cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་གཉིས་པ།

གླེགས་བམ། ཟ༽

གླན་བསོད་ནམས་མགོན།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

འདུས་པ་ཆེན་པོ་མདོའི་སྒྲུབ་ཁྲིགས་བཞིན་དབང་བྱང་ལག་ལེན་མཁས་པ་གླན་བསོད་ནམས་མགོན་གྱི་གསུང་པོད་དང་པོ།

འདུས་པ་ཆེན་པོ་མདོའི་སྒྲུབ་ཁྲིགས་བཞིན་དབང་བྱང་ལག་ལེན་མཁས་པ་གླན་བསོད་ནམས་མགོན་གྱིས་མཛད་པ་སྟོད་ཆ་བཞུགས་སོ། །

གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་གྱི་དབང་གི་ལས་ཁྲིགས་ལ་དོན་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔའམ་དྲུག་གིས་བསྒྲུབ་པའི་གཞི་བཟུངས་བ་དང་། བསྙེན་བསྒྲུབ་བཞིའི་ལས་ཀྱི་གཞུང་བསྲངས་བ་དང་། རྗེས་ལ་དོན་བརྒྱད་ཀྱིས་མཇུག་བསྡུ་བའོ། །དང་པོ་ལ་དྲུག་སྟེ། སྟོན་པ་དང་། གནས་དང་། འཁོར་དང་། ཡོ་བྱད་དང་། དུས་དང་། བསྒྲུབ་པའོ། །དེ་ལ་དང་པོ་སྟོན་པ་ནི། རྡོ་རྗེ་རྒྱལ་པོ་སྟེ། དེའི་མཚན་ཉིད་ཀྱང་། གསང་བ་འདུས་པའི་རྒྱུད་ལས། སློབ་དཔོན་མཚན་ཉིད་བརྟག་པ་ནི། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །ཅེས་པ་ལ་སོགས་པ་དང་། ཡང་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏན་ཏྲ་ལས། དེ་དང་མཚུངས་པར་ལྡན་པ་དང་། །བརྟན་ཞིང་དུས་ལ་བློ་གྲོས་ལྡན། །ཅེས་པ་ལ་སོགས་པ་གསུངས་པ་དང་། སྒྲུ་འཕྲུལ་ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་ཚད་བརྒྱད་འཆང་བ། །ཞེས་པ་ལ་སོགས་པ་གསུངས་སོ། །རྡོ་རྗེ་རྒྱལ་ཐབ་ནི། སློབ་དཔོན་ཉིད་དང་དགོངས་པ་ཁྱད་པར་མེད་པའོ། །གཟུངས་མ་ནི། དྲི་མེད་གསང་སྒྲོན་ནམ། གཞུང་ཀུན་ནས་བཤད་པའི་ལས་བཞི་པོ་གང་དུ་དགོས་པའི་སྐབས་ཀྱི་མཚན་ཉིད་དང་ལྡན་པའོ། །གནས་ཕུན་སུམ་ཚོགས་པ་ནི། གཞུང་དང་མཐུན་པ་སྟེ། ལམ་རིམ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་དང་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་གཉིས་ལྡན་པ་དང་། །ཡིད་འོང་ས་བཙལ་རྒྱས་པར་བྱ། །ཞེས་པ་དང་། ཡང་བསྒྲུབ་ཐབས་ལས། ཟུར་བརྒྱད་ལ་སོགས་རྩེ་མངས་དང་། །ཞེས་པ་ལ་སོགས་པ་གསུངས་པས། ནམ་མཁའ་བརྟག་པ་དང་། གནས་ཀྱི་གཞི་བརྟག་པ་དང་། མཚམས་ཀྱི་དགྲ་བརྟག་པ་དང་། གནས་ཀྱི་རིའམ་ཕྱོགས་བརྟག་པའོ། །དེ་ཡང་གཙུག་ལག་གི་ལྷ་བཞི་ཡོད་ཅིང་། ལྷ་ཆོས་མི་ཆོས་ཀྱི་བཀྲ་ཤིས་པའི་གནས་བཙལ་ལ། ངན་པ་དོར་ལ་བཟང་པོ་བླང་སྟེ། དེ་ཡང་ཁྱད་པར་དུ་གང་ཟག་ཁྱད་པར་ཅན་གྱི་ཞབས་ཀྱིས་བཅག་པ་བྱིན་ཆེ་བའི་གནས་དང་། གྲུབ་པ་ཐོབ་པ་བཀྲ་ཤིས་པའི་གནས་དང་། བར་ཆད་གསུམ་མེད་པའམ། ཡིད་དང་འཐད་ཅིང་རྣལ་འབྱོར་པ་གཙོ་འཁོར་དང་བཅས་པ་ཉམས་དགའ་བའི་གནས་སུ་སྒྲུབ་པ་པོ་རྣམས་འདུས་ལ། དེར་ཁང་པ་སུམ་རིམ་དུ་བྱས་ཏེ། དེ་ཉིད་དུ་སྟེང་བརྒྱན་དང་། ལོགས་བརྒྱན་ལ་སོགས་པའམ། གཞན་ཡང་མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་བསྟིབས་པར་བྱའོ། །དེ་ཡང་ལམ་རིམ་ལས། འཁོར་ཁང་ཕྱི་ནང་བར་ལྡན་པ། །རིན་ཆེན་བྱུག་པས་བསྲུང་བ་དང་། །རིན་ཆེན་སྤྲས་པས་གཞལ་ཡས་ཁང་། །ཞེས་སོ། །འཁོར་ཕུན་སུམ་ཚོགས་པ་ནི། རྒྱུད་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །ཅེས་པ་ལ་སོགས་གསུངས་པས། སྐྱོན་དྲུག་སྤང་ཤིང་ཡོན་ཏན་དྲུག་དང་ལྡན་པའི་འཁོར་ཀརྨ་ལས་མཁན། སྐད་ཀྱི་གདངས་ཆེ་ཞིང་། ལས་ཀྱི་ཁྲིགས་ལ་མཁས་པ་དང་། རྡོ་རྗེ་སྤྱན་པ་དང་། རྡོ་རྗེ་བྱ་རོག་དང་། དགེས་པ་སྐོང་བ། ཐུགས་དང་འཐད་པ། རྡུལ་ཕྱག་སྐྱེས་བུ་ལ་སོགས་པའོ། །དེ་ཡང་། བསྒྲུབ་དང་སྒོམ་ལ་དགའ་བ་དང་ཞེས་སོ། །ཡོ་བྱད་ཕུན་སུམ་ཚོགས་པ་ནི། ཡོ་བྱད་གདའ་བ་ཀུན་བསྡུས་ནས་ཞེས་པ། བཀོད་པ་སྐུའི་རྟེན་ཙ་ཀ་ལི་ཕྱི་ནང་གི་དང་། ལུགས་སྐུ་དང་ཐོད་པ་ལ་སོགས་པའོ། །བྲིས་པ་གསུང་གི་རྟེན་ཡི་གེ་དང་། ཐུགས་ཀྱི་རྟེན་ཕྱག་མཚན་རྡོ་རྗེ་འཁོར་ལོ་ལ་སོགས་པའོ། །གཞན་ཡང་། རྔ་དང་། དྲིལ་བུ་དང་། ཕུར་བུ་དང་། དུང་དང་། ཆ་ལང་ལ་སོགས་པའོ། །དེ་དག་ནི་བསྒྲུབ་པ་རྫས་ཀྱི་ཡོ་བྱད་དོ། །འཚོ་བ་ཟས་ཀྱི་ཡོ་བྱད་ཤ་མར་ལ་སོགས་པ་ཀུན་ཞག་གྲངས་ཀྱི་ལྡབ་ཐང་དུ་བཤམ་པ་དང་། མཉེས་པ་ལྷའི་ཡོ་བྱད་ནི། ཁྱད་པར་གྱི་གསུམ་དང་། ཐུན་མོང་གི་ལྔ་ལ་སོགས་པའོ། །རྐྱེན་བཟློག་དགོས་པའི་ཡོ་བྱད་ནི། དགྲ་རྐྱེན་བཟློག་པའི་གོ་མཚོན་དང་། །བགེགས་བཟློག་པའི་ཕུར་བུ་དང་། །ཉུངས་དཀར་དང་། གུལ་ལ་སོགས་པ་དང་། ནད་བཟློག་པའི་སྨན་པ་སྨན་དང་བཅས་པའོ། །དེ་རྣམས་ལའང་ཐ་མལ་གྱི་རྣམ་པར་སྐད་ཅིག་ཀྱང་མི་ལྟ་བར། དངོས་གྲུབ་ཆེན་པོའི་ཡོ་བྱད་དུ་ལྟའོ། །ལམ་རིམ་ལས་ཀྱང་། གོས་བརྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །ཞེས་པ་ལ་སོགས་པ་གསུངས་སོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། བསྒྲུབ་པ་གཟུང་བའི་དུས་དང་། དབང་བསྐུར་བའི་དུས་དང་། སྨིན་པར་ཐོབ་པ་དབང་དུ་བསྒྲུབ་པའི་དུས་སོ། །དེ་དག་ཀྱང་། གོང་མ་རྣམས་འཛོམ་པའི་དུས་ཏེ། དང་པོ་ནི། རྔམ་གློག་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་རྩམ་ཞེས་པའི་དོན་ནོ། །གཉིས་པ་ནི་བསྙེན་པ་རྫོགས་ནས། ལྷག་པའི་སེམས་བསྐྱེད་པའི་དུས་སུ། དབང་བསྐུར་བ་ཡིན་ཏེ། ངེས་འབྱེད་ལས། དང་པོ་སེམས་བསྐྱེད་འཇུག་དུས་སུ། །རྫས་ཀྱི་དབང་བཅུ་རྫོགས་པར་སྦྱིན་ཅེས་སོ། །གསུམ་པ་ནི་རྒྱུད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ་ཞེས་པ་ལགས་པའོ། །དྲུག་པ་བསྒྲུབ་པ་ནི། སྟོན་པ་དང་། འཁོར་གཉིས་ལ་ངོས་བཟུང་ངོ་། །གཉིས་པ་བསྙེན་བསྒྲུབ་བཞིས་གཞུང་བསྲང་བ་ནི། རྒྱུད་ལས། བསྙེན་པ་དང་ནི་ཉེ་བསྙེན་པོ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཞེས་པས། བསྒྲུབ་པའི་ཤོམས་འབྲས་བུ་དང་འབྲེལ་པ་ནི་བསྙེན་པ་སྟེ། དབང་ཐོབ་པ་ནོན་པའི་རྡོ་རྗེ་སློབ་དཔོན་ལ། རང་ཉིད་དབང་གང་ཞུ་བའི་ཞུ་བ་ཕུལ་ལ། བུས་ཡོ་བྱད་བཤམ། སློབ་དཔོན་གྱིས་བསྙེན་པ་བྱས་ནས་སྟ་གོན་ཡན་ཆད་བསྙེན་པ། ཞག་དུ་བྱེད་པའི་ཕྱེད་ཉེ་བསྙེན། ཞག་དུ་བྱེད་པའི་ནུབ་ཐ་མ་མ་རྟོགས་༼ཁ ༽པའི་དབང་༼ཀ༽དུ་ཚོགས་བཞི་ཚོགས་སམ། དྲུག་ཚོགས་སུ་བྱེད་པ་བསྒྲུབ་པ། ནུབ་ཐ་མ་ལ་རྟགས་དང་མཚན་མ་བཟང་པོ་བྱུང་ནས་དངོས་གྲུབ་ལེན་ཁ་མ་བསྒྲུབ་པ་ཆེན་པོའོ། །དེ་ལྟར་དོན་བཞི་ལས། བསྙེན་པ་ནི་གནས་མཚན་ཉིད་དང་ལྡན་པར་སྔོན་འགྲོའི་ཆོས་རྣམས་རྫོགས་པར་བྱས་ལ། ལྟ་བ་དབྱིངས་ཡེ་ཤེས་དབྱེར་མེད་རྟོགས་པའི་ངང་ལས། སྒོམ་པ་དོན་དང་ཡི་གེའི་རྗེས་སུ་འཇུག་པ། དེ་ལ་རིམ་ཅིག་ཆར་གཉིས་ལས། དབང་པོ་རབ་འབྲིང་ཐ་མ་གསུམ་གྱིས་འཇུག་ཅིང་བགྲོད་དེ། དོན་དུ་ན་ཡི་དམ་ལྷ་ལ་བརྟན་པ་མ་ཐོབ་ཀྱི་བར་དུ་བསྙེན་པ་བསྐྱལ་ལོ། །དེ་ནི་སྨིན་པར་སློབ་པའི་དབང་དུའོ། །མོས་སློབ་ལྟར་དུ་གཉིས་ལས། སྔོན་དུ་བྱ་བའི་བསྙེན་པ་དང་། དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའོ། །དང་པོ་ནི་སློབ་བུས། སློབ་དཔོན་རྒྱལ་པོ་དབང་གི་ཆུ་བོ་རྫོགས་ཤིང་། དམ་པའི་མཛོད་གསུམ་འཛིན་པ། བཀའ་དང་རྒྱུ་འབྲས་ཀྱི་ཆོས་ལ་མ་རྨོངས་པར་མཁྱེན་པའི་བླ་མ་ལ་ཞུ་ཕུལ་ལ། དེ་བར་དུ་བླ་མས་བུམ་པ་བཅས་ཏེ། སྔོན་འགྲོ། དངོས་གཞི། འཇུག་གསུམ་དུ་ཕྱེ་ལ། རང་གང་མོས་ཀྱི་ལྷ་ལ་གྲངས་ཀྱི་བསྙེན་པ་ཅི་རིགས་པར་བསྐྱལ་ལོ། །དེ་བར་དུ་སློབ་བུས་མཛད་བྱང་བཞིན་དུ་གང་དགོས་པའི་ཡོ་བྱད་རྣམས་ཞལ་ནས་བྱུང་བ་བཞིན་བསག་གོ། །གཉིས་པ་ལས་ཀྱི་རིམ་པ་ལ་གཉིས་ཏེ། བསྙེན་བསྒྲུབ་ཀྱི་སྐབས་སུ་དཀྱིལ་འཁོར་གྱི་བྱ་བའི་རིམ་པ་དང་། བསྒྲུབ་པ་ཆེན་པོའི་སྐབས་སུ་དངོས་གྲུབ་ཐོབ་ནས་དབང་གི་ལས་རིམ་མོ། །དང་པོ་ནི། མན་ངག་ལས། ས་གཞི་བསྙམ་དང་ཚང་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་སྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུ་རྒྱས་བཤད་བྱ། །ཞེས་བསྙེན་བསྒྲུབ་ཀྱི་སྐབས་སུ་གསུངས་པ་དང་། ལས་ཐོ་ལས། དང་པོ་ས་གཞི་ཡོངས་སུ་བཟུང་། །གཉིས་པ་སྟ་གོན་ལ་གནས་ཏེ། །ནུབ་གསུམ་པ་ལ་འཇུག་པར་བྱ། །ཞེས་གསུངས་པ་དང་། རྡོ་རྗེ་ལས་རིམ་ལས། གཞི་དང་རང་མཚན་སླང་དབང་དང་། །སྦྱང་སྦྱིན་སྲུང་དང་བཟུང་བ་ནི། །དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་པ་ལ་སོགས་པ་མང་ཞིག་གསུངས་ཀྱང་། འདིར་འདུས་པ་ཆེན་པོའི་ལུགས་ཀྱིས། ཞག་བཅུ་གཅིག་གི་དབང་དུ། ནུབ་དང་པོའི་ཆོ་ག་ནི། དབང་གི་ལས་ཐོ་ལས། སྤྱི་དབང་ཆེན་པོའི་དབང་བསྐུར་བའི། །དང་པོ་ཕུན་སུམ་ཚོགས་ལྡན་ནས། །ཚད་ཕྱིན་རབ་འབྱམས་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་འཁོར་བསྡུས་ནས། །གཞུང་དང་མཐུན་པའི་གནས་དག་ཏུ། །ས་ཆོག་སོགས་བྱས་གནས་ལ་ལྡན། །དགོས་པ་ཚང་བའི་ཡོ་བྱད་རྫོགས། །ཞེས་གསུངས་པས། ཐོག་མ་བའི་ཆོ་ག་ལ་དོན་བརྒྱད་ཀྱིས་སྟོན་པ་ནི། དང་པོ་གཞི་བརྟག་པ་ནི་དོན་བཞིས་བསྟན་ཏེ། དང་པོ་ནམ་མཁའ་བརྟག་པ་ནི། མན་ངག་རྡོ་རྗེ་ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མངས་དང་། །ཞེས་པ་ལ་སོགས་པའོ། །གཉིས་པ་གནས་ཀྱི་རི་བརྟག་པ་ནི། བྲུམས་ཆགས་ཤིང་ལྷུན་སྟུག་པ། རིའི་དབྱིབས་རིན་པོ་ཆེ་བརྩེགས་པ་ལྟར་འདུག་པའོ། ཕྱོགས་ཀྱི་རི་ནི། ཤར་རི་དམའ་ཞིང་། ལྷོ་རི་གཞོལ་བ་དང་། ནུབ་རི་འདུད་ཅིང་། བྱང་རི་མཐོ་བའོ། །ཕྱོགས་ཀྱི་དགྲ་བཞི་དང་། མཚམས་ཀྱི་དགྲ་བཞི་ལ་སོགས་མེད་པ་ནི་ས་གཞི་བརྟག་པ་ཞེས་བྱའོ། །གཉིས་པ་ས་རང་གི་མཚན་ཉིད་བརྟག་པ་ནི། ངན་པ་དང་། བཟང་པོའོ། །ངན་པ་ནི། ཐང་ཀར་སོག་ལེ་ལྟ་བུ་དང་། ཞེས་པ་ལ་སོགས་པའོ། །བཟང་པོ་ནི། བཀྲ་ཤིས་རྩ་དང་མེ་ཏོག་ཤིང་། །ཞེས་པ་ལ་སོགས་པ་བཟང་པོའི་མཚན་ཉིད་དང་ལྡན་པ་དེར་སྒྲུབ་པོ་རྣམས་འདུས་ལ། ལས་ཚོགས་དགེ་བའི་དཔུང་བསྐྱེད་པ་ལ་ཀུན་གྱིས་འབད་དོ། །གསུམ་པ་ས་བསླང་བ་ནི། མངོན་པ་མི་ལ་བསླང་བ་དང་། མི་མངོན་ཅེས་པ་མི་མ་ཡིན་པ་ལ་བསླང་བའོ། །དང་པོ་ནི། ཡུལ་དེའི་རྒྱལ་པོའམ། བློན་པོ་ལྟ་བུ་གང་ཡང་རུང་བ་པའི་བདག་པོ་གང་ཡིན་པ་ལ་རིན་བཅལ་ལ་ས་རྒྱས་གདབ་བོ། །གཉིས་པ་ལ་བདེ་བར་གཤེགས་པ་ལ་བསླང་བ་དང་། ས་ཡི་ལྷ་མོ་ལ་བསླང་བའོ། །དང་པོ་ནི། གནས་དེར་མཎྜལ་ཁྲུ་གང་བ་ཞིག་བྱས་ལ། དེ་ལ་ག་པུར་དང་། ཙནྡན་གྱི་ཆུས་ཆག་ཆག་བཏབ་སྟེ། དེའི་སྟེང་དུ་མཆོད་པ་ལྔ་དང་། གཙང་གཏོར་ཆ་གཅིག་དང་། གསེར་སྐྱེམས་ལ་སོགས་པ་བཤམས་ལ། སྔགས་མཁན་ཉིད་ཆས་གོས་དཀར་པོ་དང་ལྡན་པར་སྟན་བདེ་བ་ལ་འདུག་སྟེ། རྣམ་པར་མི་རྟོག་པའི་ངང་ལས་བིག་ནན་ཏ་ཀྲིའི་སྔགས་བརྗོད་ཅིང་། རང་ཁྲོ་བོ་བདུད་རྩི་འཁྱིལ་པར་བསྐྱེད་ལ་མཆོད་པ་ལྔ་སྤྱི་དང་མཐུན་པར་བརླབ། གཏོར་མ་བདུད་རྩི་ཐལ་སྦྱོར་གྱིས་ཡེ་ཤེས་ཀྱི་བདུད་རྩིར་བརླབ། གསེར་སྐྱེམས་བརྟག་པ་རྣམ་གསུམ་གྱིས་བརླབས ལ། ཞི་བ་ཐུང་ལུགས་སུ་འཛབ་ཡན་ཆད་བྱ། དེ་ནས་ས་གཞི་ཡེ་ནས་སངས་རྒྱས་སྤྱན་གྱི་རང་བཞིན་ཡིན་པ་དེ་ལ། རྣལ་འབྱོར་རང་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཀྱང་དེ་བཞིན་དུ་བསྒོམ་སྟེ། ངག་ཏུ་པདྨ་སུརྱ་མཎྜལ་ཞེས་བརྗོད་པས་ས་ཉིད་གསེར་གྱི་ས་གཞིར་བསམ་པ་ནི། དེ་ས་ལ་བླང་བའོ། །གཉིས་པ་སའི་ལྷ་མོ་ལ་བསླང་བ་ནི། དེའི་སྟེང་དུ་ལམ་སེར་པོ་ལས། ལྂ་རཏྣའི་སྔགས་བརྗོད་པས། སའི་ལྷ་མོ་སངས་རྒྱས་སྤྱན་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་པ། ཕག་གི་ཁྲི་ལ་བཞུགས་པ། གཡས་པ་ས་གནོན་གྱི་ཕྱག་རྒྱ་ལ། གཡོན་པ་རཏྣའི་བུམ་པ་བསྣམས་པ། འཇའ་ཚོན་སྣ་ལྔའི་འོད་དང་ལྡན་པར་བསྒོམས་ལ། རྣམ་སྣང་གིས་དབུ་རྒྱན་ཅིང་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ། ས་མན་ཛས་སྙན་གསན་ཕབ་ལ། ས་ཡི་ལྷ་མོ་སྤྱན་དྲངས་ཏེ་རྡོ་རྗེ་དྲིལ་བུ་ཐོགས་ལ། དོན་དམ་གསེར་གྱི་ས་ལ་མངའ་མཛད་པ། །ཞེས་པའི་ཚིག་དང་། ཨེ་ཧ་ཧིས་སྤྱན་དྲང་། ཛ་ཧཱུྃ་བྂ་ཧོས་བསྟིམ། ཏིཥྚ་བཛྲས་བརྟན་པར་བཞུགས། ཀུན་བཟང་དང་། ཕྱག་དང་ཞབས་བསིལ། ལྷ་མོ་བཞི་བསྣོལ་གྱིས་མཆོད། དེ་ནས་འདོད་པའི་དོན་དུ་སླར་གསོལ་ཏེ། སྐྱོབ་པ་སངས་རྒྱས་ཞེས་པའི་ཚིག་བརྗོད་ལ། ལག་པ་གཡས་པ་ཏྲི་ཤུལ་ལའི་ཕྱག་རྒྱ་བཅས་ལ་ས་ལ་གཏུག་ཅིང་། ཨ་ཧི་བྷ་བ་ཡེ་སྭ་ཧཱ་ཞེས་བརྗོད་པས། ས་ཡི་ལྷ་མོ་ཉིད་དཔང་པོའི་ཚུལ་དུ་སྐུ་ལྟེ་བ་ཡན་ཆད་འཐོན་ནས་བཞུགས་པར་བསམ་མོ། །དེ་ནས་མགྲོན་སྤྱན་དྲངས་པ་ནི། སྤྱིའི་མགྲོན་སྤྱན་དྲངས་པ། འཛམ་གླིང་སྤྱིར་གནས་མཐུ་ཆེན་དབང་བསྒྱུར་མ། །ཞེས་པ་ལ་སོགས་པ་དང་། བསྒྲུབ་པ་གང་བྱེད་ཀྱི་ཡུལ་ཕྱོགས་ན་ཡོད་པའི་བདུད་དང་། བཙན་དང་། ས་བདག་ལ་སོགས་པ་སྤྱན་དྲང་པ། ཡུལ་རིགས་འདིའི་ས་ལ་མངའ་མཛད་པ། ཞེས་པ་ལ་སོགས་པ་བརྗོད་པས་མདུན་དུ་བྱོན་པར་བསམ་ལ། ཨ་རྒ་གཏོར་མ་ལ་བྲན་ཏེ། ཧཱུྃ་རྒྱས་པར་བཤམས་པའི་མཆོད་སྦྱིན་གཏོར་མ་འདི། ཞེས་པ་ནས། དམ་རྫས་བདུད་རྩིའི་མཆོད་པ་བཞེས་སུ་གསོལ། །ཞེས་བརྗོད་ལ་གཏོར་མ་དང་། དཀར་གསུམ་མངར་གསུམ་རང་གི་སྔགས་དང་། འོད་ཟེར་རྣམ་རྒྱལ་གྱི་སྔགས་དང་ཕྱག་རྒྱས་བྱིན་ལ་གང་བཅོལ་ཉན་པར་བསམ། དེ་ནས་ཕྲིན་ལས་བཅོལ་བ་ནི། རི་རབ་ཆེན་པོའི་གླིང་བཞི་འབར། ཅེས་པའི་ཚིག་བརྗོད་ལ། དེ་ནས་ས་ཡི་བདག་པོ་དེ་རྣམས་རང་རང་གི་གནས་སུ་བསྐྱོད་པའི་ཕྱིར། གདན་སྐྱེམས་དབུལ་བ་ནི། ཧཱུྃ་ལྕགས་རི་གསེར་རི་དངུལ་གྱི་རི། །ཞེས་པ་ལ་སོགས་པའི་ཚིག་བརྗོད་པ། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་དབུལ། དེ་ནས་གསེར་སྐྱེམས་ལྷག་མ་ཕྱོགས་ཀུན་ཏུ་གཏོར་ཞིང་། ཡུལ་གྱི་གདོན་བགེགས་ལ་གནོད་པ་མ་བྱེད་ཅིག་ཅེས་བཀའ་བསྒོའོ། །དེ་ནས་གཏོར་མའི་སྨོན་ལམ་གདབ་སྟེ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པ་བརྗོད་ལ། ས་བདག་ཀུན་མཉེས་ནས་གཞན་དུ་གཤེགས་པར་བསམ། དེ་ནས་ས་ཡི་ལྷ་མོ་དགེ་བའི་དཔང་པོར་བཞག་པ་ལ་གཞོལ་བ་ནི། སྔོན་འདས་པའི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ལ་སོགས་ནས། ཨ་ཧོ་ཞེས་པའི་བར་དུ་བརྗོད་ལ། མཛུབ་མོ་གཉིས་སྨིན་མཚམས་སུ་སྣོལ་ཏེ། བྷེ་ཨ་ཀྲ་མ་ཡྂ་ཞེས་པའི་སྔགས་བརྗོད་པས་ལྷ་མོ་ནམ་མཁའ་ལ་བརྟེག་ནས། དཔང་པོ་ལ་བཞུགས་སུ་གསོལ་བར་བསྒོམ་མོ། །དེ་ནས་བཛྲ་ས་མ་ཡ་ཧཱུཾ་ཛ། ཞེས་བརྗོད་ནས་དཔང་པོའི་ལྷ་རྣམས་སྤྱན་དྲང་། ཧཱུྃ་བཞེས་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་བསྡུས་ནས་བདག་ལ་ཐིམ་པས། བདག་གི་ལུས་འོད་དུ་གྱུར་པ་ལས། ཧཱུྃ་བཛྲ་དྷྲིཀ་ཞེས་བརྗོད་པས། རང་ཉིད་ཞེ་སྡ ང་རྡོ་རྗེ་སྐུ་མདོག་མཐིང་ནག་གཡས་པ་རྡོ་རྗེ། གཡོན་པ་སྡིགས་མཛུབ་གདེངས་པ། འཇིགས་པའི་སྤྱན་བགྲད་ཅིང་། སྡང་མིག་བགེགས་ལ་ལྟ་བ། ཐུགས་ཁ་དང་ཞབས་མཐིལ་གཉིས་ལ་གོམ་པའི་སྟབས་བགྲོད་པས་རྡོ་རྗེ་རྒྱ་གྲམ་འབར་བར་བསམས་ལ། རྡོ་རྗེ་གསོར་ཞིང་མི་འགྲོ་བའི་བགེགས་རྣམས་ལ་སོང་ཞིག་པར་བཀའ་བསྒོ་བ་ནི། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཞེས་པ་ལ་སོགས་པ་དང་། སུམ་བྷ་ནིའི་སྔགས་བཟླས་ཤིང་། ཉུངས་དཀར་གཏོར་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྲོ་བོའི་སྤྲུལ་པས་གང་ནས། བགེགས་བསྐྲད་པར་བསམ། ཚུལ་འདུས་པས། ཁྲོ་བོའི་གུར་གྱིས་བསྲུང་། སྤྱན་ལ་ཡེ་ཤེས་ཀྱི་མེ་བྱུང་བས། མེའི་གུར་དུ་གྱུར་པར་བསྒོམ། དེ་ནས་རང་གི་གནས་སུ་བརྗིད་ཀྱིས་འདུག་ལ་ཐལ་མོ་སྦྱར་བ་ལྷ་མོའི་མདུན་དུ་བརྟུགས་ལ། ཇི་ལྟར་ཆེ་མཆོག་རྡོ་རྗེ་ཡི། །ཞེས་པ་ལ་སོགས་པ་དང་། ༀ་རཏྣ་པ་ཤཾ་སི་ཏི་ཀུ་རུའི་སྔགས་ལན་གསུམ་བརྗོད་ཅིང་། ཕྱག་རྒྱ་ས་ལ་ལན་གསུམ་བསྣུན་པས། ས་ཡི་ལྷ་མོ་འཛུམ་པའི་མདངས་དང་བཅས་ནས་ས་གཞི་ལ་ཐིམ་པས། ས་གཞི་ཡེ་ཤེས་ལྔའི་ངོ་བོ་རིན་པོ་ཆེ་སྣ་ཚོགས་པའི་ངོ་བོར་གྱུར་པར་བསམ། དེ་ཡན་ཆད་ནི་ས་བསླངས་པའི་ཆོ་གའོ། །ས་དབང་དུ་བྱ་བ་ནི། ཟངས་སམ་ཤིང་དམར་པོ་ལ་ཕུར་པ་རྩེ་མོ་ཟླ་གམ་པ་ཞིག་བྱས་ལ། བདག་གི་ཐུགས་ཁའི་ཧཱུྃ་ལས་པདྨ་ཀི་ལ་ཡའི་སྔགས་བརྗོད་པས། ཁྲོ་བོ་སྟོད་ཞལ་གཅིག་ཕྱག་བཞི་པ། སྨད་ཕུར་པ་ཟླ་གམ་དུ་འདུག་པ་སྐུ་མདོག་དམར་པོ། གཡས་གཡོན་དང་པོ་པདྨ་དང་ཞགས་པ། ཐ་མ་གཉིས་ཕུར་པ་འདྲིལ་བ་ཞིག་བྱུང་ནས། ཕུར་པ་ལ་བསྟིམས་ལ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ། པདྨ་དབང་གི་ཁྲོ་མཆོག་ཆགས་པའི་སྐུ། །ཞེས་པ་དང་། ༀ་པདྨ་ཀི་ལ་ཡའི་སྔགས་བརྗོད་དེ། ཕུར་པ་དཀྱིལ་འཁོར་དབུས་སུ་བཏབ་པས། དེ་ལས་འོད་ཟེར་དམར་པོ་འཕྲོས་པས། ས་གཞི་ལ་ཐིམ་པས། ས་གཞི་བདག་གི་དབང་དུ་འདུས་པར་བསམ་མོ། །ས་སྦྱང་བ་ལ་བཞི་སྟེ། ལས་དང་བྱ་བས་སྦྱང་བ་དང་། མེ་ཡིས་སྦྱང་བ་དང་། སྔགས་དང་ཕྱག་རྒྱས་སྦྱང་བ་དང་། ཏིང་ངེ་འཛིན་གྱིས་སོ། །དང་པོ་ནི་ས་བདག་ལྟོ་འཕྱེའི་དུས་ཚོད་མ་ནོར་བར་བྱས་ལ། ཁྲུ་གྲུ་བཞི་པ་བརྐོས་ལ་བརྟག་སྟེ། ས་ཡིས་བརྟག་པ་དང་། ཆུ་ཡིས་བརྟག་པའོ། །དང་པོ་ནི་ས་ངན་པ་སའི་རོ་ལ་སོགས་པ་བྱུང་ན་སྤང་ལ། བཟང་པོ་སྣུམ་ཞིང་ཁ་དོག་རིན་པོ་ཆེར་གསལ་བ་སའི་རྩིགས་མ་མེད་ཅིང་ཐོག་མ་བས་ལྷག་པར་གྱུར་པ་ནི། ས་སས་བརྟག་པ་སྟེ་ལྷག་ན་བཟང་བར་བླང་བྱའོ། །ས་ཆུ་ཡིས་བརྟག་པ་ནི། ས་བརྐོས་པའི་ནང་དུ་ཆུ་བླུག་སྟེ། ལས་མཁན་ཉིད་ཡི་གེ་བརྒྱ་པ་བགྲང་ཞིང་། ཕར་ལ་གོམ་པ་ལྔ་བཅུ་ཕྱིན། ཚུར་ལ་ལྔ་བཅུ་ཡོངས་ལ། ཆུ་བྲི་ཚབས་ཆེ་ཞིང་སྐམས་ན་ངན་པས། གཞན་དུ་འཕོའམ་ཞི་བའི་སྦྱིན་སྲེག་གིས་སྦྱང་བར་བྱའོ། །བྲི་ཚབས་ཆུང་མཚན་ཉིད་བཟང་ན། ལྔ་ཚར་ཉི་ཤུ་རྩ་ལྔའི་རྫས་བསོགས་ཏེ་རྫ་སོ་བཏང་བ་གཅིག་གི་ནང་དུ་བླུགས་ལ། ས་བརྐོས་པ་དེའི་ནང་དུ་བཅུག་སྟེ། དེ་རྗེས་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཏྲྂ་ལས་རིན་པོ་ཆེའི་མཆོད་སྡོང་ལ། རང་ཇི་ལྟར་འདོད་པའི་དགོས་འདོད་འབྱུང་བར་བསམ་སྟེ། གཡམ་པས་ཁ་བཅད་ལ་འཐིས་པར་བརྡིགས་ལ་བཞག་གོ། །དེ་ནས་ལས་མཁན་རྣམས་དཀྱིལ་འཁོར་གཅིག་ཏུ་བཞུགས་ཏེ། དཀྱིལ་འཁོར་གྱི་ཚད་རྒྱས་འབྲིང་བསྡུས་པ་ལ་སོགས་མང་དུ་སྨོས་ཀྱང་། རྒྱ་རབ་ཚད་འདོམ་གང་ལ་དཔངས་ཁྲུ་གང་བར་བརྩིག་གོ། །དེ་ལ་འོག་མ་ཡེངས་བརྟག་པ་ནི། རྒྱུད་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ནི་རབ་བསྙམས་ལ། །ཞེས་ས་སུམ་ཅུ་པོ་དེ་ཆ་བསྙམས་ལ། བ་ཡི་རྣམ་ལྔ་སྦྱར་བའི་མདེ་གུས་མཉམ་ཞིང་། འཐུག་སྲབ་གླང་ཀོ་ཙམ་དུ་བྱུགས་ཏེ། མེ་ལོང་གི་ངོས་ལྟར་ཏེར་ཏེང་བར་བྱས་ལ་བཞག་པ་ནི་ལས་དང་བྱ་བས་སྦྱང་བའོ། །མེ་ཡིས་སྦྱང་བ་ནི། སའི་མཚན་ཉིད་བཟང་ངན་ཇི་ལྟར་འདུག་ཀྱང་། རྡོ་རྗེ་སློབ་དཔོན་གྱིིས་མེ་ལྷ་སྤྱན་དྲངས་པ་ཡན་ཆད་བྱས་ལ། ལས་མཁན་གྱིས་ཞི་བའི་སྦྱིན་སྲེག་སྐབས་འདིར་རྒྱས་པར་གཏང་ངོ་། །སྔགས་དང་ཕྱག་རྒྱས་སྦྱང་བ་ནི། བདག་ཉིད་ཁྲོ་བོར་གསལ་བའི་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་བསམ། དེའི་སྟེང་དུ་ཧཱུྃ་རེ་བསམས་ཏེ། དེ་འཕྲོས་འདུས་པ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་པར་བསམ་སྟེ། བཛྲ་ཀྲོ་ཏའི་སྔགས་ལན་གསུམ་བརྗོད་ཅིང་ཕོ་བྲང་ངམ་ས་ལ་ལན་གསུམ་བརྡབས་པས། རྡོ་རྗེ་དང་ཡི་གེའི་འོད་ཀྱིས་སའི་ཉེས་སྐྱོན་ཐམས་ཅད་དག་ནས་ས་གཞི་ཡེ་ཤེས་རང་སྣང་དུ་བསམ་པ་ནི་སྔགས་དང་ཕྱག་རྒྱས་སྦྱངས་བའོ། །ཏིང་ངེ་འཛིན་གྱིས་སྦྱང་བ་ལ་གཉིས་ལས། མཚན་མེད་ཀྱིས་སྦྱང་བ་ནི། ༀ་མ་ཧཱ་ཤུ་ཛྙ་ཏའི་སྔགས་བརྗོད་པས། ཆོས་ཐམས་ཅད་སེམས་ཉིད་དུ་རྣམ་པར་དག་པས་ས་དང་སར་འཛིན་པ་ཐམས་ཅད་ཆོས་ཉིད་དོན་དམ་སྐྱེ་བ་མེད་པ་སྟོང་པ་ཉིད་དུ་སྦྱང་ངོ་། །མཚན་བཅས་ཀྱིས་སྦྱང་བ་ནི། སྐད་ཅིག་མ་ལས་རང་གི་རིག་པ་ཧཱུྃ་ཅིག་ཏུ་གྱུར་པར་བསམ། དེ་ལས་འོག་ཏུ། ཨེ་ཡྂ་བྂ་སུྂ་ལྂ་རྂ་ཞེས་འཕྲོས་འདུས་པ་ལས་འབྱུང་བ་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད། བྷྲུྂ་གྱི་འཕྲོ་འདུ་ལས་བྷྲུྂ་བི་ཤའི་སྔགས་ཀྱིས་འདུས་པ་ཆེན་པོའི་དཀྱིལ་འཁོར་གདན་དང་བཅས་པར་སེམས་པ་ནི་མཚན་བཅས་ལྷའི་ཏིང་ངེ་འཛིན་ས་དང་སར་འཛིན་གྱིས་རྟོག་པ་ཐམས་ཅད་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་སྦྱང་བའོ། །དེ་ཡན་ཆད་ནི་ས་སྦྱང་བའི་ཆོ་གའོ། །ཡན་ལག་དང་རྩ་བ་གཉིས་ཀའི་དཀྱིལ་འཁོར་གྱི་ཆོ་གའོ། །དྲུག་པ་ས་བྱིན་གྱིས་བརླབ་པ་དང་། བདུན་པ་བསྲུང་བ་ནི། འོག་ཏུ་དཀྱིལ་འཁོར་སྟ་གོན་ལ་གནས་པའི་སྐབས་སུ་བྱའོ། །བརྒྱད་པ་ས་གཞི་བཟུང་བ་ནི། དེའི་ནུབ་མོ་སྒྲུབ་པ་པོ་རྣམས་འདུས་ལ་ཆོ་ག་ཟབ་མོ་དབང་གི་སྔོན་དུ་འགྲོ་བའི་ལས་ལ་འབད་དོ། །དེ་ཡང་ཆ་རྐྱེན་བསྡུ་ཞིང་སློབ་མ་རྣམས་ནང་དུ་འདུས་ལ་གླེང་གཞི་བཤད། གགས་བརྒྱད་བཤད་ལ་ཐུགས་དམ་བསྐང་། །འདི་དག་དབང་གི་སྔོན་འགྲོ་ཡིན། ། ཞེས་གསུངས་པས། དོན་བཞི་པོ་འདི་དག་ལག་ལེན་ཁྲིགས་སུ་སྦྱར་ན། ཐོག་མ་ཆ་རྐྱེན་བསྡུ་བ་ནི། མཆོད་པའི་ཆ་རྐྱེན་ཕྱི་ནང་གསང་བའི་རྫས་ཁྱད་པར་ཅན་དང་། དཀྱིལ་འཁོར་གྱི་ཆ་རྐྱེན་ཡང་། མདའ་དང་། དར་དང་། རལ་གྲི་དང་། ཐུགས་རྗེའི་རྒྱུན་ཐག་ཕུར་བུ་དང་། འཕན་དང་། བླ་རེ། རྒྱལ་མཚན་དང་དོ་ཤལ་རྫས་རྣམས་བསྡུས་ཏེ་གཅད། ཅེས་གསུངས་པས། དེ་རྣམས་གཞུང་ལས་ཇི་ལྟར་བྱུང་བ་བཞིན་བཤམ། དབང་གི་རྫས་ནི་བུམ་པ་ལྔ་དང་། ལས་ཀྱི་བུམ་པ་དང་། ཕྱི་ནང་གསང་བའི་རྫས་ཁྱད་པར་ཅན་རྣམས་འཚོགས་པར་བསོགས་ལ། ཐུགས་དམ་བསྐང་བའི་ཆོ་ག་བྱ་སྟེ། ཕྱི་འཇིག་རྟེན་པ་འཁོར་དང་བཅས་པའི་ཐུགས་དམ་བསྐང་བ་ནི། དར་ཕྱར་རོལ་མོའི་སྒྲ་སྦྱར་ལ། །བྱིན་གྱིས་བརླབས་ལ་གསེར་སྐྱེམས་རྒྱས་པར་བཏང་། ཁྱད་པར་དུ་གནས་སོ་གཞི་བདག་ལ་གསེར་སྐྱེམས་དང་གཏོར་མ་བྱིན་ལ་གནས་སོ་ཞུ། གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་གཉིས་ལ་ཆ་གསུམ་བཏང་ལ་ཐུགས་དམ་བསྐང་། ལས་འདི་བཞིན་ཐོ་བཟུང་། གཞན་ཡང་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་ལ་ཕུད་གཏོར་བྱིན་ལ། བསྒྲུབ་པ་ཆེན་པོ་འདི་དབུ་བཟུང་ནས་མཇུག་མ་ཐོན་གྱི་བར་ལ་བར་ཆོད་ཀྱི་སྦྱོར་བ་ཞི་བར་གྱུར་པ་བཀའ་བསྒོ། ཁྱད་པར་དུ་མགོན་པོ་དང་། ལྷ་མོ་ལ་སྡོངས་གྲོགས་གྱིས་ཤིག་པར་བཀའ་བསྐོ། དཀོན་མཆོག་གསུམ་ལ་གསོལ་བ་དྲག་ཏུ་གདབ། དེ་ནས་ནང་གི་ཐུགས་དམ་བསྐང་བ་ནི། ཆ་གསུམ་གྱི་དྲི་ཆབ་ཁྱེར་ལ་ཚོགས་ལས་བྱ། མཆོད་པ་མདོས་ཀྱི་དཀྱིལ་འཁོར་བཞེངས་ལ། ཕྱི་ཆ་མཐུན་སྤྲུལ་པའི་མ་མོ་གཞུང་བཞིན་མཆོད་ལ་བར་ཆོད་སྲུངས་ཤིག་པར་ཐུགས་དམ་བསྐུལ། ནང་ཏིང་ངེ་འཛིན་གྱིས་བསྐྱེད་པའི་མ་མོ་ཡིག་འབྲུའི་སྒོ་ནས་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བསྐྱེད་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་། བསྟིམས་ལ་མཆོད་བསྟོད་འདོད་པའི་དོན་ལ་གསོལ་བ་བཏབ། གསང་བ་ཐིག་ལེའི་མ་མོ་གསང་བ་ཙན་དྷ་ལིའི་མན་ངག་རྩ་རླུང་བཅུ་བདུན། རང་བཞིན་ལྷུན་གྱིས་གྲུབ་པའི་མ་མོ་མཁའ་ཀློང་གཉིས་མེད་དུ་ལ་ཟླ། སྲུངས་མ་ཐུགས་དམ་ཅན་ལ་ཕུད་གཏོར་བྱིན་ལ་བར་ཆོད་སྲུངས་ཤིིག་པར་བཀའ་བསྒོ། ཕུར་པ་དྲུག་སྐོར་གྱིས་དམ་སྲིའི་མགོ་བརྡུང་། སྐྱབས་འགྲོའི་སྡོམ་པ་འབོག །སྔོན་འགྲོའི་དབང་བཅུ་དྲུག་བསྐུར། མ་འདྲེས་པ་བསྲེ་བ་ཆོ་ག་ན་ཇི་ལྟར་ཡོད་པ་བཞིན་རྒྱས་པར་བྱ། འདྲེས་པ་དང་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་དེ། དེ་ཡང་འོ་སྐོལ་འཁོར་བ་ཁྲག་གི་རྒྱ་མཚོ་ལྟ་བུའི་ནང་ན། སྡུག་བསྔལ་གྱི་རྦ་ཀློང་དཔག་ཏུ་མེད་པ་ལ་ལོངས་སྤྱོད་ཅིང་། འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མ་མཐོང་། འདོད་ཡོན་ལ་མངོན་པར་ཆགས་པ་ནི་ལན་ཚའི་ཆུ་དང་འདྲ། ཅི་བྱས་སྡུག་བསྔལ་ལ་སྤྱོད་པ་ནི་རྒྱ་མཚོའི་གཟན་དང་འདྲ། ཞེན་བྱ་མ་ཡིན་པ་ལ་མངོན་པར་ཞེན་པ་ནི་གཤང་པའི་སྲིན་བུ་དང་འདྲ། དེ་ལྟར་འཁོར་བའི་སྡུག་བསྔལ་གྱི་རང་བཞིན་ལགས་པས། འཁོར་བ་ལས་ཐར་བར་བྱེད་པ་ཤིན་ཏུ་གལ་ཆེ་ལགས་སོ། །འཁོར་བ་ལས་ཐར་བར་བྱེད་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་དཔག་ཏུ་མེད་པ་ཅིག་གསུངས། དེ་ལ་བླ་མ་ཆོས་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་སྟོན་ཆོས་གྲངས་དང་གྲངས་ཀྱིས་གསུངས་ཀྱང་། སྨིན་པར་བྱེད་པ་དབང་གི་ལམ་དང་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་ལམ་གཉིས་སུ་འདུས་པ་ལགས་སྐད། དེ་ལས་འདིར་སྨིན་པར་བྱེད་པ་དབང་གི་ལམ་ཡིན་ཏེ། དེ་ཡང་རྒྱུད་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམས། །ཤི་བ་ཙམ་གྱིས་སྟོངས་པར་འགྱུར། །དེ་བཞིན་དབང་དང་བྲལ་ན་ཡང་། །འབྲས་བུ་ཀུན་གྱིས་སྟོངས་པར་འགྱུར། །ཅེས་པས་དཔེར་ན་བུ་ཚ་མེད་པའི་ཁྱིམ་དེ་ཤི་བ་ཙམ་གྱིས་རབས་ཆད་ནས་སྟོངས་པ་ལྟར། སྐྱེས་བུ་ཇི་ལྟར་ཡོན་ཏན་ཆེ་ཡང་དབང་དང་དམ་ཚིག་དང་བྲལ་ན་འབྲས་བུ་རྒྱུན་ཆད་དེ་སྟོངས་པར་འགྱུར་རོ། །དེས་ན་ཟབ་མོ་དབང་གིས་རྒྱུད་སྨིན་པར་བྱ་བ་གལ་ཆེའོ། །དེ་ཡང་དལ་བ་དང་འབྱོར་པ་འགྲོ་བ་མི་ཡི་ལུས་ནི་ཐོབ། འཛམ་བུའི་གླིང་ལས་ཡག་སར་ནི་སྐྱེས། ཡུལ་དབུས་སུ་ནི་འཁྲུངས། དབང་པོ་ལ་ནི་ལྷག་ཆད་མེད། དམ་པའི་ཆོས་དང་ཕྲད་ནས་དབང་རིན་པོ་ཆེ་འདི་ལྟ་བུ་ལ་ལོངས་སྤྱད་དུ་ཡོད་པ་ནི་རང་གི་ཕོ་སྒོ་མོ་སྒོའམ་མཁར་ཆེའམ་རྐྱེན་དབང་ལས་གྲུབ་པ་མ་ཡིན་ཏེ། བླ་མ་དཀོན་མཆོག་གི་སྐུ་དྲིན་དང་རང་གི་བསོད་ནམས་དཔག་ཏུ་མེད་པའི་མཐུ་ལས་གྲུབ་པ་ཡིན་པས་དགའ་བ་དང་སྤྲོ་བ་སང་གྱིས། ཐུགས་ལ་གཟེངས་སྟོད་པར་ཡང་བ་གྱིས་ཤིག །མོས་པ་དང་གུས་པའི་དཔུང་རྐྱེན་ངེས་ཤེས་ཀྱི་རྒྱལ་མཚན་གཟུགས་འཚལ་ལོ། །དེ་ཡང་དབང་ཟབ་མོ་འདི་ཡང་འབྲེལ་པ་བཞི་དང་ལྡན་འཚལ་བ་ལགས་ཏེ། རྒྱུད་དབང་དང་འབྲེལ། དབང་གདམས་ངག་དང་འབྲེལ། གདམས་ངག་ཕྱག་བཞེས་དང་འབྲེལ། ཕྱག་བཞེས་བྱིན་བརླབས་དང་འབྲེལ་ཏེ་མཁས་གྲུབ་གོང་མ་རྣམས་ཀྱིས་ལས་གྲགས་པ་རྣམས། གླེང་གཞི་ཞེས་སུ་རྣམ་པར་བཤད། ཅེས་གསུངས་པས། དེ་ལ་རྒྱུད་རྒྱལ་གྲགས་པའི་གླེང་གཞི་ནི། སྟོན་པ་འདས་ནས་ལོ་ཉེར་བརྒྱད་ལོན་པའི་དུས་སུ། རྒྱལ་པོ་ཛའི་ཁང་ཐོག་ཏུ་པོ་ཏི་དང་གླེགས་བམ་གྱི་ཆར་བབས་པའི་ལོ་རྒྱུས། གསང་སྔགས་རྡོ་རྗེ་ཐེག་པ་ཇི་ལྟར་བྱུང་བའི་ཚུལ་གདུལ་བྱ་ལ་གྲགས་ལུགས་ཀྱི་གླེང་གཞི་བཤད་པས། སྐལ་ལྡན་རྗེས་འཇུག་གི་ཚོགས་རྣམས་ཡིད་ཆེས་ཏེ་དཀྱིལ་འཁོར་ཆེན་པོ་འདིའི་དོན་ཇི་ལྟར་རྟོགས་པ་རྣམས་དང་འབྲེལ་པའོ། །གདམས་ངག་ཕྱག་བཞེས་དང་འབྲེལ་ཏེ། མཁས་པ་གོང་མ་རྣམས་ཀྱིས་མཛད་པའི་ལས་ཐོ་ཁྱད་པར་ཅན་ཀུན་དང་འབྲེལ་པའོ། །ཕྱག་བཞེས་བྱིན་བརླབས་དང་འབྲེལ་ཏེ། གྲུབ་ཐོབ་ཀྱི་བཀའ་བརྒྱུད་རིན་པོ་ཆེ་གངས་ཀྱི་ཐིགས་པ་ལྟ་བུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཟང་ཟ་ར་ཚགས་སུ་བྱོན་ནས། དཔལ་ཀུན་ཏུ་བཟང་པོ་ནས་ད་ལྟར་གྱི་བླ་མ་ཡན་ཆད་ལ་གང་ཟག་ཐ་མལ་གྱི་ལྷད་མེད་དེ། གྲུབ་ཐོབ་བྱིན་བརླབས་ཀྱི་བརྒྱུད་པ་མ་ཆད་པ་ཡིན་ནོ། །དེ་ལྟ་བུའི་དབང་རིན་པོ་ཆེ་འདི། ཡུལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་འཚལ་ཏེ། དེ་ཡང་གནས་ཕུན་སུམ་ཚོགས་པ་ནི། ཚོགས་ཁང་ཡེ་ཤེས་ཀྱི་གཞལ་ཡས་ཁང་། ཐར་པ་ཆེན་པོའི་གྲོང་མཆོག་དགེ་ལེགས་ཀྱི་སྟན་ཁམ་ཆེན་པོ་དངོས་གྲུབ་འབྱུང་བའི་གནས་ཆེན་པོ་ལགས་པས། ཐ་མལ་གྱི་ཁམ་པ་ལེགས་པ་དང་ཉེས་པ་དང་། དགའ་བ་དང་། མི་དགའ་བའི་རྣམ་པར་མི་ལྟ་བར་ཡེ་ཤེས་ཆེན་པོའི་ཕོ་བྲང་དུ་ལོངས་སྤྱོད་ཅིག །སྟོན་པ་ཕུན་སུམ་ཚོགས་པ་ནི། དབང་བསྐུར་བའི་བླ་མ་རྡོ་རྗེ་འཛིན་ཆེན་པོ་སྟེ། དེའི་མཚན་ཉིད་ཀྱང་། དགོངས་པ་འདུས་པའི་རྒྱུད་ལས། སློབ་དཔོན་མཚན་ཉིད་བརྟག་པ་ནི། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །བརྟན་ཞིང་དུལ་ལ་གཡོ་སྒྱུ་མེད། །གསང་སྔགས་བརྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་བརྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས་ཤིག་ཅེས་པ་དང་། ཡང་ཐིག་ལེ་དབང་གི་ཏན་ཏྲ་ལས། དེའང་མཚུངས་པར་ལྡན་པ་དང་། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །ཅེས་པ་ནས་གསུང་གི་བར་དང་། སྙིང་པོ་ལས། སྟོན་པ་མཆོད་རྩོན་ཅེས་པའི་ཚིག་གསུངས་པས། །མཚན་ཉིད་དེ་དག་དང་ལྡན་པས་ནི་དབང་གི་སློབ་དཔོན་བྱ་བར་གསུང་གིས། སུ་ཐོ་ཐོད་ཀྱིས་བྱ་བར་མ་གསུངས་སོ། །དེ་ལྟ་བས་ནས་དབང་གི་སློབ་དཔོན་ནི། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལགས་པས་ཐ་མལ་གྱི་སྤྱོད་པ་ལེགས་ཉེས་དང་། ཐུགས་ལ་འདོགས་མི་འདོགས་སུ་འཛིན་པ་སྐད་ཅིག་ཀྱང་མི་སེམས་པར་བླ་མ་ལ་སངས་རྒྱས་སུ་ལྟའོ། །འཁོར་ཕུན་སུམ་ཚོགས་པ་ནི། སློབ་མ་མཚན་ཉིད་དང་ལྡན་པ་ཞིག་དགོས་ཏེ། དེ་ཡང་རྒྱུད་ལས། བསྒོམ་དང་བསྒྲུབ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་ཤིང་། །དུས་སུ་བླ་མ་མཆོད་བྱེད་པ། །ཡོན་ཏན་དང་ལྡན་སློབ་མ་ཡིན། །ཞེས་པ་དང་། སྙིང་པོ་ལས། ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཞེས་པའི་ཚིག་བཞི་དང་། ཡང་དག་རྩ་བ་ལས། ཤེས་རབ་ཀྱི་ནི་བློ་ཕྱེ་ནས། །ངེས་པར་བརྟགས་པའི་ས་གཞི་ལ། །བློ་ལ་ངེས་པའི་ལུང་འདི་བསྟན། །ཞེས་གསུངས་པས་སློབ་མ་ཡང་མཚན་ཉིད་དེ་དག་དང་ལྡན་དགོས་ཏེ། སུ་ཐོ་ཐོད་གང་རུང་རུང་གི་སྤྱོད་ཡུལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདིར་འཚོགས་པ་རྣམས་མཆེད་རྡོ་རྗེ་སྤུན་བྱ་བ་ལགས་པས་འདི་ནས་རྡོ་རྗེ་འཆང་གི་གྲལ་དུ་མ་སླེབ་བར་དུ། དམ་ཚིག་ལུ་གུ་བརྒྱུད་དུ་སྦྲེལ་ཏེ་གཅིག་གི་གྲོགས་གཅིག་གིས་བྱས་ནས་སངས་རྒྱས་ཀྱི་ས་ལ་འགྲོ་བ་ལགས་པས། དེ་ལ་མཐུན་མི་མཐུན་དང་། དགའ་མི་དགའ་དང་། གཙང་མི་གཙང་དང་། དེ་ལ་སོགས་པའི་རྣམ་པར་མི་ལྟ་བར་ཐམས་ཅད་ལྷ་དང་ལྷ་མོའི་རྣམ་པར་གྱིས་ལ་ལོངས་སྤྱོད་ཅིག །ཡོ་བྱད་ཕུན་སུམ་ཚོགས་པའང་། རྒྱུད་ལས། ཡོ་བྱད་དཀའ་བ་ཀུན་བསྡུས་ནས། །ཁྱད་པར་མཆོད་དང་ལྡན་པ་ཡིས། །དངོས་གྲུབ་བསྒྲུབ་པའི་རྫས་སུ་བཞག །ཅེས་པ་དང་། ཡང་སྙིང་པོ་ལས། བཅོས་བུའི་རས་ནི་ཞེས་པ་དང་། །གཞན་ཡང་། གནས་དང་ལོངས་སྤྱོད་ཅི་བདེ་དང་ཞེས་གསུངས་པས། རྐྱེན་བཟློག་རྫས་ཀྱི་དང་། བསྒྲུབ་རྫས་དང་། མཆོད་རྟེན་དང་། འཚོ་བ་ཟས་དང་། དཀྱིལ་འཁོར་དབང་གི་ཡོ་བྱད་དོ། །དེ་ལ་དགྲའི་རྐྱེན་བཟློག་པའི་གོ་མཚོན་དང་། བགེགས་ཀྱི་རྐྱེན་བཟློག་པའི་གུ་གུལ་དང་། ལྕེ་སོག་དང་། ཉུངས་དཀར་དང་། ཕུར་བུ་ལ་སོགས་པའོ། །ནད་རྐྱེན་བཟློག་པའི་སྨན་དང་སྨན་པར་བཅས་པ། གཙང་ཆ་དང་སྤྲ་བར་བཅས་པ་སྤྱད་ཡིག་ལ་སོགས་པའོ། །བསྒྲུབ་པའི་རྫས་ཀྱང་། རྔེའུ་ཆུང་དང་། ཕུར་བུ་དང་། ཀ་པ་ལ་སོགས་པའོ། །མཆོད་པ་རྟེན་གྱི་ཡོ་བྱད་ཀྱང་། ཡི་དམ་གྱི་ལྷ། ཐང་སྐུའམ། ལུགས་སྐུ་ལ་སོགས་པ་སྟེ། ཡང་དག་རྩ་བ་ལས། མིག་གི་རྟེན་ཡང་མངོན་པར་བཀྲམ། །ཞེས་སོ། །འཚོ་བ་ཟས་ཀྱི་ཡོ་བྱད་ཀྱང་། ཚེ་དང་གལ་ཕྱི་དང་། འཛའ་གད་དང་། འཛའ་ཏི་དང་། ཟླ་རྒྱས་དང་། ཟླ་ཕྲོམ་དང་། མྂ་ས་གཡུ་མདོག་དང་། རྩ་ཏ་རུ་དང་། རྡོ་རྗེ་ཤུགས་དང་། རྡོ་རྗེ་ཀུན་ཏུ་རྒྱུ་དང་། རྡོ་རྗེ་ཀ་ཏ་རི་ལ་སོགས་པ་པུ་ཙ་འོས་པ་རྣམས་སོ། །ཀུན་འདུས་ལས་ཀྱང་། འབྱོར་པའི་ཡོ་བྱད་ཚང་བ་འདི། །བདེ་བ་ཆེན་པོའི་ཚོགས་སུ་བཤད། །ཅེས་པ་དང་། ཁུ་བྱུག་རོལ་པའི་རྒྱུད་ཕྱི་མ་ལས། ཀུན་ཏུ་རྒྱུ་དང་གལ་ཕྱིས་དང་། །ཟླ་རྒྱས་ཟླ་ཕྲོམ་ལྔ་གསུམ་རྫས། །བསྒྲུབ་པ་ཚོགས་ཀྱི་རྫས་སུ་བཞག །ཅེས་སོ། །དཀྱིལ་འཁོར་དབང་གི་རྫས་ནི། བུམ་པ་ལྔ་ལ་སོགས་པ་ཕྱི་ནང་གི་རྫས་རྣམས་སོ། །དེ་ལྟར་ཡོ་བྱད་ཕུན་སུམ་ཚོགས་པ་དེ་དག་ཀྱང་། བདེ་བ་ཆེན་པོའི་ཡོ་བྱད་མ། ལོངས་སྤྱོད་ཡེ་ཤེས་ཆེན་པོའི་ངོ་བོའོ། །དངོས་གྲུབ་ཆེན་པོའི་རྫས་ཁོ་ན་ལགས་པས། ལེགས་པ་དང་། མི་ལེགས་པ་དང་། ཞིམ་པ་དང་། མི་ཞིམ་པ་དང་། བཟའ་ཆེ་བ་དང་། ཆུང་བ་དང་། དེ་ལ་སོགས་པ་སྐད་ཅིག་ཀྱང་མི་སྐྱེ་མི་ལྟ་བར་དངོས་གྲུབ་ཆེན་པོའི་རོལ་པར་སྤྱོད་ཅིག །དུས་ཕུན་སུམ་ཚོགས་པ་ནི། སྟོན་པ་དང་། གནས་དང་། འཁོར་དང་། ཡོ་བྱད་དང་། དེ་རྣམས་འཛོམ་པའི་དུས་ཏེ། དེ་ཡང་འཇུག་པའི་དུས། ཚེས་གྲངས་དང་། གཟའ་དང་། སྐར་མ་བཟང་པོ་ལ་འཇུག་སྟེ། དེ་ཡང་རྒྱུད་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེ་སྤྱོད་བྱ། །སྔ་དྲོའི་དུས་སུ་དཀྱིལ་འཁོར་བྲི། །ཞེས་པ་ལ་སོགས་པའོ། །དེ་ལྟར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་ནས། དབང་གི་གླེང་གཞི་བཤད་པར་བྱ་སྟེ། རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏན་ཏྲ་ལས་བྱུང་བའི་རིམ་པ། འདོད་པ་ཁམས་ཀྱི་གནས་རིགས་འདི་ན་སློབ་དཔོན་དུང་གི་ཕྲེང་བ་ཅན་ཞེས་བྱ་བ། གོས་སུ་དུང་གི་ཕྲེང་བ་གོན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ལ། སློབ་མ་རྒྱལ་བུ་ཕྲུ་གུ་ཞིག་ཡོད་དེ། རྒྱལ་བུ་དེ་ལ་བྲམ་ཟེ་དེས་བསླབ་སྦྱང་ལ་སོགས་པ་མང་པོ་བསླབས་ནས། རིག་པའི་གནས་ལྔ་ལ་མཁས་པར་གྱུར་པ་དང་། རྒྱལ་བུས་བསམ་པ་ད་ནི་ང་ཡང་ཤེས་པ་མང་པོར་གྱུར་ཏེ། བདག་གི་གོང་དུ་བྲམ་ཟེ་འདི་ལས་མ་རྟོགས་པ་གཞན་སུ་ཡང་མ་ཤོར་ཏེ། འདི་གོང་དུ་མི་གཏང་ངོ་སྙམ་ནས། བྲམ་ཟེ་ལ་རྒུན་ཆང་བླུད་དེ་རྒྱལ་བ་དང་། ལྕེ་ནི་ལྕགས་ཀྱུས་དྲངས་ཏེ་བཅད། ལུས་ལ་རུས་སྦལ་གྱི་ཁྲག་གིས་བྱུགས། བུད་མེད་མང་པོ་མནན་ཞིང་བརྟུལ། བསྒྱིད་པ་ནི་མནན་ཞིང་བཅད་ནས་བཞག་པས། བྲམ་ཟེ་རེ་ཞིག་ནས་སད་པ་དང་། དྲུང་ན་སུ་འདུག་འབོད་པར་འདོད་པས་ནི་ལྕེ་བཅད་ནས་སྨྲ་མ་ཤེས་ཏེ། ལྟ་བར་བསམ་པས་ནི་མིག་ཀྱང་མེད། ལངས་ནས་འགྲོ་བར་བསམས་པས་ནི་སྒྱིད་པ་བཅད་ནས་འགྲོ་མ་ནུས། བུད་མེད་མང་པོ་མནན་ཤིང་བརྟུལ་བས་དྲན་པ་ཉམས། ལུས་ལ་ཁྲགས་གིས་བྱུགས་པས་ཆུ་བུར་གྱི་ནད་དང་རྐོང་པས་གང་བར་གྱུར་ཏོ། །དེ་ནས་བྲམ་ཟེས་བསམ་པ་འདི་ལྟར་སྡུག་བསྔལ་ལ་ཉོན་མོངས་ཤིང་ཉམས་ཐག་པ་འདི། ཚེ་རབས་སྔོན་གྱི་རྣམ་པར་སྨིན་པ་ཞིག་ཡིན་ནམ། འོན་ཏེ་གོང་དུ་ཤོར་གྱིས་དགོས་པའི་ཕྲག་དོག་ཅིག་ཡིན་བསྙམ་དུ་བསམས་ཤིང་བརྟགས་པ་དང་། རྒྱལ་བུ་ཕྲུ་གུས་གོང་དུ་ཤོར་གྱིས་དོགས་པའི་ཕྲག་དོག་ཡིན་པར་རིག་ནས། དམོད་བོར་བ། རྒྱལ་བུ་ཕྲུ་གུ་ཁྱོད་ངས་དེ་ཙམ་དུ་བློ་སྦྱོང་ནི་བྱས། བཤེས་གཉེན་ནི་མཐར་ཕྱིན་ནས། ང་ལ་འདི་ལྟ་བུའི་བརྔན་བྱེད་པ། ཁྱོད་ཀྱང་སྐྱེ་བ་གཅིག་གིས་ཚེ་ཐུང་ལ། ང་ཡི་ལུས་ལ་རུ་སྦལ་གྱི་ཁྲག་གིས་སྐུས་པས། ཁྱོད་ཀྱི་ལུས་ལ་མཛེ་དང་། ཕོལ་མིག་དང་། གཡན་པ་དང་། ལྷོག་པ་དང་། ཤ་བཀྲ་དང་། བས་ལྡགས་དང་། ཆུ་བུར་དང་། ནད་རྣམ་པ་དྲུག་གིས་ཐེབས་པ་དང་། ང་ཡི་ལུས་ལ་བུད་མེད་ཀྱིས་བརྟུལ་བས། ཁྱོད་ཀྱི་ལུས་ལ་ཤ་ཟ་མོ་སྟོང་གི་ཚང་བཅའ་བ་དང་། ང་ཡི་མིག་བརྩེགས་པས་ཁྱོད་ཀྱང་ལོང་བ་དང་། ངའི་ལྕེ་བཅད་པས་ཁྱོད་ཀྱང་སྨྲ་བ་ལྐུགས་པ་དང་། ངའི་སྒྱིད་པ་བཅད་པས་ཁྱོད་ཀྱང་ཞ་ཞིང་འགྲོ་མི་ཤེས་པར་གྱུར་ཅིག །དེ་ནས་ཚེ་འཕོས་ནས་ཀྱང་ངན་སོང་གསུམ་རིམ་པར་བརྒྱུད་དེ། དམྱལ་བའི་སར་སྐྱེས་ནས་ཚེ་རབས་གྲངས་མེད་པའི་བར་དུ་འཕགས་པའི་འབྲས་བུ་མི་ཐོབ་ཅིང་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་ཅིག །དེ་སྐད་ཅེས་དམོད་བོར་བ་དང་། དེ་ནས་རྒྱལ་བུ་ཕྲུ་གུ་དེ་དུས་མྱུར་དུ་ཚེ་འཕོས་ནས། རང་གི་ཉེས་བྱས་ཀྱི་རྣམ་སྨིན་དང་། བྲམ་ཟེའི་དམོད་མོ་འདོམ་པ་དེའི་དབང་གིས་སེམས་ཅན་གྱི་ནང་ནས་ལུས་ཧྲུལ་པོ་གཅེར་བུ་ཅན་ཞེས་བྱ་བར་སྐྱེས་ནས། ལུས་ལ་ནད་རྣམ་པ་དྲུག་གིས་ཐེབས་ནས་མི་བདེ། ཤ་ཟ་མོ་སྟོང་གི་ཚང་བཅས། མིག་ནི་ལོང་། ལྕེ་ནི་ལྐུགས། རྐང་པ་ཞ་བ་ལ་སོགས་པ་སྡུག་བསྔལ་བར་གྱུར་སྐད། དེ་ནས་ཚེ་འཕོས་ནས་ཀྱང་དམྱལ་ཁམས་བཅུ་དྲུག་གི་ཁ་བརྒྱུད་ནས་བསྐལ་པ་གྲངས་མེད་པར་བསྒྲངས་ཀྱི་བར་དུ་ཡང་འཕགས་པའི་ཞལ་མཐོང་བར་མ་གྱུར་ཅིག །བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་པ་ལ་ཐུག་པ་དང་། བཅོམ་ལྡན་འདས་ཉིད་ཀྱི་ཐུགས་ཁ་ནས་དཔལ་ཕྱག་ན་རྡོ་རྗེ་ཕྱུང་ནས། མདུན་དྲང་པོ་ན་བཀའ་ནོད་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་སོང་ལ་འདོད་ཁམས་འདི་ན་སེམས་ཅན་ལུས་ཧྲུལ་པོ་གཅེར་བུ་ཅན་ཞེས་བྱ་བ། ཚེ་སྔ་མ་ལ་སློབ་དཔོན་བྲམ་ཟེ་ཞིག་ལ་རྔན་སྣ་ཚོགས་པ་བྱས་པའི་རྣམ་པར་སྨིན་པ་དང་། བྲམ་ཟེའི་དམོད་པ་འདོམ་པའི་དབང་གིས། ད་ལྟ་ཡང་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་ལ་ཐུག །ལུས་ཀྱི་རྒྱུད་ནི་ཉོན་མོངས་ཤིང་སྡུག་བསྔལ་བར་གྱུར་ཏེ། དེ་ནས་ཚེ་འཕོས་ནས་ཀྱང་དམྱལ་ཁམས་ཀྱི་ཁ་བརྒྱུད་དེ། ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་དམྱལ་བར་ལྟུང་བ་ནི། རྣམ་པར་སྨིན་པ་བྲི་ནས་མཐོ་རིས་སུ་འགྲོ་སྲིད་ཀྱིས། འདི་ནི་སློབ་དཔོན་ལ་རྔན་བྱས་པས་ནམ་ཡང་ཐར་པའི་གནས་མེད་པས། ལག་ན་རྡོ་རྗེ་ཁྱོད་སོང་ལ་ཆོ་ག་ཟབ་མོའི་བྱིན་བརླབས་མཆོག་གི་དབང་དམ་པ་འདི་རྣམས་བསྐུར་ལ་མཐོ་རིས་ཀྱི་གནས་སུ་སྐྱེ་བར་གྱིས་ཤིག །ཅེས་བཀའ་སྩལ་པ་དང་ལག་ན་རྡོ་རྗེ་ཡིད་རངས་ཏེ། བཅོམ་ལྡན་འདས་ལ་སླར་གསོལ་བ། བཅོམ་ལྡན་འདས་དབང་ཐམས་ཅད་ཀྱི་རང་བཞིན་བཤད་དུ་གསོལ། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒྱལ་རིགས་བཙུན་པར་སྐྱེས་པའི་ཚེ། །རྒྱལ་སྲིད་འབངས་ཀྱི་ཕུལ་བ་ནི། །ཚིག་བཙུན་ཡུལ་ལ་དབང་བསྒྱུར་བའི། །ས་བདག་རྒྱལ་པོར་གནས་པ་བཞིན། །བཅོམ་ལྡན་བྱང་ཆུབ་སྤྱོད་པའི་ཚེ། །ལྷ་དང་ལྷ་མིན་འཁོར་བཅས་ལ། །དབང་བསྐུར་རྫས་ཀྱིས་མངའ་གསོལ་བས། །དེ་ནས་བྱང་ཆུབ་མངོན་སངས་རྒྱས། །ཕྱག་རྒྱ་གསང་བའི་གནས་སྲུངས་ཏེ། །བདུད་རྩི་བུམ་པས་སྡིག་རྣམས་བཀྲུས། །ཕྲེང་བ་ཅོད་པན་ཚུལ་ཁྲིམས་དང་། །རྣམ་ལྔའི་ཐུར་མས་བག་ཆགས་བསལ། །མེ་ལོང་འཁོར་ལོ་དུང་རྒྱ་གྲམ། །སྣ་བདུན་འཁོར་ལོས་སྟེགས་བཙུགས་ཏེ། །རལ་གྲི་ཤེས་རབ་མདའ་གཞུ་དང་། །སེང་གེ་ཉི་ཟླ་ལྟ་བུ་དང་། །འབྲས་བུ་བཀྲ་ཤིས་རྫས་བརྒྱད་སྦྱིན། །བདེན་པའི་བཀའ་བརྗོད་བདེན་བདར་དང་། །ཏིང་འཛིན་ཚངས་པའི་གླུ་དབྱངས་དང་། །རྟེན་འབྲེལ་རྫས་རྣམས་བཤམས་ནས་ནི། །དབང་མཆོག་དཔེ་ནི་དབང་བསྐུར་རོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་དག་པའི་ཕྱག་རྒྱ་བཅིངས་ཏེ། སེམས་ཅན་ལུས་ཧྲུལ་པོ་གཅེར་བུ་ཅན་གྱི་གནས་ལྔར་བཀོད་ནས་སྲུང་བས། ཤ་ཟ་མོ་སྟོང་གི་གནས་ཀྱང་བྱེར་རོ། །དེ་ནས་འདུ་འབྲལ་མེད་པ་གསང་བའི་དབང་གིས། བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་ལ་ཐུག་པ་སོས་ནས། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བྱིན་གྱིས་བརླབས་སོ། །དེ་ནས་དམ་ལྡན་པར་གྱུར་ཏོ། །ཅོད་པན་གྱིས་དབང་བསྐུར་བས་ཁམས་གསུམ་ན་གནས་པའི་བསམ་སྦྱོར་ངན་པའི་བག་ཆགས་དང་བྲལ་བར་གྱུར་ཏོ། །དེ་ནས་དམ་པ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་བས། ལུས་མི་བདེ་བ་རྣམས་བཀྲུས་ནས་དག་པར་གྱུར་ཏོ། །མེ་ཏོག་ཕྲེང་བས་དབང་བསྐུར་བས་ཚུལ་ཁྲིམས་ཀྱི་ཕྲེང་བ་ཞིག་རལ་ཡོངས་སུ་རྫོགས་ནས། ངན་སོང་ལས་བཟློག་པའི་དབང་དང་ལྡན་པར་གྱུར་ཏོ། །ཅོད་པན་གྱིས་དབང་བསྐུར་བས་ཁམས་གསུམ་ན་གནས་པའི་བསམ་སྦྱོར་ངན་པའི་བག་ཆགས་དང་བྲལ་བར་གྱུར་ཏོ། །དེ་ནས་གསེར་གྱི་ཐུར་མས་དབང་བསྐུར་བས་མ་རིག་པའི་ལིང་ཐོག་ཐིབས་པ་བྱང་ནས་གསལ་བར་གྱུར་ཏོ། །མེ་ལོང་གིས་ཆོས་ཐམས་ཅད་གཟུགས་བརྙན་ནམ་རྟེན་འབྲེལ་སྒྱུ་མ་ལྟ་བུར་མཐོང་ངོ་། །གསེར་གྱི་འཁོར་ལོས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ནས། ཁམས་གསུམ་ཐམས་ཅད་དུ་འགྲོ་ནུས་པར་གྱུར་ཏོ། །དུང་གིས་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཏོ། །རྒྱ་གྲམ་གྱིས་ཕྱོགས་བཅུ་ནས་སྔགས་འཆང་རྣམས་ཀྱིས་རྟག་ཏུ་བསྲུང་བར་གྱུར་ཏོ། །དེ་ནས་རཏྣ་སྣ་བདུན་མཁའ་ལས་རྒྱུད་མར་བྱུང་སྟེ། འཁོར་ལོ་རཏྣ་དང་། ནོར་བུ་དང་། བཙུན་མོ་དང་། ཁྱིམ་བདག་དང་། བློན་པོ། རྟ། གླང་པོ་རྣམས་ཀྱིས་དབང་བསྐུར་བས་ཕྱིར་མི་ལྡོག་པའི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྤྲིན་དཔུང་ཞེས་བྱ་བར་གྱུར་ཏེ། དེ་ལ་ཡེ་ཤེས་ཀྱི་རལ་གྲི་དང་། ཐབས་ཤེས་རབ་ཟུང་དུ་འབྲེལ་བའི་མདའ་གཞུ་དང་། བརྗིད་པའི་སེངྒེ་མྱུར་བའི་གཟུགས་ཅན་རྣམས་ཀྱིས་དབང་བསྐུར་བས་སྐད་ཅིག་ལ་སངས་རྒྱས་ཏེ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བས་བསྟོད་ནས། ཉི་མ་དང་ཟླ་བ་ཕྱག་ཏུ་ཕུལ་མ་ཐག་ཏུ། ཉི་མས་སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་དུས་མཐའ་མེད་པར་ཤར་བས་གྲོ་ཞིང་འཇམ་པར་གྱུར་ཏོ། །ཟླ་བས་ནི་སྟོང་གསུམ་གྱི་མུན་པ་ཐམས་ཅད་དུས་གཅིག་ཏུ་བསལ་ནས་དུ ས་དང་སྣང་བ་ཐམས་ཅད་དུ་བསིལ་ཞིང་སྣང་བར་གྱུར་ཏོ། །དེ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་འཕང་ཆེན་པོ་རྫོགས་པར་གྱུར་ཏེ། ཐམས་ཅད་ནས་ཐམས་ཅད་དུ་བཀྲིས་ནས་གྲུབ་པའི་རྫས་སུ་གསུངས་པ་དང་། འདོད་པ་ཁམས་ཀྱི་ལྷ་དང་འོག་མིན་གྱི་ལྷ་དང་། འོག་གི་ས་བདག་དང་། རིགས་ཀྱི་བྲམ་ཟེ་དང་། གང་ཟག་དད་པ་གསལ་ཞིང་རིག་པའི་གླང་པོ་དང་། མཁྱེན་པའི་དཔལ་ལ་སོགས་ཏེ་སྦྱིན་པའི་གནས་སུ་བསྐྱེད་པའི་ཕྱིར། བཀྲ་ཤིས་ཀྱི་མངའ་གསོལ་ནས། གཞན་ལ་ཕན་པའི་དོན་དུ་ཚིགས་སུ་བཅད་དེ་བསྟོད་པ། དེ་བཞིན་གཤེགས་པ་དགེས་པ་དགེས་པ་ཆེ། །རྡོ་རྗེ་བདག་ནི་བརྟན་དུ་མ་བཏང་ཞིག །ཉུངས་དཀར་དངོས་གྲུབ་རྫས་ཀྱིས་བགེགས་ཀྱི་སྦྱོར་བ་རྣམས་འཇིག་ཅིང་། ཞོའི་རྣམ་པར་རྒྱལ་བྱེད་ཏིང་འཛིན་བཅུད་ཀྱིས་འཚོ་བ་དང་། དུར་བས་དགེ་བའི་རྩ་བ་དཔག་མེད་ཚོགས་ལྡན་ཞིང་། ལི་ཁྲིས་ལྷ་མོ་མང་པོ་དབང་དུ་བསྡུས་པ་ཕྱེད་པར་ཤོག །མེ་ལོང་གིས་ནི་ཆོས་ཀུན་གཟུགས་བརྙན་ལྟ་བུར་རྟོགས་པ་དང་། དུང་གིས་འཇིག་རྟེན་གསུམ་དུ་ཆོས་ཀྱི་གྲགས་པ་ཐོབ་གྱུར་ནས། གྷི་ཧྂ་གིས་ནི་དུག་གསུམ་ཞི་བྱེད་ཆོས་སྲོག་མང་པོ་འཚོ་བ་དང་། བིལ་བས་མཚུངས་མེད་བླ་མེད་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །ཞེས་བརྗོད་ནས་བཀྲ་ཤིས་རྫས་བརྒྱད་ཀྱི་མངའ་གསོལ་ནས། སོ་སོའི་ཡོན་ཏན་ཇི་ལྟར་གསུངས་པ་བཞིན་བཀྲ་ཤིས་པར་གྱུར་བགྱི་བར་གདའ། དེ་ལྟ་བས་ན་གཞན་གྱི་སྡིག་པ་མཚམས་མེད་པ་ལྔ་དང་། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་རྣམས་འདག་ཅིང་འཇོམས་པར་འགྱུར་བ་ནི་ལྟ་སྨོས་ཀྱང་ཅི་དགོས། བླ་མ་ལ་བརྙས་པ་བྱས་པའི་རྣམ་སྨིན་ཀྱང་། དབང་བསྐུར་བའི་ཕྲིན་ལས་ཁྱད་པར་ཅན་གྱིས་འདག་པར་འགྱུར་བ་ནི་ཁྱད་པར་རྨད་དུ་བྱུང་བའི་ཕྲིན་ལས་ཏེ། བདེ་བ་ཆེན་པོ་ལ་དགོངས་ལ་ཐུགས་བདེ་བར་ནོས་ཤིག །དེ་དག་ནི་དབང་གི་གླེང་གཞི་བཤད་པའོ། ༈ །ད་ནི་འདི་ན་མར་དབང་མི་འཆགས་པའི་གགས་བརྒྱད་བཤད་པར་བྱ་སྟེ། འདི་ལྟར་ཐུགས་ལ་བཞག་འཚལ། དཔེར་ན་ཆུ་རང་བཞིན་གྱིས་རྣམ་པར་དག་ཅིང་དངས་པ་ལ། གློ་བུར་གྱི་རྙོག་མས་བརྙོག་ནས་མི་གསལ་བའམ། འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་གྱི་སྤྲིན་དང་ཁུ་བརླངས་ཀྱིས་བསྒྲིབས་ནས་མི་གསལ་བ་བཞིན། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་གསལ་བ་ལ། གློ་བུར་གྱི་རྣམ་པར་རྟོག་པའམ། བག་ཆགས་སྤྲིན་ལྟ་བུར་བྱུང་ནས་སྒྲིབས་པ་ནི། འདི་ལྟ་སྟེ། སངས་རྒྱས་ཀུན་གྱི་དངོས་གྲུབ་དང་། །བྱིན་བརླབས་དབང་མཆོག་འབྱུང་བ་ནི། །དཔེར་ན་རྒྱ་མཚོ་དངས་པ་ལ། །ཉི་ཟླའི་གཟུགས་བརྙན་འབྱུང་བ་ཡང་། །རྙོག་མ་ཆུའི་གགས་གྱུར་བཞིན། །བྱིན་རླབས་དབང་མཆོག་འབྱུང་བའི་གགས། རྣམ་པ་བརྒྱད་དུ་འབྱུང་བར་བཤད། །ཅེས་པས། དེ་ལ་དང་པོ་ནི། སྔོན་འབྱུང་སྟོན་པ་སློབ་དཔོན་ལ། །བཀའ་བཅག་བརྙས་པ་བྱེད་པ་ནི། །དབང་དང་དངོས་གྲུབ་དམ་པའི་གགས། །ཅེས་བཤད་པས། བླ་མ་ནི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། དངོས་གྲུབ་འབྱུང་བའི་རྩ་བ་ལགས་པས་བཀའ་བཅག་དང་བརྙས་པ་སྤང་བར་བྱའོ། །བླ་མེད་རྡོ་རྗེ་འགྲོ་བའི་སྤུན། །འཁུ་ལྡོག་གདུངས་པའི་སེམས་མེད་ན། །དབང་དང་དངོས་གྲུབ་གགས་གཉིས་པ། །ཞེས་མཆེད་ལ་བརྩེ་བ་དང་གདུང་བའི་སེམས་ཆེར་བྱའོ། །བྱང་ཆུབ་ལམ་ལ་འདུ་མེད་ཅིང་། །ཐར་པ་འདྲེན་པའི་ལྷ་སྤོང་པ། །དངོས་གྲུབ་འབྱུང་བ་གགས་གསུམ་པ། །ཞེས་པས་དོན་དམ་བྱང་ཆུབ་སེམས་དང་། ཀུན་རྫོབ་བྱང་ཆུབ་སེམས་མ་སྤོང་ཞིག །དེའི་རྟགས་ཡི་དམ་གྱི་ལྷ་དང་ནམ་དུ་ཡང་འབྲལ་བར་མ་བྱེད་ཅིག །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་གཅོད་པ་གགས་བཞི་པ། །ཞེས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་ཐག་པ་མ་གཅད་ཅིག །གསང་སྔགས་གསང་བའི་ལྟ་སྤྱོད་རྣམས། །ཡེངས་ལ་བྱིན་པ་ལྔ་པའི་གགས། །ཞེས་པས་སྣོད་ཀྱིས་མ་སྨིན་པ་དང་། ཟབ་པས་མ་སྨིན་པ་དང་། ཆོས་ཀྱིས་མ་སྨིན་པ་ལ་སོགས་པ་སྣོད་དུ་མི་རུང་བའི་གང་ཟག་རྣམས་ལ་གསང་སྔགས་ཟབ་མོའི་དོན་མ་བསྟན་ཅིག །ཐར་ལམ་སྟོན་པ་འདུད་མེད་ཅིང་། །སེར་སྣས་བཅིངས་པ་དྲུག་པའི་གགས། །ཞེས་པས་དབང་བསྐུར་བའི་བླ་མ་ལ་མོས་གུས་མེད་ཅིང་། དབང་འཆགས་པའི་རྟེན་ཡོན་དབུལ་བ་ལ་སེར་སྣ་མ་བྱེད་ཅིག །གཟུ་ལུམས་དབང་མེད་ལས་ལ་སྤྱོད། །དངོས་གྲུབ་འབྱུང་བའི་གགས་བདུན་པ། །ཞེས་པ་བླ་མའི་བཀའ་མ་ཐོབ་ཅིང་དབང་མ་བསྐུར་བར་གསང་སྔགས་ཟབ་མོའི་དོན་ལ་གཟུ་ལུམས་དང་རས་ཆོད་མ་བྱེད་ཅིག །འདོད་པ་ཁེང་གྲགས་ལྟ་བུར་བྱེད་ཅིང་། གསང་བའི་དམ་ཚིག་སྤོང་བ་ནི། འདི་ནི་བརྒྱད་པའི་གགས་སུ་བསྟན། །ཅེས་པས་འདོད་པ་དང་ཁེང་གྲགས་ལྷུར་མ་ལེན་པར། གསང་སྔགས་ཀྱི་དམ་ཚིག་རིན་པོ་ཆེ་གསེར་དང་འདྲ་བ་འདི་མ་སྤོང་ཅིག །ཉམས་པ་འདི་དག་སུས་སྤོང་བ། །དངོས་གྲུབ་དབང་གི་སྣོད་དུ་བཤད། །འདི་ལྟར་ཁྱོད་ཀྱི་རབ་བསྟན་ན། །བུ་ཁྱེད་ནང་པར་འདྲི་བྱེད་པ། །དཀྱིལ་འཁོར་དྲུང་དུ་ལེགས་པར་ཉོན། །ཅེས་གདམས་པ་ཡིན་ནོ། །གགས་བརྒྱད་གསལ་བར་བྱེད་པའི་པྲ་ཁྲིད། སྙན་རྒྱུད་ཡི་གེ་མེད་པའི་གདམས་པ། ཨཐྎ།། །།
དེ་ལྟར་དབང་གི་གླེང་གཞི་ཚར་ནས། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་རྒྱལ་ཐེབས་ཀྱིས་སྣ་དྲངས་ལ། མཆེད་ལྕམ་ཀུན་གྱིས་བྱ། ཕྲིན་ལས་ཀྱི་ཞལ་བསྐོས་བྱས་ལ། ཞི་ཁྲོ་དང་མ་མོ་གཞུང་བསྲང་། གཞན་ཡང་སྔགས་པ་རྣམས་ཀྱིས་བསྒྲུབ་པ་བཀའ་བརྒྱད་ཆར་གྱི་ཕྲིན་ལས་ལྕོགས་ཚད་བྱའོ། །འཛབ་བྱ་ཚོགས་ལ་རོལ། ནང་པར་གཏོར་མ་བཏང་། ལྷག་མ་ལ་སོགས་པ་སྤྱི་དང་མཐུན་པར་བྱ། ཡོ་བྱད་མ་ཚོགས་པ་ཀུན་དེའི་ཉིན་མོ་ལེན་དུ་བཞུག་གོ། །དེ་རྣམས་ནི་སྔོན་འགྲོ་གནད་ཀྱི་ཡིག་ཆུང་ཞེས་བྱའོ། །ཨྀིཊ྅྅྅།། །།
བླ་མ་དམ་པ་རྣམས་ལ་ན་མོ། ད་ནི་དབང་གི་དངོས་གཞིའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་མདོ་ཡོངས་རྫོགས་དང་། ཁྱད་པར་གཉིས་ལས། དང་པོ་ལ་ཡན་ལག་གི་དཀྱིལ་འཁོར་དང་། རྩ་བའི་དཀྱིལ་འཁོར་གཉིས་སུ་ངོས་བཟུང་སྟེ། དེ་ཡང་དབང་གི་ཆུ་བོ་བཞི་ལས། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་བརྒྱུད་ཀྱི་ཆུ་བོས་བྱ། །ཞེས་གསུངས་པས། ཐོག་མར་ཡན་ལག་གི་དཀྱིལ་འཁོར་བསྟན་པ་ནི། ལྷ་མའི་དཀྱིལ་འཁོར་གྱི་ཆོ་ག་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཀྲི་ཡའི་དང་། ཡོ་གའི་དཀྱིལ་འཁོར་གྱི་ཆོ་གའོ། །དེ་ལ་སྔ་དྲོ་དང་པོ། སློབ་མ་འདུས་པ་རྣམས་ཀྱིས། ཕྱི་དབང་གི་ལུགས་སུ་འབུམ་ལྔ་གདོན་ཅིང་སྦྱིན་པ་དགྱེ། སྲོག་དང་རྒྱ་བླུ་ལམ་འཕྲང་བསལ། ཚྭ་ཚྭ་ཆུ་གཏོར་ལ་སོགས་པའི། །ཆོས་སྤྱོད་སྐྱབས་འགྲོ་སེམས་བསྐྱེད་སོགས། །དགེ་ཚོགས་དཔུང་བསྐྱེད་བསྔོ་བ་བྱ། །ཞེས་གསུངས་པས་གང་བྱ་བ་དང་གང་བྱེད་པའི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་དགེ་བ་ཡིན་ཏེ། དགེ་སྤྱོད་ཀྱི་བརྟུལ་ཞུགས་ལ་གནས་པའི་རྣལ་འབྱོར་པ་ཇི་ལྟར་བསམ་པ་བཞིན་འགྲུབ་ཅིང་འབྲས་བུ་ཡང་མཐར་ཕྱིན་པར་འགྱུར་རོ། །དེ་ཅིས་མངོན་ན་སྔོན་གྱི་རྒྱལ་བ་རྣམས་ཀྱིས་རབ་ཏུ་བསྔགས་པའི་ཕྱིར། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་གསུང་ལས་གསལ་བར་བྱེད་པའི་ཕྱིར་རོ། །གཞན་ཡང་། ཚོགས་བསགས་པ་ལས་བདེ་བ་འབྱུང་། །ཞེས་པ་ལས་གང་དང་གང་གི་སྔོན་དུ་དགེ་ཚོགས་དཔུང་བསྐྱེད་པ་ནི་གདམས་པའི་གནད་ཡིན་ནོ། །ཞེས་གསུངས་པས། མདོ་སྡེ་འབུམ་ལྔ་འདོན་པ་དང་། ཚྭ་ཚྭ་གདབ་པ་དང་། ཆུ་གཏོར་གཏང་བ་ལ་སོགས་པ་དགེ་བའི་དཔུང་བསྐྱེད་ལ། ཀུན་གྱིས་འབད་དོ། །སྔོན་འགྲོ་ལ་ནན་ཆགས་ཆེར་བྱས་པས། བར་ཆད་འབྱུང་མི་སྲིད་ཡིན་གསུང་གིན་གདའོ། །ཨཐྎ།
།དེ་ལྟར་གོང་དུ་སའི་ཆོ་ག་དང་། སྔོན་དུ་འགྲོ་བའི་ལས་རྣམས་ཚར་ནས། ནུབ་གཉིས་པ་ལ་ལྷ་མི་ཉན་རང་གསུམ་གཅིག་ཏུ་དྲིལ་ལ་བསྐུར་ཏེ། དགོང་མོ་ལས་མཁན་གྱིས་དཀྱིལ་འཁོར་ཆག་ཆག་བཏབ་ལ། གླིང་བཞིར་དབྱེ། ལྷོ་ནུབ་ཏུ་ལྷ་མིའི་དཀྱིལ་འཁོར་གླིང་བཞི་གླིང་ཕྲན་དང་བཅས་པ། གླིང་བཞི་ཕྱོགས་མཚོན་མུ་ཁྱུད་ལྕགས་ཁར་བྲི། དབུས་ཀྱི་ལྟེ་བ་ལ་རྣམ་སྣང་པདྨ་བཞི་ལ་རྒྱལ་པོ་ཆེན་པོ་བཞིས་བསྐོར་བ་བཀོད། པདྨ་འདབ་མ་བཅུ་གཉིས་ལ། གླིང་བཞི་གླིང་ཕྲན་བཅུ་གཉིས་དགོད་གསུང་ངོ་། །གྲུ་ཆད་སྒོ་བཀལ་བྱ། དཀྱིལ་འཁོར་གྱི་ཟུར་བཅུ་གཅིག་ཏུ་ཉན་ཐོས་ཀྱི་དཀྱིལ་འཁོར་དབུས་སེར་པོ་ལ་པདྨ་རིམ་པ་གསུམ་བསྐོར་ཏེ། ནང་དུ་བཞི། ཕྱི་རིམ་དུ་བརྒྱད་བརྒྱད། བཅུ་དྲུག་མཛེས་མཚོན་དུ་བྲི། དཀྱིལ་འཁོར་གྱི་ཟུར་གཅིག་ཏུ་རང་རྒྱལ་གྱི་དཀྱིལ་འཁོར་དབུས་དམར་པོ་ལ་ནང་དུ་པདྨ་འདབ་མ་བཞི། ཕྱི་རིམ་དུ་བརྒྱད་བཅུ་གཉིས་བྲིའོ། །དེ་ནས་དཀྱིལ་འཁོར་བྲི་བ་ཟིན་པ་དང་། ལས་མཁན་གྱིས་ཕྱི་མཚམས་བཅད། སའི་རྗེས་ལ་རོལ་མོའི་སྒྲ་སྦྱར་ཏེ། ལྷ་མི་ཉན་རང་རིམ་པས་སྔོན་ལ་བུམ་པ་བཀོད་ཏེ། ལྷ་མའི་བུམ་པ་ཆས་སུ་བཅུག་ལ་རྣམ་སྣང་བསྐྱེད་ལ་དགོད། དབང་རྫས་ཀ་མེད་རྣམས་གོ་རིམ་དུ་དགོད། མཆེད་ལྕམ་རྣམས་རང་གི་ལོ་གྲངས་དང་མཉམ་པའི་ཚ་ཚ་ཀར་ཞལ་ནས་ཕྱུང་ལ་དཀྱིལ་འཁོར་ལ་དགོད། རྟེན་འབྲེལ་སྙིང་པོས་རབ་གནས་བྱའོ། །དེ་ནས་ཉན་ཐོས་ཀྱི་དཀྱིལ་འཁོར་ལ་ལྟེ་བ་ལ་བུམ་པ་བདེན་པ་བཞིར་བྱིན་གྱིས་བརླབས་ལ་བཀོད། པདྨ་འདབ་མ་བཅུ་དྲུག་ལ་མཆོག་བཅུ་དྲུག་གི་ཙ་ཀ་ལི་བཀོད། སྐུའི་རྟེན་ཤཱཀ་ཐུབ་བྲིས་སྐུའམ་ལུགས་སྐུ་བཀྲམ། གསུང་གི་རྟེན་གླེགས་བམ་བཞུགས། ཐུགས་ཀྱི་རྟེན་རྡོ་རྗེ་དྲིལ་བུ་བཀོད། དེ་ནས་རང་རྒྱལ་གྱི་དཀྱིལ་འཁོར་གྱི་ལྟེ་བ་ལ་བུམ་པ་ཆས་སུ་བཅུག་ལ་ཤཱཀ་ཐུབ་རྫོགས་ཚུལ་དུ་བསྐྱེད་ལ་བཀོད། པདྨ་འདབ་མ་བཅུ་གཉིས་ལ་རང་སངས་རྒྱས་བཅུ་གཉིས་ཀྱི་ཙ ཀ་ལི་བཀོད། མཆོད་པ་རྣམ་ལྔ་བཤམ། དཀྱིལ་འཁོར་གྱི་རྒྱན་ཐམས་ཅད་བཀྲམ་ཞིང་བསྟར་བར་བྱའོ། །དེ་ནས་ཀུན་གྲལ་ལ་འདུག་ལ། སློབ་དཔོན་གྱིས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོས་བཤད། ཨེ་མ་སངས་རྒྱས་ཀྱིས་མཚམས་བཅད། ལམ་ཁྱེར་གསུམ་ལས། ཐེག་པའི་ལམ་ཁྱེར་ལ་ལྷ་མིའི་ཐེག་པ། ལྷ་ལམ་ཁྱེར་རྣམ་པར་སྣང་མཛད་མི་འཁྲུགས་པ། སྙིང་པོ་ལམ་ཁྱེར་ལ་ན་མོ་བྷ་ག་ཝ་ཏེ་དང་ཀཾ་ཀ་ནི། སྒྲིབ་སྦྱོང་ཚོགས་སོགས། རྫོགས་པ་ཆེན་པོའི་གཞུང་ཕྲིན། རབ་གནས་རྟེན་འབྲེལ་གཞུང་ཕྲིན། གནས་རྟེན་དང་སྨན་ལྷའམ་ཆ་གསུམ་ཆོག་ཕྲིན། ཚེ་དཔག་མེད་ཀྱི་གཞུང་འཕྲིན། མཚན་མོ་མདོ་མཆོད་ལས་མཁན་གྱིས་གཞུང་བསྲང་། པང་ཀོང་གིས་ཕྱག་བཙལ། ཀུན་གྱིས་ལངས་ལ་བསྐོར་བ་བྱ་ཞིང་སྐྱབས་འགྲོ་དང་སེམས་བསྐྱེད་ལ་འབད་དོ། །དེ་ནས་བསྙེན་པ་བསྐྱལ་ལོ། །ཉན་ཐོས་ལ་དཀྱིལ་འཁོར་བྲི་བ་ལ་སོགས་གོང་དུ་སོང་ནས། བསྙེན་པ་ལ་གསུམ་ལས། ཐེག་པ་ལས་ཉན་ཐོས་ཀྱི་ཐེག་པ། དེ་ལ་ལྟ་སྒོམ་སྤྱོད་འབྲས་བཞི་སྦྱར་ཏེ། གཟུང་འཛིན་དོན་དམ་དུ་འདོད་པ་ལྟ་བ། དེའི་ངང་ལ་གནས་པ་སྒོམ་པ། དེ་དང་ཚུལ་མཐུན་པར་སྤྱོད་པ་སྤྱོད་པ། དགྲ་བཅོམ་པ་ཐོབ་པར་འདོད་པ་འབྲས་བུའོ། །ལྷ་ལམ་ཁྱེར་ནི་ཤཱཀ་ཐུབ། སྙིང་པོ་ལམ་ཁྱེར་ནི་མུ་ནི་བཟླས་པ། རང་རྒྱལ་ལ་ཡང་དཀྱིལ་འཁོར་བྲི་བ་ལ་སོགས་གོང་དུ་བསྟན་ནས། ཐེག་པ་ལ་རང་སངས་རྒྱས། ཁྱེར་སོ་བཞི་ལ། ཐེག་པ་ལམ་ཁྱེར་ལ་ཆོས་ཀྱི་བདག་ལ་ཕྱོགས་གཅིག་རང་བཞིན་མེད་པར་རྟོགས་པར་ལྟ་བ། སྒྱུ་མའི་ཡེ་ཤེས་རྟེན་འབྲེལ་བཅུ་གཉིས་ཀྱི་དོན་སྒོམ་པ་ནི་སྒོམ་པ། རྫུ་འཕྲུལ་གྱི་སྒོ་ནས་གཞན་དོན་ཤས་འགའ་ཙམ་སྤྱོད་པ་ནི་སྤྱོད་པ། ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་པ་ནི་འབྲས་བུའོ། །ཆོས་ཀྱི་བདག་ལ་ཕྱོགས་གཅིག་རང་བཞིན་མེད་པར་རྟོགས་པས་ཉན་ཐོས་ལས་འཕགས་སོ། །ལྷ་ལམ་ཁྱེར་ལ་ཤཱཀ་ཐུབ། སྙིང་པོ་ལམ་ཁྱེར་ལས་རྟེན་འབྲེལ་སྙིང་པོ། དབང་ལམ་ཁྱེར་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱིས་དབང་བསྐུར། དེ་ལྟར་བསྙེན་པ་རྣམས་རྫོགས་ནས། ལྟོ་ཟོས་ལ་མཆེད་ལྕམ་རྣམས་ཕྱིར་ཕྱུང་ལ་ཁྲུས་བྱ། སློབ་བུས་ནང་དུ་དབང་ཁྲི་རྩིག །མཆེད་ལྕམ་རྣམས་འོང་དུས་སུ་ལྷའི་ང་རྒྱལ་གྱིས་བགེགས་བསྐྲད། ཀུན་གྲལ་ལ་འདུག་ལ་རོལ་མོའི་སྒྲ་སྦྱར། ལྷ་ཚོགས་རིམ་པར་སྤྱན་དྲངས་ལ། སློབ་བུས་མདོ་མཆོད་རྣམ་ལྔ་གྱེར་ཞིང་དབུལ། སྡོམ་རྟེན་ཅི་རིགས་པར་བླ་མ་ལ་དབུལ། བླ་མ་ཤཱཀྱ་ཐུབ་པར་བསྒོམས་ལ་དབང་གོས་དང་ལྡན་ཞིང་སྟེགས་ལ་འཛེགས་ལ། གསོལ་བ་བཏབ་པར་བྱ་སྟེ་འདི་སྐད་དུ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བའི། །དེ་རིང་བཤད་པའི་རིན་ཆེན་མཆོག །གཙོ་བོས་བདག་ལ་སྐུ་དྲིན་སྐྱོབས། །ཞེས་གསོལ་བ་བཏབ་ལ། དུས་ཁྲིམས་སོགས་བསྙེན་གནས་ཀྱི་སྡོམ་པ་འབོག །རྩ་བ་བཞིའི་སྡོམ་པ་འབོག་སྟེ། སློབ་དཔོན་ཤཱཀ་ཐུབ་དུ་བསྒོམས་ལ། བཙུན་པ་དགོངས་སུ་གསོལ་ལོ། །ཞེས་པ་ལ་སོགས་པ་ལས་བྱང་ལྟར་དུ་བྱ། དགེ་བཅུ་དང་སྡིག་བཅུའི་སྤང་བླང་བཤད། ལྕི་བ་བཞི་དང་ལོག་པ་བརྒྱད་ལ་སོགས་པ་རྒྱས་བསྡུས་ཅི་རིགས་སུ་བཤད་དེ། དཀྲས་སྡང་དུ་ལྟའོ། །ཐེག་པ་དང་པོ་བཅུ་དྲུག་མགོན། །ཞེས་གསུངས་པ་མི་ཆོས་བཅུ་དྲུག་ལ་གཞི་བླངས། ཆོས་དགེ་བ་བཅུ་སྤྱད་པའི་ཕན་ཡོན་གྱི་ལུང་དཀྲས་སྡང་ལྟར་དུ་དྲང་། དེ་ནས་རྡོ་རྗེ་རྒྱལ་པོ་ཉིད་ཤཱཀྱ་ཐུབ་པའི་ང་རྒྱལ་དུ་ཞུགས་ལ། སྣང་སྲིད་ཀྱི་བཅུད་ཐམས་ཅད་བདག་གི་སྤྱི་བོར་ཐིམ་པ་ལས། སྤྱི་བོ་ནས་རིན་པོ་ཆེ་སྣ་ཚོགས་པ་འཕྲོས་ནས་དགོས་འདོད་ཡོངས་སུ་སྐོངས་པར་བསམས་ལ། ལས་མཁན་གྱིས་བུམ་པ་གདན་དྲངས་ལ་དབང་བསྐུར། དེ་ནས་ཙ་ཀ་ལི་ཀ་ཁའི་དབང་བསྐུར། དེ་བཞིན་དུ་སློབ་བུ་ལ་ཡང་བསྐུར་རོ། །དེ་ཡང་གགས་དྲུག་བཤད་ན། གོང་དུ་བཤད་པའི་གནས་ནི་ཆུ་བོ་ན་ར་ཛ་རའི་འགྲམ་དུའོ། །གང་གིས་བཤད་པའི་བསྟན་པ་ནི་ཤཱཀྱ་ཐུབ་པ་ཆེན་པོའོ། །གང་ལ་བཤད་པའི་འཁོར་ནི་བྱང་ཆུབ་སེམས་དཔའ་དོན་གྲུབ། གང་བཤད་པའི་ཐེག་པ་ནི་ལྷ་མིའི་ཐེག་པ་སྟེ། དབང་ཀག་སྨད་ཀྱི་དབང་། རྒྱུ་མཚན་ཉིད་ཀྱི་ཐེག་པའི་དབང་གི་སྔོན་དུ་འགྲོ་བའི་ཕྱིར་རོ། །དགོས་པ་ནི་འཇིག་རྟེན་པའི་བྱ་བ་ལས་འཕགས་པའི་དགོས་པ་ཡོད་སྐད། དེ་ཡང་གཞུང་ལས། གང་གིས་གང་ལ་ཅི་ཕྱིར་གང་དགོས་པ། །འདི་ནི་ལྷ་མིའི་ཐེག་པའི་གགས་ནས་དྲུག་ཡིན། །ཞེས་སོ། །གདམས་ངག་ཏུ་ཞུ་ན། དགེ་བཅུ་དག་ལ་གཙོར་བྱེད་པས། །དགེ་བ་མི་འབྲལ་འཕེལ་རྒྱས་བྱ། །ཞེས་པས་དབང་མི་ཟད་པའམ་འཕེལ་བར་བྱེད་པའི་རྟགས་སུ་རང་གི་སྤྱི་བོར་ཟླ་བ་ཉ་གང་པ་ཞིག་བསྒོམ། དེའི་སྟེང་དུ་ཤཱཀྱ་ཐུབ་པ་འདུ་འབྲལ་མེད་པར་བྱ་བ་དང་སྤྱོད་པ་ཅི་བྱེད་ཀྱང་། སྤྱི་བོས་ཤཱཀྱ་ཐུབ་པས་བཀའ་བསྒོ་ནས་བྱེད་པས། ཤཱཀྱ་ཐུབ་པའི་གསུང་ལ་འདའ་བ་ནི་མི་དགེ་བའི་སེམས་མེད་པའོ། །དེ་ནི་ཡེ་ཤེས་ཀྱི་ངང་སྒོམ་ཆུང་ངུན་གྱི་ཐད་ཀར་གཟིགས་ཤིག །འདི་ནི་དབང་དོན་ཆེན་པོ་དཀྲས་སྡང་ལས། ལྷ་མིའི་ཐེག་པའི་སྐབས་སོ། །འདི་ནི་འཁྲུལ་སྣང་རྩད་གཅོད་ནམ་མཁའ་དང་མཉམ་པའི་རྒྱུད་ལས་གསུངས་སོ། །འདི་དག་རེ་རེ་ལ་ཞག་རེ་བྱེད་ན། ཁྲུས་བྱ་བ་ནས་སྡོམ་པ་ལེན་པ་ལ་སོགས་པ་སྔོན་ལ་བྱེད་དེ་པྲ་ཁྲིད་ལྟར་རོ། །དེ་ནས་བཀའ་དྲིན་གསོལ་བ་དང་། ཡོན་དབུལ་བ་ལ་སོགས་དུས་གཅིག་ལ་བྱ། ལྷ་མིའི་དཀྱིལ་འཁོར་གྱི་ཆོ་གའོ། །དེ་ནས་ཉན་ཐོས་ཀྱི་དབང་བསྐུར་ཏེ། སློབ་བུ་ཁྲུས་བྱ་བ་ནས་རྣམ་ལྔ་དབུལ་བ་དང་། མདོ་མཆོད་བྱ་བ་ལ་སོགས་པ་གོང་གིས་འདྲེས། དེ་ནས་རྒྱུ་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ལ་ཤཱཀྱ་ཐུབ་པ་ལ་བདེན་པ་བཞིའི་དབང་ཞུས་ལ། དེ་ཉིད་ཤཱཀ་ཐུབ་ཏུ་བསྒོམ་སྟེ་སྤྱི་བོར་རིན་པོ་ཆེ་འོད་སྣ་ཚོགས་འཕྲོ་བ་ཞིག་བསྒོམ། དེ་ནས་བུས་གསོལ་བ་བཏབ་པ་གོང་བཞིན་དུ་བྱའོ། །དེ་ནས་རབ་ཏུ་བྱུང་བ་ཞུ་སྟེ། མཁན་པོ་ལ་རབ་ཏུ་བྱུང་བར་ཞུ་བ་བྱ། མཁན་པོས་འདི་སྐད་དུ། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱ་བ་ལ་སོགས་པ་ལས་བྱང་ནས་བྱུང་བ་ལྟར་བྱ། མཁན་པོས་བར་ཆད་གསུམ་དྲིས་ལ་གཙུག་ཕུད་བྲེག །སྐྱབས་སུ་གསོལ་བ་དང་སེམས་བསྐྱེད་སྔོན་དུ་སོང་བས། མཁན་པོ་དགོངས་སུ་གསོལ་ཞེས་པ་ལ་སོགས་པ་དགེ་སྦྱོང་གི་སྡོམ་པ་འབོག །དེ་ནས་དབང་བསྐུར་ཏེ། དང་པོ་བླ་གོས་དང་ཆོས་གོས་བྱིན་གྱིས་བརླབས་ལ་སྦྱིན། ངོ་ཚ་དང་ཁྲེལ་ཡོད་ཀྱིས་དབང་བསྐུར་རོ། །དེ་ནས་མཁར་སིལ་དང་། ལྷུང་བཟེད་དང་། ཆུ་ཚགས་བྱིན་གྱིས་བརླབས་ལ་སྦྱིན་ལ་མཁོ་བའི་ཡོ་བྱད་དུ་དབང་བསྐུར་བ། དེ་ནས་སློབ་དཔོན་གྱིས་དབང་རྫས་བུམ་པ་བླངས་ལ་བདེན་པ་བཞི་དང་མཆོག་བཅུ་དྲུག་གི་དབང་བསྐུར། ལམ་ཁྱེར་གསུམ་པོ་བཤད་ལ་སྒོམ་དུ་བཞུག །དེ་ནས་དབང་མི་ཉམས་པར་བྱ་བའི་ཕྱིར་འདེབས་ཆུང་ཞིག་བྱ་ན། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཉུངས་དཀར་ཙམ་ཞིག་བསྒོམ། དེ་ལ་ཤེས་པ་གཏད་པས་ཐིག་ལེ་དེ་ཇེ་ཆེ་ཇེ་ཆེ་ལ་སྣང་སྲིད་ཐམས་ཅད་ཀེང་རུས་ཀྱི་དཀྱིལ་འཁོར་དུ་བསམ། དེ་ཡང་ཡུལ་རང་བརྒྱུད་པ་ལ་བརྟེན་ན་ཆགས་སྡང་རྨོངས་གསུམ་སྐྱེ་སྟེ་ཉོན་མོངས་པ་འཁོར་བའི་རྒྱུ་ཡིན། དེས་འབྲས་བུ་སྡུག་བསྔལ་གྱི་བདེན་པ་མྱོང་བ་ཡིན་ཏེ། དེའི་གཉེན་པོར་རུས་པའི་འཁོར་ལོ་ཡུལ་མི་སྡུག་པ་བསྒོམས་པས། ཉོན་མོངས་པ་ཆགས་སྡང་མི་སྐྱེ། ཀུན་འབྱུང་གི་ཉོན་མོངས་པ་རྩད་བཅད་ནས། འབྲས་བུ་སྡུག་བསྔལ་ལས་རང་བཞིན་གྱིས་འགོག་པ་དེ་ཀ་ལམ་གྱི་བདེན་པ་ཡིན་གསུང་། ཐེག་པ་ལམ་ཁྱེར་གྱི་དབང་དུ་བྱས་ན། ཉན་ཐོས་གཟུང་འཛིན་དོན་དམ་དུ་འདོད་པ་ལྟ་བ་ལ་སོགས་པ་གོང་གི་འགྲེའོ། །བསྒོམ་ཆེན་གྱི་འདུག་ཚུལ་ནི་མི་བློ་འཕམ་པོ་སྡུག་གཏམ་གཏོང་བ་ལྟ་བུའོ། །མི་དགེ་བཅུ་དགྲ་དང་ཚེར་མ་བཞིན་དུ་བལྟས་ནས་སྤོང་། དགེ་བཅུ་སྨན་དང་ཕན་པའི་ཟས་ལྟར་བསྟེན་ནས་ལེན། དེ་ཡང་ཉན་ཐོས་ལ་འདུ་ཤེས་བཅུ་སྟེ། སྲོག་གཅོད་པ་ལ་བཙན་དུག་ལྟ་བུའི་འདུ་ཤེས་དང་། ཉོན་མོངས་པ་ལ་དུག་སྦྲུལ་ལྟ་བུའི་འདུ་ཤེས་དང་། ཁ་ཟས་ལ་མཐའ་འཁོབ་ཀྱི་རྒན་རྒོན་ལྟ་བུའི་འདུ་ཤེས་དང་། གོས་ལ་རྨ་དཀྲིས་ལྟ་བུའི་འདུ་ཤེས་དང་། རྙེད་པ་དང་བཀུར་སྟི་ལ་རྒྱ་དང་སྙི་ལྟ་བུའི་འདུ་ཤེས་དང་། བླ་མ་དང་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་ལྟ་བུའི་འདུ་ཤེས་དང་། ཆོས་ལ་ལམ་ལྟ་བུའི་འདུ་ཤེས་དང་། སངས་རྒྱས་ཀྱི་བསྟན་པ་ལ་གསེར་ལྟ་བུའི་འདུ་ཤེས་དང་། ཚུལ་ཁྲིམས་ལ་རྒྱན་ལྟ་བུའི་འདུ་ཤེས་དང་། ཆོས་ཉིད་མངོན་དུ་གྱུར་པ་ལ་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟ་བུའི་འདུ་ཤེས་དང་བཅུའོ། །དེ་དག་ནི་དབང་རྡོ་རྗེ་ཟམ་པ་ལས་ཀྱང་བཤད་དོ། །ཉན་ཐོས་ཀྱི་གགས་དྲུག་ནི། གནས་ཝ་ར་ན་སེའི་བསིལ་ཁང་དུ། སྟོན་པ་ཤཱཀྱ་ཐུབ་པ་ཆེན་པོས། འཁོར་མཆོག་ཆེན་པོ་བརྒྱད་ལ་སོགས་པ་ལ། བདེན་པ་བཞི་ཡིས་དབང་བསྐུར་ནས། འབྲས་བུ་དགྲ་བཅོམ་པ་ཐོབ་སྟེ། དགོས་པ་མུ་སྟེགས་རྟག་ཆད་རང་རྒྱུད་དུ་འདོད་པ་ལས་གྲོལ་བའི་དགོས་པ་ཡོད། དེ་ཡང་གཞུང་ལས། གང་གིས་གང་ལ་གང་དུ་གང་བསྟན་པ། ཅིའི་ཕྱིར་དང་དགོས་པར་བཅས་པ་སྟེ། འདི་ནི་ཉན་ཐོས་ཐེག་པའི་གགས་དྲུག་ཡིན། །ཅེས་སོ། །དེ་ནས་དཀྱིལ་འཁོར་བསྡུ། དེ་ནས་རང་རྒྱལ་གྱིས་དབང་བསྐུར་ཏེ། ཁྲུས་བྱ་གསོལ་བ་བཏབ། སྡོམ་རྟེན་ཕུལ་ལ་རང་སངས་རྒྱས་ཀྱི་སྡོམ་པ་འབོག །དེ་ནས་དབང་ལམ་ཁྱེར་བུམ་དབང་དང་རྟེན་ཅིང་འབྲེལ་པ་བཅུ་གཉིས་ཀྱི་དབང་བསྐུར། ལམ་ཁྱེར་གསུམ་ལས། ཐེག་པ་ལས་རང་སངས་རྒྱས། དེ་ལ་ལྟ་སྒོམ་སྤྱོད་འབྲས་བཞི་གོང་དུ་སྨོས་པ་བཞིན་འདིར་བཤད། ཉན་ཐོས་ལས་ཁྱད་པར་འཕགས་པའང་འདྲེའོ། །དེ་ནས་ཡང་དབང་འཆད་པར་བྱེད་པའམ་གནས་པའི་རྟེན་དུ་འདེབས་ཆུང་ཞིག་བྱ་ན། རང་གི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་སྒོམ། དེ་ལས་མཐོ་བར་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བསྒོམ། དེ་ནས་ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས་ཇེ་ཆེ་ཇེ་ཆེ་ལ་སྣང་སྲིད་ཐམས་ཅད་དམར་ལམ་སོང་བར་བསམ། དམར་པོ་དེ་ཆགས་པའི་རང་བཞིན་ལུགས་འབྱུང་འཁོར་བའི་ཆོས་ཡིན་གསུང་། ཡང་ཐིག་ལེ་དཀར་པོ་དེ་ལ་སེམས་གཏད་པས་ཇེ་ཆེ་ཇེ་ཆེ་ལ་སྣང་སྲིད་ཐམས་ཅད་དཀར་པོ་སོང་བར་བསམ། དཀར་པོ་དེ་ལུགས་མིན་མྱ་ངན་ལས་འདས་པའི་ཆོས་ཡིན་གསུང་། དཀར་དམར་གཉིས་པོ་འདྲེས་ནས་སྤྱི་བོ་ན་མར་བབས། སྙིང་གི་དཀྱིལ་དུ་ཐིམ་པས། རང་གི་སེམས་དང་དབྱེར་མེད་དུ་འདྲེས་པས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་མཉམ་པ་ཉིད་དུ་བློ་ཀྱུར་ལ་བཞག་གསུང་། ལྷ་རྗེ་ཤཱཀ་མགོན་ནི་དེ་ཙམ་གཅིག་ཏུ་ལ་ཞག་གསུམ་བསྒོམ་སྐད། དེའི་གགས་དྲུག་ནི། གནས་རི་བོ་བྱ་རྐང་ཅན། དབང་རྟེན་ཅིང་འབྲེལ་པར་བྱུང་བ་ལུགས་འབྱུང་དང་། ལུགས་བཟློག་འཁོར་བ་དང་འདས་པ་དབྱེར་མེད་དུ་རྟོགས་པའི་དགོས་པ་ཡོད། དེ་མིན་ཀུན་ཉན་ཐོས་དང་འདྲ། ལམ་ཁྱེར་ངང་བསྒོམ་ཆེན་པོའི་ཐད་ཀར་ལྟའོ། །དེ་དག་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །དེ་ནས་དཀྱིལ་དུ་བུམ་ཆུས་སྐུ་ཁྲུས་གསོལ། བླ་མ་ལ་ཡོན་དབུལ། དམ་པ་ཏོག་དཀར་གྱིས་བཀྲ་ཤིས་གསོལ། ལྷ་མི་ཉན་རང་རྣམས་ཀྱི་ཆོ་ག །ཐོ་ཡིག་པྲ་ཁྲིད་རྣམས་དང་མི་འགལ་བར་བསྡེབས་པ། ཨཐྎ།། །།
༅། །བླ་མ་དམ་པ་རྣམས་ལ་ན་མོ། ནུབ་གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པའི་དབང་ལ། ཕྱི་དྲོ་དཀྱིལ་འཁོར་ཆག་ཆག་གདབ་ལ་པདྨ་བརྒྱད་ལྡན་ནམ་ཉི་ཤུ་ཐམ་པ་ཞལ་དབྱེ། ཕྱི་མཚམས་བཅད། ནང་དུ་རོལ་མོའི་སྒྲ་སྦྱར་ལ། དབུས་ཀྱི་ལྟེ་བ་ལ་བུམ་པ་ཐུབ་པ་ཆེན་པོ་དང་། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་བསྐྱེད་ལ་དགོད། དབུས་ཀྱི་ལྟེ་བ་ལ་ཐུབ་པ་ཆེན་པོ་དགོད། པདྨ་འདབ་མ་བཞིའི་ཤར་དུ་ཡུམ་ཆེན་མོ། ལྷོར་ཕྱག་རྡོར། ནུབ་ཏུ་ཤ་རིའི་བུ། བྱང་དུ་སྤྱན་རས་གཟིགས། གྲུ་ཆད་ལ་ལྷ་མི་དགོད། ལྷ་རྣམས་ཀྱི་ཕྱོགས་བཞི་མཚམས་བཞི་ཤར་སྟོད་ནུབ་སྨད་དུ་བྱང་ཆུབ་སེམས་དཔའ་བཅུ་བཀོད་དོ། །འདི་དག་གི་སྔགས་ཙ་ཀ་ན་ཡོད། མཛད་པ་རྡུའི་དབང་རྫས་དཀྱིལ་འཁོར་གྱི་མཐའ་མར་བཀོད། མཆོད་པ་བཤམ། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། བགེགས་བསྐྲད། ཀུན་གྱིས་སྐྱབས་འགྲོ་ལ་འབད། མཆོད་པ་འབུལ། ཕྱག་འཚལ། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མཇུག་དགེ་བའི་རྩ་བར་བསྔོ་བ་ལ་སོགས་པ་བྱས་ལ། མཆེད་རྣམས་ལ་རྡོ་རྗེ་སློབ་དཔོན་གྱིས་སེམས་བསྐྱེད་ཀྱི་སྡོམ་པ་འབོག །དེ་ནས་མཚན་མོ་བསྙེན་པ་བསྐྱལ་ཏེ། ལམ་ཁྱེར་བཞི་ལ་ཐེག་པའི་ལམ་ཁྱེར་བྱང་ཆུབ་སེམས་དཔའ། ལྷ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའམ། ཙ་ཀ་ལིའི་ལྷ་བཅོ་ལྔ། སྙིང་པོ་ཏད་ཡཱ་ཐ། ༀ་གྷ་ཏེ་༴ དབང་མཛད་པ་ཉི་ཤུའི་དབང་། གདམ་ངག་ནི་བུ་གཅིག་པ་ལ་མ་བརྩེ་བ་ལྟ་བུ། བྱམས་པ་དང་སྙིང་རྗེ་བསྒོམ་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསྒོམ། ལྟ་བ་ནི་བདག་མེད་ཀྱི་དོན་རྟོག །སྒོམ་པ་ནི་རྣམ་པར་མི་རྟོགས་པ་བསྒོམ། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་གྱི་བསྒྲུབ་པ་ཉམས་སུ་བླང་། འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཐོབ། སྒོམ་ཆེན་གྱི་འདུག་ཚུགས་ནི་ཡུལ་དཔོན་ཡུལ་ཚིས་བྱེད་པ་ལྟ་བུ། དོན་སྤྱི་དོན་ལ་དམིགས་པ་ཁོ་ནའོ། །དེ་ལ་ཡེ་ཤེས་ཀྱི་ངང་བསྒོམ་གྱི་དབང་དུ་བྱས་ན། དེ་ཡང་བདེན་པ་གཉིས་ཀྱི་དོན་བསྒོམ་པ་སྟེ། དེ་ནས་ཀུན་རྫོབ་ཀྱི་དབང་དུ་བྱས་ན་དབང་རྫས་ལག་ཏུ་གཏད་ནས་ཏིང་ངེ་འཛིན་དང་ཆོ་གས་དབང་བསྐུར་བྱ། སྐུར་བྱེད་བཅས་པ་ཡེ་ཤེས་ཆེན་པོའི་མཛད་པ་ཉི་ཤུའི་དབང་དེ་རང་ཡིན་པས། དོན་དམ་པར་ན་སྙིང་གི་དཀྱིལ་དུ་ཐིག་ལེ་ལྕོག་སྒོང་ཙམ་ཞིག་སྒོམ། འོད་ཀྱི་རྣམ་པ་ཁ་དོག་གང་དུ་ཡང་མ་ངེས་པ་ཞིག་བསྒོམ། དེ་ཡང་ཐིག་ལེ་སྟོང་པ་སྐྱེ་བ་མེད། །ཅེས་སོ། །ཐིག་ལེ་དེ་བརྟགས་པས་ཁ་དོག་གི་རྣམ་པ་མ་འགགས་པར་ཅིར་ཡང་སྣང་བ། ཁ་དོག་རྣམས་ལ་བརྟགས་པས་ཕྱོགས་གཅིག་པ་གང་དུ་ཡང་མ་གྲུབ་བོ། །དེ་བཞིན་དུ་ཀུན་རྫོབ་ཏུ་དབང་རྫས་དང་དབང་བསྐུར་བ་ལ་སོགས་ཅིར་ཡང་མ་འགགས་པར་ཤར་ཡང་། དོན་དམ་པར་ན་གང་དུ་ཡང་མ་དམིགས་པར་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་ཅིའི་ངོ་བོར་ཡང་མ་གྲུབ་པར་གནས་པ་ཡིན་ནོ། །དེ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མ་བཅོས་པར་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །གསུངས་ངོ་། །དེའི་རྗེས་སུ་བརྟགས་ལ། ཀུན་རྫོབ་མ་འགགས་པའི་སྣང་བ། རང་ཉིད་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་བསྒོམས་ལ་སྤྱོད་པ་རྣམ་བཞི་ལྷ་དང་མི་འབྲལ་བར་བྱ་བ་ནི། བདེན་པ་གཉིས་ཟུང་དུ་འཇུག་པའི་ལམ་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་ངང་སྒོམ་ཆེན་པོའི་ཐད་ཀར་གཟིགས། ད་ནི་བྱང་ཆུབ་སེམས་དཔའི་གགས་དྲུག་བཤད་ན། གོང་དུ་བསྐུར་བའི་གནས་ནི་བྱ་རྒོད་ཕུང་པོའི་རིའམ། རྒྱལ་པོའི་ཁབ་ཏུ་བསྐུར། གང་གིས་བསྐུར་བའི་སྟོན་པ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུར། གང་ལ་བསྐུར་བའི་འཁོར་ནི་བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་གྲུབ་ལ་སོགས་པ་ལ་བསྐུར། གང་བསྐུར་བའི་དབང་ནི་ཡེ་ཤེས་མཛད་པ་ཉི་ཤུའི་དབང་བསྐུར། ཅིའི་ཕྱིར་དབང་བསྐུར་ན་མཛད་པ་ཉི་ཤུ་ཡོངས་སུ་རྫོགས་པའམ། མི་ལུས་ལྷ་རུ་བསྒྲུབ་པར་བྱ་བའི་ཕྱིར་བསྐུར་རོ། །དགོས་པ་ནི་བདུད་ཀྱི་དཔུང་བཅོམ་ནས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་འཛུགས་པའི་དགོས་པ་ཡོད། དེ་ཡང་གཞུང་ལས། གང་གིས་གང་ལ་གང་དུ་ཇི་ལྟ་བར། །ཚུལ་དང་དགོས་པར་བཅས་པ་རྣམ་དྲུག་གིས། །འདི་ནི་བྱང་ཆུབ་སེམས་དཔའི་གགས་དྲུག་ཡིན། །ཞེས་སོ། །དེ་ནས་བཀྲ་ཤིས་གསོལ། ཡོན་དབུལ། དཀྱིལ་འཁོར་བསྡུ། འདི་དག་ནི་ཕ་རོལ་ཏུ་ཕྱིན་པའི་དབང་གི་གདམས་པ་སྟེ། ཕལ་ལ་མ་མཆིས་ཐུགས་ཀྱི་དཀྱིལ་དུ་ཕྱུང་། ས་མ་ཡ་ཧོ། ས་མ་ཡ་སྟོམ། ནོར་བུ་བྱི་དོར་བྱས་ན་དགོས་པ་འབྱུང་། །རྩགས་ཆ་གནམ་དུ་ཕྱར་ན་སྒལ་ཅན་འཕགས། །དྲང་པོའི་ཐིག་གདབ་སྒུར་པོ་རས་སུ་འགྲོ། །སྦལ་བུ་པདྨའི་དྲུང་ན་འདམ་ལ་སྤྱོད། །ཅེས་གསུངས་སོ། །ཨྀིཊ྅྅྅།། །།
བླ་མ་དམ་པ་རྣམས་ལ་ན་མོ། དེ་ནས་ནུབ་བཞི་པ་གསང་སྔགས་བླ་ན་མེད་པའི་ཐེག་པ་ལ། ཕྱི་པ་ཐུབ་པ་བརྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་བརྒྱུད་ཀྱི་ཐེག་པ་གཉིས། དང་པོ་ལ་སྤྱིར་གསུམ་དུ་གསུངས་ཀྱང་། དཀྱིལ་འཁོར་ཀྲི་ཡོག་གཉིས་ཀྱིས་བྲི་སྟེ། དཀྱིལ་འཁོར་ལ་ཆག་ཆག་གདབ་སྟེ། དཀྱིལ་འཁོར་གྱི་ཟུར་གཅིག་ཏུ་ཀྲི་ཡའི་དཀྱིལ་འཁོར་རྣམ་འཇོམས་དང་མཐུན་པར་བཞེངས། དེ་ནས་ཡོ་གའི་དཀྱིལ་འཁོར་གྱི་སྟ་གོན་གྱི་ཆོ་ག་བྱས་ལ་ཐིག་གདབ། སྟེང་དུ་དྲིའི་ཐིག་ལེ་བྱ། ལྷ་གྲངས་དང་མཉམ་པའི་མེ་ཏོག་གི་ཚོམ་བུ་དགོད། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྐྱེད། སྤྱན་དྲངས། མཆོད་བསྟོད། གསོལ་བ་བཏབ་པ་ལ་སོགས་པ་བྱ། མེ་ཏོག་བསྡུས་ལ། ཡོ་གའི་དཀྱིལ་འཁོར་ཕོ་བྲང་ཆ་ལྔ་པ་བྲི། དེ་ནས་རོལ་མོ་སྦྱར་ལ། ཀྲི་ཡའི་དཀྱིལ་འཁོར་ལ་བུམ་པ་ཆས་སུ་བཅུག་ལ་རབ་གནས་རྣམ་འཇོམས་ལྟར་བྱ། ཕོ་བྲང་གི་དཀྱིལ་དུ་བཀོད། དབང་རྫས་ཉི་ཤུ་རྩ་དྲུག་གི་ཙ་ཀ་ལི་བཀོད་དེ། དེ་ནས་ཡོ་གའི་དཀྱིལ་འཁོར་ལ་བུམ་པ་ཆས་སུ་བཅུག་ལ་དབུས་སུ་བཀོད། ལྷ་ཚོགས་སུམ་ཅུ་རྩ་བདུན་གྱི་ཙ་ཀ་ལི་དང་། ཡོ་ག་བཀྲ་ཤིས་དྲུག་ཅུ་རྩ་བཞིའི་ཙ་ཀ་ལི་བཀོད། ཀྲི་ཡོག་གཉིས་ཀྱི་དཀྱིལ་འཁོར་གྱི་མཐའ་མར་དམ་རྫས་ལ་སོགས་པ་དང་། མདའ་དང་། རལ་གྲི་ཕུར་བུ་དང་། ཐུགས་རྗེའི་གཟུང་ཐག་འཕན་ལ་སོགས། ཞེས་པའི་བརྒྱན་རྣམས་བཀོད། གཞན་ཡང་མཆོད་པའི་སྤྲིན་གྱིས་སྟིབས་པར་བྱའོ། །དེ་ནས་ཀྲི་ཡའི་མཆོད་པ་ལས་མཁན་གྱིས་གཞུང་བསྲང་ལ། རྡོ་རྗེ་སློབ་དཔོན་གྱིས་ལམ་ཁྱེར་བཞི་ལྡན་དུ་བྱས་ཏེ། ཐེག་པ་ལམ་ཁྱེར་ལ་གསང་སྔགས་ཀྲི་ཡ། ལྷ་ལམ་ཁྱེར་ལ་རིགས་གསུམ་མགོན་པོ། སྙིང་ལོ་ལམ་ཁྱེར་ལ། ༀ་ཝ་གི་ཤྭ་རི་མུྂ། ༀ་མ་ཎི་པདྨེ་ཧཱུྃ། ༀ་བཛྲ་པ་ཎི་འོ། དབང་ལམ་ཁྱེར་ལ་ཀྲི་ཡའི་དབང་མཆོག་ཉི་ཤུ་རྩ་དྲུག་གོ། །གཏོར་ཚོགས་རྒྱས་པར་བྱའོ། །དེ་ནས་ཡོ་གའི་མཆོད་པའི་གཞུང་ནི་ཕྱེད་པ་དང་བསྲང་། ལམ་ཁྱེར་བཞི་ལ། ལྷ་ལམ་ཁྱེར་ལྷ་ཚོགས་སུམ་ཅུ་རྩ་བདུན། སྙིང་པོ་ལམ་ཁྱེར་བྷུདྷ་བཱཻ་རོ་ཙ་ན་ༀ། ཨ་ཀྵོ་བྷྱ་ཧཱུྃ། རཏྣ་སཾ་བྷ་བ་ཏྲྂ། ཨ་མི་དྷེ་བ་ཧྲཱི། ཨ་མོ་གྷ་སི་ཏི་ཨ། ཞེས་བཟླས་སོ། །ཐེག་པ་ལམ་ཁྱེར་ཡོ་གའི་ཐེག་པ། དབང་ལམ་ཁྱེར་ཡོ་གའི་དབང་མཆོག་དྲུག་ཅུ་རྩ་བཞིའོ། །སྐབས་སུ་མཆོད་པ་དང་། བསྟོད་པ་བྱ། ནམ་ལངས་པ་དང་ཚོགས་ལ་རོལ་ལ་ཀྲི་ཡོག་གི་དབང་བསྐུར་བའི་ཆོ་ག་བྱ་སྟེ། མཆེད་ལྕམ་རྣམས་ཕྱིར་ཕྱུང་ལ་ལ་ལ་ཁྲུས་བྱ། ནང་དུ་སློབ་བུས་དབང་ཁྲི་བརྩིགས། མཆེད་ལྕམ་རྣམས་ནང་དུ་འོང་དུས་སུ་བགེགས་བསྐྲད། གྲལ་ལ་འདུག་ལ་རྡོ་རྗེ་སློབ་དཔོན་གྱིས་དབང་ཁྲིའི་སྟེང་དུ་འཛེགས་ཏེ། ལྷ་ལ་དབང་ཞུ་སྟེ། དབང་བསྐུར་བའི་ནུས་པ་དང་ལྡན་པར་བྱ། དེ་ནས་སྔོན་ལ་བུམ་པའི་དབང་བསྐུར། དེ་ནས་གསང་སྔགས་ཀྲི་ཡའི་དབང་མཆོག་ཉི་ཤུ་རྩ་དྲུག་བསྐུར། རྫས་དབང་སྤྱི་བོར་བཞག་ལ་རྒྱུད་ལ་བསྟིམས། མཆེད་རྡོ་རྗེའི་སྤུན་རྣམས་ལུས་ལྷའི་འཁྱེར་སོ། ངག་སྔགས་ཀྱི་འཁྱེར་སོ། སེམས་ཆོས་ཉིད་ཀྱི་འཁྱེར་སོ། འཁྱེར་སོ་གསུམ་ལ་གནས་པར་བྱའོ། །ལྟ་བ་ནི་དོན་དམ་དག་པའི་མཐའ་བཞི་དང་བྲལ་བ། ཀུན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་འདོད། སྒོམ་པ་ནི། ཆོ་ག་ཡན་ལག་བཅུ་གཅིག་སྒོམ། སྤྱོད་པ་ནི་ཁྲུས་དང་གཙང་སྦྲ་ལ་སྤྱོད། འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ། སྐབས་འདིར་སྒོམ་འདེབས་ཞིག་བྱ་ན། རང་གི་སྤྱི་བོར་ཐིག་ལེ་དཀར་དམར་མཐིང་གསུམ་བརྩེག་མར་བསྒོམ། ཐིག་ལེ་དཀར་པོ་ལ་འོད་འཕྲོས་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཏེ། དེ་བཞིན་གཤེགས་པ་ལ་ཕོག་པས་སྐུ་མཉེས་པའི་པུ་ཙ་དབུལ། འོད་དེ་ཚུར་འདུས་ནས་སྤྱི་བོར་ཐིམ་པས། སྐུའི་ལྷ་འཇམ་དཔལ་སྐུ་མདོག་སེར་པོ། ཞལ་གཅིག་ཕྱག་གཉིས་པ་རལ་གྲི་དང་ཨུད་པ་ལ་འཛིན་པ་གཅིག་སྒོམ། དེ་ནས་ཐིག་ལེ་དམར་པོ་པུ་མཐིང་ཁ་ཐུགས་ཁར་ཐིམ་པ་འདྲེ། དེ་ལྟར་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམ་ནས་སྤྱོད་ལམ་རྣམ་པ་བཞི། ཀ་བ་རྩིས་འདའ་བ་མེད་པ་ནི་སྤྱོད་པ་དབང་ཆགས་པའི་རྟེན་ཡིན་ནོ། །ཀྲི་ཡའི་གགས་དྲུག་སྦྱོར་ན། གང་དུ་གསུངས་པའི་གནས་ནི་སྔོན་འབྱུང་ཝ་ར་ན་སིར་གསུངས་ལ། རྗེས་འཇུག་ཏུ་པདྨ་མེ་ཏོག་འཇའ་ཚོན་གྱི་གླིང་དུ་དབང་བསྐུར། གང་གིས་བསྐུར་བའི་སྟོན་པ་ནི་སྔོན་འབྱུང་བཅོམ་ལྡན་འདས་ཀྱིས་བསྐུར་ལ། རྗེས་འཇུག་ཏུ་སློབ་དཔོན་ཆེན་པོ་ཤཱན་ཏིས་བསྐུར་རོ། །གང་ལ་བསྐུར་བའི་ཡུལ་ནི། སྔོན་འབྱུང་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བསྐུར། རྗེས་འཇུག་ཏུ་སློབ་དཔོན་ཟླ་འབར་རྩལ་ལ་བསྐུར། གང་བསྐུར་བའི་དབང་ནི། རི་རབ་དང་། མཆོད་རྟེན་དང་། དཔག་བསམ་གྱི་ཤིང་ལ་སོགས་པ་དབང་མཆོག་ཉི་ཤུ་རྩ་དྲུག་བསྐུར། ཅིའི་ཕྱིར་ན་སྔོན་འབྱུང་དུ་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་ཀྱི་ཐུགས་རྗེས་བཟུང་བ་དང་། རྗེས་འཇུག་ཏུ་སྣོད་བཅུད་འཛོམ་པའི་དུས་སུ་བསྟན། ཞེས་གསུངས་པས་བླ་མ་སྦྱངས་པའི་ཡོན་ཏན་དང་ལྡན་པས། སློབ་བུ་སྣོད་དང་ལྡན་ཞིང་ལས་འཕྲོ་ཡོད་པ། ཟབ་མོའི་དོན་ལ་མོས་པ་ཞུམ་པ་མེད་པའི་བརྩོན་འགྲུས་ཀྱིས་གདམས་པ་ཞུ་ནུས་པ། ཤོམས་ལེན་ལ་དྲིམས་པ། ཡིད་ཆེས་པའི་དམ་ཚིག་དང་ལྡན་པ་སྟེ། དེའི་རྗེས་སུ་འཇུག་པའི་ཕྱིར་དབང་བསྐུར་རོ། །དགོས་པ་ནི་རིན་པོ་ཆེ་རི་རབ་ཀྱི་དབང་བསྐུར་བས་མཐུ་སྟོབས་ཁྱད་པར་ཅན་དང་ལྡན་པའི་དགོས་པ་ཡོད་ཅིང་མཆོད་རྟེན་གྱི་དབང་བསྐུར་བས་ཆོས་སྐུ་ཐོབ་པའི་དགོས་པ་ཡོད་ལ། དཔག་བསམ་གྱི་ཤིང་ལོས་དབང་བསྐུར་བས་དགོས་འདོད་ཡིད་བཞིན་དུ་འགྲུབ་པའི་དགོས་པ་ཡོད་པ་ལ་སོགས་ཉི་ཤུ་རྩ་དྲུག་པོ་དེ་རང་ཡིན་ནོ། །ཨིྀཊ྅྅྅། དེ་ནས་ཡོ་གའི་དབང་ལ། སློབ་དཔོན་བདག་འཇུག་བྱས་ནས་ལྷ་ལ་དབང་ཞུ་སྟེ། མཆེད་ལྕམ་རྣམས་ཁྲུས་བྱས། བགེགས་བསྐྲད་ལ་བུམ་པའི་དབང་བསྐུར། དེ་ནས་ཡོ་གའི་དབང་རྩ་བ་བཅུ་ལ་ཡན་ལག་དྲུག་ཅུ་རྩ་བཞིར་ཕྱེ་ལ་བསྐུར། དབང་རྫས་མགོ་ལ་བཞག་ལ་རྒྱུད་ལ་བསྟིམ་མོ། །དེ་ལ་དབང་ཆགས་པའི་རྟེན་དུ་འདེབས་བྱ་ན། རང་གི་སྙིང་གི་དཀྱིལ་ན་དངས་མ་ཆེན་པོ་ལྔ་གནས་པ་ནི། རིང་བཞིན་གྱི་རིགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་གདོད་མ་ནས་གནས་པ་ཡིན། དེ་ལ་རང་གི་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་ཙམ་གཅིག་བསམ། དེ་གསལ་བ་དང་ནམ་མཁའི་དཀྱིལ་ནས་ཐིག་པ་ཤར་ཞེས་པས། ཐིག་ལེ་དཀར་པོ་དེ་ཡས་མར་བབས་པས། སྙིང་གི་དཀྱིལ་དུ་དངས་མ་ལྔ་རིགས་ལྔར་གནས་པ་དང་གཉིས་སུ་མེད་པར་འདྲེས་པར་བསམ། དེ་ནི་དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དོ། །རིགས་ལྔར་གནས་ཤིང་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷར་སྣང་བ་ནི་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་སྟེ། དེ་དག་གཉིས་སུ་མེད་པའི་ངང་ལས། བློ་རང་བཞིན་གྱིས་གནས་པ་ནི་དབང་ཆགས་པའི་རྟེན་ཡིན་གསུང་ངོ་། །དེ་ལ་ཡོ་གའི་གགས་སྦྱར་ན། གང་དུ་བསྐུར་བའི་གནས་ནི་ལྷ་བྱ་སྐད་ལྗོན་ཤིང་གི་ཚལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། གང་གིས་བསྐུར་བའི་སྟོན་པ་ནི་སློབ་དཔོན་ཆེན་པོ་ཀུ་མ་ཏིས་བསྐུར། གང་ལ་བསྐུར་བའི་ཡུལ་ནི་རྡོ་རྗེ་ཁྱུང་གྲགས་རྩལ་ལ་སོགས་པའོ། །གང་བསྐུར་བའི་དབང་ནི་ཡོ་ག་བཀྲ་ཤིས་དྲུག་ཅུ་རྩ་བཞིའི་དབང་བསྐུར་ཏེ། རྒྱུ་མཚན་ནི། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱིས་ཆེ་བའི་ཡོན་ཏན་སྨོས་པའི་ཕྱིར་རོ། །གང་དགོས་པ་ནི་གང་གིས་ཐོབ་པ་བཀྲ་ཤིས་པར་བྱ་བའི་དགོས་པ་ཡོད། དེ་ནས་དབང་གནས་པར་བྱ་བའི་ཕྱིར་རྟེན་འབྲེལ་གྱི་རབ་གནས་བྱ། གཏང་རག་གཏང་། ཞབས་སྤྱི་བོར་བླང་། རྗེས་གནང་སྦྱིན། དཀྱིལ་འཁོར་བསྡུའོ། །རྫོགས་སོ།། །།
བླ་མ་དམ་པ་རྣམས་ལ་ན་མོ། འདིར་ནུབ་ལྔ་པ་ནས་བཅུའི་བར་དུ་གསང་སྔགས་བླ་ན་མེད་པའི་ཐེག་པ། རྩ་བའི་དཀྱིལ་འཁོར་བསྟན་པ་ནི་དོན་བཞི་སྟེ། བསྙེན་པ་དང་། ཉེ་བསྙེན་དང་། བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོའོ། །དང་པོ་ལ་གཉིས་ཏེ། ཕྱི་ནང་གི་བཤགས་པ་བྱ་བ་དང་། དཀྱིལ་འཁོར་གྱི་ཆོ་ག་གཉིས་ལས། དང་པོ་ནི་ཡན་ལག་གི་སྐབས་སུ་རྒྱས་པར་བྱས་པས་ཆོག་གོ། །འདིར་ན་རག་དོང་སྤྲུགས་བརྒྱ་ཚར་དང་། སྲིད་པའི་སྤྱི་མདོས་ཟུར་ཙམ་བྱས་ཀྱང་མི་འགལ་ལོ། །གཉིས་པ་སྟ་གོན་གྱི་ཆོ་ག་ལ་དོན་ལྔ་སྟེ། དཀྱིལ་འཁོར་དང་། ལྷ་དང་། བུམ་པ་དང་། ཡོ་བྱད་དང་སློབ་མའོ། །དང་པོ་ནི། སྔོན་ལ་ཕོ་བྲང་བྱི་དོར་ལེགས་པར་བྱས་ལ། བ་ཡུ་ལྔས་བྱུག །དེ་ནས་ཡན་ལག་རབ་གནས་བྱ་སྟེ། དབུས་ཀྱི་ཕོ་བྲང་ནས་གཅལ་བའི་ས་ཕྱོགས་གང་བདེ་བར་མཎྜལ་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱ། མཐའ་མ་རྡོ་རྗེ་ར་བས་བསྐོར་རོ། །དེའི་སྟེང་དུ་རྫས་དང་མཆོད་པའི་རྣམ་པ་བཀོད་པ་ནི། དབུས་སུ་རཏྣའི་བུམ་པ་ལ་སོགས་པ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་གཅིག་གི་ནང་དུ། ཆུ་གཙང་དང་། སྙིང་པོ་ལྔ་ཚར་ཉི་ཤུ་རྩ་ལྔ་འཚོགས་པར་བླུགས་ལ། ཁ་བརྒྱན་མགུལ་ཆིངས། གཟུངས་ཐག་དང་ལྡན་པར་བྱ། འདབ་མའི་ཤར་དུ་རཏྣའི་སྣོད་དུ་དམ་ཚིག་གི་ཐིག་དང་། གཏོར་མ་ལྷོ་རུ་རྡོ་རྗེ་དྲིལ་བུ་དུ་ཡོད་པ་ནུབ་ཏུ་བུམ་རྫས། བྱང་དུ་བདུད་རྩི་བན་དྷ་གང་བཞག །དབུས་ཀྱི་ཕོ་བྲང་གི་སྟེང་དུ། རཏྣའི་སྣོད་ལྔར་ཚོན་ལྔ། ཡེ་ཤེས་ཀྱི་ཐིག་ལྔ། དམ་རྫས་བདུད་རྩི་རྣམ་གསུམ་བཞག །རྡོ་རྗེ་སློབ་དཔོན་གྱི་མདུན་དུ་རིགས་ཀྱི་བུམ་པ་ལྔ་ལ་སོ་སོའི་ཐུགས་མཚན་བྲིས་ལ་བཞག །ཕྱི་ནང་གི་མཆོད་པ་ཀུན་ཚང་བར་བཤམ། དེ་ནས་སློབ་དཔོན་ཆས་གོས་དཀར་པོར་ཞུགས་ལ་ཕྱག་ཐུང་ལུགས་སུ་བཙལ། ཁྲོ་བཅུས་མཚམས་བཅད། ཡེ་ནས་མཉམ་ཉིད་ཀྱིས་བཤགས། ཀུན་ཏུ་བཟང་པོ་བླ་ན་མེད་ཅེས་པས་དམ་བཅའ། དུས་གསུམ་སངས་རྒྱས་ཀྱིས་བྱིན་དབབ། པུ་ཙ་རྣམས་རིམ་པས་བྱིན་གྱིས་བརླབས། ཞི་བ་ཐུང་ལུགས་སུ་བསྟོད་པ་ཡན་ཆད་བྱའོ། །ཁྲོ་བོ་ཡང་ཐུང་ངུར་གཞུང་བསྲང་། དེ་ནས་བགེགས་བསྐྲད། གུ་གུལ་དང་དྲི་ཞིམ་པོས་བདུགས་ཏེ། ལས་ཐམས་ཅད་པའི་བུམ་པ་རྂ་ཡྂ་ཁྂ་གསུམ་གྱིས་སྦྱངས་ལ། ཤུ་ཛྙ་ཏས་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་བསམ། བུམ་པའི་ཕྱིར་དུར་ཁྲོད་དུ་འབར་བ་ལ་ནང་རཏྣའི་གཞལ་ཡས་ཁང་དུ་བསྒོམ། དེའི་ནང་དུ་མ་སུརྱ་མཎྜལ་ཞེས་ཉི་མའི་གདན་བསམ། དེའི་སྟེང་དུ་ཧཱུྃ་ལྗང་གུའི་འཕྲོ་འདུ་ལས། ༀ་བིག་ནན་ཏ་ཀྲིད་ཨ་མྲྀ་ཏ་ཀུན་དྷ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ལ་བདུད་རྩི་འཁྱིལ་པ་ལྗང་ཁུ་གཡས་རྡོ་རྗེ་རྒྱ་གྲམ། གཡོན་དྲིལ་བུ་ཐོགས་པ་གཅིག་བསྒོམ། དེ་ལ་ཡེ་ཤེས་ལྔས་དབང་བསྐུར། ཀརྨ་ཧེ་རུ་ཀས་དབུ་བརྒྱན། ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། བརྟན་པར་བཞུགས་སུ་གསོལ། ཀུན་ཏུ་བཟང་པོ་ནས་ལྷ་མོ་བཞི་སྣོལ་གྱིས་མཆོད། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧི་ཞེས་སྨན་དབུལ། བ་ལིངྟས་གཏོར་མ་དབུལ། ལྷག་པ་ཏིང་ངེ་འཛིན་བསྡུས་པས་དབུལ། སྦྱོར་སྒྲོལ་སྔགས་ཀྱིས་དབུལ། ཕྱོགས་བཅུ་དུས་བཞིས་བསྟོད་ལ། རྒྱ་མཚོ་ལྔའི་སྨོན་ལམ་གདབ། དེ་ནས་མཛུབ་མོ་གཉིས་སྦྱར་ནས་བུམ་པ་ལ་གཏུགས་ལ། ༀ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་བཟླས་པས་ཏིང་ངེ་འཛིན་གྱིས་བདུད་རྩི་འཁྱིལ་པ་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་མེར་གྱིས་གྱུར་པར་བསམ། ༀ་སརྦ་བྷི་ཤུདྡྷེ་དྷརྨ་ཐཱ་བཛྲ་སི་ཏི་ཧཱུྃ། ཞེས་བུམ་པའི་ཆུས་ཀུན་ལ་གཏོར་བས་ཉེས་སྐྱོན་ཐམས་ཅད་དག་ནས་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་བསམ་མོ། །དེ་ནས་དམ་རྫས་བདུད་རྩི་གསུམ་གྱི་ཆག་ཆག་གདབ་སྟེ། བདུད་རྩི་དྲི་ཆེན་ཞེས་པ་དང་། མ་ཧཱ་བ་སུ་ཏས་དྲི་ཆེན་གྱི་ཆག་ཆག་གདབ། དམ་རྫས་དག་པའི་ཞེས་པ་དང་མ་ཧཱ་ཀུ་ཀུས་དྲི་ཆུ། བཀའ་གསང་རྨད་དུ་བྱུང་བ་དང་མ་ཧཱ་རཀྟས་རཀྟའི་ཆག་ཆག་གདབ་བོ། །དེ་ནས་ཐིག་ལེ་རབ་གནས་ལ། ཡེ་ཤེས་དང་དམ་ཚིག་གོ། །དང་པོ་ནི། སྟོང་པ་ཉིད་ཀྱི་ངང་ལས། སུརྱ། ཙནྟྲ། རཏྣ། པདྨ། ཨེ་མཎྜལ་ཞེས་གདན་ལྔ་བསམ། དེ་དག་གི་ཐུགས་ཁ་ནས་ཧཱུྃ་ༀ་སྭ་ཨ་ཧ་ཞེས་ཡིག་འབྲུ་དགོད། ཡང་དམ་ཚིག་གི་ཐིག་ལ་སུརྱ། ཙནྟྲ། པདྨ། མཎྜལ་ཞེས་གདན་གསུམ་བསམ། ༀ་ཨཱཿཧཱུྃ་ཞེས་འབྲུ་གསུམ་དགོད། དེ་ནས་ཡང་རང་གི་ཐུགས་ཁའི་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོས་ནས། ༀ་བཛྲ་ས་མ་ཡ་ཧཱུྃ་ཛ་ཞེས་པ་དང་། ཨེ་ཧ་ཧི་ལན་གསུམ་བརྗོད་ནས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ་བརྟེན་པར་བཞུགས་སུ་གསོལ་ལ། ཕྱག་ནས་ཕྱོགས་བཅུ་དུས་བཞི་ཡན་ཆད་ཀྱིས་བསྟོད་ཅིང་། སྨོན་ལམ་གདབ་པ་ནི། ཧོ་དགོངས་སུ་གསོལ་ལོ་མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །བདག་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་འདི་རྣམས་ཀྱི་དོན་དུ་འདུས་པ་ཆེན་པོའི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་བརྒྱན་གྱི་འཁོར་ལོ་གསང་བ་བས་ཀྱང་ཡང་གསང་ཐུགས་ཀྱི་དཀྱིལ་འཁོར། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཐིག་འདེབས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ་ལོ། །དབང་བསྐུར་དུ་གསོལ་ལོ། །རྡོ་རྗེ་ཡེ་ཤེས་ཀྱི་ཐིག་སྩལ་དུ་གསོལ། ༀ་བཛྲ་ཏིཀྞ་ཏིཥྛ་གྷུ་ཧེ་ས་མ་ཡ་ཛྙ་ན་ཨ་གྷུ་ཤ་ཛ་ཛ་ཞེས་ལན་གསུམ་བརྗོད་དོ། །མདུན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྦྱོར་བ་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་ཡང་། ཡེ་ཤེས་ལྔའི་ཆུ་རྒྱུན་དུ་ཁ་དོག་ལྔར་གསལ་བར་བསམ་ནས། ཐིག་ལེ་ལྔ་པོ་ལ་ཐིམ་པར་བསམ། སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་དམ་ཚིག་གི་ཐིག་ལ་ཐིམ་པས། ཐིག་གི་དངོས་པོ་ཉིད་སྐུ་གསུང་ཐུགས་སུ་གྱུར་པར་བསམ། དེ་ནས་སློབ་དཔོན་ཤར་དུ་བལྟས། སློབ་མ་ནུབ་ཏུ་བལྟས། ཐིག་སྣ་ཡུམ་ལ་གཏད་ལ་དབྱངས་དང་བཅས་པས། ཡི་གེ་ཧཱུྃ་ཞེས་བྱ་བ་ནི། །རྡོ་རྗེ་རིགས་ཀྱི་རང་བཞིན་ཏེ། །ཞེ་སྡང་དངོས་པོ་སྦྱང་བྱའི་ཕྱིར། །བྱིན་བརླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ཤུ་ནྱ་ཏའི་སྔགས་བརྗོད་པས། ཐིག་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པར་བསམ། དེ་ནས་ཡི་གེ་ༀ་ཞེས་པ་དང་། སྔགས་ཨ་ཏ་རི་ཤ་བརྗོད་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཐིག་དཀར་བྲེངས་ཀྱིས་གྱུར་པར་བསྒོམ། དེ་ཡི་གེ་སྭ་དང་། ས་མན་ཏའི་སྔགས་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཐིག་སེར་པོ། ཡི་གེ་ཨྂ་དང་། པྲ་ཏ་བྷེ་ཤའི་སྔགས་ཀྱིས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཐིག་དམར་པོ། ཡི་གེ་ཧ་དང་། ཏྲི་ཏ་ཨ་ནུའི་སྔགས་ཀྱིས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཐིག་ལྗང་ཁུར་གྱུར་པར་བསྒོམ་མོ། །དེ་ནས་ཐིག་སྐུད་རྣམས་གཅིག་ཏུ་བསྒོམ་ལ། ཡང་དག་བསྒྲུབ་པའི་ལས་བྱང་ལས་བྱུང་བ་བཞིན་དུ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ་ཞེས་པ་ཉིད་བསྒྱུར་ཏེ། འདུས་པ་ཆེན་པོའི་མདོ། གསང་སྔགས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །རྡོ་རྗེ་ཡེ་ཤེས་ཐིག་ཆེན་འདི་བཏབ་པས། །ཕོ་བྲང་དཀྱིལ་འཁོར་ཡིད་བཞིན་ལྷུན་གྱིས་གྲུབ། །ༀ་ཨ་ཧཱུྃ་སྭཱ་ཧཱ། ཞེས་བཟླས་ཀྱིས་ཐིག་སྐུད་སྒྲིལ་ནས་ཡེ་ཤེས་ལྔའམ་སྐུ་གསུང་ཐུགས་ཡོན་ཏན་ལས་ཉི་ཤུ་རྩ་ལྔའི་ངོ་བོར་གྱུར་པར་བསམ། དེ་ནས་དམ་ཚིག་གི་ཐིག་ལག་ཏུ་ཐོགས་ལ། ༀ་ཨ་ཧཱུྃ་ཞེས་སྐུ་གསུང་ཐུགས་སུ་བྱིན་ཕབ་སྟེ། ཐིག་སྐུད་ལ་ཐིམ་པ་དང་། ཡི་གེ་ༀ་ཞེས་པ་ནི། བདེ་གཤེགས་སྐུའི་རང་བཞིན་ཏེ། ལུས་ཀྱི་དངོས་པོ་སྦྱང་བྱའི་ཕྱིར། བྱིན་བརླབས་དམ་པ་མཛད་དུ་གསོལ། ཀ་ཡ་བཛྲ་བརྗོད། ཡི་གེ་ཨཾ༴ གསུང་གི༴ ངག་གི་དངོས་པོ༴ ཝཀ་བཛྲ༴ ཡི་གེ་ཧཱུྃ༴ ཐུགས་ཀྱི༴ ཡིད་ཀྱི་དངོས་པོ༴ བྱིན་རླབས༴ ཙིཏྟ་བཛྲ༴ དེ་ནས་ཐིག་རྣམས་གཅིག་ཏུ་སྡོམ་ལ། མུ་མཐའ་གཡོ་འགུལ་མེད་པའི། རྣལ་འབྱོར་མཉམ་ཉིད་ཐོད་རྒལ་དུ། ཁྲོ་གཏུམ་རྔམ་པའི་ལས་མཛད་པའི། གནས་མཛད་གཞལ་ཡས་བྲི་བར་བྱའོ། །ༀ་ཨཿཧཱུྃ་བཛྲ་ཛྙ་ན་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཏེ་ཐིག་རེ་རེའང་གསུམ་གསུམ་དགུ་ཕྲུགས་དང་ལྡན་པར་བསམ་ལ། ཀུན་བཟང་ནས་གླུ་ཡེ་ཤེས་ཡན་ཆད་ཀྱི་ཐུང་ལུགས་སུ་ལྕོགས་ན་བྱའོ། དེ་ནས་རྡོ་རྗེ་དྲིལ་བུའི་རབ་གནས་ནི། རྡོ་རྗེ་དྲིལ་བུ་ཁྲོ་ཞལ་ཅན་ལ་སོགས་པ་དུ་ཡོད་དང་། དྲིལ་བུ་ཚངས་པའི་གསུང་ཞལ་དང་ལྡན་པ་མདུན་དུ་བཞག་ལ། བསང་༴ སྦྱང་༴ སྟོང་པ་ཉིད་ཀྱི་ངང་ལས། རྡོ་རྗེའི་ལྟེ་བ་ལ་ཆེ་མཆོག་རྫོགས་ཚུལ་དུ་བསྐྱེད། ཡར་གྱི་ར་ལྔ་ལ་རིགས་ལྔ་ཞི་ཁྲོ་གཉིས་གང་རུང་བར་དཔའ་བོ་འབྲུ་ལྔའི་སྔགས་སམ། ཧཱུྃ་ལྔ་ལས་ཡབ་བསྐྱེད། མར་གྱི་ར་ལྔ་ལ། མུྂ་ལྂ་མྂ་པྱྂ་ཏྂ་ལྔ འམ་ༀ་ལྔར་ཡུམ་བསྐྱེད། རྩེ་དགུ་ཡིན་ན་མཚམས་ཀྱི་རྭ་བཞི་ལ་ལུང་གི་ཧེ་རུ་ཀ་བཞི་བསྐྱེད། ཡར་གྱི་པདྨ་འདབ་མ་བརྒྱད་ལ་སེམས་དཔའ་བརྒྱད། མར་གྱི་ལ་ཡུམ་བསྐྱེད་དོ། །ཁྲོ་ཞལ་བཞི་ལ་སྒོ་མ་བཞི་དང་། གསང་ཡུམ་བཞི། རིམ་པ་ལ་དབང་གང་བྱེད་པའི་ལྷ་རྣམས་རྫོགས་པར་བསྐྱེད། དེ་ནས་དྲིལ་བུའི་ལྟེ་བ་ལ་ཁྲོ་བོ་གནམ་ཞལ་མ། ཞལ་ལ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ར་ལྔ་ལ་རིགས་ལྔ་གང་རུང་། མར་གྱི་པདྨའི་ཕྱོགས་བཞི་དབུས་དང་ལྔར་ཡུམ་ལྔ། མཚམས་བཞིར་གསང་ཡུམ་བཞི། གོང་རས་བརྒྱད་ལ་ཁྲོ་མོ་བརྒྱད། མཐའ་མའི་རྡོ་རྗེ་ར་བ་ལ་ཁྲོ་བོ་ཁྲོ་མོ་ཉི་ཤུ་བསྐྱེད། དྲིལ་བུའི་ལྕེ་ལ་ཁྲོ་མོ་གར་བསྒྱུར་མ་བསྐྱེད། རྩེ་དགུ་ཡིན་ན་མཚམས་ཀྱི་རྭ་བཞི་ལ་ལས་བཞིའི་སྙིང་པོ་བསྐྱེད་དོ། །དེ་དག་སྔགས་སམ་ཏིང་ངེ་འཛིན་གྱིས་གསལ་བར་བསྐྱེད་ལ། ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། དབབ༴ དྲང་༴ བསྟིམ༴ བརྟན༴ ཀུན་བཟང་ནས་བསྟོད་པ་ཡན་ཆད་ཀྱིས་མཆོད་དེ། ཧཱུྃ་ཞེས་བརྗོད་པས་ལྷ་རྣམས་རང་རང་གི་གནས་ནས་འོད་དུ་ཞུ་ནས་རྡོ་རྗེ་དྲིལ་བུ་ལ་ཐིམ་པས། རྡོ་རྗེ་དྲིལ་བུ་ཉིད་ཡེ་ཤེས་ཀྱི་རྡོ་རྗེ་དྲིལ་བུར་གྱུར་པ་ལས་སྔགས༴ ༀ་བཛྲ་དྷ་ཀ་ཛྭ་ལ་ཧ་ན་བཛྲ་པ་ཙ་ཛྙ་ན་བཛྲ་ཧཱུྃ། ༀ་གྷན་དྷ་པ་ཤ་དྷརྨ་དྷར་ཏུ་ཧཱུྃ། ཞེས་བརྗོད་པས་རྡོ་རྗེ་ལ་འབྲས་བུའི་ཆོས་ཐམས་ཅད་རྫོགས་ནས་འགྲོ་དོན་མཛད་པར་བསམ། དྲིལ་བུའི་སྒྲ་སྟོང་པ་ཉིད་ཀྱི་ངང་ཆོས་སྒྲ་སྒྲོགས་པར་བསམ་ལ། རྡོ་རྗེ་དྲིལ་བུ་ལག་ཏུ་བཟུང་ནས་འགྲོ་བའི་དོན་ལ་བསྐུལ་ཏེ། ཧཱུྃ་རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་ལ་དེ་བཞིན་དབང་བསྒྱུར་ཤོག །ཅེས་བརྗོད་ནས་རྡོ་རྗེ་གསོར་བས་ཁམས་གསུམ་ཟིལ་གྱིས་མནན། དྲིལ་བུ་བསིལ་བས་ཁམས་གསུམ་དབང་དུ་བསྡུས་པར་བསྒོམ། དེ་ནས་བན་དྷའི་རབ་གནས་ནི། བསང་སྦྱང་། སྟོང་པ་ཉིད་ཀྱི་ངང་ནས་བྷྲུྂ་ལས་འདུས་པ་ཆེན་པོའི་རྩ་བའི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེ་ལ་དབང་བསྐུར། བརླབ༴ དབབ༴ དྲང་༴ བསྟིམ༴ བརྟན༴ ཀུན་བཟང་ནས་གཏུམ་ཆེན་གྱིས་བསྟོད་ལ། བྷོ་དྷི་ཙིཏྟ་དང་། རུ་ལུ་ཅུང་ཟད་ཞིག་བཟླས་པས་ལྷ་རྣམས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཆུ་རྒྱུན་དུ་མེར་གྱིས་ཞུགས་པར་བསམ་མོ། །དེ་ནས་ཚོན་བྱིན་གྱིས་བརླབས་པ་ནི། ཚོན་གཞན་རྣམས་རིགས་དང་མཐུན་པར་བཀོད་ལ། རྩ་བའི་ཚོན་ལྔ་པོ་ལ་ཧཱུྃ་སྒྲིལ་མ་བཀོད། ཟེར་ཡང་དཔའ་བོ་འབྲུ་ལྔ་བཀོད། འདི་རྣམས་དབུས་ཀྱི་ཕོ་བྲང་གི་སྟེང་དུ་དམ་རྫས་བདུད་རྩི་རྣམ་པ་གསུམ་དགོད་པའི་སྐབས་སུ་དགོད་དོ། །དེ་ལ་རབ་གནས་བྱ་བ་ནི། །སརྦ་བྷི་ཤོ་དྷ་དང་༴ རྂ་ཡྂ་ཁྂ་གྱིས་སྦྱངས་ལ། ཚོན་གྱི་དངོས་པོ་སྟོང་པར་སྒོམ། དེ་ནས། སུརྱ། ཙནྟྲ། རཏྣ། པདྨ། ཨེ་མཎྜལ་ཞེས་གདན་ལྔ་བསམ། ཆོ་ག་གསུམ་གྱིས་ལྷར་བསྐྱེད། དེ་ལ་དབང་བསྐུར། བརླབ༴ དབབ༴ དྲང་༴ བསྟིམ༴ བརྟན༴ ཀུན་བཟང་ནས་བསྟོད་པའི་བར་བྱས་ལ། གསོལ་བ་གདབ་པ་ནི། ཧཱུྃ་ཀུན་མཁྱེན་ཡེ་ཤེས་དག་པ་ལ། །དུག་ལྔས་བསྒྲིབ་པས་མ་མཐོང་བས། །མཚོན་ཅིང་དག་པར་བྱས་པའི་ཕྱིར། །བྱིན་བརླབས་དམ་པ་མཛད་དུ་གསོལ། །ༀ་སརྦ་པཉྩ་རཏྣ་ཡེ་ན། ཞེས་སོར་མོ་ལྔས་བསྣུན་ཞིང་སྤུངས་ལ་གོང་གི་རིགས་ལྔ་འོད་དུ་ཞུ་བ་ལས། ཡེ་ཤེས་རེ་རེའང་ལྔ་ལྔ་དང་ལྡན་པར་བསམ་མོ། །དེ་ལྟར་ཡན་ལག་རབ་གནས་ཟིན་པ་དང་། རྡོ་རྗེ་སློབ་དཔོན་ཆས་གོས་རྣམ་པ་ལྔས་བརྒྱན་ཧཱུྃ་ཞེས་རྡོ་རྗེ་འགྲོས་ཀྱིས་དཀྱིལ་འཁོར་བསྐོར་ལ། དཀྱིལ་འཁོར་གྱི་དབུས་སུ་ཕྱིན་ལ། ཞལ་ཤར་དུ་བལྟས་ལ་རྣམ་པར་རྒྱལ་བའི་ང་རྒྱལ་དང་། ཧཱུྃ་གི་བསྟང་བསྟབས་ཀྱིས་བཞུགས་ཏེ་འདུག་པ་ལ། འདུས་པ་ཆེན་པོའི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། ཕྱི་ནང་གསང་བའི་མཆོད་པའམ། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ཕུལ་ལ། ཡུམ་བཞི་པོ་རིགས་བཞིར་བྱིན་གྱིས་བརླབ། བསྐུར༴ དབབ༴ དྲང་༴ བསྟིམ༴ བརྟན་ལ༴ གསང་ཡུམ་བཞིས་ཕྱོགས་ནས་གསོལ་བ་གདབ་སྟེ། དྲིལ་བུའི་སྒྲ་དང་བཅས་པར། འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་དང་གྲོང་ཁྱེར་ཉིད། །དེ་རིང་ཤིས་པར་མཛད་དུ་གསོལ། །ཐམས་ཅད་བདག་ཉིད་དགོངས་སུ་གསོལ། །ཅེས་བརྗོད། རྒྱས་པར་བྱེད་ན། ཤར་ནས། ཞི་བའི་ཡེ་ཤེས་རང་སྣང་བའི། །བརྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུའི་མཆོག །དཀྱིལ་འཁོར་ཆེན་པོ་སྲུང་དུ་གསོལ། །ལྷོ་ནས། ཡོན་ཏན་རིན་ཆེན་རྒྱས་པའི་གཙོ། །མ་ལུས་ཀུན་གྱིས་རེ་བ་བསྐོང་། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ་སྲུང་དུ་གསོལ། །ནུབ་ནས། རང་བཞིན་དག་པ་གོས་པ་མེད། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །འདོད་ཆགས་ཕ་རོལ་ཕྱིན་པས་མཉེས། །དཀྱིལ་འཁོར་ཆེན་པོ་སྲུང་དུ་གསོལ། །བྱང་ནས། བསམ་པ་ཐམས་ཅད་ཡོངས་རྫོགས་པས། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་མཆོག །དཀྱིལ་འཁོར་ཆེན་པོ་སྲུང་དུ་གསོལ། །ཀུན་མགྲིན་གཅིག་ཏུ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། །རང་གི་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཅེས་བརྗོད་ལ་ལུང་གིས་བསྐུལ་ལོ། །རྡོ་རྗེ་རྒྱལ་པོས་ལན་དུ། ༀ་ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱི། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །བདག་ཅག་རྡོ་རྗེ་རྒྱལ་པོ་ཡིས། །སློབ་བུ་རྣམས་ཀྱི་དོན་ཕྱིར་དུ། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་བསྲུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་བརླབས་པར། །བདེ་བར་གཤེགས་པས་མཛད་དུ་གསོལ། །ཅེས་གསུང་ངོ་། །དེ་ནས་སློབ་དཔོན་གྱི་ཐུགས་ཁའི་འོད་ཟེར་གྱིས་ནམ་མཁའ་ལ་བཞུགས་པའི་ལྷ་ཚོགས་རྣམས་ཧཱུྃ་བཞིས་བྱིན་བསྡུས་ནས་ཐུགས་ཁར་ཐིམ་པར་བསམ། སློབ་བུ་རྣམས་རང་ཡི་དམ་གང་བྱེད་ཀྱི་ཁྲོ་བོར་བསམ་ལ། དབང་པོ་སྒོ་ལྔ་ནས་འོད་ཟེར་སྣ་ཚོགས་འཕྲོ་བར་བསམ་ཞིང་། བྱང་ཤར་མཚམས་ནས་རྡོ་རྗེ་འགྲོས་ཀྱིས། དཀྱིལ་འཁོར་གྱི་མཐའ་མ་བསྐོར་ལ། སུམ་བྷ་ནི་དང་། ཁྲོ་བཅུའི་སྔགས་ཀྱིས་བགེགས་རྣམས་གཟིར་ཅིང་བསྐྲད། གྲལ་ལ་འཁོད་ལ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་ཅིང་གོ་བགོ་ལུས་སྲུངས་བྱའོ། །དེ་ནས་ཐེག་ཆེན་བཞི་བཅུ་པར་ཕྱེ་མ་གདབ། ལྔ་པ་ཡན་ཆད་ཀྱི་ཆ་ལ་དབུས་ཀྱི་ལྟེ་བ་ལ་ཆག་གང་གིས་མཐོ་བར་བྱས་ལ། རྡོ་རྗེ་དབྱིངས་ཀྱི་ཐིག་རྫོགས་པར་གདབ། མཐའི་ཆ་ཐིག་ཆེན་ལ་ཐིག་ཆུང་སྤྱི་དང་མཐུན་པར་གདབ་བོ། །དེ་ལྟར་ཐིག་ཐེབས་པ་དང་། འཁར་ཕོར་གྱི་ནང་དུ་ཕུད་ལ་ཨ་མྲྀ་ཏ་དང་། ཙན་དན་དཀར་དམར་དང་། འཛའ་ཏི་དང་། ག་པུར་དང་། ཨ་ཀ་རུ་དང་། དུ་རུས་ཀ་དང་། བུ་རམ་དང་། དེ་རྣམས་བཏབ་ལ། བསྙུག་མའི་མགོ་སྲིན་བལ་ལམ། དར་དཀར་གྱི་ཡེའུ་བྱས་ལ། དྲིའི་ནང་དུ་བཅུག་བཞིན་ཐིག་ལེ་ལྷ་གནས་སུ་བྱ། སུརྱ། ཙནྟྲ། པདྨ། མཎྜལ་ཞེས་གདན་བསམ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨ་བཛྲ་བྷ་ཏྲ་ས་མན་ཏ་ཨ། ༀ་ཨ་ཀྲ་མ་ཧཱ་ཀྲོ་ཏ་ཤྲི་ཧེ་རུ་ཀ་ཧཱུྃ། ཀ་ཏ་མ་ཧཱ་ཀྲོ་ཏི་ཤཱ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་ལ་མེ་ཏོག་གི་ཕུང་པོ་བྱས་ལ། ལྷའི་ངོ་བོར་བསམ། དེའི་མདུན་དུ། སུརྱ་ཙནྟྲ། པདྨ་མཎྜལ། ཧཱུྃ་བཛྲ་དྷྲིཀ །མུྂ་དྷ་དུ་ཤྭ་རི་ཞེས་མི་བསྐྱོད་ཡབ་ཡུམ་བཀོད། དེ་ནས་རང་རང་གི་གནས་སུ་སངས་རྒྱས་བཞི་བཅུ་རྩ་གཉིས་པོ་བཀོད་དོ། །དེ་ནས་ཆ་ཆེན་དྲུག་པའི་འཁོར་ལོའི་བརྩིབས་དགུ་རུ་བསམ་ལ། བྱང་ཤར་དུ་བཛྲ་ཧེ་རུ་ཀ་ཟེར་ཡང་དབུས་སུ་དགོད། ཤར་དུ་བྷུདྡྷ་ཧེ་རུ་ཀ །ལྷོར་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །ཤར་ལྷོར་རཀྴ། ལྷོ་ནུབ་ས་ནུ། ནུབ་བྱང་འགུ་ཡ། བྱང་ཤར་ཡཀྴ་ཧེ་རུ་ཀར་བསྐྱེད། དེ་ནས་གྲུ་ཆད་གློ་འབུར་བཞིས་ས་བརྒྱད་དུ། སུརྻ་ཞེས་པ་དྲིའི་ཐིག་ལེ་བརྒྱད་བྱ། ཀོའུ་རི་བརྒྱད་ཀྱི་སྔགས་བརྗོད་ལ་མེ་ཏོག་གི་ཕུང་པོ་བརྒྱད་བྱ། དེ་ནས་ཁྱམས་དང་པོའི་སྒོ་དང་བཅས་པ་ལ་ཕྱོགས་བཞི་མཚམས་བཞི་རུ་སུརྱ་ཅེས་དྲིའི་ཐིག་ལེ་བརྒྱད་བྱ། སིང་ཧ་མ་བརྒྱད་ཀྱི་སྔགས་བརྗོད་ལ་མེ་ཏོག་གི་ཕུང་པོ་བརྒྱད་བྱ། སྒོ་བཞི་རུ་སུརྱ་ཞེས་དྲིའི་ཐིག་ལེ་བྱ། བཛྲ་ཨ་གྷུ་ཤ་ཛ་ཞེས་པ་ལ་སོགས་པ་བཞིའི་སྔགས་བརྗོད་ལ་མེ་ཏོག་གི་ཕུང་པོ་བྱའོ། །དེ་ནས་བར་ཁྱམས་གཉིས་པའི་ཕྱོགས་མཚམས་བཞི་རུ་སུརྱ་ཞེས་དྲིའི་ཐིག་ལེ་བརྒྱད་བྱ། ཨ་རཀྨོ་ཧཱུྃ་ཞེས་མེ་ཏོག་གི་ཕུང་པོ་བརྒྱད་བྱ། སྒོ་བཞིར་དྲིའི་ཐིག་ལེ་བཞི་བྱ། ཤྲི་བཛྲ་མུད་ཀ་ར་ཤ་ར་ཡ་ཡ་ན་མ། ཤྲི་བཛྲ་གྷན་དྷ་པྲ་ཙ་ལ་ན་མ། ཤྲི་བཛྲ་ར་ག་ཤ་ར་ཡ་ཡ་ན་མ། ཤྲི་བཛྲ་ཁ་ཏོང་ཀ་པྲ་ཛ་ལ་ཡ་ཡ་ན་མ། ཞེས་མེ་ཏོག་གི་ཕུང་པོ་བཞི་བྱའོ། །དེའི་ཕྱི་རིམ་དུ་བར་ཁྱམས་གསུམ་པའི་ཕྱོགས་བཞིར་ཐིག་ལེ་དྲུག་དྲུག་ཉི་ཤུ་རྩ་བཞི་བྱ། སྒོ་བཞིར་ཐིག་ལེ་བཞི་བྱ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་སྔགས་བརྗོད་ལ་མེ་ཏོག་གི་ཕུང་པོ་ཉི་ཤུ་རྩ་བརྒྱད་བྱའོ། །དེའི་ཕྱི་རིམ་དུ་བར་འཁྱམས་བཞི་པ་ལ་སུརྱ་ཞེས་དྲིའི་ཐིག་ལེ་ཕྱོགས་བཞིར་བརྒྱད་བརྒྱད་སུམ་ཅུ་སོ་གཉིས་བྱ། ཨེ་ཨ་ར་ལི་ཧཱུྃ་ཞེས་མེ་ཏོག་གི་ཕུང་པོ་སུམ་ཅུ་རྩ་གཉིས་བྱའོ། །དེའི་ཕྱི་རིམ་དུ་བར་ཁྱམས་ལྔ་པ་ལ་མ་བདུན་སྲིང་བཞིའི་ཁྱམས་ཏེ་ཤར་ལྷོ་ནུབ་གསུམ་དུ་དྲིའི་ཐེག་ལེ་གཉིས་གཉིས་བྱ། བྱང་དུ་གཅིག །སྒོ་བཞིར་རེ་རེ་བཅུ་གཅིག་བྱ། མ་མ་ད་དུ་ཧཱུྃ་ཞེས་མེ་ཏོག་གི་ཚོམ་བུ་བཅུ་གཅིག་བྱའོ། །དེའི་ཕྱི་རིམ་དུ་བར་ཁྱམས་དྲུག་པ་ལ་སུརྱ་ཞེས་དྲིའི་ཐིག་ལེ་ཤར་ནུབ་ཏུ་བཞི་བཞི་བྱ། ལྷོ་བྱང་དུ་གསུམ་གསུམ། སྒོ་བཞིར་རེ་རེ་བྱ། གིང་ཀ་ར་ཧ་ཧ་རུ་ལུ་བྷྱོ་ཞེས་མེ་ཏོག་གི་ཚོམ་བུ་བཅོ་བརྒྱད་བྱའོ། །དེའི་ཕྱི་རིམ་དུ་བར་ཁྱམས་བདུན་པ་ལ་ཤར་ནུབ་ཏུ་བཅུ་གཉིས་བཅུ་གཉིས། ལྷོ་བྱང་དུ་བརྒྱད་བརྒྱད། ཤར་སྒོ་ནུབ་སྒོ་རུ་དྲུག་དྲུག །ལྷོ་སྒོ་བྱང་སྒོར་བཞི་བཞིའོ། །ཀྲོ་ཏ་ཀྲོ་ཏི་ཧཱུྃ་ཞེས་མེ་ཏོག་གི་ཕུང་པོ་དྲུག་ཅུ་ཐམ་པ་བྱའོ། །དེའི་ཕྱི་རིམ་དུ་ཁྱམས་བརྒྱད་པའི་ཤར་ཕྱོགས་སུ་སུརྱ་ཞེས་དྲིའི་ཐིག་ལེ་དྲུག་ཅུ་བྱ། རྦ་ན་རྦ་ན་ཨ་གྷུ་ཤ་ཛ་ཛ་ཞེས་མེ་ཏོག་གི་ཕུང་པོ་དྲུག་ཅུ་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་ཧ་ལ་ཧ་ལ་པ་ཤ་ཧཱུྃ་ཞེས་པ་དྲུག་ཅུ། ནུབ་བྱང་སུ་གརྫ་གརྫ་སྤོ་ཏ་བྂ་ཞེས་པ་དྲུག་ཅུ། བྱང་ཕྱོགས་སུ་པ་ཙ་པ་ཙ་གྷན་དྷ་ཧོ་ཞེས་པས་དྲིའི་ཐིག་ལེ་བྱ་ཞིང་མེ་ཏོག་གི་ཚོམ་བུ་བྱའོ། །དེ་ནས་ཁྱམས་དགུ་པ་ལ་ཡང་དྲིའི་ཐིག་ལེ་ཤར་ནུབ་ཏུ་བཅུ་གསུམ་བཅུ་གསུམ། ལྷོ་བྱང་དུ་བཅུ་གཉིས་བཅུ་གཉིས་དྲུག་ཅུ་བྱ། མ་མ་ཤ་ར་ཧཱུྃ་ཞེས་མེ་ཏོག་གི་ཕུང་པོ་དྲུག་ཅུ་ཐམ་པ་བྱའོ། །དེ་ནས་ཁྱམས་བཅུ་པ་ལ་སུརྱ་ཙནྟྲ་པདྨ་མཎྜལ་ཞེས་དྲིའི་ཐིག་ལེ་བྱ། མ་ཧཱ་གུ་རུ་ཤ་རི་རྂ་ཞེས་མེ་ཏོག་གི་ཕུང་པོ་ཅི་རིགས་སུ་བྱའོ། །དེ་ཡན་ཆད་དཀྱིལ་འཁོར་སྟ་གོན་ལ་གནས་པའོ། །དེ་ནས་དོན་གཉིས་པ་ལྷ་སྟ་གོན་ལ་གནས་པ་ནི། ཕྱིར་ཆ་གསུམ་བཏང་། ནང་དུ་རྩ་བ་དང་ཡན་ལག་གི་མཆོད་པ་བཤམ། ཕྱག་བསྡུས་པར་འཚལ། ཁྲོ་བཅུས་མཚམས་བཅད། ཡེ་ནས་མཉམ་ཉིད་ཀྱིས་བཤགས་པ་བྱ། དམ་བཅའ་ཆུང་བ་བྱ། བྱིན་ཕབ་ལ་བསྡུ། མཆོད་པ་རྣམས་བྱིན་གྱིས་བརླབས། དེ་ནས་རང་ཉིད་ཀུན་བཟང་དུ་གསལ་བའི་ཐུགས་ཁ་ནས་ཧཱུྃ་གནས་པ་ལ་དཀྱིལ་འཁོར་གྱི་འོག་ན་ཡར་ལ་འབྱུང་བ་རི་བརྩེག་དང་། ཞི་བའི་དཀྱིལ་འཁོར་གདན་དང་བཅས་པ་དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ་བསྐྱེད། དེའི་ནང་དུ་ཞི་བའི་ལྷ་རྣམས་སྔགས་ཀྱིས་ཚང་བར་བསྐྱེད། གསང་བདག་ཧེ་རུ་ཀར་གནས་པའི་ཐུགས་ཁ་ནས། དཀྱིལ་འཁོར་གྱི་འོག་ན་ཡར་དབང་ཆེན་ཁྲོ་བོའི་དཀྱིལ་འཁོར་གདན་དང་བཅས་པ་བསྐྱེད། དེའི་ནང་དུ་ཁྲག་འཐུང་ཡབ་ཡུམ་བཅུ། ཀའུ་རི་བརྒྱད། སིང་ཧ་བརྒྱད། སྒོ་མ་བཞི། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སུམ་ཅུ་སོ་གཉིས། མ་མོ་བདུན། སྲིང་མོ་བཞི། གིང་ཆེན་པོ་བཅོ་བརྒྱད། སྟེང་ཕྱོགས་ཁྲོ་བོ་ཁྲོ་མོ་དྲུག་ཅུ། ཤར་དུ་དུང་གི་ཕོ་ཉ་དྲུག་ཅུ། ལྷོར་གསེར་གྱི་ཕོ་ཉ་དྲུག་ཅུ། ནུབ་ཏུ་བསེའི་ཕོ་ཉ་དྲུག་ཅུ། བྱང་དུ་གཡུའི་ཕོ་ཉ་དྲུག་ཅུ། འོག་ཏུ་མ་མོ་ལས་བྱེད་དྲུག་ཅུ། རིག་འཛིན་ལ་སོགས་པ་ཐམས་ཅད་སྔགས་ཀྱིས་རྫོགས་ཚུལ་དུ་བསྐྱེད། ཞི་ཁྲོ་གཉིས་ཀ་ལ་དུས་གཅིག་ཏུ་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། ས་མན་ཛས་སྙན་གསན་དབབ། ཨེ་ཧ་ཧི་དང་རུ་ལུས་སྤྱན་དྲང་། ཛ་ཧཱུྃ་བྂ་ཧོས་གཉིས་སུ་མེད་པར་བསྟིམ། ཀུན་ཏུ་བཟང་པོ་དང་། ཕྱག་དང་ཞབས་བསིལ་དང་། ལྷ་མོ་བཞི་སྣོལ་གྱི་མཆོད་པ་དབུལ། བདུད་རྩིའི་ཞི་བའི་ལྷ་རྣམས་ལ་ཚོགས་ལས་ལྟར། ཨ་ཤོ་བྱས་ལ་དབུལ། ཁྲོ་བོ་ལ་རྩ་སྔགས་ཀྱིས་དབུལ། རིག་འཛིན་ཡན་ཆད་མཆོད། ཞི་བའི་ལྷ་རྣམས་ལ་སུ་ར་ཏོས་གཏོར་མ་དབུལ། ཁྲོ་བོ་ལ་ཛ་ཧཱུྃ་བྂ་ཧོས་དབུལ། ཞི་བ་ལ་གསང་གནན་གྱིས་མཆོད། ཁྲོ་བོ་རཀྟ་ཚར་གསུམ་དབུལ། ཕྱོགས་བཅུ་དུས་བཞིས་བསྟོད། གཏུམ་ཆེན་གྱིས་བསྟོད་ལ་དྲིལ་བུ་བསིལ་ཞིང་དབྱངས་དང་བཅས་པས། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །དེང་གི་གནས་མཆོག་དམ་པ་འདིར། །སློབ་མ་རྣམས་ཀྱི་དོན་ཕྱིར་དུ། །སང་གི་ནང་པར་གདུགས་བདལ་ནས། །དཀྱིལ་འཁོར་ཆེན་པོ་བཞེངས་གསོལ་བས། །སྟ་གོན་ལ་ནི་བཞུགས་ནས་ཀྱང་། །བྱིན་རླབས་དམ་པ་མཛད་དུ་གསོལ། །ཞེས་བརྗོད་ལ་དྲིལ་བུ་བསིལ། དེ་ནི་ལྷ་སྟ་གོན་ལ་གནས་པའོ། །དེ་ནས་གསུམ་པ་བུམ་པ་སྟ་གོན་ལ་གནས་པ་དང་ཡོ་བྱད་སྟ་གོན་ལ་གནས་པ་བྱ་སྟེ། གང་དུ་ཡན་ལག་རབ་གནས་ཀྱི་སྐབས་སུ་བུམ་པ་ལྔ་དཀར་ཞལ་ནས་ཕྱུང་བ་རིགས་ལྔའི་ཕྱག་མཚན་ལྔས་མཚན་པ་དེ། རྡོ་རྗེ་སློབ་དཔོན་གྱི་མདུན་དུ་སྣམ་བུ་གཙང་མའི་ཁར་བཞག་ལ། བདེན་པ་བདར་ཏེ། ན་མོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་དང་བཀོད་པ་མི་ཟད་པ་བརྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་དང་། བཅོམ་ལྡན་འདས་ཞི་ཁྲོ་གསང་བ་མཆོག་གི་དཀྱིལ་འཁོར་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། རྣལ་འབྱོར་པ་བདག་ཅག་གི་སློབ་མ་འདི་རྣམས་ཀྱི་དོན་དུ་བུམ་པ་ལྷའི་དཀྱིལ་འཁོར་དུ་བཞེངས་པར་འཚལ་བས། བར་དུ་གཅོད་པའི་བགེགས་དང་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེང་ཤིག །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཅེས་བརྗོད་ནས་རྡོ་རྗེ་ཐོགས་ཏེ། ཉུངས་དཀར་གཏོར་བས་བགེགས་ཐམས་ཅད་བསྐྲད་པར་བསམ། དེའི་རྗེས་སུ་བགེགས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་གུ་གུལ་གྱིས་བདུག །དེ་ནས་བཀྲ་ཤིས་པར་བྱ་བའི་ཕྱིར་སྤོས་ཀྱིས་བདུག །རྂ་ཡྂ་ཁྂ་ཞེས་བུམ་པའི་དངོས་པོ་དང་མཚན་མའི་སྐྱོན་སྦྱངས་ལ། སྭ་བྷ་བ་ཤུདྡྷོའི་སྔགས་ཀྱིས་སྟོང་པར་བསམ། དེ་ནས་དབུས་ཀྱི་བུམ་པ་རྡོ་རྗེས་མཚན་པ་ལ་བྷྲུྂ་གྱི་འཕྲོ་འདུ་ལས། བྷྲུྂ་བི་ཤ་བི་ཤུདྡྷེའི་སྔགས་བརྗོད་པས་ཞི་བའི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ་བུམ་པའི་ནང་དུ། ནས་སམ་ཉུངས་དཀར་བླུག་ཅིང་ཀུན་བཟང་ཡབ་ཡུམ་གྱིས་གཙོ་བྱས་ནས། མདུན་དུ་མི་བསྐྱོད་པ་ཡབ་ཡུམ་བསྐྱེད་ལ་ལྷ་བཞི་བཅུ་རྩ་གཉིས་རྩ་སྔགས་ཀྱིས་རྫོགས་ཚུལ་དུ་བསྐྱེད། དེ་ནས་ཤར་དུ་རྣམ་སྣང་གིས་གཙོ་བྱས་པའི་ལྷ་བཞི་བཅུ་བསྐྱེད། དེ་བཞིན་དུ་ལྷོར་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ་ཀྱིས་གཙོ་བྱས་པ་བུམ་ལུང་བཞིན་ལྔ་ཚར་ཉི་ཤུ་རྩ་ལྔའི་རྫས་ལ་སོགས་པ་སོ་སོ་རང་རང་གི་བུམ་པ་ལ་བླུག །ཁ་བརྒྱན། མགུལ་ཆིངས། གཟུངས་ཐག་ལ་སོགས་པ་རིགས་དང་མཐུན་པར་བྱའོ། །དེ་ནས་ཁྲོ་བོ་གསང་བའི་བུམ་པ་ནི། བན་དྷ་དཀར་པོ་ལ་ལྕང་ལོ་ཅན་གཉིས་དར་མཐིང་དམར་གྱི་ཁུད་དུ་བཞག་ལ། དེའི་ནང་དུ་རྡོ་རྗེ་རྫས་སློབ་དཔོན་གྱི་གཙོ་བྱས་པའི་མཆེད་རྡོ་རྗེའི་སྤུན་དུ་ཡོད་ཀྱི་གྲངས་སྨན་བཟང་པོའི་རི་ལུ་བྱས་ལ་བཞུགས། དེ་ནས་བུམ་པ་བསངས་སྦྱངས། སྟོང་པར་གྱུར་པ་ལས། བྷྲུྂ་ལས་འདུས་པ་ཆེན་པོའི་གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད་ལ། གཙོ་བོ་ནས་མ་བདུན་སྲིང་བཞི་ཡན་ཆད་བུམ་པའི་ནང་གི་ཉུངས་དཀར་བླུག་ཅིང་། སྔགས་ཀྱིས་རྫོགས་པར་བསྐྱེད། ལྔ་ཚར་ཉི་ཤུ་རྩ་ལྔའི་རྫས་འབྲུ་བཅུད་ཀྱི་ཕུད་ཚང་བར་བླུག །དེའི་ཁར་རྡོ་རྗེ་བཞག་ལ་གཟུངས་ཐག་བཏགས་ལ། ཐོད་པ་གཅིག་གིས་ཁ་བཅད། ཁ་དོག་ལྔའི་དར་གྱིས་ཁ་བཀབ་ལ་བཞག །ཡང་གཅིག་ཏུ་འདི་ལྟར་བྱ་སྟེ། ཞི་བའི་བུམ་པ་ལྔ་པོ་རིགས་ལྔ་རང་རང་དུ་རྫོགས་པར་བྱིན་གྱིས་བརླབས་ནས། དེ་ནས་ཁྲོ་བོའི་བུམ་པ་ལ་སྣོད་བན་དྷ་མཚན་ཉིད་དང་ལྡན་པ་ལྔ། རིགས་ལྔ་སོ་སོའི་ཐུགས་མཚན་བྲིས་ལ་བསང་། སྦྱངས། དེ་ནས་དབུས་ཀྱི་བུམ་པ་ལ་ཆེ་མཆོག་ཡབ་ཡུམ་གྱིས་གཙོ་བྱས་པའི་ལྷ་ལྔ་བརྒྱ་བརྒྱད་ཅུ་རྩ་གསུམ་དང་། རིག་འཛིན་རྩལ་འཆང་ཐམས་ཅད་ཚང་བར་བཀོད། རིགས་པ་བཞིའི་བུམ་པ་ལ། རིགས་རང་རང་གིས་གཙོ་བྱས་པའི་ལྷ་ལྔ་བཅུ་རྩ་བརྒྱད་པོ་བཀོད་ལ་རྫས་ཐམས་ཅད་ཚང་བར་བླུག་སྟེ། ཁ་བརྒྱན་མགུལ་ཆིངས། གཟུངས་ཐག་ལ་སོགས་པ་ཀུན་དང་ལྡན་པར་བྱས་ནས། ཞི་ཁྲོ་གཉིས་ཀྱི་བུམ་པ་རྣམས་ཕྱོགས་བཞི་དབུས་དང་ལྔར་བཞག །མན་འཛིའི་སྟེང་དུ་ཀ་པ་ལ་ལྔར་བདུད་རྩི་བླུག །བྱིན་གྱིས་བརླབས། ཁར་རྡོ་རྗེ་གཟུངས་ཐག་བཏགས་ནས། དེ་ནས་ཞི་ཁྲོ་གཉིས་ཀའི་བུམ་པའི་ལྷ་ལ་དམིགས་ལ་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། རང་བཞིན་གྱི་དཀྱིལ་འཁོར་ལ་ས་མན་ཛས་སྙན་གསན་དབབ། ཨེ་ཧ་ཧིས་སྤྱན་དྲང་། ཛ་ཧཱུྃ་བྂ་ཧོས་གཉིས་སུ་མེད་པར་བསྟིམ། ཀ་ཡ་ཝཀྐ་ཙིཏྟས་བརྟན་པར་བཞུགས་སུ་གསོལ། ཀུན་བཟང་ན་མར་མཆོད་པ་རྣམ་ལྔ་དབུལ། སྨན་མཆོད་ལ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧི་ཞེས་པས་དབུལ། མ་ཧཱ་བྷ་ལིངྟ་ཁ་ཧི་ཞེས་གཏོར་མ་དབུལ། རཀྟ་ཁ་ཧཱི་ཁྲག་དབུལ། ལྷག་པ་ཏིང་ངེ་འཛིན་ནི་རྒྱས་པར་དབུལ། སྦྱོར་སྒྲོལ་སྔགས་ཀྱིས་དབུལ། ཕྱོགས་བཅུ་དུས་བཞི་དང་། གཏུམ་ཆེན་གྱིས་བསྟོད་ལ་ཁྲོ་བོ་གསང་བའི་བུམ་པའི་གཟུངས་ཐག་ནས་ལག་པ་གཡོན་གྱིས་བཟུང་། གཡས་ཀྱིས་ཕྲེང་བ་བསྒྲངས་ལ། གྷུ་ཡ་ཛྙ་ན་འམ༴ རུ་ལུ་ཅུང་ཞིག་བཟླས་པས་ཏིང་ངེ་འཛིན་ནི་བདག་གི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་རྡོ་རྗེ་ལ་ཕོག །རྡོ་རྗེ་ལ་འོད་འཕྲོས་པས་བུམ་པའི་ནང་གི་ལྷ་ལ་ཐིམ། ཐུགས་དམ་བསྐུལ། ཀླད་པ་དུང་ཁང་དུ་སོང་། རྒལ་ཚིགས་ཀྱི་རྟ་བརྒྱུད། རྡོ་རྗེ་ནས་ཡུམ་གྱི་མཁར་བབས། སྦྱོར་བ་བྱས། སླར་ཡུམ་གྱི་ཞལ་ན་མར་བྱུང་། ཡང་ཡབ་ཀྱི་ཞལ་དུ་ཐིམ། སྲོག་དག་པའི་ལམ་ནས་བྱུང་། རྒལ་ཚིགས་ཀྱི་རྟ་བརྒྱུད། ཡུམ་གྱི་མཁར་བབས་སྦྱོར་བ་བྱས་པའི་སྦྱོར་མཚམས་ནས་ཆུ་རྒྱུན་བབས་པས། བུམ་པ་མེར་གྱིས་གང་། ༀ་ཏ་ལ་ཏེ་པ། མ་ཧཱ་ཏེ་པ་ས་ཏ་ཧཱུྃ། ཞེས་བརྗོད་པས་ལྷ་འཁོར་དང་བཅས་པ་བདུད་རྩིའི་རྒྱ་མཚོར་མེར་གྱིས་བྱུང་སྟེ། བུམ་པ་གང་བས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། རིགས་ལྔ་ཡེ་ཤེས་ལྔའི་ཡོན་ཏན་ཡོངས་སུ་རྫོགས་པར་བསམ་ལ། བསྟོད་པ་བྱ་བ་ནི། གསལ་ལྡན་མ་འམ་བྱིན་བརླབས་ལས། །སྟོང་གསུམ་ཉུངས་འབྲུར་འཇུག་ཚུལ་དུ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །མཉེས་ནས་གྲུབ་པའི་དམ་ཚིག་མཆོག །བདག་ཉིད་ཆེན་པོ་མཆོད་པ་ཡིས། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་གྱུར། །སྒྱུ་འཕྲུལ་དྲ་བ་བརྟན་པ་ཡིས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར། །ཞེས་པས་བསྟོད་དོ། །དེ་ནས་ཞི་བའི་བུམ་པ་ལྔ་པོ་ལ། བུམ་པ་ལྔ་པོ་ཕྱོགས་བཞི་དབུས་དང་ལྔར་བཞག །དབུས་ཀྱི་བུམ་པའི་མདུན་དུ་ཐོད་པ་དུམ་བུ་གཅིག་པའི་ནང་དུ་འབྲུ་བཅུད་ཀྱི་ཕུད་བླུགས། དེ་ལ་ཨ་མྲྀ་ཏ་བཏབ། ཁར་རྡོ་རྗེ་བཞག་ལ་བདུད་རྩི་ལྔར་བྱིན་གྱིས་བརླབ། ཞི་བའི་དཀྱིལ་འཁོར་བསྐྱེད། ཏིང་ངེ་འཛིན་ནི། ཡང་ཐུགས་ཁ་ནས་འོད་ཟེར་འཕྲོས་རྡོ་རྗེ་ལ་ཕོག །དེ་ནས་མར་ལ་བབས་པས་བུམ་པའི་ལྷ་ལ་ཕོག །ཐུགས་དམ་བསྐུལ། གླད་པ་དུང་ཁང་དུ་སོང་། སྒལ་ཚིགས་ཀྱི་རྟ་བརྒྱུད། སྲོག་དག་པའི་ལམ་ནས་ཕྱུང་། རྡོ་རྗེ་ནས་ཡུམ་གྱི་མཁའ་བབས། སྦྱོར་བ་བྱས། ཡང་ཡུམ་གྱི་ཞལ་ནས་ཡང་བྱུང་། ཡབ་ཀྱི་ཞལ་དུ་སོང་། གོང་བཞིན་སྦྱོར་བ་བྱས་པས་སྦྱོར་མཚམས་ནས་ཆུ་རྒྱུན་བྱུང་ནས་ཀ་པཱ་ལ་གང་། དེ་ལ་གོང་གི་སྔགས་བརྗོད་ནས་བན་དྷ་ནས་བདུད་རྩི་ཐིགས་པ་གསུམ་བླུགས་པས། ལྷ་གཙོ་འཁོར་དང་བཅས་པ་བདུད་རྩིར་གྱུར་ཏེ། བུམ་པ་གང་བས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིགས་ཀྱི་ཡོན་ཏན་རྫོགས་པར་བསམ། དེ་ནས་ཤར་ལྷོ་ནུབ་བྱང་དུ་བན་དྷ་རྡོ་རྗེ་དང་བཅས་པ་བཞག་ལ། བསང་སྦྱང་གོང་བཞིན་བྱ། རང་རང་གི་གནས་དང་ཕྱོགས་སུ་རིགས་བཞི་འཁོར་བཅས་བསྐྱེད། རིགས་བཞི་རང་རང་དུ་རྫོགས་པར་བྱིན་གྱིས་བརླབ་པ་གང་བཞིན་བྱ། དེ་རྣམས་ཟིན་པ་དང་རོལ་མོས་སྣ་དྲངས་ལ། རྡོ་རྗེ་སློབ་དཔོན་གྱིས་ཁྲོ་བོ་གསང་བའི་བུམ་པ་བཟུང་། ཞི་བའི་བུམ་པ་ཀུན་རྒྱལ་ཐེབས་ལ་སོགས་པ་ཀུན་ལ་གཏད་ལ། དཀྱིལ་འཁོར་གྱི་མཐའ་མ་བསྐོར་ཞིང་དབྱངས་དང་བཅས་པས། ཧཱུྃ་བུམ་པ་མ་ལགས་རྒྱལ་པོ་ལགས། །རྒྱལ་པོའི་སྔགས་ཀྱིས་བཏབ་ནས་ཀྱང་། །རྒྱལ་པོ་ཆེན་པོར་མངའ་གསོལ་གྱིས། །རྒྱལ་པོའི་ཚུལ་དུ་བཞུགས་སུ་གསོལ། །ཞེས་བརྗོད་ལ་ཁྲོ་བོའི་བུམ་པ་རང་གི་མདུན་དུ་དགོད། བུམ་པ་ལྔ་པོ་ཕྱོགས་བཞི་དབུས་དང་ལྔར་དགོད་པའམ། ཡང་ན་རྡོ་རྗེ་རྒྱལ་པོའི་མདུན་དུ་གྲལ་རིམས་སུ་དགོད། ལས་ཐམས་ཅད་པའི་བུམ་པ་ཁྲོ་བོ་བདུད་རྩི་འཁྱིལ་པར་བྱིན་གྱིས་རླབས་ལ་ལས་མཁན་གྱི་མདུན་དུ་དགོད་དོ། །དེ་དག་ནི་བུམ་པའི་སྟ་གོན་ཞེས་བྱའོ། ༈ །དེ་ནས་ཡོ་བྱད་བྱིན་གྱིས་བརླབ་པ་ནི། དེར་བསགས་པའི་ཡོ་བྱད་ལ་འདུས་པའི་ཕུད་བསོགས་ལ། སྤྱིར་བྱིན་གྱིས་བརླབ་པ་ནི། རྂ་ཡྂ་ཁྂ་གིས་རྫས་ཀྱི་དངོས་པོ་དང་མཚན་མ་སྦྱངས་ལ། ཏྲྂ་སྥ་ར་ན་ཕཊ། སྂ་ཧ་ར་ན་ཧཱུྃ་ཞེས་འཕྲོས་འདུས་པས། ཏྲྂ་རཏྣ་ཏྲཻ་ལོ་ཀྱ་མཎྜལ་ཧཱུྃ། ཞེས་བརྗོད་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མི་ཟད་པའི་གཏེར་དང་ལྡན་པ། རིན་པོ་ཆེའི་རྩེ་མོ་ལ་ༀ་ཨཱཿཧཱུྃ་གསུམ་གྱི་འོད་འཕྲོས་པས། ཕྱི་ནང་གསང་བའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འབྱུང་བར་བསམ་མོ། །བྱེ་བྲག་ཏུ་བརླབ་པ་ནི། ཡོ་བྱད་དེ་རྣམས་ཚོ་གསུམ་དུ་བཅད་ལ། ཚོ་གཅིག་བམ་སེར་པོའི་འཕྲོ་འདུ་ལས་དཔའ་བོ་འབྲུ་ལྔར་བསྐྱེད་ལ་ཚོགས་དང་མཆོད་པ་བྱ། ཚོ་གཅིག་ཨ་དང་མའི་འཕྲོ་འདུ་ལས། གཏོར་མ་བྱིན་གྱིས་རླབས་པ་བཞིན་དུ་འདོད་ཡོན་དུ་བརླབས་ལ་སྒྲུབ་པ་པོ་རྣམས་རོལ། ཚོ་གཅིག་ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་མང་ཞིང་རྒྱ་ཆེ་བར་བྱིན་གྱིས་བརླབས་ལ། མཆོད་མགྲོན་འགྱེ། ལྕོགས་ན་རྟགས་པ་དྲུག་གིས་བྱིན་གྱིས་བརླབས། དེའི་རྗེས་སུ་མཆེད་རྡོ་རྗེའི་སྤུན་རྣམས་ལྷ་དང་ལྷ་མོའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། དེ་དག་ནི་ཡོ་བྱད་ཀྱི་སྟ་གོན་ཞེས་བྱའོ། ༈ །དོན་ལྔ་པ་སློབ་མ་སྟ་གོན་ལ་གནས་པ་ནི། ཉི་ཤུ་རྩ་གཉིས་ཀྱིས་སྟོན་ཏེ། རྩ་བའི་དཀྱིལ་འཁོར་གྱི་ལྷོར་མཎྜལ་བྱ་སྟེ། དེ་ལ་ཆག་ཆག་གདབ་ཅིང་པདྨ་འདབ་བརྒྱད་མཛེས་མཚོན་དུ་བྱས་ལ། སོ་ཤིང་ལ་སོགས་པའི་རྫས་བཤམ། ལས་མཁན་གྱིས་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་བཤམས་ལ་ཕྲིན་ལས་ཐུགས་ལུགས་སུ། མཚམས་ནས་འཛབ་དང་བསྟོད་པ་ཡན་ཆད་བྱ། དེའི་བར་ལ་སློབ་བུ་རྣམས་ཀྱིས་ཁྲུས་བྱ། གོས་གསར་པ་གྱོན་ལ། བླ་མའི་གཡས་ཕྱོགས་སུ་གྲལ་རིམ་དུ་འདུག་ལ། བླ་མ་ལ་ཞུ་བ་ནི། སློབ་བུ་རྣམས་ཀྱིས་ཐལ་མོ་སྦྱར་ལ་བཟོད་པར་གསོལ་བ་ནི། ཧོ་མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད། འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་རྒྱལ་བ་རྒྱ་མཚོ་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་གསན་ཅིང་དགོངས་སུ་གསོལ་ལོ། །བདག་མིང་འདི་ཞེས་བགྱི་བ་རྣམས་འཁོར་བ་ལས་ངེས་པར་ཕྱུང་ནས་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་བགྱི་བའི་སླད་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསླབ་པ་མཐར་ཕྱིན་པར་འཚལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པ་དང་དབང་བསྐུར་དུ་གསོལ་ལོ། །ཞེས་ཞུ་བ་ཕུལ་ལ། སྨོན་འཇུག་གཉིས་ཀྱི་སྒོ་ནས་ཨེ་མ་ངོ་མཚར་ལྔས་སེམས་བསྐྱེད་ལ་གནང་བ་སྦྱིན་པ་ནི། རྡོ་རྗེ་སློབ་དཔོན་བཛྲ་ཧེ་རུ་ཀར་བསྒོམ་ལ། ཨེ་མ་བདེ་གཤེགས་སྙིང་པོ་ལས། ཞེས་པ་ནས། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱེད་ལ་རབ་ཏུ་བསྟན་པར་བྱ། །ཞེས་བརྗོད་ལ་སློབ་བུ་རྣམས་ཀྱིས་ཕྱག་འཚལ་ལོ། །དེ་ནས་སྤྲོ་བ་བསྐྱེད་པའི་ཕྱིར་དཀྱིལ་འཁོར་གྱི་དོན་བཤད་དེ། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་གྱིས། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཅེས་པ་ལ་སོགས་པའི་དོན་བཤད་ལ། སློབ་བུ་རྣམས་ཀྱིས་གསོལ་བ་གདབ་པ་ནི། བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །དཀྱིལ་འཁོར་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེའི་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོ་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་བཞུགས་པ་དང་། །མཁྱེན་རབས་ཡེ་ཤེས་བདག་ལ་སྩོལ། །ཞེས་ཞུ། དེ་ནས་སློབ་དཔོན་གྱིས་ལན་གནང་བར་སྦྱིན་པ་ནི། བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །འདུས་པ་ཆེན་པོའི་དབང་རྫོགས་སྦྱིན། །ཞེས་བརྗོད་དོ། །དེ་ནས་བུ་རྣམས་ཀྱི་གླད་པའི་དུང་ཁང་དུ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་འཕྲོ་འདུ་ལས་འོད་ཀྱིས་ལུས་འགོ་འཇུག་ཁྱབ་པ་དང་། ཨ་ཡུ་ཧཱུྃ་ཛ་ཞེས་བརྗོད་པས་ཚེའི་རང་བཞིན་མི་ཏིག་དཀར་པོ་དྲི་མ་མེད་པར་གྱུར་པར་བསམ། དེ་ནས་ཡང་གླད་པའི་དུང་ཁང་དུ་བྷྲུྂ་ཞེས་པའི་འཕྲོ་འདུ་ལས། ཟླ་ཁྂ་དམར་པོ་སྒོ་གཅིག་པ་གཅིག་བསམ། དེའི་ནང་དུ་ༀ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ་ཞེས་པས་ཧཱུྃ་ཀ་ར་བསྐྱེད། ༀ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུྃ་ཞེས་པས་མི་གཡོ་མགོན་པོས་སྒོ་སྲུང་བར་བསམ། དེ་ནས་སྒྲིབ་པ་བྲལ་བ་ནི། བདག་ཉིད་དཔལ་དུ་གསལ་བའི་སོར་མོ་བཅུ་ལས་ཉི་ཟླའི་གདན་གྱི་སྟེང་དུ་ཡིག་འབྲུ་བཅུ་བཀོད་ལ། རིགས་ལྔ་ཡབ་ཡུམ་གྱི་འཕྲོ་འདུ་བྱས་ནས། བདེན་པ་བརྗོད་པ་ནི། ན་མོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། གང་ཟག་འདི་རྣམས་ཀྱི་རྒྱུད་ལ་གནས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བ་དམན་ཞིང་ཤེས་རབ་ཞན་པའི་སྒྲིབ་པ་དང་། ཁྱད་པར་དུ་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒོར་ཞུགས་ནས་གསང་བ་ཟབ་མོའི་དབང་ནོད་པ་ལ་སྒྲིབ་པ་གངས་ཀྱི་རིམ་པ་བཞིན་དུ་གནས་པ་ཐམས་ཅད་སྐད་ཅིག་ཙམ་ལ་བྱང་ཞིང་དག་པར་གྱུར་ཅིག །བཛྲ་བྷན་དྷ་པྲ་ཐཱ་ཞེས་བརྗོད་པས་སྒྲིབ་པ་མ་ལུས་པ་སྲེགས་སྦྱངས་ནས། སེམས་ཉིད་ཤེལ་སྒོང་ལྟ་བུར་གྱུར་པར་བསམ། དེ་ཀ་ལ་བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཞེས་བརྗོད་པས་གོང་གི་ཁྲོ་བོ་འོད་དུ་ཞུ་ནས་ལས་བཀྲག་དང་ལྡན་པར་བསམ་ལ། རང་གང་མོས་པའི་ལྷའམ། སྔར་བསྐྱེད་པའི་ལྷར་བསྐྱེད་ལ། གོ་བགོ་ལུས་སྲུངས་བྱས་ལ་བཞག །དེ་ནས་སློབ་བུས་ཕྱག་བྱས་ལ། གསོལ་བ་བཏབ་སྟེ། དཔའ་བོ་རྡོ་རྗེ་འཛིན་པ་ཁྱེད། །འཁོར་བ་འདྲེན་པའི་དེད་དཔོན་ཆེ། །སྡུག་བསྔལ་ཆུ་བོ་རྒྱུན་བཟློག་པ། །དོན་གཉིས་བདག་གིས་མངོན་བྱའི་ཕྱིར། །ཐབས་ཀྱི་ལས་མཐའ་གང་ལགས་པ། །རིམ་པ་ཡང་དག་བསྟན་བྱའི་ཕྱིར། །ཐུགས་རྗེ་ཉེ་བར་སྤྱོད་མཛད་དེ། །དི་རིང་གནས་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། སློབ་བུ་རྣམས་ཀྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བ རླབས་ལ། དཔལ་ལྡན་རྡོ་རྗེ་སྐུ་གསུང་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས་དང་ལྡན། །དིང་ནས་བདག་ལ་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྦྱིན། །ༀ་ཨཱཿཧཱུྃ་ཞེས་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཀ་ཡ་སིདྡྷི་ༀ། ཝ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྷི་ཧཱུྃ། ༀ་སརྦ་ཏ་ཐ་ག་ཏ་ཀ་ཡ་ཝཀ་ཙིཏྟ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ཞེས་བརྗོད་ལ་གནས་གསུམ་དུ་རྡོ་རྗེས་གཏུག་གོ། །དེ་ནས་སློབ་བུ་རྣམས་ལས་མཁན་གྱིས་མཎྜལ་གྱི་རྩར་དྲངས་ལ། རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེའི་ཕྱེད་ལག་ཏུ་གཏད་ལ། བདག་ནི་ལས་མཆོག་སྐལ་བར་ལྡན། །དིང་ནས་ཐེག་པ་ཆེན་པོ་ལ། །བརྟན་པར་བྱ་ཕྱིར་བདག་ལ་ནི། །ཡེ་ཤེས་སྲུང་བ་མཛད་དུ་གསོལ། །ཞེས་བརྗོད་ལ། ༀ་བིག་ནན་ཏ་ཀྲིད་ཨ་མྲི་ཏ་ཀུན་དྷ་ལི་ཧཱུྃ་ཕཊ། ཅེས་པས་དྲི་ཆབ་སྦྱིན། ཁ་བཤལ། ཁང་དུ་ཡང་བཏུང་ངོ་། །དེ་ནས་བཛྲ་ཛྷི་ཧ་སྂ་བྷ་ར་པྲ་ཏི་ནི་ཧཱུྃ་ཕཊ། ཅེས་སོ། །སོ་ཤིང་བྱིན་ལ་སྦོམ་པོས་ལྕེ་བཞར། ཕྲ་མོས་བྲུ། དེ་ནས་མཎྜལ་གྱི་སྟེང་དུ་བུད་ཐབས་སུ་མཁའ་དབྱིངས་ཀྱི་ཕྱག་རྒྱ་བཅས་པའི་བར་ནས་བསྐུར། ཕྱོགས་བཞིར་འགྱེལ་ན་རིགས་བཞི་འགྲུབ། བྱང་ཤར་དུ་འགྱེལ་ན་བསྐྱར་རོ། །དེ་ནས་ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་སྲུང་སྐུད་བྱས་ལ་ཕོའི་དཔུང་པ་གཡས། མོའི་དཔུང་པ་གཡོན་ལ་བཅིངས། བཛྲ་ཏིཥྚ་ཧཱུྃ་སྭཱ་ཧཱ། ཅེས་ཀུ་ཤ་སྦྱིན། ཕོའི་རྣ་བ་གཡས། མོའི་གཡོན་ལ་གཟུགས། ༀ་བཛྲ་ཀི་ལི་ཀི་ལ་ཡས་ཕུར་པ་སྲས་མཆོག་ཏུ་བྱིན་གྱིས་བརླབས་ལ་སྦྱིན། མཆེད་ལྕམ་གྱིས་ཕྱག་བྱས་ལ་སེམས་རྩེ་གཅིག་ཏུ་འདུག་གོ། །དེ་ནས་ས་ཚོན་རྣམ་པ་ལྔས་བྱང་ཤར་གྱི་མཚམས་ནས་རེ་ག་མཛུབ་གང་བ་ཞིག་དྲངས་ལ། ཟངས་གཞོང་གིས་ཁ་བཀབ་ལ་རྡོ་རྗེས་མནན་ལ་བཞག་གོ། །དེ་ནས་དབང་གི་གླིང་གཞི་བཤད་དེ། དེ་ཡང་རྒྱལ་བ་སྐུ་གསུམ་པོ་རིམ་པར་བརྒྱུད་པའི་མཐར་ནི། དབང་གི་ཆུ་བོ་ཆེན་པོ་བཞི་ཞེས་གྲགས་པ་ལས། ཐེག་པའི་རིམ་པའི་ཆུ་བོ་ཆེན་པོ་བཞི་ནི། ཡོ་ག་ལ་སོགས་ཐེག་དྲུག་ལས། །ཕྱི་དབང་བརྒྱུད་ཀྱི་ཆུ་བོ་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོ་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །བསྒྲུབ་དབང་གྲགས་པའི་ཆུ་བོ་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་བ་མན་ངག་གི་ཆུ་བོ་བྱ། ཞེས་པ་རྣམས་ནི་ཐེག་པའི་རིམ་པའི་ཆུ་བོ་ཞེས་བྱ་བ་ཡིན། ཁུངས་ཀྱི་ཆུ་བོ་ནི། ཕྱི་ནང་གི་ཆོས་ཐམས་ཅད་རྒྱ་གར་ཆོས་ཀྱི་རྒྱལ་པོ་ལས་བྱུང་སྟེ། དེ་ཡང་དབང་གི་ཆུ་བོ་ཆེན་པོ་ལྔ་ཞེས་བྱ་བར་གྲགས་ཏེ། དེ་ལ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་སྂ་བྷ་བས། ཤཱནྟིཾ་གརྦ་ལ་བསྐུར། དེས་གཤེན་ཆེ་མཆོག་ཤེས་རབ་ལ་དབང་བསྐུར། དེས་དར་རྗེ་དཔལ་གྱི་གྲགས་པ་ལ་བསྐུར། དེས་ཡེ་ཤེས་བློ་གྲོས་ལ་དབང་བསྐུར། དེས་མཉོས་ཉི་མ་རྒྱལ་པོ་ལ་དབང་བསྐུར་ཏེ། དེ་དག་ནི་ལུང་གི་སྤྱི་སྒྱུ་འཕྲུལ་དྲྭ་བ་དང་། གཞུང་དོན་ཐབས་ཀྱི་ཞགས་པའི་དབང་གི་ལུགས་ཏེ། ཆུ་བོ་ཆེན་པོ་གཅིག་ཅེས་བྱའོ། །ཡང་རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་བཞད་པས་རྡོ་རྗེ་གྲགས་པ་ལ་དབང་བསྐུར། དེས་ཀྱང་མཉོས་ཉི་མ་རྒྱལ་པོ་ལ་དབང་བསྐུར་ཏེ། དེ་དག་ནི་སྐུ་གསུང་ཐུགས་གསང་བ་སྡེ་གསུམ་གྱི་དབང་ཡིན་ཏེ། དབང་གི་ཆུ་བོ་ཆེན་པོ་གཉིས། རྣམ་གཅིག་ཏུ་ཡང་རྒྱ་གར་གྱི་སློབ་དཔོན་ཧཱུྃ་ཀ་རས། ནམ་མཁའི་སྙིང་པོ་ལ་དབང་བསྐུར། དེས་མཁར་ཆེན་དཔལ་གྱི་གྲགས་པ་ལ། དེས་སྐྱོ་སྟག་གི་རྡོ་རྗེ་ལ། དེས་ལ་བྱིད་ཡེ་ཤེས་རྩེགས་པ་ལ། དེས་ལོ་དཔལ་གྱི་བློ་གྲོས་ལ། དེས་དཔལ་གྱི་གྲགས་པ་ལ། དེས་ཀྱང་མཉོས་ཉི་མ་རྒྱལ་པོ་ལ་དབང་བསྐུར་ཏེ། དེ་དག་ནི་དཔལ་ཡང་དག་གི་ལུགས་ཏེ་དབང་གི་ཆུ་བོ་གསུམ། ཡང་རྒྱ་གར་གྱི་སློབ་དཔོན་བྱེ་མ་ལ་མུ་ཏྲས། གཉགས་ཛྙ་ན་ཀུ་མ་ར་ལ་དབང་བསྐུར། དེས་འོ་བྲན་དཔལ་གྱི་གཞོན་ནུ་ལ། དེས་དར་རྗེ་དཔལ་གྱི་གྲགས་པ་ལ། དེས་ཡེ་ཤེས་བློ་གྲོས་ལ། དེས་ཀྱང་མཉོས་ཉི་མའི་རྒྱལ་པོ་ལ་དབང་བསྐུར་ཏེ། དེ་དག་ནི་ལུང་དང་མན་ངག་གི་དབང་བསྐུར་ཏེ། དབང་གི་ཆུ་བོ་ཆེན་པོ་བཞི་ཞེས་བྱ། ཡང་རྣམ་གཅིག་ཏུ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། ཨ་ཙ་ར་མན་ཛུ་ཤྲི་ལ་དབང་བསྐུར། དེས་ལང་གསུམ་རྒྱལ་བའི་བྱང་ཆུབ་ལ། དེས་ལང་གསུམ་གཡུ་སྐྲ་ལ། དེས་རུ་ཡེ་ཤེས་བློ་གྲོས་ལ། དེས་ཀྱང་མཉོས་ཉི་མའི་རྒྱལ་པོ་ལ་དབང་བསྐུར་ཏེ། དེ་དག་ནི་ཡོ་ག་ཕྱིའི་དབང་བསྐུར་ཏེ་དབང་གི་ཆུ་བོ་ཆེན་པོ་ལྔ་ཞེས་བྱའོ། །དེ་དག་ནི་སོ་སོ་རང་རང་ནས་བརྒྱུད་པའི་ཁུངས་ཀྱི་དབང་གི་ཆུ་བོ་ཆེན་པོ་ཞེས་བྱའོ། །དེ་དག་ལས་རྒྱ་གར་གྱི་དབང་གི་ཆུ་བོར་གྲགས་ལུགས་བཞི་དང་། བོད་དུ་དབང་གི་ཆུ་བོར་གྲགས་ལུགས་བཞི་ལས། རྒྱ་གར་གྱི་བཞི་ནི། ཡི་དམ་གྱི་ལྷས་དབང་བསྐུར་ནས་ཐོབ་པ་དང་། བཀའ་བརྒྱུད་བརྟགས་ཀྱི་དབང་བསྐུར་ནས་ཐོབ་པ་དང་། རིགས་པ་རྩལ་གྱི་དབང་བསྐུར་ནས་ཐོབ་པ་དང་། དགེ་བའི་བཤེས་གཉེན་མཁས་བཙུན་གྱིས་དབང་བསྐུར་ནས་ཐོབ་པ་དང་བཞིའོ། །དེ་ལ་ཡི་དམ་ལྷས་དབང་བསྐུར་ནས་ཐོབ་པ་ནི། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་སྟེ། དཔལ་རྡོ་རྗེ་སེམས་དཔའ་དངོས་སུ་བྱོན་ནས་དབང་བསྐུར་ཏེ། བྱང་ཆུབ་ཀྱི་སེམས་ཡེ་ནས་མ་བཅོས་པ། ཡེ་ནས་ལྷུན་གྱིས་གྲུབ་པར་གནས་པར་བཤད་པ་དེ་ཡིན་ནོ། །དེ་ནི་ཟབ་མོ་དབང་གི་བརྒྱུད་པ་སྟེ་དབང་བསྐུར་བའི་སྐབས་སུ་ཤེས་པར་བྱོས་ཤིག །བཀའ་བརྒྱུད་ཀྱི་དབང་བསྐུར་ནས་ཐོབ་པ་ནི། རྒྱལ་པོ་ཛ་ཞེས་པ་དེ་ཉིད་ཡིན་ཏེ། དེ་ཡང་རྒྱལ་བ་དགོངས་པས་བརྒྱུད། རིག་འཛིན་རིག་པས་བརྒྱུད། གང་ཟག་རྣ་བས་ནས་རྣ་བར་བརྒྱུད་དེ། རྒྱལ་བ་ཀུན་ཏུ་བཟང་པོས་འཁོར་རིགས་ལྔའི་སངས་རྒྱས་ལ་བཤད། དེས་རིགས་གསུམ་མགོན་པོ་ལ་བཤད། དེ་ལ་རིག་པ་འཛིན་པ་མི་མ་ཡིན་པ་ལ་བརྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་རྣམ་པ་གཉིས་ལས། དང་པོ་ནི་རིགས་གསུམ་གྱིས་ལྷ་ཀླུ་གནོད་སྦྱིན་གསུམ་གྱི་གནས་གསུམ་དུ་རང་རང་དང་མཐུན་པར་ཆོས་བསྟན་ཏོ། །དོན་གཉིས་པ་རིག་པ་འཛིན་པ་མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་ནི། རིགས་གསུམ་གྱི་ནང་ནས་དྲག་ཤུལ་ཅན་གྱི་མཆོག །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དེ་སངས་རྒྱས་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ལོན་པའི་དུས་སུ། མ་ལ་ཡའི་རྩེར་དམ་པའི་རིགས་ཅན་ལྔ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེ་ཡང་ཇི་ལྟར་ཞེ་ན། ཟ་ཧོར་གྱི་རྒྱལ་ཁམས་ཞེས་བྱ་བའི་ཉེ་འཁོར་ན། སྟོན་པས་ཞབས་ཀྱིས་བཅགས་པའི་ས་ཕྱག་ན་རྡོ་རྗེའི་ཕོ་བྲང་། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས། རི་མ་ལ་ཡ་ན་གནམ་ལྕགས་ཐོག་ཡོད་པའི་རྩེ་མོ་ཞེས་བྱ་བ་ཅིག་ཡོད་དོ། །རི་དེ་ཡང་རྩེ་མོ་རི་དྭགས་ཀྱི་རྒྱལ་པོ་སེང་གེའི་འཁྲ་སར་གྱུར་པ། འདབ་ཤོད་ནི་གཅན་ཟན་གྱི་རྒྱལ་པོ་སྟག་གི་འཁྲ་སར་གྱུར་པ། སྨན་རྩ་བ་དང་། མྱུ་གུ་དང་། སྡོང་པོ་དང་། ཤུན་པ་དང་། ལོ་འདབ་དང་། འབྲས་བུའི་སྨན་སྣ་ཚོགས་ཀྱི་ཤིང་སྐྱེས་པ། ངོས་ལ་བྲག་དཀར་པོ་སེང་གེ་ཁྱི་ཚུགས་སུ་བསྡད་པ་འདྲ་བ་གྲངས་དང་གྲངས་ཀྱིས་ཡོད་པ། དེའི་ཤར་ངོས་ན་ཏྲི་ཤང་ཨ་སུ་ར་བ་ཞེས་བྱ་བ་གནོད་སྦྱིན་གྱི་ཕུག་ཡོད་དེ། དེ་ཡང་སྒོ་ཟླ་ཁམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ། ཕུགས་རིན་པོ་ཆེ་ཟུར་བརྒྱད་ལ་ཉི་ཟླའི་རི་མོ་རང་སྣང་བ། རི་དེའི་སྤྱི་བོ་ན་བྱ་ཀ་ལན་ཏ་ཀ་ཞེས་བྱ་བ། དོན་གཉིས་པར་མི་སྒྲོགས་ཏེ་གཅིག་ཏུ་སྒྲོགས་པར་བྱེད་པའི་ཚང་བཅས་པ། དཔེར་ན་གནས་དེར་གང་ཟག་ལས་དང་སྐལ་བར་ལྡན་པ་རྣམས་ཀྱིས་བགྲོད་ཅིང་ཕྱིན་པ་ལས། ལས་དང་སྐལ་བ་མེད་པ་རྣམས་ཀྱིས་བགྲོད་ཅིང་ཕྱིན་པར་མི་ནུས་པའོ། །དེ་ལྟ་བུའི་གནས་ཁྱད་པར་ཅན་དེར་གསང་བའི་བདག་པོས་དམ་པའི་རིགས་ཅན་ལྔ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱིན་བརླབས་ཀྱིས། ཤར་ཕྱོགས་ཟ་ཧོར་གྱི་ཡུལ། ཨ་པ་ཏྲ་མུ་ཛྙ་ན་ཞེས་པ་ན། རྒྱལ་པོའི་རིགས་ཅན་གསང་སྔགས་གོ་བའི་སྐལ་བ་དང་ལྡན་པ། འགུགས་པའི་སྒྲ་ཛ་ཞེས་བྱ་བའི་མིག་ཅན་དེ་ལ། གསང་སྔགས་མི་ཡུལ་དུ་འབྱུང་བའི་ལྟས་བདུན་ཤར་ཏེ། དང་པོ་ནི་རི་དེའི་རྩེ་མོར་དཔལ་ཕྱག་ན་རྡོ་རྗེའི་ཕོ་བྲང་བྱོན་ནས། སྐུའི་ཁྲུ་བདུན་ལས་འོད་སྔོན་པོ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྲེགས། གསུང་གི་སྒྲ་འབྲུག་སྟོང་ལྟ་བུར་ལྡིར། ཐུགས་ཀྱི་དཀྱིལ་འཁོར་ནས་རྡོ་རྗེ་འོད་འབར་བ་ཅིག་ཤར་བས་རྒྱལ་པོ་ཉིད་ཀྱི་ཐུགས་ཁར་ཐིམ། ཉི་མ་འོད་འབར་བ་ཞིག་ཤར་བས་སྤྱི་བོར་ཐིམ། ཟླ་བ་འོད་འབར་བ་ཅིག་ཤར་བས། རྒྱལ་པོའི་རྐང་མཐིལ་དུ་ཐིམ་ནས་སྣང་སྲིད་ཀྱི་ལྟོས་ཐམས་ཅད་རྒྱལ་པོའི་ལྟོ་བ་ན་འཕྱོ་བ་གཅིག་རྨིས་སོ། །གཉིས་པ་ནི་སངས་རྒྱས་ཐམས་ཅད་དང་ཆོས་ཀྱི་སྒྲོག་གླེང་མཛད་ཅིང་ཉི་ཟླ་ལ་ཞོན་ཏེ་གསེར་གྱི་འཁོར་ལོ་བསྐོར་ནས་སྲིད་པ་གསུམ་ལ་དབང་བསྒྱུར་བ་ཞིག་རྨིས་སོ། །གསུམ་པ་ནི་ནམ་མཁའ་ལ་སྤྲིན་གསེར་གྱི་ཁ་དོག་ཅན་འཁྲིགས། ཆོ་འཕྲུལ་གྱི་འབྲུག་སྒྲ་སྙན་པར་ཚིམ་པ་ནི་གྲག །རིན་པོ་ཆེ་སྣ་ཚོགས་ཀྱི་སྨུག་པ་ནི་འཐིབས། །རིན་པོ་ཆེ་བཻ་ཌཱུརྱའི་འོད་ནི་བྱུང་། སྣང་སྲིད་གསལ་བའི་གློག་ནི་འགྱུས་ནས། རིན་ཆེན་སྣ་ཚོགས་ཀྱི་ཆར་མངོན་པར་བབ་པ་ཞིག་རྨིས། བཞི་པ་ནི་འཇིག་རྟེན་གྱི་གཏོས་པོ་ཀུན་ནི་བསྒྱུར། རིན་པོ་ཆེ་སྒྲོན་མེ་འབར་བ་ཤར་བས་སྣང་སྲིད་ཀྱི་མུན་པ་ཐམས་ཅད་ནི་སངས། བདུད་རྩི་དང་སྨན་གྱི་ཆུ་རྒྱུན་བྱུང་བས་འགྲོ་བ་ཐམས་ཅད་ཀྱི་གཅོང་རྙིང་ནི་སྦྱངས། འགྲོ་བ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་ཞེས་པའི་སྒྲ་ཏི་རི་རི་སྒྲོགས་པ་ཞིག་རྨིས་སོ། །ལྔ་པ་ནི་སྤྲིན་གྱི་ནང་ནས་ཉི་མའི་དཀྱིལ་འཁོར་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཟེར་ཅན་གཅིག་ཤར་བའིི་དཀྱིལ་ན། རིན་པོ་ཆེ་སྨུག་པོ་དཔལ་བེའུའི་སྒྲོ་འདོས་བཅས་པ་ཕྱི་ནང་མེད་པར་གསལ་བའི་ནང་ནས། གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་རང་གནད་དུ་བྲིས་པའི་གླེགས་བམ་མང་པོ་ཞིག་གིས་གཏམས་པ་སྐར་མདའ་ལྟུང་བ་བཞིན་དུ་བབས་པ་ཞིག་རྨིས་སོ། །དྲུག་པ་ནི་ཡང་གླེགས་བམ་དང་པོ་ཏི་དེ་རྣམས་ལ། བྱང་ཆུབ་སེམས་དཔའ་དང་རིག་འཛིན་དང་ལྷ་དང་ལྷ་མོ་ཚད་མེད་པ་རྣམས་ཡོན་ཏན་གྱི་སྒྲ་སྒྲོགས་ཤིང་མཆོད་པ་འབུལ་ཏེ། གར་གྱི་ལིང་ལོང་དང་རོལ་མོའི་ཆ་བྱད་མང་པོ་འདོན་བསྐོར་བ་ཞིག་རྨིས་སོ། །བདུན་པ་ནི་ནམ་མཁའི་སྤྲིན་གསེབ་ནས་ལུང་བསྟན་པའི་སྒྲ་བྱུང་སྟེ། ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསོད་ནམས་ཆེན་པོའི་དྲ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟ་དུས་འདིར་མངོན་ཤར་གྱིས། །འཁོར་བའི་སྙིང་པོ་སྦྱང་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་བསྟན་པར་བྱ། །མ་ལ་ཡ་ཞེས་བྱ་བའི་རི། །དགོན་པ་ཆེན་པོའི་གནས་ཞིག་ན། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །གསང་བར་བྱ་བ་དམ་པ་ཞིག །ཡོད་ཀྱིས་གསང་བར་ནན་ཏན་གྱིས། །དེ་ལ་སེམས་ཀྱི་མེ་ལོང་གྱིས། །མངོན་དུ་གསལ་བར་རྟོག་མ་ཐག །སངས་རྒྱས་པ་ལ་བསྐལ་བ་མཉམ། །བདེ་བ་ཅན་ཞེས་བྱ་བའི་རི། །འོད་ཀྱི་རྒྱལ་པོ་ཞེས་བྱ་བའི། །ཀུན་རིགས་བདེ་བ་ཆེན་པོར་འགྱུར། །རྡོ་རྗེ་གསང་ཆེན་གསང་བ་ཡི། །དམ་པའི་མཛོད་གསུམ་རབས་ག ཅིག་ནི། །ལྷ་དང་མིའི་རིག་འཛིན་ལ། །རིམ་པར་བརྒྱུད་དེ་གྲགས་པར་འགྱུར། །ཞེས་ལུང་བསྟན་པ་རྨིས་སོ། །དེ་ནས་རྒྱལ་པོ་གཉིད་སད་ནས་རབ་ཏུ་དགའ་སྟེ་འཁོར་མང་དུ་བསྡུས་ནས། རྨི་ལམ་དུ་ཇི་ལྟར་བྱུང་བའི་ཚུལ་རྣམས་བཟླས་ནས། རྨི་ལམ་འདི་དག་དང་སྦྱར་ན་བདག་ལས་དང་སྐལ་བར་ལྡན་པར་ངེས་སོ། །ཞེས་གསུངས་ནས་ཕོ་བྲང་གི་ཡང་ཐོག་ཏུ་ཕྱིན་པས། རྨི་ལམ་དུ་ཇི་ལྟར་བྱུང་བ་དང་མཐུན་པར། དཔལ་ཕྱག་ན་རྡོ་རྗེའི་སྐུ་གཟུགས་རིན་པོ་ཆེ་ལས་གྲུབ་པ་ཞིག་མཐོང་ནས། རྒྱལ་པོ་དགའ་སྟེ་བསྐོར་བ་དང་མཆོད་པ་བྱས་ནས། ཚིག་ཏུ་བརྗོད་པ་ནི། སྔོན་ཚེ་གོང་ནས་བསྙེན་པ་ཡི། །ལས་ཀྱིས་མཇལ་བའི་ལྷ་མཆོག་འདི། །བསྐལ་བ་བརྒྱར་ཡང་མི་གཏོང་། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ། །འདྲེན་པའི་མཆོག་གི་དཔལ་ལགས་གང་། །མོས་པས་གཟུངས་ཀྱི་ལྷ་མཆོག་འཛིན། །ཞེས་གསོལ་ནས་ཡི་དམ་དུ་བཅས་སོ། །དེ་ནས་ཡང་རྒྱལ་པོའི་ཐུགས་དགོངས་ལ་བརྟགས་འདི་དང་ལྡན་པ་དང་། རི་བོ་འདི་ཡང་དཔལ་ཕྱག་ན་རྡོ་རྗེའི་རང་བཞིན་དུ་འདུག་པ་དང་། རིག་འཛིན་མང་པོ་གྲུབ་པ་ཐོབ་པའི་གནས་ཡིན་པ་གཏམ་སྙིང་དུ་ཐོས་པ་དང་། རྨི་ལམ་དང་མཐུན་པའི་ལྟས་རྣམས་ཀྱང་ནམ་མཁའ་ལ་མངོན་དུ་སྣང་བ་དང་། གཅན་གཟན་གདུག་པ་ཅན་རྣམས་ཀྱང་དགེ་བ་ཅན་ལ་དད་པའི་ཚུལ་འདི་དག་དང་ལྡན་པས་ངེས་པར་བསྒྲུབ་པོ་གསུང་ནས། གཟུགས་བརྙན་དེ་ལ་བརྟེན་ནས་ཟླ་བ་བདུན་དུ་བསྒྲུབས་པས། རྨི་ལམ་དུ་ཇི་ལྟར་བྱུང་བ་དང་ཚུལ་མཐུན་པར། གླེགས་བམ་དང་པོ་ཏི་མང་པོའི་ཆར་མངོན་སུམ་དུ་བབས་ནས། ཡང་ཕྱག་ན་རྡོ་རྗེའི་སྐུ་གཟུགས་དེ་ཉིད་ཀྱི་མདུན་དུ་རང་བྱུང་དུ་བྱོན་ནས། དེར་པོ་ཏི་རྣམས་ལ་རྒྱལ་པོ་རབ་ཏུ་དགའ་བའི་ཚུལ་གྱིས་བལྟས་པས། ཚིག་འབྲུ་གཅིག་གི་ཡང་བདའ་མ་འབྱེད་ནས་ཐེ་ཚོམ་དུ་གྱུར་ཏེ། ཨེ་མ་ཧོ་སྔགས་ཀྱི་ཚུལ་རྟགས་འདི་དང་ལྡན་ན་གླེགས་བམ་འདི་རྣམས་ལ་ཟབ་མོ་གསང་བའི་དོན་ཞིག་ཡིན་པར་ངེས་ན། བདག་གིས་མ་རྟོགས་པ་འདི་ཅིས་ཉེས་བསྙམས་ནས་བཤུམས་སོ། །དེ་ནས་ཡང་ཅུང་ཟད་ཅིག་ནས་ཐེ་ཚོམ་གྱི་ཉོན་མོངས་པ་ཞི་སྟེ། ད་ཡང་འཇིག་རྟེན་གྱི་ཁམས་ན་འདི་དག་བདའ་འབྱེད་པ་སུ་ཞིག་ཡོད་ཅེས་བསྒྲགས་པས། ཟ་ཧོར་གྱི་རྒྱལ་པོ་ཨུ་ར་ཙ་ཞེས་བྱ་བའི་བཤེས་གཉེན་ཅན་ཡོད་པས། དེས་ཤེས་པར་རིགས་སོ་ཐོས་ནས་ཕོ་ཉ་བརྫངས་ཏེ། ལོ་རྒྱུས་ཞིབ་ཏུ་གསོལ་ནས་སྤྱན་དྲངས་པས། སློབ་དཔོན་གྱི་ཞལ་ནས་གལ་ཏེ་བདག་གིས་མ་ཤེས་ན་དེར་ཕྱིན་པ་ཚུལ་མ་ཡིན་པར་འགྱུར་གྱི། དེ་དག་གླང་པོ་ཆེ་ལ་བཀལ་ལ་འདིར་སྐྱོལ་ཅིག་ཅེས་གསུང་ནས། པོ་ཏི་དེ་དག་གླང་པོ་ཆེ་ལ་བཀལ་ཏེ་བསྐྱལ་བས། བཏགས་པས་ཚིག་འབྲུ་གཅིག་ཀྱང་མ་ཤེས་ནས། འདི་དག་བདག་གི་སྤྱོད་ཡུལ་དུ་མ་གྱུར་ཀྱིས། རྒྱལ་པོ་ཉིད་ཀྱི་དགོངས་པའི་རྩལ་གྱིས་དཔག་འཚལ་ལོ། །ཞེས་སླར་བརྫངས་པས་རྒྱལ་པོའི་ཐུགས་དགོངས་ལ། འདི་དག་ལ་ཀུན་གྱི་ཐུན་མོང་མ་ཡིན་པ་ངོ་མཚར་རྨད་དུ་བྱུང་བའི་དོན་ཞིག་ཡོད་པར་ངེས་པས། སངས་རྒྱས་ཀྱི་ཆོས་ཐོས་པའི་གཞུང་ལས་བྱུང་བ་བཞིན་དུ། ཚོགས་བསོགས་པ་དང་། སྒྲིབ་པ་སྦྱངས་པ་དང་། མཆོད་པ་རྒྱ་ཆེན་པོ་བྱས་ནས་བརྟགས་པས། རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ལེའུ་བདའ་འབྱེད་པར་གྱུར་ཏོ། །དེ་ནས་ལེའུ་དེའི་གཞུང་བཞིན་དུ་བསྒྲུབ་པས། རྡོ་རྗེ་སེམས་དཔའི་ཞལ་བསྟན་ནས། རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུངས་པས། བདག་ནི་པོ་ཏི་དང་གླེགས་བམ་འདི་རྣམས་ཀྱི་དོན་རྟོགས་པར་འཚལ་ལོ་ཞེས་ཞུས་པས། ལན་དུ་རིགས་ཀྱི་བུ་རང་གི་རྒྱུད་སྦྱོངས་དང་། ཁྱོད་ཀྱི་སྟོན་པ་ནི་གསང་བའི་བདག་པོས་དོན་མ་ལུས་པ་བསྟོན་པར་འགྱུར་རོ། །ཞེས་གསུང་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཡང་རང་གི་རྒྱུད་སྦྱངས་པས་དཔལ་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས། དེའི་ཚེ་ཉིད་ཀྱིས་རྡོ་རྗེ་ནམ་མཁའ་ལ་ཡར་ནས་བརྡལ་ཞུགས་མཛད་དེ། ཧཱུྃ་ཧཱུྃ་ཧཱུྃ་རྡོ་རྗེ་འདུ་བར་འདུས་པ་རྣམས། །རིགས་མ་ཡིན་པ་རིགས་མིན་འགྱུར། །སྐལ་ལྡན་ཅན་གྱི་རིགས་སུ་འགྱུར། །ཐམས་ཅད་རྡོ་རྗེ་གསང་བ་པོར། །རཀྵ་ཀྲོ་ཏ་ཙིཏྟ་ཛྭ་ལ་རྂ། ཞེས་བརྗོད་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་ཐམས་ཅད་འཁོར་དུ་འདུས་ཏེ། དེ་དག་ལ་རྡོ་རྗེ་གསང་བའི་མིང་སོ་སོར་བཏགས་ནས་གྲུབ་པ་ལུང་གི་གསང་སྒོ་ཕྱེ་སྟེ། དམ་པའི་མཛོད་གསུམ་དང་། ཏན་ཏྲ་སྡེ་བཅོ་བརྒྱད་ལ་སོགས་པ་རྒྱལ་པོ་ཛ་དང་དམ་པའི་རིགས་ཅན་ལྔ་ལ་བཤད་དེ། དེ་རྣམས་ནི་རིག་འཛིན་རིག་པའི་བརྒྱུད་པ་ཞེས་བྱའོ། །གང་ཟག་སྙན་ཁུང་བརྒྱུད་པ་ནི། དེ་དག་གི་ནང་ནས་རྒྱལ་པོ་ཛ་དང་། མི་ལས་དགེ་བ སྙེན་ཆེན་པོ་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། རྒྱལ་པོ་ཨུ་པ་ར་ཙ་ལ་བཤད། དེས་ཤཱཀྱ་སུ་ཏྲི་ལ་བཤད། དེས་སྲས་མོ་གོ་མ་དེ་བྱི་ལ་བཤད། དེས་གསང་འཛིན་ཀ་མ་ལ་ཤི་ལ་ལ་བཤད། དེས་ཨ་ཙ་ར་ཛཱི་ན་མི་ཏྲ་ལ་བཤད། དེས་རྡོ་རྗེ་བཞད་པ་ལ་བཤད། དེས་མི་འབྱེད་སེངྒེ་ལ་བཤད། དེས་སྟི་ར་མ་ཏི་ལ་བཤད། དེས་ཧཱུྃ་མཛད་ལ་བཤད། དེས་བདེ་བ་གསལ་མཛད་ལ་བཤད། དེས་ཤཱཀྱ་དེ་བ་ལ་བཤད། དེས་བློ་གྲོས་དེ་བ་ལ་བཤད། དེས་རྡོ་རྗེ་སྒྱེགས་པ་ལ་བཤད། དེས་ཆོས་བློན་དེ་བ་ལ་བཤད། དེས་མཁན་པོ་ཆོས་རྒྱལ་སྐྱོང་ལ་བཤད། དེས་དྷརྨ་བྷོ་དེ་ལ་བཤད། དེ་དག་ནི་རྒྱ་གར་གྱི་བརྒྱུད་པ་ཡིན་ནོ། །དེ་ནས་བོད་ཀྱི་ཡུལ་དུ་བརྒྱུད་ལུགས་ནི། དུས་དེར་སློབ་དཔོན་ཆེན་པོ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ཞེས་བྱ་བ་ལོ་ལྔ་བཅུ་རྩ་བཞི་ལོན་པ་ཞིག་གིས་བལ་ཡུལ་དུ་ཕྱིན་ནས་བལ་པོ་བ་སུ་དྷ་ར་ལ། ཡོན་ཕུལ་མཉེས་པར་བྱས་སྒྲ་སྐད་སླབས་ཆོས་ཞུས་པས་གནང་ནས། སློབ་དཔོན་གྱི་གསུང་ནས་རྒྱ་གར་གྱི་ཡུལ་ན། ངའི་སློབ་དཔོན་ཆེན་པོ་གསལ་བའི་བརྒྱན་ཞེས་བྱ་བ། ལོ་སྟོང་དྲུག་བརྒྱ་ལོན་པ་གཅིག་བཞུགས་ཀྱིས། ཁྱོད་དེའི་སྤྱན་སྔར་སོང་ཞིག་གསུང་ནས་གནུབས་སངས་རྒྱས་ཀྱིས་རྒྱ་གར་ཡུལ་དུ་ཕྱིན་པས། ཨ་ཙརྱ་གསལ་བའི་བརྒྱན་མཐོང་ནས། གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་ཞུས་པས་གནང་། འདུས་པ་ཆེན་པོ་མདོའི་ཐེག་པ་རིམ་དགུའི་དབང་ཡང་བསྐུར་སྐད་དོ། །དེ་ནས་སངས་རྒྱས་ཡེ་ཤེས་ཀྱིས། རུ་ཆོས་རྒྱལ་སྐྱོང་ཞེས་བྱ་བ་དཔལ་དགོངས་པ་འདུས་པ་ཕུལ་དུ་གྱུར་པ་དེ་བྲུ་ཞའི་ཡུལ་དུ་བཞུད་ནས། ཡང་ཕྱིན་པས། སློབ་དཔོན་དྷརྨ་ར་ཙ་དང་། དྷརྨ་བྷོ་དེ་དང་། དྷ་ན་རཀ་ཤི་ཏ་དང་། ལོ་ཙཱ་བ་ཆེ་བཙན་སྐྱེས་དང་། ཐམས་ཅད་ཚོགས་པའི་ཞལ་མཐོང་ནས་ཆོས་ཞུས་པ་གནང་སྟེ། སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བཤད། དེས་པ་ཀོར་བློན་ཆེན་འཕགས་པ་དང་། དན་ཡོན་ཏན་མཆོག་དང་། སོ་ཡེ་ཤེས་དབང་ཕྱུག་དང་། སྲུ་ལེགས་པའི་སྒྲོན་མ། དེ་རྣམས་ལ་ཙན་དན་གྱི་སྡོང་པོ་ལྟ་བུར་གནང་སྟེ། དེ་ལ་པ་ཀོར་གྱིས་རྩ་བ་ཁྱེར། སྲུས་ཡལ་ག་ཁྱེར། དན་གྱིས་མེ་ཏོག་ཁྱེར། སོས་འབྲས་བུ་ཁྱེར། གནུབས་ཀྱིས་རངས་ས་ཁྱེར་ཏེ། རྩ་བ་དང་། ལོ་འདབ་དང་། འབྲས་བུ་མ་ལུས་པར་ཁྱེར་བ་ནི་ཡོན་ཏན་རྒྱ་མཚོ་ཡིན་ནོ། །གདམས་ངག་གི་དབང་དུ་བྱས་ན། པ་ཀོར་བློན་ཆེན་འཕགས་པས། གནུབས་སངས་རྒྱས་ཡེ་ཤེས་ལ་ད་མཉམ་བཞག་གི་དབང་མན་ངག་ཅིག་ཞུ་འཚལ་བྱས་པས། བསམ་གཏན་མིག་གི་སྒྲོན་མ་གནང་ངོ་། །དེ་ལྟར་ཐུགས་ཀྱི་སྲས་བཞི་ལ་སོགས་པས། ཞུ་བསོད་ནམས་ཤཱཀྱ་ལ་བཤད། དེས་བདེ་གཤེགས་ཟུར་པོ་ཆེ་ལ། དེས་ཟུར་ཆུང་ལ། དེས་གླན་ཉ་ཚལ་བ་ཤཱཀྱ་བྱང་ཆུབ་ལ། དེས་འགར་སྟོན་གཟུང་ངེ་ལའོ། །ཡང་ཟུར་པོ་ཆེས་ཟུར་ཆུང་ལ། དེས་ཆུ་དབར་གྱི་གླན་ཤཱཀྱ་བཟང་པོ་ལ། དེས་འགར་ལ། དེས་སྲེགས་ལ། དེས་ལྷ་རྗེ་ཆེན་པོ་གླན་རྡོ་རྗེ་འོད་ལ། དེས་བླ་ཆེན་བསོད་རྒྱལ་ལ། དེས་དཔལ་ལྡན་ཆོས་ཀྱི་སེང་གེ་ལ། དེས་བླ་མ་སེ་ཅིག་མོ་བ་ལ། ཁོང་གཉིས་ལ་གླན་པན་བསོད་ནམས་མགོན་པོ་བདག་གིས་གཏད་རྒྱ་དང་བཅས་ནས་ཞུས་པ་ལགས་སོ། །དེས་དཔལ་ལྡན་བླ་མ་དམ་པ་བསམ་གྲུབ་རྡོ་རྗེ་ལ་གནང་། དེས་རིན་པོ་ཆེ་ཟུར་ཧྂ་ཤཱཀྱ་འབྱུང་གནས་ལ། དེ་ཉིད་ཀྱི་དྲུང་ནས་བདག་བོ་དྷི་རཏྣ་མ་ཏི་གཉིས་ལ་གཏད་རྒྱ་དང་བཅས་པ་གནང་ངོ་། །དེ་དག་བཀའ་བརྒྱུད་ཀྱི་དབང་བསྐུར་ནས་ཐོབ་པ་ཞེས་པའམ། དགེ་བའི་བཤེས་གཉེན་གྱིས་དབང་བསྐུར་ཐོབ་པ་ཞེས་བྱ། ཁྱད་པར་དུ་རྒྱལ་པོ་ཆེན་པོ་ཛ་ཉིད་ནི་བཀའ་བརྒྱུད་ཀྱི་དབང་བསྐུར་ནས་ཐོབ་པ་ཞེས་བྱའོ། །རང་རིག་པ་རྩལ་གྱི་དབང་བསྐུར་ནས་ཐོབ་པ་ནི། པདྨ་སྂ་བྷ་བ་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་རྡོ་རྗེ་སེམས་དཔའི་ངོ་བོ་ཡིན་པར་རིག་པ་ལ་རང་ཤར་ཏེ། ཁམས་གསུམ་ཡོངས་སུ་བསྒྲལ། སྲིད་གསུམ་གཏན་ནས་སྤྲུགས། དུག་གསུམ་རྩད་ནས་བཅད་ནས། རང་གིས་རྟོགས་ནས་དབང་ཐོབ་པ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སུ་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའོ། །དགེ་བའི་བཤེས་གཉེན་གྱིས་དབང་བསྐུར་ནས་ཐོབ་པ་ནི། སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་སྟེ། རྒྱ་གར་གྱི་རྒྱལ་པོ་ལ་བོད་ཀྱི་རྒྱལ་པོས་གསེར་བསྐུར་ནས། བདག་ལ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ་མཁས་པའི་པཎྚི་ཏ་གཅིག་གཏང་འཚལ་ཅེས་བང་ཆེན་པ་ཞིག་བརྫངས་པས། རྒྱ་གར་གྱི་རྒྱལ་པོས་མཆོད་གནས་པཎྚི་ཏ་ལྔ་བརྒྱ་རྩ་གཅིག་བཞུགས་པ་ལ་བཀའ་སྩལ་པས། པཎྚི་ཏ་ལྔ་བརྒྱ་རྩ་གཅིག་ཡོད་པའི་དཀྱིལ་ན་སློབ་དཔོན་བྷི་མ་ལ་བཞུགས་པ་ལ་ཀུན་གྱིས་གཟིགས་ནས། བརྡའ་ཡིས་བསྐུལ་བས། བྷི་མ་ལས་རིག་ནས་བོད་དུ་བྱོན་ཏེ། དེ་ནི་དགེ་བའི་བཤེས་གཉེན་པཎྚི་ཏ་ལྔ་བརྒྱས་དབང་བསྐུར་ནས་མཛད་པའོ། །དེ་དག་ནི་རྒྱ་གར་གྱི་ཆུ་བོ་ཆེན་པོ་བཞི་ཞེས་བྱའོ། །རྒྱ་གར་ནས་བོད་དུ་བྱོན་པའི་པཎྚི་ཏ་བཞི་ནི། པདྨ་སྂ་བྷ་བ་དང་། བྷི་མ་ལ་མི་ཏྲ་དང་། ཤན་ཏིང་གརྦ། སངས་རྒྱས་གསང་བ་དང་བཞི་བྱོན་པ་ལས། བྷུ་དྷ་ཀུག་ཏ་ནི་གངས་ཏི་སེ་ནས་སླར་ལོག་ནས་རྒྱ་གར་དུ་གཤེགས་ཏེ་བོད་ཀྱི་ལྷ་སྲས་ཁྲི་སྲོང་ལྡེའུ་བཙུན་གྱིས་དབུ་མཛད་པ་ལ་གདམས་ངག་རྣམས་དྲིས་ནས་ཕར་གཤེགས་སོ། །ཤན་ཏིང་གརྦ་ནི་དགོངས་པ་ལ་གཤེགས་ནས་བོད་ལ་མ་ཕན་སྐད། ད་ཆུ་བོ་བཞི་ལ། རྒྱ་གར་གྱི་གཉིས་དང་། བོད་ཀྱི་གཉིས་སོ། །དེ་ལ་རྒྱ་གར་གྱི་པདྨ་སྂ་བྷ་བ་དང་། བྷི་མ་ལ་མི་ཏྲ་གཉིས། བོད་ཀྱི་གནུབས་ནམ་མཁའི་སྙིང་པོ་དང་། རྒྱལ་པོ་གཡུ་སྒྲ་སྙིང་པོ་དང་གཉིས་ཏེ་བཞིའོ། །དེ་ལྟར་བཞི་པོས་གཉགས་ཛྙ་ཀུ་མ་ར་ལ་དབང་བསྐུར་ནས། ད་ལྟར་གྱི་བླ་མ་ཡར་ཁམས་སུ་བརྒྱུད་པ་ནི་སྨིན་ཤིང་ཡིད་ཆེས་པ་ལོ་རྒྱུས་ཀྱི་དབང་དུ་བཤད་པ་ཞེས་བྱ་བ་ལགས་པས། ཀུན་གྱིས་ཐུགས་ལ་བདེ་བར་ནོས་ཤིག །སྙད་ཁུང་བརྒྱུད་པའི་གདམས་པ། ཨཐྎ།
༅། །དེ་ནས་གགས་བརྒྱད་བཤད་ལ། ཉོན་མོངས་འདི་དག་སུ་སྤོང་བ། །དངོས་གྲུབ་དབང་གི་སྣོད་དུ་གྱུར། །དྲི་མ་མེད་པའི་དཀྱིལ་འཁོར་དུ། །ལེགས་པར་ཉོན་ལ་གཉིད་ལོག་ཅིག །ཅེས་བརྗོད་ལ། འདི་ནས་དེའི་ནུབ་མོ་ལས་མཁན་གྱིས་ཞི་ཁྲོ་གཞུང་བསྲང་། ཚོགས་ལས་བྱ། སྲིད་པའི་སྤྱི་མདོས་བྱས་ལ། དཔོན་སློབ་གཞན་ཀུན། ཀུ་ཤ་སྲན་དང་སྔས་ཀྱི་མཚམས་སུ་བཅུག་ལ། རྣལ་འབྱོར་ཕོ་གཞོགས་གཡས་འོག་ཏུ་བཅུག་མོ་རྣམས་གཞོགས་གཡོན་འོག་ཏུ་བཅུག་ལ་རྨི་ལམ་ཐུན་གསུམ་དུ་བཅད་ལ། ཐོ་རངས་ཡེ་ཤེས་ལྷའི་རྨི་ལམ་ལ་བརྟགས་ལ་ངན་ན། སློབ་བུ་རྣམས་བདུད་རྩི་འཁྱིལ་པར་བསྐྱེད་ལ། བིག་ནན་ཏ་ཀྲིའི་སྔགས་ཀྱིས་སྲུངས་ལ་བཞག་གོ། །དེ་དག་ཞག་ལྔ་པའི་ཆོ་གའི་ལས་ཀྱི་ཁྲིགས་སུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་གཙོ་བྱས་ལ། ཉི་མ་ཤར་བ་དང་དྲག་པོའི་སྦྱིན་བསྲེག་བྱ། ཟངས་གཞོང་ཁ་སྦུབ་པ་སླང་ལ། རེ་ག་འདྲེས་ནས་འདུག་ན་ཉམས་པ་ཡོད་པ་ཡིན་པས་ངོས་བཟུང་ལ་ཕྱིར་ཕྱུང་ལ་གཏང་། དོག་གིས་ཁྱེར་ན་བཤགས་པ་བྱ། མ་འདྲེས་པར་གསལ་བར་གྱུར་པ་ལ་འདུས་པ་ཆེན་པོའི་དཀྱིལ་འཁོར་བྲི་སྟེ། དེ་ཡང་སློབ་དཔོན་ཆས་གོས་སེར་པོ་བྱས་ལ་མཛུབ་མོ་གཉིས་པོ་སྨིན་མཚམས་སུ་བསྣོལ་ལ། ཧ་ཧ། ཧི་ཧི། ཞེས་བརྗོད་ནས་ཚོམ་བུའི་ལྷ་ཚོགས་དང་ཐིག་ནམ་མཁའ་ལ་བརྟེག་ལ་བཞག་ལ། ས་ཚོན་སྟེགས་ཁར་བཞག་སྟེ། དབུས་ནས་རྡོ་རྗེ་སློབ་དཔོན་གྱིས་བག་ཙམ་བྲི། དེ་ནས་ཞལ་དབང་ཐོབ་པར་བྱས་ལ་བྲིའོ། །བྲི་ཐབས་ཤོག་ཆུང་དག་ཏུ་ལྟའོ། །དེ་ནས་བྲི་བ་ཟིན་པ་དང་། ཡར་ནམ་མཁའ་ལ་བཏེག་པའི་ལྷ་རྣམས་དཀྱིལ་འཁོར་ལ་བསྟིམ་མོ། །དེ་ཡན་ཆད་ནི་ཉིན་མོའི་ལས་སོ། །དེ་ནས་དགོངས་མོ་ཕྱིར་ཆ་གསུམ་བཏང་ནས། གཏོར་མ་དང་པོ་མི་གཏང་བར་བཞག་ལ་ཕྱོགས་བཞིར་ཐོ་བཞི་བརྩིགས་ཏེ། ལས་མཁན་གྱིས་ཐོ་ཆོག་རྒྱས་པར་བྱའོ། །དེ་ནས་ཀུན་ནང་དུ་འདུས་ལ། རྫས་ཆ་ཀུན་རྡོ་རྗེ་རྒྱལ་པོའི་མདུན་དུ་ཚང་བར་བསོགས་ལ། གྲལ་ཕྱག་ཚུལ་ཕྱག་རྒྱས་པར་བྱ། ཐུན་མོང་སྲུང་བའི་འཁོར་ལོས་མཚམས་རྒྱས་པར་བཅད། དེ་ནས་ཐེམ་པའི་ཕྱིར་རོལ་དུ་དམ་སྲི་རྒྱས་པར་ལས་མཁན་གྱིས་ཕུར་པ་བཞི་མནན་ལ། སྒོ་བྱང་གཏགས་ཏེ། བར་ཆད་བགེགས་དང་། ཡེ་ཤེས་ལྷ་གཉིས་ལས། དང་པོ་ནི་དམ་སྲིའི་འགུགས་འདྲེན་བྱས་ལ་དམ་སྲི་བཅུག་པའི་ཆོ་ག་བྱ་སྟེ། ཧཱུྃ་རང་བཞིན་དག་པའི་ངོ་བོ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །སྒྲིབ་པས་སེམས་དཔང་དམའ་བ་དང་། །སེམས་ཀྱི་རྟོགས་པས་བཅིངས་པ་ཡི། །གཞི་སྟོང་ཅི་ལའང་བར་ཆད་བྱེད། །རང་གི་དམ་ཚིག་རང་མ་འདའ། །འཛམ་བུ་གླིང་གི་ལྷོ་ཕྱོགས་ན། །འདི་ནས་དཔག་ཚད་བརྒྱད་ཁྲི་ན། །གཤིན་རྗེའི་རྒྱལ་པོ་ཆོས་སྟོན་གྱིས། །ཁྱོད་ཀྱི་ཆོས་སྐལ་དེ་རུ་ཉོན། །མ་འདའ་རང་རང་གནས་སུ་དེངས། །ས་མ་ཡ་ཀ་པཉྩ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་བརྗོད་ལ་ཚིག་ནས་ཇི་ལྟར་བརྗོད་པ་བཞིན་དུ་བསམས་ལ། དེ་ཡང་ཞེས་བསྐྲད་ནས། ལིང་ག་ལ་ཐག་པ་ནག་པོའི་སྐེ་ལ་བཏགས་ལ་སྒོའི་ཕྱོགས་སུ། ཁྲོ་བོའི་ཞབས་འོག་ཏུ་ཡོང་སར་བྱས་ནས། མགོ་མཐུར་ལ་བསྟན་ཏེ་སྙིང་ཁར་སེང་ཕུར་དར་གྱི་ཅོད་པན་ཅན་བཏགས་ལ། སྒོའི་མདུན་བཤམ་དུ་བཏགས་སོ། །གཉིས་པ་ནི་ལུགས་རྐྱང་གི་སོག་པ་གཡོན་པ་ལ། ཁྲོ་བོ་གཤིན་རྗེ་གཤེད་པོའི་གཟུགས་བྲི། རྂ་ཡྂ་ཁྂ་གིས་སྦྱང་། ༀ་ཤྲི་ཡ་མནྟ་ཀ་ཧཱུྃ་ཞེས་སྐུ་བསྐྱེད། ས་མན་ཛས་སྙན་གསན་དབབ། ཧཱུྃ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །དིང་གི་གནས་མཆོག་དམ་པ་འདིར། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ཅེས་པ་དང་། ཨེ་ཧ་ཧིས་སྤྱན་དྲང་། ཛ་ཧཱུྃ་བྂ་ཧོས་སྤྱན་དྲང་། བརྟན། བདེ་བར་གཤེགས་སོ་ནས་ལྷ་མོ་བཞི་བསྣོལ་ཡན་ཆད་ཀྱིས་མཆོད་ལ། ཧཱུྃ་སུམ་ཅུ་རྩ་གསུམ ལྷའི་མདུན་ས་ནས། །བཅོམ་ལྡན་ཆོས་རྗེ་འོད་ཀྱིས་བཀའ་སྩལ་པ། །ལྷ་སྲིན་སྡེ་བརྒྱད་འབྱུང་པོའི་དཔོན་རྣམས་ཀུན། །བསྒྲུབ་པ་མཆོག་ལ་དིང་འདིར་བདག་འཇུག་གིས། །བླ་མེད་བྱང་ཆུབ་འབྲས་བུ་མ་ཐོབ་པར། །སྒོ་འདི་ཡན་ཆད་སུ་ཡང་འདའ་བར་མ་བྱེད་ཅིག །བདེན་པའི་རྗེས་ལ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་པོ་ལ་ཕྲིན་ལས་སུ་བཅོལ་བ་ནི། བདག་ཅག་ལ་དངོས་གྲུབ་ཀྱི་སྡོང་གྲོགས་དང་། ཕྱི་མཚམས་སྲུང་ཞིང་ནང་མཚམས་བསྐྱང་བ་དང་། ཁྱད་པར་དུ་ཡང་བསྒྲུབ་པ་འདི་དབུ་བཙུགས་ནས་ཕྱིའི་དགྲ་བགེགས་ནང་དུ་མི་བཏང་ཞིང་། ནང་གི་དངོས་གྲུབ་ཕྱིར་མི་གཏང་བ་དང་། རྡོ་རྗེ་ཡ་མ་དམ་སྲི་ལ་སོགས་པའི་བར་ཆད་ཐམས་ཅད་སྲུང་དུ་གསོལ། ཅེས་བརྗོད་ལ་སྒོའི་གོང་དུ་བཏགས་ཏེ། དེ་ནི་ཡེ་ཤེས་ལྷའི་སྒོ་བྱང་ངོ་། །དེ་ནས་གསང་མཚམས་བཅད་དེ། ཀུན་ཀྱིས་ལངས་ལ་རྡོ་རྗེ་ཐུགས་ཁར་བཟུང་ནས། མི་རྟོག་པའི་ངང་ལས་ཐུགས་ཁར་ཧཱུྃ་བསམས་ཏེ། འཕྲོས་འདུས་པ་ལས་རྡོ་རྗེ་རྩེ་ལྔ་པ་ཅིག་ཏུ་གྱུར། དེ་ཡང་འཕྲོས་འདུས་པ་ལས། ༀ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུན་དྷ་ལི་ཧཱུྃ་ཕཊ། ཅེས་བརྗོད་པས་བདག་ཉིད་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་ཁུ་རྡོ་རྗེ་རྩེ་གསུམ་པ་ཐོགས་པ་གཅིག་ཏུ་བསྐྱེད་ལ། ཡང་དག་གསང་བ་ནས། རྣམ་འཇོམས་ཀྱི་ཡང་སྙིང་ཡན་ཆད་བརྗོད་པས། རང་དང་འདྲ་བའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ནས། བགེགས་ཐམས་ཅད་བསྐྲད་ཧཱུྃ་ཞེས་པས་བརྗོད་པས་ཁྲོ་བོའི་གུར་དུ་གྱུར། རྂ་ཞེས་བརྗོད་པས་དེ་ལས་མེ་འབར་ནས་མེའི་གུར་དུ་གྱུར་ནས་བསྐལ་པའི་རླུང་གིས་ཀྱང་མི་ཐར་བར་བསམ་མོ། །དེ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རྫས་དགོད་པ་ནི། ཞི་བའི་གཞལ་ཡས་ཁང་བསྐྱེད་ལ། བདག་ཉིད་ཀུན་བཟང་ཡབ་ཡུམ་དུ་བསྐྱེད། མཁའ་གསང་བྱིན་གྱིས་བརླབས་ནས་སྦྱོར་བའི་བདའ་བསྐུལ། བྱང་ཆུབ་སེམས་ཀྱི་འོད་ཟེར་ལས་ཀུན་བཟང་ཡབ་ཡུམ་བཏོན་ནས་ཙ་ཀ་ལི་ལ་བསྟིམ་ཞིང་། དཀྱིལ་འཁོར་གྱི་དབུས་སུ་སྔགས་བརྗོད་ལ་བཀོད། མི་བསྐྱོད་པ་ཡབ་ཡུམ་མཁའ་གསང་ནས་བཏོན་ལ། ཧཱུྃ་བཛྲ་དྷྲི ཀ་གིས་ཀུན་བཟང་གི་མདུན་དུ་དགོད། དེ་བཞིན་དུ་ཐུབ་པ་ཡན་ཆད་སོ་སོ་རང་རང་གི་གནས་སུ་སོ་སོ་རང་རང་གི་སྔགས་བརྗོད་ལ་རིམ་པ་མ་ནོར་བར་དགོད་དོ། །དེ་ནས་ཡང་དབང་ཆེན་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་ལ། མཁའ་གསང་བྱིན་གྱིས་བརླབས་པའི་དགོངས་པ་གོང་བཞིན་བྱས་ལ། ༀ་ཨ་ཀྲ་མ་ཧཱའི་སྔགས་ཀྱིས་ཀུན་བཟང་གི་མདུན་དུ་དགོད། དེ་ནས་འཁོར་ལོ་རྩིབས་དགུ་པའི་བྱང་ཤར་དུ། རིགས་ཀྱི་གཙོ་བོ་བཛྲ་ཧེ་རུ་ཀའི་རྩ་སྔགས་ཀྱིས་དགོད། ཕྱོགས་ཀྱི་རྩིབས་བཞི་ལ་རིགས་བཞིའི་ཧེ་རུ་ཀ་སྔགས་ཀྱིས་དགོད། མཚམས་ཀྱི་བཞི་ལ་ལུང་གི་ཧེ་རུ་ཀ་བཞིའི་རྩ་སྔགས་ཀྱིས་དགོད། གྲུ་ཆད་གློ་འབུར་ལ་ཀོའུ་རི་བརྒྱད་ཀྱི་རྩ་སྔགས་བརྗོད་ལ་དགོད། དེ་ནས་བར་འཁྱམས་དང་པོ་མདོག་སེར་པོ་ལ་ཧེ་བརྒྱད་ལ་སིང་ཧ་བརྒྱད་ཀྱི་རྩ་སྔགས་ཀྱིས་བསྐོར་ལ། སྒོ་བཞིར་ཕཊ་བཞི་ལ་སྒོ་མ་བཞི་དགོད། བར་འཁྱམས་མདོག་དཀར་པོ་གཉིས་པ་ལ་ཨ་བརྒྱད་ལས། སྤོར་མ་བརྒྱད་ལ་ཨ་རཀྨོ་ཧྂ་ཞེས་པས་དགོད། སྒོ་བཞིར་ཛ་ཧཱུྃ་བྂ་ཧོ་བཞི་ལས། གསང་ཡུམ་བཞི་ཤྲི་བཛྲ་ཀ་ར་མུད་ཁྂ་ཀ་ར་ཡ་ཡ་ན་མ། ཤྲི་བཛྲ་གྷན་དྷ་པྲ་ཛ་ལ་ན་མ། ཤྲི་བཛྲ་ར་ཀ་ས་མ་ཡ་ཡ་ན་མ། ཤྲི་བཛྲ་ཁ་ཏོང་ཁ་པྲ་ཛ་ལ་ཡ་ཡ་ན་མ། ཞེས་པའི་སྔགས་ཀྱིས་དགོད། དེ་ནས་ཁྱམས་གསུམ་པ་མདོག་དམར་པོ་ལ་བྷྱོ་ཉི་ཤུ་རྩ་བརྒྱད་ལས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་སྔགས་ཀྱིས་དགོད། དེ་ཡན་ཆད་ནི་ཁྲག་འཐུང་རྩ་བའི་དཀྱིལ་འཁོར་ཞེས་བྱ། བར་ཁྱམས་བཞི་པ་ནི་ཕྲིན་ལས་མྱུར་མགྱོགས་ཀྱི་དཀྱིལ་འཁོར་མདོག་སེར་པོ། ཨེ་སུམ་ཅུ་སོ་གཉིས་ལས་མཁའ་འགྲོ་སུམ་ཅུ་སོ་གཉིས། ཨེ་ཨ་ར་ལི་ཧཱུྃ་ཞེས་པའི་སྔགས་ཀྱིས་དགོད། དེ་ནས་བར་ཁྱམས་ལྔ་པ་མདོག་དམར་པོ་ལ། ཧཱུྃ་བདུན་ལ་མ་མོ་བདུན། ཏིཾ་བཞི་ལས་སྒོ་མ་བཞི། མ་མ་ད་དུ་ཧཱུྃ་ཞེས་པ་བདུན། ཛ་དུན་ཏིང་བྷྱོ་ཞེས་པ་བཞིས་དགོད་དེ། འདི་ཡང་དམ་ཚིག་རྒྱལ་པོའི་དཀྱིལ་འཁོར། བར་ཁྱམས་དྲུག་པ་ནི་སྒྲོལ་བའི་གིང་གི་དཀྱིལ་འཁོར་ཞེས་བྱ་སྟེ། མདོག་དཀར་པོ་ཧཱུྃ་བཅོ་བརྒྱད་ལས་གིང་ཆེན་བཅོ་བརྒྱད། གིང་ཀ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་སྔགས་ཀྱིས་དགོད། དེ་ནས་བར་ཁྱམས་བདུན་པ་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ནག་པོ་ལ། ཧཱུྃ་དྲུག་ཅུ་ལས་ཁྲོ་བོ་དྲུག་ཅུ་ཀྲོ་ཏ་ཀྲོ་ཏི་ཧཱུྃ་ཞེས་པའི་སྔགས་ཀྱིས་དགོད། བར་ཁྱམས་བརྒྱད་པ་ནི་མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། མདོག་ཕྱོགས་མཚོན་ལ་ཤར་དུ་ཛ་དྲུག་ཅུ་ལས་རྦ་ན་རྦ་ན་ཨ་གྷུ་ཤ་ཛ་ཞེས་དུང་གི་ཕོ་ཉ་དྲུག་ཅུ་དགོད། དེ་བཞིན་དུ་ལྷོ་ཕྱོགས་སུ་ཧ་ལ་ཧ་ལ་པ་ཤ་ཧཱུྃ་ཞེས། ནུབ་ཕྱོགས་སུ་གརྫ་གརྫ་སྤོ་ཊ་བྂ་ཞེས། བྱང་ཕྱོགས་སུ་པ་ཙ་པ་ཙ་གྷནྡྷ་ཧོ་ཞེས་པས་དགོད། དེ་ནས་ཁྱམས་དགུ་པ་ནི་དམ་ཚིག་རྒྱ་མཚོའི་དཀྱིིལ་འཁོར་མདོག་ལྗང་གུ་མ་མ་དྲུག་ཅུ་ལས། འོག་ཕྱོགས་ཀྱི་མ་མོ་དྲུག་ཅུ་མ་མ་ཤ་ར་ཧཱུྃ་ཞེས་པའི་སྔགས་ཀྱིས་དགོད། དེས་ནས་བར་ཁྱམས་བཅུ་པ་མདོག་མཛེས་མཚོན་ནི་ཐ་མ་རྡོ་རྗེ་ར་བ་ལ། མ་ཧཱ་གྷུ་རུ་ཤ་རི་རྂ་ཞེས་རིག་འཛིན་རྩལ་འཆང་རྣམས་ཤར་སྟོད་ནས་གྲལ་རིམས་སུ་དགོད་པར་བྱའོ། །དེ་ནས་ཁྲོ་བོ་གསང་བའི་བུམ་པ་རྡོ་རྗེ་སློབ་དཔོན་གྱི་མདུན་དུ་དགོད། ཞི་བའི་བུམ་པ་ལྔ་པོ་ཚིག་དང་སྔགས་ཀྱིས་ཕྱོགས་བཞི་དབུས་དང་ལྔར་དགོད་པའམ་དཀྱིལ་འཁོར་གྱི་མཐའ་མར་གྲལ་རིམས་སུ་དགོད། ལས་ཐམས་ཅད་པའི་བུམ་པ་དང་རྩ་བ་དང་ཡན་ལག་གི་མཆོད་པ་ལས་མཁན་གྱི་མདུན་དུ་དགོད། རྟག་པ་གསུམ་རྡོ་རྗེ་སློབ་དཔོན་གྱི་མདུན་དུ་དགོད། གཞན་ཡང་འདབ་བརྒྱད་དར་སྣ་དང་བཅས་པ་དང་། གྲི་བརྒྱད་མེ་ལོང་དང་བཅས་པ། ཕུར་བུ་བྲུབ་ཁུང་དང་བཅས་པ། འཕན་དང་བླ་རེ་ལ་སོགས་བརྒྱན་དང་མཆོད་པར་འོས་པའི་རྒྱན་ཀུན་གྱིས་བརྒྱན་པར་བྱའོ། །དེ་ནས་དཀྱིལ་འཁོར་ལྷ་ཚོགས་དེ་རྣམས་ལ་བྱིན་དབབ་སྟེ། སྤོས་དཀར་གྱི་དུད་པ་བཏང་ནས། རོལ་མོའི་སྒྲ་སྦྱར་ལ་ཕོ་རྣམས་ལ་ཧ་སྟ། མོ་རྣམས་ཀྱིས་ཕྲེང་བ་གཡབ་ཅིང་། གོས་བཟང་པོ་གོན་ལ། ཧཱུྃ་ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་ནས། རྣལ་འབྱོར་དབང་ཕྱུག་རིགས་ཀྱི་ཡུམ་དང་བཅས། །རྒྱལ་བའི་སྲུངས་མར་གྱུར་པའི་དམ་ཚིག་ཅན། །མཆོད་དོ་བླ་མ་རྣམས་ལ་སྐྱབས་སུ་མཆི། །ཧཱུྃ་མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །བཅོམ་ལྡན་ཆེ་མཆོག་ཁྲོ་རྒྱལ་འཁོར་དང་བཅས། །སྔགས་ཚིག་བཤུགས་པའི་བདའ་ཡིས་སྤྱན་འདྲེན་གྱིས། །ཕྱག་རྒྱ་གར་གྱི་མཆོད་པས་གཡབ་འདོར་ན། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་རྗེས་དགོངས་ལ། །ཐུགས་དམ་བདའ་ལ་དགོངས་ཏེ་གཤེགས་སུ་གསོལ། །ཧཱུྃ་ཆོས་ཉིད་བདེ་བ་ཆེན་པོའི་སྐུར་བྱུང་བ། །བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་གཤེགས་སུ་གསོལ། །དུར་ཁྲོད་དྲེགས་པའི་ཚོགས་རྣམས་འཇོམས་མཛད་པ། །རྒྱུད་ལུང་ཁྲོ་རྒྱལ་ཡབ་ཡུམ་གཤེགས་སུ་གསོལ། །ཡེ་ཤེས་འབར་བ་བརྒྱད་ཀྱི་དཀྱིལ་འཁོར་ནས། །ཀོའུ་རི་ཁྲོ་མོ་བརྒྱད་པོ་གཤེགས་སུ་གསོལ། །ཆོས་ཉིད་མཁའ་ལྟར་དག་པའི་དཀྱིལ་འཁོར་ནས། །སེང་ཧ་ཕྲ་མེན་བརྒྱད་པོ་གཤེགས་སུ་གསོལ། །འབར་བའི་བར་ཁྱམས་དུར་ཁྲོད་ནང་ཤེད་དུ། །སྤོར་མ་གསང་ཡུམ་ཚོགས་རྣམས་གཤེགས་སུ་གསོལ། །ཚད་མེད་བཞི་རྫོགས་གསང་བའི་དཀྱིལ་འཁོར་ནས། །རྟ་གདོང་སྒོ་མ་འཁོར་བཅས་གཤེགས་སུ་གསོལ། །དམ་ཚིག་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །དབང་ཕྱུག་མ་སྲིང་འཁོར་བཅས་གཤེགས་སུ་གསོལ། །ཞེ་སྡང་འབར་བ་ཐུགས་ཀྱི་དཀྱིལ་འཁོར་ནས། །ཁྲོ་རྒྱལ་སྲིན་པོ་འཁོར་བཅས་གཤེགས་སུ་གསོལ། །དུར་ཁྲོད་འབར་བ་ཆེན་པོའི་དཀྱིལ་འཁོར་ནས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་གཤེགས་སུ་གསོལ། །སྒྲོལ་བྱེད་འབར་བ་ལས་ཀྱི་དཀྱིལ་འཁོར་ནས། །རྡོ་རྗེ་གིང་ཆེན་འཁོར་བཅས་གཤེགས་སུ་གསོལ། །ཅི་བགྱི་བཀའ་ཉན་ལས་ཀྱི་དཀྱིལ་འཁོར་ནས། །ཕོ་ཉ་སྡེར་མོ་འཁོར་བཅས་གཤེགས་སུ་གསོལ། །ལས་རྣམས་ཡོངས་སུ་གྲུབ་པའི་དཀྱིལ་འཁོར་ནས། །ཡེ་ཤེས་མ་མོའི་ཚོགས་རྣམས་གཤེགས་སུ་གསོལ། །སྡོམ་པ་ས་ལ་གནས་པའི་དཀྱིལ་འཁོར་ནས། །རིག་འཛིན་རྩལ་འཆང་འཁོར་བཅས་གཤེགས་སུ་གསོལ། །དིང་གི་གནས་མཆོག་དུར་ཁྲོད་ཚོགས་རེ་འདྲ། །བན་དྷ་གསར་རྙིང་ཚོགས་ནི་རྫ་ལྟར་ལྷགས། །ཀེང་རུས་གསར་སྙིང་ཚོགས་ནི་རི་ལྟར་སྤུངས། །རཀྟ་གསར་རྙིང་ཚོགས་ནི་མཚོ་ལྟར་འཁྱིལ། །མང་ས་གསར་རྙིང་ཚོགས་ནི་ཐང་ལྟར་བརྡལ། །ཞིང་ཆེན་གསར་རྙིང་ཚོགས་ནི་བྱེ་ལྟར་བཀྲམ། །ཙིཏྟ་གསར་རྙིང་ཚོགས་ནི་རླུང་ལྟར་སྤུངས། །བྱང་ཆུབ་སེམས་ཀྱི་ཚོགས་ནི་གངས་ལྟར་ཆགས། །རྒྱན་ཆ་གསར་རྙིང་ཚོགས་ནི་སྤྲིན་ལྟར་གཏིབས། །སྟ་ན་འགའ་ནའི་ཚོགས་ནི་དབྱིངས་ན་རོལ། །རྡོ་རྗེ་མཆེད་ལྕམ་ལྷ་དང་ལྷ་མོར་རོལ། །མ་མོ་མཁའ་འགྲོའི་ཚོགས་ནི་མཁའ་ལྟར་འཐིབས། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་སྤྱན་འདྲེན་ན། །ཐུགས་དམ་བདག་ལ་དགོངས་ཏེ་གཤེགས་ནས་ཀྱང་། །དཀྱིལ་འཁོར་ཆེན་པོ་འདི་ལ་བྱིན་ཕོབ་ལ། །བསྒྲུབ་པའི་རྟགས་དང་མཚན་མ་བསྟན་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་བཛྲ་ས་མ་ཡ་སིདྡྷི་ཕེམ་ཕེམ། བཛྲ་ཡོ་གི་ནི་ས་མ་ཡ་ཛ། བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཞེས་བརྗོད་པས་ལྷ་ཚོགས་དེ་རྣམས་དཀྱིལ་འཁོར་དང་ཙ་ཀ་ལིའི་ཐོག་ཏུ་བྱོན་ཏེ་པྲ་བེ་ཤས་སྒོ་ཕྱེ། ཨ་བེ་ཤས་གཉིས་སུ་མེད་པར་ཐིམ་པས་ལྷ་རྣམས་གཟི་བྱིན་དང་ལྡན་པར་བསམ་མོ། །དེ་ནས་བར་མཚམས་བཅད་པ་ནི། མི་རྟོག་པའི་ངང་ལས་ༀ་བསམ། དེ་ལ་བཻ་རོ་ཙ་ན་ༀ་ཞེས་བརྗོད་པས་བདག་ཉིད་རྣམ་པར་སྣང་མཛད་དཀར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་དབུས་དཀར་བ་གཡས་སྔོ་བ། གཡོན་དམར་བ་ཁྲོ་བོ། གཡས་གཡོན་དང་པོ་གཉིས་འཁོར་ལོ་པདྨ། གཡས་བར་མ་རྡོ་རྗེ། ཐ་མ་རཏྣ། གཡོན་བར་པ་དྲིལ་བུ། ཐ་མ་རལ་གྲི་བསྣམས་པ། ཉི་ཟླ་པདྨའི་གདན་ལ་བཞུགས་པར་བསམ། དེའི་ཐུགས་ཁ་ནས་བཏོན་ལ། མ་སུརྱ་མཎྜལ་ཞེས་ཉི་དཀྱིལ་བསམ། ཡང་ཐུགས་ཁ་ནས་ཧཱུྃ་ལྗང་ཁུ་ཅིག་བྱུང་ལ། ༀ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཅེས་བརྗོད་པས་མི་གཡོ་མགོན་པོ་མདོག་སྔོ་སྐྱ། གཡས་དཀར་བ། གཡོན་དམར་བ། ཕྱག་གཡས་ན་རྡོ་རྗེ་རལ་གྲི་དང་མདའ། གཡོན་ན་དགྲ་སྟ་ཞགས་པ་གཞུ་བསྣམས་པ་ཞིག་མདུན་དུ་བཀའ་ནོད་དུ་བསམ་ལ། མེའི་དཀྱིལ་འཁོར་དང་ཕཊ་ན་མ་ས་མན་ཏའི་སྔགས་བརྗོད་ནས་རལ་དྲིའི་ཕྱག་རྒྱས་གཡས་ནས་གླད་ལ་བསྐོར་བས་བགེགས་ཐམས་ཅད་བསྐྲད། གཡོན་ནས་བསྐོར་བས་རལ་གྲིའི་གུར་དུ་གྱུར་པར་བསྒོམ། བསྙེན་པར་གནང་བའི་དབང་བཞི་སྐབས་འདིར་བསྐུར་རོ། །དེ་ནས་ཡེ་ནས་མཉམ་ཉིད་ལ་སོགས་པ་བརྗོད་ནས་ཐལ་མོ་འབྱེད་པ་ལྟར་བྱས་ལ། ཏིང་ངེ་འཛིན་གྱིས་གཞལ་ཡས་ཁང་གི་སྒོ་ཤགས་ཀྱིས་ཕྱེ་ནས། ལྷ་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་བར་བསམ། བརྡའ་ཕྱག་འཚལ་བ་ནི། ཤར་ལྷོ་ནུབ་བྱང་ལ་སོགས་པ་བརྗོད་ལ་ཡན་ལག་རྣམ་པ་ལྔ་ལ་སོགས་པ་བཙུགས་ནས་ཕྱག་འཚལ་བས་ལྷ་དང་གཉིས་སུ་མེད་པར་བསམ་མོ། །དེ་ཡན་ཆད་ནི་བསྙེན་བསྒྲུབ་བཞི་ལས་བསྙེན་པའི་ཆོ་གར་ཤེས་པར་བྱའོ། །སྤྱི་དོན་གཉིས་ལ་ཉེ་བའི་བསྙེན་པ་ནི། ལྷ་དང་མཁོན་ལྕུགས་སྦྱང་བའི་ཕྱིར་བཤགས་པ་བྱ། འགྲོ་དོན་མཐར་ཕྱིན་པར་བྱ་བའི་ཕྱིར་དམ་བཅའ། ལས་བྱས་དོན་ཡོད་པར་བྱ་བའི་ཕྱིར་རམ་དམ་ཅན་དབང་དུ་འདུ་བའི་ཕྱིར་བྱིན་དབབ་པར་བྱའོ། །དེ་ནས་མ་ཏྲྂ་མནན་པ་ནི་བདག་ཉིད་བྱང་ཤར་དུ་ཕྱིན་ལ། བཛྲ་ཤྲི་ཧེ་རུ་ཀ་ཧཱུྃ་ཞེས་བརྗོད་པས། སྐད་ཅིག་གིས་ཧེ་རུ་ཀར་བསྐྱེད་ལ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས། མ་ཏྲྂ་ཁ་རཱུ་ཏྲ་ཨ་གྷུ་ཤ་ཛ་ཛ་ཧཱུྃ་ཞེས་ལན་གསུམ་བརྗོད་པས། སྐད་ཅིག་གིས་མདུན་དུ་འོངས་པར་བསམ་ལ། ༀ་བཛྲ་གྷུ་ཧེ་ཏྲི་ཤ་ས་མ་ཡ་སྟྭྂ། ཞེས་ལན་གསུམ་དུ་ཐོད་པའི་ཕྱག་རྒྱ་བསྟན་ནས། མ་ཏྲྂ་བྱ་བའི་ཞེས་པ་ནས། སྡོང་གྲོགས་མཛོད་ཅིག་ཅེས་པ་དང་། ༀ་བཛྲ་ཤྲི་ཧེ་རུ་ཀའི་སྔགས་བརྗོད་ནས། ཁ་ཏྲྂ་ཁའི་ཕྱག་རྒྱ་བཅས་ནས་བརྒྱབ་པས། སྡོང་གོག་འགྱེལ་བ་བཞིན་འགོ་བོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་བསྟན་ནས་གཡོན་གྱིས་གཡས་མནན་ནས་འགྱེལ་བར་བསམས་ལ། བདག་གི་ཞབས་གཡས་པའི་མཐེ་བོང་ཛའི་འཕྲོ་འདུས་ལྕགས་ཀྱུར་བསམས་ནས། རྐང་པ་གཡས་ཏེག་གེ་བྱས་ལ་གནས་ཀྱི་སྒོ་ཞེས་པ་ནས། ཕྱེ་ཞིག་ཅེས་པ་ཡན་ཆད་བརྗོད། ཧཱུྃ་ཧཱུྃ་ཕཊ་ཕཊ་མ་ཏྲྂ་ཀ་རཱུ་ཏྲ་ཧཱུྃ་ཕཊ། སརྦ་ཕྱེ་དང་ཙ་བྱ། ཕྱེ་དང་ཙ་བྱ། ཞེས་པས་རྐང་པ་ཕྲལ་བར་བསམ། དེ་ནས་རལ་གྲིའི་ཕྱག་རྒྱ་བཅས་ལ། ཀ་ཏར་ཁ་པྲ་བེ་ཤ་ཕཊ། ཅེས་བརྗོད་པས་ཁོག་པ་དྲལ་བར་བསམ། དེ་ནས་པྲི་ཧཱུྃ་ཞེས་བརྗོད་པས་ཁོའི་ཤེས་པ་ཧཱུྃ་དཀར་པོ་གཅིག་ཏུ་གྱུར་ནས། དེ་བདག་གི་ཐུགས་ཁར་ཐིམ་པས་ཐུགས་ཡེ་ཤེས་དབྱེར་མེད་པར་བསམ། དེ་ཀ་ལ་བྷྲུྂ་བི་ཤ་བི་ཤུདྡྷེ་བྷན་དྷ་ཛྙ་ན་རྂ་ཞེས་བརྗོད་པས། ཁོག་པ་ཉིད་ཟླ་གྂ་སྨུག་ནག་ཏུ་གྱུར་པ་ལས། བྷྲུྂ་ཁྂ་པྲ་བེ་ཤ་ཕཊ་ཅེས་པས་སྒོ་ཕྱེས་བར་བསམས་ནས། ནང་དུ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་ནས་ཕྱིན་པར་བསམ། ཧ་ཧ་ཧཱུྃ་ཧཱུྃ་སྥ་ར་ན་ཕཊ། སྂ་ཧ་ར་ན་ཧཱུྃ་ཞེས་བརྗོད་པས་གཞལ་ཡས་ཁང་གི་སྒོ་བཅད་པར་བསམ། དེ་ཀའི་རྗེས་ལ་སྟེང་ཡང་རྡོ་རྗེའི་ཚིག་དབྱངས་དང་བཅས་པ་བརྗོད་ནས། ༀ་བཛྲ་ཡཀྵ་ཀྲོ་ཏ་ཧཱུྃ་ཕཊ། བཛྲ་བཛྲ་རྂ་ཡྂ་ཁྂ་ཞེས་ཕྱག་རྒྱས་བསྐོར་བས། སྟེང་འོག་རྡོ་རྗེའི་གུར་དུ་གྱུར་ནས་བསྐལ་པའི་རླུང་གིས་ཀྱང་མི་ཐར་བར་བསམ་ལ། ཁྲོ་བཅུའི་སྟང་སྟབས་བྱ། དམ་སྲི་ཕུར་པ་བཞིན་དུ་ལས་མཁན་གྱིས་མནན། དེ་ནས་གཏགས་བརྡབ་སྟེ། ཞག་གི་ཟོ་རིས་སྐྲ་མཚམས་སུ་གདབ། ཐལ་ཆེན་གྱི་ཚོམ་བུ་དཔྲལ་བའི་དབྱིངས་སུ་ཏྲི་ཤུལ་རྩེ་གསུམ་གྱི་དབྱིབས་སུ་གདབ། རཀྟའི་ཐིག་ལེ་བན་དྷ་ཟླུམ་པོའི་དབྱིབས་སུ་སྨིན་མཚམས་སུ་གདབ། རྩ་བ་དང་ཡན་ལག་གི་མཆོད་པ་བྱིན་གྱིས་བརླབས། ཞི་ཁྲོ་གཉིས་སྒྱུ་འཕྲུལ་ལྟར་གཞུངས་བསྲང་། ཀུན་བཟང་ཧེ་རུ་ཀས་གཙོ་བྱས་ལ། ལས་འདི་ལྟར་འཛབ་བྱ། ཚོགས་དབུལ། དེ་དག་ནི་ཞག་དྲུག་པའི་ནུབ་མོའི་ཕྲིན་ལས་སུ་ཤེས་པར་བྱའོ། །དེ་ནས་ནམ་ལངས་པ་དང་། རབ་ཏུ་གནས་པར་བྱ་བ་ལ་དོན་བརྒྱད་དེ། སྔོན་དུ་བྱ་བའི་ཆོ་ག་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམ་པ་དང་། དབང་པོ་སྐྱོན་གསལ་གྱིས་ཆོས་བདུན་བྱ་བ་དང་། མེ་ལོང་ཕུལ་ལ་ཆུ་བདུན་གྱི་སྐུ་ཁྲུས་གསོལ་ཞིང་སྐུ་ཕྱི་བ་དང་། ཆེ་བའི་ཡོན་ཏན་དང་བརྒྱན་ཆ་རྣམས་ཀྱིས་དབང་བསྐུར་ཞིང་མངའ་གསོལ་བར་བྱ་བ་དང་། ཕྱི་ནང་གསང་བའི་མཆོད་པ་རྫོགས་པར་དབུལ་བ་དང་། བདེན་པའི་བྱིན་རླབས་དམིགས་ཤིང་བརྟན་པར་བཞུགས་སུ་གསོལ་ཏེ། དེ་ལ་ཡོན་བདག་ལ་སོགས་པས་བསྐོར་བ་བྱ་ཞིང་ཕྱག་བཙལ་ནས་མི་འབྲལ་ཞིང་མངོན་དུ་གྱུར་ཅིག་པར་སྨོན་ལམ་གདབ་པའོ། །དེ་ལ་དང་པོ་མངོན་དུ་བྱ་བ་ནི། དཀྱིལ་འཁོར་གྱི་ཤར་དུ་མཎྜལ་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱ། གྲུབ་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བྲི། དེའི་དབུས་སུ་མན་འཛིའི་ཁར་རཏྣའི་སྣོད་དུ། སྣམ་བུའམ་རས་གཙང་མ་ལྟབ་ཚིགས་ལེགས་པར་བྱས་ལ་བཞག །དེའི་ཁར་བཟེ་ཞལ་གྱི་ནང་དུ་མེ་ལོག་བཞག །རྩ་བ་དང་ཡན་ལག་གི་མཆོད་པ་བཤམ། ཤར་དུ་དབང་པོ་སྐྱོན་གསལ་བའི་ཐུར་མ་ལ་སོགས་པའི་རྫས་བཤམ། ལྷོར་རྒྱས་པའི་སྦྱིན་སྲེག་གི་ཐབ་བཅའ། ནུབ་ཏུ་ཆ་གསུམ་གཏང་། བྱང་དུ་ཚོགས་ལས་བྱ་བའམ། དགེ་བའི་དཔུང་བསྐྱེད་ལ། འཁར་བ་ལ་སོགས་པའི་སྣོད་དུ་བའི་རྣམ་ལྔ་སྦྱར་བ་ལ་སོགས་སྦྱར་བའི་ཆུས། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤྭ་དྷ་ན་ཧཱུྃ་ཞེས་བརྗོད་ཅིང་མེ་ལོང་གི་ངོས་ལ་སྐུ་གཟུགས་ཕབ་ལ། དྲི་ང་བ་དང་དངོས་པོའི་མཚན་མ་ཐམས་ཅད་བསལ་ནས་ཉོན་མོངས་པའི་སྒྲིབ་པ་དག་པར་བསམ། ཡང་ཏིལ་མར་ལ། ༀ་ཨཱཿཧཱུྃ་ཧྲཱི་ཋཱ་ཞེས་བརྗོད་ཅིང་བྱུགས་པས་ཐུགས་རྗེ་བྱང་ཆུབ་ཀྱི་གཟུངས་དང་ལྡན་པར་བསམ། དེ་ནས་ཤིང་ཤུན་ལྔའི་ཕྱེ་མ་དང་བ་ཡུ་ལྔའི་ཆུ་སྦྱར་ལ། གོང་གི་སྔགས་བཟླས་ཤིང་བླུགས་པས། ཁམས་ལྔའི་རྟོག་པ་དག་ནས་ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པར་བསམ། དེ་ནས་ཁ་ཚར་མ་ཉམས་པས། ༀ་རཏྣ་པྲ་པན་ཙ་ར་ཧྂ་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱིས་པས་གཟུང་འཛིན་གྱི་ལྟ་ངན་སེལ་ཅིང་ཤེས་བྱའི་སྒྲིབ་པ་དག་པར་བསམ། དེ་ནས་སྤོས་དཀར་ལ་སོགས་པ་དྲི་བཟང་པོ་ཕུལ་བས་སངས་རྒྱས་ཀྱི་མཛད་པའི་ཕྲིན་ལས་ཡོངས་སུ་རྫོགས་པར་བསམ་མོ། །དེ་ལྟར་ཟིན་པ་དང་རྩ་བ་ལས་ཀྱི་ཆོ་ག་ལུང་གི་ཞི་ཁྲོའི་རང་གཞུང་བསྲང་སྟེ། ཐོག་མར་ཕྱག་འཚལ་མཚམས་བཅད། འབྱུང་པོའི་རྒྱུན་སྲང་བསྡམ། བཤགས་པ་བྱ། དམ་བཅའ། བྱིན་དབབ། མཆོད་པ་ཀུན་བྱིན་གྱིས་བརླབས། དེ་ནས་བུམ་པ་བྱིན་བརླབས་བྱ་སྟེ་ནུབ་ཕྱོགས་སུ་དགོད། དེ་ནས་ཆུ་བདུན་ཚན་གཉིས་བརྟག་པ་གསུམ་དང་ལྡན་པར་བྱིན་གྱིས་བརླབས་ལ་བྱང་ཕྱོགས་སུ་དགོད། དེ་ལྟར་ཟིན་པ་དང་། རྒྱལ་ཐེབ་ཀྱིས་རྩ་བ་ལས་ཀྱི་དཀྱིལ་འཁོར་ཞི་ཁྲོ་གཞུངས་བསྲང་། ལས་མཁན་ཆ་གཅིག་གིས་ལུང་གི་ཞི་ཁྲོ་གཞུང་བསྲང་། རྒྱུད་ལྟར་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས། འདོད་པའི་དོན་དུ་གསོལ་བ་བཏབ་པ་ཡན་ཆད་བྱ། རྡོ་རྗེ་རྒྱལ་པོས་རྒྱས་པའི་སྦྱིན་སྲེག་བྱ། འཛབ་མི་དགོས། ཚོགས་དབུལ། དེ་དག་ནི་སྔོན་འགྲོའི་ཆོ་གའོ། །གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ། དབང་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ལ་འཇུག་པ་ནི། དང་པོ་མཚམས་བཅད་པ་ནི་སྐད་ཅིག་གིས་རྡོ་རྗེ་གཞོན་ནུར་བསྐྱེད་ལ། མ་སུརྱ་མཎྜལ་ཞེས་ཕྱོགས་མཚམས་སུ་མྱད། སྟེང་འོག་གཉིས་སུ་ཉི་མའི་དཀྱིལ་འཁོར་བཅུ་བསམ། སུམ་བྷ་ནི་ལན་བཅུས་ཕྱོགས་བཅུའི་གདན་བཏིང་ལ། དེའི་སྟེང་དུ་ཁྲོ་བོ་བཅུ་བསྐྱེད་ལ་བསྐུལ་བ་ནི། ཧཱུྃ་དབང་མཆོག་སྒྲུབ་པ་པོའི་དཀྱིལ་འཁོར་དུ། ང་ནི་དཀྱིལ་འཁོར་འཁོར་ལོའི་ལས་བྱེད་ཀྱིས། །ཕྱོགས་སྐྱོང་བཅུ་པོ་མནན་པ་དང་། །འཁོར་གྱི་གདོན་ཚོགས་མ་ལུས་ཀུན། །དུས་གསུམ་སངས་རྒྱས་བཀའ་བྱུང་གིས། །འདི་རུ་མ་འདུག་གཞན་དུ་དེངས། །ༀ་བཛྲ་ཀྲོ་ཏ་ཤྲི་ཧེ་རུ་ཀ་ཧཱུྃ་ཞེས་པ་ནས། སྤོ་ཊ་ཡ་སྤོ་ཊ་ཡ་ཧཱུྃ་ཕཊ། ཅེས་པ་ཡན་ཆད་བརྗོད་ལ་ཕུར་པ་བཅུ་ཕྱོགས་བཅུར་གདབ། བསྐྲད་སྔགས་ཀྱིས་བསྐྲད་དོ། །དེ་ནས་གསང་བའི་དྲི་ཆབ་ཀྱིས་ཀུན་སྦྱངས་ལ། བདག་ཉིད་ཀུན་བཟང་ཡབ་ཡུམ་གྱི་སྦྱོར་བའི་མཁའ་ནས། རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁའ་ལ་བཏོན། རྡོ་རྗེ་སེམས་དཔའི་ཐུགས་ཁའི་ཧཱུྃ་ལས། རྂ་ཡྂ་ཁྂ་གིས་དཀྱིལ་འཁོར་གྱི་དངོས་པོ་དང་མཚན་མ་སྦྱངས་ལ་སྨོན་ལམ་གདབ་སྟེ། ན་མོ་མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད། ཕྱག་རྒྱའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་གསན་ཅིང་དགོངས་སུ་གསོལ། ད་ལྟར་ཡང་བདག་ཅག་གི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་ཕྱིར། འདུས་པ་ཆེན་པོའི་ལྷ་ཚོགས་རྣམས་ལ་རབ་ཏུ་གནས་པའི་ཕྲིན་ལས་བགྱི་བར་འཚལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། རབ་གནས་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་མཛད་དུ་གསོལ་ལོ། །ཅེས་བརྗོད་ལ་ཕྲེང་བ་དཀྱིལ་འཁོར་གྱི་དབུས་སུ་དོར། རཏྣ་མ་ལྱེ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་ཕྲེང་བ་དམ་ཚིག་གི་ཕྱག་རྒྱས་བླངས་ལ་མགོ་ལ་བཅིང་ངོ་། དེ་ནས་ཕྱག་རྒྱ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ༀ་མ་ཧཱ་ཤུ་ཛྙ་ན་ཏ་ཛྙ་ན་བཛྲ་དྷརྨ་དྷར་དུ་སྭ་བྷ་བ་ཨད་མ་ཀོ྅་ཧྂ། ཞེས་ལན་གསུམ་བརྗོད་པས་གཟུགས་བརྙན་གྱི་དཀྱིལ་འཁོར་ཆོས་ཉིད་རྣམ་པར་དག་པའི་ཀློང་། སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་བསྒོམ། ཡང་རྡོ་རྗེ་སེམས་དཔའི་ཐུགས་ཁ་ནས་ཁྲོ་བོ་ལྟར་འབྱུང་བ་རིམ་རྩེག་གི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་ལ། བྷྲུྂ་སྨུག་ནག་ལས་འདུས་པ་ཆེན་པོའི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། བདག་ཀུན་ཏུ་བཟང་པོའི་སྦྱོར་མཚམས་ནས་རྡོ་རྗེ་སེམས་དཔའ་བྱུང་། དེའི་ཐུགས་ཁ་ནས་ཧཱུྃ་བཅོ་བརྒྱད་བཏོན་ལ། བརྒྱུད་ལུང་གི་ཧེ་རུ་ཀ་དགུ་ཀློང་བསྐྱེད། ཧ་བརྒྱད་ལས་ཀའུ་རི་བརྒྱད། ཧེ་བརྒྱད་ལས་སེང་ཧ་བརྒྱད། ཕཊ་བཞི་ལས་སྒོ་མ་བཞི། ཨ་བརྒྱད་ལས་སྤོར་མ་བརྒྱད། ཛ་ཧཱུྃ་བྂ་ཧོ་བཞི་ལས་གང་གསང་ཡུམ་བཞི། བྷྱོ་ཉི་ཤུ་རྩ་བརྒྱད་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ། ཁྲག་འཐུང་རྩ་བའི་དཀྱིལ་འཁོར་བསྐྱེད། ཨེ་སུམ་ཅུ་རྩ་གཉིས་ལས་ཕྲིན་ལས་མྱུར་མགྱོགས་ཀྱི་དཀྱིལ་འཁོར་བསྐྱེད། ཧཱུྃ་དྲུག་ཅུ་ལས་ཁྲོ་བོ་རོལ་པའི་དཀྱིལ་འཁོར་བསྐྱེད། ཛ་ཧཱུྃ་བྂ་ཧོ་དྲུག་ཅུ་ལས་མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་བསྐྱེད། མ་དྲུག་ཅུ་ལས་དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར་བསྐྱེད། ཛ་བཅོ་བརྒྱད་ལས་བསྒྲོལ་བ་གིང་གི་དཀྱིལ་འཁོར་བསྐྱེད། བྷྱོ་བཅུ་གཅིག་ལས་མ་བདུན་སྲིང་བཞིའི་དཀྱིལ་འཁོར་བསྐྱེད། དེའང་དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར་རོ། །དེ་ནས་དེའི་སྟེང་ཕྱོགས་སུ་ཡང་བདག་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས། རྡོ་རྗེ་སེམས་དཔའ་བྱུང་དེའི་ཐུགས་ཁ་ནས་འབྱུང་བ་ལྔའི་ཡི་གེ་དང་། བྷུྂ་བཏོན་ལ་ཞི་བ་ལྟར་གྱི་དབང་ཆེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། རང་རང་གི་གནས་སུ་སངས་རྒྱས་བཞི་བཅུ་རྩ་གཉིས་པོ་ཀུན་བཟང་གིས་གཙོ་བྱས་ལ་བསྐྱེད། ཞི་ཁྲོ་གཉིས་ཀ་ལ་དུས་གཅིག་ཏུ། ཡེ་ཤེས་ལྔས་དབང་བསྐུར་ནས། ཧཱུྃ་རིན་ཆེན་བུམ་པ་དབང་བསྐུར་བས། ཞེས་པ་དང་། ཤུ་ཛྙ་ཏ་ལ་སོགས་པ་བརྗོད། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། དེ་ནས་སྨོན་ལམ་གདབ་སྟེ། ན་མོ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་དང་། ཞིང་ཁམས་དག་པ་ཟད་མི་ཤེས་པ་བརྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབ་ཀྱིས། འདུས་པ་ཆེན་པོའི་ལྷ་རྣམས་ལ་ཡེ་ཤེས་ལྔས་དབང་བསྐུར་བས་རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་སུ་ལྔར་ལྷུན་གྱིས་གྲུབ་པའི་དོན། ཕྱོགས་བཅུའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དང་དིང་གི་ཡོན་གྱི་བདག་པོ་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཀོད་པ་མི་ཟད་པ་བརྒྱན་གྱི་འཁོར་ལོ་ལྷུན་གྱིས་གྲུབ་པའི་འབྲས་བུ་གོང་དང་འདྲ། དེ་ཡན་ཆད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པའོ། །དེ་ནས་གསུམ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ནི། སྤོས་ཆེན་གྱི་དུད་པ་བཏང་། རོལ་མོའི་སྒྲ་སྦྱར་ལ། ༀ་ཆོས་སྐུ་རིག་པ་རང་སྣང་བའི། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་། །ཁམས་གསུམ་མ་ལུས་བདལ་བའི་ཕྱིར། །ཁྲག་འཐུང་དཀྱིལ་འཁོར་དངོས་དང་བཅས། །རྡོ་རྗེ་འཆང་གྲལ་རིམས་བསྙེག་པའི། །རྣལ་འབྱོར་ཆེན་པོའི་རིག་འཛིན་རྣམས། །སྨོན་ལམ་དམ་ཚིག་ལུང་བཞིན་དུ། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ༀ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །སྤྲིན་དཔུང་བཞིན་དུ་གཤེགས་སུ་གསོལ། །ཆོས་ཀྱི་དབྱངས་ཀྱི་ཕོ་བྲང་ནས། །གཞལ་ཡས་ཆེན་པོའི་གནས་མཆོག་ནས། །རྒྱལ་བ་འཁོར་བཅས་མ་ལུས་ཀུན། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ནས། །རྒྱལ་བ་གར་བཞུགས་འཁོར་བཅས་དང་། །རྡོ་རྗེ་དམ་ཅན་ཇི་སྙེད་པ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །རྒྱལ་བའི་ཐུགས་དམ་བསྐང་བ་དང་། །འཁོར་བ་ཡོངས་སུ་སྦྱང་བའི་ཕྱིར། །འདུས་པ་ཆེན་པོའི་དཀྱིལ་འཁོར་འདིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཧཱུྃ་ཛ་ཞེས་སྙན་གསན་དབབ། ཐུགས་རྗེ་ལྕགས་ཀྱུ་དང་ཨེ་ཧ་ཧིས་སྤྱན་དྲང་། ཛ་ཧཱུྃ་བྂ་ཧོས་བསྟིམ། སེམས་ཅན་དོན་ཕྱིར་བརྗོད་ལ། ཀ་ཡ་ཝཀྐ་ཙིཏྟས་བརྟན་པར་བཞུགས་སུ་གསོལ་ལོ། །མེ་ལོང་སྐབས་འདིར་དབུལ། དེ་ནས་བཞི་པ་དབང་པོ་སྐྱོན་བསལ་གྱི་ཆོས་བདུན་ལ། གསེར་གྱི་ཐུར་མ་དང་། སྙན་གཞར། སྨགས་གཟེར། ལྗགས་གཞར། ཚེམས་ཤིང་། སོ་མངས་གསེར་གྱི་ཆན་པ་དང་བདུན་གྱིས་དབང་པོ་རྣམས་ཀྱི་སྐྱོན་བསལ་བ་རབ་གནས་བཞིན་བྱ། དོན་ལྔ་པ་དངོས་པོ་སྐྱོན་སྦྱང་གི་ཆོས་དགུ་ལ། དང་པོ་མེ་ལོང་དབུལ་བ་ནི། མེ་ལོང་དག་ལ་གཟུགས་བརྙན་སྣང་བ་ལྟར། །ཞེས་མེ་ལོང་ཕུལ་ནས། ནང་དུ་རྟེན་རྣམས་གསལ་གྱིས་ཕབ་པས་སྣང་ལ་རང་བཞིན་མེད་པར་གྱུར་ནས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བག་ཆགས་གཡའ་དང་འདྲ་བ་དག་ནས་ཆོས་སྐུ་དྲི་མ་མེད་པ་ཐོབ་པར་བསམ། དེ་ནས་ཆུ་བདུན་ཚན་གཉིས་ལ། ཆུ་གཙང་སྲུ་ཆབ། འདག་ཆལ། འབྲུ་ཆབ། སྤོས་ཆབ། སྨན་ཆབ། རིན་པོ་ཆེ་ཆབ་དང་བདུན་བདུན་གྱིས་ཞི་བའི་ལྷ་ལ་ཁྲུས་ཆབ་གསོལ། ཞུ་ཆེན་གྱི་ཆུ་དང་། ཐལ་ཆེན་གྱི་ཆུ་དང་། བྱང་སེམས་ཀྱི་ཆུ་དང་། དྲི་ཆེན་གྱི་ཆུ་དང་། མང་སའི་ཆུ་དང་། རཀྟའི་ཆུ་དང་། དྲི་ཆུ་དང་བདུན་གྱིས་ཁྲོ་བོའི་ལྷ་ལ་ཁྲུས་གསོལ། དེ་ནས་རས་ཀྱིས་སྐུ་ཕྱིས་ཏེ། དེ་དག་ནི་དངོས་པོ་སྐྱོན་སྦྱང་གི་ཆོས་དགུ་ཞེས་བྱའོ། །དོན་དྲུག་པ་ཆེ་བའི་ཡོན་ཏན་དང་། རྒྱན་ཆའི་སྒོ་ནས་མངའ་གསོལ་ཞིང་བསྐུར་བ་དང་། བདུན་པ་ཕྱི་ནང་གསང་གསུམ་གྱི་མཆོད་པ་རྫོགས་པར་དབུལ་བ་ནི་དོན་བཞི་སྟེ། གཟུགས་བྱེ་བྲག་ཏུ་མངའ་གསོལ་བ་དང་། མཛེས་པ་བརྒྱན་དུ་མངའ་གསོལ་བ་དང་། ཆེ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་མངའ་གསོལ་བ་དང་། མཆོད་པས་མཉེས་པ་ཡོངས་སུ་བཟུང་བར་མངའ་གསོལ་བ་དང་བཞིའོ། །དང་པོ་ལ། དབུ་དང་། ཕྱག་དང་། ཞབས་དང་། དབུ་སྐྲ་དང་། སྨིན་མ་དང་། སྤྱན་དང་། ལྗགས་དང་། ཚེམས་དང་། སྐུ་མདོག་དང་། ཕྱག་མཚན་ལ་སོགས་པ་གཟུགས་བྱེ་བྲག་ཏུ་མངའ་གསོལ་བའོ། །དེ་ཀའི་རྗེས་སུ་ཁྲོ་བོ་ལ། དབུ་དང་། ཕྱག །ཞབས། སྐུ་མདོག །ཕྱག་མཚན། རལ་པ། སྨ་ར། སྨིན་མ། སྤྱན། སྙན། ཤངས། ལྗགས། ཚེམས། མཆེ་བ། རོལ་པ། རྔོམ་བརྗིད། ཆོ་འཕྲུལ། རྟགས། དཔལ་ཆས་དང་། དུར་ཁྲོད་ཀྱི་ཆས་ལ་སོགས་པ་དབུལ། གཉིས་པ་དབུ་རྒྱན་དང་། ཅོད་པན་དང་། སྙན་ཆ། མགུར་ཆུ། དོ་ཞལ། སེ་མོ་དོ། ཕྱག་ཞབས་ཀྱི་གདུ་གུ། བརྟན་ཁྲི། འོད་ཟེར། ན་བཟའ་ལ་སོགས་བཅུ་གཅིག་གིས་མཛེས་པ་རྒྱན་དུ་མངའ་གསོལ། གསུམ་པ། གདུགས། རྒྱལ་མཚན། བླ་བྲེ། ཡོལ་བ། འཕན། བ་དན། ཡུལ་མཁར། བྲན་ཕོ་མོ། ཆུང་མ་ལ་སོགས་པ་ལོངས་སྤྱོད་ཕུན་སུམ་ཚོགས་པར་མངའ་གསོལ། བཞི་པ་ལ་གསུམ། ཕྱག་འཚལ་བ་དང་། མཆོད་པ་དངོས་དང་། བསྟོད་པ་བྱ་བའོ། །དང་པོ་ཕྱག་འཚལ་བ་ནི། མ་སྐྱེས་རྡོ་རྗེ་དང་། བདག་མེད་ཕྱོགས་བྲལ་གྱི་ནང་གི་ཕྱག་འཚལ། ཆོས་སྐུ་མུ་མཐའ་རབ་གནས་ལྟར་འཚལ། དངོས་ལ་དོན་བཅུ་བཞི་སྟེ། ཕྱག་རྒྱ་བཞི་ལ་སྔགས་ཀྱིས་དབུལ། ཁྲོ་བོ་གནས་ཡུལ་སྒོ་མ་ཉི་ཤུས་དབུལ། ཀུན་ཏུ་བཟང་པོ་དང་། ཕྱག་དང་ཞབས་བསིལ་དང་། རྣམ་ལྔ་ལ་སོགས་རྣམས་སྤྱིར་དབུལ། བདུད་རྩི་དང་གཏོར་མ་སོ་སོར་དབུལ་ཏེ། དེ་དག་ལ་ལས་གཞུང་དང་། རབ་ཏུ་གནས་པའི་ཚིག་དང་། བསྒྲགས་པ་ལ་སོགས་པ་བསྟུན་ལ་བྱའོ། །བསྟོད་པ་ནི་དོན་རྟགས་གང་རུང་གིས་བསྟོད། དེ་རྣམས་ནི་མཆོད་པས་མཉེས་པར་ཡོངས་སུ་བཟུང་བའི་མངའ་གསོལ་ཞེས་བྱའོ། །དེ་ནས་བརྒྱད་པ་བཀྲ་ཤིས་བྱ། སྤྱི་བཙན་དུ་བརྟན་པར་བཞུགས་སུ་གསོལ། སྒོ་བཙན་དུ་ཡོན་བདག་དང་། མཆེད་ལྕམ་རྣམས་ཀྱིས་བསྐོར་བ་བྱ། དེས་སྨོན་ལམ་བཏབ། དེ་དག་ནི་རབ་ཏུ་གནས་པ་དཀྱིལ་འཁོར་ཞལ་གྱི་ཆོ་ག །བསྙེན་བསྒྲུབ་བཞི་ལས་ཉེ་བསྙེན། ཞག་དྲུག་པ་ཡན་ཆད་ཀྱི་ཁྲིགས་སུ་ཤེས་པར་བྱ་སྟེ། ཉིན་མོའི་ལས་སུ་རབ་གནས་དེ་ལྟར་དུ་བྱའོ། །སྤྱི་དོན་གསུམ་པ་བསྒྲུབ་པ་དཀྱིལ་འཁོར་ཞག་གི་ཆོ་ག་བྱ་བའི་མན་ངག་ནི། འདིར་ཞག་བཅུ་གཅིག་གི་དབང་དུ། བདུན་པ་དང་། བརྒྱད་པ་དང་། དགུ་པའི་ཁྲིགས་སུ་བསྟན་ཏེ། དགོང་མོ་ཆ་གསུམ་བཏང་། མཐོ་ཀུན་བསོ། ཞལ་ཟས་ལ་རོལ་ལ། རྩ་བ་དང་ཡན་ལག་གི་མཆོད་པ་གསར་བ་བཤམ། ཚུལ་ཕྱག་བྱ། དེ་ནས་གདོད་ནས་མ་སྐྱེས་དང་། སྲིད་པ་ཕྱི་ནང་སྣོད་བཅུད་ཅེས་པ་ལ་སོགས་པས་ཕྲིན་ལས་ཀྱིས་དབུ་དྲངས་ལ། སྲུང་བའི་འཁོར་ལོས་མཚམས་བཅད། སྟེང་འོག་ཕྱོགས་མཚམས་དངོས་པོ་ཅིར་སྣང་ཡང་དད་ཅེས་པས་གསལ་བདབ། བཤགས་པ་བྱས་ལ། སྒྲིབ་པ་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། ཞེས་པས་གསལ་གདབ། དམ་བཅའ། དཀྱིལ་འཁོར་ལྷའི་བྱིན་དབབ་དང་། རྫས་ཀྱིས་བྱིན་ཕབ་ལ། མཐུ་དང་བྲལ་བའི་རྫུ་འཕྲུལ་ཅིར་སྣང་ཡང་། ཞེས་པས་གསལ་གདབ། མ་ཏྲྂ་མནན་ཞིང་གསང་མཚམས་བཅད་ལ། ཁྲོ་བོ་བཅུའི་སྟང་སྟབས་བྱ། དམ་སྲི་བརྡུང་། རྟགས་གདབ་ནས་མཆོད་པ་བྱིན་གྱིས་བརླབས་ལ། ཐུན་མོང་རྫས་ཀྱི་དངོས་པོ་ཅིར་སྣང་ཡང་། ཞེས་པས་གསལ་བཏབ། དེ་ནས་ལས་མཁན་གྱིས་ཞི་ཁྲོ་གཉིས་བརྒྱུད་ལྟར་དུ་བསྐྱེད་ཅིང་གཞུང་བསྲང་ལ་ལུང་གིས་གསལ་གདབ། གཞུང་གི་སྐབས་སུ་ལྷ་ཀུན་བཟང་ཡབ་ཡུམ་གྱིས་གཙོ་བྱས་ལ་འདོད་པའི་དོན་ལ་གསོལ་བ་བཏབ་པ་ཡན་ཆད་བྱ། དེ་ནས་འཛབ་ཁང་ཕྱེ་ལ། ལྷའི་གཙོ་བོ་ཀུན་བཟང་གིས་གཙོ་བྱས་ཏེ། རིག་པ་གསུང་གི་བྱིན་བརླབས་ཀྱིས། ཞེས་པ་ལ་སོགས་པའི་ཚིག་གིས་རིགས་ལྔའི་འཛབ་བྱ། ཆོས་སྐུ་ནམ་མཁའི་བསྟོད་པ་བཏང་། དེ་ནས་སེམས་དཔའ་དང་། སྒོ་བ་དང་། ཐུབ་པ་ཡན་ཆད་ལ་རྒྱས་པར་དབུལ། བསྟོད་པ་བཏང་། དེ་ནས་ཁྲོ་བོ་ལ་འཛབ་ཁང་དབྱེ། སྔོན་ལ་ཆེ་མཆོག་ཞལ་བྱང་བྱས་ལ་འགུ་ཡ་ཛྙ་ན་བཟླས། དེ་ནས་རྡོ་རྗེ་སེམས་དཔའ་གནས་འགྱུར་བ། །ཞེས་པ་ལ་སོགས་པའི་ཚིག་གིས་རིགས་ལྔའི་འཛབ་བྱ། དེ་ནས་དབང་མཆོག་གི་བྱ། དེ་ནས་ལུང་གི་ཧེ་རུ་ཀ་བཞིའི་བྱ། རུ་ལུ་བཟླས། དེ་ནས་རིག་འཛིན་གྱི་འཛབ་བྱ། མ་ཧཱ་གུ་རུ་བཟླས། དེ་ནས་གསལ་བཏབ་ལ། ཕྱོགས་བཅུ་དུས་བཞི་དང་གཏུམ་ཆེན་གྱིས་བསྟོད། ཚོགས་ཀྱི་མཆོད་པ་ཕུལ་ལ་ཚོགས་ཀྱི་འཁོར་ལོ་བསྐོར། ལུང་གིས་གསལ་གདབ། དེ་དག་ནི་ནུབ་མོའི་ལས་སོ། །དེ་ནས་ནམ་ལངས་པ་དང་ལས་མཁན་གྱིས་ལུང་གི་ལྷག་མ་བཏང་ལ། གཏོར་མ་ཀེ་ཚང་དུ་བསག་གོ། །དེ་ནས་སྔ་དྲོ་ཆོ་ག་འབྲིང་པོ་ལ། ཕྱག་འཚལ། ཕྲིན་ལས་ཀྱི་དབུ་དྲང་། མཚམས་བཅད། གསལ་བཏབ། བཤགས་པ་བྱ། དམ་བཅའ། བྱིན་དབབ། རྟགས་གདབ། མཆོད་པ་བརླབ། ལས་མཁན་གྱིས་ཞི་ཁྲོ་གཉིས་རྒྱུད་ལྟར་བསྐྱེད་ལ་ལུང་གིས་གསལ་གདབ། འཛབ་རིགས་ལྔ་ཡན་ཆད་རྫོགས་པར་བྱ། དེ་ནས་བོ་དྷི་ཙིཏྟ་བསྒྲང་། ཕྱོགས་བཅུ་དུས་བཞིས་བསྟོད། ཁྲོ་བོ་ལ་རུ་ལུ་འབྲུ་བརྒྱད་ཀྱི་འཛབ་བྱ། ཡང་ན་ལྷ་ཅི་གསལ་དུ་ཁམས་གསུམ་ཐམས་ཅད་བརླབས་ལ། གསང་བ་ཐུགས་ཀྱི་སྙིང་པོ་ཐོན་ཚད་བཟླས། རྡོ་རྗེ་སློབ་དཔོན་གྱིས་བུམ་པའི་གཟུངས་ཐག་ནས་བཟུང་ལ། གྷུ་ཡ་དང་། རུ་ལུ་ཅུང་ཟད་བཟླས། རྡོ་རྗེ་རྒྱལ་ཐེབ་ཀྱིས་འཛབ་སྣ་དྲངས་ལ་འཛབ་ཅི་རིགས་སུ་བཟླས། གསལ་གདབ། ཚོགས་དབུལ། འབྲིང་པོའི་ལས་ཁྲིགས་སོ། །གུང་དང་དགོངས་ཀྱི་བསྙེན་ལུགས་ལ། ཁྲོ་བཅུས་མཚམས་བཅད། ཡེ་ནས་མཉམ་ཉིད་ཀྱིས་བཤགས། དམ་བཅའ་ཆུང་བ་བྱ། བྱིན་དབབ་མཆོད་པ་བྱིན་གྱིས་བརླབས། ལུང་གི་གསལ་གདབ་མི་དགོས། ཞི་ཁྲོ་གཉིས་ཀྱི་གཞལ་ཡས་ཁང་དང་། ལྷ་སྔགས་ཀྱིས་གསལ་གདབ། ཀུན་བཟང་ན་མར་མཆོད་པ་རྣམ་ལྔ་དབུལ། སྔགས་སམ་མཚན་བསྡུས་ལ་ཞི་ཁྲོ་གཉིས་ཀ་ལ་བདུད་རྩི་དབུལ། གཏོར་མ་སྔགས་ཀྱིས་སོ་སོར་དབུལ། སྟན་འགན་སྔགས་དང་ཏིང་ངེ་འཛིན་གྱིས་དབུལ། ཞི་ཁྲོ་སྔགས་ཀྱིས་ཁྲག་དབུལ། ༀ་བཛྲ་ཨེ་པ་ཧཱུྃ་ལ་སོགས་པ་བརྗོད་ལ་རྒྱ་མཚོ་ལྔའི་སྨོན་ལམ་གདབ། འདོད་པའི་དོན་དུ་གསོལ་བ་བཏབ་ལ། འཛབ་བོ་དྷི་ཙིཏྟ་དང་། རུ་ལུ་དབུལ། སྟོད་ཚོགས་དབུལ། དེ་དག་ནི་དཀྱིལ་འཁོར་ཞག་གི་ཆོ་ག་བྱ་བའི་མན་ངག་སྟེ། བསྒྲུབ་པ་ཞག་གྲངས་དུ་བྱེད་པ་དེ་ལྟར་དུ་བྱའོ། །སྤྱི་དོན་བཞི་པ་བསྒྲུབ་པ་ཆེན་པོ་ནི། འདིར་ཞག་བཅུ་གཅིག་གི་དབང་དུ་བྱས་ན། བཅུར་འགྲོ་བའི་དགོངས་མོ་ཕྲིན་ལས་ཐུང་བ་དང་སྦྲེལ་ལ་དབང་གི་སྦྱིན་སྲེག་བྱ། ཚར་བ་དང་། དཀྱིལ་འཁོར་གྱི་མཐའ་མར་རྡོ་རྗེ་རྒྱ་གྲམ་ཕྱེ་ཡིས་བྲི། དངོས་གྲུབ་ཀྱི་ཞལ་ཟས་དང་། ཤ་དང་། མར་དང་། མཆུར་བ་ལ་སོགས་པ་མཆེད་ལྕམ་དུ་ཡོད་ཀྱི་གྲངས་པས་ལྔའམ་གསུམ་གྱིས་ལྷག་པར་བྱས་ལ། དཀྱིལ་འཁོར་གྱི་མཐའ་མར་དགོད། ཤར་དུ་དཔལ་བཤོས་བཤམས། ནུབ་ཏུ་དབང་བཤོས་དང་རྡོ་རྗེ་ཚེ། རྡོ་རྗེ་སློབ་དཔོན་གྱི་ཕྱོགས་སུ་གསལ་ཤིང་འཛུགས་པའི་ཟླ་ཁམ་དང་བཀྲ་ཤིས་ཀྱི་བྱ་ཁ་སྤྲོད་དགོད། གསོལ་བྱང་བདུད་རྩི་བརློན་སྦྱོར་ལ་འཛའ་གད་ཀྱིས་བཀང་བ་ཁུར་བས་ཁ་བཅད་པ་དཔྲལ་བ་རང་ལ་བསྟན་པ་དགོད། དེའི་ནུབ་མོའི་ཕྲིན་ལས་ལ་སྔོན་འགྲོ་བསྒྲུབ་པའི་དུས་ཀྱིས་ཕྲིན་ལས་རྒྱས་པ་ལྟར་བྱ། མཆོད་པ་བྱིན་གྱིས་བརླབས་པའི་དུས་དཔལ་བཤོས་ལ་བདག་གི་ཐུགས་ཁ་ནས་ཧཱུྃ་དཀར་པོ་འཕྲོས་འདུས་འོད་དུ་ཞུ་བ་ལས། དཔལ་བཤོས་བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས་ཀྱི་ངོ་བོ་ལས་ལོངས་སྤྱོད་སྣ་ཚོགས་པ་འབྱུང་བར་བསམ། དབང་བཤོས་ལ་ཐུགས་ཁ་ཧཱི་ཏྲྂ་འཕྲོ་འདུ་ལས། ཏྲྂ་རཏྣ་ཏྲེ་ལཀྱ། སྥ་ར་ན་ཕཊ། སྂ་ཧ་ར་ན་ཧཱུྃ། ཞེས་བརྗོད་པས་རིན་པོ་ཆེའི་མཆོད་སྡོང་ལས། ཕྱི་ནང་གསང་བའི་མཆོད་པ་མང་པོ་འབྱུང་བར་བརླབ། །འབྲང་རྒྱས་དང་ཚེ་ལྕམ་ལུགས་ལྟར་བྱིན་གྱིས་བརླབ། གསོལ་བྱང་ལ་ཐུགས་ཁ་ནས་བྷྲུྂ་འཕྲོས་འདུས་པས་གསོལ་བྱང་ལ་ཐིམ་པས། བྷྲུྂ་བི་ཤ་བྷི་ཤུདྡྷེ་བཛྲ་ཛྙ་ན་ཙཀྲ་སུརྱ་ཙནྟྲ་རཏྣ་པདྨ་མཎྜལ་ཞེས་བརྗོད་པས། འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ་གསལ་བར་བསྐྱེད་ལ། དེར་དཔལ་ཆེན་པོ་ལ་ཀ་རི་བརྒྱད་ཀྱི་བསྐོར་བར་བསྐྱེད་ལ། ༀ་ཨཱཿཧཱུྃ་གསུམ་གྱི་སྔགས་བཟླས་དཀྱིལ་འཁོར་གྱི་ལྷའི་འོད་ཟེར་གསོལ་བྱང་ལ་འཕྲོས་ནས་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་ངོ་བོ་ཡི་གེ་འབྲུ་གསུམ་དུ་བསམས་ཏེ། དེ་ནི་ཆེ་མཆོག་གླང་པོའི་དཀྱིལ་འཁོར་ཞེས་བྱའོ། །དེ་ནས་གཞུང་བསྲང་། འཛབ་བྱ། ཚོགས་བྱ། བསྐང་བ་བྱ། རོལ། དེ་ནས་དེ་དག་ཚར་བ་དང་། སློབ་བུ་རྣམས་ཕྱིར་ཕྱུང་ལ་ཁྲུས་བྱ། རྡོ་རྗེ་རྒྱལ་ཐེབ་ཀྱིས་ནང་དུ་དབང་གི་ཁྲི་རྩིག །དེའི་བར་རྡོ་རྗེ་སློབ་དཔོན་གྱིས་རང་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བྱ་སྟེ། ཁྲུས་བྱས་ལ་གོས་གསར་པ་གྱོན་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཕྱིན་ནས་སྟན་བདེ་བ་ལ་འདུག་སྟེ། ལག་ཏུ་མེ་ཏོག་ཐོགས་ལ་ཐལ་མོ་སྦྱར་ཏེ། ཡེ་ཤེས་རྒྱལ་པོས་གསོལ་བ་བཏབ་ལ། དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་གཏོར་ཅིང་། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ༀ། ཞེས་པའི་སྔགས་ཚན་ལྔས་པི་ཏི་བསྐུལ། དེ་ནས་བདག་གི་ལུས་ངག་ཡིད་གསུམ་ལས། འོད་དཀར་དམར་མཐིང་གསུམ་འཕྲོས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕོག་པས། ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཆོད་པ་ཆེན་པོས་མཉེས་པར་བྱས། ཁྱད་པར་དུའང་དཀྱིལ་འཁོར་གྱི་གཙོ་བོའི་སྟེང་ན་རང་གང་མོས་པའི་བླ་མ་དེ་བཞུགས་པ་དེ་ཡང་མཆོད་པས་མཉེས་པར་བྱའོ། །དེ་ནས་ཐལ་མོ་སྦྱར་ལ་ངག་ཏུ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྩ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། ལྷ་དང་མཁའ་འགྲོ་རིག་པ་འཛིན་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །བདག་རྡོ་རྗེ་སློབ་དཔོན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་དང་། སློབ་མ་འདི་རྣམས་འཁོར་བ་ལས་ཡོངས་སུ་བསྒྲལ་བའི་སླད་དུ། འདུས་པ་ཆེན་པོའི་དབང་བསྐུར་བར་འཚལ་གྱིས། བདག་གི་ངག་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བརྗོད་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་སྐུ་གསུང་ཐུགས་ལ་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས། བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་རྟོགས་པ་རང་རྒྱུད་པ་དག་ནས། ལྷའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་རང་བཞིན་དུ་བསམ། དེས་མཚོན་ནས་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་འོད་བྱུང་ནས། བདག་ལ་ཐིམ་པས་བདག་དང་ལྷ་ཐ་དད་མེད་པར་བསམ། དེ་ནས་ལྷ་ཐམས་ཅད་ཞལ་འཛུམ་པ་དང་བཅས་ནས། རིགས་ཀྱི་བུ་ཕྲིན་ལས་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་ཐོབ་པར་བསམ། དེ་ནས་སློབ་བུ་དབང་བསྐུར་བའི་དབང་རྣམས་བདག་ཉིད་ཀྱང་ལྷ་ལ་ཞུ། བདག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བརྗིད་དང་ལྡན་པར་བསམ་ལ་དབང་ཁྲིའི་སྟེང་འཛེག་གོ། །འདི་དག་ནི་སློབ་དཔོན་བདག་འཇུག་གི་པྲ་ཁྲིད་ཅེས་བྱའོ། །དེ་ལྟར་ཟིན་པ་དང་། རྡོ་རྗེ་རྒྱལ་ཐེབ་ཀྱིས་ནང་ནས་གུ་གུལ་གྱི་དུད་པ་ཐོགས་ལ། བདུད་རྩི་འཁྱིལ་པའི་སྔགས་རིངས་ཀྱིས་བགེགས་བསྐྲད། དེ་ནས་ཕྱི་ནས་ལས་མཁན་གྱིས་སྣ་དྲངས་ལ་རུ་ལུ་གར་གྱི་དབྱངས་བརྗོད་ཅིང་། དཀྱིལ་འཁོར་དང་། རྡོ་རྗེ་སློབ་དཔོན་ལ་སྐོར་བ་ལན་གསུམ་བྱས་ལ་གྲལ་རིམ་དུ་བཞུགས་སོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བྱ་སྟེ། རྩ་རྒྱུད་ལས། དེ་ནས་སློབ་མ་བཞུགས་པར་བྱ། ཞེས་གསུངས་པས། འདི་དག་ལ་ཀུན་འདུས་དང་། དགོངས་འདུས་ལྟར་དུ། རཱུ་ཏྲ་དཀྱིལ་འཁོར་དུ་བཞུགས་པའི་ཆོ་ག་དོན་སུམ་ཅུས་སྟོན་པ་སྟེ། བག་ཙམ་ལག་ཏུ་བླང་མི་བདེ་གསུང་ནས། རྡོ་རྗེ་ལས་ཀྱི་རིམ་པ་ལྟར་དོན་བཅོ་བརྒྱད་དམ། བཅུ་བདུན་པོས་འདི་ལྟར་མཛད་དེ། །ཐོག་མར་དབང་ཕྱུག་འཇུག་པ་སོགས་ནས། །གཉིས་པ་བཟོད་པར་གསོལ་བ་ནི། རྡོ་རྗེ་སློབ་དཔོན་གྱིས་ཐལ་མོ་སྦྱར་ལ། །རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱོགས་དང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་བཞུག་པར་བགྱི། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ཅེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཞལ་འཛུམ་པ་དང་བཅས་ནས་དཀྱིལ་འཁོར་དུ་ཆུག་ཅིག་པར་གནང་བ་ཐོབ་པར་བསམས། དེ་ནས་ལྔ་པ་དྲི་བ་ནི། བུ་ཁྱོད་དགའ་བ་ཅི་ལ་དགའ། །བུ་ཁྱོད་དད་པ་ཅི་ལ་དད། །ཁྱོད་ཀྱི་དགོས་པ་ཇི་ལྟ་བུ། །ད་ལྟ་ཉིད་དུ་འདིར་སྨྲོས་ཤིག །ཅེས་བྱ། སློབ་བུ་རྣམས་ཀྱིས་བདག་ནི་སྐལ་ལྡན་བདེན་ཆེན་ཏེ། །རབ་དགེས་འཕྲུལ་ལ་བདག་དགའ་འོ། །བྱང་ཆུབ་སེམས་ལ་བདག་དད་དོ། །ཐེག་ཆེན་ཆོས་ལ་བདག་མོས་སོ། །ཅེས་ལན་གསུམ་བྱས་ལ། ཡང་སློབ་བུ་རྣམས་ཀྱིས་གསོལ་བ་བཏབ་པ་ནི། ཨེ་མ་བདེ་གཤེགས་སྙིང་པོ་ནས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱེད་ཀྱིས་རང་ལ་བསྟན་དུ་གསོལ། །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱིས། །རྡོ་རྗེ་ལམ་ནས་དྲངས་ནས་ཀྱང་། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །བྱིན་རླབས་དབང་མཆོག་བླང་བར་བགྱིའོ། །ཞེས་དབང་བླང་། དེ་ནས་དྲུག་པ་ལུས་དབུལ་བ་ནི། ཧཱུྃ་རང་ལུས་གདོས་པས་བཅིངས་པའི་ཕུང་པོ་འདི། །བདག་མེད་རྒྱལ་བའི་ཞིང་དུ་སྦྱར་བའི་ཕྱིར། །ལུས་སྲོག་རྫས་ཀྱི་མཆོད་པ་དམ་པ་འདི། །བླ་མེད་དམན་པའི་མཆོད་པར་འབུལ་ལགས་ན། །གཉིས་སུ་མེད་པའི་ཚུལ་གྱིས་དགོངས་ནས་སུ། །བླང་དོར་མེད་པའི་ཚུལ་གྱིས་བཞེས་སུ་གསོལ། །ཞེས་ལུས་དབུལ། བདུན་པ་བྷེ་ན་བཛྲས་བགེགས་བསྐྲད། དེ་ནས་སློབ་བུ་རྣམས་ཀྱི་ཀླད་པ་དུང་ཁང་དུ། མ་ལས་ཉི་མའི་དཀྱིལ་འཁོར་གྱི་འཕྲོ་འདུ་ལས་འོད་འཕྲོས་པས། འོད་ཀྱིས་ལུས་འགོ་མཇུག་ཁྱབ་པར་བསམ། ཨ་ཡུ་ཧཱུྃ་ཛ་ཅེས་བརྗོད་པས། ཚེའི་རང་བཞིན་མུ་ཏིག་དཀར་པོ་དྲི་མ་མེད་པར་ལྟར་གྱུར་པར་བསམས། དེ་ནས་ཡང་ཀླད་པ་དུང་ཁང་དུ་བྷྲུྂ་ཅེས་པའི་འཕྲོ་འདུ་ལས། ཟླ་ཁམ་དམར་པོ་སྒ་ཞེས་པ་ཞིག་བསམ། དེའི་ནང་ༀ་བཛྲ་ཀྲོ་ཏ་ཧཱུྃ་ཞེས་ཧཱུྃ་ཀ་ར་བསྐྱེད། ༀ་བཛྲ་ཀྲོ་ཏ་ཨརྻ་ཨ་ཙ་ལ་ཧཱུྃ་ཞེས་མི་གཡོ་མགོན་པོས་སྒོ་སྲུངས་པར་བསམས། དེ་ནས་སྒྲིབ་པ་བྲལ་བ་ནི། བདག་གི་དཔལ་དུ་གསལ་བའི་སོར་མོ་བཅུ་ལ་ཉི་ཟླའི་གདན་གྱི་སྟེང་དུ། ཡེ་ཤེས་འབྲུ་བཅུ་བཀོད་ལ། རིགས་ལྔ་ཡབ་ཡུམ་གྱི་འཕྲོ་འདུ་བྱས་ནས་བདེན་པ་བརྗོད་པ་ནི། ན་མོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱི་རླབས་ཀྱིས། གང་ཟག་འདི་རྣམས་ཀྱི་རྒྱུད་ལ་གནས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བ་དམན་ཞིང་ཤེས་རབ་ཞན་པའི་སྒྲིབ་པ་དང་། ཁྱད་པར་དུ་གསང་སྔགས་ཆེན་པོའི་དཀྱིལ་འཁོར་གྱི་སྒོར་ཞུགས་གསང་བ་ཟབ་མོའི་དབང་ནོད་པ་ལ། སྒྲིབ་པ་གྲངས་ཀྱི་རིམ་པ་བཞིན་དུ་གནས་པ་ཐམས་ཅད་སྐད་ཅིག་ཙམ་ལ་བྱང་ཞིང་དག་པར་གྱུར་ཅིག །བཛྲ་བྷནྡྷ་ཏྲ་ཐཱ། ཞེས་བརྗོད་པས། སྒྲིབ་པ་མ་ལུས་པས་སྲེགས་སྦྱངས་ནས་སེམས་ཉིད་ཤེལ་སྒོང་ལྟ་བུར་གྱུར་པར་བསམ། དེ་ཀ་ལ་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཞེས་བརྗོད་པས། གོང་གི་ཁྲོ་བོ་དེ་འོད་དུ་ཞུ་ནས་ལུས་བཀྲག་དང་ལྡན་པར་བསམས་ལ། རང་གང་མོས་པའི་ལྷའི་སྔགས་ཕོག་པའི་ལྷར་བསྐྱེད་པ་གོ་བགོས་ལུས་སྲུངས་བྱས་ལ་བདག་གོ། །དེ་ནས་ཡང་སློབ་བུ་རྣམས་ཀྱིས་ཐལ་མོ་སྦྱར་ལ་ངག་ཏུ། རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་འདྲེན་པའི་དཔལ་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །བྱམས་མགོན་ཁྱེད་ལ་སྐྱབས་སུ་མཆི། །ཞེས་སྐྱབས་སུ་གསོལ། ཞུས་ལན་དུ། སངས་རྒྱས་དག་ནི་ཐམས་ཅད་ཀྱི། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །ཅེས་བརྗོད། དེ་ནས་དམ་ཚིག་གི་སྡོམ་པ་བླང་ཞིང་རྡོ་རྗེ་སློབ་དཔོན་བསྐུལ་བ་ནི། ཨ་ཨ་ལ་ལ་ཏེ་ཞེས་པའི་ཚིག་བཞི་དང་། བྱང་ཆུབ་རྡོ་རྗེའི་ཚིག་བཞི་སློབ་བུས་བརྗོད་ལ། སློབ་དཔོན་གྱིས་ༀ་བཛྲ་ཨ་མྲྀ་ཏ་ༀ་ཨཱཿཧཱུྃ་ཧྲཱི་ཐཱ་ཞེས་བརྗོད་ནས། རྡོ་རྗེས་བདུད་རྩི་ལྕེ་ཐོག་ཏུ་བཞག་པས་དམ་ཚིག་གི་སྣོད་དང་ལྡན་པར་བསམ། དེ་ནས་དམ་ཚིག་དེ་ཉིད་ཚིག་གི་སྒོ་ནས་འབོག་སྟེ། དཔལ་ལྡན་རྡོ་རྗེ་སྐུ་གསུང་ཐུགས་འཆང་བ། ཞེས་པའི་ཚིག་བཞི་དང་། དམ་ཚིག་སྡོམ་པ་ཆེན་པོ་འདི། །སྔར་གྱི་རྒྱལ་བ་རྣམས་ཀྱི་ཐུགས། །ད་ལྟ་ངའི་སྙིང་ལ་གནས། །དེ་ནས་མཆེད་ལྕམ་ཀུན་གྱི་སྲོག །ཅེས་བརྗོད་ལ་ༀ་ཨཱཿཧཱུྃ་གསུམ་གྱིས་སྦྱིན། དེ་ནས་དམ་ཚིག་དེ་ཉིད་སྲུངས་ཅིག་པར་བཀའ་ནན་བྱ་བ་ནི། བུའི་སྙིང་ཁར་རྡོ་རྗེ་བཞག་ལ། སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་གང་ལ་ནི། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟག་གནས་ཏེ། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་བརྗོད། བཅུ་གཅིག་པ་ཆུ་ནན་བྱ་བ་ནི། དེ་ནས་ཙནྡན་དཀར་དམར་སྦྱར་བའི་ཆུ་རྡོ་རྗེ་གནོད་སྦྱིན་དུ་བསྐྱེད་ལ། སྔར་གྱི་དམ་ཚིག་དེ་དག་མ་སྲུངས་ན་སྐྱོན་ཡོད་པར་དམ་བསྒྲགས་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོ་འགྱུར། །རྡོ་རྗེ་ཆུ་འདི་བཏུང་བར་གྱིས། །བཛྲ་ཡཀྵ་ཧཱུྃ། ཞེས་ལན་གསུམ་སྦྱིན། སྲུངས་ན་ཡོན་ཏན་ཡོད་དོ་བར་བསྒྲགས་པ་ནི། དེ་ལྟ་བས་ན་བུ་ཁྱོད་ཀྱི། དམ་ཚིག་འདི་དག་བསྲུང་བར་གྱིས། །དམ་ཚིག་སྲུངས་ན་དངོས་གྲུབ་འབྱུང་། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ༀ་བཛྲ་ཨུད་ཀ་ཏྲ་ཧཱུྃ་ཐཱ་ཞེས་སྦྱིན། དེ་ནས་དམ་བསྒྲགས་ཏེ། རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་རིང་དངོས་གྲུབ་མཆོག་ཏུ་གསུངས། །དམ་ཚིག་ཆེ་བའི་ཆེན་པོ་མཆོག །བྱེ་བྲག་མེད་པར་ཁྱེད་ཀྱིས་སྤྱོད། །དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་བརྟེན་པར་མི་བྱ་སྟེ། །མཉམ་ཉིད་རིན་ཆེན་ཀློང་ཞུགས་ནས། །ཅི་ལ་ཡང་ཐོགས་པ་མེད་པར་སྤྱོད། ཀྱེ་མ་རྒྱལ་བའི་རིགས་སུ་གྱུར་པའི་བུ་ཁྱོད་རྣམས། རྡོ་རྗེ་སློབ་དཔོན་སྙིང་ལྟར་ཁུར། །རྡོ་རྗེ་མཆེད་ལ་མིག་བཞིན་གྱིས། །ཡི་དམ་ལྷ་ནི་དཔོན་ལྟར་ཁུར། །གསང་བའི་དམ་ཚིག་རང་མཚན་ལྟར། །ནམ་ཡང་དེ་བཞིན་སེམས་པར་གྱིས། །སེམས་ཅན་ཐམས་ཅད་བུ་ལྟར་ཟུང་། །རྒྱལ་བའི་བཀའ་ལས་མ་འདའ་ཤིག །ཅེས་བསྒྲགས་སོ། །དེ་ནས་མནའ་བསྒག་སྟེ། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །དམ་ཚིག་སྡོམ་པ་ཆེན་པོ་ནི། །ལྷ་རྣམས་དང་ནི་མི་རྣམས་དང་། །བསྒྲུབ་པ་པོ་དང་རྣལ་འབྱོར་པ། །དེ་དག་ཉམས་ན་ཁྲག་ཆེན་པོ། །ཉམས་པའི་སྙིང་ནས་དྲངས་ཏེ་འཐུང་། །ཨི་དན་ཏེ་ན་ར་ཀན་ཞེས་བསྒྲག་གོ། །དེ་ནས་བཅུ་གསུམ་པ་རིན་པོ་ཆེའི་མེ་ཏོག་དོར་ཏེ། མེ་ཏོག་ལ་སོགས་རིན་ཆེན་ཕྲེང་། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཐུགས་རྗེས་བཟུང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་འབབ་གྱུར་ཅིག །ༀ་པྲ་ཏི་ཛ་བཛྲ་ཧོ་ཞེས་བརྗོད་ལ་རིགས་གང་ལ་ཕོག་པ་བརྟག་གོ། །དེ་ནས་བཅུ་བཞི་པ་ལྷ་དབབ་སྟེ། སྔར་རིགས་གང་ལ་ཕོག་པ་སྟེ། དམ་ཚིག་གི་ཕྱག་རྒྱས་རང་རང་གི་སྙིང་གི་དཀྱིལ་དུ་བསྟིམ་མོ། །དེ་ནས་བཅོ་ལྔ་པ་ལྷ་མི་སྤང་བར་བྱ་བའི་ཕྱིར་ནན་ཏན་བྱ་བ་ནི། ལྷ་མ་བསྒོམ་པའི་སྐྱོན་དང་། བསྒོམ་པའི་ཡོན་ཏན་བཤད་དེ། དང་པོ་ནི། དད་མེད་ཉམས་ན་ཕུང་བར་འགྱུར་ཅེས་པ་དང་། ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །ཅེས་པ་དང་། གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ཞེས་པ་ལ་སོགས་པ་གསུངས་སོ། །བསྒོམ་པའི་ཡོན་ཏན་ནི། བདག་ཉིད་ལྷ་དང་མཉམ་སྦྱར་ན། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ལྷའི་སྐུ་ཉིད་གསལ་སྒོམས་ན། །བསོད་ནམས་ཚོགས་ཆེན་འགྲུབ་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་རྫོགས་པར་འགྱུར། །ཅེས་གསུངས་སོ། །དེ་ནས་བཅུ་དྲུག་པ་མིག་དབྱེ་སྟེ། རུས་ལག་ཏུ་རྡོ་རྗེ་ཐོགས་ལ། དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་བཟང་པོ་འདི་ལྟོས་ལ། །སངས་རྒྱས་གདུང་གི་རིགས་སུ་འཁྲུངས། །སངས་རྒྱས་དངོས་གྲུབ་ཐམས་ཅད་ནི། །བརྟེན་ནས་ཐོབ་པར་གྱུར་པ་ཡིན། །བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་མིག་དབྱེ། མ་རིག་པའི་མུན་པ་བསལ་ནས་རང་ལ་ཡེ་ནས་གནས་པའི་དཀྱིལ་འཁོར་དོན་མཐོང་བར་བསམ་མོ། །དེ་ནས་བཅུ་བདུན་པ་དཀྱིལ་འཁོར་དང་ལྷའི་དོན་རྟགས་བཤད་པ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་རྟགས་སུ་ལྟེ་བ་ཟླུམ་པོའོ། །ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་ལྔར་བྱུང་། ཡེ་ནས་རྒྱུ་འབྲས་གཉིས་སུ་མེད་པའི་ཕྱིར་རྡོ་རྗེའི་ར་བ། ཚད་མེད་པ་བཞི་དང་ལྡན་པའི་ཕྱིར་གྲུ་ཆད་བཞི་བྱུང་། ལྷག་པའི་ཡེ་ཤེས་ཕྲིན་ལས་བཞི་དང་ལྡན་པའི་ཕྱིར་གློ་འབུར་བཞི། ཆེ་བའི་ཡོན་ཏན་ཕྱོགས་མེད་ནས་རྒྱས་པའི་རྟགས་སུ་གྲུ་བཞི་ལྷམ་པར་བྱུང་བ། ཏིང་ངེ་འཛིན་བཞིའི་རྟགས་སུ་སྒོ་བཞི། དུར་ཁྲོད་ཀྱི་ཐོད་པ་སྐམ་རློན་ལ་གནམ་ལྕགས་ཀྱི་གཟེར་གྱིས་གཏམས་པ་ནི། སྐུ་ལྔ་ལྷུན་གྱིས་གྲུབ་པའི་རྟགས། ཞིང་ལྤགས་ཁ་སྦྱར་གྱི་སྒོ་ལ་སྐར་མའི་གཟེར་གྱིས་གཏམས་ནས། རུས་སྦལ་གྱི་མ་ཐེམ་ལ་ཆུ་སྲིན་གྱི་ཡ་ཐེམ་ཞིང་སྐམ་པོའི་སྒོ་སྐྱེས། ཞིང་སྨུག་པོའི་ཀ་བ། གཟའ་ཆེན་པོ་བརྒྱད་ཀྱི་གདུང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ཕྱམ་གྱིས་གཏམས་ནས། སྦྲུལ་ནག་འབར་བས་གྲལ་མ་བྱས་པ་ནི་འཁོར་བ་མ་སྤངས་དོར་བ་མེད་པའི་རྟགས། དེ་དག་ནི་ནང་དུར་ཁྲོད་འབར་བའི་རྟགས་ཡིན། རང་བཞིན་གྱིས་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཕྱིར་རྩིག་པ་ལྔ་སྦྲག་ཏུ་བྱུང་བ་དང་། རིན་ཆེན་འབར་བའི་ཀ་བ་ལ། རིན་པོ་ཆེའི་གདུང་བརྒྱད་འགོ་བསྣོལ་བ། རིན་པོ་ཆེ་གཞན་རྣམ་པ་མང་པོའི་གྲལ་ཕྱམ་གྱིས་གཏམས་པ་ནི་མ་རིག་པའི་མུན་པ་སེལ་བའི་རྟགས། ཟླ་ཕྱེད་རྡོ་རྗེའི་རྡུང་མགོ་དང་། བཅུ་གཅིག་རྡོ་རྗེས་གཏམས་པ་ནི་ཕ་རོལ་གྱི་རྒོལ་བ་གཞན་གྱིས་མི་ཤིགས་པའི་རྟགས། དྲ་བ་དྲ་ཕྱེད་མུ་ཏིག་གི་ཕྲེང་བ་ཅན་གྱི་གསེབ་ནས་གཟུགས་ལ་སོགས་པའི་ལྷ་མོ་མང་པོས་མཆོད་པ་འབུལ་བ་ནི། ཕ་གུ་རིན་ཆེན་སེང་མགོ་ཅན་དུ་བྱུང་བ་དང་། མདའ་ཡབ་དཀར་པོ་པུ་ཤུའི་ཚུལ་དུ་བྱུང་བས་ཡོངས་སུ་བསྐོར་བ་ནི་ཆེ་བའི་ཡོན་ཏན་མ་འགགས་ཅིང་། ཆོས་རྣམས་ལྷུན་གྱིས་གྲུབ་པ་མཚོན་པའི་རྟགས། ཐེག་པ་བརྒྱད་ནས་བགྲོད་ཅིང་འབྲས་བུ་ཐོབ་པའི་རྟགས་སུ་རྟ་བབས་བརྒྱད་བྱུང་། ཆོས་ཀྱི་འཁོར་ལོ། གདུགས། འཕན། བ་དན། ཆུ་སྲིན་གྱི་སྐྱེ་ནས་དར་ཆེན་གྱི་མཚོ་དང་། དཔག་བསམ་གྱི་ལྗོན་ཤིང་གིས་ཡོངས་སུ་བསྐོར་བ་ནི་འཁོར་འདས་གཉིས་སུ་མེད་ཅིང་རྟོག་པ་དང་བྲལ་བ་མཚོན་པའི་རྟགས། རྡོ་རྗེ་ར་བས་ཡོངས་སུ་བསྐོར་བ་ནི་ཇི་ལྟར་སྣང་ཡང་དོན་གཉིས་མེད་ལས་མ་འདས་པའི་རྟགས། བསྐལ་བའི་མེ་རིས་ཡོངས་སུ་བསྐོར་བ་ནི་ཐམས་ཅད་ལ་དབང་བསྒྱུར་བའི་རྟགས། དེ་དག་ནི་དཀྱིལ་འཁོར་གྱི་དོན་རྟགས་བཤད་པའོ། །ལྷའི་དོན་རྟགས་བཤད་པ་ནི། མེ་ཏོག་ཕོག་པའི་ལྷའི་སྙིང་པོ། མཚན། རིགས། སྐུ་མདོག །གསང་མཚན། དེ་རྣམས་བཤད་ལ་ལྷ་ངོ་ཤེས་སུ་བཞུག་གོ། །འདིར་བཅོ་ལྔ་པ་མ་སྒོམ་ན་སྐྱོན་ཡོད་པས་སྒོམས་ཤིག་པའི་ནན་ཏན་མཛད་དོ། །བཅོ་བརྒྱད་པ་ཡོན་དབུལ་བ་ནི། དབང་བསྐུར་བའི་ཏིང་ལ་དབུལ་བ་ཕྱག་བཞེས་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་གྱི་དོན་རྟགས་དང་། ལྷ་ངོ་ཤེས་ནས། དེ་དག་གི་ཁུངས་སྨོས་པའམ་ཡིད་ཆེས་པར་བྱ་བའི་ཕྱིར་བརྒྱུད་པ་ཁུངས་ཀྱི་གཏད་རྒྱའམ། ཟབ་མོ་དབང་གི་གླེང་གཞི་གདམས་པ་དང་བཅས་པ་བཤད་པ་ནི་ལས་འདི་རུ་གཟིགས་ཤིག །དེ་ནས་བརྒྱུད་པའི་ཁུངས་ངོ་ཤེས་ནས་གྲུབ་པའི་འབྲས་བུ་ཐོབ་པའི་ཕྱིར། དངོས་གྲུབ་བླང་བའི་རིམ་པ་ནི། ཐོག་མར་འབྱུང་པོ་ལྟ་ཉན་ཚར་བཅད་པའི་ཕྱིར་ཁྲོ་བོ་བཅུའི་མཚམས་དྲག་ཏུ་བཅད། ལྷ་དང་མཁོན་ལྕུགས་སྦྱང་བའི་ཕྱིར་བཤགས་པ་རྒྱས་བསྡུས་གང་རུང་བྱ། འགྲོ་དོན་མཐར་ཕྱིན་པར་བྱ་བའི་ཕྱིར་དམ་བཅའ། རང་ཉིད་གཟི་བྱིན་དང་ལྡན་པར་བྱ་བའི་ཕྱིར་བྱིན་དབབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དངོས་གྲུབ་ཉེ་རྟོགས་སུ་སྟེར་བའི་ཕྱིར། ང་ནི་དཔལ་ལྡན་རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ་འཆང་ལ་སོགས་པས་ལྷ་དབབ། དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར། ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས་ལ་སོགས་པས་པོ་ཏི་བསྐུལ། དེའི་རྗེས་སུ་རིག་འཛིན་དངོས་གྲུབ་ལས་འདི་ལྟར་བསྐུལ། ཡེ་ཤེས་ལྷའི་དངོས་གྲུབ་དུས་ཉེ་བར་ཐོབ་པར་བྱ་བའི་ཕྱིར་གསལ་ཤིང་གི་ཆོ་ག་ཡང་ལས་འདི་ལྟར་རྒྱས་པར་བྱའོ། །དེ་དག་ལེགས་པར་ཚར་བ་དང་། དཀྱིལ་འཁོར་ལྷའི་དབང་བསྐུར་བར་བྱ་སྟེ། དེ་ཡང་དབང་དོན་བསྡུས་པའི་རྒྱུད་ལས། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་བརྒྱུད་ཀྱི་ཆུ་བསོ་བྱ། །བསྐྱེད་པ་མ་ཧ་ཡོ་ག་ནི། །ནང་དབང་འབྱུང་བའི་ཆུ་བསོ་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བསོ་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །གསང་དབང་རྫོགས་པའི་ཆུ་བསོ་བྱ། །ཞེས་པ་དང་། ཡང་དབང་དོན་རྒྱས་པ་ལས། ས་བཅུའི་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་སྔགས་ནང་པ་སྟེ། །བཅུ་གསུམ་བླ་མ་ཆེན་པོ་གྲགས། །ཞེས་གསུངས་པས། ཡོ་ག་ལ་སོགས་པ་སྔོན་དུ་འགྲོ་བའི་དབང་རྫོགས་ནས། ད་གསང་སྔགས་ནང་གི་དབང་བསྐུར་བ་ལ། དབང་མཆོག་སུམ་ཅུ་སོ་དྲུག་ཏུ་གྲགས་ཏེ། ཀུན་འདུས་ལས། ཕྱི་དང་ནང་དང་གསང་བ་ཡི། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱི་ཁྱད་པར་གྱིས། །དབང་མཆོག་སུམ་ཅུ་སོ་དྲུག་རྫོགས། །ཞེས་གསུངས་པས། ཕྱི་དབང་བཅུ། ནང་དབང་བཅུ་གཅིག །བསྒྲུབ་དབང་བཅུ་གསུམ། ཟབ་མོའི་དབང་གཉིས་སུ་བསྟན་པ་ལས། དེ་དག་འདིར། མ་ཧཱ་དང་ཨ་ནུ་གཉིས་ཐུན་མོང་དུ་བསྟན་པ་ལས། ངོས་བཟུང་ནས་ངོ་སྤྲད་པ་མེད། ལམ་ཁྱེར་གྱི་དབང་དུ་བྱས་ན། ཐེག་པ་མ་ཧཱ་ངོས་བཟུང་། དབང་ལ་ཕྱི་དབང་དང་ནང་དབང་མ་ཧཱ་ལྟར་ངོས་བཟུང་། བསྒྲུབ་དབང་གསང་དབང་གཉིས་ཨ་ནུ་ལྟར་ངོས་བཟུང་། དེ་ལ་འདིར་གང་ཡང་རུང་བར་ཕྱིར་དབང་བསྐུར་བའི་དབང་དུ་བྱས་ན། སློབ་དཔོན་ཆེན་པོ་ཆས་གོས་དང་ལྡན་པར་བྱས་སྟན་བརྗིད་བག་དང་ལྡན་པ་ལ། སློབ་མ་ལ་སོགས་པ་ཀུན་ཡང་ཆས་གོས་དང་ལྡན་པར་བྱས། བརྒྱན་བཏགས། དབུ་བརྒྱན་དང་། ཐོར་ཚུགས་ལ་སོགས་མཛེས་པར་བྱས། མཎྜལ་མཛེས་པར་བྱས་པའི་སྟེང་དུ་ཚོམ་བུ་བཀོད། འཁོར་ལོའི་གདན་ཕུལ་ནས་འཁོར་ལོའི་གདན་ལ་བཞུགས། ལག་ཏུ་ཁ་གསེར་ཁ་གཡུ་ལ་སོགས་ཐོགས་ལ་བརྗིད་དང་ལྡན་པར་དབང་བསྐུར་བ་ནི། རྒྱལ་པོ་ལྟར་བསྐུར་བ་ཡིན་གསུངས། ཡང་སློབ་དཔོན་གྱིས་ཀྱང་འཆག་ཆེ་ཆུང་ལ་སོགས་ལེགས་པར་བྱས། ཁྲུས་བྱ་སྟེ། ལུས་གཙང་བ་དང་། དྲི་བཟང་པོས་ལེགས་པར་བྱུགས། གཙང་མའི་གོས་གྱོན་དཔྲལ་བ། མགྲིན་པ། སྙིང་ཁ་ལ་སོགས་པར་དྲི་བཟང་པོའི་ཐིག་ལེ་བྱས་ནས། གཙང་སར་བཞུགས་པ་ལ་སློབ་མ་ལ་སོགས་པ་རྣམས་ཀྱང་། ཁྲུས་ལེགས་པར་བྱས། དྲི་བཟང་པོས་བྱུགས་ཏེ། གཙང་མའི་གོས་གྱོན། གཙང་བའི་ཟས་ཟོས་ནས་སྐྱོན་གྱིས་མ་གོས་པ་རྣམ་པར་དག་པ་ལ་དབང་བསྐུར་བ་ནི། བྲམ་ཟེ་ལྟར་དབང་བསྐུར་བ་བྱ་བ་ཡིན་གསུང་། ཡང་སློབ་དཔོན་ཀྱང་ཡེ་ཤེས་ལྷའི་ངང་ལ་གཙང་སྨེའི་རྟོག་པ་ཐམས་ཅད་དང་བྲལ་ནས། བརྟུལ་ཞུགས་ཆེན་པོའི་ངར་དང་ལྡན་པར་གནས་པ་ལ། སློབ་མ་རྣམས་ཀྱང་ཡ་ང་བ་དང་བག་ཚ་བ་མེད་པར། མོས་པ་དང་གུས་པའི་བརྟུལ་ཞུགས་དང་ལྡན་པར་གནས་པ་ལ་དབང་བསྐུར་བ་ནི། བརྡལ་པ་ལྟར་དབང་བསྐུར་བ་ཡིན་གསུང་། དེ་ལྟར་དེ་དག་ནི་བཟློག་པ་ཐ་དད་པར་སྣང་ཡང་དབང་བསྐུར་བའི་དུས་སུ་གསུམ་ཀ་འགྲུབ་སྟེ་གཅིག་ཏུ་འབྱུང་བ་ཡིན་གསུང་། དེ་ལྟ་བས་ན་དབང་སྟེགས་བཟང་པོའི་སྟེང་དུ་འདུག་སྟེ་ཡི་དམ་གང་ཡིན་ཀྱང་ཆེ་མཆོག་ཆེན་པོའི་ང་རྒྱལ་དུ་ཞུགས་ལ། སྤྱི་བོ་ནས་རྟའི་འདུར་གླུ་ཕྱོགས་བཅུ་རུ་འཚེར་ཞིང་བསྒྲགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་བྱོན་ནས། བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཐལ། དབང་བསྐུར་བའི་ནུས་པ་དང་ལྡན་པར་བྱས། ཡང་བརྒྱུད་པའི་བླ་མ་རྣམས་ཀྱང་བྱོན། རྟའི་རྣ་བ་གཉིས་ཕུམ་ཕུམ་གྱི་གསེབ་ཏུ་བརྒྱུད་པའི་ངོ་བོ་བླ་མ་ཡིན་པས། བླ་མ་རིན་པོ་ཆེའི་ཕུང་པོའམ་འོད་ཀྱི་ཕུང་པོ་འོད་ཟེར་དང་བཅས་པ་གཅིག་ཏུ་བསྒོམས་ནས། སློབ་མ་རྣམས་ཀྱི་བག་ཆགས་དང་སྣོད་ངན་པའི་དྲི་མ་དག་པར་བསམས་ཏེ། དེ་དག་ནི་ཕྲིན་ལས་ཀྱི་སྲོག་ཤིང་ཡིན་ཞེས་གསུང་ངོ་། །སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སེམས་ཀྱི་དཔའ་བསྐྱེད། སེམས་ཅན་འདི་དག་འཁོར་བ་ལས་བསྒྲལ་ནས་ཐར་པའི་ལམ་ལ་དགོད་དུ་ཡོད་པ་འདི་དགའ་བསྙན་པའི་ང་རྒྱལ་ལ། རྣལ་འབྱོར་རང་འདོད་སྐད་ཅིག་ཙམ་ཡང་མེད་པར་ཐག་བཅད་པ་ནི་ཕྲིན་ལས་ཀྱི་གཞུང་ཤིང་ཡིན་གསུང་། དེ་ནས་སློབ་མ་རྣམས་ལ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དེ་དགོས་དོན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། རང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་འབྱུང་བ་ལྟར་དུ། བླ་མ་ཡང་དགོས་འདོད་ཐམས་ཅད་ཀྱི་འབྱུང་གནས། ནོར་བུ་རིན་པོ་ཆེ་ལྟ་བུ་ལགས་པས། ཇི་ལྟར་གསོལ་བ་བཏབ་པ་ལྟར་འབྱུང་བས་གསོལ་བ་ཐོབ་ཅིག་པར་བསྐུལ་ལ། སློབ་བུས་གསོལ་བ་བཏབ་པ་ནི། སངས་རྒྱས་རྡོ་རྗེ་འཛིན་པ་ལ། །ས་མཐའི་སེམས་དཔའ་ཆེན་པོ་ཡིས། །ཇི་ལྟར་མཆོད་ཅིང་ཞུས་པ་ལྟར། དེ་བཞིན་སྐལ་ལྡན་བདག་ཅག་ལ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །དབང་རྣམས་རིམ་པར་སྩལ་དུ་གསོལ། །ཅེས་གསོལ་བ་གདབ་བོ། །ཞུས་ལན་དུ། སངས་རྒྱས་དག་ནི་ཐམས་ཅད་ཀྱི། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བགྱིས་པས། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །ཅེས་བརྗོད། དེ་ནས་དབྱངས་དང་བཅས་པས། འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །སློབ་བུ་རྣམས་ལ་དབང་བསྐུར་བས། །སེམས་ཅན་དོན་དུ་བདག་བརྩོན་ན། །བཟོད་པ་མཛོད་དེ་དགོངས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཧཱུྃ་ཛ། ཞེས་ལན་གསུམ་བརྗོད་པས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྲིན་དཔུང་བཞིན་དུ་བྱོན་ནས། དབང་བསྐུར་ཅིག་པར་བཀའ་སྩལ་བར་བསམ། དེ་ནས་ཤུ་ཛྙ་ཏ་ལ་སོགས་པའི་སྔགས་བརྗོད་ལ། དབུ་རྒྱན་བགོ། ཀ་ཡ་ཝཀྐ་ཙིཏྟའི་སྔགས་བརྗོད་ནས། བདག་ཉིད་སྐུ་གསུང་ཐུགས་ཀྱི་གཟི་བྱིན་དང་ལྡན་པར་བསམས་ལ། ཚིག་ཏུ། རྒྱལ་བ་སངས་རྒྱས་ཐམས་ཅད་ཀུན། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །དང་བའི་ཡིད་ཀྱིས་ཞུགས་ནས་ཀྱང་། །བྱིན་བརླབས་དབང་མཆོག་ནོད་པར་མཛོད། །ཅེས་བརྗོད་ལ། དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ཏེ། ཐོག་མར་ཕྱི་ཕན་པའི་དབང་བཅུ་ལ། དང་པོ་ཞི་བ་ལྷའི་ཕྱག་རྒྱའི་དབང་། གཉིས་པ་ཕྱག་མཚན། གསུམ་པ་གཟུངས་མ། བཞི་པ་བུམ་པའི་དབང་། ལྔ་ལ་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་། དྲུག་པ་རིན་ཆེན་སྣ་བདུན་དབང་། བདུན་པ་གདན་ཁྲི་དབང་། བརྒྱད་པ་བརྒྱན་ཆ་རྟགས་ཀྱི་དབང་། དགུ་པ་མིང་གི་དབང་། བཅུ་པ་འཁོར་ལོའི་དབང་ངོ་། །ནང་དབང་བཅུ་གཅིག་ལ། དང་པོ་གསང་བ་ཉན་པའི་དབང་། གཉིས་པ་ལས་བཞིའི་དབང་། གསུམ་པ་འཆད་པའི་དབང་། བཞི་པ་རྡོ་རྗེ་རྒྱལ་པོའི་དབང་། ལྔ་པ་གདན་ཁྲིའི་དབང་། དྲུག་པ་ཐུན་མོང་མ་ཡིན་པ་རིན་ཆེན་སྣ་བདུན་གྱི་དབང་། བདུན་པ་ཞི་ཁྲོ་ཕྱག་རྒྱ་ཆེན་པོའི་དབང་། བརྒྱད་པ་སྐུ་གསུང་ཐུགས་ཀྱི་དབང་། དགུ་པ་མིང་གི་དབང་། བཅུ་པ་བཀྲ་ཤིས་རྟགས་ཀྱི་དབང་། བཅུ་གཅིག་པ་ཐིག་ལེ་མིང་གི་དབང་ངོ་། །བསྒྲུབ་པའི་དབང་བཅུ་གསུམ་ལ། དང་པོ་ཤེས་རིག་པའི་དབང་། གཉིས་པ་ཁམས་གསུམ་བྱང་ཆུབ་སེམས་ཀྱི་དབང་། གསུམ་པ་ཡི་གེ་འཁོར་ལོའི་དབང་། བཞི་པ་འགྲོ་དོན་རྫོགས་བྱེད་ཐོང་གཤོལ་གྱི་དབང་། ལྔ་པ་དུག་གསུམ་བརྟན་སྤྲུགས་ཐོད་པ་ཚར་གསུམ་གྱི་དབང་། དྲུག་པ་ཉོན་མོངས་གཅོད་པ་མཚོན་ཆའི་དབང་། བདུན་པ་སྤྱོད་བཞིན་མ་ཆགས་པདྨའི་དབང་། བརྒྱད་པ་རྣམ་བཞི་ལས་རྫོགས་སྟི་ར་དབྱུག་པའི་དབང་། དགུ་པ་དོན་དམ་དབྱེར་མེད་སྦྲུལ་ནག་ཆུན་པོའི་དབང་། བཅུ་པ་གཉིས་མེད་སྦྱོར་རྟགས་ལྷ་མོ་ཡུམ་གྱི་དབང་། བཅུ་གཅིག་པ་བདག་ཉིན་ཆེན་པོ་ལོངས་སྤྱོད་སྣ་ཚོགས་ཀྱི་དབང་། བཅུ་གཉིས་པ་མངའ་བདག་ཆེན་པོ་བསྒྲུབ་རྫས་ཀྱི་དབང་། བཅུ་གསུམ་པ་གྲགས་པ་རྡོ་རྗེ་མིང་གི་དབང་། དེ་དག་ནི་ཙ་ཀ་ལི་ན་ཇི་ལྟར་ཡོད་པ་བཞིན་དུ་བསྐུར་ལ་མགྲིན་དབང་དུ་བྱ། གསང་དབང་ནི་སྐབས་འདིར་མི་བསྐུར་བར་ལས་འདིའི་མན་ངག་གིས། དབང་སྟེང་གི་སྐབས་སུ་ཕལ་གྱི་སྤྱོད་པ་མ་ཡིན་པར་སློབ་བུ་སྣོད་དང་ལྡན་པ་ལ་བླ་མའི་མན་ངག་གིས་ཤེས་པར་བྱོས་ཤིག །དེ་ནས་རྗེས་སུ་ཐོད་སྐུ་བཀོད་ནས་ཡོད་ན་ཡང་དག་བཞིན་བསྐུར་རོ། །དེ་ལྟར་དབང་རྫོགས་ནས། ལྷ་དབང་དེ་དག་འཆགས་པར་བྱེད་པའི་རྟེན་དུ། ལྷ་བསྒོམ་པ་དང་། མན་ངག་སྒོམ་པ་གཉིས་ལས། ལྷ་སྒོམ་པ་ནི། སྔར་མེ་ཏོག་ཕོག་པའི་ལྷ་གང་ཡིན་པ་དེ་འདི་ལྟར་ཡིན་གྱི་ངོ་སྤྲད། དེའི་རྗེས་སུ་སྙིང་པོའི་རྗེས་གནང་བྱིན་པས་གསུང་ངོ་སྤྲད། དབང་རྫས་མགོ་ཐོག་ཏུ་བཞག་ནས་དབང་བསྐུར་བས་ཕྲིན་ལས་ངོ་སྤྲད། དེ་ཡང་ཐོག་མ་ནས་ཡིན་པ་ལ་ཡིན་པ་ལྟར་ངོ་སྤྲད། ཤེས་པ་ནི་གསེར་སྦྲམ་ངོ་ཤེས་པ་ལྟ་བུ་སྟེ་དེ་ནི་ལྷ་ངོ་སྤྲད་པའོ། །དེས་ཉེ་བར་མཚོན་ནས་སྣང་གྲགས་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་དཀྱིལ་འཁོར་དུ་ལོངས་སྤྱོད་པ་ནི་ལྷ་ལམ་ཁྱེར་དུ་ཁྱེར་བའོ། །ལྷར་སྣང་བ་ཐམས་ཅད་སེམས་ཉིད་དུ་ཐག་ཆོད་པ་ནི་ལྷ་ལ་ལྷར་རོལ་པའོ། །ཐམས་ཅད་ལྷའི་རང་བཞིན་དུ་ལྟ་བ་ནི་ལྟ་བའོ། །དེའི་ངང་ལ་གནས་པ་སྒོམ་པ། སྤྱོད་ལམ་རྣམ་བཞི་ལྷ་དང་མི་འབྲལ་བ་ནི་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག །ནར་སོན་པ་འབྲས་བུའོ། །རྣལ་འབྱོར་གྱི་འདུག་ཚུལ་ནི་གླང་པོ་ཆེ་རྒུན་ཆང་གིས་མྱོས་པ་ལྟ་བུའོ། །ཐད་ཀ་ནི་ངང་བསྒོམ་ཆུང་ངུན་གྱི་ཐད་ཀར་སླེབ་སྟེ། དེ་ཡང་བདག་ལྷར་གསལ་བའི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་བསྒོམ། དེ་བས་ཁྲུ་གང་གིས་མཐོ་བར་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བསྒོམ། དེ་ནས་སྣ་བུག་གཡོན་ནས་འོད་དམར་པོ་སྲན་མ་ཙམ་ཞིག་བྱུང་ནས། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཕོག་པས། དེས་བདག་རྐྱེན་བྱས་ནས་ཐིག་ལེ་དམར་པོ་ལ་འོད་འཕྲོས་པས། སེམས་ཅན་ལ་ཕོག་པས་སེམས་ཅན་གྱི་དོན་བྱས་དེ་བཞིན་གཤེགས་པ་ལ་ཕོག་པས་ཐུགས་མཉེས་པའི་མཆོད་པ་ཕུལ། འོད་ཚུར་འདུས་ཐིག་ལེ་དམར་པོ་ལ་ཐིམ་པས་ཐིག་ལེ་དམར་པོ་འོད་དུ་ཞུ་བར་བསམ། ཡང་སྣ་བུག་གཡས་ནས་འོད་དཀར་པོ་བྱུང་ནས་གང་གི་ཐིག་ལེ་དཀར་པོ་ལ་ཕོག་པས། འོད་འཕྲོས་སེམས་ཅན་གྱི་དོན་བྱས། དེ་བཞིན་གཤེགས་པ་ཐུགས་མཉེས། ཚུར་འདུས་ཐིག་ལེ་དཀར་པོ་ལ་ཐིམ། དེ་བབས་ནས་དམར་པོ་ལ་ཐིམ་པས། གཉིས་ཀ་སྙིང་གི་དཀྱིལ་དུ་ཐིམ་པས་དཀར་དམར་འདྲེས་ནས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཐིམ། དེ་ཉིད་སྙིང་གི་དཀྱིལ་དུ་དཀར་དམར་འདྲེས་པའི་ངོ་བོ། བདེ་སྟོང་གཉིས་མེད་ཀྱི་ངང་ལ་བློ་བསྐུར་ལ་བཞག །དེ་ནི་ལྷ་བསྒོམ་པའི་མན་ངག་ཅེས་བྱའོ། །ད་མན་ངག་བསྒོམ་པ་སྟེང་སྒོ་དང་འོག་སྒོ་གཉིས་ལས། དང་པོ་ནི། ངང་བསྒོམ་འབྲིང་པོའི་ཐད་ཀར་སླེབ་སྟེ། རང་གི་ལུས་རྐྱལ་སྟོང་ལྟ་བུ་སྟོང་སང་ངེ་བའི་ནང་ན། རྩ་ཨ་བ་དྷུ་ཏི་སྦོམ་ཕྲ་མདའ་སྙུག་ཙམ། ཕྱི་དམར་ལ་ནང་དཀར་བ། ཡར་སྣ་རྩེའུ་ཆུང་ལ་ཐུགས་པ་མར་སྣ་གཉེན་པོ་ཆེ་ལ་ཐུག་པ་དེ་ནི་སྲོག་ཤིང་ཡིན། འདོམ་སྒྲོ་མེའི་འཁོར་ལོ་དང་། འོག་སྒོ་རླུང་གི་འཁོར་ལོ་གཉིས་འཁྲི་འཕང་ཡིན་ནོ། །ལྟེ་བ་བྂ་རིམ། སྙིང་ཆོས་ཀྱི་འཁོར་ལོ་བུམ་པ། མགྲིན་པ་ལོངས་སྤྱོད་འཁོར་ལོ། ཀླད་པ་གདུགས་ཏེ། ལུས་མཆོད་རྟེན་ཆེན་པོ་གཅིག་དུ་བསྒོམ། དེའི་སྤྱི་བོར་སྲོག་མི་ཤིགས་པའི་ཐིག་ལེ། ཡི་གེ་ཧྃ་གི་ནང་བཞིན་སྲན་མ་ཙམ་ཞིག་གནས་པ་ལ་འོད་ཕྱོགས་བཅུར་འཕྲོས་པས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། འོད་ཚུར་འདུས་གོང་གི་ཡི་གེ་ཧྃ་གི་ཐིག་ལེ་ལ་ཕོག་པས་དེ་འོད་དུ་ཞུ་ནས་རང་གི་རྩ་བའི་བླ་མ་ནི་མཆོད་རྟེན་གྱི་ཏོག་གི་ཚུལ་དུ་བཞུགས་པར་བསྒོམ། དེ་ལ་ཤེས་པ་བཅུག་པས་བླ་མའང་འོད་དུ་ཞུ་ནས། སྤྱི་བོ་ཚངས་པའི་བུ་ག་ནས་རང་གི་སྙིང་གི་དཀྱིལ་དུ། རང་གི་ཤེས་པ་དང་འདྲེས་པ་ལ་བློ་བསྐྱུར་ལ་བཞག་གོ། །ད་འོག་སྒོ་བདེ་བ་བསྒོམ་པ་ནི། ཡང་རང་གི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་བསྒོམ། དེ་ལས་མདའ་གང་གིས་མཐོ་བར་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བསྒོམ། དམར་པོ་དེ་ཤེས་རབ་ཀྱི་ཆ་ཡིན་ལ་དཀར་པོ་ཐབས་ཀྱི་ཆ་ཡིན། དེ་ནས་ཐིག་ལེ་དམར་པོ་དེ་ལ་ཤེས་པ་བཅུག་པས་དེ་ཆགས་པའི་རང་བཞིན་ཡིན་པས་འདར་བ་བསྒོམ། དེ་འདར་བས་བདག་རྐྱེན་བྱས་པས་ཐིག་ལེ་དཀར་པོའང་འདར་ཏེ། མར་ལ་བབས་ནས་དམར་པོ་ལ་ཐིམ་པས་དཀར་དམར་དབྱེར་མེད་དུ་འདྲེས་ནས། སྤྱི་གཙུག་ན་མར་ཐིམ་པས་སྙིང་གི་དཀྱིལ་དུ་བདེ་སྟོང་དབྱེར་མེད་དུ་བློས་བསྐྱུར་ལ་བཞག་གོ། །དེ་དག་མ་ཧཱའི་མན་ངག་གི་བསྒོམ་འདེབས་ཡིན་ནོ། །ལུང་ཨ་ནུ་ཡོ་གའི་དབང་དུ་བཤད་ན། ཐེག་པ་ནི་ཨ་ནུ་ཡོ་གའི་ཐེག་པ། ལྟ་བ་དབྱིངས་ཡེ་ཤེས་དབྱེར་མེད། དེའི་ངང་ལ་གནས་པ་ནི་སྒོམ་པ། སྤྱོད་ལམ་རྣམ་བཞི་དབྱིངས་དང་ཡེ་ཤེས་ཀྱི་ངང་ལ་སྤྱོད་པ་ནི་སྤྱོད་པ། དེ་ལས་མི་འདའ་བར་དམ་ཚིག །མཐར་ཕྱིན་པ་འབྲས་བུའོ། །སྐབས་ཀྱི་སྒོམ་ཆེན་གྱི་འདུག་ཚུལ་ནི་ཆུ་བོ་ཆེན་པོའི་གཞུང་བཞིན་འཕེལ་འགྲིབ་མེད་པའོ། །བསྒོམ་པའི་ཐབས་ནི་ངང་བསྒོམ་ཆེན་པོའི་ཐད་ཀར་སླེབ་སྟེ། དེ་ཡང་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་ཕུག་རོན་གྱི་སྒོ་ང་ཙམ་ཞིག་བསྒོམ། དེ་ལས་འོད་འཕྲོས་ནས། འོད་དེ་སྤྱི་གཙུག་ཚངས་པའི་བུ་ག་ན་ཡར་སྐར་མདའ་འཐོན་པའི་ཚུལ་དུ་འཐོན་ནས། དེ་ཉིད་ཐིག་ལེ་གཅིག་ལ་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོས་ནས། ཇེ་ཆེ་ཇེ་ཆེ་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁེངས་པར་བསམ། ཐིག་ཕྲན་ཐམས་ཅད་ཚུར་འདུས་ནས་ཐིག་ལེ་སྤྱི་བོ་ལ་ཐིམ་པས་ཐིག་ཕྲན་རྣམས་དང་སྤྱི་བོ་གཉིས་སུ་མེད་པའི་དབྱིངས་ཡེ་ཤེས་དབྱེར་མེད་པར་སྲས་བདེ་བ་ཆེན་པོའི་ངང་ལ་གནས་པར་བྱའོ། །ཞེས་པ་ནི་ཀུན་ལ་མེད་པའི་གདམ་ངག་གོ། །ད་ནི་གགས་དྲུག་པོ་སྦྱར་ན། གཞུང་ལས། གང་གིས་གང་ལ་གང་བསྟན་པ། །ཅིའི་ཕྱིར་དང་དགོས་པ་ཡེ་གནས་པ། །འདི་ནི་ནང་གི་གགས་དྲུག་བསྟན་པ་ཡིན། །ཞེས་པས། གང་དུ་གསུངས་པའི་གནས་ནི་པདྨ་མེ་ཏོག་འཇའ་ཚོན་གྱི་ཚལ་དུའོ། །གང་གིས་བསྐུར་བའི་སློབ་དཔོན་ནི། སློབ་དཔོན་ཆེན་པོ་རོ་ལངས་བདེ་བའི་དངོས་གྲུབ་ཅེས་བྱ་བ་དེས་སོ། །གང་ལ་བསྐུར་ན་སློབ་དཔོན་ཆེན་པོ་ཧཱུྃ་མཛད་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་ལ་སོགས་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ལ་བསྐུར། གང་བསྐུར་བའི་དབང་ནི་དབང་མཆོག་སུམ་ཅུ་རྩ་དྲུག །ཡོངས་སུ་གྲགས་པའི་དབང་། ཕྱི་དབང་བཅུ། ནང་དབང་བཅུ་གཅིག །བསྒྲུབ་དབང་བཅུ་གསུམ། གསང་བ་ཟབ་མོའི་དབང་གཉིས་བསྐུར། རྒྱུ་མཚན་ནི་མི་ལུས་ལྷ་རུ་བསྒྲུབ་པའི་ཕྱིར་དབང་བསྐུར། དགོས་པའི་འབྲས་བུ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་ཁོ་ནའོ། །དེ་དག་ནི་ནང་གི་གགས་དྲུག་ཅེས་བྱའོ། །དེ་ལྟར་དབང་ཆགས་པར་བྱེད་པའི། བསྒོམ་པ་དང་། མན་ངག་གི་འདེབས་ལ་སོགས་པ་ཚར་ནས། རུ་ལུ་དང་གྷུ་ཡ་ཛྙ་ན་ཐོན་ཚད་ཅིག་བརྗོད་ལ། བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་གྱི་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོའི་སྒོ་ནས། བཟླས་བརྗོད་ཀྱི་བསྙེན་པ་བརྒྱའམ་སྟོང་ལ་སོགས་པ་འབུལ་ཞིང་མཆིས་ན། ཐུགས་རྗེ་ཆེན་པོས་དགོངས་ཤིང་བཞེས་ནས་བདག་ཅག་ལ། སྐུ་གསུང་ཐུགས་ཀྱི་པོ་ཏི་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ་ལོ། །ཞེས་བརྗོད། དེ་ནས་མར་མེ་བླངས་ལ་འདུས་པ་ཆེན་པོའི་ལྷ་ཚོགས་རྣམས་ཀྱིས། མི་གནས་པའི་ཡེ་ཤེས་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཀློང་དུ་གྱུར་པའི་ཡེ་ཤེས་དང་། དབྱིངས་སུ་བསྒྲོལ་བའི་ཡེ་ཤེས་དང་། མདའ་དཀའ་ཐུགས་ཀྱི་ཡེ་ཤེས་དང་། ཐུགས་ཡེ་ཤེས་དགུའི་ནང་ནས་འཆར་བའི་པི་ཏི་བདག་ཅག་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་རྣམས་ཀྱིས་ཐོབ་པོ་ཨ་ལ་ལ་ཧོ་ཞེས་ཀུན་ལ་འགྲིམ་མོ། །དེ་ནས་ཚེ་དབང་བསྐུར་ཏེ། ཨ་ཡུ་དམར་པོ་རྡོ་རྗེ་དབང་གི་ཚེ། ཞེས་པ་དབྱངས་དང་སྔགས་དང་སྨོན་ལམ་ལ་སོགས་པ་བརྗོད་ལ་ཀུན་ལ་བསྐུར། དེ་ནས་གསོལ་བྱང་བླངས་ལ། ༀ་ལྟར་དཀར་ལ་འཚེར་བ་ལ་སོགས་པ་དང་། ཀ་ཡ་ཝ་ཀ་ཙིཏྟ་ༀ་ལ་སོགས་པ་བརྗོད་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་། མཆེད་ལྕམ་གཞན་རྣམས་ལ་གསོལ་བྱང་གི་ནང་ནས་ཏིང་གིས་དུམ་ཞིག་བཅུས་ལ། དེ་ནས་ལས་མཁན་གྱིས་གཞན་མ་རྣམས་ལ་སྦྱིན་ནོ། །དེ་ནས་ཞལ་ཟས་ཀྱི་དབང་བསྐུར་བ་ནི། ལས་མཁན་གྱིས་ཚོགས་མཆོད་ཟུར་ཙམ་བྱས་ཀྱང་མི་འགལ། ཟླ་ཁྂ་ཞལ་གྱི་དཀྱིལ་འཁོར་དུ། །རང་གི་ཡེ་ཤེས་མངོན་སྣང་བའི། །འདོད་དོན་གསང་བའི་ལོངས་སྤྱོད་བརྒྱན། །ཡོངས་སུ་རྫོགས་པའི་དངོས་གྲུབ་སྩོལ། །བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་རྡོ་རྗེ་ཚེ་གསོལ་བས། ཚེ་དབང་ཕུན་སུམ་ཚོགས་པའི་བསྐལ་བ་དང་ལྡན་པར་གྱུར་ཅིག །མ་ཧཱ་མང་ས་གསོལ་བས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐོབ་པར་གྱུར་ཅིག །འཛའ་གད་དཔའ་བོ་གསོལ་བས་འགྲོ་བ་མང་པོ་དབང་དུ་འདུས་པར་གྱུར་ཅིག །ཟླ་རྒྱས་གསོལ་བས་ཚོགས་གཉིས་རྒྱུན་དུ་རྫོགས་པར་གྱུར་ཅིག །གལ་ཕྱིས་གསོལ་བས་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཟླ་ཕྲོམ་གསོལ་བས་ཆོས་ཉིད་ཞི་བའི་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཅིག །འཇམ་དེས་གསོལ་བས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཞལ་ཟས་ཁ་བ་དང་དངར་བ་དང་། སྐྱུར་བ་དང་། རོ་རྣམ་པ་སྣ་ཚོགས་གསོལ་བས་ཞི་ཁྲོ་སྤྲུལ་པའི་ཚོགས་ལ་མངའ་བརྙེས་པར་གྱུར་ཅིག །ཅེས་བརྗོད་པ་པི་ཏིའི་ཞལ་ཟས་རྣམས་ཀུན་གྱིས་རིམ་པར་རོལ་ལོ། །དེ་ནས་དངོས་གྲུབ་ཀྱི་ལྷག་མ་གསུམ་ལ། ཡི་དམ་ལྷའི་བསྐལ་བ་རྡོ་རྗེ་སློབ་དཔོན་རོལ། དཀྱིལ་འཁོར་ལྷའི་བསྐལ་བ་རྒྱལ་ཐེབ་ལ་སྦྱིན། རིག་འཛིན་རྩལ་འཆང་གི་བསྐལ་བ་དེ་ན་ཡོད་པའི་སློབ་བུ་ལས་ཅན་ལ་སྦྱིན་ནོ། །དེ་ནས་གཞན་རྣམས་ཅི་རིགས་སུ་རིགས་པས་སྤྱད་ལ་སྦྱིན་པ་ནི་གལ་ཆེ་བར་གསུངས་སོ། །དེ་དག་ཚར་བ་དང་པི་ཏི་བརྟན་པ་བྱ་བའི་ཕྱིར། སེམས་ཅན་དོན་ཕྱིར་དང་། ཀ་ཡ་ཝཀྐིས་བརྟན་པར་བཞུགས། མེ་ཏོག་ཀུན་གྱིས་ལག་ཏུ་འགྲིམས། ནས་ལ་རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ལ་དབང་རྫས་འཇུག་པའི་སྣོད་དུ་བླུགས་པའམ། རང་གི་ཁྱིམ་ཡིན་ན་མཛོད་ཕུགས་སུ་དོར། དེ་ནས་མར་མེའི་སྨོན་ལམ་གདབ་པ་ནི། ཀུན་སྲིན་ལག་སྦྲེལ་རྡོ་རྗེ་སློབ་དཔོན་གྱི་ཕྱག་གཡོན་པས་མར་མེ་བཟུང་ལ། དུར་ཁྲོད་གསང་བའི་ཚིག་དབྱངས་དང་བཅས་པ་དང་། ཚིག་ལྷུག་པ་གཉིས་ཀྱིས་མར་མེའི་སྨོན་ལམ་གདབ། དངོས་གྲུབ་ཀྱི་དྲིན་ལན་བསབ་པའི་ཕྱིར་ཡོན་དབུལ་ཏེ། རྒྱུད་ལས་ཀྱང་། རྒྱལ་སྲིད་དང་ནི་རང་གི་ལུས། །ཞེས་པ་ལ་སོགས་པ་དང་། རྡོ་རྗེ་ཐེག་པའི་གཞུང་ལས་ཀྱང་། ཆེ་བར་རྒྱལ་སྲིད་ཡུལ་འཁོར་ཞེས་པ། བུ་སྨད་ཕྱག་རྒྱ་མ། ཕངས་པ་ནོར་དང་དབྱིག །དཀའ་བ་ལུས་དང་སྲོག །མཁོ་བ་ཐུགས་དང་གང་འཐད། རྒྱུན་དུ་ཟས་དང་གོས། ཡུན་དུ་དད་པ་དང་དམ་ཚིག །ཞུ་ཁར་སྲིས་ཞུ་དང་གུས་པ། མཆོག་ཏུ་བརྩེ་སེམས་དང་གདུང་བ་ལ་སོགས་པ། མཉེས་པ་སྣ་ཚོགས་ཆུ་བོ་གཞུང་བཞིན་དབུལ་ལོ། །དེ་ནས་རུས་ཞབས་སློབ་བུའི་སྤྱི་བོར་བཞག་ལ། དི་རིང་ཕན་ཆད་བུ་ཁྱོད་ཀྱིས། །རྡོ་རྗེ་སེམས་དཔའ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །བུ་ཁྱོད་ཀྱིས་ཀྱང་བྱ་དགོས་སོ། །ཞེས་བྱ། སློབ་བུས་བླ་མ་རྡོ་རྗེ་རྒྱལ་པོ་ལ། །དད་མོས་གུས་པའི་སེམས་ལྡན་པས། །བཀའ་ཡིས་ཇི་ལྟར་བསྒོ་བ་བཞིན། །ལུས་ངག་ཡིད་གསུམ་མཉེར་གྱིས་བླང་། །ཞེས་བཀའི་མཉེར་བླང་། ལས་བཞིའི་བྲོ་བྱས་ཀྱང་མི་འགལ་ལོ། །དེ་ནས་བཀྲ་ཤིས་གསོལ། སློབ་བུས་ལྷག་མ་བཏང་། སློབ་དཔོན་གྱིས་དཀྱིལ་འཁོར་བསྡུའོ། །དེ་དག་ཉིན་མོའི་ལས་སུ་བྱ་བའོ། །དེ་ནས་ཞག་བཅུ་གཅིག་ཏུ་འགྲོ་བའི་ཚེ། དཀྱིལ་འཁོར་གླིང་བཞི་པ་ཞིག་མཛད་ཀྱིན་ཡོད་དེ། སློབ་དཔོན་གཙོ་བོའི་མདུན་དུ་ཤར་ལྷོའམ་གང་འོས་དེར། གསང་དབང་དཀྱིལ་འཁོར་པདྨ་འདབ་བཞི་རིགས་ལྔའམ། འདབ་བརྒྱད་རིགས་ཡབ་ཡུམ་དང་། འདབ་བརྒྱད་རིགས་བརྒྱ་སོགས་གང་ལྟར་ཀྱང་མཐའ་སྒོ་ཁོར་ཡུག་བྱའོ། །ཡབ་ཀྱིས་ཡུམ་ལ་དབང་བསྐུར་བ། །རྡོ་རྗེ་སྦས་པ་སོར་བཞི་དང་། །འགྲེན་པའི་རྡོ་རྗེ་མཛུབ་གང་གི་ཚད་བྱ། ཡུམ་གྱིས་ཡབ་ལ་དབང་བསྐུར་བ། པདྨ་སོར་བཞི་དང་། སྲས་ཀྲུག་སྐྱོ་ཁ་སོར་བཅུ་གཉིས་པའོ། །དེའིི་སྟེང་དུ་ཐོད་པར་གསང་དབང་དམ་རྫས་བརློན་སྦྱོར་དང་། རིལ་བུ་དང་། ཕྱེ་མ་དང་། འདེ་གུ་གང་བྱེད་པ་སྔར་གྱི་ཕབས་དང་བཅས་པའོ། །བྱང་ཤར་ལྷ་མོ་ཙན་དྷ་ལིའི་སའམ་གང་འོས་དེར། དབང་གསུམ་པ་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དམིགས་རྟེན་དུ། ཚེའི་དཀྱིལ་འཁོར་རྒྱས་བསྡུས། ཚེ་རྫས་དང་མཆོད་པ་སློབ་བུ་སྤྱིར་བསྡུས་པ་དང་བཅས་པའོ། །ལྷོ་ནུབ་སྲིན་པོ་གནས་པའི་སའམ་གང་འོས་དེར། དབང་བཞི་པ་གསང་དབང་། ཨ་ཏི་རྫོགས་པ་ཆེན་པོའི་དཀྱིལ་འཁོར་པདྨ་འདབ་མ་བཅུ་དྲུག་དང་ཉི་གདན་དམར་བ་ལ་ཨ་བཅུ་དྲུག །དབུས་ལ་ཨ་ཁ་སྦྱོར་དང་བཅོ་བརྒྱད་རྩ་རིས་སྙིང་གཟུགས་དང་བཅས་པར། རྡོ་རྗེ་ཙཀ་བུམ་པ་དང་བཅས་པའོ། །ས་ཆ་གང་འོས་གཅིག་ཏུ་གདན་ལ་ཞི་བའི་དཀྱིལ་འཁོར་སྔར་གྱི་བསྒྲུབ་པ་དང་དགོངས་པ་འདུས་པའི་མདོ་བཞུགས་སོ། །དཔོན་སློབ་གྲངས་བསྙེན་ཚང་བ་བྱ། ཐེག་པ་ཨ་ཏི། ལྷ་བླ་མ་དང་ཡི་དམ་གཙོ་བོ་དང་དབྱེར་མེད། སྙིང་པ་གསང་བ་ལྟར་བཟླས། བསླབ་བྱ་ཞིབ་ཏུ་བརྗོད། བདེ་བ་གཅིག་ཏུ་ཆོས་སྐྱོང་མགོན་པོ་ལྕམ་དྲལ་གྱི་གཏོར་མ་དགོད། དེ་ནས་ཞི་ཁྲོ་ལུང་གི་ཆོ་ག་གཞུང་བསྐངས་ཚང་བར་བྱ། ཨ་ཏི་ལ་ཉིན་མོའམ་ནུབ་མོ་ཀུན་བཟང་དོན་གྱི་ཕྲིན་ལས་བྱ། གསང་དབང་བསྐུར། སེམས་བཟུང་། ངོ་སྤྲད། ལ་བཟླ། དེ་དག་མན་ངག་ཏུ་ཤེས་པར་བྱ། ཆོས་སྐྱོང་གི་གཏོར་དབང་བྱ། གཏད་རྒྱ་དམ་བསྒྲག །དགེ་བ་སྔོ། མར་མེའི་སྨོན་ལམ་བྱ། དེ་ནས་ནམ་ལངས་པ་དང་། དཀྱིལ་འཁོར་བསྡུ། ལས་བཞིའི་བྲོ་བྱ། ལྷག་མ་གཏང་། ལས་མཁན་དང་མཆེད་ལྕམ་གྱིས་ཕྱིར་བརྟན་མ་བསྐྱང་། སློབ་དཔོན་དང་རྒྱལ་ཐེབ་ཀྱིས་ནང་དུ་དུག་གསུམ་གྱི་སྦྱིན་སྲེག་བྱ། ཡང་དག་ལྟར་གཏེར་སྦ། རྒྱལ་ཐེབ་ཀྱིས་མཐོ་བསྒྱེལ་ལ་ཡ་ཧི་གཙྪས་གཤེགས་སུ་གསོལ། མཚམས་ཕུར་དང་། ཡེ་ཤེས་ལྷའི་སྒོ་བྱང་ལ་སྐུ་ཁྲུས་གསོལ་ལ་ཚགས་བྱ། བར་ཆད་བགེགས་ཀྱི་སྒོ་བྱང་དེ་ལ་མཆོག་ཕུར་དར་གྱི་ཅོད་པན་གཅིག་བདུད་རྩི་འཁྱིལ་པར་བསྐྱེད་ལ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ལ་སྒོ་བྱང་དེ་དཀྱིལ་འཁོར་གྱི་འོག་ཏུ་བཞུགས། ཕུར་པ་དེ་གྷ་ཏ་ཡས་དྲིལ་ནས་སྒོ་བྱང་ལ་གདབ། དེར་བདུད་རྩི་ཐིགས་པ་གཅིག་བླུགས་ནས། ཏིང་ངེ་འཛིན་ནམ་བྱང་ཆུབ་ཀྱི་སེམས་མ་སྐྱེས་བར་དུ་ཐར་པའི་དུས་མེད་པར་བསམ་སྟེ། དེས་ནི་ལས་རྗེས་བཀྲ་ཤིས་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་ནས་དཔོན་སློབ་ཀུན་འདུས་ལ་བཀྲ་ཤིས་བྱ། སྟོན་མོ་དགྱེའོ། །ཞག་གཅིག་ནས་བསྲུང་། ༈ ཨེ་མ་ཧོ། བདུད་རྩི་གངས་དཀར་ཞུན་གྱི་ཞུ། །ནམ་མཁའི་མཐོང་ནས་ཐིགས་པ་ཤར། །ཕྲེང་བ་ཨུཏྤལ་རྒྱན་གྱིས་བརྒྱན། །ལྷུན་པོའི་ལོགས་ལ་དཔལ་དུ་ཤར། །སིལ་བུ་མུ་ཏིག་འབྲས་བུའི་ཞིང་། །རིན་ཆེན་ས་ལ་རྩི་རུ་རྡོལ། །རང་བྱུང་སེམས་ཉིད་ཆེན་པོ་དེ། །རྣལ་འབྱོར་རིག་པའི་ཁྱུང་ཕྲུག་རྒྱས། །བཀའ་དྲིན་སྒོ་ངའི་ནང་ནས་རྡོལ། །བདེ་བ་པདྨའི་ནང་གི་དྲི། །སྲོག་ཚལ་བུང་བའི་མཆུ་ཡིས་འཇིབ། །ཅེས་བདེ་བར་སྤྱོད་ཅིག །དེ་ལྟར་བླ་མ་ཆེན་པོ་གོང་མ་བརྒྱུད་པ་དང་བཅས་ཀྱི་གསུང་དང་། ཡི་གེར་བཀོད་པ་དང་། ཁོ་བོས་ལག་ལེན་མང་དུ་མཐོང་བ་དང་། བསྙེན་སྒྲུབ་བཞི་ལྡན་མའི་བསྒྲུབ་པའི་ཁྲིགས་ལ་བརྟེན་ནས། འདུས་པ་ཆེན་པོའི་ལག་ལེན་འདི་ནི་ཕྱི་རབས་དབང་འདི་ལ་འཇུག་པ་རྣམས་ཀྱི་དོན་དུ། གླན་བན་བསོད་ནམས་མགོན་པོ་བདག་གིས་བཀོད་པའི་དགེ་བས། སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག །འདུས་པ་ཆེན་པོ་མདོའི་དབང་གི་ཆོ་གའི་ལག་ལེན་རྫོགས་སོ།། །།
ལྷ་མི་ཉན་རང་འཇུག་ཆོག་བཞུགས། ན་མོ་གུ་རུ། དཔལ་ལྡན་བླ་མའི་བཀའ། མདོ་དབང་སྡོམ་པའི་ཚུལ། བསླབ་པ་ལེན་པའི་ངག །ཕྱོགས་གཅིག་བྲིས་པའི་ཁུངས། གསང་བའི་སྙིང་པོ་ལས། ཐམས་ཅད་ཀྱང་འདི་ལྟ་སྟེ་འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཞེས་ཐེག་པའི་དང་པོ་འདི་ལའང་ཀུན་འདུ་བ་དང་། རྒྱས་པའི་རྒྱུད་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་རིམ་པར་སྐྱེ་བའི་རྒྱུ། །ཞེས་པ་དང་། གལ་ཏེ་བསྡོམ་པ་ཡི་ཚུལ་ཁྲིམས་མ་བླངས་པ་དང་། དགེ་བའི་ཆོས་བསྡུས་པའི་ཚུལ་ཁྲིམས་བསླབ་པ་ལ་མི་སློབ་པར་ཚུལ་ཁྲིམས་འཆལ་བ་བཀག་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཚུལ་ཁྲིམས་འཆལ་བ་ངན་འགྲོ་དེར་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་བསྐྱབ་མི་ནུས། །ཞེས་དང་། སློབ་དཔོན་པདྨས་ལམ་རིམ་ལས། སྡོམ་པ་ཀུན་ལ་ཡོད་མེད་ཀྱི། །སྐྱབས་སུ་མ་སོང་པ་ལ་མེད། །ཅེས་པའི་སྐྱབས་གནས་ནི། ལྷ་མིའི་སྐབས་འདིར། ད་ལྟར་ཐུབ་པའི་བསྟན་པ་དཀོན་མཆོག་གསུམ་ཡོད་པས། སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོར་དབང་བསྐུར་བ་དང་། རྒྱལ་པོར་སྣང་བ་དེ་ལ་སྐྱབས་ཤིང་། དེའི་ཁྲིམས་ཆོས་དང་། ཁྲིམས་ལ་གནས་པའི་དགེ་འདུན། ཁྱིམས་པ་དང་རབ་ཏུ་བྱུང་བ་གང་ཡང་རུང་བ་ལ་བརྟེན་ཅིང་སྐྱབས་ཞུ་བར་བྱའོ། །དེ་ཡང་བོད་ཀྱི་བཀའ་བཅད་ལྟར་དུ་ལྷ་མི་ཡིས་འདུལ་བ་ལ་ཐེ་བས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ལྷ་མིའི་ཐེག་པའི་སྒོར་འཇུག་ཅིང་སྡོམ་པ་འབོག་པ་ནི། སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། མཆོད་པ་བཤམ། བླ་མས་ཕུལ། སློབ་མ་ཕྱག་འཚལ་ཏེ། ཙོག་པུར་འདུག་ལ་ངན་སོང་གི་སྡུག་བསྔལ་ལས་ཐར་ནས་ལྷ་མིའི་གོ་འཕངས་ཁྱད་པར་ཅན་ཐོབ་པར་བྱ། དེའི་ཕྱིར་ཇི་སྲིད་འཚོའི་བར་དུ་ལྷ་མིའི་ཐེག་པ་ལ་འཇུག་སྙམ་དུ་བསམ་དུ་བཅུག་ལ། རྗེས་བཟློས་མཛོད་ཅེས་དང་། སྔར་ཆོས་འབྲེལ་མེད་ན་སྟོན་པའམ། ཡོད་ན་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། ལྷ་མིའི་ཐེག་པ་ལ་གནས་པར་སློབ་དཔོན་གྱིས་བཟུང་དུ་གསོལ་ལོ། །ཞེས་ལན་གསུམ་བྱ། ཡང་ན་ལན་གཉིས་སྟོན་པ། ཐ་མ་སློབ་དཔོན་གྱིས་བཟུང་དུ་གསོལ་ཅེས། ལན་གཅིག་ཐ་མའི་ཚེ་བསླབ་སྡོམ་ཐོབ་པས་སློབ་དཔོན་ཞེས་གོར་བཞུག །སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད་དོ། ༈ །དེ་ནས་བསླབ་པ་བརྗོད་པ་ནི། འདོད་ཁམས་མཐོ་རིས་སུ་སྐྱེ་བ་ལ་མི་དགེ་སྤངས། དགེ་བ་སྤྱད་པས་མཐོ་རིས་ཐོབ་ཅིང་། ཁམས་གོང་མ་གཟུགས་ཁམས་དང་སྲིད་རྩེར་སྐྱེ་བ་ལ་ཚད་མེད་པ་བཞི་དང་། མི་གཡོ་བའི་བསམ་གཏན་གྱི་བསླབ་པ་དགོས་པར་བཤད་པས་གང་མོས་དང་། ཅི་ནུས་དེ་བརྗོད་པས་བསླབ་པ་ཁས་ལེན་པ་ལན་གཅིག་བརྗོད་དེ། བླ་མས་སློབ་མ་ལ་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་ནས། ལྷ་མིའི་གོ་འཕང་ཁྱད་པར་ཅན་ཚེ་རབས་ཀུན་ཏུ་ཐོབ་པར་བྱ། དེའི་ཆེད་དུ་མི་དགེ་བ་ཅི་ནུས་ཀྱིས་སྤངས། དགེ་བ་ཅི་ནུས་ཀྱིས་བསྒྲུབ་སྙམ་དུ་བསམས་ལ། རྗེས་བཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་དྲང་སྲོང་ཆེན་པོའམ། འཕགས་པ་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས། སྔོན་ལྷ་མིའི་ཐེག་པ་ལ་ཞུགས་ཏེ་ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་། ངག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་ལ་སོགས་པ་མི་དགེ་བ་སྤངས་ཏེ། མི་དགེ་བ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཚིག་རྩུབ་མོ་དང་། ངག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལ་སོགས་པ་མི་དགེ་བ་སྤོང་སྟེ། མི་དགེ་བ་ལས་སླར་ལོག་པར་བགྱིའོ། །ཇི་ལྟར་དྲང་སྲོང་ཆེན་པོའམ་འཕགས་པ་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱི་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ཞེས་དང་། ཇི་ལྟར་དྲང་སྲོང་ཆེན་པོའམ། འཕགས་པ་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚད་མེད་པ་དང་། བསམ་གཏན་གྱི་སེམས་བསྒྲུབས་ཏེ་གནས་པ་ལྟར་དུ། བདག་ཀྱང་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ་རྗེས་སུ་བགྱིད་དོ། །ཞེས་བརྗོད། སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བརྗོད། ལོག་ལྟ་ལ་སོགས་ཞེས་པ། སྦྱོར་བ། རྗེས་དང་། དངོས་གཞིའམ་སྲུང་འདོད་ན་མི་དགེ་བཅུ་ཆང་དང་བཅུ་གཅིག་བསྡོམ་པའོ། །ད་ནི་འདོད་ལོག་དང་། ཚངས་གཅོད་ལ་སྡིག་པ་རང་བཞིན་དང་། རང་བཞིན་གྱི་སྟེང་དུ་བཅས་པའི་སྐྱོན་སྤོང་བའི་ཁྱད་ཡོད་པས། དེའི་སྡོམ་པ་ལྷ་མི་ལ་བསྙེན་གནས་འབོག་པ་ནི། སྔར་ཆོས་འབྲེལ་མེད་ན་བཙུན་པའམ་སྟོན་པ། སྔར་ཆོས་འབྲེལ་ཡོད་ན་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆི། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆི། ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆི། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་བསྙེན་གནས་ཡན་ལག་བརྒྱད་པའམ། སྲོག་གཅོད་ལྟ་བུའམ་གང་འོས་པར། བཙུན་པའམ། སྟོན་པའམ། སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་ལན་གསུམ་གྱི་ཐ་མ་ལ་ཅིས་ཀྱང་སློབ་དཔོན་ཞེས་དང་། སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད་པ་མཐུན་ཡང་། དུས་བཟང་བསྙེན་གནས་ལྟར་དུ་ཟླ་བ་བྱུང་ངོ་ཅོག་གི་ཉ་དང་། གནམ་སྟོང་དང་། ཚེས་བརྒྱད་ལ་བསྙེན་གནས་ཡན་ལག་བརྒྱད་པར་སློབ་དཔོན་ཞེས་བྱའོ། །སྡོམ་ལ་གནས་པའི་བཙུན་པ་དང་། སྡོམ་དེ་བསྟོན་པར་ནུས་པའི་སྟོན་པ་དང་། སྡོམ་དེ་བདག་རྒྱུད་ལ་བྱིན་སྐྱེས་ནས་ཐོབ་པས་སློབ་དཔོན་དུ་ཤེས་དགོས་པའོ། །རྒྱལ་པོ་ལྟ་བུ་ནི་བསྙེན་གནས་མཛད་ཀྱང་ཁྲི་སྟན་ཆེ་མཐོ་དང་། རིན་པོ་ཆེའི་རྒྱན་ཕྲེང་དང་། གསེར་དངུལ་ལེན་དགོས་པས་ཡན་ལག་བརྒྱད་དོ། །བཙུན་མོ་ལྟ་བུ་ནི་རིན་པོ་ཆེ་ལེན་པས་ཡན་ལག་དགུའི་བསླབ་པ་བརྗོད་པ་ལན་གཅིག་རྗེས་བཟློས་མཛོད། བསྙེན་གནས་ཡན་ལག་རྩ་བ་དང་རྩ་བའི་ཡན་ལག་ཏུ་ལེན་པ་དང་། ཞག་ཉི་མ་གྲངས་གང་ལེན་ཁ་བསྒྱུར་ཤེས་པར་བྱའོ། །སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་བཟློག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཟླ་བ་བྱུང་ཅོག་གི་ཉ་དང་། གནམ་སྟོང་དང་། ཚེས་བརྒྱད་ལ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་བཟློག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་སླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གིས། མ་བྱིན་པར་ལེན་པ་དང་། མི་ཚངས་བར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲས་བུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རྩེད་འཇོ་དང་། རོལ་མོའི་སྒྲ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་གདན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། ཟླ་བ་བྱུང་ངོ་ཅོག་གི་ཉ་དང་། གནམ་སྟོང་དང་ཚེས་བརྒྱད་ལ་མ་བྱིན་པར་ལེན་པ་དང་། མི་ཚངས་བར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲས་བུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་འགྱུར་བ། བག་མེད་པའི་གནས་དང་། གླུ་གར་དང་། རྩེད་འཇོ་དང་། རོལ་མོའི་སྒྲ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་གདན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པར་བགྱིའོ། །ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། ། སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བརྗོད། ཅེས་གླུ་གར་རྩེད་རོལ་སྤོས་རྒྱན་བསྡོམ་ནས། སྲོག་རྐུན་འཁྲིགས་རྫུན་ཏེ་རྩ་བཞི། ཆང་དྲི་ཕྲེང་བརྒྱན་ཁྲི་ཆེན་དུས་མིན་ཟས་དང་བརྒྱད་ཡིན། ཡན་ལག་དགུའི་སྟེང་ནས་བརྒྱད་པ་ལྟར། རྩ་བ་བུ་གར་བཞུགས་པའི་ཕྱོགས་མ་ཐེ་ཞེས་པ་ཁྲི་སྟན་རྐང་མཐོ་ས་ཁྲུ་གང་ལྷག་ཏུ་མ་ཐེ་བའོ། །མཐོ་བ་ཡན་ལག་བཅུ་པ་ལྟར་ཁྲི་གདན་མཐོན་པོ་དང་། ཁྲི་གདན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ་ཞེས་དང་། ཤ་མར་ལ་དུས་མ་ཡིན་པའི་ཁ་ཟས་དང་གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་ཞེས་པའོ། །ཡང་ཞག་དང་དུས་བཟང་ལ་དེའི་ཚེས་གནམ་སྟོང་ལ་ངོ་བོ་དང་། ཉ་བསུ་སྟོང་སྐྱོལ་ཅེས་ཚེས་བཅུ་དང་ཚེས་གཅིག་དང་བཅུ་བཞི་གཉིས་ཀྱང་ཞར་ལ་འབྱུང་བའོ། །ཡང་བསླབ་པ་བརྗོད་པ་ལ་འདི་སྐད་དུ། གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གི་སླབ་པ་ལ་རྗེས་སུ་སློབ་ཅེས་པ་ལ་འདུ་བར་མཛད་པའོ། །འོན་ཀྱང་ཡིད་ཀྱི་དམ་བཅའ་དང་། སློབ་དཔོན་གྱིས་བཀའ་གནང་བ་དང་ཁས་ལེན་པའི་ཚིག་ལ་དོན་ངེས་པར་བཀྲོལ་བར་བྱའོ། །ཟ་གཅིག་པར་བྱེད་ནའང་དུས་མ་ཡིན་པའི་ཁ་ཟས་སྤོང་པ་ལ་འདུ་བའོ། །སྒོས་སུ་བསླབ་པ་བརྗོད་པ་ལ། ཟ་གཅིག་པ་ལ་གནས་ནས། ཡང་ནས་ཡང་དུ་ཟ་བ་སྤངས་ཏེ། ཡང་ནས་ཡང་དུ་ཟ་བ་ལས་སླར་ལོག་པར་བགྱིའོ། །བདག་འཕགས་པ་ཞེས་པ་སོགས་མཐུན། དུས་གསུམ་ལྔ་གང་སྲུང་བ་འདིའི་སྐབས་སྦྱར་ཏེ། གནམ་སྟོང་གི་ལྷ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའོ། །གནམ་སྟོང་སྲུངས་བས་བསྐལ་བ་སྟོང་གི་བར་དུ་མུ་གེའི་བསྐལ་པ་ལས་ཐར་རོ། །ཉའི་ལྷ་སངས་རྒྱས་སྣང་བ་མཐའ་ཡས་ཡིན་ནོ། །ཉ་སྲུངས་བས་བསྐལ་བ་ཁྲིའི་བར་དུ་ནད་ཀྱི་བསྐལ་བ་ལས་ཐར་རོ། །ཚེས་བརྒྱད་ཀྱི་ལྷ་ནི་སངས་རྒྱས་སྨན་གྱི་ལྷ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཡིན་ནོ། །ཚེས་བརྒྱད་སྲུངས་པས་བསྐལ་བ་ཉི་ཁྲིའི་བར་དུ་མཚོན་གྱི་བསྐལ་བ་ལས་ཐར་ནས་འཕྲུལ་དགའི་གནས་སུ་སྐྱེའོ། །གནམ་སྟོང་གི་ཉུ་ལེ་མ་ལྷ་ཚངས་པ་ཡིན་ནོ། །གནམ་གང་གི་སྙིང་པོ། ཏད་ཡ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཉའི་ཉུ་ལེ་མ་ཚངས་པ་ཀུན་གྲོལ་ཡིན་ནོ། །ཉའི་སྙིང་པོ། ༀ་པདྨ་དྷ་རི་ཧཱུྃ། ཚེས་བརྒྱད་ཀྱི་ཉུ་ལེ་མ་རྒྱལ་བུ་ཐེའུ་ཚེ་ཡིན་ནོ། །བརྒྱད་ཀྱི་སྙིང་པོ། ༀ་བི་ཤད་ཚེ་བི་ཤད་ཚེ། མ་ཧཱ་བི་ཤད་ཚེ་ས་མུད་ག་ཏེ་སྭཱ་ཧཱ། ཡང་དུས་བཟངས་ལྔ་ནི། ཚེས་གཅིག་སངས་རྒྱས་རྒྱལ་བ་ཏིང་ངེ་འཛིན་གྱི་རྒྱལ་པོ་ནི། ངན་སོང་སྦྱོང་བའི་རྒྱལ་པོ་དང་། སྟེང་གི་ཕྱོགས་ནས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་དང་། སངས་རྒྱས་རྣམ་པར་སྣང་མཛད་དང་གསུམ་གཅིག་པར་ཅིང་། སྙིང་པོ་ནི། ༀ་ན་མོ་བྷ་ག་བ་ཏེ། སརྦ་དུརྒ་ཏེ་པ་རི་ཤོ་དྷ་ཡ། ར་ཙ་ཡཱ་ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་སམྱཀ་སྂ་བྷུདྷ་ཡཱ། ཏད་ཡ་ཐཱ། ༀ་ཤོ་དྷ་ནི་བི་ཤོ་དྷ་ནི། བི་ཤྭོ་དྷ་ནི་བི་ཤྭོ་དྷ་ནི། སརྦ་པ་པྂ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨ་བ་ར་ན་བི་ཤྭོ་དྷ་ན་ཡེ་སྭཱ་ཧཱ། ཞེས་ངན་སོང་སྦྱོང་བརྒྱུད་རྟག་པ་ལས་བཤད་པའོ། །འོན་ཀྱང་སྙིང་པོ་མུ་ནེ་ལ་བསྡུད། གཅིག་དང་བརྒྱད་དང་བཅུ་དང་བཅོ་ལྔ་དང་ཉེར་གཉིས་དང་གནམ་སྟོང་སྟེ་དུས་དྲུག་གོ། །ཚེས་བཅུ་ལ་སངས་རྒྱས་མི་འཁྲུགས་པའི་སྙིང་པོ། ན་མོ་རད་ན་ཏྲ་ཡ་ཡ། ༀ་ཀྂ་ཀ་ནི་ཀྂ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲ་ཊ་ནི་ཏྲ་ཊ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན། པྲ་ཏི་ཧ་ན། སརྦ་ཀརྨ་པ་རྂ་པ་རྃ་ནི་མེ་ཡེ་སྭཱ་ཧཱ། ཞེས་དང་། འཁོར་སངས་རྒྱས་སྟོང་ཡང་སྙིང་པོ་མུ་ནེ་ལ་བསྡུད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་བཅོམ་ལྡན་འདས་ལ་ཞུས་པའི་མདོ་ལས། སེམས་ཅན་སྐྱེ་བོ་རྣམས་ཀྱིས་དུས་དྲུག་དང་། དུས་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ནས་བརྗོད་ཅིང་། ཕྱག་འཚལ་ནས་ཟ་གཅིག་པ་ཐུབ་ན། ཇི་ཙམ་བྱང་བ་དང་ངན་སོང་གང་ལས་ཐར་བའི་ཡོན་ཏན་ནི། ཟླ་བ་འཁོར་གཅིག་གི་ཚེས་གཅིག་ལ་ལྷའི་བུ་གཞོན་ནུ་ཉིད་ཉུལ་དུ་འོང་སྟེ། འཇིག་རྟེན་མི་རྣམས་དགེ་སྡིག་ཅི་བྱེད་པ་ཉུལ་ལོ། །དེའི་ཉི་མ་ལ་རྒྱལ་བའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། བསྐལ་པ་བཞི་བཅུའི་སྡིག་པ་བྱང་ཞིང་། མཚོན་རལ་གྲི་དང་མདུང་ཐུང་གི་བསྐལ་པ་ནས་ཐར་བར་འགྱུར་རོ། །ཚེས་བརྒྱད་ལ་རྒྱལ་བུ་ཐེའུ་ཉིད་ཉུལ་དུ་མཆིས་ཏེ། དེའི་ཉི་མ་ལ། སངས་རྒྱས་སྨན་གྱི་ལྷ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་ཏེ་ཟ་གཅིག་པ་ཐུབ་ན། བསྐལ་པ་སུམ་ཅུའི་སྡིག་པ་ལས་ཐར་ཅིང་། གསོད་ཅིང་བརྡུང་བའི་དུ་ཁཿལས་ཐར་བར་འགྱུར་རོ། །ཚེས་བཅུ་ལ་གཤིན་རྗེའི་འཁོར་ན་གནས་པའི་ཚེ། རྟོག་པའི་དབང་པོ་ཚད་མེད་ཅེས་བྱ་བ་ཉུལ་དུ་མཆིས་ཏེ། དེའི་ཉི་མ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་མཚན་ནས་བརྗོད་ཅིང་ཕྱག་འཚལ་ནས་ཟ་གཅིག་པ་ཐུབ་ན། བསྐལ་པ་སྟོང་གི་སྡིག་པ་བྱང་ཞིང་། ཆུ་ཚན་ཁོལ་མའི་ངན་སོང་ལས་ཐར་བར་འགྱུར་རོ། །ཚེས་བཅོ་ལྔ་པ་གཤིན་རྗེའི་འཁོར་ན་ལམ་བརྒྱུད་ལྔ་ལ་དབང་བྱེད་པའི་དེད་དཔོན། ཚངས་པ་ཀུན་གྲོལ་ཉུལ་དུ་མཆིས་ཏེ། དེའི་ཉི་མ་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་འཚལ་ནས་ཟ་ག ཅིག་པ་ཐུབ་ན། བསྐལ་པ་ཉིས་བརྒྱའི་སྡིག་པ་བྱང་ཞིང་ཤིན་ཏུ་གྲང་བའི་དམྱལ་བ་ལས་ཐར་བར་འགྱུར་རོ། །གནམ་སྟོང་ལ་ལྷའི་དབང་པོ་ཚངས་པ་ཉུལ་མཆིས་ཏེ། དེའི་ཉི་མ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། བསྐལ་པ་བརྒྱ་སྟོང་གི་སྡིག་པ་བྱང་ཞིང་། མེ་མ་མུར་གྱི་ངན་སོང་ལས་ཐར་བར་འགྱུར་རོ། །སྐྱ་རེངས་ཤར་ནས་ཕྱེད་ཀྱི་བར། དེའི་བར་དུ་ཟོས་པ་དག །བསྐལ་པའི་དུས་སུ་ཟོས་པ་ཡིན། གདུགས་ཚོད་བཟའ་བའི་དུས་བསྟན་པའོ། །ཁྲིམས་ཡིག་ཨཐྎ།
ལྷ་མིའི་ཐེག་པའི་ལམ་འདེགས་པའོ། །གང་ལ་ཡིད་ཀྱིས་ཕྱག་བྱས་པ། །དེ་ནི་ཕྱག་བྱས་དང་པོ་ཡིན། །ཞེས་མཚན་དྲན་པས་མོས་པའོ། །མཚན་བརྗོ་ད ངག་གི་ཕྱག་འཚལ་བས་ཕྱག་ཏུ་བཤད་པ། མདོ་སྡེ་ལས། སངས་རྒྱས་ལ་འཚལ་ལོ། །ཞེས་བརྗོད་ན་དེ་དག་ཐམས་ཅད་རིམ་གྱི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །ཞེས་སོ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་ལེགས་པར་འཚལ་བའི་ཕན་ཡོན་ལུང་ལས། དེའི་ལུས་ཀྱིས་ཇི་ཙམ་ནོན་པའི་ས་དེའི་རྡུལ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པའི་བར་གྱི་རྡུལ་ཕྲན་གྱི་གྲངས་དང་མཉམ་པའི་སྟེང་འཁོར་ལོ་བསྒྱུར་བ་ཐོབ་ཅིང་མཐར་བྱང་ཆུབ་ཐོབ་པར་ལུང་བསྟན། སངས་རྒྱས་ཀྱི་དབུ་སྐྲ་དང་། སེན་མོ་བཞུགས་པའི་མཆོད་རྟེན་ལ་དགེ་ཚུལ་གྱིས་ཕྱག་འཚལ་བས། ཀུན་དགའ་བོ་ལ་བཀའ་སྩལ་པའོ། །ལྷའི་བུ་གཞོན་ནུ་ནི་གཤིན་རྗེ་གདོང་དྲུག་པའོ། །སངས་རྒྱས་ཀྱི་དུས་མཆོད་ཆེན་པོ་བཞི། པཎ་ཆེན་ཤཱཀྱ་ཤྲིས་གསུངས་པའང་དེ་ལ་ཚང་སྟེ། རྟ་ཟླ་དང་པོའི་ཚེས་གཅིག་ནས། བཅོ་ལྔ་ཆོ་འཕྲུལ་ཆེན་པོ་བསྟན། །མདོ་སྡེ་འཛངས་བླུན་གཉན་ཡོད་དར། །དེ་ནས་དགུ་བཅུ་ས་གའི་ཉ། །འདུལ་བ་དུས་འཁོར་རྡོ་རྗེ་གདན། །མངོན་པར་སངས་རྒྱས་ཞག་གཅིག་ནས། །ཞེ་དགུ་འདས་རྗེས་ཆོས་འཁོར་བསྐོར། །ཟླ་གྲངས་བཞི་དང་དྲུག་པའི་སྟོད། །རྒྱ་ཆེ་རོལ་པའི་དུས་མཆོད་ནི། །བ་ར་ན་སེར་ཚེས་བཞི་དར། །ཚེས་ལྔ་ནས་བཟུང་སླར་ཞག་བརྒྱ། །སངས་རྒྱས་ལྷ་ཡུལ་དབྱར་གནས་གྲོལ། །ཟླ་དགུའི་ཉ་ལ་མུ་སྟེགས་ཀྱི། །སྟོན་པ་དྲུག་བཏུལ་སངས་རྒྱས་ཀྱི། །ཆོ་འཕྲུལ་ཆུང་བ་ཡངས་པ་ཆེ། །གཞན་ཡང་སངས་རྒྱས་ཟླ་བཅུ་གཉིས། །རྒྱལ་ཉ་འཁྲུངས་ཤིང་ཆོས་ལ་གཤེགས། །རྒྱལ་པོར་དབང་བསྐུར་དུས་བཟང་མཛད། །ཉེར་གཉིས་ཡུམ་ཆེན་ལྷ་ཡུལ་གཤེགས། །ཚེས་བརྒྱད་རྒྱལ་བས་མྱང་འདས་གསུངས། །ཟླ་གསུམ་ནག་ཉ་དབང་སྦྱིན་མཛད། །དུས་མཆོད་དམ་བཅས་སྡིག་དག་ཚུལ། །བླ་མའི་དམ་ཚིག་ཉམས་པ་དང་། །བྱང་ཆུབ་སེམས་ལ་ངན་སེམས་བསྐྱེད། །རྙེད་ཕྱིར་ཆོས་འདྲ་སྟོན་པ་དང་། །སྡིག་ལ་སྦྱོར་དང་དགེ་འདུན་གྱི། །ཡོ་བྱད་རྐུས་དང་རྩ་ལྟུང་བྱུང་། །དཀོན་མཆོག་སྤོང་དང་མཚམས་མེད་བྱས། །སྟན་ལ་ཞུགས་ནས་རྩོད་པ་བྱེད། །མཛའ་བཤེས་བཅུགས་དང་བཅུ་པོ་ནི། །དམྱལ་བར་སྐྱེ་བར་གསུངས་པ་ལས། །མྱུར་དུ་ཟད་ནས་ཀུན་མཁྱེན་ཐོབ། །དུས་འདིར་འཆི་བ་སླུ་བ་དང་། །མི་མཐུན་བསྡུམ་དང་མཆོད་རྟེན་བཞེངས། །རྙིང་པ་གསོ་དང་ཡིད་རང་པས། །བསོད་ནམས་དཔག་མེད་ཐོབ་པར་འགྱུར། །ཅེས་དང་། དུས་ཆེན་བཞི་དང་ཐ་མལ་བའི། །ཁྱད་པར་སིལ་བུ་མྱང་འདས་ལས། །ས་ཡ་ཕྲག་བརྒྱའི་འགྱུར་དུ་གསུངས། །ཞེས་དང་། ཟས་སྐོམ་རིན་ཆེན་སྨན་སོགས་ཀྱིས། །མཆོད་ན་སྐྱེ་བ་ཐམས་ཅད་དུ། །གནས་དང་ལོངས་སྤྱོད་གྲོགས་ལ་སོགས། །དེ་དག་མཆོག་ཏུ་གྱུར་པ་ཐོབ། །ལྷ་ཡིས་སྲུངས་དང་བར་ཆད་མེད། །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་ལྡན། །སྙིང་རྗེས་གཞན་གྱི་དབུགས་འབྱིན་ཅིང་། །ནད་མེད་འདོད་པ་ཆུང་བ་དང་། །གཞན་གྱིས་བསྐུར་བའི་འོས་སུ་འགྱུར། །འཚོ་བ་རྣམ་པར་དག་པ་དང་། །དམ་ཚིག་ཉམས་པ་འབྱང་བར་བྱེད། །དགེ་འདུན་བྱང་ཆུབ་སེམས་དཔའ་དང་། །གཤིན་རྗེ་རྣམས་ཀྱི་བརྒྱན་དུ་འགྱུར། །གནོད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །ཤི་འཕོས་གསུམ་ལ་སྐྱབས་སུ་འགྲོ། །ཚེ་རབས་ཀུན་ཏུ་དཔལ་འབྱོར་ལུས། །ཐོབ་ནས་རབ་ཏུ་འབྱུང་བ་དང་། །དགེ་བའི་བཤེས་གཉེན་བརྟེན་བྱེད་ཅིང་། །བསླབ་པ་གསུམ་དང་འབྲལ་མི་འགྱུར། །ཅེས་དང་། དུས་བཟངས་གཞན་ཡང་བསྟན་པ་ནི། །བླ་མ་དང་ནི་མཛའ་བཤེས་དང་། །བྱང་ཆུབ་སེམས་དཔའ་འགྲོངས་པའི་དུས། །ཉི་ཟླ་སྒྲ་གཅན་གདོན་གྱིས་ཟིན། །མུ་གེ་སྡེ་རྩོད་ནད་ཡམས་འབྱུང་། །དུས་ཆེན་བཞི་དང་བཅུ་གཉིས་ལ། །ཞེས་སོ། །ལྷ་མིའི་དགེ་བ་སྟོབས་ཅན་ལ་སོགས། ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་ཞེས་སྲོག་སྡོམ་ལའང་སྡོམ་པ་ཀུན་ཚང་པས། སྲོག་གཅོད་སྡོམ་རྐྱང་དང་། བསྙེན་གནས་ཀྱི་སྡོམ་པའམ། བསླབ་པ་རིན་པོ་ཆེ་འདི་སངས་རྒྱས་བཞུགས་དུས་ནིའང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་དྲུང་དུ་ལེན་པ་མང་ཞིང་། ཁྱིམ་བདག་དེས་ཀྱང་དེའི་ཉིན་གྱི་འཚོ་བ་བྱིན་སྐད། ཤ་རིའི་བུ་སོགས་དགྲ་བཅོམ་དང་། དགེ་སློང་ཕལ་པ་ལའང་མོས་ཕྱོགས་ཀྱིས་ལེན་པ་དང་། མདོ་མངས་ལས། ཀླུའི་རྒྱལ་པོས་བསྙེན་གནས་ཀྱི་དཔེ་ལ་བརྟེན་ནས་བླངས་པས་ལྷའི་རྒྱལ་པོ་ཐོབ་པ་དང་། རྟེན་དཀོན་མཆོག་དྲུང་དུ་བླངས་ནས་སྲུངས་པས་ཕན་བདེ་ཐོབ་པ་དང་། རྟེན་མེད་ཀྱང་དཀོན་མཆོག་དྲུང་དུ་མོས་གུས་བྱས་ནས་བླངས་ཅིང་སྲུངས་པས་ཐོབ་སྟེ། དེ་ཉིད་ཀྱི་དགེ་རྩ་ཆེར་འཕེལ་ནས་སངས་རྒྱས་ཐོབ་པར་གསུངས་ཏེ། གང་བྱེད་ཀྱང་དཀོན་མཆོག་ལ་དད་པ་གལ་ཆེ་བ་དང་། ངན་སོང་ལས་ཐར་བའི་ངེས་འབྱུང་ནི། དུད་འགྲོ་གནས་དང་ཁ་འཐོར་ལྟར་དུད་འགྲོ་ཡི་དྭགས་དམྱལ་བ་ལས་ཐར་བ་དེ་འདོད་པ་གལ་ཆེ་བས་དེ་ཡོད་པའི་ཕན་ཡོན་ལུང་ལས། གཅིག་དང་བརྒྱད་དང་བཅོ་ལྔ་ལ། །བསྙེན་གནས་ཡན་ལག་བརྒྱད་སྲུངས་ན། །ང་ཅི་འདྲ་བ་དེ་འདྲར་འགྱུར། །ཅེས་ཏེ། ང་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ནི་མཐར་ཐུག་ཡིན་ལ། དེ་མ་ཐོབ་བར་དུའང་དུས་བཟངས་ལ། དམྱལ་བར་སྐྱེས་པས་ཀྱང་ལྷས་མཆོད་པ་དང་ལྷའི་བདེ་བ་ཚེ་རབས་དུ་མར་ཐོབ་པར་གསུངས། གཞན་ཡང་སྦྱོར་བ་ཞེས་སྲོག་གཅོད་པ་ལ་གནོད་སེམས་ལྟ་བུ་དང་། དངོས་གཞི་ཞེས་མི་གསད་པར་བསམས་པ་དེ་མཚོན་དུག་ངན་སྔགས་ལྟ་བུས་གསད་པ་དང་། རྗེས་ཞེས་གསོད་པར་བསམས་པ་དེ་རྐྱེན་དེས་ཤི་བ་ལྟ་བུ་དང་། གསུམ་ཚང་བའི་སྲོག་གཅོད་དང་། དངོས་གཞི་མི་བསད་པར་བསམས་ཀྱང་། ཕྱུགས་ཤི་བ་ལྟ་བུ་སྲོག་གཅོད་རྩ་བ་ཡི་ལྟུང་བ་ན་སྨད་ཅིང་ཡན་ལག་ཏུ་རྟོགས་ཏེ། མི་ལ་བརྟེན་པ་སོགས་སྲོག་གཅོད་ཀྱི་ཆ་ལ་རྟོགས་པ་དང་། སྲོག་ཙམ་ལ་སྙིང་བརྩེ་བས་སྲོག་མི་གཅོད་པ་ནི། སྲོག་ཆགས་མཐའ་ཡས་ལས་སྲོག་སྡོམ་ཡང་མཐའ་ཡས་པ་དང་། སྲོག་བྱིན་གྱི་དགེ་བ་ཚད་མེད་པ་དང་། སྤྱིར་སྲོག་མི་གཅོད་ཀྱང་སྒོས་དགྲ་ལ་སྙིང་ན་བ་ནི། དུང་སྲིན་ཅན་ལྟར་སྲོག་སྡོམ་སྐྱོན་ཅན་དང་། རྩ་བའི་སྐྱོན་བྱུང་ན་བསྙེན་གནས་ཀྱི་སྡོམ་པ་བསྐྱར་ཏེ་བླང་། སྐྱོན་གྱི་ཉེས་པ་བཤགས་ཅིང་དགེ་སངས་རྒྱས་སུ་སྔོ་བ་དང་། ཡན་ལག་ཉེས་པ་ནི་རང་གིས་བཤགས་ནས་དག་པས་བསྐྱར་ལེན་མི་དགོས་པས། འདི་ཡོད་སྨྲ་བའི་སྡེ་པ་ལྟར་བོད་དུ། སྲོག་རྐུན་རྫུན་འཁྲིག་རྩ་བའི་ཡན་ལག་མཆོག་མགོ་ལྟ་བུར་བཤད་པ་དང་། གཞན་ཡན་ལག་རྐང་ལག་ལྟ་བུ་ཆད་ཀྱང་མི་འཆི་བ་ལྟར་དུ་བཤད། སྡེ་པ་གཞན་ཆང་རྩ་བ་དང་འཁྲིག་ཡན་ལག་ཏུ་བྱེད་པ་ལྟར་དེའི་སྐབས་ཤེས་པར་བྱའོ། །ལྷ་མིའི་སྐབས་རྫོགས་སོ།། །།
ན་མོ་གུ་རུ། ད་ནི་ཉན་ཐོས་བ སླབ་སྡོམ་ལེན་དགོས་ཚེ། །སངས་རྒྱས་མ་བྱོན་ཆོས་དང་ཉན་ཐོས་མེད། །རང་རྒྱལ་ལྷ་མིའི་ཐེག་པས་བདེ་འགྲོ་ཡོད། །དེ་ཕྱིར་དྲང་སྲོང་རྗེས་འབྲང་བསླབ་སྡོམ་ནི། །ལྷ་མིའི་ཐེག་པར་བཤད་ཀྱང་ཁམས་གསུམ་འཁོར། །སངས་རྒྱས་བྱོན་ནས་ཆོས་བསྟན་ཉན་ཐོས་ཀྱི། །བསླབ་སྡོམ་མ་ཐོབ་རང་རྒྱལ་འཕགས་པ་མེད། །ལྷ་མིའི་བདེ་འགྲོ་ཐོབ་ཀྱང་འཁོར་བར་འཁྱམས། །དགེ་བ་ཟག་བཅས་ཉོན་མོངས་ལས་སྐྱོན་གྱིས། །བསམ་གཏན་ཚད་མེད་སྐྱོན་འདྲེས་ཐོབ་སྤྱད་ཀྱང་། །ལུང་ལས། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ཀྱང་། །ས་སྟེང་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །འཁོར་ལོ་བསྒྱུར་བ་ཉིད་དུ་གྱུར་ན་ཡང་། །ས་སྟེང་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཅེས་ཏེ། མཆོད་འོས་ཚངས་དང་སྲིད་རྩེ་འདོད། །ལྷ་མིའི་ཐེག་པས་ངན་འགྲོ་ལས་ཐར་ཀྱང་། །བརྟན་པ་མ་ཐོབ་དབང་མེད་སླར་ངན་འགྲོ། །མངོན་ཤེས་རྫུ་འཕྲུལ་ཐོབ་ཀྱང་ཉམས་ན་སྐྱོར། །ཉན་ཐོས་བསླབ་སྡོམ་བདེ་འགྲོ་ངན་འགྲོ་གཉིས། །རེ་མོས་འཁོར་བའི་མཐའ་ལས་ངེས་འབྱུང་བློས། །འཁོར་བའི་འདམ་ལས་སོ་སོར་ཐར་པ་ནི། །རིགས་བདུན་དགེ་སློང་ཕ་མ་དགེ་སློང་མ། །དགེ་ཚུལ་ཕ་མ་དགེ་བསྙེན་ཕ་མའོ། །དགེ་སློང་མའང་ཕ་ལྟར་འཇུག་པ་དང་། །དགེ་སློང་མ་ཡིས་འཇུག་པ་རྒྱ་ཆེའོ། །ལྷ་མིས་དཀོན་མཆོག་གྲལ་དུ་མ་སླེབ་ཀྱང་། །ཉན་ཐོས་དགེ་བསྙེན་དཀོན་མཆོག་གྲལ་དུ་སླེབ། །སངས་རྒྱས་ཞབས་འབྲིང་འཁོར་བཞི་དགེ་སློང་དང་། །དགེ་བསྙེན་ཕ་མའོ་དགེ་ཚུལ་དགེ་སློང་མ། །དགེ་བསྙེན་ལ་བསྡོམ་གནམ་སྦྱར་མ་གསུངས་སྐད། །དཀོན་མཆོག་གསུམ་སྒྲ་མི་གྲག་གྱུར་སྲིད་ནའང་། །དེ་དག་སངས་རྒྱས་ཉིད་ཀྱིས་དུས་བབ་མཁྱེན་བརྩེས་མཛད། །སངས་རྒྱས་མྱ་ངན་མི་འདའ་ཆོས་མི་ནུབ། །རྒྱལ་དང་རྒྱལ་སྲས་ཚུལ་གྱིས་ཀུན་རྟག་སྐྱོང་། །དགེ་བསྙེན་དང་པོ་སྐྱབས་འགྲོའི་ཉན་ཐོས་ནི། །འཕགས་པ་རྒྱུན་ཞུགས་ཁྱིམ་པ་དུ་མའང་བཤད། །བསྡུད་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་བསྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པས་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་ཏེ། ཉན་ཐོས་འཕགས་ལ་སྨོན་པའི་དགེ་འདུན་བཤད། །མདོ་མྱང་འདས་ལས། དགྲ་བཅོམ་ཐོབ་ན་ཉེས་རྩ་བཞི་ཆོམས་བཤད། །གང་དུ་སྐྱེས་ཀྱང་ཇི་སྲིད་འཚོ་བར་དུ། །རྒྱལ་དང་རྒྱལ་ཆོས་དགེ་འདུན་སྐྱབས་གསོལ་བས། །སྐྱབས་དེས་ཀུན་ཏུ་བསྐྱོབས་ཤིང་སྲུང་བ་ཡིས། །སྲོག་གཅོད་རྐུན་རྫུན་འདོད་ལོག་མི་ཚངས་པའི། །སྤྱོད་པ་ལུས་ཀྱི་བྱེད་པ་མི་རྫོགས་ཏེ། །སོ་ཐར་རིགས་བདུན་སྦྱོར་བྱེད་བསམ་པ་ནི། །ཉོན་མོངས་ཆགས་སྡང་རྨོངས་གསུམ་དགྲ་བཅོམ་པས། །ཁྲིམས་ཀུན་ཉེས་བྱེད་ན་སྨད་སེམས་དུལ་བས། །འཕགས་ཕྱིར་ཉན་ཐོས་འཁོར་བའི་བྲན་ལས་ཐར། །ཉན་ཐོས་ཐོབ་ཀྱང་འཕགས་གནས་མ་ཐོབ་ན། །རང་རྒྱལ་ཐོབ་འཕགས་བསེ་རུ་ནེ་ཙོས་ཐར། །ལུང་ལས། ངའི་ཉན་ཐོས་ཚུལ་ཁྲིམས་ཞིག་གྱུར་ཀྱང་། །སྐྱེ་བོ་ཕལ་པ་རྣམས་ཀྱི་དོ་མ་ཡིན། །མེ་ཏོག་ཙམ་པ་ཀ་ནི་རྙིང་གྱུར་ཀྱང་། །མེ་ཏོག་ཕལ་པ་རྣམས་ཀྱི་དོ་མ་ཡིན། །ཞེས་པ་མདོ་མངས་དཀོན་མཆོག་ཐོས་གྲོལ་བཤད། མདོ་སྡེ་དྲིན་ལན་བསབ་པའི་ལེའུ་ལས། །བསླབ་པ་ཇི་སྲིད་འཚོ་བར་བསླབ་བཤད་པ། །ལྷ་མིའི་བསྙེན་གནས་ཞག་དུས་ལས་ལྷག་པར། །ཉན་ཐོས་གཙོར་བསྟན་འཆི་ཁར་ཆོས་ལྡན་པ། །ཉེས་བཤགས་སྡོམ་བཟུང་སྨོན་ལམ་དབང་ཐོབ་པས། །ཚེ་འདིའམ་བར་དོ་ཕྱི་མ་ལ། །ལྷ་མིས་མཐོ་རིས་ཐོབ་ལྟར་ཉན་ཐོས་འཕགས་ཐོབ་བཤད། །ལྷ་མི་སངས་རྒྱས་ཚབ་ཀྱི་མཁན་པོ་ལ། །མ་བརྟེན་ནའང་རང་གི་འབྲས་བུ་ཐོབ་བྱེད་ཅིང་། །ཉན་ཐོས་སངས་རྒྱས་ཚབ་ཀྱི་མཁན་པོ་དང་། །གནས་ཀྱི་བླ་མ་སློབ་དཔོན་རྒན་བརྟེན་བཤད། །དེ་ཕྱིར་ཉན་ཐོས་དགེ་བསྙེན་བསླབ་སྡོམ་ལ། །མཁན་པོར་གསོལ་འདེབས་བྱེད་ལུགས་མི་བྱེད་ལུགས། །འཇིགས་སྐྱོབས་ལེགས་སྨོན་མཁན་གསོལ་མི་དགོས་ཀྱང་། །འཁོར་བ་ལས་ཐར་ངེས་འབྱུང་མཁན་གསོལ་དགོས། །ངན་འགྲོའི་འཇིགས་སྐྱོབ་མཐོ་རིས་ལེགས་ཐོབ་སྨོན། །སློབ་དཔོན་ཁྱིམ་པས་དགེ་བསྙེན་དབོག་ཐོབ་ཀྱང་། །ངེས་འབྱུང་དགེ་ཚུལ་དགེ་སློང་ཐོབ་བྱེད་ལ། །བཙུན་པ་མཁན་པོ་བསྙེན་རྫོགས་ངེས་པར་དགོས། །འདིར་ངེས་འབྱུང་གི་དབང་དུ། དགེ་བསྙེན། དགེ་ཚུལ། དགེ་སློང་གང་བྱེད་ཀྱང་། བདག་འཕགས་པ་གོ་འཕང་ལ་དགོད་པའི་མཁན་པོ་འོས་པ་ལ་ཞུ་བའི་འདུན་པས། ཉན་ཐོས་ཀྱི་དགེ་བསྙེན་དང་དགེ་ཚུལ་དགེ་སློང་དུ་བྱ་བ་ནི། སྔར་ཆོས་འབྲེལ་མེད་ན་བཙུན་པ། ཡོད་ན་སློབ་དཔོན་ཞེས་བརྗོད། སློབ་དཔོན་དགོངས་སུ་གསོལ་བདག་མིང་འདི་ཞེས་བགྱི་བ། སློབ་དཔོན་ལ་མཁན་པོར་གསོལ་གྱིས། སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་རབ་ཏུ་དབྱུང་དུ་གསོལ། ཅེས་ལན་གཉིས་ཀྱི་ཐ་མ། གསུམ་པའི་གཤམ་དུ་མཁན་པོ་མཁན་པོས་བདག་རབ་ཏུ་དབྱུང་དུ་གསོལ། ཅེས་པའི་ཐ་མ་ལ་མཁན་པོར་ཤེས་དགོས་པའོ། །སྔོན་ཡིག་ལས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཀྱི་སྒོར་འཇུག་པ་ལ། ཐོག་མར་དགེ་བསྙེན་གྱི་སྡོམ་པ་དབོག་སྟེ། རྟེན་བཀྲམ། མཆོད་པ་བཤམ། ཕྱག་འཚལ། ཙོག་པུར་འདུག་ལ། སློབ་དཔོན་གྱིས་མཆོད་པ་ཕུལ་གདམས་ངག་བཤད་པ། འཁོར་བ་ལས་ཡིད་ཕྱུང་། མྱ་ངན་ལས་འདས་པའི་བསམ་པ་ཁྱད་པར་ཅན་བརྟན་པོ་བསྐྱེད་ཅིང་། དེ་སྐྱེས་པ་དང་། བླ་མས་སློབ་བུ་ལ། འཁོར་བའི་སྡུག་བསྔལ་མཐའ་དག་ལས་གྲོལ་ནས། ཞི་བ་མྱ་ངན་ལས་འདས་པའམ། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ཡོངས་རྫོགས་སམ། ཚངས་པ་མཚུངས་པར་སྤྱོད་པའམ། གནས་ལྔའམ། རྩ་བཞིའམ། གནས་གཅིག་དང་། སྐྱབས་འགྲོའི་བསླབ་པ་གང་ལེན་པ་དེའི་ངེས་པ་བཟུང་སྟེ། སྤྱོད་འཇུག་ཏུ། ཆུང་ངུའི་ཆེད་དུ་ཆེ་མི་གཏང་། །གོང་ནས་གང་དུ་ཁྱད་ཞུགས་སྤྱད། །ཅེས་པས། ཉན་ཐོས་སྐབས་ཡིན་ཀྱང་སངས་རྒྱས་ཐོབ་འདོད་དང་། སེམས་ཅན་ཀུན་ལ་ཕན་ཆེད་དུ་དང་། ལྕོགས་ན་ཟབ་རྒྱས་སླབ་གསུང་། གཞན་ཡང་ལྷ་ཡིས་དཀོན་མཆོག་སྒྲ་སྒྲོགས་ཏེ། ཉན་ཐོས་སྟོན་པ་སངས་རྒྱས་དཀོན་མཆོག་ནི། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བྱང་ཆུབ་འདི་བརྙེས་ཆེ་ལ་ཕྱག་འཚལ་ལོ། །ཞེས། སངས་རྒྱས་དང་ཉི་མའི་འོད་ཟེར་དག་གིས་པད་མོའི་ཚལ་འབྱེད་ལྟར། གསུང་གི་འོད་ཟེར་དག་གིས་འཇིག་རྟེན་སད་པར་མཛད། སྟོན་པ་ཤཱཀྱ་ཐུབ་པ་སྒྲོལ་མ་ཐུགས་རྗེ་ཅན། མྱ་ངན་འདས་སྟོན་གང་ཡིན་ལ་ཕྱག་འཚལ། །ཅེས་ཏེ། སངས་རྒྱས་ཀྱི་ཆོས་དང་ཆོས་ཀྱིས་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་དེ་ཁོ་ན་ཉིད་ནི་མྱ་ངན་ལས་འདས་པའོ། །སྟོན་པ་བསྟན་པ་བསླབ་དོན་གྱིས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་སློབ་པ་དགེ་འདུན་བཤད། གང་ལེན་པའི་དགེ་བསྙེན་གྱི་བསླབ་པའམ། སྡོམ་པ་བླངས་མིང་གང་འོས་བཏགས་ལ། ཇི་སྲིད་འཚོའི་བར་དུ་ཐང་ལྷོད་མེད་པར། བསྲུང་སྙན་དུ་བསམས་ལ། རྗེས་བཟློས་མཛོད་ཅིག །བཙུན་པའམ། སློབ་དཔོན་ནམ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། དགེ་བསྙེན་དུ་བཙུན་པའམ། མཁན་པོའམ། སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་ལན་གསུམ་གྱི་ཐ་མ་ལ་བཙུན་པ་མི་ཟེར་མཁན་པོའམ་སློབ་དཔོན་ཟེར། སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བརྗོད། བསླབ་པ་བརྗོད་པའི་རྗེས་བཟློས་ཁས་ལེན་ལྷ་མི་དང་སྤྱིར་འདྲ་བ་ལས། དྲང་སྲོང་ཆེན་པོ་མི་གསུང་བར་འཕགས་པ་དགྲ་བཅོམ་པ་གསུང་། འོན་ཀྱང་སྔོན་གྱི་ཡི་གེ་ལས། ཚངས་པར་སྤྱོད་པ་དགེ་བསྙེན་གྱི་བསླབ་པ་བརྗོད་པ་ནི། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་བཟློག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་བཟློག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲས་བུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་སྤངས་ཏེ། བག་མེད་པའི་གནས་ལས་སླར་བཟློག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས། ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲས་བུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་འགྱུར་བ་བག་མེད་པའི་གནས་པ་སྤངས་ཏེ། བག་མེད་པའི་གནས་ལས་སླར་བཟློག་པར་བགྱིད་དོ། །ཡན་ལག་ལྔ་པོ་འདིས་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། རྗེས་སུ་བགྱིད་དོ། །ཞེས་ལན་གཅིག་བརྗོད། སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །ཆང་མི་སྤོང་སྟེ། ཡན་ལག་བཞིར་བྱེད་ནའང་། ཆང་བཞག་ལ། རྫུན་དུ་སྨྲ་བ་སྤངས་ཏེ། རྫུན་དུ་སྨྲ་བ་ལས་སླར་བཟློག་པ་དེ་བཞིན་དུ་ཅེས་ཚངས་སྤྱོད་ཀྱི་རྩ་བ་བཞི་གོང་བཞིན་ནོ། །འདོད་ལོག་སྤོང་ན་ཡང་མི་ཚངས་པར་སྤྱོད་པ་དང་ཞེས་པ་བཞག་ལ། འདོད་པ་ལ་ལོག་པར་གཡེམ་པ་དང་། ཞེས་བསྒྱུར་བར་བྱའོ། །གནས་བརྒྱད་པའམ། དགུ་པ་དང་། བཅུ་པ་ལ་གོ་མིའི་དགེ་བསྙེན་གསུང་། གང་སློབ་དེ་རྣམས་ཀྱི་བསྲུང་བྱའི་དམིགས་བཤད་དང་། ཀྱེ་ལྷ་མིའི་དགེ་བསྙེན་བསམ་ཡས་ཀྱང་། དཀོན་མཆོག་ཞབས་འབྲིང་ཤིན་ཏུ་དཀོན། །ཉན་ཐོས་དགེ་བསྙེན་ཉུང་ན་ཡང་། །དཀོན་མཆོག་ཞབས་ཐོག་དོན་དུ་འཁོད། །དགེ་བསྙེན་གྱི་ཆོ་ག་རྫོགས་སོ།། །།བཀྲ་ཤིས་པ་ཨ་ལེ།
༅། །ན་མོ་གུ་རུ། ཉན་ཐོས་དགེ་ཚུལ་བྱ་བ་ནི། །དང་པོར་རྣམ་དབྱེ་ཁྱད་ཟུར་ཙམ། །དཀྱིལ་འཁོར་གྲུབ་དུས་ཡིག་བརྒྱ་བདུན། །བཟློས་ཚེ་དངོས་ཡིད་རོལ་མཆོད་སྐོར། །ལྷག་ཆད་དག་བཤད་ཤེས་མོས་བྱས། །རྟེན་འབྲེལ་མེ་ཏོག་དོར་རབ་གནས། །སྙན་ཚར་ཉེ་སྙེན་རྟེན་འབྲེལ་མཆོད། །བསྒྲུབ་པ་རྡོར་སེམས་དཀྱིལ་འཁོར་སྤྲུལ། །གང་བྱེད་གཞུང་ལ་ཆ་གསུམ་རྒྱན། །བསྒྲུབ་ཆེན་རང་གཞུང་བསྐྱེད་བཟླས་ཚར། །ཁྲུས་བྱ་ཤ་ཆང་སྒོག་ཙོང་སྤང་། །དཀར་མངར་དགེ་འདུན་སྤྱོད་རུང་བརྟེན། །དཔོན་སློབ་ཀུན་ཀྱང་གསོ་སྦྱོང་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །ཕྱག་མཆོད་བཤགས་ཕུལ་བཀའ་གནང་བསམ། །རང་གི་བསླབ་སྡོམ་དྲན་སྔོ་བྱ། །དགེ་བསྙེན་བར་ཆད་མ་དྲིས་ཅིང་། །ཁྲུས་རྟགས་བཙུན་ཆགས་མེད་པ་དང་། །ཆོས་གོས་ཚལ་པ་བྱིན་ལའང་སྐྱེ། །ཐོས་ཤེས་ངེས་ཤེས་མེད་པའི་བུ། །ཁོང་པ་གནས་ལ་བར་སྡོམ་སྐྱེ། །མ་ཡིས་འདུན་པ་རྗེས་བཟློས་བྱེད། །དུས་ལོན་ངེས་ཤེས་བསླབ་སྐྱེའང་ཡོད། །མཚན་གྱུར་དགེ་སློང་མ་དེའང་། །དགེ་སློང་ཕར་འགྱུར་སྔར་སྲིད་བཤད། །དགེ་ཚུལ་ཐོབ་ཤེས་ངེས་ཤེས་ལྡན། །རྟགས་ལྡན་བར་ཆ ད་མེད་ལ་སྐྱེ། །མིང་ནི་བསྒྱུར་དང་མ་བསྒྱུར་གཉིས། །དགེ་སློང་བསྙེན་རྫོགས་འཕགས་སྐྱེ་ཚུལ། །དང་པོ་ཟེར་བཟློས་ཞོར་དེད་ལ། །མི་སྤྲོ་ལོག་བསམ་དེ་ནས་ནི། །འཇིགས་སྐྱོབ་ལེགས་སྨོན་ངེས་འབྱུང་དང་། །འཕགས་པ་རིམ་སྐྱེས་ཅུང་དགའ་བཤད། །རང་རྒྱལ་འབུམ་ལས་ལྷག་པ་ཡི། །རྒྱལ་བས་ཚུར་ཤོག་བསྙེན་རྫོགས་ཀྱང་། །དེ་ནི་དགེ་འདུན་སྤྱོད་ཡུལ་མིན། །དགེ་འདུན་ཀྱིས་ནི་བསྙེན་རྫོགས་ལ། །དགེ་འདུན་དབུས་བཅུ་མཐའ་འཁོབ་ལྔ། །དེ་ཡི་གྲངས་ཀྱི་ཁ་བཀང་ལ། །སངས་རྒྱས་འདྲེན་དང་དགེ་ཚུལ་འཕགས། །འདྲེན་པར་བཀག་སྟེ་མི་མཉམ་ཕྱིར། །འཕགས་གཅིག་དགེ་སློང་བཅུ་མཉམ་ཡང་། །དགེ་སློང་འཕགས་དེ་གྲངས་ཤིག་འདྲེན། །འཕགས་དང་སྐྱེ་བོ་མཉམ་སློབ་ཕྱིར། །གཞན་ཡང་དགེ་སློང་མཁན་པོ་དང་། །ལས་ཀྱི་སློབ་དཔོན་གསང་སྟོན་གྱི། །སློབ་དཔོན་དུས་གོའི་གྲལ་གནས་དང་། །གྲོགས་ལྡན་དང་བཅས་ལྔར་ངེས་པའང་། །དགེ་འདུན་གྲངས་ཚང་མཚན་ཉིད་ཚང་། །བརྡའ་སྦྱོར་ཚུལ་ལྡན་ཤེས་དད་བརྟན། །བསླབ་སྡོམ་མེད་ལའང་སྐྱེས་བཤད་པ། །ཕ་བསད་མི་སྐྱོའང་ཕ་བསད་པའི། །དགེ་སློང་ལྷ་ཆེན་མཁན་པོ་ཡི། །སློབ་མ་དགྲ་བཅོམ་དགེ་སློང་ནི། །དགེ་འདུན་གནས་བརྟན་མཛད་པར་བཤད། །མཐའ་འཁོབ་ཆོས་དར་བསོད་ནམས་ཐོབ། །སྐབས་འདིར་ཀླུ་གྲུབ་ཙན་ཏིའི་སློབ། །མཁན་བུ་རྒྱ་གར་དབུ་རྒྱན་གྱི། །སློབ་དཔོན་དགའ་རབ་ཡོད་སྨྲའི་ལུགས། །ངེས་ཤེས་རྙེད་པས་ཙ་ཀ་ལིའི། །སངས་རྒྱས་ཆོས་གཟུངས་མཆོག་དགེ་འདུན། །ཀུན་ཤེས་ཀོ་འུ་དི་ནྱ་དང་། །རྟ་ཐུལ་མིང་ཆེན་ཤ་རིའི་བུ། །སྒྲ་གཅན་སྲས་དང་གཅུང་དགའ་སོགས། །དཀོན་མཆོག་དངོས་དེའང་བླ་མ་ཡིས། །བརྡའ་སྦྱོར་དེ་ཡིས་བར་སྡོམ་དང་། །བག་ཆགས་ཞོགས་པས་ཆོས་སྒོ་ཕྱེད། །འདུལ་བའི་ཉན་བཤད་ཆས་ལྡན་རུང་། །ལྷ་ཆེན་བར་སྡོམ་ཚུལ་ཁྲིམས་ཀྱིས། །དགེ་སློང་གནས་ནས་ཕྱུང་ནའང་། །དགེ་སློང་ཆས་བསྐུང་དཀོན་མཆོག་ལ། །དད་པས་ངན་སོང་གྲོལ་བསང་གསུངས། །སྔོན་གྱི་ཡི་གེ་ལས། སྐྲ་བཀྲུ་པང་ཀོང་བསྒྲག །སློབ་མས་ལྷ་ཕྱག་གསུམ་བྱས་ལ། བདག་རབ་ཏུ་བྱུང་དུ་གསོལ་ཞུ། ཙུག་ཕུད་མ་རྟོགས་བཞར། སྐྱབས་འགྲོ་སྐྱབས་བརྗོད་ཡན་ཆད་མཐུན་ནའང་། བློ་གྲོས་ཐབས་མཁས་ཀྱི་སྐབས་ལས། འདུལ་བའི་ལས་ཀྱི་ཆོག་ཁྲིགས་རྣམས་ཡིག་བྱང་ལ་སྒྲགས་པར་ལྟར་དུ། བརྐྱང་སྟེ་བཀོད་པ་འདི་སྐད་དུ། འདུལ་བ་ལུང་དུ། སྔ་མ་དེ་མ་བྱས་པར་ཕྱི་མ་མི་བྱ་ཞེས་གསུང་ནའང་། སྔ་མ་དགེ་བསྙེན་གྱི་བྱ་བ་གྲུབ་པ་ཡིན། མཁན་པོར་གསོལ་བ་སྔ་མ་བྱས་ན་འདིར་བྱ་སྟེ། བདག་རབ་ཏུ་དབྱུང་དུ་གསོལ་ཅེས་དགེ་ཚུལ་གྱི་མཁན་པོ་ཞུའོ། །དེ་ནས་བདག་འཛིན་སྤང་བའི་ཆེད་དུ་དོན་བཤད་པ་ནི། མིང་སྔར་མ་བཏགས་ན་བཏགས། འཁོར་བ་ལས་ཐར་བར་ངེས་འབྱུང་གི་བསམ་པས་ཞུ་བའི་ཚིག་བླ་མའི་རྗེས་སུ་བརྗོད་པ་ནི། མཁན་པོར་གསོལ་བ་མ་བཏབ་ན་སློབ་དཔོན། བཏབ་ན་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །རྒྱལ་བ་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ། ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་བར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་ཁྱིམ་པའི་རྟགས་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ངེས་པར་ཡང་དག་པར་ལེན་ཏེ། སློབ་དཔོན་མཁན་པོས་བདག་རབ་ཏུ་བྱུང་དུ་གསོལ། ཅེས་གཉིས་དང་གསུམ་གྱི་ཐ་མར་མཁན་པོ་མཁན་པོས་བདག་རབ་ཏུ་དབྱུང་དུ་གསོལ། ཅེས་དང་། ཀུན་གྱི་ཐ་མར་སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་བུས་ལེགས་སོ་ཞེས་བརྗོད་པ་མཐུན་ནོ། །དེ་ནས་དགེ་ཚུལ་གྱི་བར་ཆད་དྲི་བ་ནི། སངས་རྒྱས་ཀྱི་རྟེན་ལ་སངས་རྒྱས་དངོས་དང་། ཆོས་དང་དགེ་འདུན་ལ་གུས་ཕྱག་གསུམ་དང་། མཁན་པོ་ལ་ཕྱག་གསུམ་ཕུལ། མཁན་པོས་འདི་སྐད་བརྗོད། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ནི། སྐྱེ་འགྲོ་མིའི་རིགས་ལས་རབ་ཏུ་བྱུང་སྟེ། ཁྲིམས་ཀྱི་དངོས་གཞི་དག་པར་སྲུངས་བ་ལ་བརྟེན་ནས་སངས་རྒྱས་སོ། །དེའི་རྗེས་སུ་རབ་ཏུ་བྱུང་བ་ཡང་། ཀུན་ལ་བསྐལ་བ་མེད་པས། དགེ་ཚུལ་གྱི་བར་ཆད་དྲི་བ་ནི། རབ་ཏུ་བྱུང་བ་ལ་བར་ཆད་མེད་དགོས་པ་ཡིན། དེ་ལ་སྡོམ་པ་གནས་པའི་བར་ཆད་བཅུ། སྡོམ་པ་སྐྱེ་བའི་བར་ཆད་བཅུ་བཞི། འཇིག་རྟེན་གྱི་ཁ་ན་མ་ཐོ་བའི་བར་ཆད་ཉི་ཤུ་ཡོད་པ་ཡིན། དེ་ལ་སྡོམ་པ་སྐྱེ་བའི་བར་ཆད་དང་། ཡོན་ཏན་གྱི་བར་ཆད་དང་། མཛེས་པའི་བར་ཆད་དང་གསུམ་མེད་པ་རབ་ཏུ་བྱུང་བ་ཡང་ཁྲིམས་མ་ཉམས་པར་སྲུངས་ན། ཇེ་མཐོ་ལས། ལྷ་མིའི་གོ་འཕང་ཇེ་མཐོ་ཐོབ། །དེ་ལ་བརྟེན་ནས་ངེས་པར་ལེགས་པ་ཞི་བ་མྱ་ངན་ལས་འདས་པའི་གོ་འཕངས་ཐོབ་པར་འགྱུར་རོ། །ཁྲིམས་ཉམས་ན། ནད་པའི་སྨན་རྐུས་ཅིང་སྣོད་ཀྱི་རྫ་ཆག་པ་ལྟར་དུ་བྱང་ཆུབ་ཀྱི་ལམ་ཆད་ནས་འཁོར་བ་ངན་སོང་དུ་སྐྱེ་བར་འགྱུར་རོ། །དེ་ཡང་བར་ཆད་འདི་རྣམས་སྐྱེ་བ་སྔོན་གྱི་ཡོད་ཀྱང་། སྐྱེ་བ་འདི་ནས་རྒྱུན་ཆད་པ་དང་། ཚེ་རབས་ཀུན་ཏུ་བར་ཆད་མེད་པར་ངེས་པར་བྱེད་པ་ཡིན་པས། རབ་ཏུ་བྱུང་བར་འདོད་པ་ཁྱེད་རྣམས་ངས་དྲི་ཡིས། ཁྱེད་ཀྱིས་མ་འཛེམ་པར་ཡིན་པ་ལ་ཡིན་དང་། མ་ཡིན་པ་ལ་མ་ཡིན་པར་ལན་ཐོབ་ཅིག །མུ་སྟེགས་ཅན་མ་ཡིན་ནམ། མ་ལགས་ཞེས་ཞུ། ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་བསྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། ལོ་བདུན་ལོན་པ་བྱ་རོག་བསྐྲོད་མི་ནུས་པ་མ་ཡིན་ནམ། བྲན་ལ་སོགས་པ་མ་ཡིན་ནམ། བུ་ལོན་ཆགས་པ་མ་ཡིན་ནམ། ཡིན་ཟེར་ན་ཁྱོད་ཀྱིས་བུ་ལོན་མང་ཡང་རུང་། ཉུང་ཡང་རུང་ཅུང་ཟད་ཀྱང་མ་ལུས་པར་འཇལ་ནུས་སམ། ཕས་མ་གནང་བ། མ་ཡིན་ནམ། མས་མ་གནང་བ་མ་ཡིན་ནམ། ཕ་མས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ནད་པ་མ་ཡིན་ནམ། ནད་པ་ཡིན་ན་དེ་གོས་པར་མི་ནུས་པ་མ་ཡིན་ནམ། ཞེས་སྡོམ་པ་གནས། སའི་བར་ཆད་བཅུའོ། །དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་གནས་མ་ཡིན་ནམ། ཟ་མ་དང་མ་ནིང་དང་མ་ནིང་དུ་རྟོགས་པའི་འདོད་ཆགས་ཞེ་སྡང་ལ་སོགས་ལྷག་པར་ཆེ་བའམ་ཆུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་མ་ཡིན་ནམ། དེ་ལྟར་མཚམས་མེད་པ་ལྔའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། དེས་སྡོམ་པ་སྐྱེ་བའི་བར་ཆད་བཅུ་བཞིའོ། །ཕམ་པར་གྱུར་པའི་ལྟུང་བ་བཞི་ལས་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ། བྱུང་ན་ཁྱེད་འབབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ། གལ་ཏེ་མ་ཕུལ་ན་གསར་དུ་འཆགས་པའི་གེགས་བྱེད་པས་བསླབ་པ་སྐྱོན་ཅན་རྣམས་ཕུལ་ནས་དག་པ་ཟུང་ཞིག །དེའི་དོན་གོ་བས་ངེས་སོ། །རྒྱུ་ལས་ལོག་པའི་ཆད་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་མ་ཡིན་ནམ། ལག་རྡུལ་ལ་སོགས་པ་མ་ཡིན་ནམ། སྐྲ་སེར་ལ་སོགས་པ་མ་ཡིན་ནམ། སེན་མོ་གཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཕུང་བཀྲོལ་བ་མ་ཡིན་ནམ། ལྷམ་མཁན་མ་ཡིན་ནམ། གདོལ་པ་མ་ཡིན་ནམ། གཡུང་པོ་མ་ཡིན་ནམ། མི་མ་ཡིན་པའི་འགྲོ་བ་པ་མ་ཡིན་ནམ། བྱང་གི་སྒྲ་མི་སྙན་པ་མ་ཡིན་ནམ། མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ནམ། སྐྱེས་པ་འདྲ་བའི་བུད་མེད་མ་ཡིན་ནམ། བུད་མེད་འདྲ་བའི་སྐྱེས་པ་མ་ཡིན་ནམ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ། དེ་ལྟར་འཇིག་རྟེན་གྱི་ཁ་ན་མ་ཐོ་བ་སྐྱེ་བའི་བར་ཆད་ཉི་ཤུའོ། །དེ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་ན་མུ་སྟེགས་ལ་སོགས་པས་འཕྱ་ཞིང་སྨོད་པ་སྤང་པ་ཡིན་ནོ། །མ་ལགས་ཟེར་ན་ལན་དུ། ཁྱེད་རྣམས་བར་ཆད་དང་མི་ལྡན་པས་ན་སངས་རྒྱས་བསྟན་པའིི་སྣོད་དུ་རུང་བར་འདུག་པས་བདག་གིས་ཁྱོད་རབ་ཏུ་དབྱུང་བར་བགྱིའོ། །ཞེས་སྐབས་དབྱེའོ། །དེ་ནས་བཙུན་ཆས་རྣམས་དཀོན་མཆོག་གི་དྲུང་དུ་དགོངས་སུ་གསོལ་ནས། གཏད་པའི་ཕྱིར་རིགས་ཀྱི་བུ་དེ་ལག་པ་དེང་བྱེད་དུ་བཞུགས་ཤིང་། འཚོ་བའི་ཡོ་བྱད་ཅེས་བྱ་བ་ཇི་སྲིད་མ་ཤི་བའི་བར་འཚོ་བའི་བར་དུ་འཆང་དགོས་པའོ། །གོས་སྨད་ཀྱི་མཐའ་ནས་གཏད་ལ། སློབ་མའི་ལག་པ་བརྐྱང་བའི་ཁར་བཞག་ཅིང་། འདི་ནི་སྨད་དུ་བགོ་བའི་མཐའ་གོས་ཞེས་བྱ་བ། སྨད་གཅེར་བ་དང་སྨད་ངོ་ཚ་བའི་གནས་ལས་སྐྱོབ་པར་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ། །སྟོད་ཀྱི་བླ་གོས་གཏད་ལ་འདི་ནི་སྟོད་བླ་གོས་ཞེས་བྱ་བ། སྟོད་གཅེར་བ་དང་། སྟོད་ཚད་པའི་གནས་ལས་སྐྱོབ། སྦྲང་བུ་དང་ལྷགས་པ་སྲུང་བ་ལ་བཀའ་གནང་བ་ཡིན་ནོ། །གཞན་ཡང་དབྱར་གོས་རས་ཆེན་ཆར་ཆ་སོགས་ཀྱང་གཏད། སྐེ་རགས་སོགས་མཁོ་བའི་ཡོ་བྱད་ཀྱང་གཏད། འདི་ནི་ལྷུང་བཟེད་བྱ་བ་ཟས་ལྷུང་ས་འདིས་ཟེད་པར་བྱེད་པ་འདི་ཟས་ཀྱིས་འགེངས་པ་བཞིན་དུ་རྒྱུད་ཡོན་ཏན་གྱིས་འགེངས་པ་ཡིན་ནོ། །འདི་ཆུ་ཚགས་ཞེས་བྱ་བ་སེམས་ཅན་ལ་འཚེ་བ་སྤོང་ཞིང་སངས་རྒྱས་ཀྱི་བསྟན་པ་འདི་སྙིང་བརྩེ་བས་ཁྱད་པར་དུ་བྱས་པ་ཡིན་པས། ཆུ་སྲོག་ཆགས་ཅན་ལ་འདིས་བཙགས་པའི་ཆུ་ལ་ལོངས་སྤྱོད་པ་ཡིན་ནོ། །འདི་གདིང་བ་ཞེས་བྱ་བ་རང་གི་གོས་རྣམས་ནི་ས་ལ་རེག་པའི་སྐྱོན་ཡོང་པ་དང་། དགེ་འདུན་སྤྱི་དང་གང་ཟག་དང་ཁྱིམ་པའི་གདན་གྱི་སྟེང་དུ་འདི་བཏིང་ནས་ལོངས་སྤྱོད་ཡིན་ནོ། །ཞེས་པ་ལ་སོགས་པ་ཀུན་གཏད་ཚར་བ་དང་། ཆས་རྣམས་གཡས་ནས་ཆོས་སྐོར་དུ་མཁན་པོས་བསྐོན་ཅིང་། ཀུན་གྱི་སྨོན་ལམ་བྱ་སྟེ། ཚེ་དང་ལྡན་པ་ཆེ་གེ་མོ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ཚངས་པར་སྤྱོད་པ་ཚེའི་མཐར་ཕྱིན་པ་དང་། ཚངས་པར་སྤྱད་པའི་འབྲས་བུ་བླ་ན་མེད་པའིི་སངས་རྒྱས་ཐོབ་པར་གྱུར་ཅིག །ཅེས་པ་སོགས་བརྗོད། དགེ་ཚུལ་དེ་སྣམ་སྦྱར་ཡོད་པ་འཆང་དུ་རུང་ཡང་སྦྱིན་པར་བཀའ་མ་གནང་བས། དགེ་འདུན་འཚོགས་པའི་དུས་དང་། ཁྱིམ་པའི་ཁྲོད་དུ་བགོ་བར་མི་བྱའོ། །དེ་ནས་ལུས་ཚང་བྱེད་དུ་བཅུག་ལ། ཕྱག་བྱས་འཁོད་པ་ལ། སྐྲ་བྲེག་མཁན་གྱིས་གཙུག་ཕུད་བྲེག་པ་སྤྲོ་བ་དྲིས་ལ་སྤྲོ་ན་གཙུག་ཕུད་བྲེག །ལས་བྱེད་པའི་དགེ་སློང་ངམ་དཀྱིལ་འཁོར་གྱི་རྟེན་དཀོན་མཆོག་གསུམ་གྱི་གཙོ་བོ་ཐུབ་པ་དང་སྙིང་པོ་ཆོས་དང་དགེ་འདུན་མཆོག་གནས་བརྟན་དང་། དགེ་སློང་གང་འཛོམ་ལ་ཞུ་སྟེ་དགེ་ཚུལ་དེ་ནི། དགེ་སློང་མཁན་པོ་གཅིག་ཉིད་ཀྱིས་བྱེད་པའང་རུང་སྐད་པ་ལྟར་དུ། མཁན་པོ་རང་གིས་ཞུའོ། །ཞུ་བའི་ཚིག་འདི་སྔར་དགེ་སློང་བྱེད་མ་མྱོང་པ་རྣམས་ལ་རྐུ་ཐབས་ཀྱི་ཉེས་པ་སྲུང་བའི་ཕྱིར་རྣ་བ་ཁེབས་བྱས་ལ། འོས་པ་གཅིག་གིས་དགེ་འདུན་ལ་ཞུ་བ་བྱེད་པ་ལ་མོས་པ་བྱའོ། །འདི་སྐད་དུ་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ་ལོ། །མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ལོ། །ཁྱིམ་པ་གོས་དཀར་པོ་ཅན། སྐྲ་དང་ཁ་སྤུའམ་སྐྲ་དང་སེན་མོ་ཞེས་དགེ་ཚུལ་མ་ལའོ། །མ་བྲེག་པ་ལ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་འཚལ་བས། སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་བགོས་ཏེ་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར། མཁན་པོ་མིང་འདི་ཞེས་བྱ་བ་ལས་རབ་ཏུ་འབྱུང་སྟེ། དེ་ཡང་བར་ཆོད་ཀྱི་ཆོས་རྣམས་དག་གོ་ཞེས་ཁོ་ན་ཉིད་མཆི་ན་ཅི་རབ་ཏུ་དབྱུང་ངམ་ཞེས་ལན་གཅིག་བརྗོད་ཅིང་གཅིག་ལ་ཁོ་ན། གཉིས་ཁོ་དག །གསུམ་ཁོང་རྣམས་ཞེས་ཏེ་ཙ་ཀ་དང་གྲལ་ན་དགེ་སློང་ཀུན་མཐུན་པར་མོས་བྱ། ཀུན་གྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད། སྔར་མ་བྲེགས་ན་གཙུག་ཕུད་འདིར་བྲེག་ཅིང་མ་བརྗོད་ན་ནང་པར་བར་ཆད་མ་དྲིས་པ་དང་། དྲིས་ཀྱང་སྐྱོན་ཡོད་ན་མཁན་པོས་དུས་དྲན་དུ། དཀོན་མཆོག་བརྩེ་བ་ཅན་གྱིས་བཀའ་གནང་བར་མ་དྲན་པ་ལ་འགལ་ཚབས་ཅན་དུ་ལུང་ལས་བཤད། དེ་ནས་སློབ་དཔོན་འོས་པ་ལ་ཆེ་གེས་འདི་ལ་དགེ་ཚུལ་གྱི་བསླབ་སྡོམ་གནང་བར་ཞུ་ཞེས་མཁན་པོས་བསྐུལ་བའི་ལན་དུ། འདི་ཡི་བར་ཆད་ཀྱི་ཆོས་དག་གམ་ཞེས་དྲིས་ལ། དགེ་ཚུལ་གྱི་བསླབ་སྡོམ་དོན་དུ། སློབ་དཔོན་ནམ་མཁན་པོ་རང་ལ་ཕྱག་གསུམ་བྱས་ལ། ཙོག་པུར་འདུག་པ་ལ་འདི་སྐད་བརྗོད་དེ། ཁྱེད་དགེ་ཚུལ་ཉིད་དུ་བསྒྲུབ་པ་ལ་རྟགས་དང་ཆ་ལུགས་བསྒྱུར་བ་དང་། མི་བསྒྱུར་བ་དང་། དོན་བསྒྱུར་བ་དང་གསུམ་སྔར་བསྟན་ཚར། ད་དེའི་བསླབ་སྡོམ་ཐོབ་པའི་དོན་དུ་རྗེས་བཟློས་མཛོད་ཅིག །བཙུན་པའམ་སློབ་དཔོན་ནམ་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་དགེ་ཚུལ་དུ་བཙུན་པས་ཞེས་པའམ། སློབ་དཔོན་གྱིས་ཞེས་པའམ། མཁན་པོས་བཟུང་དུ་གསོལ། ཅེས་པའི་ཐ་མ་ལ། སློབ་དཔོན་གྱིས་བཟུང་དུ་གསོལ་ཅེས་བྱ་སྟེ། དེའི་ཚེ་བདག་ལ་དགེ་ཚུལ་གྱི་བསླབ་པ་རྒྱུད་ལ་སྐྱེས་སྙམ་པའི་ཐོབ་ཤེས་འཚལ་བ་ལགས་སོ། །ཞེས་ཤེས་པར་བྱས་ལ་ཐབས་ལེགས་བརྗོད། ད་ནི་བསླབ་པ་བརྗོད་པའི་རྗེས་བཟློས་ལན་གཅིག་གིས་ཁྱབ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲས་བུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་རོལ་མོའི་སྒྲ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་གདན་མཐོན་པོ་དང་། ཁྲི་གདན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་བཟློག་པར་བགྱིའོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲས་བུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་དང་གླུ་གར་དང་རོལ་མོའི་སྒྲ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་གདན་མཐོན་པོ་དང་ཁྲི་གདན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། རྗེས་སུ་བགྱིད་དོ། །ཞེས་ལན་གཅིག་དང་ཐབས་ཡིན་ནོ་ལེགས་སོ་བྱ། ཡང་བསླབ་པ་བརྗོད་པའི་སྐབས་སུ། འདུལ་བ་འོད་ལྡན་ལས། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་དངུལ་ཉིད་སྤོང་བ་དེ། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། ཁ །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། ཀ །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་འདྲ། ག །ཞེས་དགེ་ཚུལ་གྱི་བསླབ་པ་བཅུར་བཞེད་པའོ། །ཡང་གནང་བ་བཅུ་གསུམ་ནི། འཕང་པ་དང་ནི་བྲལ་བ་དང་། །དེ་བཞིན་ས་ནི་རྐོ་བ་དང་། །རིན་ཆེན་རེག་དང་མེ་ལ་རེག །ལྗོན་ཤིང་འཛེག་དང་ཤིང་གཅོད་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །རྩ་སྔོན་མི་གཙང་འདོར་བ་དང་། །དེ་བཞིན་བསོག་འཇོག་ཟ་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་རྣམས་ནི་མ་རྟོགས་པ། །སོ་སོར་ཐར་པ་བསྟན་པ་དག །བླང་བའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་སོ་ཐར་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དུའོ། །དགེ་ཚུལ་གསོ་སྦྱོང་ནི་བྱམས་པ་ལུང་བསྟན་ལས། བཅུ་བཞི་དང་ནི་བཅོ་ལྔ་དང་། །དེ་བཞིན་ཟླ་ཕྱེད་ཚེས་བརྒྱད་དང་། །ཆོ་འཕྲུལ་ཉའི་ཟླ་བ་ལ། །གསོ་སྦྱོང་ཡན་ལག་བརྒྱད་སྲུངས་ན། །ང་ཡི་བསྟན་ལ་ལྷགས་པར་འགྱུར། །ཅེས་དང་། བརྒྱད་ནི། དིང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉན་བསྟེན་པས། །ཆང་ནི་ཡོངས་སུ་སྤང་བར་བྱ། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མ་བྱེད་པ། །དེ་ལྟར་སྲོག་གཅོད་ལ་སོགས་སྤངས། །དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་ཕྱིར། །དེ་བཞིན་གཤེགས་པའི་གསོ་སྦྱོང་རྒྱལ་བས་གསུངས། །ཞེས་ཏེ། རྩ་བའི་སྲོག་ནི་མི་རང་བཞིན་གྱི་ཆར་རྟོགས་སྲོག་ཆགས་ཙམ་དང་། རྩ་བའི་གཞན་ནོར་རྒྱལ་པོའི་ཚད་ཀྱི་བཞི་ཆ་རྐུ་འཕྲོག་དེའི་ཆར་རྟོགས་ཆེ་ཕྲ་དུ་མའོ། །རྩ་བའི་འཁྲིག་པ་གནས་དང་གནས་མ་ཡིན་ལ་མྱོང་བ་རྒྱལ་བས་མ་གནང་བ་སྟེ། ཆར་རྟོགས་གནས་རེག་པ་དང་། རྩ་བའི་རྫུན་མི་ཆོས་བླ་མ་སྟེ་ཆར་རྟོགས་ཤེས་བཞིན་གྱི་དོན་མེད་ཀྱི་རྫུན་ནོ། །ཆང་ལ་སོགས་པའང་ནད་དང་འདུལ་བའི་དོན་དང་། རྒྱལ་བའི་བཀའ་ཐོབ་པ་ལ་བག་ཡོད་ཀྱིས་སྤྱོད་པ་ལ་མ་རྟོགས་ཀྱི་སྒེག་རྒྱག་ཆེད་དོ། །གསོ་བ་ཞེས་དགེ་བ་ནི་སྤང་བྱ་དང་བླང་བྱ་མ་ནོར་བར་མཁྱེན་པ་རྒྱལ་བའི་བཀའ་དྲིན་པའི་དགེ་བའོ། །བསླབ་པ་བསྐྱར་ཏེ་ལེན་པ་མི་ཆགས་བཤད། སྐབས་དེར་དགེ་ཚུལ་གྱི་བསླབ་སྡོམ་ཐོབ་པའི་དུས་གོ་བར་བརྗོད་ནས། བསྙེན་བསྐུར་གྱི་གནས་དང་གྲལ་ཤེས་པ་ལ། དེ་རྣམས་མཁན་པོའི་བཀའ་དྲིན་ཡིན་པས། བཀའ་དྲིན་ཆེའོ་ཞེས་དང་། ཕྱག་མཆོད་སྔོ་བ་བྱའོ། །སྔར་ལྷམ་ཕུད་པ་དང་། སྟོད་ཀྱི་གོས་ཕྲག་པ་དབྱུང་བ་དང་། རྒྱན་ཕྲེང་བཞག་པ་རྣམས་མཐའ་འཁོབ་དང་སྐབས་ཀྱི་གནང་བ་དྲན་པས་བགོའོ། །དགེ་ཚུལ་ཉིད་དུ་བྱ་བ་རྫོགས་སོ།། །།
༅། །ན་མོ་གུ་རུ། དགེ་སློང་དུ་བྱ་བ་ནི། འདུལ་བ་ལུང་དུ། ཁྱོད་ཀྱི་མཁན་པོ་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། ཞེས་དང་། སེར་མོ་ཙམ་ཞིག་གྱོན་པ་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །ཞེས་པས། མཁན་པོའམ་སློབ་དཔོན་དང་ལས་གྲལ་དུ་གནས་པ་རྣམས་ལ། སྟོན་པ་སངས་རྒྱས་དང་སྟོན་པ་སངས་རྒྱས་ཀྱི་ཉན་ཐོས་ཤ་རིའི་བུ་ལ་སོགས་པ་མཆོག་རྣམས་ལྟར་དུ་མོས་པ་བྱས་ལ་དགེ་སློང་གི་མཁན་པོར་གསོལ་བ་གདབ་པ་དང་། དགེ་སློང་དུ་རབ་ཏུ་བྱུང་བར་གསོལ་བ་གདབ་པར་བྱའོ། །བདག་གི་མཁན་པོ་མཛད་དུ་གསོལ་ཅེས་དང་། བདག་རབ་ཏུ་དབྱུང་དུ་གསོལ་ཅེས་པ་དང་། ཐབས་ལེགས་སྔར་ལྟ་མཐུན་པའོ། །དེ་ནས་རབ་ཏུ་བྱུང་བའི་ཆས་རྣམས་སྔར་དུ་བསགས་པ་རྣམ་པ་ངེས་པར་བཀོད་ཅིང་། མེ་ཏོག་བཀྲམ་སྟེ། དད་པའི་དགེ་འདུན་འཁོད་པ་རྣམས་རེ་རེའི་མདུན་དུ་བསྟན་ལ། ལྷུང་བཟེད་འདི་མི་ཆེའམ། མི་ཆུང་ངམ། མི་སྐྱའམ། ལྷུང་བཟེད་བཟང་ངམ་ཞེས་ཞུ། ལེན་དུ་ལྷུང་བཟེད་བཟང་ཞེས་བཀྲ་ཤིས་པའི་ཚིག་དང་མེ་ཏོག་རེ་བླུག །ཆས་གཞན་རྣམས་ལ་ཡང་ཐམས་ཅད་ཀྱིས་སྤྲོ་བར་བྱའོ། །དེ་ནས་དཀོན་མཆོག་དང་། མཁན་པོ་དང་དགེ་འདུན་ལ་ཕྱག་གྲུབ་པ་དང་། མཁན་པོས། དགེ་འདུན་གྱི་ལས་ལ་མི་དབང་བའི་ཉན་རྣ་བཀག་ཅིང་། དབང་བའི་མདུན་ས་བླངས་ཏེ། འདི་སྐད་བསྒོ་སྟེ། དགེ་སློང་ཉིད་དུ་བསྒྲུབ་པ་ལ་བར་ཆད་ཀྱི་ཆོས་རྣམས་སྤང་བའི་ཕྱིར། ཚིག་སྔ་མ་ཉིད་མ་བྱས་པར་ཕྱི་མ་རྣམས་མི་བྱ་ཞེས་གསུངས་པ་ལས། དགེ་བསྙེན་དང་དགེ་ཚུལ་དུ་གྲུབ་ཅིང་བར་ཆད་དག་པས་འདིར་དཀྱིལ་འཁོར་གཙོ་བོ་སངས་རྒྱས་དང་ཆོས་སྒོ་སྡེ་སྣོད་ཀུན་གྱི་སྙིང་པོ་ཡི་གེའི་གཟུངས་དང་། འཁོར་འཕགས་པ་མཆོག་དང་། གནས་བརྟན་གཞུང་བཞིན་རྟེན་ལ་སྤྱན་དྲངས་མཆོད་པ་གྲུབ་གནང་བ་ཞུས་ཤིང་། མཁན་སློབ་དགེ་འདུན་མཁས་ཤིང་ཕན་ཐོགས་ཀྱི་ཡན་ལག་ལྔ་ཕྲུགས་གང་རུང་དང་ལྡན་པའི་མཁན་པོ་དེ་ཉིད་བཙུན་པ་བརྟན་པས་ཡིད་ཆེས་པའི་ཡན་ལག་བསྙེན་པ་རྫོགས་ནས་བར་མ་ཆད་ལོ་བཅུ་ལོན་པས། དགེ་སློང་བཅུ་དང་མཉམ་པའི་དགྲ་བཅོམ་ལྟར་མོས་འདུན་སྐྱེར་རུང་བ་དང་། ལས་ཀྱི་བྱ་བ་ལ་མཁས་པའི་ཁ་སྐོང་བར་འོས་པའི་སློབ་དཔོན་རྣམ་པ་གཉིས་དད་པའི་དགེ་འདུན་དང་བཅས་པ་ལ་མོས་གུས་མཛོད་ལ། སྐབས་འདིར་བར་ཆད་དྲི་བ་ལུང་བསྟན་པ་ལྟར་ཅུང་ཟད་ཅིག་དྲི་བ་ལ་གུས་པས་ཁྱེད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་དང་། མ་ཡིན་པ་ལ་མ་ཡིན་ཞེས་བརྗོད་ཅིག །ཁྱོད་སྐྱེས་པ་ཡིན་ནམ། སྐྱེས་པའི་མཚན་དང་ལྡན་ནམ། ཁྱེད་ཀྱི་ཕ་མ་གསོན་ནམ། གསོན་ཟེར་ན་ཁྱེད་ཀྱི་ཕ་མས་གནང་ངམ། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། ཡང་དགེ་སློང་མ་ལ་བུད་མེད་ཡིན་ནམ། བུད་མེད་ཀྱི་མཚན་དང་ལྡན་ནམ། ཞེས་དྲི། ཡིན་ལགས་ལྡན་ལགས་གསལ་བར་བརྗོད་ཅིང་མཚན་རྟོགས་པར་བྱ། ཁྱེད་ཀྱིས་མངལ་དང་ཤོལ་དུ་བཅས་པའི་ལོ་ཉི་ཤུ་ལོན་ནམ། ཁྱེད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་སྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པའམ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་གནས་པ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། ཆགས་ཟེར་ན་ཁྱེད་བསྙེན་པ་རྫོགས་ནས་འཇལ་ནུས་སམ། ཁྱེད་ནད་པ་མ་ཡིན་ནམ། ཁྱེད་ཀྱི་ལུས་ལ་ནད་ཀྱི་རྣམ་པ་གང་ཡང་རུང་བ་དག་མེད་དམ། ཁྱོད་སྔོན་དགེ་སློང་དུ་རབ་ཏུ་བྱུང་བ་མ་ཡིན་ནམ། ཡིན་ཟེར་ན་དགེ་ཚུལ་དུས་ལྟར་བཤགས་པ་དང་འབུལ་ཆོག་བྱ། མ་ལགས་ཟེར། ད་ལྟར་ཁྱོད་རབ་ཏུ་བྱུང་བ་ཡིན་ནམ་ཞེས་དྲིའོ། །དེ་ལྟར་བར་ཆད་མེད་པར་ངེས་པའམ། ཅུང་ཟད་དགོས་ནའང་། དགོས་སྐྱོན་དང་བྲལ་བར་ངེས་པའམ། དཀོན་མཆོག་བརྩེ་བ་ཅན་གྱིས་གནང་བའི་དུས་དྲན་བཟུང་ལ། མཁན་པོས་མེ་ཏོག་ཕྱག་ཏུ་བཞེས་ལ། མཁན་པོ་རང་གིས་མ་ལྕོགས་ན་མཁན་པོ་དང་འོས་པ་གཞན་དང་། སློབ་དཔོན་ལས་ཆོ་ག་མཛད་པའི་སློབ་དཔོན་དང་། གསང་སྟེ་སྟོན་པའི་སློབ་དཔོན་དང་། དུས་བགོ་བའི་ལས་གྲལ་བ་དང་། བསྒྲུབ་བྱའི་གྲོགས་ལྡན་འོས་པ་ལ་ཞུ་ཞིང་གསོལ་བ་བཏབ་པ་བྱ་བ་གལ་ཆེ་ཞིང་། དེ་ལྟ་བུ་གྲལ་ན་མེད་ན་ཡིད་ཀྱིས་འོས་པ་གཞན་དམ་བཅའ་བཟུང་ལ། འདི་སྐད་དུ། བསྒྲུབ་བྱས་གསོལ་བ་བཏབ་པའི་མཁན་པོས་བཞེངས་ལ། གྲོགས་འོས་པ་དང་བཅས་པས། སྣམ་སྦྱར་མཐའ་གོས་བླ་གོས་གདིང་བ་ཆུ་ཚགས་ལྷུང་བཟེད་ལ་སོགས་པ་རིམ་པས་ཕྱག་ཏུ་བཞེས་པ་ལ་བཞེངས་ཏེ། བསྒྲུབ་བྱས་ཕྱག་བྱས་ལངས་པའི་ལག་པ་དང་མཁན་པོའི་ཕྱག་སྟེང་འོག་ཏུ་བྱས་རེག་པ་ལ་རྗེས་བཟློས་བྱེད་པས། བཙུན་ཆས་བྱིན་བརླབ་བྱས་ཏེ། མཁན་པོ་དགོངས་སུ་གསོལ། མིང་འདི་ཞེས་བྱ་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་བླ་གོས་སུ་བྱིན་གྱིས་བརླབས་སོ་ཞེས་ལྟར། མཐོང་གོས་དང་སྣམ་སྦྱར་དང་གདིང་བར་བྱིན་གྱིས་བརླབས་སོ་ཞེས་དང་། ལྷུང་བཟེད་ལ་བླང་བའི་སྣོད་དུ་བྱིན་གྱིས་བརླབས་སོ་ཞེས་བརྗོད། རེ་ཞིག་གཡར་བ་ལའང་རུང་། དེ་ལ་སྔར་བྱིན་བརླབས་གཞན་གྱིས་བྱས་ན། བྱིན་གྱིས་བརླབས་པ་ལས་དངོས་པོ་འདི་སླར་དབྱུང་བར་བགྱིའོ། །ཞེས་བྱིན་བརླབས་དབྱུང་བ་ལ་བྱིན་བརླབས་བྱ། བྱིན་བརླབས་ཚར་བ་དང་། མཁན་པོས་གཡོག་ཅིང་དཀྱིལ་འཁོར་དང་དགེ་འདུན་གྱིས་མཐུན་གྱུར་གྱི་སྒྲ་གྲག་པ་ལ་མོས་འདུན་བྱ། དཀོན་མཆོག་གི་མཐུས་དེ་ཁོ་ན་བཞིན་དུ་གྱུར་ཅིག་ཅེས་སོགས་སྐབས་དང་མཁྱེན་བརྩེ་ཐབས་མཁས་སྦྱར་བ་བྱའོ། །སྣམ་སྦྱར་བསྐོན་དུས། འདི་མུ་སྟེགས་ཀྱི་རྟགས་དང་དགེ་ཚུལ་གྱི་ཆས་ལས་ཁྱད་པར་དུ་བྱེད་པ་དགེ་སློང་གི་ཆས་སངས་རྒྱས་ཀྱིས་ན་བཟའི་འོས། དགེ་འདུན་ལ་བཀའ་གནང་བ་ཡིན་ཞེས་དང་། བླ་གོས་སོགས་དགེ་ཚུལ་ལྟར་བྱ། དགེ་སློང་གི་འཚོ་བའི་ཡོ་བྱད་ཕྲུགས་བཅུ་གསུམ་ནི། སྣམ་སྦྱར་དང་། བླ་གོས་དང་། བླ་གོས་ཀྱི་གཟན་དང་། མཐའ་གོས་དང་། མཐའ་གོས་ཀྱི་གཟན་རྣམས་ཉིན་གྱི་ཆས་དང་། རྔུལ་གཟན་ལ་སྐ་རགས་དང་། རྔུལ་གཟན་གྱི་གཟན་ལ་སྐ་རགས་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་རྣམས་མཚན་གྱི་ཆས་དང་། གདོང་ཕྱིས་རྣག་གཟན་གཡན་པ་བཀབ་པ་དབྱར་གྱི་གོས་རས་ཆེན་རྣམས་སྐབས་ཀྱི་ཆས་དང་། དགེ་སློང་མ་ལ། ཤིང་ང་དཔུང་བཅད། སྟོད་ལ་སྐྱེས་པའི་འདོད་ཆགས་རེག་པ་སྲུང་བ་དང་། མཁོ་བའི་ཡོ་བྱད་ཏུར་བུ་གདན་གདིང་བ་ཆུ་ཚགས་ཞ་ཁབ་སྐུད་ལ་སོགས་དུ་མའོ། །ཐམས་ཅད་ཀྱང་འདུས་བྱས་མི་རྟག་པ་དང་། ཟག་བཅས་སྡུག་བསྔལ་བ་དང་། མྱ་ངན་ལས་འདས་པའི་ཞི་བའམ་སྟོང་པ་ཉིད་དམ་ཆོས་ཀྱི་སྐུ་དང་། ཆོས་ཐམས་ཅད་བདག་མེད་པར་ཐམས་ཅད་ཤེས་པར་བྱ་བ་ནི། ཀུན་གྱི་བྱིན་བརླབས་དེས་ཆོག་པ་ཡིན་གསུང་། དེ་ལྟར་ཤེས་པ་ལ་བྱང་ཆུབ་ཡན་ལག་རྣམས་ཀྱི་དྲན་པ་གསོ་བས་མཁར་སིལ་ཀྱང་གཏད་ནས། འདི་ནི་སོ་སོའི་སྐྱེ་བོ་རྣམས་མཁར་བ་ཡང་ཡིན། བསིལ་བྱེད་ཀྱང་ཡིན་པས་མཁར་སིལ་དུ་གྲགས་ནའང་། མཆོད་རྟེན་ཡེ་ཤེས་ལས་གྲུབ་པའི་ཀུན་གསལ་ཆོས་སྐུ་སྟེང་མ་དང་། འོག་མ་བསོད་ནམས་ལས་གྲུབ་པའི་སྙིང་པོ་གཟུགས་སྐུ། ཡང་ན་སྟེང་གཟུགས་སྐུ་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ། འོག་གཟུགས་སྐུ་སངས་རྒྱས་སྤྲུལ་སྐུ་དེ་གཉིས་ཀྱི་བར་སྟོང་པ་ཉིད་ཆོས་ཀྱི་སྐུའི་སངས་རྒྱས་དང་། རྭ་བཞི་སྡུག་བསྔལ་ཀུན་འབྱུང་འགོག་ལམ་གྱི་བདེན་བཞིའམ། རྭ་གཉིས་དོན་དམ་ཀུན་རྫོབ་གཉིས། ཡང་མིག་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས། ཡར་རྩེ་དང་མར་རྩེ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད། སྟོན་པའི་ཅུ་ཞོགས་དང་། འཁོར་བའི་རྒྱ་མདུད་ལ་ཆོས་ཀྱི་འཁོར་ལོ། ཆུ་ཤིང་ལྟར་སྙིང་པོ་མེད་ནའང་ཐར་བའི་ལམ་དང་། གནོད་པ་བསྐྲོད་ཅིང་དགེ་བ་ལ་བསྐུལ་བའི་མཁར་བ་སིལ་སྙན་གྱི་སྒྲ་སྐད། དྲན་པ་བཞི་དང་རྫུ་འཕྲུལ་རྐང་བཞིས་ཡང་དག་སྤོང་བ་བཞི་དང་། དབང་པོ་ལྔ་སྟོབས་ལྔ་སྟེ་དགེ་བའི་ཕར་ཕྱིན་དྲན་པ་གསོ་བ་འདི་ལྟར་ཡིན་ཞེས་སྦྱིན། གལ་ཏེ་མཁར་བ་གཞན་འཆང་ན། དགེ་འདུན་གྱི་གནང་བའམ་སྐབས་གཞན་ནད་པ་ལ་སོགས་པ་འཁར་བའི་གནང་བ་དགོས་པ་ཡིན་གསུང་པ་ཐོས། དེ་ནས་དེའི་གྲོགས་ལྡན་པ་ལ་གཏད་ལ། བཙུན་ཆས་དགེ་སློང་གི་ཆས་བསྐོན། ཕ་གུ་དང་རྩ་དང་གདིང་བ་ལ་བཞག་པ་ལ་མཁན་པོས་འདི་སྐད་ཅེས་དཀྱིལ་འཁོར་ལ་ལྟས་ཤིང་དགེ་འདུན་རྣམས་ངེས་པས་འདི་སྐད་ཞུའོ། །ན་མོ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཆོས་སྨྲ་བའི་དགེ་འདུན་ཆོས་ལྡན་འདུས་པ་རྣམས་དགོངས་སུ་གསོལ། ཚེ་དང་ལྡན་པ་མི་འདི་ཞེས་བྱ་བ་འདི་ཉིད་དགེ་སློང་གི་དགེ་འདུན་དུ་བཟུང་དུ་གསོལ་ཞེས་གསོལ་བ་གདབ་པས། དཀྱིལ་འཁོར་ལྷ་དང་ཕྱོགས་བཅུའི་དགེ་འདུན་གྱི་བཀའ་གནང་བར་མོས་འདུན་བྱས་ལ། སློབ་དཔོན་རྣམ་གཉིས་དང་དགེ་སློང་བསླབ་སྡོམ་ཐོབ་པའི་དུས་བགོ་བའི་ལས་ཀྱི་ཆོ་ག་ཤེས་པའི་ཁ་སྐོང་འོས་པ་ཡོད་ན་དེ་ལ་གཏད། དགེ་སློང་གི་བསླབ་སྡོམ་ཐོབ་པར་ངེས་པར་སློབ་པ་གལ་ཆེའོ། །གལ་ཏེ་ཁ་སྐོང་འོས་པ་མེད་ན་དེ་ཙམ་ལ་དགེ་སློང་དུ་མོས་འདུན་བྱས་ནས། སློབ་དཔོན་གྱི་བྱ་བ་གཞན་དུ་མཁན་པོས་གསོལ་བ་བཏབ་པ་ལ་བརྟེན་པར་དམ་བཅས་ལ་སློབ་དཔོན་གྱི་བྱ་བའི་གདམས་ངག་བསྡུས་ནས་མཁན་པོས་མན་ངག་བརྗོད་པ་ནི། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཡོད་ཀྱང་། རྩ་བའི་ཕམ་པ་བཞི་ལ་མི་སྤྱོད་དམ་ཞེས་བརྗོད་པའི་ལན་དུ་མི་སྤྱོད་ལགས་ཞེས་ཞུ། དགེ་སློང་གི་ཆོས་བཞི་སྟེ། བརྡེག་པ་ལ་སླར་མི་བརྡེག་པ་དང་། གཤེ་བ་ལ་སླར་མི་གཤེ་བ་དང་། ཁྲོ་བ་ལ་སླར་མི་ཁྲོ་བ་དང་། འཚང་འབྲུ་བ་ལ་སླར་མི་འབྲུ་བར་སྤྱོད་དམ་ཞེས་དྲིས་པའི་ལན་དུ་སྤྱོད་ལགས་ཞུ། གནས་མལ་ཤིང་དྲུང་པ་དང་། གོས་ཕྱག་དར་ཁྲོད་པ་དང་། ཟས་བསོད་སྙོམས་པ་དང་། སྨན་རྐུས་ཏེ་བོར་བ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། ལྷག་པར་རྙེད་པ་ན་ཁང་པ་རྩེགས་པ་ལྔ་བརྒྱ་པ་དང་། གོས་ཚོན་སྣ་རྒྱབ་པ་དང་། ཁ་ཟས་རོ་བརྒྱ་པ་དང་། སྨན་རྩ་བ་ལ་ཡལ་འདབ་འབྲས་བུ་བཅས་པ་ཡང་འོས་པ་སྟེ། ཇི་ལྟར་བསླབ་པ་ཐོབ་ནས་དགྲ་བཅོམ་པ་ཐོབ་ནས་ལོ་བརྒྱ་ལོན་པ་དེས་བསླབ་པ་དེ་དང་ཁྱེད་ཀྱི་བསླབ་པ་ཡང་མཚུངས་པས་ཚངས་པ་མཚུངས་པར་སྤྱོད་པ་ཞེས་བྱ་སྟེ། དེ་ལྟ་བུ་ལ་ཁྱོད་སློབ་བམ་ཞེས་བརྗོད་ལན་སློབ་ལགས་ཞུ། དེ་ནས་ཕྱག་ཕུལ་ནས་བཀའ་དྲིན་ཆེའོ་ཞེས་མཁན་པོ་ལ་ཞུ་བ་ནི། དགེ་བསྙེན་དགེ་ཚུལ་དགེ་སློང་གང་བྱེད་ཀྱང་། སློབ་དཔོན་དེས་དཀོན་མཆོག་གི་གྲལ་དུ་ཁྱེད་ཚུད་པ་ལ་དགའ་བ་དང་། དེ་མཁན་པོ་པའི་བཀའ་དྲིན་ཡིན་པ་ལ་དེར་ཤེས་པའི་དགེ་བསྐུལ་བྱའོ། །གྲོགས་ཀྱིས་ཀྱང་དེ་ལྟར་བྱའོ། །མིང་བླ་མ་སློབ་དཔོན་ཟེར་ཡང་རང་གིས་མཁན་པོར་བཟུང་། མཁན་པོ་ཡོད་ན་གནས་ཀྱི་བླ་མ་གཞན་བཙལ་མི་དགོས། གཞན་དུ་ལོ་ལྔ་དགེ་སློང་མ་བརྟེན་གྱི་བར་དུ་གནས་ཀྱི་བླ་མ་དང་མི་འབྲལ་ཅིང་། དགེ་ཚུལ་དགེ་བསྙེན་དང་ཞག་གཉིས་ཉལ་ཀྱང་གསུམ་དུ་སྦྲེལ་ནས་ལྷན་དུ་མི་ཉལ། རྒན་པ་ལ་བྱ་བ་ཞུ་ཞིང་སངས་རྒྱས་དང་མཁན་པོ་ལ་མིང་འབོད་མི་བྱ། མཁན་སློབ་ལ་ཕ་མ་དང་། རང་ལ་བུའི་འདུ་ཤེས་བྱ་བར་བཤད། དགེ་བསྙེན་གྱི་སྐབས་ལྟར་སྐྱབས་འགྲོའི་བསླབ་པ་བཟུང་བ་ནི། སངས་རྒྱས་རྗེས་དྲན། ཆོས་རྗེས་དྲན། དགེ་འདུན་རྗེས་དྲན། ཚུལ་ཁྲིམས་རྗེས་དྲན་དུ་བཟུང་བའོ། །དེ་ལྟར་སྡོམ་པ་ཐོབ་པ་ལ་རིམ་པར་ཙ་ཀའི་དབང་བསྐུར་ཞིང་ལམ་ཁྱེར་ངང་བསྒོམ་ལ་སོགས་བརྗོད་ནས་བསླབ་སྡོམ་རྗེས་བསྐྱང་བར་བྱའོ། །སྒྱུ་འཕྲུལ་ལམ་རིམས་ལས། མཁན་པོ་ལུང་དང་མན་ངག་བཅས། །ལྷན་ཅིག་བྱེད་པའི་རྐྱེན་དུ་འདོད། །ཅེས་ཀྱང་གསུངས་སོ། །དགེ་སློང་གི་ཆོ་ག་སློབ་དཔོན་གྱི་བྱ་བ་ཁ་འཕངས་དང་བཅས་པ་རྫོགས་སོ།། །།
༅། །ན་མོ་གུ་རུ། ད་ནི་རང་རྒྱལ་བསླབ་སྡོམ་ཚུལ། །དེ་ཡང་སྟོན་པ་སངས་རྒྱས་གཅིག །ལྷ་མི་དང་ནི་ཉན་ཐོས་དང་། །རང་རྒྱལ་དང་ནི་བྱང་སེམས་དང་། །བླ་ན་མེད་པའི་ཐེག་པ་སྣང་། །སྣང་ཡང་སངས་རྒྱས་ཐུགས་མཁྱེན་བརྩེའི། །དེ་བཞིན་ཉིད་གཡོ་འགྱུར་མེད་ཀྱང་། །གདུལ་བྱའི་ལས་དང་ཐུགས་རྗེ་འབྲེལ། །ལས་འཕྲོ་སྐལ་འཚམ་ཚུལ་དུ་སྣང་། །སེམས་གཅིག་དངས་དག་ཀུན་སྣང་དཔེ། །འཐེབ་ཚིགས་ཙམ་གྱི་མི་གཅིག་གིས། །ལུང་པ་མཐོང་དང་མེ་ལོང་ནི། །ལག་མཐིལ་ནང་དུ་ལུས་རྒྱན་གསལ། །ཟླ་གཅིག་ཆུ་མང་མཐོང་འདྲེས་ལྟར། །ལུང་སྤྱི་རྩ་རྒྱུད་གསང་སྙིང་ལས། །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །སྡིག་སྤོང་གཟུགས་སུ་རྣམ་པར་བསྟན། །དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །གཞན་ཡང་ཐེག་མཆོག་རིམ་པ་བཞིན། །ཞེས་པས་ལྷ་མིའི་ཐེག་ཐུབ་དྲུག །ཐུབ་རེའང་རྡུལ་སྙེད་གང་འཚམས་ཁྱབ། །ཀུན་ཀྱང་སྡིག་པ་སྤོང་གཟུགས་སྣང་། །དེ་ཕྱིར་གོ་མཚོན་མེ་ཆུའང་། །སྡིག་པ་མི་དགེ་སྤོང་གཟུགས་ཡིན། །ཉན་ཐོས་དགེ་བའི་ཚུལ་ཁྲིམས་འཛིན། །དགེ་བསྙེན་དགེ་ཚུལ་དགེ་སློང་གིས། །ཆོས་བསྡུད་ཉོན་མོངས་དགྲ་བཅོམ་པའི། །སྟོན་པ་མཁན་སློབ་གྲོགས་བཅས་གཟུགས། །མདོ་སྡེར་མ་འོངས་ཐ་མའི་དུས། །ང་ཉིད་མཁན་པོ་སློབ་དཔོན་གྱི། །གཟུགས་ཀྱིས་འབྱོན་པར་བཤད་འདུག་གསུང་། །རང་རྒྱལ་ལུས་ཀྱི་རྫུ་འཕྲུལ་གྱིས། །སེམས་ཅན་དོན་བྱེད་སྐྱེ་བོ་ཡིས། །སྟོན་པ་འདི་དང་འདི་ལྟ་བུ། །སྟོན་པ་རང་རྒྱལ་འབུམ་པས་ལྷག །དེ་ལ་མཇལ་མཉེས་བྱེད་ཤོག་སྨོན། །ནེ་ཙོ་ཁྱུ་ལྡིང་བསེ་རུ་ལྟར། །གཅིག་པ་ཆས་ཚུལ་ངན་བསྙམས་པས། །ནམ་མཁའ་ལ་འཕགས་རྫུ་འཕྲུལ་སྟོན། །བསེ་རུ་ནེ་ཙོ་གཉིས་ཀ་ཡང་། །ཉན་ཐོས་སངས་རྒྱས་ཆོས་དགེ་འདུན། །སྐྱབས་གསོལ་ཚོགས་ལམ་ཆེ་འབྲིང་ཆུང་། །ལུས་ཚོར་སེམས་ཆོས་དྲན་ཉེར་བཞག །འདུན་བརྩོན་རྟོག་སྤྱོད་རྫུ་འཕྲུལ་གྱི། །རྐང་པ་དེ་བཞིན་སྡིག་སྤོང་བཤགས། །དགེ་བསྐྱེད་དགེ་བ་སངས་རྒྱས་བསྔོ། །སངས་རྒྱས་མ་ཐོབ་བར་དུ་ནི། །རང་རྒྱལ་ཐོབ་སྨོན་སྦྱོར་ལམ་དུ། །དྲོད་དང་རྩེ་མོ་བཟོད་པ་དང་། །ཆོས་མཆོག་ཆུང་འབྲིང་ཆེ་གསུམ་སྟེ། །བཅུ་གཉིས་ཚོགས་ལྟར་སྦྱོར་ལམ་ལ། །དད་བརྩོན་དྲན་ཏིང་ཤེས་རབ་ཀྱི། །དབང་པོ་ལྔ་དང་སྟོབས་ལྔ་པོས། །མ་དད་ལེ་ལོ་བརྗེད་ངས་དང་། །རྣམ་གཡེང་གཏི་མུག་བཅོམ་པ་ཡི། །དགེ་བའི་དྲོད་གསུམ་རྟགས་རྩེ་གསུམ། །ཐོབ་ནས་སྟོད་སྨད་ཉོན་མོངས་བཟོད། །ཆུང་དང་འབྲིང་ཐོབ་དེའི་ཚེ། །གྲོགས་ལ་སྐྱོ་བས་སྨོན་ལམ་དུ། །མངོན་རྟོགས་རྒྱན་ལས། སངས་རྒྱས་རྣམས་ཀྱང་མི་འབྱུང་ཞིང་། །ཉན་ཐོས་རྣམས་ཀྱང་མེད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་སྨོན་དེ་གྲུབ་རིགས་མཐོ་བ། །རྒྱལ་དང་བྲམ་ཟེའི་རྒྱུད་སྐྱེས་ནས། །བསླབ་སྡོམ་དྲང་སྲོང་དྲུང་དུ་བླངས། །དཔོན་སློབ་འདོན་པ་འདུན་ཅིག་པའི། །བཀྲ་ཤིས་སྨོན་གྲུབ་སྤྱོད་ལམ་བསླབས། །དཔག་བསམ་ཤིང་དྲུང་དབེན་པ་སྐྱེས། །འབྲས་བུ་ནས་བཟུང་རྩ་བའི་ཚུལ། །བདེན་མེད་བདག་མེད་རྟེན་འབྲེལ་ཙམ། །རྟོགས་གྲོལ་ཕྱི་ཡི་གཟུགས་ཞེན་སྤངས། །དུར་ཁྲོད་ཀེང་རུས་མཐོང་བ་ཡིས། །རྒ་ཤི་ནས་བཟུང་སྐྱེ་སྲིད་མཐར། །མ་རིག་འགགས་སྙན་རིག་ལ་ནི། །སྐད་ཅིག་འགྱུ་མཐོང་དེ་བདེན་ཞེན། །རིག་པ་རྐྱང་འདོད་ཉམས་ལེན་ལ། །སྨྲ་བཅད་འཚོ་རྐྱེན་བསོད་སྙོམས་བྱས། །ཉན་ཐོས་གང་ཟག་བདག་མེད་ཆོས། །སྐད་ཅིག་སེམས་མཐོང་སངས་རྒྱས་ཀྱི། །ཆོས་སྐུ་མཐོང་བས་སངས་རྒྱས་ཀྱི། །གཟུགས་སྐུ་ལྟ་ཞེས་ལུང་བཤད་ལྟར། །རང་སངས་རྒྱས་ཤིས་དེ་བདེའི་རྒྱུས། །འབྲས་བུ་རྫུ་འཕྲུལ་ཡིད་བཞིན་དུ། །བདེ་བ་མཆོག་དེའི་ས་ཐོབ་ཚེ། །རང་ཉིད་བྱང་ཆུབ་འབྲས་བུ་ཐོབ། །གཞན་དག་སྡིག་བཟློག་རྫུ་འཕྲུལ་སྟོན། །མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་གསུངས་ལུང་ལས་རང་རྒྱལ་ནི། །སྙིང་རྗེ་ཅན་འབྱུང་ལུང་བསྟན་ལྟར། །སྟོན་པའི་སྤྲུལ་པ་དེ་མཐོང་ནས། །རང་རྒྱལ་མོས་འདུན་ཐོབ་མང་གྱུར། །དེ་ཕྱིར་རང་རྒྱལ་བསླབ་སྡོམ་ལ། །རྒྱུ་དུས་ཉན་ཐོས་བསླབ་སྡོམ་བླང་། །དེ་ཐོབ་ལྷ་མིའི་བསླབ་སྡོམ་ལ། །བཀྲ་ཤིས་སྨོན་ལམ་འགྲོ་ཕན་གཅེས། །རྒྱུ་འབྲས་གཉིས་ཀའང་ཚོགས་ལམ་གྱི། །ཐོས་བསམ་ལྟ་དུས་ཤེས་དགོས་བཤད། །ལམ་རིམ་ལས། དེད་དཔོན་རིན་ཆེན་ཇི་བཞིན་དུ། །གདོད་མཐའི་བྱེ་བྲག་འདིར་ཤེས་དགོས། །ཞེས་ཏེ། ཉན་ཐོས་བསླབ་ལེན་བཅས་པའི་ཁྲིམས། །ཤེས་ནས་ཉམས་ལེན་གནང་བཀག་རྒྱུའོ། །ལྷ་མིའི་བསླབ་ལེན་རང་བཞིན་གྱི། །དགེ་དང་མི་དགེའང་རྐྱེན་ཕན་གནོད། །བླང་དོར་ཤེས་ལེན་འབྲས་བུའི་དཔེའང་། །བསོད་སྙོམས་མི་སྦྱིན་སྡིག་པོག་ཚེ། །དགེ་ལ་ཁོད་ངེས་རྩལ་འབྱོངས་པས། །སྡིག་ལྟ་གནོད་སེམས་བྱེད་མཐོང་བའི། །མངོན་ཤེས་ལྟས་ཚོར་བསོད་སྙོམས་བྱས། །མགོ་བཅག་ངན་སྦས་ཀྱིས་བཅོམས་ཀྱང་། །སྡིག་ཅན་དེ་ལ་མི་ཁྲོ་བར། །སྙིང་བརྩེས་རྫུ་འཕྲུལ་བསྟན་བྱས་ནས། །སྡིག་འགྱོད་སྡིག་གྲོལ་དེ་མཁྱེན་པས། །ཐུགས་ནས་མེ་བྱུང་མྱང་འདས་ཀྱི། །རིང་བསྲེལ་བཞག་ལ་མཆོད་སྨོན་གྲུབ། །རང་རྒྱལ་བསད་པའི་སྡིག་ཅན་དེས། །རང་རྒྱལ་རང་ལས་ལྷག་པ་ཡི། །སངས་རྒྱས་བསྐལ་མཐར་མཉེས་བྱས་ནས། །དགྲ་བཅོམ་ལོངས་འོངས་ཐོབ་ཅེས་བཤད། །དེ་ཕྱིར་འབྲས་བུ་རང་བྱང་ཆུབ། །དེ་ཡང་རང་རྒྱལ་བསླབ་སྡོམ་ནི། །གནང་བཀག་བླང་དོར་ཤེས་པ་ཡིས། །འགྲོ་ཕན་དོན་གཉེར་རྒྱུ་ཡི་དུས། །རང་གཞན་ཕན་གྲུབ་འབྲས་བུའི་དུས། །ཐམས་ཅད་མཁྱེན་པ་ཕྱག་འཚལ་ལོ། །རང་རྒྱལ་གྱི་བསླབ་སྡོམ་ལེན་པར་འདོད་པས། ཁྲུས་ཕྱག་རྟེན་མཆོད་བགེགས་གཏོར་བྱས་ནས། །བཀྲ་ཤིས་ཀྱི་རྫས་འཛོམ་པ་དང་། བསླབ་སྡོམ་གྱི་ཚིག་ཉན་ཐོས་ཀྱི་དང་ལྷ་མིའི་མགོར་ཁ་བསྒྱུར་ཤེས་པར་བྱ་སྟེ། གཞན་མཐུན་ཏོ། །ཐེག་ཆེན་ལྟར་དུ་རང་གཞན་ཐམས་ཅད་སངས་རྒྱས་བྱང་ཆུབ་ཀྱི་ཆེད་དུའམ། རང་གཞུང་ལྟར་དུ་དམིགས་གཏད་ཀྱི་རང་དང་གཞན་ལ་ཕན་བདེའི་དོན་གྲུབ་པའི་ཆེད་དུ། རང་སངས་རྒྱས་དང་རང་བྱང་ཆུབ་ལ་བསླབ་པར་མོས་པ་རྗེས་བཟློས་མཛོད་ཅིག །སྟོན་པའམ། དྲང་སྲོང་ཆེན་པོའམ། བཙུན་པའམ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་ཅེས་པ་ནས་ཉན་ཐོས་དགེ་བསྙེན་དགེ་ཚུལ་དགེ་སློང་གང་རུང་དང་གང་མོས་ཐོབ་ནས། ལྷ་མིའི་སྡོམ་བཟུང་དགེ་ཚད་མེད་བསམ་བརྟན་བྱ་སྟེ། མངོན་པ་མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཅེས་པས། བསམ་གཏན་བཞིའི་ཏིང་ངེ་འཛིན་ལ། སྟོན་པ་སངས་རྒྱས། བསེ་རུ་རང་རྒྱལ། ཉན་ཐོས་བྱང་ཆུབ། གཅིག་ཏུ་མཚུངས་པར་སྦྱར་རོ། །རྗེས་ལ་བཀྲ་ཤིས་ཀྱི་རྫས་དགེ་འདུན་གྱིས་སྤྱད་པར་རུང་བ་ལ་རོལ་བའམ། སྔོན་དུ་བཀྲ་ཤིས་ཀྱི་རྫས་གང་ཡང་རུང་བ་བྱིན་གྱིས་བརླབས་པ་ལ་རོལ་ནས། རྗེས་བསྐྱང་ཞིང་བསླབ་པ་ཐོབ་པའི་དགེ་བ་བསྔོའོ། །རང་སངས་རྒྱས་ཀྱི་བསླབ་པའི་ཆོ་ག་གཏན་ཚིགས་དང་བཅས་པ། ལྷ་མི་ཉན་ཐོས་ལས་ཁ་བཀང་བའི་ཚུལ་དུ་ཅུང་ཟད་བརྗོད་པའི་ཕྱག་ལེན་རྫོགས་སོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །དགེའོ།། །།
༅། །ན་མོ་གུ་རུ། ད་ནི་བྱང་སེམས་ཐེག་ཆེན་དབང་རིག་གཏད། །མདོ་ཆེན་ལྷ་ཡི་གཙོ་བོ་འདམ་ཁ་གཉིས། །ཐུབ་པས་གཙོ་མཛད་མདོ་སྡེ་སྤྱོད་དབུ་མ། །ཐུབ་ཆེན་ལྷ་ལས་བབས་པའི་མཛད་པ་ཡིས། །ཡུམ་ལྷའི་སུམ་ཅུ་རྩ་གསུམ་སྐྱེས་དོན་མཛད། །ཡུམ་ཆེན་གཙོ་མཛད་རྣལ་འབྱོར་སྤྱོད་དབུ་མ། །ཐུབ་ཡུམ་བུ་མོ་རི་དྭགས་མ་དེར་སྐྱེས། །ལུས་ཀྱི་བུ་གཅིག་སངས་རྒྱས་སྨོན་གྲུབ་གསུང་། །སངས་རྒྱས་སྟོང་རྩའི་ཡུམ་མཆོག་ཕར་ཕྱིན་མ། །ཐུབ་ཆེན་དཀའ་ཐུབ་བྱང་ཆུབ་བར་སྐྱབས་ཤིང་། །ཐུབ་སློབ་རྣམས་ཀྱང་སྲིད་པ་ཇི་སྲིད་སྐྱོང་། །དེས་ན་འཇུག་སྒོ་ལུགས་གཉིས་ཁྱད་མཛད་ནས། །དབུ་མ་ལུགས་དང་སེམས་ཙམ་ལུགས་གྲགས་ནའང་། །མདོ་དབང་ལུགས་ལ་གཉིས་ཀ་དབུ་མར་མཛད། །ཀླུ་གྲུབ་གཡུ་ཐང་ཀྲས་དགུ་ལས་ཀྱང་བཤད། །རྣལ་འབྱོར་སྤྱོད་དབུ་རྣལ་འབྱོར་སྤྱོད་ཁྱད་བཤད། །ཐུབ་པས་གཙོ་མཛད་དབུ་མ་སེམས་བསྐྱེད་ལྟར། །བདག་བས་གཞན་གཅེས་དམྱལ་གནས་སྐྱེས་ལའང་ཤར། །སངས་རྒྱས་སྨོན་མཐོང་ཐོས་དྲན་འགྲོ་དྲུག་ཐུབ། །དེ་ཕྱིར་སེམས་བསྐྱེད་ཉན་ཐོས་ལྷ་མིའི་ཐེག །བསླབ་སྡོམ་སྔར་མ་ཐོབ་ལའང་སྐྱེ་ཞེས་གསུང་། །འགྲོ་འདོད་པ་དང་འགྲོ་བ་ལྟར་སྨོན་འཇུག །ཐ་དད་མི་བྱེད་སྨོན་ཐོབ་རྗེས་སྐྱོང་བ། །བསླབ་གྲངས་ཡན་ལག་བློ་སྟོབས་སྦྱར་ནས་སློབ། །ཡུན་ཆེན་གཙོ་མཛད་སྨོན་འཇུག་གཉིས་བྱེད་ལྟར། །ཉན་ཐོས་ལྷ་མིའི་སྡོམ་ལྡན་རྟེན་དུ་བྱེད། །དེ་ལ་སེམས་ཙམ་ལུགས་གྲགས་མདོ་དབང་ལྟར། །རྣལ་འབྱོར་སྤྱོད་པའི་དབུ་མ་ཕྱི་མོ་པའོ། །ལྷ་མིས་བཅས་པའི་ཁ་ན་མ་ཐོ་དང་། །རང་བཞིན་ཁ་ན་མ་ཐོའི་དགེ་སྡིག་ཁྱད། །མ་ཤེས་ན་ཡང་ཁྲིམས་བཟང་བཟུང་སེམས་དུལ། །ཚད་མེད་འཚེ་གནོད་ཕྲག་དོག་ཆགས་སྡང་སྤངས། །ཡིད་ཕམ་སེམས་ངལ་བསོ་བའི་བསམ་གཏན་གྱིས། །དམྱལ་ཐར་ལྷར་སྐྱེས་དྲན་པ་ཉེར་བཞག་བཤད། །ཉན་ཐོས་ལྷ་བྱིན་རྒྱལ་པོ་འདོད་དྲེགས་ཤིང་། །ཐུབ་ལ་དད་མེད་བརྩོད་ལའང་སྡོམ་སྐྱེས་བཤད། །རང་རྒྱལ་སླབ་ནི་རྟེན་འབྲེལ་མི་ཤེས་དང་། །སྐྱོ་དད་ཕན་སེམས་མེད་ལ་མི་སྐྱེ་བ། །རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་ཆོས་ཤེས་ཤིང་། །རང་རྒྱལ་གཞན་སླུན་འཁྲུལ་འཁོར་ལ་སྐྱོ་བས། །གཅིག་པུ་བྱང་ཆུབ་ཐར་པ་ལ་དད་ཅིང་། །ལྟོག་ལྟའི་སྡིག་ལྟ་བསལ་ཕྱིར་རྫུ་འཕྲུལ་བསྒྲུབ། །ཚད་མེད་བྱམས་བརྩེ་དགའ་དང་བཏང་སྙོམས་ཀྱི། །བསམ་གཏན་སྙོམས་འཇུག་སྐྱེ་སྔོན་སྒོམས་སྨོན་གྲུབ། །ད་ནི་བྱང་སེམས་ལྟ་བ་ལ། །ཕྱི་ནང་ཕྱི་པ་སེམས་ཙམ་ལ། །དཀར་དམར་རྣམ་བཅས་རྣམ་བདེན་དང་། །དཀར་དམར་རྣམ་མེད་རྣམ་རྫུན་པས། །ཀུན་རྫོབ་མདོ་སྡེ་ས་བཅུ་ལས། །ཀྱེ་ཀྱེ་རྒྱལ་བའི་སྲས་དག་ལ། །ཁམས་གསུམ་པོ་ནི་སེམས་ཙམ་དང་། །སེམས་ནི་སྟོང་པ་ཙམ་ཞེས་ཏེ། །དོན་དམ་རྣམ་ཤེས་རང་སྟོང་ལ། །དོན་དམ་ནང་པའི་རྣལ་འབྱོར་སྤྱོད། །འདི་སྐད་དུ། རྣམ་པར་ཤེས་པ་དོན་དམ་འདོད། །དེ་ཡང་མཁས་རྣམས་མི་འདོད་དེ། །ཞེས་པས་རྣམ་ཤེས་ཡེ་ཤེས་འབྱེད། །གཉིས་པ་གཉིས་ནི་དབུ་ཡེ་ཤེས། །མདོ་སྡེ་སྤྱོད་དབུ་རྣལ་འབྱོར་སྤྱོད། །དབུ་མའི་གཞུང་ཆེན་ཕྱི་མོ་པའོ། །དང་པོ་མདོ་སྡེའི་དབུ་དོན་དམ། །རྣམ་ཤེས་མི་རྟོག་ཡེ་ཤེས་སྟོན། །འཇམ་དཔལ་དུ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་ཏེ། དབུ་མར་སེམས་བསྐྱེད་ཀླུ་སྒྲུབ་ལུགས། །ཐུབ་ནས་འཇམ་དཔལ་ལ་རྒྱུད་གསུང་། །སྡོམ་པ་ཉི་ཤུ་པ་ལྟར་སློབ། །སེམས་བསྐྱེད་ཀུན་རྫོབ་དོན་དམ་གཉིས། །དོན་དམ་བློ་རབ་བྱང་ཆུབ་སེམས། །ཆོས་དབྱིངས་བློ་འདས་བྱང་ཆུབ་འདོད། །ཀུན་རྫོབ་སྒྱུ་མའི་དཔེ་རྟོགས་ནས། །བྱང་ཆུབ་ཆེད་ཕྱིར་གང་ཡང་སྤྱད། །ཅེས་སོ། །གཉིས་པ་སེམས་ཙམ་ལུགས་གྲགས་པའི། །རྣལ་འབྱོར་སྤྱོད་པའི་དབུ་སེམས་བསྐྱེད། །སངས་རྒྱས་བྱམས་མགོན་སངས་རྒྱས་གསང་། །ཞི་བ་ལྷ་དང་ཇོ་བོ་རྗེ། །ནམ་མཁའ་སྙིང་པོའི་མདོ་སྡེ་དང་། །བསླབ་པ་ཀུན་ལས་བསྡུས་སོགས་ལུགས། །དེ་ཡང་ཡུམ་ཆེན་འབུམ་ཉི་ཁྲི། །ཡུམ་གྱི་དོན་དམ་སེམས་སྐྱེད་སྨོན། །འཇུག་པ་ཕར་ཕྱིན་དྲུག་གམ་བཅུས། །དྲིན་ལན་བསམ་པས་སྨོན་འཇུག་གཉིས། །ཡབ་སྲས་འཇལ་ནས་མུ་སྟེགས་ཀྱིས། །སྒྲོགས་ཚེ་ཀུན་དགའ་བོས་ཞུས་ལེན། །ཀུན་རྫོབ་སེམས་སྐྱེད་འཇུག་པ་ནི། །ཕྱོགས་བཅུའི་སངས་རྒྱས་སྐྱབས་གསོལ་སྦྲན། །ཉིན་མཚན་དུས་གསུམ་མཆོད་བཤགས་བསྔོ། །ལྟུང་བའི་ལྷག་མ་དཔེ་ཞི་བྱ། །ཞེས་སོ། །མདོ་དབང་ལུགས་འདིར་སྔོན་འགྲོ་མཐུན། །དངོས་གཞི་དབུ་མ་གསོ་སྦྱོང་བརྒྱད། །གང་ནུས་སློབ་བཅུག་སྨོན་འཇུག་གཉིས། །སེམས་ཙམ་རྣལ་འབྱོར་སྤྱོད་དབུ་མའོ། །མདོ་དབང་སྐབས་འདིར་མདོར་བསྡུས་ལས། །རྒྱས་པར་ཞུས་ཞེས་བཀའ་གནང་ལྟར། །དབུ་མ་སེམས་བསྐྱེད་པ་ལུགས་ལྟར། །སངས་རྒྱས་ཐུབ་པ་ཆེན་པོ་དང་། །འཕགས་པ་འཇམ་དཔལ་དེའི་གྲུབ་བོ། །རྡོ་རྗེ་བརྟན་པ་ཆེ་བ་དང་། །རྡོ་རྗེ་བརྟན་པ་ཆུང་བ་དང་། །ཁམས་པ་བ་རི་ལོ་ཙྪ་དང་། །ས་ཆེན་ཀུན་དགའ་སྙིང་པོ་དང་། །རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། །ས་སྐྱ་པཎྜི་ཏ་ཀུན་དགའ། །བླ་མ་འཕགས་པ་བློ་གྲོས་དང་། །ཁྲོ་ཕུ་ལོ་ཙྪ་བྱམས་པའི་དཔལ། །མཁན་ཆེན་ཀ་བཞི་གྲགས་གཞོན་ནུ། །མཁན་ཆེན་བསོད་ནམས་གྲགས་ཆེན་གྱིས། །བླ་མ་བསམ་གྲུབ་རྡོ་རྗེ་དང་། །ཟུར་ཧྂ་ཤཱཀྱ་འབྱུང་ལ་སྐྱབས། །སངས་རྒྱས་དོན་ཡོད་གྲུབ་པ་དང་། །མཁན་ཆེན་བསོད་ནམས་བྱོན་གྲགས་སྐྱོབས། །ད་ནི་སེམས་ཙན་སྨོན་འཇུག་གཉིས། །བཀའ་གདམས་ལུགས་གྲགས་མཆིམས་ལ་བརྒྱུད། །སངས་རྒྱས་བྱམས་པ་ཐོགས་མེད་དབྱིག་གཉེན་དང་། །བློ་བརྟན་དང་ནི་འཕགས་པ་གྲོལ་སྡེ་དང་། །བཙུན་པ་གྲོལ་སྡེ་མཆོག་སྡེ་དུལ་བའི་སྡེ། །སེང་བཟང་ཀུ་སུ་ལུ་གཉིས་གསེར་གླིང་པ། །ཨ་ཏི་ཤ་དང་འབྲོམ་སྟོན་སྤྱན་མངའ་བ། །གཞོན་ནུ་འོད་དང་ཆར་ཆེན་དཔལ་ལྡན་གྲོ། །སྒོམ་སེང་མཆིམས་དང་བསོད་ནམས་ཡེ་ཤེས་དང་། །མཁན་ཆེན་བསོད་ནམས་གྲགས་ཀྱིས་ཤཱཀྱ་འབྱུང་། །
༅། །ན་མོ་གུ་རུ་ཡེ། སེམས་བསྐྱེད་ལ། འདིར་སློབ་དཔོན་ཀླུ་གྲུབ་ཀྱི་བཀའ་སྲོལ། ཐེག་པ་ཆེན་པོ་དབུ་མའི་ལུགས་ཀྱི་ཆོ་ག་བྱ་ན། དེ་ལ་གཉིས། མ་བླངས་པའི་ཉེས་དམིགས་དང་། བླངས་པའི་ཕན་ཡོན་ནོ། །དང་པོ་ནི་སེམས་བསྐྱེད་མ་ཐོབ་ཅིང་། སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་ན་འཁོར་བར་འཁྱམ། གལ་ཏེ་ཞུགས་ཀྱང་མྱ་ངན་ལས་འདས་པ་ཙམ་ལས་སངས་རྒྱས་མི་སྲིད་དོ། །གཉིས་པ་ནི་གནས་སྐབས་ཀྱི་ཕན་ཡོན། མཐོང་བའི་ཆོས་ལ་མིང་དོན་འཕོ་ཞིང་བྱང་སེམས་སུ་འགྱུར། ལོ་ག་ཕ་རོལ་དུ། ངན་སོང་འགོགས་ཅིང་བདེ་འགྲོའི་མཆོག་ཐོབ། མཐར་ཐུག་ཏུ་ས་པའི་ཡོན་ཏན་རྣམས་རིམས་ཀྱིས་བསྐྱེད་ནས་སངས་རྒྱས་པ་ན་གཟུགས་ཀྱི་སྐུའི་ཉེ་ལེན་བྱེད་པའོ། །གང་ཟག་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ལེན་པར་བསམ། སྦྱོར་དངོས་རྗེས་གསུམ་ཀ་ལེན་པར་སྒོམ་པས་སེམས་ཅན་མཐའ་ཡས་ཤིང་མི་ཟད་པ་བཞིན་དུ་བསོད་ནམས་ཀྱང་མཐའ་ཡས་ཤིང་མི་ཟད་པ་ཡིན་ནོ། །དེ་ལྟར་ཤེས་པར་བྱས་ལ། ཆོ་ག་དངོས་ལ། སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་ལས། དང་པོ་ལ་གསུམ་ལས། རྟེན་བཤམ་པ། གསོལ་བ་བཏབ་པ། ཡན་ལག་བདུན་པ་བྱ་བའོ། །དང་པོ་གནས་བཟང་པོར་དཀོན་མཆོག་གི་རྟེན་དང་མཆོད་པ་བཤམ། གཉིས་པ་དགེ་བའི་བཤེས་གཉེན་ལ་ཞེ་ཐག་པ་ནས་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། ཅི་འབྱོར་བའི་ཡོན་དབུལ། གུས་པས་ཕྱག་བྱས་ལ་མཎྜལ་དབུལ། ཐལ་མོ་སྦྱར་ནས་འདི་སྐད་དུ། རིགས་ཀྱི་བུ་བདག་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བསྩལ་དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་བཏབ་བོ། །སློབ་དཔོན་གྱིས་ནུས་པ་ཇི་ལྟར་བཞིན་དུ་སྦྱིན་ཞེས་ཁས་བླང་ངོ་། །བཟང་སྤྱོད་ལ་སོགས་པའི་རྗེས་སུ་འགྲོ་བར་ཡན་ལག་བདུན་པ་རྒྱས་པར་དབུལ། སྐྱབས་འགྲོ་ཐེག་ཆེན་གྱི་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་འགྲོ་རྒྱས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། ཐོག་མར་བསམ་པ་སྦྱང་བ་དང་། བསམ་པ་ངེས་ནས་དམ་བཅའ་ཚིག་ཏུ་བརྗོད་པའོ། །དང་པོ་སྤྱོད་འཇུག་ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕངས་པ་མེད་པར་བཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདས། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཐམས་ཅད་བཏང་བར་ཆབས་གཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །ཅེས་གསུངས་པ་ལྟར། བདག་གི་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་དུས་གསུམ་དུ་བསྡུས་པ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་ལྟོས་པ་མེད་པར་སྦྱིན། རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་བར་སྨོན་པ་རྐང་གི་ཁོང་རུས་པའི་གཏིང་ནས་སྒོམས་ལ། དེ་ལྟར་བསམ་པ་ངེས་ནས། དམ་བཅའ་ཚིག་ཏུ་བརྗོད་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས། ཇི་ལྟར་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱ་བ་དང་། མ་གྲོལ་བ་རྣམས་གྲོལ་བར་བྱ་བ་དང་། དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ། དཔོན་སློབ་གཉིས་ཀའི་སེམས་མ་ཡེངས་པར་རྩེ་གཅིག་ཏུ་བྱའོ། །མཇུག་གི་ཆོ་ག་ལ་གསུམ་སྟེ། དགའ་བ་སྒོམ་པ། བསླབ་པ་བརྗོད་པ། གཏང་རག་བཏང་བའོ། །དང་པོ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་པ་བརྗོད་དུ་བཅུག་ལ། བྱང་ཆུབ་སེམས་དཔའ་འམ་སེམས་མར་གྱུར་ནས་དགའ་བ་སྒོམ། གཉིས་པ་རྒྱུ་ལ་གུས་པ། ནག་པོའི་ཆོས་བཞི་སྤང་བ་དང་། སེམས་ཅན་བློས་མི་སྤང་བ་གསུམ་དང་། སྨོན་པའི་བསླབ་བྱ་བསྡུས་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་བསམ་པ་དང་། འཇུག་པའི་བསླབ་བྱ་བསྡུས་པ་དོན་མེད་པའི་སྡིག་པ་མི་བྱེད་པ་དང་། ཅི་ནུས་ཀྱི་དགེ་བ་བསྒྲུབ་པ་ཞེས་བརྗོད། གསུམ་པ་ནི་དོན་ཆེན་པོ་འགྲུབ་པ་ཡིན་པས། ལོ་གདན་གཡུལ་ངོ་ལེགས་པ་ཙམ་ལ་ལྷ་མཆོད་པ་ཡོད་ན། འདིར་འཁོར་བའི་གཡུལ་ངོ་བཟློག་རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་ཐོབ་པ་ཡིན་པས་གཏང་རག་ཅི་མི་བྱ་སྟེ། དཀོན་མཆོག་ལ་མཆོད་པ། རྒྱུ་ལ་བསྙེན་བཀུར། དགེ་འདུན་ལ་རིམ་འགྲོ། འབྱུང་པོ་ལ་གཏོར་མ་བྱའོ། །འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་རྒྱས་གདབ། ཨཐྎ ཟུར་གྱི་ཆོས་རྗེ་བྱམས་པ་སེང་གེས། མདོ་དབང་ཆ་ལག་ཏུ་སེམས་བསྐྱེད་བསྡུས་པ་བྲིས་པས་ཕན་ཐོགས་པར་ཤོག །
