀ་བྲན་པས་བྱིན་གྱིས་རླབས་ཤིང་རྒྱུན་པར་ནི་ཕོ་མོ་མ་ནིང་གི་རྒྱུད་གསུམ་གྱི་དམ་ཅན་རྣམས་ལ་གཏོར་འབུལ་གྱི་ཚུལ་དུ་མཆོད། དམིགས་བསལ་དུ་དྲག་པོའི་དུས་ཟོར་དུ་འཕང་ངོ་། །གཏོར་གཞོང་བཤལ་ཆུ་བརྟན་མའི་གཏོར་མར་བྲན་ལ། ཐུགས་ཀའི་འོད་ཟེར་གྱིས་བརྟན་མ་བཅུ་གཉིས་སྒྲུབ་ཁང་གི་ཕྱི་རོལ་དུ་སྤྱན་དྲངས་ལ་མཐུན་རྫས་ཀྱིས་མཉེས་པར་བྱས་ནས། ལས་རྡོར་གྱི་གོམས་པ་བདུན་ཅུའི་སར་ཕྱིན་ཏེ་གཏོར་མ་གཤེགས་ལ། མགྲོན་རྣམས་རང་གནས་སུ་གཏང་། གྲལ་མཐར་གཏོར་གཞོང་ཁ་སྦུབས་ལ་སྣོད་ཀྱི་འཇིག་རྟེན་ཨེ་གྲུ་གསུམ་དུ་དགྲ་འདྲེ་མནན་ལ། གཏོར་གཞོང་རི་རབ་ཀྱི་སྟེང་དུ། བཅུད་ཀྱི་སེམས་ཅན་རྟ་མཆོག་ཧེ་རུ་ཀར་གསལ། རྡོ་རྗེའི་བྲོ་བརྡུང་ནས་ལས་ཀྱི་མཐའ་སྡུད་བྱ་བ་ཡིན་ནོ། །གཞན་ཡང་འཕྲོས་དོན་ཕྲན་བུ་རྣམས་ནི། དགོངས་འདུས་ལས། སྒྲུབ་པ་མ་ཐོན་བར་གཞན་གྱི་གོས་མི་གྱོན་སྒྲུབ་པ་གཡེལཿ གདོན་ཅན་ལག་གི་ཟས་ཟོས་ན་ཁ་འགྱངཿ གདན་མི་སྤོ་དྲོད་རྟགས་ཡལཿ གཞན་ལ་སྲུང་སྐྱོབ་བྱེད་ན་ནུས་པ་ཉམསཿ གོས་རྙིང་པ་དང་ལུས་བཀྲུས་ནས་དངོས་གྲུབ་ཡལཿ སྐྲ་སེན་བྲེག་ན་སྔགས་ཀྱི་ངར་ཉམསཿ གཞན་དང་ངག་བསྲེས་ན་སྔགས་གྲངས་སུ་མི་འགྲོཿ ཁྱད་པར་དམ་ཉམས་སྡིག་ཅན་དང་གྲིབ་ཅན་སོགས་ལ་ངག་མི་བསྲེཿ སྐད་གསང་མཐོན་པོའི་བཟླས་ན་ནུས་པ་ཉམས་ཤིང་འབྱུང་པོ་ཕྲ་མོ་བརྒྱལ་བས་ཤུབ་བུར་བཟླཿ གན་རྐྱལ་གྱིས་བྲང་སྟེང་ཕྲེང་བ་མི་བགྲངཿ ཕུས་མི་གདབཿ མཚམས་ཁང་ནས་ཆོས་བཤད་ན་གྲུབ་རྟགས་མི་ཐོནཿ དམ་བཅའ་རིང་པོར་བྱས་ན་བར་ཆད་སྡང་བས་ཐུང་ངུའི་ཡུན་བསྲིངཿ མཆིམ་སྣབས་བསད་བཟློག་གི་དུས་མ་གཏོགས་ཕྱིར་མི་དོར་སྔགས་ལ་དམ་སེལ་འཇུགཿ འགྲིལ་ལམ་དུ་མི་འ དོར་ངག་ནོན་འགྲོཿ ཉིན་པར་མི་གཉིད་སྐྱོན་མངཿ ཟག་པ་མིས་མཐོང་སུ་དང་འགྲིམ་ལམ་དུ་མི་དོརཿ སྒྲུབ་རྫས་གཞན་ལ་མི་བསྟནཿ དངོས་གྲུབ་ཀྱི་རྫས་མི་སྦྱིནཿ ཚར་ན་གཏོང་རག་མཆོདཿ མཚམས་ཧར་འདོན་མི་བྱཿ རྣམ་གཡེང་དང་སྒོ་གསུམ་འཁྲུག་ཅིང་གཟེང་བའི་ལས་མི་བྱ་སྟེཿ ཐ་མལ་གྱི་བྱ་བས་གཡེང་བ་ནི་ངན་དྲེད་དང་། དགེ་ཕྱོགས་གཞན་ལ་གཡེང་བའང་བཟང་དྲེད་དུ་གསུངས་སོ། །ཡང་སྔགས་བཟླ་དུས་ལྕེ་མ་བདེ་ན། ཁྲུས་དང་གཙང་སྦྲ་དག་པའོ། །པི་པི་ལིང་ངམ་ན་ལེ་ཤམ་གྱི་ཕྱེ་མ། ལྕེ་ཡི་བད་ཀུན་ལེགས་པར་བཞར་ནས་ཐུན་རེ་བླུགས་ལ་སྲིན་ལག་གིས་ལྕེའི་སྟེང་གི་ཟུར་ཐམས་ཅད་ལ་ཁྱབ་པར་བྱུག །དེ་འདྲ་ནང་མ་འགར་བྱས་པས་ཕན་པར་འགྱུར་རོ། །རྒྱུན་པར་མཆོད་པ་ཁ་གསོ་བ་ལས་མི་བརྗེ། དུས་ཆེན་རྣམས་སུ་མཆོད་པ་རྙིགས་པ་རྣམས་ཕྱིར་མི་དོར་བ་ཕྱོགས་གཅིག་ཏུ་བསྡུས་ཏེ་གསར་དུ་བརྗེ་བར་ཡང་མཛད། གཏོར་མ་དང་མཆོད་པ་རྣམས་བཤམས་མ་ཐག་བྱིན་རླབས་མ་བྱས་ན་བགེགས་འཇུག་པས་ཆབ་གཙང་བྲན་ཏེ་བྱིན་གྱི་རླབས། རང་དང་གཏོར་མའི་བར་མ་ཆོད་པར་བྱ་ཞིང་། རྒྱང་རིང་དང་། སྟེགས་མེད་དང་། ཡོན་པོ་དང་། གོང་འོག་གི་གོ་རིམ་འཆོལ་བ་སོགས་མི་བྱ། རྩར་སྣོད་སྟོང་མི་བཞག །གཏའ་གཏོར་གཟུང་བས་ལྷ་དང་དངོས་གྲུབ་འདུ། ཆོས་སྐྱོང་གཏོར་མ་ནི་ནང་མོ་བཟུང་ལ་དགོང་མོར་བཏང་བས་ལས་མྱུར་དངོས་གྲུབ་སྟེར། གཏོར་མ་གཏོང་དུས་ཞལ་ཕྱིར་མི་སྟོན། ཕྱི་རོལ་གཏོར་སྟེགས་ལ་ཞལ་ནང་བསྟན་དུ་འབུལ། གཏོར་གཞོང་ཡང་ཁ་ཕྱིར་མི་སྟོན་ཞིང་སྒྲུབ་པ་མ་ཐོན་བར་དུ་མི་བཤལ། ཟོར་དུས་གཏོར་ཞལ་ཕྱིར་སྟོན་ཞིང་གླུད་དང་ལན་ཆགས་སོགས་ཀྱི་གཏོར་གཞོང་ཀྱང་བཤལ། སྤྱིར་ཞི་བའི་གཏོར་མ་ཟོར་དུ་མི་འཕེན། རྒྱས་པ་དང་དབང་གི་གཏོར་མ་རིང་དུ་མི་བསྐྱལ། ལམ་ཞུགས་བར་ཆད་སེལ་ཕྱིར་འགྲོ་ཕྱོགས་སུ་གཏོང་། འཆི་བསླུ་ལན་ཆགས་ཀྱི་གཏོར་མ་ཕྱོགས་བཞིར་གཏོང་། བསྐྲད་པ་གེགས་སེལ་གྱི་གཏོར་མ་རྒྱང་རིང་བསྲེང་། དྲག་པོ་དགྲ་བགེགས་སྒྲོལ་བར་ཟོར་དུ་འཕེན། ཁྱད་པར་ཆོས་སྐྱོང་མཆོད་གཏོར་སོགས་ནི་བསང་ནང་ལྟ་བུར་བསྲེག་འབུལ་ནི་ཤིན་ཏུ་ཟབ། མིན་ཀྱང་མི་ཁྱི་ཕག་གསུམ་གྱི་ཟག་རྫས་མེད་པའི་གཙང་སར་བསྐྱལ་ལ་བཤལ། ཁྱི་དང་བྱི་བ་སོགས་མཆེ་དུག་ཅན་ལ་མི་སྟེར། གཞན་གྱི་ཆས་གཏོང་ལེན་མི་བྱ། གལ་ཏེ་ནང་དུ་འོང་དགོས་ན་ཕྱི་རོལ་དུ་ཞག་གིས་བར་ཆོད་པར་བྱ་ཞིང་རིམ་པས་འཇུག །དེ་ཚེ་སྔ་རོལ་དུ་རྨི་ལམ་སྣ་ཚོགས་འོང་ན་འཁྲུལ་སྣང་ཡིན་པས་ཏིང་ངེ་འཛིན་གཟིར། རྗེས་སུ་བྱུང་ན་གྲིབ་ལྷོང་ཡིན་པས་ཡི་གེ་བརྒྱ་པར་འབད། ཅེས་སོགས་གསུངས་སོ། །ཡང་ཆོ་གའི་གཞུང་འགལ་ནས་འབྱུང་བའི་སྔགས་དོན་བཤད་པ་ལ། ཨེ་ནི་འདིར། ཨ་རུ་ལི་ནི་རོལ་པ། ཧྲཱིང་ཧྲཱིང་ནི་འདུས་ཤིག་ཅེས་པའི་བརྡ་སྐད་དོ། །ས་མ་ཡ་ནི་དམ་ཚིག །ཏིཥྛ་ནི་བརྟན་པ། ལྷན་ནི་བཞུགས་ཞེས་པའོ། །མ་ཧཱ་སུ་ཁ་ནི་བདེ་བ་ཆེན་པོ། པཱུ་ཛ་ནི་མཆོད་པར། ཧོ་དགྱེས་པར་མཛོད་ཅིག་པའོ། །སརྦ་པཉྩ་ཨ་མྲྀ་ཏ་ཐམས་ཅད་བདུད་རྩི་ལྔར། ཁ་རམ་སྟོབས་པ། ཁ་ཧཱི་གསོལ་ཅིག་པའོ། །མ་ཧཱ་རཀྟ་པཱུ་ཙ་ཁ་ཧཱི་ནི་ཁྲག་ཆེན་གྱི་མཆོད་པ་གསོལ་ཅིག་པའོ། །བྷོ་དྷི་ཙིཏྟ་བྱང་ཆུབ་སེམས། མ་ཧཱ་སུ་ཁ་བདེ་བ་ཆེན། དྷརྨ་དྷརྟུ་ཆོས་ཀྱི་དབྱིངས། མ་ཧཱ་པཱུ་ཛ་མཆོད་པ་ཆེན་པོ། ༀ་བཛྲ་ཨ་མྲྀ་ཏ་ཀུནྚ་ལི་ཧ་ན་ཧ་ན་ཧཱུྃ་ནི་རྡོ་རྗེ་བདུད་རྩི་འཁྱིིལ་པ་སྣུན་སྣུན་ཞེས་པའོ། །སརྦ་ཤ་ཏྲུཾ་དགྲ་ཐམས་ཅད། མཱ་རུ་ཡ་རྦད་སོད་ཅིག་པའོ། །ཨ་སྐྱེ་མེད། ཧོ་དགྱེས་པ། མ་ཧཱ་ཆེན་པོ། སུ་ཁ་བདེ་བའོ། ཡང་ཨ་བ་བྷྲཾ་ཤའི་སྐད་དུ། ཨ་ལི་བཟའ་བ། ཨུ་ལི་བཏུང་བ། ཏ་ལི་བཅའ་བ། ཏ་པ་ལི་བགོ་བའོ། །གཞན་ཡང་དགེ་སྦྱོར་འགྱུར་ཆེ་བ་ལ། ཟླ་བའི་དུས་ཆེན་བཞི་ནི། དགུན་ཐ་མཆུ་ཟླ་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ཆེན། དཔྱིད་ཐ་སུ་ག་ཧོར་ཟླ་བཞི་པའི་ཚེས་བདུན་ལ་བལྟམས་པ་དང་། བཅོ་ལྔ་ལ་བྱང་ཆུབ་པ་དང་མྱ་ངན་ལས་འདས་པའི་དུས་ཆེན། དབྱར་འབྲིང་ཆུ་སྟོད་ཟླ་བ་ཧོར་ཟླ་དྲུག་པའི་ཚེས་བཞི་ལ་ཆོས་འཁོར་བསྐོར་བ་དང་། བཅོ་ལྔ་ལ་ལྷུམས་སུ་ཞུགས་པའི་དུས་ཆེན། སྟོན་འབྲིང་དབྱུག་པ་ཟླ་བ་ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་ལྷ་ལས་བབས་པའི་དུས་ཆེན། དེ་དག་གི་ཟླ་བ་རིལ་པོར་དུས་ཆེན་ཡིན་ནོ། །ཡང་དཔྱིད་འབྲིང་ནག་པ་ཟླ་བ་ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་དུས་འཁོར་གསུངས་པ་དང་། བཅོ་ལྔ་ལ་ཤེར་མདོ་སོགས་རྒྱུད་མང་པོ་གསུངས་པའི་དུས་སོ། །རྒྱུན་པར་ཉ་སྟོང་ཚེས་བརྒྱད་རྣམས་ནི། སྣང་མཐའ། ཤཱཀ་ཐུབ། སྨན་བླ་རྣམས་ཀྱི་དུས་ཆེན་ཞེས་གསུངས་སོ། །ཡང་ལོ་ཆེན་དྷརྨ་ཤྲཱིས། ཕྱི་ལྟར་ན་ཚེས་བརྒྱད། བཅུ་བཞི། བཅོ་ལྔ་གསུམ། གནམ་སྟོང་རྣམས་ལ་རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཛམ་བུ་གླིང་དུ་ཉུལ་བའི་དུས་བཟང་པོ་དང་། ནང་ལྟར་ན་སྔགས་གཞུང་ལས། ཡར་ངོའི་ཚེས་བརྒྱད། བཅུ་བཞི། བཅོ་ལྔ་གསུམ། མར་ངོའི་ཉི་ཤུ་ལྔ། ཉི་ཤུ་དགུ། གནམ་སྟོང་གསུམ་སྟེ། དེ་དག་གི་ཚེ་ཕྱིའི་གནས་གསུམ་མཁའ་འགྲོ་རྣམས་རྒྱུ་ཞིང་། ནང་དུ་རྩ་རླུང་གི་རྒྱུ་བ་ཁྱད་པར་ཅན་གྱི་དུས་སུ་དང་། ཁྱད་པར་ཚེས་བཅུའི་ཉིན་མོ་དང་། ཉི་ཤུ་ལྔའི་མཚན་མོར་སྒྲུབ་པ་པོའི་གནས་སུ་མཁའ་འགྲོ་གྲུབ་པ་ཅན་རྣམས་འདུ་བས། ལས་གང་རྩོམ་ཀྱང་འགྲུབ་པའི་ཕྱིར་དུས་དེ་རྣམས་སུ་འབད་དོ། །ཞེས་གསུངས་སོ། །དོན་གསུམ་པ་རྗེས་ཀྱི་ཆོ་ག་ནི། སྒྲུབ་པ་ཐོན་པའི་དུས་ཤིས་པའི་ཉིན་པ་ལྟ་བུར་གྲོལ་རྒྱུའི་དོ་ནུབ་ཀྱི་ཕྱི་ཐུན་མགོ་ནས་མཆོད་གཏོར་གསར་པ་དང་། གཞན་ཡང་མཆོད་རྫས་ཚོགས་ཀྱི་ཡོ་བྱད་སོགས་བཟང་ཞིང་གྱ་ནོམ་པ་བཤམས། ཚོགས་དང་བསྐང་བཤགས་སོགས་རྒྱས་པར་གཏོང་། ཕྱི་ཉིན་གྱི་ཐོར་ཐུན་ལ་སྔ་བར་ལངས་ཏེ་ཆོ་ག་གཞུང་དཀྱུས་ལྟར་བཏང་ནས། ཚོགས་བསྐང་དང་། གཏོར་བསྔོ་བྱས་རྗེས། ཆོས་སྐྱོང་གཏོར་མ་རྒྱུན་བཞག་རྣམས་མེ་ལ་འབུལ་བའམ་གཙང་སར་གཤེགས་ནས། ཆད་བསྟན་རྟ་བྲོ་བཅས་བྱ་ཞིང་། དེ་ནས་དངོས་གྲུབ་ལེན་པའི་དུས་མཆོད་པ་རྣམས་ཁ་གསོ། རང་གི་མདུན་དུ་ཀ་པཱ་ལ་ཆང་དང་ཆོས་སྨན་དཀར་ཆོལ་གྱིས་གང་བ་བཤམས། རྒྱུན་བཞག་གི་སྣང་གསལ་སྦར་ཏེ། བགེགས་གཏོར་བསྔོ་ཞིང་བགེགས་བསྐྲད། སྲུང་འཁོར་བརྟན་པར་བསྒོམ། མཆོད་པ་བྱིན་རླབས། བྱིན་འབེབས་ཀྱི་མཐར། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འབྲུ་གསུམ་དང་། བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ། གཏོར་མ་དང་བདུད་རྩི་ལ་ཆར་བཞིན་དབབ་ཅིང་ཐིམ་པར་བསམ་ལ། གཙོ་འཁོར་ཡོངས་རྫོགས་ཀྱི་བསྙེན་པའི་མཐར། ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཏགས་པ་ཇི་རིགས་སུ་བཟླས་མཐར། སྐྱ་རེངས་ཤར་བའི་དུས་ལ་བབས་པ་ན། མཆོད་གཏོར་རྙིང་པ་སྐད་གཅིག་གིས་ལྷར་བསྐྱེད་པའམ། ཡང་ན་སྐབས་འདིར་ཡེ་ཤེས་ཀྱི་འཁོར་ལོ་ལོགས་སུ་ཕྱེས་ནས་གཏོར་མ་དང་དབྱེར་མེད་དུ་བྱས་ཏེ་ལྷར་ཤེས་པ་དེ་ཉིད་དབང་དང་དངོས་གྲུབ་ཞུ་བའི་ཡུལ་དུ་བྱས་ཏེ། ཐོག་མར་མཆོད་བསྟོད་བྱ། སྤྱི་བཤགས་ཡེ་ཤེས་སྐུ་མཆོག་དང་། རང་གཞུང་གི་བཤགས་ཚིག་རྣམས་ཀྱི་མཐར། ཡི་གེ་བརྒྱ་པ་ཉེར་གཅིག་བཟླས་པས་འཁོན་བཅུག་སྦྱངས་ཤིང་དམ་ཚིག་ཉམས་ཆག་བཤགས་ཏེ་དངོས་གྲུབ་གྱི་སྣོད་རྒྱུད་དག་པར་བྱ། དེ་ནས་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་ཇི་རིགས་དང་། གཏོར་མ་ལག་ཏུ་ཐོགས་ལ། དངོས་གྲུབ་བསྐུལ་བའི་ཚིག་རྣམ་བརྗོད་ཅིང་མོས་གུས་དྲག་པོས། བདག་དང་ཚེ་རབས་སྔོན་ནས་འབྲེལ་བའི་ལྷ་མཆོག་ཁྱེད་ཉིད་ད་ལྟ་ཡང་བསྙེན་ཅིང་སྒྲུབས་པའི་དམ་ཚིག་མཐར་སོན་ཏེ། སྒྲུབ་པའི་ཞག་གྲངས་ཐེབ་ནས་ནམ་ཡང་ལངས་པར་ཉེ་བས། དངོས་གྲུབ་རྩོལ་བའི་དུས་ལ་ད་ལྟ་བབས་པ་ལགས་ན། སྔོན་གྱི་ཐུགས་དམ་ཇི་བཞིན། མཁྱེན་བརྩེ་ནུས་པའི་བྱིན་རླབས་ཚད་མེད་པའི་སྒོ་ནས། འགལ་རྐྱེན་མི་མཐུན་པའི་ཕྱོགས་ཞི་བ་དང་། ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་སྤེལ་བ་དང་། སྲིད་ཞིའི་དཔལ་འབྱོར་དབང་དུ་འདུ་བ་དང་། དགྲ་བགེགས་བདུད་སྡེའི་འཚེ་བ་ཐམས་ཅད་ཚར་གཅོད་པ་སྟེ། ཕྲིན་ལས་བཞིས་བསྡུས་པའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པ་སོགས་ཐུན་མོང་དང་། ཁྱད་པར་དོན་དུ་གཉེར་བྱའི་གཙོ་བོ་སྤངས་རྟོགས་མཐར་ཐུག་པའི་འབྲས་བུ། དོན་གཉིས་ལྷུན་གྱིས་གྲུབ་པའི་བདག་ཉིད། ཡི་དམ་ལྷ་མཆོག་ཁྱེད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་དབྱེར་མི་ཕྱེད་པའི་བདེ་སྟོང་ཟུང་འཇུག་གི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བླ་ན་མེད་པ། དུས་ལས་མི་ཡོལ་བར་བདག་ད་ལྟ་ཉིད་དུ་སྩལ་དུ་གསོལ། ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པ་བྱུང་བས་བདག་ཉིད་ཀྱི་གནས་གསུམ་དུ་ཐིམ་པས་འདོད་པའི་དངོས་གྲུབ་ཐོབ་པར་བསམ་ལ། གཏོར་མ་གནས་གསུམ་དུ་གཏུག་ཅིང་དབང་བཞི་བླངས། དེ་ནས་གཏོར་མའི་ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ་ལ། གཏོར་རྫས་བདུད་རྩིར་བཏབ་སྟེ་བཏུང་བར་བྱ་ཞིང་། ཡི་དམ་གྱི་ལྷ་དང་སྐལ་བ་མཉམ་པའི་ངེས་ཤེས་དང་ལྡན་པར་བྱའོ། །ཡང་མདུན་བསྐྱེད་ཡོད་ཚེ། བདག་གི་ཡེ་ཤེས་པ་ལོགས་སུ་ཕྱེ་མི་དགོས་ཤིང་། དངོས་གྲུབ་ཀྱི་རྫས་ལག་ཏུ་ཐོགས་ལ། མདུན་བསྐྱེད་ཀྱི་ལྷ་ཚོགས་རྗེས་ཆགས་ཀྱིས་སྦྱོར་བའི་བདེ་བའི་སྒྲས་བསྐུལ་ཏེ། མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་འདུས་ཤིང་བྱང་སེམས་བདུད་རྩིའི་ངོ་བོར་ཞུ་ནས་ཆར་བཞིན་བབས་ཏེ་སྐུའི་ཆ་ཤས་ཀུན་ནས་མཚོ་ལྟར་འཁྱིལ་བའི་གནས་སོ་སོ་ནས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དང་། ཟག་མེད་བདེ་ཆེན་གྱི་རང་བཞིན་བྱང་སེམས་འཇའ་འོད་ཁ་དོག་ལྔ་ལྡན་གྱི་རྣམ་པར་གཏོར་མ་དང་གཉིས་སུ་མེད་པར་བདག་བསྐྱེད་ཀྱི་གནས་བཞིར་ཐིམ་པས། དབང་དང་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ་ནས་རྫས་ལ་རོལ། དེ་ནས་གཏང་རག་གི་མཆོད་བསྟོད་བྱ། སྐབས་འདིར་བསྙེན་པའི་ཁ་སྐོང་ཞི་བའི་སྦྱིན་བསྲེག་ཏུ། རྫས་རྣམས་རྩ་བསྙེན་ཁོ་ནས་འབུལ་ཞིང་། མཚམས་ཀྱི་འདོད་གསོལ་ལ། ཏིང་འཛིན་མ་གསལ་ཞིང་ཆོ་ག་མ་དག་པ་དང་། སྔགས་དང་ཕྱག་རྒྱ་ནོར་ཞིང་ལྷག་ཆད་འགལ་འཁྲུལ་དུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཅེས་བརྗོད་པ་ཙམ་ཁྱད་པར་རོ། །དེ་ལྟར་བསྙེན་པའི་བཅུ་ཆའི་གྲངས་ཀྱི་རྫས་སྔགས་ཀྱིས་སྦྱིན་བསྲེག་བྱ་བ་ནི་བོགས་འབྱིན་པའི་སླད་དུ་སྟེ། རྒྱུད་སྡེ་གོང་འོག་ཀུན་ནས་གལ་ཆེ་བར་བསྔགས་པས་འདོར་དུ་མི་རུང་ངོ་།དེ་ནས་བསྡུ་རིམ་གྱི་ཚེ་ཡང་། སྲུང་འཁོར་ནས་བསྡུ་ཞིང་རྗེས་ཆོག་ཚང་བར་བྱས་ཏེ་ནང་མཚམས་གྲོལ་བའོ། དེ་ནས་ཞག་གསུམ་དང་བདུན་སོགས་ཇི་རིགས་སུ་ཐུན་མ་ཆགས་ཙམ་དང་། ཚོགས་བསྐང་གསོལ་སོགས་གཏང་རག་གི་ཚུལ་དུ་ཅི་ནུས་དང་། བསྔོ་སྨོན་མཚམས་སྦྱོར་སོགས་ལ་འབད་ཅིང་། ཕྱི་མཚམས་གྲོལ་ཚེ་རྗེས་ཐོབ་ལྷར་ལྡང་། གོ་བགོ་ལུས་སྲུང་བཅས་གྲུབ་མཐར། སྒོ་མཚམས་སུ་ཕྱིན་ཏེ་རྒྱལ་ཐོའི་མདུན་དུ་དཀར་གཏོར་གསེར་སྐྱེམས་བཤམས་ནས། གཏང་རག་གི་མཆོད་བསྟོད་དང་གཤེགས་གསོལ་བྱ་ཞིང་ཐོ་བསྡུ། དེ་ནས་རང་གི་ཆོས་དང་མཐུན་པའི་གྲོགས་དམ་ཚིག་ལྡན་པ་རེ་གཉིས་དང་རིམ་གྱིས་འཕྲད་པ་གསང་བ་སྤྱི་ཡི་ལུང་བཞིན་ཤེས་པར་བྱའོ། གྲུབ་ན་བླ་གབ་མེད་པར་བསང་མཆོད་རྒྱག་རྔན་སོགས་གནས་གཞིའི་བདག་པོ་སྤྱི་དང་བྱེ་བྲག་ལ་མཆོད་སྦྱིན་དང་། ངན་སློང་ལ་སྦྱིན་པ་སོགས་ཀྱིས་མཚོན་ཆོས་སྟོན་ཇི་ལྟར་འོས་པའང་བྱའོ། ཡང་ན་བསྙེན་ཡིག་ཁ་ཅིག་ཏུ། དངོས་གྲུབ་ཀྱི་རྫས་རྣམས་ཆ་བཞིར་བགོས་ཏེ། བླ་མ་དང་།རིག་པ་འཛིན་པ་རྣམས་དང་། བདག་དང་དམ་ཚིག་གཅིག་པའི་གྲོགས་རྣམས་ཀྱིས་རོལ། ནམ་ལངས་ནས་རྒྱུན་གཏོར་སྲུང་མའི་གཏོར་ཆོག་སོགས་བྱ་སོགས་བྱ། ལྷག་མ་བཙོན་འཛིན་བྱེད་པའང་འདིར་གཏོང་། སྒྲུབ་གཏོར་ཆ་གསུམ་ལས་ཆ་གཅིག་སྒྲུབ་ཁང་དུ་གཏེར་དུ་སྦས། ཆ་གཅིག་སྦྱིན་སྲེག་གི་རྫས་སུ་འབུལ། ཆ་གཅིག་གཏོར་མ་གཞན་དང་བསྲེས་ནས་ཕྱིར་བསྐུར་ཏེ་ཐ་ཚིག་བསྒྲག་ཅིང་བརྟན་མ་སྐྱོང་། བསྡུ་རིམ་སོགས་ནས་ཤིས་པ་བརྗོད་པར་བྱའོ། །དེ་ནས་ཁ་སྐོང་གི་སྲེག་བླུགས། ཐོ་དགྲོལ་གནས་སྲུང་རྣམས་བྱ་བར་གསུངས་པས་གོ་རིམ་དེ་དག་ལས་སྟབས་གང་བདེ་བྱས་པས་ཆོག་གོ། །དེ་ནས་བསྔོ་བ་ནི། དེ་ལྟར་ཐུན་རེ་ལ་ཆོ་ག་ཚར་གཅིག་གི་བསོད་ནམས་ཀྱང་། བསྐལ་ཆེན་གཅིག་གི་ཡུན་ལ་ཚོགས་གཉིས་བསྒྲུབ་པ་དང་མཉམ་པ་ནི། གསང་སྔགས་ཐབས་མཁས་པའི་ཁྱད་ཆོས་ཡིན་པས། དེ་ལྟར་སྔོན་སོང་གི་དགེ་རྩ་དེས་མཚོན་ཏེ། དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པས་བྱང་ཆུབ་ཏུ་བསྔོ་བ་ནི་བསྔོ་ཚུལ་རྣམ་པར་དག་པ་ཡིན་ཀྱང་། ལས་དང་པོའི་ཚེ་དེ་འདྲའི་བསྔོ་བ་དུག་མེད་ནི་འོང་དཀའ་བས། དེ་དང་རྗེས་མཐུན་ཙམ་དུ། ཇི་ལྟར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་བཞིན་དུ། བདག་གིས་ཀྱང་དེ་ལྟར་དུ་བསྔོ་བར་བགྱིའོ། །སྙམ་པས། བསྔོ་བའི་ཚིག་རྣམས་བརྗོད་པ་ནི་དགེ་རྩ་མི་འཛད་ཅིང་གོང་དུ་འཕེལ་པའི་ཐབས་ཁྱད་པར་ཅན་ཡིན་ནོ། །སྨོན་ལམ་ནི། ཐེག་པ་མཆོག་གི་ལམ་གྱིས་དོན་དུ་གཉེར་བྱའི་འབྲས་བུའི་མཐར་ཐུག་པ་ནི་གཞན་ཕན་གྱི་ཕྲིན་ལས་ཉིད་ཡིན་པས། དེ་ལྟར་ཡིད་ལ་རེ་བས་སྨོན་པ་ལྟར་ངག་ཚིག་གིས་ལམ་དུ་འདྲེན་པ་སྟེ། སྨོན་ལམ་གྱི་ཚིག་རྒྱས་བསྡུས་གང་རུང་བརྗོད་ཅིང་། ཚིག་གི་རྗེས་སུ་བློ་གཞོལ་བས་བསྟན་འགྲོར་སྨན་པའི་ལྷག་བསམ་གྱི་སྒོ་ནས། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་རྒྱ་ཆེ་ཞིང་རྒྱུན་མི་འཆད་པའི་སྨོན་ལམ་རྣམ་པར་དག་པ་བརྗོད་པས་མཚམས་སྦྱོར་ཇི་ལྟར་བགྱིས་པ་དེ་ལྟར་དུ་འགྲུབ་པ་ནི། རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་བསླུ་བ་མེད་པ་ཡིན་ནོ། །བཀྲ་ཤིས་ནི། དེ་ལྟར་མཆོག་གསུམ་རྩ་བ་གསུམ་གྱི་ལྷ་ཚོགས་བསྙེན་ཅིང་བསྒྲུབ་པའི་བྱིན་རླབས་ཐུགས་རྗེ་བདེན་མཐུས། མི་མཐུན་ཉེས་ཚོགས་ཐམས་ཅད་ཞི་ཞིང་། ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་དགེ་མཚན་རྣམ་པར་བཀྲ་བས། སྣོད་བཅུད་ཐམས་ཅད་མཛེས་ཤིང་ཕན་བདེ་དགེ་ལེགས་ཀྱི་ཤིས་པའི་དཔལ་ཕུན་སུམ་ཚོགས་པར་ཤོག་ཅིག་སྙམ་པས་བཀྲ་ཤིས་རྟེན་འབྲེལ་གྱི་ཚིག་རྣམས་བརྗོད་པ་དང་མཉམ་དུ། སྟེང་གི་ནམ་མཁར་རྒྱལ་བ་སྲས་དང་བཅས་པ་དེ་ལྟར་རྡོ་རྗེའི་གླུ་དབྱངས་ཀྱིས་ཤིས་པ་བརྗོད་ཅིང་། མེ་ཏོག་གི་ཆར་ཕྱོགས་ཀུན་ནས་འབེབས་ཤིང་། དེ་དག་ཀྱང་བདག་གནས་ཡོ་བྱད་སོགས་ལ་ཐིམ་པས་གཟི་མདངས་ཡོན་ཏན་དང་ལྡན་པར་བསམ་ལ། མེ་ཏོག་འཐོར་བས། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དགེ་ལེགས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་སྦྱང་གཞི་བདེ་གཤེགས་སྙིང་པོ་རིགས་སམ་ཁམས་ཞེས་གྲགས་ལ། སྦྱང་བྱ་གློ་བུར་གྱི་དྲི་མ་མཐའ་དག །སྦྱོང་བྱེད་རིམ་གཉིས་ཟུང་འབྲེལ་གྱི་ལམ་ལ་བརྟེན་ནས། སྦྱངས་འབྲས་གཞི་ལ་ཇི་ལྟར་བཞུགས་པའི་ཡོན་ཏན་རྣམས་མངོན་དུ་བྱེད་པ་སྟེ། དེ་ལ་ཐབས་ཏིང་ངེ་འཛིན་རེ་རེ་ནས་གོ་རིམ་ལྟར་མཐར་ཕྱིན་དུ་བསླབ་པས་ཟག་བཅས་ཀྱི་ཚོགས་སྦྱོར་གྱི་རྣལ་འབྱོར་ལྔ་དང་། ཟག་མེད་རིག་འཛིན་རྣམ་བཞི་རིམ་པས་བགྲོད་ཚུལ་ནི། ངེས་རྫོགས་སམ། མངོན་གྱུར་གྱི་ཚུལ་དུ་ཉམས་སུ་ལེན་པ་སྟེ། སྨིན་སློབ་ཅེས་བྱ་ལ་འོན་ཀྱང་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ན་ཡང་། རྣམ་པ་ཙམ་སྒོམ་པ་སྲུང་འཁོར་ནས་བརྩམ། མཇུག་གོ་བགོ་ལུས་སྲུང་བར་བསྐྱེད་རིམ་གྱི་ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་བ་ཐུན་རེ་བཞིན་བློ་ནུས་དང་སྦྱར་ཏེ་མོས་པ་ཙམ་རེ་བསྒོམ་པ་ནི་མོས་སློབ་ཡིན་ནོ། །དེ་ཡང་ཨོ་རྒྱན་ཆེན་པོས། ལྟ་བ་ལུང་རིགས་དང་འབྲེལ་བ་སྒོམ་པ་ཉམས་མྱོང་དང་འབྲེལ་བ། གསང་སྔགས་དབང་དང་འབྲེལ་བ། བྱིན་རླབས་མོས་གུས་དང་འབྲེལ་བ། ཉམས་མྱོང་རྟོགས་པ་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ། དངོས་གྲུབ་དམ་ཚིག་དང་འབྲེལ་བ། འབྲས་བུ་གཞན་དོན་དང་འབྲེལ་བ། གདམས་པ་བླ་མ་དང་འབྲེལ་བ་སྟེ་དགུ་ལྡན་གྱི་ཉམས་སུ་བླང་བར་གསུངས་ཤིང་། བྱེ་བྲག་ཏུ། རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་ཁྲིགས་དང་འབྲེལ་བ། ཆོག་ཁྲིགས་ཕྱག་བཞེས་བླ་མ་རྒྱུད་པའི་མན་ངག་དང་འབྲེལ་བའི་སྒོ་ནས། ཡི་དམ་གྱི་ལྷ་སྒྲུབ་པ་དེ་ཉིད་རྒྱལ་བ་རབ་འབྱམས་ཀྱི་ངོ་བོ་ཡིན་པའི་ངེས་ཤེས་དང་ལྡན་པས་སྤངས་བླང་མི་བྱ་བར་འབད་དགོས་ཏེ། དགོངས་འདུས་ལས། རྒྱལ་བ་གཅིག་བསྒྲུབས་ཐམས་ཅད་མ་བསྒྲུབ་འགྲུབཿ དེ་ཕྱིར་སྤང་ལེན་མེད་པར་གཅིག་ལ་འབད༔ སྤང་ལེན་བློ་ཡིས་མང་པོར་བརྩོམ་གྱུར་ཀྱངཿ གཅིག་ཀྱང་མི་འགྲུབ་ཨ་ཐང་ཆད་པའི་རྒྱུཿ ཞེས་དང་། ཁྱད་པར་ཡི་དམ་གྱི་ལྷ་དེ་ཡང་། བཀའ་དྲིན་སུམ་ལྡན་གྱི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཐེ་ཚོམ་མེད་པར་དད་པ་དང་མོས་གུས་བསྐྱེད་པ་གལ་ཆེ་སྟེ། བརྒྱུད་ལས། ཡང་ན་བླུན་པོ་དད་པ་བརྟན། དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། ཞེས་དང་། དཔལ་སྤྲུལ་རིན་པོ་ཆེས། ཆོས་རྣམས་ཀུན་གྱི་སྒོ་འབྱེད་ཅིང་། །ཉམས་ལེན་ཀུན་གྱི་གེགས་སེལ་བ། །གདམས་ངག་ཀུན་གྱི་བོགས་འདོན་པ། །མོས་གུས་ཡིན་ཞེས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དུ་བསྙེན་བསྒྲུབ་ཟབ་མོ་ལ་ཚུལ་བཞིན་དུ་ཞུགས་པ་ན། སྤྱིར་སངས་རྒྱས་རྣམས་ཀྱི་ཐུགས་རྗེས་སེམས་ཅན་གྱི་ཁམས་ལ་འཇུག་ཚུལ་ཀྱང་། རྟག་པ་རྒྱུན་གྱི་ཐུགས་རྗེ་དུས་ལས་མི་ཡོལ་བར་ཆུ་བོ་རྒྱུན་ལྟ་བུ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་རྩོལ་རྟོག་མེད་པར་ངང་གིས་འབྱུང་བ་ཉི་མའི་འོད་ཟེར་ལྟ་བུ། བསྐུལ་ཞིང་གསོལ་བ་འདེབས་པའི་ཐུགས་རྗེ་སྙིང་རྗེ་ཅན་ལ་དབུལ་པོས་ནོར་སློང་བ་ལྟ་བུ། གདུལ་བྱ་ཡུལ་དང་འཕྲད་པའི་ཐུགས་རྗེ་བུ་ཆུང་གཡང་ཁར་རྒྱུག་པར་ཕ་མས་མཐོང་བ་ལྟ་བུ་ཡིན་པས། རྒྱལ་བ་སྲས་དང་བཅས་པས་སྲས་དང་སྤུན་དུ་དགོངས་ཤིང་། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་གྲོགས་དང་རྗེ་དཔོན་དུ་མཐོང་ནས་བྱིན་གྱིས་རླབས་པའི་དུས་ཁྱད་པར་བ་ཡིན་པས། སྐབས་འདི་ལྟ་བུ་ནི་སྙིང་ནས་གདུང་ཤུགས་དྲག་པོས་བསྐུལ་ཞིང་གསོལ་བ་བཏབ་པ་ན། དངོས་གྲུབ་རྣམ་གཉིས་མི་སྩོལ་བའི་དབང་མེད་དེ། རྒྱུ་རྐྱེན་ཚོགས་པའི་འབྲས་བུ་བཞིན་ནོ། །དེའི་ཚེ་ཐུན་མོང་གི་དངོས་གྲུབ་ལ། །ཆུང་ངུ་ནི་ཕྲིན་ལས་བཞི་སྟེ། དེ་ལ་འཇིགས་བརྒྱད་ཞི་བ་དང་། མེ་ཆུ། སེང་གེ་གླང་ཆེན། སྦྲུལ་ཤ་ཟ། ལྕགས་སྒྲོག །རྐུན་བུ་དང་བརྒྱད་དོ། །ཡང་ན་ནད་དང་མུ་གེ། མེ་ཆུ། དམག་མཚོན་ཆ། རྒྱལ་པོའི་ཆད་པ། དུས་མིན་འཆི་བ་དང་བརྒྱད་ཞི་བའོ། །འབྱོར་པ་དྲུག་རྒྱས་པ་ནི། ཚེ་དང་བསོད་ནམས། དཔལ་དང་གཟི་བརྗིད། འཁོར་དང་ལོངས་སྤྱོད་རྣམས་རྒྱས་པའོ། །མོས་པ་རྣམ་བཞི་དབང་ནི། བདག་ཕ་མར་མཐོང་བས་བྱམས། བླ་མར་མཐོང་བས་གུས། རྒྱལ་པོར་མཐོང་བས་སྐྲག །གྲོགས་པོར་མཐོང་བས་བརྩེ་བའོ། །དྲག་པོས་ཚར་གཅོད་པ་ལ། དགྲ་སྡེའི་འཇིགས་པ་དང་། བསྐྲད་པ་དང་། བསད་པ་དང་། དགུགས་པ་རྣམས་སོ། །དེ་ཡང་ཕྲིན་ལས་བཞི་དང་དྲག་པོའི་ནང་གསེས་བཞི་སོ་སོར་བགྲང་བས་ལས་ཆེན་བརྒྱད་ཅེས་བྱའོ། །འབྲིང་གྲུབ་པ་བརྒྱད་ནི། གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་སུ་འོག་སྒྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་པ་ལྟར་རོ། །ཆེན་པོ་དབང་ཕྱུག་གི་ཡོན་ཏན་བརྒྱད་ནི། ཇི་སྐད་དུ། གཟུགས་ཕྲ་རེག་པ་ཡང་བ་དང་། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་དང་ནི་འདོད་དགུར་བསྒྱུར། །ཞེས་པ་ལྟར་རོ། །མཆོག་གི་དངོས་གྲུབ་ལ། ཁྱད་པར་གྱི་ཕྲིན་ལས་བཞི་ནི། ལས་ཉོན་དང་ཀུན་གཞིའི་སྒྲིབ་པ་ཞི་བ། ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དབང་དུ་བྱེད་པ། རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བ་དང་། དབང་དང་མངོན་ཤེས་གཟུངས་སྤོབས་ལ་སོགས་པ་སུ་དང་ལམ་གྱི་ཡོན་ཏན་ཐམས་ཅད་ལ་དབང་འབྱོར་ཞིང་། གནས་སྐབས་སྦྱོར་ལམ་དུ་སྒྱུ་མའི་སྐུ་རྣམ་སྨིན་རིག་འཛིན་མཐོང་ལམ་དུ་འོད་གསལ་གྱི་སྐུ་ཚེ་དབང་རིག་འཛིན། སློབ་མའི་ཟུང་འཇུག་ཕྱག་ཆེན་རིག་འཛིན། མཐར་ཐུག་མི་སློབ་པའི་ཟུང་འཇུག་ལྷུན་གྲུབ་རིག་འཛིན་རྣམས་ཏེ། དཔལ་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེའི་ཡོངས་གང་རྒྱུན་མི་འཆད་དང་འགགས་པ་མེད། །ཅེས་གསུངས་པ་ལྟར། ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བརྙེས་ནས་དོན་གཉིས་མཐར་ཕྱིན་པར་འགྱུར་བ་ནི་ངེས་པ་ཉིད་དོ། །སྨྲས་པ། མཁས་པའི་གཞུང་དང་གྲུབ་པའི་མན་ངག་སྟེ། །ཟབ་ཅིང་རྒྱ་ཆེའི་ལེགས་བཤད་ཆུ་བོའི་གཏེར། །ལུང་རིགས་བྱེ་བའི་རླབས་ཕྲེང་གཡོ་བ་ཅན། །བློ་མན་ཡིད་ཀྱིས་གཏིང་དཔོག་ནུས་མིན་ཀྱང་། །རང་དང་སྐལ་མཉམ་འགའ་ལ་ཕན་འདོད་ཀྱིས། །དམ་པའི་ཞལ་ལུང་བདུད་རྩིའི་ཟེག་མ་ཙམ། །མོས་ཤིང་དད་པས་ཕྱོགས་སུ་བསྡུས་པ་ལ། །ནོངས་པ་གྱུར་གང་བརྒྱུད་གསུམ་བླ་མར་བཤགས། །འདིར་འབད་དགེ་ཚོགས་ཡིད་བཞིན་དབང་པོའི་སྤྲིན། །མ་ལུས་སྐྱེ་དགུའི་བླ་ན་རྟག་འཆར་ཞིང་། །ཕན་བདེའི་གྲུ་ཆར་རྒྱུན་མི་འཆད་འབྱུང་བས། །དོན་གཉིས་འབྲས་བུ་ཕུན་ཚོགས་འགྲུབ་གྱུར་ཅིག །ཅེས་པའང་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་ངོར། རང་འདྲའི་བློ་དམན་རྣམས་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླང་སྟེ། རྩོད་བྲལ་མཁས་གྲུབ་དུ་མས་མཛད་པའི་བསྙེན་ཡིག་རྣམས་དང་། རྗེ་བཙུན་བླ་མ་མཆོག་གི་ཞལ་ལུང་དང་བཅས་ཕྱོགས་གཅིག་ཏུ་བསྡུས་ཏེ། རྨོང་བརྟུལ་སྤྲུལ་མིང་པ་ཀུན་མཁྱེན་བསྟན་པའི་ཉི་མས་རང་གནས་བསམ་གཏན་གྱི་ཁང་བུ། ངེས་པ་དོན་གྱི་དགའ་ཚལ་ཆོས་འཁོར་རྣམ་རྒྱལ་གླིང་དུ་ཟིན་བྲིས་སུ་བཏབ་པ་ཤྲཱི་ཡནྟུ། དགེའོ། དགེའོ། །དགེའོ།། །།

བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་རབ་ཏུ་གནས་པ་ཇི་ལྟར་བྱ་བའི་གཞུང་གི་བཤད་སྦྱར།

༄༅། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་རབ་ཏུ་གནས་པ་ཇི་ལྟར་བྱ་བའི་གཞུང་གི་བཤད་སྦྱར་བཞུགས་སོ། །

རབ་གནས་ཀྱི་རྒྱུད་ལས། གང་ཚེ་གཟའ་ནི་ཕན་འདོགས་དོན། །དེ་ཚེ་མར་གྱི་ངོ་ལ་བརྩམས་པ། ཞེས་གསུངས། གང་ཞིག་བདེ་བར་བཤེགས་རྣམས་ཀྱི། །ཕྱག་རྒྱ་གང་གིས་འཇིག་རྟེན་དུ། །སྐྱེ་བོ་བྱིན་གྱིས་བརླབ་པའི་ཕྱིར། །ཆོ་ག་རྣམ་ཕྱེ་བཤད་པ་ལས། །ཕྱག་རྒྱས་ཕྱག་རྒྱ་བྱིན་བརླབས་ཏེ། །ཡུན་དུ་དགེ་ཤིས་བརྟན་འདོད་པས། །སྔགས་དང་ཕྱག་རྒྱ་ཇི་སྙེད་པས། །གང་ཞིག་བརླབ་ཀྱང་སྐྱོན་མེད་དེ། །ཇི་སྙེད་ལྷ་སྔགས་ཕྱག་རྒྱ་ཀུན། །ཆོས་ཉིད་རྣམ་གྲོལ་མཚོན་པར་གཅིག །གཞན་ཡང་ཕྱག་རྒྱ་གཅིག་པུའང་། །རྣམ་གྲོལ་མཐའ་ཡས་མཚོན་སྒོར་གྱུར། །ལས་དང་དངོས་གྲུབ་ཐམས་ཅད་པ། །དེ་ཕྱིར་ཉེས་སྐྱོན་ཡོད་མིན་ཀྱང་། །གང་ཞིག་ཉེ་བར་བསྟན་པ་རྣམས། །ཅུང་ཟད་འདི་རུ་བརྗོད་པར་བྱ། །དེ་ལ་འདི་ལྟར་སྐུ་གཟུགས་སམ་རི་མོའི་རྒྱུད་དམ། མཆོད་རྟེན་དང་གླེགས་བམ་ལྟ་བུ་ཕྱི་རོལ་གྱི་ཕྱག་རྒྱར་བསྟན་པ། བསོད་ནམས་བསགས་པ་དང་། དངོས་གྲུབ་བསྒྲུབ་པ་དང་། ལས་སྣ་ཚོགས་བསྒྲུབ་འདོད་པའི་ཕྱིར་བཞེངས་སུ་གསོལ་བ་རྣམས་ལ། ཡུན་དུ་བརྟན་ཞིང་བསམ་པ་ཇི་ལྟ་བ་བཞིན་དུ་དགེ་ཤིས་དང་ལྡན་པར་བསྒྲུབ་པར་བྱ་བའི་ཕྱིར། བྱིན་གྱིས་བརླབ་ཅིང་བཀྲ་ཤིས་བསྒྲུབ་པའི་ཆོ་ག་འཇིག་རྟེན་དུ་གྲགས་པ་དང་མཐུན་པར་བྱ་བ་ལ། འདི་སྐད་དུ། རབ་གནས་ཀྱི་ཆོ་ག་ཞེའམ། དེ་བཞིན་དུ། མཆོད་རྟེན་ལ། མངའ་དབུལ་བ་ཞེའམ། གསུང་རབ་ལ། ཞལ་བསྲོ་བ་ཞེའམ། སྐུ་གཟུགས་ལྟ་བུ་ལ་སྤྱན་དབྱེ་བའི་ཆོ་ག་ཞེས་བྱ་བར་གྲགས་པ་རྣམས་ལ། རྒྱུད་རྣམས་ལས་ཉེ་བར་བསྟན་པ་ཙམ་ཉུང་ཤས་བསྡུས་པ་དེ་ལ་བྱིན་གྱིས་བརླབ་པ་དང་ཞལ་བསྲོ་བ་ཞེས་གྲགས་པ་ལ། བྱིན་གྱིས་བརླབ་པ་ཁྱད་པར་དུ་ཉེ་བར་བསྟན་པ་རྣམས་འདིར་བསྟན་པ། འདི་ལྟར་སྐུ་གཟུགས་དང་རི་མོའི་རྒྱུད་རྣམས་ལ་བྱིན་རླབས་ཉུང་ཤས་ཙམ་བྱེད་པར་འདོད་ན། སྤྱིའི་མཆོད་པ་དང་། ཇི་སྐད་དུ་བསྟན་པའི་བྱ་བ་རྣམས་བྱས་ལ། སྔགས་པ་སྐུ་གཟུགས་ཀྱི་མདུན་དུ་ཉེ་བར་འདུག་སྟེ། དང་པོ་བསྲུང་བ་ཆེན་མོ་རྣམས་ཀྱི་སྔགས་ཀྱིས་སྤྱིར་བསྲུང་བ་བྱས་པའི་རྗེས་སུ། དམ་ཚིག་གསུམ་གྱི་སྔགས་དང་ཕྱག་རྒྱས་དམ་ཚིག་ལས་མི་འདའ་བར་བྱིན་གྱིས་བརླབ་པ་དང་། དེ་ནས་ཆོས་ཀྱི་དབྱིངས་ཀྱི་སྔགས་དང་ཕྱག་རྒྱས་སྐུ་གཟུགས་དེ་ཉིད་དང་། ཆོས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་པ་དང་། དེ་ནས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་དེ་ཉིད་བསྐྱེད་དེ་བྱིན་གྱིས་བརླབ་པ་དང་། དེ་ཉིད་དུ་སྐུ་གསུང་ཐུགས་རྫོགས་ཀྱང་ལྷག་པར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། ཐུགས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས་པ་དང་། གསུང་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་པ་དང་། འོད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་དང་། གདན་བྱིན་གྱིས་བརླབ་པ་སྟེ། འདི་དག་ཙམ་གྱིས་ཀྱང་བྱིན་གྱིས་བརླབ་པ་རྫོགས་སུ་རུང་སྟེ། དེའི་རྗེས་ལ་བཀྲ་ཤིས་དང་མཆོད་པ་རྣམས་བྱའོ། །དེ་ལ་དང་པོར་བསྲུང་བ་ཆེན་མོས་བསྲུང་བ་ནི། འདི་ལ་རྣམ་སྣང་མངོན་བྱང་གི་ཏནྟྲ་ནས་སྔགས་དང་ཕྱག་རྒྱ་གཉིས་ཀ་འབྱུང་། སྔགས་པ་བདག་ཉིད་ཀློང་དུ་དཀོན་མཆོག་སྤྱིའི་མཆོད་པའི་གྲངས་སུ། རང་གི་ལྷའི་ཏིང་ངེ་འཛིན་དང་ལྡན་པ་དེ་ཉིད་ཀྱི་ཤུགས་ཀྱིས་རང་གི་ལྷར་བྱས་པས་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་བྱ་བའི་ཕྱིར། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་གུང་མོ་གཉིས་ནང་དུ་དགུག །མཐེ་བོང་གཉིས་བསྒྲེང་། མཛུབ་མོ་དང་མཐེའུ་ཆུང་ཅུང་ཟད་དགུག །སྲིན་ལག་གཉིས་བསྒྲེང་ངོ་། །རྟགས་འདི་ནས་འོག་གི་རྟགས་ཀྱི་བར་སྒྱུ་འཕྲུལ་དབང་བྱུང་ནས་མཚན་མར་གནང་ལ་འདིའི་ཧོར་ཁོངས་ཕྱི་མོ་གཞན་ནས་བསབ། འདི་ནས། བསྟབ་པས་ནི་སུ་བཅུ་ཀུན་ལ་དབང་བ་དང་། ཐེགས་པ་མཐའ་དག་སྟོན་པ་ཡི། །ཆོས་ཀྱི་རྒྱལ་པོ་ཆེན་པོར་ཤོག འཁོར་ལོར་སྒྱུར་བའི་རྒྱལ་པོའི་རྐྱེན། །གླང་པོ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། འོག་གི་སྐར་མའི་རྒྱལ་པོ་པ་བ་སངས་ཀྱི་སྐར་མ་ཐམས་ཅད་ཅེས་པའི་བར། འདིའི་ཤོག་བུ་གཉིས་པའི་དོད་དུ། གཞན་ཅིག་འདྲེས་པར་འདུག་གོ། །གླང་པོ་རིན་པོ་ཆེ་མདོག་ཐལ་དཀར་དུ་འདུག་པ། ཡན་ལག་བདུན་ཤིན་ཏུ་མཐོ་བར་གནས་པ། གསེར་གྱིས་བརྒྱན་པ། གསེར་གྱིས་དྲ་བས་བརྒྱན་པ་ནམ་མཁའ་ལ་འགྲོ་བ། ལྷ་དང་ལྷ་མ་ཡིན་དང་གཡུལ་འགྱེད་པ་ན། གཡུལ་དེ་དག་ལས་རྒྱལ་བར་ནུས་པའོ། །དེ་ལྟར་དེ་བཞིན་དུ་གླང་པོ་ཆེས་དབང་བསྐུར་བས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས། ཐེག་པ་ཆེན་པོའི་གནས་སུ་འདེགས་པའི་སྟོབས་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག གླང་པོ་རིན་ཆེན་བསྟབས་པས་ནི། སྟོབས་བཅུ་ཀུན་ལ་དབང་བ་དང་། ཐེག་པ་མཐའ་དག་སྟོན་པ་དང་། དབང་མཆོག་དམ་པ་ཐོབ་པར་ཤོག འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱན། ནོར་བུ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། ནོར་བུ་རིན་པོ་ཆེ་ཐམས་ཅད་དུ་སྔོ་བ། བཻཌཱུརཡའི་རང་བཞིན་དུ་གནས་པ། ཟུར་བརྒྱད་སུལ་གསུམ་དང་ལྡན་པ། འོད་རབ་ཏུ་འབར་བ་སྟེ། རྒྱལ་པོས་སད་པའི་ཕྱིར། མཚན་མོ་སྨག་གི་མུན་རུམ་ན། འོད་མའི་ཚལ་དུ་རྒྱལ་མཚན་གྱི་རྩེ་མོ་ལ་གཙུགས་ན། དཔག་ཚད་གཅིག་ཚུན་ཆད་དུ་ཉིན་པར་གྱི་འདུ་ཤེས་སྐྱེ་བར་གྱུར་ཏོ། །དེ་ལྟར་དེ་བཞིན་དུ་ནོར་བུ་རིན་པོ་ཆེས་དབང་བསྐུར་བས། ཕྱི་ནང་ཐམས་ཅད་གསལ་ཞིང་མུན་པ་མེད་དེ་གསལ་བཞིན་དུ ་འབྱུང་བའི་ཡོན་ཏན་ལྡན་པའི་དབང་ཐོབ་པར་གྱུར་ཅིག ནོར་བུ་རིན་ཆེན་བསྟབས་པས་ནི། འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །དཔེ་བྱད་མཚན་གྱིས་བརྒྱན་པ་ཡི། །གསེར་གྱི་སྐུ་མདོག་ཐོབ་པར་ཤོག །འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྐྱེན་རྟ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། མདོག་ནམ་ནངས་པའི་མདོག་གི་ཁ་དོག་འདྲ་བ། མགོ་གནག་པ། རྔོག་མ་ལྕང་ལོར་འཁྱིལ་བ། ནམ་ཀ་ལ་འགྲོ་བ། ཏ་ལ་ཧ་ག་ཞེས་བགྱི་སྟེ། རྒྱལ་པོས་སད་པའི་ཕྱིར་ནང་པར་སྔར་རྟ་ལ་ཞོན་ཏེ། གླིང་བཞི་རྒྱ་མཚོ་དང་བཅས་པའི་མཐའ་བསྐོར་ནས། སླར་ཁྱེའུ་སུས་ཀྱི་དགའ་བ་ཉམས་སུ་མྱོང་བར་གྱུར་ཏོ། །དེ་ལྟར་དེ་བཞིན་དུ་རྟ་རིན་པོ་ཆེས་དབང་བསྐུར་བས། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཐོགས་པ་མེད་པར་སྒྲོལ་ནུས་པའི་དབང་ཐོབ་པར་གྱུར་ཅིག རྟ་རིན་ཆེན་བསྟབས་པས་ནི། རྫུ་འཕྲུལ་རྐང་པའི་དབང་ཐོབ་ནས། །ཉོན་མོངས་རྒྱ་མཚོ་སྒྲོལ་བ་ཡི། །ཐར་པའི་འབྲས་བུ་ཐོབ་པར་ཤོག །འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱན་བཙུན་མོ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། ཧ་ཅང་མི་རིང་ཧ་ཅང་མི་ཐུང་ལ། །ཧ་ཅང་མི་སྦོམ་ཧ་ཅང་མི་འཕྲ་ལ། །ཧ་ཅང་མི་དཀར་ཧ་ཅང་མི་གནག་སྟེ། །རན་པ་ཕུན་སུམ་ཚོགས་པ་དང་ལྡན་པ། །པགས་པའི་མདོག་མེ་ཏོག་པྲི་ཡང་ཀུ་དང་འདྲ་བ། ཁ་ནས་ཨུཏྤལའི་ངད་ལྡན་པ། གྲང་བའི་དུས་རེག་ན་དྲོ་བ། ཚ་བ་ཚ་བའི་དུས་ན་རེག་ན་བསིལ་བ། ཡིད་ཀྱི་འགྱུ་ཆ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སེམས་དང་འགལ་བར་མི་བྱེད་ན། ལུས་དང་ངག་གི་ལྟ་ཅི་སྨོས་ཏེ། དེ་ནི་བུད་མེད་ཐམས་ཅད་ཀྱི་སྐྱོན་སེལ་བ་སྟེ། དཔེར་ན་སྐར་མའི་རྒྱལ་པོ་པ་བ་སངས་ཀྱི་སྐར་མ་ཐམས་ཅད། བཞུགས་སུ་གསོལ་ནས། ཕྱི་ནང་གི་མཆོད་པས་མཆོད་པ་དང་། ལྷ་གང་ཡིན་པ་སོ་སོ་རང་རང་གི་སྐུ་གསུང་ཐུགས་དང་ཡན་ལག་ཉིང་ལག་དང་སྐྱེ་མཆེད་དང་བཅས་པ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ་གཞག་པ་དག་ཁྱད་པར་དུ་བྱེད་དོ། །དེ་ལ་དམ་པ་ཆོས་ཀྱི་སྐུ་གཟུགས་དང་རི་མོའི་རྒྱུད་དང་། མཆོད་རྟེན་དང་། གླེགས་བམ་དང་། དྲི་གཙང་ཁང་དང་བཅས་པ ་རྣམས་ཀྱང་དངོས་སུ་ན་འཕགས་པ་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་ཡིན་པས་ལྷ་རྟེན་གྱི་ཁོངས་སུ་གཏོགས་སོ། །དེ་ཡང་ཇི་ལྟ་ཞེ་ན། སངས་རྒྱས་འཇིག་རྟེན་དུ་མངོན་དུ་བྱུང་སྟེ། དམ་པ་ཆོས་ཀྱི་འཁོར་ལོ་མངོན་དུ་བསྐོར་ནས་འཕགས་པའི་དགེ་འདུན་མང་པོའང་ཞལ་བཞུགས་ཙམ་ན། མཆོད་པའི་རྟེན་གུད་དུ་བཙའ་མི་དགོས་ཏེ། འཕགས་པ་ཉིད་ལ་མཆོད་པ་ལས། དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་འཕགས་པའི་དགེ་འདུན་རྣམས་ཀྱང་མྱ་ངན་ལས་འདས་ཏེ། འཇིག་རྟེན་ན་འཕགས་པ་ཞལ་མི་བཞུགས་པའི་འོག་ཏུ་རྟེན་ལ་མཆོད་པ་བྱེད་པར་འགྱུར་ཏེ། དེ་ཡང་འདི་ལྟར་སྟོན་པ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་ཀྱི་ཤིང་དང་། རྡོ་རྗེ་གདན་ལྟ་བུ། སྟོན་པ་མྱ་ངན་ལས་འདས་ནས་སྐུ་གདུང་བརྒྱད་དུ་བགོས་ནས་མཆོད་རྟེན་བྱས་པ་རྣམས་དང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལོན་ནས་རྒྱལ་པོ་དྷརྨཱ་ཨ་ཤོ་ཀ་ཞེས་བྱ་བ་བྱུང་བས། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་དུ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བཞེངས་སུ་གསོལ་བ་དང་། སྡེ་སྣོད་གསུམ་གྱི་ཆོས་ཀྱང་དེ་ཡན་ཆད་དུ་གང་ཟག་གི་བློ་ལ་གནས་པ་ལས། རྒྱལ་པོ་དེས་དག་ཅིང་ཡུན་དུ་བརྟན་པར་བྱ་བའི་ཕྱིར། བཀའ་བསྡུས་ནས། གླེགས་བམ་ལ་བཀོད་དེ་དྲི་གཙང་ཁང་དུ་བཞུགས་སུ་གསོལ་ལོ། །འདི་ནི་ཐུན་མོང་གི་མཆོད་པའི་རྟེན་གྱི་ཚུལ་ལོ། །གསང་སྔགས་ཀྱི་ཚུལ་ལས། སངས་རྒྱས་སྤྱོད་ཡུལ་དུ་མི་འགྱུར་བ་རྣམས་ཀྱི་དོན་དུ་ཕྱག་རྒྱ་འཇིག་རྟེན་དུ་བཞག་སྟེ་སེམས་ཅན་གྱི་དོན་བྱེད་དོ། །དེ་ཡང་དག་མ་དག་གི་ཕྱག་རྒྱ་ཇི་སྙེད་པ་རྣམས་ཀྱང་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཙམ་དུ་འདུས་ཏེ། དེ་ཡང་ཕྱི་རོལ་གྱི་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་དུ་གྱུར་པ་ལ་བྱིན་གྱིས་བརླབས་པ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། སྐུ་གཟུགས་དང་། རི་མོའི་རྒྱུད་དང་། མཆོད་རྟེན་དང་། གླེགས་བམ་ལྟ་བུ་མིག་དང་ལུས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དང་། གསང་སྔགས་ཀྱི་སྒྲ་དང་། དམ་པ་ཆོས་ཀྱི་ཡི་གེ་དང་། མིང་དང་ཚིག་ཏུ་ཕྱུང་བའི་སྒྲ་ལྟ་བུ་རྣ་བའི་དབང་པོ་སྤྱོད་ཡུལ་དུ་གྱུར་པ་དང་། གཞན་ཡང་ཡིད་ཀྱིས་བསམ་ཤིང་དམིགས་པའི་ཕྱག་རྒྱ་ལྟ་བུས་བསྡུས་པ། ལག་ན་འོད་འབར་སྣང་བ་པོ། ཞེས་པས། ཆ་ཤས་ཡོངས་སུ་རྫོགས་པའམ། མ་རྫོགས་པའམ། འདྲ་བའམ། མི་འདྲ་བའམ། མདོར་ན་བཟོ་བྱས་པ་དང་། ཚུལ་དུ་ལག་གི་འདུ་བྱེད་ཀྱིས་བཅའ་བ་དང་། བརྗོད་པ་དང་། བསམ་པས་བསྡུས་པ་ཐམས་ཅད་ཀྱང་། ལྷ་དང་སྔགས་དང་ཕྱག་རྒྱ་གསུམ་དུ་འདུས་ཏེ་འདི་གསུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་དོ། །ཇི་སྐད་དུ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏན་ཏྲ་ལས། འཇམ་དཔལ་གསང་སྔགས་ཀྱི་གཟུགས་དང་ཡི་གེ་གསུམ། ཆོས་ཉིད་དེས་དཔེ་དོན་དམ་པའི། ཆོས་ཉིད་སྟོན་ཏེ། དེས་ཚིག་གི་རྣམ་པ་བསྟན་པ་ན་བྱ་བ་ནུས་པར་འགྱུར་རོ། །འཇམ་དཔལ་བརྟེན་པའི་ཆོས་ཉིད་བྱ་བ་ནུས་པར་འགྱུར་བ་ལ་ལྟོས། དཔེར་ན་གཙུབ་སྟན་རྟེན་ནས་སུ། གཙུབ་ཤིང་གཙུབས་པ་བྱས་པ་ཡིས། །མི་ཡིས་རྩོལ་བ་བྱས་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ་། །དེ་བཞིན་སྔགས་དང་ཕྱག་རྒྱ་ལྷ། །གསུམ་ནི་འདུས་པར་གྱུར་པ་ལས། །དོན་དམ་པའི་འབྲས་བུ། ཆེན་པོ་དག་ནི་འབྱུང་འགྱུར་ཏེ། །བྱུང་ནས་ཡིད་ལ་གང་འདོད་པའི། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །ཞེས་གསུངས་པ་ལྟ་བུའི་དོན་ཡིན་ནོ། །དེ་ལྟར་དོན་བྱེད་ནུས་པའི་ཕྱག་རྒྱ་དེ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བཀོད་པའི་དུས་ན། ཡི་གེ་བཀོད་པ་ནི་གསུང་ཆོས་ཀྱི་ཕྱག་རྒྱར་བསྡུ་བར་འགྱུར་རོ། །གླེགས་བམ་དུ་བཀོད་ན་ནི་དམ་ཚིག་གི་ཕྱག་རྒྱར་བསྡུ་བར་འགྱུར་རོ། །མཆོད་རྟེན་ཡང་དམ་ཚིག་གི་ཕྱག་རྒྱའི་ཁོངས་སུ་བསྡུའོ། །སྐུ་ཡོངས་སུ་རྫོགས་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་བཞིན་དུ། སྐུ་གཟུགས་དང་རི་མོའི་རྒྱུད་ཀྱང་ཕྱག་རྒྱ་ཆེན་པོའོ། །རྡུལ་ཚོན་ལ་མ་བརྟེན་པའི་མཆོད་རྟེན་གུད་དུ་བཞེངས་པའང་། ཆོས་ཀྱི་སྐུའི་གཟུགས་བརྙན་ཏེ། ཆོས་ཀྱི་དབྱིངས་སམ། གཉིས་སུ་མེད་པའི་ཡེ་ཤེས་སམ། རྣམ་པར་གྲོལ་བའི་འབྲས་བུའམ་སྐུ་ཞེས་གྲགས་པའི་ཕྱག་རྒྱར་བསྟན་པས། སྐབས་ཁ་ཅིག་ཏུ་སངས་རྒྱས་ཀྱི་ཕོ་བྲང་དུའང་བསྟན་ཏེ། གཉིས་མེད་ཡེ་ཤེས་དེ་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་གསུངས་པ་དང་དོན་འདྲ་སྟེ། ཨེ་ཆོས་འབྱུང་། གྲུ་གསུམ་དང་། གཙུག་ཏོར་གྱི་ཕྱག་རྒྱ་དང་། མཆོད་རྟེན་རྣམས་ཐུགས་དམ་ཚིག་གི་ཕྱག་རྒྱའི་ཁོངས་སུ་བསྡུའོ། །དེ་ལས་ཁྱད་པར་དུ་མཆོད་རྟེན་དང་། གཙུག་ཏོར་གྱི་ཕྱག་རྒྱ་དང་། འཁོར་ལོ་རྣམས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱར་གསུངས་སོ། །སརྦ་བུདྡྷ་སུ་མ་ཡོ་ག་ལས། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། རིགས་དྲུག་གི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དཀྱིལ་འཁོར་དུ་འགོད་པའི་སྐབས་སུ་གསུངས་པ། ཆོས་གོས་དང་ནི་ལྷུང་བཟེད་དག །དེ་བཞིན་དུ་ནི་འཁར་གསིལ་དང་། །དམ་པའི་ཆོས་ཀྱི་གླེགས་བམ་དག །མཚན་མའི་ཕྱག་རྒྱ་ཚོགས་གཞན་ནོ། །ཞེས་གསུངས་པས་གླེགས་བམ་ཡང་དམ་ཚིག་གི་ཕྱག་རྒྱར་གསུངས་ལ། འཁར་གསིལ་གྱི་དོན་ཡང་ལམ་དང་འབྲས་བུ་བཅས་པའི་མཆོད་རྟེན་་གྱི