༅། །བྱང་སེམས་ཀྱི་གསོ་སྦྱོང་ནི། བླ་མ་དང་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །དགོངས་སུ་གསོལ་ལོ། །ཇི་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ་བྱ་བ་ཤེས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པ་བྱ་བའི་ཕྱིར་དང་། གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་པ། ཉི་མ་མ་ཤར་གྱི་བར་དུ། ཐེག་པ་ཆེན་པོ་གསོ་སྦྱོང་གི་སྡོམ་པ་ངེས་པར་ཡང་དག་པར་བླང་བར་བགྱིའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པས། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲིི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་ལྟར་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་དཀྲུགས་འཇིག་རྟེན་འདིར། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །བྱང་ཆུབ་སེམས་དཔའི་གསོ་སྦྱོང་རང་གིས་བླང་བའི་ཆོ་ག །མདོ་ལས་བྱུང་བ་རྫོགས་སོ། །ཚུལ་ཁྲིམས་རྣམ་པར་དག་པར་བརྟན་པའི་སྔགས་ནི། ༀ་ཨ་མོ་གྷ་ཤི་ལ་སྂ་བྷ་ར་སྂ་བྷ་ར། བྷ་ར་བྷ་ར་མ་ཧཱ་ཤུ་དྷ་སྭ་ཧཱ། པདྨ་བྷི་བུ་ཤུདྷ་བྷུ་ཙ། དྷ་ར་དྷ་ར་ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང་ལྷ་སྙེན་བཟླས་སོ། །
༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སེམས་ཙམ་རྣལ་འབྱོར་སྤྱོད་པའི་དབུ་མ་ལ། མདོ་དབང་ལུགས་ཀྱི་སྨོན་པ་དང་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བའི་ཆོ་ག་ཆེན་པོ་ནི། སྔོན་དུ་སོ་སོར་ཐར་པའིི་སྡོམ་པ་ལ་གནས་པ་དེས། སྔོན་དུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་སྟེ། རྒྱུ་མཚན་གྱི་སྒོ་ནས་ཞིབ་ཏུ་ཕྱེ་ལ། ཐབས་སྣ་ཚོགས་ཀྱིས་སེམས་ཅན་ལ་སྙིང་རྗེ་ཅི་སྐྱེ་བྱ། སྐྱེས་པ་དང་སེམས་སྐྱེད་དངོས་གཞི་ལ། སྔོན་དུ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། མཆོད་པ་བཤམས། མཆོད་པ་ཅི་རིགས་པར་དབུལ། དེ་ནས་སེམས་ཁྱད་པར་ཅན་སྐྱེ་བར་བྱེད་པ་ལ་གགས་སྒྲིབ་པ་ཡིན་ཏེ། ཚེ་རབས་ཐོག་མ་མེད་པ་ནས་ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། ཚེ་འདིར་ཡང་སྡིག་པ་ཅི་བགྱིས་པ་ཐམས་ཅད་དང་། སྙིང་རྗེ་མེད་ཅིང་ཐེག་པ་ཆེན་པོ་ལ་མི་མོས་པའི་སེམས་བསྐྱེད་པའི་གགས་དང་། སྒྲིབ་པ་ཐམས་ཅད་སྟོབས་བཞིའི་སྒོ་ནས་བཤགས་ཏེ། འགྱོད་པའི་སྟོབས་དང་། ཉེས་པ་ལས་སླར་བཟློག་པའི་སྟོབས་དང་། རྟེན་གྱི་སྟོབས་དང་། གཉེན་པོའི་སྟོབས་སོ། །འགྱོད་པའི་སྟོབས་ནི། སྔར་གྱི་སྒྲིབ་པ་ཐམས་ཅད་བློས་བླངས་ནས་འགྱོད་པ་དང་བཅས་ནས་བཤགས་སོ། །ཉེས་པ་ལས་སླར་བཟློག་པ་ནི། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་པར་ཁས་ལེན་ཅིང་སྡོམ་པའོ། །རྟེན་གྱི་སྟོབས་ནི། སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་དང་ལྡན་པ་ཐམས་ཅད་དང་། ཆོས་སྐྱོང་བའི་སྲུངས་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་དང་། བཀའ་བརྒྱུད་ཀྱི་བླ་མ་རིག་པ་འཛིན་པ་ཐམས་ཅད་དང་། རང་གི་བླ་མ་བཞུགས་པའི་སྤྱན་སྔར་བཤགས་པ་བྱེད་པའོ། །ཀྱེ་སངས་རྒྱས་དྲུང་དུ་དཔང་པོ་གསོལ་བས་འདོད་དོན་སྨིན་ཆེ་འཕེལ་ཆེའོ། །ཆོས་སྨྲ་ཆོས་ལྡན་ཆོས་རྟེན་དྲུང་ན་ཆོས་བསྲུང་ཡོད་པས་དཔང་གསོལ་གཉན། སྙིགས་དུས་དགེ་འདུན་ལྔའམ་བཅུ་དྲུག་འཕགས་འདྲ་དཔང་གསོལ་ཕམ་ལྷག་དག །སྤང་ལྟུང་རྫས་སྤང་དགོས་ནའང་ཞེན་བྲལ་དགེ་སློང་ཅིག་དྲུང་བཤགས་སྡིག་དག །བསླབ་བྱ་ཉེས་སྡིག་རང་སེམས་དཔང་བཙུགས་ཕྱིས་སྡོམ་སྔར་འགྱོད་སྐྱོན་ཤེས་དག །སེམས་བསྐྱེད་སྤྱི་ཆེད་དོར་བའི་རང་འདོད་སེམས་བསྐྱེད་བསྐྱར་བླང་ཉམས་བཤགས་དག །དཔང་པོར་དཀོན་མཆོག་རྒྱལ་དང་རྒྱལ་སྲས་བླ་མ་དམ་པ་དགོས་སྔགས་འདྲའོ། །རང་སེམས་བླ་མ་དཀོན་མཆོག་ཤེས་སྨིན་ངོ་འཕྲོད་རང་དཔངས་ཀློང་གྲོལ་བརྐྱང་། གཉེན་པོའི་སྟོབས་ནི་ཆོ་ག་གཞུང་ལྟར་བྱེད་པ་ཡིན་ཏེ། གོང་གི་རྟེན་གྱི་སྟོབས་ཀྱི་སངས་རྒྱས་ལ་སོགས་པ་དེ་དག་དཔང་པོའི་ཚུལ་དུ་བཞུགས་པར་བསམས་ལ། ཚེ་ཐོག་མ་མེད་པ་ནས་ལས་ཀྱི་སྒྲིབ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གགས་དང་སྒྲིབ་པ་ཐམས་ཅད་བློས་རིལ་གྱིས་བླངས་ལ་བཤགས་པ་བྱ་སྟེ། ཕྱོགས་བཅུ་དང་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །བཀའ་རྒྱུད་ཀྱི་བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལྟར་སྐྱེ་བ་འདི་ལ་ཐུགས་པ་ཡན་ཆད་དུ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། དེའང་ཉེ་བ་ལྔ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་དང་། ཁ་ན་མ་ཐོ་བ་ལ་སོགས་པ་སྡིག་པ་མི་དགེ་བའི་ཕྱོགས་ནག་པོའི་ལས་ཅི་བགྱིས་པ་དང་། གཞན་བགྱིད་དུ་བཅུག་པ་དང་། བགྱིད་པ་ལ་ལེགས་པར་བརྗོད་པ་ལ་སོགས་པ་ནག་པོའི་ལས་བསགས། འཁོར་བ་ངན་སོང་གི་རྒྱུར་གྱུར་པ་དང་། ཐམས་ཅད་མཁྱེན་པའི་གགས་སུ་གྱུར་པ་ཐམས་ཅད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཡིད་དམ་གྱི་ལྷ་ཚོགས་དང་། མཁའ་འགྲོ་ཆོས་སྐྱོང་བ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་དང་། བཀའ་བརྒྱུད་ཀྱི་བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་པ་ཐམས་ཅད་དང་། སློབ་དཔོན་གྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་དོ། །སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཅེས་ལན་གསུམ་བྱའོ། །དེས་ཚེ་ཐོག་མ་མེད་པ་ནས་ལས་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་ཏེ་འདག་ལ་དག་པར་ཡང་བསམ་མོ། །དེ་ནས་སེམས་སྐྱེ་བ་ལ་ཚོགས་རྫོགས་དགོས་པ་ཡིན་ཏེ། དག་པ་གསུམ་དང་ལྡན་པས་ཚོགས་རྫོགས་ཤིང་བསོད་ནམས་བསག་དགོས། དེའང་དག་པ་གསུམ་ནི་ལས་རྣམ་པར་དག་པ་དང་། སྨོན་ལམ་རྣམ་པར་དག་པ་དང་། བསམ་པ་རྣམ་པར་དག་པའོ། །དང་པོ་ལས་རྣམ་པར་མ་དག་པ་ནི། མི་ལུས་གཙང་མ་མི་ཐོབ། ཐོབ་ཀྱང་དབང་པོ་སྒོ་ལྔ་མི་ཚང་། ཚང་ཡང་དམ་པའི་ཆོས་ཡོད་པར་མི་སྐྱེ། སྐྱེས་ཀྱང་ཆོས་བྱ་བའི་བསམ་པ་མི་སྐྱེ་བ་ཡིན་པ་ལ། ལས་རྣམ་པར་དག་པས་མི་ལུས་གཙང་མ་ནི་ཐོབ། དབང་པོ་སྒོ་ལྔ་ཚང་། དམ་པའི་ཆོས་ཡོད་པར་སྐྱེས་ནས་ད་ལྟ་ཆོས་ལ་འཇུག་པ་ཡིན་ལ། གཉིས་པ་སྨོན་ལམ་མ་དག་ན། ཐེག་པ་ཆེན་པོའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་བླ་མ་དང་མི་འཕྲད། འཕྲད་ཀྱང་མི་མོས། མོས་ཀྱང་ཆོས་ལ་མི་ཚུད་ཅིང་མི་འཛོམ་པ་ལ། སྨོན་ལམ་རྣམ་པར་དག་པས་བླ་མ་དང་མཇལ། མོས་ཤིང་དད་ནས་ད་ལྟ་བར་གང་གིས་ཀྱང་མ་ཆོད་པར་ཆོས་ལ་འཇུག །ཐེག་པ་ཆེན་པོར་སེམས་བསྐྱེད་ཅིང་དབང་ལ་འཇུག་པ་ནི་སྨོན་ལམ་རྣམ་པར་དག་པའོ། །གསུམ་པ་བསམ་པ་རྣམ་པར་མ་དག་པ་ནི། འཇིག་རྟེན་འདིའི་ཕྱིར་དང་། ཐེ་ཚོམ་ཡིད་གཉིས་དང་། གྲོགས་ཀྱི་ཟླ་ལ་ལེགས་དང་། སྐབས་ཀྱི་འཇུག་ཀྱང་བླ་མ་ལ་སོགས་ལོག་ལྟ་སྐྱེ་བ་ཡིན་ལ། ད་ལྟ་བསམ་པ་རྣམ་པར་དག་པས། འཇིག་རྟེན་འདིའི་ཕྱིར་དང་། གྲོགས་ཀྱི་ཟླ་ལེགས་མ་ཡིན་ཏེ། དད་པ་བརྟེན་པོས་བྱང་ཆུབ་ཁོ་ན་དོན་དུ་གཉེར་ཞིང་ཐེ་ཚོམ་ཡིད་གཉིས་མེད་པས། དམ་པའི་ཆོས་ལ་ཐག་ཆོད་པས་ལོག་ལྟ་མེད་པར་བླ་མ་དང་། ཐེག་པ་ཆེན་པོའི་ཆོས་ལ་དགའ་ཞིང་མོས་པས་འཇུག་པ་ནི་བསམ་པ་རྣམ་པར་དག་ཅིང་བསོད་ནམས་བསགས་པའོ། །དེ་ལྟར་དག་པ་གསུམ་དང་ལྡན་པས། ཚེ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆོད་དཀར་པོ་དགེ་བའི་ཕྱོགས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་བགྱིད་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པའི་དགེ་བ་ཐམས་ཅད་དང་། དེ་རིང་དཀོན་མཆོག་ལ་མཆོད་པ་འབུལ་བ་དང་། སློབ་དཔོན་མཉེས་པར་བྱས་པ་དང་། དག་པ་གསུམ་གྱི་སྒོ་ནས་སེམས་བསྐྱེད་པ་ལ་སོགས་པའི་དགེ་བ་ཐམས་ཅད་བློས་རིལ་བླངས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བསྔོ་སྟེ། ཕྱོགས་བཅུ་དང་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་ཐོག་མ་མེད་པའི་དུས་ནས། ད་ལྟ་སྐྱེ་བ་འདི་ལ་ཐུག་པ་ཡན་ཆོད་དུ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་བཅུ་དང་། ཕ་རོལ་དུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་བགྱིད་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བའི་རྩ་བ་ཐམས་ཅད་དང་། དེ་རིང་དཀོན་མཆོག་ལ་མཆོད་པ་ཕུལ་བ་དང་། ད་ལྟ་དག་པ་གསུམ་གྱི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །ཅེས་ལན་གསུམ་དུ་བྱའོ། །དེ་ནས་སེམས་བསྐྱེད་པ་ལ། སྔོན་དུ་རྒྱུ་གསུམ་འཛོམ་དགོས་པ་ཡིན་ཏེ། བསོད་ནམས་བསགས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང་། ཐེག་པ་ཆེན་པོའི་ཆོས་བདག་མེད་གཉིས་ལ་སོགས་མོས་པའོ། །དང་པོ་ནི་དག་པ་གསུམ་གྱི་སྒོ་ནས་བསོད་ནམས་བསགས་ཤིང་། བསྔོ་བ་དང་བཅས་པའོ། །གཉིས་པ་ནི། སྔོན་དུ་བྱམས་པ་དང་སྙིང་རྗེ་སྒོམ་ཞིང་འགྲོ་བའི་དོན་དུ་དམིགས་པའོ། །གསུམ་པ་ནི་ཐེག་པ་ཆེན་པོའི་ཆོས་སྟོང་ཞིང་བདག་མེད་པ་དང་། འགྲོ་བའི་དོན་གྱི་ཕྱིར་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་པའོ། །དེ་དང་ལྡན་པས་སེམས་བསྐྱེད་པ་ནི། དང་པོ་ལ་དཀོན་མཆོག་གསུམ་དང་། སློབ་དཔོན་ལ་ཕྱག་འཚལ་དུ་བཅུག་ལ། བསམ་པ་ནི་ཇི་ལྟར་མངོན་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་བཞིན་དུ། བདག་ཀྱང་སེམས་བསྐྱེད་པར་བྱའོ་སྙམ་དུ་བསམས་ལ། ཕྱོགས་བཅུ་དང་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཀའ་བརྒྱུད་ཀྱི་བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་དམ་པའི་ཆོས་ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་བསགས་པ་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་འཕགས་པའི་དགེ་འདུན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ། །ཇི་ལྟར་སྔོན་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆ ེན་པོ་རྣམས་ཀྱིས་དང་པོ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པ་དེ་བཞིན་དུ། བདག་ཀྱང་སེམས་བསྐྱེད་དོ། །ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ནག་པོ་མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པར་བྱ་སྙམ་དུ་བསམ་ལ། དགོངས་སུ་གསོལ་བ་འགྲེས། ཇི་ལྟར་མངོན་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པའི་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཐུགས་དང་པོ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་དང་། ཁ་ན་མ་ཐོ་བ་གསུམ་ལ་སོགས་པ་ནག་པོ་མི་དགེ་བའི་ཕྱོགས་རྣམས་སྤངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་ནས། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་དང་། ཁ་ན་མ་ཐོ་བ་ལ་སོགས་པ་སྡིག་པ་མི་དགེ་བའི་ཕྱོགས་རྣམས་སྤངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་བགྱིད་དོ། །ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཉིས་པ་དགེ་བ་ཆོས་བསྡུད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་མངོན་དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། སེམས་ཅན་གྱི་དོན་དུ་བྱང་ཆུབ་དུ་སེམས་བསྐྱེད་དེ་དཀར་པོ་དགེ་བའི་ཕྱོགས་རྣམས་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་བཞིན་དུ་བདག་ཀྱང་སེམས་བསྐྱེད་དེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་དཀར་པོ་དགེ་བའི་ཕྱོགས་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་སྙམ་དུ་བསམས་ལ། དགོངས་གསོལ་འདྲེ། ཇི་ལྟར་མངོན་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། དགེ་བ་བཅུ་དང་། ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་དཀར་པོའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་ནས་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ། དགེ་བ་བཅུ་དང་ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་དགེ་བའི་ཕྱོགས་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་བགྱིད་དོ། །ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ཞེས་བརྗོད་དོ། །གསུམ་པ་སེམས་ཅན་དོན་བྱེད་ནི། སྨོན་འཇུག་གཉིས་ལས། སྨོན་པ་ནི་གཞན་དོན་དངོས་སུ་སྒྲུབ་པར་མི་ནུས་པ་རྣམས་ལ། སྨོན་པས་འཇུག་ཅིང་སེམས་བསྐྱེད་པའོ། །འཇུག་པ་ནི་གཞན་དོན་བསྒྲུབ་པར་ནུས་ཚད། བདག་བས་གཞན་གཅེས་པར་འཛིན་པ་ལ་སོགས་དངོས་སུ་འཇུག་ཅིང་སེམས་བསྐྱེད་པའོ། །དེ་ལ་འདིར་སེམས་ཀྱི་དོན་བསྒྲུབ་པར་ནུས་ཚད་ལ་དངོས་སུ་འཇུག་ཅིང་། མི་ནུས་པ་མགོ་དང་རྐང་ལག་གཏོང་བ་ལ་སོགས་པ་ལ་སྨོན་པས་འཇུག་པའོ། །དེ་ལ་སྨོན་འཇུག་གཉིས་ཀྱི་ཆོ་ག་བསམ་པས་ཕྱེ་ལ་དུས་གཅིག་ཏུ་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་བསྡུ་བའི་དངོས་པོ་བཞི་དང་། ལུས་ལོངས་སྤྱོད་ལ་སོགས་པ་བཏང་སྟེ་བླ་ན་མེད་པའི་སངས་རྒྱས་ཐོབ་པ་བཞིན་དུ། བདག་གིས་ཀྱང་སེམས་བསྐྱེད་དོ་སྙམ་དུ་བསམ་ལ། དགོངས་སུ་གསོལ་བ་འདྲེས། ཇི་ལྟར་མངོན་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། ཚད་མེད་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལུས་དང་ངག་དང་ཡིད་དང་ལོངས་སྤྱོད་ཐམས་ཅད་བཏང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ། ཚད་མེད་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལུས་དང་ངག་དང་ཡིད་དང་ལོངས་སྤྱོད་ཐམས་ཅད་གཏོང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་བགྱིད་དོ། །ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །སེམས་ཅན་མ་གྲོལ་བ་ཐམས་ཅད་བདག་གིས་གྲོལ་བར་བགྱིའོ། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ་བར་བྱའོ། །དབུགས་མ་དབྱུང་བ་རྣམས་བདག་གིས་དབུགས་དབྱུང་བར་བྱའོ། །སེམས་ཅན་མྱ་ངན་ལས་མ་འདས་པ་ཐམས་ཅད་བདག་གིས་མྱ་ངན་ལས་འདས་པར་བགྱིའོ། །ཞེས་བརྗོད་དོ། །དེ་ནས་ཕྱག་བྱས་ལ་བཀའ་དྲིན་ཆེའོ་ཞ ེས་བྱའོ། །དེ་རྣམས་ཀྱི་དོན་བཤད་ལ་མ་ཉམས་པར་བསྲུང་ངོ་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་རྫོགས་སོ།། །།
༅། །ན་མོ་གུ་རུ། ད་ནི་འབྲས་བུ་གསང་སྔགས་ཕྱི་ནང་གཉིས། །ཕྱི་ལ་བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད། །མཚན་ཉིད་རྒྱུའི་ཐེག་པས་བདེན་པ་གཉིས། །སྐྱེད་རིམས་རྫོགས་རིམས་གཉིས་སུ་སྨིན་ཅིང་གྲོལ། །སངས་རྒྱས་གསུང་གཅིག་ཉིད་དུ་གསུངས་ན་ཡང་། །རང་རེའི་སྐད་དང་ཐེག་པ་རང་སར་ཐོས། །གང་དེ་མཐར་ཕྱིན་གཅིག་དེས་གྲོལ་བ་དང་། །ཀུན་ལ་རིམས་དང་ཅིག་ཆར་སླབས་གྲོལ་བའོ། །རྒྱུས་གྲོལ་འབྲས་བུས་སངས་རྒྱས་སྐུ་གསུང་ཐུགས། །དེ་མཐུས་སྐྱེ་འགྲོ་ཀུན་གྱི་ལུས་ངག་ཡིད། །དག་པའི་འཁོར་རྣམས་རིགས་ཀྱིས་བདག་དང་མཇལ། །མཁྱེན་བརྩེ་ཐབས་མཁས་མཐུར་ལྡན་ཆོས་འཁོར་སྐོར། །རིགས་ཀྱི་གཙོར་སྨིན་འཇམ་དཔལ་ཐུགས་རྗེ་ཆེ། །ཕྱག་ན་རྡོ་རྗེས་བཀའ་རྣམས་བསྡུས་པའི་མཐུས། །ཐུབ་བྱོན་ཉན་ཐོས་ཤེས་རབ་རྫུ་འཕྲུལ་དང་། །རྒྱལ་བའི་རིམ་འགྲོ་ཐོས་པ་འཛིན་པའི་མཆོག །ཉན་རང་དུ་མས་ཕྱོགས་གཅིག་མཚོན་མཐུས་སྣང་། །ཤ་རི་མོའུ་འགལ་བུ་དང་ཀུན་དགའ་སྣང་། །རྒྱལ་ཚབ་འོད་སྲུང་ཉེ་བ་འཁོར་ཀུན་དགས། །མངོན་པ་འདུལ་བ་མདོ་སྡེའི་བཀའ་བསྡུས་སྣང་། །དེ་ཚེ་རྒྱལ་བ་སྲས་འཁོར་ཀུན་དབྱེར་མེད། །ཁམས་གསུམ་མགོན་པོ་རིག་གསུམ་ཏྲི་ཡ་ན། །སྐུའང་སྐུ་གསུང་ཐུགས་ཕྱིར་གསུང་དང་ཐུགས། །གཅིག་ཀྱང་མཁྱེན་བརྩེ་མཐུ་འཕྲུལ་སྐུ་གསུང་ཐུགས། །མཚན་དང་དཔེ་བྱད་ཚངས་དབྱངས་ཡེ་ཤེས་རྣམས། །སྐྱེ་འགྲོས་ཐོབ་གྲོལ་ཕྱིར་དུ་ལུས་ངག་ཡིད། །ཞེན་བྲལ་མཚོན་ཕྱིར་གྲངས་གསུམ་རིགས་གསུམ་ལ། །མོས་བློས་ལྷ་སྐུ་ཡིག་གསུང་ཐུགས་མཚན་སྣང་། །རིགས་གསུམ་གཅིག་ཀྱང་གསུམ་སྟེ་དཀྱིལ་འཁོར་དགུ། །འཇམ་དཔལ་སྐུ་དང་ཐུགས་རྗེའི་གསུང་དང་གསང་བདག་ཐུགས། །འཇམ་སྐུ་གསང་བདག་གསུང་སྐུ་ཐུགས་རྗེའི་ཐུགས། །དེ་བཞིན་ཐུགས་རྗེའི་སྐུ་དང་གསང་བདག་སྐུའོ། །དམ་ལྡན་བདག་ཉིད་དམ་ཚིག་སེམས་དཔའ་ལས། །དོན་དམ་སེམས་ཉིད་ཀ་ནས་དག་པའི་དངོས། །ཡེ་ཤེས་ལྷ་ཡི་ངོ་བོར་ཡེ་ནས་བཞུགས། །ལྷ་མཆོག་ཡེ་ཤེས་སེམས་དཔའ་མཐུན་མཐོ་བར། །ཀུན་རྫོབ་རྗེ་དང་འབངས་ཀྱི་ཚུལ་མོས་དྲན། །དེ་ལྟའི་བློས་བསྐྱེད་ཡེ་ཤེས་གཤེགས་དམ་བསྡུད། །ཀ་དག་ཆོས་དབྱིངས་རྫོགས་རིམས་ཀློང་དུ་གྲོལ། །མཆོད་ན་བསོད་ནམས་སྨད་ན་སྡིག་ཕྱིར་བཤགས། །ད་ནི་ཨུ་པ་ཡ་སྟེ་ལུང་ཐོབ་བྱེད། །ཁྲུས་ཟས་བྱེད་གཙང་བྱ་བའི་རྒྱུད་སྡེ་ལས། །མི་འགལ་ནའང་གཙང་སྦྲ་བྲལ་སྤྱོད་བརྒྱུད། །ཀུན་རྫོབ་འགལ་འདྲའང་དོན་མཐུན་ལུང་བཞིན་སྤྱོད། །ཏྲི་ཡ་རིགས་གསུམ་མགོན་ལས་ཨུ་པ་ཡ། །རིགས་བཞིས་ཁྱད་མཛད་བྱ་སྤྱོད་གཉིས་ཀ་བརྒྱུད། །རིགས་གསུམ་བུམ་ཆུ་བདུད་རྩིར་ཞུ་བ་ན། །ལྷའམ་ཡིག་འབྲུའམ་ཐུགས་མཚན་གང་ཡིན་ཀྱང་། །བར་ཆད་གནོད་པ་སྲིད་ཕྱིར་དེ་སྲུང་པ། །རིགས་ཀྱི་ཁྲོ་བོ་ལས་བྱེད་སྲུངས་མར་བསྒོ། །ལྷ་ཡིག་ཐུགས་མཚན་དེ་ལ་བར་ཆོད་མེད། །ཞུ་ནས་བསྲུང་བའང་ཁམས་གསུམ་རྣམ་པར་རྒྱལ། །ལས་བུམ་ཆུ་ཡིས་གསང་སྦྱང་མ་བྱས་ནས། །མཆོད་རྫས་བརླབས་ཀྱང་ལོག་འདྲེན་གྱིས་རྨེ་ཉམས། །ཕུར་བུས་བཏབ་ཀྱང་ལོག་འདྲེན་ཀྱིས་འབྱིན་པས། །བགེགས་བསྐྲད་ལྷ་བསྐྱེད་གཅེས་མཛད་ལྷ་དེ་ཡང་། ༀ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་ཕཊ། པད་ཟླར་མཐིང་ནས་ཕྱག་གཉིས་ཕུར་པ་འདྲིལ། །ལས་བུམ་དཀྱིལ་འཁོར་བུམ་གདན་ཕུར་བུའང་འགོད། ཀྲི་ཨུ་སྦྲེལ་ལ་གཉིས་ཀ་རྒྱུད་ལྟར་དུ། །སྐུ་གསུང་ཐུགས་ལྷ་ལས་ཀྱི་ལྷ་དང་བཞིའོ། །ཨུ་པ་ཡོ་ག་སྦྲེལ་བས་གཉིས་རྒྱུད་ལྟར། །བདག་ལུས་དམ་ཚིག་སེམས་གསལ་དེ་ཡི་ཐུགས། །ཡེ་ཤེས་སེམས་གསལ་མདུན་ནམ་སྙིང་དཀྱིལ་དུ། །བར་ནི་འཕྲོ་འདུས་ཏིང་འཛིན་སེམས་དཔའ་གསལ། །ཀུན་འདུས་རྡོ་རྗེ་སེམས་དཔའ་སྲིད་གསུམ་གཅིག །སེམས་དཔའ་འང་མོ་བཞི་ཞེས་ཨུ་པར་མཛད། །དེ་རྣམས་མཐར་ཕྱིན་ཞི་རྒྱས་དབང་དྲག་བཞིའི། །ཕྲིན་ལས་འགྲུབ་ཕྱིར་དཔྲལ་མགྲིན་སྙིང་ཁར་ནི། །སྐུ་གསུང་ཐུགས་ནི་བྱིན་རླབས་ཆོ་འཕྲུལ་དང་། །ཡེ་ཤེས་ཆོ་འཕྲུལ་ཐུགས་ནང་ཡེ་ཤེས་ལྷ། །སྐུ་འམ་ཡི་གེའམ་མཚན་མའི་གཟུགས་བཀོད་པས། །རྡོ་རྗེ་བཞི་ན་ལྷ་གཅིག་ལ་འང་བཀོད། །ཡེ་ཤེས་ལས་ནི་སྤྱི་བོར་དབང་བསྐུར་རྟགས། །གཙུག་བརྒྱན་དབང་བསྐུར་མཛད་ཐོབ་ཆོ་འཕྲུལ་དང་། །ཐུགས་ལས་མཆོད་བྱུང་མཆོད་པའི་ཆོ་འཕྲུལ་ཏེ། །ཏིང་འཛིན་ཆོ་འཕྲུལ་བཞི་ཡང་གཉིས་ཀ་རྒྱུད། །འདི་སྐད་དུ། མི་གཡོ་སེམས་དཔའ་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པའོ། །ཞེས་ལ་རིགས་ལྔའི་སྣང་མཛད་ནི། །མི་འབྲལ་སྤྱི་ཁྱབ་བཞི་ཞེས་གསུང་། །འདི་སྐད་དུ། རྣམ་སྣང་མཛད་ཀྱི་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་ཐུགས་ལ་གསལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །རྣམ་སྣང་མཛད་ཀྱི་ཐུགས་ལ་གསལ། །ཅེས་སོ། །ཕྱག་ན་རྡོ་རྗེ་རི་རབ་རྩེ་མོའི་རྒྱུད། །འདི་ལ་ཤ་ཁྲག་ཙོག་སྒོག་སྐྱ། །ཆང་སོགས་མ་བཀག་བྱང་ཆུབ་ཐོབ་སྤྱོད་བརྒྱུད། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་བརྒྱུད། །རྣམ་སྣང་ཐིག་ལེ་དབང་ཡང་སྤྱོད་རྒྱུད་གསུང་། །སྐུ་གསུང་ཐུགས་དང་ལྡན་པ་དང་། །ཞེས་དང་། དབུ་རྒྱན་རིགས་ལྔ་དཀྱིལ་འཁོར་ལེ་ཚེ་དགུ། །རྣམ་སྣང་ལ་སོགས་རིགས་ལྔ་འཁོར་བཅས་བཀོད། །མཁས་གྲུབ་བི་མ་ཨུ་པའི་ཁྲིད་བྱང་ལས། །ལྷ་དང་བདག་ཉིད་དཔོན་གཡོག་ལྟར། །ལུས་ངག་ཡིད་གསུམ་ཕྱག་རྒྱ་སྒོམ། །ཞེས་སོ། །གུ་རུ་པདྨས་སྐུ་གསུམ་དབྱེ་བ་ལས། །རིག་པ་སྣང་མཛད་ཆོས་སྐུའོ་མི་བསྐྱོད་པ། །སྙིང་པོ་བྱང་ཆུབ་ངང་ན་བཞུགས་པའི་སྐུའོ། །རིན་འབྱུང་ཡོན་ཏན་སྣང་མཐའ་ལོངས་སྤྱོད་སྐུ། །དོན་གྲུབ་སྤྲུལ་སྐུའོ་སྐུ་བཞི་རིགས་ལྔ་བཀོད། །ཆབ་གཏོར་སྨན་ལ་ཕྱེ་ཁྲོག་བྱ་བ་ལྟར། །གཙང་སྦྲ་མཛད་ཅིང་སྨན་སྡུས་བུམ་སྣོད་དྲིལ། །སྤྱོད་པའི་རྒྱུད་ལྟར་བྱིན་རླབས་ཤ་ཆང་གནང་། །རྣལ་འབྱོར་ཡོ་ག་ཏིང་འཛིན་རྩལ་འབྱོར་པས། །སྟུག་པོ་བཀོད་པར་བདག་སེམས་དཀྱིལ་འཁོར་ཤར། །མདོ་དབང་ལུགས་ལ་བརྟེན་བཤམ་མཆོད་ཉན་ཐོས། །རྟེན་ལ་སྤྱན་དྲངས་མཆོད་པ་ཐེག་པ་ཆེ། །བདག་བསྐྱེད་མདུན་སྐྱེད་མཆོད་པའི་བྱ་བ་དང་། །མདུན་སྐྱེད་རྒྱས་པ་བདག་བསྐྱེད་དབང་བདག་འཇུག །སྐུ་ཡི་ཕྱག་རྒྱ་ཆེན་བསྐྱེད་གསུང་ཡིག་འབྲུ། །ཆོས་ཀྱི་ཕྱག་རྒྱའོ་ཐུགས་མཚན་ཕྱག་རྒྱ་བཅའ། །དམ་ཚིག་ཕྱག་རྒྱའོ་འཕྲོ་དུས་ལས་ཀྱི་རྒྱས། །འཕགས་མཆོད་འགྲོ་དོན་འགྲུབ་བྱེད་ཕྱག་རྒྱ་བཞིའོ། །བྲམ་ཟེ་གཙང་ལྟར་ཕྱི་མཆོད་རྣམ་བདུན་དང་། །རྒྱལ་པོ་ལྟར་དུ་རྒྱལ་སྲིད་འབྱོར་རྒྱས་མཆོད། །ཐེག་པའི་གོང་འོག་ཁྱད་པར་ཆེ་བཤད་ཀྱང་། །གཅིག་ལ་ཀུན་ཚང་ཟིན་སོ་ཡོད་ཤེས་བྱ། །གསང་སྔགས་ལྷ་ཡི་ཐུགས་དང་མཛོད་སྤུ་དང་། །མཆོན་རྟེན་བྲེ་གདོང་གནས་ནས་འོད་འགྱེད་པའང་། །ཉན་ཐོས་ཐུབ་པའི་སྐུའི་འོད་ཟེར་ནི། །མི་རྟོག་ངང་ལས་མཇུ་མཛད་ཀུན་ཁྱབ་འོད། །སླར་ལོག་གནས་ཐིམ་རྒྱལ་བས་ལུང་སྟོན་ཚེ། །འདས་པ་ལུང་སྟོན་གནམ་ལོགས་འཕོངས་རྒྱབ་ལོགས། །མ་འོངས་གསང་མདུན་དུ་འོ་དམྱལ་ཞབས་འཐིལ། །དུད་འགྲོ་ཞབས་ཀྱི་རྟིང་པའོ་ཡི་དྭགས་ལ། །ཞབས་ཀྱི་མཐེ་བོང་དུ་འོ་མི་ཞབས་སུས། །སྟོབས་ཀྱི་འཁོར་ལོ་བསྒྱུར་བ་ཕྱག་གཡོན་དུའོ། །སྟོང་ཁམས་འཁོར་ལོ་བསྒྱུར་བ་ཕྱག་གཡས་པ། །ཉན་ཐོས་ཞལ་དུའོ་རང་རྒྱལ་མཛོད་སྤུ་འོ། །སངས་རྒྱས་ལུང་སྟོན་གཙུག་ཏུ་འོད་ཐིམ་ཞེས། །འདུལ་བ་ལུང་དུ་བཤད་པའི་སངས་རྒྱས་དང་། །ཐེག་ཆེན་མདོར་བཤད་སངས་རྒྱས་སྟོང་གསུམ་ནི། །གང་གའི་ཀླུང་གི་བྱེ་སྙེད་འདུལ་སངས་རྒྱས། །སྔགས་ཀྱི་ཡི་དམ་སངས་རྒྱས་སྔགས་ཆོས་དང་། །རིག་འཛིན་དགེ་འདུན་སྐྱབས་ཀྱི་ཁྱད་པར་མཛད། །སྔགས་ནི་ལམ་མྱུར་འབྲས་བུ་ཐོབ་ཉེ་འདོད། །དུས་ཚོད་གཟའ་སྐར་ཚེས་འབུམ་བྱེ་འགྱུར་ཁྱད། །བྱ་བས་ལྟ་བ་སྤྱོད་པས་རྒོད་དགེས་འཛུམ། །རྣལ་འབྱོར་ལག་འཁྱུད་སྔགས་ལྷ་ཡུམ་བཅས་བསྐྱེད། །འདི་སྐད་དུ། པདྨའི་སྟེང་དུ་རྒྱལ་བྱང་སེམས། །ལྷ་འགོད་རྒྱུ་མཚན་གང་ཡིན་གསུང་། །ལན་དུ། སྐྱེ་འགྲོ་ལས་ཀྱི་པད་སྟོང་དུ། །སྦལ་པས་རྩེད་མོ་བུང་བ་ནི། །མེ་ཏོག་འཇིབ་པ་མཚར་ཆེན་མིན། །སྨོན་ལམ་དགེ་མཐུས་རྐང་རྗེས་པ། །ལྷ་ཀླུས་མཆོད་ནས་སྐྱེ་རེ་མཚར། །ཁྲིམས་ལྡན་གཙོ་ལ་དགུང་ཞག་ཏུ། །ཉལ་ཡང་རྩ་སྦུབས་མི་ཉམས་མཚར། །ཕྱིར་མི་ལྡོག་པའི་འཕགས་པར་བཤད། །སངས་རྒྱས་ཐུབ་པའི་རྫུ་འཕྲུལ་གྱིས། །མེ་འབོས་མཚོར་བསྒྱུར་པདྨ་འཁྲུངས། །པད་སྟེང་དགེ་སྦྱོང་འགྲོ་འདུག་སྣང་། །དུག་ཅན་ཟས་ཀྱང་དུག་མེད་མཛད། །བྱང་སེམས་འོད་ཟེར་ཆེན་པོའི་དབང་། །པདྨའི་སྟེང་འདུག་ཐོབ་སྣང་ཤར། །དེ་བཞིན་གཤེགས་པ་སྙིང་པོའི་མདོར། །འདོད་འབྱུང་པད་ནང་སངས་རྒྱས་དངོས། །རང་བཞུགས་དུ་མ་ནམ་མཁའ་གང་། །ཅི་ཡི་རྟགས་ཞུས་སེམས་ཅན་ལ། །སངས་རྒྱས་དངོས་བཞུགས་རྟགས་ཞེས་གསུངས། །ཕྱི་ནི་པད་ཤུན་སྒྲིབས་ན་འང་། །ནང་ན་སངས་རྒྱས་འབྲུ་སྤུན་བཞིན། །འགྲོ་ལ་སངས་རྒྱས་བཞུགས་ཞེས་བཤད། །སྔགས་ལྟར་པདྨ་འདམ་སྐྱེས་ཀྱང་། །འདམ་གྱི་དྲི་ངན་སྐྱོན་མེད་ལྟར། །སྔགས་འཆང་དུག་ལྔ་སྤྱོད་སྣང་ཡང་། །སྐྱོན་བྲལ་ཡོན་ཏན་མཆོག་ཏུ་འཕགས། །རྫོགས་ཆེན་སེམས་ཉིད་རང་སྣང་ལ། །མི་སྲིད་ནམ་མཁར་པདྨོ་སྲིད། །དེ་ལ་རྒྱལ་བཞུགས་ཆོས་ཐོས་སྲིད། །སྔགས་ནང་རྩ་པད་ཁ་བྱེ་མཆོད། །ཅེས་སྨྲས་ལགས། མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི། །ཡན་ལག་དྲུག་ལྡན་སྟུག་པོ་བཀོད། །ཅེས་པ་རིན་ཆེན་གཏེར་གཏད་བཤད། །ཆོས་ཉིད་སྟོང་པ་གདན་ཟླ་བ། །ཡིག་འབྲུ་གསུང་ཐུགས་ཕྱག་མཚན་དང་། །སྐུ་ནི་ཡོངས་རྫོགས་མངོན་བྱང་ཆུབ། །ལས་ལྷ་དེ་ལྔའི་སྟེང་དུ་ནི། །སྤྱི་བོའི་ཧཱུྃ་ལས་མཆོད་དོན་བསྡུ། །སྟོང་པའི་ཡན་ལག་ཟླ་ཉི་ཡི། །ཡན་ལག་གསུང་ཡིག་ཐུགས་ཕྱག་མཚན། །སྐུ་ནི་ཡོངས་རྫོགས་ཡན་ལག་དང་། །བྱིན་གྱིས་བརླབས་པའི་ཡན་ལག་དྲུག །ཕྱི་རྒྱུད་མཚམས་སྦྱོར་ཨི་ཐཱི།། །།
༅། །བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །གསང་སྔགས་ཕྱིའི་སྒོར་འཇུག་ཅིང་དབང་བསྐུར་བ་ནི། ཀྲི་ཡ་དང་། ཨུ་པ་དང་། ཡོ་ག་ལས་དང་པོ་བྱ་སྤྱོད་གཉིས་ལས། དང་པོ་ཀྲི་ཡའི་སྒོར་འཇུག་སྟེ། སྔོན་དུ་གནས་ཁང་ཕྱག་བདར་ལེགས་པར་བྱས་ལ། དཀྱིལ་འཁོར་ཅི་རིགས་སུ་བཞེངས་ལ། སྐུ་གསུང་ཐུགས་ཀྱི་རྟེན་ཚང་བ་བཀྲམ། གཏོར་མ་དཀར་གསུམ་སྣུམ་ཁུར་ལ་སོགས་པས་བརྒྱན་པ་བཤམ། རིན་པོ་ཆེའི་སྣོད་དུ་དྲི་བཟང་པོའི་ཆུས་བཀང་བ་བཤམ། གཞན་ཡང་མཆོད་པ་འབྱོར་ཚད་བཤམས་ལ། ཕྱི་གཏོར་འབྱུང་པོ་ཐམས་ཅད་པ་དང་། ཉེ་རེག་འཐོར་འཐུང་ཀྲི་ཡའི་ལུགས་ཕྱག་འཚལ་མཆོད་པ་རྣམས་ཅི་རིགས་སུ་དབུལ་ལོ། །དེ་ནས་བུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་དོན་ལ་གནས་པ་དེ་ལ། དང་པོ་སློབ་དཔོན་གྱིས་གསང་སྔགས་ཀྱི་ཡོན་ཏན་བཤད་དེ། དོན་དབྱིངས་ལ་ཡེ་ཤེས་ཁྱད་དང་། ལམ་བྱང་ཆུབ་གཞན་ནས་མི་ཚོལ་བ་དང་། དོན་ཉིད་རྟོགས་པར་བྱེད་པའི་ཐབས་ཁྱད་པར་ཅན་མང་དུ་བཤད་ལ། དེས་བུ་འོག་མ་ལ་སྐྱོ་བ་སྐྱེས་ཤིང་། གསང་སྔགས་ལ་བྲོད་པ་དང་སྤྲོ་བ་སྐྱེས་པ་དང་། བུ་གསང་སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར། གང་དང་སྒྲིབ་པ་ཐམས་ཅད་བཤགས་ཏེ། ཚེ་ཐོག་མ་མེད་པ་ནས་བསགས་པའི་གསང་སྔགས་ཀྱི་སྣོད་དུ་མི་རུང་བའི་གགས་དང་སྒྲིབ་པ་ཐམས་ཅད་བློས་བླངས་ལ། སྟོབས་བཞིའི་སྒོ་ནས་བཤགས་པ་བྱ་སྟེ། དེའང་སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རིག་པ་འཛིན་པ་རྣམས་དང་། དཀར་པོ་ཆོས་སྐྱོང་བའི་སྲུངས་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་སྤྲིན་གཏིབས་པ་བཞིན་དུ་བཞུགས་པར་བསམས་ལ། ཁྱད་པར་དུ་དཀོན་མཆོག་གསུམ་གྱི་བདག་ཉིད་སློབ་དཔོན་གྱི་སྤྱན་སྔར་བཤགས་ཏེ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་ནི་ཚེ་རབས་ཐོག་མེད་ནས། །ད་ལྟའི་དུས་འདི་ཡན་ཆོད་དུ། །མ་རིག་ཉོན་མོངས་དབང་གིས་ན། །མི་དགེ་སྡིག་པའི་ལས་བྱས་དང་། །ལོག་ལྟ་ཐེ་ཚོམ་ཕྱོགས་རིས་ཀྱིས། །ཐེག་མཆོག་གསང་བའི་སྣོད་མི་རུང་། །གགས་དང་སྒྲིབ་པ་ཅི་མཆིས་པ། །ཐམས་ཅད་མ་ལུས་བཤགས་པར་བགྱི། །ཞེས་ལན་གསུམ་གྱིས་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསམ་མོ། །དེ་ནས་གསང་སྔགས་ཀྱི་དབང་དོན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ལ། ཚོགས་རྫོགས་དགོས་པ་ཡིན་ཏེ། ཚོགས་བསགས་པས་ཆོས་བྱེད་ཅིང་གསང་སྔགས་ལ་འཇུག་པ་ཡིན་པའི་རྒྱུ་མཚན་བཤད་ལ། ཚེ་ཐོག་མ་མེད་པ་ནས་ཀྱི་དགེ་བའི་ལས་འདུས་བྱས་དང་འདུས་མ་བྱས་ཀྱི་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་བགྱིད་པ་ལ་རྗེས་སུ་ཡི་རངས་བ་ལ་སོགས་ཐམས་ཅད་བློས་རིལ་གྱིས་བླངས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་དོན་དུ་སྔོ་སྟེ། དགོངས་སུ་གསོལ་བ་འདྲེ། བདག་གིས་ཚེ་རབས་ཐོག་མེད་ནས། །ད་ལྟའི་དུས་འདི་ཡན་ཆོད་དུ། །དཀར་པོ་དགེ་བའི་བསམ་པ་ཡིས། །དགེ་བཅུ་ལ་སོགས་བྱང་ཆུབ་ཕྱོགས། །བགྱིད་དང་རྗེས་སུ་ཡི་རངས་པའི། །བསོད་ནམས་དང་ནི་ཡེ་ཤེས་ཚོགས། །མ་ལུས་གཅིག་ཏུ་བསྡུས་བྱས་ནས། །འགྲོ་དོན་བྱང་ཆུབ་མཐར་ཕྱིན་ཤོག །ཅེས་ལན་གསུམ་བྱའོ། །དེ་ནས་དབང་གི་དམ་ཚིག་ཞུ་སྟེ། ཕྱག་བྱ། ཐལ་མོ་སྦྱར། ལུས་ངག་ཡིད་གསུམ་དང་འབྱོར་པའི་སྒོ་ནས་སློབ་དཔོན་མཉེས་པར་བྱས་ལ། སློབ་དཔོན་ལ་བདག་གསང་སྔགས་ཀྱི་དབང་གི་དམ་ཚིག་ཞུ་བས་སྦྱིན་དུ་གསོལ་སྙམ་དུ་བསམས་ལ། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་གསང་བའི་བདག །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །མགོན་པོ་བདག་ལ་དགོངས་སུ་གསོལ། །བདག་ནི་ཐུགས་རྗེས་འབྲེལ་བ་ཡིས། །སངས་རྒྱས་བསྟན་པའི་རིམ་ཞུགས་ཏེ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྱང་། །ཐེག་མཆོག་གསང་བའི་དོན་མ་རྟོགས། །དེ་རིང་གསང་བའི་ཐེག་པ་ལ། །དགའ་བ་ལྷག་པའི་བསམ་པ་ཡིས། །བདག་ནི་འཇུག་པར་འཚལ་ལགས་ཀྱིས། །བརྩེ་བའི་ཐུགས་རྗེས་དགོངས་མཛོད་ལ། །གསང་བའི་དམ་ཚིག་དབང་བསྐུར་དོན། །མགོན་པོས་བདག་ལ་སྦྱིན་དུ་གསོལ། །ཞེས་ཞུས་སོ། །སློབ་དཔོན་གྱིས་གནང་བ་སྦྱིན་པ། བུ་ཁྱོད་དད་གུས་ཤེས་རབ་དང་། །དགའ་བ་ལྷག་པའི་བསམ་པ་ཡིས། །ཐེག་མཆོག་གསང་བ་འཇུག་ངེས་ན། །གསང་སྔགས་འཇུག་སྒོ་དམ་ཚིག་དབང་། །ཅི་རིགས་པར་ནི་སྦྱིན་པར་བྱ། །ནན་ཏན་གྱིས་ནི་བསླང་བར་གྱིས། །ཞེས་བརྗོད་དོ། །དེ་ནས་གསང་སྔགས་རྡོ་རྗེ་ཐེག་པ་ལ་སེམས་བསྐྱེད་པ། ཇི་ལྟར་དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་ཀྱིས། གསང་སྔགས་རྡོ་རྗེའི་ཐེག་པར་སེམས་བསྐྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་བསྐྱེད་པར་བྱའོ་སྙམ་དུ་བསམས་ལ། རྫོགས་པའི་ནས་དགོངས་སོ་འགྲེ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །རྡོ་རྗེ་ཐེག་པར་སེམས་བསྐྱེད་དེ། །དབང་བསྐུར་དམ་ཚིག་གཞུང་སྒྲུབས་ནས། །རྫོགས་པའི་བྱང་ཆུབ་མཆོག་ཐོབ་ལྟར། །བདག་ཀྱང་སེམས་ཅན་དོན་སླད་ཕྱིར། །རྡོ་རྗེ་ཐེག་པར་སེམས་བསྐྱེད་དེ། །དབང་བསྐུར་དམ་ཚིག་གཞུང་སྒྲུབས་ནས། །རྫོགས་པའི་བྱང་ཆུབ་མཆོག་ཐོབ་བྱའོ། །ཞེས་ལན་གསུམ་བྱའོ། །སེམས་བསྐྱེད་པའི་མིང་བཤད་དོ། །དེ་ནས་གསང་སྔགས་ཀྱི་སྒོར་འཇུག་ཅིང་དམ་ཚིག་དབོག་སྟེ། བུས་ཕྱག་འཚལ། ཐལ་མོ་སྦྱར། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པར་བྱ། རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་བདག་སྔགས་ཀྱི་སྒོར་འཇུག་ཅིང་དམ་ཚིག་ནོས་ལ་མ་ཉམས་པར་སྲུང་། བསྒྲུབ་སྙམ་དུ་བསམ་ལ་རྫོགས་པའི་དགོངས་སུ་གསོལ་བ་འགྲེ། བླ་ན་མེད་པའི་མཆོག་གསུམ་ལ། །དེང་ནས་བདག་ནི་སྐྱབས་སུ་མཆི། །བདག་ནི་སངས་རྒྱས་བསྟན་པའི་གཞུང་། །སྤྱི་དང་མི་འགལ་ལེགས་གནས་ཏེ། །ཐེག་ཆེན་གསང་སྔགས་བྱ་བའི་གཞུང་། །ཁྱད་པར་དམ་ཚིག་དབང་གིས་བླང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཐེག་ཆེན་གསང་བ་སྔགས་ཀྱི་ལྷ། །དོན་གཅིག་གཉིས་མེད་ཡེ་ཤེས་དོན། །ཡང་དག་ཉིད་དུ་བདག་གིས་བཟུང་། །སྐུ་ཡི་རིགས་མཆོག་ཆེན་པོ་ནི། །དམ་ཚིག་སྡོམ་པ་ལ་གནས་ཏེ། །བསྒྲུབ་པ་དག་ཀྱང་ཅི་ནུས་བརྩམ། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་ནང་གསང་བའི་གསུང་བསྒྲགས་ཏེ། །དམ་པའི་ཆོས་ཀྱང་མ་ལུས་བཟུང་། །རྡོ་རྗེ་རིགས་མཆོག་དམ་ཚིག་ནི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བླ་མ་རྡོ་རྗེ་རིགས་རྟེན་བྱ། །མཐའ་ཡས་སེམས་ཅན་དོན་ཕྱིར་དུ། །གསང་སྔགས་དམ་ཚིག་བདག་གིས་བླང་། །ཡང་དག་ཉིད་དུ་བཟུང་བར་བྱ། །བླ་མེད་བྱང་ཆུབ་མཆོག་སྒྲུབ་བྱའོ། །དམ་ཚིག་ནི། བྱང་ཆུབ་སེམས་དོན་དམ་ཀུན་རྫོབ་གཉིས་ལ་གནས་པར་བྱ་བ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ལས་ལྡོག་པ་ནི་སྤྱིའི་དམ་ཚིག་ཏུའོ། །ཁྱད་པར་དུ་བཅུ་གསུམ་སྟེ། དཀོན་མཆོག་གསུམ་ལ་དད་པ་དང་། ཡི་དམ་ལྷ་ལ་མོས་པ་དང་། བླ་མ་ལ་གུས་པ་དང་། མཆེད་ལ་བྱམས་པ་དང་། ནང་རྨེ་དང་རྫས་རྨེ་མི་གཙང་དང་སྤྱོད་འཆལ་རྨེ་རྩོག་སྤང་པ་དང་། ཡེ་ཤེས་ཅན་རྗེ་ལྟར་མཆོད་པ་དང་། སྡིག་པ་ཅན་གྱི་གཞུང་མི་སྟོན་པ་དང་། ལོག་པར་ལྟ་བ་སྤང་བ་དང་། སྙིང་རྗེའི་ཐག་པ་མི་གཅད་པ་དང་། སྟོང་པ་ཉིད་ཀྱིས་སྦྱང་བ་ལ་སོགས་པ་བརྟགས་པ་དྲུག་གམ་བྱ་བ་དྲུག་ལ་གནས་པ་དང་། གཙོར་སྔགས་ལ་བརྩོན་འགྲུས་བྱ་བ་དང་། དམ་མེད་རྣམས་སྤང་བ་དང་། བཀའི་དོན་རྟོགས་པར་བརྟག་པའོ། །ལྷག་པའི་དམ་ཚིག་གསུམ་སྟེ། བླ་མ་རྡོར་དྲིལ་བསྟེན་པ་ཐུགས་ཀྱི་རིགས། རྒྱུད་མདོ་སྒྲག་པ་གསུང་གི་རིགས། དཀོན་མཆོག་གསུམ་མཆོད་པ་སྐུའི་རིགས་སོ། །གཞན་ཡང་ཕྱི་སྣང་བ། ནང་ལུས། གསང་བ་རིག་པ་གསུམ། སྐུ་གསུང་ཐུགས་སུ་ཤེས་པའོ། །ཞེས་དྲི་ཞིམ་པོའི་ཆུས་ཁྲུས་བྱའོ། །མདོའི་བཀྲ་ཤིས་ཉེར་དྲུག་དང་ལྷ་དབང་བུམ་དབང་བསྐུར་ནས་གཏོར་མཆོད་ཆ་ཙོ་དང་། ཆ་གསུམ་བྱ། གདམས་སྐྱེད་རིམས་རྫོགས་རིམས་ལ་དབང་བསྐུར་རོ། །དེ་ནས་དབང་བསྐུར་བ་ལ་གཉིས་ཏེ། ལྷ་དབང་ལུས་ལ་དང་། ཆོས་དབང་སེམས་ལ་བསྐུར་བའོ། །དང་པོ་ནི་སློབ་དཔོན་ཀུན་བཟང་དུ་གསལ་བའི་གནས་གསུམ་དུ་རིགས་གསུམ་བསྐྱེད་ལ། རིགས་གསུམ་གྱི་ཐུགས་ཁ་ནས་འོད་འཕྲོས་པས་བུའི་ལུས་ངག་ཡིད་གསུམ་གྱི་རྒྱུད་སྦྱངས་ཏེ་བུའི་སེམས་སྟོང་གསལ་ནམ་མཁའ་ལྟ་བུར་དག་པ་སྟོང་པ་དེ་ལས་ཆ ོས་ཐམས་ཅད་གདོད་མ་ནས་དག་པའོ། །རྡུལ་དང་བྲལ་བའོ། །དྲི་མ་མེད་པའི་སྒྲ་བྱུང་། དེར་སེམས་སྟོང་གསལ་ནམ་མཁའ་ལྟ་བུའི་དཀྱིལ་འཁོར་དུ་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་གསུམ་གྱི་ས་བོན། ༀ་ཧྲཱིཿཧཱུྃ་བསམ་སྟེ་ཡོངས་སུ་གྱུར་པ་ལས། རལ་གྲི་པདྨ་རྡོ་རྗེ་བསམ། དེ་ལས། ༀ་ཝ་གི་ཤྭ་རི་མུཾ། ༀ་མ་ཎི་པདྨེ་ཧཱུྃ། ༀ་བཛྲ་པཱ་ཎི་ཧཱུྃ། ཞེས་པས་རིགས་གསུམ་མགོན་པོ་སྐུ་ཡོངས་སུ་རྫོགས་པ། རྒྱན་དང་ཆ་ལུགས་དང་བཅས་པ་བསྐྱེད། དེ་ནས་རྒྱུ་དང་། བུའི་རིགས་གསུམ་གྱི་ཐུགས་ཁ་ནས་འོད་འཕྲོས་པས་འོག་མིན་གྱི་རིགས་གསུམ་གྱི་ཐུགས་དམ་གྱི་རྒྱུད་བསྐུལ། ཐུགས་རྗེ་དང་དམ་ཚིག་གིས་བྱོན་ནས་བུའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པ་ལས། ཡིད་ཀྱིས་མོས་པ་བྱ། མཆོད་པ་དབུལ། དེ་ནས་བུའི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་ངོ་སྤྲད་ལ། སྙིང་པོ་བརྒྱ་རྩ་ལ་སོགས་ཅི་རིགས་པར་བཟླས་སུ་གཞུག་གོ། །བུའི་ལུས་ངག་ཡིད་གསུམ་ལ་སོགས་པ། ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་ངོ་སྤྲོད་ལ། སྙིང་པོ་བརྒྱ་རྩ་ལ་སོགས་པ་ཅི་རིགས་པར་བཟླས་སུ་གཞུག་གོ། །བུའི་ལུས་ངག་ཡིད་གསུམ་ལ་སོགས་པ་རིགས་གསུམ་སྐུ་གསུང་ཐུགས་ལས་མི་འདའ་བར་གདམས་སོ། །དེ་ནས་རྫོགས་རིམས་སམ། ཆོས་དབང་སེམས་ལ་བསྐུར་བ་ནི། གོ་ཕྱེ་མཐོངས་རྡོལ་དང་། གནད་ཀྱིས་བརྡས་ལ་འགྲོ་འཕྲང་བཅད་པས་ངོ་སྤྲད་ལ་དབང་བསྐུར་བ་ཞལ་ལས་ཤེས་པར་བྱའོ། །དབང་ཐོབ་ནས་གཞུང་བཞིན་དམ་ཚིག་སྲུང་ཞིང་ཉམས་སུ་བླང་བར་བྱའོ། །ཀྲི་ཡའི་དབང་དང་དམ་ཚིག་དབོག་པའི་ཆོ་ག་རྫོགས་སོ།། །།
༈ ཕྱག་འཚལ་མཆོད་པ་རྒྱས་འབྲིང་གང་འབྱོར་དབུལ། སྡིག་པ་བཤགས་པ་ལ་སོགས་པ་བཟང་སྤྱོད་ཀྱང་རུང་ངོ་། །དེ་ནས་གནས་པའི་དོན་བྱིན་བརླབས་ཞུ་སྟེ་ཕྱག་བྱས་ལ། བླ་མ་དཀོན་མཆོག་གསུམ་པོ་དང་། བཅོམ་ལྡན་རིགས་བསྡུས་དགོངས་སུ་གསོལ། འགྲོ་བ་རྣམས་ཀྱི་དོན་སླད་དུ། །བདག་ལ་དགོངས་ཤིང་གཟིགས་སུ་གསོལ། །ཞེས་བརྗོད་པས་བདག་གནང་བ་གོང་དང་མཐུན། ཁྲུས་དང་གོས་གཙང་མ་སྐོན་སྲུང་སྐུད་སོགས་སྟ་གོན་ཚར་བ་ནས་ཕྱག་དང་མཎྜལ་དབུལ། བླ་མ་ལ་གསོལ་བ་གདབ་སྟེ། སྙིམ་པར་མེ་ཏོག་ཐོགས་ལ། བླ་མ་རྡོ་རྗེ་འཛིན་པ་ཁྱེད་གཙོ་འཁོར་དང་བཅས་པ་དགོངས་སུ་གསོལ། མི་ཤེས་མུན་པས་སྒྲིབས་པ་ལ། །ཡི་དམ་དྲག་པ་རྩལ་དུ་གསོལ། །བླ་མས་གནང་སྟེ། ཀྱེ་རིགས་ཀྱི་བུ། ཡི་དམ་གསང་བ་བསྟན་པར་བྱ། །ཁྱོད་ཀྱིས་ལས་འདི་བསྒྲུབ་པར་གྱིས། །ཉེས་པ་དག་གིས་མ་གོས་ན། །འབྲས་བུ་དམ་པ་མྱུར་བར་ཐོབ། །ལམ་མཆོག་བསྒྲུབ་པར་དཀའ་བ་སྟེ། །དམ་ཚིག་འདས་ན་དམྱལ་བར་ལྟུང་། །ཞེས་བརྗོད། མེ་ཏོག་བུམ་པའམ། བླ་མའམ། སྐུ་གཟུགས་ལ་གཏོར། ༀ་བཛྲ་པྲ་ཏི་ཛ་ཧོ། ཞེས་ༀ་གྱིས་མཆོད་རྫས་སུ་བརླབ། པྲ་ཏི་ཛ་མཆོད་བཞེས། ཧོ་དགོས་བསམ། སྐུ་གསུང་ཐུགས་གང་དང་པོར་དམིགས་པའི་དོན་ངེས་པས་མིང་བཏགས་ལྷ་ངོ་བསྟན་ཏེ། སྙིང་པོ་ཕྱག་མཚན་རང་པའམ། སྤྱིར་རྡོ་རྗེ་དྲིལ་བུ་སྦྱིན། སྐུ་སྤྱན་རས་གཟིགས་དང་དབུ་ལ་སྤྱན་རས་གཟིགས་དཀར་པོ་དང་། གསུང་མགྲིན་འཇམ་དཔལ་དམར་པོ་དང་། ཐུགས་ཁར་ཕྱག་རྡོར་བཀོད་པ་དང་། སྐུ་འཇམ་དཔལ་སེར། གསུང་ཐུགས་རྗེ་དམར་སོགས་སྐབས་སྦྱར། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་སོགས་མིང་བཏགས། སྤྱོད་པའི་བརྒྱུད་རྡོ་རྗེ་རྩེ་མོ་རིགས་བསྡུས་ལས། ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་དང་། །ཅི་རིགས་པར་ནི་བསྲུང་བར་བྱ། །ཞེས་གསུངས་པ་ནི་ཨུ་པ་ཡའི་ཐེག་པའི་དམ་ཚིག་ཀྲི་ཡ་བ་དང་མཐུན་པའོ། །ཁྱད་པར་ཡེ་ཤེས་སེམས་དཔའ་སྙིང་ནང་རིགས་བདག་གཙུག་རྒྱན་བྱའོ། །ཡང་ཀྲི་ཡའི་སྐབས་སུ། ཀྲི་ཡ་ཚངས་པ་སྤྱི་བརྒྱུད་ཀྱི་དམ་ཚིག་བཅུ་གསུམ་པ་འདི་ཡང་མཛད། དེ་རིང་ཕན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །རིགས་སྔགས་གཟུངས་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་བྱ། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་རྟག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མཆོད་མགྲོན་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པས་ཉེ་བར་བཞག །ཐེག་པ་ལ་ནི་དགའ་རྣམས་ཀྱི། །བསོད་ནམས་བསགས་ལ་ནན་ཏན་བྱ། །བཟླས་བརྗོད་བྱེད་ལ་འབད་པར་བྱ། །གསང་སྔགས་རྒྱུད་ལ་བརྟེན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་སྦྱིན་མི་བྱ། །གསང་སྔགས་བརྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་སོ། །ཡང་དབུས་པ་བློ་བསལ་ནས། སྔགས་པས་སྟོན་པ་གཞན་ལ་ཕྱག་མི་བྱེད་པ་དེ་མི་ཐུབ་སྟེ། ཆ་གསུམ་ལས། དབང་པོ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཞེས་པས་སོ། །གསུངས་པ་ནི་སྟོན་པ་སངས་རྒྱས་ལས་གཞན་དུ་མོས་པས་བཙལ་བ་མ་ཡིན་ནོ། །སྟོན་པའི་བཀའ་འཁོར་ན་གནས་པས། ཕྱོགས་སྐྱོང་པ་ལ་ཡིད་རང་བས་བརྩལ་ཏེ། གཞན་དུ་མི་དགེ་ཚར་གཅོད་པ་ན་ཕུར་པས་བཏབ་བོ། །ཧེ།
ཡོ་གའི་སློབ་མ་དཀྱིལ་འཁོར་དུ་བཞུགས་ཤིང་དབང་བསྐུར་བར་བྱ་སྟེ། དང་པོར་སློབ་མ་དཀྱིལ་འཁོར་གྱི་དྲུང་དུ་བཀུག་ལ། བགེགས་བསྐྲད་ཀྱིས་དྲི་ཆབས་ཀྱིས་བསང་། དེ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྡོམ་བཟུང་པ་གཞན་དང་མཐུན་པར་བྱ། དེ་ནས་ངན་སོང་གསུམ་གྱི་སྡིག་པ་གཞོམ་པ། ༀ་ད་ཧ་ད་ཧ་སརྦ་ན་ར་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིར་ཡ་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ། ༀ་ཨ་པ་མེ་ཏྲི་པ་མེ་མ་ཧཱ་ས་མ་ཡེ་ཧཱུྃ། ཞེས་པས་དམ་ཚིག་ཅན་དུ་བྱིན་གྱིས་བརླབས། དེ་ནས་སློབ་དཔོན་གྱིས་སྒོ་དབྱེ་བ། གནས་རབ་སྒོ་བཞི་ཞེ་སྡང་དང་། ང་རྒྱལ། འདོད་ཆགས། ཕྲག་དོག་བཞིས། སྔོན་མེད་དུས་ནས་བཅད་ལགས་པས། །ཚད་མེད་བསྡུས་བརྒྱད་རིགས་བཞི་ཡིས། །ཐུགས་རྗེ་ཐབས་མཁས་སྤྲུལ་པ་ཡི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུའི་ཕྱག་རྒྱ་མཆོག་ཉིད་དང་། །དེ་ཉིད་ཐར་སྒོ་དབྱེ་རུ་གསོལ། །ༀ་བཛྲ་རཏྣ་པདྨ་ཀརྨ་པྲ་བེ་ཤ་ཕཊ། དེ་ནས་ཕྱག་འཚལ་བ། ཤར་ཕྱོགས་མངོན་དགའི་ཕོ་བྲང་དུ། །བཅོམ་ལྡན་རྡོ་རྗེ་སེམས་ལ་སོགས། །སྐལ་ལྡན་རྒྱལ་སྲས་དག་པ་བཞིན། །ངག་ཡིད་དངས་བས་གུས་ཕྱག་འཚལ། །ལྷོ་ཕྱོགས་དཔལ་གྱི་ཞིང་ཁམས་འདིར། །བཅོམ་ལྡན་རིན་ཆེན་འབྱུང་ལ་སོགས། །འགྲེའོ། །ནུབ་བདེ་ལྡན༴ བྱང་རྣམ་དག༴ བཅོམ་ལྡན་སྙིང་པོ་ཕོ་བྲང་འདིར། །བཅོམ་ལྡན་རྣམ་པར་སྣང་མཛད་ལ། །སྐལ་ལྡན་རྒྱལ་སྲས་དག་པ་བཞིན། །ངག་ཡིད་དངས་བས་གུས་ཕྱག་འཚལ། །དེ་ནས་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་བཏབ་ཅིང་ལན་གསོལ། ཤར་ཕྱོགས་མངོན་དགའི་ཕོ་བྲང་ནས། །རྡོ་རྗེ་རིགས་སུ་སེམས་བསྐྱེད་ནས། །ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་གིས་དད་པས་འཇུག་པར་བགྱི། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །མཎྜལ་འཇུག་པར་གསོལ་བ་འདེབས། །སེམས་ཅན་དོན་ལ་ཁྱོད་ལ་གནང་། །ཕྱོགས་གཞན་དཔེ་འགྲེ། བཅོམ་ལྡན་སྙིང་པོའི་ཕོ་བྲང་དུ། །དེ་བཞིན་རིགས། སྐུ་ཡི་པི་ཏི་ཐོབ་བྱའི་ཕྱིར། །འཇུག་པ་དང་གནང་བ་འགྲེ། དེ་ནས་སློབ་མའི་གདོང་གཡོགས་སྡིག་པ་གཞོམ་པ་དང་། དམ་ཚིག་ཅན་དུ་བྱེད་པ་ཡང་འདིར། བྱེད་པ་ཡང་དགའ། ༀ་བཛྲ་ཨ་ཏི་ཏིཥྚ་བཛྲ་ས་མ་ཡ་སྟོམ། ཞེས་པས་སློབ་མ་རྡོ་རྗེ་ལས་སུ་སྒོམ། དེ་ནས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ། དེ་ལ་སྐུར་བརླབ་པ་ནི། རྡོ་རྗེ་སྡམས་པ་ལས་གུང་མོ་གཉིས་རྡོ་རྗེ་འདྲ་བར་སྙམ། མཐེ་བོང་དང་མཐེ་ཆུང་སོ་སོར་བརྐྱང་ལ། སྤྱི་བོར་གཏད་ལ། ༀ་བྲི་ཏ་ནྲི་ཧཱ་སརྦ་ཨ་པ་ར་ནི་ནི་ཧཱུྃ་ཕཊ། གསུང་དུ་བརླབ་པ་ནི། གོང་མ་དེ་ཉིད་ལས་མཐེ་ཆུང་གཉིས་བཞིབས་ལ་སྦྱར། གུང་མོ་དང་སྲིན་ལག་པདྨ་འདྲ་བར་བཀུག་ལ་ལྐོག་མར་གཏད་དོ། །ༀ་ཏྲ་ཐ་ཏྲ་ཐ་སརྦ་ཨ་པ་ར་ནི་ཧཱུྃ་ཕཊ། ཐུགས་སུ་བརླབ་པ་ནི། རྡོ་རྗེ་བཅིངས་པ་ལས་གུང་མོ་བཞིབས་ལ། སྙིང་ཁར་གཏད་ལ་དེ༴ ༀ་བྷི་ཏྲ་བྷི་ཏྲ་སརྦ་ཨ་པར་ན་ཧཱུྃ་ཕཊ། བཛྲ་ས་མ་ཡ་སྟོམ། ཞེས་པས་རྡོ་རྗེ་འཛིན་མའི་ཕྱག་རྒྱས་བཅིངས་ཏེ་མེ་ཏོག་འཛིན་དུ་བཞུག །དེ་ནས་སློབ་མས་བརྗོད་པ། སྔོན་གྱི་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྙེན་པའི་ལྷ། །ལྷག་པའི་ལྷ་ནི་གང་ཡིན་པ། །ད་ལྷ་ཉིད་དུ་འབབ་འགྱུར་ཤོག །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་རྗེས་དགོངས་ནས་ཀྱང་། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨོན་པར་དགོངས་ནས་བཞེས་སུ་གསོལ། །ༀ་བཛྲ་པྲ་ཏི་གྷྲི་ན་ཧཱུྃ། པྲ་ཏི་ས་མ་ཡ་སྟོམ། ཞེས་གཏོར། དེ་ནས་སློབ་དཔོན་གྱིས་བརྗོད་པ། མེ་ཏོག་རིན་ཆེན་ལ་སོགས་པ། །གང་ལ་བབ་པ་རིགས་ཀྱི་ལྷ། །གཙོ་བོ་རིགས་ཀྱི་བསྒྲུབས་ནས་ནི། །དངོས་གྲུབ་མྱུར་དུ་ཐེ་ཚོམ་མེད། །ཅེས་བརྗོད་ནས་ལྕགས་ཀྱུའི་ཕྱག་རྒྱས་མེ་ཏོག་ཕྲེང་བ་བླངས་ལ། སློབ་མའི་སྤྱི་བོར་བཞག་ལ། ༀ་བཛྲ་ས་མ་ཡ་ཧྲི་ད་ཡ་མེ་ཨ་བེ་ཤ་ཡ། ཞེས་བརྗོད་པས། གང་ལ་བབ་པའི་ལྷ་དང་མི་གཉིས་པར་བསམ་མོ། །གདོང་གཡོགས་བཀྲོལ་བ་དང་སློབ་མས་བརྗོད་པ། ཤིན་ཏུ་མ་རིག་རྨོངས་པ་ཡིས། །བདག་ནི་རྨོངས་པར་གྱུར་པ་དང་། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིས། །བདག་གི་མིག་འདི་དབྱེ་རུ་གསོལ། །རྡོ་རྗེ་སེམས་དཔའ་བདག་ཉིད་དེ། །ཁྱོད་ཀྱི་མིག་ནི་རབ་འབར་ཡིན། །ཐམས་ཅད་རྡོ་རྗེ་འབར་བའི་མིག །ཐམས་ཅད་ཁྱོད་ཀྱིས་མཐོང་བར་འགྱུར། །ༀ་བཛྲ་ཨུད་ག་ཏེ་ཐ་ཡ་ཧཱུྃ། བཛྲ་པྲ་བེ་ཤ་ཕཊ། མན་ངག་བསྟན་པ། མཎྜལ་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །སངས་རྒྱས་རིགས་ཀྱི་གདུང་དུ་འཁྲུངས། །བསྟེན་ན་དངོས་གྲུབ་ཐམས་ཅད་ནི། །ཁྱོད་ལ་མངོན་དུ་ཕྱོགས་འགྱུར་གྱིས། །སི་ཏི་ཕྱིར་ནི་མན་ཏྲ་སྐྱོང་། །ༀ་བཛྲ་པ་ཤ་ཧོ། ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ངོ་བསྟན་བགྱི། གང་ལ་བབ་པའི་དོན་ཁྱད་པར་དུ་བཤད། གོང་དུ་མ་བཤད་ན་མན་ངག་གི་གླེང་གཞི་དང་ཕན་ཡོན་འདིར་བཤད། དེ་ནས་དམ་ཚིག་དབོགས་ཏེ། ཏ་ཐ་རིགས་ཀྱི་དམ་ཚིག་ནི། །གང་གི་འདོད་ལ་སྙོམས་ཞུགས་པས། །དེ་ལ་འདོད་པ་སྦྱོར་བར་བྱེད། །བུད་དྷ་ཕྱག་རྒྱ་ཆེན་པོ་ནི། །ཡེ་ཤེས་དམ་ཚིག་ཡིན་པར་བཤད། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ནི། །སེམས་ཅན་དོན་དུ་ཁྲོ་མེད་པས། །ཁྲོ་བོ་ཆེན་པོ་རབ་ཏུ་བསྟོན། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་འདི་ནི་འདའ་བར་དཀའ། །པདྨ་རིགས་ཀྱི་དམ་ཚིག་ནི། །རང་བཞིན་དག་པར་ཤེས་ནས་ཀྱང་། །དེ་ཡི་དགོངས་པ་དེ་བྱེད་དོ། །པདྨའི་རིགས་ནི་ཆེན་པོ་ཡི། །དམ་ཚིག་འདི་ནི་འདའ་བར་དཀའ། །རིན་ཆེན་རིགས་ཀྱི་དམ་ཚིག་ནི། །ཉུང་ངམ་ཡང་ན་མང་ཡང་རུང་། །ཇི་ཙམ་ནུས་པ་ཉིད་དུ་ནི། །སྦྱིན་པས་ཉི་མ་མ་སྟོངས་པར། །བྱ་མིན་དམ་ཚིག་འདི་ཡིན་ནོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི། །སྡོམ་པའི་སྐབས་དང་མཐུན། །རིགས་བཞི་སེམས་དཔའ་རྣམས་ཀྱི་དམ་ཚིག་ནི། །འདོད་པ་རྣམས་ལ་ཆགས་བྲལ་མིན། །དམ་ཚིག་མཛེས་པ་ཆེན་པོ་འདི། །དེ་བཞིན་གཤེགས་པའི་རིགས་དམ་པ། །རྒྱལ་བར་རྣམས་ཀྱང་འདའ་མི་མཛད། །ཅེས་འབྱུང་བས། ཚིག་ཏུ་ཡང་བརྗོད་ཅིང་། དོན་དུ་ཡང་བཤད་ཅིང་བགོ་བར་བྱའོ། །འདི་ནི་སྤྱི་ཡི་དམ་ཚིག་ཡིན། །དམ་ཚིག་བསྒྲགས་པ་ཡང་ཡིན་ཏེ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེ། །དམ་ཚིག་སྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་ཤོག །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །བདུན་བརྒྱུད་རིགས་ཀྱང་བརླག་པར་བྱེད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱང་། །རྒྱལ་བས་གསུངས་པའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་སྲུང་བར་བྱའོ། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་མི་བྱའོ། །རྫུན་དང་འདོད་ལ་སྤྱོད་པ་དང་། །སེམས་ཅན་གནོད་པར་བྱེད་པ་དང་། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ཡང་ཡོང་མི་སྤང་། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་མི་སྤང་ངོ་། །སྡིག་པ་ལ་སོགས་ཐམས་ཅད་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་གྲིབ་མ་འགོམ་མི་བྱ། །ཅུང་ཟད་མཚན་མར་བཅས་པ་གང་། །འགོམ་དང་བཟའ་བར་མི་བྱའོ། །ༀ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཅེས་ཙནྡན་གྱི་ཆུ་བླུད་དོ། །དེ་ནས་སློབ་མ་དབང་བསྐུར་བའི་གསོལ་བཏབ་པ། ང་ནི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པའི་ཕྱིར། །རྡོ་རྗེ་བླ་ན་མེད་པ་འདི། །དེ་རིང་བདག་ལ་དབབ་དུ་གསོལ། །སློབ་དཔོན་གྱིས་གནང་བ་སྦྱིན་པ། །ང་ནི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །རྡོ་རྗེ་རིགས་གཙོ་ཆེན་པོ་དང་། །ཁམས་གསུམ་བདག་པོར་དབང་བསྐུར་རོ། །ཕྱོགས་གཞན་མ་དང་དབུས་རིགས་དང་བསྡུ་ཞིང་སྦྱར་རོ། །རིན་ཆེན་རིགས་གཙོ་ཆེན་པོ་དང་། །ལྷ་མིན་མཆོད་པར་དབང་བསྐུར་རོ། །པདྨ་རིགས་མཆོག་ཆེན་པོ་དང་། །ཆོས་ཀྱི་རྒྱལ་པོས་དབང་བསྐུར་རོ། །ལས་ཀྱི་རིགས་གཙོ་ཆེན་པོ་དང་། །ལས་བཞི་སྤྱོད་པར་དབང་བསྐུར་རོ། །དེ་ལ་དེ་བཞིན་གཤེགས་གཙོ་དང་། །ཆོས་རྣམས་ཀུན་ལ་དབང་བསྐུར་རོ། །གོང་གི་རིགས་དང་སྡེབ་བོ། །དེ་ནས་དུས་བརྗོད་པ། སངས་རྒྱས་ཀུན་གྱི་ཡེ་ཤེས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང་། །ཞེས་པས། སློབ་མ་རྡོ་རྗེ་འཛིན་དུ་བཅུག་ལ། དབང་བསྐུར་བའི་སྟེགས་བུར་དྲངས་ལ། ཁྲི་ཐོག་ཏུ་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་འདུག་སྟངས་སུ་བཞག་ལ། དེ་ནས་དབང་བསྐུར་བར་མཁྱེན་པར་གསོལ་བ་ནི། བདག་སློབ་དཔོན་མིང་འདི་ཞེས་བྱ་བས། སློབ་མ་མིང་འདི་ཞེས་བགྱི་བ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བགྱི་བ་དང་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མ་ལུས་པར་བསྒྲུབ་ཅིང་། སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། མཎྜལ་གྱི་རྒྱལ་པོ་མིང་འདི་ཞེས་བགྱི་བར་དབང་བསྐུར་བར་འཚལ་གྱིས། བཅོམ་ལྡན་འདས་ཡེ་ཤེས་ཀྱི་གཙོ་བོ་ཐུགས་རྗེའི་མངའ་བདག་རྣམས་ཀྱིས་ཏ་ཐཱའི་ཆེ་བའི་ཡོན་ཏན་གྱི་དབང་རྣམས་རིམ་པ་བཞིན་དུ་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ལ། དཀྱིལ་འཁོར་གང་བྱེད་པ་སོ་སོའི་དབང་རྣམས་རྫོགས་པར་བསྐུར་རོ།། །། ༈ དེ་ནས་སྂ་ཏྲ་ཧ་ལས་ནི། བུམ་པ་དང་། ཕྲེང་བ་དང་། དབུ་བརྒྱན་དང་། བདག་པོའི་དབང་དང་། ཕྱག་རྒྱ་དང་། མིང་གི་དབང་དང་དྲུག་འབྱུང་ངོ་། །དེ་ལ་ངན་སོང་སྦྱོང་བའི་ནང་ནས། དབུ་བརྒྱན་ལ་སོགས་པ་བཅུ་འབྱུང་ངོ་། །མངོན་པར་བྱང་ཆུབ་པའི་ཏན་ཏྲ་ལས་ནི། ཐུར་མ་ལ་སོགས་པ་དྲུག་འབྱུང་ངོ་། །དེ་ལ་དབང་བསྐུར་བའི་རིམ་པ་ནི། སྂ་ཏྲ་ཧ་ལས། ཏན་ཏྲ་ལས་ནི་བུམ་པ་སྣ་ལ་འབྱུང་། །ངན་སོང་སྦྱོང་བ་ལས་ནི་དབུ་བརྒྱན་སྣ་ལ་འབྱུང་། །རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏན་ཏྲ་ལས་ནི། ཕྱག་རྒྱའི་དབང་སྣ་ལ་འབྱུང་། དེ་ལྟར་རྒྱུད་རྣམས་ཀྱི་ནང་ནས་དབང་གི་རིམ་པ་མ་ངེས་པས། དེ་བས་ན་དབང་གང་ཡང་རུང་བས་མགོ་དྲངས་ནས་བསྐུར་བ་ཡང་འགལ་བ་མེད་དོ། །མངོན་པར་བྱང་ཆུབ་པའི་རྒྱུད་ལས། །དུས་དང་དུས་མིན་བྱེ་བྲག་ལས། །སློབ་མ་རྣམ་བཞིར་ཤེས་བྱ་སྟེ། །གཅིག་ནི་དེ་ཡི་མོད་ལ་བསྒྲུབ། །གཉིས་སུ་བསྒྲུབ་དང་གཉིས་ཀར་མིན། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་ལ། །སློབ་མ་དེ་ཡི་རྒྱལ་བའི་མཆོག །ཅེས་འབྱུང་བས། དབང་ཐེག་ཐང་དུ་བསྐུར་ཅིག །འདུས་པ་མདོའི་ཡོ་གའི་དབང་གི་ཙ་ཀ་ལིའི་དབང་གི་རྒྱབ་ཡིག་ཀླགས་ལ་དབང་བསྐུར་རོ། །རྣམ་སྣང་མངོན་བྱང་ནས་བྱུང་བ་བཞིན་ནོ། །དེ་ནས་བུམ་པའི་སྨོན་ལམ་གདབ་བོ། །དེ་ནས་སྒོ་བཞིའི་སྨོན་ལམ་བཏབ་སྟེ། སྒོ་འདི་ནི་ཤར་ཕྱོགས་ཀྱི་སྒོ་ལ་སོགས་ཏེ། རྒྱ་གར་གྱི་སྒྲ་ལས་དྲངས་ན་སུར་བ་ཞེས་བགྱི། སྔོན་དང་ཐོག་མ་ལ་ཡང་སུར་བ་ཞེས་བགྱི་སྟེ། དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ཀྱང་། ཞེ་སྡང་ཆེན་པོ་ནི་བརྟན་ནས་སྤངས་ནས་ཤར་ཕྱོགས་བྱམས་པ་ཚད་མེད་པའི་སྒོར་ཞུགས་པས། སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་ནི་རྫོགས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་ནས། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །དེ་བཞིན་དུ་མིང་འདི་ཞེས་བྱ་བས་ཀྱང་ཞེ་སྡང་ཆེན་པོ་ནི་བརྟན་ནས་སྤངས་ནས། ཤར་ཕྱོགས་བྱམས་པ་ཚད་མེད་པའི་སྒོར་ཞུགས་ནས་སྒྲིབ་པ་རྣམ་པ་གཉིས་ནི་བྱང་། ཚོགས་ཆེན་པོ་རྣམ་པ་གཉིས་ནི་རྫོགས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་ནས། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །ཤར་ཕྱོགས་བྱམས་པའི་སྒོ་སྟེ་ཚད་མེད་པ། །བྱམས་པས་སེམས་ཅན་མ་ལུས་བསྒྲོལ་བྱ་སྟེ། །རྡོ་རྗེ་རིགས་ཀྱི་དབང་དང་དངོས་གྲུབ་དང་། །བྱིན་བརླབས་དམ་པ་ཁྱོད་ཀྱིས་ཐོབ་པར་ཤོག །ལྷོ་དཀྵི་ན། ད་ལྟར་བ། ང་རྒྱལ་སྙིང་རྗེ། མཉམ་ཉིད། ཡེ་ཤེས། རིན་པོ་ཆེའི་རིགས། ནུབ་པཉྩི་མ། འབྱུང་ཀྱང་མ་འོངས་པ། འདོད་ཆགས་དགའ་བ། སོ་རྟོགས། པདྨའི་རིགས། བྱང་ཨུད་ཏ་རི། འབྱུང་མི་འབྱུང་མ་ངེས་པ། ཕྲག་དོག་བཏང་སྙོམས། བྱ་བ་ནན་ཏན། ལས་ཀྱི་རིགས། ལྷུག་པ་དང་ཚིགས་སུ་བཅད་པར་རིགས་མཐུན་པས་ཤར་ལྟར་བསྡེབ། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་གཏང་རག་གི་པུ་ཙ་དབུལ། བཤགས་པ་བྱས་ལ་གཤེགས་སུ་གསོལ། དམ་ཚིག་ཅན་གྱི་གཏོར་མ་གཏང་། གོ་བགོ། ལུས་སྲུང་། ཚོན་རྩི་ཕྱག་ལ་ཆུ་ཀླུང་དུ་བསྐྱལ། ལུང་ལས། བསྒྲིམས་ཏེ་མཚོན་རྩི་རྣམས་བསྡུས་ནས། །ཆུ་ཀླུང་ཆེན་པོར་བསྐྱལ་ནས་ཀྱང་། །བ་ཡི་ལྕི་བས་བྱུག་པར་བྱ། །ཞེས་འབྱུང་བས། ཐིག་རྗེས་ལ་སོགས་པ་ལས་ཀྱི་འཕྲོ་མི་མངོན་པར་བྱའོ། །རྫོགས་སོ།། །། ༈ དང་པོ་བསྟན་ལ་འདུག་ནས། རྡོ་རྗེ་སློབ་དཔོན་གྱིས་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་ཐལ་མོ་ཕྱིར་བསྣོལ་ནས། གུང་མོ་གཉིས་བཞིབས་པ་སྦྲེང་ལ། མེ་ཏོག་གི་ཕྲེང་བ་འགོ་འཁོར་ཅིག་ཐོགས་ལ། གཟུགས་བརྙན་གྱི་དཀྱིལ་འཁོར་ནས། རྡོ་རྗེ་སེམས་དཔའ་བཞུགས་པའི་སྟེང་དུ་བབ་པར་རོལ་ལ། མིང་འདི་ཞེས་བགྱི་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷའི་དབང་དུ་མཆིས་ཏེ། མ་རིག་པས་ལོངས་བའི་སེམས་ཅན་རྣམས་དེ་ལས་བཀྲོལ་བའི་རིགས་པ་ནི། དགྲོལ་བ་དང་། དེ་བཞིན་གཤེགས་པའི་རིགས་ཀྱིས་འདུལ་བ་རྣམས་བསྡུ་བའི་རིམ་པ་ནི། བསྡུ་བ་དང་། དཀྱིལ་འཁོར་གྱི་ལས་རྣམས་བགྱིད་དོ་ཞེས་བཀའ་ནོད་ན། དེ་ནས་མེ་ཏོག་གི་ཕྲེང་བ་བླངས་ལ། བདག་གི་མགོ་ལ་བཅིངས་ཏེ། པོ་ཏིའི་ཕྱག་རྒྱས་བཅིངས་ནས། ཨ་བེ་ཤ་ཨ་ཞེས་བརྗོད་པས་ཉིད་བཞེངས་ནས་བདག་ལ་དབང་བསྐུར་ཏེ། བདག་གི་ཁོང་དུ་ཞུགས་པར་བསམ། རྫོགས་སོ།། །།
༈ གསོལ་བ་གདབ་པ། དཀྱིལ་འཁོར་ནི་འཁོར་ལོ་བཤད། དེ་ཉིད་དམ་ཚིག་ཡིན་པར་བཤད། །བུདྡྷ་བཀའ་ཡི་དཀྱིལ་འཁོར་དུ། །བདག་ཉིད་དད་པས་འཇུག་ལགས་ན། །དམ་བཅས་པ་ཡི་ལྷ་རྣམས་ཀྱིས། །བདག་མ་བྱིན་གྱིས་བརླབ་ཏུ་གསོལ། །བདེ་བར་གཤེགས་པ་བ་ག་བཱན། །བསོད་ནམས་ཅན་དུ་བདག་ཉིད་འགྱུར། །སྔོན་གྱི་ལས་ཀྱིས་འབྲེལ་པས་ན། །ཐུགས་རྗེས་སྲས་སུ་དགོངས་པར་མཛོད། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀུན། །ཨཐྎ།།
༅། །རྗེ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བཅུ་གཅིག་ནི། ཆོ་འཕྲུལ་བཞིའི་ངོ་བོ་ཡེ་ཤེས་བཞི་རྫོགས་པར་བྱ་བའི་ཕྱིར། ཕྱག་འཚལ་བ་དང་། སངས་རྒྱས་ཀྱི་སྤྱན་ཐོབ་པར་བྱ་བའི་ཕྱིར་རས་ཀྱིས་གདོང་གཡོག་པ་དང་། དམ་ཚིག་ཏུ་བྱིན་གྱིས་བརླབས་པ་དང་། མེ་ཏོག་ཕྲེང་བ་འཛིན་དུ་བཞུགས་པ་དང་། གདམས་ངག་འབོག་ཅིང་གསང་བ་བརྟན་པ་དང་། མན་ངག་སྙིང་པོས་མནའ་ཆུ་བླུད་པ་དང་། རྡོ་རྗེ་སློབ་དཔོན་གྱི་བཀའ་མི་བཅག་ཅིང་བརྙས་པ་མི་བྱ་བ་དང་། སེམས་དཔའ་དང་ཡེ་ཤེས་དབབ་པ་དང་། དམ་ཚིག་གི་ཕྱག་རྒྱ་བཀྲོལ་ལ་སྙིང་པོ་བརྗོད་ནས་བསྐུལ་བ་དང་། རིག་པའི་མེ་ཏོག་དོར་ལ་ལྷ་དབབ་པའི་ལྷ་གང་ཡིན་པ་བརྟག་པའི་ཕྱིར་མེ་ཏོག་དོར་བ་དང་། དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་དང་། དཀྱིལ་འཁོར་མཐོང་བའི་ཕན་ཡོན་ནོ། །དབང་དྲུག་གང་ཞེ་ན། ཕྲེང་བའི་དབང་དང་། ཆུའི་དབང་དང་། བུདྡྷའི་དབུ་བརྒྱན་གྱི་དབང་དང་། བདག་པོའི་དབང་དང་། ཕྱག་རྒྱའི་དབང་དང་། མིང་གི་དབང་ངོ་། །ལེགས་སམ་བསམ་པ་ཡོད་ཨེ་གོ། །
༅། །ན་མོ་གུ་རུ། ད་ནི་བླ་མེད་ཐེག་པ་སྔགས་དམ་ཚིག །གླང་ཆེན་རབ་འབོག་རྒྱུད་དང་འདུལ་ལུང་དུ། །རྩ་བའི་དམ་ཚིག་སྐུ་གསུང་ཐུགས་གསུམ་བཤད། །སྤང་བྱ་མི་དགེ་ལུས་ངག་ཡིད་འདུས་སྡོམ། །ཉན་ཐོས་ཉམས་ན་རྫ་བེའུ་ཆག་འདྲ་བས། །སླར་གསོ་མི་རུང་སླར་གསོའི་ཐབས་མེད་ཅིང་། །གསང་སྔགས་ཉམས་ན་གསེར་དངུལ་ཞོམ་འདྲ་བས། །སླར་གསོའི་ཐབས་ཡོད་ཐབས་དེས་ཉམས་ཆག་སྐོངས། །དངོས་གྲུབ་ཐོབ་ཅིང་ཡོན་ཏན་རྒྱས་རིག་འཛིན། །ངན་སོང་དོང་སྤྲུགས་རྣལ་འབྱོར་སྤྱི་ཁྲུས་བཤད། །བླ་མ་ཡི་དམ་སྐུ་གསུང་ཐུགས་ཚོགས་ལམ། །རང་ཉིད་ཡི་དམ་སྐུ་གསུང་ཐུགས་སྦྱོར་མཐོང་། །སྣང་སྲིད་སྐུ་གསུང་ཐུགས་སྒོམ་མཐར་ལམ་ལྔ། །ཨ་རོ་ཡེ་ཤེས་གསང་སྒྲོན་བརྒྱུད། །ཚོགས་ལམ་བླ་མ་མཚན་ལྡན་ལ། །མཉེས་པ་གསུམ་གྱིས་མཆོད་པ་དབུལ། །སྦྱོར་ལམ་བླ་མའི་གདམས་ངག་གིས། །ཞི་གནས་ལྷག་མཐོང་བརྒྱུད་ལ་སྦྱར། །མཐོང་ལམ་སྤྱན་ལྔ་དག་པ་ཡིས། །རང་སེམས་སྐྱེ་མེད་མཐོང་བར་བྱ། །སྒོམ་ལམ་ཏིང་འཛིན་རྣམ་གསུམ་གྱིས། །གཉུག་མ་ཡིད་ལ་གོམས་པར་བྱ། །མཐར་ཕྱིན་ཉེས་པ་གཉིས་ཟད་པས། །ཆོས་རྣམས་ཟད་པར་བསྐྱལ་བར་བྱ། །ཞེས་པས་གཞི་ནི་མ་རིག་ཉེས། །ལམ་ནི་རྩོལ་བའི་ཉེས་པས་གཉིས། །ཏིང་འཛིན་སྟོང་ཉིད་སྙིང་རྗེ་དང་། །དབྱེར་མེད་བསྐྱེད་རྫོགས་རྒྱུ་ཡི་ཏིང་འཛིན་། །སྤྱན་ལྔ་ཤ་ལྷ་སངས་རྒྱས་སྤྱན། །ཤེས་རབ་སྤྱན་དང་ཡེ་ཤེས་སྤྱན། །སྙིང་རྗེ་ཀུན་སྣང་རྣལ་འབྱོར་པ། །ཤ་ཡི་སྤྱན་གྱིས་སྣ་ཚོགས་མཐོང་། །མངོན་ཤེས་ལྷ་ཡི་མིག་ཁྱི་སོགས། །ཆགས་བྲལ་ཉན་འཕགས་སངས་རྒྱས་སྤྱན། །བྱང་ཆུབ་སེམས་སྐྱེས་ཤེས་རབ་སྤྱན། །སངས་རྒྱས་དག་པའི་ས་སྤྱན་ཞེས་དྲི་མེད། །འོད་འབྲེལ་དུ་བཤད་རྩ་བ་ལྔ། །ཐུགས་གསང་གསུང་སྔགས་ཕྱག་རྒྱ་སྐུ་བླ་མཆེད། །ཀུན་རྩ་བླ་མེད་བྱང་ཆུབ་སེམས་ཞེས་ནི། །རང་རྒྱལ་འབུམ་བས་ལྷག་ཐོབ་བྱང་ཆུབ་དང་། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་བསྐྱེད་དང་། །རྒྱན་དུ། སེམས་སྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་དང་། རྒྱན་དུ། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་སྔགས་ལྟར་དུ། །ཀུན་རྫོབ་སྐྱེད་རིམས་དོན་དམ་རྫོགས་རིམས་འབྲེལ། །དབྱེར་མེད་ཟུང་འཇུག་བྱང་ཆུབ་སེམས་གྲུབ་པས། །ས་བོན་ཤུ་ཏྲ་ཐིག་ལེ་བྱང་ཆུབ་སེམས། །ཉན་ཐོས་འདུལ་བར་འདོད་ཆགས་རྨི་ལམ་ནི། །མེད་པ་དང་འདྲའོ་ཞེས་པས་ལུས་ཀྱི་བཅུད། །ཆགས་སྤྱད་རྨི་ཟགས་བསླབ་པ་མི་ཉམས་བཤགས། །སེམས་ཙམ་སྨོན་འཇུག་རྩ་ཉམས་སྐྱར་དགོས་ཀྱང་། །རྨི་ལམ་བཤགས་དག་སྐྱ་རེངས་ལྷ་སྦྲན་ཏེ། །བྱང་སེམས་ནམ་སྙིང་རྨི་ལམ་བྱོན་གྲོལ་བཤད། །རྨི་ལམ་དུ་ནི་ཆོས་ཀུན་རྨི་ལམ་དུ། །ཤེས་དང་མ་ཤེས་རྩེ་མོ་ཕྱིན་དང་མ་ཕྱིན་རྟགས། །རྒྱུན་དུ་རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་འདྲ་མ་ཡིན་ཞེས་ནི། །རྨི་ལམ་ལྟ་བུར་ཤེས་ན་དངོས་སྡིག་ཀྱང་། །དག་ངེས་དྲན་པས་སྲིད་འཆིངས་ལས་གྲོལ་བཤད། །ཆེད་དུ་བརྗོད་པའི་ཚོམས། མདོ་ལས། ཆོས་རྣམས་རྨི་ལམ་སྒྱུ་མ་ཞེས། །གང་གིས་ཚིག་བརྗོད་དྲན་པས་ཀྱང་། །སྲིད་པའི་འཆིངས་ལས་གྲོལ་བར་འགྱུར། །ཅེས་སོ། །སྔགས་ལྟར་དངོས་དང་རྨི་ལམ་འདྲ་ཕན་གནོད། །བསྙེན་བསྒྲུབ་མཐར་ཕྱིན་རྒྱལ་བའི་བཀའ་གནང་ཡང་། །ཞག་མཐའི་བསྒྲུབ་ཆེན་དངོས་གྲུབ་མ་ཐོབ་པར། །བཅུད་ཉམས་དངོས་རྨི་འདྲ་སྟེ་བསྒྲུབ་བསྐྱར་དགོས། །འགྲེལ་དུ། ལན་གཅིག་རྟག་ཏུ་ཁུ་བ་ལྷུང་བའི་ཕྱིར། །གཉིས་ཀ་ལའང་མཆོག་གི་བདེ་བ་མེད། །དེ་བཞིན་དཀའ་ཐུབ་ཅན་དང་འདོད་ལྡན་དག །རྨི་ལམ་པདྨ་དག་ལ་འཛག་ཕྱིར་རོ། །ཞེས་དང་། ཇི་ལྟར་གཉིད་ལོག་དག་ལ་སྦྲུལ་གྱིས་ནི། །སོ་བཏབ་མི་འཚེ་དེ་བཞིན་དཀའ་ཐུབ་པ། །ཞེས་དེ་གཉིད་སད་དུག་སྦྲུལ་གྱིས་དམུགས་དང་། །གཉིད་ལོག་དུག་སྦྲུལ་གྱིས་དམུགས་གཉིས། །འཆི་བར་འདྲ་ལྟར་ས་བོན་སད་རྨི་གཉིས། །གང་ལ་ཟགས་ཀྱང་ཉོན་མོངས་སྒྲིབས་བཅིངས་བརྟགས། །གནས་གྲོགས་དཔའ་བོ་མཁའ་འགྲོ་འདུས་བྱིན་བརློབས། །བདག་གྲོགས་རྩལ་རྫོགས་ལུས་ཐོབ་དུས་ཚོད་ཤེས། །ཐལ་བརྒྱུད་སྐབས་གསུམ་པོ་ནི་མ་རྟོགས་པར། །ཐིག་ལེ་སྤྲོ་བར་བྱ་བ་མིན་ཞེས་པའང་། །ནད་ཀྱི་སྐབས་ལས་རྒྱལ་མཆོད་སྨན་བཀའ་གནང་། །བཅས་པ་མཐའ་དག་གིས་ནི་སྐྱང་ཞེས་གསུངས། །སྲས་ཀྱི་སྐབས་ལས་རྒྱལ་སྲས་བསྒྲུབ་བཀའ་གནང་། །རིགས་སྲས་དཀྲུན་ལ་གནོད་བྱེད་དེ་བསྒྲལ་བཤད། །དབང་གི་སྐབས་ལས་རྒྱལ་ཚབ་བཀའ་བཀྲོལ་གནང་། །དག་པས་སྐྱོན་རྣམས་ཆུང་མར་བཅས་ཟབ་དབང་། །སྐབས་གསུམ་དཔེ་འདུལ་དུས་བབ་དེ་ཤེས་ནས། །སངས་རྒྱས་གདུང་འཚོབ་བསྟན་སྐྱོང་སྲུང་ཕན་ཆེད། །ལུས་ལ་གནས་ཀྱང་ལུས་ལ་མི་ལྟོས་བདེ། །ལུས་བདེ་སེམས་བདེ་སྣང་བས་མི་འཆིང་བདེ། །སྟོང་པར་གྲོལ་བདེའོ་གཡེང་འདོད་བདེ་མིན་བཤད། །གཡན་པ་ཕྲུགས་བདེའང་ཚ་ཆུ་ལྟར་མི་ངོམས། །གལ་ཏེ་སྔགས་པས་ལྟུང་བྱུང་ལྡང་འདོད་ན། །ཕན་ནུས་བུམ་དབང་བྱིས་འཇུག་ཉམས་ཆག་ལ། །དབང་ཞུས་པ་དང་ལྷ་སྐྱེད་གསལ་བ་དང་། །བཟླས་པ་སུམ་ཁྲི་དྲུག་སྟོང་སྔགས་འབུམ་དང་། །དཀྱིལ་འཁོར་མཐོང་མོས་ཐོས་ཙམ་སྒོམ་དད་དག །ཕྱིས་ནས་མི་བྱེད་སྡོམ་ལ་གནས་བྱེད་པའི། །ཡོན་ཏན་ལྡན་དེས་རྩ་ལྟུང་བྱུང་བཤགས་དག །ཟབ་དབང་བུམ་དབང་ཐོབ་ལ་རྩ་ལྟུང་གི །སྐྱོན་སེལ་འགྱོད་བློས་དག་བཟུང་འབྲས་ཐོབ་འདོད། །བླ་མས་བཀའ་སྩལ་རང་གི་འབད་པས་དག །ཤེས་རབ་ཡེ་ཤེས་དབང་ཐོབ་སྐྱོན་དག་ཕྱིར། །རང་གི་བདག་འཇུག་བསོད་ནམས་ཚུལ་ཁྲིམས་སྟོབས། །སྡིག་བཤགས་རྒྱལ་དང་རྒྱལ་སྲས་བྱིན་ཐོབ་དག །ཞེས་ནི་སངས་རྒྱས་བཞེད་ཅེས་དུས་འཁོར་བཤད། །ལྷ་མིའི་ཁྲིམས་དང་ཉན་ཐོས་དགེ་བསྙེན་དང་། །གསོ་སྦྱོང་བསྙེན་གནས་དབུ་མ་སེམས་བསྐྱེད་རྣམས། །ཉམས་དང་མ་ཉམས་གང་ལའང་བསླབ་བསྐྱར་སྐྱེ། །བསྐྱར་ལེན་ཚེ་ན་དབུལ་ཆོག་མི་དགོས་གསུང་། །སྔར་ཉམས་ཉེས་བཤགས་སྡིག་དག་དགེ་ཆུབ་བསྔོ། །ཉན་ཐོས་གནས་བརྟན་འོས་བསྐོས་བྱེད་དེ་དང་། །འཕགས་ཐོབ་དེ་ལ་ལྟུང་གླེང་གནས་འབྱིན་དོར། །ཤེས་དང་འཁོར་མང་སྡེ་སྣོད་འཛིན་མི་དབྱུང་། །ཉན་ཐོས་དགེ་སློང་དགེ་ཚུལ་བསྐྱར་ལེན་ཚེ། །སྔར་སྡོམ་དབུལ་དགོས་མ་ཕུལ་བསྐྱར་མི་སྐྱེ། །སྣུམ་དྲེག་ཅན་ལ་མ་བཀྲུས་ཚོས་མི་ལྗེན། །རྫ་བེའུ་ཆག་སྦྱར་མི་རུང་བསྐྱར་དགོས་འདྲའོ། །རྩ་བ་བཞིའང་གཞི་བསམ་སྦྱོར་མཐའ་ཚང་ཉམས་ཀྱང་། །ཡན་ལག་མ་ཉམས་ཡོད་སྲིད་གསེར་དངུལ་ལེན། །ཁྲི་སྟན་ཆེ་མཐོ་མ་ཉམས་རྩ་ཉམས་མཐོང་། །པོ་མཐོན་འདྲ་ཞེས་བསླབ་བསྐྱར་འབུལ་ཆོག་མཛད། །རྩ་བ་མ་ཉམས་ཡན་ལག་ཉམས་བཤགས་དག །དབུ་མ་སེམས་ཙམ་གཉིས་ཀྱི་སེམས་བསྐྱེད་དབང་། །ལེན་དུས་སྔར་ཐོབ་འབུལ་ཆོག་མི་དགོས་པར། །བསླབ་སྐྱེ་ཐེག་པ་ཆེ་ཆུང་ཁྱད་དུ་བཞེད། །ཐེག་ཆེན་སེམས་བསྐྱེད་དབང་ཐོབ་དམ་འབུལ་བ། །ཐེག་དམན་ལྟུང་ཞིང་ཐེ་ཚོམ་སྐྱོན་འབྱུང་དང་། །སྔར་སྡོམ་ཐོས་ལ་མ་གུས་དོར་སྐྱོན་འབྱུང་། །དམ་ཚིག་དང་པོ་སྡོམ་བཟུང་གསོ་སྦྱོང་བླང་། །མདོ་དབང་ཉན་ཐོས་འཇུག་སྒོ་བྱེད་དེའི་ཚེ། །དགེ་ཚུལ་དགེ་སློང་གཙང་ལ་སྐྱར་མི་དགོས། །དགེ་སློང་གནས་བརྟན་དགེ་ཚུལ་གནས་བརྟན་དང་། །དགེ་བསྙེན་གནས་བརྟན་འཕགས་ཐོབ་མངོན་ཤེས་ལྡན། །ཉན་ཐོས་ལུགས་ལྟར་བསྐོང་དང་མ་བསྐོས་དང་། །སྔགས་ལྟར་བཀོད་དབང་ཐོབ་དགོས་དབང་ཆུ་བོ། །རྣལ་འབྱོར་བླ་མ་ཕྱི་དབང་མ་ཧཱ་ཡི། །ནང་དབང་ཨ་ནུ་བསྒྲུབ་དབང་ཨ་ཏི་གསང་། །མཚམས་སྦྱོར་རྫོགས་སོ།། །།
མདོ་དབང་ཆེན་པོའི་གླེང་གཞིའི་ལེའུ་འདི་ལ་གསུམ་སྟེ། ལོ་ཙཱ་བའི་ཕྱག་དང་། ལེའུའི་གཞུང་དང་། ལེའུ་མཚན་ནོ། །ལེའུ་གཞུང་ལ་མདོ་དང་། རྒྱས་པའོ། །རྒྱས་པ་ལ་གཉིས་ཏེ། དབང་གི་གླེང་གཞི་དང་། དབང་བསྐུར་བའི་རིམ་པའོ། །གླེང་གཞི་ལ་གཉིས་ཏེ། གླེང་གཞིའི་དངོས་དང་། གླེང་གཞིའི་རྒྱུའོ། །དང་པོ་ལ་གསུམ་སྟེ། སློབ་དཔོན་ལ་བསམ་ངན་སྐྱེས་ནས་བརྔན་བྱས་པ་དང་། གཉིས་པ་བྲམ་ཟེའི་དམོད་པ་བོར་བ་དང་། གསུམ་པ་རྒྱལ་བུས་སྡུག་བསྔལ་ཉམས་སུ་མྱོང་ནས་ཐ་མ་ལུས་སྲུལ་པོར་སྐྱེས་པའོ། །གླེང་གཞིའི་རྒྱུ་ལ་གསུམ་སྟེ། དང་པོ་ཕྱག་རྡོར་གྱིས་སྲུལ་པོའི་དུ་ཁ་མཐོང་ནས་བསྟོན་པ་ལ་ཞུས་པ་དང་། གཉིས་པ་གླེང་གཞིའི་རྒྱུ་བཀའ་སྩལ་ཞིང་ཕྱག་རྡོར་ལ་དོན་གྱིས་ཤིག་པ་དང་། གསུམ་པ་ཕྱག་རྡོར་གྱིས་དབང་དོན་ཞུས་པའོ། །དབང་གི་རིམ་པ་ལ་གཉིས་ཏེ། མཐུན་པའི་དཔེ་དང་། དབང་གི་ངོ་བོའོ། །ངོ་བོ་ལ་སྡོམས་དང་། བཤར་གདབ་པ་དང་། རྒྱས་པར་བཤད་པ་སྟེ། རྒྱུད་ན་གསལ་ལོ། །ཨཐྎ།། །།
༅། །དེ་ལ་འདྲེན་པའི་ལས་བྱང་ཆེན་པོ་ལ་གསུམ་སྟེ། སྟོན་པས་འཁོར་དབང་གི་ལྷ་ལྔ་བརྒྱ་བརྒྱད་ཅུ་རྩ་གསུམ་དུ་བསྟན་པ་དང་། འཁོར་གྱིས་ངོ་མཚར་སྐྱེས་ཏེ་ཞུས་པའོ། །ལན་ལ་གཉིས་ཏེ། མདོ་དང་རྒྱས་པའོ། །རྒྱས་པ་ལ། འདྲེན་པའི་ལས་བྱང་ཆེན་པོ་སྟེ། དེ་ལ་མདོ་དང་རྒྱས་པའོ། །རྒྱས་པ་ལ་ཕན་པ་ལྷའི་དབང་དང་། བྱིན་བརླབས་སློབ་དཔོན་གྱི་དབང་དང་། ཐོབ་པ་མིག་གི་དབང་ངོ་། །དང་པོ་ལ་གསུམ་ཏེ་། དང་པོ་སྟེགས་བུའི་ཚད་དང་རྡུལ་ཚོན་དང་། གཉིས་པ་ལྷ་དགོད་པ་དང་། གསུམ་པ་སློབ་མ་ལ་དབང་བའོ། །ཨཐྎ།། །།
༅། །འདྲེན་པའི་ལས་བྱང་ཆུང་ངུ་ལ་དོན་གསུམ་སྟེ། སྡོམས་བཀོད་པ་དང་། བཤར་གདབ་པ་དང་། དེ་ཉིད་རྒྱས་པར་བཤད་པ་དཀྱུས་ན་གསལ་ལོ། །ཨཐྎ།། །།
༅། །ལྟ་བ་ཡེ་འབྱམ་དབང་ལ་གཉིས་ཏེ། བློ་ཆེ་བ་ལ་བསྐུར་མི་དགོས་པ་དང་། བློ་ཆུང་བ་ལ་བསྐུར་བའོ། །དང་པོ་ལ་གསུམ་སྟེ། དང་པོ་བློ་ཆེ་བ་ལ་རྫོགས་པ་དང་། གཉིས་པ་བསྐུར་མི་དགོས་པའི་དཔེ་དང་། གསུམ་པ་བསྐུར་མི་དགོས་པའི་གཏན་ཚིགས་སོ། །བློ་ཆུང་གི་དབང་ལ་གཉིས་ཏེ། དབང་གི་དོན་སྟོན་པས་སྤྱིར་བསྟན་པ་དང་། བསྐུར་བ་དངོས་སོ། །དང་པོ་ལ་བརྒྱད་དེ། དང་པོ་དབང་གི་དཔེ་དང་། གཉིས་པ་རྟེན་མེད་ཀྱི་དབང་དང་། གསུམ་པ་གཞན་དབང་དུ་དབང་རག་མ་ལུས་པ་དང་། བཞི་པ་དབང་རང་ལ་ཡོད་པའི་གཏན་ཚིགས་དང་། ལྔ་པ་ཚིག་ལ་རག་མ་ལུས་པ་དང་། དྲུག་པ་གཉིས་མེད་དབང་དགེ་མི་དགེ་ཡིས་མ་གོས་པ་དང་། བདུན་པ་མ་གོས་པའི་དཔེ་དང་། བརྒྱད་པ་བརྩོལ་བསྒྲུབ་ཀུན་རྫོགས་པར་བསྟན་པའོ། །ཨཐྎ།། །།
༅། །ཡོངས་སུ་གྲུབ་པའི་དབང་ལ་དོན་ལྔ་སྟེ། དང་པོ་བསྲུང་དུ་མེད་པའི་དམ་ཚིག་ཡོངས་སུ་གྲུབ་པ་དང་། གཉིས་པ་བླང་དོར་མེད་པའི་སྤྱོད་པ་དང་། གསུམ་པ་སྤངས་ཐོབ་མེད་པའི་བསྒྲུབ་པ་དང་། བཞི་པ་ཕྲིན་ལས་རྩལ་དུ་མེད་པ་དང་། ལྔ་པ་ཇི་ལྟར་གྲུབ་པའི་ཚུལ་བསྟན་པའོ། །ཨཐྎ།། །།
༅། །ཀུན་ཏུ་བཟང་པོའི་གདམས་ངག་གི་ལེའུ་ལ་གསུམ་སྟེ། དང་པོ་སྣོད་ངན་དང་། གཉིས་པ་རྣལ་འབྱོར་ཨ་བཅངས་པ་དང་། གསུམ་པོ་སྣོད་བཟང་པོ་ལ་སྦྱིན་པའོ། །དང་པོ་ལ་གཉིས་ཏེ། སྣོད་ངན་པ་ལ་མི་སྦྱིན་པ་དང་། ཉེས་པའོ། །དེ་ལ་ལྔ་སྟེ། དང་པོ་ངན་པ་ལ་མ་སྨྲས་པ་དང་བསྟན་པའི་ཁྱད་པར་དང་། གསང་མ་ཐུབ་པའི་ཉེས་པ་དང་། སྡིག་པའི་ཚད་དང་། གསང་བའི་ཚུལ་དང་། གསང་དགོས་པའི་རྒྱུའོ། །ཡང་ན་ཉེས་པ་ལ་ལྔ་སྟེ། དང་པོ་སྣོད་ངན་པ་ལ་བྱིན་པས་སྔགས་ཀྱི་བྱིན་ཉམས་པ་དང་། གཉིས་པ་ངན་པ་ལ་བྱིན་པའི་ཉེས་པ་དང་། གསུམ་པ་སྡིག་པའི་ཚད་དང་། བཞི་པ་སྣོད་ངན་པ་ལ་མི་སྦྱིན་པ་དང་། ལྔ་པ་སྣོད་ངན་པ་ལ་མི་བསྟེན་པའོ། །གབ་པའི་དབང་དྲུག་ལེའུ་དྲུག་གི་ས་བཅད་བརྗེད་བྱང་མཛད་པ། རྫོགས་སོ།། །།འཐད།
༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏན་ཏྲའི་ནང་ནས། གླེང་གཞི་དང་། དབང་བཅུ་དྲུག་གི་གླེང་གཞི་དང་། དབང་གི་གོ་རིམས་ཉི་ཚེ་ཕྱུང་ནས་བཤད་དོ། །འདོད་ཁམས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ། གོས་སུ་དུང་གི་ཕྲེང་བ་གོན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ལ། སློབ་མ་རྒྱལ་བུ་ཕྲུ་གུ་ཞིག་ཡོད་པ་ལས། བྲམ་ཟེས་ཀྱང་སློབ་སྦྱོང་ལ་སོགས་པ་མང་པོ་ཞིག་བསླབས་པ་ལས། རྒྱལ་བུ་ང་རྒྱལ་སྐྱེས་ཏེ་བསམ་པས་འདི་ན་ངའི་གོང་ན་སུ་ཡང་ཤེས་ཉེན་ཅན་མེད་པས་གོང་དུ་མི་འཆོར་བས། བྲམ་ཟེ་འདི་གོང་དུ་མི་གཏང་བར་བསམས་ཏེ། བྲམ་ཟེ་བོས་ཏེ་དགུན་ཆང་མང་དུ་བླུད་ནས་གཟི་རུ་བཅུག་ནས་མྱོས་པ་དང་། མིག་ཁབ་ཀྱིས་བརྩོགས། ལྕེ་ལྕགས་ཀྱུས་དྲངས་ཏེ་སྤུ་གྲིས་བཅད། ལུས་པོ་རུས་སྦལ་གྱི་ཁྲག་གིས་བྱུགས། བུད་མེད་མང་པོའི་ཞབས་མས་བརྟུམས་ཞིང་མནན། སྒྱིད་པ་སྤུ་གྲིས་བྲེགས་ནས་བཞག་པ་དང་། བྲམ་ཟེ་དེ་མྱོས་པ་སངས་ནས་དྲུང་ན་སུ་འདུག་འབོད་པར་བསམས་ན། ལྕེ་མེད་པས་སྨྲ་མ་ཤེས། བུད་མེད་མང་པོའི་ཞབས་མས་བཏུམས་ཤིང་མནན་པས་དྲན་པ་ཡང་ཆེར་ཉམས། ལྡང་བར་བསམ་པས་སྒྱིད་པས་ལང་མ་ནུས། སུ་འདུག་ལྟས་པས་མིག་གིས་མ་མཐོང་། ལུས་ལ་རུས་སྦལ་གྱི་ཁྲག་གིས་བསྐུས་པས་ཆུ་བུར་དང་རྐོང་པས་གང་བར་གྱུར་ཏེ། སྡུག་བསྔལ་ཞིང་འདུག་པ་ལ་ཉམས་ཐག་ནས་བྲམ་ཟེས་བསམས་པས། ང་ཁོ་ན་འདི་འདྲ་བར་གྱུར་པའི་ཚེ་རབས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཞིག་ཡིན་ནམ། འོན་ཏེ་གོང་དུ་ཤོར་གྱིས་དོགས་པའི་ཕྲག་དོག་གིས་འདི་ལྟར་བྱས་སམ་སྙམ་ན་ཡིད་ལ་བཏང་ནས། རྒྱལ་བུ་སློབ་མས་གོང་དུ་ཤོར་གྱིས་དོགས་ནས་སྡུག་བསྔལ་རྣམ་པ་དེ་དག་བྱས་པར་བྲམ་ཟེས་མངོན་ཤེས་ཀྱིས་རིག་ནས། བྲམ་ཟེས་དམོད་མོས་བོར་བས། འོ་རྒྱལ་བུ་ཕྲུ་གུ་ཁྱོད་ངས་ལོ་ཟླ་བསྙེན་སློབ་སྦྱོང་བྱས་པའི་སྟིང་ལ། ང་ལ་འདི་འདྲ་བའི་ལས་བྱེད་པར་གྱུར་པ་ཁྱོད་ཀྱང་ཚེ་ལུས་འདི་ལ། ལུས་ཤ་ཟ་མ་སྟོང་གིས་ཚང་བཅས་པར་གྱུར་ཅིག །ཁྱོད་ཀྱི་མིག་ལོང་བར་གྱུར་ཅིག །ཁྱོད་ཀྱི་ལྕེ་ལྐུགས་པར་ཤོག་ཅིག །ཁྱོད་རྐང་པས་འགྲོ་མི་ཤེས་པར་ཤོག་ཅིག །དེ་ནས་ཚེ་འདས་ནས་ཀྱང་ངན་སོང་གསུམ་གྱི་གནས་རིམ་པར་བརྒྱུད་ནས་དམྱལ་བའི་གནས་སུ་སྐྱེས་ནས། ཚེ་རབས་གྲངས་མེད་པར་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མི་མཐོང་ཤིང་བྱང་ཆུབ་ཀྱི་མྱུ་གུ་གཏན་ནས་སྐམས་པར་གྱུར་ཅིག །ཅེས་དམོད་པ་བོར་བ་དང་། དེ་ནས་རྒྱལ་བུ་འདས་ནས་རང་གི་ཉེས་བྱས་ཀྱི་རྣམ་སྨིན་དང་བྲམ་ཟེའི་དམོད་པ་བོར་བ་འདོད་ཁམས་ནས། སེམས་ཅན་གྱི་ནང་ནས་ལུས་སྲུལ་པོ་གཅེར་བུ་ཅན་ཞེས་བྱ་བར་སྐྱེས་ཏེ་ལུས་ལ་ནད་རྣམ་པ་དྲུག་གིས་ཕྱི་ནང་དུ་ཐེབས། ཤ་ཟ་མ་སྟོང་གི་ཚང་བཅས་ནས་མིག་ནི་ལོང་། ལྕེ་ནི་སྐུགས། རྐང་པ་ནི་ཞ། སེམས་ཀྱི་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་སོང་ལ་ཐུག །དེ་ལས་འཕོས་ནས་ཀྱང་དམྱལ་ཁམས་བཅོ་བརྒྱད་དུ་ཁ་བརྒྱུད་ནས་བསྐལ་པ་གྲངས་མེད་པའི་བར་དུ་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མཐོང་བའི་སྐལ་བ་མེད་པར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གཟིགས་ནས། ཉིད་ཀྱི་ཐུགས་ཁ་ནས་དཔལ་ཕྱག་ན་རྡོ་རྗེ་ཕྱུང་ནས་མདུན་དྲང་པོར་གནས་ཏེ་བཀའ་ནོད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལག་ན་རྡོ་རྗེ་ཁྱོད་སོང་ལ་འདོད་ཁམས་ཀྱི་གནས་ན་སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཞེས་བྱ། ཚེ་རབས་སྔ་མ་ལ་སློབ་དཔོན་བྲམ་ཟེ་ཞིག་གི་ལུས་ལ་ངན་སྣ་ཚོགས་བྱས་པའི་རྣམ་པར་སྨིན་པ་དང་། བྲམ་ཟེའི་དམོད་པའི་དབང་གིས་ད་ལྟར་བྱང་ཆུབ་ཀྱི་མྱུ་གུ་ནི་སྐམ་ལ་ཐུག །ལུས་ཀྱི་རྒྱུ་ནི་ཤིན་ཏུ་མྱོས་ཤིང་སྡུག་བསྔལ། དེ་ལས་འདས་ནས་ཀྱང་དམྱལ་ཁམས་ཀྱི་ཁ་བརྒྱུད་དེ་ཐར་པའི་དུས་མེད་པར་གྱུར་པས། ལག་ན་རྡོ་རྗེ་ཁྱོད་ཀྱིས་སེམས་ཅན་ཉམ་ཐག་པ་འདི་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱི་དབང་དམ་པ་འདི་རྣམས་ཀྱིས་སྲུང་ལ། དུ་ཁའི་ནད་རྣམས་བསལ་བ་དང་ངན་སོང་དང་དམྱལ་བའི་ཁམས་སུ་སྐྱེ་བ་ལས་སླར་བཟློག་པར་བྱ་བ་དང་། མཐོ་རིས་ཀྱི་གནས་སུ་སྐྱེ་བར་གྱུར་པའི་ཐབས་དབང་བསྐུར་བའི་ལས་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། ལག་ན་རྡོ་རྗེ་རྗེས་སུ་ཡི་རང་ནས་སླར་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དབང་ཐམས་ཅད་ཀྱི་རང་བཞིན་བཤད་དུ་གསོལ་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་རིགས་བཙུན་པར་སྐྱེས་པའི་ཚེ། །རྒྱལ་སྲིད་འབངས་ཀྱིས་ཕུལ་བ་ནི། །ཚིགས་བཙུན་ཡུལ་ལ་དབང་བསྒྱུར་བའི། །ས་བདག་རྒྱལ་པོར་གནས་པ་བཞིན། །བཅོམ་ལྡན་བྱང་ཆུབ་སྤྱོད་པའི་ཚེ། །ལྷ་དང་ལྷ་མིན་འཁོར་བཅས་པ། །དབང་བསྐུར་རྫས་ཀྱི་མངའ་གསོལ་བས། །དེ་ནས་བྱང་ཆུབ་མངོན་སངས་རྒྱས། །ཕྱག་རྒྱ་གསང་བས་གནས་སྲུངས་ཏེ། །བདུད་རྩི་བུམ་པས་སྡིག་རྣམས་བཀྲུ། །ཕྲེང་བ་ཅོད་པན་ཚུལ་ཁྲིམས་དང་། །རྣམ་ལྔའི་ཐུར་མས་བག་ཆགས་བསལ། །མེ་ལོང་འཁོར་ལོ་དུང་རྒྱ་གྲམ། །སྣ་བདུན་འཁོར་ལོའི་སྟེགས་གཙུགས་ཏེ། །རལ་གྲི་ཤེས་རབ་མདའ་གཞུ་དང་། །སེང་གེ་ཉི་ཟླ་ལྟ་བུ་ཡི། །འབྲས་བུ་བཀྲ་ཤིས་རྫས་བརྒྱད་སྦྱིན། །བདེན་པའི་བཀའ་བརྗོད་དམ་བདར་ནས། །ཏིང་འཛིན་ཚངས་པའི་གླུ་དབྱངས་དང་། །རྟེན་འབྲེལ་རྫས་རྣམས་བཤམས་ནས་ནི། །དབང་མཆོག་དེས་ནི་དབང་བསྐུར་རོ། །ཞེས་འབྱུང་སྟེ། ཕྱག་རྒྱའི་དབང་དང་། གསང་བའི་དབང་། བུམ་པའི་དབང་། མེ་ཏོག་ཕྲེང་བའི་དབང་། ཅོད་པན་གྱི་དབང་། ཐུར་མ་དང་། མེ་ཏོག་གི་དང་། འཁོར་ལོའི་དང་། དུང་གི་དང་། རྡོ་རྗེ་རྒྱ་གྲམ་གྱི་དང་། རིན་པོ་ཆེ་སྣ་བདུན་གྱི་དང་། རལ་གྲིའི་དང་། མདའ་གཞུའི་དང་། སེང་གེའི་དང་། ཉི་ཟླ་དང་། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་དང་བཅུ་དྲུག་གོ། །དེ་ནས་ལག་ན་རྡོ་རྗེ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ་བསྙོམས་པར་བཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པར་དག་པའི་ཕྱག་རྒྱས་བཅིངས་ཏེ། སེམས་ཅན་ལུས་སྲུལ་པོའི་གནས་སྔར་གཏུགས་ཏེ། བསྐྲད་པས་ཤ་ཟ་མོ་སྟོང་གནས་པ་ཡང་བསྐྲག་ནས་བྱེར་རོ། །དེ་ནས་འདུ་འབྲལ་མེད་པ་གསང་བའི་དབང་གིས་བྱང་ཆུབ་སེམས་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་ལ་ཐུག་པ་དེ་སོས་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བྱིན་གྱིས་བརླབས་སོ། །དེ་ནས་དེ་བཞིན་གཤེགས་པའི་ཐུགས་རྗེའི་བྱིན་གྱིས་བརླབས་པའི་བདུད་རྩིའི་བུམ་པའི་དབང་གིས་ལུས་ཀྱི་མི་བདེ་བའི་ནད་རྣམས་བཀྲུས་ནས་དག་ཅིང་བྱང་བར་གྱུར་ཏོ། །མེ་ཏོག་གི་འཕྲེང་བས་དབང་བསྐུར་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཞིག་རལ་ཡོངས་སུ་རྫོགས་ནས། ངན་སོང་དུ་ལྷུང་བ་ལས་ལྡོག་པའི་དབང་དང་ལྡན་པར་གྱུར་ཏོ། །དེ་ནས་ཅོད་པན་གྱིས་དབང་བསྐུར་བས་ཁམས་གསུམ་ན་གནས་པའི་བསམ་སྦྱོར་ངན་པའི་བག་ཆགས་དང་བྲལ་བར་གྱུར་ཏོ། །དེ་ནས་ཐུར་མ་མདུན་དུ་ཐོགས་ནས། སྔོན་གྱི་མིག་མཁན་རྒྱལ་པོས་ནི། །མིག་གི་རབ་རིབ་བསལ་བ་བཞིན། །བུ་ཁྱོད་མ་རིག་འཐིབས་པ་ཡི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བརྗོད་དེ་ཐུར་མས་དབང་བསྐུར་ནས་མ་རིག་པའི་ལིང་ཐོག་འཐིབས་པ་བྱང་ནས་གསལ་བར་གྱུར་ཏོ། །དེའི་འོག་ཏུ་མེ་ལོང་བྱིན་ནས་དབང་བསྐུར་བས། ཆོས་ཀུན་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལས་སྣང་བ་སྟེ། །བརྗོད་མེད་རང་བཞིན་དག་པ་ཡི། །དོན་དམ་ཆོས་ཉིད་རྟོགས་པར་འགྱུར། །ཞེས་ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ལྟ་བུར་མཐོང་ངོ་། །དེ་ནས་འཁོར་ལོ་ཐོགས་ཏེ། འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗིད་པ་འོག་ཏུ་འབྲུ་བཀོད་ནས། གཞན་དོན་འདི་ལ་ཕན་པའི་ཕྱིར། །རྒྱལ་བ་འཁོར་ལོ་བསྐོར་བ་མཛད། །ཅེས་བརྗོད་ནས་དབང་བསྐུར་བས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ནས་ཁམས་གསུམ་ཐམས་ཅད་དུ་འགྲོ་ནུས་པར་གྱུར་ཏོ། །དེ་ནས་དུང་ཐོགས་ཏེ། ཆོས་དུང་རྒྱས་པ་བུས་ནས་ནི། །ལོ་ཀ་སྐལ་ལྡན་སེམས་ཅན་ལ། །རྣལ་བསལ་སྡིག་སྦྱོང་ཆོས་ཐོས་པའི། །སྐྱོབ་པ་མགོན་པོས་ཚངས་སྐད་སྒྲོགས། །ཞེས་བརྗོད་ནས་དབང་བསྐུར་བས་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ནས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག །དགོས་པའི་སེམས་ཅན་གཉིས་མེད་ལ། །རྒྱ་གྲམ་གཙུག་ཏུ་དབང་བསྐུར་བས། །རྡོ་རྗེ་འཛིན་པ་རྣམས་ཀྱིས་ཀྱང་། །དེ་ནི་སྲུང་བ་ཉིད་དུ་འགྱུར། །ཞེས་བརྗོད་ནས་དབང་བསྐུར་བས་ཕྱོགས་བཅུ་ནས་སྔགས་རྣམས་ཀྱིས་རྟག་ཏུ་བསྲུང་བར་གྱུར་ཏོ། །དེ་ནས་རཏྣ་སྣ་བདུན་ནམ་མཁའ་ལ་བརྒྱུད་མར་གྱུར་ཏོ། །འཁོར་ལོ་རཏྣ་རྩིབས་སྟོང་དང་ལྡན་པ་ཞིག་ལག་ཏུ་གནས་པས། དེ་མ་ཐག་ཏུ་འཁོར་ལོ་བསྒྱུར་བའི་ར་ཙ་སྟོང་བསྡོམ་པའི་མཐུ་དང་མཉམ་པར་གྱུར་ནས་སངས་རྒྱས་ཀྱི་ས་ལ་ངེས་པར་ལུང་བསྟན་ཏོ། །དེ་ནས་གླང་པོ་རིན་པོ་ཆེ་ཐལ་དཀར་འདུག་པ་ཡན་ལག་བདུན་དང་ལྡན་པ་ཅིག་སྣས་བླངས་ཏེ་སྟེང་དུ་བཞག་པས། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཐོས་པའི་གནས་སུ་ངེས་པར་ཕན་འདོགས་ནུས་པའི་ཐབས་དང་ལྡན་པར་གྱུར་ཏོ། །དེ་ནས་རྟ་རཏྣ་སྤྲིན་གྱི་ཤུགས་འཆང་བ་གཙུག་ན་རཏྣ་ཅན་ཞིག་ལག་ཏུ་བབས་པས་མི་གནས་པའི་དབྱིངས་སུ་ཐོགས་པ་མེད་པར་གྱུར་ཏོ། །དེ་ནས་ནོར་བུ་རཏྣ་གཙུག་ཏུ་བསམས་པས་ཕྱི་ནང་ཐམས་ཅད་མུན་པ་མེད་དེ་བསམས་པ་ཡིད་བཞིན་དུ་འབྱུང་བའི་ཡོན་ཏན་དང་ལྡན་པར་གྱུར་ཏོ། །དེ་ནས་དམག་དཔོན་རཏྣ་ལུས་ལ་འོད་འབར་བའི་མཚོན་ཆར་འགྱུར་ཞིང་འཇིགས་པའི་མཐུ་ཅན་ཞིག་དཔྲལ་བར་བསམས་ལ། ཕྱོགས་བཅུ་ཐམས་ཅད་ནས་སྟོང་ཞིང་རྒོལ་བ་རྣམས་ནི་ཤིན་ཏུ་ཟིལ་གྱིས་ནོན་ཅིང་སྤ་བཀོང་བར་གྱུར་ཏོ། །དེ་ནས་བཙུན་མོ་རཏྣ་འབར་བ་ནང་ནས་ཆགས་པའི་སྤྱན་གསུམ་དང་ལྡན་པ་གཅིག་ལག་པ་གཡོན་པའི་ནང་དུ་བསམས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་འབྲེལ་ནས། བདེན་པ་མ་ནོར་བའི་དོན་ལ་ཆགས་པ་མི་རྟོགས་པར་བྱེད་པའི་གཟུངས་དང་ལྡན་པར་གྱུར་ཏོ། །དེ་ནས་བློན་པོ་རཏྣ་ཁོང་ན་རཏྣ་འབར་བ་གཞན་གྱིས་ལྟར་མི་མངོན་པ་ཅིག་ལག་པ་གཡས་པའི་ནང་དུ་བསམས་པས། བློ་དང་བརྩོན་འགྲུས་སུ་ལྡན་པས་བདེ་སྐྱིད་འཚམ་པར། བཀོད་པའི་བཤེས་གཉེན་དང་ལྡན་པར་གྱུར་ཏོ། །དེ་ནས་རཏྣ་སྣ་བདུན་ལུས་ལ་རྫོགས་པར་འབྱུང་བས་ཕྱིར་མི་ལྡོག་པའི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྤྲིན་དཔུང་ཞེས་བྱའོ། །དེ་ནས་ཡེ་ཤེས་ཀྱི་རལ་གྲི་ལག་ཏུ་བྱིན་པས་དུག་གསུམ་འཁྲུལ་བ་རྒྱུན་བཅད་དེ་བག་ཆགས་ཐམས་ཅད་བྱང་བར་གྱུར་ཏོ། །དེ་ནས་མདའ་གཞུ་ལག་ཏུ་བྱིན་ཏེ་དབང་བསྐུར་བས། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཡེ་ཤེས་དག་པའི་རྩེ་ལ་གནས་པར་གྱུར་ཏོ། །བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བ་ཞིག་ལག་ཏུ་བྱིན་པས་གསང་རབས་རྒྱ་མཚོའི་སྒྲས་ལོག་པའི་ཕྱོགས་ཟིལ་གྱིས་མནན་ནས་སྐད་ཅིག་མ་གཅིག་གིས་སྤྱི་ཕུད་སྟོང་གི་སྟེང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། དེའི་ཚེ་མཚན་བ་ག་བཱན་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་ནས་དེ་བཞིན་པ་ཐམས་ཅད་ཀྱིས་ལེགས་སོ་ལེགས་སོ་ཞེས་བསྟོད་དེ། ཉི་མ་ཟླ་བ་ཕྱག་ཏུ་ཕུལ་མ་ཐག་ཉི་མས་ནི་སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་དུས་མཐའ་མེད་པར་ཤར་བས་དྲོ་ཞིང་འཇམ་པར་གྱུར་ཏོ། །ཟླ་བས་ནི་སྟོང་གསུམ་གྱི་མུན་པ་རྣམས་དུས་གཅིག་ཏུ་བསལ་ནས་དུས་དང་རྣམས་པ་ཐམས་ཅད་དུ་བསིལ་ཞིང་སྣང་བར་གྱུར་ཏོ། །དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ཆེན་པོ་རྫོགས་པར་གྱུར་ཏོ། །ཐམས་ཅད་ནས་ཐམས་ཅད་དུ་བཀྲ་ཤིས་ནས་གྲུབ་པའི་རྫས་སུ་གསུངས་པ་དང་། འདོད་པའི་ཁམས་ཀྱི་ལྷ་དང་། འོག་གི་ས་ལྷ་བདག་དང་། རིགས་ཀྱི་བྲམ་ཟེ་དང་། གང་ཟག་དད་པས་བསལ་ཞིང་རིག་པའི་གླང་པོ་དང་། མཁྱེན་པའི་དཔལ་ལགས་ཏེ་སྦྱིན་པའི་གནས་སུ་བསྐྱེད་པའི་ཕྱིར་བཀྲ་ཤིས་ཀྱི་མངའ་གསོལ་ནས། གཞན་ལ་ཕན་པའི་དོན་དུ་ཚིགས་སུ་བཅད་པས་བསྟོད་པ། དེ་བཞིན་གཤེགས་པ་དགེས་པ་དགེས་པ་ཆེ། །རྡོ་རྗེ་གཏན་དུ་བདག་ཅག་མ་གཏང་ཞིག །ཉུངས་དཀར་དངོས་གྲུབ་རྫས་ཀྱིས་བགེགས་ཀྱི་སྦྱོར་བ་རྣམས་འཇིག་ཅིང་། ཞོ་ཡིས་རྣམ་པར་རྒྱལ་བྱེད་ཏིང་འཛིན་བཅུད་ཀྱིས་འཚོ་བ་དང་། དུར་བས་དགེ་བའི་རྩ་བ་དཔག་མེད་ཚོགས་ལྡན་ཞིང་། །ལི་ཁྲིས་ལྷ་མོ་མང་པོ་དབང་དུ་བསྡུད་པར་བྱེད་པར་ཤོག །མེ་ལོང་གིས་ནི་ཆོས་ཀུན་གཟུགས་བརྙན་ལྟ་བུར་རྟོགས། །དུང་གིས་འཇིག་རྟེན་གསུམ་དུ་ཆོས་ཀྱི་གྲགས་པ་ཐོབ་གྱུར་ནས། །གྷི་ཧྂ་གིས་ནི་དུག་གསུམ་ཞི་བྱེད་ཆོས་སྲོག་འཚོ་བ་དང་། །བིལ་བས་བླ་མེད་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །ཅེས་བརྗོད་ནས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གྲུབ་པའི་རྫས་སུ་བྱིན་གྱིས་བརླབས་པའི་ཉུངས་དཀར་ཕྱག་ཏུ་ཕུལ་བས་བགེགས་སྟོང་ཕྲག་བརྒྱད་བཅུར་རྟོགས་པ་རྣམས་ཀྱིས་བསམ་སྦྱོར་ངན་པ་རྒྱུན་གཅོད་པར་མཛད་དོ། །དེ་ནས་བྷ་ག་བཱན་ལ་ཁྱིམ་བདག་བཟང་སྐྱོང་གིས་ཞོ་ཕུལ་བས། དབང་པོའི་བཅུད་ཡོངས་སུ་ཚིམ་པར་བྱེད་པའི་འདོད་འཇོའི་བ་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་སོ། །དེ་ནས་བྷ་ག་བཱན་ལ་བྲམ་ཟེ་ཀུན་དྷ་ལིས་རྩྭ་དུར་བ་ཕུལ་བས། དུར་བའི་ལོ་འདབ་རྒྱས་ཤིང་འཕེལ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བསོད་ནམས་འཕེལ་བར་བྱིན་གྱིས་བརླབས་སོ། །དེ་ནས་བྷ་ག་བཱན་ལ་སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས། ལི་ཁྲི་ཆགས་ཤིང་ཞེན་པའི་དོན་ལྟ་བུར། ཐུགས་རྗེ་ཆེན་པོའི་དབང་གིས་ཉོན་མོངས་པའི་སེམས་ཅན་མི་གཏོང་བར་ཐུགས་དམ་ཞལ་གྱིས་བཞེས་པའོ། །དེ་ནས་བྷ་ག་བཱན་ལ་གླང་པོ་ཆེ་ས་སྲུང་གི་བུས། གྷི་ཧྂ་ཕྱག་ཏུ་ཕུལ་བས་བདུད་རྩི་སྨན་གྱི་མཆོག་ཏུ་གྱུར་ཏེ་ནད་བཞི་བརྒྱ་རྩ་བཞིའི་གཉེན་པོར་བྱིན་གྱིས་བརླབས་སོ། །བྷ་ག་བཱན་ལ་བརྒྱ་བྱིན་ལྷའི་དབང་པོས་དུང་གཙུག་གཡས་སུ་འཁྱིལ་བ་བཅུ་དྲུག་པ་གཅིག་ཕྱག་ཏུ་ཕུལ་བས་སུམ་ཅུ་རྩ་གསུམ་གནས་མན་ཆད་དུ་ལོ་ག་སོ་སོའི་རིགས་སུ་ཚངས་པའི་སྒྲ་སྐད་ཕུན་ཚོགས་པས་ཆོས་ཀྱི་སྒྲ་ཆེན་པོ་ཡོངས་སུ་སྒྲོགས་པར་མཛད་དོ། །དེ་ནས་མེ་ལོང་གཡའ་དག་པ་གཟུགས་བརྙན་གྱི་དངོས་པོ་སྣང་ལ་སྟོང་པ་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་འཕང་རྫོགས་པར་སྤྲོས་པ་ལ་སྣང་བར་མཛད་དོ། །དེ་ནས་ཤིང་གི་ལྷ་མོ་འོད་འཆང་གིས་ཤིང་བིལ་བ་ཕྱག་ཏུ་ཕུལ་བས་བིལ་བ་ཇི་ལྟར་སྨིན་པའི་འབྲས་བུར་གནས་པ་བཞིན་དུ། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཏིལ་གང་གི་ཏིལ་འབྲུ་མར་གྱིས་ཁྱབ་པ་བཞིན་དུ། སྐུ་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་བསོད་ནམས་ལེགས་པའི་འབྲས་བུ་རྒྱས་ཤིང་གང་བར་གྱུར་ཏོ། །མི་གནས་པའི་མྱ་ངན་ལས་འདས་པ་བདེ་བ་ཆེན་པོའི་དབྱིངས་སུ་རྫོགས་པར་སངས་རྒྱས་སོ། །དབང་གི་གླེང་གཞི་རྫོགས་སོ།། །།
༅། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། སྐད་ཅིག་ཡུད་ལ་ནམ་མཁའ་གང་ནས་གང་དུ་ཁྱབ་པ་ཐམས་ཅད་དབང་གི་དཀྱིལ་འཁོར་ཞི་ཁྲོའི་ལྷ་ལྔ་བརྒྱ་བརྒྱད་ཅུ་རྩ་གསུམ་གྱིས་གང་བར་མཛད་ནས། སྔར་སངས་རྒྱས་ནས་མྱ་ངན་ལས་འདས་པ་རྣམས་ཆོས་ཀྱི་སྐུ་ལ་བཞུགས་པ་རྣམས། ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནས་འགྲོ་བའི་དོན་མཛོད་ཅིག་པར་དབང་བསྐུར། སངས་རྒྱས་ཀྱི་སྐུ་རེ་རེ་ལ་ཡང་ལྷ་ལྔ་བརྒྱ་བརྒྱད་ཅུ་རྩ་གསུམ་གྱིས་བརྒྱན་ཏེ་ཐམས་ཅད་ཡེ་ནས་སངས་རྒྱས་པར་དབང་ཐོབ། ད་ལྟར་བཞུགས་པ་དང་སླད་ཀྱིས་བྱོན་པ་ཐམས་ཅད་ཀྱང་དེ་བཞིན་དབང་བསྐུར། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ངོ་མཚར་རྨད་དུ་གྱུར་ཏེ། ཨེ་མ་ཧོ་བཅོམ་ལྡན་འདས་ངོ་མཚར་སྙམ་ནས། མགྲིན་གཅིག་ཏུ་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞི་ཁྲོའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་དབང་དེ། བདག་ཅག་དང་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ལ་ལུང་བསྟན་དུ་གསོལ། ཀུན་ཏུ་བཟང་པོས་བཀའ་སྩལ་པ། འགྲོ་བའི་དོན་དུ་ཞུས་པ་ལེགས་སོ། །དབང་བསྐུར་རྒྱལ་པོའི་རྒྱུད་འདིའི་འོག་འཇུག་གི་དོན་ཡང་བསྐུར་ཐབས་ཉི་ཤུ་རྩ་གཅིག་དང་། འདྲེན་པའི་ལས་བྱང་ཆེ་ཆུང་དང་། །བསྐུར་བའི་ལྟ་བ་ཡེ་འབྱམ་གྱི་དབང་དང་གསུམ། དེ་ལ་བསྐུར་ཐབས་གོང་དུ་བསྟན་པ་བཞིན་ནོ། །འདྲེན་པའི་ལས་བྱང་ཆེ་བ་ནི་དོན་རྣམས་པ་གསུམ་སྟེ། ཕན་པ་ལྷའི་དབང་། བྱིན་བརླབ་པ་སློབ་དཔོན་གྱི་དབང་། ཐོབ་པ་མིང་གི་དབང་ངོ་། །དེ་ལ་ཕན་པའི་ལྷ་དབང་ནི། དཀྱིལ་འཁོར་གྱི་དབྱིབས་ཟླ་གྂ་ཚེས་བརྒྱད་པ་ཁ་སྤྲོད་དུ་བྱས་པ་དང་། ཚེས་བཅུ་དྲུག་པ་བྱས་པའི་སྟེང་དུ་དཀྱིལ་འཁོར་གྱི་དབྱིབས་འདོམ་གང་གྲུ་བཞི་ཆག་གང་སར་རྩིག །དེ་ནས་ཕྱོགས་བཞིར་འདའ་རེ་བཅལ་བར་བང་རིམ་གཅིག་རྩིག །དེ་ནས་འདོམ་ཕྱེད་གཅལ་བར་བང་རིམ་རྩིག །སྟེང་དུ་བང་རིམ་གཅིག་རྩིག །བང་རིམ་སུམ་རྩེག་ཏུ་བྱའོ། །ཡང་ན་དཀྱིལ་ནས་ཐིག་སྐུད་ཀྱིས་དྲངས་ལ། སུམ་ལྡབ་ཀྱིས་བྱས་ལ་བང་རིམ་གསུམ་པར་བྱའོ། །བང་རིམ་སྟེང་མ་ལ་ལྷ་བཞི་བཅུ་གཉིས་དགོད། བར་པ་ལ་ལྷ་བཅུ་བདུན་དགོད། ཐ་མ་ལ་གིང་དང་ཕོ་ཉ་དང་མ་མོ་དང་སྲིང་མོ་དགོད། ཟླ་གམ་ཁ་སྤྲོད་ལ་དུས་གསུམ་གྱི་རིག་འཛིན་གྱི་རྒྱུ་བཞུགས། ཕྱོགས་མཚམས་སྟེང་འོག་དང་མཎྜལ་གྱི་རྩར་ཕུར་པ་བཞི་བཅུ་རྩ་གཉིས་དགོད། ཟླ་ཁམ་དམར་གྲུ་བཞི་སེར། ཞི་ཁྲོ་རྣམས་གཞུང་བཞིན་ནོ། །དེ་བཞིན་དུ་གསུང་ཡིག་འབྲུ་ལས་བྱུང་བ་བཞིན་སྐུ་ཕྱག་རྒྱ་རྫོགས་པར་བསྐྱེད་ནས། བསྒྲུབ་པ་ཚང་པ་དང་སློབ་མ་དྲལ་དུ་དྲངས་ཏེ། ཕན་པ་ལྷའི་དབང་ཞི་ཁྲོ་རྣམ་གཉིས་ཀྱི་དབང་བསྐུར་བའི་ཕྲིན་ལས་ནི། སྐུ་ཕྱག་རྒྱ་ཆེན་པོ་དངོས་སུ་བཞེངས་སུ་གསོལ་བ་ལ་བྲིས་ཀྱང་རུང་སྟེ། ལྷ་རེ་རེ་ནས་སློབ་མའི་ལག་པར་གཏད་ནས་དབང་བསྐུར་བ་འདི་སྐད་དོ། །དེ་ནས་ཁྲོ་བོའི་དཀྱིལ་འཁོར་ཆེ་མཆ ོག་ཡབ་ཡུམ་ནས་དབང་བསྐུར་བ་འདི་སྐད་དོ། །དེ་ནས་འགྲོ་བ་འདུལ་བའི་འཁོར་དང་ཐུགས་རྗེ་སྤྲུལ་པའི་འཁོར་རྣམས་ཀྱིས་དབང་བསྐུར་བ་འདི་སྐད་དོ། །དེ་ལ་བྱིན་རླབས་སློབ་དཔོན་གྱི་དབང་ནི། དུས་གསུམ་གྱི་རྡོ་རྗེ་སློབ་དཔོན་རྣམས་དང་གསང་མཚན་དུ་བཅས་པས་དབང་བསྐུར་ཏེ། དེ་ལ་དམ་ཚིག་དབང་གི་སློབ་དཔོན་དང་། ཤེས་རབ་བརྒྱུད་ཀྱི་སློབ་དཔོན་དང་། མན་ངག་ལུང་གི་རྒྱུ་རྣམས་ཀྱིས་རིམ་པར་བསྐུར་བར་བྱའོ། །ཐོབ་པ་མིང་གི་དབང་ནི། ཕལ་ཆེར་ལྷ་མང་པོ་སྒོམ་མི་ནུས་པ་དང་། ཕལ་ལྷ་མང་པོ་ལ་མི་མོས་པ་ལ་མང་པོ་བསྐུར་ཀྱང་མི་འཆང་བས་འཚམ་པར་བསྐུར་བ་དང་། གང་དག་རྒྱ་ཆེ་བ་ཅི་ལ་ཡང་ཐོགས་པ་མེད་ཅིང་གང་ལ་མི་སྤོང་པ་ལ་མིང་གིས་ཐམས་ཅད་རྫོགས་པར་མང་བསྐུར་དུ་མི་རུང་བའི་ཕྱིར། འདི་དག་གི་རིམ་པ་གང་ཡིན་པ་རྒྱུ་ཡིས་ཤེས་པར་བྱས་ལ་སྣོད་ཀྱི་རིམ་པ་དང་སྦྱར་བ་ལས། བབ་ཆོལ་དང་། མཐོ་གསེན་དང་། ངོ་དགར་བྱ་བ་ནི་ནམ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས་རྣལ་འབྱོར་ཆེན་པོ་ལ། འདྲེན་པའི་ལས་བྱང་གི་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྣལ་འབྱོར་པ་བློ་རབ་འབྲིང་མེད་པར་ཡོངས་ལ་དབང་བསྐུར་བ་ནི། བསྐུར་ཐབས་བཅོ་ལྔ་སྟེ། དབུ་བརྒྱན་གྱི་དབང་དང་། ཅོད་པན་དང་། བན་དྷ་དང་། བྱང་ཆུབ་སེམས་དང་། དྲི་ཆེན་དང་། ཤ་ཆེན་དང་། རཀྟ་དང་། དྲི་ཆུ་དང་། བདུད་རྩི་ར་ས་ཡ་ན་དང་། རྡོ་རྗེ་དྲིལ་བུ་དང་། ཕུར་བུ་དང་། ཉུངས་དཀར་དང་། ཕྲེང་བ་དང་། མར་མེ་དང་། རྔེའུ་ཆུང་ངོ་། །དེ་ལ་དབུ་བརྒྱན་གྱི་དབང་བསྐུར་བ་ནི། དབུ་བརྒྱན་ཐོད་པའི་གཞལ་ཡས་ཁང་ལྔ་རུ་གྱུར་པའི་ནང་དུ། ཧེ་རུ་ཀ་ལྔ་བསམས་ལ་འདི་སྐད་དོ། །སངས་རྒྱས་ཀུན་གྱི་རིན་ཆེན་ཚེ། །དཔག་ཏུ་མེད་པའི་འོད་དང་ལྡན། །རིགས་མཆོག་ཕྱག་རྒྱ་ཆེ་ལྡན་པ། །ཁམས་གསུམ་བདག་པོར་དབང་བསྐུར་རོ། །ༀ་རཏྣ་མ་ཀུ་ཏ་ཏྲྂ་ཏྲྂ་ཏྲྂ། ཁྲོ་བོའི་དབུ་བརྒྱན་གྱི་དབང་བསྐུར་བས་དྲེགས་པའི་བདུད་དང་སྲིན་པོ་འདུལ་བའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག །ཅོད་པན་གྱི་དབང་ནི། སློབ་མ་དེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ལ་མངའ་བརྙེས་ཤིང་འདུག་པ་ཐམས་ཅད་དུ་འདུལ་བ་དང་། ཆོས་ཀྱི་རྒྱལ་པོ་བྱེད་པར། རྒྱལ་བ་ཚེ་དཔག་ཏུ་མེད་པར་སྒོམས་ལ་འདི་སྐད་དོ། །ཅོད་པན་མི་འགྱུར་མངའ་བརྙེས་པར། །ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་དབང་། །ཁམས་གསུམ་ཀུན་གྱི་དབང་ཕྱུག་ཆེ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །དྷརྨ་ར་ཙ་ཐ་ར་སྭཱ་ཧཱ། ཅོད་པན་གྱི་དབང་བསྐུར་བས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་བརྙེས་ནས་ཆོས་ཀྱི་འཁོར་ལོ་ཡོངས་སུ་སྐོར་བར་གྱུར་ཅིག །བན་དྷས་དབང་བསྐུར་བ་ནི། སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་པར་སྒོམས་ལ་འདི་སྐད་དོ། །མཚན་མའི་རྟོག་བྲལ་བན་དྷའི་རྫས་མཆོག་འདིས། །སྔོན་གྱི་སྐྱེས་མཆོག་བསྒྲུབ་པའི་རྫས་ཡིན་ཏེ། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་པར་ཤོག །སྨོན་ལམ་དེ་བཞིན་ནོ། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་བ་ནི། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །དཀར་ལ་དག་པས་གཉིས་མེད་བྱང་ཆུབ་སེམས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་ཏེ་རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །དྲི་ཆ ེན་གྱིས་དབང་བསྐུར་བ་ནི། དྲི་ཆེན་བདུད་རྩི་ཆེན་པོའི་རང་བཞིན་འདི། །རྣམ་རྟོག་སེལ། བདུད་རྩིའི་རང་བཞིན་གྱིས། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །དེ་བཞིན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །དྲི་ཆེན་གྱི་དབང་བསྐུར་བས་སྟོང་པ་ཉིད་ཀྱི་ཡེ་ཤེས་རྟོགས་ཏེ་དེ་བཞིན་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །མང་སས་དབང་བསྐུར་བ་ནི། མ་རིག་ཁམས་གསུམ་འཁོར་བའི་སེམས་ཅན་ནི། །གནས་ནས་སྒྲོལ་མཛད་རྫས་མཆོག་ཤ་ཆེན་འདི། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །མང་ས་ཤ་ཆེན་གྱི་དབང་བསྐུར་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་ཏེ་རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །རཀྟས་དབང་བསྐུར་བ་ནི། གསང་བ་དབང་གི་རྫས་མཆོག་རཀྟ་འདི། །ཆགས་མེད་བདེ་བར་སྤྱད་པས་དམར་ལ་དངས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རཀྟས་དབང་བསྐུར་བས་སོ་སོར་རྟོག་པའི་ཡེ་ཤེས་རྟོགས་ཏེ་པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །དྲི་ཆུས་དབང་བསྐུར་བ་ནི། རང་འབྱུང་དག་པ་ལས་མཆོག་རིགས་ཀྱི་རྫས། །ཕྱི་ནང་གསོས་འགྱུར་བདུད་རྩིའི་རང་བཞིན་འདི། །སྐལ་ལྡན་རྣལ་འབྱོར་འདི་ལ་བསྐུར་བས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །དྲི་ཆུས་དབང་བསྐུར་བས་བྱ་བ་ནན་ཏན་གྱི་ཡེ་ཤེས་རྟོགས་ཏེ་ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །རྡོ་རྗེ་དྲིལ་བུའི་དབང་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་པས། །ཐུགས་མཆོག་རྟོགས་པ་རིགས་པའི་བརྒྱན། །རྡོ་རྗེ་དྲིལ་བུའི་དབང་བསྐུར་བས། །ཐབས་དང་ཤེས་རབ་དབང་ཐོབ་ཤོག །སྐུ་དང་ཡེ་ཤེས་སུ་ལྡན་པས་ཆོས་ལ་སྤྱོད་པར་གྱུར་ཅིག །ཕུར་པས་དབང་བསྐུར་བ་ནི། དཔལ་ཆེན་ཡབ་ཡུམ་གསང་བའི་ཐུགས་ཁ་ནས། །ཐལ་བྱེད་ཚར་ཤ་གཅོད་པའི་མཚོན་ཆར་ལྡན། །རྡོ་རྗེ་ཀི་ལ་ཡ་ཡི་དབང་བསྐུར་བས། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་པར་ཤོག །ཕུར་བུས་དབང་བསྐུར་བས་དམ་སྲི་བར་ཆོད་བསྒྲོལ་བའི་དབང་ཐོབ་པར་གྱུར་ཅིག །བདུད་རྩི་ར་ས་ཡ་ནས་དབང་བསྐུར་བ་ནི། ཐམས་ཅད་སྨན་ཡིན་བདུད་རྩི་མཆོག །འགྲོ་ཀུན་རྒྱལ་བ་ཀུན་གྱི་བསྒྲུབ་པའི་ལམ། །ར་ས་ཡ་ནས་དབང་བསྐུར་བས། །བདུད་རྩི་བཅུད་དང་འཕྲད་པར་ཤོག །བདུད་རྩི་ཨ་མྲི་ཏས་དབང་བསྐུར་བས་སྐྱེ་ཤི་མེད་པའི་སྐུ་ཐོབ་པར་གྱུར་ཅིག །ཕྲེང་བའི་དབང་ནི། ཕྲེང་བ་མྱ་ངན་འདས་པའི་ཆོས་ལ་སྤྱོད། །འགྲོ་ཀུན་ཡང་དག་ཆོས་ཀྱི་དོན་ལ་འཛུད། །མེ་ཏོག་ཕྲེང་བ་ལ་སོགས་དབང་བསྐུར་བས། །གཟུངས་དང་ཏིང་འཛིན་ལྡན་པའི་དབང་ཐོབ་ཤོག །མེ་ཏོག་གི་ཕྲེང་བས་དབང་བསྐུར་བས་གཟུངས་དང་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཅིག །ཉུངས་དཀར་གྱི་དབང་བསྐུར་བ་ནི། ཉུངས་དཀར་རྒྱལ་པོས་བྱིན་བརླབས་ཤ་རི་རྂ། །བར་ཆད་བགེགས་ཀྱི་ཚོགས་འཇོམས་གྲུབ་རྫས་འདི། །སྐལ་ལྡན་འདྲེ༴ བར་ཆད་བགེགས་རྣམས་རྡུལ་དུ་བརླག་པར་འགྱུར། །ཉུངས་དཀར་གྱི་དབང་བསྐུར་བས་སྤྲུལ་པ་འགྱེད་པ་དང་དགྲ་བགེགས་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །མར་མེའི་དབང་ལ། དཔལ་ལྡན་ཡབ་ཡུམ་གསང་བའི་ཐུགས་བསྡུས་པས། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་མར་མེ་གསལ། །ཀུན་གཞི་གནས་འགྱུར་སྤྱན་གྱི་ཡེ་ཤེས་འདི། །སྐལ་ལྡན་རྣལ་འབྱོར་༴ མར་མེས་དབང་བསྐུར་བས་དཔལ་ཆེན་པོའི་ཡེ་ཤེས་དགུ་ལ། མ་སྐྱེས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མ་གཡོས་པ་སྟོང་པ་ཆེན་པོའི་ཡེ་ཤེས་དང་། མ་འགགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མི་གཉིས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མ་འདྲེས་སོ་སོར་རྟོག་པའི་ཡེ་ཤེས་དང་། མཐར་ཕྱིན་པ་བྱ་བ་ནན་ཏན་ཡེ་ཤེས་དང་། ཀློང་དུ་གྱུར་པ་འདའ་དཀའ་ཐུགས་ཀྱི་ཡེ་ཤེས་དང་། བདག་ཉིད་ཆེན་པོའི་ངང་དུ་གྱུར་པ་རང་རིག་པའི་ཡེ་ཤེས་དང་། བདེ་བ་ཆེན་པོ་ལ་གཉིས་སུ་མེད་པར་སྦྱོར་བའི་ཡེ་ཤེས་ཏེ་ཡེ་ཤེས་དགུའི་དབང་དང་ལྡན་པར་གྱུར་ཅིག །རྔེའུ་ཆུང་གི་དབང་ནི། ཤེས་རབ་གསང་སྒྲ་སྒྲོགས་པའི་རྔ་ཆེན་འདི། །ཁམས་གསུམ་ཀུན་ལ་དབང་སྒྲ་སྒྲོགས། །ང་རྒྱལ་དྲག་ཤུལ་བདུད་འཇོམས་པའི། །ཕྱག་མཚན་རྔེའུ་ཆུང་འདིའི་དབང་བསྐུར་རོ། །རྔེའུ་ཆུང་གིས་དབང་བསྐུར་བས་ཆོས་སྐྱེ་བ་མེད་པའི་སྒྲ་སྒྲགས་པས་བདུད་དང་སྲིན་པོ་ཟིལ་གྱིས་མནན་ཏེ་མ་མོ་མཁའ་འགྲོ་དབང་དུ་བསྡུད་པའི་དབང་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་བསྐུར་རྒྱལ་པོའི་རྒྱུད་ལས་འདྲེན་པའི་ལས་བྱང་ཆེ་ཆུང་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྣལ་འབྱོར་པ་མན་ངག་ངེས་པའི་དོན་ལ་མཁས་ཤིང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གྲུབ་པ་རྣམས་ནི། རིག་པའི་རྒྱལ་པོ་རང་དབང་དུ་གྱུར་པས་བསྐུར་ཀྱང་མི་དགོས་མ་བསྐུར་ཀྱང་རྫོགས། དེ་ཅིའི་ཕྱིར་ཞེ་ན། ལྷའི་རྒྱལ་པོ་གསེར་འགྱུར་ནི། གསེར་དུ་མ་བརྟགས་ཀྱང་གསེར་དུ་སྣང་ཞིང་། གསེར་གཞན་ལས་བརྒྱ་བཅུ་སྡེར་སྤགས་ལ། གསེར་སྲང་གཅིག་གིས་ཟངས་སྲང་བརྒྱ་ལ་རེག་ཀྱང་གསེར་དུ་སྣང་བ་བཞིན། བདག་ཉིད་ཆེན་པོ་བྱང་ཆུབ་སེམས་ཀྱི་དབང་དུ་གྱུར་ན་དབང་མ་བསྐུར་ཀྱང་། ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སེམས་ཀྱིས་སངས་རྒྱས་པར་དབང་བསྐུར་ཞིང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ལྷུན་གྱིས་གྲུབ་པས། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ཡེ་ནས་དབྱེར་མེད་པར་མཛད། སངས་རྒྱས་དང་སེམས་ཅན་ཞེས་པར་མེད་ལ། དབང་བསྐུར་ན་ཡིད་བཞིན་གྱི་ནོར་བུ་རཏྣ་ཇི་ལྟར་འདོད་པ་ལྟར་འབྱུང་བ་དང་འདྲ་བར། ཡེ་ནས་ཡངས་པ་ཆེན་པོའི་ཀློང་ལ། གང་ལ་མི་དོགས་ཅིང་ཀུན་ཏུ་བཟང་པོ་ལ་ཅིར་ཡང་མི་རྟོགས་པས། ལྟ་བ་ཡེ་འབྱམ་གྱི་དབང་བསྒྲུབ་པའི་ཕྱིར་འདི་སྐད་ཅེས་གསུངས་སོ། །ཆོས་རྣམས་ཐམས་ཅད་ནམ་མཁའི་ཁམས། །དངོས་པོ་མཚན་མ་ཀུན་ལས་འདས། །དེ་ལ་མཁས་པས་བཅོས་སུ་མེད། །དེ་བཞིན་སེམས་ཀྱི་རྣམ་པ་ཀུན། །དེ་བཞིན་ཉིད་དེ་བཅོས་ལས་འདས། །འདི་ལྟར་ཡེ་ནས་ཡིན་རྟོགས་ནས། །དབང་རྣམས་བསྐུར་ཡང་ཡོང་མི་དགོས། །སྟོང་གསུམ་མ་བཅོས་ཆོས་ཉིད་ཀློང་། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཁམས་གསུམ་ཕྱག་རྒྱའི་དཀྱིལ་འཁོར་རྫོགས། །དུག་གསུམ་བདུད་རྩི་བྱང་ཆུབ་སེམས། །ལུས་ངག་ཡིད་གསུམ་ཡེ་ཤེས་ལྷ། །ཐམས་ཅད་སྐྱོན་མེད་ཡེ་ཤེས་སྣང་། །བདེ་བ་ཆེ་ལས་གཞན་མེད་པས། དབང་རྣམས་ཐམས་ཅད་མ་བསྐུར་རྫོགས། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །རྒྱུ་དང་འབྲས་བུ་ལ་སོགས་པ། །གཉིས་སུ་མེད་པར་ཡེ་ཤེས་པས། །བྱང་ཆུབ་སེམས་སུ་དབང་བསྐུར་ཡིན། །མིང་དང་ཚིག་དང་ཡི་གེ་དང་། །ཐེག་པའི་བྱེ་བྲག་ཐམས་ཅད་ཀྱང་། །དོན་དམ་གཅིག་ཏུ་སུ་ཤེས་པ། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །བསྐལ་པ་གྲངས་དང་གྲངས་མེད་པ། །དེ་སྙེད་བྱེ་བ་ཅི་འདས་ཀྱང་། །དུས་གསུམ་འགྱུར་བ་མེད་ཤེས་ན། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །ལས་དང་ལས་མིན་ལ་སོགས་པའི། །སྩོལ་ཕོད་བྱ་བ་ཅི་བྱས་ཀྱང་། །བྱང་ཆུབ་དོན་ལ་རྩལ་མེད་པས། །སངས་རྒྱས་རྣམས་ཀྱིས་མ་བཙལ་བཤད། །ཉོན་མོངས་ལས་དང་དུ་ཁ་དང་། །འཛིན་རྟོག་མཚན་མའི་ལས་རྣམས་ཀྱང་། །པདྨ་ཆུ་མི་ཆགས་པ་བཞིན། །བྱང་ཆུབ་སེམས་ལ་གོས་པ་མེད། །དབང་དང་དམ་ཚིག་ཐམས་ཅད་དང་། །དེ་བཞིན་ཕྲིན་ལས་བྱ་བ་ཀུན། །བྱས་ན་སྐྱོན་མེད་ལེགས་པའི་ལམ། །མ་བྱས་ན་ཡང་བྱང་ཆུབ་སེམས། །ཕྱི་ཉིད་ནང་ལ་ནང་ཉིད་ཕྱི། །སྣང་བ་ཐམས་ཅད་རང་རིག་འཆར། །བརྗོད་པས་ཚིག་དང་ཡི་གེ་མེད། །སྐྱེ་ཤི་འཕོ་འགྱུར་རྟོགས་པ་རྣམས། །དེ་བཞིན་མ་བཅོས་བྱང་ཆུབ་སེམས། །མ་བཙལ་བཞག་པས་གདོད་ནས་དག །འགྱུར་བ་མེད་པར་ལྷུན་གྱིས་གྲུབ། །འདི་ནི་ལྟ་བ་ཡེ་འབྱམ་དབང་། །ཞེས་ཉིད་ལ་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ལྟ་བ་ཡེ་འབྱམ་གྱི་དབང་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དམ་ཚིག་ཉམས་པ་མེད་པའི་དབང་ནི། ཐམས་ཅད་རང་གི་སེམས་ཡིན་པར་ཤེས་ཤིང་ཡེ་ནས་ཀུན་ཏུ་བཟང་པོར་སངས་རྒྱས་པ་ལ། ཕྱོགས་རིས་དང་། ཆེ་ཆུང་དང་། སྒྲོ་སྐུར་མེད་པར་ལུང་བསྟན་པ་འཛིན་པས་དམ་ཚིག་ལ་ཉམས་པའི་དུས་མེད་ལ། དབང་ཡང་མ་ཐོབ་པ་མེད་དོ། །སྤྱོད་པ་ལྷུན་གྱིས་གྲུབ་པའི་དབང་ནི། ཅི་བྱས་ཅི་སྤྱད་ཀྱང་འགྲོ་ལོག་སྤྱི་གཙུག་གར་འདྲེས་ཀྱང་སྙིང་པོ་བྱང་ཆུབ་དོན་ལས་མ་རྟོགས་པ་གང་དུ་ཡང་འགྱུར་བ་མེད་པས། ནམ་མཁའ་མཚོན་གྱིས་མི་ཞེན་པ་བཞིན་དུ། སྤྱོད་པ་ཅི་སྤྱད་པ་སངས་རྒྱས་ཀྱི་མཛད་སྤྱོད་ལྷུན་གྱིས་གྲུབ་པའོ། །བསྒྲུབ་པ་མཐར་ཕྱིན་པའི་དབང་ནི། སྐྱོན་དང་ཡོན་ཏན་བདེ་བདེ་བ་དང་དུ་ཁ་གཉིས་མེད་པས། གཅིག་གི་བརྒྱན་དུ་གཅིག་གྱུར་པས། ཅི་བྱས་པ་ཆུད་མ་ཟོས་པ་རུ་འཁོར་བ་ཉིད་ནས་མྱ་ངན་ལས་འདས་པ་ཆེན་པོར་ལྷུན་གྱིས་གྲུབ་པར་ཐེ་ཚོམ་མེད་པར་ཡིད་ཆེས་པས་བསྒྲུབ་པ་མཐར་མ་ཕྱིན་པ་ཡང་མེད་ལ་དབང་མ་ཐོབ་པ་ཡང་མེད་དོ། །ཕྲིན་ལས་བྱ་རྩོལ་མེད་པའི་དབང་ནི། ཡེ་ནས་སངས་རྒྱས་མིན་ན་སོལ་བ་དང་འདྲ་བ་ལ། ཡེ་ནས་སངས་རྒྱས་ཡིན་ན་གསེར་དང་འདྲ་བ་ལ། ཡིན་པའི་དོན་ལ་མ་ཡེངས་པར་འཚོགས་པས། སངས་རྒྱས་ཡིན་པས་ཡིན་པའི་དོན་ལ་མ་ཡེངས་ཤིག །སེམས་ལ་མཐའ་དབུས་དང་སྐྱེ་ཤི་འཕོ་འགྱུར་མེད་པ་ཡིན་པས་དེ་ལ་མ་ཡེངས་ཤིག །འཛིན་རྟོག་གི་སྐྱོན་ཐམས་ཅད་མ་སྐྱེས་པའི་ཀློང་དུ་ཤེས་པས་འཁོར་བ་ཡང་མེད། དུ་ཁ་ཡང་སྟོངས། ཡོན་ཏན་ཡང་ཆེ་བས་མ་ཡེངས་ཤིག །ཕྲིན་ལས་རྩལ་དུ་ཡང་མེད་ལ་དབང་ཐོབ་པ་ཡང་མེད་དོ། །དབང་ནི་སངས་རྒྱས་ཀྱི་དབང་ངོ་། །ཡོད་ནི་སེམས་ལ་ཡོད་དོ། །ཐོབ་ནི་རྒྱུ་ལ་དམ་ཚིག་མ་ཉམས་ན་ཐོབ་བོ། །མཐར་ནི་མ་ཡེངས་ན་ཕྱིན་པར་འགྱུར་རོ། །འགྲུབ་ནི་ཅི་ལ་ཡང་མ་བཅོས་མ་རྩལ་ནས་འགྲུབ་བོ། །དོན་ཐམས་ཅད་བསྒོམས་པ་ཉག་གཅིག་ཏུ་གཏུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཡོངས་སུ་གྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཀུན་ཏུ་བཟང་པོས་ཐུགས་ཀྱི་ཀློང་ནས་བཀའ་སྩལ་པས། ཇི་ལྟར་བཀའ་མཐུན་ཡིད་བཅུགས་ཀྱང་། །སྙིང་གི་སློབ་མར་མ་གྱུར་ཅིང་། །གསང་བའི་སྣོད་དང་མ་ལྡན་ན། །དབང་གི་དོན་ནི་སྨྲ་མ་བྱེད། །མ་སྨྲས་ན་ནི་གཟི་ཆེ་ལ། །གསང་མི་ཐུབ་ལ་བསྟན་བྱས་ནས། །དེ་ནི་གསང་སྔགས་ཟོང་དུ་འཚོང་། །སངས་རྒྱས་ཐམས་ཅད་སྐུས་སླུས་སོ། །རྫོགས་པ་ཆེ་ལ་སྡིག་མེད་ཀྱང་། །གསང་མི་ཐུབ་པའི་གང་ཟག་དེ། །སངས་རྒྱས་མ་ཡིན་བདུད་ཡིན་པས། །དེ་བསྟན་སྡིག་པ་ནང་ན་ཆེ། །ཁམས་གསུམ་སེམས་ཅན་བསད་པ་ཡིས། །གསང་སྒྲོགས་སྡིག་པའི་ཆར་མི་ཕོད། །འདི་ལ་བསྟན་ན་རྣལ་འབྱོར་མིན། །ཉེས་བྱས་ཉམས་པ་བརྗོད་ལས་འདས། །ཇི་ལྟར་གསང་ཞིག་ཇི་སྙེད་གསུང་། །དེ་བཞིན་བསྟན་ཡང་ཉན་མི་བྱེད། །རྫུན་དང་སྐྱོན་གྱིས་ཕྱིར་ཁྲིད་པས། །སློབ་དཔོན་བཀའ་བཅོག་མེད། །ལོ་ག་འདི་ན་སྙིང་རྗེ་མེད། །དེ་འདྲ་སྣོད་མིན་གཞན་དུ་བསྐྲོད། །སྔགས་ཀྱི་ཐེག་པ་ལ་སོགས་པ། །བསྐལ་པ་བརྒྱར་ཡང་མ་བསྙེན་ཅིག །གསང་མེད་གོལ་ཞིང་ཉམས་པ་དེ། །ཀུན་ཏུ་བཟང་པོའི་ལུང་ལས་མིན། །དེ་བས་རྣལ་འབྱོར་སྙིང་པོ་དེས། །གསང་བ་ལ་ནི་སྐྱོན་མེད་དོ། །དང་པོ་སློབ་དཔོན་ཕ་བཞིན་བྱོས། །བར་དུ་དད་དང་དམ་ཚིག་ནོས། །ཐ་མ་མན་ངག་རྟེན་བཞིན་ཆོངས། །རྣལ་འབྱོར་འདི་ནི་ངེས་པའི་བཀའ། །ཡང་གསང་ངེས་པའི་དོན་ཆེན་འདི། །གང་གིས་བཅངས་པ་སངས་རྒྱས་ཉིད། །ཀུན་ཏུ་བཟང་པོའི་སྐྱོན་མེད་པས། །འགལ་ཞིང་གོལ་བར་མ་གསུངས་སོ། །ཞེས་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་སོ། །དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཀུན་ཏུ་བཟང་པོའི་ཐུགས་ཀྱི་མན་ངག་གི་ལེའུ་སྟེ་བཅུ་པའོ། །རྫོགས་སོ།། །།
༅། །གསང་མཆོག་སང་ང་ཧེ་རུ་ཀ །མི་གཉིས་འདུད་པས་ཕྱག་འཚལ་ཏེ། །སེམས་ཅན་རྣམས་ཀྱི་དོན་ཆེད་དུ། །དབང་གི་དོན་རྣམས་བསྡུ་བར་བྱའོ། །ཆུ་བོ་ཆེན་པོ་བཞི་རྣམས་ནི། །སྔོན་འབྱུང་དང་ནི་རྗེས་འཇུག་གོ། །སྔོན་འབྱུང་ཆུ་བོ་བཞི་རྣམས་ནི། །ཡུལ་དང་དབང་པོ་དགོས་ཆེད་དང་། །ཐབས་དང་གནས་དང་རྟགས་དང་དོན། །རྗེས་སུ་འཇུག་པ་རྣམས་གཉིས་ཏེ། །ལམ་པ་དང་ནི་དང་པོ་ལ། །ལམ་པ་ཆུ་བོ་བཞི་རྣམས་ལ། །རྒྱུ་དང་ཐོབ་དང་མི་ཐོབ་དང་། །ཡུལ་དང་སྣོད་གྱུར་ཁྱད་པར་བརྟག །བདུན་གྱིས་འདིའི་དོན་བསྡུས་པའོ། །རྗེས་འཇུག་ལས་ཀྱི་དང་པོ་པ། །ཆུ་བོ་བཞིའི་དབང་སྐུར་བ། །ཡོ་ག་ལ་སོགས་ཐེག་དྲུག་ནི། །ཕྱི་དབང་བརྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ནི། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ནི། །བསྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །གསང་དབང་རྫོགས་པའི་ཆུ་བོས་བྱ། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱི་རྫོགས་པའོ། །སུམ་ཅུ་རྩ་དྲུག་ལེགས་དབང་བསྐུར། །དེ་དོན་རྣམ་པ་བཅུ་གསུམ་སྟེ། རང་གི་ངོ་བོ་རྒྱུ་རྐྱེན་གནས། །ངེས་ཚིག་བསྒྲིབ་པ་ཚད་དང་ཆོས། །རྣོ་འབྲས་དགོས་པ་སྐྱོན་ཡོན་ནོ། །རིམ་པ་བགྲོད་པའི་བསླབ་པ་འདིས། །རྒྱལ་པོའི་བུ་ལ་དབང་བསྐུར་བཞིན། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །ཆོས་ཀྱི་རྒྱལ་པོ་ཐོབ་པར་ཤོག །བསྒྲུབ་ཐབས་དྲུག་ཀ་བདེ་བར་གསལ་མཛད་ཀྱིས་མཛད་དོ། །དབང་དོན་བསྡུས་པ་རྫོགས་སོ།། །།
༅། །གསང་བདག་འཆད་པའི་སྐྱེས་བུ་ལ། །གཉིས་མེད་འདུས་པས་ཕྱག་འཚལ་ནས། །ཕྱི་རབས་རྣལ་འབྱོར་དོན་ཆེད་དུ། །དབང་གི་དོན་རྣམས་དབྱེ་བར་བྱ། །རྒྱུད་དང་འབྱུང་བའི་ཆུ་བོ་དང་། །གྲགས་དང་རྫོགས་པའི་ཆུ་བོ་བཞི། །སྔོན་འབྱུང་བདེར་གཤེགས་གནས་སྐབས་ན། །ཆོས་རྒྱལ་བྱིན་རླབས་དབང་ཕྱུག་དང་། །སྒྲོན་མ་གསལ་བ་འཛིན་པ་རུ། །དབང་བསྐུར་ཡུལ་ནི་སློབ་མའི་ཚུལ། །ཆོས་རྒྱལ་རིགས་ཀྱི་སངས་རྒྱས་དང་། །དཔག་མེད་རྒྱལ་བ་སྐུ་གཟུགས་གཉིས། །དབང་བསྐུར་དཔའ་བོ་སློབ་དཔོན་ཚུལ། །རྒྱལ་བར་གཟུགས་སུ་སངས་རྒྱས་དང་། །ལུང་ཐོབ་གསང་བའི་སྙིང་པོའོ། །ངེས་པར་དུས་ལ་བབ་པའི་ཕྱིར། །དབང་བསྐུར་བ་ཡི་དགོས་ཆེད་དོ། །དབུ་རྒྱན་ཉི་ཟླ་རྡོ་རྗེ་འབར། །རིགས་ཀྱི་ཕྱག་རྒྱ་ཕ་ལམ་གྱི། །རྫས་ལ་བརྟེན་ཏེ་དབང་བསྐུར་ཐབས། །དགའ་ལྡན་གནས་དང་འོག་མིན་དང་། །བྱང་ཆུབ་ཤིང་དྲུང་དབང་བསྐུར་གྱི། །ཁང་པ་རྩེགས་པ་གནས་ཡིན་ནོ། །རྒྱལ་ཚབ་རྫོགས་ལོངས་སྤྱོད་པ་དང་། །ཆོས་ཀྱི་མངའ་བདག་གསང་བའི་བདག །ཡེ་ཤེས་རང་གནས་གཟུགས་བརྙན་ཏེ། །དབང་ཐོབ་པ་ཡི་རྟགས་ཡིན་ནོ། །རྗེས་འཇུག་ལམ་པའི་གནས་སྐབས་ནི། །རྒྱུ་ནི་རྣལ་འབྱོར་རྣམ་པ་ལྔ། །བདུན་པ་སེམས་དང་རིགས་ཆེན་འབྱེད། །རྒྱུད་ཀྱི་ཆུ་བོ་རྒྱུ་ཞེས་བྱ། །དབུགས་ཆེན་འབྱིན་པ་ཆུ་བོའི་རྒྱུ། །ལུང་ཐོབ་གྲགས་པ་ཆུ་བོའི་རྒྱུ། །རྩལ་རྫོགས་རྫོགས་པའི་ཆུ་བོའི་རྒྱུ། །བསླབ་པ་ཆུབ་དང་དེ་བཞིན་མཐོང་། །ཤེས་བྱ་གང་ལ་མ་རྨོངས་དང་། །གང་ལ་འཇིགས་དང་བྲལ་བ་ནི། །ཆུ་བོ་བཞིའི་དབང་ཐོབ་ཚད། །སླབ་པ་མ་ཆུབ་བརློམ་པ་དང་། །དེ་ཉིད་མཐོང་བའི་ངེས་པ་མེད། །ཤེས་བྱ་དག་ལ་ཕྱོགས་ཆར་དམིགས། །ཡེ་ཤེས་ཡོན་ཏན་མི་འབྱུང་བ། །དེ་ནི་དབང་རྣམས་མ་ཐོབ་པའོ། །མཆོད་རྟེན་སྒྲ་བརྙན་ཚད་མར་ངེས། །དབང་ནོད་ཡུལ་ནི་སློབ་དཔོན་ཏེ། །ངོ་མཚར་རྫས་བརྙེད་བླ་མ་དང་། །ལུང་བསྟན་ཐོབ་པའི་བླ་མ་དང་། །བདེར་གཤེགས་ཞལ་མཐོང་བླ་མ་དང་། །བདེ་གཤེགས་ཉིད་དུ་གྱུར་པའོ། །སྣོད་དུ་གྱུར་དང་རྩལ་རྫོགས་དང་། །ཐུགས་རྗེ་འབྱུང་དང་གཞན་དབང་གྱུར། །ཆུ་བོ་བཞིའི་སྣོད་གྱུར་པའོ། །ཁྱད་པར་རྩལ་གྱིས་ཐོབ་པ་དང་། །བསྐུར་བས་ཐོབ་པ་རྣམ་པ་གཉིས། །རྒྱལ་བ་ཀུན་གྱིས་གསང་བའི་ཐུགས། །རྟོགས་ནས་སྨྲ་བར་གང་བྱེད་པ། །དབང་རྣམས་ཀུན་གྱི་མཆོག་ཡིན་ནོ། །སྲིད་པ་གསུམ་གྱིས་དེ་དབང་བསྐུར། །བསྐུར་བས་ནུས་དབང་ཕན་དབང་ངོ་། །གཙུག་ཏོར་དམ་པར་འབྱུང་བ་དང་། །གང་ལ་མ་བཞག་ལྷན་ནེ་བ། །ལྷུན་གྱིས་ཡོངས་སུ་གྲུབ་པ་དང་། །འོད་ཟེར་མཐའ་ཡས་རྒྱས་པ་རྟགས། །བདུན་གྱི་ལམ་པའི་དོན་བསྡུས་པའོ། །རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡི་དབང་བསྐུར་བ། །དང་པོ་རྒྱལ་བའི་བཀའ་བརྟགས་དང་། །གཉིས་པ་རྟགས་ཀྱི་མཚན་མའི་དབང་། །གསུམ་པ་ཐུགས་རྗེ་གཟུགས་ཀྱི་དབང་། །བཞི་པ་ཤེས་རབ་བུམ་པའི་དབང་། །ལྔ་པ་ཁྱད་པར་གདན་གྱི་དབང་། །དྲུག་པ་རྒྱལ་སྲིད་རིན་ཆེན་དབང་། །བདུན་པ་བཀྲ་ཤིས་རྫས་ཀྱི་དབང་། །བརྒྱད་པ་ཤེས་བྱ་མ་རྨོངས་དབང་། །དགུ་པ་བརྒྱན་ཆས་མཛེས་པའི་དབང་། །བཅུ་པ་དབང་བསྒྱུར་མིང་གི་དབང་། །ཕྱིར་འཁོར་སྐྱོང་བའི་རྒྱལ་པོར་གྱུར་ཕན་ཆད། །དེ་ནས་གསང་བ་ནང་དུ་བཞུགས་པར་བྱ། །དང་པོ་གསང་བ་ཉན་པའི་དབང་། །གཉིས་པ་རྣམ་བཞི་ལས་ཀྱི་དབང་། །གསུམ་པ་རྒྱལ་ཐེབ་འཆད་པའི་དབང་། །བཞི་པ་རྡོ་རྗེ་རྒྱལ་པོའི་དབང་། །ལྔ་པ་ཟིལ་གནོན་གདན་གྱི་དབང་། །དྲུག་པ་ཁྱད་པར་རིན་ཆེན་དབང་། །བདུན་པ་ཕྱག་རྒྱ་གཟུགས་བརྙན་དབང་། །བརྒྱད་པ་ཡེ་ཤེས་ཐུགས་ཀྱི་དབང་། །དགུ་པ་སྐུ་གསུང་ཐུགས་ཀྱི་དབང་། །བཅུ་པ་བཀྲ་ཤིས་བདུད་འདུལ་དབང་། །བཅུ་གཅིག་གསང་བ་མིང་གི་དབང་། །ནང་དབང་བཅུ་གཅིག་རྫོགས་པ་དང་། །དེ་དག་ཀུན་ལ་སྤྱོད་སྒྲུབ་པའི། །བསྒྲུབ་པའི་དབང་རྣམས་བསྐུར་བར་བྱའོ། །དང་པོ་ཤེས་རབ་རིག་པའི་གཏན་ཚིགས་སེམས་ལེན་སྦྱིན། སྙིང་རྗེ་རྟགས་ཀྱི་ཉི་ཟླའི་དཀྱིལ་འཁོར་སྦྱིན། །འགྲོ་དོན་རྫོགས་པའི་ཐོང་གཤོལ་འབར་བ་སྦྱིན། །དུག་གསུམ་སྤྲུགས་པའི་གའུ་རྣམ་གསུམ་སྦྱིན། །སྲིད་གསུམ་སྒྲོལ་བའི་ཀ་ཏར་མཚོན་ཆ་སྦྱིན། །སྐྱོན་གྱིས་མ་གོས་རྣམ་དག་པདྨ་སྦྱིན། །ལས་རྣམས་རྫོགས་པ་སྟི་རའི་དབྱུག་པ་སྦྱིན། །གཉིས་མེད་འཁྲིལ་བའི་སྦྲུལ་ནག་ཆུ་བོ་སྦྱིན། །གསང་བ་སྦྱོར་བའི་ཤེས་རབ་ལྷ་མོ་སྦྱིན། །ཀུན་ལ་དབང་བསྒྱུར་འདོད་ཡོན་རྣམ་པ་ལྔ། །བསྒྲུབ་པའི་རྒྱལ་པོ་དཀྱིལ་འཁོར་གཙོ་བོ་སྦྱིན། །ཐམས་ཅད་བསྒྲུབ་པའི་བསྒྲུབ་རྫས་ཐམས་ཅད་སྦྱིན། །གཉིས་སུ་མེད་པ་ཐིག་ལེ་རྩལ་གྱི་དབང་། །བསྒྲུབ་དབང་བཅུ་གསུམ་རྫོགས་པ་དང་། །གསང་བ་ཀུན་གྱི་བདག་ཡིན་པས། །དཀར་དམར་འདྲེས་པའི་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་ལྕེ་ལ་བཞག །གཉིས་མེད་དོན་དམ་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་སེམས་ལ་བཞག །བཅུ་ཡིས་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་བ་གནང་བར་འགྱུར། །བཅུ་གསུམ་བླ་མ་ཆེན་པོར་གྲགས། །གཉིས་ཀྱིས་ཐེག་དགུའི་དབང་རྫོགས་པའོ། །དེ་དོན་རྣམ་པ་བཅུ་གསུམ་པོ། །རྫས་ལ་རབ་གནས་ཡེ་ཤེས་དང་། །ཐ་མི་དད་པའི་ཐོབ་བྱ་དང་། །རང་གི་ངོ་བོ་ཞེས་བྱའོ། །རྒྱུ་གཉིས་མཚུངས་རྒྱུ་རང་ལ་གནས། །ཐབས་ཀྱི་ཡན་ལག་ལྡན་ཞིག་བྱེད། །དབང་གི་ཤེས་པ་རྐྱེན་བཞི་སྟེ། །ཀུན་གཞི་བག་ཆགས་རྒྱུ་ཡི་རྐྱེན། །ཆོ་གའི་ཡན་ལག་བདག་པོའི་རྐྱེན། །སློབ་དཔོན་དབང་ལྡན་དམིགས་པའི་རྐྱེན། །གཅིག་ཐོབ་གཅིག་གི་གོ་འབྱེད་པ། །དེ་མ་ཐག་རྐྱེན་ཞེས་བྱ་བའོ། །མགོ་སྙིང་ཡན་ལག་ལ་སོགས་གནས། །ཁྱད་པར་ཅན་གྱི་ནུས་འཇོག་དང་། །རྒྱུན་མི་འཆད་དང་འཁྲུ་བས་ནའོ། །ལས་དང་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་པ་མ་ལུས་སྦྱོང་བའོ། །དབང་ཐོབ་ཚད་ནི་རྣམ་པ་གསུམ། །གོ་མ་འགགས་དང་རྒྱུད་ནས་ཐོབ། །མངོན་སུམ་དག་ཏུ་ཐོབ་པའོ། །རང་གི་ཐོབ་ནས་གཞན་ལ་བསྐུར། །ཕྱི་མར་འབྲས་བུ་འབྱུང་བ་དང་། །དེ་དུས་རིག་པ་ཤར་བའོ། །ཕྱི་ནང་གསང་བ་མཐར་ཐུག་པའི། །ཆོས་ནི་རིམ་པར་མཉན་དུ་རུང་། །དད་བརྩོན་བརྟུལ་ཞུགས་ལྡན་པ་སྣོད། །འབྲས་བུ་མཐོ་རིས་ཐར་པ་ཡི། །ལས་ལྔ་བགྲོད་པའི་དགོས་པའོ། །དབང་མ་ཐོབ་པར་ལས་རྩོམ་པ། །འབྲས་བུ་མེད་པར་བརླག་འགྱུར་སྐྱོན། །དབང་ཐོབ་ཕྱིན་ཆད་རྒྱལ་བའི་སྲས། །ཚེ་རིང་ལོངས་སྤྱོད་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོ་ལ། །རྩོགས་པའི་ཡོན་ཏན་བསམ་མི་ཁྱབ། །གཞུང་དང་འགལ་བར་གྱུར་པ་ཅི་མཆིས་པ། །འཕགས་པ་རྣམས་ལ་བཟོད་པར་གསོལ། །དགེ་བའི་རྩ་བ་ཅི་མཆིས་པ། །སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །སློབ་དཔོན་བདེ་བ་གསལ་མཛད་ཀྱིས་མཛད་པའི་དབང་དོན་རྣམ་པར་འབྱེད་པ་རྫོགས་སོ།། །།
༅། །གསུམ་པ་བསྒྲུབ་དབང་བཅུ་གསུམ་ལ། བཅུ་དང་བཅུ་གཅིག་བསྒྲུབ་པའི་རིམ་པ་ལ། །རྡོ་རྗེ་ཚེ་དང་ཐུགས་བསྒྲུབ་སྨན་ལ་སོགས། །འདས་དང་འཇིག་རྟེན་བསྒྲུབ་པ་མ་ལུས་པའི། །གཙོ་དང་བསྒྲུབ་རྫས་ཐམས་ཅད་བསྐུར་བར་བྱའོ། །བྱེ་བྲག་དབྱེ་ན་བསམ་འདས་བརྗོད་མི་ལང་། །གསང་བའི་དབང་ལ་དུ་མར་སྤྲོ་རྒྱུ་མེད། །བཞི་པ་གསང་དབང་གཉིས་པོ་ཡང་། །ཇི་ལྟར་མཚམས་པ་བཞིན་དུ་བསྐུར། །ནོངས་པར་གྱུར་ན་བཟོད་པར་གསོལ། །དགེ་བ་གང་ལགས་ཀུན་དོན་བསྔོ། །དབང་དོན་རྒྱ་ཆེར་འབྱེད་པ་ཞེས་བྱ་བ་སློབ་དཔོན་བདེ་བར་གསལ་མཛད་ཀྱིས་མཛད་པ་རྫོགས་སོ།། །།
༅། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །ཐམས་ཅད་བདག་ལ་ཕྱག་འཚལ་ཏེ། །ཕྱི་རབས་རྣམས་ལ་བརྩེ་བའི་ཕྱིར། །དབང་དོན་རྒྱས་པ་བཤད་པར་བྱ། །ཆུ་བོ་བཞི་ཡི་དབང་གི་རིམ་པ་ལ། །དངོས་པོ་རྒྱུད་ཀྱི་ཆུ་བོའི་རྣམ་གྲངས་བཅུའི། །དང་པོ་རྒྱལ་པོ་བཀའ་བརྟགས་ཉི་ཤུ་དང་། །གཉིས་པ་མཚན་མ་རྟགས་ཀྱི་ཉི་ཤུ་དྲུག །གསུམ་པ་ཐུགས་རྗེ་བཟུང་ལ་བཅུ་གཅིག་དང་། །བཞི་པ་ཤེས་རབ་བུམ་པ་གཞི་མ་གཅིག །ལྔ་པ་ཁྱད་པར་གདན་གྱི་དབང་ལ་གསུམ། །དྲུག་པ་རྒྱལ་སྲིད་རིན་ཆེན་དབང་བཅུ་དྲུག །བདུན་པ་བཀྲ་ཤིས་དབང་ལ་བཅུ་དྲུག་གོ། །བརྒྱད་པ་ཤེས་བྱ་མ་རྨོངས་དབང་ལ་བདུན། །དགུ་པ་མཛེས་ཆ་བརྒྱན་ཆས་དབང་ལ་དྲུག །བཅུ་པ་དབང་བསྐུར་མིང་གི་དབང་ལ་གཉིས། །ཅོད་པན་ལྷ་མོ་སེང་གེ་གླང་པོ་ཆེ། །སར་གསོལ་སྐུ་ཁྲུས་མིང་རྟགས་བརྒྱན་བྱེ་བྲག །ཡི་གེ་མདའ་གཞུ་བཙུན་མོ་ཤིང་རྟའི་དབང་། །ཆིབས་མཆོག་བཤན་གྲི་སོག་པར་ན་བཟའ་ལྟར། །སྦྲང་རྩི་འབྲས་ཆེན་རྩ་དུར་གུར་གུམ་དབང་། །རྒྱ་ཆེ་རོལ་པའི་འགྲོ་འདུལ་མཚན་ཉིད་དབང་། །རི་རབ་མཆོད་རྟེན་དཔག་བསམ་ཤིང་། །རྒྱ་མཚོ་ས་གཞི་བདུད་རྩི་ཆུ། །དར་བུ་ཁྲི་རྐང་མེ་ཏོག་དབང་། །རྔ་ཡབ་རྡུལ་ཡབ་བསིལ་ཡབ་དང་། །བླ་བྲེ་རྒྱལ་མཚན་གདུག་ཉ་བརྒྱད། །སྐུ་རགས་འབྲུ་ལྔ་སྤོས་ལྔའོ་སྨན་ལྔ་ལ། །སྟག་ཚེར་བོང་ཚེར་ཤུ་དག་ཤུ་ཟུར་དང་། །དབང་པོ་ལག་པ་ཀན་དྷ་ཀ་རིའོ། །རིན་ཆེན་ལྔ་དང་སྙིང་པོ་ལྔ་སྟེ་ཀྲི་ཡའི་དབང་། །ཕྱག་ན་རྡོ་རྗེ་དབང་བསྐུར་རྒྱུད་ལས་བཀྲོལ། །སྐུ་གཟུགས་ཕྱག་རྒྱ་གཟུངས་གསུང་ཡིག་འབྲུ་དང་། །ཐུགས་ཀྱི་གསེར་ཐུར་མེ་ལོང་འཁོར་ལོ་དུང་། །ཡོན་ཏན་མེ་ཏོག་ཕྲེང་བ་ཕྲིན་ལས་དང་རྡོ་རྗེ། །རིན་ཆེན་པདྨ་རྡོ་རྗེ་རྒྱ་གྲམ་མོ། །བཞི་པ་ཤེས་རབ་བུམ་པའི་དབང་སྟེ་གཅིག་པུའོ། །ལྔ་པ་ཟིལ་གནོན་སེང་གེ་ཉི་མ་ཟླ། །དྲུག་པ་རྒྱལ་སྲིད་རིན་ཆེན་དབང་ལ་གཉིས། །འཁོར་ལོ་རྟ་མཆོག་གླང་པོ་ནོར་བུ་རིན་ཆེན་དང་། །བློན་པོ་བཙུན་མོ་དམག་དཔོན་བདུན། །རལ་གྲི་མདའ་གཞུ་གནམ་རལ་བཤན་གྲི་དང་། །ཞ་དང་ཁབ་སྐུད་ན་བཟའ་ཆང་མཆོག་དང་། །ཁྲི་སྙན་ས་ལེ་པགས་བརྟན་ཉེ་བའི་རིན་ཆེན་དགུའོ། །བདུན་པ་བཀྲ་ཤིས་ཉུངས་དཀར་ཞོ་ཕོར་ཙ་དུར་ལི་ཁྲི་མཚལ། །མེ་ལོང་འབུད་དུང་གི་ཧྂ་ཤིང་བིལ་རྫས། །དཔལ་བེའུ་འཁོར་ལོ་པདྨ་རྒྱལ་མཚན་དང་། །བུམ་པ་གདུགས་དུང་གསེར་ཉ་རྟགས་བཀྲ་ཤིས། །བརྒྱད་པ་ཤེས་བྱ་མ་རྨོངས་རྒྱ་གྲམ་དང་། །ཅོད་པན་མཆོད་པ་རྣམ་ལྔ་ཉན་ཀ་ལི། །འཆགས་ཤིང་འཆད་སོད་རྡོ་རྗེ་དྲིལ་བུའི་དབང་། །དགུ་པ་མཛེས་པ་དབུ་བརྒྱན་དཔུང་བརྒྱན་དང་། །ཞབས་གདུབ་ཕྱག་གདུབ་དོ་ཤལ་ཅོད་པན་དབང་བསྐུར་རོ། །བཅུ་པ་རྒྱུ་ཡི་མིང་དང་འབྲས་བུའི་མིང་དབང་ངོ་། །དཀོན་མཆོག་སློབ་དཔོན་ཕ་རོལ་ཕྱིན་ལས་དྲང་། །འཇིག་རྟེན་ཐ་མལ་བཟློག་པ་རྒྱུ་ཡི་མིང་། །རྡོ་རྗེ་དབང་ཕྱུག་ཞེས་པ་འབྲས་བུའི་མིང་། །དེ་ལྟར་ཕྱི་དབང་རྒྱུད་ཀྱི་ཆུ་བོ་ལ། །དབང་དོན་རྒྱས་པས་ཡན་ལག་བརྒྱ་རྩ་བརྒྱད། །གཉིས་པ་འབྱུང་བའི་ཆུ་བོ་བཅུ་གཅིག་ལ། །དང་པོ་གཉིས་གསུམ་བཞི་ལྔ་རེ་རེའོ། །དྲུག་པ་བདུན་པ་ལྔ་བརྒྱ་བརྒྱད་བཅུ་གསུམ། །བརྒྱད་དགུ་རེ་རེ་བཅུ་པ་བཀྲ་ཤིས་བརྒྱད། །བཅུ་གཅིག་གསང་བའི་མིང་གི་དབང་སྟེ་གཅིག །ནང་གི་བསྙེན་བསྒྲུབ་ཡན་ལག་རྫོགས་པ་དང་། །དང་པོ་གསང་བ་ཉན་དབང་རྣ་བ་ལ། །རིན་ཆེན་རིགས་ཀྱིས་བསྐུར་དང་བསྒྲགས་རྫས་བསྐུར། །གཉིས་པ་རྣམ་བཞི་ལས་དབང་ལག་པ་ལ། །ལས་ཀྱི་རིགས་ཀྱི་བསྐུར་དང་བསྒྲུབ་རྫས་སྦྱིན། །གསུམ་པ་རྒྱལ་ཐེབ་འཆད་དབང་ལྕེ་ལས་ཏེ། །པདྨ་རིགས་ཀྱི་བསྐུར་དང་བསྒྲགས་རྫས་སྦྱིན། །བཞི་པ་རྡོ་རྗེ་རྒྱལ་དབང་སྤྱི་བོ་ལ། །དེ་བཞིན་རིགས་ཀྱི་དབང་བསྐུར་བསྒྲགས་རྫས་སྦྱིན། །ལྔ་པ་ཟིལ་གནོན་གདན་དབང་རྐང་པ་ལ། །འཇིག་རྟེན་དྲེགས་པ་ཁྱོ་ཤུག་ལ་སོགས་བསྐུར། །དྲུག་པ་ཐུན་མོང་མ་ཡིན་རིན་ཆེན་བདུན། །འཁོར་ལོས་དབང་བསྐུར་སྐྱེ་བ་རྣམ་བཞི་བསྐུར། །བཙུན་མོ་འབྱུང་བ་བཞི་ཡིས་མཉེས་པ་འབུལ། །དམག་དཔོན་ཚུལ་དགུས་ཕ་རོལ་དམག་དཔུང་འཇོམས། །ཁྱིམ་བདག་ཚད་མེད་བཞི་ཡིས་ཆབ་སྲིད་འཛིན། །གླང་པོ་སྟོབས་བཅུས་བདག་དང་གཞན་དོན་མཛད། །རྟ་མཆོག་མྱུར་མགྱོགས་རྫུ་འཕྲུལ་གནས་སློབ་བྱེད། །ནོར་བུ་རིན་ཆེན་རྣམ་བཞིས་རེ་འདོད་སྐོང་། །བདུན་པ་ཕྱག་རྒྱ་གཟུགས་བརྙན་དབང་བསྐུར་བ། །དཀྱིལ་འཁོར་དགུ་རྩེག་དཔལ་གྱི་ཕྱག་རྒྱའི་རིམ། །ཀུན་གྱི་སྤྱི་དཔལ་ཀུན་བཟང་བདེ་ཆེན་དཀྱིལ། །ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། །ཆེ་མཆོག་ཡབ་ཡུམ་ཆོས་སྐུ་རྫོགས་པའི་དཀྱིལ། །ཁྲག་འཐུང་རྩ་བ་འབར་བའི་དཀྱིལ་འཁོར་དང་། །ཁྲོ་བོ་རོལ་པ་སྤྲུལ་པའི་དཀྱིལ་འཁོར་དང་། །མཁའ་འགྲོ་ལས་ཀྱི་དཀྱིལ་འཁོར་སུམ་ཅུ་གཉིས། །སྐྱེས་བུ་གིང་ཆེན་བཅོ་བརྒྱད་རྫོགས་པ་དང་། །མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་ཕྱོགས་ཕོ་ཉ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་འོག་ཕོ་ཉ། །རྡོ་རྗེ་འཆང་གི་དཀྱིལ་འཁོར་སློབ་དཔོན་དབང་། །བདེ་ཆེན་གཅིག་དང་དགུ་བཅུ་རྩ་གཉིས་དང་། །ཆེ་མཆོག་གཉིས་དང་བདུན་ཅུ་རྩ་བརྒྱད་དང་། །ཁྲོ་བོ་དྲུག་ཅུ་སུམ་གཉིས་བཅོ་བརྒྱད་དང་། །སུམ་བརྒྱ་ཐམ་པ་དཀྱིལ་འཁོར་བརྒྱད་ཀྱི་ལྷ་གྲངས། དཀྱིལ་འཁོར་ཐ་མ་བྱིན་བརླབས་སློབ་དཔོན་དབང་། །དཀྱིལ་འཁོར་དགུ་ཡི་རིམ་པར་སློབ་དཔོན་བསྟན། །མ་རྟོགས་བརྒྱད་ལ་ལྔ་བརྒྱ་བརྒྱད་བཅུ་གསུམ། །བརྒྱད་པ་ཐུགས་ཡེ་ཤེས་དབང་སྙིང་ཁར་བསྐུར། །ཡེ་ཤེས་ལྔའམ་དགུ་དྲགས་མེ་དམར་སྦྱིན། །དགུ་པ་སྐུ་གསུང་ཐུགས་སྤྱི་ལྕེ་སྙིང་གསང་བ་ལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་པོ་ཡི། །ཕྱག་རྒྱ་སྔགས་དང་ཏིང་འཛིན་ལྡན་པར་བསྐུར། །བཅུ་པ་བདུད་འདུལ་བཀྲ་ཤིས་སྙིང་སོགས་ལུས། །ས་གསུམ་སྐུ་གསུམ་ནོན་ཐོབ་ཞག་རག་ཐལ། །དུག་ལྔ་མ་སྤངས་གནས་དག་གླང་ཆེན་ཤུན། །སྦྲུལ་ཆེན་ཐོད་ཕྲེང་སྟག་ལྤགས་གཡང་གཞི་བསྐུར། །བཅུ་གཅིག་གསང་མིང་དབང་ནི་སྣ་སྙིང་ལ། །རྡོ་རྗེ་རྩལ་གྱི་ཐིག་ལེ་སྦྱིན་པར་བྱའོ། །དེ་ནས་ནང་དབང་འབྱུང་བའི་ཆུ་བོ་ལ། །དྲུག་བརྒྱའང་དྲུག་ཏུ་གྱེས་པར་བསྐུར་བར་བྱའོ།། །།
༅། །གསང་བའི་བདག་ལ་ཕྱག་འཚལ་ཏེ། །དབང་གི་མན་ངག་བཤད་པར་བྱ། །དང་པོ་དབང་གི་ཆུ་བོ་བཞི། །དེ་དོན་རྣམ་པ་བཅུ་གསུམ་སྟེ། །རང་གི་ངོ་བོ་རྒྱུ་རྐྱེན་གནས། །ངེས་ཚིག་སྒྲིབ་པ་ཚད་དང་ཆོས། །སྣོད་འབྲས་དགོས་སྐྱོན་ཡོན་ཏན་ནོ། །རྫས་ལ་རབ་གནས་ཡེ་ཤེས་དང་། །ཐ་མི་དད་པའི་ཐོབ་བྱ་སྟེ། །རང་གི་ངོ་བོ་ཞེས་བྱའོ། །རྒྱུ་གཉིས་འཚུངས་རྒྱུ་རང་ལ་གནས། །ཐབས་ཀྱི་ཡན་ལག་ལྷན་ཅིག་བྱེད། །དབང་གི་ཤེས་ལ་རྐྱེན་བཞི་སྟེ། །ཀུན་གཞི་བག་ཆགས་རྒྱུ་ཡི་རྐྱེན། །གུ་རུ་དབང་ལྡན་བདག་པོའི་རྐྱེན། །ཆོ་གའི་ཡན་ལག་དམིགས་པའི་རྐྱེན། །གཅིག་ཐོབ་གཅིག་གིས་གོ་འབྱེད་པ། །དེ་མ་ཐག་པའི་རྐྱེན་ཞེས་བྱ། །མགོ་སྙིང་ཡན་ལག་ལ་སོགས་གནས། །ཁྱད་པར་ཅན་གྱི་ནས་འཇོག་དང་། །རྒྱུན་མི་འཆད་དང་འཁྲུ་ཕྱིར་རོ། །ལས་དང་ཉོན་མོངས་ཤེས་བྱ་ཡིས། །སྒྲིབ་པ་རིམ་པར་སྦྱང་བའོ། །དབང་ཐོབ་ཚད་ནི་རྣམ་པ་གསུམ། །གོ་མ་འགགས་དང་བརྒྱུད་ནས་ཐོས། །མངོན་སུམ་དག་ཏུ་ཐོབ་པའོ། །རང་གིས་ཐོབ་ནས་གཞན་ལ་བསྐུར། །ཕྱི་བར་འབྲས་བུ་འབྱུང་བ་དང་། །དེ་དུས་རིག་པ་ཤར་བའོ། །ཕྱི་ནང་གསང་བ་མཐར་ཐུག་པའི། །ཆོས་ནི་རིམ་པར་བསྙད་དུ་རུང་། །དད་བརྩོན་བརྟུལ་ཞུགས་ལྡན་པ་སྣོད། །བདག་གཞན་གཉིས་ཀའི་བརྩོན་འགྲུས་ལྡན། །སྤྱོད་དང་རིག་དང་མཉམ་པར་ལྡན། །འབྲས་བུ་མཐོ་རིས་ཐར་པའོ། །ལམ་མཐར་ཕྱིན་དང་ནུས་མཐར་ཕྱིན། །རིག་འཛིན་དང་ནི་བདེ་གཤེགས་སོ། །ལམ་ལྔ་བགྲོད་པ་དགོས་པའོ། །དབང་མ་ཐོབ་པར་ལས་བརྩོམ་པ། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །དབང་ཐོབ་ཕན་ཆད་རྒྱལ་བའི་སྲས། །ཚེ་རིང་ལོངས་སྤྱོད་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་གནས། །ཡོན་ཏན་ཁྱད་པར་བསམ་མི་ཁྱབ། །ནོངས་བཟོད་དགེ་རྩ་ཀུན་དོན་བསྔོ། །དབང་གི་མན་ངག་གསང་བ་རྫོགས་སོ།། །།
༅། །སྤྱི་དབང་ཆེན་པོའི་ལས་རྣམས་ལ། དང་པོ་དུས་སུ་བྱ་བ་ནི། ཟབ་མོའི་མདོ་གདོན་ཚ་ཚ་སོགས། །པྂ་ཀོང་མཆོད་སྦྱིན་རྒྱས་པར་བྱ། །ཀྲི་ཡོག་དཀྱིལ་འཁོར་གཟུགས་བརྙན་བྲི། །དཀྱིལ་འཁོར་བསྐྱེད་དང་སྤྱན་དྲངས་ཏེ། །མཆོད་པ་རྫོགས་པར་གྱུར་པ་དང་། །ཕྱི་དབང་བཅུ་རྣམས་རིམ་པར་བྱ། །དེ་ནས་གཉིས་པའི་སྐབས་དག་ཏུ། །རྒྱལ་ཆེན་ཕྱོགས་སྐྱོང་བཅུ་པོ་ལ། །མཆོད་ཅིང་བསྟོད་ལ་ཕྱི་མཚམས་བཅད། །ལས་བྱང་ཆེན་པོའི་དཀྱིལ་འཁོར་བྲི། །གཟུགས་བརྙན་ཕྱག་རྒྱ་རྫོགས་པར་བཀྲམ། །ཞི་ཁྲོའི་དཀྱིལ་འཁོར་རིམ་པར་བསྒོམ། །སྤྱན་དྲང་པུ་ཙ་རྫོགས་པ་དང་། །ནང་དབང་བཅུ་གཅིག་རིམ་པར་བསྐུར། །དེ་ནས་གསུམ་པའི་སྐབས་དག་ཏུ། །ཕྱོགས་བཅུ་ཁྲོ་བོ་བཅུ་དག་གདབ། །འཇུག་སྲེད་དམ་སྲི་གནན་པར་བྱ། །བྱིན་རླབས་ཆོ་ག་གཞུགས་བཞིན་བྱ། །གསང་བ་མཆོག་གི་དཀྱིལ་འཁོར་བྲི། །གཟུགས་བརྙན་རྫས་རྣམས་རྫོགས་པར་བཀོད། །རབ་བསྐྱེད་སྤྱན་དྲངས་མཆོད་བྱས་ནས། །བསྙེན་བསྒྲུབ་རྣམ་བཞི་རྫོགས་པ་དང་། །བསྒྲུབ་དབང་བཅུ་གསུམ་རིམ་པར་བསྐུར། །དེ་ནས་བཞི་པའི་དུས་དག་ཏུ། །གསང་དབང་རྫོགས་པའི་ཆུ་བོ་གཉིས། །སྣོད་ཀྱི་རིམ་པ་དང་སྦྱར་ནས། །ཇི་ལྟར་མཚམས་པ་བཞིན་དུ་འོས། །ལས་ཀྱི་རིམ་པ་མ་རྫོགས་སམ། །རབ་ཏུ་གནས་པ་མ་བྱས་པར། དོན་རྣམས་འགྲུབ་པར་མི་འགྱུར་རོ། །སྤྱི་དབང་ཆེན་པོའི་ལས་ཐོའོ། །རྫོགས་སོ།། །།
༅། །ཞི་ཁྲོ་རབ་འབྱམ་མ་ལུས་པ། །གཉིས་མེད་འདུན་པས་ཕྱག་འཚལ་ལོ། །སྤྱི་དབང་ཆེན་པོ་བསྐུར་བ་ཡི། །ལས་ཐོའི་རིམ་པ་བརྩམ་པར་བྱ། །དང་པོ་ཕུན་སུམ་ཚོགས་ལྡན་པ། །ཚད་ཕྱིན་རབ་འབྱམས་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་འཁོར་བསྡུས་ནས། །གཞུང་དང་མཐུན་པའི་གནས་དག་ཏུ། །ས་ཆོག་རྫོགས་བྱས་གནས་དང་ལྡན། །དགོས་པ་ཚང་བའི་ཡོ་བྱད་རྫོགས། །དུས་ཆ་བཞི་ཡི་དང་པོ་ལ། །ཉི་ཟླ་གཟའ་སྐར་ཚེས་གྲངས་བརྟག །དང་པོ་ཕྱི་དབང་རྒྱུད་ཀྱི་ཆུ་བོ། མཚན་ཉིད་སྡེ་གསུམ་ལུགས་དག་ཏུ། །ཉེ་འདོན་སྲོག་དང་སྦྱིན་པ་དགྱེ། །ནད་གསོ་སྨན་དང་ཀློག་འདོན་བྱ། །རྒྱུད་དགྲོལ་ཆོས་དང་ལམ་འཕྲང་བཅོས། །ཚ་ཚ་པང་ཀོང་དཀྱིལ་འཁོར་མཆོད། །ལས་དང་པོ་རྣམས་ལ་ཚུལ་འཇུག་བྱ། དེ་ནས་ཕྱི་རྒྱུད་ཐེག་པའོ། །རིགས་གསུམ་ཉི་ཤུ་རྩ་གཅིག་དང་། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས། །སྤྱན་དྲངས་མཆོད་བསྟོད་སྦྱིན་སྲེག་བྱ། །བཟླས་བརྗོད་བསྙེན་བསྒྲུབ་རྫོགས་པ་དང་། །ཕྱི་དབང་རྩ་བ་བཅུ་པོ་ལ། །ཡན་ལག་བརྒྱ་རྩ་བརྒྱད་དུ་བསྐུར། །རྒྱུད་ཀྱི་ཆུ་བོ་ལས་ཐོའོ། །དེ་ནས་ནང་དབང་འབྱུང་ཆུའི་དུས། །པང་ཀོང་སྦྱིན་སྲེག་བདེ་བ་ཆེ། །ཆ་གསུམ་གསེར་སྐྱེམས་རྒྱས་པར་བགྱེ། །རྒྱལ་ཆེན་ཕྱོགས་སྐྱོང་བཀའ་བསྒོ་ལ། །ཕྱི་མཚམས་བསྲུང་བའི་ལས་བཅོལ་ལོ། །བར་མཚམས་ཁྲོ་བཅུའི་མཚམས་བཅད་དོ། །འཇུག་སྲེད་མནན་ལ་ནང་མཚམས་བཅད། །དབང་བསྐུར་ཕྱག་རྒྱ་ཚོགས་ཆེན་རྫོགས། །གནས་འཁོར་ཡོ་བྱད་བྱིན་བརླབས་ནས། །འོག་མ་ཡེངས་དང་གཟུངས་མ་བརླབ། །ཐིག་ཚོན་ཕྱག་རྒྱ་རྫས་གཞན་དགོད། །ཚོགས་ཆེན་འདུས་པའི་དཀྱིལ་འཁོར་བཞེངས། །ཞི་ཁྲོ་ལས་རིམ་གཞུང་བསྲང་བསྐྱེད། །སྤྱན་དྲངས་མཆོད་བསྟོད་སྦྱིན་སྲེག་དབུལ། །བཟླས་དང་བསྙེན་བསྒྲུབ་ཚོགས་མཆོད་བྱ། །ཞག་བདུན་དུས་སུ་རྫོགས་པ་དང་། །ཀུན་བྱས་དབང་ཕྱུག་རིག་པས་འཇུག །བུ་རྣམས་ཕྲིན་བརྟགས་སེམས་བསྐྱེད་དེ། །དཀྱིལ་འཁོར་འཇུག་པ་རིམ་བཞིན་བྱ། །དེ་ནས་ནང་དབང་བཅུ་གཅིག་ལས། །ཡན་ལག་དྲུག་བརྒྱ་དྲུག་གིས་བསྐུར། །འབྱུང་ཆུའི་རབ་གནས་ལས་ཐོའོ། །དེ་ནས་བསྒྲུབ་དབང་གྲགས་ཆུའི་དུས། །ཕྱི་ནང་བར་མཚམས་ནང་དང་གསུམ། །གཤིན་རྗེའི་རྒྱལ་པོའི་སྒོ་བྱང་བྱ། །ཕྲིན་ལས་བཅོལ་ཏེ་བར་མཚམས་བཅད། །གནས་དང་འཁོར་དང་ཡོ་བྱད་བརླབ། །འོག་མ་ཡེངས་བྱ་ཐིག་ཡོག་བྱ། །རང་བཞིན་ཏིང་འཛིན་གཟུགས་བརྙན་བརླབ། །མཚོན་དང་ཕྱག་རྒྱ་ཡི་གེ་དགོད། །མཆོད་པའི་བྱེ་བྲག་ཚང་བར་བཀོད། །དུར་ཁྲོད་གསང་བའི་ལུགས་སུ་བཞེངས། །གསང་སྒོ་ཕྱེ་ལ་བརྡ་ཕྱག་འཚལ། །རྟགས་དང་བརྒྱན་ཆས་ལྷག་པར་བརྒྱན། །བྱིན་དབབ་ཕྱག་འཚལ་དམ་ཡང་བཅའ། །དངོས་གྲུབ་སྩོལ་དང་བསྐང་དང་བཤགས། །ལས་ཀྱི་ཕྲེང་བ་རྫོགས་བྱ་སྟེ། །ཏིང་འཛིན་བསྐྱེད་དང་རང་བཞིན་དྲང་། །གཉིས་མེད་མཆོད་པ་རིམ་བཞིན་དབུལ། །བཟླས་བརྗོད་བསྙེན་བསྒྲུབ་རྣམ་བཞི་བསྲང་། །སྟོང་ཐིགས་རྐང་ཐོན་མཆོད་བསྟོད་བྱ། །དུས་དྲུག་ལས་ཕྲེང་ཚོགས་མཆོད་བསྙེག །དུས་སུ་བསྐང་གསོ་ཆོ་ག་བྱ། །དུས་དུས་བར་ཆོད་ཉུ་ལེ་བཟློག །ཞག་བདུན་ཐ་མར་སློབ་དཔོན་འཇུག །དངོས་གྲུབ་རྣམ་བཞི་རིམ་པར་བླང་། །འཛབ་སྐོར་དང་པོས་ཐུགས་དམ་བསྐུལ། །བར་དུ་སྦྱིན་སྲེག་མཆོད་པ་བྱ། །ཐ་མ་གནད་ལ་དབབ་པ་དང་། །བཤགས་དང་བསྟིམས་ལ་བགེགས་ཚར་བཅད། །དངོས་གྲུབ་བསྐུལ་བའི་རིམ་པ་རྣམས། །སྤྱིར་བསྐུལ་བ་དང་གནད་ནས་བསྐུལ། །ཉེ་བར་བསྐུལ་བའི་རིམ་པ་ཡིས། །མེ་ཏོག་དོར་ལ་བདུད་རྩི་ཡིས། །དངོས་གྲུབ་བླང་བ་ཚུལ་བཞིན་བྱ། །བཀྲ་ཤིས་ཟས་ཚོའི་དངོས་གྲུབ་ནི། །ཟླ་ཁྂ་དབང་གི་གཞལ་ཡས་ནས། །བཀྲ་ཤིས་བརྗོད་དང་ཆ་ལྔར་གསོལ། །རུ་ལུའི་བཟླས་བརྗོད་མ་ལུས་ཀུན། །ཡབ་ཡུམ་སྦྱོར་བ་མཛད་པའི་སེམས། །ལྷ་དང་དབྱེར་མེད་གྱུར་པ་ཡི། །རུ་ལུ་གྲུབ་ཐོབ་བཞུགས་པ་དེས། །བུ་རྣམས་གསང་བའི་དཀྱིལ་འཁོར་གཞུག །བསྒྲུབ་པ་བཅུ་གསུམ་ལས་ཀྱིས་བསྐུར། །གྲགས་པ་ཆུ་བོའི་ལས་ཐོའོ། །རྡོ་རྗེ་རྒྱལ་པོ་ཡབ་ཡུམ་སྦྱོར། །དཀར་དམར་འདྲེས་པའི་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་ལྕེ་ལ་བཞག །དོན་དམ་བྱང་ཆུབ་སེམས་ཆེན་པོ། །བུ་མཆོག་དེ་ཡི་སྙིང་ལ་བཞག །གསང་དབང་རྫོགས་པའི་ལས་ཐོའོ། །ནོངས་པར་གྱུར་ན་བཟོད་པར་གསོལ། །དགེ་བ་གང་ལགས་ཀུན་དོན་བསྔོ། །སློབ་དཔོན་ཨ་ཙ་ར་གསལ་བ་བརྒྱན་གྱི་ལས་ཐོ་རབ་གནས། ཨཐྎ བདེ་བར་གསལ་མཛད་ཀྱིས་མཛད་པ་རྫོགས་སོ།། །།
༅། །གསང་བའི་བདག་ལ་ཕྱག་འཚལ་ཏེ། །དབང་གི་ཐིག་གདབ་བཤད་པར་བྱ། །དཀྱིལ་འཁོར་རྒྱ་ནི་འདོམ་བཞི་ལ། །ཤིན་ཏུ་འཐས་ཤིང་རྐྱང་ནུལ་བྱ། །ཚངས་ཐིག་གཉིས་དང་ལོགས་ཐིག་བཞི། །ཟུར་ཐིག་གཉིས་གདབ་ཐིག་བཞིར་འགྱུར། །ཚངས་ཐིག་ཕྱེད་ཀྱི་ཕྱེད་ལ་ནི། །ཆ་ཆེན་ཉི་ཤུ་ཐམ་པར་དབྱེ། །ཕྱེད་ལས་གཞན་ཡང་དེ་བཞིན་དབྱེ། །དེ་ནི་ཐིག་ཆལ་དཀར་པོས་གདབ། །དེ་དག་ཆ་ཆེན་རེ་རེ་ལ། །ཆ་ཆུང་བཞི་བཞིར་བགོ་བར་བྱ། །དེ་ནི་ཐིག་ཆལ་དམར་པོས་རྡབ། །འདི་ལ་ཕྲེང་རེའང་རེ་མིག་ནི། །བརྒྱ་དང་དྲུག་ཅུ་དག་ཏུ་འགྱུར། །དེ་ནས་དཀྱིལ་འཁོར་བྲི་བྱ་སྟེ། །དབུས་སུ་ཆ་ཆེན་གཅིག་ལ་བསྐོར། །དེ་ནས་ཆ་ཆེན་གཉིས་སུ་འགྱུར། །དེ་ནི་དབུས་ཀྱི་ལྟེ་བའོ། །དེ་ནས་ཆ་ཆུང་གཉིས་ལ་བསྐོར། །འཁོར་ལོའི་རེ་མིག་འཁྲུལ་འཁོར་རོ། །དེ་ནས་ཆ་ཆུང་གཉིས་ལ་བསྐོར། །དེ་ལ་འཁོར་ལོ་རྩིབས་བཞིའོ། །རྣམ་སྣང་ལ་སོགས་རིགས་བཞིའི་གནས། །དེ་ནས་ཆ་ཆུང་གཉིས་ལ་བསྐོར། །མུ་ཁྱུད་རྡོ་རྗེ་རྭ་བའོ། །རིགས་ལྔ་ཡབ་ཡུམ་དགོད་པའི་གནས། །དེ་ཡི་ཕྱི་རོལ་ཆ་ཆེན་གཅིག །གློ་འབུར་གྲུ་ཆད་གསུམ་ཆར་བྱ། །སེམས་དཔའ་སེམས་མ་བཞུགས་པའི་གནས། །དེ་ཡི་ཆ་ཆུང་ཕྱི་རོལ་གཉིས། །བར་ཁྱམས་ཐུབ་པ་ཀུན་བཟང་གནས། །དེ་ལ་ཆ་ཆེན་ཕྱེད་དང་གཉིས། །སྒོ་བ་ཁྲོ་བོ་ཁྲོ་མོའི་གནས། །ཆ་ཆ ེན་དྲུག་པ་ཡན་ཆད་ནི། །ཀུན་བཟང་བདེ་ཆེན་ཀུན་གྱི་གནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རོ། །གསུམ་ཆ་ཆ་ཆེན་བཅུ་དྲུག་གོ། །དེ་ནས་ཆ་ཆུང་གཉིས་ལ་བསྐོར། །རེ་མིག་འཁོར་ལོ་འཁྲུལ་ཐག་གོ། །དེ་ནས་ཆ་ཆེན་གཅིག་ལ་བསྐོར། །འཁོར་ལོ་རྩིབས་བརྒྱད་བྲི་བའོ། །དེ་ནས་ཆ་ཆུང་གཉིས་ལ་བསྐོར། །འཁོར་ལོ་མུ་ཁྱུད་མེ་རིའོ། །ཁྲག་འཐུང་ཀློང་དགུ་ཡབ་ཡུམ་གནས། །ཀུན་གྱི་དབུ་ལ་ཆེ་མཆོག་བཞུགས། །གྲུ་ཆད་ཕྱི་རོལ་ཆ་ཆེན་གཅིག །བར་ཁྱམས་གཉིས་བྱ་ཀི་པིང་གནས། །དེ་ནས་ཆ་ཆེན་ཕྱེད་དང་གཉིས། །སྒོ་དང་ཡ་ཕུབས་ལྡན་པ་བྱ། །གསང་ཡུམ་བཞི་དང་སྒོ་མ་བཞི། །དེ་ཡི་སྒོ་ཁྱམས་སྤོར་མ་བརྒྱད། །ཕྱི་རོལ་ཆ་ཆེན་ཕྱེད་དང་གཉིས། །སྒོ་དང་ཡ་ཕུབས་གཤོག་པར་བྱ། །དབང་མོ་ཉི་ཤུ་རྩ་བརྒྱད་དགོད། །ཆ་ཆེན་བཅུ་གཉིས་སུམ་ཆ་ལ། །ཁྲག་འཐུང་རྩ་བའི་དཀྱིལ་འཁོར་རོ། །དེ་ནས་ཆ་ཆེན་ཕྱེད་དང་གཉིས། །སྒོ་དང་ཡ་ཕུབས་ཁྱམས་བཅས་པ། །སྒོ་རུ་ཁྲོ་བོ་གཉིས་གཉིས་སོ། །ཁྱམས་ལ་ལྔ་བཅུ་རྩ་གཉིས་ཏེ། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་དགོད། །ཁྲོ་བོ་རོལ་པའི་དཀྱིལ་འཁོར་རོ། །དེ་ནས་ཆ་ཆེན་ཕྱེད་དང་གཉིས། །སྒོ་དང་ཡ་ཕུབས་ཁྱམས་སུ་བཅས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། །སྐྱེས་བུ་གིང་ཆེན་བཅོ་བརྒྱད་དགོད། །མཁའ་འགྲོ་ལས་ཀྱི་དཀྱིལ་འཁོར་རོ། །ཕྱི་རོལ་ཆ་ཆུང་གཉིས་དག་ལ། །བར་ཁྱམས་དག་ལ་ཕྱོགས་བཞི་ཡི། །ཕོ་ཉ་དྲུག་ཅུ་ཕྲག་བཞི་དགོད། །མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་རོ། །ཕྱི་རོལ་ཆ་ཆེན་ཕྱེད་དང་གཉིས། །སྒོ་དང་ཡ་ཕུབས་ཁྱམས་བཅས་བྱ། །མ་མོ་དྲུག་ཅུ་ཐམ་པ་དགོད། །ལས་ཀྱི་སྲིང་བཞི་སྒོ་བཞིར་དགོད། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །དེ་ཡི་ཕྱི་རོལ་ཆ་ཆེན་གཅིག །རྟ་བབས་བྱ་སྟེ་ཆ་ཆེན་དྲུག །གསུམ་ཆ་དག་ཏུ་རིམ་པ་གསུམ། །དྲུག་གསུམ་བཅོ་བརྒྱད་རྫོགས་པའོ། །ཆ་ཆེན་གཉིས་ཀྱི་ལྷག་མ་ལ། །འཁོར་ལོ་གདུགས་དང་ཆ་ཕྲན་གཉིས། །གདུགས་ཀྱི་རྩེ་ནས་བསྐུར་བར་བྱ། །དེ་མཐའ་ཆ་ཆེན་གཉིས་ནས་བསྐོར། །དེ་ནི་ཕྱི་ཁྱམས་ཟླ་ཁྂ་ལ། །རྡོ་རྗེ་སློབ་དཔོན་རིམ་པས་དགོད། །རྡོ་རྗེ་འཆང་གི་དཀྱིལ་འཁོར་རོ། །དེ་ནས་ཆ་ཕྲན་གཉིས་གཉིས་བསྐོར། །རྡོ་རྗེ་རྭ་བ་མེ་རི་བྲི། །མཚོན་གྱི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་ཡི་གྲུ་ཆད་བཞི་པོ་ལ། །དཔག་བསམ་ཤིང་དང་བུམ་པ་བཟང་། །ཡིད་བཞིན་ནོར་བུ་འབར་བ་དང་། །ཁོག་སྐམ་སྟོད་སྨད་དབང་པོའི་ཕྲེང་། །དུར་ཁྲོད་རྒྱན་རྣམས་སྣ་ཚོགས་པ། །ཀུན་གྱིས་མཛེས་པར་བརྒྱན་པའོ། །ཟླུམ་པོར་བསྐོར་བ་བཅུ་གཅིག་དང་། །འཁོར་ལོ་རིམ་པ་གཉིས་སུ་གནས། །གློ་འབུར་གྲུ་ཆད་མ་རྟོགས་པ། །གྲུ་ཆད་ཕྱི་ནང་རིམ་པ་གསུམ། །བར་ཁྱམས་བཞིས་མཛེས་ཕྱི་ཁྱམས་དང་། །ལྔར་གསལ་སྒོ་དགུ་ཤར་དུ་རྩེགས། །དེ་ཡང་རྩ་བའི་བརྒྱུད་ཆེན་ལས། །མུ་ཁྱུད་ཚར་གསུམ་འབར་བའི་ཕྲེང་། །བར་ཁྱམས་བཞིས་མཛེས་ཕྱི་ཁྱམས་དང་། །ལྔར་གསལ་སྒོ་དགུ་ཤར་དུ་རྩིགས། །ཞེས་པ་དང་། ཡང་དཀྱིལ་འཁོར་དགུ་རྩེག་དཔལ་གྱི་རྒྱ། ཡེ་ཤེས་དགུ་ཡི་ཁོང་སེང་གསལ། །ཅེས་སོ། །ནོངས་བཟོད་སེམས་ཅན་དོན་དུ་བསྔོ། །དབང་གི་ཐིག་ཚིག་རྫོགས་སོ། །ཨ་ཙརྱ་གསལ་བའི་བརྒྱན་གྱིས་མཛད་གསུང་ཡང་། ཇོ་བོ་སངས་རྒྱས་ཀྱི་ཡིན་ཡང་གསུང་ངོ་། །ཨཐྎ།། །།
༅། །རྣམ་སྣང་མཛད་ལ་ཕྱག་འཚལ་ལོ། །དབང་གི་རྣམ་གྲངས་ཤར་གདབ་བྱ། །དང་པོ་ཀུན་བཟང་རྡོ་རྗེ་ཡིས། །དབང་གི་ཐིག་ལེ་ཏན་ཏྲ་གསུམ། །སློབ་དཔོན་བདེ་བ་གསལ་མཛད་ཀྱིས། །གབ་པའི་ཐིག་ལེ་དྲུག་ཕྱུང་སྣང་། །སྤྱི་དབང་ཆེན་པོའི་གླེང་གཞི་དང་། །འདྲེན་པའི་ལས་བྱང་ཆེ་ལེ་དང་། །འདྲེན་པའི་ལས་བྱང་ཆུང་ལེ་དང་། །ལྟ་བ་ཡེ་འབྱམ་དབང་གི་ལེའུ་དང་། །ཡོངས་སུ་གྲུབ་པ་དབང་གི་ལེའུ་དང་། །ཀུན་བཟང་ཐུགས་ཀྱི་གདམས་ངག་ལེའུ་དང་། །རྣམ་པ་དྲུག་ཏུ་ལུང་གཉེར་བསྡུས། །དེ་ནས་དབང་གི་བསྒྲུབ་ཐབས་དྲུག །སློབ་དཔོན་བདེ་བར་གསལ་མཛད་གནང་། །དབང་དོན་བསྡུས་དང་དབང་དོན་འབྱེད། །དབང་དོན་རྒྱ་ཆེར་བཤད་པ་དང་། །གསང་བའི་མན་ངག་བཤད་པ་དང་། །ལས་ཐོ་རབ་གནས་བཤད་པ་དང་། །ན་རཀ་དོང་སྤྲུགས་རྣམ་དྲུག་བསྡུས། །རྒྱུད་ལུང་མན་ངག་ཐམས་ཅད་ཀྱི། །ཐ་མར་དགོས་པའི་ཆ་རྐྱེན་དྲུག །ཕྱི་དང་ནང་གི་ཙ་ཀ་ལི། །སྦྱིན་བསྲེག་ལྷག་ཆོག་དཀྱིལ་འཁོར་ཐིག །རྒྱུད་ཁུངས་གཏད་རྒྱ་རྣམ་པ་དྲུག །དྲུག་གསུམ་བཅོ་བརྒྱད་ཡི་གེ་འདི། །ཡེ་ཤེས་རིན་ཆེན་བདག་གིས་རྙེད། །སྐལ་ལྡན་རྣལ་འབྱོར་རྣམས་ལ་གཏད། །སྣོད་དང་ལྡན་པ་རྣམས་ལ་སྦྱིན། །དབང་གི་རྒྱུད་ཁུངས་གཏད་རྒྱ་ཡིས། །སྣོད་ལྡན་ཤེས་རིག་ཅན་ལ་རྒྱས་གྱུར་ཅིག །དབང་གི་གཏད་རྒྱ་རྫོགས་སོ།། །།
༅། །དབང་རིམ་པར་བསྐུར་བཀྲས་གདང་ལྟ་བུའི་མན་ངག །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་མ་རིག་འཁྲུལ་འཁོར་ཤེས་བྱ་དྲུག་བསྐོར་གྱི་བཤད་ཐབས་དང་། དབང་རིམ་པར་བསྐུར་བ་དཀྲས་སྡང་ལྟ་བུའི་གདམས་ངག་གཉིས་ལས། མ་རིག་འཁྲུལ་འཁོར་ཤེས་བྱ་དྲུག་སྐོར་གྱི་གདམས་ངག་ནི། ཅི་ཡང་བྱས་ན་འཁོར་བར་འཁྱམ། །སྔར་དང་ཅི་བྱས་འཁོར་བར་འཁྱམ། །ད་ཡང་ཅི་བྱ་འཁོར་བར་འཁྱམས། །ཅི་ཡང་མ་བྱས་ཏེ་འཁོར་བར་མ་འཁྱམ། ཅི་ཡང་མི་བྱེད་པའི་གང་ཟག་ཡོད་ན་འཁོར་བར་མི་འཁྱམ། དེ་ནི་གཞིའི་དུས་ཚོད་གནས་པའོ། །གཞི་ལ་ཡང་སངས་རྒྱས་སྒམ་སྟེ་མ་མཛད། སེམས་ཅན་བསྒྲིན་ཏེ་མ་བཅོས་པའི་དུས་དེ་ལ་ལམ་རྣམས་ཀྱིས་སྣ་ཚོགས་སུ་བཏགས་ཏེ། དེ་ཡང་སེམས་ཅན་གྱི་རང་བཞིན་འདི་ཡི་ཕྱིར་ན་འདི་ཡིན་གྱི་ངེས་བཟུང་མ་རྙེད་པས། ད་གཞིའི་ངོ་བོ་སེམས་ཉིད་མ་རྙེད་པས། དེ་ལ་གནས་པའི་མ་རིག་པ་ག་ལ་རྙེད་དེ། དེའི་ལྡོག་པ་ནས་ཀ་དག་ཏུ་བཏགས་ཏེ་དེས་ན་རང་བཞིན་སྟོང་པར་གནས། དེ་ཉིད་རོལ་པ་ངོ་བོ་མ་འགགས་པར་འཁོར་འདས་སྣ་ཚོགས་སུ་ཤར་བའི་ལྡོག་པ་ནས་མ་ངེས་པར་བཏགས་ཏེ། དེས་ན་ངོ་བོ་དྲན་རིག་མཁྱེན་པར་འབྱུང་ངོ་། །སྐྱོན་ཐམས་ཅད་དུ་འཁོར་བ་རང་འབྱུང་རང་ཞི་ལྷུན་གྱིས་གྲུབ་པའི་ལྡོག་པ་ནས་ལྷུན་གྲུབ་ཅེས་བཏགས། དེས་ན་མཚན་ཉིད་དབྱེར་མེད་དུ་གཅིག་གོ། །དེ་ཡང་རང་ཆས་སུ་གནས་པའི་བཟློག་པ་ནས་བཅིངས་པར་བསྟན་ནས་སོ། །དེས་ན་དོན་གཅིག་ལ་ལམ་པ་རྣམས་ཀྱིས་མཚོན་ཚུལ་ལྡོག་པ་རེ་ནས་བཏགས། བརྟགས་པར་ལྟར་བཟུང་། བཟུང་བ་ལྟར་ཞེན། ཞེན་པ་ལྟར་འཁོར། དེས་ན་འཛིན་བྱེད་ཀྱི་ཤེས་པ་དེ་དངོས་མེད་རང་སྟོང་ཡིན་པ་ལ་ཡིན་པར་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས། ངོ་མ་ཤེས་པའི་སྟེང་དུ། ཀུན་ཏུ་བརྟགས་པའི་མ་རིག་པས་བདག་ཏུ་བཟུང་སྟེ། འཁྲུལ་འཛིན། ཕུང་མཁན་པོ་དང་། འཁྲུལ་བཟློག་འཚེང་མཁན་པོ་གཉིས་ཞུགས་སོ། །འཁྲུལ་འཛིན་ཕུང་མཁན་པོ་ཞགས་ཏེ། ལུས་ངག་སྦྱོར་བ་ངན་པ་ལ་ཞུགས་ཏེ། རྒྱུ་མ་རིག་པ་རྐྱེན་དུག་གསུམ་གྱིས་བསྐྱེད། མི་དགེ་བ་རབ་འབྲིང་ཐ་མ་གསུམ་དུ་སྤྱད་པས། འབྲས་བུ་ངན་སོང་གསུམ་དུ་ལྟུང་ངོ་། །དེ་ཡང་མི་དགེ་བའི་ངོ་བོ་ནི་སེམས་པ་མི་དགེ་བ་དང་བཅས་པའོ། །ངེས་ཚིག་ནི་རྒྱུ་དུག་གསུམ་གྱིས་བསྐྱེད་ཅིང་འབྲས་བུ་མི་འདོད་པ་སྟེར་བའོ། །དབྱེ་བ་རྒྱུ། ཁྱད་པར་འབྲས་བུའོ། །བསྡུ་ན་བཅུའོ། །དབྱེ་ན་སུམ་ཅུ་སྟེ། སྲོག་གཅོད་པ་ལ་གསུམ་ཞེ་སྡང་འདོད་ཆགས་གཏི་མུག་མ་བྱིན་པར་ལེན་པ་ལ་གསུམ་མཐུས། གཞབ་བུས། གཡོས། འདོད་ལོག་ལ་གསུམ་བདག་པོས། ཆོས་ཀྱི་ཁྲིམས་རྫུན་ལ་གསུམ་མི་ཆོས། བླ་མ། ཕམ་པ། ཕྲ་མ་ལ་གསུམ་ཕྲན་ཚོགས། བརྩན་བཞོགས། ལྐོག་ཕྲ། ངག་ཁྱལ་པ་ལ་གསུམ་ཆོས་དང་གང་ཟག་ལ་བསྐུར་བའོ་ཐ་མལ་གྱི་ཚིག་རྩུབ་ལ་གསུམ་སེམས་ཅན་ལ་གནོད་པ། རིང་བཞིན་ལན་དུ་སྔགས་པ། བརྣབ་སེམས་ལ་གསུམ་བདག་གཞན་གཉིས་ཀ་ལ། གནོད་སེམས་ལ་གསུམ་གནད་དུ་ཕྱོགས་ལ་སོགས་ཟླ་ལོག་ལྟ་ལ་གསུམ་རྐྱེན་ལོག་པའི་ལོག་ལྟ་ཆེན་པོའོ། །ཁྱད་པར་ནི་ཀུན་སློང་དང་དུག་གསུམ་གྱི་ཀུན་སློང་བའོ། །ཡུལ་གྱི་ཁྱད་པར་དང་བླ་མ་མཁན་པོ་མཆེད་ལྕམ་ཆོས་རབ་མ་ཡུལ་འབྲིང་སྐྱེ་བོ་དུད་འགྲོ་ཐ་མ་གོ་སླ་མང་ཉུང་གི་དང་སྦྱོར་བྱས་ལ་བསགས་པའི་ལས་དང་འགྱོད་ན་བྱས་ཀྱང་མ་བསགས་པའི་ལས་སོ། །དངོས་རྗེས་གསུམ་གྱི་ཁྱད་པར་རོ་མ་བྱས་ལ་བསགས་པ་དང་། འགྱོད་ན་མ་བསགས་པའི་ལས་སོ། །མཐའ་ལ་བསགས་པའི་ལས་དང་། མ་བསགས་པའི་ལས་སོ། །སྦྱོར་མིན་སེམས། དངོས་གཞི་ནི་ལག་ལེན། རྗེས་ནི་མཐའ་རྫོགས་པ་སྟེ། སྲོག་གཅོད་ལ་ཤི་བ་དང་། གོ་བ་ནི་ངག་ལྟ་བུ་ལགས་པའོ། །འབྲས་བུ་ལ་བཞི་སྟེ། བྱེད་པ་རྒྱུ་མཐུན་དང་། མི་དགའ་བ་བྱེད་སྙིང་འདོད། མྱོང་བ་རྒྱུ་མཐུན་དང་། ཚེ་ཐུང་དབུལ་གཟའ་མི་འཐབ། རང་ལ་བསྐུར་པ་འདེབས་པ་མང་། རང་གི་མཛའ་བོ་དང་བྲལ། རང་གི་ཚིག་མི་བཙུན། རང་གི་མི་སྙེན་པ་ཐོས། རང་གི་བསམ་པ་མི་འགྲུབ། རང་ཡང་སེམས་ལ་འཇིགས་པ་སྣ་ཚོགས་འོང་། ནོར་ཕྱུགས་ལ་ཡང་དགྲ་འོང་། རང་ལ་ལོག་ལྟ་མང་སྟེ། འབྲུ་ཕྱུགས་གཉིས་ཀ་མི་སྨིན་པའི་ཡུལ་དུག་ཅན་དུ་སྐྱེ། ཆད་དང་འདམ་རྫབ་དང་ཆུ་བུར་ཅན་དུ་སྐྱེ། བརྩམ་པའི་ལས་མཐར་མི་ཕྱིན། ཡུལ་གོལ་བ་ལ་དབང་། ལོ་ཏོག་དུས་ལ་མི་སྨིན་པའི་ཡུལ་ལ་དབང་། འཁྲུག་ཡུལ་དང་ས་དུག་ཅན་དུ་སྐྱེ། ཚིག་རྩུབ་ཀྱི་རྫ་རོང་ཅན་དུ་སྐྱེ། བརྣབ་སེམས་ཀྱིས་བདག་གིས་རྫས་ལ་གཞན་གྱི་བརྫིས་འདིངས། གནོད་སེམས་ཀྱི་ནོ་གམ་དང་། གྲིས་ཁང་དང་། འབྲོག་འཇོམས་གོ་བའི་ཡུལ་སྐྱེའོ། །ལོག་ལྟས་ཆོས་མི་དྲན་པའི་ཡུལ་དུ་སྐྱེའོ། །དབང་གི་འབྲས་བུ་དང་། རྣམ་སྨིན་གྱི་འབྲས་བུའོ། །ཞེ་སྡང་གིས་ཀུན་ནས་བསླང་ཡུལ་བཟང་གྲངས་མང་སྦྱོར་དངོས་གསུམ་ཚང་ན་དམྱལ་བར་སྐྱེ། རྐྱེན་སེར་སྣ་འདོད་ཆགས་ཀྱི་བྱས་གྲངས་འབྲིང་ཡུལ་འབྲིང་སྦྱོར་དངོས་རྗེས་གསུམ་ཚང་བར་བྱས་ན་ཡི་དྭགས་སུ་རྐྱེན་གཏི་མུག་ཡུལ་ཐ་མ་གྲངས་ཉུང་ས་གསུམ་ཚང་ན་དུད་འགྲོ་རུ་སྐྱེ། ཡང་འཁྲུལ་བཟློག་འཚེང་མཁན་པོ་ཞུགས་ཏེ། རྒྱུ་མ་རིག་པ། རྐྱེན་དད་པ་དང་བརྩོན་འགྲུས་ཀྱིས་བསྐྱེད་དེ། རྣམ་སྨིན་འབྲས་བུ་ཡིན་དུ་འོང་བ་སྟེར་བའོ། །དབྱེ་བསྡུ་ནི། ལུས་ཀྱི་དགེ་བ་གསུམ་ནི་སྲོག་སླུ། སྦྱིན་པ། སྡོམ་པ། ངག་གི་དགེ་བ་བཞི་བདེན་པར་སྨྲ་བ། འཐབ་པ་སྡུམ་པ། དོན་ཡོད་པར་སྨྲ་བ་ཞི་དེས་སུ། ཡིད་ཀྱི་གསུམ་ཆགས་པ་ཆུང་བ། བྱམས་པ། ཡང་དག་པའི་ལྟ་བའོ། །དབྱེ་ན་གསུམ་སྟེ། སྲོག་བསྙེན་གནས་ཀྱི་སྡོམ་པ་ལ་གནས་པའོ། །ལམ་གྱི་སྲོག་ཆད་པ་བསླུ་བ་ནི། དགེ་སྦྱོར་ལ་གྲུབ་པ་མཐོང་སྣང་གི་ཡུལ། བསླུ་བ་ལ་མཐོ་རིས་ལ་མིའི་སྲོག་ཆད་པ་བསླུ་བ་ནི་ཉེ་འདོན་ནོ། །སྦྱིན་པ་བཏང་བ་ལ་གསུམ་མོ་ཆོས་ཀྱི་སྦྱིན་པ་དང་། སྐྱབས་ཀྱི་སྦྱིན་པ། ཟང་ཟིང་གི་སྦྱིན་པ། འདོད་ཕྱིར་ལུས་མི་འབྲེང་པར་སྡོམ་པ་ལ་གནས་པ་ལ་གསུམ་ཏེ། ཡུལ་དུ་མ་མཐོང་སྟེ་མི་གཙང་བས་གང་བའོ། །རང་བཞིན་མེད་པར་ཤེས་ནས། ཉེས་དམིགས་ཤེས་ནས། ངག་བདེན་པར་སྨྲ་བ་ལ་གསུམ་བཏན་པ་ལ་ཟོལ་ཞུན་ནས་བསྡམ་པ་ནི་ཆོས་འཁྲུགས། འཐབ་པ་བསྡུམ་པ་ལ་གསུམ་སྡུམ་པའི་ལོ་གའི་འཁྲུགས་སྡམ་པ་འགྲན་ཚོགས། དོན་ཡོད་པར་སྨྲ་བ་གསུམ་སེམས་ལ། བསྟན་པ་ལ། ཆོས་སུ་སྨྲ་བ། དོན་ཡོད་པར་སྨྲ་བ་ནི་ཆོས་དང་མི་འགལ་བར་སྨྲ་བའོ། །ཞི་དཔེ་སུ་སྨྲ་བ་ལ་གསུམ། ཆགས་ཞེན་མི་བྱ་བ་ལ་བཞི་ངོ་བོར་གྱུར་པས་འཕྲལ་དུ་སྡུག་བསྔལ་དུ་འཇུག་པས་ཕུགས་སུ་ངན་སོང་དྲུག་གི་རྒྱུར་འདུག་པས་ཤི་ནས་ངན་སོང་དུ་སྐུར་བས་མེད་དེ་དག་གི་དོན་དུ་གང་སྤྱད་པའི། བྱམས་དང་སྙིང་རྗེ་སྒོམ་པ་ལ་གསུམ་མར་མ་གྱུར་པ་མེད་བདེ་གཤེགས་སྙིང་པོའི་ཡུལ་དུ་མ་གྱུར། སེམས་ཅན་གྱི་སྐྱེ་གནས་ཀྱིས་བསྡུས་པའོ་ལས་རྒྱུ་འབྲས་བདེན་པའི་ལྟ་བ་མ་ནོར་བའི་ལྟ་བའོ། །ཡང་དག་པའི་ལྟ་བ་ལ་གསུམ་གནས་སྐབས་ལྟ་བ་མཉམ་ཞིང་བྱིན་གྱིས་བརླབས། བྱང་སེམས་ཀྱི་འབྲིང་འཁོར་བའི་ཉེས་དམིགས་ཀྱི་ཐ་མ། ངན་སོང་གི་གཡང་སའོ། །ཁྱད་པར་ལ་ཀུན་སློང་གི་ཁྱད་པར་དང་། ཡུལ་གྱི་སེམས་བདག་གཞན་གཉིས། གྲངས་མང་ཉུང་གི། སྦྱོར་དངོས་རྗེས་གསུམ་ཚང་མ་ཚང་ངོ་། །འབྲས་བུ་ནི་མི་དགེ་བ་ལས་བཟློག་པར་བྱའོ། །དེ་ཡང་ཟག་བཅས་ཀྱི་དགེ་བ་རབ་འབྲིང་ཐ་མ་གསུམ་སྤྱད་པས་འདོད་ཁམས་ཀྱི་ལྷ་མི་ཐོབ་པར་གསུངས་སོ། །མི་གཡོ་བའི་ལས་ནི་དགེ་མི་དགེ་གང་དུ་ཡང་མ་སྐྱེས་པའི་ཤེས་པ་ལ་བྱ་སྟེ། དེ་ལས་སུ་འགྲོ་ཡེ་བྱས་པས། རང་གི་མཚན་ཉིད་མ་རྟོགས་ཏེ་ས་མ་ཏི་ལ་བདག་ཏུ་བཟུང་བས་ལས་སུ་འགྲོ་སྟེ། གཟུགས་ཀྱི་ལྷར་གོལ་བ་ནི་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ་རྟོགས་སྤྱོད་གཉིས་རྒྱུའི་ཡན་ལག །དག་བདེ་གཉིས་འབྲས་བུའི་ཡན་ལག །ཏིང་ངེ་འཛིན་གཉིས་པ་དེ་ཡང་རྒྱུའི་ལས་སྒོམ་པའི་དུས་སུ་ཕྱིའི་ཡུལ་ལ་མི་རྟོག་པར་སེམས་གང་ལ་ཡང་མི་རྟོག་པར་ཕྲ་བ་ཙམ་དུ་བསྒོམས་པ་བསམ་གཏན་དང་པོར་གོལ་ལོ། །བསམ་གཏན་གཉིས་པ་ན་ཡན་ལག་བཞི་དང་ལྡན་ཏེ་དགོས་པ་མེད་པར་སྤྱོད་པ་ཙམ་རྒྱུའི་ཡན་ལག །དག་བདེ་གཉིས་འབྲས་བུའི་ཡན་ལག་ལས་སོའོ། །ཏིང་ངེ་འཛིན་གཉིས་ཡང་རྒྱུའི་དུས་སུ་ཏིང་ངེ་འཛིན་ལ་འཛིན་པ་ཕྲ་བ་ཞུགས་པས་བསམ་གཏན་གཉིས་པར་གོལ། བསམ་གཏན་གསུམ་པ་ཡན་ལག་གསུམ་སྟེ་ཞི་གནས་ལས་སུ་རུང་ནས་སེམས་བརྟན་པ་ཐོབ་པ་རྒྱུའི་ཡན་ལག་དག་བདེ་གཉིས་ལ་སེམས་ཆགས་པ་འབྲས་བུའི་ཡན་ལག །དེ་ཡང་རྒྱུའི་དུས་སུ་བདེ་བ་ཉམས་སུ་མྱོང་བ་ཙམ་དུ་བསྒོམས་བསམ་གཏན་གསུམ་པར་རོ། །བསམ་གཏན་བཞི་པ་ལ་རང་གོལ་ལོ་དང་རྟོགས་སྤྱོད་དགའ་བདེ་བཞི་ཀ་དང་བྲལ་ནས་ཏིང་ངེ་འཛིན་དང་ཉོན་མོངས་པར་གནས་སོ། །དེ་ཡང་རྒྱུའི་དུས་སུ་ཚོར་བ་བཏང་སྙོམས་མ་ཁེ་བར་བསྒོམས་པས། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷའོ། །དེ་རྣམས་ནི་ཤེས་བྱ་དྲུག་བསྐོར་མ་རིག་པ་འཁྲུལ་འཁོར་གྱི་བཤད་ཐབས་ཞེས་ཀྱང་བྱ། ངན་དབང་ཞེས་ཀྱང་བྱ། ཁམས་གསུམ་འཁོར་སྒོམ་ཞེས་ཀྱང་བྱ། ཁམས་འཁོར་བའི་རྒྱུ་རྐྱེན་ནོ། །ད་དབང་རིམ་པར་བསྐུར་བ་དཀྲས་གདང་ལྟ་བུའི་གདམས་ངག་ལ་གཉིས་ལ། དབང་བསྐུར་བ་དང་། དབང་བཤད་པ་གཉིས་ལས། དབང་བསྐུར་བ་ལ་དབང་རྫས་སྔོན་དུ་དགོས་སོ། །དབང་ཡོན་འཕྲལ་དུ་དགོས། དབང་རྟགས་ཕྱིས་འཆད་དོ། །བླ་མའི་ཞལ་ལ་རག་ལས་ཏེ་བཟང་དབང་ཞེས་བྱ། དབང་བཤད་པ་ལ་དགུ་སྟེ། སོ་སོར་ཐར་པའི་བསླབ་པ་ཇི་ཙམ་ཞིག་ཡོད་ཀྱང་། སེམས་ཅན་གནོད་པ་བྱེད་པ་གཞི་དང་བཅས་པ་སྟེ། ལོག་པ་དང་གཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཇི་ཙམ་ཞིག་ཡོད་ཀྱང་། སེམས་ཅན་ལ་གནོད་པ་གཞི་དང་བཅས་པ་སྟེ། ལོག་པའི་སྟེང་དུ་བྱམས་པ་དང་སྙིང་རྗེ་དང་བྱམས་པས་ཕན་འདོགས་པ་དང་གཉིས། གསང་སྔགས་ཀྱི་མཚན་བཅས་ལྷ་སྒོམ་པ་དང་གསུམ། སྟེང་སྒོ་དྲོད་དང་བདེ་བ་སྒོམ་པ་དང་བཞི། དཔེ་ལས་ཀྱི་ཕྱག་རྒྱ་མ་ལ་བརྟེན་པའི་ཁྱེ་ཆེ་ཉེན་ཆེན་དང་ལྔ། ཡེ་ཤེས་ཀྱི་ངང་སྒོམ་ཆུང་ངུ་དང་དྲུག །ཡེ་ཤེས་ཀྱི་ངང་སྒོམ་འབྲིང་པོ་དང་བདུན། །ཡེ་ཤེས་ཀྱི་ངང་སྒོམ་ཆེན་པོ་དང་བརྒྱད། །ཨ་ཏི་ལྟ་ཐག་དང་དགུ །དེ་ནས་བཅུ་པ་རྫོགས་པ་ཆེན་པོ་བྱ་རྩལ་དང་བྲལ་བའི་སྒོམ་པས་སངས་རྒྱས་པའོ། །ད་ནས་དབང་བཤད་པ་ལ་མིང་ལས། ཉན་ཐོས་པ། གདམས་ངག་ལས་མི་རྟག་པ་བསྟན་པའི་གདམ་ངག དཔེ་སྡུག་བསྔལ་ཚན་པོ་ཆེས་ཉེན་པའི་མི་ལྟ་བུའོ། །ཁམས་གསུམ་སྡུག་བསྔལ་བ་དང་བཅས་འདམ་རྫབ་ལྟ་བུ། དེ་ལས་ཐར་པར་འདོད་པ་དེ་ལྟ་བ། དེའི་ངང་ལ་གནས་པ་དེ་སྒོམ་པ། དེ་དང་མཐུན་པ་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག །ཕྱི་དུས་བཞིའི་འགྱུར་བ། ནང་ཕུང་པོ་དར་རྒུད་ལ་རྟོག་པ་དེ་གནད། དེས་ན་མི་རྟག་པར་དྲན་ཅིང་འཆི་བ་དུས་སུ་སྒོམ་པ་དེ་སྲོག །དངོས་ཡང་དག་ཏུ་འཛིན་ན་འཕྲང་ཡིན་ཏེ་གོལ་བའོ། །དུས་ཚོད་ཀྱི་སྐད་འདོན་པ་ནི་ཆོས་རྟགས་མི་རྟག་སྡུ་བསྔལ་བ་བདག་མེད་བཞི་སྨྲ་བའོ། །ཐད་ཀ་ཉན་ཐོས་པར་ཤེས་པར་བྱའོ། །སྒོམ་ཆེན་གྱི་དུག་ཚུལ་ནི། མི་བློ་ཕེབས་པས་སྡུག་གཏམ་གཏོང་བ་ལྟ་བུའོ། །ཉམས་ནི་ལྟང་འཁོར་ལ། མཉམ་ཟོས་པའི་ཉམས་ནི་དཔེ་ནགས་ཚལ་གྱི་ཤིང་ལྟ་བུ། སྡོང་གོག་དང་། ལྕུག་མ་དང་། ཤིང་ཕུང་ཕལ་ལ་འཛེར་པ་དང་ལོ་མ་དང་། འཁྱག་འཁྱོག་གིས་ཁེངས་སོ། །དཔེ་དེ་བཞིན་དུ་སྔ་མ་སྔ་མ་རྒན་གྱིན་འཆི། ཕྱི་མ་ཕྱི་མ་གཞོན་པར་སྐྱེ། བར་ན་གནས་པ་ཐམས་ཅད་སྡུག་བསྔལ་ལས་མ་འདས་པའོ། །དེ་ཡང་ཚེ་ལ་དུས་ཡུན་ཐུང་བའི་ཕྱོགས་ནས་རྟ་བང་དང་འདྲ། མི་ཆོས་མཛའ་ཚུལ་གྱི་ཕྱོགས་ནས་འདང་གསུམ་གྱི་རྨི་ལམ་དང་འདྲ། དགྲ་གཉེན་ལ་ངེས་པ་མེད་པའི་སྒོ་ནས་དམིགས་འཕྲུལ་དང་འདྲ། ཇི་ལྟར་བྱས་ཀྱང་དགོ་རྒྱུ་མེད་པའི་ཕྱོགས་ནས་ལྟས་ན་བླ་ས་བླ་ས་ནས་ཐོན་པ་དང་འདྲ། གང་དུ་སྐྱེས་ཀྱང་སྐྱིད་མེད་པའི་ཕྱོགས་ནས་མ་ཡར་གྱིས་མནོར་བའི་བུ་དང་འདྲའོ། །དེ་ཡང་མི་དགེ་བ་བཅུ་དུག་གི་ཚེར་མའམ་དགྲ་སྡང་བ་ལྟར་སྤོང་སྟེ། ངག་གི་སྒོར་མི་དབྱུང་། ལུས་ཀྱི་བྱ་བྱེད་མི་བྱེད་པའོ། །དགེ་བ་བཅུ་སྨན་དང་ཟས་ལྟར་ལེན་ཏེ། ངག་གི་སྒོར་འབྱིན། ལུས་ཀྱི་བྱ་བྱེད་བདག་མེད་དུ་རྟོགས་ན་རང་ས་ཟིན་ཏེ། སྒོམ་ཆེན་གྱི་སྐྱེ་གནས་དགྲ་བཅོམ་པ་ཐོབ་བོ། །ཡང་མིང་ལས་བྱང་ཆུབ་སེམས་དཔའ། གདམས་ངག་ལས་བྱམས་སྙིང་རྗེ་སྒོམ་པའི་མན་ངག །དཔེ་བུ་གཅིག་པའི་མ་ལྟ་བུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་དེ་ལྟ་བ། དེའི་ངང་ལ་གནས་པ་དེ་སྒོམ་པ། དེ་དང་མཐུན་པར་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག །སེམས་ཅན་ཐམས་ཅད་མར་མ་གྱུར་པ་མེད་པར་ཤེས་པ་དེ་གནད། དེ་ཕྱིར་བྱམས་པ་ལ་སོགས་པ་དེ་སྲོག །རང་ཁོ་ན་ཞི་ཐར་དུ་འདོད་ན་ཉན་ཐོས་སུ་འཁོར་ཏེ་འཕྲང་ཡིན་ཏེ་གོལ་ས། དུས་ཚོད་ཀྱི་སྐད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྨྲ་བའོ། །སྒོམ་ཆེན་འདུག་ཚུལ་ནི་ཡུལ་དཔོན་ཚིས་བྱེད་པ་ལྟ་བུ་གཅིག་འོང་། ཉམས་ཀྱི་ལྡང་ནི་གཞན་དོན་རྗེས་སུ་དྲན་པའི་ཉམས་ཏེ། བྱང་ཆུབ་སེམས་དཔའ་ལ་འདོད་པ་ཆུང་བ་བུ་མོ་གཞོན་ནུ་ལྟ་བུ་དང་། རང་ས་ཟིན་པ་ནི་བདག་བས་གཞན་གཅེས་ཀྱི་སེམས་ལ་སྐད་ཅིག་ཀྱང་སྐྱོ་བ་མེད་དོ། །ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་སྐྱོ་ངལ་མེད་པར་འཕེལ་བའོ། །རང་ས་ཟིན་པའི་འབྲས་བུ་ནི་ས་བཅུ་རིམས་ཀྱིས་བགྲོད་ནས་བཅུ་གཅིག་ཀུན་ཏུ་འོད་དུ་སངས་རྒྱའོ། །ད་ནི་སྣོད་བཅུད་འཛོམ་པའི་དུས་སུ་བསྟན་ཅེས་པས། སློབ་དཔོན་བཅུད་དང་ལྡན་པ་བརྒྱུད་པ་ཟམ་མ་ཆད་པའི་གདམས་ངག་ཡོད་པས་གཞན་ངེས་ཤེས་སྐྱེད་ནུས་པ། སེམས་བསྐྱེད་མ་ཉམས་པས་གཞན་དོན་ལ་བརྩོན་པ། ཚེ་འདི་ཡང་དག་ཏུ་མ་མཐོང་བས་རྙེད་པ་དང་གྲགས་པའི་ངོ་མི་ལྟ་བའོ། །སློབ་མ་སྣོད་དང་ལྡན་པ་ནི་འཁོར་བ་ལ་ཞེན་པ་ལོག་པས་འཇིག་རྟེན་གྱི་བྱ་བ་གཏོང་ཕོད་པ། སྦྱངས་བའི་ལས་འཕྲོ་དང་ལྡན་པས་ཟབ་མོའི་དོན་ལ་མོས་པ། ཞུམ་པ་མེད་པའི་བརྩོན་འགྲུས་ཀྱིས་གདམས་ངག་ཞུ་ནུས་ཤིང་ཉམས་ལེན་ལ་གྲིམས་པ། ཡིད་ཆེས་པའི་ངེས་ཡོད་པས་བླ་མ་ལ་མོས་གུས་ཀྱི་དམ་ཚིག་དང་ལྡན་པའོ། །སྒོམ་པ་ལས་མཚན་བཅས་ལྷ་སྒོམ་མོ། །གདམས་ངག་ལས་གཏོད་ཕུར་གྱི་གདམས་ངག་གོ། །དཔེ་ནི་ཁྱི་གསར་ལྟོང་ལ་བཏགས་པ་ལྟ་བུ་ལུས་ངག་ཡིད་གསུམ་སྣང་སྟོང་དབྱེར་མེད་དུ་ཤེས་པར་བྱེད་པར་ལྟ་བ། དེའི་ངང་ལ་གནས་པ་དེ་སྒོམ་པ། དེ་དང་མཐུན་པ་དེ་སྤྱོད་ལ། དེ་ལས་མི་འདའ་བ་དེ་དམ་ཚིག །གཡོ་ཐོབ་ཀྱི་ཉམས་ལྔ་དང་སྦྱར་བ་དེ་གནད། འགྱུར་བའི་སྐྱོན་དགུ་སྤངས་ཤིང་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་དེ་སྲོག །རང་རྒྱུད་པར་བསྒོམས་ན་རུ་ཏྲར་འཁོར་བའི་ཉེན་ཡོད་དེ་འཕྲང་ཡིན་གོལ་སའོ། །གཡོ་ཐོབ་ཀྱི་ཉམས་ནི་དང་པོ་གདམས་ངག་ཐོབ་ནས་རབ་གནས་བྱས་པའི་སྐུའམ་བྲིས་སྐུ་མདུན་དུ་བཀྲམ་ལ། རང་སྟན་བདེ་བ་ལ་བསྡད། ལུས་ངག་ཡིད་གསུམ་ཆ་བསྙམ། རྣམ་སྣང་གི་ཆོས་བདུན་བཅའ། ཤེས་པ་སྔ་ཕྱིའི་འཁྲུལ་ཐག་གཅོད་དོ། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ། བླ་མ་ཡི་དམ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས། དེ་ལ་མདུན་རྣམ་དག་བྱས་ལ། མདུན་དུ་སྒོམ་ཡང་རུང་བདག་ཉིད་གསལ་བར་སྒོམ་ཡང་རུང་སྟེ། དང་པོ་ལྷའི་གཟུགས་བརྙན་ལ་དབྱིབས་དང་ཁ་དོག་དང་རྒྱན་ལ་སོགས་པར་ཁྱབ་པར་ཝལ་གྱིས་ལྟ་བའོ། །ཉམས་ལྔ་ནི་དང་པོ་ལྷ་ལ་སེམས་གཏད་པས། ལྷ་བྲང་བྲེང་ལས་ལྷར་སེམས་སུ་མི་འདོད་པར་འདུ་བྱེད་ཀྱི་དྲན་པ་སྣ་ཚོགས་སུ་སེམས་འཕྲོ་བ་ནི་གཡོ་བའི་ཉམས་ཏེ་སྨིག་རྒྱུ་ལྟ་བུའོ། །ཅུང་ཞིག་ལྷའི་སྐུ་དབྱིབས་དང་ཁ་དོག་གཉིས་དུས་གཅིག་ལ་ཝལ་གྱིས་བསམ་པ་ནི་ཐོབ་པའི་ཉམས་ཏེ་དུ་བ་ལྟ་བུའོ། །དེ་ནས་ལྷའི་དབྱིབས་དང་ཁ་དོག་ཏུ་གསལ་བ་ཐུན་གསུམ་ཙམ་དུ་གསལ་བ་ནི་གོམས་པའི་ཉམས་ཏེ་སྲིན་བུ་མེ་ཁྱེར་ལྟ་བུའོ། །ལྷའི་དབྱིབས་དང་ཁ་དོག་རྒྱན་དང་བཅས་པ་རྐྱེན་མ་བྱུང་བར་ལ་གསལ་བ་ནི་བརྟན་པའི་ཉམས་ཏེ་མར་མེ་ལྟ་བུའོ། །ལྷའི་བ་སྤུའི་བུ་ག་ཡན་ཆད་རང་གིས་བཞག་ཚོད་དུ་རྐྱེན་གྱིས་མ་གནོད་ན་མཐར་ཕྱིན་པའི་ཉམས་ཏེ་རི་བོ་ལྟ་བུའོ། །རྣམ་པ་ཙམ་དུ་སྣང་བ་ལ་སོགས་ཏེ་ལམ་རིམ་ལྟར་རོ། །ཚད་ནི་གསལ་བའི་ཚད་བཞི། ས་ལེ་བ་དྲན་པ་ཙམ་གྱིས་ལྷར་གསལ་བ། སང་ངེ་བ་རྣམ་པ་འོད་གསོལ་བ་དང་རིམས་ཀྱིས་སའི་ཚུལ་མེད་པའོ། །ལྷག་གེ་བ་སྐྱོན་དགུ་ཀ་སྤངས་པའོ། །ལྷང་ངེ་བའོ་བྱ་བྱེད་ལ་འགྲོ་བའི་དུས་ན་ཡང་ལྷར་གསལ་བའི་བརྟན་པའི་ཚད་བཞི། མི་གཡོ་བ་དྲན་མི་དགོས་པ་མ་ཏི་ལ་གསལ་བསྒྲིབ་མེད་པའོ། །གཉིད་དང་རྨི་ལམ་དུ་ཡང་གསལ་བའོ། །མི་འགྱུར་བ། མངོན་པར་མི་འགྱུར་བ། རྐྱེན་ཕྲ་ཧྲག་གིས་མ་ཤིགས་པའོ། །ཅིར་ཡང་བསྒྱུར་དུ་བཏུབ་པའོ། །སྣ་ཚོགས་སུ་གསལ་བས་ཤེས་ཏེ་སེམས་ལ་དབང་བསྒྱུར་བའོ། །རྒྱ་བསྐྱེད་པ་ནི། རང་དུ་མ་ཟད་སྣང་བ་ཐམས་ཅད་སྐུ། གྲག་པ་གསུང་། དྲན་རྟོག་ཐམས་ཅད་ཐུགས་སུ་ཤེས་པར་བྱའོ། །དུས་ཚོད་ཀྱི་སྐད་ནི། འགྲོ་འདུག་ཟ་ཉལ་དུ་ལྷ་དང་མི་འབྲལ་ལྷ་ལས་མ་ཡེངས་པའོ། །ཐད་ཀ་སྐྱེད་རིམས་པར་ཤེས་པར་བྱའོ། །སྒོམ་ཆེན་གྱི་འདུག་ཚུལ་ནི། བརྩོན་འགྲུས་ཅན་མཁར་ལན་བྱེད་པ་ལྟ་བུ་སྟེ། དང་པོ་མཚམས་བཅད། ཚོགས་གཉིས་བསག །སྐད་ཅིག་གམ་རིམས་ཀྱིས་ལྷ་བསྐྱེད། དབང་བསྐུར། བྱིན་བརླབས་བྱས། ཡེ་ཤེས་སེམས་དཔའ་སྙན་གསན་དབབ། སྤྱན་དྲངས་དེ་ལ་མཆོད་བསྟོད་བྱས། །བཟླས་པ་བྱས་ཀྱིན་དེ་ལྟར་སྒོམ། །ཉམས་ནི་ལྷ་ཡི་དམ་ལྷའི་དྲོད་རྙེད་པའི་ཉམས་ཏེ། ཐ་མ་ལ་ལུས་ངག་ཡིད་གསུམ་གྱི་འཛིན་པ་ཟད། ལྷའི་སྐུ་གསུང་ཐུགས་སུ་གསལ་ལོ། །ལུས་མི་སྣང་ཡང་ཡི་དམ་ལྷ་ལས་མ་གཡོས་སོ། །ལུས་ལྷའི་སྐུར་གསལ་བའི་ཡོན་ཏན་བཞི་སྟེ་སྔར་གྱི་བག་ཆགས་འཐུག་པ་ལ་སོགས་པ་དང་གང་ཟག་གི་བདག་མེད་པ་འཇུག་པ་དང་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། ངག་ལྷའི་གསུང་དུ་གསལ་བའི་ཡོན་ཏན་བཞི་བཀའ་མཐའ་དག་སྟོན་པར་འགྱུར། ངག་བདེན་པ་གྲུབ་པར་འགྱུར། ཚོགས་ཁྱད་པར་ཅན་སོགས། ཆོས་ཐམས་ཅད་སྒྲ་བསྙན་ལྟར་རོ། །སེམས་ཐུགས་སུ་རྒྱལ་བའི་ཡོན་ཏན་ལྔའོ། །རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔ་རུ་གནས་འགྱུར། རང་ས་ཟིན་པ་ནི། ད་མཚན་མ་དང་ཆ་ཤས་ཀྱི་སྒོམ་པ་མི་དགོས་པར་དུག་གསུམ་སྐུ་གསུང་ཐུགས་སུ་གསལ་ན་རང་ས་ཟིན་པའོ། །ཁོ་ལུས་ཀྱི་རྒྱ་མདུད་གྲོལ་བ་དང་། ལྷ་སྐུ་ཕྱག་ཆེན་པོར་གསལ། མཚན་བཅས་ལྷ་བསྒོམ་པའོ། །མིང་ལས་རྩ་རླུང་སྟེ་སྟེང་སྒོར་སྒོམ་པ། གདམས་ངག་ལས་དྲོད་དང་བདེ་བ་སྒོམ་པའི་གདམས་ངག །དཔེར་ན་ར་གན་གྱི་འཇུ་འདུལ་བྱེད་པ་ལྟ་བུའོ། །རླུང་ཤེས་དབྱེར་མེད་དུ་ཤེས་པར་བྱེད་པ་དེ་ལྟ་བ། དེའི་ངང་ལ་གནས་པ་དེ་སྒོམ་པ། དེ་དང་མཐུན་པ་དེ་སྤྱོད་པ། དེ་ལས་མི་འདའ་བ་དེ་དམ་ཚིག་གོ། །རྩ་དང་འཁོར་ལོའི་གནས་ཐབས་ཤེས་པ་དེ་གནད། དེ་ལ་རླུང་གཞང་མལ་བྱེད་པ་དེ་སྲོག །རླུང་གཞལ་མར་མ་ཤེས་པས་ནད་དུ་འཆོར་བའི་ཉེན་ཡོད་དེ་འཕྲང་ཡིན་ཏེ་གསོལ་བའོ། །རྩ་དང་འཁོར་ལོའི་གནས་ཐབས་ནི་གཡས་གཡོན་དབུས་ཀྱི་རྩ་གསུམ་མཆོད་རྟེན་གྱི་སྲོག་ཤིང་གི་ཚུལ་དུ་ཡོད་དོ། །རྩ་སྒོ་ཐམས་ཅད་དེ་ལ་ཟུག་པས་འཁོར་ལོ་བཞི་ལས་སྟེང་སྒོམ་ཐབས་བླ་མའི་ཞལ་ལོ། །སྙིང་ལ་འགྲོ་བ་རིགས་དྲུག་ས་བོན་དང་། ༀ་ཨཱཿཧཱུྃ་ལ་སོགས་པ་ལྔ་གནས་སོ། །དེ་ཉམས་སུ་ལེན་ལུགས་ལ་འོག་རླུང་གཞུའི་ལུང་ལྟ་བུའི་མཆོག་མ་གཉིས་ལ་དར་དཔྱངས་ཀྱིས་བརླབས་བདག་སྐལ་བར་བསམས། རྒྱུད་ལ་རྂ་བསམ། ཡྂ་གིས་དབུས་པས་རྂ་ལ་མེ་བྱུང་ནས་འགྲོ་མངོན་ཡར་འབར་ཏེ་སོང་། ཨ་བ་དུ་ཏེ་ཡར་སོང་སྙིང་ལ་ཕོག་འགྲོ་དྲུག་གི་ས་བོན་སྲེགས་འདས་པའི་ས་བོན་གཞུ། འོད་ཀྱིས་གང་ན་རྗི་ལུད་པ་ལྟ་བུར་གྱུར། རྩ་དང་ཡི་གེ་རྣམས་འོད་དུ་ཞུ། འདུ་རི་ར་སོགས། ཀླད་ལ་འོད་དུ་ཞུ་སྟེ་ཡར་མར་འབར་བར་སྒོམ། དུས་ཚོད་ཀྱི་སྐད་ནི། ལུས་ལ་རྩ་གནས། རྩ་ལ་རླུང་རྒྱུ་རླུང་ལ་ཤེས་པ་ཞེན་པས། རླུང་གི་སྦྱང་མལ་མ་ཤེས་ཤིང་རླུང་ལམ་དུ་མ་སློངས་ན། ཤེས་པ་ལམ་དུ་མ་སློངས་པས། དེས་ན་རླུང་ལ་སྦྱང་མལ་ཤེས་པ་གལ་ཆེ་ཞེས་སོ། །ཐད་ཀ་ནི་རྩ་རླུང་ཐིག་ལེར་སྒོམ་པར་ཤེས་པར་བྱའོ། །སྒོམ་ཆེན་གྱི་འདུལ་ཚུལ་ནི་འབྱུང་བ་དར་བའི་བྱིས་པ་ལྟ་བུའོ། །ཉམས་ཀྱི་ལྟགས་ནི་རླུང་ཤེས་རྗེས་སུ་འགྲོ་ལྡོག་བྱེད་ཅིང་ལུས་ལ་དྲོད་རྙེད་པའི་ཉམས་སོ། །རང་ས་ཟིན་པ་ནི་འབྱུང་བ་ནོན་ཅིང་ལུས་ཀྱི་ནད་ཐོན་པ་ན་རང་ས་ཟིན་པའོ། །འབྲས་བུ་ནི་བདེ་བ་ཆེན་པོའི་སྐུ་ཐོབ་པའོ། །སྟེང་སྒོ་ཐིག་ལེ་སྒོམ་པ། ཨཐྎ།
མིང་ལས་རྒྱ་མ། གདམས་ངག་ལས་ཐིག་ལེ་སྒོམ་པའི་གདམས་ངག །དཔེ་དུག་ལ་སྔགས་ཀྱིས་བཏབ་པ་ལྟ་བུའོ། །སྦྱོར་བ་ལ་ལྷན་ཅིག་སྐྱེས་པ་ངེས་བཟུང་བར་འདོད་པ་དེ་ལྟ་བ། དེའི་ངང་ལ་གནས་པ་དེ་སྒོམ་པ། དེ་དང་མཐུན་པ་དེ་སྤྱོད་པ། དེ་ལས་མི་འདའ་བར་དེ་དམ་ཚིག །མཚན་ལྡན་ཕྱག་རྒྱ་བསྟེན་པ་དེ་གནད། ཐིག་ལེ་དབབ་བཟློག་ལ་སྦྱང་བ་དེ་སྲོག །རང་དགར་སྤྱད་ན་མངལ་གྱི་སྲིན་བུའམ་རོ་མྱགས་ཀྱི་འདམ་དུ་སྐྱེ་འཕྲང་ཡིན་ཏེ་གོལ་པའོ། །ལས་ཀྱི་ཕྱག་རྒྱ་ལ་གསུམ་སྟེ། རྟེན་གང་ལ་སྦྱར་བ་དང་། བྱིན་གྱིས་བརླབས་པ་དང་། བདེ་བ་ཆེན་པོ་ཉམས་སུ་བླངས་པའི་ཐབས་ནི་ཆགས་པ་ཆུང་ན་ལྟས་པས་ཚིམ། ཆགས་པ་ཆེ་ན་སྦྱོར་བ་བྱ་སྟེ་བྱང་སེམས་ཕབ་ལ་མ་ཤོར་བར་ཡར་ནུར་མར་ནུར་བྱས་ལ་སྒོམ། ཀུན་རྫོབ་བདེ་བ་ཆེན་པོར་ཉམས་སུ་བླང་བ་དང་། དོན་དམ་བདེ་བ་མྱོང་ཙམ་དུ་ཡང་འཛིན་པ་མེད་དེ་སྟོང་ཞིང་བདེ་གསལ་ལ་མ་རྟོགས་པ་མེད་པར་ཉམས་སུ་བླང་ངོ་། །བདེ་བ་ཆེན་པོར་ཉམས་སུ་བླང་བའོ། །དུས་ཚོད་ཀྱི་སྐད་ནི་ཆོས་སྒོ་དབང་གིས་འགགས། དབང་སྒོ་ཡོན་གྱིས་འགགས། དབང་ལ་གདམས་ངག་དགོས། གདམས་ངག་མི་མོ་ལ་བརྟེན་ནས་སྐྱེ་ཞེས་པའོ། །ཐད་ཀ་ལས་རྒྱས་པར་ཤེས་པར་བྱའོ། །སྒོམ་ཆེན་གྱི་འདུག་ཚུལ་ནི། མི་ན་སོ་དར་ལ་བབ་པའི་ཤེས་པ་ལྟ་བུའོ། །ཉམས་མྱོང་གི་ལྟགས་ནི་འདོད་ཆགས་བདེ་བར་འཁྱེར་བའི་ཉམས་སོ། །རང་ས་ཟིན་པ་ནི། དངོས་པོ་གང་རུང་གཅིག་ལ་བརྟེན་ནས་བདེ་བར་འཆར་ན་རང་ས་ཟིན་པའོ། །འབྲས་བུ་ནི་བདེ་བ་ཆེན་པོ་གསང་བའི་སྐུ་ཐོབ་པའོ། །ཨཐྎ།། །།
༅། །མིང་ལས་ཡེ་ཤེས་ཀྱི་ངང་བསྒོམ་ཆུང་ངུ་། གདམས་ངག་ལས་ཅོག་བཞག་གི་གདམས་ངག །དཔེ་གར་སྤྱིན་ལ་སྦྲང་ལ་འདུས་པ་ལྟ་བུའོ། །ཤེས་པ་སྔ་ཕྱི་འཁྲུལ་ཐག་ཆོད་པ་དེ་གནད། སེམས་ནང་དུ་ཟིན་པ་དེ་སྲོག །ཕྱི་རོལ་སྣང་བ་དེ་འཕྲང་ཡིན་ཏེ་གོལ་སའོ། །དེ་ཡང་དུས་ཚོད་ཀྱི་སྐད་འདོན་པ་ནི་རྟེན་ཅན་ཞིག་ལ་བཞག །དེ་ནས་རྟེན་ཅི་ལ་ཡང་མི་བཅའ། ཡུལ་གང་ལ་ཡང་མི་དམིགས། ལུས་ངག་ཁོང་ཀློད་ལ་ཞོག །སེམས་རང་ཞིར་བཞག །མ་བཀྲོགས་པའི་རི་དྭགས་ལྟ་བུར་ཞོག །ཆུ་ཆད་ཀྱི་རང་ཐག་ལྟ་བུར་ཞོག །འབེན་ཕིགས་པའི་མདའ་ལྟ་བུར་ཞོག །སྤྱིལ་པ་ཞིག་པ་ལྟ་བུར་ཞོག །གར་སྤྱིན་ལ་སྦྲང་མ་འདུས་པ་ལྟ་བུ་ཞོག །ཅེས་སོ། །ཐད་ཀ་ངང་སྒོམ་ཆུང་ངུར་ཤེས་པར་བྱའོ། །སྒོམ་ཆེན་གྱི་འདུག་ཚུལ་བག་མ་གསར་བ་ལྟ་བུའོ། །ཉམས་ཀྱི་ལྟགས་ནི་ཉམས་སུ་ལེན་པའི་དུས་སུ་སྒོ་ལྔའི་གཞལ་ཆ་བཀག །ཡིད་བརྩོན་དུ་བཟུང་ཤེས་པ་ཁ་ནང་དུ་ལྟས་ནས། བློ་ཐིམ་པ་མི་རྟོག་ལྟེངས་སོ། །བདེ་བ་སྐྱེད་མེད་ཞི་གནས་ཚན་པོ་ཆ ེ། རྗེས་ལ་ཐ་མལ་པའོ། །རང་ཉམས་ཀྱི་དྲོད་ནི། ཤེས་པ་འཐད་པ་སྙམ་བྱེད། ཤེས་པ་འཁུམ་མི་ནུས་པ་སྙམ་བྱེད། ཤེས་པ་བཏང་ཡང་མི་ཐོངས་པ་སྙམ་བྱེད་པའོ། །རང་ས་ཟིན་པ་ནི། སྣང་རྐྱེན་གྱིས་མི་ཤེས་པ་སྟེ། གཞན་གྱིས་གཤིག་པ་དང་སྒྲོགས་བྱ་དགོས་པའོ། །འབྲས་བུ་ཆོས་སྐུ་ཐོབ་བོ། །གོལ་ན་འདུ་ཤེས་མེད་པའི་ལྷར་ལྟུང་ངོ་། །ངང་སྒོམ་ཆུང་ངུ་། ཨཐྎ།། །།
༅། །མིང་ལས་ཡེ་ཤེས་ཀྱི་ངང་སྒོམ་འབྲིང་པོ། གདམས་ངག་ལས་ཐད་ཀར་བསྟན་པའི་གདམ་ངག །དཔེ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའོ། །སེམས་ཀྱིས་སེམས་ལ་ལྟས་པས་སེམས་མ་མཐོང་། བློ་འཁྲུལ་པར་མཐོང་ནས་བློའི་གདར་ཤ་གཅོད་པ་དེ་ལྟ་བ། ངང་ལ་གནས་པ་དེ་སྒོམ་པ། དེ་དང་མཐུན་པ་དེ་སྤྱོད་པ། དེ་ལ་འདའ་བ་མེད་པ་དེ་དམ་ཚིག །རིག་པ་གཡོ་འགུལ་མེད་པ་དེ་གནད། རིག་པ་གསལ་ལ་མི་རྟོག་པ་དེ་སྲོག །གྲ་བཞིར་ཤོར་ན་འཕྲང་ཡིན་ཏེ་གོལ་ས། དུས་ཚོད་ཀྱི་སྐད་འདོན་པ་ཞིག་གཅེས། ཐད་ཀའི་ཆོས་ཤེས་པ་ཞིག་གཅེས། སྒོམ་ཆེན་གྱི་འདུག་ཚུལ་ཤེས་པ་ཞིག་གཅེས། བཅད་ལྡད་སྲེ་བ་ཞིག་གཅེས། དལ་བར་ངོ་ཤེས་ནར་ཏེར་གཏང་། བྲེལ་བར་ངོ་ཤེས་དོར་ལ་བཏང་པ་ཞིག་གཅེས། རང་ས་ཟིན་པ་ཞིག་གཅེས། སྒོམ་ཆེན་གྱི་སྐྱེ་གནས་ཤེས་པ་ཞིག་གཅེས། དུས་ཚོད་ཀྱི་སྐད་ནི། མ་བཙལ་བ། མ་ལྟས་པ། མ་བཞག་མ་འགྲིམ་པས། མ་སྣན་པ་མ་སྤྲོས་པ། དགོས་པ་མེད་པ། སོ་མ་ལྷུག་པ་རང་སྣང་དང་སེང་ཞོག །ཅེས་སོ། །ཐད་ཀ་ཡེ་ཤེས་ཀྱི་ངང་འབྲིང་པོར་ཤེས་པར་བྱ། སྒོམ་ཆེན་གྱི་འདུག་ཚུལ་བྱེ་ཆུང་ཞིག་ཁུང་ཆགས་པ་ལྟ་བུ། ཉམས་ཀྱི་ལྟང་སྟོང་རང་ཤར་གྱི་ཉམས། བཅད་ལྡང་བྱ་བ་དང་སངས་སྒོམ་པའོ། །ཕྱེ་ཆུ་སྲེ་བའི་རྗེས་ལ་དགེ་སྦྱོར་བྱས་ཀྱིན་སེམས་ཅན་གྱི་དོན་དུ་བསྔོ་བའོ། །བྲེལ་བ་ངོ་ཤེས་དོར་བ་ནི་ཞི་གནས་སོ། །དལ་བ་ངོ་ཤེས་ནར་བཏང་བ་ནི་དངས་སངས་འདི་ནར་བཏང་བའོ། །ཡེ་ཤེས་ཀྱི་ངང་སྒོམ་འབྲིང་པོའི་དུས་སུ་གསལ་གདབ་པའི་ཐབས་དང་། གསལ་ཐེབས་པའི་དཔེ་དང་། གསལ་ཐེབས་དྲོད་པའི་རྟགས་སོ། །དང་པོ་ལ་གཉིས་ཏེ། རང་ཉམས་ཀྱིས་གསལ་གདབ་པ་དང་། ལུང་ཚིག་ཟབ་མོའི་གསལ་བདབ་པའོ། །སྒོ་ལྔའི་དབང་པོ་ས་ལེ་ལ། ཡིད་ཀྱི་འཛིན་པ་མ་ཞུགས་ན། །སེམས་ཀྱི་བཞག་ཐབས་ལེགས་པ་ཡིན། །སྒོ་ལྔའི་རྣམ་ཤེས་ཀྱི་རྗེས་སུ་ཡིད་ཀྱིས་མ་བསླད་པར་གསལ་ལ་རྟོག་པ་མེད་པ་དེ་ཡེ་ཤེས་སོ། །ལུས་སེམས་ཕྱི་བསྡམ་ཁོང་ཀློད་ཀྱིན་གདའ་ཙམ་གསལ་འདེབས་པའི་དཔེ་ནི། སྒེག་མོ་མེ་ལོང་བལྟ་བ་བཞིན། །ཡང་ལྟ་ཡང་ལྟ་སེམས་ལ་ལྟོས། །སྤང་ལ་གཡང་མོ་སྐྱོང་པ་བཞིན། །ཡང་སྐྱོང་ཡང་སྐྱོང་སེམས་ལ་སྐྱོང་། །བྱིས་པ་སྒོང་ཚང་ཉུལ་བ་བཞིན། །ཡང་ཉུལ་ཡང་ཉུལ་སེམས་ལ་ཉུལ། །གསལ་ཐེབས་པའི་ངོ་བོ། མཚན་མར་སྣང་བའི་འཛིན་པ་ཐམས་ཅད་རྒྱུན་ཆད། བློ་དོན་ཐོག་ཏུ་ཡལ་ཡིད་ནམ་མཁའ་ལྟར་དུ་དག་ནས་བློ་བདེ་ལྷན་ནི་བརྩིག་བྱུང་ན་ཡིན་ནོ། །དེ་ཡང་རྣམ་རྟོག་མི་རྒྱུ་བས་བདེ་བ། སྒོམ་བྱ་མེད་པས་མི་རྟོག་པ། སྔ་ཕྱི་ལ་སོགས་འདོགས་སུ་མ་ཤོར་བས་མི་གཡོ་བ། བདེ་བ་གསལ་ལ་མི་རྟོག་པས་བྱིང་ས་ལེ་བ། མི་རྟོག་པ་དང་མི་གཡོ་བས་རྒོད་པ་སེལ་བ། གསལ་ཐེབས་པའི་རྟགས་ནི། ལུས་མེད་པ་སྙམ་བྱེད་པ། དབུགས་ཕྱི་ནང་རྒྱུ་བ་མི་ཚོར་བ་སྙམ་བྱེད། སེམས་མེད་པ་སྙམ་བྱེད། གཅིག་པུར་འདུག་ཀྱང་སྐྱོ་བ་མེད་པ། བྱ་རྒྱུ་མེད་ཀྱང་ཟིན་པ་སྙམ་བྱེད། གྲུབ་རྒྱུ་མེད་ཀྱང་ནོ་ཚི་བ་སྙམ་བྱེད། རྙེད་པ་མེད་པར་ཉམས་དགའ་བ། སྣང་བ་འོད་གསལ་དང་། རིག་པ་འོད་གསལ་གྱི་ཉམས་འོང་སྟེ། ཉམས་རང་གྲོལ་དུ་བསྐྱང་ངོ་། །དེ་ཡང་རྗེས་ཐོབ་ཀྱི་ཤེས་པ་ལ་དྲོད་རྟགས་སུ་བརྗོད་པ་ལས། སྒོམ་རང་གི་ངོ་བོ་འདི་ལྟར་ཡིན་ཞེས་བརྗོད་པར་མི་ནུས་ཏེ། མིག་ཙམ་ཞེས་དྲན་རིག་ཤེས་པ་མ་འགགས་ལ། འཛིན་རིག་ཡུལ་ལས་རྣམ་པར་གྲོལ། འོ་མ་ལྟུག་པ་གྱིན་འདའ་ཙམ། མིང་ཙམ་དེ་ལ་སྒོམ་ཞེས་བཏགས་ཅེས་འཁོར་བ་རྩད་གཅོད་ལས་སོ། །དྲང་ངོ་། །ཕྱོགས་གཅིག་ནས་མིང་བཏགས་ན་ཐད་ཀའི་གདམས་ངག་ངོས་བཟུང་བ་ཡིན་ལ། གནད་ནི་བློ་བཞག་ཐབས་ཡིན། སྲོག་ནི་སྒོམ་པའི་ངོ་བོ་ཡིན། འཕྲང་ནི་བྱིང་དགོད་ཡིན་པས་བཅོས་ཐབས་དང་ནད་ཀྱི་འདུ་བ་དུས་ཚོད་ཀྱི་སྒོམ་ཐབས་དང་། ཐུན་ཚད་དང་ལས་དང་པོ་པས་འདི་ལ་གོམས་པར་བྱའོ། །འདི་མ་བརྟན་བར་དུ་སྣང་རྐྱེན་གྱིས་ཡེངས་ནས་འགྲོ་བས་དགོན་པ་བསྟེན་ཅིང་གཅིག་པུར་བསྡད་དགོས་སོ། །སྨྲ་བཅད་བྱས་ན་མཚམས་ཀྱི་མཆོག་ཏུ་གསུངས་སོ། །ཐུན་མཚམས་སུ་དགེ་སྦྱོར་ཕྲི་ལེ་བྱའོ། །རང་ས་ཟིན་པ་ནི་ནམ་སྒོམ་པ་དང་གསལ་ན་རང་ས་ཟིན་པའོ། །ད་ལྟར་བརྟན་པར་བྱའོ། །འདི་ལ་འཚང་མ་རྒྱས་ཀྱང་ཕྱི་མ་ལ་སངས་རྒྱས་ཏེ། རྒྱལ་པོ་གྲོང་སྲང་དུ་ཤོར་བས་རྒྱལ་ས་མ་ཟིན་ཀྱང་། རིགས་བཟང་མོ་ཆུང་མར་བསླངས་ཏེ་བུས་རྒྱལ་ས་འཛིན་པ་བཞིན་ནོ། །ལྟ་བ་དུམ་བུར་རྟོགས་པས་སྒྲིབ་པ་ཐམས་ཅད་རྩད་ནས་འབྱང་བར་གསུངས་སོ། །ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སོ། །རྟོགས་པའི་དོན་ལ་བརྟན་པ་མ་ཐོབ་ཀྱང་། ཕྱི་ས་ལ་སྐྱེ་བ་མི་ལེན་པར་གསུངས་སོ། །ནམ་མཁའ་ཀློང་ཡངས་ནས། ཐ་མ་ཕྱི་རོལ་བརྟས་པས་བརྗེད། །དུས་ཚོད་རྐྱེན་དང་ཕྲད་པའི་ཚེ། །སྐད་ཅིག་ཟུར་ཙམ་བདའ་ཡིས་ནི། །ཐེ་ཚོམ་མེད་པར་དོན་རྟོགས་ནས། །སྐྱེ་བ་གཅིག་གིས་སངས་རྒྱས་འགྲུབ། །ཅེས་སོ། །ཆོས་ཉིད་ལམ་དུ་ཉམས་སུ་ལེན། །སྡིག་པ་ལ་འཛེམ། ཁེང་གྲགས་ལ་མི་དགའ། ཚོགས་གཉིས་ཟུང་དུ་འཇུག་པའོ། །ཡེ་ཤེས་ངང་བསྒོམ་འབྲིང་པོ། བར་འདིར་རྨི་ལམ་ཁ་བསྒྱུར་བ་ཡོད་དོ། །ཨཐྎ།། །།
༅། །བླ་མ་ལ་ན་མོ། ཡང་མིང་ལས་ཡེ་ཤེས་ཀྱི་ངང་སྒོམ་ཆེན་པོ། གདམས་ངག་ལས་ཐོག་བབས་ཀྱི་གདམས་ངག །དཔེ་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟ་བུ། ཡིད་ཆགས་སྡང་ལ་མ་སྤྲོས་པར་ངེས་ཤེས་པ་དེ་ལྟ་བ། ངང་ལས་གནས་པ་སྒོམ་པ། དེ་དང་མ་བྲལ་བ་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག་ཡིད་ཆགས་སྡང་གི་བསམ་སྦྱོར་ངན་པ་མི་བྱེད་པ་དེ་གནད། ཆགས་སྡང་ལ་མ་སྤྲོས་པར་གསལ་བ་རྒྱ་ཆེ་བ་དེ་སྲོག །གུ་ཡངས་ན་གསལ་ཏེ་ཡོང་། ཐ་མལ་དུ་ཤོར་བ་མ་ཚོར་བ་དེ་འཕྲང་ངོ་། །འདི་ལ་ཡང་གཅེས་པ་བརྒྱད་ངང་སྒོམ་འབྲིང་པོ་དང་འདྲ། དུས་ཚོད་ཀྱི་སྐད་ནི། ཆེར་ཆེར་ལྟ། ཏུར་ཏུར་དྲན་པར་བྱ། སྣ་ཚོགས་སྣང་བ་རིག་པའི་ཉམས་དཔེ་དྲན་པ་བསྟེན་པ་གཅེས། དྲན་ཅིང་རིག་པ་རང་སར་ཡལ། །དེས་ན་ངོ་ཡིས་ཟིན་པ་གཅེས། །དོན་དུ་གཉེར་ཅིག་རིགས་ཀྱི་བུ། །དྲན་པ་བསྟེན་ཅིག་རང་སར་ཞོག །བྱ་བྲལ་ནམ་མཁའི་ངང་ལ་སྒོམ། །མི་སྒོམ་ནའང་ཅེར་ཙམ་ལྟ། །ཉོན་མོངས་རང་དངས་ནམ་མཁའི་སྤྲིན་དང་འདྲ། །བྱུང་ཚོར་རང་གྲོལ་སྦྲུལ་གྱི་མདུད་པ་འདྲ། །ཞེས་སོ། །ཐད་ཀ་ངང་སྒོམ་ཆེན་པོ་སྒོམ་ཆེན་གྱི་འདུག་ཚུལ་ནི། གཅོང་ཅན་གྱི་ནད་པ་ལྟ་བུའོ། །ཁོ་སྒོམ་སྒོམ་མི་འདྲ་སྟེ་ཡིད་ཆོས་གཉིས་ལས་མ་ཡེངས་པའོ། །ཉམས་མྱོང་ནི་དྲན་པ་དུས་མཚུངས་ཀྱི་ཉམས་སོ། །བཅད་ལྡད་ནི་དྲན་པའོ། །ཕྱེ་ཆུ་སྲེ་བ་ནི། དྲན་པ་རང་སྟོངས་སུ་ཡལ་བའོ། །བྲེལ་བ་ངོ་ཤེས་དོར་བ་ནི། ཡིད་སྒོམ་བྱ་སྒོམ་བྱེད་དོར་བའོ། །དལ་བ་ངོ་ཤེས་ནར་གྱིས་ཐོང་ནི། དྲན་པ་རང་སྟོངས་སུའོ། །གསལ་བའི་ཐབས་དང་། གསལ་ཐེབས་པའི་དཔེ་དང་། གསལ་འདེབས་པའི་ངོ་བོ་དང་། གསལ་ཐེབས་པའི་རྟགས་སོ། །དཔེ་ནི་ནམ་མཁའི་གློག་གམ། གནད་དུ་ཕེབས་པའི་སེམས་སྡུག་ཅན་ནམ་མིང་ཡང་དྲན་པ་སྐྱེས་པ་ལྟར་བསྟེན་ནོ། །དྲོད་ནི་གཉེན་པོ་ཞིབ་མོའི་རྒྱུན་གྱིས་མ་བཀྲོལ་བར་ཡུལ་སེམས་ཐུག་ཕྲད་དུ་ཐུར་སྐྱེད། དུར་ཐུ་རྟུ་ཡན་ཆུ་དང་འོ་མ་འདྲེས་པ་བཞིན་རང་སར་ཡན། བློ་བདེ་ལྷན་ལྷན་གྱུར་ན་ཉམས་ཀྱི་དྲོད་ཡིན། ཉམས་ནི་ཅི་ལ་ཡང་བློ་མི་ཆགས་རྩོལ་གྲུབ་བྱེད་སྙིང་མི་འདོད། བརྗོད་ངས་དོན་གསལ། ལུས་ཀྱི་བྱ་བྱེད་དང་། ངག་གི་ཅ་ཅོ་དང་། སེམས་ཀྱི་དྲན་རིག་དང་། ཉམས་ལ་རེས་ཅི་འཆར་རེས་ཅི་འཆར་འོང་སྟེ་གཞན་གྱིས་ལྟས་ཙ་ན་བཅོས་མའམ་བཅོས་ཆུང་དུ་མཐོང་ནས་སྤོང་སྟེ། གཞན་གྱིས་ཞུབ་པ་མེད་པར་བྱེད་སྙིང་འདོད་པ། རང་གི་ཉམས་དང་སྦྱར་བར་བྱའོ། །རང་ཁ་མར་བྱས་ན་ཐ་མལ་པར་འཆོར་བས་ཆོས་ཉིད་དང་མི་འབྲལ་བར་དགོས་སོ། །དུས་དེར་ཉམས་ཚན་པོ་ཆེ་སྐྱེས་པ་བྱ་བ་ཡིན་ཏེ། གནས་ལུགས་ཇི་ལྟ་བ་ལྷག་རྟོགས་ནས་དེ་ཡང་ཡལ་ནས་འགྲོ། ཉམས་ཐོག་ནས་བཟླས་པ་བྱས་ན་བར་ཆོད་སེལ་བ་ཡིན། ཚོགས་དང་གཏོར་མ་བྱས་ན་བྱིན་བརླབས་འབྱུང་བ་ཡིན། དེ་ཡང་ཞེན་མེད་འདོད་མེད་དུ་བྱའོ། །དུས་དེར་རྐྱེན་སྣ་ཚོགས་ལ་སྦྱང་སྟེ། རང་ཡུལ་འདུག་གིན་ལྟ། རྒྱལ་ཁམས་སུ་ཕྱིན་གྱིན་ལྟ། ཉོན་མོངས་པ་སླང་གིན་ལྟ། འཇིགས་པ་དང་མི་གཙང་བ་དང་ཡུལ་བཟང་ངན་འགལ་རྐྱེན་ཐམས་ཅད་ལ་སེམས་ཡོངས་སུ་བཅུག་གིན་ལྟ། ཉམས་ལ་ཕན་གནོད་ཐམས་ཅད་ལ་ཉམས་སུ་བྱུང་རྒྱལ་དུ་བསྟེན་ལ་སྦྱོང་། དེ་ཙམ་མ་ཤེས་ན་དགེ་སྦྱོར་དམིགས་དང་བཅས་པ་བྱ། ཆགས་སྡང་དམིགས་གཏད་དང་བཅས་པ་སྤང་ངོ་། །རང་ལ་རྟོགས་པའི་ཉམས་མེད་ན་བཀའ་བརྒྱུད་ཀྱི་རྗེས་སུ་འབྲེངས་ལ་ལུས་ངག་གི་དགེ་སྦྱོར་ལ་འབད་པ་བྱ། ཐད་ཀའི་འབྲས་བུ་མི་བསླུ་ངེས་པའོ། །རང་ས་ཟིན་པ་ནི་ཡེངས་ཀྱང་མི་སྟོ་ཡོ། སྒོམ་ཆེན་དེའི་སྐྱེ་གནས་ནི། ཉིན་བར་དང་རྨི་ལམ་འཆི་ཀ་དང་ཉམས་སུ་བླངས་པས་བར་དོ་རང་ས་ཟིན་ནོ། །འདི་ལ་ཉམས་བཞི་སྟེ། མ་སྒོམས་ཀྱང་ཆོས་ཉིད་དང་མ་བྲལ་བ། སྒོམ་ཀྱང་དེ་ལ་བགོས་སྔོན་དུ་མེད་པ། རྨི་ལམ་གྱི་རྣམ་གྲངས་མ་འགྱུར་ཀྱང་ཏིང་ངེ་འཛིན་རྒྱལ་པོ་གྲོང་སྲང་དུ་ཤོར་བ་ནི་གཞུག་ཏུ་ངོས་ཟིན་རྒྱལ་སར་བཏོན་པ་དང་། རྒྱལ་ཆོས་མི་ཤེས་ཏེ་བློན་པོས་སླབས་པས་རྒས་ཁར་རྒྱལ་ཆོས་ཤེས་ནས་རྒྱལ་ས་འཛིན་པ་ལྟར་དུ་ངོ་ཤེས་པ་ཡོད་ཀྱང་རྐྱེན་གྲག་ཞན་ཐམས་ཅད་ལ་བསླབ་དགོས་སོ། །འགྱུར་བ་དང་། གནད་གཅོད་ཀྱི་ཟུག་ཟེར་ཉམས་ལེན་དུ་བླངས་སོ། །དེས་བར་མ་དོར་ཤེས་པ་དངོས་མེད་ལ་རང་ས་ཟིན་པའམ་སྐྱེ་གནས་ལ་རང་དབང་ཐོབ་པའོ། །ཡེ་ཤེས་ཀྱི་ངང་སྒོམ་ཆེན་པོ། ཨཐྎ།། །།
༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡང་མིང་ལས་ཨ་ཏི་ལྟ་ཐག །གདམས་ངག་ལས་རིག་པ་རྩལ་གྱི་དབང་བསྐུར་བའི་མན་ངག །དཔེ་རིན་པོ་ཆེ་གསེར་གྱི་གླིང་དུ་ཕྱིན་པ་ལྟ་བུ། སྣང་སྲིད་ཆོས་སྐུར་མཐོང་། ཉོན་མོངས་པ་སླང་གིན་ལྟ། འཇིགས་པ་དང་མི་གཙང་བ་དང་ཡུལ་བཟང་ངན་འགལ་རྐྱེན་ཐམས་ཅད་ལ་སེམས་ཡེངས་སུ་བཅུག་གིིན་ལྟའོ། །གཉིས་མེད་ཀྱི་ཡེ་ཤེས་རང་ཤར་བ་དེ་ལྟ་བ། དེའི་ངང་ལ་གནས་པ་དེ་སྒོམ་པ། དེ་དང་མི་འབྲལ་བ་སྤྱོད་པ། དེ་ལས་མི་འདའ་བ་དེ་དམ་ཚིག་གི། ཅེར་ཅེར་ལྟ་ཏུར་ཏུར་དྲན་པར་བྱ་མི་དགོས་པ་དེ་གནད། མཚན་མར་འཛིན་རྩོལ་རང་སར་གྲོལ་བ་དེ་སྲོག །རང་གི་མཚན་ཉིད་མ་རྟོགས་པར་ཚིག་ཕྱིར་འབྲེངས་ནས་སྤྱི་མཚན་དུ་ཤོར་ན་རྟོལ་ཆོས་ལྷུག་པར་འཆོར་བའི་ཉེན་ཡོད་དེ་འཕྲང་ངོ་། །འདིར་ཡང་གཅེས་པ་བརྒྱད་ལ་བཅད་ལྡད་བྱ། ཕྱེ་ཆུ་སྲེ་བའི་ལ་མི་རྩི། བདུན་པོ་ངང་སྒོམ་ཆེན་པོས་འདྲེ། དུས་ཚོད་ཀྱི་སྣང་བ་ལ་ངོས་བཟུང་མེད། མེ་ལོང་གི་གཟུགས་བརྙན་འདྲ། གསལ་ལ་མ་འདྲེས་ནམ་མཁའི་གཞའ་ཚོན། སྤྱོད་ལ་མ་ཆགས་ཆུ་ཟླའི་དལ། འཁྲུལ་པ་བརྩད་བཅད་རྨ་བྱའི་མདོངས་འདྲ། ཡེ་ཤེས་རང་སྣང་འདམ་གྱི་པདྨ་འདྲ། དེ་བཞིན་དུ་རྣམ་གྲངས་ཀྱི་ཆོས་རང་བྱུང་ཡེ་ཤེས་སུ་ངོ་ཤེས། ཤེས་ལུགས་ཆུ་ལ་རལ་གྲི་རྒྱབ་པ་ལྟར་དུ་རྗེས་མེད་དུ་ཤེས། དེ་ཀ་བཟའ་བཏད་མེད་པའི་ལྟ་བ་ཡང་དེ་ཡིན། དམིགས་གཏད་མེད་པའི་སྒོམ་པ་ཡང་དེ་ཡིན། བླང་དོར་མེད་པའི་སྤྱོད་པ་ཡང་དེ་ཡིན། སྤང་ཐོབ་མེད་པའི་འབྲས་བུ་ཡང་དེ་ཡིན། ལྟ་བ་ལྟ་རྒྱུ་ཡོད་མེད་ཀྱི་མཚན་མ་ཡང་རང་སར་གྲོལ། དེ་ཡང་ཡེ་གྲོལ་སྒོམ་པ་དང་སྤྱོད་པ་དེས་འདྲེ། དེ་ལྟ་བུ་དེས་ཡོད་ཅེས་སྒྲོས་མི་འདོགས། མེད་ཅེས་བསྐུར་པ་མི་འདེབས། དེ་ལྟ་བུ་གཅིག་ཏུ་རྟོགས་ཤིང་ཤེས་པའི་མི་དེ་འཁོར་འདས་ཐམས་ཅད་སེམས་ལ་རྫོགས་པས་རྫོགས་པ་ཆེན་པོ་ཞེས་བྱའོ། །ཤེས་མ་ཐག་ཏུ་ཤེས་པ་དང་བྲལ་ནས་འདུག་ན་རྟོགས་ཐོབ་དུས་ཅིག་ཏུ་སྨིན་པ་བྱ་བ་ཡིན་ནོ། །ད་མི་དེ་ལ་ལྟ་བ་བསར་མི་དགོས། སྒོམ་མི་དགོས། འདྲིས་པ་བྱ་མི་དགོས། དྲན་པར་བྱ་མི་དགོས། ཉམས་སུ་བླང་མི་དགོས། ད་དུང་དུ་ལྟ་བ་ཕྱོགས་རིས་མེད་པར་རྟོགས་པ་བསྙམ་བྱེད་ཀྱང་། ཞེན་པ་དང་མ་བྲལ་བར་འདུག་ན་ལྟ་བ་གསར་དགོས། སྒོམ་དགོས། འདྲིས་པར་བྱ་དགོས། དྲན་པའི་ཚེ་དྲན་པ་དངོས་མེད་ཅིག་དགོས། གོམས་ཤིང་རྟོགས་པ་དེ་ལྟ་བ། རྩོལ་བ་ཅན་གྱི་ལམ་ལ་གོམས་པར་བྱས་པ་བྱ་བ་ཡིན་ཏེ་ཉམས་སུ་བླངས་པས་འབྱུང་ངོ་། །བར་དེར་བྱ་བ་གཏོངས་ཕོད་ན་རྟོགས་པ་ཡིན། ཞེན་འདོད་རང་གྲོལ་དུ་སོང་ན་བདེ་བ་ཡིན། ཁོང་དུ་ཆུད་ན་ཡིད་ཆེས་པ་ཡིན། གཞན་ལ་སྟོན་ན་གདམས་ངག་ཡིན། རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བ་ཡིན། ཐད་ཀ་ནི་ཨ་ཏི་ལྟ་ཐག་བཅད་པར་ཤེས་པར་བྱའོ། །སྒོམ་ཆེན་གྱི་འདུག་ཚུལ་ནི་གདོན་མ་ཞུགས་པའི་སྨྱོན་པ་ལྟ་བུ་ཞིག་ཡོང་། ཉམས་ཀྱི་ལྟང་ནི་ཤེས་བྱ་ཆིག་ཆོད་ཀྱི་ཉམས་འཆར་རོ། །དྲན་པ་སེམས་ཀྱི་ཤར་བ་ཡིན་པས་འབྲེལ་བར་ངོ་ཤེས་ན་ལ་དོར་བའོ། །དལ་བར་ངོ་ཤེས་ན་ལྟ་བའི་ངང་ནར་རེ་གཏང་ངོ་། །གསལ་གདབ་པའི་ཐབས་དང་། གསལ་ཐེབས་པའི་ངོ་བོ་ནི་ཕྱི་ནང་གི་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གསལ་ཞིང་རིག་པ་ལས་གཞན་མེད་པར་རྟོགས་ན་སྣང་བས་མི་སྐྱོན་པ་ཞེས་བྱ་སྟེ། དེ་ཙམ་ན་ཁལ་ཅིག་གི་རྣ་སུན་གཅིག་གིས་མ་འགེགས། གཡག་རྣ་ལུག་གིས་མ་བསྒྱིལ། གདམས་ངག་གི་རེ་ཧྲུལ་དུ་བཀྲ་ཤིས་ཀྱི་མཁར་རྩིགས། ཡུགས་ས་མོ་སྨན་དུ་བདུར་བའི་ལྟ་བ་ཞེས་བྱ། རྟག་ན་རྟག་ཏུ་བས། ཆད་ན་ཆད་དུ་བས། རྒོད་ན་རྒོད་དུ་བས་བྱིང་ན་བྱིང་དུ་བས། སྣང་ན་སྣང་དུ་བས། སྟོང་ན་སྟོང་དུ་བས། གསལ་ཐེབས་པའི་རྟགས་ནི། སེམས་ལ་དབང་ཐོབ། ཞེན་པ་ཆོས་ཉིད་དུ་བཟློག །སྣང་བ་གྲོགས་སུ་འཆར། རང་སེམས་ཆོས་སྐུར་རྟོགས། རྐྱེན་དངོས་གྲུབ་ཏུ་ལྡང་། ཅི་བྱེད་ཀྱང་མི་བདེ་བ་སྐད་ཅིག་ཀྱང་མེད། ཅི་མཐོང་ཅི་སྣང་ཐམས་ཅད་ཅི་དྲན་ཐམས་ཅད་ཡེ་ཤེས་སུ་འཆར་རོ། །རང་མཚན་མ་རྟོགས་ཏེ་ཚིག་ལ་གདེང་བྱས་ན་ཁེང་གྲགས་དོན་དུ་གཉེར་ཞིང་སྡིག་པ་ལ་བག་མེད་པར་སྤྱོད་ན་དམྱལ་བར་སྐྱེ་བར་གསུངས་སོ། །ཡུལ་ཐམས་ཅད་འདིར་གྲོགས་སུ་འཆར་ཏེ་ཕན་པར་བྱེད་ན་ཆེད་དུ་བསྟེན་རྒྱུ་མེད་དོ། །མཉམ་བཞག་དང་རྗེས་ཐོབ་མེད་དོན་རང་ས་ཟིན་པ་ཡིན། སྒོམ་ཆེན་དེའི་སྐྱེ་གནས་ནི། དཔེར་ན་རྒྱལ་པོ་གྲོང་སྤྲང་དུ་སོང་བ་ངོས་ཟིན་ཏེ་རྒྱལ་སར་བཏོན་པ་དང་། རྒྱལ་ཆོས་སླབས་པས་ཤེས་པ་དང་། སྔོན་གོམས་པའི་སྟོབས་ཀྱིས་སྤྲང་པོའི་ཤོམ་རས་འོང་བ་ལྟར་དུ། རྟོགས་ཀྱང་འཁྲུལ་ངོ་བག་རེ་འོང་། །བག་ཆགས་ཕྲ་མོ་རྒྱུ་བས་ལུས་དང་མ་བྲལ་བར་དུ་བཟའ་བགོའི་རྟོག་པ་བག་རེ་འོང་སྟེ། ཤི་ནས་ལུས་དང་བྲལ་མ་ཐག་སངས་རྒྱས་སོ། །ཁྱུང་ཆེན་གྱི་རྒྱུད་ལས། འཕུར་བྱའི་བྱ་ནི་སྒོང་ཆགས་མཁའ་ལ་འགྲོ། །ཞེས་སོ། །ལྟ་ཐག་རྫོགས་སོ།། །།
༅། །མིང་ལས་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བ། གདམས་ངག་ལས་ཀློང་དུ་གྱུར་པའི་གདམས་ངག །དཔེ་རྒྱ་མཚོའི་གཏིང་གི་ཆུ་ལྟ་བུ། འདིར་སྒོམ་ལ་སོགས་པ་མི་རྩི། ལྟ་སྒོམ་གྱི་མཛད་སྤྱོད་དང་བྲལ་བ་དེ་གནད། དུས་ཐམས་ཅད་དུ་ང་དང་བདག་མེད་ཕྱོགས་དང་རིས་མེད་མཉམ་པའི་ཀློང་ན་ཕྱད་དེ་བ་སྲོག །ངང་ཆུང་ངུས་དཔེ་ཆད་ལྟ་ཞུ་བར་འཆོར་ཉེན་ཡོད། གོལ་སའོ། །འདིར་ཐོས་བསམ་ལས་བྱུང་ཀྱང་རུང་། གདམས་ངག་ལས་བྱུང་ཀྱང་རུང་སྟེ། དཔེར་ན་རྒྱལ་བུ་རྨངས་སུ་འཁྱམ་པ་ངོས་བཟུང་ནས་རྒྱལ་སར་བཏོན་པས་རྒྱལ་ས་ཟིན་པ་ལྟར་རྟོགས་ཐོབ་དུས་གཅིག་ཏུ་སྨིན་པས་ད་དྲན་པར་བྱ་མི་དགོས། ལྷངས་ཀྱིས་རྟོགས། ཆེར་གྱིས་ཡེངས་ནས་དལ། མ་ཡེངས་ཀྱང་དལ། ཡེངས་པས་གནོད་པ་མ་བསྐྱལ། མ་ཡེངས་པས་ཕན་མ་བཏགས། ཡར་རེ་བའི་སྤྱོད་པ་བྱེད་མཁན་ཀྱང་མེད། མར་དགོས་པའི་སྤྱོད་པ་བྱེད་མཁན་ཀྱང་མེད། རེ་མེད་ཀྱི་སྤྱོད་པ། དགོས་མེད་ཀྱི་དགོངས་པ། དེ་ཙ་ན་རྩིས་བདབ་ལས་འདས་ཏེ། རྩིས་གདབ་མ་བྱས་པ་མ་ཕྱིན་པར་སོང་བའོ། །ཐད་ཀ་ཀློང་དུ་གྱུར་པར་ཤེས་པར་བྱའོ། །སྒོམ་ཆེན་གྱི་འདུག་སྟངས་སྲོག་མ་བཅད་པའི་ཉམས་ཀྱི་ལྟངས་སྤྱད་པ་ཆེན་པོའོ། །མཉམ་བཞག་རྗེས་ཐོབ་མེད་པའི་སྤྱད་པ་དང་། བསྐྱོན་ཡུལ་དུ་མི་ལྟ་བའི་ཕྱད་པ་ཆེན་པོ་ལས་འདིར་འོག་མའོ། །དེ་ཡང་དགའ་རབ་རྡོ་རྗེས། འཇམ་དཔལ་བཤེས་གཉེན་ལས་བསམ་གཏན་ལས། ཡང་རབས་སྣང་སྲིད་རིག་པའི་ཀློང་དུ་ཤར་ནས་ནི། སྣང་བ་ཤར་བས་མུན་པ་ལོག་པ་དང་། གཉིས་མེད་ཤར་བས་གཟུང་འཛིན་ལོག་པ་དང་། གཅིག་ཏུ་རྟོགས་པས་རེ་དོགས་ལོག་པ་དང་། མཉམ་ཉིད་ལོག་པས་དགག་བསྒྲུབ་ལོག་པ་དང་། ལྷུན་གྲུབ་རྟོགས་པས་བྱ་རྩོལ་ལོག་པ་དང་། གསང་སྔགས་འབྲས་བུ་ཐོབ་ཅེས་དེ་ལ་བྱ། །ཞེས་སོ། །དཔེར་ན་ཉི་མའི་སྙིང་པོ་ཤར་བ་དང་། ཟེར་གྱིས་མུན་པ་སེལ་བ་དང་། འོད་ཀྱིས་ཀུན་ལ་ཁྱབ་པས་དུས་གསུམ་མཉམ། མི་རྟོག་ཀློང་དུ་བརྡལ་བ་དང་། དག་པའི་སྣང་བ་ཤར་བ་དང་། བདག་ཏུ་འཛིན་པའི་སྲོག་ཆད་པ་གསུམ་དུས་མཉམ། ཆོས་སྐུ་ཀློང་ན་གསལ་བ་དང་། ལོངས་སྐུ་རང་ལ་གསལ་བ་དང་། སྤྲུལ་སྐུ་འགྲོ་བ་འདུལ་བ་གསུམ་དུས་མཉམ། སངས་རྒྱས་པ་དང་། ཆོས་ཟད་པ་དང་། བྱིན་བརླབས་འབྱུང་བ་གསུམ་དུས་མཉམ། རྩལ་ཆེན་དྲང་ངོ་གཉིས་ཅན་ཐམས་ཅད་ཟད། དེས་གཉིས་མེད་དུ་སྒོམ་པ་མིན། གཉིས་མེད་དུ་སོང་བའོ། །དེས་ན་བཙལ་མི་དགོས་ཀྱི་ཤེས་པ་རྩི་མི་དགོས་ཀྱི་སྤྱོད། ཡེངས་བ་མེད་པའི་དམ་ཚིག །དོར་བ་མེད་པའི་འབྲས་བུ། དམིགས་པ་མེད་པའི་ཐུགས་རྗེ། རྟལ་མེད་རྟོལ་མེད་དེས་འཁོར་འདས་ཐམས་ཅད་སེམས་སུ་རྟོགས་ལ། སེམས་ངོས་རིས་ལས་གྲོལ་ནས་ལྟ་བས་དགོས་པ་མི་གདའོ། །དེ་ཉིད་དྲན་རིག་ཏུ་ཤར་ཀྱང་དེར་འཛིན་དང་བྲལ་ན་སྒོམ་པས་དགོས་པ་མི་གདའོ། །མཚན་མས་རྒྱས་ཐེབས་ཤིང་ཅི་སྤྱད་ཀྱང་རང་གྲོལ་དུ་རྟོགས་ན་སྤྱོད་པས་དགོས་པ་མི་གདའོ། །ཡང་དག་ཆེན་པོ་དང་ལྡན་ཞིང་སྲུངས་མཚམས་ཀྱི་རྟོག་པ་ལས་གྲོལ་ན་དམ་ཚིག་གིས་དགོས་པ་མི་གདའོ། །རང་སེམས་ཆོས་སྐུར་རྟོགས་ཤིང་རེ་དོགས་ཀྱིས་རྩོལ་གྲུབ་ལས་གྲོལ་ན་འབྲས་བུ་ལས་དགོས་པ་མི་གདའོ། །དྲོད་དང་། རྟགས་དང་། མངོན་ཤེས་དང་། མཁྱེན་པར་འཆར་རོ། །རང་དོན་ཆོས་སྐུ་ཐོབ་ནས་དེའི་བྱིན་བརླབས་གཟུགས་སྐུ་གཉིས་སུ་སྣང་ནས་འགྲོ་དོན་བྱེད་པ་འབྱུང་ངོ་། །ཨ་ཏི་ལྟ་ཐག་མན་ཆོད་ནི་གཞི་སྣང་གི་དུས་སོ། །གཞི་སྣང་གི་དུས་སུ་དད་པ་ཀུན་ནས་དགེ་བཅུ་བཟང་པོའི་རྩོལ་འཛིན་གྱིས་འཁོར་བར་བདེ་འགྲོར་འཁོར་བར་འཁོར། མི་དགེ་བ་བཅུས་ངན་སོང་དུ་ངན་འགྲོར་འཁོར་རོ། །མི་གཡོ་བའི་ཏིང་ངེ་འཛིན་གྱིས་ཁམས་གོང་མ་གཉིས་སུ་འཁོར་རོ། །དེ་གསུམ་གྱིས་གཞི་ལས་ས་བོན་བཞག་པས་སོ། །ལམ་པ་རྣམས་གཞི་ལ་ཉམས་སུ་ལེན་ཏེ། གཞི་ཕྱོགས་རིས་ལས་མ་མཐོང་བས། ཕྱོགས་རེ་ལ་ངོས་འཛིན་བྱས་པས་ཤེས་རབ་ཆེ་ཆུང་བྱུང་སྟེ། དེ་ཀ་ཐེག་པ་ཆེ་ཆུང་ངོ་། །ཕྱོགས་རེ་དེ་ལས་དམ་མཐོང་ངོ་། །ཀློང་དུ་གྱུར་པ་ནི་གཞི་དང་ལམ་གྱི་ཉེས་པ་ཟད་པ་སྟེ། དེ་གཉིས་སུ་འཛིན་པའི་བདག་འཛིན་མེད་པས་སོ། །དེས་མཚམས་ཕྱེ་ལ་ལུས་ངག་གི་ཆོས་སྤྱོད་ནས། ཨ་ཏི་མན་ཆད་རང་རང་གི་རྟོགས་པ་ངོས་ལོན་དུ་བཅུག་ལ། རང་རང་གི་རྟོགས་པ་ལྟར་གོམས་པར་བྱ། བརྟན་པར་བྱས་ཀྱིན་གོང་མ་གོང་མ་ལ་འཇུག་གོ། །གོལ་སྒྲིབ་བརྡར་ཤ་བཅད་པའི་ལུང་ཁྲོལ་བུ་ཞེས་བྱའོ། །ཉམས་སུ་ལེན་པའི་ཐེག་པ་རིམ་པ་དགུ་ཞེས་ཀྱང་བྱ། ཁམས་གསུམ་འཁོར་སྒོམ་བྱང་ཆུབ་ལམ་སྒོམ་ཡང་དག་པའི་སྒོམ་ཞེས་ཀྱང་བྱ། ངང་ཆེ་འབྲིང་ཞེས་ཀྱང་བྱ། མ་རིག་འཁྲུལ་འཁོར་ཞེས་ཀྱང་བྱ། ཤེས་བྱ་དྲུག་སྐོར་གྱི་བཤད་ཐབས་དང་། དབང་རིམ་པར་བསྐུར་བ་བཀྲས་གདང་ལྟ་བུའི་མན་ངག་ཞེས་ཀྱང་བྱ། འགྲོ་ཉལ་འདུག་བསྡོད་དུ་ཉམས་སུ་བླང་། འཁོར་བ་ཡོངས་ཀྱི་སེམས་ཅན་ལ་བློ་ཞོག །དགའ་རབ་རྡོ་རྗེའི་སྙན་རྒྱུད་ལ། སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཞབས་ཐོག་ཏུ་མཛད་པ་རྫོགས་སོ།། །།
༅། །འདི་གསང་དབང་མདོ་ལ་བསྐུར་བ་ལེགས། དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། །གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོའི་སྒོར་ཞུགས་པའི་རྣལ་འབྱོར་པས། ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འདོད་པ་རྣམས་ཀྱིས། གཞི་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། རིམ་པ་དབང་གིས་བགྲོད། ཉམས་སུ་ཏིང་ངེ་འཛིན་ལས་བླང་། དེ་ནི་ལུང་དང་མན་ངག་རྩད་བཅད་དེ་སྒྲུབ་དགོས་པས། དབང་མི་བསྐུར་དུ་ཡང་མི་རུང་ལ་མི་ནོད་དུ་ཡང་མི་རུང་སྟེ། བསྐུར་ན་ཇི་ལྟར་བསྐུར་ཞེ་ན། རྡོ་རྗེ་རྒྱལ་པོ་ཆེན་པོར་དབང་བསྐུར་ན་ཕྱི་ནང་གསང་བ་གསུམ་གྱིས་དབང་བསྐུར། གསང་སྔགས་ནང་གི་སློབ་དཔོན་ལ་ནང་གི་དབང་བསྐུར། སྔགས་ཀྲི་ཡའི་སློབ་དཔོན་ལ་ཕྱིའི་དབང་བསྐུར། འཆད་པར་འདོད་པ་ལ་རྐང་པའི་འོག་ཏུ་འཁོར་ལོ་གདིང་། ལག་ཏུ་དུང་འབུད་དུ་བཞུགས་པའི་དབང་ཙམ་བསྐུར། ཐོས་པ་བསག་པར་འདོད་པ་ལ་པོ་ཏིས་དབང་བསྐུར། དབང་དོན་དགོས་པ་ནི་ལུང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །ཞེས་པ་ལ་སོགས་པ་དང་། ཡང་། སོ་མ་བཏང་བའི་རྫས་སྤྱོད་དང་། །སྒྱིད་མ་རྟས་པར་ཁལ་འགྱེད་དང་། །དབང་མ་ནོད་པར་བཀའ་རྫོགས་པ། །ཚུལ་བསྟན་ཙམ་གྱི་བརླག་པར་བྱེད། །ཅེས་པས་དབང་མི་ནོད་དུ་མི་རུང་སྟེ། དང་པོ་རྒྱུད་ནས་བྱུང་བ་བཞིན་དུ་ཡོན་དབུལ། རྫོགས་པར་འདོད་ན་དང་པོ་ལ་ཕྱིའི་དབང་བསྐུར་ཏེ། ཕྱིའི་དབང་རྫས་འཚོགས་པར་བསོག །དེ་ནས་རྡོ་རྗེ་དབྱིངས་ཆེན་པོའི་དཀྱིལ་འཁོར་བཞེས་སུ་གསོལ། བསྙེན་པ་ཞག་གསུམ་བྱས་ཏེ་ཐོན་ཁར་དབང་བསྐུར། སློབ་མས་ཁྲུས་བྱ། གོས་གསར་པ་གོན་ནས། སློབ་དཔོན་གྱི་ཞབས་གཉིས་ལ་འཇུ་རུ་བཅུག་ལ་འདི་སྐད་དོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་ཇི་ལྟར་བགྱིས་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་གསོལ། །གུ་རུས། ཁྱོད་ནི་དགའ་བ་ཅི་ལ་དགའ། །སློབ་མས། བདག་ནི་སྐལ་ལྡན་རབ་བདེན་པས། །རབ་དགེས་འཕྲུལ་ལ་བདག་དད་དེ། །མཆོག་ཏུ་དགའ་ལ་བདག་དགའ་འོ། །སློབ་དཔོན་གྱིས། སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །དེ་ནས་ལག་ཏུ་མེ་ཏོག་གཏད་ལ ། སློབ་དཔོན་གྱིས་། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་དཀྱིལ་འཁོར་སྙིང་པོ་འདིར། །བདག་གི་སློབ་མ་བཞུག་པར་བྱ། །སློབ་མས་གདོང་གཡོགས་ཀྱིས་བཀབ་ལ་མེ་ཏོག་དོར་དུ་བཞུགས་པ་ནི། དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་བལྟ་བར་བྱ། །ཞེས་དོར་བ་དང་། སློབ་དཔོན་གྱིས་སྔགས་དང་ཕྱག་རྒྱས་བྱིན་རླབས་ནས། དངོས་གྲུབ་ཐམས་ཅད་ཐོབ་བྱེད་ཅིང་། །དམ་ཚིག་མཆོག་ཏུ་གྲུབ་པར་བྱེད། །བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ ཅེས་དབྱེ། དཀྱིལ་འཁོར་གྱི་ལྷ་གང་ལ་བབས་པ་བསྟན། དཀྱིལ་འཁོར་གྱི་རང་བཞིན་དང་ཡོན་ཏན་ཀྱང་བཤད་ལ་སློབ་མས་ལྷ་དེ་ལ་ཕྱག་འཚལ། ཕྱི་ནང་གི་མཆོད་པས་མཆོད་ལ། དེ་ནས་སློབ་མ་ཤར་སྒོར་བཞག །སློབ་དཔོན་ནུབ་སྒོར་སེང་ཁྲིའི་སྟེང་དུ་འཛེགས་ཏེ་ཕྱོགས་བཞིར་ལྷ་ཕྱག་འཚལ་ཐལ་མོ་སྦྱར་ཏེ། ན་མོ་བདག་སློབ་དཔོན་མིང་འདི་ཞེས་བྱ་བས། སློབ་མ་འདི་ཞེས་བྱ་བ་ལ་དབང་བསྐུར་བར་འཚལ་གྱིས། བཅོམ་ལྡན་འདས་ཡེ་ཤེས་ཀྱི་གཙོ་བོ་ཁྱེད་རྣམས་ཀྱིས། དེ་བཞིན་གཤེགས་པའི་དབང་བཅུ་བསྐུར་བའི་རིམ་པ་བཞིན་དུ་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །སློབ་མས་ཤར་སྒོ་ནས་དཀྱིལ་འཁོར་གྱི་ལྷ་དང་སློབ་དཔོན་ལ་ཕྱག་འཚལ་ལོ། །སློབ་དཔོན་གྱིས་སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང་། །ཞེས་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ། དབང་རྫས་གང་གིས་དབང་བསྐུར་བ་དེ་སློབ་དཔོན་གྱི་ལག་ཏུ་ཐོགས་ལ་བསྐུར། བསྐུར་བའི་རྟིང་ལ་གང་དབང་བསྐུར་བའི་སློབ་མའི་ལག་ཏུ་རིམ་པ་བཞིན་དུ་གཏད། སློབ་མ་དེ་མཎྜལ་གྱི་སྟེང་ན་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་ཆ་ལུགས་སུ་བཅུག །ལག་ཏུ་མེ་ཏོག་ཕྲེང་བའམ་རིན་པོ་ཆེའི་ཕྲེང་བ་ཐོགས་ཏེ་མིག་བཙུམ་པའི་ཚུལ་དུ་བྱ། སློབ་དཔོན་གྱིས་གསེར་གྱི་ཐུར་མ་མདུན་དུ་ཐོགས་ལ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལིང་ཐོག་གསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །བཛྲ་ཙཀྵུ་པྲ་བེ་ཤ་ཕཊ་ཀྱིས་མིག་ཕྱེ་སྟེ། ཕྲེང་བ་དེ་ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་རྣམས་ལ་གཏོར་བ་བསམ་སྟེ་བར་སྣང་ལ་གཏོར། མིག་ཕྱེ་བས་རྒྱལ་བའི་ཞིང་ཁམས་མཐོང་བར་བསམ། བདེན་པའི་རྗེས་ལ། ཐུར་མའི་དབང་བསྐུར་བས། མ་རིག་པའི་ལིང་ཐོག་བསལ་ཏེ་ཤེས་རབ་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག །ཐུར་མ་ཡང་སློབ་མའི་ལག་ཏུ་གཏད། སློབ་དཔོན་གྱིས་ཕྲེང་བ་དེ་གང་བབས་པའི་ས་ནས་ལྕགས་ཀྱུས་བླངས་ཏེ། སློབ་མའི་སྤྱི་བོར་བཞག་སྟེ་སྒྲིབ་པ་སྦྱང་། ངན་སོང་ལས་ཐར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་བཅིངས་ལ་སྤྱི་བོར་གཏུགས་ལ། ༀ་པྲ་ཏི་ནྲི་ཏི་སརྦ་ཨ་པ་ར་ནི་ཧཱུྃ་ཕཊ། པདྨའི་ཕྱག་རྒྱ་བཅིངས་ཏེ་ལྐོག་མར་གཏད་ལ། ༀ་བི་ཏྲ་བ་བྱི་ཏྲ་བ་ཡ། སརྦ་ཨ་པ་ཡཱ་སརྦ་ཨ་པ་ར་ནི་ཧཱུྃ་ཕཊ། འཁོར་ལོའི་རྒྱ་ལྟེ་བར་གཏུགས་ལ། ༀ་འབུ་ཏ་ཀ་ཡ་སརྦ་ཀ་ཡ་ནི་ཧཱུྃ་ཕཊ། རྟོག་སྒྲིབ་དག་པར་བྱ་བའི་ཕྱིར། ༀ་ད་ཧ་ལ་སོགས་པ་ངན་སོང་སྦྱོང་བའི་སྔགས་གསུམ་པོ་ཡང་བཟླས། དེ་ནས་མེ་ལོང་ཐོགས་ལ། ཆོས་ཀུན་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལས་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པས་ན། །དོན་དམ་ཆོས་ཉིད་བརྗོད་པར་འགྱུར། །ༀ་བཛྲ་ཨ་བྷི་ཥིཉྩ་ༀ། ཚེ་དང་ལྡན་པ་ཁྱེད་ལ་མེ་ལོང་གི་དབང་བསྐུར་བས། ཆོས་ཐམས་ཅད་གཟུགས་བརྙན་ལྟར་རྟེན་འབྲེལ་སྒྱུ་མ་ལྟར་མཐོང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །འཁོར་ལོ་རྐང་པའི་འོག་ཏུ་བཅུག་ལ། འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗིད་པའི་དོན་དུ་འབྲུ་བཀོད་ནས། །གཞན་དོན་འདི་ལ་ཕན་པའི་ཕྱིར། །རྒྱལ་བའི་འཁོར་ལོ་སྐོར་བར་འཛིན། །ༀ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ། འཁོར་ལོས་དབང་བསྐུར་བས་འཁོར་ལོས་བསྒྱུར་བའི་རྒྱལ་ཚབས་ཐོབ་པར་གྱུར་ཅིག །དུང་ཐོགས་ལ། ཆོས་དུང་རྒྱས་པ་བུས་ནས་ནི། །འཇིག་རྟེན་སེམས་ཅན་སྐལ་ལྡན་ལ། །རྣ་བསལ་སྡིག་སྦྱངས་ཆོས་ཐོབ་པའི། །སྐྱོབ་པའི་མགོན་པོས་ཚངས་སྐད་སྒྲོགས། །ༀ་བཛྲ་ཨ་བྷི་ཥིཉྩ་ཨ། དུང་གི་དབང་བསྐུར་བས་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པ་སྒྲོགས་པའི་དབང་ཐོབ་པར་གྱུར་ཅིག །རྒྱ་གྲམ་ཐོགས་ལ། རྡོ་རྗེ་འདི་ནི་སྣ་ཚོགས་ཏེ། །ལས་རྣམས་རྒྱ་མཚོས་དབང་བསྐུར་གྱིས། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །འགྲོ་བའི་དོན་ལ་བརྩོན་པར་གྱིས། །ༀ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཨ། རྒྱ་གྲམ་གྱི་དབང་བསྐུར་བས་ཕྱོགས་བཅུ་ནས་སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྲུང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དབུ་རྒྱན་ཐོགས་ལ། སློབ་མའི་སྤྱི་བོར་མ་ལས་ཉི་མའི་སྟེང་དུ། ༀ་བཛྲ་སཏྭ་ཧཱུྃ། ཏེ་ཤ་ར་ཏི་ཧཱུྃ། ༀ་བཻ་རོ་ཙ་ན་ༀ། ད་དུ་ཤ་རི་ཧཱུྃ། ༀ་བཛྲ་རཏྣ་སཏྭ་སྭ། བཛྲ་དྷརྨ་སཏྭ་ཧྲིི། ༀ་བཛྲ་ར་ག་ར་ཏི་ཧྲི། ༀ་བཛྲ་ཀརྨ་སཏྭ་ཨ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། ༀ་རཏྣ་ཨ་བྷི་ཥིཉྩ་ཏྲྂ། ༀ་པདྨ་ཨ་བྷི་ཥིཉྩ་ཧྲི། ༀ་ཀརྨ་ཨ་བྷི་ཥིཉྩ་ཨ། དབུ་རྒྱན་བསྐོན་ལ། ཡེ་ཤེས་རིན་ཆེན་འབར་བ་འདི། །རྒྱལ་བ་སངས་རྒྱས་ཀུན་འདུས་པས། །གཟི་བྱིན་རིགས་ལྔ་རྒྱལ་བའི་དབུ། །བུ་ཁྱོད་གཙུག་ན་ནོར་བུ་འབར། །ༀ་རཏྣ་ཨ་བྷི་ཥིཉྩ་ཨ། དབུ་རྒྱན་གྱིས་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་ཐོབ་པར་གྱུར་ཅིག །བུམ་པ་ཐོགས་ལ། རིན་ཆེན་སྣ་ཚོགས་བརྒྱད་ལས་བྱས། །ཁ་དོག་དབྱིངས་སུ་ལྡན་པ་ཡི། །ཤེས་རབ་ཡུམ་གྱི་བུམ་པ་འདིས། །དབང་མཆོག་འདིས་ནི་དབང་བསྐུར་རོ། །ༀ་བུདྡྷ་ཀ་ལཀྵ་ལ་སོགས་པ་བརྗོད། བུམ་པས་དབང་བསྐུར་བས་རང་གི་སེམས་སྤྲོས་པའི་མཚན་མ་དང་བྲལ་ཏེ་ཡེ་ཤེས་ལྔ་དང་ལྡན་ཞིང་། འགྲོ་བའི་དོན་ཆུ་བོ་རྒྱུན་ཆད་མེད་པའི་དབང་དང་ལྡན་པར་གྱུར་ཅིག །མེ་ཏོག་ཕྲེང་བ་ཐོགས་ལ། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །ཁམས་གསུམ་བཙུན་པའི་བདག་པོ་དང་། །བདེ་གཤེགས་མཆོད་པ་ཐོབ་པ་དང་། །འགྲོ་དོན་བྱེད་པའི་དབང་བསྐུར་རོ། །ༀ་རཏྣ་མ་ལྱེ་ཏྲྂ་ཏྲྂ་ཏྲྂ། མེ་ཏོག་ཐོད་ཀྱིས་དབང་བསྐུར་བས་ཚུལ་ཁྲིམས་ཀྱི་ཕྲེང་བ་ཡོངས་སུ་རྫོགས་པས་སྒྲིབ་པའི་ཚོགས་རྣམ་པར་དག་སྟེ་བྱང་ཆུབ་སེམས་དཔའི་དབང་ཐོབ་པར་གྱུར་ཅིག །ཅོད་པན་ཐོགས་ལ། ཡེ་ཤེས་མངའ་བདག་ཅོད་པན་འདིས། །ཀླུ་གདུག་གནོད་པས་མི་རྫི་ཞིང་། །འཁོར་བའི་ཉེས་པས་མ་གོས་པའི། །དབང་མཆོག་དེས་ནི་དབང་བསྐུར་རོ། །ༀ་བཛྲ་བ་ད་བའི་ལམ་པ་ན་ཨ་བྷི་ཥིཉྩ་ཧྲི། ཅོད་པན་གྱི་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་དབང་ཐོབ་པར་གྱུར་ཅིག །ཕྱག་རྒྱས་དབང་བསྐུར་ཏེ། ཕྱག་རྒྱའི་མཆོག་ནི་ཆེན་པོ་སྟེ། །དམ་ཚིག་ཆོས་ཀྱི་ཕྲིན་ལས་དང་། །བདག་ཉིད་ཆེན་པོས་ཆེ་བ་ཡིས། །རིགས་ཀྱི་བདག་པོར་དབང་བསྐུར་རོ། །ༀ་བཛྲ་མུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཕྱག་རྒྱས་དབང་བསྐུར་བས་ཡེ་ཤེས་རྣམ་པ་ལྔའི་དབང་ཐོབ་པར་གྱུར་ཅིག །མིང་གིས་དབང་བསྐུར་བ། ཁྱོད་ནི་རྡོ་རྗེ་ཆེ་གེ་མོ། །ཁམས་གསུམ་ཀུན་ཏུ་གྲགས་པ་ཡི། །རྡོ་རྗེ་ཞེས་ནི་བརྗོད་པ་ཡིས། །རྡོ་རྗེ་མཚན་ནི་ཐོབ་བྱའི་ཕྱིར། །མིང་མཆོག་གྲགས་པས་དབང་བསྐུར་རོ། །ༀ་བཛྲ་ན་མ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་མིང་གིས་དབང་བསྐུར་བས་རིག་འཛིན་རྒྱལ་པོའི་གྲལ་དུ་འཁོད་པའི་དབང་ཐོབ་པར་གྱུར་ཅིག །གཟུངས་ཀྱིས་དབང་བསྐུར་ཏེ། ཚིག་གི་གཟུངས་དང་དོན་གྱི་གཟུངས། །མི་བརྗེད་ཟ་མ་ཏོག་གི་གཟུངས། །རིགས་ཀྱི་གསང་བའི་གཟུངས་སྤྱོད་པའི། །གཟུངས་ཀྱི་དབང་མཆོག་ཐོབ་པར་ཤོག །ༀ་བཛྲ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། གཟུངས་ཀྱི་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིགས་ལྔའི་དབང་བསྐུར་ཏེ། རྡོ་རྗེ་སེམས་དཔའ་ཐོགས་ཏེ། ནུས་པའི་མཐུ་ལྡན་ཡང་དག་དོན་མི་སྤོང་། །ཀུན་གཞི་གནས་འགྱུར་མེ་ལོང་ཡེ་ཤེས་ཏེ། །ཞེ་སྡང་མཐར་ཕྱིན་རྡོ་རྗེ་སེམས་དཔའི་སྐུ། །མེ་ལོང་ལྟ་བུའི་ཡེ་ཤེས་ལྡན་འགྱུར་རོ། །ༀ་མ་ཧཱ་ཨ་ཏ་རི་ཤ་བརྗོད། སྤྱི་བོར་ཏྲྂ་ལས་མི་བསྐྱོད་པ་ཡེ་རེ་བསམ། རྡོ་རྗེ་རིགས་ཀྱི་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་གནས་སུ་དག་ནས། རྡོ་རྗེ་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་དང་ལྡན་པར་གྱུར་ཅིག །རྣམ་སྣང་ཐོགས་ལ། སྟོང་པ་ཉིད་ལ་ཡོན་ཏན་མ་ལུས་འབྱུང་། །དེ་ཕྱིར་སྟོང་མཆོག་དེ་ལ་ཆོས་རྣམས་མ་ལུས་གསལ། །དམིགས་མེད་སྟོང་པ་ཡེ་ཤེས་ཉིད་ལས་འདས། །གཏི་མུག་རྨོངས་སེལ་ཐམས་ཅད་མཁྱེན་པའི་སྐུ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལྡན་འགྱུར་རོ། །ཤུ་ཛྙ་ཏས་དཔྲལ་བར་བསམ་མོ། །དེ་བཞིན་རིགས་ཀྱི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་གནས་སུ་དག་ནས། དེ་བཞིན་གཤེགས་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་དབང་དང་ལྡན་པར་གྱུར་ཅིག །རིན་འབྱུང་ཐོགས་ལ། ཆེ་བའི་ཡོན་ཏན་མཐར་ཕྱིན་གཉིས་མེད་སྙིང་པོའི་དོན། །ང་རྒྱལ་མཐར་ཕྱིན་རིན་ཆེན་འབྱུང་ལྡན་སྐུ། །གཉིས་མེད་ཡོན་ཏན་ཚོགས་འཆང་ཡོན་ཏན་སྐུ། །མཉམ་པ་ཉིད་ཀྱི་ཡོན་ཏན་ལྡན་འགྱུར་རོ། །མ་ཧཱ་ས་མནྟས་རྣ་ལྟག་གཡས་སུ་རིན་འབྱུང་བསམ་མོ། །རིན་ཆེན་རིགས་ཀྱི་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་གནས་སུ་དག་ནས། རིན་ཆེན་རིགས་མཉམ་པ་ཉིད་དབང་དང་ལྡན་པར་གྱུར་ཅིག །མཐའ་ཡས་ཐོགས་ལ། ཆོས་དབྱིངས་ཡེ་ནས་དག་པའི་ངང་། །དབྱིངས་ལས་ཐབས་ཀྱི་ཆོ་འཕྲུལ་སྐུ་རུ་སྟོན། །འདོད་ཆགས་གནས་དག་སྣང་བ་མཐའ་ཡས་གསུང་། །སོ་སོར་རྟོག་པའི་ཡེ་ཤེས་ལྡན་འགྱུར་རོ། །མ་ཧཱ་པྲ་ཏས་མཐའ་ཡས་ལྟག་པར་བསམ་མོ། །པདྨ་རིགས་ཀྱིས་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས། སོ་སོར་རྟོགས་པའི་ཡེ་ཤེས་པདྨའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །དོན་གྲུབ་ཐོགས་ལ། སྣང་མེད་སྙིང་པོ་བཅུད་ཀྱི་དོན་ཡོད་མེད། །དེ་ཕྱིར་སྤྲོས་མེད་མཉམ་པའི་ངོ་ལ་སྣང་། །སྣང་མེད་སྙིང་པོའི་ངང་ཉིད་ལས། །ཆོ་འཕྲུལ་བྱེ་བྲག་སྣ་ཚོགས་གསལ། །ཕྲག་དོག་གནས་དག་དོན་ཡོད་གྲུབ་པའི་སྐུ། །བྱ་བ་གྲུབ་པའི་ཡེ་ཤེས་ལྡན་འགྱུར་རོ། །མ་ཧཱ་ཀྲི་ཏས་རྣ་ལྟག་གཡོན་དུ་དོན་གྲུབ་བསམ། ལས་ཀྱི་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས། ལས་ཀྱི་རིགས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་དབང་དང་ལྡན་པར་གྱུར་ཅིག །སྐུ་ལྔས་དབང་བསྐུར་བས་བདེ་བར་གཤེགས་པ་རྒྱལ་བ་རིགས་ལྔའི་མཚན་ཕུན་སུམ་ཚོགས་པ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །གསང་དབང་བསྐུར་ཏེ། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །སྐུ་གསུང་ཐུགས་ལ་འཇུག་པ་དང་། །གསང་བ་གསང་ཆེན་གསང་མཆོག་གི། །བདག་པོར་ཁྱེད་ནི་དབང་བསྐུར་རོ། །ༀ་བྷུདྡྷ་ཨ་བྷི་ཥིཉྩ་སོགས་བརྗོད། གསང་དབང་བསྐུར་བས་བྱང་ཆུབ་ཀྱི་སེམས་སྔོ་སྐམས་ལས་སོས་ནས། བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་གྱུར་གསང་བའི་བདག་པོར་དབང་ཐོབ་པར་གྱུར་ཅིག །ཐབས་ཤེས་རབ་ཀྱི་ཐོ་བ་ཐོགས་ལ། འདི་ནི་རྡོ་རྗེ་ཆེན་པོ་སྟེ། །ཁྱེད་ཀྱི་ལག་ཏུ་འདི་བྱིན་པས། །ཡེ་ཤེས་རྡོ་རྗེའི་མཆོག་ཉིད་ཀྱིས། །ཐབས་ཀྱི་བདག་པོར་དབང་བསྐུར་རོ། །ༀ་དུ་ན་བཛྲ་ཧཱུྃ། དྲིལ་བུ་ཐོགས་ལ། ཤེས་རབ་ཕ་རོལ་ཕྱིན་པའི་རྟགས། །དྲིལ་བུ་འདི་ཡིས་དབང་བསྐུར་བས། །གསུང་རབས་རྒྱ་མཚོ་སྒྲོགས་པ་ཡི། །ཤེས་རབ་མཆོག་ཏུ་དབང་བསྐུར་རོ། །ༀ་པྲད་ཉ་པ་ཡ་ས་མ། ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ། ཐབས་དང་ཤེས་རབ་ཀྱི་དབང་བསྐུར་བས། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སེང་གེས་དབང་བསྐུར་ཏེ། བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བ་ཡི། །གཟུགས་ཅན་འདི་ནི་ལག་ཏུ་བྱིན་པ་ཡིས། །གསུང་རབས་རྒྱ་མཚོ་ཀུན་གྱི་སྒྲ་སྒྲོགས་ཏེ། །ལོག་པའི་ཕྱོགས་ཀུན་ཟིལ་གྱིས་གནོན་པར་ཤོག །ༀ་བཛྲ་སིང་ཧ་ཨ་བྷི་ཥིཉྩ་ཨ། སེང་གེས་དབང་བསྐུར་བས། གསུང་རབས་རྒྱ་མཚོ་བརྡའི་སྒྲོགས་པས་ལོག་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་པར་གྱུར་ཅིག །ཉི་ཟླ་ཐོགས་ལ། སྟེང་ཕྱོགས་མངའ་མཛད་ཐུགས་རྗེ་ཉི་ལྟར་བདལ། །ཐུགས་རྗེས་མུན་སེལ་ཐུགས་རྗེ་ཟླ་བའི་འོད། །སྟོང་གསུམ་མུན་པ་ཀུན་ཏུ་བསལ་ནས་ནི། །འཇིག་རྟེན་ཀུན་ཏུ་སྣང་བ་བསྐྱེད་པར་ཤོག །ༀ་བཛྲ་ཨ་བྷི་ཥིཉྩ་ཨ། ཉི་ཟླས་དབང་བསྐུར་བས། སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱི་རྒྱུད་ཡེ་ཤེས་ཀྱི་རྒྱུད་དུས་དང་རྣམ་པ་མེད་པར་ཤར་ཏེ་དྲོ་ཞིང་འཇམ་པ་དང་། ཁམས་གསུམ་གྱི་མུན་པ་དུས་དང་རྣམ་པ་མེད་པར་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཀྲ་ཤིས་རྫས་བརྒྱད་ཀྱིས་དབང་བསྐུར་ཏེ། ཉུངས་དཀར་གྱིས་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་འཇོམས་པ་དང་། ཞོ་ཡིས་བཀྲག་དང་གཟི་མདངས་ལྡན་པ་དང་། །དུར་བས་དགེ་བ་གྲགས་པ་དཔག་མེད་ཆོས་ལྡན་ཞིང་། །ལི་ཁྲིས་ལྷ་མི་མང་པོ་འདུ་བར་ཤོག །འགི་ཧྂ་གིས་ནི་དུག་གསུམ་ཞི་བྱེད་ཆོས་སྒྲོགས་འཚོ་བ་དང་། །མེ་ལོང་གིས་ནི་ཆོས་ཀུན་གཟུགས་བརྙན་ལྟ་བུར་རྟོགས། །བིལ་བས་བྱང་ཆུབ་གོ་འཕང་ཐོབ་པར་ཤོག །དུང་གིས་འཇིག་རྟེན་གསུམ་དུ་སྒྲ་ཆེན་སྒྲོགས་གྱུར་ཅིག །བརྒྱད་པོ་དེས་ཀྱང་ཁྱེད་དབང་ཐོབ་པར་ཤོག །རིན་པོ་ཆེ་སྣ་བདུན་ལག་ཏུ་གཏད་ཅིང་དབང་བསྐུར་རོ། །གདུགས་ཐོགས་ལ། གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཉོན་མོངས་སྡུག་བསྔལ་གདུངས་པའི་སྐྱབས། །ཁྱེད་ཀྱི་ལག་ཏུ་འདི་བྱིན་པས། །འགྲོ་བའི་མགོན་སྐྱབས་བྱེད་པར་ཤོག །བཀྲ་ཤིས་ཀྱི་གདུགས་ལག་ཏུ་བླངས་ཞིང་དབང་བསྐུར་བས་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་སྐྱོབས་ཤིང་གདུང་བ་སེལ་བའི་དབང་ཐོབ་པར་གྱུར་ཅིག །རྒྱལ་བའི་རྒྱལ་མཚན་རྒྱལ་མཚན་གང་། །ཆུ་སྲིན་རྒྱལ་མཚན་འདི་བྱིན་པས། །བདུད་རྣམས་ཀུན་ལས་རྒྱལ་བ་ཡི། །ཆོས་ཀྱི་རྒྱལ་མཚན་ཐོབ་པར་ཤོག །བཀྲ་ཤིས་རྒྱལ་མཚན་ལག་ཏུ་བསྐུར་བས་བདུད་བཞི་ལས་རྒྱལ་བའི་དབང་ཐོབ་པར་གྱུར་ཅིག །ཆོས་ཀྱི་རྔ་ཡབ་འདི་བྱིན་པས། །མི་ཤེས་ཉལ་ཉིལ་དྲི་མ་དག །ཉོན་མོངས་སྐྱོན་རྣམས་སེལ་བྱེད་པའི། །དབང་མཆོག་དམ་པ་ཐོབ་པར་ཤོག །ཡེ་ཤེས་ཆོས་ཀྱི་རྔ་ཡབ་ཀྱི་དབང་བསྐུར་བས་ཉོན་མོངས་པ་སེལ་བར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྲིད་གསུམ་འཁོར་བའི་སྡུག་བསྔལ་སེལ། །ཡོངས་སུ་གདུང་བའི་སྐྱབས་དམ་པ། །ཡེ་ཤེས་བསིལ་ཡབ་འདི་བྱིན་པས། །ཆུ་ཤེལ་ལྟ་བུའི་བདེ་བར་ཤོག །བསིལ་ཡབ་ལག་ཏུ་གཏད་དེ་དབང་བསྐུར་བས། སྲིད་པ་གསུམ་གྱི་སེམས་ཅན་ཉོན་མོངས་པ་ཚ་བས་གདུངས་བ་ལས་ཆུ་ཤེལ་ལྟར་བསིལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཟུགས་སྒྲ་དྲི་རོ་རེག་པ་དང་། །འདོད་པ་ལྔ་ཡི་ཡོན་ཏན་གྱིས། །ཕོངས་པ་རྣམས་ཀྱི་རེ་སྐོང་ཞིང་། །ལྷའི་ལོངས་སྤྱོད་ཀྱིས་ནི་རྒྱས་པར་ཤོག །སྐྱེ་ཤི་མེད་པ་རྡོ་རྗེ་དབང་གི་ཚེ། །རང་རིག་བྱང་སེམས་གདོད་ནས་སྐྱེ་ཤི་མེད། །གཞན་གྱི་མི་ཕྲོགས་ཁམས་གསུམ་བདུད་ལས་རྒྱལ། །འཆི་མེད་རྡོ་རྗེ་ཚེ་ཡི་དབང་བསྐུར་རོ། །ༀ་བཛྲ་ཨ་ཡུ་ཛྙ་ན་ཨ་བྷི་ཥིཉྩ་ཨ། བཟའ་བཏུང་ཁ་ཟས་སྣ་ཚོགས་དག །པདྨ་ལྟ་བུར་ཉེས་སྐྱོན་མེད། །རོ་བརྒྱ་ལྡན་པའི་ཟས་མཆོག་གིས། །རྟག་ཏུ་དབང་པོ་ཚིམ་བྱེད་ཤོག །ལྷམ་སོགས་གོས་བརྒྱན་གྱིས་དབང་བསྐུར་ཏེ། ཡོན་ཏན་ལྷ་ལྡན་མཚུངས་མེད་ཀྱིས། །གཙང་ལ་ཁ་དོག་ལེགས་བསྒྱུར་བའི། །གོས་རྒྱན་མཛེས་པ་འདི་བྱིན་པས། །རྫུ་འཕྲུལ་རྐང་པར་ལྡན་པ་དང་། །ལྷ་ཡི་ན་བཟའ་ཐོབ་པར་ཤོག །གོ་ཆའི་དབང་བསྐུར་ཏེ། རྡོ་རྗེ་སྲིན་པོར་བྱིན་རླབས་པའི། །རྡོ་རྗེའི་གོ་ཆ་འདི་བྱིན་པས། གདུག་པའི་མཚོན་ཆས་མི་ཚུགས་ཤིང་། །བརྩོན་འགྲུས་གོ་ཆ་བགོ་བར་ཤོག །མཚོན་ཆས་དབང་བསྐུར་ཏེ། ཞི་གནས་གཞུ་དང་ལྷག་མཐོང་མདའ། །ཤེས་རབ་རལ་གྲི་འདི་བྱིན་པས། །ཉོན་མོངས་གཡུལ་ལས་རྣམ་རྒྱལ་ཞིང་། །ཤེས་རབ་ཏིང་འཛིན་མཆོག་ཐོབ་ཤོག །དེ་རིང་ཕན་ཆད་བུ་ཁྱོད་ལ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །དབང་མཆོག་རྣམས་ཀྱིས་དབང་བསྐུར་བས། །རྒྱལ་བ་རྣམས་དང་མཚུངས་པར་བྱས། །དེ་བས་རིགས་ཀྱི་བུ་ཁྱོད་ཀྱིས། །རྒྱལ་བ་རྣམས་ཀྱི་མཛད་སྤྱོད་དང་། །སེམས་ཅན་དོན་ནི་མཉམ་བྱེད་བྱོས། །འོན་ཀྱང་སངས་རྒྱས་བཞིན་དུ་སྐྱེ། །དབང་པོ་རྣམས་ཀྱི་སྐྱོན་བསལ་བས། །ཐོས་པ་རྒྱ་མཚོ་བསྒྲུབ་པ་དང་། །བདེ་གཤེགས་ཆོས་སྤྲིན་ཉན་པ་ཡི། །དབང་མཆོག་དམ་པར་དབང་བསྐུར་རོ། །དེ་ནས་དཀྱིལ་ནས་བབས་ལ། གུ་རུའི་ཞབས་སློབ་མའི་སྤྱི་བོར་བཞག་ལ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་པས། །ང་ཡིས་ཇི་སྐད་བསྒོ་བ་བཞིན། །བུ་ཁྱོད་ཀྱིས་ནི་བྱ་དགོས་སོ།། །།
༅། །དེ་ནས་ནང་དབང་བསྐུར་ཏེ། གནས་གཞུང་དང་མཐུན་པ་དང་། ཡུམ་མཚན་དང་ལྡན་པ་བཙལ་ལ་དབང་རྫས་བསོག །སྒྱུ་འཕྲུལ་སྙིང་པོ་ལྟར་དཀྱིལ་འཁོར་བྲི། བསྙེན་བསྒྲུབ་ཟབ་མོ་ཞག་གསུམ་མམ་ལྔར་བྱས་ལ་ཐོན་ཁར་དབང་བསྐུར་ཏེ། དང་པོ་སློབ་དཔོན་དང་སློབ་མ་ཇི་ལྟར་བྱ་བའི་ཕྱིའི་དབང་བསྐུར་བ་བཞིན་གོང་དང་འདྲ་བར་བྱའོ། །མཎྜལ་གྱི་སྟེངས་སུ་དྲངས་པ་ལ། །ཕྱིའི་དབང་བསྐུར་ན་གོང་མས་ཆོག །མ་བསྐུར་བར་ནང་དབང་བཅུ་གཅིག་པུ་ནོད་པ་ཡིན་ན། སྙིང་པོ་ནས་བྱུང་བ་ལྟར། ཕན་པའི་དབང་བཅུ་ཕྱི་དབང་ནས་བསྡུས་ལ། དང་པོ་ཕན་དབང་བཅུས་དབང་བསྐུར་རོ། ༈ །དེ་ནས་དམ་རྫས་བདུད་རྩི་ལྔས་དབང་བསྐུར་ཏེ། དྲི་ཆེན་དེ་བཞིན་གཤེགས་པའི་རིགས། །བདེ་གཤེགས་རིགས་ཀྱི་དམ་རྫས་ཏེ། །རྡོ་རྗེ་ལྕེ་སྟེངས་དབང་བསྐུར་བས། །རྡོ་རྗེ་སྐུ་ཡི་དབང་ཡང་སྦྱིན། །ༀ་ཨ་མྲྀ་ཏ་ཀ་ཡ་ཨ་བྷི་ཥིཉྩ་ༀ། བྱང་ཆུབ་སེམས་ནི་རྡོ་རྗེའི་རིགས། །རྡོ་རྗེ་རིགས་ཀྱི་དམ་རྫས་ཏེ། །རྡོ་རྗེ་ལྕེ་སྟེངས་དབང་བསྐུར་བས། །རྡོ་རྗེ་ཐུགས་ཀྱི་དབང་ཡང་སྦྱིན། །ༀ་ཨ་མྲྀ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཤ་ཆེན་རིན་པོ་ཆེའི་རིགས། འགྲེ། རིན་ཆེན་རིགས་ཀྱི་དམ་རྫས་ཏེ། །རྡོ་རྗེ་ལྕེ༴ ཡོན་ཏན་ཆེན་པོའི་དབང་ཡང་སྦྱིན། །ༀ་ཨ་མྲྀ་ཏ་གྷུ་ན་ཨ་བྷི་ཥིཉྩ་ཏྲྂ། པདྨ་རཀྟ་པདྨའི་རིགས། །པདྨ་རིགས་ཀྱི༴ རྡོ་རྗེ་ལྕེ༴ གསུང་མཆོག་དག་པའི་དབང་ཡང་སྦྱིན། །ༀ་ཨ་མྲྀ་ཏ་ཝཀ་ཨ་བྷི་ཥིཉྩ་ༀ། གུར་གུམ་དྲི་ཆུ་ལས་ཀྱི་རིགས། །ལས་ཀྱི་རིགས་ཀྱི༴ རྡོ་རྗེ་ལྕེ༴ ཕྲིན་ལས་གྲུབ་པའི་དབང་ཡང་སྦྱིན། །ༀ་ཨ་མྲྀ་ཏ་ཀརྨ་ཨ་བྷི་ཥིཉྩ་ཧ། བདུད་རྩི་དམ་རྫས་ལྔའི་དབང་བསྐུར་བས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཤ་ལྔ་ཡིས་དབང་བསྐུར་ཏེ། མ་ཧཱ་མྂ་སའི་དམ་ཚིག་ནི། དེ་བཞིན་རིགས་ཀྱི་དམ་རྫས་ཏེ། །སྤྱི་བོ་ནས་ནི་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་དབང་ཡང་སྦྱིན། །མ་ཧཱ་མྂ་ས་ས་མ་ཡཱ་ཨ་བྷི་ཥིཉྩ་ༀ། གླང་པོའི་ཤའི་དམ་ཚིག་ནི། །རྡོ་རྗེ་རིགས་ཀྱི༴ སྤྱི་བོ༴ མངོན་ཤེས་ལྔའི་དབང་ཡང་སྦྱིན། །ཧ་ཏི་ཨ་བྷི་ཥིཉྩ་ཧཱུྃ། རྟའི་ཤའི་དམ་ཚིག་ནི། རིན་ཆེན་རིགས་ཀྱི༴ སྤྱི་བོ༴ སྣང་བ་མེད་པའི་དབང་ཡང་སྦྱིན། །ཧ་ཡ་གྷྲི་བ་ཨ་བྷི་ཥིཉྩ་ཏྲྂ། བ་གླང་ཤའི་དམ་ཚིག་ནི། པདྨ་རིགས་ཀྱི༴ སྤྱི་བོ༴ གསུང་རབས་རྒྱ་མཚོའི་དབང་ཡང་སྦྱིན། །ཨ་ཏི་ཨ་བྷི་ཥིཉྩ་ཧྲཱི། ཤོ་ན་ནའི་དམ་ཚིག་ནི། ལས་ཀྱི་རིགས༴ སྤྱི་བོ་ནས་ནི༴ ལས་མཆོག་གྲུབ་པའི་དབང་ཡང་སྦྱིན། ཤོ་ན་ཨ་བྷི་ཥིཉྩ་ཨ། དེའི་རྗེས་སུ་ཁོང་དུ་ཡང་བླུད། དབང་པོ་ལྔ་ལ་ཐིག་ལེ་བྱས་ཏེ། མིག་ལ་ཐིག་ལེ་བྱས་པ་ཡིས། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །ཡིད་ཀྱི་རྡོ་རྗེ་བདག་ཞུགས་ལ། །ལག་ཏུ་ཤིང་ཐོག་བཞག་པ་ཡིས། །མངོན་ཤེས་མཐོང་བའི་དབང་ཡང་སྦྱིན། །ཙཀྵུ་ཨ་བྷི་ཥིཉྩ་ཧཱུྃ། རྣ་བར་ཐིག་ལེ༴ འཇིག་རྟེན་ཁམས་ནི་ཐམས་ཅད་ན། །སྒྲ་རུ་གྲགས་པ་ཇི་སྙེད་པ། །མངོན་ཤེས་རྣ་བས་ཐོས་པ་ཡི། །དབང་མཆོག་དེས་ནི་དབང་བསྐུར་རོ། །ཀརྨ་ཨ་བྷི་ཥིཉྩ་ཧྲཱི། སྣ་ལ་ཐིག་ལེ་བྱས་པ་ཡིས། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །དགེ་དང་མི་དགེ་ཐམས་ཅད་ཀུན། །དྲི་ཡིས་ཚོར་བའི་དབང་ཡང་སྦྱིན། །ན་མ་ཨ་བྷི་ཥིཉྩ་ཏྲྂ། ལྕེའི་ཐིག་ལེ༴ འཇིག་རྟེན་ཁམས༴ སེམས་ཅན་སྒྲ་སྐད་ཐམས་ཅད་ཀུན། །མངོན་ཤེས་སྨྲ་བའི་དབང་ཡང་སྦྱིན། །ཇི་བ་ཨ་བྷི་ཥིཉྩ་ཨ། སྙིང་ཁར་ཐིག་ལེ་བྱས༴ འཇིག་རྟེན་ཁམས༴ སེམས་ཅན་ཀུན་གྱི་སེམས་ཤེས་པའི། །མངོན་ཤེས་ཐུགས་ཀྱི་དབང་ཡང་སྦྱིན། །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཤ་ལྔས་དབང་བསྐུར་ཞིང་ཐིག་ལེ་བྱསས་པས། སྣང་བའི་ཆོས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་དབང་ཐོབ་པར་གྱུར་ཅིག ། ༈ འདོད་པའི་ཡོན་ཏན་ལྔ་ལ་ཅི་དགར་སྤྱོད་པའི་དབང་བསྐུར་ཏེ། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པའི། །སངས་རྒྱས་རྣམ་པར་སྣང་མཛད་གཅོ། །གཟུགས་ལ་སྤྱོད་པའི་དབང་ཡང་སྦྱིན། །སྒྲ་ལ་འདྲེ༴ ལྷ་རྣམས༴ དེ་ཉིད༴ འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །སྒྲ་ལ་སྤྱོད་པའི་དབང་ཡང་སྦྱིན། །དྲི་ལ་རྣམ་གསུམ༴ ལྷ་རྣམས༴ དེ་ཉིད༴ སངས་རྒྱས་རིན་ཆེན་འབྱུང་ལྡན་གཙོ། །དྲི་ལ་སྤྱོད་པའི༴ རོ་ལ་རྣམ་གསུམ༴ ལྷ་རྣམས༴ དེ་ཉིད༴ མི་བསྐྱོད་པ་ཡི་ཚུལ་ཤེས་པས། །རོ་ལ་སྤྱོད་པའི་དབང་ཡང་སྦྱིན། །རེག་ལ༴ ལྷ་རྣམས༴ དེ་ཉིད༴ སངས་རྒྱས་དོན་ཡོད་གྲུབ་པ་གཙོ། །རེག་ལ་སྤྱོད༴ ༈ དུག་ལྔ་རུ་བཟློག་པའི་དབང་བསྐུར་ཏེ། འདོད་ཆགས་སེམས་ཅན་དོན་ལ་ཆགས། །ཞེ་སྡང་སྙིང་རྗེ་ཆེན་པོ་ཡིན། །གཏི་མུག་ཤེས་རབ་ཟབ་མོ་ཡིན། །ང་རྒྱལ་གཞན་གྱིས་ཟིལ་མི་ནོན། །ཕྲག་དོག་མཉམ་ཉིད་རྟོགས་པ་ཡིན། །ཉོན་མོངས་ཐམས་ཅད་ཟིལ་གྱིས་གནོན། །ཉོན་མོངས་ལྔ་ལ་སྤྱོད་འགྱུར་ཡང་། །འདམ་བུ་ཆུ་ཡི་པད་བཞིན་ཏེ། །ཉེས་པའི་སྐྱོན་གྱིས་མི་གོས་པའི། །དབང་མཆོག་དེས་ནི་དབང་བསྐུར་རོ། །དེ་ནས་རིགས་ལྔས་དབང་བསྐུར་ཏེ། །ཕྱི་དབང་བཞི་རྡོ་རྗེ་སེམས་དཔའ་ལ་སོགས་པས་དབང་བསྐུར་ཏེ། རིགས་ལྔའི་རྒྱ་བཅིངས་ལ་བུའི་མགོའི་གནས་ལྔར་གཏུག་ཅིང་། ཧཱུྃ་བཛྲ་དྷྲིཀ་ལ་སོགས་པ་བརྗོད་པས་རིགས་ལྔ་ཡབ་ཡུམ་བཅུ་གྲང་ངེ་བསྐྱེད། མིག་ལ་སོགས་པའི་དབང་པོ་བཞི། རྣམ་ཤེས་བཞི་སྟེ་བརྒྱད་ལ་སེམས་དཔའ་བརྒྱད་ཀྱི་རྒྱ་བཅས་ལ། དབང་པོ་རྣམས་གཏུགས་ཏེ། ཀྵི་ཧི་ར་ཙ་ལ་སོགས་པ་བརྗོད་པས་སེམས་དཔའ་བརྒྱད་དུ་བཀྲ་ཡེ་རེ་བསྐྱེད། དེ་རྣམས་ཀྱི་གཡོན་དུ་ལ་སྱེ་ལ་སོགས་པའི་རྒྱ་བཅས་ལ། ༀ་བཛྲ་ལ་སྱེ་ཧཱུྃ་ལ་སོགས་པ་བརྗོད་པས་སེམས་མ་བརྒྱད་བསམ། ལྐོག་མ་དང་སྙིང་ཁ་དང་ལྟེ་བ་དང་གསང་སྒོར་སྒོ་བ་བཞིའི་རྒྱ་བཅས་ལ་གཏུག་ཅིང་། ཡ་མན་ཏ་ཀྲིཏ་ལ་སོགས་འདྲེ༴ དེའི་གཡོན་དུ་སྒོ་མ་འདྲེ༴ སྙིང་ཁ་དང་སོག་ཕྲག་ཏུ་ཀུན་བཟང་ཡབ་ཡུམ། བརླའི་ནང་གི་གཡས་གཡོན་དུ་ཐུབ་པ་གསུམ་གསུམ། དེ་ལྟ་བུའི་ལུས་ལ་རྟོགས་པ་ཞེ་གཉིས་ལྷ་ཞེ་གཉིས་ཀྱི་དཀྱིལ་འཁོར་དུ་བསྐྱེད་པ་ནི། སྒྱུ་འཕྲུལ་གྱི་དབང་ཞེས་བྱའོ།། །།