དོན་དུ་གསུངས་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཁར་གསིལ་བསྣམས་ཏེ་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། འཁར་གསིལ་གྱི་དོན་དང་ཆེ་བ་བསྒྲགས་པ་ན། ཇི་སྐད་དུ། གླིང་བཞི་ལེགས་པར་བརྒྱན་པའི་སྤྱི་བསྡུས་ལ། །རྣམ་གྲོལ་འབྲས་བུ་སྨིན་པའི་མཆོད་རྟེན་བཞུགས། །སྟོང་པ་མཚན་མ་མེད་པའི་སྦུ་གུ་རུ། །མི་རྟོག་དཀའ་ཐུབ་འཆང་བའི་དྲང་སྲོང་སྩལ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་དོན་གྱིས། མཆོད་རྟེན་ནི་རྣམ་པར་གྲོལ་བའི་སྐུའི་ཕྱག་རྒྱ་ཡིན་ལ། སྦུ་གུ་དང་དྲང་སྲོང་ནི་ལམ་དང་གང་ཟག་གི་ཕྱག་རྒྱའོ། །མདོར་ན་གླེགས་བམ་དང་མཆོད་རྟེན་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་དང་མཚན་ནོ། །དེ་བས་ན་འདི་རྣམས་བཞེངས་སུ་གསོལ་བའི་དུས་སུ། རབ་གནས་ཀྱི་ཆོ་ག་བྱ་བ་ཡང་སྤྱི་ཐུན་མོང་གི་ཆོ་ག་ནི་སྤྱི་ཉིད་ལ་ལྟོས་པར་ཟད། ཁྱད་པར་དུ་བྱིན་གྱིས་བརླབ་པའི་ཆོ་ག་ནི། བྱ་བའི་རྒྱུད་དག་ན་ཞིབ་པ་ལས། དེ་ཡང་ཁྱད་པར་དུ་གསལ་བར་མཐོང་བ། །བྱ་བའི་རྒྱུད་དུ་གཏོགས་པ་ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་འཇམ་དཔལ་གསང་བའི་རྒྱུད་ལས། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དགོས་པའི་བྱ་བ་བཞི་གསུངས་པ། རྟག་ཏུ་བདག་ཉིད་མཆོད་པའི་ཕྱིར་དང་། ལས་ཕྲ་མོ་བསྒྲུབ་པའི་ཕྱིར་དང་། དངོས་གྲུབ་ཆེན་པོ་བསྒྲུབ་པའི་ཕྱིར་དང་། སློབ་མ་གཞུག་པའི་ཕྱིར་བྲི་བར་གསུངས་པ་ལས། འདི་ལ་དཀྱིལ་འཁོར་བྱེ་བྲག་ཏུ་གྱུར་པ་མེད་དེ། ཡི་དྭགས་ཕལ་ཆེར་གྱི་དཀྱིལ་འཁོར་གྱི་ཚད་ཁྲུ་གང་བ་ནས། ཁྲུ་བརྒྱད་པའི་བར་དུ་གསུངས་པ་ལས། དེ་ལ་རྟག་ཏུ་བདག་ཉིད་མཆོད་པ་ནི་ཁྲུ་གང་བ། དངོས་གྲུབ་བསྒྲུབ་པ་ནི་ཁྲུ་བརྒྱད་པ། ལྷག་མ་ནི་ལས་ཕྲ་མོ་བསྒྲུབ་པར་གསུངས་ཏེ། སློབ་མ་གཞུག་པའང་དེ་ལས་གུད་དུ་མ་གསུངས་སོ། །དེ་བས་ན་གཞུང་ལ་ལ་ལས། དམ་ཚིག་གི་དཀྱིལ་འཁོར་དུ་སློབ་མ་གཞུག །དེ་བཞིན་དུ་ལས་ཀྱི་དཀྱིལ་འཁོར་དང་། སྒྲུབ་པའི་དཀྱིལ་འཁོར་དང་། མཆོད་པའི་དཀྱིལ་འཁོར་རྣམས། སོ་སོར་བྱ་བ་སྐད་དུ་འབྱུང་བ་ཡོད་པའང་ཡང་དག་པར་ན་དེ་ལྟར་ངེས་པ་མེད་པར་ཤེས་པར་བྱ་སྟེ། དཀྱིལ་འཁོར་གྱི་བྱ་བ་བཞི་ཐུན་མོང་དུ་འགྱུར་རོ། །གཞན་ཡང་སྐུ་གཟུགས་དང་རི་མོའི་རྒྱུད་རྣམས་དངོས་གྲུབ་བསྒྲུབ་པ་ལ་ཤས་ཆེར་གསུངས་ཀྱང་། སློབ་མ་གཞུག་པའི་བྱ་བ་ལ་ཡང་ཐུན་མོང་དུ་འབྱུང་ངོ་། །གཞན་ཡང་ལྷའི་དེ་ཁོ་ན་ཉིད་ཤེས་པ་ནི། དངོས་གྲུབ་ཀྱི་རྒྱུར་གསུངས་ཏེ། དེ་ཡང་ཕྱག་རྒྱ་ཐམས་ཅད་དང་ལྡན་པའི་ལྷའི་མཚན་ཉིད་དང་། ཡོན་ཏན་ཕྲིན་ལས་ཀྱི་ཆེ་བ་དག་དང་ལྡན་པར་ཤེས་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ། ལྷ་ཇི་ལྟ་བ་བཞིན་དུ། ལུས་ཡན་ལག་བྱིན་གྱིས་བརླབ་པ་དང་། བདག་ལ་བྱིན་གྱིས་བརླབས་ཤིང་ཕྱག་རྒྱ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་ལ་སོགས་པའོ། །བཀོད་ཅིང་རྒྱས་བཏབ་པས་ནི་བདག་བྱིན་གྱིས་བརླབས་པར་འགྱུར་རོ། །བདག་ཇི་ལྟ་བ་བཞིན་དུ་རྡུལ་ཚོན་སུ་ཡར་གྱི། དཀྱིལ་འཁོར་དུ་བཀོད་པའི་ཕྱག་རྒྱ་དང་། གཞན་ཡང་སྐུ་གཟུགས་དང་རི་མོའི་རྒྱུད་རྣམས་ལ། ལྷ་སྤྱན་དྲངས་ཏེ་དེར་བཞུགས་སུ་གསོལ་ནས། མཆོད་པ་བྱས་ཏེ། དེ་ལ་ཕྱག་རྒྱ་བཀོད་ཅིང་བྱིན་གྱིས་བརླབས་པས། དམ་ཚིག་ཅན་གྱི་སྐྱེ་བོ་ལ་བསྟན་ན་དེ་དག་རིག་འཛིན་དམ་ཚིག་ཅན་དུ་བྱིན་གྱིས་རློབ་པར་འགྱུར་རོ། །ཞེས་འབྱུང་ངོ་། །མདོར་ན་ལྷ་བཞིན་དུ་བདག་བྱིན་གྱིས་བརླབ། བདག་བཞིན་དུ་དཀྱིལ་འཁོར་དང་སྐུ་གཟུགས་བྱིན་གྱིས་བརླབ། དེས་སྐྱེ་བོའི་ཚོགས་བྱིན་གྱིས་རློབ་པར་བྱེད་ནུས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ད་ནི་དེ་དག་ཉིད་གང་ཟག་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར། གཞུང་གི་ཚིག་ཉིད་བསྟན་པར་བྱ་སྟེ། དེ་ཡང་འཇམ་དཔལ། གསང་བའི་རྒྱུད་ཉིད་ལས། དང་པོ་ལྷའི་དངོས་པོར་ཤེས་པ་དངོས་གྲུབ་ཀྱི་རྒྱུར་བསྟན་པའི་སྐབས་ནས། ས་བོན་ཁྲོ་བོའི་གཟུགས་མིན་ཏེ། །དེ་ཉིད་ཕལ་ཆེར་རབ་ཏུ་གྲགས། །ཁྲོ་བོའི་རང་བཞིན། གཅིག་པུ་མཚོན་ཆ་དུ་མའི་མཆོག །རྟག་ཏུ་མཚོན་ཆ་འབར་བར་བྱེད། །ཅེས་བྱ་བ་ནས། འདི་ནི་ཁྲོ་བོའི་ཞལ་དངོས་དང་འདྲ་བའི་དོན། ཡིན་གསུངས། །འདི་ནི་ཐོག་མ་ཉིད་ཀྱི་གཟུགས། །དེ་ཡི་མཐུ་ཡང་ཅི་འདྲ་བ། །ཚུལ་བཞིན་དུ་འདིར་བཤད་དོ། །ཞེས་གསུངས་ནས། དེ་ནས་མཐུའི་ཆེ་བ་དང་མཚན་ཉིད་དག་ཀྱང་བཤད་ནས། དེ་ལྟར་ཁྲོ་བོའི་རྒྱལ་པོའི་གཟུགས། །ས་བོན་ཞེས་སུ་བྱ་བ་ཡི། །སྔགས་ཀྱི་དངོས་པོ་ཤེས་ནས་ནི། །ལྷ་དང་དངོས་གྲུབ་ལ་སོགས་པ་སྔགས་སུ་གསུངས་པ། གསང་འདུས་ལས། དེ་བཞིན་སྔགས་རྣམས་ཐམས་ཅད་ལ། །རྨད་དུ་བྱུང་བའི་གཏོར་མ་འབུལ། །ཞེས་སོ། །ལྷ་སྔགས་སུ་བཤད། སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ་འདིའི་དོན་ནི་བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་པོའི་ཡེ་ཤེས་ཆེན་པོ་ཉིད་སུ་བོན་གྱི་ཡི་གེར་གྱུར་པ་ཡིན་པས། དེ་བས་ན་སུ་བོན་གྱི་ཡི་གེ་ནི་ཁྲོ་མོ་ཆེན་པོའི་སྐུ་ཉིད་ཡིན། མཚོན་ཆ་མ་ལུས་པ་ཡིན། ཁྲོ་བོའི་ཞལ་ཉིད་ཡིན་པས། མདོར་ན་དེ་བཞིན་གཤེགས་པ་ཉིད་ཡིན་པས། དེའི་ཕྱིར་སུ་བོན་གྱིས་སྐུ་བསྐྱེད་པ་དང་། སྙིང་པོ་ལ་སོགས་པའི་ཡན་ལག་ལྔ་བྱིན་གྱིས་བརླབ་པ་བྱས་ནས། དེ་བཞིན་གཤེགས་པ་ཉིད་དུ་བྱིན་གྱིས་རློབ་པར་ནུས་པས། ས་བོན་ལས་བསྒྲུབས་པའི་སྐུ་ལ་སུ་བོན་བཀོད་པའི་ཚུལ་འདི་ནི་གསང་སྔགས་ཀྱི་ལྷའི་དངོས་པོ་ཤེས་པ་ཡིན་པས་དངོས་གྲུབ་ཀྱི་རྒྱུར་གསུངས་པའོ། །དེ་ནས་ལྷ་བཞིན་དུ་བདག་བྱིན་གྱིས་བརླབས་ཏེ། གཟུགས་བརྙན་ལ་སོགས་པ་ལ་ལྷ་སྤྱན་དྲངས་ནས་མཆོད་པ་བྱ་བར་གསུངས་པ། འདི་སྐད་དུ། གསང་རྒྱུད་ལས། ས་བོན་བཀོད་པའི་ཚུལ་བཞིན་དུ། །བདག་གི་ལུས་ལ་སྦྱར་བར་བྱ། །གཟུགས་ལ་གཟུགས་ནི་བཞག་ནས་སུ། །མཚོན་ཆ་དེ་ཉིད་ལག་ན་ཐོགས། །ས་བོན་རྣམས་ཀྱང་ཁར་བཞག་སྟེ། །རྐང་པ་གཉིས་ཀྱང་ཚམ་ངམ་བྱ། །དེ་ནས་ཀུན་ཏུ་ཁྲོས་ནས་སུ། །རང་གི་སུ་བོན་དགོད་པར་བྱ། །ཐོག་མར་བདག་ལ་མ་ཡེངས་པར། །བསྲུང་བ་དེ་ལྟར་བྱས་ནས་སུ། །དཀྱིིལ་འཁོར་དུ་ནི་སྤྱན་དྲངས་ཏེ། །དེ་ནས་མདུན་དུ་མཆོད་པར་བྱ། །ཞེས་གསུངས་པ་ཉིད་ཀྱིས་བསྟན་ཏོ། །དེ་ནས་བདག་ལ་སུ་བོན་བཀོད་པ་བཞིན་དུ། མདུན་དུ་མཆོད་པའི་ལྷ་རྡུལ་ཚོན་ཡིན་ཡང་རུང་། སྐུ་གཟུགས་སམ་རི་མོ་ཡིན་ཡང་རུང་སྟེ། མདུན་དུ་མཆོད་པའི་ལྷ་དེ་ལ་ཡང་སུ་བོན་ཡན་ལག་ལྔ་པ་བཀོད་དེ། དེ་དམ་ཚིག་ཅན་གྱི་སྐྱེ་བོ་ལ་བསྟན་པས་དེ་དག་རིག་འཛིན་དམ་ཚིག་ཅན་དུ་བྱིན་གྱིས་རློབ་པར་འགྱུར་བར་གསུངས་པ་ཡང་། ཇི་སྐད་དུ། དེར་ནི་མཆོད་པ་བྱས་ནས་ཀྱང་། །དཀྱིལ་འཁོར་དག་གམ་རི་མོ་ལ། །རང་གི་ཡན་ལག་དགོད་པ་དང་། །དམ་ཚིག་ཅན་ལ་བསྟན་ན་ནི། །རིག་འཛིན་དམ་ཚིག་ཅན་དུ་འགྱུར། །ཞེས་གསུངས་སོ། །དེ་བས་ན་འབྲེལ་བ་གསུམ་པོ་འདི་ཚུལ་མཐུན་པ་ལ་ཐེ་ཚོམ་བཟར་མི་རུང་ངོ་། །འབྲེལ་བ་གསུམ་མདོར་བསྡུས་ན། ཡེ་ཤེས་ཀྱི་ལྷ་གདུལ་བྱ་རྣམས་ལ་སྣང་བ་བཞིན་དུ་བདག་བྱིན་གྱིས་བརླབ། བདག་བྱིན་གྱིས་བརླབས་པ་བཞིན་དུ་དཀྱིལ་འཁོར་དང་སྐུ་གཟུགས་ལ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བའི་ལྷ་ལ་བྱིན་གྱིས་བརླབས་ཏེ། དེས། སྐྱེ་བོ་བྱིན་གྱིས་རློབ་ནུས་པར་བྱའོ་ཞེས་བྱ་བ་འདི་གཞུང་ལས་མངོན་དུ་གོང་དུ་བསྟན་པས། ཐེ་ཚོམ་གྱི་གནས་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་འབྲེལ་པ་གསུམ་མཐུན་པར་བྱ་བར་ལུང་བསྟན་ནས། ད་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པར་བྱ་སྟེ། རྒྱུད་དེ་ཉིད་ལས། གསང་རྒྱུད་ལས། འདི་ལས་ཀྱི་སེམས་དཔའ་བསྐྱེད་པ། ཐོག་མའི་ཁྲོ་བོའི་རྒྱལ་པོ་ཡིས། །ཁྲུས་ཀྱི་ཆོ་ག་ཉིན་རེ་བྱ། །དེ་ནས་ཁྲོ་བོ་བསྐུལ་བ་ཡི། །བསྲུང་བ་རང་གི་ལུས་ལ་བྱ། །རང་གི་ཁྱད་པར་གྱི་ལས། བམ་གྱི་སུ་བོན་ལས་བྱུང་འདི་དམ་ཚིགསེམས་དཔའ་བསྐྱེད་པའི་ཚུལ། པའི། །ཡིད་ཀྱི་པདྨའི་སྟན་ལ་འདུག །བདག་ཉིད་དེའི་སྟེང་དུ་ཡང་། །ས་བོན་ཧཱུྃ་ལས་བསྒྱུར་བའི་སྐུ། །བརྟག་པར་བྱ་སྟེ་བརྟགས་ནས་ཀྱང་། །ལུས་བྱིན་གྱིས་བརླབ་པ། བདག་གི་སྤྱི་བོར་ཡི་གེ་ༀ། །མིག་གཉིས་སུ་ནི་ཡི་གེ་ཨས། །བསྲུང་བར་བྱས་ཏེ་དེ་ནས་ཡང་། །སྔགས་ནི་ཨ་ཀྲོ། ཡི་གེ་བཅུ་བདུན་པོ། །བཟླས་ཤིང་དེ་བཞིན་ཤེས་དྲན་ནས། །རང་གི་ལུས་ལ་སྔགས་བཞག་པ། །སྙིང་ཁར་ཡི་གེ་ཧཱུྃ་གཞག་བྱ། །དེ་ནས་ཁྲོ་བོའི་མཆོག་མ་ཡིས། །ཁྲོ་བོ། བདག་གི་མཆོག་མར་རེག་པར་བྱ། །ཁྲོ་བོའི་གཙོ་བོའི་སྤྱི་གཙུག་ཀྱང་། །ཕྱིས་ནི་གཙུག་ཏུ་གཞག་པར་བྱ། །དེ་ནས་ལུས་ལ་གོ་ཆ་ཡང་། །སྔགས་པས་ཆོ་ག་བཞིན་དུ་བྱ། །དེ་ནས་བདག་གི་ལག་གཉིས་ལ། །བློ་དང་ལྡན་པས་མཚོན་ཆ་དགོད། །ང་རྒྱལ་དང་། རང་གི་དམ་ཚིག་ལྡན་པའི་ཕྱག །རྒྱ། འདི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ། མཁས་པའི་ཆོ་ག་བཞིན་བཅིངས་ནས། །ཁྲོ་བོ་མཆོད་ལ་འཇུག་པར་བྱ། །ཞེས་གསུངས་སོ། །དེ་ལྟར་བྱིན་གྱིས་བརླབས་པའི་མཆོད་པའི་གནས་ཀྱང་། དཀྱིལ་འཁོར་དང་། སྐུ་གཟུགས་དང་། རི་མོ་རྣམས་ཐུན་མོང་ཡིན་པར་གསུངས་ཏེ། འདི་སྐད་དུ། ཡང་དེ་ཉིད་ལས། ཁྲོ་བོའི་མཆོད་པ་བཤད་པ་ནི། །འདོད་པ་ཐམས་ཅད་སྟེར་བ་སྟེ། །ཡི་དྭགས་ཕལ་ཆེན་དཀྱིལ་འཁོར་དང་། །གཞན་ཡང་རྟག་པར་སྐུ་གཟུགས་དང་། །ཇི་སྲིད་བསྟན་པའི་རི་མོ་ལ། །ཡིད་ཀྱིས་མཆོད་པ་བྱ་བར་བསྒྲགས། །ཞེས་གསུངས་པའོ། །མཆོད་པའི་གནས་དེ་དག་ཀྱང་གང་ཡང་རུང་བ་གཅིག་ལ་མཆོད་པ་ལས། ཀུན་ཚང་བར་མཆོད་དགོས་པར་ངེས་པ་མེད་དེ། འདི་སྐད་དུ། ཡང་དེ་ཉིད་ལས། རྫས་བསྟན་པ། ལྷ་ཡི་མེ་ཏོག་དྲི་ཞིམ་དང་། །བིལ་པའི་ལོ་མ་བཟང་པོ་དང་། །སྤོས་ཆུ་དག་གི་སུ་ལའམ། །ཡང་ན་སྐུ་གཟུགས་དག་ལ་མཆོད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྷན་དུ་མཆོད་ཀྱང་རུང་སྟེ། འདི་སྐད་དུ། ཡང་ན་ཕྱག་རྒྱའི་དཀྱིལ་འཁོར་དུ། །རི་མོ་བཀྲམ་ནས་མཆོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་གིས་ནི་བདག་བྱིན་གྱིས་བརླབ་པའི་ཚུལ་དང་། དཀྱིལ་འཁོར་དང་སྐུ་གཟུགས་དང་རི་མོ་རྣམས་ལ་མཆོད་པའི་བྱེ་བྲག་མེད་པར་བྱ་བ་གྲུབ་པོ། །ད་ནི་དེ་རྣམས་སུ་མཆོད་པའི་ལྷ་ལ་མཆོད་པའི་དུས་སུ། བདག་དང་ཏིང་འཛིན་གྱི་དཀྱིལ་འཁོར་དང་། མཐུན་པར་དེས། བྱིན་གྱིས་བརླབ་པ་ཇི་ལྟར་བྱ་བའི་ཁུངས་བསྟན་པར་བྱ་སྟེ། དེ་ཡང་དང་པོར་སྤྱན་དྲངས་པའི་ལྷའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ལེགས་པར་བསམ་ནས་སྤྱན་དྲངས་ཏེ། བཞུགས་སུ་གསོལ་ནས། དང་པོར་ཡོན་ཆབ་ཕུལ། དེའི་འོག་ཏུ་དྲི་ཆབ་ཕུལ། དེའི་འོག་ཏུ་ལྷ་བཤོས་དབུལ། དེའི་འོག་ཏུ་མེ་ཏོག་འཕྲེང་བ་ཕུལ་ནས། སྐབས་དེར་ལྷ་དེ་བདག་བཞིན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་ཡན་ལག་ལྔ་པའི་གསང་སྔགས་མེ་ཏོག་ལ་བསྔགས་ཤིང་། ཡིད་ཀྱིས་ལྷའི་གནས་སུ་བཞག་པས་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ནས་བདུག་པ་དབུལ། དེ་ལ་ཕྱོགས་བརྒྱད་དུ་ཕྱིར་མི་ལྡོག་པ འི་ཕྱིར། མར་མེ་བལྟམས། དེ་ནས་ཁྲོ་བོ་ལ་འབྱུང་པོའི་གཏོར་མ་དབུལ། དེ་ནས་ཕྱི་རོལ་དུ་ཕྱུང་སྟེ་སྨེ་གཏོར་རྣམས་བྱིན་ནས། དེའི་རྗེས་སུ་སློབ་མ་གཞུག་པ་ལ་སོགས་པ་དཀྱིལ་འཁོར་བྱ་བ་བཞི་པོ་གང་ཡང་རུང་བ་ལ་སྦྱར་བར་བྱའོ། །ཞེས་ཤེས་པར་བྱའོ། །དེ་ཡང་འདི་སྐད་དུ། རྒྱུད་དེ་ཉིད་ལས། དེ་ལྟར་ཆོ་ག་བཞིན་བསམ་ནས། །མཇུག་ཏུ་ཁྲོ་བོ་གཤིན་རྗེ་གཤེད། །སྔགས་བརྗོད་ༀ་ཡམཱནྟ་ཀ་ཧཱུྃ་ཞེས་པ། པས་ནི་སྤྱན་དྲངས་ནས། །རང་གི་སྙིང་པོས་བཞུགས་སུ་གསོལ། །སྐུའི་ཚུལ་ནི། ཁྲོ་བོ་འཁྲུགས་པ་འཇིགས་མཛད་པ། །གཟི་བརྗིད་འཕགས་པ་བསམ་པ་ནི། །ཞེས་ཁྲོ་བོའི་ཚུལ་དང་མཚན་ཉིད་བསྟན་ནས། དེ་ལྟར་བསམ་ནས་ལེགས་པར་ནི། །སྙིང་པོས་སྤྱན་དྲངས་ཡོན་ཆབ་དབུལ། །ཡོན་ཆབ་ཆོ་ག་བཞིན་ཕུལ་ནས། །ཡི་དྭགས་ཀྱི་ནི་སྤྱི་བོར་ཡང་། །ཕྱག་རྒྱ། མེ་ཏོག་དམར་པོ་གཞག་པར་བྱ། །དེ་ནས་ཙནྡན་དམར་དབུལ་བ། །བློ་ལྡན་གྱིས་ནི་ཁྲོ་བོ་ལའོ། །དྲི་ཡི་འོག་ཏུ་ལྷ་བཤོས་དག །ཙནྡན་གྱིས་ནི་གཏོར་བའོ། །མེ་ཏོག་དག་གི་ཕྲེང་བ་ཡང་། །མེ་ཏོག་སྔགས་ཀྱིས་དབུལ་བར་བྱ། །མེ་ཏོག་ཆོ་ག་བཞིན་ཕུལ་ནས། །དེ་ལྟར་སྙིང་པོའི་སྔགས་ཀྱིས་ཀྱང་། །ཁྲོ་བོ་གཙོ་བོའི་སྙིང་ག་དང་། །ཁྲོ་བོ་ཡི་ནི་སྤྱི་བོར་ཡང་། །སྙིང་པོ་རྣམ་པར་དགོད་པར་བྱ། །མཚོག་མ་དེའི་མཚོག་མ་དང་། །དེའི་གཙུག་ཏུ་སྤྱི་གཙུག་བཞག །དེ་ཡི་ལུས་ལ་གོ་ཆ་དང་། །མཚོན་ཆའི་གནས་སུ་མཚོན་ཆའོ། །མེ་ཏོག་ཡིད་ཀྱིས་གཞག་པ་ནི། །ཇི་ལྟར་གསུང་པ་བཞིན་དུ་བྱ། །དེ་ལྟར་མཆོད་ནས་བདུག་པ་ནི། །སྔགས་ཀྱིས་བཏབ་སྟེ་དེ་ལ་དབུལ། །དེ་ནས་མེ་མར་རབ་འབར་བ། །ཕྱོགས་བརྒྱད་དུ་ཡང་དགོད་པར་བྱ། །འབྱུང་པོའི་གཏོར་མ་ཁྲོ་བོ་ལ། །ཕུལ་ནས་ཡི་དྭགས་ཕལ་ཆེར་གྱི། །ཕྱི་རོལ་དུ་ནི་མཁས་པ ་ཡིས། །སྨེ་གཏོག་རྣམས་ནི་སྦྱིན་པར་བྱ། །ཞེས་གསུངས་སོ། །མཆོད་པའི་རིམ་པ་འདི་ལྟ་བུ་ནི། ཡོན་ཆབ་དང་པོར་དབུལ་བ་ངེས་པར་ཙམ་ལས། རིམ་པ་བཞིན་ལྷག་པར་ངེས་པ་མེད་དེ། རེ་ཤིག་འདིར་ཇི་ལྟར་གསུངས་པ་བཞིན་དུ་བསྟན་པ་ཟད་དོ། །དེ་ལྟར་བྱིན་གྱིས་བརླབ་པའི་རིམ་པ་འདི་ཡང་། རྡུལ་ཚོན་དང་སྐུ་གཟུགས་ཀྱི་ཁྱད་པར་ནི། ལྷ་གཤེགས་སུ་གསོལ་མི་གསོལ་གྱི་བྱེ་བྲག་དང་། རྣལ་འབྱོར་གྱི་རྒྱུད་ལས། ཕྱག་རྒྱ་དགྲོལ་བའི་སྐབས་དག་ལས། །ཕྱག་རྒྱ་རང་གི་གནས་སུ་དགྲོལ། །ཞེས་བསྟན་པའི་ཤུགས་དང་སྐུ་གཟུགས་དང་མཆོད་རྟེན་དང་གླེགས་བམ་ལྟ་བུ་དམིགས་པས་ཡུན་རིང་དུ་བརྟན་པར་བཞུགས་པར་བྱིན་གྱིས་བརླབ་པ་རྣམས་ལ། རབ་གནས་ཀྱི་ཆོ་གའི་དུས་སུ་ལྷ་སླར་གཤེགས་སུ་མི་གསོལ་ཞིང་། ཕྱག་རྒྱ་མི་དགྲོལ་ཞེས་གྲགས་པ་དང་སྦྱར་ན། སྐུ་གཟུགས་དང་རི་མོའི་རྒྱུད་ལ་ནི་ཆ་ཤས་ཙམ་མ་ཡིན་ཏེ། ཡོངས་སུ་རྫོགས་པའི་ལྷ་ཉིད་ཡིན་པས། ཕྱག་རྒྱ་དགྲོལ་བ་ཅུང་ཟད་ཀྱང་མི་དགོས་པར་རིགས་སོ། །མཆོད་རྟེན་དང་གླེགས་བམ་ལ་ནི། སྤྱན་དྲང་ཞིང་བྱིན་གྱིས་བརླབ་པའི་དུས་སུ། སྐབས་དེར། ཆ་ཤས་ཡོངས་སུ་རྫོགས་པའི་ལྷར་བྱིན་གྱིས་བརླབས་ཀྱང་། ཕྱག་རྒྱ་དགྲོལ་བའི་སྐབས་སུ་ཡོངས་སུ་རྫོགས་པའི་ཕྱག་རྒྱ་ཆེན་པོ་ཉིད་དམ་ཚིག་གི་ཕྱག་རྒྱར་བསྡུས་ལ། དེ་ནས་མི་དགྲོལ་བར་བརྟན་པར་བཞུགས་པར་རིགས་སོ། །སློབ་དཔོན་ལ་ལ་དག་ན་རེ། བདག་གི་མདུན་དུ་བྱིན་གྱིས་བརླབས་པའི་ལྷའི་ཕྱག་རྒྱ་དགྲོལ་བ་མ་བྱས་ན། བདག་ཉིད་བྱིན་གྱིས་བརླབས་པའི་ཕྱག་རྒྱ་ཡང་དགྲོལ་དུ་མི་རུང་སྟེ། སྔགས་པ་ལྕགས་སུ་བཅུག་པ་ཡིན་ནོ། །ཞེས་སྔོན་ཐོས་ན། འདི་ལྟ་བུ་ནི་གཞུང་ནས་ཀྱང་མ་མཐོང་། དེ་ལྟར་ཡིན་ན་སྔགས་པ་ཉིད་དེར་ལྷའི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་གྱིས་སྣང་བ་ཡིན་ན། ཐམས་ཅད་དུའང་མིན། ཕྱག་རྒྱ་དེ་ཉིད་ནི་ལྷ་དང་མི་གཉིས་དང་སྐབས་ཐམས་ཅད་ལྷ་ལྟར་སྣང་བ་དང་འགལ་ལོ། །རིགས་པས་ཀྱང་མ་དམིགས་སོ། །ཡང་ལ་ལ་ན་རེ། དང་པོ་སངས་རྒྱས་ཀྱི་སྐུར་བསྐྱེད་ལ། མཆོད་པ་རྫོགས་ནས་སངས་རྒྱས་རྣམས་འོད་དུ་ཞུ་སྟེ། གླེགས་བམ་ལ་སོགས་པར་གྱུར་པར་བྱའོ། །ཞེས་ཐོས་ན། འདི་ལྟ་བུ་ནི་རྒྱུད་ནས་ལུང་བསྟན་པ་ཡང་མ་མཐོང་ལ། རིགས་པས་འགལ་བ་ཡང་མ་མཐོང་ངོ་། །ཡང་ལ་ལ་དག་ན་རེ། སློབ་མ་དབང་བསྐུར་བའི་ཆོ་ག་དང་འདྲའོ། །ཞེས་ཐོས་ན། འདི་ལྟ་བུ་ནི་རྒྱུད་ནས་ལུང་བསྟན་པ་ཡང་མ་མཐོང་ལ། རིགས་པས་འཐད་པ་ཡང་མ་མཐོང་སྟེ། འདི་ལྟར་སློབ་མ་ལ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྡོམ་པ་བཟུང་བ་ནས་བརྩམས་ནས། ཐ་མ་སངས་རྒྱས་ཀྱི་སུ་ལ་ལུང་བསྟན་ཅིང་འབྲས་བུའི་ཆོས་ཀྱི་གོ་འཕང་སྦྱིན་པའི་བར་དུ། གོ་འཕང་གི་ཆོས་རྒྱུད་ལ་བསྐྱེད་ཅིང་སྦྱིན་པ། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ཁོངས་སུ་གཏོགས་པ་ཡིན་ལ། སློབ་མས་ཐོབ་པའང་བཀའ་ཐོབ་པའི་མཚན་ཉིད་ཡིན་ནོ། །སྐུ་གཟུགས་བྱིན་གྱིས་བརླབ་པ་འདི་ནི། ཡེ་ཤེས་ཀྱི་ལྷ་རྣམས་འགྲོ་བའི་དོན་དུ་འཕྲུལ་པ་སྟོན་པས་ན། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཇིག་རྟེན་དུ་བཞག་པ་རྣམས་ལས། ཕྱག་རྒྱའི་གཟུགས་སུ་བྱས་པ་ལ། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་མཆོད་པའི་སྒོ་ནས། ཕྱག་རྒྱ་ལ་ཕྱག་རྒྱས་མནན་ཏེ་བྱིན་གྱིས་བརླབ་པ་ཙམ་དུ་ཟད་པས། འདི་གཉིས་མཐུན་པའི་རིགས་པའང་མ་མཐོང་ངོ་། །སྐུ་གཟུགས་དང་རི་མོར་བྲིས་པ་དག་ལ། ལྷ་གང་ཡིན་པའི་རང་རང་གི་སུ་བོན་ལས། རང་རང་གི་སྐུར་བསྐྱེད་ཅིང་དམིགས་ཏེ་བཟླས་བརྗོད་བྱས་པས། སངས་རྒྱས་ཀྱི་གོ་འཕང་གི་བར་དུ་ཐོབ་པར་འགྱུར་བ་ནི། རྒྱུད་ལས་གསུངས་ཏེ། འདི་ལྟར་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས། འདི་སྐད་དུ། ལག་ན་རྡོ་རྗེ། རས་སམ་རྩིག་པ་ལ་སོགས་པ་ལ། དམིགས་པ་གང་གིས་གསང་སྔགས་འཆང་རྣམས་ཀྱི་ཡེ་ཤེས་རྫོགས་པར་འགྱུར་ཞིང་། ཡེ་ཤེས་རྫོགས་པས་སངས་རྒྱས་ཉིད་བདེ་བླག་ཏུ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་པའི་གསང་སྔགས་ཀྱི་ཚོགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གསང་ཆེན་བཤད་པར་བྱ་བ་ཉོན་ཅིག །ༀ་གྱི་ཡེ་ཤེས་ཀྱིས་བསྒྲུབས་པ། རྒྱལ་ཆེན་རྣམ་པར་སྣང་མཛད་ནི། །ཤེས་རབ་ཡེ་ཤེས་རབ་རྒྱས་པ། །ཞེས་བྱ་བ་ལ་སོགས་སྐུའི་མཚན་ཉིད་གསུངས་ནས། ནང་གི་གསང་སྔགས་བཟླས་བརྗོད་ཅིང་། །དེ་ཉིད་སྤྱོད་ཡུལ་བསྒོམ་པར་གྱིས། །ཞེས་བྱ་བ་ལ་སོགས་པ་ལྷ་ཐམས་ཅད་སྙིང་པོ་ལས་སྐུར་བསྐྱེད་ཅིང་བསྒོམ་པ་དང་བཟླས་པ་གསུངས་པས། འདི་ལྟ་བུ་ནི་ལུང་གིས་འགྲུབ་པའི་ཕྱིར། འདི་ལྟར་བྱེད་འདོད་ན་ཡང་དེ་བཞིན་དུ་བསྒྲུབ་པར་བྱའོ། །མདོར་ན་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་རྣམས་ཀྱི་ཐ་མལ་པའི་གཟུགས་ཉིད་ལ། ཡི་གེ་ལ་སོགས་པའི་ལྷས་བྱིན་གྱིས་བརླབས་ཏེ། མཆོད་པ་དང་། གཞི་དེ་ལས་སུ་བོན་ༀ་དང་ཧཱུྃ་ལ་སོགས་པ། ལས་སྐུར་བསྐྱེད་དེ་མཆོད་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངང་ལས་སྐད་ཅིག་གཅིག་ཆུ་དྭངས་པ་ལ་ཉི་ཟླའི་གཟུགས་བརྙན་མ་བརྩལ་བར་སྣང་བ། ཙམ་གྱིས་སྐུར་བསྐྱེད་དེ་མཆོད་པ་རྣམས་ནི། སྒྱུ་འཕྲུལ་དྲ་བའི་རྒྱུད་ཉིད་ཀྱི་གཞུང་ཉིད་དང་སྦྱར་ན་ལྷའི་རྣལ་འབྱོར་རྣམ་པ་གསུམ་གསུངས་པས། དེའི་དབང་གིས་སྐུ་གཟུགས་ལ་སོགས་པ་ལ་ཡང་ཚུལ་རྣམ་པ་གསུམ་གང་ཡང་རུང་བ་ལ་སྦྱར་ཡང་འགལ་བ་མེད་པར་རིགས་སོ། །ལུང་གིས་ཀྱང་སྔར་བསྟན་པ་བཞིན་དུ་གྲུབ་བོ། །དེ་ལ་རྣལ་འབྱོར་རྣམ་པ་གསུམ་ནི། འདི་སྐད་དུ། སྒྱུ་འཕྲུལ་དྲྭ་བ་ལས། རྣལ་འབྱོར་རྣམ་གསུམ་ཞེས་བྱ་སྟེ། །བྱིན་གྱིས་བརླབ་དང་ཡོངས་བརྟགས་དང་། །གཟུགས་ཉིད་རྫོགས་པར་གྱུར་པ་ནི། །རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུངས། །ཞེས་གསུངས་པའོ། །དེ་ཉིད་ཇི་ལྟར་ཡིན་པར་བསྟན་པ་ནི། འདི་སྐད་དུ། དེ་ཉིད་ལས། སྔགས་ཀྱི་བྱིན་རླབས་ཡ་མཚན་བསྐྱེད། །རྣལ་འབྱོར་བྱིན་རླབ་ཡིནཔར་གསུངས། །བྱང་ཆུབ་སེམས་ནི་དག་པ་དང་། །གསང་སྔགས་སུ་བོན་སྐྱེ་བ་ཆེ། །ཕྱག་རྒྱའི་ཚོགས་སུ་བརྟགས་པ་ཡིས། །ཆོ་ག་རིམ་གྱིས་བསྐྱེད་པ། རིམ་གྱིས་གཟུགས་ནི་རྫོགས་བྱས་པ། །དེ་ནི་བརྟགས་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོ་ག་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡིན་པར་གསུངས། །བསྡུ་དང་སྤྲོ་བར་བྱ་བ་ལས། །ཏིང་ངེ་འཛིན་གྱི་དཀྱིིལ་འཁོར་གྱི་ཚུལ་ཇི་ལྟ་བ་བཞིན་རང་བཞིན་དཀྱིལ་འཁོར། རྣམ་པའི་མཆོག་ཀུན་ལྡན་པ་དག །རིམ་པ། སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། །རང་བཞིན་གྱི་དཀྱིལ་འཁོར། རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་གསུངས་པ་ཡིན་ནོ། །རྣལ་འབྱོར་འདི་གསུམ་གྱི་གཞིར་གྱུར་པ་བདག་གི་དེ་ཁོ་ན་ཉིད་གཞི་ཡི་གཞུང་གང་དང་མཐུན་པ་ཡིན་ཞེ་ན། འདི་ལྟར་དང་པོར། ཉན་ཐོས་པའི་གཞུང་། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་ཚུལ་དང་། གཉིས་པ་ནང་སེམས་སུ་འདོད་པ་སེམས་ཙམ། རྣལ་འབྱོར་སྤྱོད་པ་པའི་ཚུལ་དང་། གསུམ་པ་དོན་སེམས་གཉིས་མེད་དུ་འདོད་པ། དབུ་མའི་ཚུལ་ཏེ། འདི་གསུམ་གྱི་ཚུལ་དང་མཐུན་པར་བདག་གི་དེ་ཁོ་ན་ཉིད་གཞིར་བྱས་ཏེ། ལྷའི་རྣལ་འབྱོར་བསྒོམ་པར་གསུངས་པ་ཡིན་ནོ། །དེ་ཉིད་གསུངས་པ། དེ་ཉིད་ལས། དང་པོ་དམ་ཚིག་བྱིན་རླབ་པ། །རྣལ་འབྱོར་སྤྱོད་པ་དག་གིས་བརྟགས། །དབུ་མ་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བཤད། །ཅེས་གསུངས་པ་སྟེ། དེ་ལ་ཡང་དམ་ཚིག་ཅེས་བྱ་བ་ནི། ས་མ་ཡ་ཞེས་བྱ་བའི་སྒྲ་ཚུལ་ཁྲིམས་དང་སྡོམ་པ་ལ་མི་འཇུག་ཅིང་། སྤྱིའི་གཞུང་ལ་འཇུག་པའི་དུས་སུ་གཞུང་ལུགས་ཞེས་མིང་གདགས་སོ། །ཞེས་སྔོན་གྱི་སྒྲ་བསྒྱུར་གྱི་སྐད་ཀྱི་དཀར་ཆག་ལས་འབྱུང་བས། དེ་དག་དང་མཐུན་པར་ཚིག་འདི་དག་བོད་ཀྱི་སྐད་དང་མཐུན་པར་གོ་བདེ་བར་སྦྱར་ན། ཚིག་འདི་སྐད་དུ། བྱིན་བརླབས་གཞུང་ལུགས་དང་པོ་སྟེ། །བརྟགས་པ་རྣལ་འབྱོར་སྤྱོད་པ་ཡི། །དབུ་མ་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བཤད། །ཅེས་ཚིག་རྣམ་པར་སྦྱར་ན། དོན་མཐུན་ཡང་ཅུང་ཟད་གོ་བདེ་བར་སྣང་ངོ་། །དོན་ནི་འདི་ཡིན་ཏེ། གཞུང་ལུགས་དང་པོ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་དང་མཐུན་པའི་བདག་གི་དེ་ཁོ་ན་ཉིད་ནི། དེ་ལ་བདག་ཅེས་བྱ་བ་ནི་ཕུང་པོ་ལྔའི་དོན་བློས་རྣམ་པར་མ་ཕྱེ་བ་ཙམ་ལ་བདག་ཅེས་གདགས། དེའི་དེ་ཁོ་ན་ཉིད་ནི་ཕུང་པོས་བསྡུས་པའི་ཕྱི་ནང་གི་དངོས་པོ་འདི་དག་ལ། མུ་སྟེགས་ཅན་དག་གིས་ཀུན་ཏུ་བརྟགས་པའི་བདག་དང་བདག་གི་བ་དང་། རྟག་པ་དང་ཆད་པ་ལ་སོགས་པར་འདོད་པ་དེ་ལས་ཉན་ཐོས་པས། ཀུན་ཏུ་བརྟགས་པས་སྟོང་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཙམ། ཡང་དག་པའི་ཤེས་པས་མངོན་དུ་གྲུབ་པ་མེད་པར་སྐུར་པ་གདབ་ཏུ་མི་རུང་བ་འདི་ནི། བདག་གི་དེ་ཁོ་ན་ཉིད་དོ། །དེ་བྱིན་གྱིས་བརླབ་པར་བྱ་བའི་གཞིར་བྱས་ཏེ། ལྷའི་དེ་ཁོ་ན་ཉིད་དུ་གཏོགས་པ། ཆོས་ཉིད་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེ་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། ཡི་གེ་དང་། སྐུ་དང་། ཕྱག་རྒྱ་དག་གིས་བྱིན་གྱིས་བརླབས་ཤིང་བསྒོས་ཏེ། གསེར་གྱི་གླེགས་བམ་ལ་དངུལ་ཆུ་ཞུན་མ་ཐིམ་པ་བཞིན་དུ། ལྷས་བསྒོས་ཤིང་བྱིན་གྱིས་བརླབས་ཏེ་ལྷར་བསྒོམ་པ་འདི་ནི། བྱིན་གྱིས་བརླབས་པའི་རྣལ་འབྱོར་ཞེས་བྱའོ། །ཚུལ་དེ་དང་མཐུན་པར་བསྒོམ་པར་འདོད་ན། བདག་ཉིད་དམ་ཚིག་སེམས་དཔར་བསྐྱེད་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཕྱག་རྒྱའམ་སྐུ་ཙག་ལི་བཀོད་པ་དང་། སྐུ་གཟུགས་དང་རི་མོའི་རྒྱུད་ལ་སོགས་པ་ལ་ཡང་། དང་པོ་བདག་གི་དེ་ཁོ་ན་ཉིད་རྣམ་པར་སྨིན་པའི་གཟུགས་ཀྱི་དབྱིབས་ཀྱི་བྱེ་བྲག་བཟོ་བྱས་པ་ཉིད་ལ། ཡི་གེ་དང་ཕྱག་རྒྱ་དང་སྐུ་ལ་སོགས་པའི་ལྷས་བྱིན་གྱིས་བརླབས་ཏེ་ལྷར་གྱུར་པར་བྱ་བ་འདི་ཡང་། ལུང་དང་རིགས་པས་གྲུབ་པའི་ལྷའི་རྣལ་འབྱོར་ཕྱོགས་གཅིག་ཡིན་ནོ། །གཉིས་པ་སེམས་ཙམ། རྣལ་འབྱོར་སྤྱོད་པ་དང་མཐུན་པའི་ཡོངས་སུ་བརྟགས་པའི་རྣལ་འབྱོར་གྱི་ཚུལ་ལྟར་ན། བདག་གི་དེ་ཁོ་ན་ཉིད་ཀྱང་བདག་གི་ཐ་སྙད་གདགས་པ་ནི་སྔ་མ་དང་འདྲ། བདག་དེའི་དེ་ཁོ་ན་ཉིད་ཀྱི་ཕྱི་ཡུལ། ནང་སེམས། ཀྱི་དངོས་པོ་འདི་དག་ལ། མུ་སྟེགས་ཅན་གྱིས་ཀུན་ཏུ་བརྟགས་པས་སྟོང་པར་མ་ཟད་ཀྱི། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་རྣམས་ཀྱིས་ཕྱི་གཟུང་བ་དང་འཛིན་པའི་དངོས་པོ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡང་དག་པར་ཡོད་པར་ཀུན་ཏུ་བརྟགས་པས་ཀྱང་སྟོང་པ། ནང་། སེམས་དང་སེམས་ལས་བྱུང་བ་རང་རིག་པ་ཙམ་པོ་གང་གིའང་གཟུང་བ་མ་ཡིན་པ། གང་ལ་ཡང་འཛིན་པར་བྱེད་པ་མ་ཡིན་པ། ཡེ་ཤེས་རང་རིག་པ་ཙམ་པོ་འདི་ནི། བདག་གི་དེ་ཁོ་ན་ཉིད་དོ། །དེ་ཡང་ཇི་ལྟ་བ་བཞིན་དུ་ཚད་དུ་ཆུད་ན་ནི། དེ་བཞིན་གཤེགས་པ་ཉིད་ཡིན་ཏེ། འོན་ཀྱང་སེམས་ཅན་གྱི་དུས་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པས་སྒྲིབ་པ་ཙམ་མོ། །དེ་ཉིད་གཞིར་བྱས་ཏེ་ལྷའི་རྣལ་འབྱོར་སྒོམ་པར་བྱེད་པའི་ཚེ། དང་པོར་ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པའོ། །ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་སྒོ་ནས། ངོ་བོ་ཉིད་དག་པར་མོས་པས་གཟུང་བ་དང་འཛིན་པའི་དངོས་པོར་བལྟ་བའི་བག་ཆགས་ཐམས་ཅད་དག་པར་བྱས་ནས། ཡེ་ཤེས་ཡོངས་སུ་དག་པ་ཙམ་ལ་དམིགས་ཏེ། དེ་ལ་བསོད་ནམས་ཀྱི་ཚོགས་ཀྱི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པའི་དབང་གིས། ཟླ་བའི་དཀྱིལ་འཁོར་ཉིད་དུ་གྱུར་པར་བྱས་ཏེ། དེ་ལ་སུ་བོན་གྱི་ཡི་གེ་དང་། ཐུགས་མཚན་གང་ཡིན་པ་དང་། སོ་སོའི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་ནས་དེ་ལ་ཡང་། ཀཱ་ཝཱ་ཙི་བྱིན་གྱིས་བརླབ་ཅིང་ཡེ་ཤེས་ཀྱིས་དབང་བསྐུར་བ་ལ་སོགས་པའི་སྒོ་ནས། ཤིན་ཏུ་ཡོངས་སུ་རྫོགས་པར་བྱ་བ་འདི་ནི། ཡོངས་སུ་བརྟགས་པའི་རྣལ་འབྱོར་གྱི་ཚུལ་ལོ། །ཚུལ་འདི་དང་མཐུན་པར་རྡུལ་ཚོན་དང་སྐུ་གཟུགས་ལ་སོགས་པ་ལ་ཡང་ཡི་གེ་ནས་རིམ་གྱིས་གཟུགས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱ་བ་འདི་ནི། སྒྱུ་འཕྲུལ་དྲ་བའི་རྒྱུད་འདི་ཉིད་ཀྱི་གཞུང་གི་ཚུལ་ཡང་ཡིན་ནོ། །གསུམ་པ་དབུ་མ་དང་སྒོ་མཐུན་པའི་རྫོགས་པའི་རྣལ་འབྱོར་གྱི་ཚུལ་གྱི་བདག་གི་དེ་ཁོ་ན་ཉིད་ནི། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ཡོངས་སུ་དག་པའི་ཡེ་ཤེས་རང་རིག་པ་ཙམ་འདི། ཡང་དག་པར་ཡོད་པར་འདོད་པ་ཡང་ཀུན་ཏུ་བརྟགས་པ་ཙམ་སྟེ། ཕྱི་ནང་གི་དངོས་པོ་འདི་དག་ནི་རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལས་སྐྱེ་བར་དམིགས་པས། ཡང་དག་པར་ན་གཅིག་དང་དུ་མའི་ངོ་བོ་ཉིད་བློས་ཕྱེ་ན། རྙེད་པ་མ་ཡིན་པས། ཆོས་ཐམས་ཅད་ནི་སྤྲོས་པ་ཉེ་བར་ཞི་བའི་མཚན་ཉིད་དེ། རྒྱུད་འདི་ཉིད་ལས་ཀྱང་། འདི་སྐད་དུ། གང་ལ་དངོས་རྣམས་དངོས་མེད་ཅིང་། །མཐའ་གཉིས་ཀྱི་ནི་མཚན་མ་མེད། །དབུས་ལ་དཔྱད་པ་མེད་པ་དག །དུས་གསུམ་འདས་པ་ནམ་མཁའ་འདྲ། །ཞེས་གསུངས་པ་ལྟ་བུ་དང་། ཤེས་རབ་ཕ་རོལ་ཕྱིན་པ་ལས། ཚུར་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་ཤིང་། །དུས་རྣམས་མཉམ་པ་ཉིད་ཤེས་པ། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་པ་ལྟ་བུ་དོན་འདྲ་སྟེ། དུས་གསུམ་གྱིས་དངོས་པོ་ཐམས་ཅད་བསྡུས་པ་ཡིན་ཏེ། དངོས་པོ་ཐམས་ཅད་གདོད་མ་ནས་རྣམ་པར་དག་ཅིང་སྤྲོས་པ་ཉེ་བར་ཞི་བའི་མཚན་ཉིད་གང་ཡིན་པ་འདི་ནི། བདག་གི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་ཀྱང་དེ་ཉིད་ཡིན་ཏེ། དེ་བས་ན་བདག་དང་སངས་རྒྱས་རང་བཞིན་མཉམ་པ་འདི་ནི། ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་བ་ཐམས་ཅད་ཀྱི་གཞིའོ། །གཞི་དེ་ལས་བདག་ལྷའི་རྣལ་འབྱོར་སྒོམ་པའི་ཚེ། རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལ་སྐྱེ་བ་མཚོ་དང་བ་ལ་ཉི་ཟླའི་གཟུགས་བརྙན་རིམ་པ་མེད་པར་དུས་གཅིག་ཏུ་འཆར་བར་སྣང་བ་བཞིན་དུ། ཆོས་ཉིད་རྣམ་པར་དག་པའི་ངང་དུ་བསྒོམས་པའི་ངང་ལས། གཟུགས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་པའི་དྲྭ་བ་ཅན་སྐད་ཅིག་གིས་ཡོངས་སུ་རྫོགས་པར་བསྒོམ་པའོ། །རྣལ་འབྱོར་གྱི་ཚུལ་གསུམ་པོ། འདི་དང་མཐུན་པར་འཇུག་པར་འདོད་ན། བདག་དེ་ལྟར་བསྒོམས་པའི་འོག་ཏུ་རྡུལ་ཚོན་དང་སྐུ་གཟུགས་ལ་སོགས་པ་དག་པ་ཡང་། ཐོག་མར་སྟོང་པ་ཉིད་དུ་བསྒོམས་ཏེ། དེའི་ངང་ལས་ཇི་ལྟར་འདོད་པའི་སྐུ་རུ་བསྐྱེད་པར་རིགས་སོ། །དེ་ལྟར་རྡུལ་ཚོན་དང་སྐུ་གཟུགས་ལ་སོགས་པ་ལ། བདག་བྱིན་གྱིས་བརླབ་པ་དང་མཐུན་པར་བྱིན་གྱིས་བརླབས་པ་ལུང་དང་རིགས་པ་གཉི་ག་དང་མཐུན་པར་བརྗོད་ནས། ད་ནི་གཞི་རྣམས་ལ་སྤྱན་དྲང་ཞིང་བཞུགས་སུ་གསོལ་བའི་ལྷ་རྣམས་ལ་ཡང་། བདག་བྱིན་གྱིས་བརླབ་པ་དང་མཐུན་པར། གོ་ཆ་དང་མཚོན་ཆ་དང་དབང་དང་བྱིན་རླབས་ཐམས་ཅད་བྱིན་གྱིས་བརླབ་ཅིང་བསྒྲུབ་པ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གསུངས་པའི་ལུང་གི་ཁུངས་བརྗོད་པར་བྱ་སྟེ། དེ་ལ་བདག་བྱིན་གྱིས་བརླབས་པའི་སྐབས་སུ། འདི་སྐད་དུ། འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ། །ཆ་ཤས་ཀྱི་ནི་དྲྭ་བ་ཅན། །ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག །དེ་འོག་ལག་པའི་ཕྱག་རྒྱ་ཡིས། །གོ་ཆ་མཚོན་ཆ་ལ་སོགས་བྱ། །རྫོགས་སངས་རྒྱས་ལྔས་དབང་བསྐུར་ཏེ། །ཅོད་པན་འཕྲེང་བ་རྣམས་ཀྱིས་ཀླུབས། །ཞེས་གསུངས་པ་དང་མཐུན་པར། སྤྱན་དྲངས་པའི་ལྷ་ལ་ཡང་བྱ་བར་གསུངས་པ། ལག་པ་བསྟོད་དེ་བསྐོར་བ་ཡི། །ལྕགས་ཀྱུ་ཡིས་ནི་སྤྱན་དྲང་ཡང་། །བྱོན་ནས་དང་པོར་ཕྱོགས་བཅིངས་ཏེ། །དམ་ཚིག་དག་ཀྱང་དབུལ་བར་བྱ། །གདན་རྣམས་སོ་སོར་ཕུལ་ནས་སུ། །མཆོད་ཡོན་དབུལ་བའི་སྦྱོར་བ་བྱ། །དབང་བསྐུར་མཚོན་ཆ་གོ་ཆ་སོགས། །སིལ་སྙན་མཆོད་སོགས་ངོ་བོར་བྱ། །རྣམ་པ་ཀུན་གྱིས་མཉེས་བྱས་པ། །རྣལ་འབྱོར་བདག་ཉིད་ཅན་གྱིས་བརྟག །ཅེས་གསུངས་པའོ། །དེ་ལ་འདི་དབང་བསྐུར་བ་ཞེས་བྱ་བ་ནི། གོང་དུ་བདག་ཉིད་བྱིན་གྱིས་བརླབ་པའི་སྐབས་སུ། རྫོགས་སངས་རྒྱས་ལྔས་དབང་བསྐུར་ཏེ། །ཅོད་པན་འཕྲེང་བ་རྣམས་ཀྱི་ཀླུབས། །ཞེས་གསུངས་པ་དང་མཐུན་པར། སྔགས་དང་ཕྱག་རྒྱའི་སྒོ་ནས་སངས་རྒྱས་ལྔའི་ངོ་བོ་ཉིད་ཀྱིི་དབུ་རྒྱན་གྱི་དབང་བསྐུར་ཏེ། དར་གྱི་ཅོད་པན་དང་། མེ་ཏོག་གི་འཕྲེང་བས་ཀྱང་དབུ་རྒྱན་དེ་ལ་བརྒྱན་ཅིང་དཔྱངས་པའོ། །སིལ་སྙན་མཆོད་སོགས་ངོ་བོར་བྱ། །ཞེས་བྱ་བ་ནི། དུང་དང་གླིང་བུ་ལ་སོགས་པའི་སིལ་སྙན་དང་། རྔ་ཡབ་རང་བསིལ་ཡབ་དང་། རྒྱལ་མཚན་དང་། རིན་པོ་ཆེ་ཚོན་སྣ་ཚོགས་ཀྱིས་སྤྲས་པའི་སུ་གཞི་དང་། ཁང་པ་བརྩེགས་པའི་གཞལ་ཡས་ཁང་དང་། གོང་གི་དབུ་རྒྱན་གྱི་རྗེས་སུ། སྙན་ཆ་དང་། མགུལ་རྒྱན་དང་། ཕྱག་དང་། ཞབས་ཀྱི་གདུབ་རྒྱན་གཉིས་དང་། སྐུ་ཉིད་ཀྱི་རྒྱན་རྣམ་པ་ལྔ་གནས་ལྔར་གཞག་པ་དང་། སྟོད་གཡོགས་དང་སྨད་དཀྲིས་ལ་སོགས་པའི་ན་བཟའ་དང་། དེ་ནས་དེའི་སྟེང་དུ། གདུགས་དང་བླ་རེ་དང་། གཞལ་ཡས་ཁང་གི་གྲྭ་རྣམས་སུ་ཡང་པདྨའི་ཕྲེང་བ་དང་། དྲིལ་བུ་གཡེར་ཀའི་དྲྭ་བས་བརྒྱན་པ་ལ་སོགས་པའི། མཆོད་པ་རྣམས་སྔགས་དང་ཕྱག་རྒྱ་ཉིད་ཀྱིས་བསམ་ཞིང་དབུལ་བར་བྱའོ། །དངོས་སུ་བཤམས་པ་རྣམས་ལ་ནི་དེ་ཉིད་ཀྱི་སྟེང་དུ། སྔགས་དང་ཕྱག་རྒྱས་མེ་ཏོག་ལ་བསྔགས་ཤིང་བཞག་ན། ལྷག་པར་བྱིན་གྱིས་རློབ་པར་འགྱུར་རོ། །ཞེས་གཞན་ལས་ཀྱང་གསུངས་སོ། །དེ་ནས་རྡོ་རྗེ་གླུའི་མཆོད་པ་དག་ཀྱང་བྱའོ། །ཇི་སྐད་དུ་སྨོས་པ་འདི་དག་བསྟན་པ་ནི། བྱིན་གྱིས་རློབས་ཤིང་བཀྲ་ཤིས་པར་བྱ་བའི་རྫས་ཀྱི་མཆོད་པ་ཁྱད་པར་དུ་བསྟན་པ་ཙམ་དུ་ཟད་དེ། སྤྱིར་མཆོད་པ་ན་གསང་བའི་མཆོད་པར་གཏོགས་པ། སྒེག་མོ་ལ་སོགས་པའི་གར་གྱི་མཆོད་པ་དང་། མེ་ཏོག་ལ་སོགས་པ་གར་གྱི་མཆོད་པ་དང་། ལྷ་བཤོས་ལ་སོགས་པ་ཉེ་བའི་མཆོད་པ་རྣམས་ཀྱང་ཐུན་མོང་དུ་རྒྱུད་དེ་ཉིད་ལས་གསུངས་སོ། །གཞན་ཡང་རྡོ་རྗེ་གར་གྱི་ཚུལ་གྱིས་སེམས་མ་བཞིའི་སྔགས་དང་ཕྱག་རྒྱས། ཆོ་འཕྲུལ་བཞིའི་ཚུལ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་ལ་སོགས་པ་བྱ་བ་དང་། ཏིང་ངེ་འཛིན་གྱི་མཆོད་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པའི་ཞིང་དུ་བྱིན་གྱིས་བརླབ་ཅིང་ཡོངས་སུ་གང་བར་ཡང་གསུངས་ཏེ། འདི་སྐད་དུ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནི། །རྒྱབ་ཏུ་མདུད་པ་ལྟར་འདོར་ཞིང་། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །རིན་ཆེན་ཅོད་པན་འཕྲེང་དབང་བསྐུར། །ཏིང་འཛིན་གནས་པ་འཁོར་ལོ་ཅན། །འཁོར་ལོ་མངའ་བའི་ལྷ་རྣམས་ལ། །སངས་རྒྱས་སུ་ནི་རབ་འགེངས་པ། །གསང་བའི་མཆོད་པ་འབྱུང་བར་བསམ། །ཞེས་གསུངས་པའི་འོག་ཏུ་སྒེག་མོ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་གར་གྱི་མཆོད་པ་རྫོགས་པའི་རྗེས་ལ། གོང་དུ་སྨོས་པའི་སིལ་སྙན་ལ་སོགས་པའི་བཀྲ་ཤིས་ཀྱི་རྫས་རྣམས་ཀྱི་ཕྱག་རྒྱ་དང་སྔགས་གསུངས་པ། དེ་ལ་རྡོ་རྗེ་ལས་བསྒྱུར་ཏེ་མཆོད་པའི་ཕྱག་རྒྱ་བཅའ་བ་ནི། འདི་སྐད་དུ། དེ་ནས་སིལ་སྙན་ཚུལ་གྱིས་སུ། །ལག་གཉིས་སིལ་སྙན་ལེགས་པར་བརྡུང་། །དུང་དང་གླིང་བུ་འབུད་པ་དང་། །ལག་པ་ཡིས་ནི་རྔ་ཡབ་གཡབ། །བསིལ་ཡབ་ཚུལ་གྱིས་བསིལ་ཡབ་དང་། །རྩེ་མོ་གཉིས་ནི་རྒྱལ་མཚན་བྱ། །ཚོན་དགྱེའི་ཚེ་ན་ལྕུག་ཕྲན་ལྟར། །བསྐྱོད་ཅིང་ཚོན་ཕྱེ་འཕྲེད་པར་དགྱེ། །ལག་གཡོན་སྣོད་ཀྱི་ཚུལ་བྱས་ལ། །གཡས་པ་ཡིས་ནི་ལྷ་བཤོས་དབུལ། །ཁང་པ་བརྩེགས་པ་བཞག་ནས་སུ། །གོས་ཀྱི་ཚུལ་གྱིས་གོས་རྣམས་དང་། གདུ་བུ་དོ་ཤལ་རྐང་རྒྱན་དང་། །རྣ་ཆ་གནས་ལྔ་རྣམས་སུ་གཞག །དེ་ནས་གདུགས་ཀྱི་ཚུལ་གྱིས་སུ། །ལྷ་རྫས་གདུགས་ནི་ལེགས་པར་གཟུགས། །བསམ་གཏན་ཚུལ་གྱི་ལག་པ་དག །ནམ་མཁའ་ལ་ནི་མཛེས་བསྐོར་ན། །སངས་རྒྱས་ཞིང་རབ་འགེངས་བྱེད་པའི། །བླ་རེ་རྣམ་པ་སྣ་ཚོགས་འགྱུར། །གྲྭར་ནི་པདྨའི་འཕྲེང་བ་དང་། །དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན། །ཞེས་གསུངས་པའི་ཕྱག་རྒྱ་རྣམས་ཀྱིས་དབུལ་བར་བྱའོ། །དེ་ནས་ལག་པ་གཡས་པ་རྡོ་རྗེ་གསོར་ཞིང་། གཡོན་པས་རྡོ་རྗེ་དྲིལ་བུ་བསིལ་ནས་རྡོ་རྗེ་དྲིལ་བུ་གསང་སྔགས་འདིས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་གླུའི་བསྟོད་པ་དག་བྱའོ། །དེ་ལ་རྡོ་རྗེ་དྲིལ་བུའི་གསང་སྔགས་ནི། ༀ་བཛྲ་གྷན་ཌི་རུ་ཎི་ཏ། པྲ་རུ་ཎི་ཏ། ས་མ་པྲ་རུ་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲཾ་པྲ་ཙ་ལི་ཏེ་པྲཛྙཱ་པ་རུ་མི་ཏཱ་ནཱ་དུ་སཱ་བྷཱ་བེ། བཛྲ་དྷརྨ་ཧྲི་དུ་ཡ། སན་ཏོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པ་འདིའི། མཆོད་པའི་ཕྱག་རྒྱའི་སྐབས་སུ། ཚོན་དགྱེས་ཚེ་ན་ལྕུག་ཕྲན་ལྟར། །ཞེས་གསུངས་པ་འདི་ནི། དཀྱིལ་འཁོར་འབྲི་བའི་ཚེ་ཙམ་དུ་སྨོས་པར་མ་ཟད་དེ། མཆོད་པ་ཉིད་ཀྱི་དུས་སུ་རྒྱལ་མཚན་དང་གདུགས་ལ་སོགས་པ་བཙུགས་པའི་རྗེས་ལ། ས་གཞི་ཉེ་འཁོར་དུ་རིན་པོ་ཆེའི་ཚོན་འབྲི་བར་ལྟར་བྱ་ཞིང་། ཏིང་ངེ་འཛིན་གྱིས་རིན་པོ་ཆེའི་གཞི་ལ་རིན་པོ་ཆེའི་ཚོན་བརྒྱ་རྩ་གཅིག་པ་ལ་སོགས་པས། མིག་མང་རིག་དང་ཐོ་ལོ་རིས་སུ་སྤྲས་པ་འབྱུང་བར་བསམ་མོ། །དེ་ལ་མིག་མང་རིས་ནི་ཕྱོགས་ཀུན་ཏུ་འབྲེལ་བའོ། །ཐོ་ལོ་རིས་ནི་ཁོང་བུ་དང་པེགས་ལིང་དུ་སྤྲས་པའོ། །དེའི་གཏན་ཚིགས་འདི་ཉིད་ནས་ཀྱང་། མཆོད་པའི་སྐབས་སུ། སྒེག་མོ་གླུ་དང་གར་རྣམས་དང་། །རྒྱལ་མཚན་ལ་སོགས་ཚོན་དགྱེ་དང་། །སིལ་སྙན་མཆོད་པ་རྣམ་པ་ནི། །སྣ་ཚོགས་རྣམས་ཀྱིས་མཆོད་པར་བྱ། །ཞེས་གསུངས་པ་ཉིད་ཀྱི་ཡང་ཕྱིར་རོ། །མཆོད་པའི་ཕྱག་རྒྱ་འདི་རྣམས་ཀྱི་གསང་སྔགས་ནི། མཆོད་པའི་སྤྲིན་རབ་འབྱམས་ཐམས་ཅད་བྱིན་གྱིས་རློབས་པར་འགྱུར་བའི་རིགས་སྔགས་འདི་ཡིན་ཏེ། ༀ་ཨ་ནུཏྟ་རུ་སརྦ་པཱུ་ཛ་མེ་གྷ། ཨུཏྒ་ཏེ། སྥ་རུ་ན་ཧི་མཾ། ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་འདི་སརྦ་ཐམས་ཅད། ལ་སྦྱར་བར་བྱའོ། །འདི་དག་ནི་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་གསུངས་པའི་ལུང་གི་ཁུངས་དང་། རིགས་པ་བརྗོད་པ་ཡིན་ནོ། །གཞན་ཡང་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་ཚུལ་དང་ཏིང་ངེ་འཛིན་གྱི་མཆོད་པ་རྒྱ་ཆེན་པོའི་ཚུལ་འདི་ཆ་མཐུན་པར་འབྱུང་སྟེ། ཇི་སྐད་དུ། སྙིང་པོ་ལས། ཡི་གེའམ་གདན་ནམ་སྙིང་པོའམ། །ཕྱག་རྒྱའམ་སྐུ་གསུང་ཐུགས་ལྡན་པར། །བྱིན་རླབས་ཡ་མཚན་རྨད་པོ་ཆེ། །འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ། །ཞེས་གསུངས་ཏེ་དཀྱིལ་འཁོར་དུ་སྐུ་གསུང་ཐུགས་ཀྱི་མཚན་མ་གང་བཀོད་ཀྱང་རུང་སྟེ། ཐམས་ཅད་ལ་སྐུ་གསུང་ཐུགས་གསུམ་ཅར་ལྡན་པར་བྱིན་གྱིས་བརླབས་ན་དངོས་གྲུབ་ཏུ་འགྱུར་རོ་ཞེའོ། །ཏིང་ངེ་འཛིན་གྱི་མཆོད་པའི་ཚུལ་ཡང་། འདི་སྐད་དུ། སྙིང་པོ་ལས། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་གྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་ན་བཟའ་རྒྱལ་མཚན་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཞེས་གསུངས་པ་དང་དོན་མཐུན་ཏེ། ཅུང་ཟད་བྱེ་བྲག་ཏུ་ན། སྔ་མ་ནི་ཕྱག་རྒྱ་དང་སྔགས་དང་ཏིང་ངེ་འཛིན་དང་ལྡན་པར་དབུལ་བར་གསུངས་ལ། འདི་ནི་ཏིང་ངེ་འཛིན་ཙམ་གྱིས་དབུལ་བར་གསུངས་པའོ། །འདི་ཉིད་ལ་ཡང་། སྔོན་གྱི་མཁན་པོ་རྣམས་ཀྱི་གདམས་ངག་བརྒྱུད་པ་ལས། སངས་རྒྱས་ཀྱི་ཞིང་དང་གཞལ་ཡས་ཁང་དུ་བཅས་པ་ན་ཡི་གེ་བྷྲཱུྃ་ལས་སྤྲོས་ཏེ་དབུལ། རིན་པོ་ཆེའི་རྒྱན་གྱི་ཁྱད་པར་རྣམས་ནི་ཡི་གེ་ཏྲཱཾ་ལས་སྤྲོས་ཏེ་དབུལ། གླུ་དབྱངས་དང་སིལ་སྙན་ལ་སོགས་པའི་སྒྲའི་མཆོད་པ་རྣམས་ཡི་གེ་ཧྲཱི་ལས་སྤྲོས་ཏེ་དབུལ། ཁྲུས་ཀྱི་རྫིང་བུ་ལ་སོགས་སུ་ཆུའི་ལོངས་སྤྱོད་ཀྱི་རྐྱེན་གྱི་བྱེ་བྲག་ནི་ཡི་གེ་ཁཾ་ལས་སྤྲོས་ཏེ་དབུལ། བདུད་རྩི་ཟས་དང་བཏུང་བ་ནི་ཡི་གེ་ཨ་ལས་སྤྲོས་ཏེ་དབུལ། ན་བཟའ་དང་བླ་བྲེ་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་ལྷབ་ལྷུབ་དང་། དྲི་ལ་སོགས་པ་འདོད་སྤྱོད་ཀྱི་མཆོད་པ་ཕལ་པོ་ཆེ་རྣམས་ནི། ཡི་གེ་ༀ་འམ་ཧཱུྃ་ལས་སྤྲོས་ཏེ་དབུལ། བྲོ་གར་ལ་སོགས་པའི་འདུ་འཕྲོ་རྣམས་ནི། ཡི་གེ་ཧཾ་ལས་སྤྲོས་ཏེ་དབུལ་ལོ། །ཞེས་བཤད་དོ། །ཚུལ་འདི་དག་དང་སྦྱར་ན་མཆོད་པ་འདི་ལྟ་བུ་ལ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་། ས་བོན་དང་བཅས་པར་མཆོད་ཀྱང་འགལ་བ་མེད་ཀྱི་སྟེང་དུ་ཤིན་ཏུ་ཡང་བྱིན་གྱིས་རློབ་པར་འགྱུར་པར་འཐད་པ་ཉིད་ཡིན་ནོ། །གཞན་ཡང་བཀྲ་ཤིས་ཀྱི་རྫས་ཁྱད་པར་དུ་སྨོས་པ་ནི། སྟོན་པ་བཅོམ་ལྡན་འདས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ཕྱིར། ཤིན་ཏུ་བཀྲ་ཤིས་པའི་མཚན་དང་ལྡན་པར་འཇིག་རྟེན་དུ་གཤེགས་པའི་ཚེ། ཡེ་ཤེས་ཆེན་པོ་དེའི་ཕྱག་རྒྱ་གཟུངས་ཀྱི་ཚུལ་དུ་བྱིན་གྱིས་བརླབ་པ་ནི། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཡིན་ཏེ། དེ་བས་ན་སྐུ་གཟུགས་བྱིན་གྱིས་བརླབ་པ་ལ་ལྷ་མོ་འདི་བརྒྱད་ཀྱི་སྔགས་དང་ཕྱག་རྒྱའི་གཟུགས་ཀྱིས་བརླབ་པ་ནི། ཤིན་ཏུ་ཡང་རིགས་པ་ཡིན་ནོ། །དེ་ཡང་རྒྱལ་མཚན་ནི་སྐུ་ཉིད་ཀྱི་རྟགས་སོ། །གདུགས་ནི་དབུ་གཙུག་ཏོར་གྱིའོ། །དུང་དང་པད་མ་བུམ་པ་ནི་ཚེམས་དང་ལྗགས་དང་མགུལ་གྱི་རྟགས་ཏེ། གསུང་གི་ཕྱག་རྒྱའོ། །དཔལ་བེའུ་ནི་ཐུགས་ཀྱི་ཕྱག་རྒྱའོ། །འཁོར་ལོ་དང་ཉ་ནི་ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