༅། །ནང་གི་དབང་རྫོགས་པར་བདུན། སྒྱུ་འཕྲུལ་ཁྲོ་བོའི་དབང་བསྐུར་བ་ནི། དཔལ་ཆེན་ཤྲི་ཧེ་རུ་ཀ །འབར་བ་ཆེན་པོ་གར་དགུ་པ། །སེམས་དཔའ་སྔོན་པོ་འབར་བ་ཡི། །མེ་ཀློང་འོད་ཀྱི་དཀྱིལ་འཁོར་ལས། །འཇིག་པ་ཡི་ནི་དུས་ལྟར་དྲག །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །སྤྱན་དགུ་འབར་བ་གྱེན་དུ་བཟློག །སྐུ་གསུང་ཐུགས་ཀྱི་བདག་ཉིད་ནི། །ལུས་དང་ངག་དང་སེམས་ལ་དབབ། །བསྙེན་བསྒྲུབ་བདག་པོར་དབང་བསྐུར་རོ། །ༀ་མ་ཧཱ་ཤྲི་ཧེ་རུ་ཀ །ཀ་ཡ་ཝཀ་ཙིཏྟ་ༀ་ཨཱཿཧཱུྃ། ཨ་བྷི་ཥིཉྩ་ཨ། ཞེས་པས་གོང་གི་སྒྱུ་འཕྲུལ་གྱི་རྒྱལ་བ་རིགས་ལྔ་ལས། འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་ལྟར་བསྐྱེད། །དེ་ལ་སློབ་མའི་ཕུང་པོ་ཧེ་རུ་ཀ་ལྔར་བཀྲ་ས་ལེ་གསལ་བ་དེ་ལ། དང་པོ་ལ་དབུ་རྒྱན་གྱི་དབང་བསྐུར་ཏེ། དབུ་རྒྱན་ཐོད་པ་རྐམ་བརློན་ཚར་གསུམ་གྱི་སྟེང་དུ་ཧེ་རུ་ཀ་ལྔའི་ཙཀ་ལིས་དབང་བསྐུར་ཏེ། དབུ་བརྒྱན་ཐོད་པའི་ཕྲེང་བས་བརྒྱན། །དབུ་སྐྲ་ཁམ་ནག་རལ་པ་ཅན། །སྲིད་རྩེ་འདས་པའི་འཇིག་རྟེན་ཁམས། །སྟོབས་ཆེན་མི་འབྱེད་དབང་དུ་བསྡུད། །དུས་གསུམ་སངས་རྒྱས་དབུ་བརྒྱན་འདིས། །རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ། །ཀ་པ་ལ་ཀ་མ་ལ་མ་ཀུ་ཏ་ཨ་བྷི་ཥིཉྩ་ༀ་ཧཱུྃ་ཧཱུྃ་ཧྲཱི་ཡ་ཨ། བསྐོན་ལ་རྣལ་འབྱོར་དབང་ཕྱུག་ཆེན་པོ་འདི་ལ་དབུ་བརྒྱན་གྱིས་དབང་བསྐུར་བས། དུས་གསུམ་སངས་རྒྱས་རྣམས་ཀྱི་དབང་རྫོགས་པར་ཐོབ་སྟེ། ཁམས་གསུམ་དབང་བསྡུད་སྲིད་གསུམ་ཟིལ་གྱིས་གནོན་འཁོར་བ་ཕྱགས་མས་འདེབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ། ༈ རྟེན་གྱིས་དབང་བསྐུར་ཏེ། དུར་ཁྲོད་དྲེགས་པ་ཕོ་མོ་དང་། །ཁྱུ་མཆོག་མ་ཧེ་གཟིགས་དང་སྟག །གཏུམ་པ་དོམ་དང་ཉི་ཟླའི་གདན། །ཞབས་བཞི་བདུད་བཞི་འདུལ་བའི་རྟགས། །དྲེགས་པ་གདན་གྱིས་དབང་བསྐུར་རོ། །རཀྴ་ཡ་ཀ་སུརྱ་ཙནྟྲ་མཎྜལ་ཨ་བྷི་ཥིཉྩ་ཧཱུྃ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདི་ལ་གདན་གྱི་དབང་བསྐུར་བས། ལོག་པའི་དྲེགས་པ་དང་གདུག་པ་ཅན་མ་རུངས་པ་ཐམས་ཅད་ཚར་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ། ༈ གཟུགས་བརྙན་དུ་བྲིས་པའམ། ཕྱག་མཚན་གྱིས་དབང་བསྐུར་ཏེ། རྡོ་རྗེ་ཁོར་ཡུག་དུང་ཆེན་དང་། །རལ་གྲི་དགྲ་སྟ་ཐོང་གཤོལ་དང་། །ཐུགས་མཚན་རང་རྟགས་འབར་བ་ཡི། །ཕྱག་མཚན་དྲུག་གིས་དབང་བསྐུར་རོ། །བཛྲ་ལོ་ཀ་ཀ་པ་ལ་ཁད་ག་པར་ཤུ་ཨ་བྷི་ཥིཉྩ་ཧཱུྃ། རྣལ་འབྱོར་གྱི་དབང་ཕྱུག་ལ་ཕྱག་མཚན་གྱི་དབང་བསྐུར་བས། ཐུགས་ཡེ་ཤེས་རྩེ་གཅིག་པའི་དོན་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ། ༈ དུར་ཁྲོད་རྒྱན་ཆ་བརྒྱད་ལ། རྣ་ལ་བཞིས་དབང་བསྐུར་ཏེ། གླང་ཆེན་ཀོ་རློན་ཐེག་མཆོག་དང་། །བསྡུད་བྱེད་ཞིང་གི་གཡང་གཞི་དང་། །མཉེན་ལྕུག་འཁྲིལ་བའི་སྦྲུལ་ཆུན་དང་། །དཔའ་གཏུམ་སྟག་གི་ཤམ་ཐབས་དང་། །རྒྱན་ཆ་བཞིའི་དབང་བསྐུར་རོ། །བ་ཡ་ཉོ་བ་ཏི་བ་ཡ་ག་ཤན་གྱི་ར་བྱ་ཀྲི་ཙ་ར་ཨ་བྷི་ཥིཉྩ་ཧཱུྃ། རྣལ་འབྱོར་གྱི་དབང་ཕྱུག་ལ་བརྒྱན་ཆ་བཞིའི་དབང་བསྐུར་བས། ཐེག་པ་རིམ་པ་དགུའི་དོན་ལ་མངའ་བརྙེས་ཏེ་ཚད་མེད་པ་བཞིས་འགྲོ་བ་རྣམས་འཁོར་བ་ལས་དྲངས་ཏེ་ཁམས་གསུམ་འཁོར་བ་ལས་རྒྱལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག ། ༈ ལྷག་པའི་རྟགས་གསུམ་གྱི་དབང་བསྐུར་ཏེ། ཐུགས་རྗེ་ཆགས་པའི་རཀྟ་དང་། །དོན་དམ་བཅུད་ཀྱི་ཟོ་རིས་དང་། །གདུལ་བྱ་ཐལ་བའི་ཐེག་ལེ་དང་། །ལྷག་པའི་རྟགས་ཀྱི་དབང་བསྐུར་རོ། །སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧེ་ཨ་བྷི་ཥིཉྩ་ཧཱུྃ། རྣལ་འབྱོར་གྱི་དབང་ཕྱུག་ལ་ལྷག་པའི་རྟགས་གསུམ་གྱི་དབང་བསྐུར་བས། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ནི་གྲོགས་པོར་གཟིགས། རིག་འཛིན་ཕོ་མོ་རྣམས་ཀྱིས་ནི་ལྷར་མཁའ་འགྲོ་དང་གིང་དང་དམ་ཅན་རྣམས་ཀྱིས་ནི་རྗེ་བོ་དང་དཔོན་པོར་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ། ༈ མེ་ཡི་ཆས་ཀྱིས་དབང་བསྐུར་ཏེ། །རང་རྟགས་འབར་བའི་ཡེ་ཤེས་མེ། །ཁམས་གསུམ་ཉོན་མོངས་སྲེག་པའི་མེ། །བསྐལ་པའི་མེ་ཡི་ཆས་མཆོག་སྟེ། །དབང་མཆོག་འདིས་ཀྱང་དབང་བསྐུར་རོ། །ཛྙ་ན་ཨ་བྷི་ཥིཉྩ་རྂ། རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ་བསྐལ་པ་ཡེ་ཤེས་ཀྱི་མེས་དབང་བསྐུར་བས། ཐུགས་རྗེ་ཡེ་ཤེས་ལས་མེ་འབར་ཏེ་ཁམས་གསུམ་ཉོན་མོངས་པ་དུས་གཅིག་ལ་སྲེག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བུའི་ལུས་ལ་ཀ་སིང་དང་མ་མོ་ཕན་ཆད་དགོད་དོ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དབང་ཕྱུག་ཆེན་པོར་དབང་བསྐུར་གྱིས། །བསྙེན་བསྒྲུབ་གསང་ཆེན་བདག་པོ་དང་། །ཁམས་གསུམ་བདག་པོར་ང་རྒྱལ་བསྐྱེད། །བསྐྱེད་རྫོགས་ཀྱི་གཞུང་དུ་བསྐུར་ན། གཞན་མཐུན། གདན་དང་ཕྱག་མཚན་མི་འདྲ་སྟེ། །ཞབས་བཞིས་བདུད་བཞི་བཅོམ་ནས་ནི། །ལྷ་ཆེན་བརྒྱད་དང་དུར་ཁྲོད་ཀྱི། །བདག་པོ་ནོན་པའི་དབང་ཡང་སྦྱིན། །འོག་ཏུ་བཏིང་ལ་བཞག །ཕྱག་དྲུག་ཕྱག་མཚན་སྣ་ཚོགས་ཏེ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ། །ཡེ་ཤེས་ལྔ་ཡི་མཚན་ཉིད་ཀྱི། །གཡོན་པ་བན་དྷ་རཀྟས་བཀང་། །ཉོན་མོངས་འཁྲུག་ཅིང་ཞལ་དུ་གསོལ། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །རྡོ་རྗེ་ཁ་ཊཾ་ཕོ་ཉ་མོ། །དམ་ཉམས་རྣམས་ལ་གཏོང་བ་ཡི། །དབང་མཆོག་དམ་པ་དེས་ཀྱང་དབང་བསྐུར་རོ། །གཡས་ཀྱི་ཐ་མ་རྔེའུ་ཆུང་སྟེ། །རྔ་ཡི་སྒྲ་སྐད་མང་པོ་ཡིས། །གདུག་པ་ཐམས་ཅད་བརྡུལ་དུ་བརློག །དབང་མཆོག་འགྲེའོ༴ དྲིལ་བུ་སྒྲ་དབྱངས་སྣ་ཚོགས་ཀྱིས། །ཉན་པ་ཆོས་ཀྱི་སྒྲ་སྒྲོགས་པའི། །དབང་མཆོག༴ གཡོན་གྱི་ཐ་མ་རྒྱུ་ཞགས་ཏེ། རྒྱུད་ལྔའི་ལམ་ལ་གནས་པ་ཡི། །སེམས་ཅན་ཐུགས་རྗེའི་ཞགས་པས་འདྲེན། །དབང་མཆོག༴ གཞན་ཀུན་གོང་མ་དང་སྦྱར་ལ་བསྐུར་རོ། །ཆས་བརྒྱད་རྫོགས་པ་དང་། དབང་པོ་དང་། རྣམ་པར་ཤེས་པ་དང་། གཟུགས་སྒྲ་ལ་སོགས་པ། ཀ་སིང་ལ་སོགས་པར་བསྐྱེད། མིག་ལ་སོགས་པ་ལ་ཀ་རི་ལ་སོགས་པའི་གཟུགས་བྱས་ལ་གཏུག་ཅིང་། བཛྲ་ཀའུ་རི་ཧ་ལ་སོགས་པ་བརྗོད་པས་སྐུར་གསལ་ལ་བསམ། དེ་བཞིན་དུ་ལྐོག་མ། སྙིང་ཁ། ལྟེ་བ། གསང་བར། སྒོ་མ། བརླ་གཡས་ཀྱི་ནང་རོལ་ན་ཡར་ཤར་གྱི་མ་བདུན། ཕྱི་ཟུར་ནས་ལྷོའི་མ་བདུན། གཡོན་གྱི་ནང་རོལ་ན་ཡར་ནུབ་ཀྱི་མ་བདུན། ཕྱི་ཟུར་ནས་བྱང་གི་མ་བདུན། དེ་ལྟར་ཏིང་ངེ་འཛིན་གསལ་བར་སྒོམ་དུ་བཞུགས། དེ་ཀ་རང་ལ་གསང་བའི་དབང་བསྐུར་ཏེ། ཡུམ་མཚན་དང་ལྡན་པ་བླ་མ་དང་སློབ་བུ་གཉིས་ལ་རེ་རེ་འཚོགས་ན་རབ། མེད་ན་གཉིས་ཆ་གཅིག་གི་ཆོག །བརྒྱན་གྱིས་བརྒྱན་ལ་གཞུང་བཞིན་དུ་བྱིན་གྱིས་བརླབས་ལ། སྦྱོར་བའི་དགོངས་པ་དག་པར་བྱས་ལ། བྱང་ཆུབ་ཀྱི་སེམས་མཁའ་ལ་ཕེབས་པ་དང་མཁའ་ནས་མཐེབ་སྲིན་གྱིས་བླངས་ལ་བུ་ལ་སྦྱིན། རྡོ་རྗེ་པདྨ་ལས་བྱུང་བའི། །བྱང་ཆུབ་སེམས་ནི་མངོན་སྣང་བ། །མཐེ་བོང་དང་ནི་སྲིན་ལག་རྩེ། །རྡོ་རྗེ་གནས་སུ་བཞག་བྱ་སྟེ། །རྟག་པར་ཞི་བ་བདེ་བ་ཆེ། །ཀྱེ་མ་དམ་ཚིག་འདི་བརྗོད་པའི། །སྐྱེ་བའི་བདེ་བ་བླང་བར་བྱ། །འདི་ནི་གསང་སྔགས་ཐམས་ཅད་ཀྱི། །དབང་བསྐུར་བ་ཡིས་བདེ་བ་ཐོབ། །ༀ་ཨཱཿབྷོ་དྷི་ཙིཏྟ་སིདྡྷི་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ལྕེ་ལ་ལན་གསུམ་བཞག །སློབ་མའི་ཁོང་དུ་སོང་བ་དང་ཏིང་ངེ་འཛིན་ལས་ལུས་མགོ་མཇུག་ཁྱབ་པ་སྟེ། ལྷའི་དཀྱིལ་འཁོར་དུ་གནས་པ་དེ། བྱང་ཆུབ་སེམས་སུ་ལྟེམས་སུ་ཞུ་སྟེ། དེ་ཉིད་ཀྱང་མི་དམིགས་ཏེ། ཆོས་ཉིད་དམ། ཆོས་ཀྱི་སྐུར་གྱུར་པར་སྒོམ་མོ། །དེ་ཡང་གོང་མའི་བྱང་སེམས་ལྷག་མ་དེ་རིགས་ལྔ་ཡབ་ཡུམ་གྱི་བྱང་ཆུབ་སེམས་སུ་བསམ་ཞིང་དབང་བསྐུར་ཏེ། རྣམ་པར་སྣང་མཛད་བཅོམ་ལྡན་འདས། །གཉིས་མེད་རོལ་པའི་བྱང་ཆུབ་སེམས། །སྤྱི་བོ་ནས་ནི་དབང་བསྐུར་ཞིང་། །ལྕེ་ཡི་སྟེང་དུ་བཞག་པ་ཡིས། །རྡོ་རྗེ་སྐུ་ཡི་དབང་ཡང་སྦྱིན། །ༀ་བཛྲ་ཀ་ཡ་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ༀ། མི་བསྐྱོད་རྡོ་རྗེ་དེ་བཞིན་གཤེགས། །ཀུན་ཏུ་བཟང་དང་མཉམ་པར་སྦྱོར། །གཉིས་མེད་སྦྱོར་བའི༴ སྙིང་ཁ་ནས་ནི་དབང་༴ ལྕེ་ཡི་སྟེང་དུ༴ རྡོ་རྗེ་ཐུགས་ཀྱི་དབང་ཡང་སྦྱིན། །བཛྲ་ཙིཏྟ་བྷོ་དྷི་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་འབྱུང་ལྡན༴ རིན་ཆེན་སྤྱན་དང་འདྲེ༴ གཉིས་མེད་སྦྱོར་བའི༴ ལྟེ་བ་ནས་ནི༴ ལྕེའི་སྟེང་༴ ཡོན་ཏན་རྒྱ་མཚོའི་དབང་ཡང་སྦྱིན། །རཏྣ་བྷོ་དྷི་ཨ་བྷི་ཥིཉྩ། སྣང་བ་མཐའ་ཡས་དེ་བཞིན་གཤེགས། །པདྨ་སྤྱན༴ གཉིས་མེད་སྦྱོར༴ ལྐོག་མ༴ ལྕེའི་སྟེང་༴ གསུང་རབས་རྒྱ་མཚོའི་དབང་ཡང་སྦྱིན། །པདྨ་མ་བོ་དྷི་ཨ་བྷི་ཥིཉྩ། དོན་ཡོད་གྲུབ་པ་དེ་བཞིན་གཤེགས། །ལས་རབ་སྤྱན་དང་༴ གཉིད་མེད་སྦྱོར༴ གསང་བའི་སྒོ་ནས༴ ལྕེའི་སྟེངས༴ ཕྲིན་ལས་རྒྱ་མཚོའི་དབང་ཡང་སྦྱིན། །ཀརྨ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ། ཡེ་ཤེས་ལྔ་ཡི་དབང་བསྐུར་བས། །སྐུ་ལྔ་ལྷུན་གྱིས་གྲུབ་པ་དང་། །ཐམས་ཅད་མཁྱེན་པའི་དབང་ཡང་སྦྱིན། །ༀ་མ་ཧཱ་ཤུ་ཛྙ་ན་ལ་སོགས་པ་བརྗོད། དེ་རིང་ཕན་ཆད་བུ་ཁྱོད་ལ། །དབང་མཆོག་རྫོགས་པར་བསྐུར་བ་ཡིས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི། །སྐུ་གསུང་ཐུགས་དང་མཉམ་གྱུར་ནས། །འགྲོ་བ་མ་ལུས་ཐམས་ཅད་ཀྱི། །དོན་མཆོག་སྤྱོད་པ་རྒྱ་མཚོ་སྤྱོད། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །བསྙེན་བསྒྲུབ་ཟབ་མོའི་བདག་པོར་འགྱུར། །ལྷ་མི་མང་པོས་བཀུར་བར་འགྱུར། ༈ །དེ་ནས་བུ་དཀྱིལ་འཁོར་ནས་ཕབ་ལ་སློབ་དཔོན་གྱི་ཞབས་སྤྱི་བོར་བླངས་ལ། གུ་རུས་དེ་རིང་ཕན་ཆད་ཅེས་བཀའ་བསྒོ། གུ་རུས་སློབ་མའི་ལག་པ་གཡས་གཡོན་གཉིས་ཀ་ནས་སྲིན་ལག་གིས་བཟུང་ལ། དཀྱིལ་འཁོར་བསྐོར་ཞིང་དམ་ཚིག་བསྒྲགས་ཏེ། ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་དགོས་པ་མེད་གྱིས་ལ། །འདོད་པ་ལྔ་ཡི་ཡོན་ཏན་སྤྱོད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་ཞིག་དམ་ལ་གནས། །བརྟུལ་ཞུགས་ཅན་གྱིས་དེ་དྲོངས་ལ། །ཁྲག་ཆེན་པོ་ནི་འཐུང་བར་བྱ། །གང་དག་སློབ་དཔོན་སྨོད་པ་དང་། །ཐེག་པ་ཆེན་པོ་སྨོད་བྱེད་དང་། །གང་དག་བཀའ་བཞིན་མི་བྱེད་དང་། །རྡོ་རྗེ་སྤུན་ལ་འཁུ་བྱེད་རྣམས། །རྡོ་རྗེ་ཁྲོ་བོ་དྲག་པོ་ཡིས། །དམ་ཚིག་བསྒོས་ཏེ་བསྒྲལ་བར་བྱའོ། །ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་དམ་ཚིག་སྨྲ་བར་བྱ། །མ་བྱིན་པར་ནི་བླང་བར་བྱ། །བུད་མེད་དག་ཀྱང་ཁྱོད་ཀྱིས་བསྟེན། །བདག་གི་ངོ་བོ་ཡོངས་སྤངས་ཤིང་། །དཀར་ཐུབ་ཀྱིས་ནི་གཟིར་མི་བྱ། །བདེ་བ་རུ་ནི་བདེ་བ་སྤྱོད། །འདི་ནི་ཕྱོགས་དུས་སངས་རྒྱས་ཡིན། །སྡིག་པ་མེད་ཀྱིས་ཁྱོད་མ་འཇིགས། །དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་བསྟེན་པར་མི་བྱ་སྟེ། །མཉམ་ཉིད་རིག་པའི་རླུང་ཞུགས་པས། །ཅི་ལའང་ཐོགས་པ་མེད་པར་སྤྱོད། །དེ་ཡན་ཆད་ནི་བྱ་དགོས་པའི་དམ་ཚིག་གོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱོད་བྱེད་ན། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་རྣམས་དང་། །དེ་བཞིན་རྣལ་འབྱོར་བསྒྲུབ་པ་པོས། །སྙིང་ལ་ཁྲག་ཆེན་འཐུང་བར་བྱེད། །བུ་ཁྱོད་ང་ལ་བརྙས་མ་བྱེད། །གལ་ཏེ་ང་ལ་བརྙས་བཙུགས་ན། །དུས་མིན་པར་ནི་ཚེ་ཟད་ནས། །དམྱལ་བར་ལྟུང་བར་གྱུར་ཏ་རེ། །དེ་ཡན་ཆད་ནི་སྲུང་དགོས་པའི་དམ་ཚིག་གོ། ༈ །དེ་ནས་སློབ་མས་མཆོད་པ་རྣམས་དང་། ཡོ་བྱད་ཀྱི་ཚོགས་མངར་ལ། བུས་འདི་སྐད་བརྗོད་དོ། །རོ་དང་ཟས་མཆོག་མེ་ཏོག་སྤོས། །གླུ་གར་སིལ་སྙན་མར་མེ་དྲི། །བླ་རེ་རྒྱལ་མཚན་འཕན་གདུགས་རྣམས། །དེ་དག་འཕགས་པ་རྣམས་ལ་འབུལ། །མ་ཧཱ་པུ་ཙ་ཧོ། རྡོ་རྗེ་བླ་མ་ཆེན་པོ་དང་། །རྒྱལ་ཐེབ་དམ་པའི་གྲོགས་པོ་དང་། །ཡིད་བཞིན་ནོར་དང་དཔག་བསམ་ཤིང་། །རིན་ཆེན་གཞོང་དང་འདོད་ཡོན་ལྔ། །ཕྱི་ནང་ལོངས་སྤྱོད་སྣ་ཚོགས་འབུལ། །ཅེས་དབུལ་ལོ། །བཀའ་ཡི་མན་ངག །གསང་སྔགས་སྤྱོད་པ་རྣམས་ཀྱི་སྲོག་ཤིང་། ཕྱི་ནང་གསང་བ་གསུམ་གྱི་དབང་ལག་ལེན་གབ་ཅིང་སྦས་པ་རྫོགས་སོ།། །།
༅། །རྒྱ་གར་གྱི་དབང་གི་ཆུ་བོ་གསུམ་དང་། བོད་ཀྱི་ཆུ་བོ་གསུམ། རྒྱུད་ཁུངས་མ་ནོར་བའི་ཕྱག་བཞེས་འདི། གང་རུང་རུང་དུ་འདི་མི་ཕྱར་རོ། །འདི་སྣོད་མེད་པ་ལ་བྱིན་ན་བཀའ་ཟབ་པའི་དབང་གིས། རྒྱུ་དང་ཤི་ཤ་གཉིས་ཀ་དམྱལ་བར་འགྲོའོ། །གབ་སྦས་བྱས་ཀྱང་ཉེས་པ་མེད་དོ། །བླ་མ་གཙང་པ་ཆེན་པོའི་བཀའ་མ་འཁྱར་བ། ཨཐྎ།། །།
༅། །ཧཱུྃ་བུམ་པ་ཆོས་དབྱིངས་དག་པའི་གཞལ་ཡས་ནས། །བདུད་རྩི་རྒྱ་མཚོ་རང་བཞིན་བསིལ་བའི་ཆུས། །དུག་གསུམ་སྒྲིབ་པ་མ་ལུས་དག་གྱུར་ཏེ། །བཀྲ་ཤིས་དེས་ནི་ཆོས་ཉིད་རྟོགས་གྱུར་ཅིག །སརྦ་བྷི་ཤུདྡྷེ་སརྦ་དྷརྨ་སཾ་བྷ་བ་བྷི་ཤུད་དྷོ་ཧྂ། ཧཱུྃ་མགུལ་ཆིངས་རས་མཆོག་ཀ་ཤི་ཀ་ཡིན་ཏེ། །དགའ་ལྡན་ལྷ་ཡི་ན་བཟའ་བྱིན་བརླབས་ཅན། །ཚུལ་ཁྲིམས་རྣམ་དག་གོས་དང་ལྡན་གྱུར་ཏེ། །བཀྲ་ཤིས་དེ་ཡིས་གྲགས་གྲོ་སྙོམས་གྱུར་ཅིག །ཀ་ཙ་ལིན་ཏ་ཨ་བྷི་ཥིཉྩ་ༀ་ཨཱཿཧཱུྃ། ༈ འབྲུ་ལྔ་བདེ་གཤེགས་སྐུ་ཡི་རང་བཞིན་ཏེ། །སྐུ་མཆོག་ལྷུན་གྱིས་གྲུབ་པའི་དབང་ཐོབ་ནས། །ཚེ་རབས་ཀུན་ཏུ་མུ་གེ་རྒྱུན་ཆད་དེ། །བཀྲ་ཤིས་དེས་ནི་དོན་འགྲུབ་ཕུན་ཚོགས་ཤོག །ༀ་པྲི་ཡ་ཐེ་པཉྩ་སིདྡྷི་ༀ་ཨཱཿཧཱུྃ། དྲི་ལྔ་བདེ་གཤེགས་གསུང་གི་རང་བཞིན་ཏེ། །གསུང་མཆོག་ལྷུན་གྱིས་གྲུབ་པའི་དབང་ཐོབ་ནས། །དྲི་མཆོག་སྣ་ཚོགས་ཡིད་བཞིན་འབྱུང་གྱུར་ཅིག །བཀྲ་ཤིས་དེས་ནི་གསུང་རབ་སྒྲོགས་གྱུར་ཅིག །ༀ་དུ་པ་པཉྩ་སིདྡྷི་ༀ་ཨཱཿཧཱུྃ། སྙིང་པོ་རྣམ་ལྔ་བདེ་གཤེགས་ཐུགས་ཀྱི་རང་བཞིན་ཏེ། །ཐུགས་མཆོག་ལྷུན་གྱིས་གྲུབ་པའི་དབང་ཐོབ་ནས། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེ་མཁྱེན། །བཀྲ་ཤིས་དེས་ནི་ཐུགས་རྗེས་མཐའ་དག་མཁྱེན་གྱུར་ཅིག །ༀ་གརྦ་པཉྩ་སིདྡྷི་ༀ་ཨཱཿཧཱུྃ། རིན་ཆེན་སྣ་ལྔ་བདེ་གཤེགས་ཡོན་ཏན་རང་བཞིན་ཏེ། །ཡོན་ཏན་ལྷུན་གྱིས་གྲུབ་པའི་དབང་ཐོབ་ནས། །མི་ཟད་གཏེར་ལ་རྟག་ཏུ་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་དགོས་འདོད་འགྲུབ་གྱུར་ཅིག །ༀ་རཏྣ་པཉྩ་སིད་དྷི་ༀ་ཨཱཿཧཱུྃ། སྨན་ལྔ་ནད་རྣམས་སེལ་བའི་ཕྲིན་ལས་ཏེ། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་དབང་ཐོབ་ནས། །དུག་གསུམ་ནད་ཀྱི་སྡུག་བསྔལ་ཞི་གྱུར་པའི། །བཀྲ་ཤིས་དེས་ནི་ནད་རྣམས་བྱང་གྱུར་ཅིག །ༀ་ཨ་མྲྀ་ཏ་པཉྩ་སིད་དྷི་ༀ་ཨཱཿཧཱུྃ། ཁ་རྒྱན་དཔག་བསམ་ཤིང་ཆེན་རྒྱས་པ་ལ། །ཡལ་ཁ་མེ་ཏོག་འབྲས་བུ་སྤུད་པ་ལས། །ཇི་ལྟར་བསམས་པ་བཞིན་དུ་འབྱུང་གྱུར་ཅིག །བཀྲ་ཤིས་དེས་ནི་བསམ་པ་འགྲུབ་གྱུར་ཅིག །ༀ་གླག་ཤ་ན་པཉྩ་སིད་དྷི་ༀ་ཨཱཿཧཱུྃ། གཟུངས་ཐག་ལ། ༀ་ཛྙ་ན་པཉྩ་སིད་དྷོ་ༀ་ཨཱཿཧཱུྃ། མགུལ་ཆིངས་ལ། ༀ་ཝ་ཏྲ་ཡེ་པཉྩ་སིད་དྷི་ༀ་ཨཱཿཧཱུྃ། ཞེས་རིམ་པས་སོ།། །།
༅། །དབང་ཕྱུག་ཀུན་གྲགས་རྩལ། དབང་ཕྱུག་བརྟེན་པ་རྩལ། དབང་ཕྱུག་ཁྱབ་བྱེད་རྩལ། དབང་ཕྱུག་འོད་འབར་རྩལ། དབང་ཕྱུག་མཉམ་པ་རྩལ། དབང་ཕྱུག་སྤྲོས་མེད་རྩལ། ཐིག་ལེ་ཉི་མ་རྩལ། ཐིག་ལེ་གྲགས་པ་རྩལ། ཐིག་ལེ་རབ་འབར་རྩལ། ཐིག་ལེ་བདེ་ཆེན་རྩལ། ཐིག་ལེ་སྙིང་པོ་རྩལ། ཐིག་ལེ་གཞོན་ནུ་རྩལ། རྡོ་རྗེ་གཞོན་ནུ་རྩལ། རྡོ་རྗེ་མཛེས་མ་རྩལ། རྡོ་རྗེ་དབྱིངས་ཕྱུག་རྩལ། རྡོ་རྗེ་འོད་མཆོག་རྩལ། རྡོ་རྗེ་ངེས་འབྱུང་རྩལ། རྡོ་རྗེ་གཡུང་དྲུང་རྩལ། དབང་ཕྱུག་ཕྲིན་ལས་རྩལ། དབང་ཕྱུག་ལས་རབ་རྩལ། དབང་ཕྱུག་བླ་མེད་རྩལ། དབང་ཕྱུག་འོད་འཕྲོ་རྩལ། དབང་ཕྱུག་དཔལ་འབར་རྩལ། དབང་ཕྱུག་ཆོས་རབ་རྩལ། ཐིག་ལེ་ཡེ་ཤེས་རྩལ། ཐིག་ལེ་སྟོབས་ཆེན་རྩལ། ཐིག་ལེ་ཤེས་རབ་རྩལ། ཐིག་ལེ་བློ་གྲོས་རྩལ། ཐིག་ལེ་ལས་གྲུབ་རྩལ། ཐིག་ལེ་མེ་ཏོག་རྩལ། རྡོ་རྗེ་བདེ་ཆེན་རྩལ། རྡོ་རྗེ་ཆོས་འབྱམ་རྩལ། རྡོ་རྗེ་ཀུན་འབར་རྩལ། རྡོ་རྗེ་ཟླ་ཕྲེང་རྩལ། རྡོ་རྗེ་སྒྲིབ་མེད་རྩལ། རྡོ་རྗེ་བརྩོན་འགྲུས་རྩལ། དབང་ཕྱུག་ལེགས་པ་རྩལ། དབང་ཕྱུག་སྤྲོས་མེད་རྩལ། དབང་ཕྱུག་དད་པ་རྩལ། དབང་ཕྱུག་སྨོན་མ་རྩལ། དབང་ཕྱུག་ཉི་ཤར་རྩལ། དབང་ཕྱུག་ཡེ་ཤེས་རྩལ། ཐིག་ལེ་ཀུན་འབྱུང་རྩལ། ཐིག་ལེ་བྱིན་རླབས་རྩལ། ཐིག་ལེ་ཚངས་པ་རྩལ། ཐིག་ལེ་མི་འགྱུར་རྩལ། ཐིག་ལེ་ཀུན་འདུས་རྩལ། ཐིག་ལེ་ཡོན་ཏན་རྩལ། རྡོ་རྗེ་ནམ་མཁའ་རྩལ། རྡོ་རྗེ་ཚད་མེད་རྩལ། རྡོ་རྗེ་བྱམས་པ་རྩལ། རྡོ་རྗེ་མགོན་བྱེད་རྩལ། རྡོ་རྗེ་མོས་པ་རྩལ། རྡོ་རྗེ་མྱུ་གུ་རྩལ། དབང་ཕྱུག་བསྟན་པ་རྩལ། དབང་ཕྱུག་ལྷུན་གྲུབ་རྩལ། དབང་ཕྱུག་འགྱུར་མེད་རྩལ། དབང་ཕྱུག་མཐར་ཕྱིན་རྩལ། དབང་ཕྱུག་བདེ་བྱེད་རྩལ། དབང་ཕྱུག་རྫོགས་པ་རྩལ། ཐིག་ལེ་རྫོགས་པ་རྩལ། ཐིག་ལེ་དྲི་མེད་རྩལ། ཐིག་ལེ་མཐར་ཕྱིན་རྩལ། ཐིག་ལེ་འགྱུར་མེད་རྩལ། ཐིག་ལེ་ཉི་ཟེར་རྩལ། ཐིག་ལེ་མཉམ་རྫོགས་རྩལ། རྡོ་རྗེ་བདུད་འདུལ་རྩལ། རྡོ་རྗེ་གཟི་འབར་རྩལ། རྡོ་རྗེ་ཁྱུང་ཆེན་རྩལ། རྡོ་རྗེ་གཤོགས་རྒོད་རྩལ། རྡོ་རྗེ་གྲག་པོ་རྩལ། རྡོ་རྗེ་འབར་བ་རྩལ། དབང་ཕྱུག་དྲི་མེད་རྩལ། དབང་ཕྱུག་འོད་ཟེར་རྩལ། དབང་ཕྱུག་ཟླ་འབར་རྩལ། དབང་ཕྱུག་གྲུབ་པ་རྩལ། དབང་ཕྱུག་སྒྲིབ་མེད་རྩལ། དབང་ཕྱུག་ཀུན་སྒྲོལ་རྩལ། ཐིག་ལེ་ཀུན་འབྱུང་རྩལ། ཐིག་ལེ་བསྐྱེད་བྱེད་རྩལ། ཐིག་ལེ་བརྟན་པ་རྩལ། ཐིག་ལེ་ལྡོག་མེད་རྩལ། ཐིག་ལེ་ཁྱབ་བྱེད་རྩལ། ཐིག་ལེ་གཡོ་མེད་རྩལ། ཐིག་ལེ་ཐོག་མེད་རྩལ། རྡོ་རྗེ་གྲུབ་མཆོག་རྩལ། རྡོ་རྗེ་གྲག་མཆོག་རྩལ། རྡོ་རྗེ་ཟླ་ཤར་རྩལ། རྡོ་རྗེ་བདུད་འཇོམས་རྩལ། རྡོ་རྗེ་སྲ་བརྟན་རྩལ། དབང་ཕྱུག་ལྡོག་མེད་རྩལ། དབང་ཕྱུག་འཇིགས་བྱེད་རྩལ། དབང་ཕྱུག་རྟོག་མེད་རྩལ། དབང་ཕྱུག་ངེས་འབྱུང་རྩལ། དབང་ཕྱུག་རིན་ཆེན་རྩལ། དབང་ཕྱུག་པདྨ་རྩལ། ཐིག་ལེ་གྲུབ་པ་རྩལ། ཐིག་ལེ་པྲ་བརྟན་རྩལ། ཐིག་ལེ་རིན་ཆེན་རྩལ། ཐིག་ལེ་ཆགས་མེད་རྩལ། ཐིག་ལེ་འོད་ཟེར་རྩལ། ཐིག་ལེ་རབ་འབར་རྩལ། རྡོ་རྗེ་ལྷུན་གྲུབ་རྩལ། རྡོ་རྗེ་རྟེན་པར་རྩལ། རྡོ་རྗེ་བཞད་པ་རྩལ། རྡོ་རྗེ་ཀུན་གྲགས་རྩལ། རྡོ་རྗེ་གཏེར་བཞད་རྩལ། རྡོ་རྗེ་ཁྲོ་མཆོག་རྩལ།། །།
མདོའི་དབང་དང་དཀྱིལ་འཁོར་གྱི་ལས་བྱང་རིན་ཆེན་ཕྲེང་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨ་བེ་ཤེ་ཀེ་མཎྜལ་རཏྣ་མ་ལེ་ཀརྨ་བྲི་ཏ་ན་མ། བོད་སྐད་དུ། དབང་དང་དཀྱིལ་འཁོར་གྱི་ལས་རིན་ཆེན་ཕྲེང་བ་ཞེས་བྱ་བ། ཉེས་བཅོམ་ལེགས་ལྡན་མཚན་གཞི་མཐའ་ལས་འདས། །བདག་མེད་བྱམས་མགོན་དོན་གྱིས་བདག་གཞན་དཔལ། །དོན་དམ་གསང་སྦས་ནམ་མཁའི་དཀྱིལ་དུ་འཁྱིལ། །རྡོ་རྗེ་ཆེ་མཆོག་དབང་ཕྱུག་ཀུན་གྱི་བདག །འཛིན་པ་མི་རྟོག་ཤ་རུས་ཁྲག་ལ་རོལ། །ཐུགས་ཀྱི་གདུང་ཐག་འཁོར་བའི་མཐའ་ལ་རྗེ། །ཡུལ་མེད་མ་སྐྱེས་མཚན་མའི་ཡུལ་ལས་རྒྱལ། །བདེ་ཆེན་རྒྱལ་པོ་ཉིད་ལ་ཕྱག་འཚལ་ལོ། །ཤེས་རབ་ཆེན་པོ་ནམ་མཁའི་ཉི་མར་གསལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ་འཆར། །དཔལ་བརྟུལ་མྱུར་བའི་ཐུགས་རྗེས་འགྲོ་དྲུག་འདུལ། །རྟོག་འཇོམས་ཡེ་ཤེས་རྡོ་རྗེས་ཆོ་འཕྲུལ་འཕྲོ། །དམ་པའི་དོན་གསུངས་གཉིས་མེད་སྟོན་པའི་སྐུ། །སྨྲ་བའི་སེང་གེ་ཉིད་ལ་ཕྱག་འཚལ་ལོ། །རིན་ཆེན་གཏེར་ལྟར་འདོད་དགུ་རེ་བསྐང་ཞིང་། །ལུང་དང་རིགས་པའི་གཏན་ཚིགས་ཀུན་གྱི་མཛོད། །གདའ་ཅན་ཡང་དག་ལེན་པ་མེ་ལོང་གསལ། །རྡོ་རྗེ་ཀུན་འདུས་འཇིགས་བྱེད་རྒྱལ་པོའི་བརྒྱུད། །ཆོས་ཀྱི་མེ་ལོང་འདི་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྲས་པོ་ཅང་མི་གསུམ། །མི་གསུང་པ་ནི་རྒྱ་ཆེར་བཤད། །བཤད་དུ་མེད་པའིི་ཆོས་འདི་ནི། །རྒྱལ་བ་རྣམས་ཀྱིས་མ་བཤད་དེ། །དེ་ལྟར་སྟོན་པ་རྒྱལ་མཆོག་ཀྱང་། །རྣམ་པར་བརྗོད་པར་མི་བྱ་སྟེ། །རྒྱ་ཆེར་བཤད་པར་དགོངས་པའོ། །སྐྱེ་བ་མེད་པའི་ཆོས་རྣམས་ནི། །མ་སྐྱེས་པར་ཡང་སྙིང་པོར་བཞེད། །སྙིང་པོའི་དོན་དུ་གང་གྱུར་པ། །ཚིག་ཏུ་སྨྲ་བ་ལེགས་མ་ཡིན། །སྤྲོས་པ་ཉིད་ན་གོལ་བ་ཞེས། །རྒྱལ་བ་རྣམས་ཀྱིས་ཡང་དག་བཤད། །དེ་བས་རྡོ་རྗེ་རྒྱལ་པོ་ཉིད། །བཀའ་མ་གསལ་བར་དགོངས་པ་ནི། །དགོངས་པའི་དོན་རྣམས་གང་འབྱིན་པ། །ཇི་ལྟར་མེ་ལོང་གཟུགས་བརྙན་ལྟར། །དགོངས་དོན་རིག་ལ་གསལ་གྱུར་པ། །མ་སྐྱེས་པ་ཡིས་དོན་གྱིས་ན། །ཚིག་ཏུ་སྤྲོ་བ་མ་ཡིན་ཡང་། །མཚན་མ་ཚིག་གི་རྣལ་འབྱོར་པ། །ཚིག་ལ་ཞིབ་ཅིང་དོན་ལ་རྩིང་། །ཚིག་ཕྱིར་བློ་འབྲངས་རྩལ་ཞན་རྣམས། །བཀྲི་ཕྱིར་བསམ་པ་རངས་བྱ་བ། །མི་དམིགས་པ་ལ་ཡང་དམིགས་པ་ཡིས། །ཆོ་འཕྲུལ་ཚིག་གིས་མཚན་པ་ནི། །བདེར་གཤེགས་རྒྱལ་བ་ཀུན་གྱི་ཐུགས། །གསང་བ་དེ་ཉིད་སྙིང་པོའི་དོན། །མཉམ་ཕྱིར་བྱང་ཆུབ་སེམས་ཆེན་པོའི། །རྣལ་འབྱོར་ལྔ་དང་བཅུ་སོགས་པ། །དཔེར་ན་རྒྱལ་རིགས་རྒྱུད་བྱུང་བའི། །མང་པོའི་དབང་པོར་དཔོན་སྟབས་ཏེ། །འཁོར་ལོ་ལ་སོགས་རིན་ཆེན་གྱིས། །ཀུན་ལ་དབང་བསྒྱུར་ཐོབ་པར་ལྟར། །དེ་བཞིན་རྣལ་འབྱོར་རྒྱུད་འབྱུང་བ། །ཆོས་ཀྱི་དབང་པོར་དཔོན་སྟབས་ཏེ། །ཕྱག་རྒྱ་ལ་སོགས་རྟགས་ཆེན་གྱིས། །རིམ་པ་ཀུན་གྱིས་ཐོག་མར་འགྲོ། །འདི་ནི་དབང་གི་ཁྱད་པར་ཏེ། །ས་ལ་རིམ་པར་བྱུང་བ་ཡི། །བརྩལ་གྱིས་བགྲོད་ཅིང་སླབ་པའི་མཐའ། །གོམས་པར་བྱ་བ་རབ་གཅེས་ཕྱིར། །གསལ་བར་བཀོད་དེ་བརྗོད་ཀྱིས་ཉོན། ༈ །སྟོང་པར་སྦས་པའི་དོན་འདི་ལ། །དཔེས་མཚོན་ཚིག་གི་ལྡེ་མིག་གིས། །མཉམ་ཉིད་རིག་པའི་སྒོ་དབྱེ་བྱ། །སྦས་པའི་དོན་འབྱིན་གསལ་བྱེད་པ། །ས་ལུ་ཕུབ་ཁྲོད་སྣང་མེ་བཞིན། །གསལ་ཏོག་སྣང་རྙེད་ས་ལེ་འདུག །དེས་ན་ལུང་རིགས་འབྲེལ་བ་ཡིས། །གབ་སྦས་དོན་ལ་ཕེབས་པར་བྱའོ། །རྣལ་འབྱོར་ཆེན་པོ་གྲུབ་པའི་བརྒྱུད། །རྒྱལ་འགྲོ་གཤུལ་འམ་དོན་གྱི་བཅུད། །ཀུན་འདུས་རིག་པའི་མདོ་འདི་ལས། །ལམ་གྱི་དམ་པ་རྣམས་ཀྱི་མཆོག །སྔོན་འགྲོ་གང་བསལ་སྣོད་གྱུར་ནས། །དཀྱིལ་འཁོར་འཇུག་སྒོ་རྐྱེན་ཞུགས་པས། །གཟུགས་བརྙན་རིམ་པའི་འབྲས་ཐོབ་ཕྱིར། །ཐབས་དང་ཐབས་བྱུང་རྒྱུ་འབྲས་ཚུལ། །འབྲེལ་པས་གོ་རིམས་ངེས་པར་བཞག ༈ །ཆུ་བོ་འདུས་པའི་བླ་མ་ལ། །རྒྱུད་དུ་བྱུང་བའི་བུ་མཆོག་གིས། །མཎྜལ་མཁར་བསིལ་ཚད་ཙམ་ལ། །གོས་སོགས་རིན་ཆེན་བཀོད་བྱས་ལ། །འདུན་པར་ལན་གསུམ་གུས་བྱས་ཏེ། །འདོད་པའི་དོན་མཆོག་ཞུ་བར་བྱ། །གནང་བའི་ཡུལ་འབྱུང་དགོས་པ་གསོག །དེ་ལྟར་འདི་ལྟར་ལོ་ཟླ་ཡི། །སྔོན་དང་ཡང་སྔོན་བརྩམ་པར་བྱ། །དེ་ནས་འདི་ལྟར་དཔུང་བསྐྱེད་པས། །གགས་སྦྱངས་སྣོད་ལྡན་འཆགས་རྒྱུའི་ཕྱིར། །རྩོལ་སྒྲུབ་སྔོན་ནམ་ཡང་སྔོན་ནམ། །ཞག་གྲངས་དག་གི་སྔོན་རོལ་ནས། །སྡིག་སྦྱངས་བྱང་ཆུབ་སེམས་བསྐྱེད་དེ། །དགེ་བའི་དོན་ལ་འདུན་པར་བྱ། །སློང་མོ་པ་དང་སློང་ལ་དགའ། །སློང་ལ་དགའ་བའི་ཚེ་སྤྱོད་རྣམས། །སྡེ་དང་ཚན་དང་གྲར་བཅས་ཏེ། །སྙིང་རྗེ་ཁུད་པའི་ཞིང་དུ་བྱ། །སྨན་དང་འབྲུ་དང་རྩི་རྣམས་དང་། །བཅུད་ཀྱི་མཆོག་ཏུ་གྱུར་པ་དག །བཏགས་བབ་ཕྱེ་མར་བྱས་ནས་ཀྱང་། །ཀླུ་ངམ་ཆུ་ཀླུང་མཚོ་ཆེན་དུ། །དོན་དེ་ཆགས་མེད་སྦྱིན་པར་བྱ། །དགེ་བའི་ཡོན་བདག་དང་བླངས་ཏེ། །ནད་གསོ་ཤེས་སློབ་སྤྱོད་སྒོམ་གྲ། གཙུགས་ཏེ་སྟི་གནས་མཆོག་བྱ་ཞིང་། །དུས་ཀྱི་འཁོར་ལོ་མཆོད་ཆེན་བྱ། །གསུང་སྒྲ་རྒྱ་མཚོར་སྒྲོགས་པ་ཡི། །གླེགས་བམ་ཟབ་མོ་ཀུན་བསྟེན་ཏེ། །བརྗོད་དང་བསྙེན་བཀུར་བསྟི་གནས་ཀྱིས། །རྒྱ་ཆེར་ཡོངས་པའི་ལས་རྣམས་བྱ། །ཡེ་ཤེས་ཚོགས་ཆེན་བྱ་བའི་ཕྱིར། །ཤེས་རབ་ཚོགས་ཀྱི་སྦྱིན་མཆོག་དག །བསྟེན་ནམ་གླེགས་བམ་ལ་སོགས་པའི། །བློ་མཆོག་ལྡན་པ་རྣམས་ལ་སྦྱིན། །ཤོ་གམས་གསར་དུ་ཤོ་གམས་ལམ། །མི་བདེ་གནོད་པ་ཀུན་བསལ་ཏེ། །ཚད་མེད་སྙིང་རྗེ་འཁོར་ལོ་བསྐོར། །སྦྱིན་པའི་འཁོར་ལོ་རྒྱུན་མི་གཅད། །ཆུ་འམ་ས་འམ་ནམ་མཁའ་འམ། །མེ་འམ་དེ་བཞིན་རླུང་རྣམས་ལ། །སྐུ་གདུང་སྤེལ་མཆོད་རིང་སྲེལ་རྣམས། །བརྩམ་པའི་ལས་ཆེན་འཁོར་ལོ་བྱ། །མཚམས་མེད་བཟློག་པར་བྱེད་པ་ཡི། །ལུས་སེམས་རྒྱུད་ལ་རྡུལ་བརླག་སྟེ། །འཕགས་པའི་སྤྲིན་ཚོགས་ཕོ་བྲང་དུ། །རྡུལ་བསྙེད་ལུས་ཀྱི་མཆོད་སེམས་བཤགས། །རྒྱལ་མཉེས་ལས་ཀྱི་ཆོ་ག་བ། །ཐབས་ཆེན་སྦྱོར་བའི་ལས་ཆེན་ལས། །རྣམ་བཞི་མེ་ཡི་ལས་མཆོད་བྱ། །དེས་ནི་མཚམས་མེད་བཟློག་པ་ཡིན། །ཐུགས་རྗེ་འབྱུང་བའི་འཁོར་ལོ་དག །གང་ལྟར་ལྕོགས་ལྟར་འབད་རྩོལ་བྱ། །བསྟན་པ་སྐྱོང་བའིི་ཚོགས་རྣམས་ལ། །མཆོད་སྦྱིན་སྤེལ་བའི་ལས་རྣམས་བྱ། །དེ་ལ་སོགས་པ་དགེ་བའི་ཚོགས། །དོན་དུ་མི་འགྱུར་བཞི་སྤངས་ལ། །ནན་ཏན་ཚོགས་ཀྱི་སྤུང་སེམས་བསྐྱེད། །འདི་ལྟར་ལས་ཆེན་ལྟང་ཚོགས་པ། །གཞན་དུ་བསྐྱེད་པ་མ་ཡིན་ཏེ། །རྩེ་གཅིག་དོན་ལྡན་རྣལ་འབྱོར་པས། །རྒྱུད་ལྡན་སྣོད་ལྡན་བྱ་ཕྱིར་དང་། །གལ་ཏེ་རྩལ་གཞན་མ་གྲུབ་ན། །བགེགས་བསགས་ལྟང་ཆེན་ཀུན་སྡོམ་སྟེ། །ལས་ཀྱི་བསགས་པ་བསྔོ་བྱ་ཞིང་། །གདུང་བའི་ཤུགས་ཕྱུང་རྩལ་སྤྲུགས་ནས། །ཉི་ཤར་ཆུ་ཀླུང་གཟུགས་བརྙན་ལྟར། །རང་བཞིན་ཤུགས་ཀྱིས་འགྲུབ་པ་གཅེས། །དེ་ཕྱིར་ཕྲ་མོ་ཡན་ཆད་ཀྱང་། །དམ་པའི་དོན་དུ་གྱུར་པར་བྱ། །བྱ་བ་སྔོན་དུ་ཀུན་བྱས་ནས། །རང་བཞིན་ཏིང་ངེ་འཛིན་གཟུགས་བརྙན། །སྙིང་པོར་གྱུར་པས་དོན་གྱི་རྫོགས། །རང་རིག་གཙོ་འཁོར་སྐུ་རུ་ཤར། །དེ་ལས་ཁྱད་པར་སྐལ་ལྡན་མི། །སྤྱོད་ཡུལ་གྱུར་པས་གཟུགས་བརྙན་ནོ། །ཐམས་ཅད་ཚང་བར་རྫོགས་པས་ན། །ཕུན་སུམ་ཚོགས་ཞེས་དེ་ལ་བྱ། །རང་བཞིན་ཏིང་འཛིན་དཀྱིལ་འཁོར་དུ། །ཐམས་ཅད་ཡེ་ནས་འབྲེལ་བཀོད་རྫོགས། །དེ་དག་འབྲེལ་པའི་མཚན་ཉིད་ནི། །རང་བཞིན་ཇི་བཞིན་མངོན་བྱེད་པའི། །དངོས་པོ་གཉན་མས་མཚོན་པ་སྟེ། །གང་གི་གཟུགས་བརྙན་གང་ཡིན་དང་། །དེ་ཡི་རང་བཞིན་གཅིག་པས་ན། །མཚོན་བྱ་བྱེད་དང་ངོ་བོས་འབྲེལ། །དེ་ནས་ཤེས་བྱ་ཤེས་བྱེད་དང་། །རྒྱུ་དང་འབྲས་བུ་ཚང་པར་འགྱུར། །རང་བཞིན་ཚོགས་དང་ཏིང་ངེ་འཛིན། །ལུང་ལས་གསལ་བར་སྣང་བ་དང་། །སྒྲ་ཡིས་འཇིགས་ཕྱིར་བྲི་མ་བྱས། ༈ །གནས་རབ་བརྟགས་པའི་གལ་ཆེན་ཡང་། །ནམ་མཁའི་འཁོར་ལོ་རྡོ་རྗེ་དང་། །རིན་ཆེན་ཟུར་བརྒྱད་པདྨའི་དབྱིབས། །རྒྱ་གྲམ་ལ་སོགས་འདྲ་བར་བརྟག །ས་གཞིའི་ཡང་ནི་དེ་བཞིན་ཏེ། །རི་བོ་བརྩེགས་དང་བཟུར་བ་དང་། །དེ་བཞིན་སྦྲེང་དང་གཏམས་པའི་ཚུལ། །འདྲ་བར་མཁས་པས་བརྟག་པར་བྱ། །དེ་ཡང་རིགས་ཀྱི་ཁྱད་པར་ནི། །ལྔ་ལ་སོགས་པ་སོ་སོ་ཡི། །གནས་གནས་དག་ཏུ་རྟོགས་ནས་ནི། །ནོར་བུ་རིན་ཆེན་དེར་བསྒྲུབ་བྱ། །སྐྱོན་གྱིས་གནས་གང་སྤང་བ་ནི། །གཤིན་རྗེ་གདུག་པའི་མདུང་རྩེ་དང་། །མ་མོ་རྔམ་པའི་སྦར་ཤད་དང་། །སྲིན་པོ་དུས་པའི་འཆི་རྗེས་དང་། །གནོད་སྦྱིན་ཕོ་མོའི་རྦབ་ཤུལ་དང་། །འབྱུང་པོ་རྐུན་བུའི་འཇོལ་ལ་སོགས། །གནས་ཀྱི་སྐྱོན་དང་དགྲ་རྣམས་ཀུན། །མཁས་པས་ངེས་པར་སྤང་བར་བྱ། །རི་བོ་ལྷུན་སྡུག་ནགས་ཚལ་ཅན། །སྣུམ་བསྣག་ལྡན་ཞིང་མཉམ་པ་དང་། །ཆུ་བོ་ཆུ་བདག་ཕྱོགས་ནས་འབབ། །མེ་ཏོག་ཚལ་དང་ལྗོན་པའི་ཤིང་། །བཀྲ་ཤིས་བྱ་སྐད་སྒྲོགས་པ་དང་། །ལོ་རྒྱུས་ཤིས་པ་མཆོག་ཡིན་ཏེ། །ཡིད་འོང་གཉེན་ཞིང་ཉམས་དགའ་བ། །སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །རྣ་གཉན་ཕྲ་གསག་མེད་གྱུར་ཅིག །འདུ་འཛི་འགྲོ་འོང་ཆད་པ་དག །རང་བཞིན་གྲུབ་པའི་མཐུར་ལྡན་ཕྱིར། །གསང་ཆེན་སྤྱོད་པའི་གནས་སུ་ཤིས། །དགེ་དང་མི་དགེའི་མཚན་ཉིད་ནི། །བོ་དང་དམའ་བར་གྱུར་པ་ཡི། །རོ་ལྔའི་མཚན་མ་བརྟགས་པར་བྱ། །གྱོ་མོ་རུས་པ་ཟུག་རྡོ་དང་། །གྲམ་པ་ཤིང་སོགས་ལ་སོགས་པ། །གལ་ཏེ་ཤེས་པར་མ་གྱུར་ན། །སྐྱེས་བུ་ཐབས་ལ་མཁས་པ་ཡིས། །མཚན་མས་མཚན་མ་གཞོམ་པའི་ཕྱིར། །གནན་ནམ་སྤོ་བའི་ལས་ཀྱིས་སྦྱར། །དགེ་བར་གྱུར་ན་དེར་གནས་བྱ། །དེ་ལྟར་བརྟགས་པའི་གནས་དབུས་སུ། །ས་ཞག་སྤོས་ཆེན་རྣམ་ལྔའི་ཞུ། །བསྲེས་པས་ཀུན་ཏུ་གྲུ་བཞི་ནི། །མཎྜལ་རྒྱས་པའི་དབྱིབས་འདྲར་བྱ། །བདག་པོ་ཚིམ་བྱེད་རྫས་བཤམས་ཏེ། །དགོན་པ་ཆེན་པོའི་ས་ཕྱོགས་སུ། །བཀྲ་ཤིས་མཚན་མ་འབྱུང་བ་དག །དགའ་བ་སྐྱེ་བར་འགྱུར་བ་ཡིས། །ཡིད་འོང་གནས་དེར་འདུག་ནས་ནི། །རྩོད་པ་ཉེ་བར་ཞི་བྱའི་ཕྱིར། །སྙིང་རྗེ་ལྡན་པའི་རྣལ་འབྱོར་གྱིས། །བསྒྲུབ་དབང་གནག་པ་མཐར་དབྱུང་ཕྱིར། །རྒྱལ་པོ་བརྟེན་དང་འཁོར་བཅས་ལ། །བདེན་པས་བསྒོའམ་ས་བླངས་པའམ། །བདག་ཉིད་གྲགས་མོར་ལྡན་པ་ཡིས། །ཞི་བའི་ཆས་གོས་བགོ་བྱས་ཏེ། །བདུད་རྩི་ཁྲོ་བོ་དྲན་བྱས་ལ། །མཐུན་པའི་རྫས་རྣམས་བྱིན་གྱིས་བརླབ། །ལྷ་མོ་བསྐྱེད་དགུག་མཆོད་བྱས་ནས། །རྣལ་འབྱོར་མཆོག་གི་སྒྲུབ་པ་པོ། །བདུད་འདུལ་ཕྱག་རྒྱ་རྫོགས་པའི་ཚེ། །རཱུ་ཏྲ་ཚོགས་ཀྱི་རྒོལ་བ་ལ། །སྐྱེས་བུ་ལས་ཀྱི་དོན་བསྒྲངས་ཏེ། །དོན་གྱིས་དབང་པོ་ཕྱིར་སྦྲན་པས། །རྒྱལ་བ་དབང་ཕྱུག་ཐམས་ཅད་ཀྱིས། །དོན་མཆོག་ཡང་དག་མཛད་པའི་ཚེ། །སྐྱེས་བུ་རྩལ་གྱི་ཁྱད་པར་ལས། །འདི་ཚེ་དབང་ངམ་མཁྱེན་དམིགས་འབྱེད། །སྔོན་ཚེ་དཔལ་ཆེན་གར་དབང་གིས། །ཐུགས་རྗེའི་ས་ལ་གཤེགས་ནས་ཀྱང་། །རཱུ་ཏྲ་དེ་བཞིན་བསྒྲལ་ནས་ནི། །གསང་བའི་བསྟན་པ་རྒྱས་མཛད་ནས། །འགྲོ་དྲུག་ཐུགས་རྗེས་བསྒྲལ་བ་ལྟར། །ལྷ་མོས་མཁྱེན་པ་མཛད་ནས་ཀྱང་། །བདེ་ཆེན་ས་ལ་བགྲོད་པའི་ཚེ། །རཱུ་ཏྲའི་རྒོལ་བ་བྱུང་བའམ། །སྤྱན་ལྡན་ཁྱོད་ཀྱིས་དཔང་མཛོད་ཅིག །རིན་ཆེན་ལ་སོགས་གཏོར་མ་ཡིས། །ས་བདག་ཚིམ་བྱས་བསླང་བ་ནི། ༈ །དགོངས་ཤིང་ཐུགས་རྗེས་རྒྱལ་བའི་ལྷ། །ལྷ་ཀླུ་གནོད་སྦྱིན་སྡེ་དཔོན་བཅས། །གངས་རི་རྩེ་དང་རིན་ཆེན་རི། །ཀུན་དགའ་ལྡུམ་ར་སྐྱེད་མོས་ཚལ། །མཚོ་རྫིང་ལུ་མ་འབབ་ཆུའི་གནས། །འཇིག་རྟེན་འཇིག་རྟེན་ཐམས་ཅད་ཀྱི། །གང་དག་བདག་པོར་གྱུར་པ་རྣམས། །རྣལ་འབྱོར་དབང་ཕྱུག་བདག་ཉིད་ཀྱིས། །ས་འདི་ལྷུན་གྱིས་གྲུབ་བྱའི་ཕྱིར། །འཛམ་གླིང་གྲུབ་པའི་ས་གླིང་ན། །འཁོར་དང་བཅས་པ་འདིར་འཁོད་ལ། །རིན་ཆེན་གསེར་གྱི་ས་འདི་བླང་། །དེས་ནི་བདག་གི་དེར་འགྱུར་ཞིང་། །ཉེས་པ་དེ་དང་བྲལ་བ་ཡིན། །བྱང་ཆུབ་སྤྱོད་པ་གསོ་བ་དང་། །བསོད་ནམས་དགའ་བ་བསྐྱེད་པ་དང་། །ཤེས་ལྡན་རྫུ་འཕྲུལ་ཅན་གྱི་བུ། །མ་སྐྲག་ཕྲག་དོག་ཡོང་མ་བསྐྱེད། །སྒོམ་བྱ་ཧཱུྃ་བཞེས་བྱིན་བསྡུས་ལ། །ཞེ་སྡང་རྡོ་རྗེའི་རྣལ་འབྱོར་གྱིས། །ཁྲོ་བོ་དྲག་པོའི་སྔགས་བཟློས་ཤིང་། །རྡོ་རྗེ་ཁྲོ་བོའི་སྟབས་ཀྱིས་བསྐོར། །རང་གི་འདུག་པར་བརྗིད་བག་གིས། །འདུག་སྟེ་རིན་ཆེན་ས་གཞི་བསླང་། །ལྷ་མོ་དཔང་མཁྱེན་གསོལ་བྱས་ནས། །དྲི་ཤུལ་ཕྱག་རྒྱས་མཎྜལ་གནན། ༀ་རཏྣ་བ་ས་ཅང་སི་ཏི་ཀུ་རུ། ས་མ་ཡ་སྟོམ། ལྷ་མོ་འཛུམ་ཞུ་ཐིམ་པ་ཡིས། །ཡེ་ཤེས་རིན་ཆེན་ས་བརྟན་བྱ། ༈ །ས་གཞི་སྦྱོང་བ་རྣམ་གསུམ་སྟེ། །ལྟོ་འཕྱོའི་དུས་ཚོད་མཁས་པ་ཡིས། །མ་ནོར་ཕྱོགས་ནས་བཀོད་བྱས་ཤིང་། །ཁྲུ་གང་རྒྱས་པའི་ཐབ་དབྱིབས་སུ། །རོ་ལྔའིི་མཚན་མ་ཤིན་ཏུའང་བཏག །ཆུས་བཀང་གོམ་པ་བརྒྱར་ལྟ་བྱ། །ཤིན་ཏུ་བཟང་བའི་ས་དེར་ནི། །བསོད་ནམས་གཏེར་དང་ལྡན་བྱའི་ཕྱིར། །རིན་ཆེན་ལྔ་ལ་སོགས་པའི་རྫས། །ས་གཞི་གཏེར་ཆེན་རྒྱས་པར་བྱ། །བཀྲ་ཤིས་མཆོག་ཏུ་སྔགས་པ་ཡིན། །ཉི་ཟླ་དྲི་ཆེན་མྂ་ས་དང་། །དྲི་ཆུ་རང་བཞིན་ཡེ་ཤེས་ལྔས། །བྱུགས་ཏེ་ཤིན་ཏུ་སྐམས་པར་བྱ། །ཏིང་འཛིན་ཕྱག་རྒྱ་སྔགས་ལྡན་པས། །མཚན་མའི་དངོས་པོ་ཀུན་སྦྱངས་ཏེ། །རྒྱལ་བ་བཞུགས་པའི་རྟེན་དུ་བྱ། །ངན་ན་གནས་སྤོ་བྱ་བ་འམ། །ཞི་བའི་སྲེག་སྦྱང་རྒྱས་པ་བརྩམ། །ཁྲོ་བོ་ཧཱུྃ་ཆེན་ཀུན་འདུས་ནས། །གསད་ཅིང་གནན་པའི་ལས་བྱས་ཏེ། །རི་རབ་ཆེན་པོའི་རྨང་དུ་གཏང་། །ཡ་མ་ར་ཙའི་ཟས་སུ་སྦྱར། །ཆུ་སྲིན་འབར་བའི་ཁ་རུ་བརྫང་། །འཁོར་ལོ་འབར་བའི་ཕྱག་རྒྱས་མནན། །བདུན་བརྒྱུད་རིགས་ནི་བརླག་འགྱུར་ནས། །ནམ་ཡང་ལྡང་བར་མི་ནུས་ཏེ། །བྱང་ཆུབ་སེམས་ནི་བསྐྱེད་ན་གཏང་། །བཛྲ་མུ་ཏི་བམ། མ་མ་པ་ཤྂ་ཀུ་རུ་ནན། །སུམ་བྷ་ནི་སུམ་བྷ་ནི་ནན། །ཆོས་ཉིད་ནམ་མཁའ་བདལ་བ་ལ། །ཡེ་ཤེས་ལྔ་ཡི་འབྱུང་ཆེན་བརྩེགས། །ཀུན་གཞི་བདལ་བའི་ནམ་མཁའ་ལ། །བསྐྱེད་པའི་འབྱུང་ཆེན་རྣམ་ལྔ་བརྩེགས། །བྷྲཱུྃ་ཆེན་རིན་ཆེན་འབར་བའི་གཞལ། །མཐའ་དབུས་མེད་པར་ཀུན་ཏུ་ཁྱབ། །ཏ་ལའི་སྐྱེད་ཤིང་གསེར་ཙོང་དྲིལ། །མུ་ཁྱུད་བདུན་ཕྲེང་དྲུག་རྩེགས་འབར། །བྷྲུྂ་ཁྂ་ཏྲི་ཁ་ཏ་ལི་བྷྲུྂ། རྡོ་རྗེ་བྱིན་བརླབས་འབྱུང་གནས་དང་། །གནས་རྣམས་ཤིན་ཏུ་བརྟེན་བྱའི་ཕྱིར། །དེ་ནས་རྡོ་རྗེའི་གནས་དག་ཏུ། །སེང་གེའི་ལྟ་བས་ལྟས་ནས་ནི། །ཁྲོ་དམིགས་འབར་བར་ཕྱིར་ལྟས་ཏེ། །འགྱིང་བག་ཚུལ་དུ་བརྗིད་པ་ཡིས། །འབར་བའི་རྡོ་རྗེ་འབར་ནས་ནི། །ཕྱི་ནང་རྡུལ་ཆེན་གསལ་བར་བྱ། ༈ །ཧཱུྃ་ཧོ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་དང་། །མཐོང་ཡོད་སྣང་གྲགས་ཇི་སྙེད་པ། །ཀུན་ཀྱང་འབར་བ་ཁྲག་འཐུང་སྟེ། །རྔམ་ཆེན་གཏུམ་ཐུང་ཤ་སྟག་འབར། །དུར་ཁྲོད་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རཀྴ་ཡགྴ་ཧེ་རུ་ཀ །རཀྴ་ཀྲོ་ཏ་ཛ་ལ་ཁ། ཧ་ལ་ཧ་ལ་ཏི་ཏ་ཕཊ། ཞེས་པ་ཁྲོ་བོ་རོལ་པ་ཡི། །སྟབས་དང་མ་མོ་རྔམ་ཚུལ་དང་། །ཕྲ་མེན་ལྷགས་པའི་རྔམ་སྟབས་ཀྱིས། །འབར་བའི་དཀྱིལ་འཁོར་སྐོར་བར་བྱ། །རྡོ་རྗེ་དཀྲིགས་པའི་ཕྲེང་བ་དང་། །ཐོ་བ་ལྕགས་ཀྱུ་འབར་བ་དང་། །འཁོར་ལོ་རལ་གྲི་ལ་སོགས་རྫས། །ཀུན་གྱི་ཕྱག་རྒྱ་མཚན་མས་བསྐོར། །དེ་ལས་འབར་བའི་ཕྱག་རྒྱ་དང་། །མིག་ལས་འབར་བའི་མེ་མཆེད་པས། །མེ་འོད་འབར་བའི་ཕྲེང་བ་ཡིས། །དམིགས་པ་དངོས་སུ་སྦྱངས་ནས་ཀྱང་། །འབར་བ་དྲག་པོའི་ཡི་གེ་ལས། །བསྲེག་པའི་དཔལ་ཆེན་གུར་དུ་གཏམས། །ཧཱུྃ་རྂ་རྡོ་རྗེ་མེ་ཡི་རི། །ལྷུན་པོ་འབར་བའི་རྩེ་བརྒྱད་ལ། །འབར་བའི་ལྷ་བརྒྱད་བསྒྱེལ་ནས་ཀྱང་། །དབང་ཆེན་རྡོ་རྗེ་བཀའ་བསྟོད་ནས། །ཤིན་ཏུ་མི་བཟད་འབར་བ་ཡི། །གཏུམ་ཆེན་ཧ་ལ་རྔམ་པའི་གཟུགས། །ལྷ་ཆེན་ཁྱབ་འཇུག་པགས་བཤུས་ནས། །ཞིང་ཆེན་གཡང་གཞི་ན་བཟའ་མནབས། །གཤིན་རྗེ་མ་ཏང་འབར་བ་ཡི། །རོ་དབྱུག་ཆེན་པོ་ཕྱག་ན་འབར། །ཕྲ་མེན་དགུ་ཁྲི་མང་པོ་དག །འབར་བའི་ཚོགས་ནི་གཏིབས་ཐག་ཆད། །གང་ལ་ཅིས་འདུལ་དེར་བསྟོན་པ། །ཙིཏྟ་འབར་བའི་མེ་ཕྲེང་གིས། །དོ་ཤལ་མགུར་ཆུ་ཕྲེང་བས་སྦྲེངས། །བསྐལ་པའི་མེ་དཔུང་འབར་བའི་ཀློང་། །སྲིད་པའི་རྩེ་མོར་འཁྱིལ་ཅིང་འཕྲོ། །ནམ་མཁའི་ཁམས་ཀུན་མེ་དཔུང་གཏིབས། །རྡོ་རྗེ་འཁོར་ལོ་མེ་ལྕེ་འཐོར། །དུར་ཁྲོད་དགོན་པའི་ས་ཕྱོགས་དག །མེ་ཡི་རི་བོ་འབར་བ་ལས། །མེའི་ཡི་དྭགས་མ་དག་ལས། །གང་ཡང་གནས་པར་མི་ཕོད་པ། །སྟེང་གི་མེ་ལྕེ་འབར་བ་ནི། །འོག་གི་ས་ཕྱོགས་འཕྲོ་ཞིང་འཁྲུག །འོག་གི་མེ་ལྕེ་འབར་བ་ཡང་། །གྱེན་དུ་འཁྱིལ་ཞིང་སྟེང་དུ་ཐལ། །མེ་ལྕེ་དགུ་ཕྲེང་འབར་བ་དག །འུར་ཆེན་འཆད་པས་འཐབ་ཅིང་འཁྲུག །དུར་ཁྲོད་མེ་རི་སྨུག་ནག་འབར། །ཞེ་སྡང་འཇོམས་པས་མཐིང་ནག་འཚུབ། །ང་རྒྱལ་སྲེགས་པས་སེར་ནག་འབར། །འདོད་ཆགས་སྐྱེམས་པས་དམར་ནག་འབར། །ཕྲག་དོག་སྲེགས་པས་ལྗང་ནག་འཁྲུག །གཏི་མུག་སེལ་བས་སྨུག་ནག་འཁྱིལ། །འབར་ཆེན་ཀློང་གི་འཁོར་ལོས་གཏམས། །ཛྭ་ལ་མཎྜལ་ཧ་ལ་ཧ་ལ་རྂ། མེ་རི་ལག་ཆུའི་ཕྱག་རྒྱ་ཡིས། །གནས་སམ་དཀྱིལ་འཁོར་བསྐོར་བར་བྱའོ། །དེ་ལྟར་བར་ཆད་སྐབས་མེད་པར། །སྲུང་བའི་གོ་ཆ་དམ་པ་ཡིན། །རྣམ་པ་ལྔ་ཡི་རྡོར་དབྱུགས་པའི། །མ་ངེས་ཚད་ལ་ཐིག་གཉིས་གདབ། བསྐྲུལ་ཚིག་སྲོག་དང་ལྡན་པ་ཡིས། །ས་གཞི་ཡོངས་སུ་གཟུང་བར་བྱ། །བརྩམ་པར་བྱ་བའི་ལས་ཆེན་པོ། །དངོས་གྲུབ་འབྱུང་བར་བྱེད་པའི་བརྟེན། །ཕྱག་རྒྱ་ཆེན་པོའི་གཟུགས་མཆོག་གིས། །སྟེགས་བུ་ལེགས་པར་སྦྱངས་ན་འགྲུབ། །མཚོན་པ་འཁྲིད་པར་བྱེད་པ་ཡི། །རྡུལ་ཚོན་འདུས་བྱས་རྒྱུ་རྣམས་འདུས་བྱས་ལ། །གཉན་མའི་དཀྱིལ་འཁོར་བཤད་བགྱི་བ། །སོ་སོར་བརྟགས་པའི་བཤད་བགྱི་བ། །བརྟན་ཞིང་ངོས་འཇམ་ཁམ་བུ་ལ། །འབུར་འཕགས་ཁོད་སྙོམས་འཕངས་མཐོ་བའི། །ཁ་དོག་ལྔ་ཡི་གཟུགས་བྱས་ནས། །དཔེ་ནི་མཚན་མའི་དངོས་གྲུབ་སྟེར། །ཤིན་ཤུན་རས་སམ་དུར་ཁྲོད་ཀྱི། །ཞིང་ཆེན་རས་ལ་ཁ་དོག་ལྔས། །ཕྱག་རྒྱ་འབར་བའི་གཟུགས་བྲིས་ནས། །དེའང་མཚན་མ་འབྱུང་བའི་རྟེན། །རྡོ་དང་ཤེལ་རྡོ་ལ་སོགས་པ། །དུང་དང་བ་སོའི་རྒྱུ་ལས་ནི། །མཁས་པས་འབུར་དུ་བརྟོད་བྱས་ནས། །མཚན་མ་འབྱུང་བའི་རྟེན་དུ་འགྱུར། །གསེར་དངུལ་རིན་ཆེན་ལ་སོགས་པ། །ལྕགས་ཟངས་འཁོར་བའི་རྒྱུ་དག་ལས། །མཁན་གྱི་བླུགས་ཏེ་མ་ཉམས་ན། །དེ་ཡང་མཚན་མའི་བརྟེན་དུ་འགྱུར། །བླག་ཤ་བྱང་ཆུབ་ཤིང་ལ་སོགས། །རྒྱུ་ཤིང་ཡལ་ག་མཉེན་པ་ལས། །ཕྱག་རྒྱ་གཟུགས་དེ་ལེགས་སྦྱར་ན། །དེ་ཡང་རྟེན་ལ་མཁས་པར་བྱ། །མཉེན་ཞིང་སྤྱིན་པའི་མཆོག་རྣམས་ལ། །བཞིན་དང་དྲིལ་ཁུངས་ལེགས་སྦྱར་ཏེ། །ཕྱག་རྒྱ་ཆེན་པོའི་གཟུགས་བྱས་ཏེ། །དེ་ལ་བརྟེན་པའི་འོས་སུ་འགྱུར། །དེ་ལ་སོགས་པའི་རྒྱུ་རྣམས་ལ། །ཡི་གེའམ་ཡང་ན་མཚན་བརྟགས་སམ། །མིང་ངམ་ཐིག་ལེ་རྫས་ལ་བྲི། །བསྒྲུབས་ན་མཚན་མའི་རྟེན་དུ་འགྱུར། །དེ་ལས་རེ་ཞིག་འདིར་བཤད་པ། །སྟེགས་བུ་ལ་བརྟེན་མཚན་མ་དག །བསྒྲུབ་པའི་དོན་དུ་རྟགས་བཟུང་པ། །བརྩམ་པའི་ཐབས་ནི་འདི་ལྟ་སྟེ། །སྟེགས་བུ་མཛེས་ཤིང་མཉམ་བྱ་སྟེ། །ཀུན་ཏུ་གྲུ་བཞི་མཉམ་བྱས་ལ། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །མེ་ལོང་ལྟ་བུར་སྙིང་པོར་བྱས། །རང་བྱུང་རྣམ་དག་བྱིན་བརླབས་ཅན། །ཡེ་ཤེས་རང་འབྱུང་གྲུབ་པའི་རྫས། །བཀའ་གསང་རྨད་འབྱུང་ཕོ་བྲང་དུ། །དུར་ཁྲོད་རྫས་ལྔས་བརྐྱལ་བསྣུལ་ལ། །རྡོ་རྗེ་སྲད་བུས་ཐིག་གདབ་པའི། །ཆོ་གའི་རྣམ་པས་བཤད་བགྱི་བ། །གསང་བའི་ལྕང་ལོ་འཁྲིལ་མངས་དང་། །རྡོ་རྗེ་རྒྱུན་ཐིག་ལ་སོགས་པ། །རིང་ཐུང་མཎྜལ་འཁོར་འཁྱུད་ལ། །འཇུར་འདུད་ཅན་དུ་མ་གྱུར་པའི། །སུམ་སྒྲིལ་སྙོམས་པའི་ཚད་ལྡན་པས། །ཡེ་ཤེས་ལྔའི་རང་བཞིན་གསལ། །རྒྱུ་དེ་བྱིན་གྱིས་བརླབས་པའི་ཐབས། །ཐབས་དང་ཤེས་རབ་འབྲེལ་པ་ཡི། །ཡི་གེ་གཉིས་ཀྱི་འཕྲོ་འདུ་ལས། །དཀར་དམར་འོད་ཀྱི་ཟེར་ཕྲེང་འཕྲོ། །རྡོ་རྗེ་གསང་བ་ཐབས་ཀྱི་སྙད། ༈ །བྱང་ཆུབ་སེམས་འདྲེན་འཁལ་པའི་ཡུམ། །ངེས་པར་བརྟགས་ཏེ་འདིར་བཟུང་བ། །མཚན་ལྡན་བཀྲ་ཤིས་གསང་བའི་ཡུམ། །སྨིན་སྐྱུང་རིང་ལ་ཕྱག་སོར་འཕྲ། །ཚིག་མིག་བཟླུམ་ལ་ཕྲ་བར་བཤད། །ཁ་ནས་ཨུཏྤལ་ངད་ལྡང་ཞིང་། །ལུས་ལ་ག་པུར་ཙནྡན་དྲི། །ཡིད་འོང་མཚན་ལྡན་རྐེད་སྐབས་ཕྱེད། །སྐྲ་འཇམ་མཐོན་མཐིང་གཡས་སུ་འཁྱིལ། །སོ་དཀར་ཐགས་དམ་དཀར་དམར་ཕྱེད། །མིག་གི་རྒྱུས་རིང་སྨིན་སྐྱུས་རིང་། །ཟར་མའི་མེ་ཏོག་རྒྱས་འདྲའི་སྤྱན། །དཔྲལ་བའི་དབྱེས་ཆེ་སྐྲ་འཇམ་འཁྱུག །སྣ་བཟོ་མདོག་གསལ་པདྨའི་རིགས། །ལུས་དྲང་སྐྱེ་རིང་སེམས་མའི་ཚུལ། །ནུ་མའི་དཀྱིལ་འཁོར་ཟླ་རྒྱས་འདྲ། །སོ་དཀར་ཐགས་དམ་འཁྲིལ་བག་ཆགས། །ཁོང་དལ་འགྲོ་ན་གོམ་པ་འཇམ། །སྐད་ནི་ངང་པ་གཞོན་ཚུལ་སྒྲོགས། །ཅིར་ཡང་མཛེས་པའི་ལྟས་ཚུལ་ལྡན། །སྐྱེས་བུ་བླ་མས་ཡུམ་དུ་བཟུང་། །གཟུངས་མ་བྱིན་གྱིས་བརླབ་པ་ནི། །ཡུམ་གྱི་ཕུང་པོ་གནས་ལྔ་ནི། །བདེ་བར་གཤེགས་པའིི་ས་བོན་ལྔ། །འཕྲོ་འདུ་གསལ་བར་གྱུར་པ་དང་། །བརྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །རིགས་ལྔ་ཡུམ་ལྔའི་སྐུ་མཆོག་གསལ། །རྡོ་རྗེ་ཡབ་ལའང་དེ་བཞིན་ཏེ། །འདི་ལྟར་གསལ་བར་གྱུར་པ་དང་། །ཡུམ་གྱི་མཁའ་ལ་མེ་རི་བསྒོམ། །གསང་བ་དབུས་ཀྱི་ཟླ་ཁམ་ལ། །བྱང་ཆུབ་སེམས་ཀྱི་སྤྲོ་བསྡུ་བྱ། །གཟུགས་བརྙན་ཇི་ལྟར་གསལ་བ་བཞིན། །ཡུམ་གྱི་མཁའ་ལའང་དེ་བཞིན་ནོ། །དེ་ནས་རྡོ་རྗེའི་ཚིག་འདི་ཡིས། །ལས་ཀྱི་ཡུམ་ལ་ངེས་པར་བསྒོམ། །ཤེས་རབ་ལྷ་མོ་གསང་བའི་ཡུམ། །འདོད་དགུར་བསྒྱུར་བའི་འཕྲུལ་མོ་ཆེ། །ཆགས་པའི་ཚུལ་གྱིས་ཐབས་ལ་འཁྱུད། །གཡོན་དུ་འཁྱིལ་ཅིང་གཡས་སུ་འཁྱུད། །འཛུམ་པའི་མདངས་ཀྱིས་ཟླ་ཁམ་སྦྱོར། །གསང་བའི་བྱང་ཆུབ་སེམས་འདྲེན་མ། །ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས། །རང་བཞིན་ཆོས་ཀྱི་མཚན་ལྡན་པ། །རྡོ་རྗེ་ལས་ཀྱི་ཡུམ་ཡིན་པས། །གསང་བའི་ལས་རྣམས་ཀུན་བྱོས་ཤིག །ལག་པའི་འཁོར་ལོ་གཞལ་ཡས་སུ། །ཉི་ཟླ་འབར་བའི་ཚོགས་བཀོད་དེ། །གསང་བའི་བྱང་ཆུབ་དཀར་དམར་འདི། །ཐིག་ལེའི་ངོ་བོ་ཡི་གེར་གདབ། །ལས་ཀྱི་རྡོ་རྗེ་འབར་བ་ཡི། །རྡོ་རྗེ་གར་གྱི་ཕྱག་རྒྱ་ཡིས། །བྱང་ཆུབ་སེམས་ཀྱི་ཐིག་འདི་དྲོངས། །རྡོ་རྗེ་གསང་བའི་ལས་འདི་གྱིས། །ཙན་ཏྲ་ད་ར་ཧྲི་ཞེས་པའི། །གསང་བ་སྔགས་ཀྱི་སྦྱོར་བ་འདིས། །རྡོ་རྗེ་ཉི་མའི་གཞལ་ཡས་སུ། །རྡོ་རྗེ་དཔལ་བེའུ་འོད་ཀྱི་ཐིག །མེ་ལོང་ཡེ་ཤེས་རང་བཞིན་ཅན། །རྣལ་འབྱོར་ཅན་གྱི་གདབ་པར་བྱ། །དེ་བཞིན་རིན་ཆེན་འབར་བའི་གཞལ། །པདྨ་ཟླ་བའི་འཁོར་ལོ་ཡིས། །དཔག་མེད་ནམ་མཁའི་གཞལ་ཡས་སུ། །རིགས་ཀྱི་དཔལ་བེའུ་འོད་ཀྱི་ཐིག །ཡེ་ཤེས་བཞི་ཡི་རང་བཞིན་གྱིས། །རྣལ་འབྱོར་ཅན་གྱིས་གདབ་པར་བྱའོ། །རྡོ་རྗེ་ནམ་མཁའ་འཁོར་ལོས་བསྐོར། །ཐབས་དང་ཤེས་རབ་ཟུང་ཡ་བཞི། །སོ་སོའི་ཕྱག་རྒྱ་གནས་ནས་ནི། །ནམ་མཁའི་དབུས་ཀྱི་སྙིང་པོ་ལ། །སྲད་བུ་བཞི་ཡི་རྒྱ་གྲམ་བྲི། །དེ་ནས་རྡོ་རྗེ་བསྟན་པའི་ས། །དབུས་ཀྱི་ཕོ་བྲང་དགུ་པ་ནི། །རྡོ་རྗེ་སྲད་བུའི་ཐིག་ཆེན་གྱིས། །ཕྱག་རྒྱ་བཞུགས་པའི་གནས་རྣམས་ཀུན། །ཆེ་ཆུང་མེད་པར་སྙོམས་པར་བྱ། །འདི་ནི་རྡོ་རྗེ་མུ་ཁྱུད་བདུན། །འབྱུང་བའི་རིམ་པ་དྲུག་བར་དུ། །འཁོར་ལོ་དྲུག་བརྩེག་སྙིང་པོ་འབར། །གྲུ་ཆད་ཕྱི་ནང་སྒོ་སྣམ་དང་། །ཁྱམས་ལྔ་སྒོ་ལྔ་སྲད་བུས་དབྱེ། །ཡང་ན་ཕོ་བྲང་རིགས་ལྔ་ལ། །སུམ་བརྩེག་སྒོ་ཡི་ཐིག་ཏུ་བྱ། །སྲད་བུའི་བྱ་བ་དེ་རྫོགས་ནས། །གོལ་སྒྲིབ་རྟག་ཆད་སྐྱོན་བྲལ་བའི། །ཆེ་ཆུང་ཡ་ཡོ་མེད་པ་སྟེ། །རྡོ་རྗེ་དབུ་མའི་ཐག་འདི་བགྱི། །ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་སུ། །མི་དམིགས་བདལ་བའི་མཎྜལ་ལ། །ཡེ་ཤེས་ལྔ་ཡི་ཐིག་འཕྲོས་པས། །བདེ་ཆེན་རྣམ་པ་ཕྱག་རྒྱའི་ཚོགས། །ཀུན་གཞི་ནམ་མཁའི་གཞལ་ཡས་སུ། །ཉོན་མོངས་རྟོགས་པའི་མཎྜལ་ལ། །ཏིང་འཛིན་འོད་ཟེར་ཐིག་འཕྲོས་པས། །ཕྱག་རྒྱ་འོད་ཟེར་འབར་བའི་ཚོགས། །མཁའ་དབྱིངས་གསང་བའི་གཞལ་ཡས་སུ། །ཟླ་ཁམ་པདྨའི་མཎྜལ་ལ། །བྱང་ཆུབ་སེམས་ཀྱི་ཐིག་འཕྲོས་པས། །ཡེ་ཤེས་སེམས་དཔའ་གསལ་བའི་ཚོགས། །བཀྲ་ཤིས་དབེན་པའི་གཞལ་ཡས་སུ། །མཚན་མ་རྟེན་གྱི་མཎྜལ་ལ། །རྡོ་རྗེ་སྲད་བུའི་ཐིག་འཕྲོས་པས། །ཆོ་འཕྲུལ་གཟུགས་བརྙན་ཕྱག་རྒྱ་འབར། །ལས་འདི་དུས་སུ་བགེགས་བསྐྲད་པ། །སྟོང་གསུམ་གསང་བའི་དཀྱིལ་འཁོར་དུ། །རྨད་འབྱུང་རྡོ་རྗེ་ཐིག་འགྱེད་པས། །གསང་བའི་དམ་ལ་མི་གནས་པའི། །འབྱུང་པོ་སྐྱེ་བོ་གདོལ་པ་ཅན། །རྡོ་རྗེ་རྩལ་གྱི་ཧཱུྃ་རིངས་ལས། །རྡོ་རྗེ་མཚོན་ཆའི་བུ་ཡུག་འཚུབ། །ཕྱོགས་མཚམས་བླ་འོག་ཁྲོ་བོར་གཏམས། །འབར་བ་གསང་བའི་མཚམས་བཟུང་སྟེ། །ཕྱི་རོལ་སྡེ་པའི་འདྲུལ་རྣམས་བཅད། །རྡོ་རྗེ་མཚོན་ཆ་འབར་བའི་མེ། །བསྲེག་དང་འཇོམས་པའི་ལས་རྣམས་ལ། །འཇོམས་པར་མཛད་པའི་དྲག་ཤུལ་ཅན། །རྡོ་རྗེ་ལྕེ་འདིས་འདི་བདེག་བྱ། །སྟ་གོན་གནས་པའང་གསུམ་ཤེས་ཏེ། །ལྷ་མིའི་ཡོ་བྱད་རྣམ་པ་གསུམ། །ཐོག་མ་ལྷ་ཡང་འདི་བཞིན་ཏེ། །སྲད་བུ་བྱ་བ་ཀུན་བྱས་ནས། །ཤེས་རབ་ཡུམ་གྱི་འཇོ་ཚུལ་གྱིས། །རྫས་མཆོག་འབར་བའི་ཐིག་ལེ་ནི། །རྣམ་པ་གཉིས་ཀྱི་འདི་གུ་དག །སྲིན་བལ་སྤེའུ་སྦྱར་བ་ཡིས། །གནས་ལྔ་དག་གི་གཞལ་ཡས་སུ། །གསང་བ་ཐབས་ཀྱི་ཐིག་ལེ་དག །ཀུན་ཏུ་ཟླ་བའི་ཐིག་ལེ་བྱ། །རྡོ་རྗེ་རྒྱལ་པོ་འཕགས་རྣམས་ཀྱིས། །སོ་སོའི་སྔགས་དང་རྩ་བའི་རྒྱ། །སོ་སོའི་གཏང་ཐབས་སྦྱར་ནས་ཀྱང་། །དེ་དག་གནས་སུ་བྱིན་གྱིས་བརླབས། །ལྷག་པའི་ཏིང་འཛིན་མཆོག་རྫོགས་བྱ། །དམ་ཚིག་ཕྱག་རྒྱ་མུ་ཡིས་གཤེགས། །དེ་བཞིན་མིའང་རྒྱལ་པོ་དང་། །སློབ་བུ་ཁྲུས་བྱས་སྟ་གོན་གནས། །ཡོ་བྱད་དཀྱིལ་འཁོར་ཆས་གོས་དང་། །མཆོད་རྫས་དབང་རྫས་འཚོགས་པར་བྱའོ། ༈ །རིན་ཆེན་ལྔ་རྒྱུས་བྱས་པའི་ཚོན། །གཏེར་དང་མུ་ཏིག་བྱི་རུ་དང་། །ཨིན་ཏྲ་ནི་ལེ་མ་རྒད་སོགས། །འབྱོར་པ་མཆོག་གིས་བརྩལ་བར་བྱ། །དེ་བཞིན་འབྲུ་དང་རྡུལ་ཚོགས་བཤམ། །ཁ་དོག་ལྔ་སོགས་བྱིན་བརླབས་ལ། མ་མཐོང་རྨོངས་པ་བཀྲི་བའི་ཕྱིར། །རང་བཞིན་ཅི་འདྲ་དབྱེ་བར་བྱའོ། །དེ་ནས་བྲི་བའི་ལས་བརྩམ་པའམ། །བློ་ལྡན་གཡས་གཡོན་བྱིན་བརླབས་ཏེ། །རྡོ་རྗེ་རྒྱལ་པོས་ཏིང་འཛིན་བསྐྱེད། །གཞན་རྣམས་དབུས་ནས་བྲི་བར་བརྩམ། །ཟླུམ་སོར་བཞི་སྤང་པའི་དབུས། །ཞི་བར་བྲིས་ལ་མེ་འོད་བསྐོར། །ལེའུ་ཚེ་དབུ་མའི་དཀྱིལ་འཁོར་དུའོ། །དབུས་ཀྱི་ཕོ་བྲང་དགུ་པ་ནི། །རིགས་ཀྱི་ཁ་དོག་ཕྱོགས་བཞིར་སྦྱར། །མཚམས་ནི་འདྲེན་མར་བརྩམ་པར་བྱ། །མུ་ཁྱུད་བདུན་དང་འཁོར་ལོ་དྲུག །གྲུ་ཆད་རྩེ་འཕྱན་མེ་རི་འཕྲོ། །མུ་ཁྱུད་ཚར་གསུམ་འབར་བའི་འཕྲེང་། །བར་འཁྱམས་ལྔས་མཛེས་གྲུ་ཆད་སྒོ། །ཕོ་བྲང་དེ་ཡི་གནས་རྣམས་སུ། །ཕྱག་རྒྱའི་ཚུལ་རྣམས་བྲི་བ་ནི། །ཕོ་བྲང་ལྟེ་བར་གཙོ་གཟུངས་ཉིད། །ལེ་ཙེ་ཕྱོགས་ལ་ཞེ་སྡང་སོགས། །དེ་བཞིན་མཚམས་བཞིར་ཆོ་འཕྲུལ་བཞི། །མུ་ཁྱུད་མཐར་ཟད་ཡན་ཆད་དུ། །ཡབ་ཡུམ་དྲུག་ཅུ་རྩ་དྲུག་པའོ། །འཁོར་ལོ་དམ་ཚིག་ཚད་མེད་བཞི། །རོལ་པ་འཇིགས་བྱེད་འཇིགས་བྱེད་ཆེ། །ཙ་ཀ་ལི་ལ་སོགས་པ་བྲི། །དེ་བཞིན་ཟ་བྱེད་ཡབ་ཡུམ་བཞི། །ལས་ཀྱི་ལྷ་སྟེ་ཧེ་རུ་ཀ །འཁོར་ལོ་ཐ་མ་རྩིབས་ལ་དགོད། །གནས་དང་ཡུལ་གྱི་ཕྱག་རྒྱ་དག །གྲུ་ཆད་ཕྱི་དང་ནང་ལ་བཀྲམ། །དེ་བཞིན་སྒོ་བཞིར་སྒོ་མ་བཀོད། །ཧཱུྃ་ཆེན་བཅུ་ཡི་ཡབ་ཡུམ་དག །ཤིན་ཏུ་མཛེས་པར་དང་པོ་ལའོ། །དེ་ཉིད་ལ་ནི་མ་བརྒྱད་དང་། །གི ང་ཆེན་བཅོ་བརྒྱད་རྒྱས་པར་དགོད། །གཉིས་པའི་འཁྱམས་ལ་མཁའ་འགྲོ་བརྒྱད། །ཤུགས་འགྲོ་བརྒྱད་ཀྱང་དེ་བཞིན་ནོ། །གསུམ་པའི་འཁྱམས་ལ་ཕྲ་མེན་བརྒྱད། །དེ་བཞིན་འབར་མ་བརྒྱད་རྣམས་བྲི། །བཞི་པའི་ཁྱམས་ལ་ཕོར་ཐོགས་བརྒྱད། །དེ་བཞིན་སྲིན་མོ་གཞོང་ཐོགས་བརྒྱད། །ཀུན་ཏུ་མཛེས་པར་བྲི་བར་བྱ། །ལྔ་པའི་ཁྱམས་ནི་ཐ་མ་ལ། །རྡོ་རྗེ་སླས་དང་བྲན་མོ་དང་། །ཕོ་ཉ་ལ་སོགས་རྒྱས་པར་བཀྲམ། །དེའང་ཚུལ་དུ་བཀོད་པ་ནི། །གོང་མ་དག་གི་རྒྱུ་རྣམས་ལས། །ཙཀ་ལི་ལ་སོགས་པ་དང་། །ཇི་ལྟར་འབྱོར་པ་དེ་ལྟར་བྲི། །དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ། །རྡོ་རྗེ་སྤུན་དང་མེ་རི་དང་། །དེ་བཞིན་རྡོ་རྗེའི་རིག་འཛིན་སོགས། །རྗེས་སུ་མཐུན་པར་བྲི་བར་བྱ། །མཆོད་པའི་ཡོ་བྱད་ཐམས་ཅད་དང་། །རྨད་དུ་འབྱུང་བའི་རྫས་མཆོག་དང་། །རྡོ་རྗེ་གསང་བའི་རིམ་པ་བཞིན། །ནང་དང་ཕྱི་རུ་དགོད་པར་བྱ། །དེ་མིན་འཁོར་ལོ་དཔལ་བེའུ་དང་། །ཟུར་བརྒྱད་ལེ་ཚེ་སྒོ་གསུམ་བྲི། །རྒྱན་ནི་རིན་ཆེན་སྣ་ཚོགས་དང་། །པན་ཙ་ར་ག་ཏ་ར་ན། །དྲ་བ་གཞལ་ཡས་མགུལ་འཁོར་དང་། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ཟ་ར་ཚགས་དང་ཆུན་འཕྱང་དང་། །དྲིལ་བུ་གཡེར་ཁ་སྣ་ཚོགས་བྲི། །ཡེ་ཤེས་ལྡ་ལྡི་མངོན་བྲིས་ཤིང་། །རྡོ་རྗེའི་རྒྱན་དང་འཕན་བླུབས་དང་། །སྦྲུལ་ནག་ཆེན་པོའི་ཟ་ར་ཚགས། །མུ་ཏིག་རིན་ཆེན་ཕྲེང་བ་དང་། །འཁོར་བའི་མཎྜལ་ཡོ་བཀྲམ་ལ། །བང་རིམ་ཆེ་ཆུང་ཁོག་སྨད་སྟོད། །རིང་ཐུང་ཡན་ལག་དབང་པོའི་ཕྲེང་། །རྡོ་རྗེ་ཀུན་ཏུ་སྤྲས་པར་བྲི། །དབུས་སུ་ཉ་ཆེན་ཀ་གདུང་ལ། །ཟླ་བས་ཀ་བའི་བརྒྱན་བྱས་ལ། །ཉི་མའི་ཀ་ལོ་སྦྲུལ་ཆུན་གྱིས། །ཀ་རྒྱན་བྱས་པ་བྲི་བར་བྱ། །སོ་སོའི་བྱིན་གྱིས་བརླབ་བྱས་ཏེ། །ནུས་པའི་མཐུ་དང་ལྡན་བྱས་པ། །ས་ཐིག་སུམ་སྒྲིལ་སྐུ་གསུང་ཐུགས། །ཡི་གེ་གསུམ་སྦྱངས་རབ་ཏུ་གནས། །དེ་བཞིན་གནམ་ཐིག་ཡེ་ཤེས་ལྔའོ། །རང་བཞིན་ཉིད་དུ་གཉིས་མེད་ཀྱང་། །ཚོན་ལ་རིགས་ཀྱི་ཡིག་སྦྱངས་ལ། །ཡེ་ཤེས་རིན་ཆེན་གསུམ་དུ་གསལ། །དེ་ལྟར་སློབ་བུ་གནས་པའང་། །འབྱོར་པའི་རྐྱེན་རྣམས་ཚང་བྱས་ན། །སྟ་གོན་ཚེ་ན་ལས་བརྒྱས་སྦྱར། །ཤར་ལྷོ་མཎྜལ་བརྩམས་བྱས་ཏེ། །སློབ་བུ་ཕྱིའི་དྲི་སྦྱངས་ཤིང་། །ཆས་གོས་བཟང་ལྡན་ཐལ་སྦྱར་ལ། །རྨོངས་པ་གསང་ཕྱིར་སེམས་བསྐྱེད་དོ། །དཀྱིལ་འཁོར་དཀྱིལ་འཁོར་ཐམས་ཅད་ཀྱི། །རྩ་བའི་དཀྱིལ་འཁོར་ཆེན་པོ་འདིས། །འཁོར་བ་ཐམས་ཅད་བསྒྲལ་བའི་ཕྱིར། །རྣལ་འབྱོར་ཅན་ལ་བཤད་པར་བྱ། །དཀྱིལ་འཁོར་དོན་དང་མཚན་ཉིད་དང་། །ཡོན་ཏན་འཁོར་བ་འདས་པའི་ཆོས། །སྐུ་ལ་ཡོངས་སུ་རྫོགས་ཚུལ་རྣམས། །གསལ་བྱས་དྲོད་པ་བསྐྱེད་བྱས་ཏེ། །འཇིག་རྟེན་དྲུག་ལས་དྲང་བྱས་ཏེ། །འགྱུར་དབང་མ་ངེས་པར་བཞག་བྱ། །ལྷ་བསྐྱེད་སྲུང་བ་བྱས་ཟིན་ནས། །ཀུ་ཤ་ཆུ་དང་སྲུང་སྐུད་དང་། །སོ་ཤིང་སྦྱིན་བྱ་བྲུས་བཤལ་ཏེ། །སྲུང་ཞིང་མཚན་མ་རྟོག་ཏུ་བཞུགས། །གང་ཞིག་ངན་པ་ལུས་སྲུངས་ལ། །ཐམས་ཅད་ངན་ན་དྲག་པོས་སྲེག །དེས་ནི་སྐྱོན་དབང་འགྱུར་མ་ཡིན། །དཀྱིལ་འཁོར་རབ་གནས་བཤད་པར་བྱ། །མཆོད་པའི་ལིང་ལོང་སྤྱད་པར་བཤམ། །འཕེལ་བའི་སྲེག་སྦྱངས་ཤར་བརྩམས་ཏེ། །རབ་གནས་ཡོ་བྱད་ལྡན་པར་བྱ། །མཁར་བསིལ་བ་ཡུ་ལྔས་བྱུགས་ལ། །བཀྲ་ཤིས་ཤིང་ཤུན་རྣམས་ཀྱིས་ཕྱི། །ཆུ་ཡིས་གཟུགས་བརྙན་གྱིས་གཟུགས་སྦྱངས། །ཏིང་འཛིན་དཀྱིལ་འཁོར་མཆོད་རྫོགས་ནས། །གཟུགས་བརྙན་རང་སེམས་མ་སྐྱེས་པའི། །སྣང་སྟོང་དབྱེར་མེད་གསལ་བྱས་ཏེ། །གཞལ་ཡས་རིམས་རྫོགས་བཅས་པར་བསྐྱེད། །སོ་སོའི་གདན་ལྡན་ས་བོན་ཉིད། །རྣམ་གསུམ་གང་ཡིན་ལྷར་བསྐྱེད་དེ། །དབང་དང་བྱིན་བརླབས་ནུས་པ་བསྐྱེད། །འཇིག་རྟེན་དབང་པོའི་ཆོས་ལུགས་སུ། །རང་བཞིན་ཡུལ་ནས་ཕབ་བྱས་ལ། །བསྟིམས་བརྟན་གཟི་བྱིན་ལྡན་པར་བྱ། །དེ་ལ་དབུ་བརྒྱན་ཅོད་པན་སོགས། །སྐུ་ཡི་རྒྱན་རྣམས་དབུལ་བ་དང་། །སོ་སོའི་གདན་དབུལ་དབང་སྐྱོན་གསལ། །ཆུ་བདུན་ཁྲུས་གསོལ་ལ་སོགས་དང་། །མཆོད་པ་བླ་ན་ཡོད་མེད་ཀུན། །ཇི་ལྟར་འབྱོར་ལྡན་ནན་ཏན་དབུལ། །རྒྱལ་སྲིད་ལོངས་སྤྱོད་བཅས་པ་དང་། །གླུ་བྲོ་གར་དང་རོལ་མོར་བཅས། །གླིང་བཞི་ཡེ་བཀྲམ་མཎྜལ་ལ། །དབུལ་རྩེགས་གཞུང་བཞིན་མཐུན་པར་བརྩམ། །སྦྱིན་སྲེག་དུས་དང་དངོས་པོ་སྟེ། །དུས་ནི་ས་དང་སྟ་གོན་དང་། །རབ་གནས་དབང་གི་དུས་རྣམས་སུ། །ཞི་དྲག་རྒྱས་དབང་ངོ་བོར་སྦྱར། །དེ་ལྟར་གང་ཞིག་རྩོམ་བྱེད་པ། །ཤིན་ཏུའང་ཤིས་པར་འགྱུར་བ་ཡིན། །ཐོག་མར་དབང་ཕྱུག་འཇུག་པའང་། །ཆས་གོས་ལྔ་ལྡན་ཤར་སྒོར་འཇུག །རིན་ཆེན་སྙིམ་ཐོགས་ལྷ་མངོན་བྱ། །བསྐུལ་བའི་འོད་ཀྱིས་གཟི་ལྡན་བྱ། །སངས་རྒྱས་བདེ་མཆོག་ཐམས་ཅད་ཀྱི། །རྡོ་རྗེ་དབང་མཆོག་ཐོབ་བྱ་བའི། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་བཞུགས་པར་བགྱི། །བཟོད་པ་མཛད་དེ་དགོངས་སུ་གསོལ། །འཛུམ་པས་གནང་བ་ཐོབ་པར་བསམ། །སྣོད་དུ་རུང་བའི་སློབ་མ་དག །གསང་བའི་དོན་དུ་འཇུག་པ་ན། །ལུས་ཀྱི་དྲི་མ་སྦྱང་བའི་ཕྱིར། །ཙན་དན་ཆུ་ཡི་བཀྲུ་བར་བྱ། །རིན་ཆེན་སྙིམ་པས་མཛེས་ཐོགས་ནས། །དམར་པོ་རས་ཀྱིས་གདོང་གཡོགས་བྱ། །ཨེ་མ་ཧོ་བདེ་མཆོག་དགའ་ཚལ་འདིར། །བདག་ཅག་ཀུན་ཏུ་འཇུག་པར་འཚལ། །དགའ་བ་བྱང་ཆུབ་སེམས་བསྐྱེད་ནས། །གསང་བའི་དོན་འདི་སྤྱད་པར་བགྱི། །གསང་བའི་དཀྱིལ་འཁོར་དམ་པ་འདིར། །སྐྱེས་བུ་ཆེན་པོས་བཞུགས་སུ་གསོལ། །རྣལ་འབྱོར་འཇུག་པའི་བྱིས་པ་ཁྱོད། །འཇིག་རྟེན་དྲུག་ཏུ་དྲངས་ནས་ཀྱང་། །འདས་དང་མ་འདས་ས་མཚམས་ཀྱི། །འགྱུར་དབང་མ་ངེས་པ་ལ་བཞག །ཕྱི་ཕྱིར་དང་པོ་ཡིན་པས་ན། །བྱིས་པ་བློ་ཤེད་མ་བྱེ་བས། །བཟང་ངན་བདེ་སྡུག་མི་ཤེས་ཤིང་། །བསྟན་དང་གསང་བའི་དམིགས་མི་ཕྱེད། །དཔའ་བོ་ཆེན་པོ་དགོངས་སུ་གསོལ། །བདག་ཅག་སྐལ་ལྡན་འདུས་པའི་ཚོགས། །སྒོ་འདིར་འཇུག་པར་འཚལ་ལགས་ན། །རྒྱལ་བའི་སྲས་སུ་བཟུང་དུ་གསོལ། །སྐལ་ལྡན་འདུས་པའི་ཚོགས་ཆེན་ཁྱོད། །བདེ་བར་འོངས་སོ་ལེགས་པར་འོངས། །སུ་དག་འོངས་པ་སླར་མི་ལྡོག །བདག་ཅག་མཐའ་ཡས་སེམས་ཅན་རྣམས། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཉིད་སངས་རྒྱས་ཡིན་པ་ལ། །མུས་པས་སྒྲིབས་པས་དེ་མ་ཤེས། །བྱང་ཆུབ་སེམས་ཀྱི་ལམ་འདི་ནས། །སངས་རྒྱས་པ་ལ་འཇུག་པར་བགྱི། །བདེ་ཆེན་ལྷུན་གྲུབ་གཞལ་ཡས་འདིར། །རྣམ་པར་ཐར་པའི་སྒོ་བཞི་ནས། །ཚད་མེད་ཐུགས་རྗེའི་སྒོ་ཕྱེ་ནས། །བྱམས་པའི་ཞལ་བཟངས་བསྟན་དུ་གསོལ། །ཨེ་མ་ཧོ་སྐལ་ལྡན་འདུས་པའི་ཚོགས། །བྱང་ཆུབ་ལམ་ལ་བཟུད་པའི་ཕྱིར། །རྡོ་རྗེ་གསང་སྒོ་དབྱེ་བར་བྱ། །ཕོ་བྲང་རྨད་འབྱུང་གཞལ་ཡས་ན། །རྒྱལ་བ་རྒྱ་མཚོ་ཀུན་བཞུགས་ལ། །རྣལ་འབྱོར་ངེས་པར་ལྷག་པར་མོས། །རྡོ་རྗེ་གདུང་ལ་སྐྱབས་སུ་མཆི། །རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་འདྲེན་པའི་དཔལ་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །བྱམས་མགོན་ཁྱོད་ལ་སྐྱབས་སུ་མཆི། །དེ་སྐད་གསོལ་བ་བཏབ་པ་དང་། །རྣལ་འབྱོར་ཆེན་པོའི་ཞབས་གཉིས་ལ། །འཇུག་པ་དེ་ཡི་སྤྱི་བོས་གཏུག །སངས་རྒྱས་བདེ་མཆོག་ཐམས་ཅད་ཀྱི། །རྡོ་རྗེ་གསང་མཆོག་གསུམ་ལས་བྱུང་། །སྲིད་པ་གསུམ་གྱིས་ཕྱག་བགྱིས་པས། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །ཨ་ཏི་ཧོ་སྟ་དྷྲི་སྟྂ་ཁྂ། །ཐོག་མ་མེད་པའི་དུས་མཐའ་ནས། །མ་རིག་ལོག་རྟོག་དབང་གིས་ན། །སྡིག་པ་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་སོ་སོར་བཤགས། །རྒྱལ་མཆོག་སྐྱེས་བུ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་སྤྱོད་པར་བགྱི། །སྤྱོད་པ་བསམ་ཡས་རྨད་འབྱུང་བ། །འགྲོ་ལ་ཕན་པའི་དོན་དུ་སྤྱད། །འཁོར་བའི་མཐའ་རིངས་འཇིག་རྟེན་པ། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་པ་ནི་གྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་ཞིང་ཁམས་སུ། །སྙིང་པོ་བྱང་ཆུབ་ཉིད་དུ་སྦྱར། །ཁྱོད་ནི་དགའ་བ་ཅི་ལ་དགའ། །ཁྱོད་ནི་དད་པ་ཅི་ལ་དད། །ཁྱོད་ནི་མོས་པ་ཅི་ལ་མོས། །ཁྱོད་ནི་འདོད་པ་ཅི་ལྟ་བ། །བདག་ཅག་སྐལ་ལྡན་བདེ་ཆེན་པོ། །རབ་དགེས་སེམས་ལ་བདག་ཅག་དགའ། །མཆོག་ཉིད་དོན་ལ་བདག་ཅག་དད། །ཨེ་མ་ཧོ་བདེ་མཆོག་དགའ་ཚལ་འདིར། །སངས་རྒྱས་མཛད་དཀའ་སྤྱད་ནས་ནི། །འགྲོ་བ་ཐམས་ཅད་སྒྲལ་བར་མོས། །རྒྱལ་བ་ཕ་དང་འགྲོ་རྣམས་ལ། །ཚོགས་ཕྱིར་རྣམ་སྨིན་ལུས་དབུལ་ཏེ། །བདག་ཅག་དྲེགས་པའི་མཐའ་ལ་ཞེན་པ་རྣམས། །ལས་དང་ལས་ཀྱིས་འཁོར་བའི་དྲ་བ་འདི། །བཀའ་ཡི་ཏན་ཚོགས་ཞིབ་མོས་མ་བཀྲོལ་ཞིང་། །ཤེས་རབ་ཟབ་མོས་དམིགས་སུ་མ་ཕྱེ་བས། །རང་བཞིན་ཡེ་ཤེས་བློ་དང་མི་ལྡན་ཞིང་། །ངེས་པར་ལེགས་པའི་གྲོས་ཀྱིས་མ་ཆོད་དེ། །གར་ཐབས་གློག་གི་ཞགས་པས་མ་ཟིན་པས། །རྣམ་ཤེས་ལས་ཀྱི་རྒྱ་མཚོ་ལྦས་བསྒྲིབས་ཏེ། །དེ་ཉིད་དེ་བཞིན་ཉིད་དུ་ངོ་མ་མཚར། །གཏི་མུག་རང་སེམས་བདག་ཏུ་བཟུང་བས་ནོངས། །ངན་དུ་འགྱོད་པས་ནོངས་པའི་ཚུལ་བཟུང་ནས། །དཔའ་བོ་ཆེན་པོ་ཁྱོད་ལ་སྐྱབས་སུ་མཆི། །དངོས་པོར་སྤྱད་ཕྱིར་བདག་ལུས་གདན་དུ་དབུལ། །ཐབས་མཁས་ཐུགས་རྗེས་ལུས་འདི་བཞེས་སུ་གསོལ། །གཡས་གཡོན་ཉི་ཟླར་ཡིག་འབྲུ་བཅུ། །སྦྱོར་བ་འོད་ཀྱིས་སྒྲིབ་པ་བྲལ། །ༀ་བཛྲ་བན་དྷ་ཏྲ་ཐ། ཏ་ཀེམ་ཏ་ཀེམ་ཕཊ། ཧ་ལ་ཧ་ལ་རྂ། ཏིག་སྣ་ཏིག་སྣ་ཁྂ། ཏྲོ་ཏ་ཏྲོ་ཏ་ཡྂ། གསང་བ་མཆོག་གི་དབང་པོ་ཡིས། །རྒྱུད་སྦྱངས་རྒྱུད་དྲུག་ལམ་སྒོ་བཅད། །རིག་པ་འཛིན་པའི་རྣལ་འབྱོར་ཀུན། །དཀྱིལ་འཁོར་ཆེན་པོར་གསལ་བཏན་ཏེ། །ཕྱག་རྒྱ་དབང་དང་བཅས་པ་ཡིས། །འཁོར་བའི་རྒྱུད་རྣམས་སྦྱངས་བར་བྱ། །འཇུག་པ་དེ་ཡི་གནས་ལྔ་རུ། །བརྒྱུད་དྲུག་ས་བོན་བསྐྱེད་ནས་ཀྱང་། །ཧཱུྃ་ལྔ་དག་གིས་གནན་པར་བྱ། །འཇུག་པ་དེ་ཡི་སྤྱི་བོར་ནི། །ས་ཡི་ཡེ་ཤེས་ལས་བཀྲུན་པ། །པདྨ་ཁ་བཞི་བྱེ་བ་ལ། །མི་དང་ལྷ་ཡི་ས་བོན་དགོད། །ཤར་ལྷོ་ནུབ་དང་བྱང་དག་ཏུ། །ལྷ་མིན་དུད་འགྲོ་ཡི་དྭགས་དང་། །དམྱལ་བ་རྣམས་ཀྱི་ས་བོན་གདབ། །ཧཱུྃ་གིས་ལམ་སྒོ་བཅད་པར་བྱ། །ལག་གཉིས་མཐེ་ཆུང་མཐེ་བོས་མནན། །སོར་མོ་གསུམ་སྦྱར་དཔྲལ་བར་སྣོལ། །ལྷ་དང་ལྷ་མིན་གནས་དག་ཏུ། །མི་གཏོང་བཟློག་པའི་ཕྱག་རྒྱ་ཡིན། །ལག་གཉིས་བསྣོལ་ནས་མཆན་ཁུང་བསྟམ། །མི་ཡི་ཁམས་ནས་བཟློག་པའི་རྒྱ། །ཁུ་ཚུར་བཅངས་ཏེ་འབྲུ་སྦྲེང་ནས། །གཡོན་གྱི་སྟེང་དུ་མནན་པ་ནི། །བྱོལ་སོང་གནས་ནས་བཟློག་པའི་རྒྱ། །ཐལ་མོ་མཉམ་སྦྱར་གུས་རྩེ་སྤྲད། །གུང་མོ་རྒྱབ་ཏུ་སྲིན་ལག་སྣོལ། །འགུལ་ནས་མཛུབ་མོས་འཁྱུད་པ་ནི། །ཡི་དྭགས་ཁམས་ལས་བཟློག་པའི་རྒྱ། །གཡོན་ཐོགས་གཡས་ཀྱི་རྒྱབ་སྦྱར་ཏེ། །སྲིན་ལག་གུང་མཛུབ་གཅིག་ནས་གཅིག །འཁྱུད་པ་དམྱལ་བའི་སྒོ་གཅོད་རྒྱ། །ལག་པའི་ཕྱག་རྒྱ་བཅས་ནས་ནི། །ངག་གི་རྡོ་རྗེ་སྔགས་བརྗོད་པས། །ཀྱེ་མ་རཱུ་ཏྲ་ཀྲོ་ཏ་ཀི་ཧཱུྃ། ཧྲཱི་ས་མ་པ་ཏ་ཧཱུྃ། རྣམ་ཤེས་རིགས་ཀྱི་ལྷར་བསྐྱེད་དེ། །གོ་ཆས་ཁྱབ་བྱས་སྲུང་བར་བྱ། །སྐུ་གསུང་ཐུགས་སུ་བརྟན་པར་བྱ། །ༀ་ཨ་ཧཱུྃ། མི་ཕྱེད་གསང་བའི་རྣལ་འབྱོར་པ། །གཉིས་མེད་དོན་གྱི་དབྱིངས་ལས་བྱུང་། །དབྱིངས་ནི་མི་འཇིག་རྡོ་རྗེ་སྟེ། །འདུ་འབྲལ་མེད་པར་གཅིག་པས་ན། །གསང་བ་གསུམ་གྱི་དབྱིངས་ཉིད་དུ། །གཉིས་སུ་མེད་པར་ནན་ཏན་མཛོད། །རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱོད། །རྡོ་རྗེ་ཅན་དུ་ངེས་གཅིག་ན། །གསང་བ་གསུམ་དུ་མཉམ་པའི་ཕྱིར། །མི་ཕྱེད་རྡོ་རྗེའི་དམ་ཚིག་སྦྱིན། །མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། །གསང་བ་གསུམ་གྱི་དབྱིངས་ནས་ཕྱུང་། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་ནི། །གྲུབ་ན་འཇིག་པའི་དུས་མེད་དོ། །ༀ་བཛྲ་ཨ་མྲྀ་ཏ་ཨ་ཧི་ཧི་སརྦ་མན་ཧཱུྃ་ཧྲཱི་ཐ་ཞེས། བདུད་རྩི་ལྔ་ལྕེ་ལ་ཐིམ་པར་བཞག །རྡོ་རྗེ་དམ་ཚིག་སྡོམ་པ་རྣམས། །ཐམས་ཅད་ཐམས་ཅད་འབོག་པར་བྱ། །སློབ་མའི་གཉེར་ཡང་དབོག་པར་བྱ། །ཀྱེ་རིག་འཛིན་རྡོ་རྗེ་བུ་མཆོག་ཁྱོད། །རྣལ་འབྱོར་རྒྱལ་བའི་སྲས་ཡིན་གྱིས། །གཞན་ལ་གསང་བ་མ་སྨྲ་ཤིག །གལ་ཏེ་སྨྲ་ན་དམྱལ་བར་འཚིག །འདུ་འབྲལ་མེད་པ་ཆོས་ཀྱི་སྤུན། །རིགས་མི་མཐུན་ཡང་དམ་ཚིག་གཅིག །འདའ་བར་དཀའ་བས་བསྡུས་པས་ན། །དམ་ཚིག་ཅན་དུ་ནན་ཏན་མཛོད། །གསང་བ་གསུམ་གྱི་དམ་པ་རྣམས། །ཁྱེད་ཀྱིས་རབ་ཏུ་བསླུས་འགྱུར་ན། །དེ་ཀུན་ཁྲོས་ནས་ཁྲག་ཆེན་པོ། །ཉམས་པའིི་སྙིང་ནས་དྲངས་ཏེ་འཐུངས། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །དམ་ཚིག་འདི་ལས་གང་འདས་པ། །རྒྱལ་བ་ཐམས་ཅད་བསླུས་པ་ཡིན། །ཁྲག་འཐུང་མཁའ་འགྲོ་འབར་བའི་ཚོགས། །འཁྲོས་པའི་སྙིང་ཁྲག་ཐོགས་པ་འཐུང་། །བཛྲ་ས་མ་ཡ། ཨི་ནན་ཏེ་ན་ར་ཀན། བ་ར་ཧྲཱི་ཏ་ཡ། ན་མ་བ་སྟི་ནན། ས་མ་ཡ་རཀྴ། སི་ཏི་པྱི་ཏ་བཛྲ་ཨ་མྲྀ་ཏ་ཧོ་ཁྂ། རྡོ་རྗེ་ཐ་ཚིག་ཆུ་བླུད་ནས། །རྡོ་རྗེ་གལ་ཆེན་མནའ་མདོར་རོ། །དེ་ནས་དམ་ཚིག་ཆེན་པོ་བསྒྲགས། །མ་འོངས་སངས་རྒྱས་བློ་ལྡན་ཁྱོད། །བླ་མེད་ཡེ་ཤེས་བསྐྱེད་པའི་ཕྱིར། །རྒྱུད་སྦྱོངས་གསང་བའི་ལམ་དུ་ཞུགས། །རང་གི་མེ་ལོང་ཉིད་ལ་ལྟོས། །གསང་གསུམ་ཉིད་དུ་བཀོད་པ་ཡི། །གསང་ཆེན་གསང་བ་རབ་བསགས་པ། །མཐོང་བས་དེ་བཞིན་ཉིད་དུ་འགྱུར། །གཞན་མིན་རང་བྱུང་དེ་ཁོ་ནའོ། །བློ་ཆུང་རྣམས་ལ་མ་སྨྲ་ཤིག །གལ་ཏེ་སྨྲས་པར་གྱུར་ན་ནི། །ཐ་ཚིགས་དྲགས་པ་ཉམས་གྱུར་ནས། །མེ་ཆེན་འབར་བའི་གནས་སུ་བསྲེག །སྔོན་ཚེ་གོང་ནས་འབྲེལ་པ་ཡི། །བདག་གི་ཉེ་ན་གང་ལགས་པ། །ལས་འཕྲོ་དང་ནི་ཐུགས་རྗེ་ཡིས། །ད་ལྟ་ཉིད་དུ་འབབ་པར་ཤོག །མེ་ཏོག་ཕོག་པའི་ལྷ་བྱིན་ཏེ། །རང་མཚན་ཐུགས་དམ་ཧཱུྃ་བཅས་ཀྱིས། །དམ་ཚིག་བསྟན་ལ་ལྕགས་ཀྱུས་དྲང་། །ལེགས་ཉེས་གསལ་བྱས་ཕྱག་རྒྱ་བཞིས། །ཁ་ནའི་སྙིང་ལ་བསྟིམ་བྱས་ཏེ། །རང་བཞིན་གཉིས་མེད་གསལ་བར་བྱ། །ཡང་ན་ཐབས་ཀྱི་གར་ཐབས་ཀྱིས། །བདེ་བ་ཆེན་པོའི་ལྷ་ཉིད་དབབ། །སོ་སོའི་རིགས་ཀྱི་ཁྱད་པར་དག །ཇི་ལྟར་བསྒོམ་པའི་ནན་ཏན་གྱིས། །གསང་བའི་མིག་ནི་དབྱེ་བར་བྱ། །བཛྲ་ཙཀྵུ་པྲ་བེ་ཤ་ཡ། །དཀྱིལ་འཁོར་མངོན་མཐོང་ཆེ་བ་བསྐྱེད། །རིན་ཆེན་ཆག་ཤིང་ལག་ཐོགས་ཏེ། །ལེ་ཚེ་དགུ་དང་འཁོར་ལོ་དྲུག །མུ་འཁྱུད་བདུན་ཕྲེང་གྲུ་ཆད་གཉིས། །ཡེ་ཤེས་སྒོ་དགུ་ལ་སོགས་པ། །དོན་དང་དཀྱིལ་འཁོར་གཙོ་འཁོར་ལྷ། །རང་བཞིན་དོན་གྱི་མཚན་ཉིད་དང་། །འཁོར་འདས་སྐུ་རྫོགས་ངེས་པར་བསྟན། །དེ་ལྟར་གསལ་བྱས་མོས་སྐྱེས་ཤིང་། །ཤིན་ཏུའང་དབང་མཆོག་རྒྱུ་རུ་འགྱུར། །དབང་ཕྱུག་ཆེན་པོ་དགོས་བསྐྱེད་ནས། །དགོས་པ་རྣམ་པ་གཉིས་ལྡན་ཕྱིར། །གསེར་ཤེལ་བཻ་ཌཱུརྱ་བྱི་རུ་དང་། །ཨིན་ཏྲ་ལ་སོགས་རིགས་ཀྱི་ཡོན། །སེར་སྣ་སྤངས་པའི་སེམས་ཀྱིས་དབུལ། །མདོར་ན་རྒྱལ་སྲིད་རང་ལུས་དང་། །དམ་པའི་ཡོ་བྱད་བརྒྱད་རྫོགས་པས། །དམ་པ་དེ་ལ་རྫོགས་པར་དབུལ། །དཀྱིལ་འཁོར་དམ་པ་ལེགས་བཞུགས་པའི། །རང་རང་བསྐལ་བའི་རིམ་པ་བཞིན། །ལ་ལ་འདུན་པའི་རྣལ་འབྱོར་འགྱུར། །ལ་ལ་རིགས་ཆེན་འབྱེད་ལ་གནས། །ལ་ལ་དབུགས་ཆེན་ཕྱིན་པ་ཉིད། །ལ་ལ་ལུང་ཆེན་ཐོབ་པར་འགྱུར། །ལ་ལ་རྩལ་ཆེན་ཡོངས་སུ་རྫོགས། །དེ་བཞིན་ཡོན་ཏན་བསམ་མི་ཁྱབ། །དེ་བྱས་ཟིན་ནས་ཐོབ་བྱ་བའང་། །ད་ལྟར་འདས་པའི་དུས་དང་གཉིས། །སྔོན་དུ་གཤེགས་པ་གཉིས་བསྟན་ཏེ། །དངོས་འབྱུང་ལུང་བསྟན་རྣམ་གཉིས་པོ། །དང་པོའི་དང་པོ་བསྒྲང་བྱ་བའང་། །ཁུངས་དང་གྲགས་པ་ཆུ་བོ་དང་། །ཡུལ་དང་དབང་པོ་དགོས་པ་དང་། །ཐབས་དང་གནས་དང་རྟགས་དང་དོན། །བསྡུས་པ་འདི་ཡིས་རྫོགས་པར་འགྱུར། །ཁུངས་ནི་ལོ་རྒྱུས་བསྙད་པ་སྟེ། །རྒྱལ་རིགས་བརྒྱུད་དུ་གང་བྱུང་ནས། །རྒྱལ་སྲིད་དམངས་ཀྱིས་གང་སྟབས་པས། །ཚིག་བཙུན་ཡུལ་ལ་དབང་བསྒྱུར་བའི། །ཀུན་གྱི་སྤྱི་བོར་འགྱུར་བ་བཞིན། །རྒྱལ་རྣམས་ཡོངས་སུ་རྫོགས་པས་ན། །ལྷ་དང་བཅས་པའི་འཇིག་རྟེན་པས། །ཆོས་ཀྱི་རྒྱལ་པོར་མངའ་བསྟབས་པས། །དེ་ནས་བྱང་ཆུབ་མངོན་སངས་རྒྱས། །དམ་པའི་ཁྱེའུ་ལྔའང་དེ་བཞིན་གྱུར། །གྲགས་པའི་མིང་གི་དབང་བསྐུར་བ། །རྒྱལ་བ་དཔག་ཏུ་མེད་པ་རྣམས། །ཇི་བཞིན་མཁའ་ལ་སྤྲིན་དཔུང་བཞིན། །ཡོངས་སུ་འདུ་བར་རབ་འདུས་ན། །རྒྱལ་ཚབ་ཆོས་ལ་མིང་དབང་བསྐུར། །དེ་བཞིན་རྒྱལ་བ་ལ་ལས་ནི། །རྡོ་རྗེའི་གདུང་སྟེ་རྒྱུད་དབང་འཛིན། །ལ་ལས་རིན་ཆེན་པདྨོ་དང་། །གཞོན་ནུ་གླང་པོའི་སྡེ་བརྒྱུད་སྦྱིན། །ལ་ལས་མཚན་གྱི་འོད་ཟེར་གྱི། །དབང་གི་མཚན་གྱི་དབང་རྣམས་སྦྱིན། །དེ་ལྟར་དཔེ་བྱད་རྗེས་སུ་འཛིན། །ལ་ལས་རྒྱན་དང་ཁ་དོག་འོད་ཟེར་གྱིས། །བརྒྱན་དང་ཁ་དོག་དྲུག་དབང་སྦྱིན། །ལ་ལས་མ་འདྲེས་བཅོ་བརྒྱད་དང་། །སྟོབས་དང་མི་འཇིགས་བཅུ་བཞི་དབང་། །སོ་སོར་རིག་པ་བཞི་དབང་གིས། །དེ་དག་ཉིད་ཀྱི་དབང་རྣམས་སྦྱིན། །ལ་ལས་མཐུན་པར་བསྡུས་པའི་དབང་། །དེ་ལྟར་ཕྱོགས་མེད་པར་བསྡུས་དང་། །གཏོང་པས་བསྡུ་དབང་ལོངས་སྤྱོད་པས། །བསྡུ་བའི་དབང་དང་སྤྱོད་མཐུན་དབང་། །འདྲེན་པས་བསྡུ་དང་དབང་གིས་བསྡུ། །མཉམ་པས་བསྡུ་དང་རག་ལས་པས། །བསྡུ་དབང་རྒྱུས་བསྡུ་འབྲས་བསྡུ་དབང། །དེ་ཉིད་དབང་གིས་དེ་དབང་སྦྱིན། །ལ་ལས་ཚེ་དབང་སེམས་ལ་དབང་། །སྐྱེ་ལ་དབང་དང་ཡོ་བྱད་ཆོས། །རྫུ་འཕྲུལ་མོས་ལས་ལས་དབང་དང་། །ཡེ་ཤེས་སྨོན་ལམ་དབང་བཅུ་རྣམས། །རྒྱལ་བ་རེ་རེས་དེ་དེ་བྱིན། །ཏོག་དཀར་དོན་གྲུབ་ཤཱཀ་ཐུབ་དང་། །ཕྱག་ན་རྡོ་རྗེ་ཁྱེ་ལྔ་དག །ཐུན་མོང་ཀུན་ལ་དབང་བསྐུར་བ། །ལ་ལས་རྒྱལ་ཚབ་སྐྱེས་བུ་དབང་། །བྱིན་བརླབས་དབང་དང་ལུང་སྟོན་དབང་། །རྩལ་ཆེན་ནུས་དབང་དེ་ཉིད་ཀྱིས། །བཞི་ལ་སོ་སོར་དེ་ཉིད་བྱིན། །ཆུ་བོ་བཞི་ནི་རྒྱུད་ཀྱི་ཆུ། །འབྱུང་བའི་ཆུ་བོ་གྲགས་པའི་ཆུ། །རྫོགས་པའི་ཆུ་བོ་དེ་དབང་བསྐུར། །རྗེས་སུ་མཐུན་པར་དེ་ཉིད་སྦྱིན། །ཐོབ་བྱའི་ཡུལ་ཡང་ཆོས་རྒྱལ་པོ། །བྱིན་བརླབས་དབང་ཕྱུག་སྒྲོན་མ་བྱེད། །གསང་བ་འཛིན་པའི་དབང་བཞིན་བསྐུར། །སློབ་མ་བཞི་ལ་རིམ་པ་སྦྱིན། །དབང་པོ་བཤེས་གཉེན་མཚན་ཉིད་ནི། །ཕྱོགས་བཅུའི་རྒྱལ་བ་འདུས་པ་ཡིས། །དམ་པ་ཏོག་ལ་ཆོས་རྒྱལ་ཉིད། །དོན་གྲུབ་རིགས་ལྔ་སངས་རྒྱས་དང་། །ཤཱཀ་ཐུབ་རྒྱལ་བ་དཔག་ཏུ་མེད། །གསང་བདག་ལོངས་སྤྱོད་སྤྲུལ་པའི་བསྐུར། །ཆེད་ནི་དུས་ལ་བབ་ཕྱིར་རོ། །ཏོག་དཀར་རྒྱལ་བར་འབྱུང་བ་ཡི། །དུས་ལ་བབ་ཕྱིར་དབང་བསྐུར་དང་། །དེ་བཞིན་དོན་གྲུབ་གཟུགས་སྐུར་རྒྱ། །ཤཱཀ་ཐུབ་ངེས་པར་ལུང་ཐོབ་དུས། །གསང་བར་ངེས་པའི་དུས་བབ་བསྐུར། །གང་འདིར་ཐབས་ཀྱི་མཚན་ཉིད་བརྗོད། །རིན་ཆེན་ཏོག་ལྟར་དབང་བསྐུར་རྫས། །ཉི་ཟླ་རྡོ་རྗེ་འབར་བ་བྱིན། །ལ་ལས་རིགས་ཀྱི་ཕྱག་རྒྱ་བྱིན། །རྡོ་རྗེ་ཕ་ལམ་ལྟ་བུའི་དབང་། །རྫས་དེ་གཏད་ནས་དེ་དབང་བྱིན། །བསྐུར་བའི་གནས་ནི་དགའ་ལྡན་དང་། །འོག་མིན་སྙིང་པོ་བྱང་ཆུབ་གནས། །དབང་བསྒྱུར་ཁང་བཟངས་གྱད་ཡུལ་དུ། །བཞི་ལ་སོ་སོའི་གནས་སུ་བསྐུར། །བསྐུར་བའི་རྟགས་ཀྱང་འདི་ལྟ་སྟེ། །དམ་ཏོག་ཆོས་ཀྱི་རྒྱལ་ཚབ་བྱིན། །དོན་གྲུབ་རྫོགས་ལོངས་སྤྱོད་པར་བྱིན། །ཐུབ་ལ་ཆོས་ཀྱི་མངའ་བདག་ཉིད། །མཐུ་སྟོབས་ཅན་ལ་གསང་བདག་བྱིན། །དེ་ལྟར་སྣང་བ་ཐོབ་པའི་རྟགས། །འདས་དང་ད་ལྟར་ཐུན་མོང་པ། །རྒྱུ་དང་ཐོབ་དང་མི་ཐོབ་དང་། །ཡུལ་དང་སྣོད་དང་ཁྱད་པར་རྟགས། །བདུན་གྱིས་འདིའི་དོན་བསྡུས་པའང་། །རྒྱུ་ནི་རྣལ་འབྱོར་རྣམ་པ་ལྔའོ། །ཐོབ་ཚད་བསླབ་པ་ཆུབ་པ་དང་། །དེ་ཉིད་མཐོང་དང་ཤེས་བྱ་རྣམས། །གང་ལའང་ཉམ་མི་ང་འཇིགས་བྲལ། །མི་ཐོབ་པ་ནི་གང་རློམ་དང་། །གང་དག་མ་ངེས་གང་ལའང་། །དམ་པར་དམིགས་དང་གང་མི་འབྱུང་། །ཡུལ་ནི་མཆོད་རྟེན་སྒྲ་སྙན་དང་། །ཚད་མ་དང་ནི་ངེས་པའོ། །སྣོད་ནི་རྒྱུད་འབྱུང་རྩལ་རྫོགས་དང་། །ཐུགས་རྗེ་འབྱུང་དང་གཞན་དབང་འགྱུར། །ཁྱད་པར་གཉིས་ཏེ་རྩལ་བསྐུར་འཐོབ། །རྩལ་གྱིས་ཐོབ་པ་འདི་ལྟ་སྟེ། །རྒྱལ་བ་རྣམས་ཀྱི་གསང་བའི་ཐུགས། །རྟོགས་ན་གང་ལ་གསལ་བྱེད་པ། །དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ། སྲིད་པ་གསུམ་གྱིས་དེ་དབང་བསྐུར། །གང་དག་ཐོབ་པས་བསྐུར་བའང་། །གང་ལ་ཕན་པའི་དབང་བསྐུར་དང་། །གང་གིས་ནུས་དབང་ཙམ་བསྐུར་བའོ། །གཙུག་ཏོར་དམ་པར་འབྱུང་བའི་རྟགས། །གང་ལ་མ་བཞག་ལྷན་ནེ་བ། །ལྷུན་གྱིས་ཡོངས་སུ་གྲུབ་པ་དང་། །འོད་ཟེར་མཐའ་ཡས་རྒྱལ་པོའོ། །འདས་པ་གཅིག་ཤེས་འདི་ལྟ་སྟེ། །ལྔ་བཞི་རང་བཞིན་དཀྱིལ་འཁོར་དུ། །དེ་ལྟར་དབང་བསྐུར་ས་བོན་ལྟར། །ཕྱིས་འབྱུང་གཟུགས་བརྙན་དཀྱིལ་འཁོར་དུ། །རིམ་པ་བརྒྱུད་བཞིིན་རྫོགས་བྱས་ནས། །སླབ་བཅུའི་ཆིབ་པའང་དེ་བཞིན་འགྱུར། །དེས་ན་སྔོན་འབྱུང་ལོ་རྒྱུས་བཤད། །བྲོད་པས་བསྔུན་བསུ་འབད་པར་གྱིས། །དེ་ལྟར་ད་ལྟར་ཤེས་ཐོབ་ཕྱིར། །ཆོས་མིག་སྐལ་ལྡན་འདིར་བྱའི་དོན། །རྣལ་འབྱོར་པ་དང་སྐབས་བགྲོད་ཕྱིར། །ངོ་བོ་རྣམ་བཞི་འཆད་པ་བཞིན། །ཡོངས་སུ་རྫོགས་པར་བྱེད་པའོ། །བླ་མ་རྡོ་རྗེ་འཁོར་ལོ་རྒྱལ། །ཡོན་ཏན་མཆོག་གི་སྟེར་འགྱུར་ཅིང་། །སྲིད་པས་ཞུས་ཀྱང་ཟད་མི་ཤེས། །རྐྱེན་ཐུབ་དབང་ལུང་རྫོགས་པ་བཟུང་། །བླ་མའི་ཡུལ་དང་བདག་པོའི་ཕྱིར། །སྐབས་སུ་ཡུལ་དང་དབང་པོར་བརྗོད། ༈ །རྡོ་རྗེ་སློབ་མའི་མཚན་ཉིད་ཀྱང་། །སྣོད་ཀྱི་སྐྱོན་སྤངས་གགས་ལ་རིང་། །བརྩོན་དང་འགྲུས་ལྡན་ངང་ཚུལ་ཅན། །རང་བཞིན་བཟང་ལ་ཁོང་རྡིག་ཅན། །གསང་ཐུབ་སྤྱོད་དག་ཟོན་བག་ཆེ། །ཁྲོ་གཉེར་མེད་པར་སྤྱོད་པ་མཛེས། །སྒོ་གསུམ་གཙང་སྤྱོད་ཉེས་གསུམ་སྡོམ། །བླ་མའི་ཐུགས་དང་མཐུན་སྤྱོད་པའོ། །ཆོས་མཐུན་པ་ཡིས་གཉིས་སུ་འགྱུར། །སྤྱི་ཡི་ཁྱད་པར་སྤྱི་དོན་དུ། །རྒྱལ་རིགས་དྲ་མ་སྤྱིར་འགྱུར་བ། །རིགས་ཀྱི་རྒྱུད་དུ་འབྱུང་བ་དང་། །མཚན་དང་ལྡན་ཞིང་རྒྱལ་ཆོས་ཤེས། །འཁོར་དང་ལྡན་དབང་དབང་ཐོབ་ལྡན། །མང་པོས་བཀུར་ཐོབ་ཆོས་དྲུག་དང་། །ལྡན་ནས་བདུན་བསྐུར་སྤྱིར་འགྱུར་བཞིན། །ཁྱད་པར་རྩལ་དང་སྦྱོར་བ་སྟེ། །སྣ་ཚོགས་གཏེར་གྱི་ཁང་པ་དག །རྒྱལ་པོའི་མངོན་དུ་གྱུར་པ་ནི། །སྤྱོད་སྒོ་འཇུགཔ་་ཐམས་ཅད་ཀྱང་། །དཀའ་ཐུབ་ཕྱི་ནང་ཁྱད་པར་གྱིས། །རིན་ཆེན་སྣ་དགུའི་རིམ་པ་དག །སོ་སོའི་ལས་རྣམས་མཐོ་དམན་གྱིས། །ཡུལ་དེ་གཅིག་ལས་མེད་ན་ཡང་། །ཡིག་ཚང་སྒོ་དགུ་སོ་སོར་སྤྱོད། །རྒྱལ་པོར་གྱུར་ན་དེ་ཀུན་ལ། །དབང་བསྒྱུར་བྱེད་པའི་བདག་པོ་ཡིན། །སྩལ་དབང་བསྐུར་ཐོབ་དེ་བཞིན་ནོ། །གང་གི་རྒྱུ་ཡིས་ཐོབ་བྱ་བ། །གཉིས་ཏེ་བསྐུར་རྒྱུ་ཐོབ་རྒྱུའོ། །ཐོག་མར་ཐོབ་པར་བརྗོད་པ་ཉིད། །རྣལ་འབྱོར་ཆེན་པོ་རྣམ་པ་ལྔ། །དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ཡི། །ཡོ་བྱད་ལྔ་དང་ལྷག་པར་ལྡན། །དེ་དག་ཤིན་ཏུ་འཚམ་པར་བྱིན། །གང་གི་གང་དེ་ཐོབ་བྱེད་རྒྱུ། །མཚུངས་ལྡན་ལྷན་ཅིག་གོ་འབྱེད་པའི། །རྒྱུ་གསུམ་མཚུངས་པར་ལྡན་པ་ནི། །སློབ་མའི་སྒོ་གསུམ་མ་སྐྱེས་པའི། །ཡེ་ཤེས་ལྷུན་རྫོགས་ངོ་བོའི་ཕྱིར། །ཐོབ་བྱ་རིམ་པ་ཇི་སྙེད་པ། །ཏིལ་འབྲུ་མར་བཞིན་ཡེ་གནས་པ། །རང་བཞིན་ཐབས་ཀྱིས་འབྲེལ་པ་སྟེ། །དེ་མིན་བྱེ་མའི་མར་བཞིན་དུ། །འབྲེལ་གཉིས་ཆད་པས་སྣང་མི་རུང་། །དང་པོ་སེམས་སོགས་སྣང་མི་རུང་། །དང་པོ་སེམས་སོགས་ལྔ་དང་བཅུ། །རིམ་པ་ཇི་བཞིན་རྒྱུད་ལྡན་པས། །གཅིག་ཤེས་རྒྱུ་རུ་བསྟན་པ་སྟེ། །རྐྱེན་རྣམས་ཀུན་དང་འབྲེལ་པར་འདོད། །གསལ་བྱེད་རྒྱུ་ནི་རིམ་པ་བཞིན། །སྔ་མ་ཐོབ་བྱས་ཕྱི་མའི་རྒྱུ། །སྐབས་འབྱེད་ཕྱིར་ན་ངེས་ཚིག་འགྲུབ། །དེ་མ་ཐག་ཏུ་འབྲེལ་ཞེས་བྱ། །འདིར་སྟོངས་རྣམ་པ་བཞིར་འགྱུར་ཏེ། །རྒྱུ་དང་དམིགས་བདག་དེ་མ་ཐག །རྒྱུ་རྐྱེན་བུ་ཡི་སྐལ་བ་བཞིན། །ཤིན་ཏུ་དངས་པའི་སེམས་ལྡན་པས། །གཟུགས་བརྙན་མེ་ལོང་བཞིན་སྣང་བ། །དབང་གི་སྟོངས་ཕྱིར་ངེས་ཚིག་ལྡན། །རྡོ་རྗེ་རྒྱལ་པོ་དབང་ལུང་རྣམས། །རྫོགས་ཤིང་ཆུ་བོ་འདུས་པ་དང་། །དམ་པའི་ཡོ་བྱད་ལྔས་ཕྱུག་པའི། །ཡོན་ཏན་དེ་འདོད་སྣང་བར་འགྱུར། །གཟུགས་བརྙན་རྫོགས་པའི་ཡན་ལག་རྣམས། །བྱིན་བརླབས་འཛོམ་མཐུན་བདག་པོར་བཤད། །སྔོན་བཞིན་གོ་ཕྱེ་སྣང་འགྱུར་ན། །དེ་མ་ཐག་པའི་མཚན་ཉིད་དོ། །བུ་ཡི་བློ་གྲོས་རིམ་པ་ཡིས། །རྣམ་པར་བསྡུས་པ་བཞི་རུ་བསྟན། །ཕྱི་ཡི་དབང་དང་ནང་གི་དབང་། །བསྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །མདོར་ན་མང་པོ་འདུས་པའི་མཐུ། །བྱིན་བརླབས་ཐོབ་བྱའི་དངོས་གཞིར་འདོད། །རིམ་པ་སྤྱི་དང་ཁྱད་པར་ཏེ། །སྤྱིར་ནི་སྣོད་དང་སྦྱར་ནས་ཀྱང་། །བརྩལ་མེད་མི་ནུས་ཡུལ་ཅན་ལ། །ཕན་པ་འབའ་ཞིག་བསྔགས་པ་ཡིན། །རྡོ་རྗེ་ལུང་གི་ཚང་ཅན་ལ། །ཇི་ལྟར་ནུས་པ་དེ་དབང་བསྐུར། །བསླབ་པའི་གཉེར་དང་རིམ་པ་རྣམས། །ཅི་རིགས་རྩལ་གྱི་རིམ་པར་སྦྱར། །ཁྱད་པར་ཕན་དང་འབའ་ཞིག་ལ། །གླེགས་བམ་ཉི་ཟླ་རིན་ཆེན་བདུན། །གཡུ་རུང་བརྒྱད་དང་ཏོག་སྟོང་འབར། །རྣལ་འབྱོར་ལྔ་ལ་རིམ་བཞིན་པའོ། །གནས་འདིར་ཡོད་དང་མེད་པ་དག །འོད་མི་གསུབ་ཅིང་ལྗིད་མི་དབབ། །རྡོ་རྗེ་འདུས་པའི་དབང་དྲལ་དུ། །རྡོ་རྗེ་གདན་གྱི་ལྟང་ཆེན་གཤེར། །རྩལ་དང་རིམ་པའི་ཁྱད་པར་དབྱེ། །རྩལ་གྱི་ཐོབ་ལྡན་མཆོག་ཏུ་འགྱུར། །ཆོས་དྲུག་ལྡན་པར་གྱུར་པ་དང་། །བཀྲ་ཤིས་ལྷ་ཡི་ཉི་མ་སོགས། །བཟང་པོའི་དུས་རྣམས་འཛོམ་པའོ། །ཁྱད་པར་ལམ་གྱི་རྣལ་འབྱོར་གྱི། །རིམ་པའི་ལྷ་མོད་སྐབས་སྦྱར་ནས། །དེ་མ་ཐག་པའི་ཚུལ་བཞིན་དུ། །ལྟོས་ནས་གོ་འབྱེད་སྦྱིན་ཚེའོ། །རྫོགས་པའི་སྦྱིན་པའི་ཁྱད་པར་ནི། །མཐའ་བཅུ་རྫོགས་དང་ཉེ་བར་འདྲིས། །རིགས་དབན་འདུ་དང་ལྟ་བ་རྩལ། །རྣལ་འབྱོར་ལས་རུང་དྲོད་རྟགས་འབྱུང་། །སྐྱེ་བོ་མང་སྔགས་གདེང་དང་ལྡན། །བྱ་བ་རྫོགས་ཞེས་གསུམ་གསུམ་ལྡན། །དེ་ཚེ་ཤིན་ཏུ་དུས་ལ་བབ། །གསང་བ་གཉིས་དང་བཅས་པར་སྦྱིན། །དབང་གི་ཚད་ནི་གང་བྱ་བ། །སྦྱིན་དང་ཐོབ་པར་བྱེད་པ་གཉིས། །སྦྱིན་པའི་དབང་ཚད་གང་ཞེ་ན། །དད་ལྡན་སྲི་ཞུར་ལྡན་པ་ལ། །གསང་བ་ཉན་པའི་དབང་ཆེན་བསྐུར། །རྣམ་བཞི་ལས་ཀྱི་དོན་ཚང་ན། །ལས་རྣམས་བྱེད་པའིི་དབང་ཐོབ་པའོ། །ལྟ་བའི་དམིགས་བུས་ཆོས་མཐོང་ན། །རྒྱལ་ཐེབ་འཆད་པའི་དབང་ཐོབ་པའོ། །རྐྱེན་ཐུབ་ཚད་མ་གསུམ་ལྡན་ན། །བླ་མ་རྡོ་རྗེ་སློབ་དཔོན་དབང་། །དམ་པའི་མཛོད་གསུམ་ཐམས་ཅད་ལ། །ཕྱོགས་མེད་པར་ནི་འཆད་ཤེས་ན། །རབ་འབྱམས་རྒྱལ་པོའི་དབང་ཐོབ་པའོ། །ཐོབ་པ་རྣོ་ལ་ངར་བཏང་བཞིན། །ཤིན་ཏུ་ནུས་པ་སྣང་ལྡན་པའང་། །དེད་དཔོན་ལྔ་ལྟས་སྨིན་པ་གསུམ། །དེད་དཔོན་གོམས་དང་རིག་པ་དང་། །འདུ་དང་ཐོབ་དང་རྫོགས་པ་དང་། །སྔ་ལྟས་མཐོང་དང་འབྱོར་པ་དང་། །ནུས་དང་ལུང་བསྟན་ཐོབ་པའོ། །སྨིན་པ་གཉིས་དང་མངོན་སྤྱོད་དང་། །ཐོབ་པའི་ལས་རྣམས་མི་སྐྱོར་བའོ། །ཐོབ་པ་སྔོན་བཞིིན་བརྩལ་ནུས་ཏེ། །ཤེས་རབ་བརྩལ་གྱིས་དེ་ཁོ་ན། །བྱང་ཆུབ་སྙིང་པོར་སེམས་དཀྱིལ་འཁོར། །མཐོང་མེད་ཚུལ་གྱིས་མཐོང་འགྱུར་བ། །སྲིད་དང་རྒྱལ་བས་དེ་དབང་བསྐུར། །དབང་ཕྱུག་ཆེན་པོ་ཉིད་དུ་གསུངས། །སྐུར་བས་ཐོབ་པས་སྐལ་བ་བཞིན། །བསྐུར་བའི་ཐབས་དང་འབྲེལ་པར་འཆད། །བསྐུར་ཐབས་ལས་རིམས་བསྒྲགས་བྱ་བ། །ཤིན་ཏུ་དབང་ལ་མོས་བསྐྱེད་ཕྱིར། །ངོ་མཚར་བཀའ་ཡིས་འདུ་ཤེས་བསྒྱུར། །ཤེས་མིག་ཅན་ལ་ཤེས་བྱའི་ཡུལ། །ཐམས་ཅད་རིམས་ཀྱིས་བསྟན་པར་བྱ། །དྲོད་ཅན་འཁྱིལ་པའི་བློ་ལྡན་པ། །རྣལ་འབྱོར་ན་ཡར་གསང་སྒོ་དབྱེ། །རྩིང་པོ་འགྲོས་ཀྱིས་དམུ་དགོད་ལ། །གཅན་འཕྲང་འཁོར་བའི་གཡང་རྣམས་བསྟན། །རྡོ་རྗེ་བློ་ཡི་ཡུལ་ཅན་ལ། །རྩལ་ཆེན་སྦྱོང་ཞེས་གདམ་པར་བྱ། །རྡོ་རྗེ་དབང་གི་ཡོན་ཏན་རྣམས། །གང་ལྟར་མཚམས་པར་རྒྱས་པར་བརྗོད། །དེ་ནས་འདོད་པ་རགས་བྱ་བའང་། །རིམ་པ་བསྐུར་བའི་ཐོག་མ་རུ། །ཕྱི་ཡི་དབང་བཅུ་སྦྱིན་བྱ་བ། །རྫས་རྣམས་རབ་གནས་ལྡན་བྱས་ཏེ། །ཆུ་སྐྱེས་གདན་ལ་བཞག་བྱས་ནས། །བུ་རྣམས་ཐུགས་ཀྱི་ལྷར་བསྐྱེད་ལ། །དང་པོར་སྦྱིན་པ་འདི་ཡིན་ཏེ། །ༀ་ཧཱུྃ་ས་ཧྲཱི་ཧ། གནས་བཀོད་ཡོངས་སུ་གྱུར་པ་ལས། །རྡོ་རྗེ་རྟགས་ཀྱི་ཕྱག་རྒྱ་སྦྱིན། །ཀུན་གྱིས་འདའ་བར་དཀའ་བ་ཡི། །ཚིག་བཙུན་ཡུལ་ལ་དབང་བསྒྱུར་བའི། །རྒྱལ་པོའི་བཀའ་བཏང་ཕྱག་རྒྱའི་དབང་། །སྐུ་ལྔ་ཡོངས་སུ་རྫོགས་པར་འགྱུར། །རྗེས་སུ་མཐུན་པའི་སྨོན་ལམ་བཏབ། །རོལ་མོའི་སྒྲ་ཡིས་དྲངས་ཏེ་སྦྱར། །རིགས་ཀྱིས་ཕྱག་རྒྱ་རང་སྙིང་ལས། །སོ་སོའི་རབ་གནས་སྦྱིན་པར་ལྡན། །རིགས་རྣམས་སོ་སོའི་རྒྱུད་འཛིན་ཅིང་། །རྟགས་ཀྱི་མཚན་མ་ཆེན་པོ་འདི། །སྦྱོར་བ་ཆེན་པོའི་ཕྱག་འཚལ་ཏེ། །དམ་ཚིག་ཕྱག་རྒྱ་རྫོགས་པར་འགྱུར། །སྨོན་ལམ་རྗེས་མཐུན་ཀུན་ལའང་སྦྱར། །རོལ་མོའི་སྒྲ་ཡང་དེ་བཞིན་ནོ། །ཤེས་རབ་གཟུངས་ཀྱི་དབང་མཆོག་ནི། །རྟོགས་པ་ལྡན་པར་གྱུར་པ་ཡི། །མཐའ་གཉིས་དོན་དུ་མི་རྟོགས་པའི། །གཟུངས་མའི་རྒྱལ་མོ་ཆེན་མོ་ཡིན། །གཉིས་མེད་ཡོངས་སུ་རྫོགས་པས་ན། །ཐམས་ཅད་བདེ་བ་ཆེན་པོའི་ངང་། །བྱང་ཆུབ་སེམས་དང་དོན་དུ་འབྲེལ། །ཤེས་རབ་ཆེན་པོའི་རྫོགས་དབང་སྦྱིན། །དྲིལ་བུའམ་ཕྱག་རྒྱ་མ་ཉིད་གཏད། །འོན་ཀྱང་སྦྱོར་ལ་འདི་འཇུག་མིན། །བཀྲ་ཤིས་ཆེན་པོའི་བུམ་པ་ནི། །བདེར་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་མཆོག་དེ་ཡང་སྦྱིན་པར་བྱ། །གསང་བའི་བསྟན་པ་རྒྱས་ནས་ནི། །ཡུན་རིངས་གནས་པར་གྱུར་པ་ཡི། །བཀྲ་ཤིས་རྫས་ཀྱི་དབང་མཆོག་ཀྱང་། །གནང་བ་ཆེན་པོ་སྦྱིན་པར་བྱ། །དོན་རྣམས་གྲུབ་པར་གྱུར་པ་ཡི། །འདོད་དགུ་རེ་སྐོང་རིན་པོ་ཆེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས། །རྒྱལ་པོ་མཆོག་ཏུ་དབང་བསྐུར་རོ། །རིན་ཆེན་པདྨའི་སེང་གེའི་ཁྲི། །བླ་མར་གྱུར་པའི་གདན་མཆོག་སྟེ། །ཁྱད་པར་ཆེན་པོར་གྱུར་པའི་དབང་། །ཁྲི་ཆེན་དག་ལ་བཞག་པར་བྱ། །ཡོན་ཏན་སྐྱོན་མེད་མི་འཇིགས་བཞི། །སྟོབས་དང་རྫུ་འཕྲུལ་དབང་བཅུ་ལས། །དེ་སོགས་ཡོན་ཏན་ཐོབ་འགྱུར་བས། །སྨོན་ལམ་བདེན་པར་སྦྱར་བར་བྱ། །དར་གྱི་ཅོད་པན་མེ་ཏོག་ཕྲེང་ལ་སོགས། །དབང་མཆོག་བརྗིད་པའི་རྒྱན་གྱིས་ཀླུབས། །དབུ་རྒྱན་དོ་ཤལ་སེ་མོ་དོ། །དཔུང་རྒྱན་རྐང་གདུབ་ལག་གདུབ་རྣམས། །དབང་ཐོབ་རྒྱལ་པོ་དེ་ལ་སྦྱིན། །སོ་སོའི་ཡོན་ཏན་གྲུབ་པར་སྨོན། །དབང་ཐོབ་མཛེས་པས་བརྗིད་པའི་རྒྱལ་པོ་དེ། །དབང་ཕྱུག་ཡིན་པས་དེ་ལ་གུས་ཕྱག་འཚལ། །རྡོ་རྗེ་དབང་ཕྱུག་དབང་ཕྱུག་ཞེས་པར་ནི། །ཀུན་གྱིས་སྒྲ་ཆེར་འབོད་ཅིང་བསྒྲགས་པར་བྱ། །གསེར་གྱི་འཁོར་ལོའི་རྩིབས་ཁྱུད་ལྡན་པ་ཞིག །རྒྱལ་པོའི་ལག་ཏུ་བསྐུར་ནས་ནི། །འཇིག་རྟེན་ཀུན་ལ་ཁ་ལོ་བསྒྱུར་བ་ཡི། །དབང་མཆོག་རྒྱལ་པོ་འདི་ཡང་སྦྱིན་པར་བྱ། །ཕྱི་འཁོར་སྐྱོང་བའི་རྒྱལ་པོར་གྱུར་ཕན་ཆད། །བླ་མེད་མཆོག་གི་རྟགས་དང་ལྡན་པར་འགྱུར། །རྣལ་འབྱོར་ཐེག་ཆེན་རྟགས་དང་ལྡན་གྱུར་པ། །གསང་སྒོ་ཕྱེ་ནས་ནང་དུ་བཞུགས་པར་བྱ། །བུས་གུས་རྡོ་རྗེས་དྲང་བྱས་ལ། །གསང་བ་ཆེན་པོའི་རིགས་ཚོགས་སུ། །དེང་ནས་བདག་གི་གཟུང་བར་བྱ། །ཕྱིར་མི་ལྡོག་པར་གྱུར་ཐོབ་ཕྱིར། །བདག་ལ་གསང་སྒོ་དབྱེ་བར་གསོལ། །ཤིན་ཏུ་གསང་བའི་རྫས་དང་ལྡན་གྱུར་ནས། །གསང་སྒོ་གང་འདོད་དོན་རྣམས་དེ་ལྟར་ཞུ། །གསང་བ་ཆེན་པོའི་རྟགས་སུ་བྱིན་གྱིིས་བརླབས། །སློབ་བུ་འབྱུང་གནས་རབ་གནས་གསལ་བ་ལ། །གསང་བའི་དོན་ལ་ཉན་ཅིང་སློབ་པའི་དབང་། །དབང་ཐོབ་སྐལ་ཅན་དེ་ལ་སྦྱིན་པར་བྱ། །བདུད་རྩི་ཆུ་འདིས་རྣ་བའི་གསང་སྒོ་དབྱེ། །སརྦ་ཏ་ཐ་ག་ཏ་དྷརྨ་སི་ཏི་ཧོ། །གླེགས་བམ་ཟབ་མོ་ལ་སོགས་ཐམས་ཅད་རྣམས། །རིགས་ཀྱི་བུ་མཆོག་དེ་ལ་སྦྱིན་པར་བྱ། །དེ་ནས་འགྲོ་བའི་དོན་བྱེད་ནུས་པས་ན། །བུ་མཆོག་དེ་ནི་དོན་གྲུབ་གསལ་བྱས་ལ། །ལས་རྣམས་རྒྱ་མཚོ་ཐམས་ཅད་ནུས་པའི་རྟགས། །རྡོ་རྗེ་རྒྱ་གྲམ་ལ་སོགས་རྣམ་བཞིའི་རྫས། །བུ་མཆོག་དེ་ལ་ཐབས་ཀྱིས་སྦྱིན་པར་བྱ། །སློབ་བུ་སྨྲ་བྱེད་ཧྲཱི་ལས་མཐའ་ཡས་བསྐྱེད། །དེ་ལྟར་རེ་འདོད་བསྐོང་ནུས་བུ་མཆོག་དེ། །རྒྱལ་པོ་རྒྱལ་རིགས་བརྒྱུད་དུ་བྱུང་བ་བཞིན། །རྒྱལ་ཚབ་ཆོས་ཀྱི་བརྒྱུད་དུ་འབྱུང་བས་ན། །ཏན་ཏྲ་ལ་སོགས་དམ་པའི་མཛོད་གསུམ་སྦྱིན། །རྗེས་མཐུན་སྨོན་ལམ་བདེན་པས་དྲངས་ཏེ་བཏབ། །དེས་ནི་སློབ་མའི་ཚོགས་ཀུན་སྐྱོང་ནུས་ཕྱིར། །ཧཱུྃ་ལས་རྡོ་རྗེ་སེམས་དཔར་གསལ་བྱས་ལ། །བསྟན་པ་བསྒྲོགས་པའི་ས་ལ་གནས་བྱའི་ཕྱིར། །རྡོ་རྗེ་རྒྱལ་པོ་དཔལ་གྱི་དབང་མཆོག་འདི། །ཐེག་ཆེན་གུས་པའི་རྟགས་དང་བཅས་ཏེ་སྦྱིན། །གླེགས་བམ་འོན་ཏེ་རྡོ་རྗེ་རྩེ་དགུའོ། །དེ་ནི་བླ་མེད་རྒྱལ་པོར་གྱུར་པས་ན། །ས་རྣམས་ནོན་པའི་གདན་མཆོག་གདན་ཁྲིའི་དབང་། །ལྷ་ཆེན་ལ་སོགས་ཞིང་ཆེན་ཉི་ཟླར་བཅས། །ཁྱུ་མཆོག་སེང་གེ་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱིས་སྤར་ཏེ་སྦྱིན་པར་བྱ། །ཁམས་གསུམ་ཟིལ་གནོན་ཐབས་དང་ཤེས་རབ་དབང་། །ལྟོ་བ་ཟིལ་གནོན་གཞན་སྐྲག་ཡོན་ཏན་བརྗིད། །མཐུན་འཇུག་ལས་མཁན་མངོན་སུམ་དཔའ་བའི་དབང་། །བརྟུལ་ཞུགས་ཆེན་པོ་ཐོགས་མེད་འཇུག་པའི་དབང་། །སྨོན་ལམ་ཡིད་ཀྱིས་ཟིན་པར་སྦྱིན་པར་བྱ། །རྒྱལ་པོ་ཡིན་པའི་རྟགས་ནི་རྣམ་པ་བདུན། །སྐྱེ་བ་རྣམ་འགྱུར་རྒྱལ་པོ་མཉེས་པའི་གཟུངས། །ཕ་རོལ་དཔུང་འཇོམས་སྲིད་ཐུབ་འཛིན་པ་དང་། །བདག་གཞན་དོན་བསྒྲུབ་རྫུ་འཕྲུལ་རྐང་པར་ལྡན། །དགོས་འདོད་ཡིད་བཞིན་སྐོང་བ་རིན་པོ་ཆེ། །རྒྱལ་པོ་དེ་ལས་ཐབས་ཀྱིས་སྦྱིན་པར་བྱ། །ཡི་དམ་ལྷ་ཡུལ་མུ་དང་བྱང་ཆུབ་སྤོས་བླངས་སོ། །སྟོབས་ཆེན་ཁྲོ་བོ་སེམས་དཔའ་རྡོ་རྗེ་དང་། །རྟ་མགྲིན་རྡོ་རྗེ་རིན་ཆེན་རྣམ་བདུན་གྱིས། །རབ་ཏུ་གནས་བྱས་རིམས་བཞིན་གཏད་པར་བྱ། །དེ་ནི་རྒྱལ་བའི་སྲས་པོ་ཡིན་པས་ན། །ཕྱག་རྒྱ་ཆེན་པོའི་དབང་མཆོག་སྦྱིན་པར་བྱ། །རས་སམ་འབུར་རམ་ལུགས་སུ་བླུགས་པ་ཡི། །ཕྱག་རྒྱའི་གཟུགས་ནི་དེ་ཡི་སྤྱི་བོར་བཞག །ཡེ་ཤེས་ཆེན་པོའི་དོན་དང་དེ་ལྡན་པས། །ཡེ་ཤེས་ལྔ་ཡི་རྟགས་མཆོག་ཕྱག་རྒྱ་ཡིས། །གནས་ལྔར་གཏུགས་ཏེ་ཐུགས་ཀྱི་དབང་མཆོག་སྦྱིན། །འབྲུ་བཅུས་རིགས་ལྔའི་རབ་གནས་ལྡན་པར་བྱ། །ༀ་མ་ཧཱ་ཤུ་ཛྙ་ན་ཏ་གཉའ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་ཏ་རི་ཤ་གཉའ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏ་བེ་ཤ་གཉའ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། །ༀ་མ་ཧཱ་ཀྲི་ཏ་ཨ་ནུཥྚ་ན་གཉའ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༈ གནས་གསུམ་འབྲུ་གསུམ་རྡོ་རྗེ་གསུམ། །བསམས་ཏེ་ཡི་གེའམ་སྐུ་གསུམ་གཏད། །སྐུ་དང་གསུང་དང་ཐུགས་ལྡན་རྡོ་རྗེའོ། །རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་འདི། །རྡོ་རྗེ་ཅན་ལ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཝཀ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་པུ་ཙ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༈ དབང་མཆོག་ཐོབ་པའི་བུ་མཆོག་སྟེ། །དོན་རྣམས་གྲུབ་པར་བཀྲ་ཤིས་ཕྱིར། །བདུད་འདུལ་བཀྲ་ཤིས་རྫས་མཆོག་རྣམས། །རྟགས་ཀྱིས་བརྒྱན་ཏེ་སྦྱིན་པར་བྱ། །དཔལ་བེའུ་ཐམས་ཅད་མཁྱེན་པའི་དབང་། །རྒྱལ་མཚན་བདུད་བཞི་ལས་རྒྱལ་དང་། །དུང་གི་དགོལ་བ་དཔའ་སྐོང་སྒྲོགས། །ཕྱག་མཐིལ་འཁོར་ལོ་ཆོས་བསྐོར་དབང་། །འགུར་བུམ་ཐུགས་རྗེས་ཀུན་འཇིགས་དབང་། །ཕྱག་ཞབས་ཉ་བཞིས་དོན་མཛད་དཔལ། །ལྗགས་ཀྱི་པདྨ་གོས་མེད་དབང་། །དབུ་སྐྲ་གདུགས་ཀྱིས་གདུང་སེལ་དབང་། །རྗེས་སུ་མཐུན་པའི་སྨོན་བཅས་སྦྱིན། །དོན་རྣམས་གྲུབ་པའི་བུ་མཆོག་སྟེ། །རྡོ་རྗེ་དབང་མཆོག་ཐོབ་པ་ན། །ཞིང་ཁམས་ཀུན་ཏུ་གྲགས་པ་ཡི། །རྩལ་གྱི་རྡོ་རྗེ་ཐིག་ལེ་སྦྱིན། །ནང་དུ་འཇུག་པའི་དབང་ཐོབ་ནས། །དེ་དག་ཀུན་ལ་སྤྱོད་བསྒྲུབ་པའི། །དབང་མཆོག་དམ་པ་སྦྱིན་པར་བྱ། །སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས། །སེམས་ཀྱི་དབང་བསྐུར་ཐོབ་པ་ཡི། །ཤེས་རབ་ཆེན་པོ་རིག་པའི་དབང་། །སེམས་ལོན་དོན་གྱི་གཏན་ཚིགས་སྦྱིན། །བྱ་བའི་མཚན་མ་ཀུན་བྲལ་ཞིང་། །རྩོལ་མེད་གནས་པའི་བྱང་ཆུབ་སེམས། །སྙིང་རྗེ་ཆེན་པོའི་བདེ་མཆོག་གིས། །ཁམས་གསུམ་ཀུན་ལ་དབང་བསྒྱུར་ཞིང་། །སྲིད་གསུམ་འགྲོ་བའི་དོན་རྣམས་ཀུན། །ཐམས་ཅད་རྫོགས་པར་ནུས་པ་ཡི། །རྟགས་ཀྱི་དབང་མཆོག་དམ་པ་ནི། །ཐོང་གཤོལ་འབར་བ་སྦྱིན་པར་བྱ། །དུག་གསུམ་གཏིང་ནས་སྤྲུགས་པ་ཡི། །རྟགས་ཆེན་གའུ་རྣམ་པ་གསུམ། །དམར་ཆེན་དག་གིས་བཀང་ནས་ཀྱང་། །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །སྲིད་གསུམ་སྒྲོལ་བར་བྱ་བ་ཡི། །དབང་མཆོག་ཆེན་པོ་སྦྱིན་པའི་ཕྱིར། །ཀ་ཏར་ལ་སོགས་མཚོན་ཆ་རྣམས། །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །འཁོར་བའི་ཆོས་ལ་ཅི་སྤྱད་ཀྱང་། །སྐྱོན་གྱིས་གོས་པར་མི་འགྱུར་བའི། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། །རྣམ་དག་རྫས་ཀྱི་པདྨ་སྦྱིན། །ལས་རྣམས་རྫོགས་པར་འགྱུར་བ་ཡིན། །དབང་མཆོག་དམ་པའི་རྟགས་ཆེན་ནི། །སྟི་རའི་དབྱུག་པ་ཆེན་པོ་དག །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །ཡུམ་དང་གཉིས་མེད་འཁྲིལ་བ་ཡི། །ཆོས་ཉིད་དོན་དང་གཉིས་མེད་རྟགས། །སྦྲུལ་ནག་འཁྲིལ་བའི་ཆུན་པོ་འདི། །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །གསང་བ་སྦྱོར་བའི་ཤེས་རབ་མ། །དྲི་མེད་རྣམ་དག་ལྷ་མོ་ཞིག །མཚན་ལྡན་ཤིན་ཏུ་བརྒྱན་བྱས་ལ། །དབང་ཐོབ་དེ་ལ་སྦྱིན་པར་བྱ། །དབང་ཐོབ་རྒྱལ་པོ་ཆེན་པོ་དེ། །ཀུན་གྱི་བདག་པོ་ཡིན་པས་ན། །རོལ་མོའི་དྲི་དང་ཞལ་ཟས་དང་། །འདོད་ཡོན་ལྔ་ལས་སོགས་པ་དང་། །ཉེ་བའི་ལོངས་སྤྱོད་རྒྱན་རྣམས་ཀུན། །ཐམས་ཅད་ཐམས་ཅད་སྦྱིན་པར་བྱ། །བསྒྲུབ་པའི་རྒྱལ་པོ་དེ་ལ་ནི། །བསྒྲུབ་པའི་ལས་ལ་དབང་ཐོབ་ཕྱིར། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །རྒྱལ་བ་ཐམས་ཅད་བསྒྲུབ་པ་དང་། །རྡོ་རྗེ་ཚེ་དང་སྨན་ལ་སོགས། །བསྒྲུབ་པ་མ་ལུས་བསྒྲུབས་ཤིག་ཅེས། །བསྒྲུབ་རྫས་ཐབ་མས་སྦྱིན་པར་བྱ། །རྒྱལ་བ་སངས་རྒྱས་ཐམས་ཅད་དང་། །དབང་མཆོག་དེ་གཉིས་གཅིག་པའི་ཕྱིར། །རིག་འཛིན་རྡོ་རྗེ་རྩལ་གྱི་དབང་། །རྡོ་རྗེའི་མིང་ནི་སྦྱིན་པར་བྱ། །བསྒྲུབ་པའི་དབང་མཆོག་ཐོབ་པ་དང་། །གསང་བའི་བདག་པོ་ཡིན་པས་ན། །གསང་བའི་དབང་མཆོག་སྦྱིན་པར་བྱ། །དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་ལྕེ་ལ་བཞག །འདི་ཡང་ཕྱག་རྒྱ་རྩལ་སྒྲིབ་བྲལ། །བྱིན་བརླབས་ཆོས་བཤད་དབང་བསྐུར་དང་། །བུམ་ཁྲུས་རིན་ཆེན་བསྙིམ་ཐོགས་ལ། །དཀྱིལ་འཁོར་གསུམ་དུ་འཇུག་ཞུ་དང་། །གནང་ནས་གསོལ་དང་དབུགས་དབྱུང་དང་། །སེམས་བསྐྱེད་གསང་སྒོ་དབྱེ་བར་གསོལ། །གནང་ནས་སྐྱབས་གསོལ་བཤགས་པ་དང་། །ཅི་ལ་དགའ་དྲིས་ལན་གསོལ་ནས། །དམ་བཅས་དབང་དོན་ཞུ་བ་དང་། །རྡོ་རྗེ་རྒྱལ་པོའི་རོལ་པ་ཡིས། །བདའ་ཡིས་བོས་ཏེ་སེམས་སྦྱིན་པའོ། །ཐོག་མར་ཕྱག་རྒྱ་མཚན་ལྡན་པའི། །ཉི་མ་འཛག་པར་བཙལ་བ་ཡི། །མཚན་ཉིད་ཐིག་ཡུམ་རྗེས་མཐུན་པ། །རྙེད་ནས་ཁྲུས་བྱ་འབྲུ་བཅུ་ཡིས། །སྦྱོར་བས་ན་བུན་གསལ་བྱ་སྟེ། །བན་དྷ་ཏྲ་ཐའི་སྔགས་ཀྱིས་བསྐུལ། དེ་ལ་རང་གི་ཡུམ་བསྐྱེད་ལ། །ལུས་ལ་རིགས་ལྔའི་དཀྱིལ་འཁོར་བཀོད། །བུམ་པ་དབུ་རྒྱན་ཅོད་པན་སྦྱིན། །ཡང་ན་གོང་ནས་ཚུལ་བཞིན་བསྐུར། །བུ་ཡིས་ཁྲུས་བྱས་འབྱོར་ཐོགས་ཏེ། །ཐལ་སྦྱར་གུས་འདུག་ཞུ་སོགས་པ། །རྗེས་སུ་མཐུན་པས་བརྩམ་པར་བྱ། །དབང་དོན་ཞུ་བར་བརྗོད་པ་ནི། །རིག་འཛིན་རྡོ་རྗེ་རྒྱལ་པོ་ཡིས། །འཁོར་བ་ཇི་ལྟར་བསྒྲལ་བ་ལྟར། །བདག་ཅག་རབ་ཏུ་བསྒྲལ་བའི་ཕྱིར། །རྡོ་རྗེ་ཉི་མ་གསལ་དུ་གསོལ། །བླ་མ་ཚུལ་བཞིན་རོལ་བ་ཡི། །སེམས་འདྲེས་བདེ་ལྡན་བླངས་ཏེ་སྦྱིན། །ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་སྦྱིན། །བུས་ཀྱང་བདེ་དང་མཚན་མ་བཏང་། །ཤེས་རབ་ཡེ་ཤེས་རྩལ་མེད་དབང་། །ཐོག་མར་བྱ་བ་ཟིན་པའི་བུས། །ཟླ་བར་ལྡན་པའི་ཡུམ་བཙལ་ན། །བྱིན་བརླབས་རོལ་ཏེ་བདེ་བའི་དག །ལས་དང་དགག་སོགས་སྔོན་གོམས་ནས། །རོལ་པའི་ཆར་དང་ཐལ་མོའི་འབྲུག །འཕོ་བའི་གློག་དང་བདེ་མཆོད་དང་། །ཀླུ་ཡིས་བདེ་སྐྱིད་ལག་བསྐྱོར་གར། །རྡེབས་བཞི་རྔ་དང་དབུགས་འབུད་དུང་། །སེན་མོའི་ཀེར་ཀོ་ཙུམ་པི་གླིང་བུའོ། །རྒྱན་དང་མདངས་བཞིན་བསྒྱེགས་པ་དང་། །སྟེག་མིག་སྟེག་ཚིག་ལག་གིས་མཁྱུད། །ལུས་སྟེང་ཞལ་སྦྱོར་རྡོ་རྗེ་སྟིམ། །མཛུམ་མཉེས་ལྕེ་མཆུ་གཞིབ་གསོལ་དང་། །བདེ་བའི་རོ་མྱོང་པོས་རྩེ་འཆད། །རོ་མྱོང་ཤིང་སེམས་འཕྲོ་བ་དང་། །ཁུ་བ་འཇོ་དང་ཐིག་ལེ་རྣམས། །རྩར་འཇུག་རོལ་སོགས་ཚུལ་བཞིན་བྱ། །བརྩལ་མེད་བྱང་ཆུབ་སེམས་ཆེན་པོ། །ཤེས་རབ་ཆེན་པོའི་རྩལ་གྱིས་ནི། །ཆོས་ཀུན་སྒྱུ་མར་དབང་བསྒྱུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་དང་ཚིག་ལ་གང་ཟག་དང་། །ཀུན་རྫོབ་དབང་མེད་མ་ཐོབ་ཀྱང་། །ཆོས་ལ་སེམས་ཀྱིས་དབང་ཐོབ་ན། །རྒྱལ་བའི་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་ཅན་ཐམས་ཅད་ཀུན། །དེ་ལ་དབང་མཆོག་བསྐུར་བར་འགྱུར། །དེ་ཕྱིར་ཡུམ་གཏད་སྔ་མ་བཞིན། །བདེན་པ་རིན་ཆེན་ཚིག་སྦྱོར་ནོ། །བདེ་བའི་མཚན་རྫོགས་རིམ་པ་ལ། །མཐོང་བས་མདུན་སྐྱོ་གཡོ་བ་སྟེ། །ལུས་ཀུན་ལ་གནས་ཐིག་ལེ་ཉིད། །རྡུལ་ཆ་ཕལ་པོ་གཡོ་བར་བྱེད། །སེམས་རྩལ་འདོད་པའི་རྩེ་གཅིག་གིས། །སྨོན་ནས་ཆོ་འཕྲུལ་འཇུག་བྱེད་པ། །འབྲིང་པོ་རྩ་ཡི་ཐིག་ལེ་ནི། །རྡུལ་འདུས་ཕྲ་མོའི་མཚན་ཉིད་འབྱུང་། །ཐ་མལ་པ་རུ་དེ་བརྗོད་དོ། །ཕྲད་པའི་རེག་པས་ཆ་ཕྲ་བ། །རྡུལ་ཕྲན་ལྟུང་བར་གྱུར་པའི་མཐུས། །རྔུལ་ཆུ་ལྟ་བུའི་ཉུངས་དཀར་ནི། །ལྟོས་པས་ཆེན་པོར་ངེས་པར་འབྱུང་། །དེ་ཉིད་བདེ་བའི་ལམ་སླེབས་པའི། །རྩོལ་བྲལ་བདེ་བར་བློ་སྦྱོར་ཏེ། །ཐིག་ལེ་ངོ་བོ་ཟླ་གཅིག་ཚུལ། །གང་ཞིག་རྟགས་འཛིན་རྩོལ་བཅས་སྐབས། །གཟུང་འཛིན་ཆོ་འཕྲུལ་སེམས་བཅུག་པ། །ཐེག་ལེ་དངོས་དང་ཡེ་ཤེས་ཀྱང་། །ཅུང་ཟད་ཀྱིས་འཕགས་ཀུན་ལ་བལྟས། །ཅུང་ཟད་ཕྱེད་འདས་བདེ་བ་མྱོང་། །སྤྲོས་པ་ཉེར་བཞི་དགའ་བའི་མཆོག །ཆས་བགོས་པས་ན་གསུམ་ཉིད་དེ། །གཟུགས་དང་ཡེ་ཤེས་དེ་བཞིན་ཤེས། །བདེ་བ་ཆོས་ཀྱི་མི་དམིགས་ཡུམ། །གང་མཐོང་ངོ་བོ་འགྱུར་མེད་དེ། །རིམ་པས་ཇེ་ཞི་ཇི་ཞི་བ། །མཚན་ཉིད་གཉིས་འཕགས་དེ་བཞིན་ནོ། །སྟོང་ཉིད་མི་གཡོ་རྣམ་རྟོག་སྟེ། །རང་རིག་ངོ་བོར་རང་གསལ་བ། །རྡུལ་ཕྲན་ལྔ་པ་མྱ་ངན་འདས། །རྩེ་མོ་དབུས་སུ་གང་གནས་སེམས། །གོམས་པས་བརྟེན་དང་བཅས་པ་ནི། །ཡེ་ཤེས་ཚོགས་ཀྱིས་བཅུ་དྲུག་ཕྱེད། །ཕྱེད་རྫོགས་ཚོགས་འཕེལ་དེ་མན་ཆད། །མི་དམིགས་ཆོས་ལ་བློ་སྦྱངས་ཡིན། །ཇེ་ཞི་ཇེ་ཕྲ་མི་དམིགས་པ། །མཚན་མ་ཤེས་བྱ་སྲབས་བྱས་ཏེ། །མཉམ་པས་སྟོང་པར་གྱུར་པ་ན། །ཐམས་ཅད་ཆོས་སྐུ་རྫོགས་པའོ། །གང་ཞིག་འདྲེན་པའི་ཆོ་ག་ནི། །ལས་སུ་བྱ་བ་ཀུན་འགྲུབ་ཕྱིར། །བརྩལ་བྱ་རྩོལ་བྱེད་གཉིས་རྫོགས་པས། །བཅུ་དྲུག་ཚོགས་ཀྱིས་རྫོགས་པ་ན། །མཛེས་པའི་ཉི་མ་བཅུ་དྲུག་གིས། །ཟླ་དཀྱིལ་འོད་ཀྱི་ཕྱག་རྒྱ་ལ། །མཛེས་པར་སྤྲས་པའི་བདེ་བ་སྟེ། །བཅུ་དྲུག་ཚོགས་ཀྱི་བདེ་བསྐྲུན་ན། །དུས་དེ་ཉིད་དུ་ཉི་ཟླ་འཆར། །མཐའ་རྫོགས་སེམས་སུ་རྒྱལ་བས་གསུངས། །ཐབས་ཀྱི་ལམ་སྤྱི་དེ་ལྟ་ནའང་། །གང་དག་ཟླ་བ་གཉིས་སྤྲད་པས། །ཐམས་ཅད་རང་རིག་རང་གསལ་བས། །མི་དམིགས་འོད་གསལ་ཤེས་རབ་ཉིད། །དོན་དམ་བདེ་བ་ཆེན་པོར་བརྗོད། །དེ་གོམས་ཉི་ཟླ་འགྲེ་སྦྱོར་པ། །ཤིན་ཏུ་བརྟན་ནས་ཕན་ཚུན་དུ། །འདྲེན་པའི་བདེ་བ་ཆོས་སོ་ཅོག །བདེན་གཉིས་བྲལ་བའི་ཡེ་ཤེས་གསལ། །འོན་ཀྱང་དཔེ་དོན་བདེ་བ་ཉིད། །རྟེན་དང་རྟེན་མེད་ཚུལ་སྐྱེ་ལ། །ཐིག་ལེ་རིམ་སྐྱེ་བཅུ་དྲུག་དཔའོ། །གཉིས་པའི་གཉིས་སོགས་སེམས་པ་བཅུ། །སྐབས་བཅུ་རྣལ་འབྱོར་བཅུར་འགྱུར་ཏེ། །མས་རྩིས་དྲུག་པོ་དེ་བཞི་ཡིས། །སྐྱེ་རིམས་སླར་བཟློག་རྣམ་གཉིས་ཀྱིས། །བདེ་དང་རྗེས་འཇུག་རྣལ་འབྱོར་རོ། །དེ་དག་ཐབས་དང་མཚན་ཉིད་ནི། །བླ་མའི་ཞལ་ལས་ཤེས་པར་བྱའོ། །བ་ག་གསང་བའི་པདྨ་ནི། །བདེར་གཤེགས་རྒྱལ་བའི་ཕོ་བྲང་སྟེ། །སྔར་འདས་པ་ཡིས་རྣམ་པའི་དབྱིངས། །ད་ལྟ་བཞུགས་པ་གནས་པའི་རྟེན། །སླད་ཀྱིས་འབྱོན་པ་གཤེགས་པའི་ཤུལ། །རྒྱལ་བ་རྣམས་ལ་དེ་ལྟར་སྣང་། །དེ་ལྟར་མ་ཤེས་འཁོར་བའི་ལམ། །རྣལ་འབྱོར་ཅན་གྱིས་ཤེས་པར་གྱིས། །ཡུམ་གྱི་རིགས་ནི་ཤེས་བྱས་ནས། །སྤྱིར་ནི་དེ་ལྟར་རྟག་མོད་ཀྱང་། །གང་དག་དད་ལྡན་བརྟུལ་ཞུགས་ཅན། །ཡིད་དུ་ཡོང་དང་མི་ཡོང་རྣམས། །དད་པས་ཆགས་ཤིང་ལུས་འབུལ་ན། །ཐུགས་རྗེ་ཡུལ་བས་ཀུན་སྙོམས་བྱ། །རྣམ་རྟོག་སྤོང་ལེན་གང་བྱེད་པ། །དེ་དག་སྒྲིབ་པ་མུ་མཐའ་ཡས། །རྨད་འབྱུང་གསང་བའི་མཆོད་པ་ལ། །གསང་བའི་ཕྱག་ཚང་གང་བྱེད་པ། །ལས་ཀྱི་སྒྲིབ་པ་ཀུན་བསལ་ཏེ། །མན་ངག་གསང་བའི་དམིགས་བུ་ཐོབ། །དེ་ལྟར་བཏགས་པའི་ཡུལ་དེ་ལ། །དྲི་སྤོས་ཙན་དན་ལ་སོགས་པས། །ཨ་ཀ་རུ་དང་སྦྱར་བའི་ཆུ། །ཁྲུས་ཀྱི་ཆོ་ག་དག་པར་བྱ། །དྲི་ཞིམ་ལ་སོགས་སྣ་ཚོགས་ཀྱིས། །ལུས་ལ་བྱུག་པ་སྣ་ཚོགས་བྱ། །དེ་ནས་ནང་གི་ཁྲུས་ཆེན་ཡང་། །ཤིན་ཏུ་དག་པར་བྱ་བ་ནི། །རྫས་ཀྱི་ཆུ་དང་རྫས་སྦྱར་བས། །ནང་གི་རྫས་རྣམ་དག་པར་བྱ། །བུད་ཤིང་སྙིང་པོ་ལ་སོགས་པ། །རོ་ཡི་མཆོག་ཏུ་གྱུར་པ་ཀུན། །རྩི་འམ་བཅུད་དམ་སྦྱར་ནས་ཀྱང་། །ནང་གི་རྫས་རྣམས་སྦྱར་བར་བྱ། །དེ་ནས་རྒྱན་གྱི་ཆོ་ག་ནི། །ཆོས་ཀྱི་ཡོ་བྱད་ཡིན་པས་ན། །རློབ་ཅིང་འཕུར་བའི་ཆས་གོས་དང་། །རིན་ཆེན་འཕྲོག་དཔེ་རྣ་བར་བཅས། །འཇོལ་བསྒྱེག་འགུལ་ལ་སོགས་པ་ཡི། །དཔུང་རྒྱན་དོ་ཤལ་སེ་མོ་དོ། །ནོར་བུ་རིན་ཆེན་ལ་སོགས་རྒྱན། །རྐང་གདུབ་ལག་གདུབ་ལ་སོགས་པ། །གསེར་དང་དངུལ་ལ་སོགས་པས་བརྒྱན། །རོལ་མོའི་སྒྲ་དབྱངས་སྣ་ཚོགས་པས། །མཆོད་རྫས་སྣ་ཚོགས་ཐོགས་པར་བྱ། །རྫས་ཀྱི་ཆོ་ག་རྫོགས་པ་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །མི་དམིགས་ཆོས་ལ་བློ་སྦྱོང་ཕྱིར། །རྩ་བ་བྱང་ཆུབ་སེམས་ཀྱི་དོན། །རྒྱ་ཆེར་ཤིན་ཏུ་བཤད་པར་བྱ། ༈ །ཕུང་པོ་སྒྱུ་མར་སྣང་བས་ན། །སེམས་ལ་རང་བཞིན་མེད་པར་ངེས། །སྣང་སྲིད་ནམ་མཁར་གཅིག་པས་ན། །འཁོར་བ་སྒྱུ་མ་ཡིན་པར་ངེས། །ཀུན་གཞི་ཆོས་ཀྱི་མཛོད་ཡིན་པས། །སངས་རྒྱས་གཞན་ན་མེད་པར་ངེས། །བྱམས་ལ་དང་མ་ཆགས་པས་ན། །སྡང་ལ་སེམས་མི་འཁྲུག་པར་ངེས། །གནས་ལ་ངེས་པ་མེད་པས་ན། །ས་རྣམས་བགྲོད་པ་མེད་པར་ངེས། །སེམས་ལ་སྐྱེ་ནི་མེད་པས་ན། །འཕོ་འགྱུར་དག་ལ་ཉམས་མི་ང་། །དེས་ན་ཐམས་ཅད་སྒྱུ་མར་སྣང་། །སྒྱུ་མ་རང་བཞིན་མེད་ཤེས་པས། །ཐམས་ཅད་ཆོས་ཉིད་སྙིང་པོ་ཡིན། །མཚན་མ་རྟོག་པའི་དྲི་མ་དག །ཆོས་ཉིད་ཆུའོ་དཔེ་བཀྲུས་ནས། །འཛིན་པའི་དྲི་མ་དག་པར་འགྱུར། ༈ །དེ་ནས་འདྲེན་པའི་ཆོ་ག་ནི། །གསང་བའི་ཚིག་གིས་བསྲེ་བ་ནི། །རྡོ་རྗེ་ལྕེའི་དམ་ཚིག་གིས་ནི། །ཚིག་གི་བདའ་མཚོན་པ་ནི། ས་མ་ཡ་ཧོ་ཞེས་བརྗོད་ནས། །ས་མ་ཧ་སྟོམ་ཞེས་པས་བསྲེ། །ར་ག་ཡ་མི་ཞེས་བརྗོད་ལ། །ར་ཧོ་ཧཾ་ཞེས་བརྗོད་པར་བྱ། །དི་པ་པུ་ཀི་ཞེས་བརྗོད་ནས། །གན་དྷེ་ཙིཏྟ་ཞེས་པས་མཚོན། །ཨ་ཏི་པུ་ཧོ་ཞེས་བརྗོད་ནས། །པྲ་ཏི་པུ་ཧོ་ཞེས་པས་མཚོན། །གཡས་ཀྱི་སྨིན་མ་བསྐྱོད་བྱས་ན། །གཡོན་གྱི་སྨིན་མས་མཚོན་བྱས་ན། །ན་བཟའ་གཡས་ཀྱིས་མཚོན་བྱས་ན། །དེ་བཞིན་ན་བཟའ་གཡོན་གྱིས་མཚོན། །གཙུག་ཏོར་གཙུག་ཏུ་མཚོན་བྱས་ན། །དེ་བཞིན་དཔལ་བེའུ་ལིང་གར་མཚོན། །རྡོ་རྗེ་ལིང་ག་འོད་འཕྲོ་ན། །པདྨའི་ཟེའུ་འཕྲོ་འཕྲོ་འབར་འཁྱིལ། །བསྐུལ་བའི་ཆོ་ག་ཁྱད་པར་ཡང་། །དོན་གྱི་འདི་ལྟར་བསྐུལ་བར་རིགས། །ཤེས་རབ་ཉི་མའི་འོད་ཟེར་གྱིས། །ཐབས་མཆོག་ཟླ་བའི་འོད་ལ་བསྐུལ། །བསྐུལ་བའི་ཆོ་ག་རྫོགས་པ་དང་། །མཆོད་པའི་ཡོ་བྱད་དབུལ་བར་བྱ། །མི་གཡོ་མཆོག་གི་རྒྱལ་པོ་དགོངས་སུ་གསོལ། །རྣམ་པར་མི་རྟོག་ཤིན་ཏུ་དྲི་མེད་སྐུ། །འོད་ཟེར་མདངས་ལྡན་ཟླ་རྒྱས་འདྲ་བའི་ཞལ། །དགེས་པས་རོལ་པའི་དོན་ལ་བཞེངས་སུ་གསོལ། །ཡིད་འོང་འབྱོར་ལྡན་རྒྱལ་བ་རྒྱ་མཚོའི་དབྱིངས། །ཤེས་རབ་ཟབ་མོ་རྣམ་དག་པདྨའི་མདངས། །སྒྱུ་འཕྲུལ་བརླབས་ལ་མཁས་པའི་སྤྱོད་མཆོག་མངའ། །ཡིད་འོང་འབྱོར་ལྡན་ཆོ་འཕྲུལ་སྣ་ཚོགས་སྟོན། །པདྨའི་ཟེ་འབྲུ་འབར་བ་འདི། །འཛུམ་པའི་མདངས་ཀྱིས་འབུལ་ལགས་ན། །དགེས་པའི་རྡོ་རྗེ་ཆོ་འཕྲུལ་ལས། །བྱང་ཆུབ་ཆར་སྤྲིན་དབབ་ཏུ་གསོལ། །ཨེ་མ་ཡིད་ཀྱི་དགའ་སྡེ་མོ། །གདུང་བའི་སྙིང་ཕྲེང་ཤེས་རབ་གཟུངས། །པདྨའི་གའུ་འཁྱིལ་པ་ལ། །བདེ་བ་རྡོ་རྗེ་བྱང་ཆུབ་འབར། །འདོད་པའི་དབང་མོ་ཐམས་ཅད་ནི། །ཆགས་པས་འགྱིང་བའི་གཙོ་བོ་ཡིན། །ཆགས་པས་རྣམ་པར་སྦྱང་བའི་ཕྱིར། །འདོད་པའི་གནས་སུ་དྲང་བར་བྱ། །རྡོ་རྗེ་འབར་བའི་ལིང་ག་ལ། །ཨ་ཡི་ཡེ་ཤེས་འོད་འཕྲོས་པས། །ཆགས་པའི་སྒྲིབ་པ་བུད་ཤིང་རྣམས། །མེ་ཡི་ཡེ་ཤེས་ཀྱིས་སྦྱངས་སོ། །འགྲོ་དྲུག་རྒྱལ་བའི་སྲས་པོ་འདི། །རྣམ་རྟོག་ལོག་པའི་འཁྱམས་པ་རྣམས། །རྒྱལ་བའི་སྲས་སུ་བསྐྱེད་ནས་ནི། །འཁོར་བའི་རྒྱུན་རྣམས་བཅད་པར་བྱ། །ཉི་ཟླའི་ནང་དུ་བཞག་ནས་ནི། །བཅུ་དྲུག་ས་ལ་རྫོགས་པར་འགྱུར། །ཞེས་བརྗོད་ཉི་ཟླ་བདེ་བ་སྦྱིན། །དེ་ནས་གཉིས་མེད་བདེ་རྙེད་ནས། །དཔག་ཏུ་མེད་པའི་རྒྱལ་བ་རྣམས། །འཁོར་བའི་སེམས་ཅན་རྒྱུན་ལས་བྱུང་། །འཁོར་བའི་སེམས་ཅན་རྒྱུན་ཆད་ན། །སངས་རྒྱས་རྒྱུན་ཡང་འཆད་པར་འགྱུར། །འཁོར་བའི་ཆོས་ཉིད་རང་བཞིན་དུ། །སྦྱོར་བ་ཤེས་ཅན་སྨྲ་བྱེད་པ། །རིག་པའི་ཡེ་ཤེས་རང་དབང་སྟེ། །ཆོས་ཀྱི་རྒྱལ་པོ་རྒྱལ་བའི་སྲས། །དེ་ལྟར་ཟབ་མོའི་དབང་བསྐུར་བས། །འཁོར་བ་རྒྱལ་བའི་སྲས་པོར་བསྐྱེད། །རྒྱལ་བས་འགོག་པ་བརླན་པར་མཛད། །སྲིད་པའི་མྱུ་གུ་མངོན་པར་བསྐྱེད། །རྨད་འབྱུང་མཆོད་པ་ལིང་ལོང་ཕྱེད། །རིག་འཛིན་སེམས་དཔའི་ཤེས་སྒྲིབ་སྦྱང་། །ཆོས་སྐུ་ངང་དུ་བརླན་པར་འགྱུར། །རྫོགས་སངས་རྒྱས་ལ་སོམ་ཉི་མེད། །ས་ཡ་ཕྲག་གཉིས་བཅུད་འདུས་པས། །རང་བཞིན་རྣམ་གཉིས་ཡེ་ཤེས་ལ། །མངོན་གྱུར་བདལ་བ་ཆོས་ཉིད་པ། །སྤྱོད་བཞིན་མ་ཆགས་རྩལ་ཆེན་རྫོགས། །རང་རིག་འོད་གསལ་ཆོས་སྐུ་སྟེ། །རང་འབྱུང་རང་སྣང་བདེ་ཆེན་ཀློང་། །སྣ་ཚོགས་ཞེན་གྲོལ་དེ་བཞིན་གཤེགས། །མཐར་ལྟར་ཀུན་སྦྱངས་ཡེ་རྫོགས་པའི། །ཡེ་ཤེས་ངོ་བོར་བསྟན་པར་དཀའ། །རང་བཞིན་ལྷུན་གྲུབ་རང་ལ་སྣང་། །རྒྱ་མཚོ་བརླབས་ཚུལ་དཔལ་ཆེན་བདག །ཁམས་གསུམ་བདེ་ཀློང་སྤྱོད་ཡུལ་རྣམས། །ངང་གིས་དག་པས་དོར་བའང་མེད། །རྒྱུ་རྐྱེན་བྲལ་བས་སྐྱེ་འཇིགས་མེད། །དེ་ཕྱིར་མཐའ་རྣམས་གཉེན་པོར་ཆེ། །མཚན་ཉིད་མི་བྱེད་བརྩོལ་བྲལ་བའི། །རྡོ་རྗེས་སྟོང་གསུམ་ཡོངས་སྒྲོལ་ནི། །ངོ་བོ་ཚིག་གིས་མཚོན་པར་དཀའ། །དེ་བཞིན་བློ་ཡིས་རེག་མ་ཡིན། །བདེན་པའི་ཐ་སྙད་གཉིས་བྲལ་ཆེ། །ཞེན་པ་ངང་གིས་རྣམ་པར་གཅད། །ཀུན་རྫོབ་ཀུན་སྣང་འགྲོ་འོང་བྲལ། །རང་ལ་རྫོགས་པ་ཅིར་ཡང་སྤྱོད། །འཕེལ་འགྲིབ་བྲལ་ཕྱིར་ཀུན་རྫོགས་པ། །མཉེན་པོ་ཟླ་ཡིས་བསྐྲུན་པ་མེད། །ངོ་མཚར་མཆོག་ལྔ་རྫོགས་སངས་རྒྱས། །དངོས་པོ་གཉིས་ལ་ཉིད་དུ་རོལ། །གང་ཡང་གཏར་ལ་འཛིན་ཆགས་མེད། །དུས་གསུམ་རང་བྱུང་ཡེ་ཤེས་ཕྱིར། །མ་འོངས་སྔོན་མཁྱེན་ཡུལ་དང་བྲལ། །སྣོད་བཅུད་རྒྱལ་བའི་མཛད་པ་ཀུན། །དེ་ཉིད་ཕྲིན་ལས་སྤྱོད་པའི་ཕྱིར། །འགྲོ་འོང་མེད་པར་ཀུན་ཏུ་བསྐྱོད། །མ་བཙལ་དོན་རྣམས་རྫོགས་མཛད་དོ། །གང་འདིར་གྲགས་པའི་ཆོས་བཤད་པ། །གང་དག་ཆུ་བོའི་རྒྱུད་བྱུང་དང་། །གང་དག་ལས་ཀུན་འཕགས་པ་དང་། །གང་དག་ལྡན་དང་གང་ལ་མཁས། །གང་ཞིག་ཐོབ་པར་གྱུར་པ་ཉིད། །བདག་གཞན་ཀུན་ལ་གྲགས་པའོ། །ཟབ་མོའི་དབང་རྟགས་བཤད་བྱ་བ། །གྲགས་པ་དང་ནི་འགྱུར་བ་དང་། །དེ་བཞིན་བཙན་དང་འབྱུང་བ་དང་། །རིམ་པའི་ཐོབ་པའི་རྟགས་ཞེས་བསྙད། །འུང་ནས་གང་ལུས་བརྗོད་པ་ནི། །མི་ཐོབ་མི་ཆགས་མི་གོས་སྲེག །དད་ཞན་བློ་ཞན་རྫོབ་པ་ཆེ། །ཚུལ་ཆོས་མཁན་ལ་ར་ཆོད་བྱེད། །དེ་ནི་དབང་གིས་འཚིག་པར་བཤད། །གསང་མེད་བཞི་བརྗེད་དབང་མི་འཆགས། །དད་མེད་གཡེང་རྨུགས་དབང་མི་དགོས། །ཁྲོ་གཏུམ་ངང་ཐུང་ཁེ་བེར་ཅན། །སྣོད་མེད་བཅུད་བྲལ་ཀུན་སྟོངས་ལ། །དེ་ནི་དབང་ཐོབ་མ་ཡིན་ནོ། །དོན་ཆེན་འབྲས་བུ་བརྗོད་པ་ནི། །ལམ་དུ་གྱུར་འབྲས་མཐར་ཐུག་སྟེ། །ལམ་འབྲས་རྣལ་འབྱོར་ལྔ་དང་ལྡན། །རིམ་པ་དབང་གིས་བགྲོད་ནས་ནི། །སྒྲིབ་རེ་སྦྱོང་ཞིང་ས་རེ་ནོན། །མཐར་ཐུག་ཡང་དག་ཆོས་སྐུ་ཆེ། །ངོ་བོ་ཉིད་ཀྱི་སྐུ་ཞེས་པ། །ཇི་བཞིན་ཉིད་དུ་སོན་པའོ། །དབང་སྐྱོན་གང་ཡིན་པ་ཉིད་བཤད། །སོ་མ་གཏང་པར་རྫས་སྤྱོད་དང་། །སྒྱིད་མ་རྟས་པར་ཁས་འགེལ་བ། །དབང་མ་ཐོབ་པར་དཀའ་རྫོབ་པ། །སྙིང་འབོག་ངན་སོང་གསུམ་དུ་སྐྱེ། །དགོངས་པ་ཀུན་འདུས་གསང་ཆེན་འདི། །མ་ཐོས་ཟུ་ལུམས་རང་བཤད་པ། །རབ་འབྱམས་བསྟན་པ་ཀུན་བཙལ་ཡང་། ། དམ་པ་མཐོང་བར་མི་འགྱུར་རོ། །དེ་བཞིན་ཉན་རྩོང་དེ་ལྟར་འགྱུར། །འདི་ལྟར་ཡོན་ཏན་མཆོག་ཉིད་ནི། །གང་ཡང་ཕྱིའི་དབང་བསྐུར་བའི། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ས་བོན་ཟད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མི་ཁོམས་གནས་སུ་མི་སྐྱེ་ཞིང་། །བདེ་འབྱུང་རྒྱལ་དང་བསྐོལ་མི་འགྱུར། །ཐེག་ཆེན་བཀའ་དང་འབྲལ་མི་འགྱུར། །དེ་ཡི་གཞི་ལས་ཐར་མཆོག་ཐོབ། །སྤྱི་དང་ཁྱད་པར་ལུང་བཞིན་སྦྱར། །ཤིན་ཏུ་གསང་བའི་དབང་མཆོག་འདི། །སྣོད་མ་ཡིན་པར་གྱུར་པ་ལ། །ཕྱི་ནང་གསང་བ་གསུམ་དག་ཏུ། །སྦ་བའི་ཐབས་སུ་སྤྱད་ནས་ཀྱང་། །གསང་བའི་ཆོས་རྣམས་གསང་བར་བྱ། །བསྟན་པའི་གནས་མིན་སྣོད་ངན་དག །རྣམ་པ་བཞིས་བསྡུས་བྱེ་བྲག་རྣམས། །མ་འོངས་རྣལ་འབྱོར་བཅུད་ཅན་གྱིས། །ཤེས་ནས་སྤང་བར་བྱ་ཕྱིར་བཤད། །འཇིག་རྟེན་པ་དང་ཐེག་དམན་དང་། །མུ་སྟེགས་ལོག་ལྟའི་ལྟ་ལ་དགའ། །དད་མེད་བློ་ལྡན་གཡེང་རྨུགས་ཤིང་། །སླབ་ཉན་མི་བརྩོན་བྱོལ་སོང་མཚུངས། །དམ་ལོག་དམ་ཉམས་དོན་ལས་གོལ། །བྱང་ཆུབ་ཐག་པ་རྟིང་ནས་ཆད། །སེམས་ཀྱི་མྱུ་གུ་རྩ་ཚིག་པ། །ངན་འགྲོའི་འདམ་དུ་ཁ་ནུབ་ཡིན། །སྣོད་མིན་ཁ་བུབ་དེ་དག་ལ། །གསང་བར་སྨྲ་བ་བྱ་བ་མིན། །སྨྲས་ན་དེ་ཉིད་ཁ་སྦུབ་འགྱུར། །གསང་བའི་དོན་རྣམས་ཁ་སྨྲ་ཡང་། །གབ་པའི་གསང་བའི་དོན་མི་ཤེས། །སྐྱོན་ཅན་ཡ་ལོར་འགྲོ་རྣམས་ལ། །གསང་བའི་དོན་རྣམས་ལྷག་པར་སྨྲ། །བསྙེན་བསྒྲུབ་གསང་བའི་ཚིག་རྣམས་ལ། །སྒྲ་ལ་ཉན་ཡང་དོན་མི་གཉེར། །སྙིང་པོའི་དོན་གསང་མི་ཐུབ་པ། །བཅུད་མེད་འཁོར་བར་ཟག་པ་ཡིན། །གསང་དོན་མི་མཐུན་སྣོད་ངན་ལ། །གསང་བ་སྨྲ་བར་གང་བྱེད་པ། །དེ་དང་སྣོད་མིན་སྣོད་ངན་གཉིས། །འཁོར་བའི་ཁམས་སུ་ཟག་པར་མཉམ། །ལྟ་དང་དམ་ཚིག་བསྒྲུབ་པ་ཡི། །དམ་པའི་མཛོད་གསུམ་སྨྲར་ཤེས་ཀྱང་། །གོམས་པའི་མཐུ་ཡང་གནས་མ་གྱུར། །ངན་སྒྱུ་ཕྲག་དོག་སེར་སྣས་གདུངས། །བྱ་མེད་ཆོས་ལ་བློ་གཏད་ཅིང་། །སྤྱོད་ཅིང་དམ་དྲལ་གཏིང་མེད་པར། །རྣལ་འབྱོར་སྤྱོད་ལ་ལྟ་དམན་ཞེས། །ཟེར་བ་འཕམ་འགྱུར་འཁོར་བར་འབོ། །སྣོད་ངན་འཁོར་བར་འབོ་བ་ལ། །གསང་བའི་དོན་རྣམས་སྨྲ་བྱེད་ན། །གསང་བ་ཉམས་པའི་དབང་གིས་ན། །ཉམས་པ་དེ་དང་དེ་འདྲར་འགྱུར། །གླགས་ལྟ་ཉམས་སོད་གཅན་ལམ་འདྲེན། །ཁ་བསག་ལྕེ་གཉིས་སྒྱུར་བྱེད་ཅིང་། །སེམས་ལ་ཉོན་མོངས་ལྔ་བཅངས་ཏེ། །རྐུ་དང་སྒྱུ་སྤྱོད་རྫུན་ལ་དགའ། །ཚེ་གཅིག་གྲགས་པའི་ཆེད་ཕྱིར་དུ། །གང་ཟག་ཕྱིར་འབྲོང་ཚིག་དགའ་ལ། །མཉན་ཏེ་བརྗོད་འདོད་ཚུལ་འཆོས་ལ། །ལོག་སྨྲ་དུག་ཅན་ཐ་མར་ལྟུང་། །དུག་ཅན་ལྟུང་བའི་སྣོད་དེ་ལ། །གསང་བའི་རིགས་རྣམས་སྨྲ་བ་ཡི། །རྣལ་འབྱོར་ཉམས་པ་ཆེན་པོ་སྟེ། །འཁོར་བའི་མཐའ་མར་དེ་ལྟུང་འགྱུར། །འདི་ལྟར་འཕམ་འགྱུར་སྣོད་ངན་ལ། །གསང་བའི་གསང་ཆེན་ལ་སོགས་པའི། །དོན་དང་རང་བཞིན་གང་ཡིན་པ། །བསྟན་ཀྱང་འཕམ་ལྟུང་གགས་སུ་འགྱུར། །དེ་བས་བསྟན་པར་བྱ་བ་མིན། །གལ་ཏེ་བསྟན་པར་གྱུར་ན་ནི། །སྟོན་སྨྲ་ཉན་བྱེད་དེ་དག་རྣམས། །མཐའ་ཡུན་ཕུང་བྱེད་གཉིས་སྐྲག་འགྱུར། །གུས་བྱེད་སློབ་བུའི་མཚན་ཉིད་འདི། །བརྩོན་འགྲུས་ལྡན་ཞིང་ངང་ཚུལ་བཟང་། །བརྡིག་ཅིང་གསང་ཐུབ་སྤྱོད་པ་དག །ཡ་བག་སྦྱིན་བཟང་མཛེས་ཐབས་ལྡན། །སྒོ་གསུམ་བཟང་སྤྱོད་མཐའ་གསུམ་སྡོམ། །དམ་པ་ཉིད་དང་མཐུན་བཞིན་སྤྱོད། །གསལ་ལ་དག་པས་སྒོ་རྣམས་འབྱེད། །དེ་ལ་བཅུད་ཀྱིས་སྨིན་པར་བྱ། །དམན་པ་བླ་མར་བཟུང་གྱུར་ན། །གང་འདིར་དོན་ངོས་མ་ཟིན་པས། །བཏང་སྙོམས་ཙམ་དུ་ཚུལ་བཟུང་ནས། །དེ་ཉིད་བསླབ་པའི་དོན་མེད་དེ། །དེ་རྐྱེན་ཡོན་ཏན་མི་ལྡན་པས། །བསླབ་པའི་ཡུལ་བཟླས་ཐེ་ཚོམ་ཟོས། །ལེ་ལོས་ཡུལ་ལ་མི་བརྩོན་ཞིང་། །ཕྱལ་བ་དེ་ལ་མ་གུས་པ། །མདུད་པའི་བཅིངས་པ་དེ་ལས་བྱུང་། །ཤེས་རྒྱུད་གྲོལ་བར་ག་ལ་སྲིད། །དམ་པའི་ཡོ་བྱད་ལྔས་དབུལ་བའི། །ཕོངས་པ་དེ་ཡིས་གཞན་བསྒྲལ་ན། །དེ་ཡང་དབུལ་པོ་ཉིད་དུ་འགྱུར། །དེས་ན་བླ་མ་གདམས་པའང་གཅེས། །མདོ་རྒྱུད་འབྲུ་གཏོར་ཤིན་ཏུ་གབ་པ་བསྡུ་དཀའ་ལས། །ངང་པའི་འོ་མའི་ཚུལ་དུ་བདག་གིས་དཀའ་བ་བསྡུས། །འདི་རྗེས་ཕྱི་རབས་རིམ་བགྲོད་བསླབས་པས་མཐར་ཕྱིན་པའི། །དགེ་རྩ་ཅི་མཆིས་མཐའ་ཡས་རྒྱུད་ལ་སྨིན་པར་ཤོག །དེ་ལྟར་དགེ་བའི་སྟོབས་ཆེན་དྲག་པོའི་མཐུས། །བསྟན་པ་ཉི་མ་ཀུན་འདུས་འཇིགས་བྱེད་རྒྱལ་པོའི་བརྒྱུད། །མན་ངག་ཐེའུ་གཤེགས་འགྲོལ་བཅས་ཀུན་ཏུ་རྒྱས་ཤར་ནས། །འདི་ལ་ཀུན་སྤྱོད་མི་ནུབ་རྒྱལ་མཚན་རྡོ་རྗེ་སྙིང་པོར་ཤོག །མཎྜལ་ནོ་པི་ཀ་ཀུན་དགའ་སྙིང་པོས་མཛད་པ། །རྫོགས་སོ། །ཀུན་ལ་ཡོད་ན་ངོ་མཚར་ཆུང་བ་སྟེ། །ཀུན་གྱིས་ཤེས་ན་མཁས་པ་སུ་ཡིས་བྱ། །ཀུན་གྱིས་ཐོབ་ན་དཀོན་རྒྱུ་ཅི་ལ་ཡོད། །ཀུན་ལ་མེད་པས་ངོ་མཚར་ཤིན་ཏུ་ཆེ། ཨི་ཐཱི། སོ་ཕག་ཤི་ཐམ། རྫོགས་སོ།། །།
༅། །ཨེ་མ་ཧོ། བསྟན་པ་རིན་ཆེན་མཛོད་འཛིན་ཀུན་ཡིད་ཚིམ་མཛད་དཔའ་བོ་ཆེན་པོ་སངས་རྒྱས་གཉིས་པ་ནི། །སྙིགས་མའི་དུས་འདིར་བདག་སོགས་འགྲོ་མང་ཀུན་གྱི་མ་རིག་རྨོངས་པའི་བདུད་རིགས་བཅོམ་ནས་ནི། །ཐེ་ཚོམ་མུན་པའི་དྲ་བས་ལྟོངས་པ་རབ་ཏུ་བསལ་ནས་སྙིང་པོའི་དོན་དང་སྦྱོར་མཛད་པ། །ཀུན་མཁྱེན་ཀུན་བཟང་རྡོར་སེམས་ལ་སོགས་སེམས་དཔའ་དང་བཅས་སྐུ་གསུམ་དབང་མཆོག་ཐོབ་པར་ཤོག །བཀྲ་ཤིས་པར་གྱུར་ཅིག །མངྒ་ལམ། བྷ་བརྟུ་མམ།།
༅། །གསང་བདག་ཉིད་དང་བླ་མ་ལ། །གུས་བརྒྱུད་མཛད་སྲོལ་བརྗེད་རྡོར་བྲི། །དང་པོ་ས་གཞི་ཡོངས་སུ་བཟུང་། །གཉིས་པ་སྟ་གོན་ལ་གནས་ཏེ། །ནུབ་གསུམ་པ་ནས་འཇུག་པའི་དོན། །རྒྱས་པར་ཐོ་ཡིག་ཀུན་ཏུའོ། །ཟུར་ཙམ་དང་པོ་ཞེས་བརྗོད་པ། །ལས་རིམ་ལྟར་དུ་དོན་བརྒྱད་ལས། །ལྔ་པ་མདོས་ཚོགས་ཕུར་པ་སོགས། །ཕྲིན་གཞུང་སྲང་ལ་ས་གཞི་བཟུང་། །ནང་པར་མདོ་སྡེ་འབུམ་ལྔ་ནས། །སྦྱིན་པ་ཚོགས་སོགས་སྐྱབས་འགྲོ་དང་། །ཚྭ་ཚྭ་ཆུ་གཏོར་ལ་སོགས་པའི། །ལས་ཚོགས་དགེ་བའི་དཔུང་རྣམས་བསྐྱེད། །དགོས་འདུས་ལྷ་མི་ཉན་རང་གི། །པདྨ་གསུམ་པ་གཉིས་པ་དང་། །བབ་གཉིས་བབ་དྲུག་དཀྱིལ་འཁོར་གསུམ་བྲི། །སྒྲ་སྦྱར་ལྷ་དགོད་གླེང་གཞི་དང་། །སྐྱབས་འགྲོ་སེམས་བསྐྱེད་དོན་རྣམས་བཤད། །ཐོ་ཆོག་བྱས་ལ་ལས་གཞུང་བསྲང་། །ཀུན་གྱིས་ལངས་ལ་སྐྱབས་སེམས་དང་། །རང་རང་ཀུན་གྱི་སྙིང་པོ་རྣམས། །བསྐོར་བ་བྱ་ཞིང་བཟླས་པ་དང་། །དོན་དུ་ལམ་ཁྱེར་གསུམ་ལྡན་བྱ། །ནང་པར་ཁྲུས་བྱ་དབང་བསྐུར་ཏེ། །ཁྲི་བརྩིག་བགེགས་བསྐྲད་དྲལ་འདུག་ལ། །སྒྲ་སྦྱར་ལྷོ་ཕྱོགས་སྤྱན་དྲངས་ཏེ། །ཕྱག་ཏུ་ཕུལ་ལ་མདོ་མཆོད་བྱ། །མཛད་སྲོལ་ཟུར་བརྗོད་ལམ་ཁྱེར་བཤད། །དེ་རྗེས་ལྷ་དབང་བུམ་དབང་འདེབས། །གང་དུ་སྦྱོང་དང་བཀྲ་ཤིས་གསོལ། །གཉིས་པའི་ཁྲིགས་སུ་ཤེས་པར་བྱའོ། །རྫོགས་སོ།། །།
༅། །གསུམ་པ་བྱང་ཆུབ་སེམས་དཔའི་དབང་། ཕྱི་དྲོ་པད་བརྒྱད་ལྡན་ཉི་ཤུ་ཞལ་སྒྲ་སྦྱར་ལ། ལྷ་བཀོད་དེ་ཉིད་གླེང་གཞི་བཤད། །མཚམས་བཅད་སྐྱབས་འགྲོ་མཆོད་གཞུང་བསྲང་། །ནང་པར་ཁྲུས་སོགས་གོང་གིས་འདྲེ། །བྱེ་བྲག་ཁྱད་ཕྱེད་གསུམ་པའི་ཁྲིགས། །བཞི་པ་ཕྱི་རྒྱུད་སྡེ་གསུམ་དབང་། །ཐོ་ཆོག་བྱས་ལ་དལ་གཉིས་བྲི། །སྒྲ་སྦྱར་ལྷ་སོགས་བརྒྱན་རྣམས་བཀྲམ། །རང་རང་གླེང་གཞི་རྒྱུད་ཁུངས་བཤད། །ལམ་ཁྱེར་གསུམ་གསུམ་དོན་བཤད་ནས། །སྐྱབས་སེམས་གསུམ་དང་ལྡན་པར་བྱ། །ཀརྨ་ཡིས་ནི་ལས་གཞུང་བསྲངས། །ནང་པར་སྤྱིར་འདྲེ་བྱེ་བྲག་ཏུ། །ཁྱད་པར་ཤེས་པ་གསུམ་པའི་ཁྲིགས།། །།
༅། །ལྔ་པ་རུ་སོགས་བུ་རྣམས་ཀུན། །དཀྱིལ་འཁོར་དང་རབ་གནས་སྦྱིན་སྲེག་ཚོགས། །ཐིག་གདབ་སྟ་གོན་རྣམ་བཞི་ལ། །དང་པོ་སློབ་དཔོན་དལ་སྟེངས་སུ། །ཤར་དུ་ལྟས་ནས་འདུག་པ་ལ། །གསལ་བཏབ་ནས་ནི་དཔོན་སློབ་ཀུན། །དབང་ལྡན་ཕྱོགས་ནས་བགེགས་བསྐྲད་དེ། །སྟང་སྟབས་བྱ་ཞིང་བགེགས་རྣམས་གཟིར། །དཀྱིལ་འཁོར་སློབ་བུ་ཡོ་བྱད་ཀྱི། །རིམ་པ་བཞིན་དུ་ཀུན་བྱས་ནས། །སྔ་དྲོའི་དུས་ན་དལ་བྲི་ཞིང་། །དྲག་པོའི་སྦྱིན་སྲེག་རྒྱས་པར་བྱ། །རོལ་མོའི་སྒྲ་སྦྱར་ལྷ་རྣམས་དགོད། །ཕྱི་མཚམས་བཅད་ལ་ནང་འདུས་ཏེ། །རྒྱན་བཀྲམ་ཚུལ་ཕྱག་བྱས་ནས་ནི། །མཚམས་དང་དམ་སྲི་སྒོ་བྱང་དང་། །བརྡ་སྒོ་དབྱེ་དང་བརྡ་ཕྱག་འཚལ། །བཤགས་དང་དམ་བཅའ་བྱིན་དབབ་ཅིང་། །རྟགས་གདབ་མཆོད་པའི་ལས་འཇུག་བྱ། །དེ་ནུབ་ཞི་ཁྲོ་རྐྱང་དུ་སྦྲེང་། །རུ་ཡིས་འཛབ་བྱས་ཚོགས་རོལ་ནས། །ནང་པར་ཕྲིན་ཐུང་གཞུང་བསྲུང་ཞིང་། །གཏོར་མ་གསར་རྙིང་པ་ལ་སོགས། །ལྷག་མ་ཡན་ཆད་ཟིན་པ་དང་། །དེ་ཉིད་དབང་གི་སྦྱིན་སྲེག་དང་། །ཞི་ཁྲོའི་རབ་གནས་རྒྱས་པར་བྱ། །དེ་ནས་ཐ་མ་མ་ཡིན་པའི། །བར་བར་དག་ཏུ་ཆོག་གཞུང་ནི། །ཕྱི་མཚམས་ནས་བཟུང་སྤྱིར་མཐུན་ལ། །གཞུང་ལ་བབ་ནས་ཞི་ཁྲོ་གཉིས། །སྦག་མར་བསྲང་ཞིང་འཛབ་བསྟོད་བསྒྱུར། །བཞི་ཚོགས་དག་ལ་སྲོད་སྔ་རྒྱས། །གླེང་གཞི་ལམ་ཁྱེར་ལ་སོགས་པ། །ཐོ་རངས་དགོང་མོ་བསྡུས་པར་བསྲང་། །ལྷག་མ་ལ་སོགས་རྒྱས་བསྡུས་བྱ། །ནང་པར་དབང་བསྐུར་དེ་རིང་ལ། །ཆེ་མཆོག་གཞུང་བསྲང་སྦྱིན་སྲེག་བྱ། །དམ་རྫས་ཟླ་ཁམ་དཀར་དམར་དང་། །ཟླ་གམ་ཟླ་རྒྱས་དཔལ་བཤོས་དང་། །འཁུར་བ་ཤ་མར་ལ་སོགས་པའི། །ཨ་ལི་ཨུ་ལི་ཐམས་ཅད་ཀུན། །དཀྱིལ་འཁོར་ལ་བཀོད་ལ་བརྒྱུད་བརྗོད། །གླེང་གཞི་ལམ་ཁྱེར་ལ་སོགས་པ། །བརྗོད་པ་ལས་ནི་གཞུང་རྣམས་བསྲང་། །ཚོགས་དུས་བདེ་གཤེགས་ཐུགས་དམ་བསྐང་། །ཐོ་རངས་སྐར་ཆེན་ཤར་དུས་སུ། །ལངས་ལ་བདེ་གཤེགས་མ་ལུས་པའི། །སྐུ་གསུང་ཐུགས་ཀྱི་སི་ཏི་བསྐུལ། །དེ་ནས་དབང་བསྐུར་ལས་བྱ་སྟེ། །ཕྱི་རུ་ཁྲུས་བྱ་ནང་ཁྲི་བརྩིག །ལས་མཁན་སྣ་གྲངས་རུ་ལུ་ཡི། །སྒྲ་བརྗོད་སྐོར་བྱས་གྲལ་འདུག་ལ། །དེ་དུས་བགེགས་བསྐྲད་རོལ་མོ་བཀྲོལ། །ལྷ་ཚོགསས་སྤྱན་དྲངས་ཕྱག་ཏུ་དབུལ། །རུ་ལི་ཞལ་སྐོས་ཟིན་པ་དང་། །མདོ་དང་ལས་རིམས་གང་རུང་པའི། །སྒོ་ནས་དབང་རྣམསས་བསྐུར་བྱ་སྟེ། །ལྷ་དབང་ལུས་ལ་རྫས་དབང་ལག །ཆོས་དབང་སེམས་ལ་བསྐུར་བར་བྱ། །དེ་རྗེས་ཚེ་བསྟིམ་བཀྲ་ཤིས་གསོལ། །ལྷག་མ་རྒྱས་བཏང་བཅོལ་བསྐུལ་བྱ། །བསྟན་མ་བསྐྱངས་ལ་ནང་འདུས་ལ། །ལས་གཞིའི་བྱེ་བྲག་སྨོན་ལམ་བཏབ། །ས་གཏེར་སྦས་ལ་མགྲོན་རྣམས་བསྐང་། །བླ་མའི་མཛད་སྲོལ་མདོ་ཙམ་ཡིན།། །།
གུ་རུའི་ལག་ལེན་མ་མཐོང་དང་། །ནོར་བུ་ཕྲེང་བའི་ཡི་གེ་རྣམས། །རྒྱབ་རྟེན་བཞག་ནས་རིགས་པ་ཡིས། །བརྗེད་དོགས་ཕན་སེམས་བློ་ཡིས་བྲིས། །ཉེས་ན་བདེ་ཆེན་ཀློང་དུ་བཤགས། །དབང་རིན་ཆེན་ཕྲེང་བའི་བརྗེད་བྱང་རྫོགས་སོ།། །།
༅། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ནམ་མཁའི་རང་བཞིན་དོན་འགྱུར་མེད། །རིག་པ་རང་སྣང་སྤྲོས་བྲལ་ཞིང་། །བྱེ་བ་ཕྲག་བརྒྱ་འདུལ་མཛད་པའི། །སྐུ་གསུམ་ངོ་བོ་ཉིད་ལ་འདུད། །རིམ་པ་དབང་གིས་བགྲོད་པའི་ཕྱིར། །བླ་མའི་རྡོ་རྗེ་མན་ངག་ཇི་བཞིན་དུ། །དབང་གི་བསྒྲུབ་ཐབས་ནོར་བུ་ཕྲེང་། །མདོ་བསྡུས་འདི་རུ་བརྗོད་པར་བྱ། །གཞུང་མཐུན་དུར་ཁྲོད་བར་ཆད་གསུམ་དང་བྲལ་བའི་དམ་མཚོ་གླིང་ངམ་ཉམས་དགའ་བའི་གནས་བཙལ་ཞིང་། །ཕུན་སུམ་ཚོགས་པ་སྟོན་འཁོར་ཡོ་བྱད་གནས་དང་བཞིར་ལྡན་པར་བྱས་ནས། །སའི་བྱ་བ་ས་བརྟག་པ་དང་བླང་བ་དང་། སྦྱང་བ་དང་། སྲུང་བ་དང་། བྱིན་བརླབས་དང་། བཟུང་བ་དང་ཀུན་ཆུབ་ཅིང་། །ཚོགས་མདོ་སྡེ་འབུམ་ལྔ་དང་ཚྭ་ཚྭ་ཆུ་གཏོར་བསག་ཉེ་འདོན་ལམ་འཕྲང་དགེ་འདུན་སྟོན་མོ་ལ་སོགས་པའོ། །བསྐང་གསོལ་དམ་ནུབ་དང་པོའི་བྱ་བའོ་སྲི་འདུལ་ཕུར་པས། གཉིས་པ་ལྷའི་ཡོ་བྱད་སྟ་སློབ་མའི་གོན་སྦྱིན་སྲེག་གནས་གཞི་ནི། །དཀྱིལ་འཁོར་བརྒྱད་རྡོ་རྗེ་དབྱིངས་ཁྲག་འཐུང་རྩ་བ་ཁྲོ་བོ་རོལ་པ་མ་མོ་རྔམ་པ་མཁའ་འགྲོ་ལས་རྔམ་པ་གྱིང་འབར་སྤོར་ལས་འགྱོགས་འགྲོ་ཡིད་ལྡན་རྩེག་མར་བརྩིག །ཕྱི་ནང་དམ་རྫས་བདུད་རྩི་ལྔའི་ཆག་ཆག་དེ་ནས་ཡེ་ཤེས་ཀྱི་ཐིག་ནམ་མཁའ་ལ་གདབ། དམ་ཚིག་གི་ཚིག་ས་ལ་ལུགས་བཞིན་གདབ་ཐིག་རྣམས་གདབ། །ཙནྡན་ལ་སོགས་པའི་ཆུ་ལྡན་དྷེ་དགུ་བྱས་ལ་ཆག་ཆག་གདབ་སྤོས། །གནས་དེ་ནས་ལྷ་སུ་ཐིག་ལེ་སུཏྱ་ཙནྟྲ་མཎྜལ་ཞེས་དྲིའི་རང་རང་གདབ། །དེ་ནས་རབ་ཀྱི་གསང་སྔགས་དེའི་ཉི་མ་དང་ཟླ་བ་དང་པདྨའི་གདན་དང་ལྡན་པར་བཞག །མཚོན་བྱིན་གྱིས་བརླབས་རེ་ག་འཛུབ་གང་བ་གཅིག་དྲངས་པ་ནི། ལྷ་ཡི་ངོ་བོ་གནས་པའོ། །དེ་ནས་བུམ་པ་ཆས་སུ་བཅུག་པ་རྫས་དང་ལྡན་པས་འབྱུང་བ་ཅི་རིགས་པ་བཀང་། །ཕྱི་ནང་གསང་བའི་མཆོད་པ་རྫས་དྲུག་བྱིན་གྱིས་མཚམས་བཅད་བཤགས་པ་བྱ་བརླབ། །གསལ་བས་ཚོམ་བུའི་དལ་ལྷ་རྫོགས་ཚུལ་དུ་བསྐྱེད། །དབང་ཡེ་ཤེས་ལྔས་བསྐུར་སྐུ་གསུང་ཐུགས་སུ་བརླབ་དང་སྙན་གསན་དབབ་སྤྱན་དྲངས། །གཉིས་སུ་མེད་པར་བསྟིམ་ཞིང་ཕྱི་ནང་གསང་བའི་མཆོད་པ་གསུམ་རྫོགས་པར་དབུལ། །ཕྱོགས་བཅུ་དུས་བཞི་དང་གཏུམ་ཆེན་གྱིས་བསྟོད་ཅིང་དཔལ་ལྡན་རྡོ་རྗེ་སྐུ་འཆང་བས་གསོལ་བ་གདབ་པ་ནི། །དེ་ནི་ལྷའི་སྟ་གོན་ལ་གནས་པ་ཡིན་པ་རུ། །ལུང་དང་ལྡན་པར་བླ་མ་རྣམས་ཀྱིས་གསུངས། །དེ་ནས་ཡོ་བྱད་རྫས་ཀྱི་སྟ་གོན་ལ་གནས་པ་ནི། །ཐོག་མ་ཁོ་ནར་བུམ་པའི་རབ་གནས་བྱས་པ་ནི་བུམ་པ་སློབ་དཔོན་གྱིས་མདུན་དུ་བཞག་ལ་བི་ཤྭ་བཛྲ་བགེགས་བསྐྲད་ལ་འདུག །བུམ་པ་ལྔས་ནང་དུ་ལྷའི་ཡེ་ཤེས་ལྔས་དལ་རྫོགས་ཚུལ་དུ་བསྐྱེད། །རྫས་རྣ་བ་ཁ་རྒྱན་དང་མགུལ་ཆིངས་ལ་སོགས་པ་ལྔ་དང་ལྷ་སོ་སོའི་རང་རང་གི་སྔགས་ཀྱིས་རྩལ། །ཡེ་ཤེས་ལྔས་དབང་བསྐུར་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་སྙན་གསན་དབབ་སྤྱན་དྲངས་གཉིས་སུ་མེད་པར་སྟིམ་ནས། །ཕྱི་ནང་གསང་གསུམ། མཆོད་པ་དང་པོས་དབུལ་བསྟོད་ལ་ཕྱོགས་སུ་དགོད། །དེ་ལ་སོགས་ཏེ་ཡོ་བྱད་ཀུན་བསོག་ཚོ་གསུམ་དུ་བཅད་ལ་བྱིན་གྱིས་བརླབ་པར་བྱའོ། །ཡོ་བྱད་སྟ་གོན་དེ་ནི་གསུམ་པར་དེ་གསུངས་སོ། །བུ་གསུམ་ལ་གནས་པ། ཁྲུས་བྱ་མིག་དགབ་གྲལ་ལ་འཁོད། དེ་ནས་སློབ་མའི་རབ་གནས་གསུམ་དྲིའི་ཐིག་ལེ་བྱས་ལ་ཙཀ་བྱིན་གྱིས་བརླབ་དམ་ཚིག་སྦྱིན། ལ་རྫས་དྲུག་བྱིན་ནས་ཀྱང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གླེང་གཞི་བཤད་རྨི་ལམ་བརྟག །ངན་ན་བཟློག་སྟེ་སྟ་གོན་རྫོགས། །འཇུག་པའི་ལས་སུ་དཀྱིལ་འཁོར་བྲི། །འབྱུང་པོ་ཐོ་ཆོག་མཚམས་བཞི་གཅད། །གཉིས་ཀའི་དཀྱིལ་འཁོར་ནི་རྫོགས་ཚུལ་བསྐྱེད། །མཁའ་ནས་བདོན་ཞིང་མཚན་མ་བཀོད། །བུམ་པ་ཕྱི་ནང་མཆོད་གཏོར་དང་། །རྟགས་དགོད་བར་མཚམས་ལྡན་པར་བྱ། །བྱིན་ལྡན་བརྡ་ཕྱག་སྔོན་འགྲོའི་ལས། །སྒོ་བྱང་མ་ཏང་མཆོད་པ་བརླབ། །རྩ་བའི་ལས་གཞུང་རྫོགས་པར་བྱ། །རབ་གནས་སྔོན་དུ་བྱ་བ་ཡང་། །སྐྱེད་དྲང་དབང་པོའི་སྐྱོན་བསལ་དང་། །ཆུ་བདུན་མངའ་གསོལ་མཆོད་པ་འབུལ། །བརྟན་པ་སྐོར་བ་སྨོན་ལམ་གདབ། །དང་པོ་རྩ་དལ་འཛབ་ཚོགས་རྫོགས། །མེའི་ལས་སྦྱོར་རྫས་བཞི་དབུལ། །མཆོད་པའི་རྫས་རྣམས་འཚོགས་པར་བསོགས། །ཏིང་དལ་ལུང་ལྟར་རྫོགས་པར་བསྐྱེད། །དཀྱིལ་འཁོར་འཇུག་ཕྱིར་མཚམས་ཕུར་གདབ། །གསལ་བས་དག་པའི་ཀློང་དུ་སྦྱང་། །དཀྱིལ་འཁོར་རྫོགས་པའི་ཀློང་དུ་བསྐྱེད། །ཧཱུྃ་དགུ་ཧེ་རུ་ཧ་ཧེ་བསྐྱེད། །ཨ་དང་སྒོ་མ་དབང་མོ་དང་། །ཧཱུྃ་དང་ཨེ་ཨེ་ཛ་ལས་གྱིང་། །འབྲུ་བཞི་མ་དང་བྷྱོ་ལས་བསྐྱེད། །དཀྱིལ་འཁོར་བདུན་པ་རྫོགས་པར་བསྐྱེད། །སྟེང་ཁང་རྫོགས་ནས་དབང་བསྐུར་བརླབ། །སྨོན་ལམ་བདེན་པ་ལྡན་པར་གདབ། །སྤོས་དང་རོལ་མོའི་སྒྲ་སྒྲགས་ཏེ། །བསྐུལ་ཚིག་སྔགས་ཀྱིས་སྤྱན་དྲངས་ཏེ། །བསྐྱེད་དང་གཉིས་སུ་མེད་པར་བསམ། །གསེར་གྱི་ཐུར་མ་ལ་སོགས་པས། །དབང་པོའི་སྐྱོན་བསལ་གཞུང་དུ་བསྙག །ཆུ་བདུན་ཚན་གཉིས་སྐུ་ཁྲུས་གསོལ། །རས་གཉིས་སྐུ་ཕྱི་དབུ་སྐྲ་བཤད། །ཆེ་བའི་ཡོན་ཏན་མངའ་གསོལ་ཞིང་། །ཕྱི་ནང་གསང་བའི་མཆོད་པ་དབུལ། །མཆོད་ཅིང་གར་གླུའི་རྫས་རྣམས་དབུལ། །དབེན་པས་བསྐོར་ཞིང་བརྟེན་པར་བཞུགས། །རབ་གནས་ཆོ་ག་དེ་བཤད་དོ། །ལས་གཞུང་ཞག་གི་ཆོ་ག་ནི། །ཕྱི་ནང་མཆོད་གཏོར་རྒྱས་པར་བཤམ། །དཀྱིལ་འཁོར་བསྐྱེད་དང་སྤྱན་དྲངས་བསྟིམ། །ཕྱི་ནང་གཉིས་པའི་ལས་རྣམས་བྱ། །བཟླས་བརྗོད་ཚོགས་མཆོད་གསལ་གདབ་པ། །ལས་གཞུང་སྔོན་དུ་བསྙགས་ལ་འབད། །ལུང་ལྡན་བླ་མའི་མན་ངག་བཞིན། །བསྐྱེད་དང་རྫོགས་དང་རྫོགས་པར་བསྒོམ། །བསྙེན་པའི་རྟགས་བྱུང་མེ་ལས་བྱ། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་འཇུག །ཁྲུས་བྱ་དར་གྱིས་གདོང་གཡོགས་ལ། །རིན་ཆེན་མེ་ཏོག་ཐོགས་ལ་འདུད། །དབང་ཕྱུག་འཇུག་ལ་གསོལ་བ་བཏབ། །འཛུམ་དང་བཅས་ནས་གནང་བ་སྦྱིན། །དྲིས་ལན་འཇུག་པར་གསོལ་བ་བཏབ། །རྡོ་རྗེ ས་ལམ་དྲངས་དྲུང་དུ་བཀྲི། །གུས་པས་ལུས་དབུལ་རྐྱང་ཕྱག་བྱ། །ཆོ་ག་དྲུག་རྫོགས་བག་ཆགས་བསྲེག །སྐྱབས་སུ་གསོལ་ཞིང་ཞབས་ལ་བཏུད། །རུས་ནི་གནང་བ་སྦྱིན་པར་བྱ། །བསྐུལ་ཞིང་ལན་གྱིས་གནང་བ་སྦྱིན། །དམ་ཚིག་སྡོམ་པ་འབོག་པར་བྱ། །དམ་ཚིག་སྒྲགས་ཞིང་ཆུ་ཆགས་བྱ། །བུས་ནི་ལྷ་ལ་མེ་ཏོག་དོར། །གང་ལ་བབ་པ་རིགས་ལྷར་དབོག །དབབ་ཅིང་སྟིམས་ལ་རིག་པ་བསལ། །དོན་རྟགས་བཤད་ཅིང་ལྷ་ངོ་བསྟན། །དེ་ནས་སྟོན་པ་རྡོ་རྗེ་ཆེན་པོ་དེས། །བཀའ་བྱུང་ཡོན་གྱི་དོན་དང་སྦྱར། །ཅི་ནུས་པ་དང་རྒྱུ་རྐྱེན་གྱིས། །བླ་མ་མཉེས་པར་བྱ་བར་གསུངས། །ཀུན་གྱིས་གསོལ་བཏབ་ལན་ཀྱང་གནང་། །གསོལ་བ་བཏབ་ལ་གནང་བར་བསམ། །གཞལ་ཡས་ཁང་བཅས་ཡང་གིས་བཏེག །གདན་ཁྲི་དབུལ་ལ་དབང་ཕྱུག་བཞུགས། །བདེ་གཤེགས་བསྡུས་ལ་བྱིན་བརླབས་ཞུ། །མཚན་མ་སྒོ་ཞིང་དབང་བསྐུར་བརླབ། །རྡོ་རྗེའི་ཚིག་སྒྲགས་མདུན་དུ་དྲངས། །དབང་གི་སྟེགས་བུར་དེ་དག་འཁོད། །དང་ཞིང་མདུན་སར་བསྡད་པར་བྱའོ། །དེ་ནས་དབང་བཞི་རྫོགས་བྱ་བ། །ཕྱི་ནང་གསང་བ་བྱང་སེམས་དང་། །ཤེས་རབ་ཡེ་ཤེས་བཞི་རྫོགས་བསྐུར། །ཡོན་ཏན་ཡར་ལྡན་ཐེག་རྫོགས་ཕྱིར། །ཕྱི་དབང་བརྒྱ་དང་རྩ་བརྒྱད་བསྐུར། །རྒྱུ་ཡི་ཐེག་པ་རྫོགས་བྱའི་ཕྱིར། །མཚན་ཉིད་དབང་རྣམས་རྫོགས་པར་བསྐུར། །འབྲས་བུའི་དོན་ལ་བཟུད་བྱའི་ཕྱིར། །ཀྲི་ཡའི་དབང་ནི་རྩ་དྲུག་བསྐུར། །རྣལ་འབྱོར་དབང་ནི་རྩ་བཞི་སྟེ། །དགོས་པ་རིན་ཆེན་བདུན་གྱི་དབང་། །དབང་རྟགས་འཁོར་ལོ་རྩིབས་བརྒྱད་སྦྱིན། །གྲངས་ཐིམ་ཕྱི་ཡི་དབང་རྣམས་རྫོགས། །ཕྱི་ཡི་དབང་རྫོགས་ནང་དབང་ནི། །སུམ་ཅུ་རྩ་དྲུག་རྣམ་གྲངས་ལ། །དང་པོ་ཕྱི་ནང་རིམ་ཡོད་ཕྱིར། །ཕྱི་དབང་ལུས་ལ་བསྐུར་བ་ནི། །ཐ་མལ་ཞེན་པ་བཟློག་པའི་ཕྱིར། །རྒྱལ་པོའི་བཀའ་རྟགས་ཕྱག་རྒྱ་སྦྱིན། །ཐུགས་ཀྱི་བདག་ཉིད་ཐོབ་བྱའི་ཕྱིར། །ཕྱག་རྒྱ་མཚན་ལྔའི་དབང་བསྐུར་སྦྱིན། །ཤེས་རབ་གཟུངས་དང་མི་འབྲལ་ཕྱིར། །ཤེས་རབ་གཟུངས་ཀྱི་དབང་བསྐུར་སྦྱིན། །ཐུགས་ཐོབ་བག་ཆགས་འདག་པའི་ཕྱིར། །བུམ་དབང་ཆུ་དང་བཅས་པ་སྦྱིན། །ཞིང་ཁམས་བཀྲ་ཤིས་བདེ་བའི་ཕྱིར། །བཀྲ་ཤིས་བརྒྱད་ཀྱི་དབང་བསྐུར་སྦྱིན། །འདོད་དགུ་རེ་བ་བསྐང་བའི་ཕྱིར། །རིན་ཆེན་བདུན་གྱི་དབང་བསྐུར་སྦྱིན། །རྒྱལ་བའི་ཡོན་ཏན་ལྔ་ཐོབ་ཕྱིར། །སེང་གེ་ལ་སོགས་དབང་བསྐུར་སྦྱིན། །འཕགས་དང་བྱང་ཆུབ་ཡན་ལག་ཕྱིར། །ཕྱག་གཏུབ་ལ་སོགས་བཅུ་གསུམ་སྦྱིན། །རིགས་དང་སངས་རྒྱས་མཚན་ངེས་ཕྱིར། །གྲགས་པ་དབང་ཕྱུག་མིང་དབང་སྦྱིན། །ཆོས་ཀྱི་རྒྱལ་པོར་གྱུར་པའི་ཕྱིར། །འཁོར་ལོའི་དབང་དང་བཅུ་པོ་བསྐུར། །དེ་ལྟར་ཕྱི་དབང་བཅུ་རྫོགས་ནས། །རྡོ་རྗེས་ལམ་དྲངས་གསོལ་བ་བཏབ། །རྐྱང་ཕྱག་བྱས་ལ་ཉེ་དྲུང་འཁོད། ༈ །ནང་དབང་བཅུ་གཅིག་བསྐུར་བ་ནི། །ཤེས་རབ་རྣམ་གསུམ་རྫོགས་བྱའི་ཕྱིར། །བདེ་གཤེགས་པོ་ཏི་ཉན་པའི་དབང་། །ལས་བཞི་ཐོགས་མེད་ཡོད་པའི་ཕྱིར། །ཕྲིན་ལས་རྡོ་རྗེས་དབང་བསྐུར་བྱ། །རིགས་དང་རྩོལ་བ་ལྡན་པ་ལ། །གསེར་གྱི་ཆགས་ཤིང་འཆད་པའི་དབང་། །རྡོ་རྗེ་སློབ་དཔོན་སར་གནས་ཕྱིར། །རྡོ་རྗེ་དྲིལ་བུ་སྦྱིན་པར་བྱ། །བླ་མེད་རྒྱལ་བའི་དབང་ཐོབ་ཕྱིར། །ཁྱད་པར་གདན་ཁྲི་ཁྲོ་བོའི་དབང་། །ཁྱད་པར་དགོས་འདོད་རེ་བསྐང་ཕྱིར། །རིན་ཆེན་སྣ་བདུན་དབང་བསྐུར་སྦྱིན། །རྒྱལ་བའི་སྲས་སུ་བདག་གྱུར་པས། །ཕྱག་རྒྱ་ཆེན་པོའི་ལྷ་དབང་སྦྱིན། །རིག་པའི་ཡེ་ཤེས་ལྔ་རྫོགས་ཕྱིར། །ཡེ་ཤེས་ལྔ་རྫོགས་དབང་ཐོབ་བྱ། །སྒོ་གསུམ་སྐུ་གསུང་ཐུགས་རྫོགས་ཕྱིར། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྦྱིན། །ད་ལྟར་ལོངས་སྤྱོད་རྫོགས་པའི་ཕྱིར། །དཔལ་བེ་ལ་སོགས་བཀྲ་ཤིས་སྦྱིན། །རྣལ་འབྱོར་དབང་ཕྱུག་ས་ནོན་པས། །ཐིག་ལེ་མིང་གི་དབང་བསྐུར་རོ། ༈ །བསྒྲུབ་པའི་རྫས་ཀྱི་དབང་བསྐུར་ནི། །རིགས་ཀྱི་བུ་རྣམས་དཀྱིལ་འཁོར་གྱི། །བརྐྱང་ཕྱག་བྱས་ལ་སྟེང་དུ་དྲང་། །བསྒྲུབ་དབང་བཅུ་གཉིས་རྫོགས་པར་བསྐུར། །མ་ལུས་ཐིག་ལེ་རྒྱས་འདེབས་པས། །ཤེས་རབ་རིག་པའི་དབང་བསྐུར་སྦྱིན། །བྱང་ཆུབ་སེམས་ཀྱི་དོན་རྟོགས་པས། །ཁམས་གསུམ་ཏིང་འཛིན་དབང་བསྐུར་སྦྱིན། །རྟོགས་པས་འཁོར་བ་འདི་འཇོམས་ཕྱིར། །ཐོང་གཤོལ་དབང་ཡང་སྦྱིན་པའོ། །དུག་གསུམ་སྐུ་གསུང་ཐུགས་རྫོགས་ཕྱིར། །ཐོད་པ་གསུམ་གྱི་དབང་བསྐུར་སྦྱིན། །སྲིད་གསུམ་ཡེ་ཤེས་བསྒྲལ་བའི་ཕྱིར། །ཀ་ཏར་གྲི་ཡི་དབང་ཡང་སྦྱིན། །སྒོ་གསུམ་ཅི་སྤྱད་སྐྱོན་བྲལ་བས། །མ་ཆགས་སྐྱོན་བྲལ་པདྨའི་དབང་། །ཕྱི་ནང་མཐར་ཐུག་ལས་རྫོགས་པས། །སྟི་ར་དབྱུག་པའི་དབང་སྦྱིན་བྱ། །ཐབས་དང་ཤེས་རབ་མི་ཕྱེད་པས། །མཉེན་ལྕུག་སྦྲུལ་ནག་ཆུན་པོའི་དབང་། །དབང་པོ་ཡུལ་དུ་སྦྱོར་རྟགས་སུ། །ཤེས་རབ་ཡུམ་གྱི་དབང་བསྐུར་སྦྱིན། །ཐབས་ཆེན་ལས་ལ་ལོངས་སྤྱོད་ཕྱིར། །འདོད་ཡོན་ལྔ་རྫོགས་ལོངས་སྤྱོད་དབང་། །བསྒྲུབ་པ་ཆེན་པོ་བསྒྲུབ་པའི་ཕྱིར། །དམ་རྫས་ལྔ་རྫོགས་རྫོགས་པར་སྦྱིན། །རྡོ་རྗེ་འཆང་གྲལ་འཁོད་པའི་ཕྱིར། །རྡོ་རྗེ་མིང་གི་དབང་བསྐུར་སྦྱིན། ༈ །དེ་ལྟར་དབང་གསུམ་རྫོགས་བྱས་ནས། །མན་ངག་བཞིན་དུ་བྱང་སེམས་སྦྱིན། །ཡེ་ཤེས་བདེ་བའི་དབང་བསྐུར་རོ། །རིག་པ་རྩལ་དུ་རང་སྣང་བས། །ཆོས་ཉིད་རྫོགས་པའི་དབང་བསྐུར་རོ། །དེ་ལྟར་དབང་རྣམས་རབ་རྫོགས་ནས། །ཏ་རག་ཡོན་གྱིས་བླུ་བར་བྱ། །བཀྲ་ཤིས་ལྷག་ཆོག་བརྟན་མ་བསྐྱང་། །དལ་བསྡུ་ལས་རྗེས་ཤིས་པར་བྱའོ། །ཇི་ལྟར་དོན་དུ་ནན་ཏན་བྱའོ། །འདོད་ཆེ་ཁྱེ་དང་གྲགས་པ་ཅན། །འཇིག་རྟེན་ཆོས་བརྒྱད་གྲགས་པ་གཉེར། །དོན་དུ་མི་གཉེར་གྱོང་ཅན་ལ། །འཇིག་རྟེན་གཏོང་ཡང་བསྡམ་པར་བྱ། །དད་རྩོན་དམ་ཚིག་གཏོང་ཕོད་ཅན། །སྙིང་རྗེ་དང་སེམས་ལྡན་པ་དང་། །མི་འགྱུར་ཟབ་ཅིང་བསྟན་པ་ལ། །དམ་ཚིག་བརྒྱ་དང་བཅས་ལ་གཏད། །འདུས་པ་ཆེན་པོའི་མན་ངག །དབང་ནོར་བུ་ཕྲེང་བའི་ལས་ཀྱི་ཁྲིག །རྫོགས་སོ།། །།
༅། །དཔལ་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་བཤད། དེས་དགའ་རབ་རྡོ་རྗེ། དེས་ཤྲྀ་རི་སིང་ཧ། དེས་བཻ་རོ་ཙ་ན། དེས་ཀུ་མ་ར། དེས་ཇོ་བོ་སངས་རྒྱས་ཏེ། ཡབ་རྒྱལ་བ་བསོད་ནམས། ཡུམ་སྲས་མོ་སྒྲོན་མ་གཉིས་ཀྱི་སྲས་པོ། རྒྱ་གར་ཡུལ་དུ་ལན་བདུན་བྱོན་རྒྱ་གར་མཁས་པའི་བཅུད་སྟིམས། བ་སུ་དྷ་རས་དབང་བསྐུར། ལྷ་མོ་ཀླུ་དང་དངོས་སུ་སྦྱོར་བ་བྱེད་ནུས། ལྷ་སྲིན་ཐམས་ཅད་བྲན་དུ་འཁོལ། བཀའ་ཐམས་ཅད་ལ་དབང་བསྒྱུར། མི་དང་མི་མ་ཡིན་པ་ལ་དབང་བསྒྱུར་བ། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་དངོས་ཡིན། གངས་རྫོང་དུ་བཞུགས་པའི་དུས་སུ་གནོད་སྦྱིན་ཕྲུ་གུས་དངོས་སུ་གསོལ་ཟས་དྲངས་སོ། །དུར་ཁྲོད་དུ་བྱོན་པའི་དུས་སུ་ཡི་དྭགས་ཀྱིས་དངོས་སུ་འདུད་ཅིང་ཞབས་སྤྱི་བོས་བླངས་སོ། །དྲི་ཟ་ཕྲུ་གུ་ཕྱག་གིས་ཟིན། །རྣུབས་མཚོ་གླིང་དུ་དགོངས་པ་མཛད་པས་ཀླུ་སྦྲུལ་མགོ་དྲུག་པ་གཅིག་གིས་དངོས་སུ་གསོལ་དྲངས་སོ། །ཇོ་བོ་སངས་རྒྱས་དེས། རྣུབས་དཔལ་འབྱུང་རིན་པོ་ཆེ་ལ། དེས་སྲས་བླ་ཆེན་བྱ་སྙིང་། དེས་སྲས་བླ་ཆེན་ཤཱཀྱ་བཤེས་གཉེན། དེས་སྲས་ཤཱཀྱ་བརྩོན་འགྲུས། དེས་གྲུ་ཤཱཀྱ། དེས་སྲས་རྣུབས་རོག་ཆོས་སེང་། དེ་ལ་བན་ཆུང་རྐྱང་པས་ཞུས། རྒྱུ་གླན་ཤཱཀྱ་འོད་ལ། དབ ང་ཕྱུག་རྒྱལ་གྱིས་ཞུས། དེས་ཟུར་བྱམས་པ་སེང་གེ་ལ་གསུང་མོད་ཀྱི། འདི་ནི་གནུབས་སངས་རྒྱས་ནས་ཡོན་ཏན་རྒྱ་མཚོ་ལ་སྤྱི་དང་འདྲའོ།། །།
༅། །ཅིས་ཀྱང་མི་གཡོ་མི་བསྐྱོད་པའི། །མི་འཁྲུགས་རྡོ་རྗེ་སེམས་མཆོག་ཉིད། །འཕགས་རྗེས་སྤྲུལ་པའི་འབྱུང་གནས་གཙོ། །བདེར་གཤེགས་ཀུན་དངོས་གཉིས་མེད་མེས། །བསྟན་པའི་མེ་ལོང་འོད་ཆེན་རྒྱུད། །ཀུན་ལམ་བསྟན་པའི་ཀུན་དངོས་བདག །གབ་སྦས་དཀྱིལ་འཁོར་མཆོག་གི་དོན། །ཤི་ཤ་མཆོག་བཞི་ཕྱིར་དོན་འདི། །སྡེ་མཛོད་གཏེར་ཁྱིམ་ཁང་ཆེན་དང་། །རྣམ་གྲོལ་ལྡེ་མིག་བཅུ་གཉིས་དང་། །ངེས་མཛོད་དམ་པ་དེ་ཉིད་བཅུ། །མཐའ་བཅུ་ཡན་ལག་མདོ་རྩ་བ། །གང་འདིར་སྐབས་བཅུར་རྫོགས་ལྡན་པས། །སྐྱོན་གྱི་མཐའ་རྣམས་ཟད་གྱུར་པ། །ཡོན་ཏན་བཅུ་གཉིས་ལྔར་ལྡན་པའི། །དམ་པའི་ཁུང་ལུང་བློ་གྲོས་དབང་། །ཆུ་བོ་ལྡན་པའི་དོན་ཐོབ་ཕྱིར། །བློ་གྲོས་ལྡན་པའི་ཉི་མ་དེས། །དམ་པ་ལྷར་ལྟར་མཆོད་བྱའི་ཕྱིར། །མཉེས་པར་བྱ་བའི་ཡོ་བྱད་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །མཐར་ཆུབ་རྒྱུད་བཀྲོལ་ཡུལ་སྤངས་ཏེ། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་པའི། །ནོར་མཆོག་དམ་པ་དེ་ལ་དབུལ། །རང་གི་ལུས་ཀྱང་ཅི་རིགས་པར། །རིན་ཐང་གང་ཡིན་ནོར་གྱིས་བླུ། །རྡོ་རྗེ་ལུང་གི་ཚད་ཅན་གྱིས། །ཇི་ལྟར་ནུས་པ་དེ་དབང་ཞུ། །རྡོ་རྗེ་ཐ་ཚིག་རྣམ་པ་ལྔའི། །བསླབ་པའི་གཉེར་རྣམས་རྫོགས་པར་བྱ། ༈ །དེ་ནས་ཇི་ལྟར་གར་བདེ་བར། །རྣལ་འབྱོར་ཡང་དག་འཇོག་ལ་ཞུགས། །ཆེ་ཆུང་རིམ་པ་ལས་སྐལ་སྣོད། །ཤེས་བློ་རིམ་བཞིན་ཅིག་ཆར་རིམས། །ཕྱི་མས་རྟོག་རྒྱུ་གཉིས་གཉིས་མེད། །རྣལ་འབྱོར་ལྷ་ཡི་མཚན་ལྔ་པོ། །ངེས་པར་མཐོང་ནས་དོན་ལ་འཇུག །མཆོག་གི་སེམས་སྔོན་ནན་ཏན་བྱ། །དགེ་བསམས་ལྟང་ཆེན་ཀུན་སྟོངས་ཏེ། །ནན་ཏན་ཚོགས་ཀྱི་དཔུང་ཆེན་བསྐྱེད། །ཡིད་འོང་མཚན་ལྡན་དབེན་ཕྱོགས་སུ། །རྣར་འབྱོར་ངེས་པ་གཏིང་ལྡན་པས། །རྒྱུད་དང་ལས་ཀྱི་ཆོ་ག་རྫོགས། །སྙིང་མིག་ལྟ་བུར་འདུ་ཤེས་གདུང་། །དངོས་དེ་ལྡན་པས་འགྲུབ་པར་འགྱུར། །རྡོ་རྗེ་སྨན་དང་རྩི་མཆོག་དང་། །ཡོ་བྱད་ཆེན་པོ་ལ་སོགས་བསྡུ། །གཟའ་སྐར་དུས་བཟང་འབྱོར་པ་དང་། །ལྷ་ཡི་ཉི་མ་བཀྲ་ཤིས་ཀྱི། །དུས་ལ་བབ་པའི་དུས་ཆེན་དག །བྱིན་གྱིས་བརླབས་པའི་དུས་ཆེན་ཡིན། །བདག་གཞན་གཉིས་ཀ་ཆོས་དོན་ཕྱིར། །གཙང་མ་ཁ་ཟས་ལ་སོགས་པའི། །རྣམ་རྟོག་ནད་འཇོམས་བདུད་རྩི་རྣམས། །རྒྱལ་བའི་ཚོགས་དང་འབྱུང་པོ་ལ། །ཇི་ལྟར་འབྱོར་ལྡན་ནན་ཏན་བྱ། །རྡོ་རྗེ་འདུས་པ་རྩལ་དབང་རིམས། །བཞུགས་པས་ཕྱོགས་བཅིངས་ནན་ཏན་བྱ། །བྱིན་གྱིས་བརླབས་པའི་རྫས་རྫོགས་ནས། །ཕྱག་རྒྱ་སྤྲོས་པ་དེ་བཞིན་ལས། །སྔ་མའི་རིམ་པ་འབྱུང་གནས་དང་། །རྫོགས་སྨིན་སྒྱུར་སྨིན་གློ་བུར་བཞིན། །རིམས་དང་ཅིག་ཆར་ཞི་དང་ཁྲོ། །བསྒྱུར་དང་སྐབས་ཀྱི་རྣལ་འབྱོར་ལྷའོ། །དང་པོ་ཡང་ནི་འདི་ལྟ་སྟེ། །མི་རྟོག་ངང་ལས་རྟག་ཉིད་དུ། །བརྟགས་པས་སྟོང་པ་གང་འབྱུང་བ། །དེ་ཉིད་རྟོགས་ན་ཆེན་པོ་སྟེ། །གང་མི་རྟོག་པ་རྟོག་པའི་རྒྱུ། །ཀུན་འབྱུང་ཀུན་གཞི་ཆོས་ཉིད་དབྱིངས། །མ་སྐྱེས་མི་འགག་ཀུན་ཏུ་སྣང་། །སྨྲ་བསམ་བརྗོད་མེད་ཡུལ་ལས་འདས། །མཐའ་ཡས་མཐའ་ཡས་སྐྱེད་པའི་ཡུམ། །རྒྱལ་བ་ཡི་གེའི་རང་བཞིན་ཏེ། །ཕྱག་རྒྱ་ཡི་གེ་ༀ་ལ་སོགས། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ་སྐྱེས་གསང་བའི་ཡི་གེ་ཨ། ༈ །ཨེ་ཡྂ་བྂ་ལྂ་སུ་རྂ། འཕྲོས་འདུས་དོན་བྱས་མཉེས་པ་དང་། །སླར་འདུས་ཡོངས་གྱུར་ཡེ་ཤེས་ཀྱི། །འབྱུང་བ་ལྔ་ཡི་དཀྱིལ་འཁོར་རྩེགས། །བདེར་གཤེགས་ཡུམ་ལྔའི་མཆོག་ཏུ་གསལ། །གྲུ་གསུམ་གཞི་བརྒྱས་ཟླུམ་པོའོ། །ཚད་མེད་འཐིང་དུད་དཀར་སྣ་བཞི། །དམར་སེར་ཡེ་ནས་ཁ་དོག་ལྔ། །ཕྱི་རོལ་ནང་གི་དོན་གྱིས་སྣང་། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །མོས་པའི་དཀྱིལ་འཁོར་སོ་སོ་བ། །བྷྲུྂ་ནི་ཡེ་ཤེས་ལས་གྲུབ་པ། །གཙུག་ཏོར་འཁོར་ལོ་བསྒྱུར་བ་སྔགས། །བྷྲུྂ་བི་ཤ་བི་ཤུད་དྷེ། བཛྲ་ཛྙ་ན་ཙཀྲ་རཏྣ་པདྨ་ཀརྨ་དུ་ཏྲི་ཙ་ཏུར་ནན། རཏྣ་པདྨ་སུརྱ་ཙན་ཏྲ་མཎྜལ། ༈ ཕོ་བྲང་འཁོར་ལོ་དཔལ་བེའུ་དང་། །པདྨ་ལེ་ཚེ་ཟུར་བརྒྱད་པ། །རྡོ་རྗེ་ཕྲེང་རིམ་འགྲེང་བུ་དང་། །མི་འཇིགས་ཐེག་ཆེན་གདུང་ཆེན་མ། །ཡང་དག་བརྒྱད་ཀྱི་ཀ་བས་མཛེས། །མ་ནོར་མ་བཅོས་རྨིང་ཆེན་བརྟན། །བྱང་ཆུབ་སེམས་ལྔའི་རྩིག་ཆེན་བརྩེགས། །ཡེ་ཤེས་ལྔ་ཡི་སྐར་མདོངས་གསལ། །བདེན་གཉིས་ཁྱམས་ཀྱིས་ངེས་པར་མཛེས། །རང་བྱུང་ཡེ་ཤེས་དབུ་རྩེར་འཕགས། །བསྡུ་བ་ཚད་མེད་རྣམ་ཐར་སྒོ། །དྲན་པ་ཡང་དག་ཐེམ་སྐས་བརྒྱད། །རྫུ་འཕྲུལ་ཏྲ་བབས་དག་གིས་བརྒྱན། །ཡེ་ཤེས་བཞིའི་གློ་བུར་མཛེས། །ཡེ་ཤེས་ཐུགས་རྗེ་ཡོན་ཏན་ལས། །བྱིན་རླབས་རྒྱན་གྱིས་མཛེས་པར་བརྒྱན། །ཆོས་ཉིད་བརླབས་ཀྱི་བླ་རེས་བྲེས། །སིལ་སྙན་སྒྲ་དབྱངས་ཐེག་ཆེན་སྔགས། །པན་ཙ་རིན་ཆེན་ཁ་བད་དང་། །ཕྲེང་བ་དང་ནི་དྲྭ་བས་འཁོར། །ཟ་ར་ཚགས་དང་ཆུན་འཕྱང་དང་། །དྲིལ་བུ་གཡེར་ཁ་ཐེའུ་ཅུང་འཕྱང་། །རོལ་མོ་སྒྲ་སྒྲོགས་ལྷ་ཡི་བུ། །མང་པོས་ཕྱི་ནང་ནམ་མཁའ་ལ། །མཆོད་པ་སྣ་ཚོགས་འབུལ་བར་བྱེད། །འཁོར་ལོ་གདུགས་དང་ཤ་ར་བ། །རྒྱལ་མཚན་རིན་ཆེན་འོད་འབར་ཞིང་། །ལྡ་ལྡི་མང་པོས་མངོན་པར་མཛེས། །ཏ་ལ་ལྗོན་ཤིང་སྐྱེས་པ་ལས། །གསེར་གྱི་ཚོགས་ཙོང་སྲེས་པ་ལ། །རིན་ཆེན་ཕྲ་མིག་གིས་སྤྲས་པ། །བདུད་རྩི་ཆུ་རྒྱུན་རྟག་ཏུ་འབབ། །རིན་ཆེན་ཕུང་པོ་འབར་བ་དང་། །ལྷ་ཆེན་རྣམས་ཀྱིས་བསྐོར་བའོ། །གཞལ་ཡས་འོག་གཞི་འབུར་འཕང་ཕྱེད། །དབུ་རྩེ་ཕོ་བྲང་ཇི་བཞིན་འབར། །སེང་གེ་ཁྱུང་ཆེན་ལ་སོགས་པ། །འབྲས་བུ་སེམས་དམན་ལུས་ཁྲི་ལ། །རིན་ཆེན་གདུང་གཞི་ཀ་བ་དང་། །འབར་བའི་རྒྱན་དང་མཛོད་ཀྱི་སྤུས། །མ་ཆགས་ཐབས་དང་ཤེས་རབ་ཀྱི། །པདྨོ་ཉི་ཟླ་གདན་དང་ལྡན། །ཕྱི་དང་ནང་མེད་ཀུན་ཏུ་སྣང་། །མཐའ་དབུས་མེད་པར་ཁྱབ་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དེ་ཉིད་ནི། །དཔག་ཅིང་གཞལ་བར་མཐའ་ཡས་པས། །དཔག་མེད་རྒྱལ་བའི་ཕོ་བྲ ང་ཡིན། །དེ་ན་ཀུན་འཁོར་དེར་གཅིག་གནས། །གཞལ་ཡས་དཀྱིལ་འཁོར་གདན་དང་རྒྱན། །འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །སེམས་དང་རྣམ་པར་དབྱེར་མེད་ཕྱིར། །རང་སེམས་དུ་མ་གཅིག་བྲལ་སྣང་། །ཏིང་འཛིན་རྟོག་པ་ཐམས་ཅད་ཀུན། །གང་གིས་བཏགས་པ་དེ་དང་དེར། །འཛིན་པའི་ཕུར་པ་མང་འགྱུར་ཕྱིར། །སྔོན་བཞིན་ཀུན་ཤེས་ཕྱག་རྒྱ་ཆེའོ། ༈ །དང་པོ་ཡི་གེ་དབུས་གཤེགས་པ། །ཙན་ཏྲ་མན་འདའི་རང་སྔགས་ཀྱིས། །དེ་ཉིད་ཨ་ལི་ཀ་ལི་ཅན། །ཡོངས་འགྱུར་སྔགས་དང་ཕྱག་རྒྱར་གསལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །རྟག་ཏུ་རྣམ་རྟོག་མེད་ལས་བྱུང་། །མི་རྟག་རྣམ་གྲོལ་ཡེ་ཤེས་ཐུགས། །རྟོག་ལ་རྣམ་རྟོག་མཚན་མར་སྣང་། །དེ་ཡོངས་གྱུར་པ་རང་སྔགས་ཀྱིས། །ཕྲ་མོ་སྐུ་ལ་ཕྱག་རྒྱ་ཆེ། །ཡབ་ཡུམ་བདེ་ཆེན་སྐུར་གསལ་བ། །བཅུ་གཉིས་གསུམ་གྱིས་བརྒྱན་འོད་ལྡན། །དེ་བཞིན་ཉིད་དུ་མི་དམིགས་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །མ་འདྲེས་ཡོངས་སུ་རྫོགས་པས་ན། །ཕྱག་རྒྱའི་གཟུགས་མཆོག་རྣམ་པར་སྣང་། །གནས་གསུམ་གདན་སྟེང་འབྲུ་གསུམ་གསལ། །འཕྲོ་འདུས་བྱིན་བརླབས་གསུམ་སྡུས་ཏེ། །རྡོ་རྗེ་གསུམ་ལྷར་གསལ་བརྟན་ནས། །དེ་ཉིད་སྔགས་ཀྱིས་ང་རྒྱལ་ལྡན། །གནས་ཅིག་ཡེ་ཤེས་སེམས་ཐུགས་ཀྱི། །ཡི་གེ་ཉིད་ལ་ཉིད་འཕྲོས་པས། །ཚངས་པའི་ཁུངས་སྟེངས་ནས་འོད་འཕྲོས། །སྟུག་པ་བཀོད་སྐུལ་རྗེས་དྲན་པས། །དབང་བསྐུར་ཡབ་ཡུམ་ལྔར་བཞེངས་པ། །རོལ་པའི་སེམས་འོད་གནས་སྟིམས་པས། །དབང་ཆེན་ཡེ་ཤེས་དབུ་བརྒྱན་གསོལ། །དེ་ལསའང་དེ་བཞིན་ཆེ་བ་བསྐྱེད། །རྡོ་རྗེ་པདྨ་བྱིན་བརླབས་དང་། །སྐུལ་བ་རྫོགས་ནས་ཕྱག་རྒྱ་བཞིས། །རོལ་པའི་བྱང་ཆུབ་སེམས་འཕྲོས་པས། །མཁའ་ཉིད་གཞལ་ཡས་གདན་ལྡན་འབར། །སེམས་ཆུ་འཕྲོས་པས་ལྷར་གསལ་བ། །བཞི་བཅུ་གཉིས་ཀྱི་ཡི་གེ་ནི། །དཀྱིལ་འཁོར་མཚོན་པའི་སྒོར་གྱུར་ཕྱིར། །རྩ་བ་ལས་རྐྱེན་སྔགས་ཀྱིས་གདོན། །ཧཱུྃ་བཛྲ་དྷྲིཀ །མུྂ་ད་དུ་ཤྭ་རི། ༀ་འཛི་ན་འཛིག །ལྂ་ཏེ་ཤྭ་ར་ཏི། སྭཱ་རཏྣ་འདྲིག །མྂ་མོ་ཧ་ར་ཏི། ༀ་ཨ་རོ་ལིཀ །པྱྂ་ར་ག་ར་ཏི། ཧ་སྲང་ཉ་དྷྲིཀ །ཏྂ་བཛྲ་ར་ཏི། ཀྵི་ཧི་ར་ཛ་ཡ། ཧཱུྃ་ལ་སྱེ་ས་མ་ཡ་སྟོམ། ཏྲྂ་ཨ་གར་པ་ཡ། ཏྲྂ་མ་ལྱེ་ས་མ་ཡ་ཧོ། ཧྲཱི་ཧ་པདྨ་བ་ཏ་མ། ཧྲཱི་གྷིར་རྟི་ར་ཧོ་ཧཾ། ཛིཾ་གུ་རུ་པ་ན་ཧྲཱི། ཨ་ནིར་ཏི་ར་ག་ཡ་མི། མཻ་དྷ་ར་ནི་སྭཱ་ཧཱ། ཛ་དྷུཔྤེ་པྲ་བེ་ཤ །ཐླྷིང་ནི་ས་རྂ་པ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨ་བེ་ཤ །ཧཱུྃ་ས་ར་ཛ་ཡ་སྭཱ་ཧཱ། བྂ་དི་བ་སུ་ཀི་ནི། མུྂ་ཤྲི་ཨ་རྂ་གྷ་ཡ་སྭཱ་ཧཱ། ཧོ་གྷནྡེ་ཙིཏྟ། ༀ་ཡ་མནྟ་ཀྲིཏ་ཕཊ། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལི་ནི་ཧཱུྃ་ཕཊ། ༀ་བིག་ནན་ཏ་ཀྲིཏ་ཧཱུྃ་ཕཊ། ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ༀ་པདྨ་ཏ་ཀྲིཏ་ཧཱུྃ་ཕཊ། ༀ་པདྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ༀ་པྲད་ཉན་ཏ་ཀྲིཏ་ཧཱུྃ་ཕཊ། ༀ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲ་བྷ་ཏྲ་ས་མ་མན་ཏྲ་ཨཿ ༀ་མུ་ནེ་ཀྲིཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུྃ་དྲུྂ་སྭཱ་ཧཱ། ༀ་མུ་ནེ་བྲམ་སྭཱ་ཧཱ། ༀ་མུ་ནེ་ཀྵྂ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། ཁ་དོག་ལྔའི་འོད་འབར་བ། །བཅུ་གསུམ་ཆ་ལུགས་བསྒྱེང་པ་རྣམས། །རིམས་ཀྱིས་སམ་ནི་ཅིག་ཆར་བསྐྱེད། །གསང་ཆེན་གསང་བའི་དཀྱིལ་འཁོར་འདི། །རྡོ་རྗེ་རྒྱལ་པོ་རྒྱལ་མོར་བཅས། །ལྔ་གཉིས་ཟུང་དུ་འཁྲིལ་བ་ནི། །གཡས་ནས་གཡོན་དུ་འཁྲིལ་འཁྱུད་སྦྱོར། །གཡས་གཉིས་བྱང་ཆུབ་རྡོ་རྗེ་དང་། །རང་རང་མཚན་མ་འབར་བའོ། །གཡོན་ཉིད་སྒྲ་སྙན་དྲིལ་བུ་དང་། །རྟགས་ཀྱིས་མཛེས་པར་གསལ་བ་ལ། །འཕྱོ་ཞིང་འདུད་པའི་མདངས་ལྡན་པས། །ཆགས་ཞིང་གཡོ་བའི་ཚུལ་གྱིས་ནི། །རྫོགས་པའི་ཚུལ་གྱིས་སྒྱིངས་བྱས་ཏེ། །རང་བཞིན་དགོངས་པའི་ཚུལ་གྱིས་བཞུགས། །བཞུགསས་བཞེངས་གཤེགས་དང་གཟིགས་པའི་ཚུལ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུའི་ཚུལ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར། །འཁྱུད་དགོངས་བརྟན་དང་བརྟེན་པའི་ཚུལ། །འབྱོ་འདུད་ཙམ་མེ་མ་ལེ་བ། །ལྷ་ནེ་པ་དང་སེ་ནེ་ཚུལ། །དུང་དང་ཀུ་མུ་ཏ་ཉི་ཟླ། །སྐྱེ་མེད་སྣུམ་འདྲིལ་གསལ་དང་འཚེར། །ཆོས་རྣམས་འབྱེད་དང་རྒ་བ་དང་། །ཤིན་ཏུ་སྦྱངས་དང་ཏིང་འཛིན་དྲན། །བཏང་སྙོམས་བརྩོན་འགྲུས་ཆེན་པོའི་ཕྱིར། །དབུ་རྒྱན་སྙན་ཆ་དོ་ཤལ་དང་། །མགུལ་ཆུ་ཕྲེང་བ་སེ་མོ་དོ། །ཕྱག་ཞབས་གདུ་བུས་བཀོད་པའོ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་ཕྱི་ཆོས་གོས་དང་། །སྨད་དཀྲིས་ཟེའུ་ལྡིར་སྟོད་གཡོགས། །གསང་གོས་སྐུ་རེགས་བརྗིད་པའོ། །སྲས་ཀྱི་ཚོགས་ཀྱི་མཚན་དཔེས་བརྒྱན། །ཏིང་འཛིན་རྩོལ་བ་ངག་རྟོག་པ། །ལས་མཐའ་ལྟ་མཚོ་དྲན་པའི་ཕྱིར། །དཔལ་བེའུ་འཁོར་ལོ་པད་རྒྱལ་མཚན། །གདུགས་དང་བུམ་པ་ཉ་དུང་འཁྱིལ། །གནས་འགྱུར་བ་ཡིས་རང་བཞིན་གྱིས། །གསང་ཉིད་ཚོགས་ཀྱི་འཁོར་རྣམས་ཀྱང་། །ཕྱག་རྒྱ་རྒྱལ་པོ་རྒྱལ་མོར་བཅས། །བརྒྱད་གཉིས་ཟུང་སྒྲིལ་འཁྲིལ་འཁྱུད་སྦྱོར། །ས་དང་ནམ་མཁའ་སྤྱན་རྡོ་རྗེ། །བྱམས་དང་སྙིང་རྗེ་ཀུན་བཟང་དཔལ། །ནང་དང་ཕྱི་ཡི་ཡོ་བྱད་ནི། །བསྒྱེག་ཕྲེང་གླུ་དང་གར་ཉིད་དེ། །བདུག་སྤོས་མེ་ཏོག་མར་མེ་བྱུག །བཞི་གཉིས་དག་གིས་མཉམ་སྦྱོར་བ། །བསམ་པ་ལ་སོགས་དེ་བཞིན་ནོ། །བྱ་བྱེད་ཡབ་ཡུམ་ཤར་ཉིད་དུ། །བྱང་ཆུབ་ཆོས་ཉིད་ཤར་ལྷོ་སྟེ། །བསྟོབས་ནི་བྱང་དུ་རྣམ་པར་བསམ། །དབང་པོ་ལྷོ་རུ་བསམ་བྱ་སྟེ། །རྫུ་འཕྲུལ་ནུབ་བྱང་ཉིད་དུའོ། །སྤོང་བ་ལྷོ་ནུབ་མཚམས་སུ་ཤེས། །དྲན་པ་བྱང་ཤར་མཚམས་སུའོ། །གཤེད་པོ་སྟོབས་ཆེན་རྟ་མགྲིན་འཁྱིལ། །ལྕགས་ཀྱུ་ཞགས་པ་སྤོ་ཊ་ཧོ། །རྡོ་རྗེ་སྒོ་བཞིར་ཕྱིར་ངོས་གནས། །འཁྲིལ་འཁྱུད་པད་ཉི་གདན་ལ་གནས། །དཀར་སེང་དམར་ལྗང་སེམས་དཔའ་མདོག །དཀར་སེར་དམར་སེར་དམར་ལྗང་དང་། །དཀར་ལྗང་བྱང་ཆུབ་སེམས་དཔའ་ཡིས། །སྔོ་མཐིང་དཀར་དང་མཐིང་ནག་དང་། །སེར་དང་སེར་ནག་དམར་ནག་དུད། །སྔོ་ནག་སེར་ནག་དམར་ལྗང་ནག །རིན་ཆེན་མྱུ་གུ་རལ་གྲི་དང་། །པད་དཀར་རྡོ་རྗེ་འབར་བ་དང་། །ཀླུ་ཤིང་གྷུན་དྷེ་པོ་ཏི་དང་། །སྙེ་མ་རིན་ཆེན་ཨུད་པ་ལ། །གཟུགས་མཛེས་ཕྲེང་བ་པི་ཝཾ་གར། །གཞོང་པ་མེ་ཏོག་བདུག་སྤོས་ཁང་། །མར་མེ་དུང་ཕོར་དྲིས་གང་བའོ། །རྡོ་རྗེ་པི་ཝཾ་གོ་མདུང་དང་། །གསེག་པར་པོ་ཏི་སྒྲོམ་མེ་ཆུ། །བེ་ཅོན་རྣི་མགོ་རྡོ་རྗེས་གནོན། །ཐོད་སྦྲུལ་རྒྱ་གྲམ་གནོན་པ་དང་། །ཀྱོ་གང་ཞང་སྒྲོག་ཉི་ཟླ་དྲིལ། །ཁྱད་པར་དགོས་པའི་བཞུགས་ཚུལ་གྱིས། །ཕྱེད་དཀྱིལ་སྒྲེང་དང་གྱད་སྟབས་སུའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཀ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་མ་ཧཱ་ཤུ་ཛྙ་ན་ཏ་ཛྙ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་མ་ཧཱ་ཨ་ཏ་རི་ཤ་ཛྙ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་མ་ཧཱ་ས་མནྟ་ཛྙ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏི་བྷེ་ཤ་ཛྙ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་མ་ཧཱ་ཀྲི་ཏ་ཨ་ནུ་སྟ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། འཇིག་རྟེན་དབང་པོའི་ཆོས་ལུགས་ཀྱིས། །རང་བཞིན་ཡུལ་ནས་ཕབ་ནས་ནི། །ཕྱག་རྒྱ་ལ་སོགས་མཆོད་པ་དང་། །བསྙེན་པས་དངོས་གྲུབ་ཐོབ་བྱའི་ཕྱིར། །ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གཤེགས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །ཨེ་ཧ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ནི་ཀ་ཏྲི་ཤ་ཧོ། ས་མ་ཡ་སྟོམ། ཛ་ཧཱུྃ་བྂ་ཧོ། བཛྲ་ཨཾ་གུ་ཤ་ཛ། བཛྲ་པ་ཤ་ཧཱུྃ། བཛྲ་སྥོ་ཊ་བྂ། བཛྲ་གྷནྡྷེ་ཧོ། ཀ་ཡ་ཝཀ་ཙིཏྟ་ཏིཥྚ་བཛྲ། ༀ་བཛྲ་ས་མ་ཡ་ༀ། ༀ་བཛྲ་ས་མ་ཡ་ཨཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧ་བཛྲ་ས་མ་ཡ་ཧཱ། ༀ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་སྟོམ། །ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་ཧོ། ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །མི་དམིགས་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲུལ་པ་ལས། །སྦྱོར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །སོ་སོའི་དམ་ཚིག་ཕྱག་རྒྱ་རྣམས། །ཕྱག་རྒྱ་བཞི་དང་ལྡན་པ་ཡིས། །ཐུགས་ཁར་བཅིང་ཞིང་མཁའ་ལ་འགྲོ། །གར་དུ་བསྒྱུར་བས་མྱ་ངན་འདས། །འབྲུ་བཞི་སྦས་ནས་ཐུགས་ཁར་བཀོད། །འབྲུ་སྒྲེགས་རྩེ་མོར་ཐུན་མཚན་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། །འབྲུ་བཞི་སྦས་ནས་ཐུགས་ཁར་བཀན། །འབྲུ་སྒྲེགས་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། །ཧཱུྃ་འབྱུང་བ་ཆེན་པོ་ནམས་མཁའ་ནི། །འབྱུང་བ་ཆེན་པོ་ལྔ་ཡི་མཛོད། །ནམ་མཁའ་ལས་ནི་འདོད་པ་འབྱུང་། །འདོད་པའི་མཆོད་པ་འབྱུང་གྱུར་ཅིག །ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། ༀ་ཤྲི་བ་ཏྲ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། བི་ཤྭ་མུ་ཁེ་བྷྱ། སརྦ་ཏད་ཁྂ་ཨུད་ཁྂ་དེ་སྥ་ར་ན་ཧི་མྃ་ག་ག་ན་ཁྂ་སྭཱ་ཧཱ། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེ་གདན་ལ་བཞུགས་སུ་གསོལ། །ཨ་ཧ་ར་ཨ་ཧ་ར། སརྦ་བི་ད་ར། ན་མཿས་མནྟ་བུ་ཏ་ནན། ག་ག་ན་ས་མ་ཡེ་སྭཱ་ཧཱ། ༀ་ཧཱུྃ་རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དམ་ཚིག་ཆེན་པོ་ཐམས་ཅད་གྲུབ་པར་མཛད་དུ་གསོལ། དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛད་དུ་གསོལ། མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛད་དུ་གསོལ། ༀ་བཛྲ་པུཥྤེ་ཧཱུྃ། ༀ་བཛྲ་དྷུཔྤེ་ཧཱུྃ། ༀ་བཛྲ་ཨ་ལོ་ཀ་ཧཱུྃ། ༀ་བཛྲ་གན་དྷེ་ཧཱུྃ། ཟླ་རྒྱས་ལ་སོགས་སྙིང་པོ་མཆོག །མཾ་ས་ལ་སོགས་རྣམ་ལྔའི་རྫས། །མེ་ཏོག་ལ་སོགས་ཙནྡ་ཕྲེང་། །སྣ་ཚོགས་མཆོད་པ་འབྱུང་གྱུར་ཅིག །ཨི་དན་དྷུཔྤེ་ཏེ། པུཥྤེ། ཨ་ལོ་ཀེ། གན་དྷེ། བ་ལིན་ཏ། པྲ་ཏི་ཛ་ཧོ། ཤྲི་བན་ཁ་རྂ་ཁ་ཧི། འཆི་མེད་བདུད་རྩི་གཡུང་དྲུང་ཆུ། །རོའི་ཁམས་རྣམས་སློང་བར་བྱེད། །དུག་གི་ཕུང་པོ་འཇོམས་པར་བྱེད། །བདུད་རྩི་སྨན་གྱི་མཆོད་པར་བཞེས། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །འཁྲིལ་འཁྱུད་སྦྱོར་བའི་གཟུངས་ཆེན་མ། །དབང་པོ་སྦྱོར་བའི་དགེས་མཆོད་དེ། །བདེ་བའི་མཆོད་པས་ཚིམ་གྱུར་ཅིག །ༀ་མ་ཧཱ་ཨ་ནུ་ར་ག་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། ༀ་མ་ཧཱ་པུ་ཙ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། རྂ་བླ་མེད་སྟན་འགན་མཆོད་པ་འདི། །སྔོན་ཆད་རྒྱལ་བ་བགྲོད་པའི་ལམ། །དུག་གསུམ་གཏིང་ནས་བསད་པའི་ཐབས། །སྔོན་གྱི་ཐུགས་དམ་བཞིན་དུ་བཞེས། །ༀ་ལྷག་པའི་ཏིང་འཛིན་མཆོད་པ་དག །བྷྲུཾ་ཏྲྂ་ཧྲཱི་ༀ་འབྲུ་སོགས་ལས། ཕྱོགས་བཅུ་ཞིང་ཁམས་གནས་ཁང་ཡས། །སྤྲོས་སོགས་རིན་ཆེན་ཕུང་པོ་འབར། །སྒྲ་རྣམས་གླུ་དབྱངས་སྟོད་པ་དང་། །ཆུ་སོགས་ཡན་ལག་ལྡན་པའི་ཆུ། །འདོད་ལྔ་སེམས་ཅན་ལྷ་ཕོ་མོ། །རིགས་སམ་ཅིག་ཆར་དབུལ་བར་བྱ། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀུན། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །ༀ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཧོ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ། །ཧོ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཧོ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཧོ་ༀ་ཕྱོགས་བཅུ་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཧོ་ༀ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱི་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །པི་ཝཾ་གླིང་བུ་ཅག་སར་དང་། །རྔ་དང་རྫ་རྔ་རྒྱུད་མངས་ལས། །སྣ་ཚོགས་རོལ་མོ་ཡེ་ཤེས་ཀྱི། །མཆོད་པ་ཆེན་པོས་བདག་ཉིད་མཆོད། །དཀྱིལ་འཁོར་ལྷ་རྣམས་རང་རིག་ཕྱིར། །མཆོད་པ་བྱེ་བྲག་དེ་བཞིན་པས། །གནས་སུ་སྟོབས་པའི་ཡུལ་བྲལ་ཉིད། །གཟུང་དང་འཛིན་པ་ག་ལ་ཡོད། །མཉེས་དང་བརྒྱུད་སྦྱངས་འདོད་པ་བྱ། །གསལ་བ་གསུམ་གྱི་གྲངས་རྫོགས་བྱ། །རྡོ་རྗེ་རོལ་པའི་ཚོགས་མཆོད་འདི། །མཆོད་སྤྲིན་ཀུན་ཏུ་རྒྱས་གྱུར་ཅིག །བསྒྱུར་བའི་གནས་སུ་བྱེད་ཞེ་ན། །བཅུ་གཉིས་བསྡུས་ཏེ་བརྩམ་པར་བྱ། །དེ་མིན་མཁའ་འགྲོ་རྒྱུད་བཞིན་དུ། །ལྷག་མའི་མཆོད་སྦྱིན་རྒྱས་པར་བྱ། །རང་གི་གནས་སུ་འདུག་ནས་ནི། །ཧཱུྃ་ཧཱུྃ་ཧཱུྃ་གིས་བསྡུ་བྱས་ཏེ། །སྟོང་ཆེན་གསལ་བར་སྐུར་ལྡང་བ། །བསྒོ་དང་སྲུང་བ་ནན་ཏན་བྱ། །སེམས་འདི་སྣ་ཚོགས་པར་སྣང་བས། །སྣ་ཚོགས་སེམས་སུ་གཅིག་པ་ཡིན། །མ་རིག་ཡེ་ཤེས་ཐ་དད་མིན། །མ་རྟོགས་རྟོགས་པ་ལམ་དུ་གཅིག །སེམས་འདི་སྒྱུ་མའི་རང་བཞིན་པས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་དམིགས་ཤིང་སྒྱུར་བར་འགྲུབ། །མདོར་ན་ཇི་ལྟར་རྟགས་བསམས་བཞིན། །འགྱུར་བས་ཐམས་ཅད་ངོ་བོར་སྣང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས། །རང་བཞིན་ཡེ་ནས་སངས་རྒྱས་ལ། །ངོ་བོ་གཉིས་ལ་གནས་པ་མེད། །མི་གནས་ཉིད་དུ་ཐུགས་པ་མེད། །དེ་མིན་ལྟ་བ་བཟློག་པའི་ཕྱིར། །ཡེ་ནས་སངས་རྒྱས་བརྗོད་པར་ཟད། །ཡེ་ནས་གཉིས་མེད་དཀྱིལ་འཁོར་ལ། །ཡིན་དང་མིན་ཞེས་ཅི་བྱར་ཡོད། །ཡེ་ནས་སངས་རྒྱས་ཚིག་བརྗོད་ཀྱང་། །སངས་རྒྱས་དོན་དང་མཐུན་མི་འགྱུར། །འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་དང་། །བདེ་དང་སྡུག་བསྔལ་མྱོང་བའི་ཚེ། །རང་རིག་ཕྱི་ནང་མེད་པའི་ལྷ། །མེ་ལོང་ཆུ་དང་ཟླ་བ་བཞིན། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནི་འགྲོ་འོང་མེད། །མཁའ་ཡི་གཞའ་ཚོན་ཇི་ལྟར་འབར། །ཕྱག་རྒྱ་གནས་ལ་གནས་པ་མེད། །དེ་དང་དེ་འང་དབྱེར་མེད་པས། །རང་བཞིན་མེད་ལས་མ་གཡོས་པའོ། །འདོད་ཡོན་རང་འབྱུང་ཡེ་ཤེས་ཕྱིར། །ལྔ་མྱོང་རིག་པ་རང་སྣང་བས། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ང་ཡི་ལུས་ཉིད་སྔགས་ཀྱི་ལྷ། །སྤྱོད་ཡུལ་བྲལ་ཕྱིར་ཚོར་བ་ཉིད། །ཚོར་མྱོང་ཉིད་ལ་ཡུལ་མེད་པས། །བར་མའང་མྱོང་དུས་མྱོང་བ་མེད། །ཡང་ན་ཕྱག་རྒྱའི་ཐིག་ལེ་ལས། །རོལ་པ་གསུམ་གང་མ་ཉམས་ཤིང་། །སྔགས་དང་ཕྱག་རྒྱ་རབ་སྟན་ན། །དངོས་གྲུབ་རྒྱ་ཆེར་ཐོབ་པར་འགྱུར། །རྡོ་རྗེ་ཚོགས་དང་བསྙེན་པ་དང་། །ཉེ་བསྙེན་སྒྲུབ་པ་བསྒྲུབ་པ་ཆེ། །ཐ་ཚིགས་ལྔ་དང་ལྡན་པ་ཡིས། །དྲྭ་བའི་ཚོགས་ལ་ཐེ་ཚོམ་མེད། །ཀུན་ཀྱང་ཡོངས་ཀྱི་རྣལ་འབྱོར་དང་། །སྤྱན་རབ་དབང་དང་བསྒྲུབ་པ་དང་། །བརྩོན་འགྲུས་རྒྱན་དང་ལྡན་འགྱུར་ན། །དབུགས་ཆེན་འདི་ཚེས་ངེས་པར་འབྱིན། །རང་ལུས་བདེར་གཤེགས་ཕྱག་རྒྱ་ཆེ། །བསྒོམས་པས་ལས་སུ་རུང་བའི་ལྷ། །མཚན་དང་དཔེ་བྱད་ཕྲག་གཉིས་ལྡན། །ཕྱག་རྒྱ་ཆེན་པོའི་རིགས་ཆེན་འཛིན། །གོམས་པའི་སྟོབས་ཀྱིས་རྩལ་རྫོགས་པ། །ཐམས་ཅད་མཁྱེན་པ་ཐོབ་པའང་། །སློབ་མ་གོམས་པའི་ཁྱད་པར་བཞིན། །མཉམ་པར་བཞག་པ་ཡོད་མེད་ཙམ། །ལྷུན་གྱིས་གྲུབ་པའི་རིགས་གནས་པ། །བག་ལ་ཉལ་བ་རང་དག་པས། །དཀྱིལ་འཁོར་རྣམ་གསུམ་རང་ཤར་ཆེ། །རྣམ་ཤེས་ཡེ་ཤེས་ངོ་བོ་ཉིད། །སྐུ་དང་རིགས་ལྔར་རང་ཤར་བས། །སྤྱི་ཆིབ་པ་ལ་གནས་འགྱུར་ཏེ། །བྱིས་པའི་ཆེད་དུ་མཛད་རྫོགས་ནས། །སྲིད་པ་ཐམས་ཅད་མངོན་སངས་རྒྱས། །འབྲུ་བརྡོར་བསྡུ་དཀའ་ལས་ནི་བསྡུ། །སྔོན་འགྲོ་མ་ཡི་སེམས་ཀྱིས་ལེགས་པར་བསྟན་པ་འདི། བསོད་ནམས་རྟག་པ་གང་ཡིན་ཡོན་ཏན་དེ། །མཐའ་ཡས་འགྲོ་བས་ཐོས་ནས་དོན་བྱེད་ཤོག །མཎྜལ་ནོ་པི་ཀ །རྫོགས་སོ།། །།
༅། །རྒྱ་གར་སྐད་དུ། བཛྲ་ཀྲོ་ཏ་ཀུ་ལ་ནོ་བེ་ཀ་ན་མ་བྲི་ཏ། བོད་སྐད་དུ། ཁྲོ་བོ་རྡོ་རྗེ་རིགས་ཀྱི་བསྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་བཀོད་པའི་རྒྱུད་དག་ལས། །ལྷ་ཡི་རྣལ་འབྱོར་རིམ་པ་བཞིན། །མཉམ་ཉིད་བདེ་བའི་སྙིང་རྗེ་ཡིས། །དྲེགས་པ་ཆེན་པོ་གཞོམ་པ་དང་། །འཁོར་བའི་དྲྭ་བ་བཅད་པ་དང་། །ཁྲོ་ཚོགས་འབར་བའི་སྤྲིན་ཚོགས་ཀྱིས། །གཏུམ་ཐུང་རྔམ་པ་མགྱོགས་པའི་ཚོགས། །ཕྱག་བརྙན་ཆར་ཆེན་ཕབ་ནས་ནི། །འཁོར་བའི་ཐ་བ་ཀུན་སྤངས་ནས། །བདེ་བ་ཆེན་པོའི་ཞིང་བཟློག་སྟེ། །བྱང་ཆུབ་མྱུ་གུ་བསྐྱེད་ནས་ནི། །བྱང་ཆུབ་ལོ་ཐོག་བསྐྱེད་པའི་ཕྱིར། །རྣལ་འབྱོར་བཅུར་གནས་དོན་ཆེད་དུ། །ལེགས་པར་བསྡུས་ཏེ་བསྟན་པར་བྱའོ། །ཤིན་ཏུ་གསང་བའི་སྒྲུབ་ཐབས་འདི། །སྣོད་མ་ཡིན་པར་གྱུར་པ་ལ། །ཕྱི་ནང་གསང་བ་གསུམ་དག་ཏུ། །སྦ་བའི་ཐབས་སུ་སྤྱད་ནས་ཀྱང་། །གསང་བའི་ཆོས་རྣམས་གསང་བར་བྱ། །བསྟན་པའི་གནས་མེད་སྣོད་ངན་དག །རྣམ་པ་བཞི་བསྡུས་བྱེ་བྲག་རྣམས། །མ་འོངས་རྣལ་འབྱོར་བཅུད་ཅན་གྱིས། །གཞུང་བཙན་བར་ཆད་བཟློག་པའི་ཕྱིར། །ཤེས་ནས་ཡངས་ཏེ་བསྒྲུབ་པའི་རིགས། །ཅི་ཕྱིར་གསང་དོན་མི་ཐུབ་ལ། །གསང་བ་སྨྲ་བར་གང་བྱེད་པ། །དེ་དང་སྣོད་མིན་སྣོད་ངན་གསུམ། །འཁོར་བའི་ཁམས་སུ་ཟག་པར་མཉམ། །ཟབ་མོར་འཇུག་པའི་སྔོན་ལོགས་ནས། །སེམས་ཉིད་གཏིང་ནས་ཚར་བཅད་ཕྱིར། །ཐེག་པ་དམན་པའི་སྐྱེ་བོ་དང་། །ལྷན་ཅིག་ཅི་ཡང་མི་རྣལ་ལོ། །དེ་ལས་གྱུར་པའི་ཡོ་བྱད་དག །རུས་སྦལ་མགོ་ལས་འོངས་བ་ལྟར། །ཤིན་ཏུ་འཁྲུགས་པའི་སེམས་ཅན་གྱིས། །རྒྱ་མཚོ་ཞུགས་ཏེ་སྤང་བར་བྱ། །གལ་ཏེ་གང་ཟག་དབང་གིས་ནི། །ཉམས་པའི་ཆད་པ་བྱུང་བ་ན། །མགོན་བཙུན་ཆོས་ཉིད་ཆུ་ཕབ་ནས། །རྩོལ་སྒྲུབ་སྔོན་ནས་ཡང་སྔོན་ནམ། །ཞག་གྲངས་དག་གིས་སྔོན་ལོགས་ནས། །སྡིག་སྦྱང་བྱང་ཆུབ་སེམས་བསྐྱེད་དེ། །དགེ་བའི་དོན་ལ་འདུན་པར་བྱ། །གནས་མཆོག་དབེན་པའི་རི་བོའི་རྩེ། །སྡེ་དཔུང་ཆེན་པོས་མི་ཆུགས་བཞིན། །རྣ་ཉན་ཕྲ་བསག་ཅན་དང་བྲལ། །འདི་འཛིན་འགྲོ་འོང་ཆད་པ་དང་། །གསང་ཆེན་སྤྱོད་པའི་གནས་སུ་ཤིས། །ས་ཡི་བྱ་བས་བདག་པོ་བྱ། །ཚིམ་བྱས་སྒོ་ལ་རན་པར་བརྩིག །འགྲོ་འོང་ཡུལ་རྣམས་གཅད་པར་བྱ། །ཤེས་རབ་ཏིང་འཛིན་དམ་ཚིག་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ལྔ། །ལྷག་པའི་ཡོ་བྱད་འདི་ལྡན་ནས། །དེར་ནི་ཡོ་བྱད་ཕུན་སུམ་ཚོགས། །ཅི་འདོད་ལྟས་ཏེ་མ་ཐོགས་པར། །ཁ་ན་མ་ཐོ་བཅས་དང་བྲལ། །འབྱོར་པས་ནན་ཏན་མཆོག་བསྐྱེད་པ། །ཁམས་ལས་གྱུར་པའི་ནད་ཆེན་རྣམས། །བཅུད་ཀྱི་མཆོག་གིས་བཟློག་པའི་ཕྱིར། །རྩི་འམ་བཅུད་དམ་ཐར་པར་རྣམས། །ཉེར་རྫོགས་སུ་ནི་བཞག་པར་བྱ། །འདུས་པའི་ནད་དང་དུས་ཀྱི་ནད། །དུག་ལས་གྱུར་པའི་ནད་རྣམས་ཀྱིས། །རྐྱེན་གྱི་བར་ཆད་འབྱུང་སྲིད་ཕྱིར། །སྨན་དང་མཁས་པས་བཅས་ཏེ་སྦྱར། །ཀ་པ་ལ་དང་ལྕང་ལོར་བཅས། །གའུ་ཆུང་ལ་སོགས་པའི་རྫས། །ཕྱག་རྒྱ་ཆེ་དང་ལྡན་བྱས་ལས། །དངོས་གྲུབ་འབྱུང་བའི་རྟེན་དུ་བྱ། །སྒྲུབ་མཆོག་གསང་བའི་རྣལ་འབྱོར་པ། །སྐྱོ་བའི་ཡིད་རྣམས་གསང་བ་དང་། །གཏི་མུག་མུན་པ་གཞོམ་པའི་ཕྱིར། །དུང་དང་མཁར་རྔ་རྫ་རྔ་དང་། །ཅང་ཏེའུ་པི་ཝཾ་ཀོ་ཀི་ལ། །སྙན་པར་རྫོགས་པའི་རྫས་རྣམས་ཀུན། །སྣ་ཚོགས་འབྱུང་བའི་རོལ་མོ་སྟེ། །ཉེ་རྫོགས་སུ་ནི་འབྱོར་བར་བྱ། མཚོ་དང་རྐྱེན་བཟློག་དེ་བཞིན་བཤམ། །ཁ་ན་མ་ཐོ་བཅས་པ་དང་། །ཉམས་པ་ལས་བྱུང་ཉེན་དང་འབྲེལ། །མ་དག་པ་ཡིས་ཡོ་བྱད་རྣམས། །དུག་ཅན་ཕང་དུ་འོངས་པ་ལྟར། །ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །བསྐལ་པར་ཤུགས་ཏེ་སྤང་བར་བྱ། །ཅི་ཕྱིར་རྒྱུ་རྣམས་འབྱོར་པ་ལས། །འབྲས་བུའི་དངོས་པོས་འགྲུབ་པ་སྟེ། །གྲུ་དང་མཉན་པར་མཁས་པ་ལ། །བརྟེན་ནས་རིན་ཆེན་ལེན་པ་འདྲ། །འདི་ལྟར་སྦྱར་བའི་དུས་ཆེན་ཡང་། །རིགས་བྱེད་དག་གི་ཡན་ལག་ལས། །ཤེས་པར་བྱ་སྟེ་ལེགས་པར་སྦྱར། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚིགས་བཟང་པོ་རྣམས། །འཇིག་རྟེན་མཚན་མའི་རྟོག་པ་སྟེ། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །དེ་ལྟར་བརྩམ་པའི་བསྒྲུབ་པ་དག །རྫས་དང་ལོངས་སྤྱོད་ལ་སོགས་ཏེ། །ཤེས་ནས་ཡོན་ཏན་ཕུན་སུམ་ཚོགས། །གཞན་དུ་རག་ལུས་མེད་པ་ནི། །ཐམས་ཅད་ཚང་པར་རྫོགས་པ་ན། །ཕུན་སུམ་ཚོགས་ཞེས་དེ་ལ་བྱ། །གསང་བའི་དོན་ལ་བཞུགས་བྱའི་ཕྱིར། །གསང་བའི་ལས་ཀྱི་སྔོན་ལོགས་སུ། །བསྟན་པ་སྐྱོང་བའི་མགོན་པོ་ལ། །མཆོད་སྦྱིན་སྲུང་བའི་ལ་ཆེན་བཅོལ། །དེ་ནས་རྡོ་རྗེ་གནས་དག་ཏུ། །པི་སར་བསྟན་ལ་འདུག་བྱ་སྟེ། །དེ་བཞིན་ཉིད་དུ་གསལ་བརྟན་ནས། །ཞེ་སྡང་རྡོ་རྗེ་དྲན་བྱས་ཏེ། །ལྷུན་པོ་འབར་བའི་རྩེ་བརྒྱད་ལ། །འབར་བའི་ལྷ་བརྒྱད་སྒྱེལ་ནས་ཀྱང་། །དབང་ཆེན་རྡོ་རྗེ་བཀའ་སྡོད་རྣམས། །ཤིན་ཏུ་མི་བཟད་འབར་བ་ཡི། །དུག་ཆེན་ཧ་ལ་རྔམ་པའི་གཟུགས། །ལྷ་ཆེན་ཁྱབ་འཇུག་པགས་བཤུས་ནས། །ཞིང་ཆེན་གཡང་གཞིའི་ན་བཟའ་གནབས། །གཤིན་རྗེ་མ་ཏང་འབར་བ་ཡི། །རོ་དབྱུག་ཆེན་པོ་ཕྱག་ན་འཕྱར། །ཕྲ་མེན་དགུ་ཁྲི་མང་པོ་དག །འབར་བའི་ཚོགས་ནི་གཏིབས་ཐག་ཆད། །གང་ལ་ཅིས་འདུལ་དེར་བསྟོན་ལ། །ཙིཏྟ་འབར་བའི་མེ་ཕྲེང་གིས། །དོ་ཤལ་མགུར་ཆུ་ཕྲེང་བས་སྦྲེངས། །སྐལ་པའི་མེ་རླུང་འབར་བའི་ཀློང་། །སྲིད་པའི་རྩ་མོར་འཁྱིལ་ཅིང་འཕྲོ། །ནམ་མཁའི་ཁམས་ཀུན་མེ་དཔུང་གཏིབས། །རྡོ་རྗེ་འཁོར་ལོ་མེ་ལྕེ་འཐོར། །དུར་ཁྲོད་དགོན་པའི་ས་ཕྱོགས་དག །མེ་ཡི་འཁོར་ལོ་འབར་བ་ལ། །མེ་ཡི་ཡིད་དང་མ་དག་ལས། །གང་ཡང་གནས་པར་མི་ཕོད་པ། །སྟེང་གི་མེ་ལྕེ་འབར་བ་ནི། །འོག་གི་ཕྱོགས་སུ་འཕྲོ་ཞིང་འཁྲུག །འོག་གི་མེ་ལྕེ་འབར་བ་ཡང་། །གྱེན་དུ་འཁྱིལ་ཞིང་སྟེང་དུ་ཐལ། །མེ་ལྕེ་རྒྱུ་ཕྲེང་འབར་བ་དག །འུར་ཆེན་ཆད་པས་འཐད་ཅིང་འཁྲུག །དུར་ཁྲོད་མེ་ནི་སྨུག་ནག་འབར། །ཞེ་སྡང་འཇོམས་པས་མཐིང་ནག་འཚུབ། །ང་རྒྱལ་སྲེག་པས་སེར་ནག་འབར། །འདོད་ཆགས་སྐྱེམས་པས་དམར་ནག་འཕྲོ། །ཕྲག་དོག་སྲེག་པས་ལྗང་ནག་འཚུབ། །གཏི་མུག་སྲེག་པས་སྨུག་ནག་འཁྱིལ། །འབར་ཆེན་ཀློང་གི་འཁོར་ལོས་གཏམས། །ཛ་ལ་མཎྜལ་ཧ་ལ་ཧ་ལ་རྂ། །མེ་རི་ལག་ཆུན་ཕྱག་རྒྱ་ཡིས། །གནས་སམ་དཀྱིལ་འཁོར་སྐོར་བར་བྱའོ། །རྣལ་འབྱོར་ལོངས་སྤྱོད་སྐྱེད་པ་དང་། །དུག་རྣམས་བདུད་རྩིར་བསྒྲུབ་པའིི་ཕྱིར། །ལམ་ལས་བསྐྱེད་པའི་ཡེ་ཤེས་ཀྱིས། །ཟས་ཀྱི་དངོས་པོ་འཇུག་འདུལ་བྱ། །དཔལ་དང་ལྡན་པའི་སྣོད་ནོར་དུ། །ཐམས་ཅད་བདུད་རྩི་ར་ས་ཡན། །ས་བོན་ལྔ་ནི་རིམ་པར་སྦྱར། །རྡོ་རྗེ་དབང་གིས་མནན་བྱས་ཏེ། །བདུད་རྩི་བཟླས་པས་རྒྱ་མཚོ་བསྐྱིལ། །ཡ་མ་དམ་སྲི་གདུལ་གྱིས་གཞོམ། །ར་ག་རའི་སྦྱང་བྱ་སྟེ། །ཆགས་པ་ཁྲག་གི་རྒྱ་མཚོར་སྒོམ། །ཙནྡ་ཆུ་ལ་སྔགས་ཀྱིས་བཏབ། །ༀ་ཀྲོ་ཏི་ཤྭ་རི་སརྦ་པྲབ་ཤམ་ཤོ་ད་ཡ་ༀ་ཨཱཿཧཱུྃ། རྨད་དུ་བྱུང་བའི་མཆོད་པ་ཉིད། །སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་ཡིས། །སྦྱང་མོས་ཡུལ་དྲུག་ལྷ་མོ་ཡིས། །ནམ་མཁའ་གང་བ་ཉིད་དུ་བྱ། །དེ་ལྟར་བར་ཆོད་བསལ་བྱ་སྟེ། །ཉམས་པ་ལྔ་སྦྱང་དངོས་གྲུབ་ཕྱིར། །རྒྱལ་བ་རིག་འཛིན་ལ་སོགས་པ། །བརྟེན་དུ་གྱུར་པ་ཀུན་བཀུག་སྟེ། །འགྱོད་དྲག་མཆི་གླགས་གཟིངས་པ་ཡིས། །ཉོན་མོངས་མངོན་གྱུར་བག་ལ་ཉལ། །ཤེས་བྱའི་སྒྲིབ་པ་བཤགས་པའང་། །ཤེས་རབ་ཏིང་འཛིན་བྱང་ཆུབ་སེམས། །སྤྱོད་པ་བརླབས་ཆེན་ཆུས་སྦྱངས་པ། །འགྱོད་ཆེན་གདུང་བས་གླུ་བླངས་པ། །ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་ལྷ། །བདེར་གཤེགས་བཞུགས་ཤིང་བདག་ལ་དགོངས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི། །ཆོ་འཕྲུལ་སྤྲུལ་པའི་ལྷ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་ཡུམ་གྱི་བ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ཡོངས་བཀོད་ཅིང་། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པའི། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་རྒྱ་ཆེར་འོད་གསལ་བ། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པ། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདོད། །ཀུན་ཏུ་བཟང་པོའི་རྫོགས་ཆེན་ཡེ་ནས་བདལ་བ་ལ། །ཕྱི་ནང་གས ང་བའི་དཀྱིལ་འཁོར་བཀོད་པ་ནི། །སྣང་སྲིད་རྣམ་དག་ཀུན་བཟང་ཡུམ་གྱི་དབྱིངས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་རྫོགས་གཟུངས་ཆེན་བདག་ཉིད་མ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་བ། །ཅིར་ཡང་སྣང་བས་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པའི་གསང་བའི་དཀྱིལ་འཁོར་ནི། །བདག་ཉིད་ཆེན་པོ་བཅོམ་ལྡན་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་ལྟང་འཛིན་དམ་ཚིག་རྗེས་གཅོད་མ། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཐུགས་རྗེ་གདུང་འཚོབ་རྡོ་རྗེ་ཆེ་མཆོག་མོས། །བདག་ཅག་སྒྲུབ་པའི་རྣལ་འབྱོར་འདིར་འཚོགས་ཀུན། །འགྲོ་བའི་དོན་ཕྱིར་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་མནོས་ཞིང་གཉེར་དུ་སྨྲའོ་འཚལ། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་ཡིས། །ཤེས་བཞིན་མི་ལྡན་བག་མེད་གཡེང་འགྱུར་ཏེ། །དང་པོ་ཐ་ཚིགས་བཀའ་ལ་བཏགས་པའི་ཚེ། །བཀའ་ལ་མ་གུས་འགལ་གྱིས་དཔྱས་ལོང་བཏགས། །བར་དུ་བསླབ་པའི་གཉེར་ཆེན་ཕོག་པའི་ཚེ། །བསླབ་ལ་མི་བརྩོན་དོན་ལ་གཡེལ་བ་དང་། །ཐ་མ་འདི་ཚེ་འབྲས་བུ་བསྒྲུབ་པ་ན། །བཀའ་དང་གཞུང་བཞིན་མ་ལྕོགས་དོན་དང་འགལ། །ཚོར་དང་མ་ཚོར་སྒྲིབ་པ་ཆེ་ཆུང་རྣམས། །ཤིན་ཏུ་མི་ཤེས་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་བགྱིས་པ། །དཔལ་བོ་ཐུགས་རྗེས་བདག་ལ་བཟོད་པར་གསོལ། །འཁོར་བ་ཐོག་མཐའ་མེད་པའི་དུས་མཐའ་ནས། །ལས་ཀྱི་དབང་གིས་བདག་ཅག་འཁོར་བར་འཁྱམས། །ཉོན་མོངས་ལོག་པར་ལྟ་བའི་དུག་འཐུང་སྟེ། །སྡུག་བསྔལ་ནད་ཀྱིས་ཤིན་ཏུ་གདུངས་བ་ལ། །བདེར་གཤེགས་ཐུགས་རྗེ་སྨན་པའི་རྒྱལ་པོ་ཡིས། །དམ་ཆོས་བདུད་རྩི་ཐར་པའི་སྨན་བཙལ་བས། །ཉོན་མོངས་འཁྲུལ་པའི་ནད་རྣམས་ཞི་མཛད་ཅིང་། །བླ་མེད་བྱང་ཆུབ་སྙིང་པོར་འཚོ་མཛད་དེ། །བྱམས་མགོན་ཐུགས་རྗེའི་བདག་ལ་སྐྱབས་སུ་མཆི། །ཞེས་གཅེར་བུ་ཟང་མར་བྱུང་ལ་རྣལ་འབྱོར་གྱི་ཕྱག་ཡན་ལག་ས་ལ་བརྡབས་ཏེ། ལུགས་སུ་བཙལ་བར་བྱའོ། །རྒྱལ་མཆོག་སྐྱེས་བུ་ཁྱོད་ཅི་འདྲ། །དེ་དྲ་ཁོ་ནར་སྤྱོད་པར་བགྱི། །སྤྱོད་པ་རྨད་འབྱུང་བསམ་ཡས་པས། །འགྲོ་ལ་ཕན་པའི་དོན་དུ་སྤྱད། །འཁོར་བའི་མཐའ་རིངས་འཇིག་རྟེན་པ། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་བ་ནི་གྲོལ་བར་བགྱི། །དབུགས་མ་ཕྱུང་པ་དབུགས་དབྱུང་བྱ། །མྱ་ངན་འདས་པའི་ཞིང་ཁམས་སུ། །སྙིང་པོ་བྱང་ཆུབ་ཉིད་དུ་བྱ། །དེ་ནས་ཀུན་ཀྱང་རང་ལུས་ལ། །བསྡུས་ཏེ་སྒོ་གསུམ་བག་ཆགས་སྦྱངས། །མ་སྐྱེས་ངང་ལས་ལྷར་གསལ་ཏེ། །བྱིན་བརླབས་མཆོག་གི་བདག་པོར་གསལ། །མི་གནས་མི་རྟོག་བསམ་དང་བྲལ། །མ་ཆགས་ཆགས་བྲལ་ཡུལ་ལས་འདས། །ཅི་ཡང་མི་འབྱུང་ཅིར་མ་ཡིན། །རང་འབྱུང་རང་བཞིན་བརྗོད་དང་བྲལ། །ཡོངས་ལ་ཁྱབ་པས་ཉི་མའི་འོད། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །རྣམ་རྟོག་མུན་པ་སེལ་བར་སྣང་། །ཡིད་བཞིན་རིན་ཆེན་འབར་བ་ཡི། །ཨ་ནི་ཆགས་མེད་ཡི་གེའི་མཛོད། །ཆོ་འཕྲུལ་རྟོག་པ་ཀུན་གྱི་རྒྱུ། །ཉོན་མོངས་སྐྱོན་བྲལ་ཟླ་བའི་མདོག །ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་རྒྱུ། །ཨ་ནི་ཨེ་ཡི་རང་བཞིན་ཏེ། །ཨ་ལས་ཨེ་བྱུང་མཁའ་ཁྱབ་བདལ། །མི་འགྱུར་ཐོགས་མེད་བསམ་ལས་འདས། །མཐའ་དང་དབུས་མེད་ཀུན་ཏུ་བདལ། །ཨ་ཡི་བྱིན་བརླབས་ཡེ་ཤེས་ལས། །རླུང་གི་ཆོ་འཕྲུལ་ཡང་དུ་ཤར། །ཐམས་ཅད་འདེགས་པའི་སྟོབས་ལྡན་ཞིང་། །རང་བཞིན་གཡོ་མེད་ཐོགས་མེད་འཕྱོ། །རྒྱུ་ཡི་ཡི་གེ་འོད་ཟེར་ལས། །ཆུ་ཡི་སྙིང་པོ་ཆོ་འཕྲུལ་ཤར། །མཁའ་ཡི་མཐའ་དང་མཉམ་པ་ཡི། །རླུང་མཚོ་ཐམས་ཅད་རྒྱས་པར་འགྱུར། །མི་དམིགས་པ་ལས་སྣ་ཚོགས་པར། །སྣང་བའི་ཆོ་འཕྲུལ་འདི་བྱུང་བས། །རྣལ་འབྱོར་ས་བཅུ་རྫོགས་པའི་དོན། །ལྷུན་གྱིས་གྲུབ་པའི་བདེ་བ་ཆེ། །རྣམ་དག་ཤེས་རབ་མཁའ་ཀློང་ནས། །རྡོ་རྗེ་འབར་བའི་རི་བོ་ཤར། །རྒྱ་ཆེ་གཏིང་ཟབ་ནམ་འཕངས་གཅོད། །རྟོག་པའི་རི་བོ་འཇོམས་པར་བྱེད། །ཨ་ཡི་བྱིན་བརླབས་ཡེ་ཤེས་ལས། །ཆོ་འཕྲུལ་མེ་ཡི་སྙིང་པོ་ཤར། །འབར་བའི་གསལ་བྱེད་ཡེ་ཤེས་འཕྲོ། །དངོས་པོ་ཀུན་ཟད་མེ་ཀློང་འཚུབ། །རིག་པའི་འབྱུང་ཆེན་ལྔ་བརྩེགས་པ། །རྒྱ་ཁྱོན་ཚད་མེད་མཉམ་པར་སྣང་། །ཨེ་ཡྂ་ར་བྂ་རྂ་ཀེཾ། བྷྲུྂ་བ་ག་གསང་བའི་འོད་ཟེར་ལས། བདེ་གཤེགས་བཞུགས་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །དུས་གསུམ་རྒྱལ་བ་རྒྱ་མཚོའི་དབྱིངས། །འདི་ནི་རྡོ་རྗེ་མུ་ཁྱུད་བདུན། །འབྱུང་བའི་རིམ་པ་དྲུག་བར་དུ། །འཁོར་ལོ་དྲུག་བརྩེག་སྙིང་པོ་འབར། །མུ་ཁྱུད་དབུས་ལས་ལེ་ཚེ་དགུ། །གྲུ་ཆད་རྩེ་འཕྱན་མེ་རི་འཕྲོ། །མུ་ཁྱུད་ཚར་གསུམ་འབར་བའི་ཕྲེང་། །དེ་བཞིན་གྲུ་ཆད་ཕྱི་དང་ནང་། །བར་ཁྱམས་བཞིས་མཛེས་ཕྱི་འཁྱམས་དང་། །ལྔར་གསལ་སྒོ་དགུ་ཤར་དུ་བརྩེགས། །དེ་ཡང་འཁྱམས་ལྔ་གྲུ་ཆད་གཉིས། །སྒོ་སྣམ་མུ་ཁྱུད་ཐ་མ་རྣམས། །རྡོ་རྗེ་སྒོ་དང་ལྡན་པ་ནི། །ཕྱོགས་ཀྱི་དང་པོ་གནས་བརྗོད་ཡིན། །ཕྱོགས་བཅུ་རྒྱ་ཡོངས་སུ་མ་ཆད་ཅིང་། །མཐའ་དང་དབུས་མེད་རྩེ་མོ་མཉམ། །ཆོ་འཕྲུལ་སྤྲིན་གྱིས་ཀུན་ནས་གཏིབས། །བྱང་ཆུབ་ཆར་གྱིས་ཉོན་མོངས་སྤངས། །ཡེ་ཤེས་མྱུ་གུ་མངོན་པར་བསྐྱེད། །ཡིད་བཞིན་རིན་ཆེན་རྒྱལ་པོ་དང་། །མུ་ཏིག་ལྕང་ལོ་ཆུན་འཕྱང་དང་། །ཆོས་ཉིད་བླ་རེས་ཀུན་ཏུ་བྲེས། །ཡེ་ཤེས་ལྡ་ལྡིས་མངོན་མཛེས་ཅིང་། །ཧཱུྃ་གི་ཐོག་དང་མེ་ཆར་འབབ། །རྡོ་རྗེ་རྒྱན་དང་འཕན་གྱིས་ཀླུབས། །ཞེ་སྡང་སྨིན་པའི་ཟ་ར་ཚགས། །སྤྲིན་ནག་གྲིབ་སོ་བཞིན་གཞོལ་བའི། །བར་བར་རིན་ཆེན་ཕྲེང་བ་དང་། །མུ་ཏིག་མེ་ཏོག་ཕྲེང་བས་མཛེས། །འཁོར་བའི་མཎྜལ་ཡོ་བཀྲམ་པས། །བམ་རིལ་ཆེ་ཆུང་ཁོག་སྟོད་སྨད། །ཡན་ལག་རིང་ཐུང་དབང་པོའི་ཕྲེང་། །རྡོ་རྗེ་ཕྲེང་བས་ཀུན་ནས་སྤྲས། །ཉ་ཆེན་པོ་ཡིས་ཀ་གདུང་ལ། །ཉ་བྲན་དྲལ་གྱི་དྲབ་གཏམས་པ། །ཟླ་བའི་ཀ་གདན་ཉི་མ་ཡི། །ཀ་ལོ་སྦྲུལ་ཆུན་ཀ་རྒྱན་ནང་། །འོག་གཞི་མུ་ཏིག་གཅལ་བཀྲམ་ཞིང་། །ཀས་མ་གར་བའི་འོད་ཀྱིས་འཁྲིགས། །ནོར་བུ་རིན་ཆེན་བྲག་གིས་གདམས། །དེ་སྟེང་རྩེ་གསུམ་རྩེ་ལྔའི་བྲག །སྟེང་ན་པདྨར་མཎྜ་ལ། །ཉི་ཟླ་བཞི་བཅུ་རྩ་བརྒྱད་སྦྱར། །དེ་སྟེང་དབང་ཕྱུག་ཁྱོ་ཤུག་ནི། །སྤྱི་བཅིངས་ཉི་ཤུ་རྩ་བཞིའི་གདན། །སྟེང་ན་བྱོལ་སོང་གཙོ་བརྒྱད་གནས། །དཔའ་སྟག་འཇིགས་སེང་གདུག་པའི་གཟིག །གཏུམ་དོམ་སྟོབས་གླང་མ་ཧེ་བརྗིད། །འཛིན་པའི་ཆུ་སྲིན་ཞེ་སྡང་སྦྲུལ། །རིག་འཛིན་སྒྲིབ་པ་སྦྱང་ཕྱིར་གནས། །དབང་ཕྱུག་སྡེ་ཚོགས་གསུམ་གསུམ་མནན། །འཁོར་རྣམས་ཉི་མ་ཞིང་ཆེན་གདན། །བུ་མོ་ཉི་ཤུ་ཞིང་གི་གདན། །ཧཱུྃ་ཆེན་ཉི་མ་ཕྱོགས་སྐྱོང་སྟེ། །གཞན་དག་ཞིང་སྐམ་གདན་སོགས་སྦྱར། །མ་སྐྱེས་ཡི་གེའི་བྱིན་བརླབས་ལས། །ཐུགས་ཀྱི་ཡི་གེའི་མཐི ང་ནག་ཉིད། ། དབུས་སུ་བབས་པའི་བདག་ཉིད་ལ། །རྒྱུ་ཉིད་ཐིམ་པའི་འཕྲོ་འདུ་ཡིས། །སང་ང་ཧེ་རུ་ཡབ་ཡུམ་ཁྱོད། །མཐིང་ནག་ཉི་ཤུ་རྩ་གཅིག་ནི། །དུས་གསུམ་རྒྱལ་བ་བདུན་གསུམ་ལས། །འཁོར་ལོ་རིན་ཆེན་མཆོད་རྟེན་དང་། །ནོར་བུ་རིན་ཆེན་བདུན་གྱིས་སྤྲས། །རྒྱལ་མཚན་བཅུ་འདུས་ཏོག་སྲོང་འབར། །ཞབས་བརྒྱད་བཞི་བཅུ་རྩ་གཉིས་ཕྱག །ཕྲ་མེན་བཅུ་དབྱུག་ལག་ན་ཁྱུང་། །བཅུ་འཕྱར་ཁ་ནས་མཚོན་ཆ་འཕྲོ། །དེ་བཞིན་མཁའ་འགྲོ་བརྒྱད་འཕྱར་བའི། །ལག་ན་སེང་གེ་ཁ་དབྱལ་བརྒྱད། །ཁ་ནས་རལ་གྲི་འབར་བ་འཕྲོ། །ཤུགས་འགྲོ་བརྒྱད་དབྱུག་འཕྱར་བ་ཡི། །ལག་ན་སྟག་སེང་མཆེ་གཙིགས་བརྒྱད། །ཁ་ནས་རྡོ་རྗེ་སྣ་ཚོགས་འཕྲོ། །མ་བརྒྱད་དབྱུག་འཕྱར་ལག་པ་ན། །མི་མགོ་རྡོ་རྗེ་ལུ་གུ་བརྒྱུད། །གླད་ལ་བསྐོར་བར་བྱེད་པའོ། །དེ་བཞིན་འབར་མ་བརྒྱད་འཕྱར་བའི། །ལག་ན་མེ་བརྒྱད་ཐུ་ལུམ་འཕྲོ། །མཁའ་འགྲོ་ཤུགས་འགྲོ་གཡས་པ་ན། །མ་བརྒྱད་འབར་མ་གཡོན་པ་སྟེ། །ཕྲ་མེན་བཅུ་ཕྱེད་གཡས་གཡོན་སྣམས། །དུར་ཁྲོད་སྦྲུལ་བརྒྱད་ཐོད་གསུམ་དང་། །དེ་བཞིན་ཀོ་བ་རྟགས་གསུམ་དྲུག །སྲོ་ཏ་ཨ་འཛའ་ན་ལ་སོགས་པ་ཡིས། །དུར་ཁྲོད་བརྟགས་བརྒྱན་བཅོ་བརྒྱད་འབར། །ཡུམ་ཡང་ལུས་དང་གྲིབ་མའི་ཚུལ། །གཙོ་བོའི་ཐུགས་ལས་མཐུན་ནས་ནི། །མཐིང་ནག་དུར་ཁྲོད་བརྒྱན་དང་ལྡན། །གཡས་འཁྱུད་གཡོན་པ་གཙོ་ལ་སྟོབས། །དེ་ནས་བྱིན་གྱིས་བརླབས་བྱ་བ། །ཧཱུྃ་ལས་རྡོ་རྗེ་ལྔ་པ་ཡིས། །ས་ལས་པད་མོར་གྱུར་པ་དངོས། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོས། །ཡུམ་གྱི་པདྨ་གཞལ་ཡས་སུ། །གསང་བའི་བྱང་ཆུབ་སེམས་འཕྲོ་བའང་། །ས་མ་ཡ་ཧོ། ས་མ་ཡ་སྟོམ། ར་ག་ཡ་མི་ར་ཧོ་ཧམ། །ཆགས་པའི་བདའ་ཡིས་བསྐུལ་ནས་ནི། །ཡུམ་གྱི་བསྐུལ་བ་འདི་སྟ་སྟེ། །མི་གཡོ་མཆོག་གི་རྒྱལ་པོ་དགོངས་སུ་གསོལ། །རྣམ་པར་མི་རྟོག་ཤིན་ཏུ་དྲི་མེད་སྐུ། །འོད་ཟེར་མདངས་ལྡན་ཟླ་རྒྱས་འདྲ་བའི་ཞལ། །དགེས་པར་རོལ་པའི་དོན་ལ་བཞེངས་སུ་གསོལ། །ཡིད་འོང་འབྱོར་ལྡན་རྒྱལ་བ་རྒྱ་མཚོའི་དབྱིངས། །ཤེས་རབ་ཟབ་མོ་རྣམ་དག་པདྨོའི་ལམ། །སྒྱུ་འཕྲུལ་བརླབས་ལ་མཁས་པའི་སྤྱོད་མཆོག་ལ། །ཡིད་འོང་འབྱོར་ལྡན་ཆོ་འཕྲུལ་སྣ་ཚོགས་བསྟན། །པདྨའི་ཟེའུ་འབྲུ་འབར་བ་འདི། །འཛུམ་པའི་མདངས་ཀྱིས་འབུལ་ལགས་ན། །དགེས་པ་རྡོ་རྗེ་ཆོ་འཕྲུལ་ལས། །བྱང་ཆུབ་ཆར་སྤྲིན་དབབ་ཏུ་གསོལ། །ཨེ་མ་ཧོ་ཡིད་ཀྱི་དགའ་སྡེ་མོ། །གདུང་བའི་སྙིང་ཕྲེང་ཤེས་རབ་གཟུངས། །པདྨའི་གའུ་འཁྱིལ་པ་ལ། །བདེ་བའི་རྡོ་རྗེ་བྱང་ཆུབ་འབར། །ཛ་ཧཱུྃ་བྂ་ཧོ། དི་པ་སུ་ཀེ། གན་ཏེ་ཙིཏྟ། བྱང་ཆུབ་སེམས་ཀྱི་དགེས་སྤྲིན་ལས། །ཧཱུྃ་ཆེན་དྲུག་ཅུ་རྩ་བཞི་དང་། །ཧ་ཧེ་ཕཊ་བཅུ་ཕྲག་གཉིས་དང་། །དེ་བཞིན་ཧཱུྃ་ཆེན་ཉི་ཤུ་དག །སྤྲོས་ནས་གདན་ལ་རིམས་བཞིན་བཀོད། །དེ་ལས་རྒྱ་མཚོ་གཟའ་སྐར་ཚུལ། །སོ་སོའི་སྔགས་ཀྱིས་རྫོགས་པར་བསྐྱེད། །མ་བརྒྱད་ལ་སོགས་འཁོར་སྡེ་རྣམས། །རང་བཞིན་ཏིང་འཛིན་ལས་གསུམ་གྱིས། །ཕྱེ་བས་སོ་སོ་སྔགས་ཀྱིས་བསྐྱེད། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། མ་ཧཱ་ཙན་དྷ་སརྦ་དུས་བསྟན། སང་ང་ཤྲི་ཧེ་རུ་ཀ །ཏ་ཀ་ཧ་ན་པ་ཙ་ཧཱུྃ་ཧཱུྃ ། སརྦ་ཏ་ཐཱ་ག་ཏ་སང་ཧ་ཀྲོ་ཏ་ཤྭ་རི་ཧཱུྃ་ཧཱུྃ་ས་མ་ཡཱ་ས་མ་ཡཱ། ས་ནུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། པ་ས་ནི་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། སང་ན་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཧཱུྃ་སརྦ་ར་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། བཛྲ་གརྦ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། རཏྣ་གརྦ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། པདྨ་གརྦ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཀརྨ་གརྦ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། མེ་ཏྲི་གརྦ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཀ་རུ་གརྦ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ལོ་ག་གརྦ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། བྂ་དུ་མ་གརྦ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཡཀྴ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། རཀྴ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། བིག་ཤ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། བི་ཤ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཏེ་ཤྭ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཀེ་ཤྭ་ར་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། བཻ་ཤ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། བི་ཤ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཏྲག་ཤྭ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། དྷྲི་ཤྭ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཀཱ་ཤྭ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། བག་ཤྭ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། རུ་ཏི་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། རགྟ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཁའི་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ས་ཧ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། པ་ན་ཤྭ་རི་ཁ་མུྂ། པ་ས་ནི་ཤྭ་རི་ཁ་མུྂ། ས་ནོ་ཤྭ་རི་ཁ་མུྂ། པ་ར་པ་ཤྭ་རི་ཁ་མུྂ། བཛྲ་ཤྭ་རི་ཁ་མུྂ། རཏྣ་ཤྭ་རི་ཁ་མུྂ། པདྨ་མ་ཤྭ་རི་ཁ་མུྂ། ཀརྨ་ཤྭ་རི་ཁ་མུྂ། མེ་ཏྲི་ཤྭ་རི་ཁ་མུྂ། ཀ་རུ་ཤྭ་རི་ཁ་མུྂ། ལོ་ག་ཤྭ་རི་ཁ་མུྂ། བི་དུ་ཁ་ཤྭ་རི་ཁ་མུྂ། ཡག་ཤ་ཀྲོ་ཏི་ཤྭ་རི་ཁ་མུྂ། རཀ་ཤ་ཀྲོ་ཏི་ཤྭ་རི་ཁ་མུྂ། འབིག་ཤ་ཀྲོ་ཏི་ཤྭ་རི་ཁ་མུྂ། བྱི་ཤ་ཀྲོ་ཏི་ཤྭ་རི་ཁ་མུྂ། ཏེ་ཤ་ཤྭ་རི་ཁ་མུྂ། ཀེ་ཤ་ཤྭ་རི་ཁ་མུྂ། པེ་ཤ་ཤྭ་རི་ཁ་མུྂ། བི་ཤ་ཤྭ་རི་ཁ་མུྂ། ཏྲག་ཤ་ཤྭ་རི་ཁ་མུྂ། ཧྲི་ཤ་ཤྭ་རི་ཁ་མུྂ། ཀ་ཤ་ཤྭ་རི་ཁ་མུྂ། བག་ཤ་ཤྭ་རི་ཁ་མུྂ། རུ་ཏི་ཤྭ་རི་ཁ་མུྂ། རག་ཏི་ཤྭ་རི་ཁ་མུྂ། ཁའི་ཤྭ་རི་ཁ་མུྂ། པ་ཧ་ཤྭ་རི་ཁ་མུྂ། བཛྲ་ཀོའུ་རི་ཧ། བཛྲ་ཙོའུ་རི་ཧ། བཛྲ་པྲ་མོ་ཧ། བཛྲ་པེ་ཏ་ལི་ཧ། བཛྲ་པུཥྐ་སི་ཧ། བཛྲ་ཀས་མ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙན་དྷ་ལི་ཧ། བཛྲ་སིང་ཧ་མུ་ཀ་ཧེ། བཛྲ་བྱ་ཏྲི་མུ་ཀ་ཧེ། བཛྲ་ཤྲི་ལ་མུ་ཀ་ཧེ། བཛྲ་ཤྭ་ན་མུ་ཀ་ཧེ། བཛྲ་ཀྲི་ཏ་མུ་ཀ་ཧེ། བཛྲ་ཀཾ་ཀ་མུ་ཀ་ཧེ། བཛྲ་ཁ་ཁ་མུ་ཀ་ཧེ། བཛྲ་ཧུ་ལུ་མུ་ཀ་ཧེ། བཛྲ་ཕཊ་ཛ་ཨརྱ་ཏེ་ཛ་ཏེང་ང་ཛ། བཛྲ་ཕཊ་ཧཱུྃ་པ་ཤ་ཧཱུྃ། བཛྲ་ཕཊ་བྂ་ལོ་ཀ་བྂ། བཛྲ་ཕཊ་ཧོ་བ་སྨི་བ་ལ་ཡ་བ་ཏི་ཧོ། བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ། བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ། བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ། བཛྲ་ཀྲོ་ཏ་ཧ་ཡ་གྷྲི་བ་ཧཱུྃ། བཛྲ་ཀྲོ་ཏ་ཀུན་ཏ་ལི་ཧཱུྃ། བཛྲ་ཀྲོ་ཏ་ནི་ལྂ་ཏན་ཏྲ་ཧཱུྃ། བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུྃ། བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ། བཛྲ་ཀྲོ་ཏ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ། ཀྲོ་ཏི་ཤྭ་རི་ཤ་ཡ་ཧཱུྃ། ཀྲོ་ཏི་ཤྭ་རི་ལ་སྱེ་ཀེ་ཧཱུྃ། ཀྲོ་ཏི་ཤྭ་རི་སྟ་ན་བ་ཏི་ཧཱུྃ། ཀྲོ་ཏི་ཤྭ་རི་ཙནྡྷ་རེ་ཡ་ཏི་ཧཱུྃ། ཀྲོ་ཏི་ཤྭ་རི་བ་ཡ་ཏི་ཧཱུྃ། ཀྲོ་ཏི་ཤྭ་རི་པྲ་ཏི་ཛ་ཧཱུྃ། ཀྲོ་ཏི་ཤྭ་རི་མུ་ལ་ཧཱུྃ། ཀྲོ་ཏི་ཤྭ་རི་ཀྵ་ཡ་བྱ་ཧཱུྃ། ཀྲོ་ཏི་ཤྭ་རི་མ་ར་ན་ཧཱུྃ། ཀྲོ་ཏི་ཤྭ་རི་ཙིན་ད་མུ་ནེ་ཧཱུྃ། ༈ འཁོར་རྣམས་རྒྱུད་གཞན་སྔགས་ཚུལ་སྦྱར། འབུ་ཏ་ཀ་ཡ། མ་ཧཱ་ཝཀ་ཏ། བཛྲ་ཙིཏྟ། མཎྜལ་ལ་ཨེ་གརྦ། མཎྜལ་ཡྂ་ཀརྨ། མཎྜལ་རཀྟ། མཎྜལ་བྂ་བིག་ཏ། ཀིཾ་ནི་རི་ཏི། མཎྜལ་རྂ་ཛ་ལ། བྷྲུྂ་ཛྙ་ན། བྂ་བན་དྷ། མ་ཧཱ་ཀ་པ་ལ་གཉའ་ན་པར་ས་རྂ། ༈ ཕོ་བྲང་དེ་ཡི་གནས་གནས་སུ། །ཕྱག་རྒྱའི་ཚུལ་རྣམས་འབྱུང་བ་ནི། །མུ་ཁྱུད་མཐའ་ཟད་ཡན་ཆད་དུ། །ཡབ་ཡུམ་དྲུག་ཅུ་རྩ་བཞི་པོ། ཕྱོགས་མཚམས་ལེ་ཙེར་དོར་སོགས་བཞི། །ཆོ་འཕྲུལ་བཞི་པོ་རང་བཞིན་བསམ། །འཁོར་ལོ་དམ་ཚིག་ཚད་མེད་དང་། །རོལ་པ་འཇིགས་བྱེད་འཇོམས་བྱེད་ཆེ། །དེ་བཞིན་ཟ་བྱེད་ཡབ་ཡུམ་བཞི། །ལས་ཀྱི་ལྷ་སྟེ་ཧེ་རུ་ཀ །འཁོར་ལོ་ཐ་མའི་རྩིབས་ལ་བཀོད། །གནས་དང་ཡུལ་གྱི་ཕྱག་རྒྱ་དག །གྲུ་ཆད་ཕྱི་དང་ནང་ལ་བཀྲམ། །གུས་པའི་བུ་མོ་སྒོ་བཞིར་བཞག །ཧཱུྃ་ཆེན་བཅུ་ཡི་ཡབ་ཡུམ་དག །ཤིན་ཏུ་མཛེས་པར་དང་པོ་ལའོ། །དེ་ཉིད་ལ་ནི་མ་བརྒྱད་དང་། །གིང་ཆེན་བཅོ་བརྒྱད་རྒྱས་པར་བཀོད། །གཉིས་པའི་ཁྱམས་ལ་མཁའ་འགྲོ་བརྒྱད། །ཤུགས་འགྲོ་བརྒྱད་ཀྱང་དེ་བཞིན་ནོ། །གསུམ་པའི་ཁྱམས་ལ་ཕྲ་མེན་བརྒྱད། །དེ་བཞིན་འབར་མ་བརྒྱད་རྣམས་བྲི། །བཞི་པའི་ཁྱམས་ལས་ཕོར་ཐོགས་བརྒྱད། །དེ་བཞིན་སྲིན་མོ་གཞུང་ཐོགས་བརྒྱད། །ལྔ་པའི་ཁྱམས་ནི་ཐ་མ་ལ། །རྡོ་རྗེ་སླས་དང་བྲན་མོ་དང་། །ཕོ་ཉ་ལ་སོགས་རྒྱས་པར་བཀྲམ། །གཙོ་བོ་མཐིང་ནག་ཆེན་པོ་སྟེ། །སྨུག་ནག་སེར་ནག་དམར་ནག་དང་། །ལྗང་ནག་ཁྲག་འཐུང་དྲུག་ཅུ་བཞི། །རྡོ་རྗེ་རིན་ཆེན་པདྨ་གྲི། །གར་སོགས་ཅིར་ཡང་འགྱུར་བ་ཐོགས། །རྡོ་རྗེ་སྙིང་པོ་ལ་སོགས་རྣམས། །སྤྱི་མཐུན་ཡོ་བྱད་སྣ་ཚོགས་དང་། །ཐོད་ཁྲག་སོར་ཕྲེང་མཆེ་བ་ཐོགས། །སེར་ཕྲེང་ཐོད་པ་ཁ་གླལ་བཞི། །དེ་བཞིན་བྂ་ཆེན་ཐོགས་པ་དང་། །བམ་ཆེན་ལག་ཐོགས་ཁས་བཟུང་ནས། །འདྲད་ཅིང་འཐེན་པར་བྱེད་པའོ། །གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །ཀོའུ་རི་བྷན་དམར་བྱིས་དབྱུག་སྔོ། །ཙོའུ་རི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་འཕྱར། །བེ་ཏ་བྱིས་ཟ་རྡོ་འཕྱར་ནག །པུསྐ་དམར་སེར་བྱིས་རྒྱུ་འདྲེན། །ཀསྨ་དུང་དམར་དཀྲུག་འཐུང་ལྗང་། །སྨ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙནྡྷ་སེར་སྐྱ་མཆོག་ལུས་འདྲལ། །སིང་ཧ་ཁ་རོ་སྣོལ་སེར་སེང་། །བྱེ་ཀྲི་གནས་ལྟ་སྣོལ་མ་སྟག །སྲི་ལ་ནག་མོ་བྱིས་ལྡག་ཝ། །པུ སྐ་དམར་སེར་བྱིས་རྒྱུ་འདྲེན། །ཤྭ་ན་དྲང་ལྟ་མཐིང་ཀ་ཁྱི། །ཀྲི་ཏ་འགྲིན་དམར་རྒྱུ་འགོ་རྒོད། །ཀང་ཀ་རྐང་འཕྲག་སྣར་མོག་རིང་། །ཁ་ཁ་ཁ་རོ་བྷན་གྲི་ནག །ཧུ་ལུ་མཐིང་ཀ་རྒྱུ་ཚོང་འུག །གུས་པའི་བུ་མོ་སྒོ་སྲུངས་བཞི། །རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཕག་གདོང་ནག་མོ་མཆེ་ཞགས་ཅན། །ཉི་ཟླ་ལྕགས་སྒྲོག་སེང་གདོང་མ། །ཐལ་ཆེན་དྲིལ་བུ་སྣ་ཚོགས་མཆོད། །ཧཱུྃ་ཆེན་མཐིང་ཁ་མདའ་གཞུ་དང་། །རྣམ་རྒྱལ་དཀར་པོ་རྡོ་རྗེ་འཛིན། །དབྱུག་སྔོན་སྡིགས་མཛུབ་རིན་ཆེན་ཁྲོ། །གཤིན་རྗེ་མཐིང་ནག་བེ་ཅོན་ཐོགས། །མི་གཡོ་ལྗང་སྔོན་རལ་གྲི་ཅན། །རྟ་མཆོག་དམར་པོ་སྦྲུལ་ཞགས་བསྣམས། །དཔལ་ལྡན་དམར་སྐྱ་བ་དན་དེ། །བདུད་རྩི་ལྗང་ནག་དབྱུག་ཐོའོ། །ཁམས་གསུམ་ལྗང་སྐྱ་ཁ་ཏོང་ཀ །སྟོབས་ཆེན་དུད་ཁ་གཏུན་ཤིང་ཐོགས། །ཡུམ་རྣམས་གཡས་པ་ཡབ་ལ་འཁྱུད། །གཡོན་པ་བྷན་དྷ་སྟོབས་པའི་ཚུལ། །འཁོར་རྣམས་སོ་སོའང་གཞུང་བཞིན་ནོ། ༈ །ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གཤེགས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །ཚོགས་ཆེན་གཉིས་རྫོགས་ཐུགས་དམ་དབྱིངས་ཀྱི་ལྷ། །ལོངས་སྤྱོད་རྫོགས་མཛད་རོལ་པ་ཆེན་པོའི་སྐུ། །རྡོ་རྗེ་སེམས་དཔའི་སྐལ་བཟང་དཔལ་ཁྱོད་བདག །ཐབས་ཀྱི་རོལ་པས་བདེ་ཆེན་དབྱིངས་ནས་བཞེངས། །ཡེ་ཤེས་སྒྱུ་མས་རྣམ་པར་རོལ་པའི་སྐུ། །ཐབས་དང་ཤེས་རབ་ཆེ་ལ་མངའ་བརྙེས་པའི། །འཕགས་རྗེས་སྤྲུལ་པ་མང་པོ་འབྱུང་བའི་གནས། །བདེར་གཤེགས་བདེ་བར་གཤེགས་མཛད་བཞེངས་སུ་གསོལ། །རང་བཞིན་ཡུལ་ནས་ཕབ་ནས་ནི། །བསྒྲུབ་པའི་དཀྱིལ་འཁོར་དེ་རྫོགས་བྱ། །སྤྱན་དྲང་བསྟིམ་བརྟན་ཕྱག་རྒྱ་ལ་སོགས་སྦྱར། ས་མ་ཡ་ཛ། ཛ་ཧཱུྃ་བྂ་ཧོ། ཨེ་ཧ་ཧི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛ་ཛ། བཛྲ་ས་མ་ཡ་མུ་ཏྲ་ཧཱུྃ་ཨ། བཛྲ་ཤྲི་ཧེ་རུ་ཀ་ཏི་སྟ་ས་མ་ཡ་ལྷན། མ་ཧཱ་ཤྲི་ཧེ་རུ་ཀ །ཧ་ཧ་ཧྂ། ས་མ་ཡ་ཧོ། ཕཊ། བཛྲ་ཨ་ར་ལི་ཕ྄ཊ། ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། རྣལ་འབྱོར་མཆོག་གི་ལག་གཉིས་ལས། །ཉི་ཟླ་འབར་བའི་ལིང་ཀར་ནི། །ཨ་དང་མ་གཉིས་གསལ་བཞག་སྟེ། །ཐབས་དང་ཤེས་རབ་གཉིས་མེད་སྦྱར། །མཉམ་པའི་ཚུལ་དུ་གནས་པ་ལས། །མ་ཡི་སྟེང་དུ་ཨ་ཉིད་བཞག །བྱ་བ་ཐམས་ཅད་བྲལ་བའི་རྒྱ། །ཨ་དང་མ་ཡི་འབྲུ་བཅུ་རྣམས། །འཕྲོ་འདུ་བྱ་ཞིང་ཀུན་ཏུ་བསྒྱུར། །གཡས་སུ་འཁྱིལ་ཅིང་གཡོན་དུ་འཁྱུད། །འདི་ནི་ཆོ་འཕྲུལ་འབྱུང་བའི་རྒྱ། །ཨ་དང་མ་ཡི་འབྲུ་བཅུ་རྣམས། །སོ་སོར་བཅས་ཏེ་མྱུ་གུ་བྱ། །ཤིན་ཏུ་བསྟོད་དེ་ཀུན་ཏུ་བསྒྱུར། །འདི་ནི་སྙིང་པོ་འགྱུར་བའི་རྒྱ། །མ་ཡིས་སྦྱིན་པ་གཏོང་ཚུལ་ལ། །ཨ་ཡིས་ཐམས་ཅད་སྐྱོབ་བྱེད་པ། །འདི་ནི་ཚད་མེད་ཆེན་པོ་ཡིན། །ཀུན་ལ་སྙོམས་པའི་ཕྱག་རྒྱ་ཡིན། །མ་ཉིད་ཁྲག་འཕྲོག་ས་ཡི་སྣོད། །ཨ་ཉིད་སོར་ཕྲེང་མཆེ་བ་སྦྱར། །འདི་ནི་ཐམས་ཅད་རོལ་པ་ཡི། །འཇིགས་ཚུལ་སྟོན་པའི་ཕྱག་རྒྱ་ཡིན། །ཨ་དང་མ་གཉིས་གཏིང་སྦྱར་ཏེ། །སོར་ཕྲེང་འཆི་བའི་ཚུལ་གྱིས་ནི། །ཤིན་ཏུ་ཁ་བླལ་བ་ཡི་ཚུལ། །འདི་ནི་འཇིགས་མེད་ཆེན་པོའི་རྒྱ། །མ་ཡིས་བཟུང་སྟེ་འཐེན་ནས་ནི། །ཨ་ཡིས་གཏིངས་ཞིང་འཇོམས་བྱེད་པ། །འཇོམས་བྱེད་ཆེན་པོའི་ཕྱག་རྒྱ་ཡིན། །ཨ་ཡིས་མ་དང་འགོ་འཇུག་ནས། །བཟུང་བའི་ཚུལ་དུ་བྱས་ནས་ནི། །ཁ་ཡིས་འདྲད་ཅིང་འཐེན་བྱེད་པ། །ཟ་བྱེད་ཆེན་པོའི་ཕྱག་རྒྱ་ཡིན། །ཨ་དང་མ་ཡི་ཤེས་རབ་ལས། །གཡས་གཡོན་ཚུལ་གྱིས་བསྒྱུར་བྱས་ཏེ། །སོ་སོ་ཇི་ལྟར་ཡིན་ཐབས་སྦྱར། །བུ་མོ་ཉི་ཤུ་སྔ་མ་བཞིན། །དཔའ་བོ་གདན་ལས་བཞེངས་ནས་ནི། །ཕྱོགས་ཙམ་ཀུན་ཏུ་བལྟས་བྱས་ནས། །ཤིན་ཏུ་འགྱིང་ཤིང་བརྗིད་པར་བྱ། །ཨ་དང་མ་ཡི་འབྲུ་རྣམས་ནི། །སོ་སོར་བསྡམས་ནས་བསྐུར་བརྟེན་བྱ། །འགྱིང་བའི་ཚུལ་གྱིས་སྤྱད་བྱས་ནས། །སྟག་གི་སྟབས་ཀྱིས་ཀུན་ཏུ་བསྐོར། །དེ་ནས་རྨུན་བྱའི་སྟོབས་ཀྱིས་བསྐོར། །དེ་བཞིན་རུས་སྦལ་གཟིག་དང་སྟག །སྤྱང་ཀི་སེང་གེ་དོམ་སྟབས་དང་། །ཕག་ཆེན་དྲེད་ཀྱི་སྟབས་ཀྱིས་ནི། །ཐམས་ཅད་ཐམས་ཅད་སྐོར་བར་བྱ། །དེ་བཞིན་འདབ་ཆགས་ཐམས་ཅད་ཀྱི། །འཇོ་ཚུལ་སྟབས་རྣམས་རྫོགས་བྱས་ནས། །དཀྱིལ་འཁོར་ཐམས་ཅད་རྫོགས་པར་འགྱུར། །ཧཱུྃ་འབྱུང་བ་ཆེན་པོའི་ནམ་མཁའ་ནི། །འབྱུང་བ་ཆེན་པོ་ལྔ་ཡི་མཛོད། །ནམ་མཁའ་ལས་ནི་འདོད་པ་འབྱུང་། །འདོད་པའི་མཆོད་པ་འབྱུང་འགྱུར་ཅིག །ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བསྐུལ། །རྡོ་རྗེ་རོལ་པའི་ཚོགས་མཆོད་འདི། །མཆོད་སྤྲིན་ཀུན་ཏུ་རྒྱས་གྱུར་ཅིག །ཟླ་རྒྱས་ལ་སོགས་སྙིང་པོའི་མཆོག །མྂ་ས་ལ་སོགས་རྣམ་ལྔའི་རྫོགས། །མེ་ཏོག་ལ་སོགས་ཙནྡ་ཕྲེང་། །སྣ་ཚོགས་མཆོད་པ་འབྱུང་གྱུར་ཅིག །འཆི་མེད་བདུད་རྩི་གཡུང་དྲུང་ཆུ། །རོ་ཡི་ཁམས་རྣམས་སློང་བར་བྱེད། །དུག་གི་ཕུང་པོ་འཇོམས་བྱེད་པ། །རྩི་མཆོག་སྨན་གྱི་མཆོད་པ་བཞེངས། །དུག་གསུམ་རྩེགས་པའི་རི་བོ་འདི། །སྐུ་གསུང་ཐུགས་ཀྱི་ཀློང་དུ་སྟབས། །དུག་ལྔ་རོལ་པའི་ཚོགས་མཆོད་འདི། །ཡེ་ཤེས་ལྔ་ཡི་ངང་དུ་ཐིམ། །གཟུང་འཛིན་རྟོག་པའི་མཚན་མ་འདི། །དབྱིངས་དང་ཡེ་ཤེས་ཀློང་དུ་ཐིམ། །འཁོར་བའི་མཚན་མའི་ཆོས་ཅན་འདི། །ཆོས་ཉིད་དབྱིངས་ཀྱི་ངང་དུ་ཐིམ། །ཕུང་པོ་ཚོགས་ཀྱི་ཡན་ལག་འདི། །རྣམ་གྲོལ་ཕུང་པོ་ལྔ་རུ་ཐིམ། །འབྱུང་ཆེན་བརྒྱུད་ལྔ་མཚན་མ་འདི། །མཁའ་ཀློང་འབར་བ་ལྔ་རུ་ཐིམ། །རོལ་པ་ཆེན་པོའི་མཆོད་སྦྱིན་ལ། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་རོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །འཁྲིལ་འཁྱུད་སྦྱོར་བའི་གཟུངས་ཆེན་མོ། །དབང་པོ་སྦྱོར་བའི་དགེས་མཆོག་སྟེ། །བདེ་བའི་མཆོད་པས་ཚིམ་གྱུར་ཅིག །བླ་མེད་སྟན་དགོན་མཆོད་པ་འདི། །སྔོན་ཆད་རྒྱལ་བ་བགྲོད་པའི་ལམ། །དུག་གསུམ་གཏིང་ནས་གསོད་པའི་ཐབས། །སྔོན་གྱི་ཐུགས་དམ་བཞིན་དུ་བཞེས། །ཨི་དན་པུཥྤེ། དྷུཔྤེ། བ་ལིན། པྲ་ཏི་ཛ་ཧོ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རྂ་ཁ་ཧི། མ་ཧཱ་རཀྟ་རུ་ཏི་ཏིག་སྣ། ཙིཏྟ་བ་སུ་ཏ། གོ་རོ་ཙ་ན། ཏ་ཀི་ནི། མ་ཧཱ་ཙིཏྟ་ཁ་རྂ་ཁ་ཧི། ཁ་ཁ་ལེ་ཤ་ཏ་ཁ་ཧི། ཨ་ལ་ལ་ཧོ། ཨི་དན་ཏེ་ན། ས་མ་ཡ་ཧོ། ཨི་དན་ཏེ། ན་ར་ཀན། ཨུ་ཙི་ར་ས་མ་ཡ་ཕཊ། བཛྲ་ས་མ་ཡ། ཨ་ནེ་ཤ་ཨ་ཨ། བདུད་རྩི་སྨན་གྱི་རྗེས་སུ་སྦྱར། །མཁའ་འགྲོ་མ་རྣམས་དམ་ལ་བཏགས། །གནས་སྒགས་དམ་དབོག་གནད་དུ་བྱའོ། །དེ་ནས་ཚོགས་ཀྱི་མཆོད་སྦྱར་ཏེ། །ཟླ་བ་རྒྱས་དང་རྫོགས་པ་དང་། །ཟླ་བ་དཀར་དང་ཟླ་ཕྲོམ་མཆོག །ཆེ་མཆོག་ཀུན་གྱི་གཙོ་བོ་དང་། །འཇམ་པོར་ཐར་པ་ཆེན་པོ་དང་། །གལ་ཕྱིས་ཞེས་བྱ་བའི་རོ་མཆོག་དང་། །གཟི་བརྗིད་ཆེན་པོ་རོ་ཞིམ་དང་། །བྲན་མོ་དང་ནི་གཡོ་ཅན་མ། །འཇམ་དཔལ་རྣོན་པོའི་སྒྲལ་སོགས་པའི། །འབྱོར་པའི་ཡོ་བྱད་སྣ་ཚོགས་བཤམ། །དེ་ནས་རྒྱལ་པོའི་བྱིན་བརླབས་ཀྱིས། །ཡོ་བྱད་འདི་དག་བདུད་རྩི་ལྔར། །དམ་རྫས་ངོ་བོར་བསྡུས་ནས་ནི། །དེ་ལས་འབྲུ་ལྔའི་འཕྲོ་འདུ་ལས། །ཞུ་ནས་ཕྱག་མཚན་རྣམ་ལྔར་འབར། །དག་པའི་བདུད་རྩི་ཆེན་པོར་ཞུ། །དེ་ནས་ལྷ་མོ་ནམ་མཁའ་གང་། །ཤེས་རབ་ལྷ་མོ་རིག་འཛིན་མ། །བཞིའམ་ཡང་ན་རྣམ་པ་བརྒྱད། །ཡོ་བྱད་རྫས་སམ་རང་བཞིན་ལ། །ཟས་མཆོག་གར་གྱིས་སྤྱིར་བླངས་ཏེ། །བདག་ཅག་རིག་འཛིན་ཤེས་རབ་མ། །ལོངས་སྤྱོད་འཕེལ་བའི་དབྱངས་འདིས་བསྟོམ། །རྒྱལ་བ་ལྷ་ཡི་དངོས་གྲུབ་འཛིན། །དགྱེས་པས་ཚིམ་པའི་ལོངས་སྤྱོད་དག །ཇི་ལྟར་ཡིད་བཞིན་ནོར་བུའམ། །དཔག་བསམ་ཤིང་ཆེན་འདོད་འཇོའི་བ། །མ་རྨོས་ལོ་ཐོག་དགེས་པར་སྦྱར། །རྣལ་འབྱོར་ལོངས་སྤྱོད་ཆེན་པོ་དག །ནམ་མཁའི་ཁམས་སུ་གཏིབས་ནས་ཀྱང་། །རྡོ་རྗེ་དགེས་ཚོགས་ཀུན་འདུས་ནས། །སྐལ་ལྡན་རྣམས་ཀྱིས་རབ་སྤྲུལ་ཅིང་། །རྡོ་རྗེ་གར་གྱི་དབང་བསྒྱུར་ནས། །སྒེགས་པས་ལྷ་མོ་འཇོ་ཚུལ་དག །འདུད་ཅིང་སྟོབས་པའི་ཚུལ་གྱིས་ནི། །རོལ་མོའི་ཚོགས་ཀྱིས་དགའ་བ་བསྐྱེད། །ༀ་ཧྲཱི་བཛྲ་ལ་སྱེ་ཧཱུྃ་ཧཱུྃ ། བཛྲ་མ་ལེ་ཏྲྂ་ཏྲྂ། བཛྲ་གིར་རྟི་ཧྲི་ཧྲི། བཛྲ་ནིར་རྟི་ཨ་ཨ། ༀ་བཛྲ་དྷུཔྤེ་དྷུ། བཛྲ་པུཥྤེ་པུ། བཛྲ་ཨ་ལོ་ཀེ་ཧྲི། བཛྲ་གན་དྷེ་གན། རྡོ་རྗེ་དཀར་མའི་ཐབས་མཆོག་གིས། །རྡོ་རྗེ་གླུ་འདིས་གཟི་བྱིན་སྐྱེད། །རྡོ་རྗེ་བདུད་རྩིའི་ལོངས་སྤྱོད་འདི། །གཟི་མདངས་རྒྱས་པར་བྱེད་པའི་མཆོག །བཀྲག་འཛིན་གཟུངས་མཆོག་དྲན་པའི་དཔལ། །རྡོ་རྗེ་ཅན་གྱི་བྱིན་སྟོབས་ཀྱིས། །སྐལ་ལྡན་རྣམས་ཀྱི་ཟས་སུ་བྱ། །སྐལ་མེད་རྣམས་ཀྱི་དུག་ཏུ་འགྱུར། །དཔེར་ན་སྦྲུལ་ལ་འོ་མ་བཞིན། །འཇམ་དཔལ་རྣོན་པོས་སྔོན་བསྒྲལ་བའང་། །བསྒྲལ་བའི་རྒྱུ་མཆོག་མན་ཆད་ནས། །ཤེལ་ཅན་ཙ་ར་ལ་སོགས་པ། །བསྒྲལ་བའང་སྟན་འགན་སྤྲུགས་བྱས་ཏེ། །བུད་མེད་བུད་མེད་ཐམས་ཅད་ཀུན། །བསྐྱེད་པར་བྱེད་པའི་རྟེན་ཡིན་ཏེ། །འབྲས་བུ་སྨིན་པའི་ཞིང་ཡང་ཡིན། །སྒྲལ་ཞིང་གདོན་པའི་གནས་ཡིན་ཏེ། །ཤེས་རབ་གོ་བའི་ཡུམ་ཡིན་ནོ། །འདི་ལ་སེམས་གསུམ་གནས་པ་སྟེ། །ཡེ་ནས་དག་པ་ཆོས་ཉིད་སེམས། །མཁའ་དག་སྦྱོར་བ་བྱང་ཆུབ་སེམས། །སྙིང་རྗེས་སྒྲལ་བ་གསུམ་སྦྱར་ཏེ། །ཆོས་ཉིད་གསང་བ་ཉི་ཤར་ཁྱབ། །སྙིང་རྗེས་སྒྲོལ་བ་གསུམ་གྱིས་སྦྱོར། །སྙིང་རྗེས་སྒྲལ་བའི་རྣམ་གསུམ་སྟེ། །ཏིང་འཛིན་ཆོས་ཉིད་ངང་དུ་སྦྱར། །བྱིན་རླབས་དུར་ཁྲོད་ཆེན་པོ་སྒྲོལ། །ཡེ་ཤེས་ཆེན་པོ་མཁའ་ལ་བསྒྲལ། །ཐོག་མར་སྒྲལ་བའི་ཐབས་མཆོག་ཀྱང་། །དགོངས་པ་གསལ་བཏབ་དྲང་བྱ་སྟེ། །ཁོག་སྲུངས་གཤེད་དང་དབྲལ་བྱ་སྟེ། །ཐུགས་རྗེས་རྒྱུ་དྲུག་བཀུག་བསྟིམ་བྱ། །གསང་བ་མཆོག་གི་བདག་པོ་ཡིས། །རྒྱུད་སྦྱང་རྒྱུད་དྲུག་ལམ་སྒོ་གཅད། །རིག་པ་འཛིན་པའི་རྣལ་འབྱོར་ཀུན། །དཀྱིལ་འཁོར་ཆེན་པོར་གསལ་བཏོན་ཏེ། །ཕྱག་རྒྱ་དབང་དང་བཅས་པ་ཡིས། །འཁོར་བའི་རྒྱུད་རྣམས་སྦྱང་བར་བྱ། །སྒྲལ་བྱེད་དེ་ཡི་གནས་ལྔ་རུ། །རྒྱུད་དྲུག་ས་བོན་བསྐྱེད་ནས་ཀྱང་། །ཧཱུྃ་ལྔ་དག་གིས་གནས་པར་བྱ། །སྒྲལ་བྱེད་དེ་ཡི་སྤྱི་བོར་ནི། །ས་ཡི་ཡེ་ཤེས་ལས་བསྐྲུན་པ། །པདྨ་ཁ་བཞི་བྱེ་བ་ལ། །ལྟེ་བར་ལྷ་མི་ས་བོན་བཀོད། །ཤར་ལྷོ་ནུབ་དང་བྱང་དག་ཏུ། །ལྷ་མིན་དུད་འགྲོ་ཡི་དྭགས་དང་། །དམྱལ་བ་རྣམས་ཀྱི་ས་བོན་གདབ། །ཧཱུྃ་གི་ལམ་སྒོ་བཅད་པར་བྱ། །ལག་གཉིས་མཐེའུ་ཆུང་མཐེ་བོས་མནན། །སོར་མོ་གསུམ་སྦྱར་དཔྲལ་བར་བཟློག །ལྷ་དང་ལྷ་མིན་གནས་དག་ཏུ། །མི་གཏང་བཟློག་པའི་ཕྱག་རྒྱ་ཡིན། །ལག་གཉིས་བསྣོལ་ནས་མཆན་ཁུང་བསྡམ། །མི་ཡི་ཁམས་ནས་བཟློག་པའི་རྒྱ། །ཁུ་ཚུར་བཅིངས་ནས་འབྲུ་སྦྲེང་ནས། །གཡོན་གྱི་སྟེང་དུ་མནན་པའི་འདི། །བྱོལ་སོང་གནས་ནས་བཟློག་པའི་རྒྱ། །ཐལ་མོ་མཉམ་སྦྱར་གུང་རྩེ་སྤྲད། །གུང་མོའི་རྒྱབ་ཏུ་སྲིན་ལག་སྣོལ། །འགུལ་ནས་འཛུབ་མོས་འཁྱུད་པ་ནི། །ཡི་དང་ཁམས་ནས་བཟློག་པའི་རྒྱ། །གཡོན་ཐོག་གཡས་ཀྱི་རྒྱབ་སྦྱར་ཏེ། །སྲིན་ལག་གུང་འཛུབ་གཅིག་ནས་ནི། །འཁྱུད་པས་དམྱལ་བའི་སྒོ་གཅོད་རྒྱ། །ལག་གཡས་ཕྱག་རྒྱ་བཅས་ནས་ནི། །ངག་གི་རྡོ་རྗེ་བརྒྱ་བརྗོད་པ། །ཀྱི་མ་རཱུ་ཏྲ་ཀྲོ་ཏ་ཀྱི་ཧཱུྃ། ཧྲི་ས་མ་པ་ཙ་ཧཱུྃ། ཡང་ན་སྙིང་ལ་པད་འདབ་བཞིར། །དེ་བཞིན་རྒྱུད་དྲུག་ས་བོན་བཏབ། །རང་བཞིན་ཡེ་ནས་དེ་གཞོམ་བྱ། །ཁྱད་པར་འདུས་པའི་ཡི་གེ་ལྔ། །གནས་བསྐྱོད་སྤྲོས་པས་མཐའ་ཡས་བཀང་། །ཐམས་ཅད་སྟོངས་ཤིང་ཟད་བྱས་ནས། །འདུས་པར་ཡེ་ཤེས་ལྔ་རུ་གསལ། །དེ་ལས་ཕྱག་མཚན་ཡེ་ཤེས་ལྔ། །མི་གནས་ཡེ་ཤེས་ངང་དུ་ཐིམ། །དེ་ནས་མཁའ་ལ་སྒྲལ་བའང་། །བསྐང་བའི་ཆོ་ག་རྫོགས་བྱས་ནས། །རྡོ་རྗེ་སྲ་ཡི་ལས་བྱས་ལས། །སྒྲིབ་པོའི་ཕུང་པོ་སྨིན་པ་དེ། །རྡོ་རྗེ་རོལ་པའི་རྔམ་ཚེགས་ཀྱིས། །འཇོ་ཚུལ་སྟབས་ཀྱིས་སྦྱང་བར་བྱ། །ཁ་ཊྂ་ལ་སོགས་སྔགས་བཅས་པས། །བསྒྱེལ་ཏེ་མ་རིག་སྒོ་དབྱེ་བྱ། །རྣམ་ཤེས་ལྕགས་ཀྱི་སྒྲོམ་དྲངས་ལ། །རྡོ་རྗེ་རྒྱལ་པོའི་རླུང་སྒྲོམ་དུ། །བསྡུས་ཏེ་རྡོ་རྗེ་ལྕུགས་ཅན་ལ། །ཧཱུྃ་བྱས་བསྒྲོལ་མས་དེ་ལ་བརླབ། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ། །ཚོན་གང་འོད་དུ་ཐིམ་པར་བྱ། །ཡུ་ཏི་ཨ་ཧྂ་གྱིས་སྤར་ཏེ། །གསལ་བ་དེ་དང་མཉམ་དུ་གསལ། །རྡོ་རྗེ་ཚེ་ལ་བསླུན་པར་བྱ། །རྡོ་རྗེ་རླུང་གིས་ལྕུགས་སྤར་ཏེ། །ཐུགས་ལས་རླུང་སྒྲོམ་ལམ་དུ་སྤར། །ནམ་མཁའ་ཆོས་ཀྱི་གཞལ་ཡས་སུ། །ཉི་མའི་སྟེང་ན་ཧཱུྃ་དུ་གསལ། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །ཉི་ཟླའི་གའུ་བར་ན་གསལ། །ཨ་ཡང་ཕཊ་ཀྱིས་སྐྱོད་འཕངས་པའི། །རྡོ་རྗེ་སེམས་དཔའི་ཐུགས་ཁར་འཕྲོས། །ཡེ་ཤེས་སེམས་དཔའ་གསལ་བ་ལ། །དངོས་པོར་སྣང་དང་འཛིན་དང་བྲལ། །གཡོ་འགུལ་འཕྲིག་པ་མ་ཆད་པར། །རྡོ་རྗེ་མིང་གི་དབང་བསྐུར་ཏེ། །རིགས་ཀྱི་ལྷ་དང་སྙིང་པོར་སྦྱིན། །རྡོ་རྗེ་གདུང་བའི་གླུ་བླངས་ཏེ། །མན་ངག་གནས་ཀྱི་སྨོན་ལམ་གདབ། །གསུམ་པ་དུར་ཁྲོད་སྒྲལ་བའི་ཕྱིར། །བཞི་ཚལ་དག་ཏུ་བྱས་ནས་ནི། །སྨན་གྱིས་བཏབ་སྟེ་ཕུང་པོར་རྩལ། །འཁོར་བའི་ཕུང་པོ་དེ་བསྡུས་ནས། །རྡོ་རྗེ་སྟབས་དང་གྲུ་ཡིས་སྦྱངས། །ཕྲིན་ལས་རྣམ་བཞི་འཚམ་པར་སྦྱར། །ཕུང་པོ་མཆོད་པའི་རྫས་སུ་བསྟིམ། །དེས་ནི་མཉེས་དང་སྐོངས་བ་དང་། །རྡོ་རྗེ་ལས་རྣམས་གྲུབ་པ་ཡིན། །རྒྱལ་བ་བསྐུལ་བའི་ས་ལ་བཞེངས། །རྣལ་འབྱོར་གསོ་བའི་ཆོ་ག་བྱེད། །ལྔ་དང་གཅིག་ཏུ་བྱ་བའི་ཕྱིར། །བཟླས་བརྗོད་དྲངས་དང་བསྙེན་པ་དང་། །སྦྱོར་བས་དོན་ལ་ཉེ་བར་འགྱུར། །རིན་ཆེན་འབར་བའི་ལིང་ག་ལ། །སངས་རྒྱས་ཡེ་ཤེས་དཔལ་གྱི་སྐུ། །རིན་ཆེན་འབར་བའི་ངོས་བརྒྱད་ལ། །རིག་པའི་མ་མོ་དཔལ་འབར་མ། །བརྒྱད་དུ་གསལ་བར་གྱུར་པ་དང་། །ཡེ་ཤེས་རྩ་བའི་དཀྱིལ་འཁོར་རྫོགས། །པདྨ་འབར་བའི་ལིང་ག་ལ། །རིན་ཆེན་འབར་བའི་ཡིག་འབྲུ་བརྒྱད། །ཤིན་ཏུ་འབར་ཞིང་འཕྲོ་འདུ་བ། །གསུང་གི་རྩ་བའི་ཕྱག་རྒྱ་ཡིན། །རྡོ་རྗེ་འབར་བའི་ལིང་ག་ལ། །ཡི་གེ་ཧཱུྃ་གི་འབྲུ་ཡིས་བསྐོར། །མཐའ་མ་རིན་ཆེན་ཡིག་འབྲུ་བརྒྱད། །ཁ་དོག་མཐིང་ཀས་བསྐོར་བ་ནི། །ཐུགས་ཀྱི་གསང་བའི་ཡེ་ཤེས་ཡིན། །དཔལ་བེའུ་ཐུགས་ཀྱི་སྒོ་ཕྱེ་བས། །རུ་ལུའི་འོད་ཟེར་ཡིག་འབྲུ་ཤར། །མཐིང་ནག་སེར་ནག་དམར་ནག་ལྗང་། །སྨུག་ནག་འབར་བའི་ཡིག་འབྲུ་རྣམས། །ཡི་གེ་རིགས་ཀྱིས་ཕྲེང་བ་དྲང་། །གླུ་ཡི་རྒྱལ་པོ་འདི་དྲུག་གིས། །དོན་དྲུག་ཡོངས་སུ་རྫོགས་པར་འགྱུར། །ཤབྟ་པ་ཡིས་གླུ་བླངས་པས། །གནོད་བྱེད་ཐམས་ཅད་རྡུལ་དུ་བརླག །ཅང་ཀ་ཏེ་ཡི་གླུ་བླངས་པས། །འབར་བའི་དཀྱིལ་འཁོར་མེ་ལྟར་མཆེད། །པྂ་ཀ་ཏེ་ཡི་གླུ་བླངས་པས། །དྲག་པོ་གཏུམ་པོ་ལྷན་ནེར་འགྱུར། །བྲེང་ང་པ་ཡིས་གླུ་བླངས་པས། །སྤྲུལ་པའི་ཆོ་འཕྲུལ་ཐམས་ཅད་འགྱེད། །དུང་ང་པ་ཡིས་གླུ་བླངས་པས། །སྲིད་པའི་བུ་མོ་དབང་དུ་བསྡུད། །བདག་ཉིད་དཔལ་ཆེན་འབར་བའི་ཐུགས། །ཙིཏྟ་དཔལ་བེའུ་ཟུར་བརྒྱད་དམ། །རིན་ཆེན་ཡི་གེ་བརྒྱད་དུ་གསལ། །དཔལ་ཆེན་རིན་ཆེན་འབར་བའི་ཐུགས། །དཔལ་བེའུ་སྨུག་པོ་ཟུར་བརྒྱད་ལས། །གསེར་གྱི་ཉི་མ་དགུ་ཤར་བར། །འོད་ཟེར་རུ་ལུའི་ཡིག་འབྲུ་བརྒྱད། །རྡོ་རྗེ་འབར་བའི་རླུང་སྒྲོམ་དུ། །ཤིན་ཏུ་འབར་འཕྲོ་འཁྲུག་བྱས་ཏེ། །སྤྲོས་ནས་རྣལ་འབྱོར་དབང་ཕྱུག་གིས། །ན་པ་གཡས་སུ་དྲང་བར་བྱ། །གོ་རོ་ཙ་ནའི་གཞལ་ཡས་སུ། །སེན་ཟླུམ་ཙམ་གྱི་རྒྱ་ཁྱོན་ལ། །གསེར་གྱི་ཉི་མ་གའུ་དགུ། །ཤར་བའི་དཀྱིལ་ན་ཡིག་འབྲུ་བརྒྱད། །གསལ་བ་འོད་ཀྱི་གཞལ་ཡས་ཁང་། །དངོས་པོའི་བག་ཆགས་ཀུན་སྲེགས་ཏེ། །སེམས་ནི་གསེར་ཆུ་ཞུན་མ་བཞིན། །ལྟེམ་ལ་འཚེར་ཞིང་འོད་འབར་ལ། །རྩལ་ལས་གྱུར་པའི་ཟླ་དཀྱིལ་ན། །ཉི་མའི་སྟེང་ན་དཔལ་བེའུ་འབར། །དེ་ལ་རུ་ལུ་འཕྲོ་ཞིང་འདུ། །དཔལ་བེའུ་ཙིཏྟའི་དཀྱིལ་འཁོར་འདིར། །ཡིག་འབྲུ་འབར་བའི་གའུར་གསལ། །པདྨོ་འབར་བའི་གའུ་འདི། །ཡི་གེའི་འཕྲེང་བས་འཁྱིལ་པར་གནས། །དཔེར་ན་མེ་ཏོག་འབར་བ་ལས། །བཅུད་ལེན་བུང་བས་བཅུད་བླངས་ཏེ། །རྩི་ཡི་བུམ་པར་སོགས་པར་ལྟར། །དཔལ་བེའུ་ཐུགས་ཀྱི་དཀྱིལ་འཁོར་ནས། །རིན་ཆེན་འོད་ཀྱི་མེ་འོད་འབར། །རུ་ལུ་ཡིག་འབྲུ་བཅུད་ཀྱིས་བརྒྱས། །རྣལ་འབྱོར་སེམས་ལས་བྱས་པ་ཡི། །བཅུད་འབྱིན་བུང་བ་མང་པོ་འཕྲོ། །ཕར་ལྡིངས་ཡིག་འབྲུའི་བཅུད་ཕྱུང་ནས། །ཚུར་ལྡིངས་སེམས་ཀྱི་གའུར་ཐིམ། །དང་པོ་ཤེལ་གྱི་ཁ་དོག་ལས། །ཤིན་ཏུ་གསལ་ཞིང་འཚེར་འབར་བ། །གནས་དགུ་དག་ཏུ་ཟླ་བ་ཡི། །ཐིག་ལེ་དཀྱིལ་གྱི་དཔལ་བེའུ་ལས། །འབྲུ་བཀོད་གསལ་བར་གྱུར་པ་དང་། །ཤེལ་གྱི་བུང་བ་མང་པོ་དག །ཁྱུང་ཆེན་ལྡིངས་པའི་བོངས་ཚོད་ལ། །ཕར་ལྡིངས་བཅུད་ཕྱུང་བབ་པས་ནི། །ཡིག་འབྲུ་ཡེ་ཤེས་མེ་འབར་བས། །བག་ཆགས་བུད་ཤིང་ཕུང་པོ་བསྲེགས། །ཕར་འཕྲོས་ཐུགས་རྗེའི་ངང་ལ་བསྐུལ། །ཇི་ལྟར་ཉི་ཟེར་ཚ་ཚ་ལྟར། །རྒྱུན་མི་འཆད་པར་རྩེ་གཅིག་འབར། །བར་དུ་བྱི་རུའི་ཁ་དོག་ལ། །གོང་མ་བཞིན་དུ་བཀོད་གསལ་བ། །བྱི་རུའི་བུང་བ་མང་པོ་དག །གོང་མ་བཞིན་དུ་འཕུར་ལྡིངས་པས། །བཅུད་ཕྱུང་བསྟིམ་ཞིང་སླར་ཡང་འཕྲོ། །ཇི་ལྟར་འགལ་མེའི་འཁོར་ལོའི་ཚུལ། །དཔལ་བེའུ་སྨུག་པོ་ཀློང་དུ་བསྟིམ། །ཀུན་གྱི་ཐ་མར་བསྡུ་བ་ནི། །བཀོད་པ་གོང་མ་ཐམས་ཅད་ཀུན། །མཐིང་ནག་འབར་བར་བསྒྱུར་ནས་ནི། །ཁྱུང་ཆེན་གཟན་ལ་འཛུམས་ཚོད་ཙམ། །ཧཱུྃ་སྒྲ་འབྱིན་ཅིང་ཕན་ཚུན་ལྡིངས། །རུ་ལུ་བཅུད་འབྱིན་དངོས་གྲུབ་ཐོབ། །དྲན་པའི་དཀྱིལ་ནས་ཛ་བྱུང་སྟེ། །ལྕགས་ཀྱུ་འབར་བ་གའུར་བཅས། །དཔལ་བེའུ་དཀྱིལ་ན་སྤུངས་པ་ཡི། །རུ་ལུ་རིན་ཆེན་ཕུང་པོ་དག །བསྡུས་ཞིང་དྲངས་ཏེ་གནས་སུ་སྟིམ། །བབ་པའི་ཤུགས་སམ་བྱིན་རླབས་ནི། །མཚོ་ལ་གསེར་ཆེན་འདྲིལ་ལྟར་རོ། །འདི་ལྟར་ཡི་གེ་སྦྱར་བའི་ཚེ། །རྣལ་འབྱོར་ཉག་ཅིག་མ་ཡིན་གྱི། །ལྷ་མཆོག་དབྱིངས་ནས་བཞུགས་པ་ཡང་། །ཆོས་ཉིད་ངང་དུ་མི་དམིགས་ཀྱང་། །རྣལ་འབྱོར་མཆོག་གིས་བསྐུལ་བའི་ཚེ། །ཐུགས་རྗེ་ཆགས་པའི་མདངས་ཕྱུང་ནས། །སྲོག་རྩོལ་དྲན་རིག་གསུང་གསུང་ལྟར། །འགུར་ཆུ་ཡན་ལག་འགུལ་འགུལ་ལྟ། །རྡོ་རྗེ་ཡིག་འབྲུ་འབར་འབར་ལྟར། །གུག་སྐྱེད་ཀླད་ཀོར་ཚེག་དབར་ཕྱིན། །ར་རི་ཁལ་ཁོལ་བསྒྲིབ་མེད་པ། །ཡེ་ཤེས་དོན་ལ་མཁྱེན་གསལ་རིག །ཀླུ་ཡི་ཡོན་ཏན་བསམ་མི་ཁྱབ། །སྔོན་ཀྱང་རྒྱལ་བ་གླུ་ཡིས་འགྲུབ། །རིག་འཛིན་རྡོ་རྗེ་གླུ་ཡིས་འདྲེན། །རྣལ་འབྱོར་དབང་ཕྱུག་གླུ་ཡིས་འགྲུབ། །བསྟན་པ་རྒྱ་མཚོ་གླུ་ཡིས་སྤེལ། །སྲིད་པའི་བུ་མོ་གླུ་ཡིས་སྟོན། །བདུད་དང་སྲིན་པོ་གླུ་ཡིས་འདུལ། །དངོས་གྲུབ་རྒྱ་མཚོ་གླུ་ཡིས་འབེབས། །ཆོས་ཉིད་དབྱིངས་ཀྱི་ཀློང་དཀྱིལ་ནས། །དཔལ་བེའུ་ཉི་མ་དགུ་ཤར་བ། །རྣམ་ཐར་སྒོ་བཞིར་རབ་གསལ་ཡང་། །མ་རིག་མུན་ནག་འཐིབས་པ་ཡིས། །བསྒྲིབས་པས་རིག་པའི་སྒོ་མ་ཕྱེ། །འཁོར་བའི་མུན་ནག་ཀློང་རུམ་ནས། །བྱང་ཆུབ་སེམས་ཀྱི་ཟླ་ཤར་བས། །མུན་གསལ་རྣམ་ཐར་སྒོ་བཞིར་སྣང་། །རིན་ཆེན་འབར་བའི་ཉི་མ་རྣམས། །དཔལ་ཆེན་ཐུགས་ལས་ཉི་ཤར་བས། །བག་ཆགས་སྤྲིན་མཐོང་ཕྱེ་བར་དུ། །རྣལ་འབྱོར་ཐུགས་ཁར་གཟེར་བཏབ་པས། །མུན་གསལ་རིག་པའི་སྒོ་ཕྱེ་སྟེ། །རྣལ་འབྱོར་དོན་ལ་འཇུག་པར་བྱ། །རིག་པ་ཐུགས་ཀྱི་དཀྱིལ་འཁོར་ནས། །རུ་ལུའི་འོད་ཟེར་སྒོ་ཕྱེ་བས། །སྤྲོས་པས་ཆོ་འཕྲུལ་སྣ་ཚོགས་འབྱུང་། །སྲིད་པ་གསུམ་གྱི་བྱོ་བཟློག་བྱེད། །འཁོར་བ་རྒྱ་མཚོའི་གཏིང་ནས་སྐྱེམས། །ཉོན་མོངས་རྒྱུད་དྲུག་གནས་ནས་སྒྲོལ། །དུག་གསུམ་རྩ་བ་བརྩད་ནས་གཅོད། །བདུད་དང་སྲིན་པོ་གདུག་པ་འདུལ། །བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབས། །ཡི་གེ་འབྲུ་དགུའི་རང་བཞིན་ལ། །ཕྱག་རྒྱའི་དཀྱིལ་འཁོར་ཐམས་ཅད་རྫོགས། །དེ་བཞིན་འཁོར་ལོ་མུ་ཁྱུད་བཅས། །ཁྱམས་དང་སྒོ་ཁྱུད་གསལ་བའོ། །སྲིད་པ་ཡོད་མཐོང་སྣང་གྲགས་ཀྱང་། །ཐམས་ཅད་སྔགས་ཀྱི་ཚིག་ཏུ་རྫོགས། །ཡི་གེ་བརྒྱ་པ་ཀུན་དང་འབྲེལ། །འཁོར་ལོའི་ས་ལ་ཉེ་བ་ཡི། །ཡི་གེ་དམིགས་པ་ཐམས་ཅད་འགྲུབ། །ཆགས་མེད་ལྷུན་གྲུབ་དོན་པོ་ཆེ། །རྣམ་བཞི་ལས་ཀྱི་ཁྱད་པར་ཡང་། །བྱ་བ་མེད་པར་དོན་དུ་འགྱུར། །ཡིག་འབྲུ་འབར་བའི་ཆོ་འཕྲུལ་ལས། །དམ་པའི་ངོ་མཚར་སྣ་ཚོགས་འབྱུང་། །དེ་བཞིན་སྲིད་པའི་བུད་ཤིང་སྲེགས། །གཏི་མུག་མུན་སེལ་ཡེ་ཤེས་འབར། །རིག་པའི་ཉི་མ་གསལ་བར་འབེབས། །དེ་ཀུན་ཡི་གེས་རྣམ་སྤྲུལ་པས། །རང་བཞིན་དངོས་མེད་ཆོས་ཀྱི་དབྱིངས། །དངོས་གྲུབ་ཡུམ་གྱི་མཁའ་ལ་དབབ། །ཡི་གེ་གསང་བའི་འཕྲོ་འདུ་ནི། །མཁའ་ནས་མཁའ་དང་ཞལ་ནས་ཞལ། །འགལ་མེ་འཁོར་ཞིང་འཕྲོ་ཞིང་འདུ། །ཡབ་ཡུམ་སྦྱོར་བའི་ལྷག་སེམས་དག །མ་ཕེབས་བར་དུ་དེ་བཞིན་བྱ། །འདི་ལྟར་སྦྱོར་བའི་དུས་དག་ཏུ། །བྱིན་རླབས་ཕན་སེམས་གཡོ་བ་ཡི། །རྟགས་སམ་དྲོད་དམ་མཚན་མ་ནི། །ལུས་ཀྱི་དྲོད་དང་རྨི་ལམ་དང་། །སེམས་ཀྱི་རྟགས་སུ་གསལ་བ་དང་། །དབུགས་དག་ལ་ཡང་ངེས་པ་འབྱུང ། །ཤིང་བལ་ལྟ་བུར་ཡང་བ་དང་། །མི་བདེའི་གནོད་དང་བྲལ་བ་ཡིན། །རིག་པ་ཏིང་འཛིན་གསལ་བ་དང་། །རྨི་ལམ་དུ་འང་མྱོང་བར་འགྱུར། །དང་ཞིང་དགའ་བ་མགུ་བ་སྐྱེ། ། གདུང་བའི་བྱང་ཆུབ་སེམས་སྐྱེད་ཞིང་། །ངོ་མཚར་སྐྱེས་པ་དེ་བཞིན་ནོ། །འགྱུ་བའི་དབུགས་ལ་དབང་ཐོབ་སྟེ། །དགག་དང་འབྱུང་བ་ཇི་ལྟ་བའོ། །སྙེན་པར་དབང་ཐོབ་དེ་བཞིན་བརྩམ། །ཟིན་ནས་བསྟོད་དེ་དངོས་གྲུབ་བསྟིམ། །ཨེ་མ་ཧོ་ཆོས་ཀུན་སྐུ་ལ་ཡེ་ནས་རྫོགས་པས་ཆོས་ཀྱི་སྐུ། རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ །ཆོས་ཉིད་སྐུ་ལ་སྐར་ཚོགས་རྒྱས་པའི་སྐུ། །དབྱར་གྱི་ཆར་སྤྲིན་གཏིབས་པ་ལྟ་བུའི་གཟུགས། །ཆུ་རླབས་ལྟ་བུར་བརྗིད་པའི་ཞལ་གདངས་ཤིང་། །ཉི་མ་འབུམ་གྱི་འོད་ཟེར་བདལ་བ་བཞིན། །ཐེག་ཆེན་དགུ་དང་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་བཀོད་ནས་རྫོགས་པའི་སྐུ། །སྐུ་གསུམ་ལྷུན་གྲུབ་ཆོས་སྐུ་ཏོག་སྟོང་འབར། །དབུ་སྐྲ་ཁམ་ནག་རལ་བའི་ཅོད་པན་ཅན། །ཀླུ་རྒྱལ་འབུམ་གྱིས་ཀླུབས་ཤིང་མཆོད་པ་འབུལ། །རྡོ་རྗེ་གསུང་གི་ལྗགས་སྒྲ་གདབས་པས་ཀྱང་། །ཧཱུྃ་དང་ཕཊ་ཀྱི་སྒྲ་སྐད་འཇིགས་པར་སྒྲོགས། །ཐེག་ཆེན་དོན་དམ་གསང་སྔགས་སྒྲོགས་པའི་ཚིག །འབར་བའི་སྨིན་མ་མུན་རུམ་གློག་ལྟར་འགྱུ། །སྤྱན་དམར་ཟློག་པའི་སྡང་མིག་ཉི་ལྟར་འབར། །འབར་བའི་ཤངས་ནས་སྐལ་པའི་འཚུབ་ནག་འཁྱིལ། །རྡོ་རྗེ་ཐོག་དང་གནམ་ལྕགས་སེར་ཆེན་འབེབས། །རྣོ་དཔལ་མཆེ་བ་ཟང་ཡག་གཙིགས་པ་ཡིས། །ཉོན་མོངས་ལོག་ལྟའི་ཚོགས་ལ་རྔམ་ཞིང་འཁྲུག །ཐོད་རུས་ཤ་ཁྲག་རྐང་རུས་འབུ་དང་རྣག །ཟ་བྱེད་རྔམ་པའི་ཞལ་དུ་ཆེམ་ཆེམ་གསོལ། །སྦྲུལ་གདུག་ཀོ་རློན་ལ་སོགས་འཇིགས་པའི་རྒྱན། །རྔམ་པའི་སྐུ་ལ་ཤིན་ཏུ་བརྗིད་པར་བགྱི། །ཟ་བྱེད་རྔམ་དང་འཇིགས་བྱེད་མང་པོའི་ཚོགས། །འབར་བའི་ཕྱག་མཚན་སྤྲུལ་པའི་ཕོ་ཉའི་ཚོགས། །འཁོར་བ་ཀུན་དང་ཐར་པའི་ཆོས་རྣམས་ནི། །དཔའ་བོ་ཆེན་པོ་གདན་དུ་བརྗིད་ཅིང་རོལ། །འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །དེ་ལྟར་ལས་རྣམས་རྫོགས་བྱས་ནས། །རྨད་དུ་བྱུང་བའི་གཏོར་མ་དག །ཆ་གསུམ་དང་པོ་སྦྱིན་སྲེག་བྱ། །བར་པ་མི་ཟད་གཏེར་དུ་སྦ། །བྱང་ཆུབ་སེམས་ཀྱི་ཆུ་འོ་དང་། །ཆོས་ཉིད་ནམ་མཁའི་དབྱིངས་ཆེན་དང་། །བ་ག་གསུམ་གྱི་ས་གཞི་ལ། །ཤིན་ཏུ་སྦ་བའི་ཚུལ་དུ་བྱ། །ཆ་གཅིག་གཞལ་བྱས་ཤར་སྒོ་ནས། །བཅུ་གསུམ་བཅལ་བར་སྟེགས་བུ་བྱ། །དེ་ནི་གནས་བདུན་གཙོ་རྣམས་ཀྱང་། །དེ་བཞིན་བཅུ་གསུམ་ལན་རེ་ལ། །གནས་ཀྱི་འདྲོན་ནི་མ་སྲིང་རྣམས། །ལས་ལས་གྲུབ་པ་ཀུན་བཀུག་སྟེ། །བདུན་ཅུའི་བར་དུ་ཀུན་རྫོགས་བྱ། །ཐ་མར་མཎྜལ་ཟླ་གམ་ལ། །ནུས་ན་ལྷ་མོ་ནམ་མཁའི་ཧོམ། རྫོགས་བྱ་མ་ལུས་དེ་མགུ་བྱ། །ལྷག་མར་གྱུར་པ་ཀུན་རྫོགས་བྱ། །དཀྱིལ་འཁོར་ཐུགས་ལ་བསྡུས་བྱས་ཤིང་། །རྟོག་པ་བྲལ་བའི་དབྱིངས་སུ་གསལ། །ཆད་དང་བྲལ་བའི་སྐུ་བསྐྱེད་དེ། །བར་ཆད་བགེགས་ལས་རྒྱལ་བའི་ཕྱིར། །གོ་བགོ་ལུས་སྲུང་བརྟན་པར་བྱ། །དེ་ནས་བཀྲ་ཤིས་ཚུལ་བཞིན་བརྩམ། །འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་བཞིར། །ཕྱག་རྒྱ་བཞི་ལས་ཉམས་པ་མེད། །ཡུལ་དྲུག་དབང་པོ་རྣམ་ཤེས་ཀུན། །ལྷ་ཉིད་མཉམ་སྦྱོར་མཐོང་ཐོས་མེད། །གང་འགྲོ་ཚེ་ན་གོམས་པ་གདན། །གཙོ་བོ་ཞབས་བརྒྱད་བཞུགས་པར་བསམ། །དེ་བཞིན་འདུག་ཚེ་བརྗིད་པར་བཞུགས། །དེ་དག་སྤྲུལ་པས་གདུག་པ་སྒྲོལ། །ལོངས་སྤྱོད་བཟའ་བཏུང་ཞལ་ཧོམ་དུ། །ལྷ་ལ་ལྷ་འམ་དགྲ་བགེགས་སྟིམ། །རྡོ་རྗེ་སྤར་ཤད་བླངས་བྱས་ཏེ། །རྡོ་རྗེ་མཆེ་བས་བཙེམས་ནས་ནི། །ལྗགས་ཀྱི་མེས་སྦྱངས་ཧཱུྃ་གྱུར་པ། །བསྒྲོལ་བས་ཚོན་གང་ཐུང་ལ་བརླན། །ལངས་ཚེ་དོན་ལས་བཞེངས་པ་ཡི། །རལ་པ་མེ་སྟག་འཕྲོས་པ་ཡིས། །སྲིད་རྩེར་གནས་པ་ཀུན་བསྒྲལ་བྱ། །ཤེས་རབ་མཆོག་གི་འདི་སྒོམ་མོ། །སྟོང་གསུམ་བྷན་དྷ་བཟང་ཁོང་དུ། །སྲིད་གསུམ་སེམས་ཅན་དུག་ཆེན་ལས། །དུག་གསུམ་སངས་རྒྱས་རྩིར་སྦྱར་བས། །བདུད་རྩི་དཀྱིལ་འཁོར་ལྷུན་གྱིས་རྫོགས། །འཁོར་བ་ཆོས་ཀྱི་དབྱིངས་ཉིད་ལས། །སེམས་ཅན་སངས་རྒྱས་སྙིང་པོ་ཤར། །སྒྲ་སྐད་བསམ་གྱིས་མི་ཁྱབ་པ། །ཐམས་ཅད་བཟླས་བརྗོད་སྔགས་ཀྱི་ཚིག །དྲི་ཟ་གནས་པའི་རང་བཞིན་ནི། །མཁའ་འམ་སྟོང་པའི་ངོས་དག་ལ། །དྲི་ཟའི་གཟུགས་ནི་གར་བྱུང་ཡང་། །གྲོང་ཁྱེར་དེ་ཡང་དེ་ནས་བྱུང་། །བྱུང་ནས་དེ་ལྟར་མི་རྟག་ལྟར། །གསང་སྔགས་གྲུབ་པའི་གནས་དག་ཀྱང་། །ཆོས་སམ་ཡིད་ཀྱི་མཁའ་ངོས་ལ། །རྣལ་འབྱོར་གསང་བདག་གར་སྐྱེད་པར། །དེ་ཉིད་གནས་པའི་གཞལ་ཡས་ཁང་། །བྱུང་ཡང་དེ་ལ་གནས་མི་འགྱུར། །ཇི་ལྟར་ཆུ་ཡི་ཟླ་བ་ནི། །སྒྲིབ་མི་མཁའ་ལ་ཉི་ཤར་བ། །གཟུགས་བརྙན་དང་པའི་ཆུ་ནང་སྣང་། །སྣང་ཡང་གཟུང་བའི་རྟོག་པ་མེད། །དེ་བཞིན་གཟུགས་སྣང་ཕྱག་རྒྱ་ཡང་། །སེམས་ཀྱི་མཁའ་ལ་བསྐུར་གསལ་བ། །ཕྱག་རྒྱ་རིག་འཛིན་ངོ་ལ་སྣང་། །དེ་ལྟར་སྣང་ཡང་འཛིན་རྟོག་བྲལ། །ཇི་ལྟར་ཆར་གྱི་བརྒྱུན་བཞིན་དུ། །ཆུ་ལས་ཆུ་བུར་རྣམ་པར་བྱུང་། །དེ་ཡང་གཅིག་གི་རྣམ་པ་ལས། །མང་པོའི་རྣམ་གྲངས་དུ་མ་འབྱུང་། །བསྡུད་ཅིང་ཕྱིར་ཡང་དུམ་བུར་འཆད། །དེ་བཞིན་རྣལ་འབྱོར་བསྒྲུབ་པ་ཡི། །ཏིང་འཛིན་རྣམ་པ་མང་པོར་འདོད། །བྲག་ཆ་དྲག་པའི་མཚན་ཉིད་ནི། །དཔེར་ན་ངོས་ལ་སྒྲས་བརྐྱེན་པས། །ཇི་བཞིན་སྒྲ་ལྟར་བྲག་ཆ་འབྱུང་། །བྱུང་ཡང་སྒྲ་ཐོས་དམིགས་པ་མེད། །དེ་བཞིན་སྔགས་ཚིག་བཟླས་པའི་སྒྲ། །དཔེར་ན་མེད་པ་ཡོད་བརྟགས་པའི། །མཚན་མ་མ་བསྟེན་སྟོང་པའི་སྒྲ། །བརྗོད་པ་ཙམ་དུ་བསྟན་པར་ཟད། །ཇི་ལྟར་སྒྱུ་མའི་མཚན་ཉིད་ནི། །སྐྱེས་བུ་དག་གི་བརྩོལ་བ་ལས། །སྨན་དང་སྔགས་ཀྱི་སྦྱོར་བ་ལས། །དབང་པོ་ཡིད་འཕྲོག་ཅིར་སྣང་ཡང་། །དེ་ལ་འགྲོ་འོང་ག་ལ་ཡོད། །དེ་ལྟར་བསྒྲུབ་པའི་མཚན་ཉིད་ཀྱང་། །ཡིག་འབྲུ་རྫས་ཀྱི་སྦྱོར་བ་ལས། །གྲུབ་པར་སྣང་ཡང་རང་བཞིན་མེད། །ཇི་ལྟར་འགལ་མེའི་རང་བཞིན་ནི། །གང་དག་ལག་ན་འགལ་མེ་ཐོགས། །སྐོར་ན་འཁོར་ལོའི་རྒྱུན་ལྟར་སྣང་། །དེ་ལ་འཁོར་ལོའི་རང་བཞིན་མེད། །དེ་བཞིན་སྔགས་ཀྱི་ཆོ་འཕྲུལ་ཡང་། །མི་མཉམ་མཉམ་པའི་རང་བཞིན་ལས། །ཇི་ལྟར་དམིགས་པ་བཞིན་འབྱུང་སྟེ། །ཆོ་འཕྲུལ་སྣ་ཚོགས་རྒྱུན་མི་འཆད། །འཁྲུལ་བ་སྣང་བའི་རང་བཞིན་ནི། །སྤྲོས་བྲལ་དངོས་པོ་སྟོང་པ་ལས། །སྲོག་དང་གཤེད་ཅན་བྱེད་པ་པོ། །སེམས་ཅན་པ་ལ་སོགས་པར་སྣང་། །མིག་ནད་ངོ་ལ་རྫས་སྣང་ལྟར། །འཁྲུལ་པ་ཁོ་ནར་སྣང་བར་ཟད། །དེ་བཞིན་སྔགས་ཀྱི་ལྟ་བ་ཡང་། །ཆོ་འཕྲུལ་མང་པོ་ཅིར་འབྱུང་བ། །སྣང་བ་མེད་པའི་རང་བཞིན་ལ། །འཁྲུལ་པ་སྣ་ཚོགས་སྣང་བར་ཟད། །རྣལ་འབྱོར་ཅན་གྱིས་དེ་ལྟར་ལྟ། །དཔེར་ན་རྨི་ལམ་རང བཞིན་ནི། །སྐྱེས་བུ་གཉིད་ཀྱི་དབང་གྱུར་པ། །ཐང་ཅིག་སྐད་ཅིག་ཡུད་ཙམ་དང་། །ལོ་ལ་སོགས་པ་དེ་ཉིད་དུ། །བདེ་དང་སྡུག་བསྔལ་དེ་བཞིན་མྱོང་། །སངས་ན་ཅི་ཡང་མི་དམིགས་ལྟར། །དེ་བཞིན་སྔགས་ཀྱི་སྤྱོད་པ་དག །སྟོང་པ་ཉིད་ཀྱི་རང་བཞིན་པས། །སྤྱོད་པའི་རྣམ་པ་ཅིར་ཡང་སྣང་། །བརྟགས་ན་དམིགས་པ་ཀུན་དང་བྲལ། །གང་གིས་ཨ་ཧཱུྃ་ལ་སོགས་པའི། །རྒྱུ་ཡི་ཡི་གེ་ཐམས་ཅད་ཀུན། །མཚན་མ་ཉིད་དུ་དེ་བརྟགས་ན། །ཙནྡ་སྦྲུལ་གདུག་ལ་སོགས་པར། །ལྟུང་འགྱུར་རྟོག་པའི་གགས་ཆེན་ཡིན། །ཏིང་འཛིན་རྟོག་པ་ཐམས་ཅད་ཀུན། །མཚན་མ་ཉིད་དུ་བརྟགས་འགྱུར་ན། །ཅི་ལའང་རྟོག་ཅིང་ཆགས་པ་ཡི། །འཛིན་པའི་ཕུར་པ་ཆེན་པོར་འགྱུར། །བདེ་གཤེགས་རྒྱལ་བ་བསྒོམ་བཟློས་པ། །ཆོ་འཕྲུལ་ཁྲོ་ཚུལ་སྟོན་པ་ལྟར། །མཚན་མ་ཉིད་དུ་དེར་ཁོ་ན། །ལས་ཀྱི་སྲིན་པོའི་རིག་འཛིན་ཡིན། །རྒྱན་དང་ཆ་ལུགས་ཐམས་ཅད་ཀུན། །མཚན་མ་ཉིད་དུ་བརྟགས་གྱུར་ན། །བྲམ་ཟེ་མི་སྡུག་ལུས་རིག་འཛིན། །ཆུ་སྲིན་ཉའི་ཡན་ལག་འབྱུང་། །བདེར་གཤེགས་མཉེས་བྱའི་ལས་རྣམས་ལ། །ཡན་ལག་ཚིག་ཏུ་མ་དག་ན། །ཉེས་བྱས་ལས་ཀྱི་རྒྱུན་དཔེ་ནི། །གང་གི་དུས་རྣམས་ཐམས་ཅད་དུ། །དབང་པོ་ཡན་ལག་མ་ཚང་ཞིང་། །དྲན་པའི་སྙིང་པོ་ཉམས་པར་འགྱུར། །ཁྲག་ལ་སོགས་པའི་རྫས་ཆེན་ལྔ། །དེ་ཉིད་དངོས་པོ་དེར་བརྟགས་ན། །འབྱུང་པོ་ཁྲག་ནི་དྲི་སྣོམ་པའི། །ལུས་ལེན་རིགས་ནི་འཛིན་པ་ཡིན། །མ་བདུན་རྔམ་པའི་ཆ་ལུགས་སུ། །གང་ཞིག་རྟོག་པ་དེར་གོ་ན། །སྲིན་པོ་མི་སྡུག་ཤ་ཟ་མོར། །ལང་ཀའི་ཡུལ་དུ་དེ་དག་འཁོར། །མཚན་མི་བླ་ཐབས་མགོ་བརྙན་ཅན། །དེ་བརྩན་དེར་བཟུང་དམིགས་པས་ནི། །ཤོ་གམ་གནས་ཀྱི་གཅན་ཆེན་རིགས། །འཛིན་ཅིང་གནས་དེར་རྟག་པར་འགྱུར། །ལས་ཀྱི་དབང་བཙན་བྲན་མོའི་ཚོགས། །དེ་འདྲ་ཉིད་དུ་དེར་བརྟགས་ན། །གནོད་སྦྱིན་ཆེན་པོའི་ཚོགས་སུ་འགྱུར། །གཞན་གྱི་ཚེ་ལ་འཚེ་བ་ཡིན། །དེ་ནས་འདུད་པ་ཆེན་པོ་འདི། །ཁུར་དུ་བཤལ་བའི་གདོས་ཡིན་ཕྱིར། །ཐམས་ཅད་རང་རིག་སྣང་བའི་སྐུ། །སྣ་ཚོགས་སྣང་ལ་ངོ་བོ་མེད། །ཚིག་གིས་བརྗོད་པར་མི་ནུས་པའི། །རང་བཞིན་གསེར་ལྟར་རྟོགས་པར་བྱའོ། །དེ་ལྟར་གོམས་པའི་རྣལ་འབྱོར་པས། །དྲོད་ནི་གཡོ་ཐོབ་བསྟན་པ་དང་། །རྟགས་ནི་འབྱུང་དང་བརྟན་པ་དང་། །ཆོ་འཕྲུལ་བྱུང་དང་རྫོགས་པ་དང་། །རིག་པ་ཕྲ་མོ་ཐམས་ཅད་གསལ། །ཐ་མ་རང་བྱུང་ཉིད་ཀྱིས་རྫོགས། །དཔེར་ན་མུན་པ་སངས་བ་དང་། །སྣང་བ་འབྱུང་དང་ནམ་མཁའ་དང་། །ཀུན་ཏུ་མཐོང་དང་ཐམས་ཅད་གསལ། །དེ་ལྟར་ཤེས་པའི་མཐུ་ཡིས་ནི། །བག་ཆགས་མུན་པ་ཀུན་གསལ་ཏེ། །ཇི་ལྟར་རླུང་གིས་སྤྲིན་ཆགས་ལྟར། །སྐད་ཅིག་ཙམ་གྱི་ཏིང་འཛིན་གྱིས། །སྒྲིབ་པའི་ཕུང་པོ་ཕྱག་པར་འགྱུར། །ཇི་ལྟར་མར་མེ་མུན་བསལ་ན། །མུན་ཉིད་སྣང་བར་འགྱུར་བ་བཞིན། །སྐད་ཅིག་མ་ཡི་དོན་རིག་པས། །སྔོན་ནས་བསགས་པའི་མུན་པ་སེལ། །རྣལ་འབྱོར་དོན་ལ་སྦྱོར་བའི་ཚེ། །སྤྱོད་པ་ལས་ཀྱི་ཁྱད་པར་གྱིས། །ཁམས་དང་ས་ནི་གར་འགྲོ་བ། །མདོ་དོན་ཚུལ་ལྔས་ལུང་བསྟན་ཏོ། །འདིས་ནི་གདོན་མི་ཟ་བ་དང་། །མ་ངེས་སྙོམས་ཞུགས་ཐེ་ཚོམ་མེད། །རྣམ་སྨིན་ཕུང་པོ་མ་ནོར་བར། །རིག་འཛིན་ས་ལ་ཚེ་འདིས་འགྲོ། །དེ་ཚེ་ཡང་དག་མངོན་སངས་རྒྱས། །རྫོགས་པའི་སྤྱིར་ཆིབས་མཐར་ཐུག་འགྱུར། །ལས་འཕྲོ་ཡིད་ཆེས་བསྟན་པ་དང་། །རྨོངས་པ་གང་ཞིག་ཐེ་ཚོམ་སྐྱེ། །རྒྱུ་འབྲས་བཀའ་ལ་ཁྱད་མེད་བསྙམ། །འགོ་མ་རྣམ་སྨིན་གྲུབ་འདོད་པས། །དུས་ལ་རེ་ཤིག་སྦྱོང་བ་དང་། །འདིར་ན་དེ་ལྟར་བརྩོན་ལྡན་པ། །ལས་དང་དུས་ལ་རག་མ་ལུས། །དེ་ཕྱིར་བརྩོན་འགྲུས་མེ་ལ་འབོད། །ཇི་ལྟར་འཁོར་ལོ་ངག་མཆུ་ཡི། །ཚུལ་གྱིས་བརྒྱུད་ལས་འདི་བསྡུས་པ། །རྣལ་འབྱོར་ལྔ་དང་བཅུ་ཡིས་མུན་བསལ་ཡང་དག་ས་ནོན་ནས། བཀའ་ལས་འགལ་བྱེད་གསུམ་སོགས་རྩར་བཅད་སྟན་པའང་མི་ནུབ་ཅིང་། མཐའ་ཡས་འགྲོ་བ་ཐར་ཅིང་གཤོག་ཐག་ཡིན་པའང་བདེ་ཐོབ་ཤོག །ཐ་ཚིགས་ལྔ་ལ་མི་གནས་ཤིང་། །དགྲ་བཞི་དབང་དུ་གྱུར་པ་དག །སྒོ་དགུའི་ས་བོན་འདེབས་བྱེད་པའི། །གཡོ་ཅན་རྣམས་དང་མ་འཕྲད་ཅིག །ཁྲོ་བོའི་དཀྱིལ་འཁོར་བསྒྲུབ་པའི་ཐབས་ཀྱི་ལས་རྩར་ཕྲེང་རྫོགས་སོ། །རྒྱུ་བདེ་བར་གསལ་མཛད། ལུང་གི་ཞི་ཁྲོ་ལྷག་མ་དང་བཅས་པ་སྣང་།། །།