་དང་། སོར་མོ་རྣམས་ཟླུམ་ཞིང་བྱིན་གྱིས་ཕྲ་བའི་རྟགས་ཏེ། མཛད་པའི་ཕྱག་རྒྱའོ། །དེ་བས་ན་རྫས་འདི་རྣམས་ཀྱིས་ཀྱང་རང་རང་གི་གནས་སུ་གཏུག་ཅིང་བྱིན་གྱིས་བརླབ་པར་བྱའོ། །གཞན་ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། །བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་དུ་སྲོད་ལ་བདུད་བཏུལ་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཤིན་ཏུ་བཀྲ་ཤིས་པར་མཛད་པའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པས་དུང་ལ་སོགས་པའི་བཀྲ་ཤིས་ཀྱི་རྫས་རྣམས་ཕྱག་ཏུ་ཕུལ་ཏེ། བཀྲ་ཤིས་པར་བྱིན་གྱིས་བརླབས་པའི་རྫས་རྣམས་བྱ་བ་ཐམས་ཅད་ལ་ཡང་བཀྲ་ཤིས་གསོལ་བ་ཡིན་ན། འདིར་སྐུ་གཟུགས་ལ་སོགས་པ་བྱིན་གྱིས་བརླབ་ཅིང་བཀྲ་ཤིས་གསོལ་བའི་དུས་སུ་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང་ལྷ་མཆོད་པའི་དུས་སུ་ཡོན་བདག་རྣམས་ལ་ཡང་བུམ་པ་ལས་ཁྲུས་ཆབ་ནོད་ཅིང་དབང་ཅི་རིགས་སུ་བསྐུར་བ་ཡང་བྱ་དགོས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་དང་ཚུལ་མཐུན་པ་ཡིན་ནོ། །དེའི་དུས་སུ་ཁ་ཟས་བཟང་པོ་སྤྱན་གཟིགས་སྣ་ཚོགས་ཀྱིས་སྤྲས་པ་རྣམས་ཀྱིས་ཀྱང་། གང་ཟག་རྣམས་ངོ་བསྲོ་ཞིང་བཀྲ་ཤིས་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ཚུལ་འདི་ལྟ་བུ་ལ་གང་ཟག་རྣམས་འཇུག་པར་འགྱུར་བའི་རྒྱུ་ནི། རང་ཡིད་ཆེས་པའི་ལུང་དང་མཐུན་པ་ཡིན་ཏེ། དེ་བས་ན་གང་ཟག་རྣམས་མོས་པ་ཐ་དད་པས། རྒྱུད་ཀྱི་གཞུང་ཉིད་ན་འབྱུང་བ་ཅུང་ཟད་ཙམ་སྦྱར་བར་བྱ་སྟེ། གང་ཟག་གི་སློབ་དཔོན་རྣམས་ཀྱིས་མཛད་པའི། མཛད་བྱང་རྣམས་ལ་ནི་ཀུན་མཐུན་པར་ཡིད་བརྟན་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་སྐུ་གཟུགས་དང་རི་མོའི་རྒྱུད་རྣམས་ལས་དང་དངོས་གྲུབ་ཀྱི་ཆོ་གའི་དབང་དུ་ཤས་ཆེར་གསུངས་ཀྱང་། དེ་དག་ཏུའང་སློབ་མ་གཞུག་པའི་བྱ་བར་བསྟན་པའི་ལུང་གི་ཁུངས་ཀྱང་། དཔལ་སངས་རྒྱས་མཉམ་སྦྱོར་ལས་ཀྱང་གསུངས་ཏེ། འདི་སྐད་དུ། ཁམས་ཀྱི་ངོ་བོ་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །རང་གི་ལྷ་ཡི་ཆ་ལུགས་སུ། །བསྒྲུབ་པའི་ཕྱག་རྒྱ་རབ་ཏུ་བྱ། །དཀྱིལ་འཁོར་གང་དང་གང་བསྟན་པར། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཡིས། །སློབ་མའི་ཚོགས་ཀུན་དེ་དང་དེར། །མཆོད་པ་བྱས་ནས་དེ་བསྒྲུབས་སོ། །ཞེས་གསུངས་སོ། །དེ་ལ་སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཞེས་པ་ནི། སྒྱུར་བྱེད་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ཀྱི་བསྡུས་པ་སྟེ། དེ་ལ་སྒྱུར་བྱེད་ཅེས་བྱ་བ་ནི། ལྕགས་ལ་གསེར་འགྱུར་གྱི་རྩིས་བསྒྱུར་བ་བཞིན་དུ། རྣམ་པར་སྨིན་པའི་ཆོས་སུ་གྲགས་པའི་དངོས་པོ་རྣམས་ལ། སྒྱུར་བྱེད་ཀྱི་ཕྱག་རྒྱ་འདི་རྣམས་ཀྱིས་བཅས་ཤིང་བསམ་སྟེ། ལྷར་བྱིན་གྱིས་བརླབས་ན། སངས་རྒྱས་ཉིད་དུ་བྱིན་གྱིས་རློབ་པར་འགྱུར་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ཡང་ཚུལ་འདི་ལྟར་རྒྱུད་དེ་ཉིད་ལས། རྒྱ་འདི་བཅིངས་པ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཤིན་ཏུ་བྱིན་གྱིས་བརླབས་ནས་ནི། །སངས་རྒྱས་ཐམས་ཅད་འདུལ་བར་འགྱུར། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་པའི་ཕྱིར། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། མདོར་ན་བྱིན་གྱིས་བརླབས་པ་དང་། རང་བཞིན་གཅིག་པ་དང་། གོམས་པའི་མཐུར་གྱུར་པ་གསུམ་གྱི་མཐུ་ལས་གྲུབ་པར་འགྱུར་རོ། །འདི་ནི་གསང་སྔགས་སྤྱིར་བཏང་བའི་དོན་ཡིན་ནོ། །དེ་ལ་ཁྱད་པར་དུ་བྱིན་གྱིས་བརླབ་པ་ནི། རིགས་དྲུག་གི་སརྦ་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་སྟོན་ཏོ། །དེ་བཞིན་དུ་ཕྱག་རྒྱས་དབང་བསྐུར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱི་སྒོ་ནས་དབང་བསྐུར་བ་བསྟན་ཏོ། །དེའི་ཚེ་ཆོས་ཀྱི་ཕྱག་རྒྱ་རྣམས་བརྗོད་པར་ཡང་བཞེད་དོ། །མཆོད་པ་ནི་ཕྱག་རྒྱ་ཐམས་ཅད་ཀྱང་མཆོད་པར་གསུངས་སོ། ། རྒྱུད་དེའི་གཞུང་གི་ལྷའི་ཕྱག་རྒྱ་བཅིངས་ཤིང་བསམ་པ་ཙམ་གྱིས། ལྷར་བྱིན་གྱིས་རློབ་པར་བཞེད་དོ། །མདོར་བསྡུ་ན་ལྷ་རྣམས་ལ་ཕྱག་རྒྱའི་མཚན་མ་ཇི་ལྟར་ལྡན་པ་བཞིན་དུ། ཕྱག་རྒྱ་བཅས་པས་འགྲུབ་པར་འགྱུར་བར་གསུངས་ཏེ། འདི་སྐད་དུ། སྨིན་མ་མིག་དང་སོ་དང་མཆུ། །ཁ་དང་ལུས་དང་རྐང་ལག་གིས། །ཆ་ལུགས་བཞིན་དུ་གར་བྱེད་པས། །རབ་ཏུ་བདེ་བར་འགྲུབ་པར་འགྱུར། །ཅེས་གསུངས་པ་ཡིན་ཏེ། མདོར་ན་ལྷའི་ཆ་ལུགས་བཞིན་དུ་ཕྱག་རྒྱ་བཅས་ཤིང་བསམས་པས་འགྲུབ་ཅེས་བྱ་བའི་དོན་ཏོ། །ལྷ་རྣམས་ལ་རྡོ་རྗེ་གོ་ཆའི་བསྲུང་བ་བྱའོ། །ཞེས་གྲགས་པ་ཡང་། དེ་ཉིད་ལས། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཇི་ལྟའི་ཚུལ་བཞིན་བྱེད་པ་ཡིས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །གོ་ཆ་བགོ་བའི་ཚུལ་དུ་བྱ། །སྤྱི་བོ་དང་ནི་དཔྲལ་བ་གཉིས། །གློ་གཉིས་དང་ནི་རྒྱབ་ཏུ་གཉིས། །རྡོ་རྗེ་འཕྲེང་བས་བཅིངས་པ་དང་། །སངས་རྒྱས་གཙུག་གི་ནོར་བུ་དག །དར་བཅིང་ཐབས་སུ་བཅིངས་ནས་ནི། །འགིང་དང་བཅས་པས་མཐའ་དག་དགྲོལ། །དར་དཔྱང་པ་ཡི་ཐབས་བྱས་ནས། །ཐལ་མོ་བརྡབ་པར་བརྟན་པར་བྱ། །འདི་ཡིས་བསྲུང་བ་བྱས་ནས་ནི། །རྡོ་རྗེ་སེམས་དཔའ་དཔལ་དང་འདྲ། །མི་ཆོད་པ་དང་མི་ཕྱེད་པའི། །རྡོ་རྗེ་སྐུ་ནི་རབ་ཏུ་འགྲུབ། །དཔལ་རྡོ་རྗེ་གོ་ཆ་ཞེས་པའི་ཕྱག་རྒྱའོ། །ཞེས་གསུངས་སོ། །ཁུངས་སྨྲོས་པ་འདི་དག་གིས་ནི། སྤྱིར་སྐུ་གཟུགས་བྱིན་གྱིས་བརླབ་པའི་ཚུལ་དང་ལས་དག་ལ། ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་དང་། རྒྱུད་འདི་ཉིད་ཀྱི་གཞུང་དུ་རབ་གནས་བྱེད་ན་ཡང་ཚུལ་འདི་ལྟར་བྱའོ། །ཞེས་ཤེས་པར་བྱའོ། །ཞེས་ཤེས་པར་བྱ་བའི་ཕྱིར་སྨོས་པའོ། །འདི་ནི་ཕྱི་རོལ་གྱི་ཕྱག་རྒྱ་གཙོར་སྨོས་པའི་གཞུང་ངོ་། །ནང་སེམས་ཀྱི་ཏིང་ངེ་འཛིན་གཙོར་བྱེད་པའི་དཔལ་གསང་བ་འདུས་པ་ལྟ་བུ་ལས་ནི། རང་བྱིན་གྱིས་བརླབ་པའི་རིམ་པ། བསྙེན་བསྒྲུབ་ཡན་ལག་བཞིའི་ཏིང་ངེ་འཛིན་གྱི་སྒོ་ནས་བྱིན་གྱིས་བརླབ་པར་གསུངས་ཏེ། འདི་སྐད་དུ། བསྙེན་དུས་གཙུག་ཏོར་ཆེན་པོ་ཡི། །གཟུགས་སུ་དམིགས་པ་ཉིད་དུ་སྦྱོར། །ཉེ་བར་བསྒྲུབ་པ་བསྒྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །སྔགས་ཀྱི་བདག་པོ་བསྒོམ་པ་ལ། །བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །བསྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་གྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། བདག་འདི་ལྟར་བྱིན་གྱིས་རློབ་པ་ཡིན་པས། སྐུ་གཟུགས་ལ་འདི་ལྟར་བྱའོ། །ཞེས་ལུང་བསྟན་པ་མ་མཐོང་ཡང་། འདི་ལྟར་བྱིན་གྱིས་བརླབ་པར་རིགས་པར་མཐོང་ངོ་། །སྤྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། སྐུ་གཟུགས་དང་། མཆོད་རྟེན་དང་། གླེགས་བམ་ལ་སོགས་པ་ཆ་ཤས་ཡོངས་སུ་རྫོགས་པའམ། རྡོ་རྗེ་དང་འཁོར་ལོ་ལ་སོགས་ཏེ། ཆ་ཤས་མ་རྫོགས་པ་ཡང་རུང་སྟེ། ཕྱག་རྒྱ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། ཡེ་ཤེས་ཆེན་པོའི་གཟུགས་བརྙན་དུ་གྱུར་པ། རྣམ་པར་ཐར་པའི་སྒོ་མཐའ་ཡས་པ་མཚོན་པའི་གནས་སུ་གྱུར་པ། ལས་དང་དངོས་གྲུབ་ཐམས་ཅད་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་ཡང་། ཕལ་ཆེར་གཉིས་སུ་མེད་པའི་ཡེ་ཤེས་ལ་བྱ་བར་བཞེད་ལ། ཡེ་ཤེས་དེ་ཡང་ལམ་དང་འབྲས་བུར་བཅས་པའི་ཆོས་ཐམས་ཅད་ཀུན་ནས་བསགས་ཤིང་ཡོངས་སུ་རྫོགས་པའི་ལུས་ཡིན་པས། ཆོས་ཀྱི་སྐུ་ཞེས་ཀྱང་བཤད་དོ། །ཡེ་ཤེས་ཆེན་པོ་དེ་ཉིད། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་གདུལ་བྱ་རྣམས་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་གཟུགས་ཀྱི་མཚན་ཉིད། དབང་པོའི་སྤྱོད་ཡུལ་དུ་རུང་བར་བྱིན་གྱིས་བརླབ་པས། གཟུགས་ཀྱི་སྐུ་ཞེས་བྱའོ། །དེ་ལྟར་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས་ཕན་ཚུན་མཚོན་བྱ་མཚོན་བྱེད་དུ་སྟོན་པའི་ཚེ། རེས་འགའ་ནི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཆོས་དེ་ཉིད་མཚན་མའི་གཟུགས་སུ་བྱིན་གྱིས་བརླབས་སོ། །ཞེས་ཆོས་ཀྱི་སྐུའི་རྟགས་སུ་གཟུགས་ཀྱི་སྐུ་སྟོན་ཏོ། །རེས་འགའ་ནི་གཟུགས་ཀྱི་སྐུའི་མཚན་མ་དང་འདྲ་བར་ཆོས་ཀྱི་སྐུ་ལ་འདི་ལྟ་བུའི་ཡོན་ཏན་གྱི་ཆོས་མངའ་འོ། །ཞེས་གཟུགས་ཀྱི་སྐུ་དཔེ་སྟོན་ཏོ། །ཚུལ་འདི་གཉིས་དང་སྦྱར་ན་རབ་གནས་ཀྱི་ཆོ་གའི་དུས་སུ་ཡང་། སྐུ་གཟུགས་དང་རི་མོའི་རྒྱུད་ལྟ་བུ་སྐུ་རྫོགས་པར་བྱུང་བ་ལ་ནི། རབ་གནས་ཀྱི་ཆོ་ག་བྱེད་པའི་དུས་སུ་སྐུའི་མཚན་མ་སྣ་ཚོགས་ཇི་ལྟར་བསྟན་པ་དེ་ཉིད་ཡེ་ཤེས་ཆེན་པོ་ཉིད་དེར་བྱིན་གྱིས་བརླབས་པ་ཡིན་ནོ། །ཞེས་མོས་པ་བསྐྱེད་པར་རིགས་ལ། མཆོད་རྟེན་དང་གླེགས་བམ་ལྟ་བུ་དམ་ཚིག་གི་ཕྱག་རྒྱའི་དབྱིབས་ཡིན་པ་དང་། གལ་ཏེ་གླེགས་བམ་ཆོས་ཀྱི་ཕྱག་རྒྱར་བསྒྲུབས་ཀྱང་རུང་སྟེ། འདི་ལྟ་བུ་ལ་རབ་གནས་ཀྱི་ཆོ་ག་བྱེད་པའི་ཚེ་ནི། སྐུའི་མཚན་མ་སྣ་ཚོགས་དང་མཐུན་པའི་ཆོས་ཀྱི་དོན་གྱི་ལུས། སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ལ་མངའ་སྟེ། ཡེ་ཤེས་དེ་ཉིད་མཆོད་རྟེན་དུ་བྱིན་གྱིས་བརླབ་པའོ། །ཞེས་མོས་པ་བསྐྱེད་པར་རིགས་སོ། །གང་གི་ཕྱིར་ཞེ་ན། མདོ་སྡེ་རབ་ཏུ་གནས་པའི་ལེའུ་ལས། གཟུགས་ཀྱི་མཚན་མ་དང་མཐུན་པའི་ཆོས་ཀྱི་སྐུའི་ལུས་བཤད་དེ། འདི་སྐད། བསྡུ་བའི་དངོས་པོ་བཞིས་བསྡུས་དབུ་བཞི་ལྡན། །སུམ་ཅུ་རྩ་བདུན་བྱང་ཆུབ་ཕྱོགས་ཆོས་རལ་པར་བྱས། །རིག་པ་བསམ་གཏན་ཡེ་ཤེས་ཟེར་བ་སྣ་ཚོགས་ཅན། །ཏིང་འཛིན་སྣ་ཚོགས་ཟེའུ་འབྲུ་རྡུལ་དང་རྣམ་བྲལ་བ། །སྟོང་ཉིད་རྣམ་ཐར་གསུམ་གྱི་ཁ་གདངས་པ། །ཚངས་པའི་གནས་བཞིའི་མཆེ་བ་སོ་དྲང་སྙར། །ཤེས་རབ་ཡེ་ཤེས་ཉི་ཟླ་འོད་ཟེར་དག་པའི་པད་མ་འདབ་བརྒྱ་ལ། །ཞི་གནས་ལྷག་མཐོང་ཤིན་ཏུ་རྣམ་པར་དག་པའི་མིག་དང་ལྡན། །ཕ་རོལ་ཕྱིན་དྲུག་བདག་གཞན་དོན་བསྒྲུབ་ཤིན་ཏུ་འཇམ་པའི་ཕྱག་དྲུག་དང་། །ཤིན་ཏུ་མགྱོགས་པའི་ཤུགས་དང་ལྡན་པའི་རྫུ་འཕྲུལ་རྐང་པ་བཞི། །འཕགས་པའི་བདེན་བཞི་ཐུགས་སུ་ཆུད་པའི་ཡན་ལག་སྡེར་མོ་རྣོ། །རྟེན་འབྲེལ་བཅུ་གཉིས་རིམ་བརྒྱུད་བཅུ་གཉིས་ལྷུན་འཕགས་གཟུགས། །སྲོག་འཛིན་དབུགས་ལ་མངའ་མཛད་ཤིན་ཏུ་བསྒྲགས་པའི་ཤངས། །དད་པས་རྒྱུད་ལ་རྣ་ལྷགས་གསན་པ་མ་འགགས་བྱམས་དང་ཐུགས་རྗེའི་ཉན་རྣ་ཅན། །བསམ་གཏན་ཏིང་འཛིན་སྙོམས་འཇུག་རི་སུལ་ཕུག་ན་གནས། །ཞེས་གསུངས་པ་ལྟ་བུའི་དོན་གྱིས་ཆོས་ཀྱི་སྐུ་ལ་ཡར་ལྡན་དུ་སྦྱར་ཏེ། དེ་ལྟ་བུའི་ལམ་འབྲས་བུར་བཅས་པའི་ཆོས། ཆོས་དང་ལྡན་པའི་བདག་ཉིད་ཆོས་ཀྱི་སྐུ་དེ་ཉིད་ལམ་དང་འབྲས་བུའི་རིམ་པའི་ཚུལ་དུ་མཆོད་རྟེན་གྱི་དབྱིབས་སུ་བྱིན་གྱིས་བརླབས་སོ། །ཞེས་སམ། ལམ་དང་འབྲས་བུའི་ཆོས་དེ་ཉིད་སྟོན་པའི་སྒྲ་དང་སྒྲ་མཚོན་པའི་ཡི་གེའི་དབྱིབས་རྣམས་ཀྱིི་གཞི་གླེགས་བམ་དུ་བསྟན་པ་འདི་ཡིན་ནོ། །ཞེས་བྱ་བར་འགྱུར་རོ། །ཡོངས་སུ་རྫོགས་པའི་སྐུ་གཟུགས་ལ་ནི། ཆོས་ཀྱི་སྐུའི་ཡོན་ཏན་དེ་ཉིད་ལྷ་དང་མིའི་གཟུགས་དང་མཐུན་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ། འདི་ལྟར། དབུ་དང་། དབུ་སྐྲ་དང་། དབུ་རྒྱན་དང་། དབུ་རྒྱན་གྱི་ཟེའུ་འབྲུ་དང་། སྤྱན་དྲང་། སྙན་དང་། ཤངས་དང་། ཞལ་དང་། ཚེམས་དང་། ཕྱག་དང་། ཞབས་དང་། སོར་མོ་སེན་མོས་བརྒྱན་པ་དང་། དེ་ལྟ་བུ་དང་ལྡན་པའི་སྐུ་ཉིད་དང་། བཞུགས་པའི་གནས་གཞི་གདན་དང་བཅས་པ་འདི་ལྟ་བུ་རྣམས་སུ་བྱིན་གྱིས་བརླབ་པའོ། །ཞེས་མོས་པ་བསྐྱེད་ཅིང་། དེ་དག་གི་སྔགས་དང་ཕྱག་རྒྱ་རྒྱུད་ན་བཞུགས་པ་རྣམས་དང་། སྔོན་གྱི་མཁན་པོ་རྣམས་ཀྱིས་མཛད་པའི་མཛད་བྱང་ན་བཞུགས་ཀྱང་རུང་། དེ་ལྟ་བུའི་སྔགས་དང་ཕྱག་རྒྱ་དང་མི་ལྡན་ཡང་། གང་ཟག་རྣམས་ཀྱིས་བཀུར་སྟིའི་ཚུལ་གྱི་རིམ་གྲོ་མཆོད་པར་བསྟན་པ། དབུ་བཤད་པ་དང་། དབུ་རྒྱན་དབུལ་བ་དང་། དེ་ལ་དར་ཆིངས་དང་། མེ་ཏོག་གི་འཕྲེང་བ་གདགས་པ་དང་། སྐུ་ལ་ན་བཟའ་གསོལ་བ་དང་། སྤྱན་དབྱེ་བ་དང་། སྙན་དང་། ཤངས་དང་། ཞལ་དང་། ལྗགས་དང་། ཚེམས་ཀྱི་རྡུལ་བསལ་བ་ལྟ་བུ་རྣམས་ལ་ཡང་མོས་པ་སྨོན་ལམ་དུ་བཅས་པ་བརྗོད་ཅིང་། ལག་གི་ཕྱག་རྒྱས་དེ་ལྟ་བུའི་ཚུལ་དུ་བྱས་པ་ཉིད་ཕྱག་རྒྱ་ཡིན་ཏེ། དེ་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་དང་། སརྦ་བུདྡྷ་སངས་རྒྱས་མཉམ་སྦྱོར། སརྦ་བུདྡྷ་སུ་མ་ཡོ་ག་ལས་ཀྱང་གོང་དུ་བསྟན་པ་ཉིད་ཀྱིས་གྲུབ་པ་ཡིན་ལ། ཕྱག་ན་རྡོ་རྗེས་དབང་བསྐུར་བའི་ཏན་ཏྲ་ལས་ཀྱང་། རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་རྟོགས་ནས་ལྷའི་སྐུ་གསུང་ཐུགས་ཀྱང་དེ་བཞིན་དུ་རྟོགས་ཏེ། ལྷ་དང་བདག་སྐུ་གསུང་ཐུགས་རྡོ་རྗེ་ལྟར་མཉམ་པར་སྦྱར་བ་ནི། སྔགས་པ་མཉམ་པར་གཞག་པ། ཞེས་བྱ་སྟེ། དེའི་ཚེ་ལུས་ཀྱི་བསྐྱོད་པ་ཐམས་ཅད་ནི་ཕྱག་རྒྱ་ཡིན་ལ། ངག་གིས་སྨྲས་པའི་ཚིག་ཐམས་ཅད་ནི་གསང་སྔགས་ཡིན་ནོ། །ཞེས་གསུངས་པ་འདི་ལྟ་བུས་ཀྱང་། ལུང་གིས་གྲུབ་པའང་མཐོང་ལ། ཡོན་ཏན་ཡང་མཐོང་སྟེ། འགལ་བ་ནི་མ་མཐོང་ངོ་། །སྤྱིར་བྱ་བ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ནས། སྐུ་གཟུགས་བྲི་བའི་ཆོ་ག་མང་དུ་བཤད་པ་རྣམས་ལ་ཡང་། ཁ་ཅིག་ལས་ནི་མཆོད་པ་དང་བཟླས་པ་ཙམ་བཤད། ཁ་ཅིག་ལས་ནི་སློབ་མ་གཞུག་པའང་བཤད། ཁ་ཅིག་ལས་ནི་སྐུ་གཟུགས་དེ་ཉིད་ལ་བརྟེན་ཏེ་སུ་བོན་གྱི་ཡི་གེ་ལས་ལྷའི་སྐུར་བསྐྱེད་པའང་བཤད། ཁ་ཅིག་ལས་ནི་སྐུ་གཟུགས་མངོན་པར་མཆོད་དེ་སྤྱན་དབྱེ་བ་བྱས་ཤིང་བདེན་པའི་བྱིན་རླབས་དམིགས་ལ། མཚན་མ་བརྟགས་ནས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། མཆོད་པའི་ཆོ་ག་བྱས་ནས་བཟླས་པ་ལ་འཇུག་པ་ལྟ་བུའང་བཤད་ན། དེ་ལ་ཕལ་ཆེར་ནི་གོང་དུ་རྒྱས་པར་བཤད་དོ། །སྤྱན་དབྱེ་བ་ལ་སོགས་པའི་ཆོ་ག་ནི་ངན་སོང་སྦྱོང་བ་ལས། འདི་སྐད་དུ། རས་ལ་བཅོམ་ལྡན་འདས་ཐམས་ཅད་རིག་པ་དེ་བཞིན་དུ་བྲིས་ལ། ཞེས་བྱ་བ་ལ་སོགས་པའི་རི་མོའི་ཆོ་ག་ལེགས་པར་བྲིས་ཟིན་པའི་རྗེས་སུ། དེ་ནས་རི་མོའི་སྐུ་གཟུགས་དེ་མངོན་པར་མཆོད་དེ། བདག་ཉིད་ཀྱིས་སྤྱན་དབྱེ་བ་བྱ་ཞིང་བདེན་པའི་བྱིན་རླབས་དམིགས་པར་བྱའོ། །དེ་ནས་ཅི་སྟེ་མཚན་མ་ཞིག་མཐོང་ན་ནི། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །འོན་ཏེ་མ་མཐོང་ན་ནི་རིང་མོ་ཞིག་ནས་དངོས་གྲུབ་ཏུ་འགྱུར་ཏེ། བཞད་པ་དང་ནི་རྔ་སྒྲ་དང་། །དྲིལ་བུའི་སྒྲ་དང་དེ་བཞིན་འབྲུག །དགེ་སློང་བྲམ་ཟེའི་བུ་མོ་དང་། །འབྲས་བུ་མཐོང་ན་མྱུར་དུ་ནི། །མཆོག་དང་བར་དང་ཐ་མ་འགྲུབ། །དེ་ནས་གཟུགས་དེ་བྱིན་བརླབས་ཏེ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ཅི་བདོག་པས་ནི་མཆོད་པར་བྱ། །ཞེས་གསུངས་ནས། དེ་ནས་བདག་བསྲུངས་ནས་བཟླས་པ་ལ་འཇུག་པར་གསུངས་ཏེ། དེ་ལ་སྤྱན་དབྱེ་བ་ནི་རི་མོ་འདྲི་བའི་དུས་སུ་སྤྱན་མ་བྲིས་མདོ་ལས། མིག་མ་བྲིས་པར་རྔན་པ་མི་ཐོབ་བཞི ན། གསུངས། པར་བཞག་པ་དེ། རབ་གནས་ཀྱི་དུས་སུ་སྔགས་པ་བདག་ཉིད་ཀྱི་སྔགས་དང་ཕྱག་རྒྱ་དང་ཏིང་འཛིན་གྱིས། སྤྱན་དབྱེ་བ་བྱས་པའི་རྗེས་སུ་རི་མོ་མཁན་དེ་ཉིད་བཀུག་སྟེ། དེས་སྤྱན་བྲིས་ན་ཁ་ཟས་དང་ཡོན་གྱི་མཆོད་དེ། མགུ་བར་བྱས་ནས་སླར་བཏང་ངོ་། །ཞེ་འོ། །བདེན་པའི་བྱིན་རླབས་དམིགས་པ་ནི། འདི་སྐད་དུ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱི་བརླབས་ཀྱིས་སྐུ་གཟུགས་འདི་ལ། བདེན་པའི་བྱིན་རླབས་འབྱུང་བ་འགྲུབ་པར་གྱུར་ཅིག །བདག་གི་དངོས་གྲུབ་ཏུ་འགྱུར་བ་ཞིག་ན་ནི། མཚན་མ་འགའ་ཞིག་སྣང་བར་གྱུར་ཅིག །ཅེས་བརྗོད་དེ་སྤྱན་དབྱེ་བའི་ལས་ལ་འཇུག་གོ། །གལ་ཏེ་བདག་སྐལ་བ་དང་ལྡན་པ་ཞིག་ན་ནི། ཇི་སྐད་གསུངས་པའི་མཚན་མ་དེ་དག་རྣ་ལམ་དུ་གྲགས་པ་དང་། མིག་ལམ་དུ་སྣང་བར་འགྱུར་རོ་ཞེའོ། །དེ་ལ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ་ནི། ལྷ་གང་ཡིན་པའི་སོ་སོའི་སྔགས་ཕྱག་རྒྱས་ལྷ་དེ་ཉིད་དུ་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་ལ་སོགས་པའི་ཡན་ལག་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་དག་ཡིན་ནོ། །དེ་ཡང་བྱ་བ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དག་གི་གཞུང་སྤྱིར་བསྡུ་ན། ཡན་ལག་བྱིན་གྱིས་བརླབ་པའི་སྐབས་སུ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་འདི་ནི། ཐུན་མོང་དུ་སྣང་ངོ་། །གཞན་ཡང་། གཙུག་ཏོར། སྤྱན། ལྗགས། གོ་ཆ་སྟེ་ཡན་ལག་བཞིས་བྱིན་གྱིས་བརླབ་པ་འདི་ཡང་ཐུན་མོང་དུ་སྣང་ངོ་། །ཁྱད་པར་ནི་བྱ་བའི་རྒྱུད་ལྟར་ན་ཡིག་འབྲུའི་སྒོ་ནས་ཡན་ལག་ལྔའི་ཚུལ་གྱིས་བརླབ་པ་འདི་གཙོ་བོར་གསུངས་ཏེ། འདི་ལྟར་སྙིང་པོ་དང་། མཚོག་མ་དང་། སྤྱི་གཙུག་དང་། གོ་ཅ་དང་། མཚོན་ཆའོ། །རྒྱུད་ཁ་ཅིག་ལས། དེ་ལས་ལྷག་པར་གནས་མང་དུ་བྱིན་གྱིས་བརླབ་པ་ཡང་ཡོད་དེ། གཙོ་བོར་ཡིག་འབྲུའི་སྒོ་ནས་ལྷར་བྱིན་གྱིས་རློབ་པར་གསུངས་སོ། །རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རྒྱུད་ཐུན་མོང་དུ་ནི། ཆོ་འཕྲུལ་བཞིའི་ཚུལ་གྱིས་བྱིན་གྱིས་བརླབ་པ་ལ། སེམས་མ་བཞིའི་སྔགས་དང་ཕྱག་རྒྱའི་སྒོ་ནས་བརླབ་པར་གསུངས་ཏེ། ཏིཥྛ་ཞེས་བྱ་བའི་སྒྲ་ཡང་། བརྟན་ཞིང་མི་འགྱུར་བ་ལ་ཡང་འཇུག་གོ། །ཕྱག་རྒྱ་ཞེས་བྱ་བ་ཡང་བརྟན་པར་བྱིན་གྱིས་བརླབ་པའི་དོན་ཏེ། དེ་བས་ན་སེམས་མ་བཞིའི་ཕྱག་རྒྱའི་གཟུགས་ཀྱི་ཆོ་འཕྲུལ་བཞིའི་ཚུལ་བརྟེན་པར་བྱེད་པའོ། །ངན་སོང་སྦྱོང་བ་ལས་ནི། རིགས་བཞིའི་འཁོར་ལོ་བསྒྱུར་བ་བཞིའི་སྒོ་ནས། ལྷ་རྣམས་བརྟན་པར་བྱིན་གྱིས་བརློབ་པའང་གསུངས་ཏེ། འདི་སྐད་དུ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྔགས་དང་། རིག་པ་དང་། སྙིང་པོ་དང་། ཕྱག་རྒྱ་ཐམས་ཅད་བརྟན་པར་བགྱི་བའི་ཕྱིར། ཉིད་ཀྱི་སྙིང་པོ་འདི་བཤད་དོ། །ཞེས་གསུངས་པའོ། །དེ་ལ་སྤྱིར་རྒྱུད་ཐམས་ཅད་དུ་ཆ་མཐུན་པར་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའི་སྙིང་པོ་ནི། སྤྱི་བོར་ༀ། ལྕེ་ལ་ཨཱཾ། སྙིང་གར་ཧཱུྃ་གཞག་པའོ། །དེ་ལས་ལྷའི་སྐུར་བསྐྱེད་པ་ཁ་ཅིག་ལས་བཤད་དོ། །དེ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་ཕྱི་མའི་ཕྱི་མར་གྲགས་པ། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱ་བསྟན་པ་ནི། འདི་སྐད་དུ། གང་ཞིག་བཅིངས་པ་ཙམ་གྱིས་སུ། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །འདིར་ནི་ལུས་ནི་བྱིན་བརླབས་ཏེ། །རང་གི་གཟུགས་སུ་རྣམ་བསྒོམས་ན། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ལག་པ་གཉིས་ཁུ་ཚུར་བཅངས་པ་ལས། མཐེ་བོང་གཉིས་བཏེག་པ་ནི། དེ་བཞིན་གཤེགས་པའི་སྟེ། སྐུ་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །དེ་གཉིས་ལས་གཡོན་པའི་མཐེ་བོང་ནང་དུ་བཅུག་སྟེ་གཡས་པའི་མཐེ་བོང་བཏེག་པ་ནི། འཇིག་རྟེན་དབང་ཕྱུག་གི་སྟེ། གསུང་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པའི་མཐེ་བོང་ནང་དུ་བཅུག་སྟེ། གཡོན་པའི་མཐེ་བོང་བཏེག་པ་ནི། རྡོ་རྗེ་འཆང་གི་སྟེ། ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །གསང་སྔགས་ནི། ༀ་ཨཱ་རྣམ་པར་སྣང་མཛད་དོ། །ༀ་ཧྲཱིཿའོད་དཔག་མེད་དོ། །ༀ་ཧཱུཾ་མི་འཁྲུག་པའོ། །གསང་སྔགས་ཀྱི་ཡི་གེའི་སྙིང་པོའོ། །ཡང་ན་སུ་བོན་གྱི་སྔགས་ཀྱིས་བྱེད་ན། ༀ་རྣམ་པར་སྣང་མཛད་ཀྱིའོ། །ཨཱཿའཇིག་རྟེན་དབང་ཕྱུག་གིའོ། །ཧཱུཾ་རྡོ་རྗེ་འཆང་གིའོ། །ཁྱད་པར་དུ་རྡོ་རྗེ་འཆང་ལ། ཟླ་བའི་གཟུགས་ལ་བསྒོམ་ཞེས་བཤད། ཆོ་འཕྲུལ་བཞིའི་ཚུལ་གྱིས་བྱིན་གྱིས་བརླབ་པ་ནི། དེ་ཉིད་ལས། བྱིན་བརླབ་དམ་ཚིག་དབང་བསྐུར་ལ། །རྡོ་རྗེ་སེམས་མ་རིན་ཆེན་དང་། །ཆོས་མ་རྡོ་རྗེ་ལས་མ་བཞི། །སྦྱོར་བ་པས་ནི་རྟག་ཏུ་སྦྱར། །ཞེས་གསུངས་པ་སྟེ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་སྟེ། ལྷའི་ཐུགས་ཀར་གཏད་ནས། ༀ་སཏྭ་བཛྲཱི་ཧཱུྃ་ཞེས་བརྗོད་པས། སེམས་དཔའི་རྡོ་རྗེ་བརྟན་པར་བྱིན་གྱིས་བརླབ་བོ། །དེ་ཉིད་ལས་ཚིགས་དབུས་མ་བཅག་སྟེ་རིན་པོ་ཆེ་ལྟར་བྱས་ནས། ལྷ་རྣམས་ཀྱི་དཔྲལ་བར་གཏད་དེ། ༀ་རཏྣ་བཛྲཱི་ཏྲཱཾ་ཞེས་བརྗོད་པས། རིན་པོ་ཆེ་འབར་བའི་དབུ་རྒྱན་དུ་གྱུར་ཏེ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོས་དབང་བསྐུར་བར་བསམ་མོ། །དེ་ཉིད་ལས་པདྨའི་དབྱིབས་སུ་བྱས་ཏེ། ལྷ་རྣམས་ཀྱི་ལྗགས་ལ་གཏད་ནས། ༀ་དྷརྨ་བཛྲཱི་ཧྲཱི་ཞེས་བརྗོད་པས། ལྗགས་པདྨ་ལ་སོ་སོའི་ཆོས་ཀྱི་ཡི་གེ་གསལ་བར་གྱུར་ཏེ། དམ་པའི་ཆོས་འབྱུང་བ་ལ་མངའ་བརྙེས་པར་བསམ་མོ། །དེ་ཉིད་ལས་མཐེ་བོང་དང་མཐེའུ་རྩེ་སྤྲད་དེ་ཕྱིར་འགྱེད་ནས། ལྷ་རྣམས་ཀྱི་ཐུགས་གར་གཏད་དེ། ༀ་ཀརྨ་བཛྲཱི་ཨཱཿ ཞེས་བརྗོད་པས། ལྷ་རྣམས་ཀྱི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་ལྗང་ཁུ་འོད་འབར་བར་བསམས་ཏེ། འཕགས་པ་མཆོད་པ་དང་འགྲོ་བའི་དོན་བྱེད་པ་བཅས་སངས་རྒྱས་ཀྱི་མཛད་པ་སརྦ་ལྷུན་གྱིས་གྲུབ་པར་མཛད་པ་ལ་མངའ་བརྙེས་པར་བསམ་མོ། །དེའི་འོག་ཏུ་ཡང་སོ་སོ་རང་རང་གི་སྔགས་དང་ཕྱག་རྒྱས་ཀྱང་བྱིན་གྱིས་བརླབ་བོ། །ཞེས་ཀྱང་བཤད་དོ། །ངན་སོང་སྦྱོང་བ་ལས། བདག་ཉིད་ལྷའི་སྐུར་བྱིན་གྱིས་བརླབ་པའི་རིམ་པ་གསུངས་པ་ནི། འདི་སྐད་དུ། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པ་བྱས་ནས་ཀྱང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་སུ་བོན་དེ་དབུས་སུ། །བསམ་ནས་དམ་ཚིག་ཕྱག་རྒྱ་ཡང་། །བསམ་ཞིང་དེ་བཞིན་དུ་ཉིད་དུ། །སྒྲུབ་པ་པོ་ནི་བསྒྱུར་བར་བྱ། །ལྷའི་རྣལ་འབྱོར་ཚུལ་དུ་བསྒྱུར། །དེ་ནས་རང་གི་སུ་བོན་དང་། །ཕྱག་རྒྱས་ཕྱག་རྒྱ་དེ་བཞིན་བརླབ། །ལྟག་འོག་གོ་རིམ་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་རོ། །དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང་། །མཁས་པ་ཡིས་ནི་བསྒྲུབ་བྱས་ན། །དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་པ་འདི་ཡིན་ཏེ། འདི་ལ་སྔོན་གྱི་མཁན་པོ་རྣམས་ཀྱིས། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་། ཆོ་འཕྲུལ་ཆེན་པོ་བཞིས་རྫོགས་པར་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཡིན་ནོ། །ཞེས་ཀྱང་བཤད། ལ་ལ་ན་རེ། དེ་ལྟར་བསྟན་པ་མེད་དེ་ཆོ་ག་རྣམ་པ་ལྔ་དང་ལྡན་པར་བསྐྱེད་པའི་ལྷ་ལ། བྱིན་གྱིས་བརླབ་པ་དང་དབང་བསྐུར་པ་ཙམ་བྱས་པར་ཟད་དོ། །ཞེས་ཟེར་ན། འདི་ནི་ཚུལ་གཉི་གར་དྲང་དུ་རུང་ན། རྒྱུད་འདིའི་ཚུལ་ནི་བྱ་བའི་རྒྱུད་དང་མཐུན་པར་ཁོག་ཕུབ་ལ། རྣལ་འབྱོར་གྱི་ཚུལ་དང་མཐུན་པ་ཡང་ཡོད་པས། སྤྱིའི་རྒྱུད་དུ་སྣང་སྟེ། གང་དུ ་ཡང་ཉེས་པ་མ་མཐོང་ངོ་། །དེ་ལ་གཞུང་འདི་ཉིད་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་དང་ཕྱག་རྒྱ་ལ། ཕྱག་རྒྱ་ནི་གསལ་བ་ཉིད་དུ་གསུངས་ཏེ། འདི་སྐད་དུ། ལག་པ་གཡོན་པ་ཐལ་མོ་གན་རྐྱལ་དུ་པང་དུ་བཞག་ལ། དེའི་སྟེང་དུ་གཡས་པ་བཞག་སྟེ། མཐེ་བོང་གཉིས་རྩེ་སྤྲད་པ་ལ་ཞི་བའི་ལྟ་བས་ལྟ་བ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ། དམ་ཚིག་ཡིན་པར་བཤད་དོ། །དེ་ཉིད་ལས་བཟློག་སྟེ། ལྟག་འོག་བསྣོལ་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་གཅིག་ལ་གཅིག་ལུ་གུ་རྒྱུད་དུ་བསྣོལ་ལ། སྙིང་གར་བཞག་པ་འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཐལ་མོ་རྫོགས་པར་སྦྱར་བ་ལས། ལྷག་མ་རྣམས་བརྐྱང་པ་འདི་ནི། པདྨ་རིགས་ཀྱི་པདྨའི་ཕྱག་རྒྱའོ། །ཞེས་གསུངས་པ་འདི་ཡིན་ནོ། །འདིའི་གསང་སྔགས་ནི། ཚོམ་གཅིག་ཏུ་མ་གསུངས་ཀྱང་། སྤྱིར་རྒྱུད་འདི་དཀྱིལ་འཁོར་སརྦ་རིགས་གསུམ་གྱི་ཚུལ་གྱིས་བསྡུས་པར་གསུངས་པས། དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་ནི། བཅོམ་ལྡན་རྣམ་པར་སྣང་མཛད་དམ། ཤཱཀྱ་ཐུབ་པའི་སྙིང་པོ་གང་ཡང་རུང་བ་གཅིག་དང་སྦྱང་བར་བྱ་བའམ། ཡང་ན་སངས་རྒྱས་སྤྱན་གྱི་སྙིང་པོ་གཞུག །རྡོ་རྗེ་རིགས་ཀྱི་གསང་སྔགས་ནི་རྡོ་རྗེ་འཆང་གི་གསང་སྔགས་གང་ཡང་རུང་བ་ཞིག་གལ། ཡང་ན་མཱ་མ་ཀཱིའི་སྙིང་པོའོ། །པདྨ་རིགས་ཀྱི་ཚེ་དཔག་མེད་ཀྱི་སྙིང་པོའམ་ཡང་ན་གོས་དཀར་མོའི་འོ། །གཞན་ཡང་རྒྱུད་འདི་ཉིད་ལས། རིགས་བཞིའི་དེ་བཞིན་གཤེགས་པ་བཞི་གསལ་བར་གསུངས་པ་ནི། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྔགས་དང་། སྣང་བ་མཐའ་ཡས་ཀྱི་གསང་སྔགས་དང་སྦྱར་ཏེ། དེ་བཞིན་གཤེགས་པ་སྔ་མ་བཞིན་དུ་སྦྱར་ཡང་ཉེས་སྐྱོན་མེད་དོ། །རྡོ་རྗེ་གཙུག་ཏོར་གྱི་དཀྱིལ་འཁོར་ཉིད་ཀྱི་དབང་ཕྱུག་བྱས་ནས་བྱིན་གྱིས་བརློབ་པར་འདོད་ན། ༀ་བྲྀ་ཏ་བྲྀ་ཏ་སརྦ་ཨ་པ་རུ་ཎ་ནི་ཧཱུྃ་ཕཊ། ༀ་ཏྲ་ཐ་ཏྲ་ཐ་སརྦ་ཨ་པ་རུ་ཎ་ནི་ཧཱུྃ་ཕཊ། བི་དྲ་བ་བི་དྲ་བ་སརྦ་ཨ་པ་རུ་ཎ་ནི་ཧཱུྃ་ཕཊ། ཅེས་བྱ་བ་འདི་དང་སྦྱར་རོ། །དེ་ནས་བྱིན་གྱིས་བརླབ་པ་ལ་སོགས་པ་འཁོར་ལོ་སྒྱུར་བ་བཞིའི་སྔགས་དང་ཕྱག་རྒྱས་བྱ་བ་ནི། ལག་པ་གཡས་གཡོན་གྱི་གུང་མོ་གཤིབས་ཏེ་བསྒྲེང་ལ། མཛུབ་མོ་གཉིས་རྩེ་སྤྲད་དེ་ཟླུམ་པོར་བྱས་ལ་གུང་མོར་གཞར། སྲིན་ལག་བསྣོལ་མཐེ་བོང་དང་མཐེའུ་ཆུང་སོ་སོར་བསྒྲེང་བ་ནི། ལག་ན་རྡོ་རྗེའི་ཕྱག་རྒྱ་སྟེ། ༀ་བྷྲཱུཾ་དྲཱུཾ་བཛྲ་པཱ་ཎི་དྲི་དྷ་ཏིཥྛ་ཧཱུཾ། ༀ་ཧཱུཾ་ༀ། འདིས་ནི་སྤྱིར་བྱིན་གྱིས་བརླབ་པའོ། །ༀ་བཛྲ་ཧཱུཾ་ཕཊ་ཐུགས་བྱིན་གྱིས་བརླབ་པའོ། །དེ་ཉིད་ཀྱི་མཛུབ་མོའི་ཚིགས་བར་མ་བཅག་པ་ནི་དབང་བསྐུར་བ་སྦྱིན་པར་བྱེད་པ་སྟེ། ནམ་མཁའི་སྙིང་པོའི་ཕྱག་རྒྱའོ། །དེ་ཉིད་དཔྲལ་བར་གཏད་དེ། ༀ་དྷྀ་དྷ་བཛྲ་ཧཱུཾ། ཞེས་བརྗོད་པས་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བར་བསམ་མོ། །དེ་ཉིད་ལས་མཛུབ་མོ་བསྡམས་ལ་སྲིན་ལག་པདྨ་འདྲ་བར་བྱས་པ་འདི་ནི་པདྨ་ལས་བྱུང་བའི་ཕྱག་རྒྱ་སྟེ། ལྗགས་ལ་གཏད་ལ། ༀ་བཛྲ་ཧཱུཾ་ཞེས་བརྗོད་པས། ཆོས་འབྱུང་བ་ལ་མངའ་བརྙེས་པར་བྱིན་གྱིས་བརླབ་བོ། །གུང་མོ་གཤིབས་ལ་མཛུབ་མོ་དང་སྲིན་ལག་ནང་དུ་བཀུག་སྟེ། ཐ་མ་བཞི་བསྒྲེང་བ་ནི་སྣ་ཚོགས་རྡོ་རྗེ་གཟི་ཅན་གྱི་ཕྱག་རྒྱ་སྟེ། ཐུགས་ཀར་གཏད་ལ། ༀ་བཛྲ་ཧཱུཾ་ཨ། ཞེས་བརྗོད་པས། ཐུགས་ཀར་སྣ་ཚོགས་རྡོ་རྗེ་གཟི་ཅན་བསམས་ཏེ། ༀ་བཛྲ་ཧཱུཾ་ཨཱ། ཞེས་བརྗོད་པས། འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་བྱེད་པའི་མཛད་པ་ལ་མངའ་བརྙེས་པར་བསམ་མོ། །བྱ་བའི་རྒྱུད་དུ། ཁྱད་པར་དུ་གསུངས་པའི་ཡན་ལག་ལྔ་པའི་སྔགས་རྣམས་ནི། ལྷ་སོ་སོ་རེ་རེ་ལ་ཡན་ལག་ལྔ་པ་ཐ་དད་རེ་རེ་ཡོད་པས་འདིར་མ་བསྡུས་ཏེ། འོན་ཀྱང་སྐུ་གཟུགས་གཞུང་གང་དུ་བཞེངས་སུ་གསོལ་བ་དེའི་སུ་བོན་རྣམས་བླངས་ཏེ་སོ་སོར་སྦྱོར་ཅིག །དེ་མི་ནུས་པ་རྣམས་ཀྱི་དོན་དུ། སྤྱི་ཙམ་སྦྱར་ན། སྙིང་པོ་ནི། ༀ་ཨཱཿཧཱུཾ་ཞེས་བྱ་བ་སྤྱིར་འཇུག་པས། སྤྱི་བོ་ༀ། མིག་གཉིས་སུ་ཨཱཿ སྙིང་གར་ཧཱུཾ་གཞག་གོ། །མ་ཚོགས་མ་དང་སྤྱི་གཙུག་ནི་རང་གི་ལྷའི་སྙིང་པོ་གང་ཡིན་ཉིད་གཞག་གོ། །གོ་ཅ་ནི་བྲང་དུ་ཊུཾ་གཞག་གོ། །མཚོན་ཆ་ནི་ལག་པ་གཉིས་ལ་ཕཊ་གཞག་གོ། །གཙུག་ཏོར། སྤྱན། ལྗགས། གོ་ཅ་བྱིན་གྱིས་བརླབ་པ་ནི་རྣལ་འབྱོར་ཆེན་པོའི་གཞུང་ལྟར་ན། སརྦ་བུདྡྷ་ལས། རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །མཐེ་བོང་རྩེ་མོ་མཉམ་པར་བཞག །ཁོང་སྟོང་མི་འགྱུར་དམ་པའོ། །སྤྱི་བོའི་མཚམས་སུ་རབ་བཞག་ནས། །འདི་ཡིས་བསྲུང་བར་བྱས་ན་ནི། །སངས་རྒྱས་དངོས་གྲུབ་མ་ལུས་པ། །ལུས་པ་མེད་པ་ཡོངས་སུ་གྲུབ། །གསང་སྔགས་ནི། ན་མ་སྟུ་སརྦ་བུདྡྷེ་བྷྱཿ ཞེས་བརྗོད་པས། དབུ་གཙུག་ཏོར་བྱིན་གྱིས་བརླབ་པར་འགྱུར་རོ། །སྤྱན་བྱིན་གྱིས་བརླབ་པ་ནི། མཛུབ་མོས་མཐེ་བོ་མནན་ནས་ནི། །རང་གི་མཐེ་བོས་མཛུབ་མོ་མནན། །དཔལ་གྲུབ་སྤྱན་གྱི་ཕྱག་རྒྱ་སྟེ། །མཛུབ་མོ་མིག་གི་འབྲས་བུར་བྱ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །རྡོ་རྗེ་སྤྱན་ནི་གཉིས་དག་ཏུ། །ཁོང་སྟོང་དུ་ནི་སྦྱང་བར་བྱ། །དཔལ་གྲུབ་རྡོ་རྗེ་སྤྱན་ཡིན་ནོ། །གསང་སྔགས་ནི། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་རྠ་སཱ་དྷ་ནི་སྭཱ་ཧཱ། འདིས་སྤྱན་ལ་བྱིན་གྱིས་བརླབས་པས། ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་འགྱུར་རོ། །ཡང་ན་སྤྱན་གྱི་ཕྱག་རྒྱ་ནི། དཔལ་ལྡན་གཡོན་པ་འགིང་དང་བཅས། །དཔལ་ལྡན་ལག་པ་གཡས་པ་ཡི། །པདྨོ་ཁུ་ཚུར་དཔྲལ་བར་བཞག །བདག་གི་མིག་ནི་གྱེན་དུ་བལྟ། །འདི་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཐམས་ཅད་རབ་སྒྲུབ་པའོ། །དཔལ་རྡོ་རྗེ་པདྨོ་གྱེན་དུ་འབར་བའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །པདྨའི་ཁུ་ཚུར་ཅེས་བྱ་བ་ནི། རྡེག་པོའི་ཁུ་ཚུར་བཅངས་པ་ལས། མཐེ་བོང་དག་ལ་གུང་མོ་གཞག །པདྨོའི་ཁུ་ཚུར་གྲུབ་པ་སྟེ། །སརྦ་དག་པའི་ལས་ལ་སྦྱར། །ཞེས་པ་འདི་ཡིན་ནོ། །ལྗགས་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །གུང་མོ་མཉམ་པར་རབ་ཏུ་བསྒྲུབ། །མཐེ་བོང་མཐེའུ་ཆུང་འདབ་མ་བཞི། །པདྨ་དྲི་མེད་རབ་ཏུ་རྒྱས། །དཔལ་པདྨོའི་རྒྱལ་པོའི་ཕྱག་རྒྱའོ། །འདི་ལྗགས་ལ་གཏད་དེ་སྔགས་ནི། ༀ་ཤྲཱི་བཛྲ་པདྨ་བ་དུ་བ་མུ་ཁ་ཡོ་གཱི་ཤྭ་རུ་ཧི་ཧི་ཧི་ཧི། ཞེས་བརྗོད་ན། ཆོས་ཀྱི་ལྗགས་བྱིན་གྱིས་བརླབ་པར་འགྱུར་རོ། །རྣལ་འབྱོར་རམ་རྣལ་འབྱོར་ཆེན་པོའི་རྒྱུད་སྤྱིར་འབྲངས་ན། དེ་བཞིན་གཤེགས་པའི་སྔགས་དང་ཕྱག་རྒྱས་ནི། གཙུག་ཏོར་བྱིན་གྱིས་བརླབས་པར་འགྱུར་རོ། །སངས་རྒྱས་སྤྱན་གྱི་སྔགས་དང་ཕྱག་རྒྱས་ནི། སྤྱན་བྱིན་གྱིས་བརླབས་པར་འགྱུར་རོ། །རྡོ་རྗེ་ཆོས་ཀྱི་སྔགས་དང་ཕྱག་རྒྱས་ནི། ལྗགས་བྱིན་གྱིས་བརླབ་པར་འགྱུར་རོ། །རྡོ་རྗེ་བསྲུང་བའི་སྔགས་དང་ཕྱག་རྒྱས་ནི། གོ་ཅ་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ལ་སངས་རྒྱས་སྤྱན་གྱི་གསང་སྔགས་ནི། ༀ་ག་ག་ལོ་ཙ་ནི་སྭཱ་ཧཱ། ༀ་བུདྡྷ་ལོ་ཙ་ནི་ཧཱུཾ་སིདྡྷ་ན་སྭཱ་ཧཱ། ཞེས་གང་ཡང་རུང་བ་སྦྱར་རོ། །དེ་བཞིན་གཞན་ལས་གསུངས་པ་སྦྱར་ཡང་ཉེས་སྐྱོན་མེད་དོ། །འདི་ལྟར་སྐུ་གཟུགས་ལ་སོགས་པ་བྱིན་གྱིས་རློབ་པའི་ཚེ་སྐུ་གཟུགས་དེ་ཉིད་རྒྱུད་གང་གི་གཞུང་དུ་བཞེངས་སུ་གསོལ་བ་དེ་ཉིད་ཀྱི་བྱིན་གྱིས་བརླབས་པའི་རིམ་པས་བྱིན་གྱིས་བརླབས་ན། སརྦ་སྐྱོན་མེད་ཅིང་འཚམ་པར་འགྱུར་རོ། །སརྦ་བུདྡྷ་ལས། རང་གི་ལྷའི་རྣལ་འབྱོར་གྱིས། བདག་དང་གཞན་ཡང་མཆོད་པར་བྱ། ཞེས་འབྱུང་བས། རང་ཉིད་ལྷག་པའི་ལྷའི་ཏིང་ངེ་འཛིན་དུ་གནས་པའི་རྣལ་འབྱོར་པས། རང་གི་ལྷའི་རྒྱུད་དུ་གཏོགས་པ་ལ་མཆོད་པ་མ་གཏོགས་པ་ལྷ་གཞན་དང་གཞན་དག་ལ་ཡང་མཆོད་དུ་རུང་བ་སྐད་དུ་འབྱུང་སྟེ། འོན་ཀྱང་སྐུ་གཟུགས་ལ་སོགས་པ་ལ། བྱིན་གྱིས་བརླབ་པ་དང་བསྟུན་དུ་མི་རུང་བས། བྱིན་གྱིས་བརླབ་པ་ནི། སོ་སོའི་གཞུང་ལྟར་བྱས་ན་འཚམ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་དབྱེར་མེད་པ་ཡིན་ནོ། །ཞེས་མོས་པ་གཙོར་བྱས་པ་ཙམ་གྱིས་ཆོ་ག་ཐམས་ཅད་བསྲེས་ན་ཆེན་པོར་མི་རུང་ངོ་། །ལེའུ་དང་པོ་མིག་གི་ཚུལ་རྫོགས་སོ། །བླ་མ་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པའོ།། །།

སྦྱིན་སྲེག་གི་ལས་རིམ་དོན་གསལ།

༄༅། །སྦྱིན་སྲེག་གི་ལས་རིམ་དོན་གསལ་བཞུགས་སོ། །

ན་མོ་ག་རུ་མཉྫུ་ཤྲཱི་བཛྲ་དྷཱ་རཱ་ཡ། འདིར་སྦྱིན་སྲེག་བྱ་བའི་ལས་རིམ་སྤྱི་གནད་ལ། གནས་༡དང་། དུས་༢དང་། ཐབ་༣དང་། རྫས་༤དང་། མེ་༥དང་། ཁ་ལྟ་༦ཕྱོགས་དང་། ཆས་གོས་༧དང་། གདན་༨དང་། འདག་སྟངས་༩དང་། ལག་སྟབས་༡༠དང་། ལྟ་སྟངས་༡༡དང་། སྟངས་སེམས་༡༢དང་། དམིགས་པ་༡༣དང་། སྔགས་ཀྱི་ཁ་བསྒྱུར་༡༤དང་། རྗེས་ཀྱི་བྱ་བ་༡༥དང་བཅོ་ལྔ་ལས། དང་པོ་གང་དུ་བྱ་བའི་གནས་ནི། ཞི་སོགས་ལ་རང་རང་གི་ལས་མཐན་གྱི་གནས་ཡིད་དུ་འོང་བ། དབེན་ཞིང་གཙང་ལ་བཀྲ་ཤིས་པའོ། །དེ་ལྟར་མིན་ཡང་དགེ་འདན་གྱི་གནས་དང་སྐྱེ་བོའི་ཁྱིམ་སོགས་གང་བབ་དའང་རང་ངོ་། །དྲག་པོ་ལ་ནི་དར་ཁྲོད་དང་། གནམ་སུ་གྲ་གསུམ་དྲག་པོའི་གནས་ཀྱི་མཚན་ཉིད་ལྡན་པའམ། གང་དའང་རང་ངོ་། །གཉིས་པ་དུས་ནི་སྤྱིར་ཞི་སོགས་གསུམ་ལ་རང་རང་གི་ལས་ལ་བསྔགས་པའི་ཚེས་དང་གཟའ་སྐར་དུས་སྦྱོར་སོགས་གཞང་སྣ་ཚོགས་ལས་གསངས་པའི་དུས་བཟང་བ་དང་འགྲིགས་ན་རབ། བྱེ་བྲག་ཏ་ལེགས་གྲབ་ལས། ཞི་བ་སྟོན་ནོ། །རྒྱས་པ་དགན་ནོ། །དཔྱིད་སྨད་དྲག་པོ་བྱ་གསང་། སྒྲུབ་པའི་དུས་ནི། དགན་ཐ་ཆང་། སྟོན་འབྲིང་། དཔྱིད་རུ་འབྲིང་། དབྱར་རུ་བའི་ཉ་ལ་སྒྲུབ་པ་བརྩམ་སྟེ། ཟླ་བ་ལྔ་པོ་དེ་དག་ལ་བཟང་གསངས། དབྱར་རུ་བར་རྟག་ཏུ་འབབ། དཔྱིད་འབྲིང་རླང་ཆེན་འཁོར། །དཔྱིད་རུ་བར་སྣ་ཚོགས་བགེགས་འབྱང་། །སྟོན་འབྲིང་གློག་འགྱ་སྒྲ་ཆེན་འབྱང་། །དགན་རུ་བར་བགེགས་མེད། ཆོ་འཕྲལ་ཟླ་ཕྱེད་མཆོག་ཏུ་བཟང་། ཉི་ཟླ་གཟས་ཟིན་དུས་ལས་གང་ཡང་སྒྲུབ་པ་མཆོག །ཁྱད་པར་དྲག་པོར་བསྔགས། ཞེས་གསངས། གསང་བ་སྤྱི་རྒྱུད་ལས། དེ་ལྟ་བས་ན་ཡད་ཙམ་དང་། །ཚེས་གྲངས་རྒྱ་སྐར་བྱེད་པ་དང་། །རྨི་ལམ་བཟང་པོ་བརྟགས་པར་བྱ། །བཟང་པོ་དག་ལ་ལས་བརྩམ་སྟེ། །བཟང་པོ་མིན་ལ་བརྩམ་མི་བྱ། །ཞེས་གསངས། རྒྱད་གཞན་ལས་ཞི་རྒྱས་ཡར་ངོ་དཀར་ཕྱོགས། དབང་དྲག་མར་ངོ་དམར་ཕྱོགས་ལ་བརྩམ་བར་ཡང་གསངས། ཚེས་གྲངས་ནི། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ཚེས་གཅིག་ཞི་བ། ཉ་ལ་རྒྱས་པ། བཅ་བཞི་མར་ངོའི་ལ་དྲག་པོ། ཡར་ངོའི་ཚེས་བརྒྱད་ལ་དབང་གི་ལས་བྱའོ། །ཞེས་གསངས། ལེགས་གྲབ་ལས། ཚེས་གཅིག་དང་གསུམ་དང་ལྔ་དང་བདན་བཅ་གསུམ་བཟང་ལས་ཐམས་ཅད་ལ་ཤིས་ཞེས་གསང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་ཚེས་དེ་རྣམས་བཟང་བར་གསངས། བཅོ་ལྔ་མཆོག་ཏུ་བཟང་། བཅ་ཡང་བཟང་ཞིང་འགྲོ་བར་ལེགས་གསང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས། ཡར་ངོའི་ཚེས་བཞི་ལྔ་བཅ་བཅོ་ལྔ་རྣམས་ལ་ཞི་བའི་ལས། ཡར་ངོའི་གསུམ་བདན་བཅོ་ལྔར་རྒྱས་པའི་ལས། མར་ངོའི་ཚེས་དག་དབང་། མར་ངོའི་ཚེས་བརྒྱད་བཅ་བཞི་དྲག་པོའི་ལས་ལ་བསྔགས། ཉེར་དག་ནི་དྲག་པོའི་དུས་ཏེ་དྲག་ལས་ལ་རྒྱུད་གཞན་དུ་མར་བསྔགས། གཟའ་སྐར་ནི་རྣམ་སྣང་མངོན་བྱང་གི་རྒྱུད་ལས། གཟའ་ཟླ་བ། པ་སངས། སྐར་མ་ཁྲམས་སྨད། གྲེ་སྐག །རྟ་ཆེན་འདི་རྣམ་ཞི་བའི་ལས་ལ་བཟང་། གཟའ་ལྷག་པ་དང་ཕར་བ། སྐར་མ་གྲོ་བཞིན་མོན་གྲ་སྣྲོན་འདི་རྣམས་རྒྱས་པར་བཟང་། གཟའ་པ་སངས་སམ་ཉི་མ་དང་མིག་དམར། སྐར་མ་སྨིན་དྲག །རྒྱལ་རྟ་ཆེན་སུ་ག་རྣམས་དབང་གི་ལས་ལ་ཤིས། གཟའ་མིག་དམར་དང་སྤེན་པ། རྒྱ་སྐར་ཐ་སྐར་དང་ནབས་སོ་དབོ་དང་མེ་བཞི་ནག་པ། ས་རི་རྣམ་དྲག་པོ་ལ་བསྔགས་སོ། །སྤྱིར་ཞི་བའི་ལས་ལ་གཟའ་ཟླ་བ་མཆོག །དེ་བཞིན་རྒྱས་པར་ལྷག་པ། དབང་ལ་པ་སངས། དྲག་པོར་མིག་དམར་མཆོག །སྐར་མ་རྒྱལ་ནི་ལས་ཐམས་ཅད་ལ་མཆོག་ཏུ་ལེགས་པར་རྒྱུད་དུ་མར་གསངས། འཇམ་དཔལ་རྩ་རྒྱུད་ལས། ཐ་སྐར་སྣར་མ་རྒྱལ་དང་། ལྷ་མཚམས། ཁྲམས་སྟོད་སྨད་ནམ་གྲ་རྣམས་ལ། དཀྱིལ་འཁོར་བྲི་བ་དང་བཟླས་པ་དང་སྒྲུབ་པ་བཟང་གསངས། གང་ཚེ་ཉི་མའི་མཐར་གཟའ་ཕར་བ་སེར་པོ་དང་། པ་སངས་དཀར་པོ་ཉིད་ནམ་མཁའ་ལ་མཐོང་བའི་ཚེ་ལས་ཀུན་དགེ། ཞི་གཟའ་འདི་རྣམས་མདན་དུ་མཐོང་ན་ལས་ཀུན་ལ་དགེ་བར་གསངས། སྐར་རྩིས་ཀྱི་མན་ངག་ལས་མིག་དམར་རང་གི་ཞིང་ལག་དང་སྡིག་པའི་ཁྱིམ་དུ་ཞགས་པ་དེའི་ཚེ་དགག་པ་དང་དྲག་ལས་འགྲབ། དེ་བཞིན་ཉི་མ་སེང་གེ་དང་ཟླ་བ་ཀརྐ་ཊའི་ཁྱིམ་དུ་ཞགས་དུས་ཞི་བ། ལྷག་པ་འཁྲིག་པ་དང་བ་མོའི་ཁྱིམ་ཞགས་རྒྱས་པ། གཞ་དང་ཉ་ལ་ཕར་བ་ཞགས་ཚེ་བསྐྲད་པ། གླང་དང་སྲང་ལ་པ་སངས་ཞགས་དུས་དབང་། ཆ་སྲིན་བམ་པར་སྤེན་པ་ཞགས་ཚེ་བསད་པ། མཇག་རིང་ཀརྐ་ཊའི་ཁྱིམ་དུ་ཞགས་ཚེ་རེངས་རྨོངས་ཀྱི་ལས་འགྲབ་པར་གསངས། རང་རང་སྐྱེས་ཁྱིམ་ལ་ཡང་དེ་དང་འདྲའོ། །འདི་ཙམ་ཞིག་སྐབས་འདིར་གཙོ་བོར་བཟང་དགོས་ཀྱི། གཞན་རྒྱུད་དང་མན་ངག་ལས་གསངས་པའི་གཟའ་སྐར་དུས་སྦྱོར་གྱི་སྤང་བླང་ཆེས་མང་བ་དེ་དག་ལས་ཤེས་པར་བྱའོ། །ཉིན་ཞག་གཅིག་གི་དུས་ཀྱི་དབང་དུ་བྱས་ན། རྒྱད་རྡོ་རྗེ་རྩེ་མོ་ལས། སྦྱིན་སྲེག་གི་དབྱེ་བ་ཉི་ཤུ་དང་། བསྡུས་ན་སྔར་གསངས་པའི། སྲོད་ཀྱི་དུས་སུ་ཞི་བ། དགང་མོའང་། སྔ་དྲོ་རྒྱས་པ། ཉིན་ཕྱེད་མངོན་སྤྱོད། མཚན་མོ་དབང་། དགག་པ་ནི་དུས་ཐམས་ཅད་དུ་ཡང་བྱ་གསངས། ཡང་དྲག་པོ་ནི་ཉིན་ཕྱེད་དང་མཚན་ཕྱེད་ལ་བརྩམ། ཁྱད་པར་རང་ནམ་ཁྲོ་བོའི་དུས་སུ་དྲག་པོའི་ལྷ་རྣམས་ཀྱི་བྱིན་གྱིས་རློབ་པས་དེའི་དུས་སུ་བྱ་བར་རྒྱུད་དུ་མར་གསངས། །དས་ཀྱི་འཁོར་ལོའི་རྒྱུད་ལས་ཐབ་ཁང་གི་དབྱིབས་བརྒྱད་དང་། ཕྱོགས་བརྒྱད་དང་དུས་ཀྱི་ཐན་མཚམས་བརྒྱད་ལ་ལས་བརྒྱད་སྦྱར་བ་སོགས་རྒྱུད་དེའི་ལུགས་ཡིན་གྱི། གཞན་ལས་བཞི་སྤྱི་ལ་དུས་དང་ཁ་ལྟ་ཕྱོགས་སོགས་འདིར་བཤད་ལྟར་རྒྱུད་ཕལ་མོ་ཆེ་མཐན་ནོ། །གསམ་པ་ཐབ་ཁང་ནི། གང་དུ་སྦྱིན་སྲེག་བྱ་བའི་སུ་དེར་སུ་བསླང་བར་བྱ་ཞིང་། ལག་གཡས་སུ་ལ་བཞག་སྟེ། ༀ་ཨཱཿཧཱུྃ། ཞེས་པ་ཅི་རིགས་དང་། ༀ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊཿ ཅེས་ཅི་རིགས་དང་། ལྷ་གང་ཡིན་གྱི་རྩ་སྔགས་བརྒྱ་རྩ་བརྒྱད་བཟླས་པས། ས་སྦྱང་བར་བྱ་ཞིང་དེ་རྗེས་སྟོང་པ་ཉིད་དའང་སྦྱང་ངོ་། །དེར་བརྐོས་ཐབ་བྱ་ན་ཐོག་མར་ལྟོ་འཕྱེ་བརྟགས་ནས་སུ་བརྐོས་ལ། ཞི་བའི་ཐབ་ཟབས་སུ་སོར་བཅ་གཉིས་དང་། རྒྱར་ཁྲ་གང་བ་ཁ་དོག་དཀར་པོ་དེའི་དབས་སུ་སོར་བཅ་དྲག་པའི་ཚད་ཀྱི་པད་མའི་ལྟེ་བར། འཁོར་ལོའམ་རྡོ་རྗེ་རྩེ་ལྔ་དཀྱས་སོར་བརྒྱད་པ། དཔངས་སོར་གཅིག་པ། མགོ་བོ་ཤར་དུ་བསྟན་པ་ལེབ་ཆགས་སུ་བཀོད། ཐབ་ཀྱི་སྟེང་དུ་མཆའམ་མ་རན་ཞེས་པའི་སུ་ཁྱོན་སོར་བཞི་དོར་བའི་རྒྱབ་ཏ་རྒྱ་དང་དཔངས་སུ་སོར་བཞི་བའི་ཁ ་ཁྱེར་ཐབ་ཀྱི་དབྱིབས་འདི་ལ་འདོད་སྣམ་ཡང་ཟེར། ཅན། ཁ་བགས་ཀྱིས་ནང་དུ་གཞོལ་བའི་སྟེང་གི་ཕྱི་ཟར་གྲ་བཞི་རྣམས་སུ་འཁོར་ལོའམ་རྡོ་རྗེས་མཚན་པ་བྱ། ཐབ་ཁང་དང་དེའི་ཕྱི་རོལ་ཁྲ་ཕྱེད་ཚན་སུ་དཀར་པོ་དང་བ་ལྕིས་བྱགས །བདད་རྩི་དང་བཅས་པའི་དྲི་བཟང་གིས་ཀྱང་བྱགས་ཏེ་མེ་ཏོག་དཀར་པོ་སིལ་མར་དགྲམ་པར་བྱའོ། །རྒྱས་པའི་ཐབ་ནི་སུ་གཞི་སེར་པོ་ལ་ཐབ་ཁང་རྒྱར་ཁྲ་དོ། །ཟབས་སུ་ཁྲ་གང་། གྲ་བཞིའམ་རིན་ཆེན་ཟར་བརྒྱད་ལྟ་བ། དེ་དབས་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲག་པའི་རིན་པོ་ཆེའི་རྡོ་རྗེས་མཚན་པ། ཐབ་སྟེང་དུ་མཆ་སོར་བརྒྱད་དོར་བར། སོར་བརྒྱད་པའི་རྒྱ་དཔངས་ཅན་གྱི་ཁ་ཁྱེར་ཐབ་ཀྱི་དབྱིབས་ཅན་གྱི་ཕྱི་ཟར་རིན་པོ་ཆེས་མཚན་པ། ས་སེར་བ་བྱང་དྲི་བཟང་བཅས་ཀྱིས་ཐམས་ཅད་ཁ་དོག་སེར་པོར་བྱགས། མེ་ཏོག་སེར་པོའི་སིལ་མ་དགྲམ་པའོ། །དབང་གི་ཐབ་ཁང་སུ་དམར་པོའི་གཞི་ལ། བྷ་གའི་རྣམ་པ་རྩེ་མོ་ཤར་དུ་བསྟན་པའམ། ཡང་ན་ཟླ་ཕྱེད་ཀྱི་རྣམ་པའི་དབས་སུ་པདྨ་དམར་པོ་རྡོ་རྗེས་མཚན་པ། དབང་གི་དག་ག་པ་ལ་ཡང་ཐབ་འདིའམ། རྡོ་རྗེ་རྩེ་གཅིག་པའི་རྣམ་པའི་དབས་སུ་པདྨ་དམར་པོ་རྡོ་རྗེ་ལྕགས་ཀྱས་མཚན་པ། ཐབ་དེ་གསུམ་གང་བྱེད་ཀྱང་གཙོ་བོའི་ཕྱག་མཚན་གྱིས་མཚན་པའི་ལྕགས་ཀྱས་མཚན་པར་བྱས་པའི་ཁ་ཁྱེར་ཐབ་ཀྱི་རྣམ་པ་ཅན་གྱིས་འཁོར་བ་སུ་དམར་པོ་དང་བ་བྱང་དྲི་བཟང་གིས་བྱགས་པའི་མདོག་དམར་པོ་བྱ། མེ་ཏོག་དམར་པོ་བཀྲམ། དབང་ཐབ་གསུམ་པོའི་རྒྱ་དང་ཟབས་དང་ཁ་ཁྱེར་གྱི་ཚད་ནི་ཞི་བ་དང་འདྲ་བར་བྱའོ། །མངོན་སྤྱོད་ཀྱི་ཐབ་ནི། གས་བ་ཚྭ་སྒོ་ཅན་རྩབ་ཅིང་གནག་པའི་སུ་ལ་གྲ་གསུམ་པ། བྱང་དུ་ཕྱོགས་པའི་ལོགས་རྣམས་ལ་རེ་རེར་སོར་མོ་ཉི་ཤུ་པ་ཟབས་སུ་སོར་བཅ་ཡོད་པ། དབས་སུ་པདྨ་ནག་པོ་ལ་ཁྲོ་བོའི་རྡོ་རྗེ་རྭ་གདེངས་པས་བརྒྱན་པའམ། ཡང་ན་རྩེ་གསུམ་ལ་གནས་པའི་ཁྲོ་བོའི་རྡོ་རྗེས་བརྒྱན་པ། ཐབ་སྟེང་ནས་ཕྱིར་སོར་གསུམ་དོར་བར། རྒྱ་དཔངས་སོར་གསུམ་པ་ཁ་ཕྱིར་གཞོལ་བའི་ཁ་ཁྱེར་ཁྲོ་བོའི་རྡོ་རྗེས་མཚན་པས་བསྐོར་བ། ཁ་ཁྱེར་གྱི་མཚན་མ་རྣམས་འབར་དོད་དམ་རི་མོར་བྲི་བ་བྱ་མཆན། ཐབ་དེར་བདད་རྩི་དང་བཅས་པའི་ནག་པོའི་ཚོན་དང་། རོ་སྲེག་ཐལ་བ་བོང་བ་རྔ་མོང་སོགས་ཀྱི་སྡང་གང་རྙེད་ཀྱིས་བྱགས། དྲིང་བའམ་དྲི་མེད་པའི་མེ་ཏོག་སྔོན་པོའམ་དམར་པོ་དང་འབྲས་བའི་ཕབ་མ་ལ་སོགས་པས་གཏོར། མེ་ཚང་གི་ནང་དུ་འབར་འཁྲགས་འཇིགས་སུ་རང་བའི་མི་ཞན་སོགས་ཀྱི་མར་མེ་དང་ལྡན་པར་བྱའོ། །ཐབ་དེར་ལས་གང་ཡང་བགྱིར་རང་བའི་ལས་ཐམས་ཅད་པའི་ཐབ་ཁང་ལས་དང་རྗེས་སུ་མཐན་པའི་གཞི་ལ། ཞི་ཐབ་དང་མཚངས་པ་ལས། འོན་ཀྱང་མཆར་གེ་སར་དང་བཅས་པའི་ཟེའ་འབྲ་ཁ་ཁྱེར་པད་འདབ་རྣམས་སུ་བྱ་བའམ། དེ་བས་རབ་ཏ་རྒྱས་པའི་པདྨའི་རྣམ་པ་ཕྱི་རོལ་དུ་རྡོ་རྗེས་མཚན་པ། སྣ་ཚོགས་རྡོ་རྗེའམ་རལ་གྲིས་མཚན་པའི་ཁ་ཁྱེར་གྱིས་བསྐོར་བ། དབས་སུ་རྡོ་རྗེའི་ཕྲེང་བས་བསྐོར་བའི་འདབ་མ་ལ་མཚན་མ་བྱའོ། །ཐབ་དེ་ཐམས་ཅད་ཀྱི་ལྟེ་བར་ལྷ་གཙོ་བོ་གང་ཡིན་གྱི་ཕྱག་མཚན་སྲིད་དང་དཔངས་སུ་སོར་བརྒྱད་པ། མཚན་མ་གཞན་སོར་དྲག་ཏུ་བྱའོ། །དེ་ལྟར་སུ་གཞི་ལ་ཐར་དུ་བརྐོས་པའི་ཐབ་མ་གྲབ་ན། སའམ་སྟེགས་བའི་སྟེང་དུ་རྐོས་ཐབ་ཇི་ལྟ་བར་སུ་སོགས་ལས་བརྩིགས་པའམ། ཡང་ནས་སྟེགས་ལ་རྐོས་ཐབ་ཀྱི་ཚད་དང་རྣམ་པ་མཚངས་པའི་ལས་མཐན་ཚོན་གྱིས་བྲིས་ཐབ་བྱས་ཏེ་དེར་སྦྱིན་སྲེག་བྱེད་པའང་ཡོད་དོ། །བཞི་པ་རྫས་ལ། མཆོད་རྫས་དང་། བསྲེག་རྫས། ཉེར་མཁོའི་ཡོ་བྱད་གསུམ་ལས། དང་པོ་ཞི་སོགས་ལས་དང་མཚངས་པའི་མཆོད་ཡོན། ཞབས་བསིལ་སོགས་ཉེར་སྤྱོད་བདན་དང་། འདས་མ་འདས་ཀྱི་མེ་ལྷའི་གཏོར་མ་ལས་མཐན་གྱི་དབྱིབས་དང་ཁ་དོག་ཅན། གོ་ཡ་སོགས་སོ་རྩི་མར་དང་སྦྱར་བའི་སོ་རྩི། འདོད་གསོལ་དང་བཀྲ་ཤིས་དུས་སུ་འཐོར་རྒྱའི་མེ་ཏོག་སོགས་མཆོད་པའི་རིགས་ཇི་འོས་འད་བྱའོ། །སྐབས་འདིར་ཞི་བའི་མཆོད་ཡོན་ནི་དངལ་སྣོད་ད། འོ་མ་དང་མེ་ཏོག་དཀར་པོ། ཏིལ་དཀར། ཀ་ཤ་འབྲས་ཡོས་དང་ལྡན་པའི་དྲི་བཟང་དཀར་པོ་བདད་རྩི་དང་བཅས་པའོ། །རྒྱས་པར་གསེར་སོགས་སེར་པོའི་སྣོད་ད། ཏིལ་དང་ཞོ་མེ་ཏོག་སེར་པོ་དྲི་སེར་པོ་དང་བཅས་པའི་ཆའོ། །དབང་ལ་ཟངས་ཀྱི་སྣོད་དུ་དྲི་བཟང་དམར་པོ་དང་མེ་ཏོག་དམར་པོ་དྲི་བཟང་ཆང་དང་བཅས་པའི་ཆའོ། །དྲག་པོར་རྫ་ཕོར་ལྕགས་སྣོད་ཐོད་ངན་སོགས་ས། ཀོ་ཊ་པ་དང་བ་ལྕི་དྲི་ང་བའི་མེ་ཏོག་སྔོན་པོ་ཁྲག་དང་བཅས་པའི་ཆའོ། །ལས་ཐམས་ཅད་པ་ལ་ལས་དང་རྗེས་སུ་མཐན་པའི་མཆོད་ཡོན་བྱའོ། །དང་ཕོར་སོགས་སུ་ཆ་གཙང་བཤམས། དེ་བདད་རྩི་འཁྱིལ་བ་སོགས་ཀྱི་སྔགས་ཀྱིས་བརླབས་ཏེ་ཀ་ཤའི་ཆན་པོས་འཐོར་ཏེ་རྫས་རྣམས་བསང་། དེ་ཡང་ཞི་སོགས་གསུམ་ལ་ལག་གཡས་དང་། དྲག་པོར་གཡོན་པས་འཐོར་བར་བྱ། ཞབས་བསིལ་ནི་ཞི་སོགས་ལ་དྲི་བཟང་གི་ཆ། དྲག་པོར་དག་ཆའོ། །མཆོད་པའི་མེ་ཏོག་ནི་ལས་མཐན་གྱི་མདོག་དང་དྲི་ཅན་ནོ། །བདག་སྤོས་ཞི་སོགས་ལས་མཐན་དྲི་བཟང་། དྲག་པོར་ག་གལ་སོགས་དྲག་སྤོས་སོ། །མར་མེ་ཞི་སོགས་ལ་བ་དམར་སེར་གྱི་མར་སོགས་འབྲི་མར་རྩི་མར་དང་། དྲག་པོར་ཏིལ་མར་གྱི་མར་མེའོ། །དྲི་ཆབ་ནི་ཞི་སོགས་ལ་དྲི་བཟང་ལས་མཐན་གྱི་ཆ། དྲག་པོར་མཁྲིས་པའི་ཆའོ། །གཏོར་མ་ནི་ཞི་བར་ཤ་ཁྲག་དང་མ་འདྲེས་པའི་གཏོར་ཟླམ་དཀར་པོ། འབྲས་ཆན་དང་འོ་མ་སོགས་ཀྱིས་བརྒྱན་པ། རྒྱས་པར་འབྲང་རྒྱས་ནོར་བའི་དབྱིབས་ཅན་སེར་པོ་ལ་མངར་རིགས་དང་། རིན་ཆེན་དང་འབྲ་སྣས་བརྒྱན་པ། དབང་གཏོར་ཟླ་གམ་དམར་པོ་སྦྲང་རྩི་དང་། ལན་ཚྭ་ཆང་དང་ཤིང་ཐོག་དམར་པོ་མངར་སྐྱུར་རིགས་ཀྱིས་བརྒྱན་པ། དྲག་པོར་གཏོར་མ་ཟར་གསུམ་དམར་ནག་ཤ་ཁྲག་སྒོག་བཙོང་སོགས་ཀྱིས་བརྒྱན་པའོ། །སོ་རྩི་ནི་ཞི་སོགས་ལ་གོ་ཡ་སོགས་སོ་རྩི་མར་དང་སྦྱར་བ་རྡོ་ཐལ་མ་འདྲེས་པའོ། །དྲག་པོ་ལ་གོ་ཡ་སོགས་རྡོ་ཐལ་རྡོ་ཞོ་དང་བཅས་པའི་སོ་རྩི་མར་དང་སྦྱར་བའོ། །ན་བཟའ་ནི་དར་སོགས་ལས་སོ་སོའི་མདོག་དང་མཐན་པའོ། །གཉིས་པ་ལ་མེ་སྲོག་འཛིན་པའི་རྫས་བད་ཤིང་དང་ལས་སྒྲུབ་པའི་སྲེག་རྫས་སྣ་ཚོགས་བཤད་པ་གཉིས་ལས། དང་པོ་བད་ཤིང་ནི་ཡམ་ཤིང་དང་རྒྱ་མཚངས་པའི་ཤིང་དང་། ཞི་བ་ལ་སྲོག་ཆགས་མེད་པའི་ཤིང་བ་ཐབ་ལས་ཅང་ཐང་བའམ། མངར་བའི་རིགས་ཀྱི་ཤིང་ངམ། འབྲོག་དགོན་པའི་བ་ལང་གི་ལྕི་བ་གཙང་མ་སྐམ་པོས་བྱ། རྒྱས་པར་འབྲས་ལྡན་གྱི་ཤིང་། དབང་ལ་སྐྱུར་བ་མེ་ཏོག་དང་བཅས་པའི་ཤིང་། དགག་པར་ཚེར་མ་དང་བཅས་པའི་ཤིང་། མངོན་སྤྱོད་ལ་རོ་ཚ་བ་དང་། ཁ་བ་དྲི་ངན་པ་དར་ཁྲོད་ཀྱི་ཤིང་ངམ། རྔ་མོང་བོང་བ་ལ་སོགས་པའི་སྤང་དང་ཤིང་ཤན་སྐམ་པོའོ། །ལས་ཐམས་ཅད་པ་ནི་ལས་དང་རྗེས་སུ་མཐན་པའི་བད་ཤིང་གིས་བྱའོ། །བད་ཤིང་ཟླམ་པོ་སོགས་ཐབས་ཀྱི་དབྱིབས་སུ་བརྩིགས་ལ། ནད་དུ་ཞི་སོགས་ལ་བ་དམར་སེར་གྱི་མར་གྱི་ཏིང་ལོ་མེ་ཚང་དང་བཅས་པར་བྱའོ། །གཉིས་པ་སྲེག་རྫས་ལ་མེ་སྲོག་འཛིན་པ་དང་གཟི་བྱིན་བསྐྱེད་པའི་རྫས་ཡམ་ཤིང་ནི། ཞི་བ་ལ། ཨ་དམ་བ་རུ་དང་པ་ལ་ཤ་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱང་བའི་ཡམ་ཤིང་རྩེར་ལོ་མ་གཉིས་དང་ལྡན་པ་རླན་དང་བཅས་པ། རྩ་རྩེ་མཉམ་པར་བཅད་པ། སོར་བཅ་གཉིས་པའི་ཚད་ཅན་མཐེའ་ཆང་གི་སྦོམ་ཕྲ་ཙམ་པ། རྩེ་མོ་གཉིས་སྦྲང་རྩི་དང་འོ་མ་དང་མར་གྱིས་བྱགས་པ། བདད་རྩི་དང་དེའི་ཆས་བྲན་པ་ཉིད། མཐེབ་སྲིན་སྦྱར་བས་བཟང་སྟེ་རྩེ་མོ་གཅིག་ཕར་བསྟན་ཏེ་སྦྱིན་སྲེག་བྱའོ། །དེའང་བད་ཤིང་རྙིང་པ་འཁྱོག་པ། ཚད་ལས་སྦོམ་པ་དང་ཕྲ་བའམ། རིང་བ་དང་ཐང་བར་གྱུར་པ་དང་། རལ་བ། སྲོག་ཆགས་སོགས་ཀྱིས་ཟོས་པ། ཤན་པ་བྲལ་བ། སྐམ་པ། ཆག་པ། བ་ག་ཅན། རྩེ་མོ་གཉིས་པ་ཅན། ལོ་མ་མེད་པ་རྣམས་ཀྱིས་རིམ་བཞིན་འཆི་བ་དང་སྐལ་བ་ངན་པ། ན་ཚ་སོགས་སྐྱོན་རེ་རེ་བྱེད་པས་ཞི་སོགས་དགེ་བའི་ལས་ལ་འདི་རྣམས་སྤང་། དྲག་པོའི་ལས་ལ་དེ་རྣམས་ཡོད་པ་བསྔགས་སོ། །རྒྱས་པའི་ཡམ་ཤིང་ནི་ཤིང་སྔ་མ་དེ་དག་གི་དབས་ནས་བཅད་པ། སྤོམ་ཕྲ་ཆང་བའི་ཚད་ཅན། རིང་ཐང་བཅག་ཁྲ་གང་བ། བདད་རྩི་དང་དྲི་སེར་པོ་མངར་གསུམ་མར་ཁ་སོགས་ཀྱིས་བྱགས་པའོ། །དབང་གི་ཡམ་ཤིང་ལྕགས་ཀྱ་ལྟ་བའི་ཚེར་མ་ཅན་མེ་འབྲས་སྐྱུར་ལ་མདོག་དམར་པོའི་རིགས། དབང་དང་དབང་གིས་དགག་པ་ལའོ། །བོད་དུ་ནི་ཤིང་རྒྱུད་ལས་གསངས་པ་དེ་རྣམས་མ་འབྱོར་ཀྱང་། ཞི་བར་ཤིང་མདོག་དཀར་དྲི་བཟང་ཅན་མེ་ཏོག་ལྡན་པ། རྒྱས་པར་མདོག་སེར་དྲི་ལྡན་འབྲས་ལྡན་དབང་ལ་དམར་པོ་དག་གིས་བྱའོ། །དྲག་པོའི་ཡམ་ཤིང་ནིམ་པ་སེང་ལྡེང་སོགས་ཚེར་མ་ཅན་གྱི་ཤིང་། རོ་ཁ་བ་ཚ་བའི་རིགས་རྣམས་དང་། རོ་བསྲེག་པའི་མགལ་དམ་སོགས་ཀྱི་རྩ་བའི་ཆ་ལས་བྱང་བ། ཁ་བཀས་པ། རིང་ཐང་སོར་བཅ་པའི་རྩེ་གཉིས་རྣོ་བ་དག་ཁྲག་ཡངས་ཀར་གྱིས་བསྐས་པའོ། །ལས་ཐམས་ཅད་པའི་ཡམ་ཤིང་ནི། ཨ་དམ་བ་ར། པ་ལཱ་ཤ། ཨ་སྨྲ། སེང་ལྡེང་སོགས་མངོན་པར་གསར་བ། མཛབ་གང་བ་དྲང་པོ་བདད་རྩི་དང་དྲི་བཟང་གིས་བྱགས་པ། ལས་དང་མཐན་པའི་སྣུམ་གྱིས་སྣེ་གཉིས་བྱགས་པའོ། །སྲེག་རྫས་ཀྱི་གཙོ་བོ་མར་ཁ་ནི། ཞི་སོགས་གསུམ་ལ་བ་དམར་སེར་སོགས་ཀྱི་མར་ཁ་གསར་པ་མངར་གསུམ་གྱིས་སྦགས་པ། དྲག་པོར་མར་ཁ་ཚ་བ་དང་ཏིལ་དང་ཡངས་ཀར་གྱི་མར་ཁའོ། །གཞན་ཡང་སྲེག་རྫས་ཀྱི་གཙོ་བོ་སྡིག་པ་ཞི་ཕྱིར་ཏིལ། བགེགས་གཞོམ་པར་ཡངས་ཀར། བདེ་བ་རྒྱས་ཕྱིར་ཟས་མཆོག་སྟེ་མར་ཁར་ཕྱེ་བཏབ་པའི་འོལ་སྐོམ་མངར་གསུམ་སྦྱར་བའམ། དེ་འོ་ཞོ་དང་སྦྱར་བའི་ཞོ་ཟན། བསོད་ནམས་རྒྱས་ཕྱིར་འབྲས། འདི་ལ་སྦུན་བཅས་འབྲས་སོ་བ་བྱང་ནའང་ལེགས། ནོར་རྒྱས་ཕྱིར་སོ་བ། ཤགས་འཕེལ་བྱེད་ནས། སྟོབས་འཕེལ་སྲན་མ། ནད་འཇོམས་གྲོ། ཚེ་རྒྱས་བྱེད་དཱུར་བ། རྫས་ཐམས་ཅད་དག་བྱེད་དམ་སྲང་བྱེད་ཀ་ཤ་རྣམས་གཙོ་བོ་ཡིན་ལ། དེར་མ་ཟད་བཀྲ་ཤིས་པའི་རྫས་འབྲ་དང་སྨན་དང་རིན་པོ་ཆེ་དང་འབྲས་བ་དང་མེ་ཏོག་སོགས་ཅི་འབྱོར་བ་བཤམས་པ་སྲེག་རྫས་སུ་འབལ་རང་ངོ་། །གཞན་ཡང་ལས་སོ་སོ་ལ་བསྔགས་པ། པདྨ་དཀར་པོའི་སྦྱིན་སྲེག་འབམ་གྱིས་སངས་རྒྱས་དང་བྱང་སེམས་ཀྱི་ཞལ་མཐོང་བ། བིལ་བའི་སྦྱིན་སྲེག་གིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྒྲུབ་པ་སོགས་ཤིན་ཏུ་མང་པོ་རྒྱུད་རྣམས་སུ་གསངས་པ་ལས་དེ་དང་དེ་དག་བསྒྲུབ་ན་དེ་ལྟར་དགོས་སོ། །འབྲས་བ་རྣམས་ཕྱར་བཀྲབ་ཆས་བཀྲས་ནས་རྡོ་དང་སྦུན་པ་སོགས་རྫས་དེ་དག་ལས་གཞན་གྱི་སླད་མེད་གཙང་མ་བྱ། འདལ་བའི་ཚེ་ཞི་སོགས་གསུམ་ལ་སྲེག་རྫས་ཀྱི་སྣོད་ལག་གཡོན་དུ་ཐོགས་གཡས་པའི་མཐེབ་སྲིན་སྦྱར་བས་བླངས་ནས་མཆོག་སྦྱིན་གྱི་ཕྱག་རྒྱས་འབལ་བར་བྱ་སྟེ། རྒྱད་ཀརྨ་མཱ་ལེ་ལས། མཐེ་བོང་སྲིན་ལག་སྦྱར་བ་ནི། བཀྲ་ཤིས་པ་ཞེས་བྱ་བ་སྟེ། དེ་ཡིས་རྫས་རྣམས་ཀུན་བླངས་ཏེ། ཞེས་གསངས་པ་བཞིན་ནོ། །འདིར་གསང་བ་སྤྱི་རྒྱུད་ལས། ནས་དང་སྦྲང་རྩི་འོ་མ་མར་འབྲས་ཡོས་འོ་ཐག །དཱུར་བ། མྱ་ག། ཀནྡ། ཙ་ཏའི་ལོ་མ་རྣམས་དང་། ཤིང་ཨ་དམ་བ་ར། ཨ་ཤད། ལྤ་ཤ། ཤ་མྱའི་ཤིང་རྣམས་ཞི་བ། འོ་ཐག ཞོ། ལག་པན། འོ་མ། ནས་དཀར། ཏིལ། སྒྲོན་ཤིང་། བླ་ཏེ། ཉེ་ཤིང་། ནཱ་ག་པཥྤ། བིལ་འབྲས། འབྲ་རིགས་རྣམས་རྒྱས་པའི་སྲེག་རྫས། ཡངས་ཀར། སྐེ་ཚེ། ཁྲག །ཡངས་མར། དག་རིགས། རས་ཕྱེ། དར་ཁྲོད་ཐལ་བ། སྐྲ་གཏབ་པ། ཀོ་བི་དར། མགལ་དམ། སེང་ལྡེང་། ཨ་རིསྟ། ཚེར་མ་ཅན་སོགས་དྲག་པོའི་སྲེག་རྫས་དང་ཡམ་ཤིང་དུ་གསངས་སོ། །ཡང་གཞན་ལས། དབང་གི་སྲེག་རྫས་མངར་གསུམ་དང་ཤིང་ཐོག་སྣ་ཚོགས། ལྕགས་ཀྱ་ལྟ་བའི་མེ་ཏོག་དམར་པོ་སོགས་དབང་གི་སྲེག་རྫས་སུ་གསངས། ཡང་རྒྱུད་གཞན་ལས། ཞི་བའི་སྲེག་རྫས་ནི། འབྲས་སོགས་འབྲ་དཀར་པོའི་རིགས། དཀར་གསམ། སྦྲང་རྩི། བདད་རྩི་ལྔ་རྣམས་སོ། །རྒྱས་པར་ཏིལ་དཀར། འབྲས་དང་ནས། མར་ཁ་མངར་གསམ། ཞོ་ཟན། མེ་ཏོག་བརྒྱ་པ། བིལ་འབྲས། མེ་ཏོག་པདྨ། ནཱ་ག་གེ་སར། མེ་ཏོག་སེར་བོའི་རིགས། འབྲ་སྣ། དར་ཟབ། རིན་ཆེན་སྣ་ཚོགས་སོགས་སོ། །དབང་ལ། ལན་ཚྭ། མངར་སྐྱུར་གྱི་ཤིང་ཐོག་སྣ་ཚོགས། ཏིལ་དམར་ནག །པྲི་ཡང་ཀ། ནཱ་ག་གེ་སར། ཙམ་པ་ཀ །དམིགས་བྱའི་ཟག་རྫས་བསྲེས་པའི་རཱུ་པ་དམར་པོ། །འདོད་ཆ། ཨ་ཤོ་ཀ །བ་ལ་ཀ །པྲ་ཎ། མེ་ཏོག་བརྒྱ་པ། སྦྲང་རྩི་ཆང་། དར་དམར། རང་ཁྲག །བདད་རྩི་ལྔ་རྣམས་སོ། །མངོན་སྤྱོད་སྤྱིའི་སྲེག་རྫས། ཏིལ་ནག །མོན་སྲན་གྲེའ། འབྲས་བ་ནག་པོ། མར་ཁ་ཁྲག་བཅས། ཤིང་སོགས་ཚེར་མ་ཅན། ཁ་བ་དང་ཚ་བའི་ཤིང་ཐམས་ཅད། རས་པ། དྲི་ཆེན། བོང་བའི་སྦང་དང་སྤུ། ཁྱི་ཡི་རྟག་པ། ཁྱིའི་སྤུ་དང་སེན་མོ། །འབྲ་མར་རྣམས་སོ། །ཞེས་གསངས། འདི་དག་འབལ་བའི་སྔགས་ནི། མར་ཁ་ལ། ༀ་ཨགྣ་ཡེ་སྭཱ་ཧཱ་ཞེས་དང་། འབྲས་ལ་བཛྲ་པཥྚ་ཡ་སོགས་སྦྱིན་སྲེག་གི་ཡིག་ཆ་ཡོངས་གྲགས་སུ་གསལ། ཡངས་ཀར་ལ། ༀ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཀ་ཤ་ལ། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད། རྫས་ཆེན་བཅ་གཉིས་སོ་སོའི་སྔགས་ཀྱིས་འབལ་མཐར། སོ་སོར་འདོད་གསོལ་སྦྱར་ན། ཡམ་ཤིང་ལ་གཟི་བརྗིད་ཕན་སམ་ཚོགས་པ་མར་ཁར་འབྱོར་བ་ཕན་སམ་ཚོགས་པ་སོགས་ཡོངས་གྲགས་ལྟར་དང་། ཡངས་ཀར་ལ། བགེགས་མེད་པ། ཀ་ཤ་ལ་བསྲང་བ་ཕན་སམ་ཚོགས་པ་ཞེས་སྦྱར། དེ་ཡང་ཞི་བའི་སྐབས་ས། ཡངས་ཀར་ལ་མཚོན་ན། བགེགས་ཐམས་ཅད་ཤཱནྟིཾ་ཀ་རུ་ཡེ་སྭཱ་ཧཱ། ཞེས་སམ། བགེགས་མེད་པ་ཕན་སམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀ་རུ་སྭཱ་ཧཱ། ཞེས་སོགས་འགྲེ། རྒྱས་པར། བགེགས་མེད་པ་ཕན་སམ་ཚོགས་པ་པཥྚིཾ་ཀ་རུ་ཡེ་ༀ། དབང་ལ་བགེགས་མེད་པ་ཕན་སམ་ཚོགས་པ་དང་སྣང་སྲིད་ཐམས་ཅད་ཝ་ཤང་ཀ་རུ་ཧོ། དྲག་པོར་དགྲ་བགེགས་ཐམས་ཅད་མཱ་རུ་ཡ་ཧཱུྃ་ཕཊཿ ཞེས་སམ། བགེགས་མེད་པ་ཕན་སམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་རུ་ཡ་ཕཊ། ཅེས་ཁ་བསྒྱུར་མཐའ་རྟེན་ནི་ཞི་རྒྱས་དབང་གསུམ་ལ་ཤཱནྟིཾ་སོགས་ཀྱི་རྗེས་སུ་སྭཱ་ཧཱ་དང་། དྲག་པོར་མཱ་རུ་ཡ་ཕཊ། ཅེས་བརྗོད་པའང་ཡོད། འདི་རྣམས་འོག་ཏའང་འཆད་དོ། །ཡང་རྡོ་རྗེ་རྩེ་མོ་ལས། ཚེ་རྒྱས་ཕྱིར་དཱུརྦའི་མྱ་ག་མར་གྱིས་བྱགས་པ་རྡོ་རྗེའི་ཕྱག་རྒྱས་བསྲེག་སྟེ། ༀ་བཛྲ་ཨཱ་ཡཿཥེ་སྭཱ་ཧཱ། ཞེས་བརྗོད་ཚེ་འཕེལ། ཚེར་མ་ལ། ༀ་བཛྲ་ཨཱ་ཀཪྵ་ཡ་སྭཱ་ཧཱཿ ཞེས་བསྲེག་དགག་པ་འགྲབ། འབྲ་བདན་ནམ། ཡང་ན་རིན་ཆེན་རྣམས། ༀ་མ་ཎི་རཏྣ་ཀྲ་མ་ཀཱ་ཡ་སྭཱ་ཧཱ། ཞེས་བསྲེག་ནོར་སོགས་འཕེལ། མེ་ཏོག་དང་འབྲས་བ་དམར་པོའི་རྫས་ཀྱིས་དབང་དུ་བྱེད་དེ། ཧཱུྃ་བཛྲ་པཱ་ཤ་ཡ་ཛཿ ཞེས་པའི་སྔགས་ཀྱིས་འབལ། འདོད་པའི་མེ་ཏོག་དང་འབྲས་བ་བསྲེག་ལ། ༀ་བཛྲ་ཀ་མ་རཱུ་པ་ཎེ་སྭཱ་ཧཱ། ཞེས་པས། འདོད་པའི་གཟགས་ཅན་དུ་འགྱར། དྲག་པོའི་མེར་ནམ་མཁའ་སྟོབས་ཀྱི་མེ་ཏོག་བསྲེག་ལ། ༀ་བཛྲ་ཁེ་ཙ་རེ་ན་སྭཱ་ཧཱ། ཞེས་པས་མཁའ་ལ་སྤྱོད་པ་འགྲབ། སྨྱུག་མའི་འབྲས་བ་ལ། ༀ་བཛྲ་ཨ་ཏྲི་ཥ་སྭཱ་ཧཱ། ཞེས་བསྲེག་མི་སྣང་བ་འགྲབ། ཐབ་རྡོ་རྗེའི་དབྱིབས་སུ་བསྐོས་པར། ཤིང་ཁབ་ཡི་བད་ཤིང་གི་མེར་ཁྲོས་པས་རྡོ་རྗེའི་ཏིལ་གྱི་མེ་ཏོག་མེ་ཏོག་ལ། ༀ་བཛྲ་ཨཱ་ཛྙཱ་ཀ་རཱ་ཡ་སྭཱ་ཧཱ། ཞེས་བསྲེག་མངག་གཞག་པ་འགྲབ་གསངས། རྫས་སྣ་ཚོགས་བསྡུས་པའི་རྫས་སྤུངས་ལ། ༀ་ཨགྣ་ཡེ་དི་བྱ་སོགས་ཀྱིས་འབལ། རྫས་བསྡུ་ན་ཡམ་ཤིང་མར་ཁ་མེ་ཏོག་གསུམ་གྱིས་འཐས་པར་ཡང་གསངས། ལས་མཐན་གྱི་མེ་ཏོག་དང་། ཏིལ་སོགས་ལས་གང་ལ་བསྔགས་པའི་རྫས་དེ་གྲངས་མང་འབལ་ན། རྫས་དེ་ལྷ་གང་ཡིན་གྱི་རྩ་སྔགས་ཁོ་ནས་འབལ་ཆོག །གང་འདོད་འདོད་གསོལ་བྱ། དྲག་པོའི་སྲེག་བླགས་རྫས་བཅ་གཅིག་གམ་བཅ་གཉིས་ཅན་སྤྱི་ལྟར་སྲེག་བླགས་བྱ་བ་གསར་རྙིང་སྤྱི་ལ་སྣང་། ལིང་ག་མིང་རས་ཅན་ཤ་ཁྲག་ལ་སོགས་དྲག་པོའི་རྫས་བདན་དམིགས་བསལ་ཏེ་དྲག་པོའི་སྦྱིན་སྲེག་བྱེད་པ་རྙིང་མའི་གནབས་ལགས་སོགས་ཀྱི་མན་ངག་ཏུ་སྣང་། གང་ལྟར་ཀྱང་ཞི་དྲག་གི་སྦྱིན་སྲེག་གང་རང་གི་གཞང་བསྲིང་ལ། ཆེད་དུ་བྱ་བའི་རྫས་དེ་དང་རྩ་སྔགས་ལས་ཤམ་ཅན་གྱིས་གྲངས་གང་དགོས་ཕལ་ཏེ་ལས་གང་འདོད་བསྒྲུབ་པར་བྱ། དེ་དག་མཚོན་ཙམ་བརྗོད་ན། འཇག་མའི་ཡམ་ཤིང་གི་མེ་ལ་ཏིལ་གྱི་སྲེག་བླགས་ཀྱིས་སྡིག་པ་གཞོམ། ག་གལ་དང་ཡངས་ཀར་གྱི་སྲེག་བླགས་ཀྱིས་བགེགས་གཞིལ། འོ་མ་མར་སྦྲང་རྩི་དཱུརྦ་འབྲས་སོ་བའི་སྦྱིན་སྲེག་གིས་ལས་དྲག་པོ་བྱས་པ་ཞི་ཞིང་གསོ་འབྲས་སོ་བ་ནི་བསད་བསྐྲད་སྨྱོ་བའི་ལས་བྱས་པ་ཐམས་ཅད་སླར་གསོ་བ་ཞི་བའི་སྦྱིན་སྲེག་གི་རྫས་སུ་གསངས་སོ། །དགྲོལ་ཞིང་གསོ་བའི་སྔགས་ཀྱི་མཐའ་བསྒྱུར་ནི། ༀ་མ། ཞེས་ཀུན་ཏུ་ངེས་པའོ། །ཏིལ་དཀར་པོ། འབྲས་དཀར་མར་བསྲེས་ལན་བརྒྱད་སྟོང་བསྲེག་ན་ནོར་དང་འབྲ་འཕེལ། ཤ་ཆེན་འོ་མ་དང་བཅས་པའི་སྲེག་བླགས་ཀྱིས་རྒྱལ་སྲིད་འགྲབ། མི་དང་བ་ལང་ཅེ་སྤྱང་གི་ཤ་ཆང་དང་འོ་མར་བཅས་པའི་སྲེག་བླགས་ཕལ་ན་གླིང་བདན་གྱི་རྒྱལ་སྲིད་བྱེད་པར་འགྱར། ཝ་ཡི་ཤའི་སྲེག་བླགས་བརྒྱས་ཟླ་བ་གསུམ་ནས་དབལ་བ་མེད་པར་བྱེད། བ་འོ་སོགས་འོ་མ་དང་སྦྲང་རྩིའམ་མངར་གསུམ་སྦྱར་བའི་སྦྱིན་སྲེག་གིས་ཤེས་རབ་འཕེལ། ཏིལ་མར་དང་པྲི་ཡང་ཀ་མར་བསྲེས་སྟོང་ཕྲག་བརྒྱད་ཀྱི་སྲེག་བླགས་ཀྱིས་མཆོག་ཏུ་སྐལ་བ་བཟང་པོར་འགྱར། བ་ལང་གི་ཤ་ཉིད་ཁྲག་གིས་བགོས་པ་སྟོང་གི་སྲེག་བླགས་ཀྱིས་གང་འདོད་དབང་དུ་བྱེད་དེ་ཇི་སྲིད་འཚོའི་བར་དའོ། །བ་ལང་གི་ཤ་ཆང་གིས་བྱགས་པ། ལག་གཡོན་པས་སྲེག་བླགས་སྟོང་ཕྲག་གཅིག་ཕལ་ན། སངས་རྒྱས་དང་ལྷ་ཀླ་སོགས་ཀྱང་དབང་དུ་བྱེད་ན་མི་ལྟ་ཅི་སྨྲོས། ཡང་རང་གི་ལད་པ་སོ་ཤིང་མིག་རྣག །རྣ་སྦབ་མཆིལ་མ་བཤང་གཅི་བཅས་ལས་ཀྱི་དྲི་མ་རྣམས་དང་། དྲིལ་ཕྱིས་ཆང་བཏགས་ཀྱི་སྲེག་བླགས་ཀྱིས་འཇིག་རྟེན་དབང་དུ་བྱེད་དོ། །ཟླ་མཚན་དང་བཟའ་བཟོས་པའི་སྐྱུགས་པ་མི་སྐྲ་བཅས་ཀྱི་སྲེག་བླགས་ཀྱིས་དུ་ལྟར་འགག་པར་བྱེད་དོ། །ཞེས་འདི་རྣམས་མཁའ་འགྲོ་རྒྱ་མཚོ་སོགས་རྒྱུད་རྣམས་ལས་གསངས་སོ། །དྲག་པོའི་བསྲེག་རྫས་ལ། དག་ཁྲག་མར་ནག་མི་རས་ཚེར་མ་ཅན་གྱི་ཤིང་། ཕབ་མ་མི་སྐྲ་བཅས་ཕྱེད་གཉིས་སུ་ཁ་ལྷོར་བལྟས་ཏེ་སྲེག་བླགས་བྱས་ན་དགྲ་བགེགས་བརླག་པར་བྱེད། དྲག་པོའི་ཐབ་རུ་སྦལ་ཤ་བསྲེག་ན་དགྲ་བོ་མཛེས་འཛིན། དེ་བཞིན་བསེ་ཞོས་ལྐགས། སྲམ་ཤས་སྦོས་གྲིར་གསོད། ཡང་བཟློག་པར་འདོད་ན་མེ་ཐབ་ཏ། སྒོག་སྐྱ་མ་ཟི་ག་གལ་བསྲེག་ན་དགྲ་བགེགས་རིམས་ཀྱིས་འདེབ། བསེ་ཞོ་བསྲེག་ན་གདོན་ཁྲག་ཏ་སྐྱུགས། བསྐྲད་པར་འདོད་ན། ཡངས་མར། ཁྲེ། མོན་སྲན། ཁྲག །ཁོའི་རྐང་རྗེས་ཀྱི་རྡལ། ཡངས་ཀར། ཁྭ་ཡི་ཚང་ཤིང་། ཁྭ་ཡི་གཤོག་པ། ནིམ་པ། རྔ་མོའི་རྟག་པ་རྣམས་ཆང་དང་སྦྱར་བ་ཁ་རླང་དུ་བལྟས་ཏེ་བསྲེག་བླགས་བྱ། ཡང་ཁྱི་ཤ་སྦལ་ཤ་ཁྱིམ་བྱའི་ཤ །རྔ་མོའི་རྟག་པ་རྣམས་བྱི་ལའི་ཁྲག་གིས་བྱགས་ཏེ་བསྲེག་ན་གྲོང་སྐྲོད་པར་བྱེད་དོ། །སྨྱོ་བྱེད་ཤིང་གི་མེ་ལ་ནིམ་པའི་ལོ་མ་སྦྲུལ་ལྤགས་བྱ་རོག་འག་བའི་ཚང་ཤིང་བཅས་བསྲེག་ན་དབྱེ་བར་བྱེད་དོ། །ཡང་བྱ་རོག་དང་འག་པའི་ཤའམ་སྒྲོ། །རྨ་བྱའི་ཤའམ་སྒྲོ། སྦྲུལ་གྱི་ཤའམ་ཤན་པ། མི་སྐྲ། འབྲས་ཕབ། མ་ཧེ་དང་རྟའི་ཤ །ནིམ་པའི་ལོ་མ། བྱ་རོག་འག་པའི་ཚང་ཤིང་བསྲེག་པས་དབྱེ་བར་བྱེད་དོ། །ཡང་བ། ལྡོང་རོས། བ་བླ། གི་ཝཾ་རྣམས་ཁ་བྱང་དུ་བསྟན་ཏེ་བསྲེག་ན་རེངས་པར་བྱེད། འདི་དག་རེངས་པའི་རྫས་སུ་བྱག་རྒྱ་ལའང་འགྲོའོ། །ཡང་རྫས་དེ་རྣམས་དང་། ཉ་དང་ཤ་སོགས། བག་ཕྱེ། འབྲ་སྣ། ཁྲག་རིགས་རྣམས་སྦྲང་རྩིས་བསྡུས་པ་དང་། ཁྭ་གཤོག །ཁྲའི་ཚང་ཤིང་རྣམས་ཀྱང་རེངས་པའི་བསྲེག་རྫས་སོ། །སྨྱོ་བར་བྱེད་ན། བྱ་རྒོད་ཤ། ཚྭ། ཤ་ཆེན། དྷ་ཏ་རུ་སོགས་དག་སྣ། ཕབ་མའི་མེར་བསྲེག་པས་སོ། །དེ་ལ་སོགས་པ་ལས་སྣ་ཚོགས་བསྒྲུབ་པའི་བསྲེག་བླགས་འབལ་བའི་རྫས་སྣ་ཚོགས་རྒྱུད་སྡེ་མང་པོར་གསངས་པ་དེ་དང་དེར་ཤེས་པར་བྱའོ། །གསམ་པ་སྦྱིན་སྲེག་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་རྫས་ལས་དགང་གཟར་ནི་གསེར་རམ་ཟངས་སམ་མཆོད་སྦྱིན་གྱི་ཤིང་ལས་བྱས་པ། ཡ་བ་སྐྱེས་བ་ཚད་ལྡན་གྱི་མཐེ་བོང་གི་སོར་ཉེར་བཞི་ཡོད་པ། ལག་གཡོན་རྡོ་རྗེ་ཁ་ཚར་གྱིས་བཟང་བདེ་བ་ཡ་བའི་རྩེར། རྒྱར་སོར་བཞིའི་ཚད་ཀྱི་གྲ་བཞི་པ་ཟབས་སུ་སོར་གཉིས་དམའ་བ་ལ་རྡོ་རྗེ་རྩེ་སོར་གཉིས་པས་མཚན་པ། གྲ་བཞི་དེའི་སྟེང་གི་རྒྱར་སོར་ཕྱེད་པའི་རྡོ་རྗེའི་ཕྲེང་བའམ། ཡང་ན་གྲ་བཞིའི་སྟེང་པད་འདབ་དབྱིབས་ཅན། སོར་བཞིའི་ཟབས་སུ་མཐེའ་ཆང་གི་ཚད་ལ་སོར་བཞི་རྡོ་རྗེས་མཚན་པ། ཡང་ན་ཡ་བའི་རྩེར་པད་འདབ་རྣམ་པ་སྲིད་དུ་སོར་བརྒྱད་ཚད་ཅན་ཇི་མཛེས་ལ། རྒྱར་སོར་བཞི་ཟབས་སུ་སོར་གཉིས་དམའ་བའི་དབས་སུ་རྡོ་རྗེ་སོར་བཞི་རྩེ་གསུམ་མམ་ལྔས་མཚན་པ། སྲིད་དུ་བཅད་འཛག་པའི་བ་ག་མཐེ་བོང་ངམ་མཐེའ་ཆང་གི་ཚད། དེ་སྟེང་རྡོ་རྗེ་རྩེ་གསུམ་སོར་བཞི་པའོ། །ཡ་བའི་འོག་ཏུ་རིན་པོ་ཆེ་སོར་ཟར་བརྒྱད་ཆང་ཟང་གསམ། དེ་འོག་རྡོ་རྗེ་སོར་གསུམ་བཅས་པའོ། །བླགས་གཟར་ནི་རྒྱ་སྔར་སྨོས་ལས་བྱས་པ། དགང་གཟར་གྱི་ཡ་བའི་ཕྱེད་ཙམ་དུ་ཕྲ་བ། ཁྲ་གང་བའི་ཡ་བའི་རྩེར་པད་འདབ་ལྟ་བ་རྒྱར་སོར་གཉིས་ཟབས་སུ་སོར་གཅིག་པའི་དབས་རྡོ་རྗེས་བརྒྱན་པ། དེའི་ཡ་བའི་རྩ་བར་རིན་པོ་ཆེ་དང་རྡོ་རྗེ་དགངས་གཟར་ཇི་ལྟ་བ་བཞིན་ནོ། །དས་འཁོར་རྒྱུད་ལས་དགངས་གཟར་ནི་ཡ་བ་ཁྲ་གང་བའི་རྩེར་སྙིམ་པ་ལྟ་བའི་དབྱིབས་དང་། བླགས་གཟར་རྩེ་མོ་ཁྱོར་བ་ལྟ་བ་བྱ་ཞེས་གསངས་མཆན། ཡང་གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ལས། དགང་གཟར་ཡ་བ་སོར་བཅ་དྲག །དེ་མན་སོར་བཞི། ཟབས་སོར་གཉིས། ཟར་གསུམ་དབས་སོར་གཉིས། རྩེ་གསུམ་ཕྲེང་བས་བསྐོར་བ་སོགས་དང་། བླགས་གཟར་ཡ་བ་སོར་བཅ་བཞི། ཟབས་སོར་གཅིག་པ་གྲ་གསམ། ཡ་བའི་མཐར་རྩེ་གསུམ་གདེངས་པ་འདི་དག་དྲག་པོའི་གཟར་བར་གསངས་སོ། །དགང་གཟར་བླགས་གཟར་གཉིས་མེད་ན་བླགས་གཟར་ཁོ་ནས་ཀྱང་འབལ། དེ་བཞིན་དགང་གཟར་ཁོ་ནས་གཉིས་ཀ་ཕལ། དེ་གཉིས་ཀ་མེད་ན་ལག་པའི་སོར་མོ་ལྔ་སྦྱར་བས་དགང་བླགས་འབལ་ཞིང་། སོར་མོ་གསུམ་སྦྱར་བས་ཅིག་ཤོས་སྲེག་བླགས་འབལ་ཞིང་རྒྱུད་ལས་གསངས། ཤིང་པི་པ་ལའི་ལོ་མས་ཀྱང་སྲེག་བླགས་གཉིས་ཕལ་ལོ་གསངས། གཞན་རྡོར་དྲིལ་སོགས་དང་། དང་ཆོས་སུ་དྲི་བཟང་གི་ཆ། ཀ་ཤའི་འཐོར་གཡབ། རླང་གཡབ། ཀ་ཤའི་ཆན་པོ་བརྒྱད། སྒྲུབ་པོ་དང་ཐབ་ཀྱི་བར་དུ་དཀར་ཞལ་གྱིས་བྱགས་པའི་མེ་ཡོལ་བཞག །འདི་མེ་དག་བསྲང་བའི་ཕྱིར་ཏེ། གངས་རི་དང་བཾ་ཡིག་བཀོད་པའང་བླ་མ་གོང་མའི་ཕྱག་བཞེས་མཛད། འདི་གངས་ཏི་ཙེར་བསྒོམ་གསངས། དེ་ཡང་རང་གི་གཡོན་ཐབ་ཀྱི་གཡས་སུ་སྟེགས་བ་ཁེབ་ལྡན་ལ་གཏོར་མ་གཉིས། ཆ་གཉིས་ཉེར་སྤྱོད་དང་། བླ་མེད་ཀྱི་ལྷའི་སྦྱིན་སྲེག་ཡིན་ན། ནང་མཆོད་དམ། སྨན་རཀ་དང་སོ་རྩི་ན་བཟའ་སོགས་བཤམས། རང་གི་གཡས་ཐབ་ཀྱི་གཡོན་དུ་སྟེགས་བ་ཁེབ་ལྡན་ལ། ཡམ་ཤིང་། མར་ཁ་སོགས་སྲེག་རྫས་གང་འོས་དང་། ཕྱོགས་གང་བདེར་མེ་ཁ་གསོ་བའི་བད་ཤིང་རླང་གཡབ། རང་མདན་རྡོར་དྲིལ་ནས་བཟེད་སོགས་བཤམ་མོ། །ལྔ་པ་སྦྱིན་སྲེག་གི་མེ་ནི། ཐོག་མར་སྦར་བའི་ཚེ། ཞི་བར་འོ་མ་ཅན་གྱི་ཤིང་སོགས་གཙབ་ཤིང་གི་མེའམ། དགོན་པའི་མེ། ཡང་ན་བྲམ་ཟེའི་རྒྱན་བཞག་གི་མེ། དེ་ལྟར་མ་བྱང་ན་ཁྱིམ་བཀྲ་ཤིས་པ་སྐབས་སུ་མྱ་ངན་མེད་པའི་སུ་ནས་མེ་བླངས་ལ་སྦར། རྒྱས་པར་རྒྱལ་པོའམ་རྒྱལ་རིགས། དགེ་འདན་ཚང་མང་གི་མེ་གང་རང་ངམ། ནགས་མེས་ཚིག་པའི་མེ། ཡང་ན་ནོར་བ་ལས་བྱང་བའི་མེ་སྦར། དབང་ལ་སྨད་འཚོང་མའམ། རྗེ་རིགས་ཀྱི་ཁྱིམ་ནས་བྱང་བའི་མེ། དབང་གི་དགག་པར་གར་མཁན་ནམ་མགྲོན་པོས་བས་པའི་མེ་སྦར། དྲག་པོར་མི་རོ་བསྲེག་པའི་མེའམ་དར་ཁྲོད་ཀྱི་མེའམ། ལྕགས་རྡོ་གཙབས་པའམ། སྡིག་ཅན་དང་གདོལ་བའི་ཁྱིམ་གྱི་མེ་བླངས་ལ་སྦར། དྲག་པོའི་དགག་པ་ལའང་མེ་དེ་དག་གིས་སྦར་རོ། །ལས་ཐམས་ཅད་པ་ནི་ལས་སོ་སོ་དང་མཐན་ནོ། དྲག་པ་སྦྱིན་སྲེག་བྱེད་པའི་དུས་སུ་ཕྱོགས་གང་དུ་ཁ་བལྟ་བ་ནི། ཞི་བ ་ཤར་དུ་ཁ་བལྟ། དེ་བཞིན་རྒྱས་པར་བྱང་དབང་ལ་ནབ་བམ་ཕྱོགས་ཀུན་དུ་བལྟས་ནས་ཀྱང་གསངས། དྲག་པོར་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་འདག་པར་བྱའོ། །གསང་བ་སྤྱི་རྒྱུད་ལས། ཁ་བྱང་བལྟས་ཞི་བ་ཤར་བལྟས་རྒྱས་བར་ཡང་གསངས། ཅིག་ཀྱང་ཁ་ལྟ་ཕྱོགས་སྟབས་མ་བདེ་ན་ཕྱོགས་རྣམས་རང་བཞིན་གྱིས་མ་གྲབ་པས་ཡིད་ཀྱིས་ཕྱོགས་དེར་ཁ་བལྟས་པར་བསམས་པར་བྱ། དཀྱིལ་འཁོར་གྱི་དབང་དུ་བྱས་ན། དཀྱིལ་འཁོར་དེའི་ཤར་ཕྱོགས་སུ་ཞི་བ། ལྷོར་རྒྱས་པ། ནབ་ཏ་དབང་དང་དབང་གིས་དགག་པ། བྱང་དུ་མངོན་སྤྱོད་དང་མངོན་སྤྱོད་ཀྱི་དགག་པ་བྱ་གསང་། ཡང་གཞན་དུ་ལྷོར་མངོན་སྤྱོད། བྱང་དུ་རྒྱས་པར་བཤད་པའང་སྣང་། རང་མདན་ཤར་དུ་ཕྱོགས་པའི་མདན་དེ་དཀྱིལ་འཁོར་གྱི་མདན་ནམ་ཤར་ཡིན་པ་སོགས་ཤེས་པར་བྱ། རེངས་སོགས་དྲག་པོར་གཏོགས་པར་བྱས་ཀྱང་རང་ལ། ཡང་ན་དགག་པར་སྟེང་དུ་བལྟ་ཞེས་དང་། ཡང་རེངས་བར་དབང་ལྡན་དུ་ཁ་བལྟ། རྒྱན་དང་ཐབ་སོགས་ཞི་བ་འདྲ་གསངས། ལ་ལར་སེར་པོར་བཤད། བསྐྲད་པར་མེར་བལྟ། རྔ་མོང་རས་པ་སོགས་རྒྱན་དཀར་ནག་གིས་བརྒྱན། དབྱེ་བ་བདེན་བྲལ་དུ་བལྟ་ཆས་རྒྱན་སེར་པོ་བྱ། དབྱེ་བསྐྲད་ཀྱི་ཐབ་དྲག་པོ་འདྲ་བར་ཡང་གསངས། བདན་པ་སྦྱིན་སྲེག་བྱེད་དུས་ཆས་གོས་ནི། ཞི་བ་ལ་གོས་དང་རྒྱན་ཆས་དཀར་པོ་དྲི་བཟང་བགོས་པ་བྱ། དེ་བཞིན་རྒྱས་པར་སེར་པོ། །དབང་ལ་དམར་པོ། དྲག་པོ་ལ་གཤེར་བར་བྱས་པའི་གོས་རྒྱན་སྔོན་པོ་དྲིང་ཅན་བྱའོ། །དས་འཁོར་རྒྱུད་ལས་ཞི་རྒྱས་ལ་ཆས་རྒྱན་དཀར་པོ་དང་། རེངས་པར་སེར་པོ་གསངས་པ་རྒྱུད་དེ་ཉིད་ཀྱི་ལུགས་ཏེ། འདི་ནི་རྒྱུད་ཕལ་མོ་ཆེའི་ལུགས་ཡོངས་གྲགས་ལྟར་རོ། །བརྒྱད་པ་སྦྱིན་སྲེག་བྱེད་ཚེ་གདན་གྱི་ཁྱད་པར་ནི། ཞི་བར་བདེ་ལ་འཇམ་པའི་གདན། རྒྱས་པར་བདེ་ལ་མཐོ་བའི་ཁྲི། དབང་ལའང་བདེ་ཞིང་མཐོ་བ། དྲག་པོར་གདན་བསྲབས་བར་བྱའོ། །དག་པ་འདག་སྟངས་ནི། ཞི་བར་རྡོ་རྗེའི་སྐྱིལ་མོ་ཀྲང་། རྒྱས་པར་བཟང་པོའི་འདག་སྟངས། དབང་ལ་པདྨའི་སྐྱིལ་ཀྲང་། དྲག་པོར་རས་སྦལ་གྱི་འདག་སྟངས་ཏེ། རྐང་པ་གཡས་པས་གཡོན་པའི་པོ་ལ་མནན། པས་མོ་གྱེན་དུ་བསླང་ནས་འགར་འདག་འདྲ། འདག་སྟེ་སོས་སོ་འཆའ་ཞིང་ཁྲོ་ཚལ་དུ་བྱའོ་གསངས། བཅ་པ་ལག་སྟབས་ནི། ཞི་སོགས་གསུམ་ལ་དྲིལ་བ་དང་དགང་གཟར་དང་། སྲེག་རྫས་ཀྱི་སྣོད་ལག་གཡོན་དང་། རྡོ་རྗེ་དང་བླགས་གཟར་དང་སྲེག་རྫས་ལག་པ་གཡས་ཀྱིས་འབལ། དྲག་པོ་ལ་ལག་པ་གཡས་གཡོན་སྔ་མ་ལས་ལྡོག་སྟེ་བྱ་ཞིང་། རྫས་ཀྱང་མཐེབ་མཛབ་སྦྱར་བས་འབལ། ལག་གཉིས་ཁ་ཚར་བྱ་བ་ཡང་། ཞི་བར་མཛབ་མོ་བརྐྱང་གང་སྲིན་མཐེའ་ཆང་གསུམ་མཐེ་བོང་གིས་མནན་པ་བྱང་ཆབ་མཆོག་གི་ཁ་ཚར་རམ། རྡོ་རྗེའི་ཁ་ཚར། རྒྱས་པར་གང་མོ་བསྒྲེང་། གཞན་གོང་ལྟར་བསྐམས་པ་ནོར་བའི་ཁ་ཚར། དབང་ལ་སྲིན་ལག་བརྐྱངས་པ་པདྨའི་ཁ་ཚར། དྲག་པོ་ལ་མཐེའ་ཆང་བརྐྱངས་པ་ཁྲོ་བོའི་ཁ་ཚར་གྱིས་སྲེག་རྫས་རྣམས་འབལ། ལས་ཐམས་ཅད་ལ་རྡོ་རྗེའི་རྒྱའམ་བྱང་ཆབ་མཆོག་གི་ཕྱག་རྒྱས་བྱའོ། །ཞི་སོགས་ལ་ཁ་ཚར་ཁ་གྱེན་བསྟན། དྲག་པོ་ལ་ཁ་སྦུབས་ཏེ་བྱའོ། །ཞི་སོགས་གསུམ་ལ་ལག་གཉིས་པས་མོའི་ནང་ལས་ཕྱིར་མི་འདའ་བའི་ཚལ་གྱིས་ཕལ། དྲག་པོ་ལ་བས་མོའི་ཕྱི་རོལ་དུ་འདས་ནས་ཕལ་ལོ། །བྱོན་སྐྱེམས་ཀྱི་དགང་བླགས་འབལ་ཚེ་ཞི་སོགས་གསུམ་ལ་དགང་བླགས་ཀྱི་གཟར་པ་གཉིས་པོ་ཁ་སྦྱར་ནས་གཡས་སུ་ལན་གསུམ་བསྐོར་ཚལ་བྱས་ལ་ཕལ། དྲག་པོར་གཡོན་དུ་བསྐོར་ནས་ཕལ་ལོ། །བཅ་གཅིག་པ་མིག་གི་ལྟ་སྟངས་ནི། ཞི་བའི་དུས་སུ་ལྟ་སྟངས་འཇམ་ལ་ཞི་བ། རྒྱས་པར་བརྗིད་པ། དབང་ལ་ཟར་མིག་དང་སྒེག་པ། དྲག་པོར་སྡང་མིག་སོགས་རྔམས་ཞིང་རྩབ་པའོ། །དེས་མཚོན་ལས་ཀྱི་སྤྱོད་ལམ་དང་ངག་གི་རྣམ་པའང་དེ་དང་ཆ་འདྲ་བ་ཤེས་པར་བྱའོ། །བཅ་གཉིས་པ་སྦྱིན་སྲེག་བྱེད་དུས་སྟངས་སམ་སྐབས་དེ་དག་གི་སེམས་ནི་སྤྱི་སེམས་སྟོང་ཉིད་སྙིང་རྗེ་ཟང་འཇག་མཉམ་པ་ལས་མ་གཡོས་ཀྱང་། ཞི་བའི་སྐབས་སུ་ཞི་ཞིང་དྭངས་ལ་མི་འཁྲགས་པའི་སེམས་སུ་བྱ། དེ་བཞིན་རྒྱས་པར་དགའ་ཞིང་ཚིམ་པ། དབང་ལ་དགྱེས་ཤིང་ཆགས་པ། དྲག་པོ་ལ་དམིགས་བྱར་ཁྲོ་གཏམ་གྱི་སེམས་སུ་བྱའོ། །བཅ་གསུམ་པ་ཏིང་ངེ་འཛིན་གྱི་དམིགས་པ་ནི། སྦྱིན་སྲེག་གི་ཆོག་ལ་ཚད་ལྡན་གྱི་གཞང་ལས་ཇི་སྐད་བཤད་པ་ལྟར་སྦྱོར་དངོས་རྗེས་ཀྱི་དམིགས་པ་རྣམས་གསལ་ལ་མ་ཡེངས་པར་བྱ་བ་དང་། ཁྱད་པར་ལྷ་རྣམས་ཀྱི་ཞལ་དུ་གྱུར་པའི་འཇིག་རྟེན་པའི་མེ་ལྷ་ལས་སོ་སོ་དང་མཐན་པའི་ཆ་ལུགས་ཅན་དུ་གསལ། སྤྱན་དྲངས་ནས་བསྟིམ་པ་ལ་མཆོད་པ་ཕལ། བསྟོད་པ་བྱ་འདོད་དོན་གསོལ། དེ་ནས་མེ་ལྷ་འབར་བའི་རྣམ་པར་གྱུར་པའི་མེ་ཡི་ནང་ད། འཇིག་རྟེན་འདས་པའི་ལྷ་གང་བྱེད་དེ་བསྒོམ་བསྟིམ་མཆོད་པ་འབལ་བའམ། ཡང་ན་མེ་ལྷའི་ལྟོ་བར་ལྷ་རྣམས་བསྐྱེད་པ་དང་། ཡང་ན་མེ་འབར་བའི་ནང་གི་ཤར་ལྷོར་མེ་ལྷ་ལས་གཉེར་ལྟ་བར་བཞག་ནས་མེ་ནང་ལྷ་བསྐྱེད་པ་གསུམ་ཆོ་ག་སོ་སོའི་གཞང་ལྟར་བྱ། གང་ལྟར་ཀྱང་གཞལ་ཡས་ཁང་གདན་དང་བཅས་པར་གང་འདོད་ལྷ་རྣམས་རང་རང་གི་མངོན་རྟོགས་ཀྱི་ཆོ་ག་བཞིན་དུ་བསྐྱེད། དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་པ་སོགས་བྱ། སྒྲུབ་མཆོད་ལྟ་བའི་ཚེ་མདན་བསྐྱེད་དཀྱིལ་འཁོར་ཉིད་སྦྱིན་སྲེག་གི་མེ་ནང་དུ་སྤྱན་དྲངས་པའི་མཚོན་བྱེད་ད། སྔར་བཟླས་པའི་སྐབས་སུ་མནྚལ་ལ་སློབ་དཔོན་གྱིས་དྲི་ཡི་ཐིག་ལེ་བྱས་ཏེ་རྩ་སྔགས་བརྗོད་པ་དེར། ཚོམ་བའམ། འབྲས་ཀྱི་འབྲ་སྦྱར་བའི་མར་གྱི་བཤོས་བ་བཀོད། དེ་དར་གྱིས་གཡོགས་ནས་ལས་རྡོར་པས་སྤྱན་འདྲེན་གྱི་དུས་སུ་སྤོས་བཅས་སྤྱན་དྲངས། བརྟན་བཞུགས་ཀྱི་དུས་སུ་སློབ་དཔོན་གྱི་ཚོམ་བའི་རྩེ་ནས་ཅང་ཟད་བླང་བ་མེ་ནང་དུ་འཐོར་ཏེ། རྩ་སྔགས་བརྗོད་པས་མདན་བསྐྱེད་སྒྲུབ་དཀྱིལ་རྣམས་མེ་ནང་བྱོན་པར་བསམ། མཐར་གཤེགས་གསོལ་དུས་ཡེ་ཤེས་པ་ཚོམ་བའི་དཀྱིལ་འཁོར་ལ་གཤེགས་པར་གྱུར་ཅེས་བརྗོད་དེ་དཀྱིལ་འཁོར་དུ་སྤྱན་དྲངས་དེ་ལྟར་ཞག་གྲངས་དུ་བྱེད་ལ་ཤེས་པར་བྱའོ། །དེ་ཡང་ཞི་བའི་སྐབས་སུ་ལྷ་རྣམས་སྐུ་མདོག་དཀར་པོ་ཞི་ཞིང་དྭངས་ལ་འཛམ་པའི་ཉམས་ཅན་འོད་ཟེར་དཀར་པོ་ཟླ་ཞན་ལྟ་བ་མཁའ་ཁྱབ་ཏ་འཕྲོ་བས་ཞི་བའི་ལས་མཛད་པར་བསམ། རྒྱས་པར་ལྷ་རྣམས་སྐུ་མདོག་གསེར་མདངས་དགྱེས་ཤིང་བརྗིད་པའི་ཉམས་ཅན་འོད་ཟེར་སེར་པོ་སྣུམ་བཀྲག་དང་ལྡན་པ་ཉི་མ་འཆར་ཁའི་མདངས་ལྟར་གསལ་བས་ཕྱོགས་ཀུན་ཏུ་ཁྱབ་ཅིང་རྒྱས་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་མོས། དབང་ལ་ལྷ་རྣམས་སྐུ་མདོག་དམར་པོ་དགའ་ཞིང་ཆགས་པའི་ཉམས་ཅན་འོད་ཟེར་དམར་པོ་བདེ་དྲོད་ཆགས་པའི་རང་བཞིན་ལྕགས་ཀྱ་ལྟ་བར་ཕྱོགས་བཅར་འཕྲོས་པས་རབ་འབྱམས་དབང་གི་ཕྲིན་ལས་མཐའ་དག་ཡིད་བཞིན་དུ་བྱེད་པར་བསམ། དྲག་པོ་ལ་ལྷ་རྣམས་མཐིང་ནག་ཁྲོས་འཁྲགས་རྔམས་པའི་ཉམས་ཅན། འོད་ཟེར་མཐིང་ནག་ཚ་ཞིང་རྩབ་པ་ཕྱོགས་བཅར་འཕྲོས་པས་དགྲ་བགེགས་རླག་བྱེད་དྲག་པོའི་ཕྲིན་ལས་མཛད་པར་བསམ། ལྷ་དེ་རྣམས་ལ་མཆོད་ཡོན་སོགས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་། ཁྱད་པར་ངོ་བོ་ཡེ་ཤེས་ལ་རྣམ་པ་སྲེག་རྫས་སོ་སོར་སྣང་བ་ཡམ་ཤིང་ནི་གཟི་བརྗིད་བསྐྱེད་ཕྱིར་འོད་ཀྱི་རང་བཞིན་དུ་སྐུ་ལ་འབལ། མར་ཁ་བདད་རྩིའི་རང་བཞིན་ཞལ་དུ་འབལ། གཞན་རྫས་རྣམས་བདད་རྩིའམ། ཡང་ན་དངོས་གྲབ་སྣ་ཚོགས་ཐོགས་མེད་འགྲབ་པའི་རིན་པོ་ཆེ་རྣམ་པ་ཐམས་ཅད་པར་འཆར་བ ་ཕྱག་ཏ་འབལ། མེ་ཏོག་ནི་དབ། སོ་རྩི་ཚེམས། ན་བཟའ་སྐུ་སོགས་གནས་གང་འོས་སུ་འབལ། དྲག་པོ་ལ་མཆོད་བ་ཕལ་ཆེར་དགྲ་བགེགས་ཀྱི་ཤ་ཁྲག་སོགས་སུ་དམིགས་ལ་ཕལ་བས་དམ་ཚིག་གི་རྫས་རྣམས་ལས་སྒྲུབ་པའི་ནས་པ་སྣ་ཚོགས་དང་ལྡན་པ། ངོ་བོ་གཙང་དམེ་དང་རྣམ་རྟོག་མེད་པ་མཉམ་ཉིད་བདེ་ཆེན་རོལ་པའི་མཆོད་སྤྲིན་དུ་གྱུར་ནས་ཕལ་བས་ཐགས་དགྱེས་པ་ཆེན་པོར་གྱར། དེ་ནས་ཞི་བ་ལ་བསྒྲུབ་བྱ་རྣམས་ཟླ་བ་དཀར་པོའི་གདན་ལ་གནས་པའི་སྟེང་དུ་ལྷ་རྣམས་ཀྱི་ཐགས་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཟླ་བ་ཆ་ཤེལ་གྱི་བམ་པ་བདད་རྩི་དཀར་པོས་གང་བས་ཁྲས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། སྔགས་བླ་མེད་ཀྱི་ལྷ་ཡིན་ན་ལྷ་རྣམས་ཡབ་ཡམ་མཉམ་པར་སྦྱོར་བའི་བདད་རྩི་བྱང་ཆབ་སེམས་ཀྱིས་དབང་བསྐར་བས་ཞི་བའི་ལས་ཀུན་འགྲབ་པར་བསམ། དེ་བཞིན་རྒྱས་པར་བསྒྲུབ་བྱ་གོས་རྒྱན་སེར་པོ་ཟླ་བ་སེར་པོར་གནས་པ་ལ་ལྷ་རྣམས་ཀྱིས་གསེར་བམ་གྱི་བདད་རྩི་སེར་པོ་དང་། ནོར་བའི་ཆར་གྱིས་ལས་རྒྱས་བང་མཛོད་གང་ནས་རྒྱས་པའི་ལས་ཀུན་ལྷན་གྱིས་གྲབ་པར་བསམ། བྱང་སེམས་ཀྱི་དབང་བསྐར་གོང་བཞིན་བྱ། དབང་ལ་ཟླ་བ་དམར་པོའི་དབས་སུ་གནས་པའི་བསྒྲུབ་བྱ་སྐྲ་བཀྲོལ་ནས་ཁེངས་པ་དང་བྲལ་བས་འདད་པའི་ཚལ་ཅན་དུ་ལྷ་རྣམས་ཀྱི་འོད་ཟེར་དམར་པོ་ལྕགས་ཀྱའི་དབྱིབས་ཅན་གྱིས་རང་དབང་མེད་པར་བཀག་ནས། འོད་དེས་རེག་པའི་ལས་དམར་ལམ་ལམ་དུ་སོང་། བདག་ལ་ཆགས་ཤིང་འདན་པས་རང་གི་རྐང་པའི་དྲང་དུ་འདད་ཅིང་དབང་དུ་གྱུར་པ་དང་། ཨཏྤ ལ་ཁ་ཕྱེ་མ་ཐག་པའི་མདེའ་ཅན་གྱི་མདས་སྙིང་ཕག་ནས་ཁེངས་པའི་བརྟན་པ་ཕྲོགས་ཏེ་རང་དབང་འབའ་ཞིག་ཏ་གྱུར་པར་བསམ། དེ་ལ་བདེ་ཆེན་ཆགས་པའི་བྱང་སེམས་ཀྱིས་བརླན་པས་དབང་གི་ལས་བརྟན་པར་ཡང་བྱའོ། །དབང་གིས་དགག་པ་ལ་བསྒྲུབ་བྱ་གང་ཡིན་ཟླ་བ་དམར་པོའི་སྟེང་དུ་བཞག་པ་རླང་གིས་བཏེགས། ལྕགས་ཀྱས་སྙིང་ངམ་གསང་གནས་ནས་བཟང་། ཞགས་པས་མགལ་ནས་བཅིངས་ཏེ་རང་དབང་མེད་པར་བདག་གི་མདན་དུ་འགྱེལ་བར་བསམ། མངོན་སྤྱོད་ལ་བསྒྲུབ་བྱའི་སྙིང་གི་པདྨའི་ནང་ན་ཚེ་བསོད་སྲང་བའི་ངོ་བོ་ཧཱུཾ་ཡིག་གནས་པ་རང་ལ་བསྟིམ། ལྷ་རྣམས་ཀྱི་འོད་ཟེར་མཚོན་ཆའི་ཆར་གྱིས་དམ་བར་གཏབས། སྤྲུལ་པ་དང་ཕོ་ཉའི་ཚོགས་ཀྱིས་ཤ་ཁྲག་རས་པ་རྣམས་ལྷག་མེད་དུ་ཟོས་པར་བསམ། ཡང་ན་ཧཱུྃ་རང་ལ་བསྟིམ་པའི་རྗེས་ས། རང་གི་ཤེས་རབ་མའི་པདྨར་བཀག་ནས་གསང་བའི་རྡོ་རྗེ་ཕར་བས་བཏབ་པས་ནས་པ་ཉམས་ཏེ། ཁོའི་ལྷ་རྣམས་ཀྱིས་སྤང་བས་བྱེའ་ཕྲག་ཐང་ལ་ལས་པ་ལྟར་གྱུར་པ། དར་ཁྲོད་ཀྱི་སྤྲུལ་བ་ཤ་ཟ་འཕར་སྤྱང་སོགས་ཀྱིས། རྒྱ་མ་བརླག །མིག་འབྱིན། ཤ་ཟོས། ཁྲག་འཐང་། རས་པ་འཆོས་པར་བསམ། གཞན་བསྐྲད་དབྱེ་མནན་སོགས་ལ་དྲག་པོའི་སྲེག་བླགས་ཀྱི་མན་ངག་བཞིན་བྱའོ། །མདོར་ན་ལས་གང་ལ་དམིགས་པའི་འདོན་བསྒོམ་སོ་སོར་འཕྲལ་ཏེ་དམིགས་པ་གསལ་བརྟན་དུ་བྱའོ། །བཅ་བཞི་པ་ལས་སོ་སོ་བསྒྲུབ་པའི་སྔགས་ཀྱི་ཁ་བསྒྱུར་དང་མཐའ་རྟེན་གདགས་ཚལ་ནི། ལྷ་གང་ཡིན་གྱི་རྩ་སྔགས་ལ། ཞི་བར་ནད་སོགས་གང་ཞི་འདོད་པ་དེའི་མིང་སྨྲོས་ལ་ཤནྟིཾ་ཀ་རུ་སྭཱ་ཧཱ། ཞེས་དང་། རྒྱས་པར་ཚེ་བསོད་སོགས་གང་རྒྱས་འདོད་པ་དེའི་མིང་མཐར། པཥྚིཾ་ཀ་རུ་ༀ། ཞེས་དང་། དབང་ལ་དམིགས་བྱ་ཆེ་གེ་མོ་བ་ཤཾ་ཀ་རུ་ཧོཿ ཞེས་དང་། དགག་པར་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿ ཞེས་སམ། ཨཱ་ཀཪྵ་ཡ་ཧྲིངཿ ཞེས་ཏེ་དཔེ་ལ་ལར་ཕོ་འགག་པར་ཛ་ཡི་མཐའ་རྟེན་དང་། མོ་དགག་པར་ཧྲིང་སྦྱར་གསངས། ཐམས་ཅད་ལའང་ཛ་སྦྱར་ཀྱང་རང་ངོ་། །དྲག་པོར་དགྲ་བགེགས་ཆྒཻ་མོ་མཱ་རུ་ཡ་ཧཱུཾ་ཕཊ། ཞེས་སམ། མཱ་ཱར་ཡ་ཕཊཿ གང་རང་། བསད་པ་ལའང་དེའོ། །དྲག་པོས་དགག་པར་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཧཱུཾ་ཛཿ བསྐྲད་པར་ཆེ་གེ་མོ་ཨཙྪ་ཊ་ཡ་ཡཾ་ཕཊཿ མནན་པར་ཆྒཻ་མོ་སྟྭམྦྷ་ཡ་ལཾ་ནནཿ ཞེས་དང་འབྱང་བའི་སུ་བོན་ཡཾ་ལཾ་མེད་ཀྱང་ཆོག །གཞན་དབྱེ་རྨོངས་རེངས་སོགས་ཁ་བསྒྱུར་དྲག་པོའི་སྦྱིན་སྲེག་གི་ཡིག་ཆ་གཞན་ལྟར་ཤེས་པར་བྱ། འདི་ནི་རྒྱུད་སྡེ་སྤྱི་ཁྱབ་ཡོངས་གྲགས་ཀྱི་བཞེད་པའོ། །དས་འཁོར་རྒྱུད་ལས། ཞི་བར་ཆྒཻ་མོ་ཤཱིནྟཾ་ཀ་རུ་ན་མཿ རྒྱས་བར་ཆེ་གེ་མོ་རཱ་ཛ་སྭཱ་ཧཱ། དབང་ལ་ཆེ་གེ་མོ་རཀྟ་ཝ་ཥ་ཊ། བསད་པ་ལ་ཆྒཻ་མོ་མཱ་རུ་ཡ་ཕཊཿ དགག་པར་ཆྒཻ་མོ་ཡ་བ་ཏོ་བོ་ཥ་ཊ། བསྐྲད་པར་ཆྒཻ་མོ་ཨཙྪ་ཏྱ་ཕཊ། དབྱེ་བར་ཆེ་གེ་མོ་བྷ་རི་ཤ་ཡ་ཧཱུཾ། རྨོངས་པར་ཆེ་གེ་མོ་མླེ་ཙྪ་ན་ཧཱུྃ། ཞེས་པ་ལ་སོགས་པ་སྔགས་ཀྱི་ཁ་བསྒྱུར་མཐའ་རྟེན་སྦྱར་ཚལ་འདི་རྒྱུད་དེ་ལས་གསངས་པའི་ལས་སྒྲུབ་པའི་སྔགས་དང་འཁྲལ་འཁོར་དང་སྦྱིན་སྲེག་བྱེད་ན་དེ་ལྟར་སྦྱར་དགོས་ཀྱི་སྤྱི་ཁྱབ་ཏ་གོང་ལྟར་སྦྱར་བ་ཉིད་ཡིན་ནོ། །བཅོ་ལྔ་པ་རྗེས་ཀྱི་བྱ་བ་སྦྱིན་སྲེག་དངོས་གཞི་གྲབ་ནས་འདས་གཏོར་སོགས་ཕལ། མཆོད་བསྟོད་ནོངས་བཤགས་གཤེགས་གསོལ་བྱས་ནས། སླར་ཡང་འཇིག་རྟེན་པའི་མེ་ལྷ་ལ་གཤེགས་སྐྱེམས་སོགས་ཕལ་ནས་མཆོད་བསྟོད་གཏོར་མ་སོ་རྩི་སོགས་ཕལ། བསྟོད་པ་བྱ་ཞིང་གཤེགས་གསོལ་བྱ། ཞི་སོགས་གསུམ་པོའི་མེ་དེ་ཉིད་ལོང་ཡོད་ན་རང་འབར་རང་ཞིར་མནལ་བ་བྱ། རང་གི་བདག་བསྐྱེད་བསྡུ་བ་སོགས་ཆོ་གའི་ལས་རྗེས་བྱ། ལོང་ཁོམ་མེད་ན་ཞི་བར་འོ་མའི་ཆ། རྒྱས་པར་གར་གམ་གྱི་ཆ། དབང་ལ་ཆང་གིས་གཞིལ་ལ་ཞི་བའི་ཐལ་བ་གྲོང་ཁྱེར་སོགས་རང་གི་ཕྱོགས་སུ་གཏོར་བས་ནད་སོགས་ཞི། རྒྱས་པའི་ཐལ་བ་མཛོད་སོགས་སུ་སྦས་པས་དཔལ་འབྱོར་འཕེལ། དབང་ཐལ་སྐྱེ་བོའི་འད་གནས་དང་། འཐང་ཆ་ལ་བཏབ་པའམ། དམིགས་བྱའི་ལས་སམ་དེ་ཕྱོགས་སུ་རླང་ལ་བསྐར་བས་དབང་དུ་འདའོ། །དྲག་པོའི་སྦྱིན་སྲེག་གི་མེ་ནི་ལོང་ཡོད་ཀྱང་མེ་མ་ཤི་གོང་དུ་དག་ཁྲག་གི་ཆས་བཙན་ཐབས་སུ་གཞིལ་ནས་ཐལ་བ་དགྲ་ཕྱོགས་སུ་གཏོར་བས་དགྲ་བརླག་པར་འགྱུར་རོ། །ཞི་སོགས་ལས་གསུམ་པོ་ཐམས་ཅད་ཀྱི་མཆོད་པ་ལྷག་མ་དང་། ཐབ་སོལ་སོགས་བམ་པར་བསྡུས་ཏེ་ཆ་ཀླང་དུ་བསྐར་ལ་ལས་རྗེས་མི་མངོན་པར་བྱའོ། །ཚལ་དེ་ལྟར་གནས་སོགས་ཆོ་གའི་ཡན་ལག་བཅོ་ལྔ་པོ་ཇི་སྐད་གསངས་པ་ལྟར་མ་ཉམས་པར་བྱས་ན་སྦྱིན་སྲེག་གི་ཆོ་ག་ཚད་ལྡན་དུ་གྲབ་པ་ཡིན་ལ། དེས་ལྷ་རྣམས་མཆོག་ཏུ་མཉེས་པ་དང་། སྔགས་ཀྱི་གཟི་བྱིན་ཆེར་བསྐྱེད་པ་དང་། ལས་ཀྱི་འབྲས་བ་མྱར་དུ་འབྱིན་པའི་སྒོ་ནས་སྒྲུབ་པ་པོའི་བསམ་པ་ཡིད་བཞིན་འགྲབ་པར་འགྱུར་རོ། །དེ་ཡང་ཇི་སྐད་ད། སྔགས་རྣམས་མ་བཟླས་མི་འགྲབ་ཅིང་། སྦྱིན་སྲེག་མེད་པར་ལས་མི་བྱེད། ཅེས་རྒྱུད་ལས་གསངས་པ་ལྟར་སྦྱིན་སྲེག་བྱེད་པ་གལ་ཆེ་བ་ཡིན་ནོ། །སྤྱིར་ལས་རྣམས་གང་བྱེད་ཀྱང་སླར་གསོར་མི་རང་བའི་མཐའ་སྡུད་ནི་བྲོ་ཡི་ལས་ཡིན་ཞེས་སྔ་འགྱུར་བའི་རྒྱུད་སྡེ་སོགས་ལས་ཆེ་ཐང་དུ་བསྔགས་པས་ན་སྦྱིན་སྲེག་གི་འདས་ལྷ་མཆོད་པ་རྫོགས་པའི་མཐར་བྲོ་ཡི་ལས་བྱས་ན་ལེགས་ཏེ། ཞི་བའི་ལས་ཀྱི་རྗེས་སུ་ཞི་བའི་བྲོ་བརྡང་ན། ཞི་བའི་ལས་བྱས་པ་དེ་ཉིད་སླར་གཞན་གྱིས་མི་ཞི་བར་བྱེད་པའི་སྒོ་ནས་གསོར་མི་རང་བར་ཞི་བ་ཉིད་དུ་ངེས་པར་འགྱུར་བ་བཞིན་ལས་གཞན་ལའང་དེས་རིགས་འགྲེ་སྟེ་ཤེས་པར་བྱ་བ་ཡིན་པས་བྲོ་བརྡང་འདོད་ན་དེ་ལྟར་བྱ། མ་བྱས་ཀྱང་ཆད་སྐྱོན་མེད་མོད་བྱས་ན་ལས་མཐའ་རྒྱས་སུ་འགྱུར་བས་གལ་ཏེ་བྱེད་པར་འདོད་ན། དེ་དག་གི་ཡིག་ཆ་ཟར་དུ་ཡོད་པ་ལས་ཤེས་པར་བྱའོ། །ཞེས་པ་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པས་ཁྲ་མག་རི་ཁྲོད་བདེ་མཆོག་ཕོ་བྲང་དུ་རབ་ཚེས་སུ་སྤྲེལ་དབོ་ཟླའི་ཚེས་བཅ་དྲག་གི་ཉིན་མོར་གྲབ་པར་བྱས་པ་དགེ་ལེགས་འཕེལ། །མངྒ་ལཾ།།

༄༅། །བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔ་ཡི་ངོ་བོ་དང་། ཨ་ལས་བྱང་བའི་དྲིལ་བ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆབ་སེམས་ཀྱི་རང་བཞིན་ནོ།།