ཧཱུྃ་གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་སྐུ། །ཆོས་ཉིད་བྱང་ཆུབ་སེམས་སུ་དབྱེར་མེད་ཀྱང་། །སྲིད་པ་སྲོག་གིས་བསྡུས་པའི་འཇིག་རྟེན་པ། །ལོག་རྟོག་དངོས་པོར་གོལ་བའི་དབང་གིས་ན། །སྡུག་བསྔལ་བརྒྱད་ཁྲི་བཞི་སྟོང་རང་ལས་བྱུང་། །སྡུག་བསྔལ་བརྒྱད་དང་གསུམ་གྱིས་འགྲོ་བ་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱིས་མི་འདུལ་ཏེ། །གསང་སྔགས་གསང་ཆེན་ངེས་པའི་དུས་ལ་བབ། ན་མོ་ཧཱུྃ། ཧཱུྃ་སྲིད་གསུམ་ཕྱི་ནང་སྣོད་བཅུད་ཐམས་ཅད་ནས། །སྙིགས་མ་ལྔ་དང་སྐྱེ་འགྲོ་མ་ལུས་ཀུན། །ཐམས་ཅད་སངས་རྒྱས་ཉིད་ཀྱི་རང་བཞིན་པས། །ཐབས་ལ་མཁས་པས་འདི་ལྟར་བརྟགས་ཤིང་བསྒོམ། །ན་མོ་ཧཱུྃ། ཧཱུྃ་ཕྱོགས་མཚམས་སྟེང་འོག་དངོས་པོ་ཅིར་སྣང་ཡང་། །ཁྲོ་བཅུ་ཡབ་ཡུམ་སྒོམ་པའི་བྱིན་རླབས་ཀྱིས། །ཕྱོགས་བཅུར་གནས་པའི་བགེགས་རྣམས་ཀུན་བསལ་ནས། །དངོས་གྲུབ་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུྃ། ཧཱུྃ་སྒྲིབ་པ་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། །ཡིད་ཀྱིས་མངོན་དུ་བཤགས་པའི་བྱིན་རླབས་ཀྱིས། །སྒྲིབ་པ་ཡེ་ནས་དག་པའི་དོན་རྟོགས་ནས། །སེམས་ཉིད་རང་བཞིན་མེད་པའི་དོན་རྟོགས་ཤོག །ན་མོ་ཧཱུྃ། ཧཱུྃ་སྲིད་གསུམ་ཕྱི་ནང་སྣོད་བཅུད་ཐམས་ཅད་ནས། །སྙིགས་མ་ལྔ་དང་སྐྱེ་འགྲོ་ཐམས་ཅད་ཀུན། །ཐམས་ཅད་སངས་རྒྱས་ཉིད་ཀྱི་རང་བཞིན་པས། །ཐབས་ལ་མཁས་པས་འདི་ལྟར་བརྟགས་ཤིང་བསྒོམ། །ན་མོ་ཧཱུྃ། ཧཱུྃ་མཐུ་དང་བྲལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བདེ་གཤེགས་བྱིན་ཕབ་གསལ་བར་རྫོགས་པའི་མཐུས། །རྒྱལ་བའི་སྐུ་རུ་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་བྱིན་རླབས་མཐུ་ཉིད་ལྷུན་གྲུབ་ཤོག །ན་མོ་ཧཱུྃ། ཧཱུྃ་བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩི་སྨན་མཆོག་བསྒྲུབས་ཤིང་མཆོད་པའི་མཐུས། །ཡུན་དུ་གླགས་ལྟའི་གནོད་པ་ཀུན་བསལ་ནས། །སྐྱེ་འཆི་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཧཱུྃ་བརྒྱད་ཁྲི་བཞི་སྟོང་གདོན་རྣམས་ཅིར་སྣང་ཡང་། །ཚོགས་དང་གཏོར་མས་མཆོད་པའི་བྱིན་རླབས་ཀྱིས། །འཕྲལ་དུ་སྐབས་ཚོལ་གནོད་པ་ཀུན་བསལ་ནས། །འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཧཱུྃ་ཞེན་ཅིང་ཆགས་པའི་དངོས་པོ་ཅིར་སྣང་ཡང་། །ཁམས་གསུམ་ཁྲག་གི་རྒྱ་མཚོས་མཆོད་པའི་མཐུས། །དུག་ལྔ་མ་ལུས་བརྩད་ནས་དག་གྱུར་ནས། །གཉིས་མེད་མཆོད་པ་ལྷུན་གྱིས་གྲུབ་པར་མཛོད། །ན་མོ་ཧཱུྃ། ཧཱུྃ་ཐུན་མོང་དངོས་པོ་རྫས་ཀྱི་ཅིར་སྣང་ཡང་། །མཆོད་པ་བྱིན་གྱིས་བརླབས་པའི་ནུས་མཐུ་ཡིས། །འདོད་པའི་ཡོན་ཏན་མངོན་དུ་རྫོགས་གྱུར་ནས། །དུས་གསུམ་བདེ་གཤེགས་མ་ལུས་མཆོད་པར་ཤོག །ན་མོ་ཧཱུྃ། ཧཱུྃ་གནམ་རི་ས་བྲག་དངོས་པོ་ཅིར་སྣང་ཡང་། །དེ་བཞིན་ཉིད་ཀྱི་ཏིང་འཛིན་སྒོམ་པའི་མཐུས། །ཆོས་ཉིད་སྟོང་པ་ཉིད་དུ་དོན་རྟོགས་ནས། །སྤྲོས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། མ་རྟོགས་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། །ཀུན་ཏུ་སྣང་གི་ཏིང་འཛིན་སྒོམ་པའི་མཐུས། །ཆོས་ཉིད་སྐྱེ་བ་མེད་པར་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། མ་རིག་སེམས་ཀྱི་དངོས་པོ་ཅིར་སྣང་ཡང་། །རྒྱུ་ཡི་ཏིང་འཛིན་རྩེ་གཅིག་སྒོམ་པའི་མཐུས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་རྟོགས་ནས། །རང་འབྱུང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། འགྲོ་བའི་ལུས་ངག་ཡིད་གསུམ་ཅིར་སྣང་ཡང་། །ཡོངས་སུ་རྫོགས་པའི་ཏིང་འཛིན་སྒོམ་པའི་མཐུས། །ཆོ་ག་རྣམ་པ་གསུམ་པོའི་དོན་རྟོགས་ནས། །སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། སྣོད་ཀྱི་འཇིག་རྟེན་དངོས་པོ་ཅིར་སྣང་ཡང་། །གཞལ་ཡས་དབང་ཆེན་སྒོམས་པའི་བྱིན་རླབས་ཀྱིས། །ཆོས་ཉིད་མཐའ་དབུས་མེད་པའི་དོན་རྟོགས་ནས། །འོག་མིན་གནས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཁ་དོག་སྣ་ཚོགས་དངོས་པོ་ཅིར་སྣང་ཡང་། །གཟུགས་བརྙན་དཀྱིལ་འཁོར་དངོས་སུ་བྲིས་པའི་མཐུས། །རང་བཞིན་དཀྱིལ་འཁོར་ཆེན་པོའི་དོན་རྟོགས་ནས། །ཏིང་འཛིན་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཕུང་པོ་ལྔ་དང་འབྱུང་བ་ཅིར་སྣང་ཡང་། །རིགས་ལྔ་ཡབ་ཡུམ་སྒོམས་པའི་བྱིན་རླབས་ཀྱིས། །ཡབ་ཡུམ་གཉིས་སུ་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུྃ། དབང་པོ་རྣམ་ཤེས་ཡུལ་དུས་ཅིར་སྣང་ཡང་། །སེམས་དཔའ་སེམས་མ་སྒོམས་པའི་བྱིན་རླབས་ཀྱིས། །ཐམས་ཅད་ལྷ་དང་ལྷ་མོའི་དོན་རྟོགས་ནས། །རྒྱལ་བའི་སྲས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ལུས་ཀྱི་ཆོས་བཞི་རྟག་ཆད་ཅིར་སྣང་ཡང་། །སྒོ་བ་ཡབ་ཡུམ་སྒོམས་པའི་བྱིན་རླབས་ཀྱིས། །ཐམས་ཅད་ཁྲོ་བོ་ཁྲོ་མོའི་དོན་རྟོགས་ནས། །ཚད་མེད་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཡིད་དང་ཆོས་ཀྱི་དངོས་པོ་ཅིར་སྣང་ཡང་། །ཀུན་བཟང་ཡབ་ཡུམ་སྒོམས་པའི་བྱིན་རླབས་ཀྱིས། །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས་ནས། །ཆོས་སྐུ་འགྱུར་མེད་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། འགྲོ་བ་རིགས་དྲུག་དངོས་པོ་ཅིར་སྣང་ཡང་། །ཐུབ་པ་དྲུག་ཏུ་སྒོམས་པའི་བྱིན་རླབས་ཀྱིས། །རོལ་པ་ཅིར་ཡང་སྣང་བའི་དོན་རྟོགས་ནས། །སངས་རྒྱས་མཛད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ལུས་ངག་ཡིད་གསུམ་དངོས་པོ་ཅིར་སྣང་ཡང་། །དབང་བསྐུར་བྱིན་གྱིས་བརླབས་པའི་བྱིན་རླབས་ཀྱིས། །ཉོན་མོངས་དངོས་པོ་མ་ལུས་ཀུན་བྱང་ནས། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། སངས་རྒྱས་སེམས་ཅན་དངོས་པོ་ཅིར་སྣང་ཡང་། །བདེ་གཤེགས་སྤྱན་དྲངས་བསྟིམས་པའི་བྱིན་རླབས་ཀྱིས། །ཡེ་ནས་སངས་རྒྱས་ཡིན་པའི་དོན་རྟོགས་ནས། །གཉིས་སུ་མེད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། བདག་གཞན་ཆེ་ཆུང་དངོས་པོ་ཅིར་སྣང་ཡང་། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བྱིན་རླབས་ཀྱིས། །ཡེ་ནས་འདྲེས་པ་ཆེན་པོའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། །དམ་བཅས་རྣམ་གསུམ་བྱས་པའི་བྱིན་རླབས་ཀྱིས། །བསམ་པ་མཐའ་རུ་ཕྱིན་པའི་དོན་རྟོགས་ནས། །བདག་གཞན་གཉིས་ཀྱི་དོན་ཉིད་མཐར་ཕྱིན་ཤོག །ན་མོ་ཧཱུྃ། གཟུང་འཛིན་རྣམ་རྟོག་དངོས་པོ་ཅིར་སྣང་ཡང་། །ཕྱག་རྒྱའི་མཆོད་པ་ཕུལ་བའི་བྱིན་རླབས་ཀྱིས། །ཕྱག་རྒྱ་རྣམ་བཞི་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ཤོག །ན་མོ་ཧཱུྃ། ཕྱི་ནང་གསང་བའི་དངོས་པོ་ཅིར་སྣང་ཡང་། ། ཀུན་ཏུ་བཟང་པོའི་མཆོད་པ་ཕུལ་བ་ཡིས། །དངོས་པོ་ཐམས་ཅད་མཆོད་པར་གྱུར་ནས་ཀྱང་། །སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་ཤོག །ན་མོ་ཧཱུྃ། བདག་གཞན་དངོས་པོར་ཁྱད་པར་ཅིར་སྣང་ཡང་། །མཆོད་པ་རྣམ་ལྔ་ཕུལ་བའི་བྱིན་རླབས་ཀྱིས། །ཐམས་ཅད་འགག་པ་མེད་པའི་དོན་རྟོགས་ནས། །འཁོར་གསུམ་མ་ལུས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུྃ། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩི་སྨན་གྱི་མཆོད་པ་ཕུལ་བའི་བྱིན་རླབས་ཀྱིས། །འཕྲལ་དུ་སྐབས་ཚོལ་དངོས་པོ་ཀུན་བསལ་ནས། །སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཧཱུྃ་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་དུ། །དངོས་གྲུབ་རྣམ་གསུམ་གཞུང་བཞིན་བླངས་བའི་མཐུས། །ཚེ་འདིར་རྡོ་རྗེ་འཆང་གི་གྲལ་ཐོབ་ནས། །འགྲོ་དོན་མཐར་ཕྱིན་ཀུན་ཀྱང་དེ་བཞིན་ཤོག །ན་མོ་ཧཱུྃ། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཅིར་སྣང་ཡང་། །དམ་རྫས་གཏོར་མས་མཆོད་པའི་བྱིན་རླབས་ཀྱིས། །ཡུན་དུ་གླགས་ལྟ་གནོད་པ་ཀུན་བསལ་ནས། །འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། སེམས་ཀྱི་རྟོགས་པའི་དངོས་པོ་ཅིར་སྣང་ཡང་། །ལྷག་པའི་ཏིང་འཛིན་མཆོད་པའི་བྱིན་རླབས་ཀྱིས། །དངོས་པོ་ཡོ་བྱད་ལྔ་རུ་གྲུབ་ནས་ཀྱང་། །རིག་པ་ཅིར་ཡང་སྣང་བ་ལྷུན་གྲུབ་ཤོག །ན་མོ་ཧཱུྃ། ཆགས་སྡང་རྣམ་གཉིས་དངོས་པོ་ཅི་སྣང་ཡང་། །སྟན་འགན་རྣམ་གཉིས་མཆོད་པའི་བྱིན་རླབས་ཀྱིས། །སྤྱོད་ཡུལ་ཡོངས་སུ་དག་པའི་དོན་རྟོགས་ནས། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཡུལ་དང་དབང་པོའི་དངོས་པོ་ཅིར་སྣང་ཡང་། །འདོད་ཡོན་ལྔ་ཡི་མཆོད་པ་ཕུལ་བའི་མཐུས། །ཡུལ་སེམས་གཉིས་སུ་མེད་པའི་དོན་རྟོགས་ནས། །སྤྱོད་ཡུལ་མ་ལུས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུྃ། ཉོན་མོངས་སྡུག་བསྔལ་དངོས་པོར་ཅིར་སྣང་ཡང་། །གླུ་དང་རོལ་མོའི་སྒྲ་སྙན་ཕུལ་བ་ཡིས། །ཐམས་ཅད་ཐེག་པ་ཆེན་པོའི་སྒྲར་གྱུར་ནས། །གསང་སྔགས་དོན་གཉིས་ཀུན་གྱིས་རྟོགས་པར་ཤོག །ན་མོ་ཧཱུྃ། ཧོ་ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ། རིགས་ལྔ་རྒྱལ་བ་རྒྱ་མཚོ་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ་ལོ། །བདག་ཅག་གིས་རྣལ་འབྱོར་གྱི་མཆོད་པ་དམ་པ་རིག་པའི་ཁྱད་པར་ཕྱི་ནང་གསང་གསུམ་དུ་སྦྱར་ཏེ་ཕུལ་བས། སྐུ་གསུང་ཐུགས་ཀྱི་བརྒྱུད་མཉེས་པའི་ཆེན་པོར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག ། བདག་ཅག་གི་དམ་ཚིག་ཉམས་པ་སྐོངས་ཏེ་དངོས་གྲུབ་ཀྱི་སྣོད་དམ་པར་གྱུར་ཅིག །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་རུ་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བ་ཀ་དག་པར་གྱུར་ཅིག །ཨ་ལ་ལ་ཧོ། བདག་ཅག་དམ་ཚིག་འདི་ལ་ཞེས་འདོད་དོན་གསོལ་བ་བརྗོད། ཧཱུྃ་ཡིད་ལ་བསམས་པའི་དངོས་པོ་ཅིར་སྣང་ཡང་། །སྨོན་ལམ་མངོན་དུ་བཏབ་པའི་བྱིན་རླབས་ཀྱིས། །ཡིད་ལ་བསམས་པ་ལྷུན་གྱིས་གྲུབ་ནས་ཀྱང་། །འགྲོ་དོན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་བྱས་ལ་འཛབ་བྱའོ། །རྒྱུ་འབྲས་རྩོལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བསྙེན་བསྒྲུབ་རྣམ་བཞི་འཛབ་བསྙེན་བྱས་པའི་མཐུས། །ཐམས་ཅད་ཀུན་ཏུ་བཟང་པོའི་དོན་རྟོགས་ནས། །དངོས་གྲུབ་རྣམ་གསུམ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། བསྟོད་མཆོད་བཤགས་རིག་པའི་མེ་ཏོག་དངོས་གྲུབ་བླང་བའི་རྗེས་སུ། ཧཱུྃ་བདག་གཞན་ཆེ་ཆུང་དངོས་པོ་ཅིར་སྣང་ཡང ། །དཀྱིལ་འཁོར་ལྷ་བསྟོད་ཕྱག་འཚལ་བྱིན་རླབས་ཀྱིས། །ཡེ་ནས་འདྲེས་པ་ཆེན་པོའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། འདོད་པ་ལྔའི་ཡོན་ཏན་ཅིར་སྣང་ཡང་། །ཚོགས་ཀྱི་མཆོད་པ་སྦྱར་བའི་བྱིན་རླབས་ཀྱིས། །མཐའ་ལ་ཞེན་པའི་གདུག་པ་ཀུན་བྲལ་ནས། །བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པར་ཤོག །ཚོགས་ལ་རོལ་པ་དང་། ལྷག་མ་དང་། བརྟན་མ་དང་། དཀྱིལ་འཁོར་བསྡུ་བ་དང་། སྤྱོད་ལམ་རྒྱུན་ཏིང་དང་། རྗེས་རྣམས་ཁྲོ་བོ་དང་མཐུན་ནོ། །ཞི་ལུགས་རྫོགས་སོ།། །།
༅། །ན་མོ་ཧཱུྃ། དུར་ཁྲོད་རྫས་ཀྱི་དངོས་པོ་ཅིར་སྣང་ཡང་། །འབར་བའི་གཞལ་ཡས་སྒོམས་པའི་བྱིན་རླབས་ཀྱིས། །རྫས་སུ་ལྟ་བའི་རྟོག་པ་ཀུན་བྲལ་ནས། །གནས་མཆོག་རབ་འབྱམས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། རཱུ་ཏྲ་རྣམ་གསུམ་དངོས་པོ་ཅིར་སྣང་ཡང་། །ཧེ་རུ་དགུ་རུ་སྒོམས་པའི་བྱིན་གྱིས་བརླབས། །བདུད་དང་སྲིན་པོ་བར་ཆད་ཀུན་བྲལ་ནས། །ཡེ་ཤེས་དགུ་རུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཁམས་གསུམ་ས་དགུའི་དངོས་པོ་ཅིར་སྣང་ཡང་། །ཡུམ་ཆེན་དགུ་རུ་སྒོམས་པའི་བྱིིན་གྱིས་བརླབས། །མ་བདུད་སྲིན་མོའི་བར་ཆད་ཀུན་བསྒྲལ་ནས། །ཐིག་ལེ་དགུ་རུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། རྣམ་ཤེས་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །ཀའུ་རི་བརྒྱད་དུ་སྒོམས་པའི་བྱིན་གྱིས་བརླབས། །ཡུལ་ལས་མངོན་པར་རྟོག་པའི་ཀུན་བཅོམ་ནས། །རྣམ་པར་རྟོག་པའི་འདུ་ཤེས་མེད་པར་ཤོག །ན་མོ་ཧཱུྃ། དུར་ཁྲོད་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །ཕྲ་མེན་བརྒྱད་དུ་སྒོམས་པའི་བྱིན་གྱིས་བརླབས། །མཚན་མར་སྣང་བའི་དངོས་པོ་ཀུན་བྲལ་ནས། །རྣམ་པར་རྟོག་པའི་བག་ཆགས་མེད་པར་ཤོག །ན་མོ་ཧཱུྃ། ཕྱོགས་མཚམས་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །སྤོར་མ་བརྒྱད་དུ་སྒོམས་པའི་བྱིན་གྱིས་བརླབས། །ལྷ་སྲིན་སྡེ་བརྒྱད་བར་ཆོད་ཀུན་བསྒྲལ་ནས། །འཇིག་རྟེན་བར་ཆོད་མིང་ཡང་མེད་པར་ཤོག །ན་མོ་ཧཱུྃ། ཆུ་བོ་བཞི་པོ་དངོས་པོ་ཅིར་སྣང་ཡང་། །སྒོ་མ་བཞི་རུ་སྒོམས་པའི་བྱིན་གྱིས་བརླབས། །ཚད་མེད་བཞི་རུ་རྫོགས་པའི་དོན་རྟོགས་ནས། །ཕྲིན་ལས་རྣམས་བཞི་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། འབྱུང་བ་བཞི་ཡིས་དངོས་པོ་ཅིར་སྣང་ཡང་། །གསང་བའི་ཡུམ་བཞི་སྒོམས་པའི་བྱིན་གྱིས་བརླབས། །ཆོས་ཉིད་དངས་སྙིགས་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུྃ། སྒལ་ཚིགས་རྣམས་ཀྱི་དངོས་པོ་ཅིར་སྣང་ཡང་། །དབང་ཕྱུག་ཉེར་བརྒྱད་སྒོམས་པའི་བྱིན་གྱིས་བརླབས། །རྣམ་པར་རྟོག་པའི་བར་ཆོད་ཀུན་བསལ་ནས། །བར་ཆོད་རྐྱེན་གྱི་སྡུག་བསྔལ་མེད་པར་ཤོག །ན་མོ་ཧཱུྃ། རུས་མགོ་ཚིགས་ཀྱི་དངོས་པོ་ཅིར་སྣང་ཡང་། །ཁྲོ་བོ་ཁྲོ་མོ་སྒོམས་པའི་བྱིན་གྱིས་བརླབས། །ཁམས་གསུམ་གདུག་པ་མ་ལུས་ཀུན་བསྒྲལ་ནས། །སངས་རྒྱས་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། སོ་དང་རུས་པའི་དངོས་པོ་ཅིར་སྣང་ཡང་། །མཁའ་འགྲོ་སོ་གཉིས་སྒོམས་པའི་བྱིན་གྱིས་བརླབས། །བར་དུ་གཅོད་པ་མ་ལུས་ཀུན་བསྒྲལ་ནས། །བསྒྲུབ་པའི་བར་དུ་གཅོད་པ་མེད་པར་ཤོག །ན་མོ་ཧཱུྃ། རྒྱུ་ཚིགས་བཅོ་བརྒྱད་དངོས་པོ་ཅིར་སྣང་ཡང་། །གིང་ཆེན་བཅོ་བརྒྱད་སྒོམས་པའི་བྱིན་གྱིས་བརླབས། །བསྒྲལ་བའི་ཞིང་བཅུ་མ་ལུས་བསྒྲལ་ནས་ཀྱང་། །སངས་རྒྱས་ཞིང་ཁམས་མ་ལུས་དག་པར་ཤོག །ན་མོ་ཧཱུྃ། རྩ་ཕྲན་མང་པོའི་དངོས་པོ་ཅིར་སྣང་ཡང་། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་སྒོམས་པའི་མཐུས། །དམ་ཚིག་ཉམས་དང་དགྲ་བགེགས་ཀུན་བསྒྲལ་ནས། །གནོད་པའི་བར་ཆོད་མིང་ཡང་མེད་པར་ཤོག །ན་མོ་ཧཱུྃ། ཤ་ཁྲག་རྩ་ཡི་དངོས་པོ་ཅིར་སྣང་ཡང་། །མ་དང་སྲིང་མོར་སྒོམས་པའི་བྱིན་གྱིས་བརླབས། །ཚེ་སྲོག་གནོད་པའི་བར་ཆོད་ཀུན་བསལ་ནས། །ཉིན་མཚན་རྟག་ཏུ་ཐམས་ཅད་སྐྱོབ་པར་ཤོག །ན་མོ་ཧཱུྃ། བསྟན་ཐེག་རྩ་སྤུང་སྒྲ་རྟོག་ཅིར་སྣང་ཡང་། །རིག་འཛིན་ཁྲོ་ཚོགས་ཡང་སྤྲུལ་སྒོམས་པའི་མཐུས། །ཡང་སྤྲུལ་སྤྲོ་ཞིང་ཉིད་ལ་བསྡུ། །རྟོག་པ་གར་སྐྱེས་དེར་བསྡུད་པས། །རང་འབྱུང་རང་གྲོལ་དཀྱིལ་འཁོར་ཐོབ་པར་ཤོག །ན་མོ་ཧཱུྃ། བདག་གཞན་ཆེ་ཆུང་ཁྱད་པར་ཅིར་སྣང་ཡང་། །བདེ་གཤེགས་ལྷ་ལ་ཕྱག་འཚལ་བྱིན་གྱིས་བརླབས། །ཡེ་ནས་འདྲེས་པ་ཆེན་པོའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། སྨན་མཆོད་བྱས་ཏེ། དེ་ཡན་ཆད་དམ་བརྒྱན་དང་འགྲེའོ༴ སྲིན་མོའི་ཆ་ལུགས་ཤིན་ཏུ་འཇིགས་པར་སྟོན། །ཕྱོགས་མཚམས་འཛིན་པའི་སྤོར་མ་བརྒྱད་རྣམས་ལ། །རྣམ་དག༴ དཔལ་ཆེན་སྐུ་ལ་འདུ་འབྲལ་མེད་པ་ཡིས། །ཡེ་ཤེས་ཐུགས་ཀྱི་རྒྱུད་སྡེ་བཞི་རྣམས་ལ། །རྣམ་དག༴ འབར་བའི་དཀྱིལ་འཁོར་ཆེན་པོ་མཐའ་སྲུང་བའི། །དམ་ཅན་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །རྣམ་དག༴ ཁམས་གསུམ་གདུག་པ་མ་ལུས་འདུལ་མཛད་པའི། །ཁྲོ་བོ་ཁྲོ་མོ་རོལ་པའི་ཚོགས་རྣམས་ལ། །རྣམ་དག༴ ཕྲིན་ལས་མ་ལུས་མྱུར་དུ་གྲུབ་བྱེད་པའི། །རྡོ་རྗེ་མཁའ་འགྲོ་སུམ་ཅུ་རྩ་གཉིས་ལ། །རྣམ་དག༴ ཞིང་བཅུ་མ་ལུས་གཏན་ནས་འདྲེན་བྱེད་པའི། །རྡོ་རྗེ་ཀ་དར་གིང་ཆེན་བཅོ་བརྒྱད་ལ། །རྣམ་དག༴ །ཡེ་ཤེས་རོལ་པའི་ཕྱག་རྒྱ་ཅིར་སྣང་བའི། །མགྱོགས་མ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ། །རྣམ་དག༴ ཕྱི་འཁོར་སྲུང་ཞིང་ནང་འཁོར་སྐྱོང་མཛད་པའི། །དམ་ཅན་རྒྱ་མཚོ་མ་མོའི་ཚོགས་རྣམས་ལ། །རྣམ་དག༴ རྡོ་རྗེ་འཆང་གྲལ་རིམ་པར་ནོན་མཛད་པའི། །རྣལ་འབྱོར་དབང་ཕྱུག་རིག་འཛིན་ཚོགས་རྣམས་ལ། །རྣམ་དག༴ ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་རྩོལ། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩི་སྨན་གྱི་མཆོད་པའི་བྱིན་གྱིས་བརླབས། །འཕྲལ་དུ་སྐབས་ཚོལ་གནོད་པ་ཀུན་བསལ་ནས། །སྐྱེ་ཤི་མེད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཧཱུྃ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དངོས་གྲུབ་རྣམ་གསུམ་གཞུང་བཞིན་བླངས་པའི་མཐུས། །ཚེ་འདིར་རྡོ་རྗེ་འཆང་གི་གྲལ་ཐོབ་ནས། །འགྲོ་དོན་མཐར་ཕྱིན་ཀུན་ཀྱང་དེ་བཞིན་ཤོག །ན་མོ་ཧཱུྃ། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཅིར་སྣང་ཡང་། །དམ་རྫས་གཏོར་མ་ཕུལ་བའི་བྱིན་གྱིས་བརླབས། །ཡུན་དུ་གླགས་ལྟ་གནོད་པ་ཀུན་བསལ་ནས། །འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཆགས་སྡང་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། །ཁམས་གསུམ་ཁྲག་གི་རྒྱ་མཚོ་ཕུལ་བའི་མཐུས། །ཉོན་མོངས་སེམས་སུ་བསལ་བའི་དོན་རྟོགས་ནས། །སེམས་ཉིད་དབྱེ་བ་མེད་པའི་དོན་རྟོགས་ཤོག །ན་མོ་ཧཱུྃ། རཀྟ་གསུམ་པ་ནི། ཧཱུྃ་ཞེན་ཅིང་ཆགས་པའི་དངོས་པོ་ཅིར་སྣང་ཡང་། །ཁམས་གསུམ་ཁྲག་གི་རྒྱ་མཚོས་མཆོད་པའི་མཐུས། །དུག་ལྔ་མ་ལུས་བརྩད་ནས་དག་གྱུར་ནས། །གཉིས་མེད་མཆོད་པ་ལྷུན་གྱིས་གྲུབ་པར་མཛོད། །ན་མོ་ཧཱུྃ། ཧོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ། ཧེ་རུ་ཀ་དགུ་ཀློང་འབར་བ་འཁོར་ཁྲོ་བོ་ཁྲོ་མོ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ་ལོ། །བདག་ཅན་རྣལ་འབྱོར་གྱི་མཆོད་ཡོན་དམ་པ་རིག་པའི་ཁྱད་པར། ཕྱི་ནང་གསང་བ་གསུམ་གྱི་ཚུལ་དུ་ཕུལ་བས། སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་ཆེན་པོས་ཁྱབ་པར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག །བདག་གི་དམ་ཚིག་ཉམས་པ་སྐོངས་ནས་དངོས་གྲུབ་ཀྱི་སྣོད་དུ་གྱུར་ནས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བ་ཀ་དག་པར་གྱུར་ཅིག །ཨ་ལ་ལ་ཧོ། བདག་ཅག་དམ་ཚིག་འདི་ལ་ཞེས་བརྗོད། ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་བྱས་ལ་འཛབ་བྱའོ། །ཁྲོ་བོ་ལ་ལྷ་མང་ཉུང་མ་ངེས་ཏེ་གང་ལ་མོས་པ་ལ་བྱའོ། །ༀ་གྷུ་ཡ་ཛྙ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བྱའོ། །རྒྱུ་འབྲས་རྩོལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བསྙེན་བསྒྲུབ་རྣམ་བཞིའི་འཛབ་བསྙེན་བྱས་པའི་མཐུས། །ཐམས་ཅད་ཀུན་ཏུ་བཟང་པོའི་དོན་རྟོགས་ནས། །དངོས་གྲུབ་རྣམ་གསུམ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། འདོད་ཡོན་ལྔ་ཡི་དངོས་པོ་ཅིར་སྣང་ཡང་། །ཚོགས་ཀྱི་མཆོད་པ་བྱས་པའི་བྱིན་གྱིས་བརླབས། །མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས་པར་ཤོག །ན་མོ་ཧཱུྃ། བདག་མཆོད་ཀུན་མཉེས་ཐམས་ཅད་དྲངས། །ཀུན་ལ་ཕན་པའི་སྨན་ཡིན་ནོ། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །ཐམས་ཅད་བཟའ་ཞིང་བཏུང་བར་བྱའོ། །བཟའ་དང་བཅའ་དང་བརྗོད། ཨ་ལ་ལ་ཧོ། ཞེས་རོལ་ལོ། །ལོ་ཟུར་ཟླ་ཀེག་གནོད་པ་ཅིར་སྣང་ཡང་། །མཁའ་འགྲོ་དབང་ཕྱུག་ལྷག་ཕུད་མཆོད་པ་ཡིས། །མོ་ངན་རྨི་ངན་གནོད་པ་ཀུན་བསལ་ནས། །བར་ཆོད་རྐྱེན་གྱི་སྡུག་བསྔལ་མེད་པར་ཤོག །ན་མོ་ཧཱུྃ། འཇིག་རྟེན་སྲིན་མོ་འགྲོ་དྲུག་ཅིར་སྣང་ཡང་། །གཏོར་མ་ཕྲི་བཀོད་མེད་པར་བསྔོས་པ་ཡི། །འཇིག་རྟེན་སྲིན་མོ་འགྲོ་དྲུག་ཀུན་ཚིམ་ནས། །ཞིང་བཅུ་སྒྲོལ་ཞིང་འགྲོ་དོན་རྫོགས་པར་ཤོག །ན་མོ་ཧཱུྃ། གཟུང་འཛིན་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། །ལྷ་དང་གཞལ་ཡས་བསྡུས་པའི་བྱིན་རླབས་ཀྱིས། །རྟག་ཆད་གཉིས་སུ་སྣང་བའི་མཐའ་བྲལ་ནས། །སྣང་སྲིད་ཆོས་ཀྱི་སྐུ་རུ་རྟོགས་པར་ཤོག །ན་མོ་ཧཱུྃ། རྣམ་རྟོག་ཆོས་ཀྱི་དངོས་པོ་ཅིར་སྣང་ཡང་། །སྤྱོད་ལམ་རྒྱུན་གྱི་ཏིང་འཛིན་བྱིན་རླབས་ཀྱིས། །བདག་ཉིད་ཡི་དམ་ལྷ་རུ་གྱུར་ནས་ཀྱང་། །འགྲོ་དོན་མ་ལུས་རྫོགས་པར་བྱེད་པར་ཤོག །ན་མོ་ཧཱུྃ། ལུང་བཞིན་བསྡུས་ནས་ཀྱང་། རྒྱུད་ཀྱི་ལྷ་བསྐྱེད། ལུང་གིས་གསལ་གདབ་སྟེ། ན་མོ་ཧཱུྃ་གིས་གཟི་བྱིན་བསྐྱེད་ནས་ནི། རྫོགས་པ་ཆེན་པོའི་ཀློང་དུ་ལ་བཟླས་ནས། །བསྐྱེད་རྫོགས་རྣམ་གསུམ་དོན་ཉིད་རྫོགས་པར་འགྱུར། །སྐྱེས་བུ་བློ་རྩལ་ཅན་གྱི་སྤྱོད་ཡུལ་ཏེ། །ཐུན་མོང་མེད་པར་ཀུན་བཟང་ཉིད་ཀྱིས་གསུངས། །ཨཐྎ།། །།
༅། །ལྷག་མ་གཏང་བ་ནི། ལྷག་མ་བསྡུས་ཏེ། སྣོད་དྲི་ཆུས་བཤལ། དེ་ལྟར་ལྷག་མ་ཀུན་ལ་མར་མེ་སྐྱ་ཞིག་གཏད། དེ་ནས་གོམ་པ་བདུན་འཕགས་པར་ཕྲིན་ལས་རྣམ་བཞི་གང་བྱེད་པའི་མཎྜལ་བྱ། རྡོ་རྗེ་དྲིལ་བུའི་དལ་བྱ། རྡོ་རྗེ་སློབ་དཔོན་གྱིས་རྩ་བའི་དཀྱིལ་འཁོར་མ་ཉམས་པར་བཟུང་། ལས་མཁན་ལ་སོགས་པས་སྒོ་མ་ཡན་ཆད་སྔགས་ཀྱིས་གསལ་བཏབ། དེ་ནས་ལྷག་མའི་མགྲོན་སྙན་གསན་དབབ། ལས་ཀྱི་རྡོ་རྗེ་བརྗོད། པདྨའི་ཕྱག་རྒྱ་བཅས་ལ་ལྷག་མ་དང་ཁ་ཆུའི་དམ་ཚིག་ལ་ཐེ་བ་རྣམས། སྔོན་གྱི་ཐུགས་དམ་ལས་མ་འདའ་བར་བསྒྲུབ་པོ་བདག་ཅག་གི་སྡོང་གྲོགས་ལ་གཤེགས་ཤིག །ཨེ་ཨ་ར་ལི་ཧྲིང་ཧྲིང་ཞེས་ཐལ་མོ་ལན་གསུམ་དུ་བརྡབ་བོ། །ལྷག་མའི་མགྲོན་སོ་སོར་རག་མ་ལུས་པར་བསམ། ཏ་ཀི་ནིའི་ཕྱག་རྒྱས་སྤྱན་དྲང་། བདག་ཉིད་དཀྱིལ་འཁོར་གྱི་ཕྱི་རིམ་དུ། ཁྱུང་གི་གཤོག་པས་ཟིལ་གྱིས་མནན་རྟ་སྟོང་གི་བྱས་དབང་དུ་བསྡུ། པདྨའི་ཕྱག་རྒྱས་གདན་དབུལ། དེ་ནས་རིགས་དབྱེ། དེ་ནས་ཁ་ཆུས་གདབ། ཧཱུྃ་དཔལ་ཆེན་རཀྴ་ཧེ་རུ་ཀ །ཀའུ་རིའི་ཚོགས་ཀྱིས་བསྐོར་བ་ནི། བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ཀྱིས། །ཀའུ་རི་ཁྲོ་མོ་བརྒྱད་དུ་སྤྲུལ། །སྲིན་མོ་ཆེན་མོ་བརྒྱད་རྣམས་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་ས་ཡི་སྙིང་པོ་ཡིས། །ཁྲོ་མོ་ཆེན་མོ་ཀའུ་རིར་སྤྲུལ། །སྲིན་མོ་ཆེན་མོ་ཀེཾ་ཐོད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་བསྐྱལ་ཏེ། །བརྟན་གྱི་བྲན་དུ་མཆིས་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །ཁས་བླངས་དམ་བཅས་ཇི་བཞིན་དུ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱི་ཡི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱང་ཆུབ་ནམ་མཁའི་སྙིང་པོ་ཡིས། །ཁྲོ་མོ་ཆེན་མོ་ཙོའུ་རིར་སྤྲུལ། །སྲིན་མོ་ཆེན་མོ་མདའ་འཕེན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་སྤྱན་རས་གཟིགས་དབང་གིས། །ཁྲོ་མོ་ཆེན་མོ་པྲ་མོར་སྤྲུལ། །སྲིན་མོ་ཆེན་མོ་འཛིན་བྱེད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་ཕྱག་ན་རྡོ་རྗེ་ཡིས། །ཁྲོ་མོ་ཆེན་མོ་བེ་ཏར་སྤྲུལ། །སྲིན་མོ་ཆེན་མོ་ནག་མོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་བྱམས་པ་མེ་ཏྲི་ཡིས། །ཁྲོ་མོ་ཆེན་མོ་པུས་སྐར་སྤྲུལ། །སྲིན་མོ་ནང་ཁྲོལ་འདྲེན་མ་བཏུལ། །ལྷ་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་སྒྲིབ་པ་རྣམ་སེལ་གྱིས། །ཁྲོ་མོ་ཆེན་མོ་ཀསྨར་སྤྲུལ། །སྲིན་མོ་ཆེན་མོ་རབ་འཇིགས་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་ཀུན་ཏུ་བཟང་པོ་ཡིས། །ཁྲོ་མོ་ཆེན་མོ་སྨ་ཤར་སྤྲུལ། །སྲིན་མོ་ཆེན་མོ་སྲོ་གཅོད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་ཆེན་པོ་འཇམ་དཔལ་གྱིས། །ཁྲོ་མོ་ཆེན་མོ་ཙན་དྷར་སྤྲུལ། །སྲིན་མོ་ཆེན་མོ་བསྙེན་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཧཱུྃ་དཔལ་ཆེན་རཀྴ་ཧེ་རུ་ལ། །ཕྲ་མེན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཧེ་རུའི་ཞལ་བཞད་པས། །མཆོད་པའི་ལྷ་མོ་བརྒྱད་རྣམས་ཀྱིས། །སེང་ཧ་ཕྲ་མེན་བརྒྱད་དུ་སྤྲུལ། །སྲིན་མོ་མགོ་བརྙན་བརྒྱད་རྣམས་བཏུལ། །ཤར་ཕྱོགས་ལྷ་མོ་ལ་སྱེ་མས། །ཕྲ་མེན་ཆེན་མོ་སེང་མགོར་སྤྲུལ། །སྲིན་མོ་འཇིགས་བྱེད་སེང་མགོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེ་བརྟན་གྱི་བྲོ་བསྐྱལ་ཏེ། །བརྟན་གྱི་བྲན་དུ་མཆིས་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །ཁས་བླངས་དམ་བཅས་ཇི་བཞིན་དུ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱི་ཡི་དཀྱིལ་འཁོར་མཐའ་སྲུངས་ཤིག །ལྷོ་ཕྱོགས་ལྷ་མོ་མ་ལེ་མས། །ཕྲ་མེན་ཆེན་མོ་སྟག་མགོར་སྤྲུལ། །སྲིན་མོ་ཟ་བྱེད་སྟག་མགོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ནུབ་ཕྱོགས་ལྷ་མོ་གྷིར་རྟི་མས། །ཕྲ་མེན་ཆེན་མོ་ཝ་མགོར་སྤྲུལ། །སྲིན་མོ་ལེན་བྱེད་ཝ་མགོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཕྱོགས་ལྷ་མོ་ནིར་ཏི་མས། །ཕྲ་མེན་ཆེན་མོ་སྤྱང་མགོར་སྤྲུལ། །སྲིན་མོ་ར་རོ་ཁྱི་མགོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཤར་ལྷོ་ལྷ་མོ་དྷུཔྤེ་མས། །ཕྲ་མེན་བྱ་རྒོད་མགོ་རུ་སྤྲུལ། །སྲིན་མོ་བྱ་རྒོད་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ལྷོ་ནུབ་ལྷ་མོ་མེ་ཏོག་མས། །ཕྲ་མེན་ཀང་ཀའི་མགོ་རུ་སྤྲུལ། །སྲིན་མོ་རྐང་ཟ་རྐང་མགོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ནུབ་བྱང་ལྷ་མོ་མར་མེ་མས། །ཕྲ་མེན་བྱ་རོག་ཅན་དུ་སྤྲུལ། །སྲིན་མོ་བྱ་རོག་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཤར་ལྷ་མོ་དྲི་ཆབ་མས། །ཕྲ་མེན་ཧུ་ལུ་མུ་ཀར་སྤྲུལ། །སྲིན་མོ་རྐུ་བྱེད་འུག་མགོ་བཏུལ། །ལྷག་མ་བྱིན་ནས་རྡོ་རྗེའི་དམ་ལ་བཏགས། །ཧཱུྃ་བཅོམ་ལྡན་དཔལ་ཆེན་རཀྴ་ཧེ་རུ་ལ། །སྒོ་མ་ཚོགས་ཀྱིས་བསྐོར་བ་ནི། །ཚད་མེད་སྒོ་མ་བཞི་རྣམས་ཀྱིས། །རྟ་གདོང་སྒོ་མ་བཞི་རུ་སྤྲུལ། །ཤར་ཕྱོགས་བྱམས་པ་ལྕགས་ཀྱུ་མས། །སྒོ་མ་རྟ་གདོང་ལྕགས་ཀྱུར་སྤྲུལ། །སྲིན་མོ་རྟ་ཡི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ལྷོ་ཕྱོགས་སྙིང་རྗེ་ཞགས་པ་མས། །སྒོ་མ་ཕག་མགོ་ཞགས་པར་སྤྲུལ། །སྲིན་མོ་ཕག་གི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ནུབ་ཕྱོགས་དགའ་བ་ལྕགས་སྒྲོག་མས། །སྒོ་མ་དྲེད་གདོང་ལྕགས་སྒྲོགས་སྤྲུལ། །སྲིན་མོ་དྲེད་ཀྱི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཕྱོགས་བཏང་སྙོམས་དྲིལ་བུ་མས། །སྒོ་མ་ཆེན་མོ་སྤྱང་མགོར་སྤྲུལ། །སྲིན་མོ་སྤྱང་ཀུའི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཧཱུྃ་དཔལ་ཆེན་རཀྴ་ཧེ་རུ་ལ། །སྤོར་མའི་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ལས། །ཐུབ་དྲུག་ཡིད་ཆོས་བརྒྱད་པོ་ཡིས། །སྤོར་མ་ཆེན་མོ་བརྒྱད་དུ་སྤྲུལ། །ཕྱོགས་སྐྱོང་བརྒྱད་ཀྱི་བུ་མོ་བཏུལ། །ཀུན་ཏུ་བཟང་པོས་གནས་འགྱུར་བ། །འབར་མ་ཉི་ཟེར་ཞགས་པར་སྤྲུལ། །སྤོར་མ་ཉི་ཟེར་ཞགས་པ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཡི་དྭགས་ཐུབ་པ་གནས་འགྱུར་བ། །འབར་མ་གློག་ཕྲེང་འཛིན་དུ་སྤྲུལ། །སྤོར་མ་ཆེན་མོ་གློག་ཕྲེང་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །མི་ཡིས་ཐུབ་པ་གནས་འགྱུར་བ། །འབར་མ་མདུང་ཐུང འཕེན་དུ་སྤྲུལ། །སྤོར་མ་གཏུམ་མོ་མདུང་ཐུང་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །དམྱལ་བའི་ཐུབ་པ་གནས་འགྱུར་བ། །འབར་མ་གཤིན་རྗེ་རལ་གྲི་སྤྲུལ། །སྤོར་མ་གཤིན་རྗེ་རལ་གྲི་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཀུན་ཏུ་བཟང་མོ་གནས་འགྱུར་བ། །འབར་བ་དྲིལ་འཁྲོལ་མ་རུ་སྤྲུལ། །སྤོར་མ་རྡོ་རྗེ་དྲིལ་འཁྲོལ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ལྷ་མིན་ཐུབ་པ་གནས་འགྱུར་བ། །འབར་མ་སྐར་མདའ་གདོང་དུ་སྤྲུལ། །སྤོར་མ་ཐོག་འབེབས་སྐར་མདའ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱོལ་སོང་ཐུབ་པ་གནས་འགྱུར་བ། །འབར་མ་གློག་ཤ་འདེབས་སུ་སྤྲུལ། །སྤོར་མ་བན་གླང་སྣ་ཚོགས་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ལྷ་ཡི་ཐུབ་པ་གནས་འགྱུར་བ། །འབར་མ་ཁྱུང་ཐོགས་མ་རུ་སྤྲུལ། །སྤོར་མ་གནོད་སྦྱིན་ཁྱུང་ཐོགས་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཧཱུྃ་དཔལ་ཆེན་རཀྴ་ཧེ་རུ་ལ། །གསང་བའི་ཡུམ་བཞིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ལས། །ཡི་གེ་ཧཱུྃ་བཞི་སྤྲུལ་བྱས་ནས། །དེ་ལས་གསང་བའི་ཡུམ་བཞིར་སྤྲུལ། །དེ་བཞིས་སྲིང་མོ་བཞི་བཏུལ་ཏེ། །ཤར་ཕྱོགས་བདེ་བ་ཟ་བྱད་མས། །སྲིན་མོ་ཟ་བྱེད་ཁྲག་འཐུང་བཏུལ། །ལྷོ་ཕྱོགས་བདེ་བ་རྨོངས་བྱེད་མས། །སྲིན་མོ་ཆེན་མོ་རུས་འཆའ་བཏུལ། །ནུབ་ཕྱོགས་བདེ་བ་རྒྱས་འདེབས་མས། །སྲིན་མོ་དུར་ཁྲོད་རེ་རྐུན་བཏུལ། །བྱང་ཕྱོགས་བདེ་བ་ཚེ་འཕེལ་མས། །སྲིན་མོ་ཆེན་མོ་དུར་ཁྲོད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཧཱུྃ་དཔལ་ཆེན་རཀྴ་ཧེ་རུ་ལ། །དབང་ཕྱུག་ཚོགས་ཀྱི་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ལས། །ཚངས་པ་ལ་སོགས་ཡེ་ཤེས་ཀྱི། །དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས། །ལས་ཀྱི་དབང་མོ་མགོ་བརྙན་ཚོགས། །འཇིག་རྟེན་རྣམས་ཀྱི་སྲིང་མོ་སྟེ། །ལག་ན་གློ་སྙིང་ནང་ཁྲོལ་ཐོགས། །ཉི་ཤུ་རྩ་བརྒྱད་ཚོགས་སུ་སྤྲུལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །འགལ་བྱེད་གནོད་པའི་ཚོགས་རྣམས་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེ་བརྟན་གྱི་བྲོ་བསྐྱལ་ཏེ། །གཏན་གྱི་བྲན་བཅས་ཇི་བཞིན་དུ། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །ཁས་བླངས་དམ་བཅས་ཇི་བཞིན་དུ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱི་ཡི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཧཱུྃ་དཔལ་ཆེན་རཀྴ་ཧེ་རུ་ལ། །མཁའ་འགྲོ་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་སྐུ་ཡི་འོད་ཟེར་ལས། །སེམས་དཔའ་སུམ་ཅུ་རྩ་གཉིས་ཀྱིས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་སྤྲུལ། །སྲིན་མོ་སུམ་ཅུ་རྩ་གཉིས་བཏུལ། །སེམས་དཔའ་རྡོ་རྗེ་སེམས་དཔའ་ཡིས། །མཁའ་འགྲོ་དགའ་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་དགའ་བྱེད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་རྒྱལ་པོ་ཡིས། །མཁའ་འགྲོ་འགྲེན་བྱེད་མ་རུ་སྤྲུལ། །སྲིན་མོ་རྒྱུ་མ་འདྲེན་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་ཆགས་པ་ཡིས། །མཁའ་འགྲོ་སྤོར་བྱེད་མ་རུ་སྤྲུལ། །སྲིན་མོ་སྤོར་མ་ཆེན་མོ་བརྟུལ། ། ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་ལེགས་པ་ཡིས། །མཁའ་འགྲོ་གསོད་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གསོད་བྱེད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་རིན་ཆེན་གྱིས། །མཁའ་འགྲོ་འབར་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འབར་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་ཉི་མ་ཡིས། །མཁའ་འགྲོ་གཟི་བརྗིད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གཟི་བརྗིད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས། །མཁའ་འགྲོ་བདུད་བཞི་རྒྱལ་བྱེད་སྤྲུལ། །སྲིན་མོ་རྒྱལ་བྱེད་དབང་ལྡན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་བཞད་པ་ཡིས། །མཁའ་འགྲོ་འཇོམས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཇོམས་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་ཆེན་མོ་རྡོ་རྗེ་ཡིས། །མཁའ་འགྲོ་ཆགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་ཆགས་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་རྣོན་པོ་ཡིས། །མཁའ་འགྲོ་ཆགས་བྲལ་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་ཆགས་བྲལ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་འཁོར་ལོ་ཡིས། །མཁའ་འགྲོ་འཁོར་ལོ་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཁོར་ལོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་སྨྲ་བ་ཡིས། །མཁའ་འགྲོ་རྒྱས་འདེབས་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་རྒྱས་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་སྣ་ཚོགས་ཀྱིས། །མཁའ་འགྲོ་སྣ་ཚོགས་གཟུགས་སུ་སྤྲུལ། །སྲིན་མོ་ཆེན་མོ་སྣ་ཚོགས་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་གོ་ཆ་ཡིས། །མཁའ་འགྲོ་ཆེན་མོ་སྲུང་བྱེད་སྤྲུལ། །སྲིན་མོ་ཆེན་མོད་སྲུང་བ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་མཆེ་བ་ཡིས། །མཁའ་འགྲོ་གནོད་སྦྱིན་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གནོད་སྦྱིན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སེམས་དཔའ་རྡོ་རྗེ་ཁུར་ཚུར་གྱིས། །མཁའ་འགྲོ་ཡང་དག་འཕྲོག་ཏུ་སྤྲུལ། །སྲིན་མོ་ཆེན་མོ་འཕྲོག་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་དཔའ་བར་འགྲོ་བ་ཡིས། །མཁའ་འགྲོ་བྱ་རོག་གདོང་དུ་སྤྲུལ། །སྲིན་མོ་ཆེན་མོ་དམིགས་འབྱིན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་ཀུན་ཏུ་བཟང་པོ་ཡིས། །མཁའ་འགྲོ་འཇིགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཇིགས་བྱེད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་ཟླ་འོད་གཞོན་ནུ་ཡིས། །མཁའ་འགྲོ་འུག་པའི་མགོ་རུ་སྤྲུལ། །སྲིན་མོ་ཆེན་མོ་མུན་མཐོང་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་བཟང་སྐྱོང་ཀུན་སྐྱོང་གིས། །མཁའ་འགྲོ་བཞད་གདོང་མ་རུ་སྤྲུལ། །སྲིན་མོ་བཞད་ཀྱི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་དྲྭ་བ་ཅན་གྱིས་ཀྱང་། །མཁའ་འགྲོ་ཁྱི་མགོ་མ་རུ་སྤྲུལ། །སྲིན་མོ་ཁྱི་ཡི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་རྡོ་རྗེ་སྙིང་པོ་ཡིས། །མཁའ་འགྲོ་ཕག་གདོང་མ་རུ་སྤྲུལ། །སྲིན་མོ་ཕག་གི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་ནམ་མཁའ་མཛོད་ཀྱིས་ཀྱང་། །མཁའ་འགྲོ་རྔམ་མགོ་མ་རུ་སྤྲུལ། །སྲིན་མོ་རྔ་མོའི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་འོད་དཔག་མེད་པ་ཡིས། །མཁའ་འགྲོ་བུང་བུའི་མགོ་རུ་སྤྲུལ། །སྲིན་མོ་བུང་བུའི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་ངན་སོང་ཀུན་སྦྱོང་གིས། །མཁའ་འགྲོ་ར་མགོ་མ་རུ་སྤྲུལ། །སྲིན་མོ་ར་ཡིས་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་རྒྱལ་བའི་ཡེ་ཤེས་ཀྱིས། །མཁའ་འགྲོ་བྱི་བའི་མགོ་རུ་སྤྲུལ། །སྲིན་མོ་བྱི་བའི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་བློ་གྲོས་མི་ཟད་པ། །མཁའ་འགྲོ་ཀེཾ་རུས་མ་རུ་སྤྲུལ། །སྲིན་མོ་ཀེཾ་རུས་འཛིན་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་སྤོབས་པ་བརྩེགས་པ་ཡིས། །མཁའ་འགྲོ་རུས་ཕྲེང་ཅན་དུ་སྤྲུལ། །སྲིན་མོ་རུས་པའི་ཕྲེང་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་བྱམས་པ་མཱཻ་ཏྲི་ཡིས། །མཁའ་འགྲོ་བུམ་སྣ་མ་རུ་སྤྲུལ། །སྲིན་མོ་བུམ་སྣའི་ཆུང་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་ངན་སོང་ཀུན་འདྲེན་གྱིས། །མཁའ་འགྲོ་རྣམ་པར་འཇོམས་མར་སྤྲུལ། །གཤིན་རྗེ་རྣམ་འཇོམས་ཆུང་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་སྤོས་ཀྱི་གླང་པོ་ཡིས། །མཁའ་འགྲོ་དྷ་ཤ་གྷྲི་བར་སྤྲུལ། །དྷ་ཤ་གྷྲི་བའི་ཆུང་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཆུབ་དོན་ཡོད་གྲུབ་པ་ཡིས། །མཁའ་འགྲོ་འབོད་སྒྲོགས་མ་རུ་སྤྲུལ། །གནོད་སྦྱིན་འབོད་སྒྲོགས་ཆུང་མ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཧཱུྃ་དཔལ་ཆེན་རཀྴ་ཧེ་རུ་ལ། །ཕོ་ཉ་ཚོགས་ཀྱིས་བསྐོར་བ་ནི། །འོད་ཟེར་སུམ་བརྒྱ་དྲུག་ཅུ་ལས། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །ཤར་ཕྱོགས་འོད་ཟེར་དཀར་པོ་ལས། །དུང་གི་མི་མོ་དྲུག་ཅུ་སྤྲུལ། །དྲི་ཟའི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ལྷོ་ཕྱོགས་འོད་ཟེར་མཐིང་ཁ་ལས། །ལྕགས་ཀྱི་མི་མོ་དྲུག་ཅུ་སྤྲུལ། །གཤིན་རྗེའི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ནུབ་ཕྱོགས་འོད་ཟེར་དམར་པོ་ལས། །ཟངས་ཀྱི་མི་མོ་དྲུག་ཅུ་སྤྲུལ། །ཀླུ་ཡི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་ཕྱོགས་འོད་ཟེར་ལྗང་གུ་ལས། །གཡུ་ཡི་མི་མོ་དྲུག་ཅུ་སྤྲུལ། །གནོད་སྦྱིན་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སྟེང་གི་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུ་སྤྲུལ། །མ་བདུད་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །འོག་གི་འོད་ཟེར་སྣ་ཚོགས་ལས། །བསེ་ཡི་མི་མོ་དྲུག་ཅུ་སྤྲུལ། །མ་མོའི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཧཱུྃ་དཔལ་ཆེན་རཀྴ་ཧེ་རུ་ལ། །གིང་ཆེན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཧེ་རུའི་ཞལ་བཞད་པས། །རྡོ་རྗེ་གིང་ཆེན་བཅོ་བརྒྱད་སྤྲུལ། །གདོན་གྱི་རྒྱལ་པོ་བཅོ་བརྒྱད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཧཱུྃ་དཔལ་ཆེན་རཀྴ་ཧེ་རུ་ལ། །མ་བདུན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ཡིས། །ཡི་གེ་ཧཱུྃ་ཕཊ་སྤྲུལ་པ་ལས། །གསང་བའི་མ་མོ་བདུན་དུ་སྤྲུལ། །སྲིན་མོ་ཆེན་མོ་བདུན་པོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །ཧཱུྃ་དཔལ་ཆེན་རཀྴ་ཧེ་རུ་ལ། །སྲིང་མོ་བཞི་ཡིས་བསྐོར་བ་ནི། །གླིང་བཞི་དབང་བསྒྱུར་ཆེན་མོ་ལ། །སྲིང་མོ་ཆེན་མོ་བཞི་རུ་སྤྲུལ། །བགེགས་ཀྱི་རྒྱལ་པོ་བཞི་པོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་བསྐྱལ་ཏེ། །གཏན་གྱི་བྲན་དུ་མཆིས་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །ཁས་བླངས་དམ་བཅས་ཇི་བཞིན་དུ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱི་ཡི་དཀྱིལ་འཁོར་མཐའ་སྲུངས་ཤིག །ལུང་གི་ལྷག་མ། ཨཐྎ།། །།
༅། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །དཔལ་ཆེན་བཛྲ་ཧེ་རུར་སྤྲུལ། །དབུས་ཀྱི་ཡི་དྭགས་དྲེགས་པ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས། །དཔལ་ཆེན་བུདྡྷ་ཧེ་རུར་སྤྲུལ། །ཤར་གྱི་དྲི་ཟའི་སྲིན་པོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །དཔལ་ཆེན་རཏྣ་ཧེ་རུར་སྤྲུལ། །ལྷོ་ཡི་གཤིན་རྗེའི་སྲིན་པོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བཅོམ་ལྡན་སྣང་བ་མཐའ་ཡས་ཀྱིས། །དཔལ་ཆེན་པདྨ་ཧེ་རུར་སྤྲུལ། །ནུབ་ཀྱི་ཀླུ་ཡི་སྲིན་པོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས། །དཔལ་ཆེན་ཀརྨ་ཧེ་རུར་སྤྲུལ། །བྱང་ཕྱོགས་གནོད་སྦྱིན་སྲིན་པོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རིགས་ཀྱི་ཡུམ་ཆེན་ལྔ་རྣམས་ཀྱིས། །ཁྲོ་མོ་ཆེན་མོ་ལྔ་རུ་སྤྲུལ། །སྲིན་མོ་ཆེན་མོ་ལྔ་རྣམས་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སྔོན་གྱི་དམ་ལས་མ་གཡེལ་བར། །བཀའ་ཡི་གཏོར་མ་འདི་བཞེས་ལ། །ཐུགས་དམ་ཆེན་པོ་ཇི་བཞིན་དུ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ལུང་གི་ལྷག་མ་རྫོགས་སོ།། །།
༅། །ཚོགས་ཆེན་འདུས་པའི་ཞི་འཛབ། གསང་སྔགས་འདུས་པ་ཆེན་པོའི་དབང་གི་འཛབ་ཀྱི་ལས་ཀྱི་གོ་རིམས་བསྟན་པ་ལ། ཞི་བ་དང་། ཁྲོ་བོ་དང་། རིག་འཛིན་གསུམ་གྱི་དང་པོ་ཞི་བའི་འཛབ་བྱ་བ་ལ། དོན་གཉིས་ལས། དང་པོ་འཛབ་ཁང་དབྱེ་བ་ནི། ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་དབུས་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆགས་གང་གིས་མཐོ་བ་ལ་རྒྱལ་བ་སངས་རྒྱས་བཞི་བཅུ་རྩ་གཉིས། ལྷའི་ངོ་བོར་བཀོད་ནས་བཞུགས་པ་དེ་གསལ་བཏབ་པར་བྱ་སྟེ། དེ་ཡང་འབྱུང་བ་རིམ་རྩེག་སྐྱེད་ནས། བྷྲུྂ་གི་འཕྲོ་འདུ་ལས། བྷྲུྂ་བི་ཤ་བྷི་ཤུད་དྷེ། བཛྲ་ཛྙ་ན། ཙཀྲ། རཏྣ། པདྨ། ཀརྨ། གྷན་དྷ། སུརྱ། ཙནྟྲ། པདྨ་མཎྜལ། ཞེས་བརྗོད་པས་གཞལ་ཡས་ཁང་དེ་ཉིད། དབུས་ལྟེ་བ་ཟླུམ་པོ། འཁོར་ལོ་རྩིབས་བཞི་གང་རོས་དང་ལྡན་པ། གྲུ་ཆད་བཞི་ལ་གློ་འབུར་བཞི། ལྷ་སྣམ་ལ་སྒོ་དང་སྒོ་ཁྱུད་ལྡན་པ། རྟ་བབས་དང་འདོད་ཡོན་དང་། ཕ་གུ་དང་། དྲྭ་བ་དྲྭ་ཕྱེད་ལ་སོགས་པ་མཛེས་ཤིང་། ཐ་མ་པདྨ་དང་རྡོ་རྗེ་ར་བས་ཡོངས་སུ་འཁོར་བར་བྱས་པའི་གཞལ་ཡས་ཁང་ཡོངས་སུ་གསལ་བར་བྱས་པའི་དབུས་སུ་ལྷའི་གཙོ་བོ་ཀུན་བཟང་ཡབ་ཡུམ་གཉིས། ཧཱུྃ་ཧཱུྃ་ཧཱུྃ བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨ་བཛྲ་བྷ་ཏྲ་ས་མནྟ་ཨ། ཞེས་ཀུན་བཟང་ཡབ་ཡུམ་དབུས་སུ་བསྐྱེད། དེའི་མདུན་དུ་རྡོ་རྗེ་མི་བསྐྱོད་པ་ཡབ་ཡུམ་བསྐྱེད་ནས། རྒྱལ་བ་ཞི་བའི་ལྷོ་ཕྱོགས་ཐམས་ཅད་རང་རང་གི་གནས་སུ་བསྐྱེད་ནས། དེ་ལ་ཤུ་ནྱ་ཏས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ལ། ས་མན་ཛས་སྙན་གསན་དབབ། ཨེ་ཧ་ཧིས་སྤྱན་དྲངས། ཛ་ཧཱུྃ་བྂ་ཧོས་བསྟིམ། ཀ་ཡ་ཝཀ་ཙིཏྟ ས་བརྟན་པར་བཞུགས་སུ་གསོལ། མཆོད་པ་གཞན་དབུལ་མི་དགོས། ལྷག་པའི་ཏིང་ངེ་འཛིན་བསྡུས་པ་དང་། གླུ་ཡེ་ཤེས་བསྡུས་པས་བསྟོད་པ་བྱ་བ་ནི། འཛབ་ཁང་དབྱེ་བའོ། །གཉིས་པ་འཛབ་དབུལ་བ་དངོས་ལ། ལྷ་བསྐུལ་བ་དང་། རྟོག་པའི་གནས་གསལ་གདབ་ཅིང་འཛབ་བྱ་བ་དང་། སྟོད་པ་བྱ་བ་དང་གསུམ་གསུམ་སྟོན་པའི་ཐོག་མ། ལྷ་བསྐུལ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨ་བཛྲ་བྷ་ཏྲ་ས་མནྟ་ཨ། ཞེས་པའི་སྔགས་ཀྱིས་ཀུན་བཟང་ཡབ་ཡུམ་གསལ་བར་བྱས་ལ། རང་གི་སྙིང་ཁ་ནས་འོད་ཟེར་གཙོ་བོའི་ཐུགས་ཁར་སྤྲོས་པས། གཙོ་བོ་ཀུན་བཟང་ཡབ་ཡུམ་ལ་ཕོག་པས་བརྒྱུད་མཉེས། གཙོ་བོའི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་རང་ལ་ཕོག་པས། རང་གི་སྣོད་ངན་པའི་བག་ཆགས་དང་དྲི་མ་ཀུན་དག་པ་ལ། དབུས་ཀྱི་ཀུན་བཟང་ཡབ་ཡུམ་ཞལ་འཛུམ་པ་དང་བཅས་ནས། བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་བསམས་ལ། བསྐུལ་བའི་ཚིག་ནི། ཧཱུྃ་རིག་པ་གསུང་གིས་བྱིན་བརླབས་ཀྱིས། །ལྗགས་ཀྱི་རྩེ་ལ་བཀྲམ་ནས་ནི། །དུ་མ་ཉིད་དུ་སོ་སོར་གོ། །འཁོར་ལོ་འབར་བའི་ལྟེ་དབུས་ནས། །སེང་ཆེན་སྣོལ་བའི་ཁྲི་སྟེངས་ནས། །རིན་ཆེན་ཉི་ཟླ་པདྨའི་གདན་སྟེངས་ནས། །ཨེ་མ་ཀུན་བཟང་རྡོ་རྗེ་ཉིད། །རིག་པ་ཚུལ་སྣང་སངས་རྒྱས་པ། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །དང་པོ་བྱང་ཆུབ་མཆོག་གི་རྒྱ། །བར་པ་རྡོ་རྗེ་དྲིལ་བུ་འཛིན། །ཐ་མ་མཉམ་བཞག་ཡེ་ཤེས་འཕྲོ། །ཡུམ་གྱི་དམ་པར་མཚན་གསོལ་བ། །ཕྱི་ཡི་ཡུལ་ལས་སངས་རྒྱས་པ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས། །ཐབས་དང་ཤེས་རབ་འབྲེལ་བའི་ཡུམ། །བྱ་བ་མོ་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱིས། །ཡི་དམ་ལྷ་ལ་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཧཱུྃ་ཡིད་ཤེས་རང་རིག་མ་སྐྱེས་སེམས། །ཀུན་བཟང་ཡབ་ཀྱི་རང་བཞིན་ལ། །ཏིང་འཛིན་བྱེད་པར་དབང་བསྐུར་ནས། །མ་ལུས་ཀུན་གྱི་བྱེད་པར་ཤོག །ཆོས་ཀྱི་སྐྱེ་མཆེད་མ་སྐྱེས་སེམས། །ཀུན་བཟང་ཡུམ་གྱི་རང་བཞིན་ལ། །ཏིང་འཛིན་བྱ་བར་དབང་བསྐུར་ནས། །ཆོས་རྣམས་ཀུན་ཀྱང་བྱ་བར་ཤོག །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨ་བཛྲ་བྷ་ཏྲ་ས་མནྟ་ཨ། ཧཱུྃ་ཧཱུྃ་བྱང་ཆུབ་སེམས་མཆོག་ཡེ་ཤེས་རྡོ་རྗེའི་ཐུགས། །སྲིད་གསུམ་དབང་བསྡུད་ཐམས་ཅད་མཁྱེན་པའི་དཔལ། །བསྙེལ་བ་མི་མངའ་འགྲོ་བའི་སྐྱབས་མཛད་པ། །ཀུན་བཟང་རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །ཧཱུྃ་གདོད་ནས་མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས། །མི་སྐྱེ་མི་འགག་དངོས་པོ་འཛིན་དང་བྲལ། །འབྱུང་བྱེད་ཐམས་ཅད་བསྐྱེད་པས་ཡུམ་གྱི་ཚུལ། །བཟང་མོ་བྱ་བ་མོ་ལ་ཕྱག་འཚལ་ལོ། །དེ་ནས་དབུས་ཀྱི་གཙོ་བོ་ཀུན་བཟང་ཡབ་ཡུམ་གྱི་མདུན་དུ། རྡོ་རྗེ་མི་བསྐྱོད་པ་ཡབ་ཡུམ། ཧཱུྃ་བཛྲ་དྷྲིཀ །མུྂ་དྷ་དུ་ཤྭ་རི་ཞེས་རྩ་བའི་སྔགས་བརྗོད་ནས། ཞལ་གསུམ་ཕྱག་དྲུག་པར་བསྐྱེད་ལ། ལྷ་བསྐུལ་བ་དང་། རྟོག་པའི་གནས་གསལ་བཏབ། བསྐུལ་བའི་ཚིག་ནི། ཧཱུྃ་རིག་པ་གསུང་གི་བྱིན་རླབས་ཀྱིས། །ལྗགས་ཀྱི་རྩེ་ལ་བཀྲམ་ནས་ནི། །དུ་མ་ཉིད་དུ་སོ་སོར་གོ། །འཁོར་ལོ་འབར་བའི་ལྟེ་དབུས་ནས། །སེང་ཆེན་བསྣོལ་བའི་ཁྲི་སྟེངས་ནས། །རིན་ཆེན་ཉི་ཟླ་པདྨའི་གདན་སྟེངས་ནས། །སྟོན་པ་རྡོ་རྗེ་སེམས་དཔའ་གཙོ། །སྐུ་མདོག་མཐིང་ཁ་འོད་དུ་འབར། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །གཡས་པ་གསུམ་ན་སྣམས་པ་ནི། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །གཡོན་པ་གསུམ་ན་སྣམས་པ་ནི། །དྲིལ་བུ་པདྨ་རལ་གྲི་འབར། །ཡུམ་གྱི་དམ་པར་མཚན་གསོལ་བ། །ཀུན་ཏུ་བཟང་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱིས། །ཡི་དམ་ལྷ་ལ་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རྟོག་པ་གསལ་གདབ་པ། ཧཱུྃ་རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །འཛབ་བྱ་བ། ཧཱུྃ་བཛྲ་དྷྲིཀ །མུྂ་དྷ་དུ་ཤྭ་རི། བསྟོད་པ་བྱ་བ། ༀ་ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་སྟོང་པ་ཉིད་ཀྱི་ཚུལ་འཛིན་ཅིང་། །ཡོན་ཏན་ཡེ་ཤེས་ལྔ་དོན་ཐུགས་ཆུད་པའི། །རྒྱལ་མཆོག་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་རྡོ་རྗེ་དབྱིངས་སུ་བསལ། །རྡོ་རྗེ་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་རྣམ་རྟོག་མི་མངའ་ཆ་འཛིན་ཅིང་། །རྒྱལ་ཡུལ་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །འཛབ་ཕལ་ཆེ་ན་བསྟོད་བཤགས་གསུང་ཡང་། བླ་མ་རྩོན་སེང་པ་བཤགས་པ་སྔོན་ལ་བྱེད་གསུང་། འཛབ་བཤགས་ཡིན་པས་འཛབ་བགྲངས་ནས་བྱེད་གསུང་། རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །ཕུང་པོ་རྒྱལ་བའི་རིགས་སུ་མ་རྟོགས་པས། །རྣམ་ཤེས་ཕུང་པོ་རྣམ་པར་རྟོག་པ་རྣམས། །རྡོ་རྗེ་མི་བསྐྱོད་སྐུ་ལ་བཟོད་པར་གསོལ། །དེ་བཞིན་དུ་འབྱུང་བ་ནམ་མཁར་རྣམ་པར་རྟོག་པ་སོགས་སྦྱར་རོ། །རྣམ་ཤེས་དབང་པོ་ཡུལ་དུས་ལུས་རྟོག །ལོག་རྟོག་ཉོན་མོངས་སངས་རྒྱས་ཞེ་གཉིས་སུའོ། །དེ་ནས་ཤར་གྱི་འཁོར་ལོའི་རྩིབས་ལ། རྣམ་སྣང་ཞལ་གསུམ་ཕྱག་དྲུག་པར། །ༀ་འཛི་ན་ཛྷིཀ །ལྂ་ཏེ་ཤྭ་ར་ཏི། ཞེས་རྩ་བའི་སྔགས་ཀྱིས་བསྐྱེད་ལ། བསྐུལ་བ་ནི། ཧཱུྃ་ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ནས། །གླང་ཆེན་སྣོལ་བའི་ཁྲི་སྟེངས་ནས། །རིན་ཆེན་ཉི་ཟླ་པདྨའི་གདན་སྟེངས་ནས། །བཅོམ་ལྡན་རྣམ་པར་སྣང་མཛད་གཙོ། །སྐུ་མདོག་དཀར་པོ་འོད་ཟེར་འབར། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །གཡས་སྔོ་གཡོན་དམར་དབུས་དཀར་ཞལ། །གཡས་པ་གསུམ་ན་སྣམས་པ་ནི། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །གཡོན་པ་གསུམ་ན་སྣམས་པ་ནི། །དྲིལ་བུ་པདྨ་རྒྱ་གྲམ་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །སངས་རྒྱས་སྤྱན་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱིས། །ཡི་དམ་ལྷ་ལ་མཆོད་པར་འབུལ། །བླ་མེད༴ ཧཱུྃ་གཟུགས་ཕུང ༴ སེམས་ཕྱིར་མཚན་ཉིད༴ སྣང་མཛད་ཡབ་ཡུམ་༴ ཏིང་འཛིན་སྐུ་རུ༴ དངོས་གྲུབ་ལས་རྣམས༴ ༀ་འཛི་ན་ཛྷིཀ །ལམ་ཏེ་ཤྭ་ར་ཏི། ཨ་ཆོས་སྐུ་ནམ་མཁའ༴ གཟུགས་སྐུ་མེ་ལོང་ལྟ་བུའི༴ ཡོན་ཏན་ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །རྒྱལ་མཆོག་རྣམ་སྣང་མཛད་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་རྡོ་རྗེ་དབྱིངས་སུ་གསལ། །དེ་བཞིན་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་ཡོད་མེད་སྟོང་པའི་ཆ་འཛིན་ཅིང་། །རྒྱལ་ཡུམ་སངས་རྒྱས་སྤྱན་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ་རིན་འབྱུང་ཞལ་གསུམ་ཕྱག་དྲུག་པར། སྂ་རཏྣ་དྷྲིཀ །མྂ་མོ་ཧ་ར་ཏི། ཞེས་རྩ་སྔགས་ཀྱིས་བསྐྱེད་ལ། བསྐུལ་བ་ནི། ཧཱུྃ་ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ནས། །རྟ་མཆོག་བསྣོལ་བའི་ཁྲི་སྟེངས་ནས། །རིན་ཆེན་ཉི་ཟླ་པདྨའི་གདན་སྟེངས་ནས། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གཙོ། །སྐུ་མདོག་སེར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། གཡས་དཀར་གཡོན་དམར་དབུས་སེར་ཞལ། །གཡས་པ་གསུམ་ན་སྣམས་པ་ནི། །རིན་ཆེན་འཁོར་ལོ་རྡོ་རྗེ་གཡས། །གཡོན་པ་གསུམ་ན་སྣམས་པ་ནི། །དྲིལ་བུ་པདྨ་རྒྱ་གྲམ་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །མ་མཱ་ཀི་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱིས། །ཡི་དམ་ལྷ་ལ་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཧཱུྃ་ཚོར་བ་ཆུ་ཡི་ངོ་བོ་ཉིད། །སེམས་ཕྱིར༴ འབྱུང་ལྡན༴ ཏིང་འཛིན་ཡོན་ཏན་དུ༴ དངོས་གྲུབ༴ སྂ་རཏྣ་དྷྲིཀ །མྂ་མོ་ཧ་ར་ཏི། ༀ་ཆོས་སྐུ༴ གཟུགས་སྐུ་མཉམ་པ་ཉིད་ཀྱི་ཚུལ་འཛིན་ཅིང་། །ཡོན་ཏན་ཡིད་བཞིན་རེ་བ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་འབྱུང་ལྡན་ལ༴ ༀ་དོམ་དམ༴ རིན་ཆེན་དབྱིངས་ཕྱུག༴ ཡོན་ཏན་དང་བདག་མེད་ཆ་འཛིན་ཅིང་། །ཡོན་ཏན་ཡིད་བཞིན་རེ་བ་སྐོང་མཛད་པ། །རྒྱལ་ཡུམ་མ་མ་ཀི་ལ༴ ནུབ་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ་སྣང་བ་མཐའ་ཡས་ཞལ་གསུམ་ཕྱག་དྲུག་པར། ༀ་ཨ་རོ་ལིཀ་པྱྂ་ར་ག་ར་ཏི། ཞེས་པས་བསྐྱེད་ལ། བསྐུལ་བ་ནི། ཧཱུྃ་ནུབ་ཕྱོགས་འཁོར་ལོའི༴ རྨ་བྱ་སྣོལ་བའི༴ རིན་ཆེན་ཉི་ཟླ༴ བཅོམ་ལྡན་སྣང་བ་མཐའ་ཡས་ནི། སྐུ་མདོག་དམར་པོ་འོད་དུ་འབར། །ཞལ་གསུམ༴ གཡས་སེར་གཡོན་ལྗང་དབུས་དམར་ཞལ། །གཡས་པ་གསུམ་ན༴ པདྨ་འཁོར་ལོ་རིན་ཆེན་གཡས། །གཡོན་པ་གསུམ་ན༴ དྲིལ་བུ་རྡོ་རྗེ་རྒྱ་གྲམ་གཡོན། །ཡུམ་གྱི་དམ་པར༴ ན་བཟའ་དཀར་དང་གཉིས་སུ་མེད། །བདག་གི་ཡི་དམ༴ ཡིད་དམ་ལྷ་ལ༴ བླ་མེད༴ ཧཱུྃ་འདུ་ཤེས་མེ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །མཐའ་ཡས་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་གསུམ་དུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་སོ་སོར་རྟོོགས་པའི་ཚུལ་འཛིན་ཅིང་། །ཡོན་ཏན་མཐའ་གཉིས་སྐྱོན་གྱིས་མ་གོས་པའི། །རྒྱལ་མཆོག་སྣང་མཐའ་ཡས་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་རྡོ་རྗེ་དབྱིངས་སུ་གསལ། །པདྨ་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་སྤྱི་དང་རང་གི་ཆ་འཛིན་མ། །རྒྱལ་ཡུམ་ན་བཟའ་དཀར་ལ་ཕྱག་འཚལ་ལོ། །དེ་ནས་བྱང་གི་འཁོར་ལོ་ལ་དོན་གྲུབ་ཞལ་གསུམ་ཕྱག་དྲུག་པར། ཧ་པྲད་ཉྫ་དྷིཀ །ཏྂ་བཛྲ་ར་ཏི། ཞེས་རྩ་སྔགས་ཀྱིས་བསྐྱེད་ནས། ཧཱུྃ་བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ནས། །ཤང་ཤང་སྣོལ་བའི་ཁྲི་སྟེངས་ནས། །རིན་ཆེན་ཉི་ཟླ་པདྨའི་གདན་སྟེངས་ནས། །བཅོམ་ལྡན་དོན་ཡོད་གྲུབ་པ་ནི། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །གཡས་པ་གསུམ་ན་སྣམས་པ་ནི། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས། །གཡོན་པ་གསུམ་ན༴ དྲིལ་བུ་རིན་ཆེན་པདྨ་གཡོན། །ཡུམ་གྱི་དམ་པར༴ དམ་ཚིག་སྒྲོལ་དང་གཉིས་སུ་མེད། །བདག་གི་ཡི་དམ༴ ཡི་དམ་ལྷ་ལ༴ བླ་མེད༴ ཧཱུྃ་འདུ་བྱེད་རླུང་གི༴ སེམས་ཕྱིར༴ དོན་གྲུབ་ཡབ་ཡུམ༴ ཏིང་འཛིན་ཕྲིན་ལས༴ དངོས་གྲུབ་ལས་རྣམས༴ ཧ་པྲད་ཉ་དྷྲིཀ །ཏྂ་བཛྲ་ར་ཏི། ༀ་ཆོས་སྐུ༴ གཟུགས་སྐུ་བྱ་བ་གྲུབ་པ་ཡི། །ཡོན་ཏན་ཕྲིན་ལས་སྣ་ཚོགས་དོན་མཛད་པའི། །རྒྱལ་མཆོག་དོན་ཡོན་གྲུབ་ལ༴ ༀ་དོན་དམ་གཉིས་མེད༴ ལས་ཀྱི་དབྱིངས་ཕྱུག༴ ཡོན་ཏན་བདག་གཞན་དོན་གྲུབ་ཆ་འཛིན་མ། །རྒྱལ་ཡུམ་དམ་ཚིག་སྒྲོལ་མ་ཕྱག་འཚལ་ལོ། །དེ་ནས་སེམས་དཔའི་འཛབ་ལ། །ས་སྙིང་ཡབ་ཡུམ་ཤར་ལྷོའི་གོང་རས་ལ། །ཀྵི་ཧི་ར་ཙ་ཡ། ཧཱུྃ་ལ་སྱེ་ས་མ་ཡ་སྟོམ་ཕཊ་ཛ། ཞེས་པས་བསྐྱེད་ལ། བསྐུལ་བ་ནི། ཧཱུྃ་ཤར་ལྷོའི་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི་གདན་སྟེངས་ན། །བྱང་ཆུབ་ས་ཡི་སྙིང་པོ་དང་། །ཡུམ་ཆེན་ལ་སྱེ་སྒེག་མོ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་དང་ཉོན་མོངས་བག་ཆགས་སྦྱང་དུ་གསོལ། །མིག་གཟུགས་སེམས་ཕྱིར་མ་སྐྱེས་པས། །ས་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔའ་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵི་ཧི་བསྒྲང་། ཧཱུྃ་མེ་ལོང་ལྟ་བུའི་ཡེ་ཤེས་ཁྱད་པར་ལས། །མཚན་དཔེར་ལྡན་པ་སེམས་དཔའི་སྐུར་སྟོན་ཅིང་། །ཡོན་ཏན་ཆེ་བའི་ཡོན་ཏན་བསྐྱེད་མཛད་པས། །རྒྱལ་སྲས་ས་སྙིང་སྐུ་ལ་ཕྱག་འཚལ་ལོ། །གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་ཁྱད་པར་ལས། །མཚན་དཔེར་ལྡན་པའི་ལྷ་མོའི་སྐུར་སྟོན་ཅིང་། །ཡོན་ཏན་རྣམ་རྟོག་ཟིལ་གྱིས་གནོན་མཛད་མ། །ལ་སྱེ་དཀར་མོའི་སྐུ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་ཀྱི་གོང་རས་ལ་ནམ་མཁའི་སྙིང་པོ་ཡབ་ཡུམ༴ ཏྲྂ་ཨ་གར་བྷ་ཡ། ཏྲྂ་མ་ལྱེ་ས་མ་ཡ་སྟོམ་ཕཊ་ཛ། ཧཱུྃ་ལྷོ་ནུབ་འཁོར་ལོའི༴ ཉི་ཟླ་པདྨའི༴ བྱང་ཆུབ་ནམ་མཁའི་སྙིང་པོ་དང་། །ཡུམ་ཆེན་ལྷ་མོ་མ་ལྱེ་གཉིས། །གཉིས་མེད༴ ལས་དང་ཉོན་མོངས༴ སྣ་དྲི་སེམས་ཕྱིར་མ་སྐྱེས་པས། །ནམ་སྙིང་ཡབ་ཡུམ༴ ཏིང་འཛིན་སེམས་དཔར༴ སྤྱོད་ཡུལ་ཡོངས་སུ༴ ཏྲྂ་ཨ་གར་བྷ་བསྒྲང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །མཚན་དཔེར༴ ཡོན་ཏན་རྣམ་རྟོག་དྲ་བ་གཅོད་མཛད་པ། །རྒྱལ་སྲས་ནམ་སྙིང་སྐུ་ལ༴ གཉིས་མེད་ཆོས་ཀྱི་དབྱིངས༴ མཚན་དཔེར༴ ཡོན་ཏན་འཁོར་བ་ཟིལ་གྱིས་གནོན་མཛད་པ། །མ་ལྱེ་ཕྲེང་བ་མ་ལ༴ ནུབ་བྱང་གི་གོང་རས་ལ་སྤྱན་རས་གཟིགས་ཡབ་ཡུམ། ཧྲཱི་ཧ་ཧཱུྃ་པདྨ་བ་ད་མ། ཧྲཱི་གྷྲིར་རྟི་ར་ཧོ་ཧྂ་ཕཊ་ཛ། ཞེས་བསྐྱེད། ཧཱུྃ་ནུབ་བྱང་འཁོར་ལོའི༴ ཉི་ཟླ་པདྨའི༴ བྱང་ཆུབ་སྤྱན་རས་གཟིགས་དབང་དང་། །ཡུམ་ཆེན་ལྷ་མོ་གྷིར་རྟི་གཉིས། །གཉིད་མེད༴ ལས་དང་ཉོན་མོངས༴ ལྕེ་རོའི་སེམས་ཕྱིར༴ སྤྱན་རས་གཟིགས་དབང་ཡབ་ཡུམ༴ ཏིང་འཛིན་སེམས་དཔར༴ སྤྱོད་ཡུལ་ཡོངས་སུ༴ ཧྲཱི་ཧ་ཧོ་བསྒྲང་། ཧཱུྃ་སོ་སོར་རྟོག་པའི་ཡེ་ཤེས༴ མཚན་དཔེར༴ ཡོན་ཏན་མཐའ་ཡི་དྲི་མས་མ་གོས་པ། །རྒྱལ་སྲས་སྤྱན་རས་གཟིགས༴ གཉིས་མེད༴ མཚན་དཔེར༴ ཡོན་ཏན་གཉིས་མེད་དོན་གྱིས་ཚིམ་མཛད་པ། །གྷིར་རྟི་གླུ་དབྱངས་མ་ལ༴ བྱང་ཤར་གྱི་གོང་རས་ལ་ཕྱག་རྡོར་ཡབ་ཡུམ། ཛྷིཾ་ཀུ་རུ་པ་ན་ཧྲི། ཨ་ནིརྟི་ར་ག་ཡ་མི་ཕཊ་ཛ། ཞེས་པས་བསྐྱེད། ཧཱུྃ་བྱང་ཤར་འཁོར་ལོའི༴ ཉི་ཟླ་པདྨའི༴ བྱང་ཆུབ་ཕྱག་ན་རྡོ་རྗེ་དང་། ཡུམ་ཆེན་ལྷ་མོ་ནིརྟི་གཉིས། །གཉིས་མེད༴ ལས་དང་ཉོན་མོངས༴ རྣ་སྒྲ་སེམས་ཕྱིར༴ ཕྱག་རྡོར་ཡབ་ཡུམ༴ ཏིང་འཛིན་སྤྱོད་ཡུལ༴ ཛྷིཾ་ཀུ་རུ་པ་ན་བསྒྲང་། ཧཱུྃ་བྱ་བ་གྲུབ་པའི་ཡེ་ཤེས༴ མཚན་དཔེར༴ ཡོན་ཏན་རྣམ་རྟོག་མ་ལུས་འཇོམས་མཛད་པ། །རྒྱལ་སྲས་ཕྱག་རྡོར་སྐུ་ལ༴ ཧཱུྃ་གཉིས་མེད་ཆོས་ཀྱི༴ མཚན་དཔེར༴ ཡོན་ཏན་ཕྲིན་ལས་སྣ་ཚོགས་རྫོགས་མཛད་མ། །ནིརྟི་གར་བསྒྱུར་མ་ལ༴ དེ་ནས་ཕྱིའི་སེམས་དཔའ་བཞིའི་འཛབ་ནི། ཤར་ལྷོའི་གྲུ་ཆད་ལ། བྱམས་པ་ཡབ་ཡུམ། མེ་དྷ་ར་ནི་སྭཱ་ཧཱ། ཛ་དྷུཔྤེ་པྲ་བེ་ཤ་ཡ་ཕཊ་ཛ་ཞེས་བསྐྱེད། ཧཱུྃ་དཀྱིལ་འཁོར་ཤར་ལྷོའི་གྲུ་ཆད་ལ། ཉི་ཟླ་པདྨའི༴ བྱང་ཆུབ་བྱམས་པ་མེ་ཏྲི་དང་། །ཡུམ་ཆེན་ལྷ་མོ་དྷུཔྤེ་གཉིས། །གཉིས་མེད་རོལ༴ ལས་དང་༴ ཧཱུྃ་མིག་དབང་འདས་དུས་མ་སྐྱེས་པས། །བྱམས་པ་ཡབ་ཡུམ༴ ཏིང་འཛིན༴ སྤྱོད་ཡུལ་ཡོངས་སུ༴ མཻ་དྷ་ར་ནི་བསྒྲང་། ཧཱུྃ་ཡེ་ཤེས་རིག་པ་ཐུགས་ཀྱི་ཁྱད་པར་ལས། མཚན་དཔེར༴ ཡོན་ཏན་རྒྱལ་བའི་ཡོན་ཏན་རྒྱས་མཛད་པ། །རྒྱལ་སྲས་བྱམས་པའི་སྐུ་ལ༴ ཧཱུྃ་སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །མཚན་དཔེར༴ ཡོན་ཏན་སྐྱེ་མེད་དོན་ཉིད་སྟོན་མཛད་པ། །ལྷ་མོ་དྷུཔྤེ་མ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་ཀྱི་གྲུ་ཆད་ལ་སྒྲིབ་སེལ་ཡབ་ཡུམ༴ ཐླྷིཾ་ནི་ས་རྂ་པ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨ་བེ་ཤ་ཡ་ཕཊ་ཛ། ཧཱུྃ་དཀྱིལ་འཁོར་ལྷོ་ནུབ། ཉི་ཟླ་པདྨ༴ བྱང་ཆུབ་སྒྲིབ་པ་རྣམ་སེལ་དང་། །ཡུམ་ཆེན་ལྷ་མོ་པུཥྤེ་གཉིས། །གཉིས་མེད༴ ལས་དང་༴ རྣ་དབང་ད་ལྟར་མ་སྐྱེས་སེམས། །སྒྲིབ་སེལ་ཡབ་ཡུམ༴ ཏིང་འཛིན༴ སྤྱོད་ཡུལ་ཡོངས་སུ༴ ཐླྷིཾ་ནི་བསྒྲང་། ཧཱུྃ་ཡེ་ཤེས་རིག་པ་ཐུགས་ཀྱི་བྱིན་རླབས་ལས། མཚན་དཔེར་ལྡན་པ༴ ཡོན་ཏན་སྐྱེ་མེད་ཆོས་སྐུར་སྟོན་མཛད་པ། །རྒྱལ་སྲས་སྒྲིབ་སེལ་སྐུ་ལ༴ ཧཱུྃ་སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི༴ མཚན་དཔེར༴ ཡོན་ཏན་རིག་པ་ཉིད་ལས་འཆར་མཛད་པ། །ལྷ་མོ་པུཥྤེ་མ་ལ༴ ནུབ་བྱང་གི་གྲུ་ཆད་ལ་ཀུན་བཟང་ཡབ་ཡུམ། ཧཱུྃ་ས་ར་ཙ་ཡ་སྭཱ་ཧཱ། བྂ་དི་བ་སུ་ཀི་ནི་ཕཊ་ཛ་ཞེས་པས་བསྐྱེད་ལ། ཧཱུྃ་དཀྱིལ་འཁོར་ནུབ་བྱང་གྲུ་ཆད་ལ། །ཉི་ཟླ་པདྨའི༴ བྱང་ཆུབ་ཀུན་ཏུ་བཟང་པོ་དང་། །ཡུམ་ཆེན་ལྷ་མོ་ཨ་ལོ་ཀེ། གཉིས་མེད༴ ལས་དང༴ རྣ་དབང་མ་འོངས་མ་སྐྱེས་སེམས། །ཀུན་བཟང་ཡབ་ཡུམ༴ ཏིང་འཛིན༴ སྤྱོད་ཡུལ་ཡོངས་སུ༴ ཧཱུྃ་ས་ར་ཙ་ཡ་བསྒྲང་། ཧཱུྃ་ཡེ་ཤེས་རིག་པ༴ མཚན་དཔེར༴ ཡོན་ཏན་འབྲས་བུའི་ཆོས་རྣམས་རྫོགས་མཛད་པ། །རྒྱལ་སྲས་ཀུན་ཏུ་བཟང་ལ༴ ཧཱུྃ་སྐྱེ་མེད༴ མཚན་དཔེར༴ ཡོན་ཏན་རིག་པ་ཉིད་ལ་གསལ་མཛད་མ། །ལྷ་མོ་ཨ་ལོ་ཀེ་ལ༴ བྱང་ཤར་གྱི་གྲུ་ཆད་ལ་འཇམ་དཔལ་ཡབ་ཡུམ། མུྂ་ཤྲི་ཨ་ཏྂ་ག་ཡ། ཧོ་གྷནྡྷེ་ཙིཏྟ་ཧོ་ཕཊ་ཛ་ཞེས་བསྐྱེད་ལ། ཧཱུྃ་དཀྱིལ་འཁོར་བྱང་ཤར་གྲུ་ཆད་ལ། །ཉི་ཟླ་པདྨའི༴ བྱང་ཆུབ་འཇམ་དཔལ་གཞོན་ནུ་དང་། །ཡུམ་ཆེན་ལྷ་མོ་གྷནྡྷེ་གཉིས། །གཉིས་མེད༴ ལས་དང་༴ ལྕེ་དབང་མ་ངེས་མ་སྐྱེས་སེམས། །འཇམ་དཔལ་ཡབ་ཡུམ༴ ཏིང་འཛིན༴ སྤྱོད་ཡུལ༴ ཧཱུྃ་ཡེ་ཤེས་རིག་པ༴ མཚན་དཔེར༴ ཡོན་ཏན་འཁོར་བའི་མཚན་ཉིད་རྟོགས་མཛད་པ། །རྒྱལ་སྲས་འཇམ་པའི་དཔལ་ལ༴ ཧཱུྃ་སྐྱེ་མེད་ཆོས་ཀྱི་དབྱིངས༴ མཚན་དཔེར༴ ཡོན་ཏན་མཐའི་སྐྱོན་རྣམས་དག་མཛད་མ། ལྷ་མོ་གྷནྡྷེ་མ་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་སྣམ་ལ་ཀུན་བཟང་ཡབ་ཡུམ༴ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨ་བཛྲ་བྷ་ཏྲ་ས་མནྟ་ཨ། ཞེས་བསྐྱེད། གཞལ་ཡས་སྣམ་བུའི་ཤར་ནུབ་ནས། །རིན་ཆེན་ཉི་ཟླ་པདྨའི་གདན་སྟེངས་ན། །བཅོམ་ལྡན་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས། །མཉམ་བཞག་ཕྱག་རྒྱ་ཡེ་ཤེས་འོད་ཟེར་འཕྲོ། །མཉམ་བཞག་ཕྱག་རྒྱ་རྡོ་རྗེ་ཐལ་མོ་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད། །བདག་གི༴ ཡི་དམ༴ བླ་མེད༴ ཡིད་ཆོས་སེམས་ཕྱིར་མ་སྐྱེས་པ། །ཀུན་བཟང་ཡབ་ཡུམ༴ བྱེད་པོ་བྱ་བར་དབང་བསྐུར་ནས། །བྱེད་པོ་བྱ་བར་དབང་ཐོབ་ཤོག །འཛབ་བསྟོད། བཤགས། སྒོམ་དམིགས་མཐུན། ཆོས་སྐུ་ཀུན་བཟང་སྔར་རིགས་བདག་ཀུན་བཟང་ལས། ཁྱད་པར་ཞལ་གཅིག་ཕྱག་གཉིས་མཐིང་ཁའོ། །ཐུབ་པ་དྲུག་སྒྱུ་འཕྲུལ་བླ་མ་ནས་བཤད་པ་བཞིན་བསྐྱེད་དེ། ༀ་མུ་ནེ་ཀྲིཾ་སྭཱ་ཧཱ་མན་ཆད་བརྗོད་ལ་ཕཊ་ཛ། ཧཱུྃ་གཞལ་ཡས་སྣམ་བུའི་ཤར་ལྷོ་ནས། །རྣམ་དག་པདྨའི་གདན་སྟེངས་ནས། །ཐུབ་ཆེན་བརྒྱ་བྱིན་པི་ཝཾ་སྣམས། །སྐུ་མདོག་དཀར་པོ་ལྷ་རྣམས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འཆི་འཕོའི་སྡུག་བསྔལ་སྦྱང་དུ་གསོལ། །ཧཱུྃ་ཉོན་མོངས་དྲེགས་པ་མ་སྐྱེས་སེམས། །ལྷ་ཡི་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །མུ་ནེ་ཀྲིཾ་བསྒྲང་། ཧཱུྃ་མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །ང་རྒྱལ་འཇོམས་ཕྱིར་ལྷ་ཡི་ཐུབ་པར་སྤྲུལ། །ཐུགས་རྗེས་ལྟུང་བའི་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ལྷ་ཡི་ཐུབ་ལ་ཕྱག་འཚལ་ལོ། །བྱང་དུ་ལྷ་མིན་གྱི་ཐུབ་པ་བསྐྱེད་དེ། །ༀ་མུ་ནེ་ཧཱུྃ་དྲུྂ་སྭཱ་ཧཱ་ཕཊ་ཛ། ཧཱུྃ་གཞལ་ཡས་སྣམ་བུའི་བྱང་ཕྱོགས་ནས། །རྣམ་དག་པདྨའི་གདན་སྟེངས་ནས། །ཐུབ་པ་ཐག་བཟངས་གོ་ཆ་འཛིན། །སྐུ་མདོག་མཐིང་ཁ་ལྷ་མིན་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འཐབ་རྩོད་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་ཁོང་ཁྲོ་མ་སྐྱེས་སེམས། །ལྷ་མིན་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་ཧཱུྃ་དྲུྂ་སྭཱ་ཧཱ། ཧཱུྃ་མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །ཕྲག་དོག་འདུལ་ཕྱིར་ལྷ་མིན་ཐུབ་པར་སྤྲུལ། །ཐུགས་རྗེས་ཁོང་ཁྲོའི་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ལྷ་མིན་ཐུབ་ལ་ཕྱག་འཚལ་ལོ། །ལྷོར་མིའི་ཐུབ་པ་བསྐྱེད་དེ། ༀ་མུ་ནེ་སྲུྂ་སྭཱ་ཧཱ་ཞེས་བསྐྱེད། ཧཱུྃ་གཞལ་ཡས་སྣམ་བུའི་ལྷོ་ཕྱོགས་ནས། །རྣམ་དག་པདྨའི་གདན་སྟེངས་ནས། །ཐུབ་པ་བཅོམ་ལྡན་ཤཱཀྱ་ཐུབ། །གསེར་ཤང་པར་བུའི་ཚུལ་འཛིན་ཅིང་། །སྐུ་མདོག་སེར་པོ་མི་རྣམས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འགྱུར་བའི་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་འདོད་ཆགས་མ་སྐྱེས་སེམས། །མི་ཡི་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །མུ་ནེ་སྲུྂ་བཟླས། ཧཱུྃ་མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །འདོད་ཆགས་འཇོམས་ཕྱིར་མི་ཡི་ཐུབ་པར་སྤྲུལ། །ཐུགས་རྗེས་འཆི་འཕོའི་དུ་ཁ་ཞི་མཛད་པ། །བཅོམ་ལྡན་མི་ཡི་ཐུབ་ལ་ཕྱག་འཚལ་ལོ། །ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་བསྐྱེད་དེ། །ༀ་མུ་ནེ་བྲྂ་སྭཱ་ཧཱ་ཞེས་པས་བསྐྱེད། ཧཱུྃ་གཞལ་ཡས་སྣམ་བུའི་ནུབ་བྱང་ནས། །རྣམ་དག་པདྨའི་གནད་སྟེངས་ནས། །ཐུབ་པ་དམ་སྟན་པོ་ཏི་འཛིན། །སྐུ་མདོག་སེར་ནག་བྱོལ་སོང་འདྲེན། །ཐུགས་རྗེ་ཐུབ་པར་དབང་བསྒྱུར་ནས། །བཀོལ་སྤྱོད་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་གཏི་མུག་མ་སྐྱེས་སེམས། །བྱོལ་སོང་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་བྲྂ་སྭཱ་ཧཱ་ཞེས་བཟླས། ཧཱུྃ་མཉམ་ཉིད་གཏི་མུག་འཇོམས་ཕྱིར་བྱོལ་སོང་ཐུབ་པར་སྤྲུལ། ཐུགས་རྗེས་གླེན་ལྐུགས་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་བྱོལ་སོང་ཐུབ་པ་ལ་ཕྱག་འཚལ། །ལྷོ་ནུབ་ཏུ་ཡི་དྭགས་ཐུབ་པ་བསྐྱེད་དེ། །ༀ་མུ་ནེ་ཀྵཾ་སྭ་ཧཱ་ཕཊ་ཛ་ཞེས་པས་བསྐྱེད། ཧཱུྃ་གཞལ་ཡས་སྣམ་བུའི་ལྷོ་ནུབ་ནས། །རྣམ་དག་པདྨའི༴ ཐུབ་པ་ཁ་འབར་སྒྲོམ་བུ་འཛིན། །སྐུ་མདོག་དམར་ནག་ཡི་དྭགས་འདྲེན། །ཐུགས་རྗེ་བཀྲེས་སྐོམ་དུ་ཁ་སྦྱང་དུ་གསོལ། །ཉོན་མོངས་སེར་སྣ༴ ཡི་དྭགས༴ ཏིང་འཛིན༴ གདུལ་བྱ། མུ་ནེ་ཀྵཾ་སྭཱ་ཧཱ་བཟླས། ཧཱུྃ་མཉམ་ཉིད༴ སེར་སྣ་འཇོམས་ཕྱིར་ཡི་དྭགས་ཐུབ་པར་སྤྲུལ། །ཐུགས་རྗེ་བཀྲེས་སྐོམ་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ཡི་དྭགས་ཐུབ་པ་ལ་ཕྱག་འཚལ། །བྱང་ཤར་དུ། ༀ་མུ་ནེ་ཡེ་སྭཱ་ཧཱ་ཕཊ་ཛ་ཞེས་པས་དམྱལ་བའི་ཐུབ་པ་བསྐྱེད། ཧཱུྃ་གཞལ་ཡས་སྣམ་བུའི་བྱང་ཤར་ནས། །རྣམ་དག་པདྨའི་གདན་སྟེངས་ནས། །ཐུབ་པ་གཤིན་རྗེ་ཆོས་ཀྱི་རྒྱལ། །སྐུ་མདོག་དུད་ཁ་དམྱལ་བ་འདྲེན། །ཐུགས་རྗེ་ཚ་གྲང་སྡུག་བསྔལ་སྦྱང་དུ་གསོལ། །ཧཱུྃ་ཉོན་མོངས་ཞེ་སྡང་མ་སྐྱེས་སེམས། །དམྱལ་བའི་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་ཡེ་བཟླས། ཧཱུྃ་མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །ཞེ་སྡང་འཇོམས་ཕྱིར་དམྱལ་བའི་ཐུབ་པར་སྤྲུལ། །ཐུགས་རྗེ་ཚ་གྲང་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་དམྱལ་བའི་ཐུབ་ལ་ཕྱག་འཚལ་བསྟོད། །དེ་ནས་སྒོ་བཞིའི་ཤར་སྒོའི། གཤིན་རྗེ་གཤེད་ཡབ་ཡུམ། ཧཱུྃ་ཡ་མན་ཏ་ཀྲིཏ་ཧཱུྃ་ཕཊ། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ་ཕཊ་ཛ་ཞེས་བསྐྱེད་ལ། ཧཱུྃ་གཞལ་ཡས་ཤར་གྱི་སྒོ་ཁྱུད་ལ། །རྡོ་རྗེ་བྲག་གི་ཁྲི་སྟེངས་ནས། །ཉི་མ་གསལ་བའི་གདན་སྟེངས་ནས། །འཇོམས་པའི་ཁྲོ་རྒྱལ་གཤིན་རྗེ་གཤེད། །འགུགས་པའི་ལྷ་མོ་ལྕགས་ཀྱུ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ཤར་ཕྱོགས་དྲི་ཟའི་གདོན་རྣམས་གདུལ་དུ་གསོལ། །རེག་ཤེས་རྟག་པར་མ་སྐྱེས་སེམས། །གཤིན་རྗེ་གཤེད་ཡབ་ཡུམ་རང་བཞིན་ལས། ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་ཐར་བྱེད་ཤོག །ཧཱུྃ་ཡ་མན་ཏ་ཀྲིཏ་བསྒྲང་། ཧཱུྃ་མེ་ལོང་ལྟ་བུའི་ཡེ་ཤེས་བྱིན་རླབས་ལས། །དྲི་ཟ་འདུལ་ཞིང་ཁྲོ་བོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་ལྷ་ཡི་བུ་ཡི་བདུད་འཇོམས་པ། །ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད། །ཧཱུྃ་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཞིང་ཁྲོ་མོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་འཁོར་བའི་གནས་ནས་འདྲེན་མཛད་མ། །རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་བསྟོད། །ལྷོའི་སྒོར་སྟོབས་པོ་ཆེ་ཡབ་ཡུམ་བསྐྱེད་དེ། །ཧཱུྃ་བིཀ་ནན་ཏ་ཀྲིཏ་ཧཱུྃ་ཕཊ། ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ་ཕཊ་ཛ། ཧཱུྃ་གཞལ་ཡས་ལྷོ་ཡི་སྒོ་ཁྱུད་ལ། །རིན་ཆེན་བྲག་གི་ཁྲི་སྟེངས་ནས། །ཉི་མ་གསལ་བའི་གདན་སྟེངས་ནས། །འཇོམས་པའི་ཁྲོ་རྒྱལ་སྟོབས་ཆེན་དང་། །འཆིང་བའི་ལྷ་མོ་ཞགས་པ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ལྷོ་ཕྱོགས་གཤིན་རྗེའི་གདོན་རྣམས་གདུལ་དུ་གསོལ། །ཧཱུྃ་རེག་བྱ་ཆད་པ་མ་སྐྱེས་སེམས། །སྟོབས་ཆེན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་ཐར་བྱེད་ཤོག །ཧཱུྃ་བིག་ནན་བཟླས། ཧཱུྃ་མཉམ་ཉིད་ཡེ་ཤེས་ངང་ལས་མ་གཡོས་ཀྱང་། །གཤིན་རྗེ་འདུལ་ཞིང་ཁྲོ་བོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་འཆི་བདག་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་སྟོབས་པོ་ཆེ་ལ་ཕྱག་འཚལ་བསྟོད། །ཧཱུྃ་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །ཁྲོ་བ་འདུལ་ཕྱིར་ཞགས་པ་མ་རུ་སྤྲུལ། །ཐབས་ཀྱིས་བླ་མེད་གནས་སུ་འདྲེན་མཛད་པ། །རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་བསྟོད། །ནུབ་ཀྱི་སྒོར་རྟ་མགྲིན་ཡབ་ཡུམ་བསྐྱེད་དེ། ཧཱུྃ་པདྨ་ཏ་ཀྲིཏ་ཧཱུྃ་ཕཊ། ༀ་པདྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ་ཕཊ་ཛ། ཧཱུྃ་གཞལ་ཡས་ནུབ་ཀྱི་སྒོ་ཁྱུད་ལ། །རྡོ་རྗེ་བྲག་གི་ཁྲི་སྟེངས་ནས། །ཉི་མ་གསལ་བའི་གདན་སྟེངས་ནས། །འཇོམས་པའི་ཁྲོ་རྒྱལ་རྟ་མགྲིན་དང་། །སྡོམ་བྱེད་ལྷ་མོ་ལྕགས་སྒྲོག་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ནུབ་ཕྱོགས་ཀླུ་ཡི་གདོན་རྣམས་གདུལ་དུ་གསོལ། །ཧཱུྃ་རེག་བྱེད་བདག་འཛིན་མ་སྐྱེས་སེམས། །རྟ་མགྲིན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་ཐར་བྱེད་ཤོག །ཧཱུྃ་པདྨ་ཏ་ཀྲིཏ་བཟླས། ཧཱུྃ་སོ་སོར་རྟོག་པའི་ཡེ་ཤེས་བྱིན་རླབས་ལས། །ཀླུ་ཆེན་འདུལ་ཕྱིར་ཁྲོ་བོའི༴ ཐབས་ཀྱིས་ཕུང་པོའི་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །ཧཱུྃ་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་རྟ་མགྲིན་རྒྱལ་མོར་སྤྲུལ། །ཐབས་ཀྱིས་ཉོན་མོངས་གནས་ནས་འདྲེན་མཛད་མ། །ཉི་ཟླ་ལྕགས་སྒྲོག་མ་ལ་ཕྱག་འཚལ་བསྟོད། །བྱང་གི་སྒོར་བདུད་རྩི་འཁྱིལ་པ་ཡབ་ཡུམ་བསྐྱེད་དེ། ཧཱུྃ་པྲད་ཉན་ཏ་ཀྲིཏ་ཧཱུྃ་ཕཊ། ༀ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ་ཕཊ་ཛ་ཞེས་བསྐྱེད་ལ། ཧཱུྃ་གཞལ་ཡས་བྱང་གི་སྒོ་ཁྱུད་ལ། །རྡོ་རྗེ་བྲག་གི་ཁྲི་སྟེངས་ནས། །ཉི་མ་གསལ་བའི་གདན་སྟེངས་ནས། །འཇོམས་པའི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །འབེབས་པའི་ལྷ་མོ་དྲིལ་བུ་མ། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །བྱང་ཕྱོགས་གནོད་སྦྱིན་གྱི་གདོན་ཚོགས་འདུལ་དུ་གསོལ། རེག་འདུས་མཚན་འཛིན་མ་སྐྱེས་སེམས། །བདུད་རྩི་འཁྱིལ་པ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་ཐར་བྱེད་ཤོག །ཧཱུྃ་པྲད་ཉན་ཏ་ཀྲིཏ་བཟླས། ཧཱུྃ་བྱ་བ་གྲུབ་པའི་ཡེ་ཤེས་བྱིན་རླབས་ལས། གནོད་སྦྱིན་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །ཐབས་ཀྱིས་ཉོན་མོངས་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཧཱུྃ་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་མྱོས་བྱེད་མ་རུ་སྤྲུལ། །ཐབས་ཀྱིས་འགྲོ་བ་མ་ལུས་དོན་མཛད་མ། །རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །དེ་ནས་ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷར་དུ་ཨ། ཞེས་སྤྱིར་སྤྲོས་ལ་གསེར་གྱི་ས་གཞི་བརྗོད་ནས། བྷོ་དྷི་ཙིཏྟ་བཟླས། དེ་ནས་ཕྱོགས་བཅུ་དུས་བཞིས་བསྟོད་དོ། །ཡེ་ནས་མཉམ་ཉིད་ཀྱིས་བཤགས། ཡེ་ཤེས་རྒྱལ་པོའི་སྔགས་ཚིག་གིས་དངོས་གྲུབ་བསྐུལ། ཚོགས་དབུལ་ཞིང་རོལ་ལོ། །ཚོགས་ཆེན་འདུས་པའི་ཞི་བའི་འཛབ། ཨཐྎ།། །།
༅། །རིན་ཆེན་གསེར་གྱི་ས་གཞི་བརྡལ་བའི་སྟེང་། །གསེར་བཙོ་ལྟ་བུའི་ཡི་གེ་བྷྲུྂ། །རིན་ཆེན་སྣ་ལྔའི་རྒྱན་གྱིས་བརྒྱན། །རིན་པོ་ཆེ་ཡི་གཞལ་ཡས་ཁང་། །སེང་ཆེན་ཁྲི་དང་ཉི་ཟླ་པདྨའི་གདན་སྟེངས་ན། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་ལ་སོགས་པའི། །རྒྱལ་བ་བཞི་བཅུ་རྩ་གཉིས་བཞུགས་པ་ལ། །བཟླས་བརྗོད་གྲངས་དང་དུས་ཀྱི་བསྙེན་པ་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་ཨ་ལི་ཀ་ལི་ཛྙ་ན་པཉྩ་ས་ཏྭ་ཀྲོ་ཏ་མུ་ནེ་ཡེ་སྭཱ་ཧཱ། ཞེས་ཏེ། ཨ་ནུ་ལ་ཐེག་དགུ་དྲིལ་བའི་མདོའི་སྔགས། ༀ་ཨཱཿཧཱུྃ་གུ་ཡ་ཛྙ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ་ཧཱུྃ། ལུང་ཆེན་ཨ་ནུའི་ཐེག་པ་ལ། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །འདུ་འབྲལ་མེད་པའི་རྡོ་རྗེར་འོད། །འཇུག་སྒོ་ཅིག་ཆར་རིམས་ཀྱིས་སོ། །རྟོགས་པའི་ལྟ་བ་འདུ་འབྲལ་མེད། །ཅིག་ཆར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་རྫོགས། །རིམས་ཀྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམས་བཞུགས་ནས། །རྡོ་རྗེ་འཛིན་གྱི་ས་ལ་འབྲས་བུ་ཐོབ། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །གསང་སྔགས་དོན་སྟོན་རྟག་ཏུ་བཀུར་བར་བྱ། །གསང་སྔགས་དོན་དམ་སྟོན་པའི་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་པ་འབུལ། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ངོ་བོར་གནས། །མདོར་བསྡུས་དབྱིངས་དང་ཡེ་ཤེས་ནི། །ལུང་ཆེན་ཨ་ནུའི་གྲུབ་མཐའ་འོ། །མན་ངག་ཨ་ཏིའི་དགོངས་དོན་སྨོན། །དགེའོ།། །།
༅། །གསང་སྔགས་འདུས་པ་ཆེན་པོའི་ཞི་བའི་ལྷ་རྣམས་ཀྱི་འཛབ་ཟིན་ནས། ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་འཛབ་བྱ་སྟེ། སྔོན་ལ་འཛབ་ཁང་དབྱེ་བ་ནི། བྷྲུྂ་སྤར་སྂ་བྷྲུྂ་བི་ཤ་བི་ཤུདྡྷེ་བྷན་དྷ་ཛྙ་ན་ཙཀྲ་སུརྱ་ཙནྟྲ་པདྨ་ཨེ་མཎྜལ། དེ་བ་ཏིཥྚ་ནན། དུ་ཏི་ཙཀྲ་ནན། རཱུ་ཏྲ་ཀྲོ་ཏི་ར་བྂ་ཏི་ར་བྂ། ༀ་ཨ་ཀྲ་མ་ཧཱ་ཀྲོ་ཏ་ཤྲི་ཧེ་རུ་ཀ །ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ། སརྦ་ཏ་ཐཱ་ག་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། རཀྴ་ཤྲི་ཧེ་རུ་ཀ །རཀྴ་ཀྲོ་ཏི་ཤྭ་རི་ཧཱུྃ། བྷུདྡྷ་ཤྲི་ཧེ་རུ་ཀ །བྷུདྡྷ་ཀྲོ་ཏི་ཤྭ་རི་ཧཱུྃ། རཏྣ་ཤྲི་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཤྭ་རི་ཧཱུྃ། པདྨ་ཤྲི་ཧེ་རུ་ཀ །པདྨ་ཀྲོ་ཏི་ཤྭ་རི་ཧཱུྃ། ཀརྨ་ཤྲི་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཤྭ་རི་ཧཱུྃ། རཀྴ་ཤྲི་ཧེ་རུ་ཀ །རཀྴ་ཀྲོ་ཏི་ཤྭ་རི་ཧཱུྃ། ས་ནུ་ཡབ་ཡུམ། གུ་ཡ་ཡབ་ཡུམ། ཡཀྴ་ཡབ་ཡུམ། ཀའུ་རི་ཁྲོ་མོ་བརྒྱད། སིང་ཧ་ཕྲ་མེན་བརྒྱད། སྒོ་མ་བཞི། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། མ་མོ་བདུན། སྲིང་མོ་བཞི། གིང་ཆེན་བཅོ་བརྒྱད། སྟེང་ཕྱོགས་ཁྲོ་བོ་དྲུག་ཅུ། ཕོ་ཉ་ཉིས་བརྒྱ་བཞི་བཅུ། མ་མོ་དྲུག་ཅུ། རིག་འཛིན་རྩལ་འཆང་རྣམས་རིམ་པས་རྩ་སྔགས་དང་བཅས་པ་བསྐྱེད། དེ་དག་ལ་ཡེ་ཤེས་ལྔས་བདག་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། ས་མན་ཛས་སྙན་གསན་དབབ། ཨེ་ཧ་ཧིས་སྤྱན་དྲངས། ཛ་ཧཱུྃ་བྂ་ཧོས་བསྟིམ། ཀ་ཡ་ཝཀ་ཙིཏྟས་བརྟན་པར་བྱས་ལ། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། །བསྒྲུབ་དང་གདུག་པ་འདུལ་བ་ཡི། །འབར་བ་ཁྲོ་བོའི་ལྷ་ཚོགས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །འདི་ནི་རྒྱལ་བས་ཕྱག་རྒྱའི་མཆོད་པ་དབུལ། སྣང་སྲིད་ཀུན་བཟང༴ ལྷ་མོ་བཞི་སྣོལ༴ སྨན་རཀ་གཏོར་གསུམ་སྔགས་ཀྱི་དབུལ། ལྷག་པ་ཏིང་ངེ་འཛིན། སྦྱོར་སྒྲོལ། དམ་རྫས། འདོད་ཡོན། གླུ་ཡེ་ཤེས་རྣམས་དབྱངས་དང་བཅས་པ་ཞི་བ་ལྟར་རྒྱས་པར་དབུལ། རྒྱ་མཚོ་ལྔའི་སྨོན་ལམ་གདབ། དེ་ནས་ༀ་ཨ་ཀྲ་མ་ཧཱ་ཀྲོ་ཏ་ཤྲི་ཧེ་རུ་ཀ་ཧཱུྃ། ཀ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ་ཛ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འཁོར་ལོ་འབར་བ་དབུས་ཀྱི་ལྟེ་བ་ལ། །བཅོམ་ལྡན་ཆེ་མཆོག་དཔལ་ཆེན་ཧེ་རུ་ཀ །སྟོན་པ་ཀུན་ཏུ་བཟང་པོ་གནས་གྱུར་པ། །རྒྱལ་བ་ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ། །ཆེ་བའི་ནང་ནས་ཡང་ཆེ་བླ་ན་མེད། །ཆེ་བཙན་འགྲན་ཟླ་བྲལ་བ་ཀུན་གྱི་མཆོག །སྐུ་གསུང་ཐུགས་ཀྱི་བདག་ལ་ཕྱག་འཚལ་ལོ། །འབར་བའི་དབུ་ནི་ཉི་ཤུ་རྩ་གཅིག་གིས། །ས་ནི་ཉི་ཤུ་རྩ་གཅིག་རིམས་པས་མནན། །གཡས་གཡོན་ཕྱག་ནི་བཞི་བཅུ་རྩ་གཉིས་ན། །རྒྱལ་བ་སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས། །ཞབས་བརྒྱད་བགྲད་པས་ཁྲོ་མོའི་དབུ་བརྒྱད་བརྫིས། །ཉི་མ་སྟོང་གི་འོད་ཟེར་སྐུ་ལ་བརྗིད། །དཔལ་གྱི་ཆས་བརྒྱད་དུར་ཁྲོད་རྒྱན་རྣམས་རྫོགས། །ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཀུན་ཏུ་བཟང་མོའི་ཆོས་ཉིད་གནས་འགྱུར་པ། །དཔལ་འབར་ཁྲོ་མོ་ཀུན་གྱི་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ནས་བསྐུར་བསྐྱེད་ཐུགས་རྗེར་ལྡན། །ཁྲོ་མོ་གནམ་ཞལ་མ་ལ་ཕྱག་འཚལ་ལོ། །ༀ་ཨ་ཀྲ་མ་ཧཱ་ཀྲོ་ཏ་ཤྲི་ཧེ་རུ་ཀ་ཧཱུྃ། ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ་ཞེས་པ་དང་། ༀ་རུ་ལུ་ཞེས་འཛབ་བཟླས་སོ། །བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་སྐུ་གདུག་པ་འདུལ། །དབུ་གསུམ་དང་པོར་བྱུང་བ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་གསུང་ཐུགས་དང་ལྡན་པའི་དབུ། །ཁམས་གསུམ་མྱ་ངན་འདས་པའི་ཞལ། །དབུ་གསུམ་བར་དུ་རྔམ་པ་ནི། །གཡས་སྔོ་གཡོན་ལྗང་དབུས་མཐིང་ཞལ། །ཐབས་དང་ཤེས་རབ་སེམས་ཀྱི་དབུ། །སྲིད་གསུམ་དབྱིངས་སུ་རྫོགས་པའི་ཞལ། །དབུ་གསུམ་ཐོག་མར་རྔམ་པ་ནི། །གཡས་མཐིང་གཡོན་མཐིང་དབུས་མཐིང་ཞལ། །ལུང་དང་མན་ངག་སེམས་ཀྱི་དབུ། །ཁམས་གསུམ་རེ་བ་བསྐོང་བའི་ཞལ། །བཅོ་བརྒྱད་ཕྱག་རྒྱ་རོལ་པ་ནི། །སྟོང་པ་བཅོ་བརྒྱད་དབྱིངས་སུ་ཐིམ། །བཅོ་བརྒྱད་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། །བག་དྷ་ཞིང་ཆུང་སྟི་ར་གཡོན། །ཞིང་ཞགས་ཉི་མ་ཁྱུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོ་གའུ་གཡས། །ཀླུ་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅོ་བརྒྱད་དབྱིངས་སུ་རྫོགས། །ཁྲོ་རྒྱལ་རྒྱན་རྣམས་སྐུ་ལ་བརྗིད། །རྒྱུད་རྒྱལ་ཆེ་མཆོག་ཧེ་རུ་ཀ །དབང་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །ༀ་སརྦ་ཏ་ཐཱ་ག་ཏ་ཤྲྀ་ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་འབར་བའི་ལྟེ་དབུས་ན། །དྲེགས་པ་སྣོལ་བའི་གདན་སྟེངས་སུ། །རྡོ་རྗེ་མི་བསྐྱོད་གནས་གྱུར་པ། །ཁྲག་འཐུང་ཞེ་སྡང་འཇོམས་པའི་སྐུ། །འཇིགས་བྱེད་ཆེན་པོའི་སྐུར་བསྐྱེད་པ། །མཆོད་ཅིང་བྱིན་རླབས་གསལ་བསྒྲུབས་པ། །བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ནམ་མཁའ་ཀུན་བཟང་གནས་འགྱུར་པ། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བས། །ཐབས་དང་ཤེས་རབ་གཉིས་སུ་མེད། །བཛྲ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། །བཛྲ་ཤྲི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འབར་བའི་འཁོར་ལོ་རྩིབས་བརྒྱད་ཀྱི། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །དྲི་ཟ་བསྣོལ་བའི་གདན་སྟེངས་ན། །རྣམ་པར་སྣང་མཛད་གནས་འགྱུར་བ། །ཁྲག་འཐུང་གཏི་མུག་འཇོམས་པའི་སྐུ། །འཇིགས་བྱེད་སྨུག་ནག་འབར་བར་གསལ། །མཆོད་ཅིང་བསྒྲུབས་ཏེ་བྱིན་རླབས་པ། །བྷུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་སྤྱན་མ་གནས་འགྱུར་བ། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བས། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །སྤྱན་དྲངས་མཆོད་ཅིང་བསྒྲུབས་པ་ཡི། །བྷུདྡྷ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། བྷུདྡྷ་ཤྲི་ཧེ་རུ་ཀ །བྷུདྡྷ་ཀྲོ་ཏི་ཤྲི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འབར་བའི་འཁོར་ལོ་རྩིབས་བརྒྱད་ཀྱི། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གཤིན་རྗེ་བསྣོལ་བའི་གདན་སྟེངས་ན། །རིན་ཆེན་འབྱུང་ལྡན་གནས་འགྱུར་བ། །ཁྲག་འཐུང ཆེན་པོ་ང་རྒྱལ་འཇོམས། །འཇིགས་བྱེད་སེར་ནག་འབར་བར་གསལ། །སྤྱན་དྲངས་མཆོད་ཅིང་བསྒྲུབས་པའི་ལྷ། །རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཧཱུྃ་མ་མ་ཀི་ལས་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་སྐུར་བྱུང་བས། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །སྤྱན་དྲངས་མཆོད་ནས་བསྙེན་བསྒྲུབས་པ། །རཏྣ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། རཏྣ་ཤྲི་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འབར་བའི་འཁོར་ལོ་རྩིབས་བརྒྱད་ཀྱི། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཀླུ་དབང་བསྣོལ་བའི་གདན་སྟེངས་ན། །སྣང་བ་མཐའ་ཡས་གནས་གྱུར་བ། །དཔལ་ཆེན་ཁྲག་འཐུང་འདོད་ཆགས་འཇོམས། །འཇིགས་བྱེད་དམར་ནག་རལ་པ་ཅན། །བསྒོམས་ཤིང་མཆོད་དེ་བསྒྲུབས་པ་ལས། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ན་བཟའ་དཀར་མོ་གནས་འགྱུར་བ། །འཇིགས་བྱེད་ཁྲོ་མོའི་སྐུར་བྱུང་སྟེ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གཉིས་མེད་བྱང་ཆུབ་སེམས་བསྒྲུབས་པ། །པདྨ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། །པདྨ་ཤྲི་ཧེ་རུ་ཀ །པདྨ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འབར་བའི་འཁོར་ལོ་རྩིབས་བརྒྱད་ཀྱི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །གནོད་སྦྱིན་བསྣོལ་བའི་གདན་སྟེངས་ན། །དོན་ཡོད་གྲུབ་པ་གནས་འགྱུར་བ། །འཇིགས་བྱེད་ཁྲག་འཐུང་ཕྲག་དོག་འཇོམས། །ལྗང་ནག་མེ་འབར་འཇིགས་པའི་སྐུ། །གསལ་བར་བསྐྱེད་ཅིང་མཆོད་བསྒྲུབས་པ། །ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །དམ་ཚིག་སྒྲོལ་མ་གནས་འགྱུར་བས། །འཇིགས་བྱེད་ཁྲོ་མོའི་སྐུར་སྟོན་པ། །ལྷག་པ་བྱང་ཆུབ་སེམས་འཕྲོས་པ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །ཀརྨ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། ཀརྨ་ཤྲི་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ན། །མཐུ་སྟོབས་མངའ་བདག་གནས་འགྱུར་བ། །སྒྲོལ་བྱེད་ཆེན་པོ་བདུད་རྣམས་འཇོམས། །བདུད་དང་སྲིན་པོ་སྒྲོལ་ལ་བརྩོན། །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །རཀྴ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ལྷ་མོ་རལ་གཅིག་གནས་འགྱུར་བས། །ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །རཀྴ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། །རཀྴ་ཤྲི་ཧེ་རུ་ཀ །རཀྴ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ན། །བཛྲ་ས་མ་ཡ་ལས་གནས་འགྱུར་བ། །དཔལ་ཆེན་དམ་ཚིག་མངའ་མཛད་པ། །སེར་ནག་འཇིགས་པའི་ཆ་ལུགས་ཅན། །བསྐལ་པ་བརྒྱར་ཡང་དམ་ཚིག་ལྟ། །ས་ནུ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཡུམ་ཆེན་དམ་ཚིག་གནས་འགྱུར་བས། །ཁྲོ་མོ་དམ་ཚིག་བྱ་ར་མཁན། །སངས་རྒྱས་སེམས་ཅན་འདའ་མི་བྱེད། །དམ་ཚིག་དབྱིངས་སུ་བསྐུལ་བྱེད་མ། །ས་ནུ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། །ས་ནུ་ཤྲི་ཧེ་རུ་ཀ །ས་ནུ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ནུབ་བྱང་འཁོར་ལོའི་རྩིབས་སྟེང་ན། །མཁྱེན་རབས་མངའ་བདག་གནས་འགྱུར་བ། །སྒྲོལ་བྱེད་ཆེན་པོ་དྲེགས་པ་འདུལ། །ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམས་རྟག་ཏུ་གསང་བའི་ལྷ། །ཞེ་སྡང་འཁོར་བ་བསྒྲོལ་ལ་བརྩོན། །གྷུ་ཡ་ཧེ་རུ་ཀ་ཡི་སྐུ་ལ་ཕྱག་འཚལ་ལོ། །རྫུས་སྐྱེས་འཇོམས་མ་གནས་འགྱུར་བས། །ཁྲོ་མོ་ཡབ་ཀྱི་ཆ་ལུགས་འཛིན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གྷུ་ཡ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་ལོ། །གྷུ་ཡ་ཤྲི་ཧེ་རུ་ཀ །གྷུ་ཡ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །བྱང་ཤར་འཁོར་ལོའི་རྩིབས་སྟེངས་ན། །ཐུགས་རྗེའི་མངའ་བདག་གནས་འགྱུར་བ། །སྒྲོལ་བྱེད་མ་མོ་མཁའ་འགྲོ་འདུལ། །ལྗང་ནག་མདོག་འདྲ་འཇིགས་པའི་གཟུགས། །གང་བསྒྲུབ་མཐུ་དང་དབང་སྩོལ་བའི། །ཡཀྴ་ཧེ་རུ་ཀ་ཡི་སྐུ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བདག་མོ་གནས་འགྱུར་བ། །ཁྲོ་བོ་དབང་ཕྱུག་ཀུན་གྱི་རྗེ། །སྤྲུལ་པ་ཀུན་གྱི་ཡང་སྤྲུལ་མ། །ཐབས་དང་ཤེས་རབ་དབྱེར་མེད་པས། །ཡཀྴ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་ལོ། །ཡཀྴ་ཤྲི་ཧེ་རུ་ཀ །ཡཀྴ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་གློ་འབུར་གྲུ་ཆད་བཞི་པོ་ནས། །ཀའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ནི། །གདུག་པ་ཐབས་ཀྱིས་འདུལ་བའི་དྲག་ཤུལ་ཅན། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ཅིར་ཡང་སྟོན། །ཡེ་ཤེས་ཁྲོ་བོ་བརྒྱད་ལ་ཕྱག་འཚལ་ལོ། །བཛྲ་ཀའུ་རི་ཧ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཁྲོ་མོ་བརྒྱད་ཀྱི་རྩ་སྔགས་དང་། རུ་ལུ་སྤེལ་གྱིན་བཟླས་སོ། །ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་དང་པོ་གསེར་མདོག་ན། །སིང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ནི། །ཡེ་ཤེས་ལས་ལ་འགྱེད་པའི་ཕྲ་མེན་མ། ། རྣམ་སྤྲུལ་ལས་ཀྱིས་འགྲོ་བའི་དོན་མཛད་པའི། །སིང་ཧ་ཕྲ་མེན་བརྒྱད་ལ་ཕྱག་འཚལ་ལོ། །བཛྲ་སིང་ཧ་མུ་ཀ་ཧེ། ༀ་རུ་ལུ་ཞེས་ཕྲ་མེན་བརྒྱད་ཀྱི་རྩ་སྔགས་དང་རུ་ལུ་སྤེལ་ལ་བཟླས་སོ། །བར་ཁྱམས་སྒོ་བཞིའི་ཤར་ལྷོ་ནུབ་བྱང་བཞིན། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ། །རྟ་གདོང་ཕག་གདོང་སེང་གདོང་སྤྱང་གདོང་བཞི། །ཞི་རྒྱས་དབང་དྲག་ལས་ལ་ཐོགས་མེད་བརྩོན། །རྟག་ཆད་བདག་འཛིན་མཚན་མ་ལྟ་ལས་གྲོལ། །ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད། །ཕཊ་བཛྲ་ཨརྱ་ཏེ་ཛ་ཏེ་ང་ཛ། ༀ་རུ་ལུ་ཞེས་སྒོ་མ་བཞིའི་རྩ་སྔགས་དང་རུ་ལུ་སྤེལ་བ་བཟླས་སོ། །ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་གཉིས་ལ་མདོག་དཀར་ནས། །ཆོས་ཉིད་རྣམ་དག་ངང་ལས་རང་སྣང་བའི། །སྣ་ཚོགས་ཅིར་ཡང་འགྱུར་བའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བས་གཡང་གཞི་གསོལ། །སྤོར་མ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །ༀ་བཛྲ་ཨ་པྲ་ཏི་ཨརྱ་ནི་ཙ་དུར་ཏ་ར་ཕཊ། ཨ་རག་མོ་ཧཱུྃ། ༀ་རུ་ལུ་ཞེས་བཟླས། བར་ཁྱམས་དེ་ཡི་ཤར་ལྷོ་ནུབ་བྱང་སྒོར། །དགེས་པ་བསྐྱེད་པའི་གསང་བའི་ཡུམ་ཆེན་བཞི། །གཉིས་མེད་རོལ་པའི་བྱིན་རླབས་སྣ་ཚོགས་འཕྲོ། །ཤེས་རབ་ཡུམ་ཆེན་བཞི་ལ་ཕྱག་འཚལ་ལོ། །ཤྲི་བཛྲ་ཁ་ར་མུ་ཁ་ཤ་ར་ཡ་ཡ་ན་མ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཤྲི་བཛྲ་ར་ག་ཤ་ར་ཡ་ཡ་ན་མ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཤྲི་བཛྲ་ཁ་ཐོགས་ཁ་པྲ་ཛ་ལ་ཡ་ཡ་ན་མ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཤྲི་བཛྲ་གྷན་དྷ་པྲ་ཛ་ལ་ཡ་ཡ་ན་མ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་ནས། །འབར་བའི་བར་ཁྱམས་གསུམ་པ་མདོག་དམར་ན། །མི་སྲིན་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །དྲེགས་པ་ལྷ་ཆེན་རྣམས་ཀྱི་ཆུང་མ་སྟེ། །དབང་དྲག་ལས་ལ་ཐོགས་པ་མེད་པར་སྤྱོད། །དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བསྟོད། །བྷྱོ་མ་ནུ་རཀྴ་སི་ལ་སོགས་པ་རྩ་སྔགས་ཉེར་བརྒྱད་དང་། རུ་ལུ་སྤེལ་ཞིང་བཟློས། ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་ནས། །འབར་བའི་བར་ཁྱམས་བཞི་པ་གསེར་མདོག་ན། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་བསྟོད། །ཨེ་ཨ་ར་ལི་ཧཱུྃ། ༀ་རུ་ལུ་ཞེས་བསྒྲང་། ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་ནས། །འབར་བའི་བར་ཁྱམས་ལྔ་པ་དམར་པོ་ལ། །འཇིག་རྟེན་དྲེགས་པ་འདུལ་བའི་མ་མོའི་ཚོགས། །ཕྱི་འཁོར་འདུལ་ཞིང་ནང་འཁོར་སྐྱོང་མཛད་པ། །དུར་ཁྲོད་མ་བདུན་ལས་ཀྱི་སྲིང་མོ་བཞི། །བགེགས་སྲུངས་མ་མོ་རྣམས་ལ་ཕྱག་འཚལ་བསྟོད། །མ་མ་ད་དུ་ཧཱུྃ། ཞེས་པ་བདུན་དང་རུ་ལུ་སྤེལ་ལ་བཟླས། དུན་ཏིང་བྷྱོ་ཞེས་པ་བཞི་དང་རུ་ལུ་སྤེལ་ཞིང་མང་དུ་བཟླས་སོ། །ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་ནས། །འབར་བའི་བར་ཁྱམས་དྲུག་པ་མདོག་དཀར་ནས། །ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅོ་བརྒྱད་ནི། །སྲིད་གསུམ་ལས་ལ་ཐོགས་མེད་སྒྲོལ་ལ་བརྩོན། །བསྒྲལ་བའི་ཞིང་བཅུ་གཏན་ནས་བརླག་པར་བྱེད། །གིང་ཆེན་གིང་ལྕམ་ཚོགས་ལ་ཕྱག་འཚལ་བསྟོད། །གིང་ཀ་ར་ཧ་ཧ། རུ་ལུ་རུ་ལུ་བྷྱོ། ༀ་རུ་ལུ་ཞེས་སྒྲང་ངོ་། །ཧཱུྃ་ཚོགས་ཆེན་འདུས་པ་དཀྱིལ་འཁོར་ནས། །འབར་བའི་བར་ཁྱམས་བདུན་པ་མདོག་ནག་ལ། །བཅོམ་ལྡན་ཧཱུྃ་མཛད་ས་གསུམ་བརྗིད་ཀྱིས་གནོན། །ཁམས་གསུམ་འདུལ་མཛད་ཡེ་ཤེས་ལྷ་ཡི་ལྷ། །འཇིགས་བྱེད་འབར་བས་གདུག་པའི་ཚོགས་རྣམས་འཇོམས། །ཁྲོ་བོ་ཁྲོ་མོ་རྣམས་ལ་ཕྱག་འཚལ་བསྟོད། །ཀྲོ་ཏ་ཀྲོ་ཏི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་ནས། །འབར་བའི་བར་ཁྱམས་བརྒྱད་པ་ཕྱོགས་མཚོན་ནས། །ཡེ་ཤེས་ཐུགས་རྗེས་ཕྱོགས་བཅུར་ཁྱབ་པ་ཡི། །གདོན་བགེགས་འདུལ་བའི་ལས་ལ་ཐོགས་པ་མེད། །ཅི་བགྱི་བཀའ་ཉན་ལས་རྣམས་མྱུར་མཛད་པའི། །ཕྱོགས་བཞིའི་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །རྦ་ན་རྦ་ན། ༀ་གྷུ་ཤ་ཛ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧ་ལ་ཧ་ལ་པ་ཤ་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། གསྫ་གསྫ་སྤོ་ཏ་བྂ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། པ་ཙ་པ་ཙ་གྷན་དྷ་ཧོ། ༀ་རུ་ལུ་ཞེས་བཟླས་སོ། །ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་དགུ་པ་མདོག་ལྗང་ན། །སྟོང་ཁམས་ཡོངས་སུ་ལས་ལ་དབང་བ་ཡི། །མ་ཆེན་རྒྱལ་མོ་སྲིད་པ་གསུམ་གྱི་བདག །ཡུམ་ཆེན་ལས་ལ་དབང་བའི་དབང་མོ་ཆེ། །མ་མོ་དྲུག་ཅུའི་ཚོགས་ལ་ཕྱག་འཚལ་བསྟོད། །མ་མ་ཤ་ར་ཧཱུྃ། ༀ་རུ་ལུ་ཞེས་བསྒྲང་། ཧཱུྃ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་བཅུ་པ་མཛེས་མཚོན་ནས། །རིག་འཛིན་བླ་མ་བྱིན་རླབས་ལྡན་པའི་ཚོགས། །ལྷུན་གྲུབ་ཕྱག་ཆེན་ཚེ་དབང་རྣམ་སྨིན་གྱི། །རྒྱ་གར་བོད་ཀྱི་གྲུབ་ཐོབ་བླ་མ་རྣམས། །བསྐྱེད་རྫོགས་གསུམ་གྱི་པི་ཏི་འདིར་སྩོལ་ཅིག །ༀ་གུ་རུ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཚོགས་ཆེན་འདུས་པའི་ཁྲོ་འཛབ། ཨཐྎ།། །།