cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་ལྔ་པ།

གླེགས་བམ། ར༽

རིག་འཛིན་པདྨ་ཕྲིན་ལས།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་གཉིས་པ། རིག་འཛིན་པདྨ་ཕྲིན་ལས།

འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་གཉིས་པ་བཞུགས་སོ། །

བླ་མ་དང་བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གུས་པས་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། བདེ་ཆེན་ཆོས་དབྱིངས་འོག་མིན་ཞིང་ན་དུས་གསུམ་བཞུགས་པའི་རྒྱལ་བ་སྲས་བཅས་དཀྱིལ་འཁོར་གཅིག་ཏུ་ལྷུན་གྲུབ་པ། བཅོམ་ལྡན་བདེ་གཤེགས་རྡོ་རྗེ་དབྱིངས་མཆོག་དམ་པ་རིགས་བརྒྱ་ཞི་བའི་ལྷ་ཉིད་མ་འགགས་རོལ་པ་ཁྲོ་བོའི་ལྷ། །ཁྲག་འཐུང་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ལྷར་བཅས་སྤྲོ་བསྡུའི་བྱེད་པོ་ཁྱབ་བདག་དཔལ་ལྡན་བླ་མར་རྣམས་ཀུན་ཏུ། །རབ་བཏུད་ཡོ་ག་གསུམ་གྱི་དཀྱིལ་འཁོར་ཆོ་གའི་རིམ་པ་འཆད་པར་སྤྲོ་ལ་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་གསང་སྔགས་ཕྱི་རྒྱུད་ཀྱི་དབང་རྣམས་ལེགས་པར་གྲུབ་ནས། ནང་པ་ཐབས་ཀྱི་ཐེག་པ་གསང་སྔགས་བླ་ན་མེད་པ་འཆད་པར་བྱེད་པ་ལ། སྤྱིར་མ་ཧཱ་ཡོ་ག་ལ་དཀྱིལ་འཁོར་བདུན། ཨ་ནུ་ཡོ་ག་ལ་དཀྱིལ་འཁོར་བདུན་གསུངས་པའི་རྒྱུད་མ་ཧཱ་ཡོ་ག་ལ་རྩ་རྒྱུད་གསང་བ་སྙིང་པོའི་རྗེས་སུ་འབྲངས་ཏེ་ནུས་དབང་གཙོ་ཆེ་ཞིང་། ཨ་ནུ་ཡོ་ག་ལ་སྒྲུབ་དབང་གཙོ་ཆེ་སྟེ། དབང་དོན་བསྡུས་པ་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །ཞེས་གསུངས་པས། མ་ཧཱ་ཨ་ནུ་གཉིས་དབྱེ་ཚུལ་དེ་ལྟར་ཡང་། ཟུར་ཐམས་ཅད་མཁྱེན་པ་ཤཱཀ་འབྱུང་སོགས་ཨ་ནུའི་ཁོངས་ནས་མ་ཧཱ་ཞོར་ལ་ཐོན་ཡོང་བར་དགོངས་ནས། ལྷ་ངོ་བོ་གཅིག་པས་ཙཀླི་ཉུང་ཞིང་འཇུག་པ་བདེ་ཕྱིར་ལུང་ཨ་ནུ་ཡོ་ག་གཙོ་བོར་བཏོན་ནས་འཆད་ལ། ཀཿཐོག་ལུགས་སུ་བར་འདིར་སྒྱུ་འཕྲུལ་ཞི་ཁྲོ་གཉིས་ཚུལ་བཞིན་དུ་མཛད་ཅིང་། ཨ་ནུ་ལ་ཚོགས་ཆེན་འདུས་པ་སོར་གནས་མཛད་པ་ཀཿཐོག་རྡོར་བཟང་གི་ཆོག་ཁྲིགས་སུ་སྣང་ཞིང་། འདིའི་སློབ་རྒྱུན་གོང་ར་བ་ཕྱོགས་སུ་ཁམས་ལུགས་སོར་གནས་ཡིན་པར་གྲགས་ཀྱང་། བླ་མ་སོག་ཟློག་པའི་གསན་ཡིག་དང་ཟིན་བྲིས། གོང་ར་ལོ་ཙཱ་བ་གཞན་ཕན་རྡོ་རྗེས་བཞེངས་པའི་དབང་ཙཀ་སོགས་ཟུར་ལུགས་ཁོ་ནར་སྣང་ཞིང་། ཁམས་ལུགས་དང་ཆ་ཙམ་ལས་མི་མཐུན་པར་སྣང་བས། ཀཿཐོག་ལུགས་ཡིན་ནོ་སྐད་པ་ལས་དོན་ལ་ཟུར་ལུགས་ཁོ་ན་ཁུགས་བཙུན་པར་རྟོགས་ནས་ཕུགས་བཅོལ་བར་སྣང་། ཟུར་ལུགས་འདིར་ཨ་ནུའི་ཁོངས་ནས་མ་ཧཱ་བཏོན་པས་དོན་མི་འགལ་ཡང་། མདོ་སྒྱུ་གཉིས་ཀ་ཚང་བར་འདོད་ན་ཡོ་ག་ཡན་སོང་བའི་སྐབས་འདིར། དེང་སང་དབང་རྒྱུན་མ་ཆད་བར་ཡོད་པ་བཞིན། སྒྱུ་འཕྲུལ་ཞི་བའི་དབང་བྱང་བློ་གསལ་ཡིད་འཕྲོག་མཁས་གྲུབ་གཡུང་སྟོན་རྡོ་རྗེ་དཔལ་གྱིས་མཛད་པ་དང་། ཁྲོ་བོའི་དབང་ཆོག་སྒྲོལ་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པ་གཉིས་བླངས་ཏེ་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་དུ་ཚུལ་བཞིན་བཞེངས་ཏེ་སྒྲུབ་མཆོད་དབང་བསྐུར་སོགས་མཛད་ན་འཐད་པར་སེམས་ཤིང་། བླ་མ་གོང་མ་རྣམས་ཚོགས་ཆེན་གྱི་དུས་སུ་དོང་སྤྲུག་གི་དཀྱིལ་འཁོར་ལྷ་ལ་སྒྲུབ་བཀའི་དཀྱིལ་འཁོར་ལྔའམ། འགྱོད་ཚངས་རྒྱལ་པའི་དཀྱིལ་འཁོར་ལྔ་ཞེས་དབང་དོན་རྒྱས་པའི་ལུགས། ཀུན་འདུས་རིག་པའི་ལུགས། དགོངས་པ་འདུས་པའི་ལུགས། ཧེ་རུ་ཀ་འདུས་པའི་ལུགས། ཁྲོ་བོ་རྐྱང་པའི་དཀྱིལ་འཁོར་ཏེ་ལྔ་ཟུར་བཀའི་དཀྱིལ་འཁོར་དུ་མཛད་སྲོལ་འདུག་པ་དེ་བཞིན་དུ་འདིར་ཡང་སྒྱུ་འཕྲུལ་སྤྲོ་ན་སྦྱོར། འོན་ཀྱང་འདིར་ཆོག་ཁྲིགས་རྩ་བར། ཟུར་ནས་སྒྱུ་འཕྲུལ་སྦྱོར་བར་མ་གསུངས་པས། རིན་ཆེན་ཕྲེང་བ་ཁོ་ན་ལྟར་བྱ་བ་ལ། རྩ་བར། འདིར་ནུབ་ལྔ་པ་ནས་བཅུ་གཅིག་གི་བར་གསང་སྔགས་བླ་ན་མེད་པ་ཐེག་པ་རྩ་བའི་དཀྱིལ་འཁོར་བསྟན་པ་ནི་དོན་བཞི་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ། །དང་པོ་ལ་ཕྱི་ནང་གི་བཤགས་པ་བྱ་བ་དང་། དཀྱིལ་འཁོར་གྱི་ཆོ་གའོ། །དང་པོའི་ཕྱིའི་བཤགས་པ་དང་། དཔང་སྐོང་སྔར་བྱས་པས་མ་བྱས་ཀྱང་འགལ་བ་མེད། ནང་གི་བཤགས་པ་དང་ན་རག་ཆོ་ག་ཅི་ཙམ་འགྲུབ་པ་བྱའོ། །ཞེས་གསུངས་པའི་དོན་ནུབ་བཞི་པ་ཡན་ལ་ཡོ་ག་ཕན་རྫོགས་པའི་དབང་དུ་མཛད་པ་ཡིན་ཀྱང་། སྒོ་འབྱེད། ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས། ཀྲྀ་ཡ། ཨུ་པ་ཡ། ཡོ་ག་སྟེ་ཞག་བརྒྱད་ནི་ངེས་པར་དགོས་ཤིང་། དེའི་སྟེང་དུ་སྤྲོ་ན་སྔོན་འགྲོའི་ཆོ་ག་རྣམས་ལ་ཞག་གཅིག་དང་། ཨུ་པ་ཡའི་སྟ་གོན་ཞག་གིས་བར་དུ་ཆོད་པར་བྱེད་ན་ཞག་བཅུ་ཙམ་ཡང་དགོས་པར་སེམས། ལྔ་པ་ནས་བཅུ་གཅིག་བར་ཞེས་ཚོགས་ཆེན་ཡན་ལ་ཞག་བདུན་བྱེད་རྩིས་སུ་མཛད་པ། གླན་སྟོན་གྱི་ཆོག་ཁྲིགས་སུ་བཞི་ནས་དགུའི་བར་ཞེས་ས་ཆོག་སྟ་གོན་སོ་སོར་ཕྲལ་བའི་ལུགས་སུ་བཞེད། འོན་ཀྱང་དངོས་གཞི་སྒྲུབ་པའི་ལོང་སྐབས་ཆེ་ཆུང་དང་། སློབ་མའི་གྲངས་མང་ཉུང་སོགས་ལ་ལྟོས་དགོས་པས་ཞག་གྲངས་དམིགས་བསལ་བཞིན་པར་བཀབ་མི་དགོས་ལ། དེ་ལའང་བསྙེན་སྒྲུབ་ཡན་ལག་བཞིས་བསྟན་པའི་དང་པོ་ལ་གཞིའི་བསྙེན་པ་དང་། ཁ་གསོ་བའི་བསྙེན་པའི་བྱ་ཚུལ་ཆོག་ཁྲིགས་འདིའི་ཐོག་མ་ཉིད་དུ་བཤད་ཟིན། འདིར་སྟ་གོན་ཕན་ཆད་བསྙེན་པ། ཞག་ཇི་ཙམ་བྱེད་པའི་ཕྱེད་ཉེ་བསྙེན། དེ་ཕན་སྒྲུབ་པ། དབང་དང་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོར་བྱེད་པ་འདིའི་ལུགས་སུ་གདའ་བས། དེའི་དང་པོ་ཕྱི་ནང་གི་བཤགས་པ་གཉིས་ལས། ཕྱིའི་བཤགས་པ་དཔང་སྐོང་སོགས་དང་། ནང་གི་བཤགས་པ་ན་རག་དོང་སྤྲུག་ཡིན་ལ། དེ་ཡང་གླན་སྟོན་གྱིས། དང་པོ་གོང་དུ་ཡན་ལག་གི་སྐབས་སུ་རྒྱས་པར་བྱས་པས་ཆོག །འདིར་ན་རག་བརྒྱ་ཚར་ཙམ་དང་སྲིད་པའི་སྤྱི་མདོས་ཟུར་ཙམ་བྱས་ཀྱང་མི་འགལ་ལོ། །ཞེས་གསུངས། གཉིས་པ་དཀྱིལ་འཁོར་གྱི་ཆོ་ག་ནི། རྩ་བར། གཉིས་པ་དཀྱིལ་འཁོར་གྱི་ཆོ་ག་ལ་དོན་ལྔ་སྟེ། དཀྱིལ་འཁོར་དང་། ལྷ་དང་། བུམ་པ་དང་། ཡོ་བྱད་དང་། སློབ་མའོ། །ཞེས་གསུངས་པའི་དོན་ལྔའི་དང་པོ་དཀྱིལ་འཁོར་གྱི་ས་གཞི་བྱིན་གྱིས་བརླབ་པ་དང་། སྲུང་བ་གཉིས་ཚོགས་ཆེན་གྱི་སྐབས་སུ་རྒྱས་པར་བཤད་པར་དམ་བཅས་པ་ཡིན་ཏེ། ཐམས་ཅ ད་ཀྱི་སྔོན་དུ་ས་ཆོག་བགྱི་བ་ལ་དོན་བརྒྱད་དུ་བཤད་པའི་དང་པོ་སྤྱིར་བརྟག་པ། གཉིས་པ་བྱེ་བྲག་ཏུ་བརྟག་པ། གསུམ་པ་ས་བླང་བ། བཞི་པ་དབང་དུ་བྱ་བ། ལྔ་པ་ས་སྦྱང་བ། དྲུག་པ་ས་བྱིན་གྱིས་བརླབ་པ། བདུན་པ་ས་བསྲུང་བ། བརྒྱད་པ་ས་བཟུང་བ་རྣམས་ལས་གཞན་རྣམས་རྒྱས་པར་གྲུབ་ཅིང་། དྲུག་པ་དང་བདུན་པ་གཉིས་འདིར་འཆད་པར་ཁས་བླངས་པའི་ཕྱིར། དེ་ལ་ཡོ་བྱད་བཤམ་ཚུལ་ནི། རྩ་བར། དང་པོ་ནི། སྟེགས་བུ་བྱི་དོར་ལེགས་པར་བྱས་ལ་བ་བྱུང་ལྔ་བྱུག །དེ་ནས་ཡན་ལག་རབ་གནས་ནི། སྟེགས་བུའི་གྲ་ཞིག་ཏུ་མཎྜལ་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱས་པའི་མཐའ་རྡོ་རྗེའི་ར་བས་བསྐོར་བ། དེའི་དབུས་སུ་རིན་པོ་ཆེའི་བུམ་པ་སྣ་ཚོགས་རྡོ་རྗེས་མཚན་པའི་ནང་དུ་ཆུ་གཙང་མ་སྙིང་པོ་ཉི་ཤུ་རྩ་ལྔ་ཚང་བར་བླུག །ཁ་རྒྱན་མགུལ་ཆིངས་གཟུངས་ཐག་བྱ། ཤར་དུ་དམ་ཚིག་གི་ཐིག་སྐུད་དང་གཏོར་མ། ལྷོར་རྡོར་དྲིལ། ནུབ་ཏུ་བུམ་རྫས། བྱང་དུ་བདུད་རྩིའི་བནྡྷའོ། །ཕོ་བྲང་གི་དབུས་སུ་རིན་པོ་ཆེའི་སྣོད་དུ་ཚོན་ལྔ། ཐིག་སྐུད་ལྔ། དམ་རྫས་བདུད་རྩི་རྣམ་པ་གསུམ་བཞག །རྡོ་རྗེ་སློབ་དཔོན་གྱི་མདུན་དུ་རིགས་ཀྱི་བུམ་པ་སོ་སོའི་ཐུགས་ཕྱག་མཚན་བྲི། ཕྱི་ནང་གི་མཆོད་པ་ལྔ་ཚང་བར་བཤམ། ཞེས་གསུངས་པའི་དོན། གང་དུ་ཚོགས་ཆེན་གྱི་དཀྱིལ་འཁོར་ཆེན་པོ་བྲི་གཞི་རྒྱ་ཆེ་བར་བྱས་པའི་སར་བྱི་དོར་ལེགས་པར་བྱས། ཐོག་མར་བཤད་པ་ལྟར་བ་བྱུང་ལྔ་བྱུག །གཞུང་གཞན་ལས་ཐིག་ཚོན་བྱིན་བརླབ་ལྷ་སྟ་གོན་གྱི་རྗེས་སུ་བཤད་ཀྱང་། འདིར་ཡན་ལག་རབ་གནས་ཞེས་སྐབས་འདིར་མཛད་པས། ས་གཞིའི་དབུས་སུ་རིན་པོ་ཆེའི་སྣོད་ལྔར་རྡུལ་ཚོན་ལྔ་བླུག་སྟེ། དབུས་སུ་སྔོན་པོ་ལ་ཧཱུཾ། ཤར་དུ་དཀར་པོ་ལ་ༀ། ལྷོར་སེར་པོ་ལ་སྭཱ། ནུབ་ཏུ་དམར་པོ་ལ་ཨཱཾཿ བྱང་དུ་ལྗང་གུ་ལ་ཧཱཾ་རྣམས་སློབ་དཔོན་གྱིས་རྡོ་རྗེའི་རྩེས་བྲིས་པ་དང་། ཡང་སྣོད་གཅིག་ཏུ་ཡེ་ཤེས་ལྔའི་སྲད་བུ་ལྔ་ཡང་བཞག །ཀ་པཱ་ལ་གསུམ་དུ་དྲི་ཆེན། དྲི་ཆུ། རཀྟ་གསུམ་དངོས་སམ་ཡང་ན་ཆང་ལ་བདུད་རྩི་ཆོས་སྨན་བཏབ་པ་གསུམ་ཚར་བཀོད། དེའི་ཤར་དུ་རིན་པོ་ཆེའི་སྣོད་དུ་དམ་ཚིག་གི་སྲད་བུ་དཀར་དམར་མཐིང་གསུམ་དང་། ལྕོག་ཙེའི་ཁར་ཞི་བའི་གཏོར་མ་དཔལ་བཤོས་པད་འདབ་བཞི་པ་དཀར་པོ་དང་། ཁྲོ་བོའི་གཏོར་མ་དེ་དང་འདྲ་བ་འབྲི་སྨུག་གིས་བྱུགས་པ། རྩ་གསུམ་གཏོར་མ། ཕྱི་མཆོད་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ། ནང་མཆོད་སྨན་རཀ་སོགས་ཀྱང་བཤམ། ལྷོར་རྡོ་རྗེ་དྲིལ་བུ་རབ་རྩེ་དགུ་པའམ་རྩེ་ལྔས་ཀྱང་རུང་བས་སྟེགས་ལ་བཀོད། ནུབ་ཏུ་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་བརྒྱད་མཛེས་ཚོན་གྱི་མུ་ཁྱུད་རྡོ་རྗེའི་ར་བས་བསྐོར་བའི་སྟེང་རིན་པོ་ཆེའི་བུམ་པ་ཆུ་གཙང་ལ་བུམ་རྫས་ཉེར་ལྔ་བཏབ་པ། མགུལ་ཆིངས་ལྗང་གུ་རྡོ་རྗེ་རྒྱ་གྲམ་གྱི་མཚན་མ་ཅན་གཟུངས་རྡོར་དང་བཅས་པ་ལ་སྤྲོ་ན་སྒོས་མཆོད་ཉེར་སྤྱོད་ལྔ་ཡང་བཤམ། བྱང་དུ་བནྡྷ་ལྕང་ལོ་ཅན་དུ་བདུད་རྩི་རློན་སྦྱོར་རམ། ཆོས་སྨན་ནམ། བདུད་རྩི་རིལ་བུས་བཀང་བ་བཤམ། རྩ་བར། དེ་ནས་སློབ་དཔོན་ཆས་གོས་དཀར་པོ་གྱོན་ལ། དང་པོར་མཚམས་བཅད་དེ། ཞེས་གསུངས་པར། གླན་སྟོན་གྱིས་དེ་ནས་སློབ་དཔོན་ཆས་གོས་དཀར་པོར་ཞུགས་ལ་ཕྱག་ཞི་ཐུང་ལུགས་སུ་བཙལ། ཁྲོ་བཅུས་མཚམས་བཅད། ཡེ་ནས་མཉམ་ཉིད་ཀྱིས་བཤགས། ཀུན་ཏུ་བཟང་པོས་དམ་བཅའ། དུས་གསུམ་སངས་རྒྱས་ཀྱིས་བྱིན་དབབ། མཆོད་པ་རྣམས་རིམ་པར་བྱིན་གྱིས་བརླབ། ཞི་ཐུང་ལུགས་སུ་བསྟོད་པ་ཡན་ཆད་བྱའོ། །ཁྲོ་བོ་ཡང་ཐུང་ངུར་གཞུང་བསྲང་། ཞེས་གསུངས་པས་ཐོག་མར་ཞི་བཤགས་བྱ་བ་ནི། མདུན་གྱི་ནམ་མཁར་རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་ཐུབ་དྲུག་སྒོ་བ་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་སྤྱན་དྲངས་ཏེ་མངོན་སུམ་ལྟ་བུར་བཞུགས་པར་དམིགས་ལ། ཀུན་བཟང་ཡབ་ཡུམ་གསན་ཅིང་དགོངས་སུ་གསོལ། །ཡིད་དང་ཆོས་ནི་ཡེ་ནས་མངོན་སངས་རྒྱས། །ཀུན་བཟང་ཡབ་ཡུམ་དགོངས་སྤྱོད་དེ་འདྲ་ཡང་། །དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ། །ཀུན་བཟང་ཡབ་ཡུམ་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྒྱལ་བ་རིགས་ལྔ་གསན་ཅིང་༴ ཕུང་པོ་ལྔ་ནི་ཡེ་ནས༴ རྒྱལ་བ་རིགས་ལྔའི༴ དེ་ལྟར་བདག་གིས༴ རྒྱལ་བའི་རིགས་ལྔའི༴ ཐུགས་རྗེ་ཆེ་མངའ༴ རིགས་ཀྱི་ཡུམ་ལྔ༴ འབྱུང་བ་ལྔ་ནི༴ རིགས་ཀྱི་ཡུམ་ལྔའི༴ དེ་ལྟར་བདག་གིས༴ རིགས་ཀྱི་ཡུམ་ལྔའི༴ ཐུགས་རྗེ་ཆེ་མངའ༴ སེམས་དཔའ་བརྒྱད་རྣམས༴ རྣམ་ཤེས་དབང་པོ༴ སེམས་དཔའ་བརྒྱད་ཀྱི༴ དེ་ལྟར་བདག་གིས༴ སེམས་དཔའ་བརྒྱད་ཀྱི༴ ཐུགས་རྗེ་ཆེ་མངའ༴ སེམས་མ་བརྒྱད་རྣམས༴ ཡུལ་དང་དུས་ནི༴ སེམས་མ་བརྒྱད་ཀྱི༴ དེ་ལྟར་བདག་གིས༴ སེམས་མ་བརྒྱད་ཀྱི༴ ཐུགས་རྗེ་ཆེན་མངའ༴ ཐུབ་པ་དྲུག་རྣམས༴ ཉོན་མོངས་དྲུག་ནི༴ ཐུབ་པ་དྲུག་གི༴ དེ་ལྟར་བདག་གིས༴ ཐུབ་པ་དྲུག་གི༴ ཐུགས་རྗེ་ཆེ་མངའ༴ སྒོ་བ་བཞི་རྣམས༴ ལུས་ཀྱི་རྟོག་པ༴ སྒོ་བ་བཞི་ཡི༴ དེ་ལྟར་བདག་གིས༴ སྒོ་བ་བཞི་ཡི༴ ཐུགས་རྗེ་ཆེ་མངའ༴ སྒོ་མ་བཞི་རྣམས༴ རྟག་ཆད་མུ་བཞི༴ སྒོ་མ་བཞི་ཡི༴ དེ་ལྟར་བདག་གིས༴ སྒོ་མ་བཞི་ཡི༴ ཐུགས་རྗེ་ཆེ་མངའ༴ བཤགས་ཡུལ་རྣམས་རང་ལ་བསྟིམ་མོ། །མཚམས་གཅོད་དངོས་ནི། རྩ་བར། ཧཱུཾ་ཧཱུཾ་བཛྲ་དྷྲྀཀ྄་ཅེས་པ་ཙམ་ལས་མེད་ཀྱང་། ཞེ་སྡང་རྡོ་རྗེ་བསྐྱེད་ཚུལ་ནི། ཞེས་བརྗོད་པས་རང་ཉིད་ཞེ་སྡང་རྡོ་རྗེ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། བར་པ་གཉིས་ཀྱིས་རྩེ་ལྔ་དང་བྷཉྫ། ཐ་མ་གཉིས་ཀྱི་ཞིང་དབྱུག་དང་འཇིག་རྟེན་འདེགས་པའི་ཚུལ་ཅན་ཞབས་བཞི་གཡོན་བརྐྱང་གིས་རཱུ་ཏྲ་ཕོ་མོ་མནན་པ། ཡུམ་ཁྲོ་མོ་དབང་ཕྱུག་མ་སྔོན་མོ་དྲིལ་བུ་དང་ཐོད་ཁྲག་འཛིན་པས་འཁྲིལ་བ། ཡབ་ཡུམ་གཉིས་ཀ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཞུགས་པའི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྟེང་འོག་ཕྱོགས་མཚམས་སུ་སྤྲོས་ཏེ་བགེགས་རྣམས་བསྐྲད་ཅིང་བསྲུང་བར་གྱུར། རྩ་བར། དེ་ནས་བགེགས་གཏོར་བཏང་བགེགས་བསྐྲད་གུ་གུལ་གྱི་དུད་པས་བདུག་ཅིང་ཞེས་གསུངས་པ་འདིར་བླངས་ཏེ། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱི་བགེགས་ལ་བསྔོས་མཐར། སོ་ལུགས་ཀྱི་ཕྱག་བཞེས་སེ་ལུགས་ཀྱི་དགོངས་པ་ལྟར། ཧཱུཾ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐང་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་བྱའོ། །ཧཱུཾ་ཧཱུཾ་ཧཱུཾ་ཞེས་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ་ཅིང་། རྩ་བར། མ་སཱུརྻ་མཎྜ་ལ་ཧཱུཾ། ༀ་བཛྲ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཨ་ཨ་ཧཱུཾ་ཕཊ། མ་སཱུརྻ་མཎྜ་ལ་ཧཱུཾ། ༀ་བཛྲ་ཀྲོ་ཏ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་ཏ་བི་ཛཱ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ལ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་ཏ་ཨརྻ་ཨ་ཙ་ལ་ཧཱུཾ། བནྡྷ་བནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་ཏ་ཨ་པ་ར་ཛཱི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚི ནྡྷ་ཚིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛཱ་ཡ་ཧཱུཾ། བིནྡྷ་བིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོདྡྷ་མ་ཧཱ་བ་ལ་ཧཱུཾ་ཕཊ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཅེས་རོལ་མོའི་སྒྲ་དང་བཅས་པས་མཚམས་བཅད་དོ། །དེ་ནས་བཤགས་པ་ནི། སླར་ཡང་བཛྲ་ས་མཱ་ཛ། ཞེས་བཤགས་ཡུལ་སྤྱན་དྲངས་ཏེ། རྩ་བར། ཧཱུཾ། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ཟློག་དོན་དུ་རྒྱལ་བའི་དམ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །དམ་བཅའ་བ་ནི། རྩ་བར། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །བྱིན་དབབ་པ་ནི། རྩ་བར། དུས་གསུམ་སངས་རྒྱས་འཁོར་དང་བཅས། །རང་བཞིན་གནས་ནས་སྐུ་བསྐྱོད་དེ། །མཁྱེན་པའི་གནས་མཆོག་འདིར་གཤེགས་ནས། །བརྩེ་བས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པས་བཤགས་ཡུལ་རྣམས་བསྟིམ་མོ། །རྩ་བར། ཞེས་པས་བཤགས་པ་དམ་བཅའ་བྱིན་དབབ་བྱས་ལ། ཡང་དག་ཞི་ཁྲོ་ཐུང་བའི་བསྟོད་པ་ཡན་ཆད་བྱ། དེ་ནས་བགེགས་གཏོར་བཏང་བགེགས་བསྐྲད་གུ་གུལ་གྱི་དུད་པས་བདུག་ཅིང་། ཞེས་གསུངས་བར་བགེགས་གཏོར་བཏང་བ་གོང་དུ་སོང་། གླན་སྟོན་གྱིས་མཆོད་པ་རྣམས་རིམ་པར་བྱིན་གྱིས་བརླབ། ཞེས་གསུངས་པ་བདུད་རྩི་དང་གཏོར་མ། རཀྟ། ཉེར་སྤྱོད་རྣམས་བྱིན་གྱིས་བརླབ། ཧཱུཾ། གཞོང་པ་རྣམ་དག་ཆོས་ཀྱི་དབྱིངས། །ཞེས་སོགས་ཀྱིས་སྨན་གཏོར་རཀྟ་དཀྱིལ་འཁོར་དུ་འགོད་པའི་ཚིག་དང་། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན་གྱི་བར་སྒོ་འབྱེད་ཕྱག་རྡོར་གྱི་ས་ཆོག་གི་སྔོན་དུ་ཞི་ཐུང་གི་སྐབས་ཀྱི་མཆོད་པ་བྱིན་བརླབ་ལྟར་བྱའོ། །ཞི་ཐུང་ནི། ཧཱུཾ། མི་དམིགས་ཆོས་ཉིད་དེ་བཞིན་ཉིད། །ཅེས་ཏིང་འཛིན་རྣམ་གསུམ་ནས་བཟུང་རྩ་རྒྱུད་ལས་བྱུང་བའི་གླུ་ཡེ་ཤེས་ཀྱི་མཆོད་པ་དང་བསྟོད་པའི་བར་གོང་དུ་ཞི་ཐུང་གི་ཆོ་ག་ཁྲིགས་སུ་བྱས་པ་ལྟར་བྱ་ཞིང་། རྩ་བར་བསྟོད་པ་ཡན་ལས་མ་བཤད་ཀྱང་། སྤྱི་འཛབ་བོ་དྷི་ཙིཏྟའི་འཛབ། འདོད་དོན་གསོལ་བཏབ། ཉམས་ཆགས་བསྐང་བའི་ཡིག་བརྒྱའི་བར་དཀྱུས་བཞིན་བྱའོ། །རྩ་བར། ཡང་དག་གི་ཞི་ཁྲོ་ཐུང་བའི་བསྟོད་པ་ཡན་ཆད་བྱ་ཞེས་གསུངས་པའི་ཁྲོ་ཐུང་གི་རྩ་བ་སངས་རྒྱས་གསང་བའི་རྒྱ་གཞུང་དྲི་མ་མེད་པ་ཡིན་ཅིང་། འདིར་ཞི་ཐུང་གི་ལས་བྱང་ཟིན་མ་ཐག་ཞི་བ་རྣམས་ཁྲོ་བོར་གནས་བསྒྱུར་དགོས་པས། མཁས་གྲུབ་སེ་སྟོན་ཆེན་པོ་རིན་ཅེན་རྒྱལ་མཚན་གྱིས་མཛད་པའི་དོང་སྤྲུག་རྣམས་ངེས་ཉི་མའི་འོད་ཟེར་རབ་ཏུ་སྣང་བར། ཞི་ཁྲོ་རབ་འབྱམས། ཞི་ཁྲོ་གནས་འགྱུར། ཞི་ཁྲོ་རིགས་བསྡུས་གསུམ་དུ་བཤད་པའི་འདིར་གནས་འགྱུར་སྐབས་ཡིན་ལ། རྣམ་ངེས་དེ་ཉིད་ལས། གནས་འགྱུར་ནི་སློབ་དཔོན་པདྨའི་གདམས་ངག་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཕུང་པོ་རི་བོ་ཆེར་གཏེར་དུ་སྦས་པ། རྒྱ་ཞང་ཁྲོམ་གྱིས་གཏེར་ནས་བཏོན། ཞེས་གསུངས་པ། ཁྲོ་ཐུང་གི་རྩ་བ་ལ་ཨོ་རྒྱན་རིན་པོ་ཆེའི་མན་ངག་ལྟར་མངོན་རྟོགས་སྦྱར་ཏེ་གོང་མའི་གསུངས་རྒྱུན་བཞིན་བྲི་བར་བྱའོ། །ཧཱུཾ། སྤྲོས་པ་མེད་པ་ཆོས་ཀྱི་དབྱིངས། །རང་བཞིན་ཀུན་སྣང་ཡེ་ཤེས་འོད། །ཧཱུཾ་ལས་རྒྱུ་ཡི་ཏིང་ངེ་འཛིན། །དེ་ལས་དབང་ཆེན་གཞལ་ཡས་ཁང་། །མ་ཧཱ་སུ་ཀ་ཧཱུཾ། ཙིཏྟ་སྥ་ར་ཎ་ཕཊ། བཛྲ་ཙིཏྟ་ཧཱུཾ། ཨེ། ཡཾ། ར། བཾ། ཀེཾ། རཾ། བྷྲཱུཾ། གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལ། །འཐོར་བྱེད་རླུང་ནག་ཚོགས་ཀྱིི་རྒྱ་གྲམ་གཏམས། །ཆགས་པ་རཀྟའི་ཚོགས་ཀྱི་རྦ་ཀློང་འཁྱིལ། །ཞིང་ཆེན་གཏམས་པའི་ས་གཞི་མཐའ་དབུས་གདལ། །ཀེང་རུས་ཆེན་པོས་བརྩིགས་པའི་རི་རབ་འབར། །ཡེ་ཤེས་འབར་བའི་མེ་འོད་ཀུན་ཏུ་འཕྲོ། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཙཀྲ་མཎྜ་ལ་བྷྲཱུཾ། ཟླ་གམ་སྨུག་ནག་དུར་ཁྲོད་གཞལ་ཡས་ཁང་། །དྲེགས་པ་ལྷ་ཆེན་ཁྱབ་འཇུག་དང་། །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་དང་ཉི་ཟླར་བཅས། །དེ་སྟེང་རྒྱུ་ཡི་ཡི་གེ་ལས། །ཐུགས་ཀྱི་ཕྱག་རྒྱ་རབ་ཏུ་འབར། །དེ་ལས་ཁྲག་འཐུང་ཧེ་རུ་ཀ །ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། མན་ངག་ནས་མངོན་རྟོགས་ཁ་བསྐང་བས་འདི་མན་ཆོད་ཀྱི་ཚིག་རྣམས་སློབ་དཔོན་པདྨའི་མན་ངག་ཏུ་ཤེས་པར་བྱའོ། །དབུས་སུ་བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་དབུས་མཐིང་ནག །སྤྱན་ཉི་ཟླའི་དཀྱིལ་འཁོར་དུ་འབར་ཞིང་། ཤངས་ནས་ཧཱུཾ་འབྱིན་ཅིང་ཞལ་ནས་ཕཊ་སྒྲོག་པ། ཕྱག་གཡས་དང་པོ་རྡོ་རྗེ་རྩེ་དགུ། བར་པ་ན་ཁ་ཊྭཱཾ་ག །ཐ་མ་ན་རྔེའུ་ཆུང་། གཡོན་དང་པོ་ན་དྲིལ་བུ། བར་པ་ན་དུང་དམར། ཐ་མ་ན་རྒྱུ་ཞགས་བསྣམས་པ། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་དུར་ཁྲོད་ཀྱི་རྒྱན་དང་ལྡན་ཞིང་། བཛྲ་ཀྲོ་དྷི་ཤྭ་རཱི་སྟྭཾ། ཞེས་བརྗོད་པས། ཡུམ་ཀྲོ་དྷི་ཤྭ་རཱི་མ་རྡོ་རྗེ་དུང་དམར་འཛིན་པ་ཁྲོ་མོའི་རྒྱན་དང་ལྡན་པ་སྐུ་ལ་འཁྲིལ་བར་གྱུར། ཡུམ་གྱིས་མཁའ་པདྨའི་གེ་སར་གྱེས་པ་འདབ་མ་བརྒྱད་པའི་དབུས་ན་ཨཾ་དམར་པོ་དང་། ཡབ་ཀྱི་གསང་པ་རྡོ་རྗེ་རྩེ་ལྔ་པའི་རྩེ་མོར་ༀ་དཀར་པོ་གསལ་བར་གྱུར། ཡབ་ཀྱིས་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཡུམ་གྱིས་རཱ་ག་ཡ་མི། ར་ཧོ་ཧཾཿ སྙོམས་པར་ཞུགས་ཏེ་ཛཿཧཱུཾ་བཾ་ཧོཿ བྱང་ཆུབ་ཀྱི་སེམས་སྤྲོས་བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཡེ་ཤེས་དམ་ཚིག་ཆེན་པོ་ཡི། །པདྨོ་རྡོ་རྗེ་ལྡན་བྱས་ནས། །གཉིས་སུ་མེད་པའི་བརྡས་མཚོན་ཏེ། །བྱང་ཆུབ་སེམས་སྤྲིན་སྤྲོས་པ་ལས། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ་ཕཊ་། ས་བོན་དེ་རྣམས་མཁའ་གསང་ནས་ཕྱིར་འཕྲོས། སོ་སོའི་གདན་གྱི་སྟེང་དུ་རྩ་སྔགས་ཀྱི་སྒྲས་བྱུང་ནས་ཁྲོ་བོའི་དཀྱིལ་འཁོར་གསལ་བར་བསྒོམ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་སྟྭཾ། ཤར་དུ་བུདྡྷ་ཧེ་རུ་ཀ་སྐུ་མདོག་སྨུག་ནག་ཞལ་གསུམ་ཕྱག་དྲུག་པ་གཡས་སེར་གཡོན་དམར་དབུས་སྨུག་ནག །ཕྱག་གཡས་གསུམ་ན་འཁོར་ལོ་དགྲ་སྟྭ་ཞགས་པའོ། །གཡོན་གསུམ་ན་བྷནྡྷ་ཁ་ཊྭཱཾ་རྔེའུ་ཆུང་བསྣམས་པ། བུདྡྷ་ཀྲོ་དྷི་ཤྭ་རཱི་མ་དང་གཉིས་སུ་མེད་པར་འཁྲིལ་ཞིང་། ཞབས་དྲི་ཟ་ཕོ་མོའི་གདན་ལ་བཞུགས་པའོ། །ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་སྟྭཾ། ལྷོར་རཏྣ་ཧེ་རུ་ཀ་སྐུ་མདོག་སེར་ནག་ཞལ་གསུམ་ཕྱག་དྲུག་ཞལ་གཡས་སྔོ་གཡོན་དམར་དབུས་སེར་ནག །ཕྱག་གཡས་གསུམ་ན་རིན་ཆེན་ཐོང་གཤོལ་རལ་གྲི། གཡོན་གསུམ་ན་བྷནྡྷ་དགྲ་སྟྭ་གཏུན་ཤིང་ཅན། རཏྣ་ཀྲོ་དྷི་ཤྭ་རཱི་དང་གཉིས་སུ་མེད་པར་འཁྲིལ་ཞིང་། ཞབས་གཤིན་རྗེ་ཕོ་མོའི་གདན་ལ་བཞུགས་པའོ། །ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རཱི་སྟྭཾ། ནུབ་ཏུ་པདྨ་ཧེ་རུ་ཀ་སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་སྔོ་དབུས་དམར་ནག །གཡས་པ་གསུམ་ན་པདྨ་རྔེའུ་ཆུང་སྤུ་གྲི། གཡོན་པ་གསུམ་ན་བྷནྡྷ་རྔེའུ་ཆུང་ཁ་ཊྭཱཾ་ཅན། པདྨ་ཀྲོ་དྷི་ཤྭ་རཱི་དང་གཉིས་སུ་མེད་པར་འཁྲིལ་ཞིང་། ཞབས་གཉིས་ཀླུ་ཕོ་མོའིགདན་ལ་བཞུགས་པའོ། །ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རཱི་སྟྭཾ། བྱང་དུ་ཀརྨ་ཧེ་རུ་ཀ་སྐུ་མདོག་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་དབུས་ལྗང་ནག །གཡས་གསུམ་ན་རྒྱ་གྲམ་ཞགས་པ་རྔེའུ་ཆུང་། གཡོན་གསུམ་ན་བྷནྡྷ་ཐོད་དབྱུག་རྔེའུ་ཆུང་ཅན། ཀརྨ་ཀྲོ་དྷི་ཤྭ་རཱི་མ་དང་གཉིས་སུ་མེད་པར་འཁྲིལ་ཞིང་། ཞབས་གཉིས་གནོད་སྦྱིན་ཕོ་མོའི་གདན་ལ་བཞུགས་པའོ། །བཛྲ་ག་རཱི་ཧ། ནང་གི་ཁྱམས་དང་པོའི་ཤར་དུ་ག་རཱི་མ་སྐུ་མདོག་སྔོན་མོ་ཞིང་དབྱུག་དང་བྷནྡྷ་རཀྟས་བཀང་བ་ཅན། བཛྲ་ཙ་རཱི་ཧ། ལྷོར་ཙ་རཱི་མ་སྐུ་མདོག་སེར་མོ་མདའ་གཞུ་འགེང་བ། བཛྲ་པྲ་མོ་ཧཱེ་ཧ། ནུབ་ཏུ་པྲ་མོ་ཧ་སྐུ་མདོག་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་དང་བྷནྡྷ་རཀྟས་བཀང་བ་ཅན། བཛྲ་བེཏྟ་ལཱི་ཧ། བྱང་དུ་བེཏྟ་ལཱི་སྐུ་མདོག་ནག་མོ་རྡོ་རྗེ་རྒྱ་གྲམ་དང་ཞིང་གི་དབྱུག་པ་ཅན། བཛྲ་པུཀྐ་སཱི་ཧ། ཤར་ལྷོར་པུཀྐ་སཱི་དམར་སེར་གཡོན་གྱིས་ཞིང་བཟུང་ནས་གཡས་ཀྱིས་རྒྱུ་མ་བཟུང་བའོ། །བཛྲ་གྷསྨ་རཱི་ཧ། ལྷོ་ནུབ་ཏུ་གྷསྨ་རཱི་ལྗང་གུ་གཡས་རྡོ་རྗེས་གཡོན་གྱི་བྷནྡྷ་དཀྲུག་པའོ། །བཛྲ་སྨེ་ཤ་ནཱི་ཧ། ནུབ་བྱང་དུ་སྨེ་ཤ་ནཱི་མཐིང་ནག་ཕྱག་གཡས་གཡོན་གཉིས་ཀྱིས་ཞིང་བཟུང་ནས་ཚེམས་ཀྱིས་ཁོང་འདྲལ་ཏེ་སྙིང་ཟ་བ། བཛྲ་ཙཎྜ་ལཱི་ཧ། བྱང་ཤར་དུ་ཙཎྜ་ལཱི་སེར་སྐྱ་གཡོན་གྱིས་ཞིང་བཟུང་ནས་གཡས་ཀྱིས་མགོ་བོ་གཅོད་པའོ། །ཁྲོ་མོ་དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་རལ་པ་ལས་མེ་འབར་བ། དུར་ཁྲོད་ཀྱི་རྒྱན་དང་ལྡན་ཞིང་ཞབས་གཉིས་ཉི་མའི་གདན་ལ་བཞུགས་པའོ། །ཕྲ་མེན་བརྒྱད་མན་ཆད་ཀྱི་མངོན་རྟོགས་གུ་རུ་པདྨའི་མན་ངག་ཏུ་མི་གསལ་བ་ཁྲོ་བོ་དམ་པ་རྒྱན་ལས་བཏུས་པ་འདི་ལྟར། ནང་ཁྱམས་ཕྱི་མའི་ཕྱོགས་མཚམས་རྣམས་སུ་རིམ་པ་བཞིན། བཛྲ་སིདྷ་མུ་ཁ་ཧེ། སིདྷ་ཁ་རོ་བསྣོལ་སེར་སེང་། །བཛྲ་བྱ་གྷྲྀ་མུ་ཁ་ཧེ། བྱཱ་གྷྲྀ་མནན་སྟག་བསྣོལ་མར་སྟག །བཛྲ་སྲིངྒ་ལ་མུ་ཁ་ཧེ། སྲི་ལ་ནག་མོ་བྱིས་ལྡག་ཝ། །བཛྲ་ཤྭ་ན་མུ་ཁ་ཧེ། ཤྭ་ན་འདྲལ་ལྟ་མཐིང་ཁ་སྤྱང་། །བཛྲ་གྲྀ་ཌྷ་མུ་ཁ་ཧེ། གྲྀ་ཌྷ་མགྲིན་དམར་རྒྱུ་འདྲེན་རྒོད། །བཛྲ་ཀངྒ་མུ་ཁ་ཧེ། ཀངྐ་ཞིང་ཕྲག་བསྣར་མགོ་རིང་། །བཛྲ་ཀཱ་ཀ་མུ་ཁ་ཧེ། ཀཱ་ཀ་ཁ་རོ་བྷན་གྲི་ནག །བཛྲ་ཨུ་ལུ་མུ་ཁ་ཧེ། ཨུ་ལུ་རྡོ་རྒྱུ་མཐིང་ཚོགས་འུག །བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན། །བཛྲ་ཨ་མུ་ཀ་ཧཱུཾ། ལྷོ་སྒོར་ཕག་གདོང་ནག་མོ་མཆེ་ཞགས་བསྡོམ། །བཛྲ་ལོ་ཀ་བཾ། ནུབ་སྒོར་ལྕགས་སྒྲོག་དམར་མོ་ཉི་ཟླས་མཚན། །བཛྲ་བྷསྨི་པ་ལ་ཡ་བ་ཏོ་ཧོཿ བྱང་སྒོར་ཐལ་བྱེད་དྲིལ་བུ་སྣ་ཚོགས་མདོག །ལྕགས་རི་ལ་དབང་ཕྱུག་མ་ནི། ཤར་དུ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་མ་དམར་སེར་པདྨ་འཛིན། །ལྷ་ཆེན་དཀར་ལྗང་ཏྲི་ཤཱུ་ལ། །རྟོགས་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །དབང་མོ་དཀར་མོ་ཨིནྡྲ་ཀ །ལྷོར་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། རྡོ་རྗེ་སེར་མོ་ཙནྡན་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་པུནྡ་རི། །བེ་ཅོན་ལྗང་ནག་དབྱུག་ཏོ་འཕྱར། །སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ཟ་བ་ལྗང་ནག་བ་སུ་འདྲེན། །ནུབ་ཏུ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། དགའ་བ་དམར་མོ་ཀ་ཏར་འཕྱར། །སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན། །རྡོ་རྗེ་སེར་ནག་སྤུ་གྲིས་གཅོད། །འདོད་པ་དམར་མོ་མདའ་གཞུ་འགེངས། །ནོར་སྲུང་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཕྱར། །བྱང་དུ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། གསོད་བྱེད་ནག་མོ་རལ་གྲིའི་སོ། །མེ་མོ་དམར་མོ་གསལ་ཤིང་འཕྱར། །ཕག་མོ་ནག་མོ་མཆེ་ཞགས་ཅན། །རྒན་བྱེད་དམར་མོ་ཞིང་ཆུང་ཟ། །སྣ་ཆེན་དཀར་མོ་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྤྲུལ་ཞགས་འཛིན། །ཁྲོ་ཐུང་རྩ་བར་སྒོ་མ་ཆད་པས་དབང་མོ་ཉེར་བརྒྱད་མ་ཚང་བ་འདིར་ཁ་བཀང་བ་ནི། བྷྱོ་བྷྱོ་བྷྱོ་བྷྱོ། ཁུ་བྱུག་ནག་མོ་ལྕགས་ཀྱུ་འཛིན། །ར་གདོང་སྔོན་མོ་རྒྱུ་ཞགས་འདྲེན། །སེང་གདོང་དམར་མོ་ལྕགས་སྒྲོག་འཛིན། །སྐྱ་ཀ་ལྗང་ནག་དྲིལ་བུ་འཁྲོལ། །དེ་ལྟར་ལྷ་བསྐྱེད་ནས་ཡེ་ཤེས་ལྔའི་དབང་བསྐུར་བ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སོགས་ཞི་བའི་སྐབས་སུ་རྒྱས་པར་སོང་བས་འདིར་བྱིན་རླབས་དྲན་པ་ཙམ་གྱིས་འཐུས་པར་དགོངས་ཏེ་ཁྲོ་ཐུང་གི་རྩ་བ་ལྟར། ༀ་ཨཿཧཱུཾ་ཞེས་སྐུ་གསུང་ཐུགས་དང་། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་རིགས་ལྔས་དབང་བསྐུར་རོ། །གུ་རུ་པདྨའི་མན་ངག་ལས། བདག་གི་ཐུགས་ཀ་ནས་ཡིག་འབྲུ་ལས་འོད་ཟེར་འཕྲོས། དེ་ལས་ཕྱག་རྒྱ་བཞི་སྤྲོ་ཞིང་། ཆོས་ཀྱི་སྐུ་ལས་སྤྲུལ་པའི་སྐུར། ཞེས་གསུངས་ཏེ། མདུན་གྱི་ནམ་མཁའ་ལ་མེ་དཔུང་འདབ་འདྲེས་ཙམ་དུ་བཞུགས་པ་ལ་སྙིང་པོས་བསྐུལ་ཞིང་ཕྱག་རྒྱ་བཞིས་སྤྱན་དྲངས། མི་དམིགས་མཁའ་ལྟར་དག་པས་ཁྱབ་པའི་སྐུ། །སྤྱན་དྲངས་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿ གཞལ་ཡས་ཁང་དུ་བྱོན་ནས་ལྷ་རྣམས་བདག་ཉིད་ལ་ཐིམ་པས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་གྱུར་ཏེ། ནམ་དངོས་གྲུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ་ལོ། །ཧཱུཾ། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མི་གཉིས་དོན་ཕྱིར་དངོས་གྲུབ་མཆོག་གི་རྣམས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཏིཥྛ་བཛྲ་ཧཱུཾ། ཡེ་ཤེས་སྤྲུལ་པའི་སྐུ་མངོན་དུ་ཤར་བ་ལ་གཉིས་སུ་མེད་པའི་རྟོགས་པའི་སྒོ་ནས་ཕྱག་བཙལ་བ་ནི། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེའི་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཁྲོ་བོ་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་བྱ་བ་ནི། བདག་གི་ཐུགས་ཀ་ནས་ལྷ་མོ་ཨརྒྷ་ཐོགས་པ་མང་པོ་བྱུང་སྟེ། བདག་ལ་ཁྲུས་བྱེད་ཅིང་རང་ལ་ཐིམ་མོ། །དེ་བཞིན་དུ་བདུག་སྤོས་མ་ཤངས་ལ་ཐིམ། མེ་ཏོག་མས་གཏོར་ཏེ་དབུ་ལ་ཐིམ། མར་མེ་མ་སྤྱན་ལ་ཐིམ། དྲི་ཆབ་མ་ཐུགས་ལ་ཐིམ། ལྷ་བཤོས་མ་ལྗགས་ལ་ཐིམ། སྒྲ་དབྱངས་མ་སྙན་ལ་ཐིམ། ཧཱུཾ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེེས། །སྐུ་མདོག་ཞལ་ནི་རྣམ་པར་བསྒྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བའི། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །ཛཿཧཱུཾ་བཾ་ཧོཿ ༀ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཨི་དཾ། དྷཱུ་པཾ། པུཥྤཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱཾ། ཨརྒྷཾ་པྲ་ཏཱིཙྪ་ཧོཿ བདུད་རྩིའི་མཆོད་པ་ནི། དོན་སྐྱེ་འཆི་མེད་པའི་ངང་དུ་རྟགས་ལྷ་རྣམས་གནས་པའི་ཕྱིར། ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔས་ཁྱབ་པར་དམིགས་ཏེ་མཆོད་དོ། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །རིགས་ལྔ་ཁྲག་འཐུང་ཡབ་ཡུམ་དང་། །ཀ་སིང་སྒོ་མ་དབང་ཕྱུག་འཁོར་བཅས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཧཱུཾ་ཁ་རཾ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རཱི་སྟྭཾ་ཁ་རཾ་ཁཱ་ཧི། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་སྟྭཾ་ཁ་རཾ་ཁཱ་ཧི། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་སྟྭཾ་ཁ་རཾ་ཁཱ་ཧི། ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རཱི་སྟྭཾ་ཁ་རཾ་ཁཱ་ཧི། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རཱི་སྟྭཾ་ཁ་རཾ་ཁཱ་ཧི། ཧཱུཾ་ཁ་རཾ་ཁ་རཾ་ཁཱ་ཧི། ༀ་བཛྲ་ག་རཱི་ཧ་ས་མ་ཡ་དེ་ཝི་ཙ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཙ་རཱི་ཧ་ས་མ་ཡ༴ ༀབཛྲ་པྲ་མོ་ཧཱེ་ཧ་ས་མ་ཡ༴ ༀ་བཛྲ་བེཏྟ་ལཱི་ཧ་ས་མ་ཡ༴ ༀ་བཛྲ་པུཀྐ་སཱི་ཧ་ས་མ་ཡ༴ ༀ་བཛྲ་གྷསྨ་རཱི་ཧ་ས་མ་ཡ༴ ༀ་བཛྲ་སྨེ་ཤ་ནཱི་ཧ་ས་མ་ཡ༴ ༀ་བཛྲ་ཙཎྜ་ལཱི་ཧ་ས་མ་ཡ༴ ཧཱུཾ་ཁ་རཾ་ཁཱ་ཧི། ༀ་བཛྲ་སིདྷ་མུ་ཁ་ཧེ་ཁ་རཾ་ཁཱ་ཧི། ༀ་བཛྲ་བྱཱ་གྷྲི་མུ་ཁ་ཧེ༴ ༀ་བཛྲ་སྲིངྒ་ལ་མུ་ཁ་ཧེ༴ ༀ་བཛྲ་ཤྭ་ན་མུ་ཁ་ཧེ༴ ༀ་བཛྲ་གྲི་ཌྷ་མུ་ཁ་ཧེ༴ ༀ་བཛྲ་ཀཾ་ཀ་མུ་ཁ་ཧེ༴ ༀ་བཛྲ་ཀཱ་ཀ་མུ་ཁ་ཧེ༴ ༀ་བཛྲ་ཨུ་ལུ་ཀ་མུ་ཁ་ཧེ། ཧཱུཾ་ཁ་རཾ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿཁ་རཾ་ཁཱ་ཧི། ༀ་བཛྲ་ཨ་མོ་ཀ་ཧཱུཾ༴ ༀ་བཛྲ་ལོ་ཀ་བཾ༴ ༀ་བཛྲ་བྷསྨི་པ་ལ་ཡ་བ་ཏོ་ཧོ༴ ཧཱུཾ་ཁ་རཾ་ཁ་རཾ་ཁཱ་ཧི། བྷྱོ་བདུན། ཤར་གྱི་སྨུག་ནག་མ་བདུན་གྱི་ཞལ་དུ་ཁ་རཾ་ཁཱ་ཧི། བྷྱོ་བདུན། ལྷོའི་སེར་ནག་མ་བདུན་གྱི་ཞལ་དུ༴ བྷྱོ་བདུན། ནུབ་ཀྱི་དམར་ནག་མ་བདུན་གྱི་ཞལ་དུ༴ བྷྱོ་བདུན། བྱང་གི་ལྗང་ནག་མ་བདུན་གྱི་ཞལ་དུ༴ མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་གྱི་ཞལ་དུ། སྨན་མཆོད་ཀྱི་ཤམ་བུ་འདི་ཡང་དག་མེ་གཅིག་གི་དགོངས་པ་ལྟར་ཡིན་གསུང་། བདག་ཅག་མ་རིགས་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ། །རྒྱལ་བའི་དཀྱིལ་འཁོར་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སྨན་གྱི་སིདྡྷི་བླང་བ་ནི། ཧཱུཾ། ཡེ་ཤེས་ལྔ་ལྡན་བྷནྡྷའི་སྣོད་ནང་དུ། །ཡོན་ཏན་བརྒྱད་ལྡན་བདུད་རྩི་བཀང་བ་འདི། །བདེ་གཤེགས་མཆོད་ནས་དངོས་གྲུབ་བླང་བའི་ཕྱིར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་བླང་ངོ་། །སྨན་རཀ་བདུད་རྩི་གསུམ་འབུལ་བ་ནི། ཧཱུཾ། ཁྱད་པར་ཆེན་པོ་གྲུབ་པ་རྒྱལ་བའི་བཀའ། །སྣང་སྲིད་སྣང་བ་ཆེན་པོར་ཤར་བའི་སྐུ། །རྒྱུ་གཉིས་རྐྱེན་གསུམ་སྦྱར་བའི་བདུད་རྩི་འདི། །དཔལ་ཆེན་ཁྲག་འཐུང་ཚོགས་ལ་མཆོད་པར་འབུལ། །མ་ཧཱ་བ་ལིངྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། བ་སུ་ཏ་གོ་རོ་ཙ་ན་ཀེཾ་ནི་རི་ཏི་ཁཱ་ཧི། ཞེས་མཆོད་པ་འབུལ། སྨོན་ལམ་ནི། ཧོཿ དགོངས་སུ་གསོལ། སྤྲོས་པ་མེད་པའི་དབྱིངས། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པས། བདག་ཅག་རྣལ་འབྱོར་པའི་དགྲ་དང་བགེགས་དང་། བདུད་དང་སྲིན་པོ་ནི་བསྒྲལ། ཉོན་མོངས་པ་ནི་ཞི། རྣལ་འབྱོར་གྱི་ས་དམ་པ་ཐོབ་པར་མཛད་དུ་གསོལ། །ཞེས་གདབ་བོ། །འཛབ་ནི། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། འཛབ་དགོངས་མངོན་རྟོགས་སུ་ཤེས་སོ། །ཞེས་གསུངས་པ་གུ་རུ་པདྨའི་མན་ངག་གི་མངོན་རྟོགས་ལས། བདག་བཛྲ་ཧེ་རུ་ཀར་གསལ་བའི་ཐུགས་ཀར་མ་ལས་ཉི་མའི་དཀྱིལ་འཁོར་བསམས། དེའི་སྟེང་དུ་ཡེ་ཤེས་སེམས་དཔའ་སྨུག་ནག་ཚོན་གང་བ་ཞིག་བསམ་ལ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་རིན་པོ་ཆེ་ཟུར་བརྒྱད་ཀྱི་སྟེང་དུ་ཧཱུཾ་བསམ། ཟུར་བརྒྱད་ལ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བར་བསྒོམ་མོ། །ཡུམ་གྱི་ཐུགས་ཀར་ཡང་དེ་བཞིན་དུ་བསྒོམ་མོ། །བདག་གི་ཐུགས་ཀའི་ཡིག་འབྲུ་ལས་འོད་ཟེར་སྤྲོས་པས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་ཏེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྒྲིིབ་པ་སྦྱངས་ནས། དེ་ནས་བདག་ལ་ཚུར་འདུས་པས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱ་སྒྲོ་མེས་བཅུམ་པ་བཞིན་སོང་ནས་བྱང་ཞིང་དག་པར་གྱུར་ནས། སྣང་སྲིད་ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དུ་མ་གྱུར་པ་མེད་པར་བསྒོམ་མོ། །ཞེས་གསུངས། འདི་ཡན་ཆོད་ཀྱི་ཚིགས་བཅད་དང་སྔགས་རྣམས་ཁྲོ་ཐུང་གི་རྩ་བ་ཁོ་ན་ལ་ལྷུག་པའི་མངོན་རྟོགས་དང་དམིགས་པའི་འཕྲོ་འདུ་བྱ་ཚུལ་རྣམས་གུ་རུ་པདྨའི་མན་ངག་དྲི་མ་མེད་པ་བཅོས་བསླད་དང་བྲལ་ངེས་པ་དང་ཕྲ་མེན་བརྒྱད་དང་སྒོ་མ་དབང་ཕྱུག་གི་མངོན་རྟོགས་ཁྲོ་བོ་དམ་པ་རྒྱ་ཆེ་ཆུང་གཉིས་ཡོད་པའི་ཆེ་བའི་རྒྱ་གཞུང་གི་ཚིག་བཅོས་མེད་ཡིན་པས་ཕྱོགས་འདི་ལ་སྤྱན་རས་ཡངས་པ་རྣམས་དགྱེས་པ་ཁྱད་པར་ཅན་བསྐྱེད་དུ་གསོལ། ཁྲོ་ཐུང་རྩ་བར། བསྟོད་པ་ནི་རྒྱུད་ལྟར་གཏུམ་ཆེན་གྱིས་བསྟོད། ཅེས་གསུངས་པས་རྩ་རྒྱུད་གསང་བའི་སྙིང་པོའི་ལེའུ་ཉེར་གཅིག་པ་ལས་གསུངས་པ་འདི་ལྟར། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོཿ ཧཱུཾ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ཧཱུཾ། ཁྲོ་བོའི་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཧཱུཾ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པས་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོཿ ཧཱུཾ། བདུད་ཀུན་གྱི་ནི་བདག་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོཿ ཧཱུཾ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་བདུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་བསྟོད་དོ། །དེ་ནས་ཁྲོ་བོའི་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་ལ་བསྡུས་ཏེ། རང་ཉིད་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་ང་རྒྱལ་ལ་གནས་པར་བྱའོ། །དེ་ནས་བུམ་པ་བསྐྱེད་པ་ནི། བུམ་པ་གུ་གུལ་གྱི་དུད་པས་བདུག །ཡུངས་ཐུན་གྱིས་བྲབ་སྟེ་བགེགས་བསྐྲད། དྲི་ཞིམ་པོས་བདུག །རྩ་བར། ལས་ཐམས་ཅད་པའི་བུམ་པ་རཾ་ཡཾ་ཁཾ་གིས་སྦྱང་། ཤཱུ་ནྱ་ཏཱས་སྟོང་པའི་ངང་ལས་ཕྱི་དུར་ཁྲོད་འབར་བ། ནང་རིན་པོ་ཆེའི་གཞལ་ཡས་ཁང་། དེའི་ནང་དུ་མ་སཱུ རྻ་མཎྜ་ལས་ཉི་མའི་སྟེང་དུ་ཧཱུཾ་ལྗང་གུའི་འཕྲོ་འདུ་ལས་བདུད་རྩི་འཁྱིལ་བ་ལྗང་གུ་གཡས་རྒྱ་གྲམ། གཡོན་དྲིལ་བུ་ཐོགས་པ་སྟག་གི་པགས་པའི་ཤམ་ཐབས་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞིག་བསྒོམ། རྩ་བར། ཡེ་ཤེས་པ་བསྟིམ། རིགས་ལྔས་དབང་བསྐུར། ཀརྨ་ཧེ་རུ་ཀས་དབུ་བརྒྱན་པར་བསམ། ཞེས་གསུངས་པའི་དོན་སྒྱུ་འཕྲུལ་ལུགས་ལ་དབང་བརླབ་དབབ་དྲང་བསྟིམ་བརྟན། ཞེས་གོ་རིམ་དུ་མཛད་པ་ཡེ་ཤེས་ལྔས་དབང་བསྐུར་ཞིང་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་ཐོག་མར་བགྱིད་དགོས་པས། ཞི་ཐུང་སྐབས་སུ་བཤད་པའི་ཕྱག་རྒྱ་རྣམས་བཅའ་ཞིང་། ༀ་མ་ཧཱ་ཤཱུ་ཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན༴ ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན༴ ༀ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན༴ ༀ་མ་ཧཱ་ཀྲྀ་ཏྱ་ཨ་ནུཥྛ་ན་ཛྙཱ་ན༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ༴ རིགས་ལྔའི་དབང་བསྐུར་ལ། ཡང་ན་ཀརྨ་ཧེ་རུ་ཀས་དབུ་བརྒྱན་པའི་དབང་གིས་ཤཱུ་ཱུནྱ་ཏཱ་དང་། ཀྲྀ་ཏྱ་ཨ་ནུཥྛ་ན་གོ་བརྗེས་ཀྱང་བཏུབ་བོ། །རུ་ལུ་རུ་ལུ་ཧཱུཾ་ཞེས་སྙན་གསན་དབབ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུཾ་བཾ་ཧོཿཞེས་སྤྱན་དྲངས། ཏིཥྛ་བཛྲས་བརྟན་པར་བྱ། ༀ་ཨ་བིགྷྣཱནྟ་ཀྲྀཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བཟླས་པ་བྱའོ། །དེ་ནས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཀེ་བྷྱཿསརྦ་ཏངྑཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿཤྲཱི་བཛྲ་རཱ་ག་གནྡྷེ་གན། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་པ་ནས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོའི་བར་ཞི་ཐུང་དུ་རྒྱུད་དྲངས་པ་ལྟར་དང་། ཧོཿ རྒྱལ་བ་རྒྱ་མཚོ་དགོངས་སུ་གསོལ། །མཆོད་པ་རྒྱ་མཚོ་བཞེས་སུ་གསོལ། །ཉམས་ཆག་རྒྱ་མཚོ་བསྐང་དུ་གསོལ། །དངོས་གྲུབ་རྒྱ་མཚོ་སྩལ་དུ་གསོལ། །ཕྲིན་ལས་རྒྱ་མཚོ་སྒྲུབ་ཏུ་གསོལ། །ཞེས་བརྗོད་དོ། །དེ་ནས་མཛུབ་མོ་གཉིས་བུམ་པར་གཏུགས་ལ། ༀ་ཨཱཿཧཱུཾ་སྭཱ་ཧཱ། བརྒྱ་རྩ་བཟླས་པས་བདུད་རྩི་འཁྱིལ་བ་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་བསམ། སློབ་དཔོན་བཞེངས་ཏེ་རྡོར་དྲིལ་འཛིན་པས། ༀ་སརྦ་བི་ཤུདྡྷེ་དྷརྨ་ཐ་བཛྲ་སིདྡྷི་ཧཱུཾ། ཞེས་པས་བུམ་པའི་ཆུས་དཀྱིལ་འཁོར་གྱི་གཞི་ཀུན་ལ་གཏོར་བས་ཉེས་སྐྱོན་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དུ་བསམ་མོ། །དེ་ནས་དམ་རྫས་བདུད་རྩི་གསུམ་གྱིས་ཆག་ཆག་གདབ་སྟེ། གོང་གི་བྷནྡྷ་གསུམ་རིམ་པར་བླངས་ཏེ་ཆག་ཆག་གདབ་ཅིང་། ༀ། བདུད་རྩི་དྲི་ཆེན་ཡེ་ཤེས་ལྔ་ལྡན་པས། །དེ་བཞིན་གསང་མཆོག་དངོས་གྲུབ་དམ་པའི་མཆོག །བཀའ་གསང་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་རུ། །དམ་རྫས་བདུད་རྩི་དྲི་ཆེན་ཆག་ཆག་འདེབས། །མ་ཧཱ་བ་སུ་ཏ་མཎྜ་ལ་ཧཱུཾ། ༀ། དམ་རྫས་དམ་པའི་བདུད་རྩི་དྲི་ཆུ་འདིས། །ཡེ་ཤེས་རང་བྱུང་བདུད་རྩི་བསྒྲུབ་པའི་ཕྱིར། །སྐྱེ་མེད་བྱང་ཆུབ་སེམས་སུ་རྟོགས་པ་དང་། །གསང་བ་བདུད་རྩི་ཆེན་པོས་ཆག་ཆག་འདེབས། །མ་ཧཱ་ས་མནྟ་ཀུ་ཀུས་མཎྜ་ལ་ཧཱུཾ། ༀ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །འཁོར་བ་རྒྱུད་གཅོད་བྱང་ཆུབ་སེམས་ཀྱི་ངང་། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ། །རཀྟ་གསང་བ་མཆོག་གིས་ཆག་ཆག་འདེབས། །མ་ཧཱ་རཀྟ་མཎྜ་ལ་སོགས། རྩ་བར། དེ་ནས་ཐིག་གདབ་པ་ནི། དང་པོ་སྟོང་པའི་ངང་ལས་སཱུརྻ་ཙནྡྲ་རཏྣ་པདྨ་ཨེ་མཎྜ་ལའི་གདན་ལྔ་བསམ། དེ་དག་གི་སྟེང་དུ་ཐུགས་ཀ་ནས་ཧཱུཾ་ༀ་སྭཱ་ཨཱཾཿཧཱ། དམ་ཚིག་གི་ཐིག་ལ་ཉི་ཟླ་པདྨ་ༀ་ཨཱཿཧཱུཾ་གསུམ་བསམ། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ༀ་བཛྲ་ས་མ་ཡ་ཛཿཨེ་ཧྱེ་ཧི་ལན་གསུམ་བརྗོད་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཞེས་འབྱུང་བས་གསང་སྔགས་གཞན་ལ་ཐིག་ཚོན་བྱིན་རླབས་ལྷན་དུ་བྱེད་ཀྱང་འདིར་སོ་སོར་འབྱུང་བས་དང་པོ་ཐིག་བྱིན་གྱིས་བརླབ་པ་ནི། ཡེ་ཤེས་ལྔའི་ཐིག་སྐུད་ལྔ་དང་དམ་ཚིག་གི་ཐིག་སྐུད་བསང་སྦྱང་། སྟོང་པའི་ངང་ལས་སཱུརྻ་ཙནྡྲ་རཏྣ་པདྨ་ཨེ་མཎྜ་ལ་ཞེས་པས་ཨེ་ལས་ནམ་མཁའ། རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་སྟེ་གདན་ལྔ་བརྩེགས་དང་། དམ་ཚིག་གི་ཐིག་སྐུད་ལ་ཉི་ཟླ་པདྨའི་གདན་སུམ་བརྩེགས་སུ་བསམ་མོ། །བདག་གི་ཐུགས་ཀ་ནས་ཧཱུཾ་མཐིང་ༀ་དཀར་སྭཱ་སེར་ཨཱཿདམར་ཧཱ་ལྗང་གུ་སྟེ་ས་བོན་ལྔ་འཕྲོས། གདན་ལྔའི་སྟེང་དུ་འཁོད། ༀ་ཨཱཿཧཱུཾ་དཀར་དམར་མཐིང་གསུམ་འཕྲོས། གདན་སུམ་བརྩེགས་ཀྱི་སྟེང་དུ་འཁོད་པར་གྱུར། རང་ཉིད་བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས། ༀ་བཛྲ་ས་མ་ཡ་ཛཿ ཨེ་ཧྱེ་ཧི་ཞེས་ལན་གསུམ་བརྗོད་པས། ཕྱོགས་བཅུ་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་མདུན་གྱི་ནམ་མཁར་མངོན་སུམ་དུ་བྱོན་པར་གྱུར། རྩ་བར། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ༴ ལོངས་སྤྱོད་རྫོགས་པའི་སྐུ་ལ༴ ཅིར་ཡང་སྤྲུལ་པའི་སྐུ་ལ༴ ཁམས་གསུམ་ཞིང་དུ་སྦྱོར་ལ༴ མཛེས་པའི་སྐུ་མཆོག་སེམས་ཅན་སྒྲོལ་ལ་མཁས། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །ཤེས་རབ་ཐབས་ཀྱི་གཙོ་ལ་མཉེས་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ༴ ཐབས་མཁས་ཐུགས་རྗེ་ཡེ་ཤེས་སྤྲུལ་པའི་ངང་། །རང་རྒྱུད་རྣལ་འབྱོར་དག་པས་གྲུབ་པ་བརྙེས། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །སེམས་དཔའ་སེམས་མ་རྣམས་ལ༴ བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱིས། །ཉོན་མོངས་ལོག་པར་ལྟ་བའི་དགྲ་རྣམས་འཇོམས། །གཤིན་རྗེ་གཤེད་པོ་ལ་སོགས་ཁྲོ་རྒྱལ་བཞི། །སྒོ་བ་ཡབ་ཡུམ་རྣམས་ལ༴ ཆོས་རྣམས་ཡེ་ནས་གཉིས་མེད་ལྷུན་གྲུབ་པའི། །རྟོགས་པར་བྱ་བའི་ཡུལ་དུ་ཆོས་བཟང་མོ། །དེ་ཉིད་དོན་རིག་བྱེད་པ་རྡོ་རྗེ་ཡིད། །གཉིས་མེད་དཀྱིལ་འཁོར་གཙོ་ལ༴ རྫོགས་པ་ཆེན་པོའི་ངང་ལས་མ་གཡོས་ཀྱང་། །རྟོག་པ་རྒྱུད་དྲུག་སོ་སོར་འཁོར་བ་ལ། །ཐབས་མཁའ་ཐུགས་རྗེས་ཅི་འདུལ་དེར་སྟོན་པ། །ཐུབ་པ་ཆེན་པོ་དྲུག་ལ༴ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཕྱག་བཙལ་ཏེ། རྩ་བར་འདི་ལས་མ་གསུངས་ཀྱང་། གླན་སྟོན་གྱིས། ཕྱག་ནས་ཕྱོགས་བཅུ་དུས་བཞི་ཡན་ཆད་ཀྱིས་བསྟོད་ཅིང་། ཞེས་གསུངས་པས་སྒྱུ་འཕྲུལ་ཞི་བ་ལྟར། ཕྱག་གི་རྗེས་སུ་མཆོད་པ་ནི། ལས་བུམ་སྒྲུབ་མཆོད་ཀྱི་སྐབས་ལྟར། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི༴ སྲིད་པ་རྒྱ་མཚོ༴ ཀུན་བཟང་༴ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴ ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧཱ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིདྡྷ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ༀ་པ་ན་པེཾ་ན་ས། སུ་ཁ་སིད་དྷ། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ༀ་པ་ན་པེཾ། ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ༀ་པ་ན་པེཾ་༴ ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ཞལ་ཟས་དང་རོལ་མོ་སྒྱུ་འཕྲུལ་ལས་དངོས་བསྟན་མ་གསུངས་ཀྱང་འདི་གའི་རིགས་འགྲེ་སྦྱར་ཏེ་སྤྲོས་ཀྱང་ཆོག །ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། ༀ་ཨཱཿཧཱུཾ། རབ་ཏུ་དགའ༴ དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་དག་ཅིང་གྲུབ་པར་མཛད་དུ་གསོལ། ༀ་ཨཱཿཧཱུཾ། རབ་ཏུ༴ དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་ཐམས་ཅད་དག་ཅིང་གྲུབ་པར་མཛད་དུ་གསོལ། ༀ་ཨཱཿཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ༀ་ཨཱཿཧཱུཾ། སུ་ར་ཧ་ཨུ་པ་བྷྱོ་ཀ་མ་ལ་མཱ་བཛྲ་ཨ་མྲྀ་ཏེ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ མ་ཧཱ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཾ་ཛྭ་ལ་རཾ། ཧཱུཾ་པཱཾ་བཛྲ་ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་ག་ཡ་མི། ཨ་ནུ་ར་ཧོ་ཧཾ། ཛཿཧཱུཾ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་པ་ནས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོའི་བར་ཞི་ཐུང་ལྟར་རོ། །སྨོན་ལམ་གདབ་པ་ནི། རྩ་བར། ཧོཿ དགོངས་སུ་གསོལ། མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་དོན་དུ་འདུས་པ་ཆེན་པོའི་དཀྱིལ་འཁོར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་གསང་བ་ལས་ཀྱང་ཆེས་གསང་བ་ཐུགས་ཀྱི་དཀྱིལ་འཁོར། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཐིག་འདེབས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། རྡོ་རྗེ་ཡེ་ཤེས་ཀྱི་ཐིག་སྩལ་ཏུ་གསོལ། ༀ་བཛྲ་ཏིཥྛ་ཏིཥྛ་གུ་ཧྱ་ས་མ་ཡ་ཛྙཱ་ན་ཨཾ་ཀུ་ཤ་ཛཿཛཿ ཞེས་ལན་གསུམ་བརྗོད་པས། ནམ་མཁར་བཞུགས་པའིསངས་རྒྱས་རྣམས་ཀྱི་སྦྱོར་བ་བྱང་ཆུབ་སེམས་གྱི་ཆུ་རྒྱུན་ཡེ་ཤེས་ཁ་དོག་ལྔའི་རང་བཞིན་དུ་བྱུང་། ཐིག་སྐུད་ལྔ་ལ་ཐིམ། སྐུ་གསུང་ཐུགས་ཀྱི་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་དམ་ཚིག་གི་ཐིག་སྐུད་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་སུ་བསམ་མོ། །དེ་ནས་སློབ་དཔོན་ཤར་དུ་བལྟ། སློབ་མ་ནུབ་ཏུ་བལྟ་བ་ལ་ཐིག་སྣ་གཏད་དེ་དབྱངས་དང་བཅས་པས་ཐིག་སྐུད་སྔོན་པོ་བརྐྱང་སྟེ། ཡི་གེ་ཧཱུཾ་ཞེས་བྱ་བ་ནི། །རྡོ་རྗེ་རིགས་ཀྱི་རང་བཞིན་ཏེ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ཞེ་སྡང་དངོས་པོ་སྦྱང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་སྔོ་བྲེང་ངེ་བྱུང་བར་བསམ། དེ་ནས་དཀར་པོ་བརྐྱང་སྟེ། ཡི་གེ་ༀ་ཞེས་བྱ་བ་ནི། །དེ་བཞིན་རིགས་ཀྱི་རང་བཞིན་ཏེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །གཏི་མུག་དངོས་པོ་སྦྱང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན༴ མེ་ལོང་ལྟ་བུའི་ཡེ་ཤེས་དཀར་བྲེང་ངེ་བྱུང་བར་བསམ། སེར་པོ་བརྐྱང་སྟེ། ཡི་གེ་སྭཱ་ཞེས་བྱ་བ་ནི། །རིན་ཆེན་རིགས་ཀྱི་རང་བཞིན་ཏེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ང་རྒྱལ་དངོས་པོ་སྦྱང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན༴ མཉམ་པ་ཉིད་ཀྱི་ཡེ་ཤེས་སེར་བྲེང་ངེ་བྱུང་༴ དམར་པོ་བརྐྱང་སྟེ། ཡི་གེ་ཨཱཾཿཞེས་བྱ་བ་ནི། །པདྨ་རིགས་ཀྱི་རང་བཞིན་ཏེ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འདོད་ཆགས་དངོས་པོ་སྦྱང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན༴ སོ་སོར་རྟོག་པའི་ཡེ་ཤེས་དམར་བྲེང་ངེ་༴ ལྗང་གུ་བརྐྱང་སྟེ། ཡི་གེ་ཧཱཾ་ཞེས་བྱ་བ་ནི། ལས་ཀྱི་རིགས་ཀྱི་རང་བཞིན་ཏེ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །ཕྲག་དོག་དངོས་པོ་སྦྱང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ཀྲྀ་ཏྱ་ཨཱ་ནུཥྛ་ན་ཛྙཱ་ན༴ ཞེས་པས་བྱ་བ་གྲུབ་པའི་ཡེ་ཤེས་ལྗང་བྲེང་ངེ་བྱུང་བར་བསམ་མོ། །དེ་ནས་ཐིག་སྐུད་རྣམས་གཅིག་ཏུ་བསྡོམས་ལ། ཧཱུཾ། འདུས་པ་ཆེན་པོ་མདོ་ཡི་དཀྱིལ་འཁོར་དུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །རྡོ་རྗེ་ཡེ་ཤེས་ཐིག་ཆེན་འདི་བཏབ་པས། །ཕོ་བྲང་དཀྱིལ་འཁོར་ཡིད་བཞིན་ལྷུན་གྱིས་གྲུབ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བཟླས་ཤིང་ཐིག་སྐུད་བསྒྲིལ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉི་ཤུ་རྩ་ལྔའི་ངོ་བོར་བསམ་མོ། །དེ་ནས་དམ་ཚིག་གི་ཐིག་སྐུད་དཀར་པོ་བརྐྱང་ལ། ཡི་གེ་ༀ་ཞེས་བྱ་བ་ནི། །བདེ་གཤེགས་སྐུ་ཡི་རང་བཞིན་ཏེ། །ལུས་ཀྱི་དངོས་པོ་སྦྱང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དམར་པོ་བརྐྱང་སྟེ། ཡི་གེ་ཨཱཿཞེས་བྱ་བ་ནི། །བདེ་གཤེགས་གསུང་གི་རང་བཞིན་ཏེ། །ངག་གི་དངོས་པོ་སྦྱང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་སརྦ༴ ཝཱ་ཀ་བཛྲ༴ མཐིང་ག་བརྐྱང་སྟེ། ཡི་གེ་ཧཱུཾ་ཞེས་བྱ་བ་ནི། །བདེ་གཤེགས་ཐུགས་ཀྱི་རང་བཞིན་ཏེ། །ཡིད་ཀྱི་དངོས་པོ་སྦྱང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ༴ ཙིཏྟ་བཛྲ༴ དེ་ནས་གསུམ་ཀ་གཅིག་ཏུ་བསྡོམས་ལ། ཧཱུཾ། མུ་མཐའ་གཡོ་འགུལ་མེད་པ་ཡི། །རྣལ་འབྱོར་མཉམ་ཉིད་ཐོད་བརྒལ་དུ། །ཁྲོ་གཏུམ་རྔམ་པའི་ལས་མཛད་པའི། །གནས་འདིར་གཞལ་ཡས་བྲི་བར་བྱ། །ༀ་ཨཱཿཧཱུཾ་བཛྲ་ཛྙཱ་ན་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་པས་ཐིག་སྐུད་རེ་རེའང་གསུམ་གསུམ་སྟེ་དགུ་ཕྲུགས་སུ་ལྡན་པར་བསམ་མོ། །དེ་ནས་ཐིག་སྐུད་ལྔ་སྒྲིལ་དང་གསུམ་སྒྲིལ་གཉིས་ཀ་གཅིག་ཏུ་བསྒྲིལ་ལོ། །གླན་སྟོན་གྱིས་ཀུན་བཟང་ནས་གླུ་ཡེ་ཤེས་ཡན་ཆོད་ཞི་ཐུང་ལུགས་སུ་ལྕོགས་ན་བྱའོ། །ཞེས་གསུངས་ཀྱང་གོང་དུ་གྲུབ་པས་མ་བྱུང་ཀྱང་འཐུས་པར་སེམས། བར་འདིར་ཡེ་ཤེས་ཀྱི་ཐིག་འདེབས་པ་རིགས་པར་སྣང་ཞིང་། ཁོ་བོའི་བླ་མ་སྨན་ལུང་པ་ཆེན་པོ་ཡང་ཕྱག་ལེན་དེ་ལྟར་དུ་མཛད་པས། ཇི་ལྟར་མཛད་པ་བཞིན་ཟིན་བྲིས་སུ་བཏབ་པ་འདི་ལྟར་རོ། །སློབ་དཔོན་ནུབ་དང་སློབ་མ་ཤར་དུ་གནས་ཏེ། གཡས་པས་ཐིག་སྐུད་བཟུང་གཡོན་པའི་མཐེབ་སྲིན་གྱིས་ཡས་ནས་མས་སུ་བཅུས་ཏེ་གྱེན་དུ་ནམ་མཁར་བཏབ་བོ། །དེ་བཞིན་དུ་སློབ་དཔོན་བྱང་དང་སློབ་མ་ལྷོར་གནས་པས་ཚངས་ཐིག་གཉིས་པ་གདབ། ལོགས་ཐིག་ལ་སློབ་དཔོན་ཤར་ལྷོ་སློབ་མ་བྱང་ཤར་དུ་གནས་པར་སློབ་མས་བསྐོར་ཏེ་ཤར་གྱི་ལོགས་ཐིག་གདབ། སློབ་དཔོན་ནུབ་བྱང་སློབ་མ་ལྷོ་ནུབ་ཏུ་གནས་པས་ནུབ་ཀྱི་ལོགས་ཐིག་གདབ། སློབ་དཔོན་དེ་ཉིད་དང་སློན་མ་བྱང་ཤར་དུ་གནས་པས་བྱང་གི་ལོགས་ཐིག་གདབ། སློབ་དཔོན་ཤར་ལྷོ་དང་སློབ་མ་ལྷོ་ནུབ་ཏུ་གནས་པས་ལྷོའི་ལོགས་ཐིག་གདབ། སློབ་དཔོན་ཤར་ལྷོ་དང་སློབ་མ་ནུབ་བྱང་དུ་གནས་པས་ཟུར་ཐིག་དང་པོ་གདབ། སློབ་དཔོན་ལྷོ་ནུབ་དང་སློབ་མ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ་སྟེ། ཐིག་ཆེན་བརྒྱད་ནམ་མཁར་བཏབ་པ་ནི་ཡེ་ཤེས་ཀྱི་ཐིག་གོ། །སློབ་དཔོན་ཤར་དང་སློབ་མ་ནུབ་ཏུ་གནས་པས་ཐིག་སྐུད་བསྡུའོ། །དཀྱུས་སུ་རྡོར་དྲིལ་བྱིན་རླབས་འདུག་ཀྱང་། གླན་སྟོན་གྱི་དགོངས་པ་ལྟར་འདིར་ཚོན་བྱིན་རླབས་འོག་ནས་ལེན་དགོས་པས་འདི་ལྟར། རྩ་བར། དེ་ནས་ཚོན་བྱིན་གྱིས་བརླབས་པ་ནི། ཚོན་རིགས་མཐུན་དུ་བཀོད་པ་དཔའ་བོ་འབྲུ་ལྔ་འགོད། སརྦ་སཾ་ཤོ་དྷ་དང་། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་གདན་ལྔ་བརྩེགས་སུ་ཆོ་ག་གསུམ་གྱིས་ལྷར་བསྐྱེད། དབང་བསྐུར། བརླབ། དབབ། དྲང་། བསྟིམ། བརྟན་པ་ལ། ཀུན་བཟང་ནས་བསྟོད་པའི་བར་དུ་བྱས་ལ། ཞེས་གསུངས་པའི་དོན་ནི། ༀ་སརྦ་སཾ་ཤོ་དྷ་ནི་ཡེ་སྭཱ་ཧཱ་དང་། རཾ་ཡཾ་ཁཾ་གིས་ཚོན་ལྔ་བསང་སྦྱང་། སྟོང་པའི་ངང་ལས་སཱུརྻ་ཙནྡྲ་རཏྣ་པདྨ་ཨེ་མཎྜ་ལ། ཞེས་གདན་ལྔ་བརྩེགས་ལྔའི་སྟེང་དུ་ཧཱུཾ་ༀ་སྭཱ་ཨཱཾཿཧཱ་ལྔ་ལས་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་འབྲུ་ལྔས་མཚན་པ་ཡོངས་སུ་གྱུར་པ་ལས། དབུས་སུ་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་བཞག་རྡོ་རྗེ། ཤར་དུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱའི་རྩེར་འཁོར་ལོ། ལྷོར་རིན་འབྱུང་སེར་པོ་མཆོག་སྦྱིན་མཉམ་བཞག་གི་སྟེང་ན་རིན་པོ་ཆེ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་གི་སྟེང་ན་པདྨ། བྱང་དུ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་དང་མཉམ་བཞག་གི་སྟེང་ན་རྒྱ་གྲམ་བསྣམས་པ་ལྔ་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་འགྱུར། འདིར་རིག་ལྔ་ཡབ་ཡུམ་རིགས་པར་སྣང་ཡང་གླན་སྟོན་གྱིས་ཡབ་རྐྱང་དུ་བཤད་པ་ལྟར་རོ། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཕྱག་རྒྱ་དང་བཅས་ཏེ་སྔར་བཞིན་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་སོགས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་སྙན་གསན་དབབ། ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གྷཎྜེ་ཧོཿ ཞེས་སྤྱན་དྲངས་ལ་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲས་བརྟན་པར་བྱས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི༴ སྲིད་པ་རྒྱ་མཚོ༴ ཀུན་བཟང་༴ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ༴ ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ༴ ཕྱག་དང་༴ རྡོ་རྗེའི༴ ༀ་ཨཱ་ཧ་ར༴ ཤྲཱི་བཛྲ་རཱ་ག་གནྡྷེ་གན། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ༴ ༀ་ཨཱཿཧཱུཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི།༴༴༴ མ་ཧཱ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཾ་ཛྭ་ལ་རཾ། ཧཱུཾ་པཱཾ་བཛྲ༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག༴ མ་ཧཱ་པཱུ་ཛ་བཛྲ༴ ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་ནས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོའི་བར་རོ། །རྩ་བར། གསོལ་བ་གདབ་པ་ནི། ཧཱུཾ། ཀུན་མཁྱེན་ཡེ་ཤེས་དག་པ་ལ། །དུག་ལྔའི་སྒྲིབ་པས་མ་མཐོང་བས། །མཚོན་ཅིང་དག་པར་བྱ་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་སརྦ་པཉྩ་རཏྣ་ཡེ་ནཾ། ཞེས་པས་རིགས་ལྔ་འོད་དུ་ཞུ་རྡུལ་ཚོན་ལ་ཐིམ་པས་ཡེ་ཤེས་རེ་རེའང་ལྔ་ལྔ་དང་ལྡན་པར་བསམ་མོ། །མཆན་བུར་སྤུང་ཞིང་བསྣུན་པ་ལྟར་བྱའོ་གསུང་། དེ་ནས་རྡོ་རྗེ་དྲིལ་བུའི་རབ་གནས་ནི། རྡོར་དྲིལ་བསང་སྦྱང་། སྟོང་པའི་ངང་ལས་རྡོ་རྗེའི་ལྟེ་བར་ཆེ་མཆོག་ཧེ་ཀུར་ཀ །རྩེ་ལྔ་པ་ཡིན་ན་ཡར་གྱི་རྭ་ལྔ་ཧཱུཾ་ༀ་སྭཱ་ཨཱཾཿཧཱ་ལས་མི་བསྐྱོད་སོགས་རིགས་ལྔ། མར་གྱི་རྭ་ལྔ་མཱུཾ་ལཱཾ་མཱཾ་བཱཾ་ཏཱཾ་ལས་ནམ་མཁའ་དབྱིངས་ཕྱུག་མ་སོགས་ཡུམ་ལྔར་བསྐྱེད། རྩེ་དགུ་པ་ལས་ཡར་གྱི་མཚམས་ཀྱི་རྭ་བཞི་ལུང་གི་ཧེ་རུ་ཀ །རཀྴ། ས་ནུ། གུ་ཧྱ། ཡཀྵ་བཞི། ཡར་པད་བརྒྱད་ལ་སའི་སྙིང་པོ་སོགས་སེམས་དཔའ་བརྒྱད། མར་པད་བརྒྱད་ལ་ལ་སྱེ་མ་སོགས་སེམས་མ་བརྒྱད། བར་གྱི་མཚམས་ཀྱི་རྭ་བཞིར་རཀྴ་ཀྲོ་དྷི་ཤྭ་རཱི་སོགས་ལུང་གི་ཡུམ་བཞིའོ། །རིལ་པོ་ལ་འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅ ད་རྫོགས་པར་བསམ། དྲིལ་བུའི་ལྟེ་བར་ཁྲོ་མོ་གནམ་ཞལ་མ། ཞལ་ལ་ཡུམ་ཤེར་ཕྱིན་མ། རྩེ་ལྔ་པ་ལ་རྭ་ལྔ་ལ་མི་བསྐྱོད་པ་སོགས་རིགས་ལྔ། འོག་གི་པདྨའི་དབུས་དང་ཕྱོགས་མཚམས་སུ་དབྱིངས་ཕྱུག་མ་སོགས་ཡུམ་ལྔ། སངས་རྒྱས་སྤྱན་མ་སོགས་གསང་ཡུམ་བཞི། གོང་རས་ལ་ག་རཱི་ལ་སོགས་ཁྲོ་མོ་བརྒྱད། རྡོ་ར་ལ་ཧཱུཾ་མཛད་སྒྲ་འབྱིན་མ་སོགས་ཁྲོ་བོ་ཁྲོ་མོ་ཉི་ཤུ། ལྕེ་ལ་ཁྲོ་མོ་གར་བསྒྱུར་མ། རྩེ་དགུ་པ་ལ་མཚམས་བཞིའི་རཱ་ལ་ལས་བཞིའི་སྙིང་པོ་ཛཿཧཱུཾ་བཾ་ཧོཿབསྐྱེད་དོ། །གླན་སྟོན་གྱིས། དེ་དག་སྔགས་སམ་ཏིང་ངེ་འཛིན་གྱིས་གསལ་བར་བསྐྱེད། ཅེས་གསུངས་པ་སྔགས་ཀྱིས་བསྐྱེད་པར་སྤྲོ་ན་སོ་སོའི་རྩ་སྔགས་བརྗོད། གང་ལྟར་ཡང་ཏིང་ངེ་འཛིན་གསལ་བར་བསྐྱེད་དོ། །རྩ་བར་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ཀུན་བཟང་ནས་བསྟོད་པའི་བར་བྱའོ། །ཞེས་གསུངས་པ་སྔར་བཞིན་ཤཱུ་ནྱ་ཏཱ་སོགས་ཀྱིས་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་བྱིན་གྱིས་བརླབས། ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་པ་ནས་ༀ་ཨེ་ཧྱེ་ཧི་སོགས་ཀྱིས་དྲང་། ཨཾ་ཀུ་ཤ་སོགས་ཀྱིས་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཞེས་ཀུན་བཟང་གི་མཆོད་པ་ནས་བཟུང་ཕྱོགས་བཅུ་དུས་བཞིའི་ཞིི་བསྟོད་དང་། གཏུམ་ཆེན་དུས་མཐའི་སོགས་ཁྲོ་བསྟོད་ཀྱང་བྱའོ། །རྩ་བར། དེ་ནས་ཧཱུཾ་ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ། རྡོར་དྲིལ་ལ་ཐིམ་པས་ཡེ་ཤེས་ཀྱི་ངོ་བོར་བསམ་ཞིང་། རྡོ་རྗེ་ལག་གཡས་པར་བླངས་ཏེ་གསོར་ཞིང་། ༀ་བཛྲ་དྷ་ཀ་ཛྭ་ལ་ཧ་ན་ཛྭ་ལ་བཛྲ་པཉྩ་ཛྙཱ་ན་བཛྲ་ཧཱུཾ། དྲིལ་བུ་ལག་གཡོན་པས་དཀྲོལ་ཞིང་། ༀ་གྷཎྜེ་པཱ་ཤ་དྷརྨཱ་བྷ་ར་ཧཱུཾ། ཞེས་བརྗོད་པས་རྡོ་རྗེ་ལ་འབྲས་བུའི་ཆོས་ཐམས་ཅད་རྫོགས་ཏེ་འགྲོ་དོན་མཛད་པར་བསམ། དྲིལ་བུ་སྟོང་པ་ཉིད་ཀྱི་ངང་ལས་ཆོས་སྒྲ་སྒྲོག་པར་བསམ་ཞིང་ལག་ཏུ་བཟུང་ནས། ཧཱུཾ། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་ལ་དེ་བཞིན་དབང་སྒྱུར་ཤོག །ཅེས་བརྗོད་ཅིང་རྡོ་རྗེ་གསོར་བས་ཁམས་གསུམ་གྱིས་མནན། དྲིལ་བུ་གསིལ་བས་སྲིད་གསུམ་དབང་དུ་བསྡུ་བར་བསམ་མོ། །དེ་ནས་བྷནྡྷའི་རབ་གནས་ནི། བདུད་རྩི་སྐམ་རློན་གང་རིགས་ཀྱིས་བཀང་བའི་བྷནྡྷ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་འདུས་པ་ཆེན་པོ་རྩ་བའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོོགས་པར་བསྐྱེད་ལ། ཤཱུ་ནྱ་ཏཱ་སོགས་རིགས་ལྔས་དབང་བསྐུར། ཀཱ་ཡ་བཛྲ་སོགས་སྐུ་གསུང་ཐུགས་སུ་བརླབ། བཛྲ་ས་མ་ཡ་ཛཿས་སྙན་གསན་དབབ། ཨེ་ཧྱེ་ཧི་བྷ་ག་ཝན་སོགས་ཀྱིས་དྲང་། བཛྲ་ཨཾ་ཀུ་ཤ་སོགས་ཀྱིས་བསྟིམ། ཏིཥྛ་བཛྲ་གྱིས་བརྟན། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །སོགས་ཀུན་བཟང་གིས་མཆོད་ལ། གཏུམ་ཆེན་གྱིས་བསྟོད་ཅིང་། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ་དང་། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་ཅི་རིགས་བཟླས་པས་ལྷ་རྣམས་འོད་དུ་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིས་མེར་གྱིས་གང་བར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་ཐོག་མའི་ས་ཆོག་གི་དྲུག་པ་ས་བསྲུང་བ་དང་བདུན་པ་བྱིན་གྱིས་བརླབས་པ་ནི། རྩ་བར། དེ་ལྟར་ཡན་ལག་རབ་གནས་ཟིན་ནས། རྡོ་རྗེ་སློབ་དཔོན་ཆས་གོས་ལྔས་བརྒྱན་ཏེ་ཧཱུཾ་ཞེས་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་བསྐོར་ལ། དཀྱིལ་འཁོར་གྱི་དབུས་སུ་ཕྱིན་ལ་ཤར་དུ་བལྟས་ཏེ་རྣམ་རྒྱལ་གྱི་ང་རྒྱལ་གྱིས་འདུག་ལ། ཞེས་གསུངས་པ་གཡུང་སྟོན་གྱི་སྒྱུ་འཕྲུལ་དབང་ཆོག་ཏུ་རྡོ་རྗེའི་སློབ་དཔོན་རྒྱས་པའི་ཆས་སུ་ཞུགས་ལ། ཞེས་གསུངས་འདུག་པ་འདིར་ཆས་གོས་ལྔས་བརྒྱན་ཞེས་གསུངས་པ་དེ་བཞིན་འདྲ་བར་སྣང་ཡང་། དེང་སང་ཕྱག་བཞེས་སུ་ཐང་ཞུ་དང་ཕོད་ཁ་སོགས་མཛད་འདུག་པ་རྡོ་རྗེའི་འགྲོས་སོགས་མཛད་སྟབས་བདེ་བར་སྣང་བས། བླ་མས་ཆས་ཞུགས་བྱས་ཏེ་རྡོར་དྲིལ་འཛིན་པས་ཧཱུཾ་ཧཱུཾ་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེས་མཚན་པར་གྱུར། ཞེས་བརྗོད་ཅིང་ཧཱུཾ་སྒྲ་དང་བཅས་ཏེ་རྡོ་རྗེའི་འགྲོས་བྱ་ཞིང་རོལ་མོ་དང་བཅས་ཏེ་དཀྱིལ་འཁོར་བསྐོར་ལ་དབུས་སུ་ཕྱིན་ཏེ་ཤར་དུ་བལྟས་ཏེ། རང་ཉིད་ཁྲོ་བོ་རྣམ་པར་རྒྱལ་བའི་ང་རྒྱལ་ཞེས་འབྱུང་ཡང་གཙོ་བོ་མི་བསྐྱོད་པའམ་བཛྲ་ཧེ་རུ་ཀའི་ང་རྒྱལ་བཟུང་སྟེ་སྟངས་སྟབས་སམ་ཁྲིའུར་འདུག་སྟེ། རྩ་བར། འདུས་པ་ཆེན་པོའི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་ཕྱི་ནང་གསང་བའམ་ལྷག་པ་ཏིང་ངེ་འཛིན་གྱིས་མཆོད་ལ། ཡུམ་བཞི་པོ་རིགས་བཞིར་བྱིན་གྱིས་བརླབས་ལ་དབང་བསྐུར་དབབ། དྲང་། བསྟིམ་བརྟན་ལ་ཞེས་གསུངས་པས། མདུན་གྱི་ནམ་མཁར་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་བཛྲ་ས་མཱ་ཛཿ ཕྱི་མཆོད་ཀུན་བཟང་། ནང་མཆོད་སྨན་གཏོར་རཀྟ། གསང་བ་སྦྱོར་སྒྲོལ་རྣམས་ཐིག་བྱིན་རླབས་སྐབས་ལྟར་དབུལ། ཡང་ན་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པས་ཀྱང་རུང་སྟེ། སྒྱུ་འཕྲུལ་ཞི་བར། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཞེས་མཆོད་ལ་ཕྱོགས་བཞིར་སློབ་མ་བཞི་གྲོགས་དང་བཅས་ཏེ་ཆས་སུ་ཞུགས་པའམ་མ་ཞུགས་ཀྱང་རུང་སྟེ་རོལ་མོར་བཅས་ཏེ་འཁོད་པ་ལ། རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། སྤྱན་མ་སོགས་ཡུམ་བཞིར་གྱུར། ཤཱུ་ནྱ་ཏཱས་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་བརླབ། བཛྲ་ས་མ་ཡ་ཛཿས་དབབ། ཨེ་ཧྱེ་ཧི་སོགས་ཀྱིས་དྲངས། ཨཾ་ཀུ་ཤ་སོགས་ཀྱིས་བསྟིམ། ཏིཥྛས་བརྟན་པར་བྱས་ལ། རྩ་བར། གསང་ཡུམ་བཞིས་ཕྱོགས་བཞི་ནས་གསོལ་བ་གདབ་སྟེ། ཞེས་པ་ལས་མ་བཤད་ཀྱང་། སྒྱུ་འཕྲུལ་ལས་ཀུན་བཟང་ཡབ་ཡུམ་ལ་ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། ཅེས་འབྱུང་བས། ཡུམ་བཞིས་ལྷན་ཅིག་ཏུ། བདེ་བར་གཤེགས་སོ་ནས་བཟུང་ཤྲཱི་བཛྲ་རཱ་ག་གནྡྷེའི་བར་གྱིས་མཆོད་ལ། དབྱངས་དང་རོལ་མོར་བཅས་པས། འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་འདུས་གྲོང་ཁྱེར་ཉིད། །དེ་རིང་ཤིས་པར་མཛད་དུ་གསོལ། །ཐམས་ཅད་བདག་ཉིད་དགོངས་སུ་གསོལ། །དེ་ནས་ཕྱོགས་བཞི་ཐ་དད་དུ། ཤར་ནས། ཞི་བའི་ཡེ་ཤེས་རང་སྣང་བ། །རྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ལྷོ་ནས། ཡོན་ཏན་རིན་ཆེན་རྒྱས་པའི་གཙོ། །མ་ལུས་ཀུན་གྱི་རེ་བ་སྐོང་། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ནུབ་ནས། རང་བཞིན་དག་པས་གོས་པ་མེད། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བྱང་ནས། བསམ་པ་ཐམས་ཅད་ཡོངས་རྫོགས་པ། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བྱང་ནས། བསམ་པ་ཐམས་ཅད་ཡོངས་རྫོགས་པ། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ཡང་བཞི་པོ་ཐམས་ཅད་བསྡོམས་ནས། བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་ཕོ་བྲང་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་གསོལ་བ་ལ། བླ་མས། ༀ། ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱི། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །བདག་ཉིད་རྡོ་རྗེ་རྒྱལ་པོ་ཡིས། །སློབ་མ་རྣམས་ཀྱི་དོན་ཕྱིར་དུ། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་བཟུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་རླབས་པ། །བདེ་བར་གཤེགས་པས་མཛད་དུ་གསོལ། །ཞེས་བརྗོད་ལ་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་ཧཱུཾ་བཞིས་བསྡུས་ཏེ་ཐུགས་ཀར་ཐིམ་པར་བསམ། ཧཱུཾ་བཞིས་བསྡུ་བ་ནི། སྒྱུ་འཕྲུལ་ལས། ཧཱུཾ་ཞེས་བརྗོད་པས་ནམ་མཁའི་ལྷ་ཚོགས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུ། ཡང་ཧཱུཾ་ཞེས་བརྗོད་པས་འོད་ཟེར་ཐམས་ཅད་བདག་ལ་བསྡུ། ཡང་ཧཱུཾ་ཞེས་བརྗོད་པས་བདག་གི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སྦྱངས། ཡང་ཧཱུཾ་ཞེས་བརྗོད་པས་རང་ཉིད་གཙོ་བོའི་ང་རྒྱལ་གནས་འགྱུར་ཏེ། ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་དགུ་དང་གཡོན་དྲིལ་བུ་འཛིན་པ། རྐང་མཐིལ་དང་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་མཐིག་ནག་འབར་བ་རེས་མཚན་པར་བསམ་མོ། །རྩ་བར། སློབ་མ་རྣམས་ཡི་དམ་གང་ཡིན་སྒོམ་པའི་དབང་པོའི་སྒོ་ལྔ་ནས་འོད་ཟེར་སྣ་ཚོགས་འཕྲོ་བར་བསམ་མོ། །ཞེས་འབྱུང་བས་སློབ་མ་རྣམས་ཀྱང་ཡི་དམ་གྱི་ལྷ་གང་རིགས་སུ་བསྒོམས་པའི་དབང་པོའི་སྒོ་ནས་འོད་ཟེར་སྣ་ཚོགས་སུ་འཕྲོ་བར་བསམ་ལ་ཧཱུཾ་སྒྲ་སྟངས་སྟབས་དང་བཅས་པས་རྡོ་རྗེའི་འགྲོས་བྱའོ། །རྩ་བར། དེ་ནས་བྱང་ཤར་མཚམས་ནས་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཞིང་སུམྦྷ་དང་ཁྲོ་བཅུའི་སྔགས་ཀྱིས་བགེགས་བསྐྲད་ལ། ཞེས་གསུངས་པ་མདོ་དབང་ཟུར་ལུགས་སུ་གསལ་བར་མ་བྱུང་ཡང་། ཁམས་ལུགས་སུ་ནང་མཚམས་ཁྲོ་བཅུའི་ཕུར་གདབ་ཀྱི་རྗེས་སུ་ཁྲོ་བོ་བཅུའི་སྟངས་སྟབས་བཤད་ཅིང་། སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་ཆོག་རྣམས་སུ་ཡང་དེ་བཞིན་འབྱུང་པས། རྡོ་རྗེ་སློབ་དཔོན་གྱི་ཆས་སུ་སོགས་ཀྱི་ཁྱད་པར་ལ་བརྟེན་ནས་སྦྱོར་བར་རིགས་པར་སྣང་ཞིང་། ཁྲོ་བོ་བཅུའི་སྔགས་ཀྱིིས་བགེགས་བསྐྲོད་པར་གསུངས་པ་ཡང་འཐུས་པར་སེམས་ཏེ། སློབ་དཔོན་གྱིས་ཕྱོོགས་མཚམས་སོ་སོ་དང་། སྟེང་ཤར་སྟོད་དང་འོག་ནུབ་སྨད་དུ་འགྲོ་ཞིང་། སྟེང་དང་ཕྱོགས་བཞིའི་ཁྲོ་བོར་སྔགས་ཀྱི་ཚེ་གཡས་བསྐོར་དང་གཡས་བརྐྱང་། འོག་དང་མཚམས་བཞིའི་ཁྲོ་བོར་གཡོན་བསྐོར་དང་གཡོན་བརྐྱང་། ཚིགས་བཅད་རྣམས་དང་བསྟུན་ཏེ་སོ་སོའི་སྟངས་སྟབས་བྱ་བ་ནི། སྒྱུ་འཕྲུལ་དབང་བྱང་ལས། ལག་པ་ཐལ་སྦྱར་གྱི་སྤྱི་བོར་བཞག །རྐང་པ་ཕྲལ་ཏེ་བརྐྱང་བསྐུམ་བྱ། །ཚིགས་ཆེན་བཞི་ཡང་བཅག་པར་བྱ། །ཧཱུཾ་ཀཱ་ར་ཡི་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། རྐང་གཡོན་གཡས་པའི་བརླ་སྟེང་འཁྱུད། །ལག་གཉིས་ཐལ་མོ་བསྡེབ་པ་ནི། །རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་བི་ཛཱ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། མཐེའུ་ཆུང་མཐེ་བོས་མཐིལ་དུ་མནན། །སོར་གསུམ་བསྒྲེངས་ཏེ་སྟབས་བྱེད་པ། །དབྱུག་པ་སྔོན་པོའི་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། རྐང་གཡོན་བརྐྱང་ལ་ལག་པ་གཡོན། །དཀུར་བརྟེན་ལག་གཡས་ནམ་མཁར་འཕྱར། །འདི་ནི་གཤིན་རྗེ་གཤེད་ཀྱི་རྒྱ། །ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ལག་གཡས་གྲི་གུག་འཕྱར་འདྲ་ལ། །གཡོན་པས་འཛིན་པ་ལྟར་བྱེད་པ། །མི་གཡོ་མགོན་པོའི་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། རྟ་གདོང་ཕྱག་རྒྱ་བཅས་ནས་ནི། །སྤྱི་བོར་བཞག་ནས་འགྱིང་བའི་ཚུལ། །འདི་ནི་རྟ་མཆོག་དཔལ་གྱི་རྒྱ། །ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྐང་ལག་གཡོན་པ་ནམ་མཁར་འཕྱར། །ལག་པ་གདེངས་པའི་ཚུལ་བྱས་པ། །གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན། །ༀབཛྲ་ཀྲོ་དྷ་ཨ་པཱ་ར་ཛཱི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ལག་པ་གཉིས་ཀྱིས་དཀུར་བརྟེན་ནས། །རྐང་གཉིས་གཤིབས་ནས་གཡས་གཡོན་མཆོང་། །འདི་ནི་བདུད་རྩི་འཁྱིལ་བའི་རྒྱ། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ལག་གཉིས་མཁྲིག་མ་མཐུར་དུ་བསྣོལ། །སྡིགས་མཛུབ་གཉིས་ནི་དཔུང་བར་བསྒྲེང་། །ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛཱ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། རྐང་པ་གོམ་སྟབས་གཡས་གཡོན་མཆོང་། །ལག་པ་གཡས་གཡོན་ཐལ་མོ་བརྡེག །འདི་ནི་སྟོབས་པོ་ཆེ་ཡི་རྒྱ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུཾ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ། རྩ་བར། གྲལ་དུ་འཁོད་པ་ལ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཅིང་གོ་བགོའོ། །ཞེས་གསུངས་པ་ནི་གོང་བཞིན་ཕྱག་རྒྱ་བཅས་ཏེ་སློབ་མའི་གནས་གསུམ་དུ་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་སོགས། རྡོ་རྗེ་གོ་ཆའི་ཕྱག་རྒྱ་བཅས་ཏེ། ༀ་བཛྲ་རཀྵ་ཧཾ་ཞེས་སློབ་མའི་སྤྱི་པོར་ཕྱག་རྒྱ་བཞག་སྟེ་གོ་བགོའོ། །རྩ་བར། དེ་ནས་ཇི་ཙམ་འོས་པའི་དཀྱིལ་འཁོར་ཟུར་ཐིག་ནས་འདེབས་པའི་བར་ཆ་ལྔར་བགོས་པའི་ནང་མ་ལ་འཁོར་ལོ་རྩིབས་བརྒྱད་ཀྱི་དབུས་སུ་ཤོང་ན་ཞི་བའི་དཀྱིལ་འཁོར་མེ་རི་ཡན་བྲི་བ་ཕྱག་ལེན། མ་ཆུད་ན་སླ་ངའམ་ཀ་ཊོ་རའི་ནང་སས་བཀང་ལ་ཞི་བའི་དཀྱིལ་འཁོར་བྲི། མཉྫིའི་ཁ་ལ་རྩིབས་བརྒྱད་ཀྱི་ལྟེ་བའི་དབུས་སུ་བཞག་པ་ཕྱག་ལེན་ནོ། །དེའི་ཕྱི་མ་ཆ་ལྔ་ལྔར་བགོས་པ་ལ་བར་ཁྱམས་བཅུ། དེའི་ཕྱིར་མ་ལ་གཞལ་ཡས་ཁང་ཆེན་པོའི་སྒོ་རྟ་བབས་སོགས། དེའི་ཕྱི་མ་ལ་པད་རྡོར་མེ་རི་དུག་གསུམ་གྱི་མཚན་མའོ། །རྡོ་རྗེའི་འཆང་གི་དཀྱིལ་འཁོར་འདིར་གྲུ་བཞིར་བྱེད་ནའང་གབ་པའི་དབང་དྲུག་ནས་ཁྱམས་ཟླ་གམ་ཁ་སྤྲོད་དུ་བཤད་པས་གྲུ་ཁྱོགས་ཟླུམ་པོར་རིགས་སོ། །ཞེས་གསུངས་པས་བར་འདིར་ལྷ་སྟ་གོན་གྱི་ལྷ་གནས་མི་འཆོལ་བའི་ཕྱིར་ལས་ཐིག་འདེབས་དགོས་པས། དེ་ཡང་ཁམས་ལུགས་ཀྱི་ཐིག་རྩ་མི་འདྲ་བ་གཉིས་ཙམ་ཞིག་སྣང་ཡང་ལག་ལེན་དུ་ཁེལ་མི་ཁེལ་སྣ་ཚོགས་ཤིང་། དཀྱིལ་འཁོར་གྱི་བབས་གཉིས་ཀ་མཐུན་པར་ཞི་བའི་དཀྱིལ་འཁོར་དབུས་སུ་བྲི་བའམ་ཡང་ན་སྟེང་དུ་བཏོན་ལ་བྲི། ཁྲོ་བོའི་དཀྱིལ་འཁོར་དང་པོ་རྒྱུད་ལུང་གི་ཁྲོ་བོ་གནས་ཡུལ་གྱི་ཁྲོ་མོ་དང་ཕྲ་མེན། ནང་གི་སྒོ་མ་དང་བཅས་པའི་དཀྱིལ་འཁོར་དང་པོ། ཁྱམས་གཉིས་པ་སྤོར་མ་བརྒྱད་དང་བར་གྱི་སྒོ་མ་བཞི་སྟེ་དཀྱིལ་འཁོར་གཉིས་པ། ཁྱམས་གསུམ་པ་དབང་མོ་ཉེར་བརྒྱད་དེ་དཀྱིལ་འཁོར་གསུམ་པ། ཁྱམས་བཞི་པ་ལ་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་ཏེ་དཀྱིལ་འཁོར་བཞི་པ། ཁྱམས་ལྔ་པ་མ་བདུན་སྲིང་བཞི་སྟེ་དཀྱིལ་འཁོར་ལྔ་པ། ཁྱམས་དྲུག་པ་གིང་ཆེན་བཅོ་བརྒྱད་དེ་དཀྱིལ་འཁོར་དྲུག་པ། ཁྱམས་བདུན་པ་ཁྲོ་བོ་ཁྲོ་མོ་དྲུག་ཅུ་སྟེ་དཀྱིལ་འཁོར་བདུན་པ། ཁྱམས་བརྒྱད་པ་ཕོ་ཉ་ཉིས་བརྒྱ་བཞི་བཅུ་སྟེ་དཀྱིལ་འཁོར་བརྒྱད་པ། ཁྱམས་དགུ་པ་མ་མོ་དྲུག་ཅུ་སྟེ་དཀྱིལ་འཁོར་དགུ་པ། ཁྱམས་བཅུ་པ་ལ་ཁམས་ལུགས་སུ་རིག་འཛིན་བླ་མ་དང་། ཟུར་ལུགས་སུ་བཀའ་བརྒྱད་ཐེག་དགུ་ཡིན་པས་འདིར་བཅུ་པ་ལ་བཀའ་བརྒྱད་ཐེག་དགུ་སྟེ་དཀྱིལ་འཁོར་བཅུ་པ། བཅུ་གཅིག་པ་རིག་འཛིན་བླ་མ་ལ་ལུགས་གཉིས་ཀ་ལ་རྣམ་པ་གཅིག་ཏུ་རྟ་བབས་ཀྱི་ཁྱམས་ལ་བཞུགས་པར་བཞེད་ཕྱིར། ཕྱི་རོལ་གྱི་ཉི་མའི་དཀྱིལ་འཁོར་དུ་བཞུགས་པ་འདྲ་ཞིག་སྣང་ཡང་ཟུར་ལུགས་རྩ་བར། རྡོ་རྗེ་འཆང་གི་དཀྱིལ་འཁོར་འདིར་གྲུ་བཞིར་བྱེད་ནའང་གབ་པའི་དབང་དྲུག་ནས་ཁྱམས་ཟླ་གམ་ཁ་སྤྲོད་དུ་བཤད་པས་གྲུ་ཁྱོགས་ཟླུམ་པོར་རིགས་སོ། །ཞེས་གསུངས་པར། ཁོ་བོའི་བླ་མ་སྨན་ལུང་པ་ཆེན་པོས། འདི་ནི་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དང་དབྱིབས་འདྲ་བར་རྩིག་པ་ནས་པུ་ཤུའི་བར་སྒོར་མོར་བྲིས་ཀྱང་འཐད་ཅེས་གསུངས་པ། གཞུང་དང་ཤིན་ཏུ་མཐུན་ཞིང་རིགས་པར་སྣང་། བླ་མ་གོང་མ་ཕལ་ཆེར་རིག་འཛིན་བླ་མ་ཕྱི་ཁྱམས་སུ་བཀོད་པ་ལས་གཞལ་ཡས་ཁང་མི་མཛད་པ་འདྲ་ཡང་། འདིར་རྩ་བ་ལས་གཞལ་ཡས་ཁང་གསལ་པོར་གསུངས་ཤིང་། དེ་ཡང་གྲུ་བཞི་དང་ཟླུམ་པོ་འདམ་ཁར་བཤད་པས་གཞལ་ཡས་ཁང་ངེས་པར་དགོས་ཤིང་། དེ་ཡང་ཟླུམ་པོ་བཤད་ཚོད་དུ་སྣང་ཡང་མཛེས་ཆའི་དབང་དང་རྟ་བབས་སོགས་འཇུག་པ་བདེ་ཕྱིར་གྲུ་བཞི་ཕྱག་ལེན་དུ་མཛད་པས་དཀྱིལ་འཁོར་བཅུ་གཅིག་སྟེ་ཕྱོགས་རེར་སྒོ་བཅུ་གཅིག་སྦྲག་ཁྱོན་བསྡོམས་པས་སྒོ་ཞེ་བཞི་མར་འགྱུར་བ་ཡིན་ནོ། །དེའི་སྟེང་དུ་ཞི་དཀྱིལ་གྱི་སྒོ་བཞི་བསྣན་ན་ཞེ་བརྒྱད་མའོ། །དེ་ལྟར་དོན་ངེས་པར་བྱས་ཏེ། ཞི་བའི་དཀྱིལ་འཁོར་ལོགས་སུ་བྲི་རྩིས་ཀྱི་ཁྲོ་བོའི་དཀྱིལ་འཁོར་རྣམས་ཀྱི་ཐིག་རྩ་ལག་ལེན་དུ་ཕབ་སྟེ་གསལ་བར་བྱས་པ་ནི། ཚོགས་ཆེན་དཀྱིལ་འཁོར་ཐིག་རྩ་ལ། །ཚངས་ཟུར་བཞི་པོ་སྤྱི་ལྟར་བཏབ། །དཀྱིལ་འཁོར་དང་པོའི་ལྟེ་བ་ལ། །འཁོར་ལོ་རྩིབས་བརྒྱད་ཁྱམས་དང་བཅས། །དེ་ནས་ཆ་ཆེན་གཉིས་བཏབ་པ། །གཞལ་ཡས་ཁང་པ་དང་པོའོ། །དེ་ནས་ཆེ་ཆུང་རིག་པས་དཔགས། །དུམ་བུ་དགུར་བགོས་དུམ་བུ་རེས། །ཆ་ཆེན་གསུམ་རེར་བགོས་པ་ལ། །དང་པོ་ཁྱམས་དང་དེ་ལྷག་གཉིས། །གཞལ་ཡས་ཁང་དུ་འགྱུར་མོད་དེ། །དབུས་ནས་མཐའ་ཡི་བར་དག་ཏུ། །སྒོ་ཚད་ཆེ་ཆུང་མེད་པས་ན། །མི་མཛེས་ཕྱིར་དུ་མན་ངག་ནི། །དཀྱིལ་འཁོར་དང་པོ་ནས་བཟུང་སྟེ། །དཀྱིལ་འཁོར་བཅུ་པའི་བར་དག་ཏུ། །སོར་རེའི་ཚད་ཀྱིས་ཆེ་བར་བྱ། །དེ་ལ་དུམ་བུ་གསུམ་བཅད་པའི། །དང་པོ་ཐམས་ཅད་བར་ཁྱམས་ལ། །གཉིས་ཀུན་དབུས་དོར་མཐའ་གཉིས་བཏབ། །རྩིག་པ་འདོད་སྣམ་ཕ་གུའོ། །གསུམ་ཀུན་ཕྱེད་གདབ་ཕྱེད་ཕྱི་གདབ། །དྲྭ་ཕྱེད་མདའ་ཡབ་པུ་ཤུའོ། །ཀུན་ལ་རྟ་བབས་བྱ་འདོད་ན། །དང་པོའི་རྟ་བབས་ཕྱི་མའི་ཁྱམས། །ཀ་རྒྱན་གཉིས་སྟེང་ཆ་བཞིར་བགོ། །གླང་རྒྱབ་པད་ཆོས་གདུགས་ཏོག་ཅན། །བཀའ་བརྒྱུད་ཐེག་དགུ་ཡན་ཆོད་ཡིན། །དཀྱིལ་འཁོར་སོ་སོའི་སྒོ་ཚད་གཉིས། །གཡས་གཡོན་སོ་སོར་ཕྱིན་པ་ལ། །དང་པོ་ཕྱེད་གདབ་ཕྱི་མ་བགོ། །གཉིས་པ་ཆ་བཞི་བགོ་བར་བྱ། །བཅུ་གཅིག་རིག་འཛིན་བླ་མའི་ཁྱམས། །ཟླ་གམ་ཁ་སྦྱོར་དུ་བཞེད་ཀྱང་། །གྲུ་བཞི་ཉིད་མཛེས་དེ་ཡི་ཕྱིར། །ནང་མ་ཀུན་ལས་ཆེས་ཆེ་བའི། །ཆ་ཆེན་གཉིས་ལ་གཞལ་ཡས་ཁང་། །ཆ་ཆེན་གཉིས་ལ་རྟ་བབས་སོ། །རྟ་བབས་སྣམ་བུ་བརྒྱད་པ་སྟེ། །ཆ་ཆེན་གཉིས་ལ་ཆ་ཕྲན་བཞི། །གུ་ཎ་ཧ་རིའི་འཁྱོགས་འགྲོས་ནི། །ནང་དུ་བགྲོད་ཚུལ་འདི་ལྟར་རོ། །དང་པོ་ཕྱེད་དྲུག་གཉིས་གསུམ་དྲུག །བཞི་པ་བཞི་དང་ལྔ་ཕྱེད་བཞི། །དྲུག་པ་གསུམ་བཅད་ཚངས་རྩེར་སླེབ། །ཕྱི་ཡི་རྟ་བབས་རིང་ཐུང་ནི། །དང་པོ་གཅིག་གི་རང་ས་ལ། །གཉིས་གསུམ་ཆ་ཕྲན་གཅིག་གིས་རིང་། །བཞི་པ་ཆ་ཕྲན་གཅིག་གིས་བསྐུམ། །ལྔ་པ་དང་པོ་དག་དང་མཉམ། །དྲུག་པ་ལ་ནི་གཉིས་ཕྲི་ཞིང་། །བདུན་པ་ལ་ནི་གཅིག་ཕྲི་སྟེ། །བརྒྱད་པ་གསུམ་ནས་བཅད་པའོ། །པད་གདན་དབུས་རྭ་ཆོས་འཁོར་ཏོག །ཅི་མཛེས་རིག་པས་ལེགས་དཔྱད་དེ། །ཆ་ཆེན་གཅིག་ལ་ཚང་བར་བྱ། །ཆུ་སྲིན་རྭ་ཡི་སྐོར་ཚད་ནི། །ཚང་ཐིག་གཡས་ནས་དང་པོ་དང་། །ཆ་ཕྲན་གཅིག་གི་བར་མཚམས་སུ། །ལག་གཡོན་བཙུགས་ཏེ་གཡས་པ་ཡིས། །རྟ་བབས་དང་པོའི་རྩེ་མོ་ལ། །ཆ་ཕྲན་གཅིག་གིས་མ་རེག་པར། །པུ་ཤུའི་རྩེ་ནས་དབུས་རྭར་ཐེན། །སླར་ཡང་ལག་གཡོན་སྔ་མ་ནས། །ཆ་ཕྲན་གཉིས་ཀྱི་ཕྱིར་སྤོས་ལ། །གཡས་པས་སྔར་གྱི་གནས་དེ་ནས། །ཕྱིར་ཟློག་པུ་ཤུད་རེག་པས་བསྐོར། །གཡོན་པའི་བསྐོར་ཚུལ་དེ་ཡིས་ཤེས། །དེའི་ཕྱིར་པདྨ་དུར་ཁྲོད་དང་། །རྡོ་རྗེའི་ར་བ་མེ་རི་སོགས། །ཆ་ཆེན་ཆ་ཕྲན་ཚད་རྣམས་ནི། །སྤྱི་ལྟར་བསྐོར་བས་ལས་ཐིག་གོ། །ཞི་བའི་དཀྱིལ་འཁོར་སྒོ་རྫོགས་ཀྱི་ལྟེ་བར་འཁོར་ལོ་རྩིབས་བཞི་གློ་འབུར་ལྷ་སྣམ་དང་བཅས་པའི་ཐིག་ཟུར་དུ་མཎྜལ་ཆེ་བའམ་ཤིང་སྟེགས་ཆེ་ཆུང་རན་པ་ཞིག་གི་ཁར་བཏབ་བོ། །དེ་ལྟར་ལས་ཐིག་བཏབ་པའི་སྟེང་དུ་ལྷ་སྟ་གོན་གྱི་ཚོམ་བུ་བཀོད་པ་ནི། རྩ་བར། དེ་ནས་ཁམ་པོར་རམ་དུང་ཆོས་སུ་ཆང་ཕུད་ལ་ཨ་མྲྀ་ཏ། ཙནྡན་དཀར་དམར། ཛ་ཏི། ག་བུར། ཨ་ཀ་རུ། དུ་རུ་ཀ །བུ་རམ་རྣམས་སྦྱར་པ་སྤེའུས་ལྷ་གནས་སུ་དྲིའི་ཐིག་ལེ་བྱ་སྟེ། སཱུརྻ་ཙནྡྲ་མཎྜ་ལ་གདན་བསམ། ཞེས་འབྱུང་བས། ཆང་ཕུད་ལ་ཆོས་སྨན་དང་ཙནྡན་དཀར་དམར། ཛ་ཏི། ག་བུར། ཨ་ཀ་རུ། དུ་རུ་ཀ །བུ་རམ་རྣམས་སྦྱར་ཏེ་ལྷ་གནས་རྣམས་སུ་པིར་གྱིས་དྲིའི་ཐིག་ལེ་བཀོད་ཅིང་། སཱུརྻ་ཙནྡྲ་མཎྜ་ལ་ཞེས་བརྗོད་ལ་དང་པོ་ཞི་བའི་དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེའི་སྟེང་འབྲས་སམ་ནས་དཀར་གྱི་ཚོམ་བུ་བཀོད་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། གཙོ་བོ་ཀུན་བཟང་ཡབ་ཡུམ་དབུས་སུ་བཀོད། རྩ་བར། དེའི་མདུན་དུ་ཧཱུྃ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི་མི་བསྐྱོད་པ་སོགས་སངས་རྒྱས་བཞི་བཅུ་རྩ་གཉིས་པོ་བཀོད་དེ། འདི་ལྷ་ཚོགས་དཀྱིལ་འཁོར་དུ་བྱའོ། །ཞེས་གསུངས་པ་དེ་རྣམས་ཀྱི་དོན་ནི། ཐོག་མར་ཚོམ་བུ་འགོད་པ་དང་བསྟུན་སྔགས་རྣམས་ཚར་གཅིག་བརྗོད་པར་མཛད་སྲོལ་འདུག་པས། གཙོ་བོ་ཀུན་བཟང་གི་མདུན་དུ་ཚོམ་བུ་བཀོད་ཅིང་། ཧཱུྃ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི་མི་བསྐྱོད་པ་ཡབ་ཡུམ་མོ། །ཤར་རྩིབས་ལ་ༀ་ཛཱི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ལྷོ་རྩིབས་ལ་སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི། ནུབ་རྩིབས་ལ་ཨཱཾཿཨ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། བྱང་རྩིབས་ལ་ཧཱ་པྲཛྙཱ་དྷྲྀཀ྄ །ཏཱ་བཛྲ་ར་ཏི། ཤར་ལྷོའི་གོང་རས་ལ་ཀྵི་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ལྷོ་ནུབ་ཀྱི་གོང་རས་ལ་ཏྲཾ་ཨ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ནུབ་བྱང་གི་གོང་རས་ལ་ཧྲཱིཿཔདྨ་པ་ད་མ། ཧྲཱིཿགཱི་ཏི་ར་ཧོ་ཧཾ། བྱང་ཤར་གྱི་གོང་རས་ལ་ཛྲིཾ་ཀུ་རུ་པནྣ་ཧྲཱིཿ ཨ་ནཱིརྟྱ་རཱ་ག་ཡ་མི། དེའི་ཕྱིར་ཤར་ལྷོའི་གློ་འབུར་ལ་མཻ་དྷ་ར་ཎི་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ཤ །ལྷོ་ནུབ་ཀྱི་གློ་འབུར་ལ་ཐླྷིཾ་ནིསྶ་རཾ་པ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ནུབ་བྱང་གི་གློ་འབུར་ལ་ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་ཁི་ནཱི། བྱང་ཤར་གྱི་གློ་འབུར་ལ་མཱུཾ་ཤྲཱི་ཨ་རཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ལྷ་སྣམ་གྱི་ཤར་ལྷོར་ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ལྷ་སྣམ་གྱི་བྱང་དུ་ༀ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། ལྷོར་ༀ་མུ་ནེ་སྲུཾ་སྭཱ་ཧཱ། ནུབ་བྱང་དུ་ༀ་མུ་ནེ་བྲཾ་སྭཱ་ཧཱ། ལྷོ་ནུབ་ཏུ་ༀ་མུ་ནེ་ཀྵཾ་སྭཱ་ཧཱ། བྱང་ཤར་དུ་ༀ་མུ་ནེ་ཡེ་སྭཱ་ཧཱ། ཤར་སྒོར་ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ལྷོ་སྒོར་ཧཱུཾ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷི༴ ནུབ་སྒོར་ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི༴ བྱང་སྒོར་ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི༴ ཞི་བའི་ལྷ་མཚན་དེས་རྫོགས་སོ། །ཁྲོ་བོའི་ལྷ་མཚན་ནི། དབུས་སུ་ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་ཆེ་མཆོག་ཡབ་ཡུམ་དང་། དེའི་མདུན་དུ་ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཞེས་དབང་མཆོག་དང་། དེའི་མདུན་དུ་ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཞེས་བཛྲ་ཧེ་རུ་ཀ་སྟེ་གཙོ་བོ་གསུམ་གྱི་ཚོམ་བུ་བཀོད། རྩིབས་བརྒྱད་ཀྱི་ཤར་དུ་ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ལྷོར་ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ནུབ་ཏུ་ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། བྱང་དུ་ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཞེས་རྒྱུད་ཀྱི་ཁྲོ་བོ་བཞི་དང་། མཚམས་བཞིའི་ཤར་ལྷོར་ༀ་རཀྵ་ཤྲཱི་ཧེ་རུ་ཀ་ཧཱུཾ་རཀྵ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ལྷོ་ནུབ་ཏུ་ༀ་ས་ནུ་ཤྲཱི་ཧེ་རུ་ཀ་ཧཱུཾ་ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ནུབ་བྱང་དུ་ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ་ཧཱུཾ་གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། བྱང་ཤར་དུ་ༀ་ཡཀྵ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཡཀྵ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཞེས་ལུང་གི་ཧེ་རུ་ཀ་བཞི། གློ་འབུར་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་དང་པོར་ཕྱོགས་བཞི། དེ་ནས་མཚམས་བཞི་རིམ་པ་ལྟར། བཛྲ་ག་རཱི་ཧ། བཛྲ་ཙ་རཱི་ཧ། བཛྲ་པྲ་མོ་ཧཱེ་ཧ། བཛྲ་བེཏྟ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨེ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། ཁྱམས་དང་པོར་ཕྱོགས་མཚམས་སུ་ཚོམ་བུ་གོང་བཞིན་བཀོད་ཅིང་། བཛྲ་སིདྷ་མུ་ཁ་ཧེ། བཛྲ་བྱཱ་གྷྲྀ་མུ་ཁ་ཧེ། བཛྲ་སྲིངྒ་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་གྲྀ་ཌྷ་མུ་ཁ་ཧེ། བཛྲ་ཀངྐ་མུ་ཁ་ཧེ། བཛྲ་ཀཱ་ཀ་མུ་ཁ་ཧེ། བཛྲ་ཨུ་ལུ་ཀ་མུ་ཁ་ཧེ། སྒོ་བཞིའི་ཤར་དུ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ ལྷོར་བཛྲ་ཨ་མུ་ཁཱ་ཧཱུཾ། ནུབ་ཏུ་བཛྲ་ལོ་ཀ་བཾ། བྱང་དུ་བཛྲ་བྷསྨི་པ་ལ་ཡ་བ་ཏོ་ཧོཿ དཀྱིལ་འཁོར་གཉིས་པའི་ཁྱམས་ལ་ཕྱོགས་མཚམས་བརྒྱད་དུ་གོང་བཞིན་བཀོད་ཅིང་། སྔགས་ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུར་ཏ་ར་ཕཊ། ཨ་རཀྨོ་ཧཱུཾ་འབའ་ཞིག་གོ། །སྒོ་བཞིའི་ཤར་དུ་ༀ་ཤྲཱི་བཛྲ་མུངྒ་ར་མུ་ཁ་ཤྭ་ར་ཡ་ན་མཿ ལྷོར་ༀ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡཱ་ན་མཿ ནུབ་ཏུ་ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ཀ་པྲ་ཛྭ་ལ་ཡ་ཡཱ་ན་མཿ བྱང་དུ་ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡཱ་ན་མཿ དཀྱིལ་འཁོར་གསུམ་པའི་ཁྱམས་ཕྱོགས་བཞིར་དྲུག་དྲུག །སྒོ་བཞིར་རེ་རེ་སྟེ་དབང་མོ་ཉེར་བརྒྱད་ཀྱི་སྔགས་སྤྲོ་ན་ༀ་མ་ནུ་རཀྴ་སཱི་བྷྱོ། ཞེས་པའམ། ཡང་ན་བྷྱོ་རེ་རེའོ། །དཀྱིལ་འཁོར་བཞི་པའི་ཁྱམས་ལ་ཕྱོགས་བཞིར་བརྒྱད་རེ་འགོད་ཅིང་། ༀ་ཨེ་ཨ་རལླི་ཧཱུཾ། ཞེས་སོ། །དཀྱིལ་འཁོར་ལྔ་པའི་ཁྱམས་ལ་ཤར་ལྷོ་ནུབ་གསུམ་དུ་གཉིས་གཉིས། བྱང་དུ་གཅིག །སྒོ་བཞིར་རེ་རེ་བཀོད་ཅིང་། མ་མ་དྷ་ཏུ་ཧཱུཾ། ཞེས་སོ། །དཀྱིལ་འཁོར་དྲུག་པའི་ཁྱམས་ཤར་ནུབ་གཉིས་ལ་བཞིར་རེ། ལྷོ་བྱང་དུ་གསུམ་རེ། སྒོ་བཞིར་རེ་རེ་སྟེ། གིངྐར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་སོ། །དཀྱིལ་འཁོར་བདུན་པའི་ཁྱམས་ལ་ཤར་ནུབ་ཏུ་བཅུ་གཉིས་རེ། ལྷོ་བྱང་དུ་བརྒྱད་རེ། ཤར་ནུབ་ཀྱི་སྒོར་དྲུག་རེ། ལྷོ་བྱང་གི་སྒོ་བཞིར་རེ་བཀོད་ཅིང་། ཀྲོ་དྷ་ཀྲོ་དྷི་ཧཱུཾ། ཞེས་སོ། །དཀྱིལ་འཁོར་བརྒྱད་པའི་ཁྱམས་ལ་ཕྱོགས་རེར་དྲུག་ཅུ་རེ་བཀོད་ཅིང་། ཤར་པ་རྣམས་ལ་བྷ་ན་བྷ་ན་ཨཾ་ཀུ་ཤ་ཛཿ ལྷོ་པ་རྣམས་ལ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ནུབ་པ་རྣམས་ལ་གརྫ་གརྫ་སྥོ་ཊ་བཾ། བྱང་པ་རྣམས་ལ་པ་ཙ་པ་ཙ་གྷཎྜེ་ཧོཿ ཞེས་སོ། །དཀྱིལ་འཁོར་དགུ་པའི་ཁྱམས་ལ་ཕྱོགས་རེར་བཅོ་ལྔ་རེ་བཀོད་ཅིང་། མ་མ་ཤ་རཱི་བྷྱོཿ ཞེས་སོ། །དཀྱིལ་འཁོར་བཅུ་པའི་ཁྱམས་ལ་བཀའ་བརྒྱད་ཐེག་དགུའི་ལྷ་ཚོགས་ཚང་བ་ཡིན་པས། དང་པོ་ནི་ཡང་དག་ནས་རིམ་བཞིན་བཀའ་བརྒྱད་གང་རིགས་ཀྱི་སྔགས་ཀྱིས་བཀོད། ཐེག་དགུ་ནི་སྤྲོ་ན་སྒོ་འབྱེད་ཕྱག་རྡོར་ནས་ཨ་ཏིའི་བར་གྱི་ལྷ་ཚང་བར་བཀོད་དགོས་པ་རིག་པས་ཅི་རིགས་སུ་དཔག་གོ། །དཀྱིལ་འཁོར་བཅུ་གཅིག་པའི་ཁྱམས་ལ་རིག་འཛིན་བླ་མ་རྣམས་བཞུགས་པས་ཡོ་ག་གསུམ་གྱི་བླ་བརྒྱུད་གྲངས་ངེས་པའི་ཚོམ་བུ་བྱ་བའམ། ཡང་ན་རིག་འཛིན་ལ་གྲངས་ངེས་མེད་དུ་བཀོད་ཅིང་། ཀུན་ལ་མ་ཧཱ་གུ་རུ་ཤཱ་རཱི་རཾ། ཞེས་པས་རིག་འ ཛིན་རྩལ་འཆང་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཚང་བའི་ཚོམ་བུ་བྱའོ། །ཞེས་གསུངས་པས་ཅི་རིགས་སུ་བྱས་པས་ཆོག །དེ་དག་ནི་དཀྱིལ་འཁོར་སྟ་གོན་ནོ། །དཀྱིལ་འཁོར་མཐར་མཚམས་འཛིན་སོགས་ཉེར་སྤྱོད་ལྔ་དང་། ཡན་ལག་རབ་གནས་སྐབས་སུ་བཤད་པ་ལྟར། ཞི་ཁྲོའི་གཏོར་མ་སྨན་རཀ་སོགས་ཕྱི་ནང་གསང་བའི་མཆོད་པ་རྣམས་རྒྱ་ཆེར་བཤམ་མོ། །དེ་ནས་ཆོ་ག་ཇི་ལྟར་བྱ་བ་ནི། རྩ་བར། དེ་ནས་གཉིས་པ་ལྷ་སྟ་གོན་ལ་གནས་པ་ནི། ཕྱིར་ཆ་གསུམ་བཏང་། ནང་དུ་རྩ་བ་དང་ཡན་ལག་གི་མཆོད་པ་བཤམ་མོ། །ཕྱག་བསྡུས་པ་བྱ། ཁྲོ་བཅུས་མཚམས་བཅད། ཡེ་ན་མཉམ་ཉིད་ཀྱིས་བཤགས། དམ་བཅའ་བླང་། བྱིན་ཕབ་ལ་བསྡུ། མཆོད་པ་རྣམས་བྱིན་གྱིས་བརླབ། ཞེས་གསུངས་པའི་དོན། དཀྱིལ་འཁོར་ཁང་པའི་ཕྱི་རོལ་ལམ་ནང་དུ་ཡང་རུང་སྟེ། ཆ་གསུམ་གྱི་ཆོ་ག་སྔ་མ་ལྟར་རྒྱས་པར་བཏང་། རྩ་བ་ཡན་ལག་གི་མཆོད་པ་ནི་གོང་དུ་བཤགས་ཟིན། གྲལ་ལ་འཁོད་དེ་ཕྱག་བསྡུས་པ་ནི། ཐིག་བྱིན་རླབས་ཀྱི་སྐབས་ལྟར། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ཞེས་པ་ན། ཐུབ་པ་ཆེན་པོ་དྲུག་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པའི་བར་དང་། ཁྲོ་བོ་བཅུའི་མཚམས་གཅོད་ནི། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཅེས་པ་ནས་སྟོབས་པོ་ཆེའི་བར་གྱི་སྔགས་ཙམ་བརྗོད་ལ་མཚམས་བཅད། མདུན་གྱི་ནམ་མཁར་བཤགས་ཡུལ་འདུས་པ་མདོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མ་ཡ་ཛཿ ཞེས་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས་ཏེ་ཡན་ལག་རབ་གནས་ཀྱི་སྔོན་འགྲོའི་སྐབས་སུ་བཤད་པ་ལྟར། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལ། །ཞེས་སོགས་ཀྱིས་བཤགས། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །ཞེས་སོགས་ཀྱིས་དམ་བཅའ། དུས་གསུམ་སངས་རྒྱས་འཁོར་དང་བཅས། །ཞེས་སོགས་ཀྱིས་བྱིན་དབབ་བོ། །མཆོད་པ་བྱིན་བརླབ་ནི། ཞི་ཐུང་གི་སྔོན་འགྲོའི་སྐབས་སུ་རྒྱས་པར་བཤད་པ་ལྟར་བྱའོ། །ལྷ་སྟ་གོན་གྱི་ཆོ་ག་དངོས་གཞི་ནི། རྩ་བར། དེ་ནས་རང་ཉིད་ཀུན་བཟང་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འབྱུང་བ་རིམ་བརྩེགས་དང་བཅས་པའི་ཞི་བའི་དཀྱིལ་འཁོར་བསྐྱེད། ཡང་བདག་ཧེ་རུ་ཀར་གནས་པའི་ཐུགས་ཀར་འབྱུང་བ་རིམ་བརྩེགས་དང་བཅས་པའི་དཀྱིལ་འཁོར་ལ་ཁྲག་འཐུང་ཡབ་ཡུམ་བཅུ། ཀ་རཱི་བརྒྱད། སིདྷ་བརྒྱད། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། མ་མོ་བདུན། སྲིང་མོ་བཞི། གིང་ཆེན་བཅོ་བརྒྱད། སྟེང་གི་ཁྲོ་བོ་ཁྲོ་མོ་དྲུག་ཅུ། ཤར་དུ་དུང་གི་ཕོ་ཉ་དྲུག་ཅུ། ལྷོར་ལྕགས་སམ་གསེར་གྱི་ཕོ་ཉ་དྲུག་ཅུ། ནུབ་ཏུ་བསེའི་ཕོ་ཉ་དྲུག་ཅུ། བྱང་དུ་གཡུའི་ཕོ་ན་དྲུག་ཅུ། འོག་ཏུ་མ་མོ་ལས་བྱེད་དྲུག་ཅུ། རིག་འཛིན་ལ་སོགས་པ་ཐམས་ཅད་སྔགས་ཀྱིས་རྫོགས་ཚུལ་དུ་བསྐྱེད། ཅེས་གསུངས་པའི་དོན་ནི། ༀ་སྭ་བྷཱ་ཝ་ཞེས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་རང་གི་རིག་པ་ཨ་མཐིང་ཁ་འོད་ཟེར་འབར་བ་ཡོངས་སུ་གྱུར་པ་ལས། བདག་ཉིད་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་བསྡུའི་བྱེད་པོ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཁ་ཞལ་གསུམ་ཕྱག་དྲུག །གཡས་དཀར་གཡོན་དམར་དབུས་མཐིང་ཁ། ཕྱག་དང་པོ་གཉིས་ཐུགས་ཀར་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཡུམ་ལ་འཁྱུད་པ། བར་པ་གཉིས་རྡོ་རྗེ་དང་དྲིལ་བུ། མཐའ་མ་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱནསོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། ཡུམ་ཀུན་ཏུ་བཟང་མོ་སྔོན་མོ་པདྨའི་སྐྱིལ་ཀྲུང་ཅན་དང་མཉམ་པར་སྦྱོར་བའི་སྐུར་གྱུར། ཤཱུ་ནྱ་ཏཱ་སོགས་ཀྱིས་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་བརླབ། བཛྲ་ས་མ་ཡ་ཛཿས་དབབ། ཨེ་ཧྱེ་ཧི་སོགས་ཀྱིས་དྲངས། ཨཾ་ཀུ་ཤ་སོགས་ཀྱིས་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །༴༴༴ ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་དང་། ཡང་དག་དོན་དུ་དག་མོད་ཀྱང་། །༴༴༴ བཞི་བསྣོལ་གྱིས་མཆོད་ལ་ང་རྒྱལ་བཟུང་། དེ་ནས་རང་ཉིད་ཀུན་བཟང་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས། ཨེ། ཡཾ། བཾ། སུཾ། ལཾ། བྷྲཱུཾ་རྣམས་འཕྲོས་པ་ལས་ཞི་བའི་དཀྱིལ་འཁོར་གྱི་འོག་ཏུ་ཨེ་ལས་ནམ་མཁའ། ཡཾ་ལས་རླུང་། བཾ་ལས་ཆུ། སུཾ་ལས་ས། ལཾ་ལས་རི་རབ་སྟེ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་མཎྜ་ལ། ཞེས་བརྗོད་པས། བྷྲཱུཾ་ལས་ཞི་བའི་གཞལ་ཡས་ཁང་ལྟེ་བ་ཟླུམ་པོ་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་གློ་འབུར་གྲུ་ཆད་དང་ལྷ་སྣམ་སྒོ་ཁྱུད་རྟ་བབས་འདོད་སྣམ་ཕ་གུ་དྲྭ་ཕྱེད་པདྨ་རྡོ་རྗེ་མེ་རི་དང་བཅས་པའི་དབུས་སུ་པདྨ་སཱུརྻ་ཙནྡྲ་མཎྜ་ལ། ཞེས་བརྗོད་པས་གདན་པདྨ་ཉི་ཟླའི་གདན་རྣམས་སུ་གྱུར། བདག་གི་ཐུགས་ཀ་ནས་ལྷ་སྔགས་རྣམས་རིམ་པར་ཐོན་ཏེ་སོ་སོའི་གདན་ལ་འཁོད་པ་ཡོངས་སུ་གྱུར་པ་ལས་ལྷ་རྣམས་གསལ་གདབ་པ་ནི། དབུས་སུ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཀུན་བཟང་ཡབ་ཡུམ་དུ་གྱུར། ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱཏྭི་ཤྭ་རཱི། གཙོབོའི་མདུན་དུ་མི་བསྐྱོད་པ་ཡབ་ཡུམ་གསལ་བར་གྱུར། ཤར་རྩིབས་ལ་ༀ་ཛཱི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། རྣམ་སྣང་ཡབ་ཡུམ་དུ་གསལ་བར་གྱུར། ལྷོ་རྩིབས་ལ་སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི། རིན་འབྱུང་ཡབ་ཡུམ་དུ་གསལ་བར་གྱུར། ནུབ་རྩིབས་ལ་ཨཱཾཿཨ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། སྣང་མཐའ་ཡབ་ཡུམ་དུ་གསལབར་གྱུར། བྱང་རྩིབས་ལ་ཧཱ་པྲཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ར་ཏི། དོན་གྲུབ་ཡབ་ཡུམ་དུ་གསལ་བར་གྱུར། ཤར་ལྷོའི་གོང་རས་ལ་ཀྵི་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ས་སྙིང་ཡབ་ཡུམ་དུ་གསལ་བར་གྱུར། ལྷོ་ནུབ་ཀྱི་གོང་རས་ལ་ཏྲཾ་ཨ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ནམ་མཁའི་སྙིང་པོ་ཡབ་ཡུམ་དུ་གསལ་བར་གྱུར། ནུབ་བྱང་གི་གོང་རས་ལ་ཧྲཱིཿཔདྨ་པ་ད་མ། ཧྲཱིཿགཱི་ཏི་ར་ཧོ་ཧཾ། སྤྱན་རས་གཟིགས་ཡབ་ཡུམ་དུ་གསལ་བར་གྱུར། བྱང་ཤར་ཀྱི་གོང་རས་ལ་ཛྲིཾ་ཀུ་རུ་པནྣ་ཧྲཱིཿ ཨ་ནིརྟྱ་རཱ་ག་ཡ་མི། ཕྱག་རྡོར་ཡབ་ཡུམ་དུ་གསལ་བར་གྱུར། ཤར་ལྷོའི་གློ་འབུར་ལ་མཻ་དྷཱ་ར་ཎི་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ཤ །བྱམས་པ་ཡབ་ཡུམ་དུ་གསལ་བར་གྱུར། ལྷོ་ནུབ་ཀྱི་གློ་འབུར་ལ་ཐླྷིཾ་ནིསྶ་རཾ་པ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །སྒྲིབ་པ་རྣམ་སེལ་ཡབ་ཡུམ་དུ་གསལ་བར། ནུབ་བྱང་གི་གློ་འབུར་ལ་ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་ཥི་ནཱི། ཀུན་བཟང་ཡབ་ཡུམ་དུ་གསལ་བར་གྱུར། བྱང་གི་གློ་འབུར་ལ་མཱུཾ་ཤྲཱི་ཨ་རཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། འཇམ་དཔལ་ཡབ་ཡུམ་དུ་གསལ་བར་གྱུར། །ལྷ་སྣམ་གྱི་ཤར་ལྷོ་ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ལྷའི་ཐུབ་པ་དང་། བྱང་དུ་ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ལྷ་མིན་ཐུབ་པ་དང་། ལྷོར་ༀ་མུ་ནེ་སྲུཾ་སྭཱ་ཧཱ། མིའི་ཐུབ་པ་དང་། ནུབ་བྱང་དུ་ༀ་མུ་ནེ་བྲཾ་སྭཱ་ཧཱ། བྱོལ་སོང་ཐུབ་པ་དང་། ལྷོ་ནུབ་ཏུ་ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཡི་དྭགས་ཐུབ་པ་དང་། བྱང་ཤར་དུ་ༀ་མུ་ནེ་ཡེ་སྭཱ་ཧཱ། དམྱལ་བའི་ཐུབ་པ་རྣམས་སུ་གསལ་བར་གྱུར། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཁྱམས་ཀྱི་ནུབ་ཏུ་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། ཤར་དུ་བྱ་བ་མོ་ཀུན་ཏུ་བཟང་མོ་གསལ་བར་གྱུར། ཤར་སྒོར་ཧཱུཾ་ཡ་མནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛ་ལ་ནི་ཧཱུཾ་ཕཊ། གཤིན་རྗེ་ཡབ་ཡུམ་གསལ་བར་གྱུར། ལྷོ་སྒོར་ཧཱུཾ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཱཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། སྟོབས་ཆེན་ཡབ་ཡུམ་གསལ་བར་སྒྱུར། ནུབ་སྒོར་ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། རྟ་མགྲིན་ཡབ་ཡུམ་དུ་གསལ་བར་གྱུར། བྱང་སྒོར་ཧཱུཾ་བིགྷྣཱནྟ་ཀྲྀ་ཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ༴ བདུད་རྩི་འཁྱིལ་བ་ཡབ་ཡུམ་དུ་གསལ་བར་གྱུར། དེ་ནས་བདག་ཉིད་དུ་ཀུན་བཟང་ཡབ་ཡུམ་གནས་འགྱུར་ཏེ། ཆེ་མཆོག་ཧེ་རུ་ཀ་དབུ་ཉེར་གཅིག་ཕྱག་ཞེ་གཉིས་པ་ཞི་བ་བཞི་བཅུའི་ལྷ་ཚོགས་བསྣམས་པ་དུར་ཁྲོད་ཀྱི་ཆས་ཀྱིས་འཇིགས་པར་བྱས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་གར་དགུའི་ཉམས་ཀྱིས་རོལ་པའི་སྐུར་གྱུར། ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། བདག་གི་ཐུགས་ཀ་ནས་ཨེ། ཡཾ། ར། ཀེཾ། རཾ། བྷྲཱུཾ་རྣམས་ཚོགས་ཆེན་གྱི་དཀྱིལ་འཁོར་འོག་ཏུ་འཕྲོས་པས་ཨེ་ལས་ནམ་མཁའ་གྲུ་གསུམ། ཡཾ་ལས་རླུང་རྡོ་རྗེ་རྒྱ་གྲམ། ར་ལས་ཁྲག་གི་རྒྱ་མཚོ། ཀེཾ་ལས་ཀེང་རུས་ཀྱི་རི་རབ། རཾ་ལས་བསྐལ་པའི་མེ་དཔུང་འབར་བའི་དབུས་སུ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཙཀྲ་ཛྙཱ་ན་མཎྜ་ལ་བྷྲཱུཾ་ཞེས་པས། བྷྲཱུཾ་ལས་ཁྲོ་བོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རིམ་པ་བཅུ་གཅིག་དང་ལྡན་པར་གྱུར། སཱུརྻ་ཙནྡྲ་པདྨ་མཎྜ་ལ་དེ་ཝ་ཏི་ར་ནན། དུ་ཏི་ཙཀྲ་ནན། ཏི་ར་བཾ་གྱིས་པདྨ་ཉི་ཟླ་རུ་ཏྲ་ཕོ་མོའི་གདན་དུ་གྱུར། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ལྷ་སྔགས་རྣམས་རིམ་པར་ཐོན་ཏེ་སོ་སོའི་གདན་ལ་འཁོད་དེ་ཡོངས་སུ་གྱུར་པ་ལས་ལྷ་རྣམས་གསལ་གདབ་པ་ནི། དཀྱིལ་འཁོར་དང་པོའི་དབུས་སུ་ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་ཆེ་མཆོག་ཡབ་ཡུམ་དང་། ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུཾ། དབང་མཆོག་ཡབ་ཡུམ་དང་། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ། བཛྲ་ཧེ་རུ་ཀ་ཡབ་ཡུམ་སྟེ་གཙོ་བོ་གསུམ་པོ་གསལ་བར་གྱུར། ཤར་གྱི་རྩིབས་ལ་ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ། སངས་རྒྱས་ཁྲག་འཐུང་ཡབ་ཡུམ་དང་། ལྷོ་རྩིབས་ལ་ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུཾ། རིན་ཆེན་ཁྲག་འཐུང་ཡབ་ཡུམ་དང་། ནུབ་རྩིབས་ལ་ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། པདྨ་ཁྲག་འཐུང་ཡབ་ཡུམ་དང་། བྱང་རྩིབས་ལ་ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ལས་ཀྱི་ཁྲག་འཐུང་ཡབ་ཡུམ་ཏེ་རྒྱུད་ཀྱི་ཧེ་རུ་ཀ་བཞི་གསལ་བར་གྱུར། ཤར་ལྷོའི་རྩིབས་ལ་ༀ་རཀྴ་ཤྲཱི་ཧེ་རུ་ཀ་རཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ། རཀྴ་ཁྲག་འཐུང་ཡབ་ཡུམ་དང་། ལྷོ་ནུབ་ཏུ་ༀ་ས་ནུ་ཤྲཱི་ཧེ་རུ་ཀ་ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ས་ནུ་ཁྲག་འཐུང་ཡབ་ཡུམ་དང་། ནུབ་བྱང་དུ་གུ་ཧྱ་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། གུ་ཧྱ་ཁྲག་འཐུང་ཡབ་ཡུམ་དང་། བྱང་ཤར་དུ་ༀ་ཡཀྴ་ཤྲཱི་ཧེ་རུ་ཀ་ཡཀྴ་ཀྲོ་ཧི་ཤྭ་རཱི་ཧཱུཾ། ཡཀྴ་ཁྲག་འཐུང་ཡབ་ཡུམ་སྟེ་ལུང་གི་ཧེ་རུ་ཀ་བཞི་གསལ་བར་གྱུར། གློ་འབུར་གྱི་ཤར་དུ་ༀ་བཛྲ་ག་རཱི་ཧ། ལྷོར་བཛྲ་ཙ་རཱི་ཧ། ནུབ་ཏུ་བཛྲ་པྲ་མོ་ཧཱེ་ཧ། བྱང་དུ་བཛྲ་བེཏྟ་ལཱི་ཧ། ཤར་ལྷོར་བཛྲ་པུཀྐ་སཱི་ཧ། ལྷོ་ནུབ་ཏུ་བཛྲ་གྷསྨ་རཱི་ཧ། ནུབ་བྱང་དུ་བཛྲ་སྨེ་ཤ་ནཱི་ཧ། བྱང་ཤར་དུ་བཛྲ་ཙཎྜ་ལཱི་ཧ། ཞེས་ཁྲོ་མོ་བརྒྱད་དུ་གསལ་བར་གྱུར། ཁྱམས་དང་པོར་ཤར་དུ་བཛྲ་སིངྷ་མུ་ཁ་ཧེ། ལྷོར་བཛྲ་བྱཱ་གྷྲྀ་མུ་ཁ་ཧེ། ནུབ་ཏུ་བཛྲ་སིངྒ་ལ་མུ་ཁ་ཧེ། བྱང་དུ་བཛྲ་ཤྭ་ན་མུ་ཁ་ཧེ། ཤར་ལྷོ་བཛྲ་གྲྀ་ཌྷ་མུ་ཁ་ཧེ། ལྷོ་ནུབ་ཏུ་བཛྲ་ཀཾ་ཀ་མུ་ཁ་ཧེ། ནུབ་བྱང་དུ་བཛྲ་ཀཱ་ཀ་མུ་ཁ་ཧེ། བྱང་ཤར་དུ་བཛྲ་ཨུ་ལུ་ཀ་མུ་ཁ་ཧེ་ལས་ཕྲ་མེན་བརྒྱད་དུ་གསལ་བར་གྱུར། ཤར་སྒོར་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿརྟ་གདོང་དཀར་མོ་དང་། ལྷོ་སྒོར་བཛྲ་ཨ་མུ་ཁ་ཧཱུཾ་ཕག་གདོང་སེར་མོ་དང་། ནུབ་སྒོར་བཛྲ་ལོ་ཀ་བཾ་སེང་གདོང་དམར་མོ་དང་། བྱང་སྒོར་བཛྲ་བྷསྨི་པ་ལ་ཡ་བ་ཏོ་ཧོཿསྤྱང་གདོང་ལྗང་མོ་སྟེ་སྒོ་མ་བཞིར་གསལ་བར་གྱུར། དཀྱིལ་འཁོར་གཉིས་པའི་ཁྱམས་ཀྱི་ཕྱོགས་བཞི་མཚམས་བརྒྱད་དུ། ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུ་ར་ཏ་ཕཊ། ཨ་རགྨོ་ཧཱུཾ་ཚར་བརྒྱད་བརྗོད་པས་སྤོར་མ་བརྒྱད་དུ་གསལ་བར་གྱུར། སྒོ་བཞིའི་ཤར་སྒོར་ༀ་ཤྲཱི་བཛྲ་མུ་ཁ་ཤྭ་ར་ཡ་ཡཱ་ན་མཿ དཀར་མོ་མིག་གཅིག་རྒྱས་འདེབས་མ་དང་། ལྷོ་སྒོར་ༀ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡཱ་ན་མཿ སེར་མོ་ལས་མཁན་ཚེ་འཕེལ་མ་དང་། ནུབ་སྒོར་ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ཀ་པྲ་ཛྭ་ལ་ཡ་ཡཱ་ན་མཿ དམར་མོ་ཟ་བྱེད་དབང་སྡུད་མ་དང་། བྱང་སྒོར་ༀ་ཤྲཱི་བཛྲ་གྷེཎྜེ་པྲ་ཛྭ་ལ་ཡ་ཡཱ་ན་མཿ ནག་མོ་རལ་གཅིག་རྨོངས་བྱེད་མ་རྣམས་གསལ་བར་གྱུར། དཀྱིལ་འཁོར་གསུམ་པའི་ཁྱམས་ཀྱི་ཕྱོགས་བཞིར་དྲུག་དྲུག་ལས་ཤར་དུ་མ་ནུ་རཀྴ་སཱི་བྷྱོ། བྲ་ཧྨ་ནི་བྷྱོ། ར་ཏྲི་མ་བྷྱོ། ཀུ་མ་རཱི་བྷྱོ། ཨིནྡྲ་ཡ་བྷྱོ། བེསྣ་བེ་བྷྱོ། ལྷོར་པིངྒ་ལཾ་བྷྱོ། ཨ་མྲྀ་ཏ་བྷྱོ། ས་མྱ་མ་བྷྱོ། དྷ་ན་དཾ་བྷྱོ། རཀྴ་སཱིབྷྱོ། བཀྵ་སཱི་བྷྱོ། ནུབ་ཏུ་ར་ཏི་ཏཾ་བྷྱོ། རུ་དྷི་ར་མཏྟཱ་བྷྱོ། ཨེ་ཀ་ཙ་ར་མ་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀཾ་བྷྱོ། བ་ཡ་བེ་བྷྱོ། བྱང་དུ་མཱ་ར་ན་བྷྱོ། ཨགྣེ་ཡེ་བྷྱོ། བཱ་ར་ཧི་བྷྱོ། ཙ་མུཎྜི་བྷྱོ། སུ་ཏ་ནཾ་བྷྱོ། ཝ་རུ་ཎི་བྷྱོ། ཤར་སྒོར་མ་ཧཱ་ཀཱ་ལི་བྷྱོ། ལྷོ་སྒོར་ཙ་ཀ་ལི་བྷྱོ། ནུབ་སྒོར་བུམ་པ་ཀ་ལ་མ་བྷྱོ། བྱང་སྒོར་ལཾ་བོ་དྷ་ར་བྷྱོ་རྣམས་ལས་དབང་ཕྱུག་ཉེར་བརྒྱད་དུ་གསལ་བར་གྱུར། དཀྱིལ་འཁོར་བཞི་པའི་ཁྱམས་ལ་ༀ་ཨེ་ཨཱ་ར་ལི་ཧཱུཾ་སོ་གཉིས་ཀྱིས་མཁའ་འགྲོ་སུམ་ཅུ་རྩ་གཉིས་ཕྱོགས་རེར་བརྒྱད་བརྒྱད་དུ་གསལ་བར་གྱུར། དཀྱིལ་འཁོར་ལྔ་པའི་ཁྱམས་ལ་མ་མ་དྷཱ་ཏུ་ཧཱུཾ་བཅུ་གཅིག་གིས་མ་བདུན་སྲིང་བཞི་སྟེ་ཤར་ལྷོ་ནུབ་གསུམ་དུ་གཉིས་གཉིས། བྱང་དུ་གཅིག །སྒོ་བཞིར་རེ་རེ་གསལ་བར་གྱུར། དཀྱིལ་འཁོར་དྲུག་པའི་ཁྱམས་སུ་གིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་བཅོ་བརྒྱད་ཀྱིས་གིང་ཆེན་བརྒྱད་ནི་ཤར་ནུབ་གཉིས་ལ་བཞི་རེ། ལྷོ་བྱང་དུ་གསུམ་རེ། སྒོ་བཞིར་རེ་རེ་རྣམས་གསལ་བར་གྱུར། དཀྱིལ་འཁོར་བདུན་པའི་ཁྱམས་ལ་ཀྲོ་དྷ་ཀྲོ་དྷི་ཧཱུཾ་དྲུག་ཅུས་ཁྲོ་བོ་ཁྲོ་མོ་དྲུག་ཅུ་ནི་ཤར་ནུབ་ཏུ་བཅུ་གཉིས་རེ། ལྷོ་བྱང་དུ་བརྒྱད་རེ། ཤར་ནུབ་ཀྱི་སྒོར་དྲུག་རེ། ལྷོ་བྱང་གི་སྒོར་བཞི་རེ་གསལ་པར་གྱུར། དཀྱིལ་འཁོར་བརྒྱད་པའི་ཁྱམས་ལ་ཤར་དུ་བྷ་ན་བྷ་ན་ཨཾ་ཀུ་ཤ་ཛཿདྲུག་ཅུ། ལྷོར་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ་དྲུག་ཅུ། ནུབ་ཏུ་གརྫ་གརྫ་སྥོ་ཊ་བཾ་དྲུག་ཅུ། བྱང་དུ་པ་ཙ་པ་ཙ་གྷཎྜེ་ཧོཿདྲུག་ཅུ་རྣམས་ལས་ཕོ་ཉ་ཉིས་བརྒྱ་བཞི་བཅུར་གསལ་བར་གྱུར། དཀྱིལ་འཁོར་དགུ་པའི་ཁྱམས་ལ་མ་མ་ཤ་རཱི་བྷྱོ་དྲུག་ཅུ་ལས་མ་མོ་དྲུག་ཅུ་ནི་ཕྱོགས་རེར་བཅོ་ལྔ་རེ་གསལ་བར་གྱུར། དཀྱིལ་འཁོར་བཅུ་པའི་ཁྱམས་ལ་བཀའ་བརྒྱད་ནི། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཡང་དག་དང་། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷ ཉྫ་ཧཱུཾ་ཕཊ། གཤིན་རྗེ་དང་། ༀ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྟ་མགྲིན་དང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། རྡོ་རྗེ་གཞོན་ནུ་དང་། ༀ་ཤྲཱི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རཱི་སྟྭཾ། ཧཱུཾ་ཧ་ཧ་ཕཊ་མ་མ་ཡོ་གཱི་ནཱི་རུ་ལུ་བྷྱོ། མངོན་རྫོགས་བླ་མེད་དང་། ༀ་ཨཱཿཧཱུཾ་བཛྲ་ས་མ་ཡ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། རིག་འཛིན་དང་། ༀ་བཛྲ་ཙཥྚ་སརྦ་དུཥྚཾ་ཧྲཱིཿ མྱགས་ཧྲཱི་ད་ཡ་ཧཱུཾ་ཕཊ། དྲེགས་པ་ཀུན་འདུལ་དང་། ༀ་བཛྲ་སརྦ་དུཥྚཾ་ཨ་མུ་ཀ་ཤ་ཏྲུཾ་ཧྲི་ག་ནན་མྱགས་ཐུཾ་རིལ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད། དྲག་སྔགས་དང་། ༀ་བཛྲ་ག་རུ་ཌ་ཧཱུཾ་ཕཊ། སརྦ་ཌཱཀྐི་ནི་ས་མ་ཡ་ཧྲིང་ཧཱུཾ་ཕཊ། བཀའ་སྡོད་དེ་སྒྲུབ་ཆེན་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས་དང་། གཞན་ཡང་འཇིག་རྟེན་ལྷ་དང་མིའི་ཐེག་པ། ཉན་ཐོས། རང་རྒྱལ། བྱང་ཆུབ་སེམས་དཔའ། ཀྲྀ་ཡ་བྱ་བའི་རྒྱུད། ཨུ་པ་ཡ་སྤྱོད་པའི་རྒྱུད། ཡོ་ག་རྡོ་རྗེ་དབྱིངས་རྣལ་འབྱོར་གྱི་རྒྱུད་དང་། རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཨ་ཏི་ཡོ་ག་སོགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མགྲོན་ཐབས་ཀྱི་ཚུལ་དུ་ཡོངས་སུ་རྫོགས་པར་གསལ་བར་གྱུར། སྤྲོ་ན་དེ་དག་གི་སྔགས་སམ་མ་བརྗོད་ཀྱང་རུང་ངོ་། །དཀྱིལ་འཁོར་བཅུ་གཅིག་པའི་ཁྱམས་ལ་མ་ཧཱ་གུ་རུ་ཤཱ་རི་རཾ་ཞེས་ལན་མང་དུ་བརྗོད་པས། རྒྱུད་ལུང་མན་ངག་གི་བཀའ་བརྒྱུད་རིག་འཛིན་བླ་མའི་ཚོགས་རྣམས་མངོན་སུམ་དུ་ཞལ་ལམ་མེར་བཞུགས་པར་གྱུར། རྩ་བར། ཞི་ཁྲོ་གཉིས་ཀ་ལ་དུས་གཅིག་ཏུ་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ས་མ་ཛཿས་སྙན་གསན་དབབ། ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཀུན་ཏུ་བཟང་པོ་དང་ཕྱག་དང་ཞབས་བསིལ་དང་ལྷ་མོ་བཞི་བསྣོལ་གྱིས་མཆོད། ཞི་བའི་ལྷ་རྣམས་ལ་སུ་ར་ཧས་གཏོར་མ་ཕུལ། ཁྲོ་བོ་ལ་ཛཿཧཱུཾ་བཾ་ཧོཿས་དབུལ། ཞི་བ་ལ་གསང་ནན་གྱི་མཆོད། ཁྲོ་བོ་ལ་ར ཀྟ་ཚར་གསུམ་དབུལ། ཕྱོགས་བཅུ་དུས་བཞི་དང་གཏུམ་ཆེན་གྱིས་བསྟོད། འདི་རྣམས་ཀྱི་དོན་ཞི་ཁྲོ་གཉིས་ཀ་ལ་ཐུན་མོང་དུ་ༀ་མ་ཧཱ་ཤུ་ནྱ་ཏཱ་སོགས་ཡེ་ཤེས་ལྔས་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་སོགས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། བཛྲ་ས་མ་ཡ་ཛཿཞེས་སྙན་གསན་དབབ། ༀ་ཨེ་ཧྱེ་ཧི་བྷ་ག་ཝ ན་མ་ཧཱ་ཀཱ་རུ་ཎི་ཀ་དྲཱྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁའ་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿཞེས་གཉིས་སུ་མེད་པར་བསྟིམ་མོ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི༴ སྲིད་པ་རྒྱ་མཚོ༴ ཀུན་བཟང་༴ ༀ་ན་མཿ༴ ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ༴ ཕྱག་དང་༴ རྡོ་རྗེའི༴ ༀ་ཨཱ་ཧ༴ ཤྲཱི་བཛྲ་རཱ་ཱག་གནྡྷེ་གན་གྱི་བར་ཞི་བསྣོལ་གྱིས་མཆོད། ཞི་བ་རྣམས་ལ་གཏོར་མ་འ བུལ་བ་ནི། ༀ་ཨཱཿཧཱུཾ་སུ་ར་ཧ་ཨུ་པ་བྷྱོ། ཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ མ་ཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཁྲོ་བོ་རྣམས་ལ་ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨི་དཾ་དྷཱུ་པེ། པུཥྤེ། དཱི་པཾ། གནྡྷཾ། བ་ལིནྟ་པྲ་ཏཱིཙྪ་ཧོཿ ཤྲཱི་བ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞི་བ་ལ་གསང་ནན་གྱིས་མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡི་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁྲོ་བོ་ལ་རཀྟ་ཚར་གསུམ་འབུལ་བ་ནི། ཛཿཧཱུཾ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་ས་མ་ཡ། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། བསྟོད་པ་ནི་ཞི་བ་རྣམས་ལ། ཕྱོགས་བཅུ་དུས་བཞིར་རྫོགས་པ་ཡི། །ཞེས་སོགས་དང་། ཁྲོ་བོ་ལ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་སོགས་ཀྱིས་བསྟོད། སྟ་གོན་གནས་པར་གསོལ་བ་གདབ་པ་ནི། རྩ་བར། དེ་ནས་དྲིལ་བུ་གསིལ་ཞིང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །དེང་གི་གནས་མཆོག་དམ་པ་འདིར། །སློབ་མ་རྣམས་ཀྱི་དོན་ཕྱིར་དུ། །སང་གི་ནང་པར་གདུགས་བདལ་ནས། །དཀྱིལ་འཁོར་ཆེན་པོ་བཞེངས་གསོལ་པས། །སྟ་གོན་ལ་ནི་བཞུགས་ནས་ཀྱང་། །བྱིན་རླབས་དམ་པ་མཛད་དུ་གསོལ། །ཞེས་པ་ལྷ་སྟ་གོན་ནོ། །བར་འདིར་བུམ་པ་སྟ་གོན་བྱ་བ་ནི། རྩ་བར། དེ་ནས་གསུམ་པ་བུམ་པ་སྟ་གོན་ནི་བུམ་པ་ལྔ་དཀར་རྩིས་བྱུགས་པ་ལ་རིགས་ལྔའི་ཕྱག་མཚན་བྲིས་པ་བླ་མའི་དྲུང་དུ་རས་གཙང་མའིཁར་བཞག་གོ། །ཞེས་དང་། ཁྲོ་བོ་གསང་བའི་བུམ་པ་ནི། བྷནྡྷ་དཀར་པོ་ལྕང་ལོ་ཅན་གཉིས་དར་མཐིང་དམར་གྱི་ཁུད་དུ་བཞག་ལ། དེའི་ནང་དུ་རྡོ་རྗེ་སློབ་དཔོན་གྱིས་གཙོ་བྱས་པའི་མཆེད་ལྕམ་རྡོ་རྗེའི་སྤུན་དུ་ཡོད་ཀྱི་གྲངས་སྨན་བཟང་པོའི་རིལ་བུ་བྱས་ལ་གཞུག་གོ། །ཞེས་གསུངས་པའི་དོན་ཇི་ལྟར་བྱ་བ་ནི་ཞི་བར་རིན་པོ་ཆེའི་བུམ་པ་ལྔ་མགུལ་ཆིངས་མཐིང་དཀར་སེར་དམར་ལྗང་བ་ལ་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་གྱིས་མཚན་པ་དང་། ལས་བུམ་བཅུད་ལྡན་རྒྱ་གྲམ་གྱིས་མཚན་མ་ཅན་དར་ལྗང་དཀྲིས་པ་ཁ་རྒྱན་དང་བཅས་པ། ཁྲོ་བོ་གསང་བུམ་ནི་ཀ་པཱ་ལ་ཁ་སྦྱོར་ལྔ་སྟེ། དར་མཐིང་དམར་གྱིས་རྒྱ་གྲམ་དུ་བཅིངས་པའི་ནང་དུ་རྩ་བར་དཔོན་སློབ་དུ་ཡོད་ཀྱི་གྲངས་དང་མཉམ་པའི་སྨན་གྱི་རིལ་བུ་གཞུག་པར་གསུངས་ཤིང་། གླན་སྟོན་གྱིས་ཀྱང་དེ་ལྟར་གསུངས་པས། དེང་སང་ཕྱག་བཞེས་སུ་ཆོས་སྨན་རྙིང་པའི་ཕབ་རྒྱུན་ཅན་གྱི་བདུད་རྩི་རིལ་བུ་འདབ་བཏགས་ཀྱི་ཕྱག་ལེན་ཞིབ་མོར་བྱས་པའི་རིལ་བུ་ཅི་འབྱོར་བླུགས་པར་མཛད་པས་གོང་ནས་སྟ་གོན་བྱ། སློབ་དཔོན་གྱི་མདུན་དུ་བུམ་པ་དང་སོ་སོའི་རྫས་སོགས་ཉེར་མཁོ་རྣམས་ཚོགས་པར་བྱས་ཏེ། གོང་དུ་ལྷ་སྟ་གོན་གྱི་ཁྲོ་བོ་རྣམས་སྤྲོ་དུས་ཆེ་མཆོག་ཧེ་རུ་ཀའི་ང་རྒྱལ་ལ་གནས་བཞིན་པས་རྡོ་རྗེ་དྲིལ་བུ་དང་བཅས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ཏེ། རྩ་བར། དེ་ནས་བདེན་པ་བདར་བ་ནི། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཀོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་དང་། བཅོམ་ལྡན་འདས་ཞི་ཁྲོ་གསང་བ་མཆོག་གི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་གི་སློབ་མ་འདི་རྣམས་ཀྱི་དོན་དུ་བུམ་པ་ལྷའི་དཀྱིལ་འཁོར་དུ་བཞེངས་པར་འཚལ་བས། བར་དུ་གཅོད་པའི་བགེགས་དང་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་རྡོ་རྗེ་ཐོགས་ཏེ་ཡུངས་ཀར་གཏོར་བས་བགེགས་ཐམས་ཅད་བསྐྲད་པར་བསམ་མོ། །དེའི་རྗེས་སུའང་བགེགས་ཀྱིས་མི་ཚུགས་པའི་ཕྱིར་ཞི་ཁྲོའི་བུམ་པ་ཐམས་ཅད་གུ་གུལ་གྱིས་བདུག །བཀྲ་ཤིས་པའི་ཕྱིར་དྲི་ཞིམ་པོའི་སྤོས་ཀྱིས་བདུག །ཞི་བའི་བུམ་པ་ལྔའི་སུམ་གཉིས་དྲི་བཟང་གི་ཆུ་ལ་བུམ་རྫས་ཉེར་ལྔ་དང་ཆོས་སྨན་བཏབ། ཀུ་ཤ་དང་རྨ་བྱའི་མདོངས། དབྱར་དུས་ཡིན་ན་འབྲས་བུ་ཅན་གྱི་ཤིང་ལོ་འབྲས་མེ་ཏོག་དང་བཅས་པས་ཁ་བརྒྱན། གཟུངས་ཐག་རྡོ་རྗེ་དང་དུང་ཆོས་དྲི་བཟང་གི་ཆུས་བཀང་བ་སྟེང་དུ་བཞག །རིགས་ལྔའི་དབུ་རྒྱན་བཀོད། གོང་དུ་བཤད་པའི་རིགས་ལྔའི་མཚན་མས་བརྒྱན་ཏེ་སློབ་དཔོན་གྱི་མདུན་དུ་སྟེགས་ལ་བུམ་གདན་པདྨ་འདབ་བརྒྱད་བྲིས་པའི་ཁར། དབུས་སུ་རྡོ་རྗེ་དང་མགུལ་ཆིངས་སྔོན་པོ་ཅན། དེ་བཞིན་དུ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ་རྣམས་དང་། བྱང་ཤར་དུ་ལས་བུམ་བཀོད། ཁྲོ་བོ་གསང་བུམ་ནི། ཞི་བའི་བུམ་པའི་མདུན་དུ་སྟེགས་ལ་བུམ་གདན་པདྨ་འདབ་བརྒྱད་གོང་བཞིན་བྲིས་པའི་དབུས་དང་ཕྱོགས་བཞིར་མ་ཐོད་ལྔ་པོ་ནང་བུམ་ཆུའི་དོད་དུ་བདུད་རྩི་རིལ་བུ་དང་བཅས་ཏེ་བཞག །དེ་དག་གི་ཡ་ཐོད་ལྔ་པོ་རེ་ཞིག་མི་འགེབས་པས་ལོགས་སུ་གསར། ཞི་ཁྲོའི་བུམ་པ་ཐུན་མོང་དུ་ཉེར་སྤྱོད་ལྔ་དང་སྨན་རག་གཏོར་གསུམ་བཤམ་མོ། །དེ་ནས་སློབ་དཔོན་གྱིས་རཾ་ཡཾ་ཁཾ་གིས་ཞི་ཁྲོའི་བུམ་པ་རྣམས་བསང་སྦྱང་། བུམ་པ་བསྐྱེད་ཚུལ་ནི་རྩ་བར། སྟོང་པའི་ངང་ལས་རྡོ་རྗེས་མཚན་པའི་དབུས་ཀྱི་བུམ་པར་བྷྲཱུཾ་གྱི་འཕྲོ་འདུ་དང་། བྷྲཱུཾ་བི་ཤྭ་བི་ཤུདྡྷེས་ཞི་བའི་དཀྱིལ་འཁོར་གདན་དང་བཅས་པ་བསྐྱེད་ལ། ནས་སམ་ཡུངས་ཀར་བླུགས་ལ་ཀུན་བཟང་ཡབ་ཡུམ་དང་མི་བསྐྱོད་པ་ཡབ་ཡུམ་གྱིས་གཙོ་བྱས་པའོ། །ཤར་དུ་རྣམ་སྣང་གིས་གཙོ་བྱས་པའི་ལྷ་བཞི་བཅུ། ལྷོར་རིན་འབྱུང་། ནུབ་ཏུ་མཐའ་ཡས། བྱང་དུ་དོན་གྲུབ་སྟེ། བུམ་རྫས་ཉེར་ལྔ་ཚང་བའི་མགུལ་ཆིངས་ཁ་རྒྱན་གཟུངས་ཐག་རིགས་མཐུན་བྱའོ། །ཞེས་གསུངས་པས་དེའི་ཚུལ་ནི། སྟོང་པའི་ངང་ལས་ཞི་བའི་བུམ་པ་ལྔ་དང་ལས་བུམ་པད་ཟླའི་སྟེང་དུ་བྷྲཱུཾ་དྲུག་ལས་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་སཱུརྻ་ཙནྡྲ་རཏྣ་པདྨ་མཎྜལ་བྷཱུཾ་ལས་ཕྱི་བུམ་པའི་རྣམ་པ་ལ་ནང་ཞི་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་འཁོར་ལོ་རྩིབས་བཞི་མུ་ཁྱུད་གློ་འབུར་ལྷ་སྣམ་དང་བཅས་པའི་གཞལ་ཡས་ཁང་ལྔ་ལས་བུམ་དང་བཅས་པར་གྱུར། དབུས་ཀྱི་བུམ་པའི་ལྟེ་བར་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མ ནྟ་ཨ་ལས་ཀུན་བཟང་ཡབ་ཡུམ་དུ་གྱུར་བ་ནི། ཡབ་ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་དམར་དབུས་མཐིང་བ། ཕྱག་དང་པོ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཡུམ་ཀུན་ཏུ་བཟང་མོ་སྔོན་མོ་ལ་འཁྱུད་པ། བར་པ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཐ་མ་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའོ། །གཙོ་བོའི་མདུན་དང་། ཤར་གྱི་བུམ་པའི་ཤར་རྩིབས། ལྷོ་ཡི་བུམ་པའི་ལྷོ་རྩིབས། ནུབ་ཀྱི་བུམ་པའི་ནུབ་རྩིབས། བྱང་གི་བུམ་པའི་བྱང་རྩིབས་རྣམས་ལ་ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི་ལས་མི་བསྐྱོད་པ་ཡབ་ཡུམ་ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་དམར་དབུས་མཐིང་བ། གཡས་གསུམ་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། གཡོན་གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ་ཡུམ་དབྱིངས་ཕྱུག་མ་སྔོན་མོ་དང་སྦྱོར་བའོ། །དབུས་ཀྱི་བུམ་པའི་ཤར། ཤར་གྱི་བུམ་པའི་དབུས། ལྷོ། ནུབ། བྱང་གསུམ་གྱི་ཤར་རྩིབས་རྣམས་ལ་ༀ་ཛཱི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི་ལ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་གཡས་སྔོན་གཡོན་དམར་དབུས་དཀར། གཡས་གསུམ་ན་འཁོར་ལོ་རྡོ་རྗེ་རིན་ཆེན། གཡོན་གསུམ་དྲིལ་བུ་པདྨ་རྒྱ་གྲམ་འཛིན་པས་ཡུམ་སངས་རྒྱས་སྤྱན་མ་དཀར་མོ་དང་གཉིས་སུ་མེད་པའོ། །དབུས་དང་། ཤར། ནུབ། བྱང་གསུམ་གྱི་བུམ་པའི་ལྷོ་རྩིབས་དང་། ལྷོའི་བུམ་པའི་དབུས་སུ་སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི་ལས་རིན་འབྱུང་སེར་པོ་ཞལ་གསུམ་ཕྱག་དྲུག་གཡས་སྔོ་གཡོན་དམར་དབུས་སེར་བ། གཡས་གསུམ་རིན་པོ་ཆེ། རྡོ་རྗེ། འཁོར་ལོ། གཡོན་གསུམ་དྲིལ་བུ་པདྨ་རྒྱ་གྲམ་འཛིན་པ་ཡུམ་མཱ་མ་ཀཱི་དང་གཉིས་སུ་མེད་པའོ། །ནུབ་ཀྱི་བུམ་པའི་དབུས་དང་། དབུས། ཤར། ལྷོ། བྱང་བཞིའི་ནུབ་རྩིབས་ལ་ཨཱཾཿཨ་རོ་ལིཀ྄ །པྱཱཾ་རཱ་ག་ར་ཏི་ལས་སྣང་བ་མཐའ་ཡས་དམར་པོ་ཞལ་གསུམ་ཕྱག་དྲུག །གཡས་སེར་གཡོན་ལྗང་དབུས་དམར་པ། གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། གཡོན་གསུམ་དྲིལ་བུ་རིན་ཆེན་རྒྱ་གྲམ་འཛིན་པ་ཡུམ་གོས་དཀར་མོ་དང་གཉིས་སུ་མེད་པའོ། །དབུས་དང་། ཤར། ལྷོ། ནུབ་བཞིའི་བུམ་པའི་བྱང་རྩིབས་དང་། བྱང་གི་བུམ་པའི་དབུས་སུ་ཧཱ་པྲ་ཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ར་ཏི་ལས་དོན་ཡོད་གྲུབ་པ་ལྗང་གུ་ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་དམར་དབུས་ལྗང་བ། གཡས་གསུམ་རལ་གྲི་རྡོ་རྗེ་འཁོར་ལོ། གཡོན་གསུམ་དྲིལ་བུ་རིན་ཆེན་པདྨ་འཛིན་པ་ཡུམ་དམ་ཚིག་སྒྲོལ་མ་དང་གཉིས་སུ་མེད་པའོ། །བུམ་པ་ལྔ་ཀའི་ཤར་ལྷོའི་གོང་རས་ལ་ཀྵི་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ་ལས་ས་སྙིང་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ། གཡོན་དྲིལ་བུ་ད ཀུར་བརྟེན་པ་ཡུམ་སྒེག་མོ་དཀར་མོ་མེ་ལོང་འཛིིན་པ་དང་འཁྲིལ་བའོ། །ལྷོ་ནུབ་ཀྱི་གོང་རས་ལ་ཏྲཾ་ཨ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿལས་ནམ་མཁའི་སྙིང་པོ་སྔོན་པོ་གཡས་རལ་གྲི་གཡོན་དྲིལ་བུ། ཡུམ་ཕྲེང་བ་མ་སྔོན་མོ་ཕྲེང་བ་འཛིན་པ་དང་འཁྲིལ་བ། ནུབ་བྱང་གི་གོང་རས་ལ་ཧྲཱིཿཔདྨ་པ་ད་མ། ཧྲཱིཿགཱི་ཏི་ར་ཧོ་ཧཾ་ལས་སྤྱན་རས་གཟིགས་དམར་པོ་གཡས་པདྨ་གཡོན་དྲིལ་བུ། ཡུམ་གཱི་ཏི་མ་དམར་མོ་པི་ཝང་འཛིན་པ་དང་འཁྲིལ་བ། བྱང་ཤར་གྱི་གོང་རས་ལ་ཛྲིཾ་ཀུ་་རུ་པནྣ་ཧྲཱིཿ ཨ་ནཱིརྟྱ་རཱ་ག་ཡ་མི་ལས་ཕྱག་རྡོར་ལྗང་གུ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ། ཡུམ་གར་མ་ལྗང་གུ་གར་བསྒྱུར་བ་དང་འཁྲིལ་བའོ། །ཤར་ལྷོའི་གློ་འབུར་ལ་མཻ་དྷ་ར་ཎི་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ཤ་ལས་བྱམས་པ་དཀར་སེར་གཡས་གླུ་ཤིང་དང་གཡོན་དྲིལ་བུ། ཡུམ་སྤོས་མ་དཀར་སེར་སྤོས་ཁང་འཛིན་པ་དང་འཁྲིལ་བ། ལྷོ་ནུབ་ཀྱི་གློ་འབུར་ལ་ཐླྷིཾ་ནིསྶ་རཾ་པ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ་ལས་སྒྲིབ་པ་རྣམ་སེལ་ལྗང་གུ་གཡས་ཨུཏྤལ་དང་གཡོན་དྲིལ་བུ། ཡུམ་མེ་ཏོག་མ་ལྗང་གུ་མེ་ཏོག་འཛིན་པའོ། །ནུབ་བྱང་གི་གློ་འབུར་ལ་ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་ཁི་ནཱི་ལས་ཀུན་བཟང་དམར་སྐྱ་གཡས་རིན་པོ་ཆེའི་སྙེ་མ་གཡོན་དྲིལ་བུ། ཡུམ་མར་མེ་དམར་སྐྱ་མར་མེའི་སྡོང་བུ་འཛིན་པ་དང་འཁྲིལ་བའོ། །བྱང་ཤར་གྱི་གློ་འབུར་ལ་མཱུཾ་ཤྲཱི་ཨ་རཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ་ལས་འཇམ་དཔལ་དམར་སེར་གཡས་རལ་གྲི་དང་གཡོན་དྲིལ་བུ། ཡུམ་དྲི་ཆབ་མ་དམར་སེར་དྲིའི་དུང་ཆོས་འཛིན་པའོ། །གཙོ་འཁོར་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །བུམ་པ་ལྔ་ཀའི་ལྷ་སྣམ་གྱི་ཤར་ལྷོར་ༀ་མུ་ནེ་ཀྲེཾ་སྭཱ་ཧཱ་ལས་ལྷའི་ཐུབ་པར་བརྒྱ་བྱིན་དཀར་པོ་པི་ཝང་བསྣམས་པ། ལྷ་སྣམ་གྱི་བྱང་དུ་ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ་ལས་ལྷ་མིན་ཐུབ་པ་མཐིང་ཁ་གོ་མཚོན་བསྣམས་པ། ལྷ་སྣམ་གྱི་ལྷོར་ༀ་མུ་ནེ་སྲུཾ་སྭཱ་ཧཱ་ལས་མིའི་ཐུབ་པ་སེར་པོ་གསེག་ཤང་དང་ལྷུང་བཟེད་འཛིན་པའོ། །ལྷ་སྣམ་གྱི་ནུབ་བྱང་དུ་ༀ་མུ་ནེ་བྲཾ་སྭཱ་ཧཱ་ལས་བྱོལ་སོང་ཐུབ་པ་སེར་ནག་གླེགས་བམ་འཛིན་པ། ལྷ་སྣམ་གྱི་ལྷོ་ནུབ་ཏུ་ༀ་མུ་ནེ་ཀྵཾ་སྭཱ་ཧཱ་ལས་ཡི་དྭགས་ཀྱི་ཐུབ་པ་དམར་ནག་སྒྲོམ་བུ་འཛིན་པ། ལྷ་སྣམ་གྱི་བྱང་ཤར་དུ་ༀ་མུ་ནེ་ཡེ་སྭཱ་ཧཱ་ལས་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པ་སྟེ་དྲུག་ཀ་ཡང་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་བཞེངས་པའོ། །ཤར་སྒོར་ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷཱ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ་ལས་གཤིན་རྗེ་གཤེད་སྨུག་ནག་ཐོད་དབྱུག་དང་སྡིགས་མཛུབ་ཅན་ཡུམ་ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པའོ། །ལྷོ་སྒོར་ཧཱུཾ་པྲཛྙཱནྟ་ཀྲོཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ༴ ལས་སྟོབས་པོ་ཆེ་སེར་ནག་རྡོ་རྗེ་དང་སྡིགས་མཛུབ་ཅན་ཡུམ་ཞགས་པ་མ་སེར་མོ་ཞགས་པ་དང་ཐོད་ཁྲག་འཛིན་པའོ། །ནུབ་སྒོར་ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་ར༴ ལས་རྟ་མགྲིན་དམར་ནག་རྟ་མགོ་ཅན་ཐོད་དབྱུག་སྤྲུལ་གྱིས་དཀྲིས་པ་དང་སྡིགས་མཛུབ་ཅན་ཡུམ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་དང་ཐོད་ཁྲག་འཛིན་པའོ། །བྱང་སྒོར་ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར༴ ལས་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་སྡིགས་མཛད་ཅན་ཡུམ་དྲིལ་བུ་མ་ལྗང་གུ་དྲིལ་བུ་དང་ཐོད་ཁྲག་འཛིན་པའོ། །དེ་དག་ཀྱང་ཁྲོ་བོའི་རྒྱན་གྱིས་བརྒྱན་ཅིང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེ་ནས་གཞུང་གི་དགོངས་པ་ལྟར་བུམ་པ་ལྔ་པོའི་ནང་དུ་དབུས་ཀྱི་བུམ་པར་ཀུན་བཟང་ཡབ་ཡུམ་གཉིས་བསྣན་ཏེ་ཞི་བ་ཞེ་གཉིས་དང་། གཞན་རྣམས་ལ་གཙོ་བོ་གོ་འཕོ་ཞིང་ཀུན་བཟང་ཡབ་ཡུམ་གཉིས་མེད་པའི་ཞི་བ་བཞི་བཅུ་སྟེ། ནས་སམ་ཡུངས་ཀར་དབུས་སུ་འབྲུ་ཞེ་གཉིས། ཕྱོགས་བཞིར་བཞི་བཅུ། དེ་དག་འབྲུ་རེ་རེ་བཞིན་སོ་སོའི་སྔགས་དང་བཅས་བུམ་པར་བླུག་གོ། །འདིར་ནས་སམ་ཡུངས་ཀར་བླུག་པ་དེ་རྣམས་ཆུས་བངས་ཏེ་མཆུ་འགགས་པ་སོགས་ཀྱི་ཉེས་དམིགས་འདུག་པས་དར་རམ་རས་གཙང་མར་ཐུམ་བུ་བྱས་ཏེ་བུམ་ནང་དུ་བཅུག་པ་ནི་ལག་ལེན་གྱི་ཁྱད་པར་འཇུག་པ་བདེ་བའི་གནད་དོ། །དེ་ནས་ཁྲོ་བོའི་བུམ་པ་རྣམས་སྒྲུབ་ཚུལ་ནི་བསང་སྦྱང་ཐུན་མོང་དུ་གྲུབ། སྟོང་པའི་ངང་ལས་བྷྲཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ན་ཧཱུཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཙཀྲ་ཛྙཱ་ན་སཱུརྻ་ཙནྡྲ་པདྨ་མཎྜ་ལ་དེ་ཝ་ཏི་ར་ནན་དུ་ཏི་ཙཀྲ་ནན་ཏི་ར་བཾ། བྷནྡྷ་ལྔ་པོ་ཕྱི་བྷནྡྷ་ལ་ནང་ཁྲོ་བོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལྔ་དང་། ཁྱད་པར་དབུས་ཀྱི་བྷནྡྷ་ཁྲོ་བོའི་གཞལ་ཡས་ཁང་སྒོ་སྦྲགས་བཅུ་གཅིག་དང་ལྡན་པ་གདན་དང་བཅས་པར་གྱུར། ཁྲོ་བོ་གསང་བུམ་དབུས་མའི་ལྟེ་བར་ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ལས་ཆེ་མཆོག་ཧེ་རུ་ཀ་དབུ་ཉེར་གཅིག་ཕྱག་ཞེ་གཉིས་ཀྱིས་ཞི་བ་ཞེ་གཉིས་བསྣམས་པ། ཞབས་བརྒྱད་ཀྱིས་ཡུམ་གནམ་ཞལ་མའི་དབུ་བརྒྱད་བརྫིས་ཤིང་། དབུས་ཞལ་ལ་གསང་རྡོར་བཅུག་པ། ཕྱག་བཅོ་བརྒྱད་ཀྱི་གཡས་བརྒྱད་ཁྲོ་མོ་བརྒྱད་གཡོན་བརྒྱད་ཕྲ་མེན་བརྒྱད་བསྣམས་པ་ཞབས་བརྒྱད་དང་བཅས་པ་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན་ཏེ་མེ་དཔུང་འབར་བའི་དབུས་ན་གར་དགུའི་རོལ་བས་འགྱིང་བའོ། །དེའི་མདུན་དུ་ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཞེས་པས་བཅོམ་ལྡན་འདས་དབང་མཆོག་ཧེ་རུ་ཀ་དབུ་དགུའི་དང་པོ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་བ། བར་པ་གསུམ་གཡས་སྔོན་གཡོན་ལྗང་དབུས་མཐིང་བ། རྩ་ཞལ་འོག་མ་གསུམ་དང་སྐུ་མཐིང་ཁ། ཕྱག་བཅོ་བརྒྱད་ཀྱི་གཡས་དགུ་ན་རྡོ་རྗེ། གློ་སྙིང་། ཞིང་ཆུང་། རྒྱུ་ཞགས། ཉི་མ། ཁྱུང་། མེ་དཔུང་། རྒྱ་མཚོ། ལྦུ་བ་སྟེ་ཐོད་པའི་གའུ་འཛིན་པ། གཡོན་དགུ་ན་བྷནྡྷ། ཞིང་ཆུང་། ཏི་ར། ཞིང་ཆེན། ཟླ་བ། འུག་པ། ཀླུ། རིན་ཆེན། རི་རབ་རྣམས་འཛིན་ཞིང་ཞབས་གཉིས་འདོར་སྟབས་སུ་བགྲད་པ། ཡུམ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་འཛིན་པ་དང་འཁྲིལ་བའོ། །གཙོ་བོའི་མདུན་དང་། ཤར་གྱི་ཁྲོ་བོ་གསང་བུམ་གྱི་ཤར་རྩིབས། ལྷོའི་གསང་བུམ་གྱི་ལྷོ་རྩིབས། ནུབ་ཀྱི་གསང་བུམ་གྱི་ནུབ་རྩིབས། བྱང་གི་གསང་བུམ་གྱི་བྱང་རྩིབས་རྣམས་ལ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ལས་རྡོ་རྗེ་ཁྲག་འཐུང་མཐིང་ཁ་ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་དམར་དབུས་སྔོ་བ། གཡས་གསུམ་རྡོ་རྗེ། རལ་གྲི། དགྲ་སྟྭ། གཡོན་གསུམ་ཞགས་པ། ལྕགས་སྒྲོག །ཐོང་གཤོལ་འཛིན་པ་རྡོ་རྗེ་ཁྲོ་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །དབུས། ལྷོ། ནུབ། བྱང་བཞིའི་གསང་བུམ་གྱི་ཤར་རྩིབས་དང་། ཤར་གྱི་གསང་བུམ་གྱི་དབུས་སུ་ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ལས་སངས་རྒྱས་ཁྲག་འཐུང་སྨུག་ནག་སྨུག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གཡས་གསུམ་འཁོར་ལོ། རྒྱུ་ཞགས། ཁྱུང་ཁྲ། གཡོན་གསུམ་ཐོད་ཁྲག །ཞགས་པ། མི་མགོ་འཛིན་པ་ཡུམ་སངས་རྒྱས་ཁྲོ་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །དབུས་དང་། ཤར། ནུབ། བྱང་བཞིའི་གསང་བུམ་གྱི་ལྷོ་རྩིབས་དང་། ལྷོའི་གསང་བུམ་གྱི་དབུས་སུ་ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ལས་རིན་ཆེན་ལས་རིན་ཆེན་ཁྲག་འཐུང་སེར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གཡས་གསུམ་རིན་ཆེན། དགྲ་སྟྭ། སྟོང་གི་འཇིག་རྟེན། གཡོན་གསུམ་བྷན་དམར། རྒྱུ་ཞགས། རི་རབ་བསྣམས་པ་ཡུམ་རིན་ཆེན་ཁྲོ་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །དབུས་དང་། ཤར། ལྷོ། བྱང་བཞིའི་གསང་བུམ་གྱི་ནུབ་རྩིབས་དང་། ནུབ་ཀྱི་གསང་བུམ་དབུས་སུ་ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ལས་པདྨ་ཁྲག་འཐུང་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ན་པདྨ། དགྲ་སྟྭ། བེ་ཅོན། གཡོན་གསུམ་ན་བྷན་དམར། ཐོང་གཤོལ། འཇིག་རྟེན་འདེགས་པ་ཡུམ་པདྨ་ཁྲོ་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །དབུས་དང་། ཤར། ལྷོ། ནུབ་བཞིའི་བྱང་རྩིབས། བྱང་གི་བུམ་པའི་དབུས་སུ་ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ལས་ལས་ཀྱི་ཁྲག་འཐུང་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྒྱ་གྲམ། དགྲ་སྟྭ། རལ་གྲི། གཡོན་གསུམ་བྷན་དམར། ཐོང་གཤོལ། ཞགས་པ་འཛིན་པ་ཡུམ་ལས་ཀྱི་ཁྲག་འཐུང་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །ཁྲོ་བོ་གསང་བུམ་དབུས་མའི་ཤར་ལྷོའི་རྩིབས་ལ་ༀ་རཀྴ་ཤྲཱི་ཧེ་རུ་ཀ་རཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ལས་སྲིན་པོ་ཁྲག་འཐུང་མཐིང་དཀར་དམར་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ། ཁ་ཊྭཱཾ། རྔེའུ་ཆུང་། གཡོན་གསུམ་བྷན་དམར། ཐོ་བ། རལ་གྲི་འཛིན་པ། ཡུམ་སྲིན་མོ་ཁྲོ་མོ་དང་འཁྲིལ་བའོ། །ལྷོ་ནུབ་ཀྱི་རྩིབས་ལ་ༀ་ས་ནུ་ཤྲཱི་ཧེ་རུ་ཀ་ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ལས་ས་ནུ་ཁྲག་འཐུང་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ། རྩེ་གསུམ། ཐོད་རྔ། གཡོན་གསུམ་བྷན་དམར། ཐོད་དབྱུག །མི་མགོ་འཛིན་པ། ཡུམ་ས་ནུ་ཁྲོ་མོ་མཐིང་ནག་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །ནུབ་བྱང་གི་རྩིབས་ལ་ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ལས་གསང་བའི་ཁྲོ་བོ་དུད་ཁ་དུད་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག །ཁ་ཊྭཱཾ། དབྱུག་ཏོ། གཡོན་གསུམ་བྷན་དམར། མདུང་ཐུང་། རྔ་ཡབ་ཅན། ཡུམ་གསང་བའི་ཁྲོ་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །བྱང་ཤར་གྱི་རྩིབས་ལ་ༀ་ཡཀྴ་ཤྲཱི་ཧེ་རུ་ཀ་ཡཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ལས་གནོད་སྦྱིན་ཁྲོ་བོ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྒྱ་གྲམ། ཁ་ཊྭཱཾ། དགྲ་སྟྭ། གཡོན་གསུམ་བྷན་དམར། རལ་གྲི། ཞིང་དབྱུག་འཛིན་པ། ཡུམ་གནོད་སྦྱིན་ཁྲོ་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །གསང་བུམ་ལྔ་གའི་འཁོར་ལོའི་ཕྱིར་གློ་འབུར་ལ་བཛྲ་ག་རཱི་ཧ། བཛྲ་ཙ་རཱི་ཧ། བཛྲ་པྲ་མོ་ཧཱེ་ཧ། བཛྲ་བེཏྟ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨེ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ་ལས་ཤར་དུ་ག་རཱི་སྔོན་མོ་ཞིང་དབྱུག་དང་བྷནྡྷ། ལྷོར་ཙ་རཱི་མ་སེར་མོ་མདའ་གཞུ་འགེང་བ། ནུབ་ཏུ་པྲ་མོ་ཧ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་འཕྱར་བ། བྱང་དུ་བེཏྟ་ལཱི་ནག་མོ་རྡོ་རྗེ་བསྣམས་པ། ཤར་ལྷོར་པུཀྐ་སཱི་དམར་སེར་བྱིས་པའི་རྒྱུ་མ་འདྲེན་པ། ལྷོ་ནུབ་ཏུ་གྷསྨ་རཱི་ལྗང་ནག་བྷན་དམར། ནུབ་བྱང་དུ་སྨ་ཤ་ནཱི་ནག་མོ་སྙིང་ཟ་བ། བྱང་ཤར་དུ་ཙཎྜ་ལཱི་སེར་སྐྱ་བམ་རོའི་མགོ་ལུས་འདྲལ་བའོ། །དབུས་ཀྱི་གསང་བུམ་ཁྲོ་བོའི་གཞལ་ཡས་ཁང་སྒོ་སྦྲགས་བཅུ་གཅིག་གི་ཁྱམས་དང་པོ་དང་། ཕྱོགས་བཞིའི་གསང་བུམ་གྱི་ཁྱམས་ལ་བཛྲ་སིདྷ་མུ་ཁ་ཧེ། བཛྲ་བྱཱ་གྷྲྀ་མུ་ཁ་ཧེ། བཛྲ་སྲིངྒ་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་གྲྀ་ཌྷ་མུ་ཁ་ཧེ། བཛྲ་ཀཾ་ཀ་མུ་ཁ་ཧེ། བཛྲ་ཀཱ་ཀ་མུ་ཁ་ཧེ། བཛྲ་ཨུ་ལུ་ཀ་མུ་ཁ་ཧེ་རྣམས་ལས། ཤར་དུ་སེང་གདོང་སེར་མོ་རོ་ཟ་བ། ལྷོར་སྟག་གདོང་དམར་མོ་ལག་གཉིས་མཐུར་དུ་བསྣོལ་བ། ནུབ་ཏུ་སྲི་ལ་ནག་མོ་བྱིས་པའི་རོ་བལྡག་པ། བྱང་དུ་ཤྭ་ན་སྔོན་མོ་རོ་ལ་འབྲུ་ཚུགས་སུ་བལྟ་བ། ཤར་ལྷོར་གྲྀ་ཌྷ་དམར་མོ་རྒོད་མགོ་རྒྱུ་མ་འདྲེན་པ། ལྷོ་ནུབ་ཏུ་ཀཾ་ཀ་དམར་ནག་མི་རོ་ཕྲག་ལ་བཀལ་བ། ནུབ་བྱང་དུ་ཀཱ་ཀ་ནག་མོ་བྱ་རོག་གདོང་གྲི་ཐོད་ཐོགས་པ། བྱང་ཤར་དུ་ཨུ་ལུ་མ་མཐིང་ནག་འུག་གདོང་རྡོ་རྗེའི་དབྱུག་པ་ཐོགས་པའོ། །དབུས་ཀྱི་གསང་བུམ་གཞལ་ཡས་ཁང་བཅུ་གཅིག་གི་སྒོ་དང་པོ་བཞི་དང་། ཕྱོགས་བཞིའི་གསང་བུམ་གྱི་སྒོ་བཞིར། ཤར་དུ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿལས་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་བཛྲ་ཨ་མུ་ཁཱ་ཧཱུཾ་ལས་ཕག་གདོག་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་བཛྲ་ལོ་ཀ་བཾ་ལས་སེང་གདོང་དམར་མོ་ལྕགས་སྒྲོག་ཐོགས་པ། བྱང་སྒོར་བཛྲ་བྷསྨི་པ་ལ་ཡ་བ་ཏོ་ཧོཿལས་སྤྱང་གདོང་ལྗང་ནག་དྲིལ་བུ་འཛིན་པའོ། །ཁྲོ་བོ་གསང་བུམ་དབུས་མའི་གཞལ་ཡས་ཁང་གཉིས་པའི་ཁྱམས་ཀྱི་ཕྱོགས་མཚམས་བརྒྱད་དུ་ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུར་ཏ་ར་ཕཊ། ཨ་རགྨོ་ཧཱུཾ་བརྒྱད་ལས། ཤར་དུ་འབར་མ་ཉི་ཞགས་ཅན་དམར་མོ་ཉི་ཟེར་གྱི་ཞགས་པ་འཛིན་པ། ཤར་ལྷོར་མེ་ཁྱེར་མ་དམར་མོ་གློ་ཞགས་འཕེན་པ། ལྷོར་སྐར་མདའ་འཕེན་སྔོན་མོ་གཡས་མདུང་ཐུང་དང་གཡོན་སྐར་མདའ་འཕེན་པ། ལྷོ་ནུབ་ཏུ་རལ་གྲིའི་སྐྲ་ཅན་མ་སྔོ་ནག་ཁྱུང་ཁྲ་འགྱེད་པ། ནུབ་ཏུ་ལྕེ་འབེབས་མ་དཀར་མོ་ཐོག་འབེབས་པ། ནུབ་བྱང་དུ་ཁྱུང་ཐོགས་མ་སྔོོན་མོ་ཁྱུང་ཐོགས་པ། བྱང་དུ་བ་ལང་གདོང་སྔོ་ནག་གླང་ཆེན་གདོང་ཐོག་སེར་འབེབས་པ། བྱང་ཤར་དུ་མིག་འབྱིན་སྙིང་སྲེག་མ་ཐལ་ཀར་ཀླགྴ་སྡེབ་པ་སྟེ་རལ་གྲི་འཕྱར་བའོ། །གཞལ་ཡས་ཁང་གཉིས་པའི་ཤར་སྒོར་ༀ་ཤྲཱི་བཛྲ་མུངྒ་ར་མུ་ཁ་ཤྭ་ར་ཡ་ན་མཿལས་དཀར་མོ་མིག་གཅིག་རྒྱས་འདེབས་མ་དཀར་མོ་རྡོ་རྗེ་བསྣམས་པ། ལྷོ་སྒོར་ༀ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡཱ་ན་མཿལས་སེར་མོ་ལས་མཁན་ཚེ་འཕེལ་མ་སེར་མོ་མདའ་གཞུ་འགེང་བ། ནུབ་སྒོར་ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཛྭ་ལ་ཡ་ཡཱ་ཱན་མཿལས་དམར་མོ་ཟ་བྱེད་དབང་སྡུད་མ་དམར་མོ་རྒྱལ་མཚན་བསྣམས་པ། བྱང་སྒོར་ༀ་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡཱ་ན་མཿལས་ནག་མོ་རལ་གཅིག་རྨོངས་བྱེད་མ་ལྗང་ནག་དྲིལ་བུ་བསྣམས་པའོ། །ཁྲོ་བོ་གསང་བུམ་དབུས་མའི་དཀྱིལ་འཁོར་གསུམ་པའི་ཁྱམས་དང་ཕྱོགས་བཞིའི་གསང་བུམ་གྱི་ཕྱི་ཁམས་ལ་བྷྱོ་ཉེར་བརྒྱད་ལས་དབང་མོ་ཉེར་བརྒྱད་ནི། ཤར་དུ་སྲིན་མོ་དམར་སེར་གཡག་གདོང་རྩེ་གསུམ་འཛིན་པ། ཚངས་མ་དམར་མོ་སྤྲུལ་གདོང་པདྨ་འཛིན་པ། ཁྲོ་མོ་དམར་སེར་གཟིག་མགོ་དབྱུག་ཏོ་དང་སྙིང་འཛིན་པ། ཁྱབ་འཇུག་མ་སེར་མོ་ཕ་ཝང་གདོང་འཁོར་ལོ་དང་དྲིལ་བུ་འཛིན་པ། དབང་མོ་དཀར་དམར་སྲེ་མོའི་གདོང་འཁོར་ལོ་དང་ཐོད་ཁྲག་འཛིན་པ། གཞོན་ནུ་དམར་མོ་དྲེད་མགོ་བམ་དབྱུག་དང་ཐོད་ཁྲག་འཛིན་པའོ། །ལྷོར་ཞི་བ་དམར་མོ་དོམ་མགོ་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། བདུད་རྩི་མ་སྔོན་མོ་ཆུ་སྲིན་མགོ་བུམ་པ་འཛིན་པ། ཞི་བ་མོ་སྔོ་སྐྱ་སྡིག་པའི་མགོ་གཡས་ཐོད་པ་བམ་རིལ་དང་གཡོན་བམ་འཛིན་པ། བེ་ཅོན་ནག་མོ་ཁྲ་མགོ་ཐོད་རློན་འཆང་བ། སྲིན་མོ་དམར་ནག་ཝ་གདོང་ཞིང་གི་རྒྱུ་མ་འདྲེན་པ། ཟ་བྱེད་ནག་མོ་སྟག་མགོ་བམ་སྙིང་འབྱིན་པ། ནུབ་ཏུ་དགའ་བ་དམར་མོ་རྒོད་མགོ་ཐོད་ཁྲག་འཛིན་པ། ཁྲག་འཐུང་དམར་ནག་རྟ་གདོང་རྡོར་དབྱུག་དང་བྷནྡྷ་འཛིན་པ། རྡོ་རྗེ་སེར་མོ་ཁྱུང་གདོང་རྡོ་རྗེ་དང་བྷནྡྷ་འཛིན་པ། འདོད་པ་དམར་སེར་ཁྱི་མགོ་ཞིང་ཆེན་ཟ་བ། ནོར་སྲུང་དཀར་དམར་པུ་ཤུད་མགོ་པདྨ་འཛིན་པ། རླུང་མོ་ཤ་བའི་མགོ་ཅན་དམར་སྐྱ་བམ་རོ་འཛིན་པའོ། །བྱང་དུ་གསོད་བྱེད་མ་ལྗང་ནག་སྤྱང་གདོང་ཐོད་རྔ་འཛིན་པ། མེ་མོ་དམར་མོ་སྐྱིན་མགོ་སྟེ་འབྲོང་གི་མགོ་ཅན་མེ་སྒྲོན་འཛིན་པ། ཕག་མོ་ལྗང་སེར་ཕག་གདོང་རྩེ་གསུམ་འཛིན་པ། རྒན་བྱེད་ལྗང་སྔོན་ཁྲ་མགོ་བམ་གྱི་རྒྱུ་མ་འདྲེན་པ། སྣ་ཆེན་ལྗང་དམར་གླང་གདོང་བམ་རོ་འཛིན་པ། ཆུ་ལྷ་ལྗང་ནག་སྦྲུལ་གདོང་བུམ་པ་འཛིན་པའོ། །ཤར་སྒོར་ཁུ་བྱུག་གདོང་ནག་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ར་གདོང་སྔོན་མོ་རྒྱུ་ཞགས་བསྣམས་པ། ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་སྐྱ་ཀའི་མགོ་ཅན་ལྗང་ནག་དྲིལ་བུ་འཛིན་པའོ། །འདི་ཡན་གྱི་ཕྱོོགས་བཞིའི་ཁྲོ་བོ་གསང་བུམ་གྱི་ལྷ་རྫོགས་པས་ཤར་དུ་བུདྡྷ་ཧེ་རུ་ཀ །ལྷོར་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ་སྟེ་གཙོ་བོ་རྣམས་གོ་འཕོ་ཞིང་། གཞན་བཞི་ཀ་ལ་ལྷ་ཚོགས་ཀྱི་གྲངས་ནི་ཁྲག་འཐུང་རིགས་ལྔ་ཡབ་ཡུམ། ཁྲོ་མོ་བརྒྱད། ཕྲ་མེན་བརྒྱད། སྒོ་མ་བཞི། དབང་མོ་ཉེར་བརྒྱད་དེ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཚང་བར་བཞེད་པས་བུམ་པ་སོ་སོར་ཡུངས་ཀར་འབྲུ་ང་བརྒྱད་ལ་འབྲུ་རེ་རེ་བཞིན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་སོ་སོའི་སྙིང་པོ་བཟླས་ཏེ་བླུགས་དགོས་པ་སྔ་མ་ཞི་བའི་སྐབས་ལྟར་ཐུམ་བུ་བཅུག་པ་ལེགས་སོ། །དབུས་ཀྱི་ཁྲོ་བོ་གསང་བུམ་གྱི་དཀྱིལ་འཁོར་བཞི་བའི་ཁྱམས་ལ་ༀ་ཨེ་ཨ་རལླི་ཧཱུཾ་ལས་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། དཀྱིལ་འཁོར་ལྔ་པའི་ཁྱམས་ལ་མ་མ་དྷཱ་ཏུ་ཧཱུཾ་ལས་མ་བདུན་སྲིང་བཞི། དཀྱིལ་འཁོར་དྲུག་པའི་ཁྱམས་ལ་གིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ལས་གིང་ཆེན་བཅོ་བརྒྱད། དཀྱིལ་འཁོར་བདུན་པའི་ཁྱམས་ལ་ཀྲོ་དྷ་ཀྲོ་དྷི་ཧཱུཾ་ལས་ཁྲོ་བོ་ཁྲོ་མོ་དྲུག་ཅུ། དཀྱིལ་འཁོར་བརྒྱད་པའི་ཁྱམས་ལ་ཤར་དུ་བྷ་ན་བྷ་ན་ཨཾ་ཀུ་ཤ་ཛཿལས་དུང་གི་མི་མོ་དྲུག་ཅུ། ལྷོར་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ་ལས་ལྕགས་ཀྱི་མི་མོ་དྲུག་ཅུ། ནུབ་ཏུ་གརྫ་གརྫ་སྥོ་ཊ་བཾ་ལས་ཟངས་ཀྱི་མི་མོ་དྲུག་ཅུ། བྱང་དུ་པ་ཙ་པ་ཙ་གྷཎྜེ་ཧོཿལས་གཡུའི་མི་མོ་དྲུག་ཅུ་སྟེ་ཕོ་ཉ་ཉིས་བརྒྱ་བཞི་བཅུ། དཀྱིལ་འཁོར་དགུ་པའི་ཁྱམས་ལ་མ་མ་ཤ་རཱི་བྷྱོ་ལས་མ་མོ་དྲུག་ཅུ། དཀྱིལ་འཁོར་བཅུ་པའི་ཁྱམས་ལ་ལྷ་མི་ཉན་རང་བྱང་སེམས་བྱ་སྤྱོད་རྣལ་འབྱོར་ཡོ་ག་གསུམ་གྱི་ལྷ་ཚོགས་ཏེ་བཀའ་བརྒྱད་ཐེག་དགུའི་ལྷ་རྣམས་དང་། དཀྱིལ་འཁོར་བཅུ་གཅིག་པའི་ཁྱམས་ལ་མ་ཧཱ་གུ་རུ་ཤཱ་རཱི་རཾ་ལས་ཡོ་ག་གསུམ་གྱི་རིག་འཛིན་བླ་མའི་ཚོགས་རྣམས་གསལ་བར་གྱུར། ཞེས་ཁྱམས་བཞི་པ་མན་ཆད་མོས་བསྐྱེད་ཀྱིས་འཐུས་པར་སེམས། མངོན་རྟོགས་རྒྱས་པར་སྤྲོ་ན་འོག་གི་མདུན་བསྐྱེད་སྐབས་ནས་བླང་ངོ་། །དེ་ལྟར་ལྷ་ཚོགས་དེ་རྣམས་ཀྱང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་གར་དགུའི་ཉམས་ལྡན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བརྐྱང་བསྐུམ་གར་གྱིས་རོལ་པའོ། །ལས་བུམ་ཕྱི་དུར་ཁྲོད་འབར་བ་ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་མ་སཱུརྻ་མཎྜ་ལས་ཉི་མའི་སྟེང་དུ་ཧཱུཾ་ལྗང་གུའི་འཕྲོ་འདུ་ལས་བདུད་རྩི་འཁྱིལ་པ་ལྗང་གུ་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་ཐོགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་གྱུར། ཁྲོ་བོ་གསང་བུམ་དབུས་མར་མ་བདུན་སྲིང་བཞི་ཡན་ནམ་ལྷ་ལྔ་བརྒྱ་བརྒྱད་ཅུ་རྩ་གཉིས་བསྐྱེད་པ་འདམ་ཁར་གསུངས་པ། འདིར་ཕྱིར་མའི་ལུགས་ཡིན་པས་ཡུངས་ཀར་ལྔ་བརྒྱ་བརྒྱད་ཅུ་རྩ་གཉིས་ལ་འབྲུ་རེ་རེ་བཞིན་ལྷ་སོ་སོའི་སྙིང་པོ་བརྗོད་དེ་བླུག་གོ། །ཁྲོ་བོ་གསང་བུམ་ལྔ་པོར་བདུད་རྩི་རིལ་བུ་བླུགས་པའི་དབང་དུ་བྱས་ན་ལྷ་གྲངས་ཀྱི་ཡུངས་ཀར་རྣམས་ཐུམ་བུ་མ་བྱས་ཀྱང་ཆོག་ལ། ཡང་ན་བདུད་རྩི་ཆང་ཕུད་ཀྱིས་བཀང་སྟེ་ཁ་བཅད་པར་གསུངས་པ་ལྟར་ན་ཡུངས་ཀར་རྣམས་ཐུམ་བུར་བྱས་པ་ལེགས་སོ། །དེ་ནས་ཁྲོ་བོ་གསང་བུམ་ལྔ་པོ་བདུད་རྩི་སྐམ་རློན་གང་ཡིན་ཀྱང་ཐོད་ཀྱིས་ཞལ་བཅད་དེ་དར་མཐིང་དམར་གྱིས་རྒྱ་གྲམ་དུ་བཅིངས་ཏེ་བུམ་གདན་ལ་བཀོད་དོ། །འདི་རྣམས་ནི་རྩ་བར། དེ་ནས་བུམ་པ་བསང་། སྟོང་པའི་ངང་ལས་བྷྲཱུཾ་ལས་འདུས་པ་ཆེན་པོའི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ་གཙོ་བོ་ནས་མ་བདུན་སྲིང་བཞི་ཡན་ཆད་བུམ་པའི་ནང་དུ་ཡུངས་ཀར་བླུག་ཅིང་སྔགས་ཀྱིས་རྫོགས་པར་བསྐྱེད། ལྔ་ཚན་ཉེར་ལྔའི་རྫས་དང་འབྲུ་བཅུད་ཕུད་ཚང་བར་བླུག་པའི་ཁར་རྡོ་རྗེ་བཞག་ལ་གཟུངས་ཐག་བཏགས་ཏེ་ཐོད་པ་གཅིག་གིས་ཁ་བཅད། དར་སྣ་ལྔས་བཀབ་ལ་བཞག་གོ། །ཡང་ན་ཞི་བའི་བུམ་པ་ལྔ་པོ་རིགས་ལྔ་དང་། ཁྲོ་བོའི་བུམ་པ་བྷནྡྷ་མཚན་ལྡན་ལ་རིགས་ལྔ་སོ་སོའི་ཐུགས་ཕྱག་མཚན་བྲིས་ལ་དབུས་སུ་ཆེ་མཆོག་གིས་གཙོ་བྱས་པའི་ལྷ་ལྔ་བརྒྱ་བརྒྱད་ཅུ་རྩ་གཉིས་དང་། རིག་འཛིན་རྩལ་འཆང་ཐམས་ཅད་ཚང་བར་བསྐྱེད། རིགས་བཞིའི་བུམ་པ་ལ་རིགས་རང་རང་གི་གཙོ་བྱས་པའི་ལྷ་ལྔ་བཅུ་རྩ་བརྒྱད་པོ་བསྐྱེད་ཅིང་རྫས་ཚངས་བར་བླུགས་ལ་ཕྱོགས་བཞིའི་དབུས་སུ་དགོད། མཉྫིའི་ཁར་ཀ་པཱ་ལ་ལྔར་བདུད་རྩི་བླུག །ཅེས་གསུངས་པའི་དོན་ཡིན་ནོ། །དེ་ནས་རྩ་བར། ལྷ་ལ་ཡེ་ཤེས་ལྔས་དབང་བསྐུར། བརླབ། དབབ། དྲང་། བསྟིམ། བརྟན། ཀུན་བཟང་གི་མཆོད་པ་ལྔ་དབུལ། ཞེས་གསུངས་པའི་དོན་ནི། ཞི་ཁྲོའི་བུམ་པ་ཐུན་མོང་དུ་ཤཱུ་ནྱ་ཏཱ་སོགས་རིགས་ལྔས་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ༀ་བཛྲ་ས་མ་ཛཿས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ་སྙན་གསན་དབབ། ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་ཞི་བ་དང་། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཞེས་ཁྲོ་བོ་རྣམས་སྤྱན་དྲངས། ཐུན་མོང་དུ་ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་ཕོ་ཊ་བཾ། ༀ་བཛྲ་གྷཎྜེ་ཧོཿས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་གྱིས་བརྟན་པར་བྱས། ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿས་ཕྱག་བཙལ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི༴ སྲིད་པ་རྒྱ་མཚོ༴ ཀུན་བཟང་༴ ན་མཿ༴ ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ༴ ཕྱག་དང་༴ རྡོ་རྗེའི༴ ༀ་ཨཱ་ཧ་ར༴ ཤྲཱི་བཛྲ་རཱ་ག་གནྡྷེའི་བར་གྱིས་མཆོད། རྩ་བར། མ་ཧཱ་པཉྩ་ཨ་མྲྀ་ཏས་སྨན་མཆོད་དབུལ། མ་ཧཱ་བ་ལིངྟ་ཁཱ་ཧིས་གཏོར་མ་དབུལ། མ་ཧཱ་རཀྟ་ཁཱ་ཧིས་ཁྲག་དབུལ། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་པ་ནས། དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ་གྱི་བར་དང་། སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་མམ་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །བསྒྲལ་མཆོད་ནི། ཧཱུཾ། རི་རབ་ཆེན་པོའི་གླིང་བཞི་ན། །གནས་པའི་སེམས་ཅན་ཐམས་ཅད་ཀུན། །ཡེ་ཤེས་མེ་ཆེན་བསྒོམ་བྱས་ཏེ། །ཐམས་ཅད་མ་ལུས་བསྲེག་པར་བྱ། །རཾ། སྲིད་གསུམ་བསྲེག་པའི་མེ་ཆེན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །རཾ། སྦྱོར་མཆོད་ནི། ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨ་ལ་ནི་རྡོ་རྗེ་ཞུགས། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱའོ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་མི། ཛཿཧཱུཾ་བཾ་ཧོཿ ཧཱུཾ་ཧཱུཾ་ཧཱུཾ་བོ་དྷི་ཙིཏྟ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་ལྷག་པ་ཏིང་ངེ་འཛིན་དང་སྦྱོར་སྒྲོལ་གྱི་མཆོད་པ་འབུལ། ཕྱོགས་བཅུ་དུས་བཞི་དང་། གཏུམ་ཆེན་གྱིས་སྔར་བཞིན་བསྟོད། དེ་ནས་ཞི་བ་དང་ཁྲོ་བོ་གསང་བུམ་གྱི་གཟུངས་ཐག་གཡོན་པས་བཟུང་། གཡས་ཕྲེང་བ་བགྲང་ཞིང་། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་དང་། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་དང་། ལས་བུམ་དང་ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་སོགས་བརྒྱ་རྩ་བརྒྱད་བཟླས་ཤིང་། དམིགས་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་རྡོ་རྗེ་ལ་ཕོག །རྡོ་རྗེ་ལས་འོད་འཕྲོས་བུམ་པའི་ནང་གི་ལྷ་ལ་ཐིམ། ཐུགས་རྒྱུད་བསྐུལ་ཀླད་པ་དུང་ཁང་དུ་སོང་། སྒལ་ཚིགས་ནས་བརྒྱུད་རྡོ་རྗེེ་ནས་ཡུམ་གྱི་མཁར་བབས། སྦྱོར་བ་བྱས་ཡུམ་གྱི་ཞལ་ནས་བྱུང་། ཡབ་ཀྱི་ཞལ་དུ་ཐིམ། སྲོག་དག་པའི་ལམ་ནས་བྱུང་། སྒལ་ཚིགས་ནས་བརྒྱུད་དེ་ཡུམ་གྱི་མཁར་བབས་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་། ༀ་ཏ་པ་ལ་ཏེ་མ་མ་ཧེ་ཧེ་པ་ཏ་ལ་ཧཱུཾ། ཞེས་བརྗོད་པས་ལྷ་ཚོགས་བདུད་རྩིར་ཞུ་བུམ་བ་གང་བས་ཀྱང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོར་རྫོགས་པར་བསམ་ལ། བསྟོད་པ་ནི། གསལ་ལྡན་མའམ་བྱིན་བརླབས་ལ། །སྟོང་གསུམ་ཡུངས་འབྲུར་གཞུག་ཚུལ་དུ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །མཉེས་ནས་གྲུབ་པའི་དམ་ཚིག་མཆོག །བདག་ཉིད་ཆེན་པོ་མཆོད་པ་ཡིས། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །སྒྱུ་འཕྲུལ་དྲྭ་བ་བརྟན་པ་ཡིས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར། །ཞེས་བརྗོད། རྩ་བར། ཞི་བའི་བུམ་པ་དབུས་དང་ཕྱོགས་བཞིར་བཞག །དབུས་ཀྱི་བུམ་པའི་སྟེང་དུ་ཐོད་པ་དུམ་བུ་གཅིག་པའི་ནང་དུ་འབྲུ་བཅུད་ཀྱི་ཕུད་བླུག་ལ་བདུད་རྩི་བཏབ་པའི་ཁར་རྡོ་རྗེ་བཞག་ལ་ཞི་བའི་དཀྱིལ་འཁོར་བསྐྱེེད་ལ། བདག་གི་ཐུགས་ཀ་ནས་འོད་འཕྲོས་ནས་བྷནྡྷ་བདུད་རྩིས་གང་བའི་བར་གོང་བཞིན་བྱས་ལ་དབུས། ཤར། ལྷོ། ནུབ། བྱང་དུ་དགོད། བསང་སྦྱང་བསྐྱེད་བ་སོགས་བྱས་ལ། ཞེས་གསུངས་པས་རྣམ་གྲངས་སུ་བཤད་པ་ལས་གོང་དུ་རྒྱས་པར་སོང་། འདིར་བུམ་པ་འགོད་ཚུལ་གསུངས་པ་འོག་ཏུ་དཀྱིལ་འཁོར་བྲིས་ཟིན་ནས་བཀོད་དགོས་པས། འདིར་བུམ་སྒྲུབ་ཚར་མ་ཐག་ཏུ་དཀྱིལ་འཁོར་གྱི་སྟེང་ལྡིང་ཁྲིའི་ཁར་བཞག་གོ། །བུམ་པ་སྟ་གོན་ནོ། །རྩ་བར། དེ་ནས་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ཡོ་བྱད་ཀྱི་ཕུད་བསགས་ལ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཏྲཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ་གིས་འཕྲོ་འདུས། ཏྲཾ་རཏྣ་ཏྲཻ་ལོཀྱ་མཎྜལ་ཧཱུཾ་ཞེས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མི་ཟད་པའི་གཏེར་གྱི་ཕུང་པོའི་རྩེར་ༀ་ཨཱཿཧཱུཾ་གི་འོད་ལས་ཕྱི་ནང་གསང་བའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་བྱུང་བར་བསམ་མོ། །བྱེ་བྲག་ཏུ་བྱིན་གྱིས་བརླབ་པ་ནི། ཡོ་བྱད་ཚོ་གསུམ་དུ་བཅད་ལ་ཚོ་གཅིག་བཾ་སེར་པོའི་འཕྲོ་འདུ་ལས་དཔའ་བོ་འབྲུ་ལྔར་བསྐྱེད་ལ་ཚོགས་དང་མཆོད་པར་བྱ། ཚོ་གཅིག་ཨ་དང་མའི་འཕྲོ་འདུ་ལས་འདོད་ཡོན་དུ་བྱིན་གྱིས་བརླབས་ལ་སྒྲུབ་པ་པོ་རྣམས་རོལ། ཚོ་གཅིག་ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་རྒྱ་ཆེར་སྤེལ་ལ་མཆོད་མགྲོན་ལ་དགྱེ། དེར་ཚོགས་པ་ཐམས་ཅད་ཀྱང་ལྷ་དང་ལྷ་མོར་བསམ་མོ། །ཡོ་བྱད་སྟ་གོན་ནོ། །ཞེས་གསུངས་པ་ནི་སྒྲུབ་པའི་སྐབས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པའི་སྐབས་སུ་བཤད་པ་ལྟར་སྨན་རཀ་གཏོར་མ་ལ་སོགས་པའི་མཆོད་རྫས་དང་འཚོ་བ་ཟས་ཀྱི་ཡོ་བྱད་བསགས་པ་རྣམས་བྱིན་གྱིས་བརླབ་པའི་དགོངས་པ་ཡིན་པར་ཤེས་དགོས་སོ། །སློབ་མ་སྟ་གོན་ནི། རྩ་བར། ལྔ་པ་སློབ་མ་སྟ་གོན་ནི་ཉེར་གཉིས་ཏེ། དཀྱིལ་འཁོར་ལྷོ་རུ་པདྨ་འདབ་བརྒྱད། སོ་ཤིང་སོགས་དང་། སྤྱི་དང་ཁྱད་པར་མཆོད་པར་བཤམ། མཚམས་ནས་འཛབ་བསྟོད་ཀྱི་བར་བྱའོ། །ཞེས་གསུངས་པའི་མ ཆོད་པ་བཤམ་པ་དང་མཚམས་ནས་འཛབ་བསྟོད་ཀྱི་བར་བྱ་བ་ནི་ལྷ་སྟ་གོན་དང་བུམ་སྒྲུབ་རྒྱས་པར་སོང་བ་དེས་ཁྱབ། སློབ་མ་སྟ་གོན་དངོས་ནི། འོག་ཏུ་དགོས་པའི་ཡོ་བྱད་བདུད་རྩི་ཀ་པཱ་ལ་ཆོས་སྨན་བཏབ་པ་དང་། ཁྱོར་ཆུའི་དུང་ཆོས་དྲི་བཟང་བཏབ་པའི་ཆུས་བཀང་བ་དང་། སོ་ཤིང་སློབ་མའི་གྲངས་དང་མཉམ་པ་དང་། དེ་འདོར་བའི་དཀྱིལ་འཁོར་རས་ལ་བྲིས་པའི་པདྨ་འདབ་བརྒྱད་མཛེས་ཚོན་དྲི་བཟང་གི་ཐིག་ལེ་ཅན་དང་། བསྲུང་སྐུད་ལྔ་སྒྲིལ་འདོམ་གང་བ་གསུམ་ལྟེབ་ཏུ་བྱས་པ་ལ་རྡོ་རྗེའི་མདུད་པ་སུམ་ལྡན་སློབ་མ་དང་གྲངས་མཉམ་པ་དང་། དེ་བཞིན་དུ་ཀུ་ཤའི་ཆུན་པོ་ཆེ་ཆུང་དང་། འབྱོར་ན་སློབ་མའི་གྲངས་དང་མཉམ་པའི་ཕུར་ཆུང་རེ་རེ་སོགས་ལེགས་པར་བསག་གོ། །གཞན་ཡང་བགེགས་གཏོར། ཡུངས་ཐུན། གུ་གུལ། མཎྜལ་མེ་ཏོག་དང་བཅས་པར་ཡང་ཉེར་བསྡོགས་བྱ། ལྷ་སྟ་གོན་དུ་བྱས་པའི་དཀྱིལ་འཁོར་དང་བུམ་པ་སོགས་ཡོལ་བས་བསྒྲིབས་ལ་སློབ་མ་རྣམས་སྒོ་ཁང་དུ་བཞག་སྟེ། སློབ་དཔོན་གྱིས་བགེགས་གཏོར་བཏང་བ་དཀྱིལ་འཁོར་སྔ་མ་རྣམས་དང་འདྲ་ལ། བདེན་བརྡར་གྱི་ཚེ་ཁྱད་པར་དུ་ཡང་འདུས་པ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་བརྗོད། བཀའ་བསྒོར་རྔ་དང་རོལ་མོ་སོགས་དབྱངས་དང་བཅས་པ་བྱ་ཞིང་། འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །ཞེས་བསྒྱུར། བགེགས་གཏོར་ཕྱིར་བསྒྱུར་ཞིང་། སློབ་མ་རྣམས་ནང་དུ་བཤར་ཏེ་ཡུངས་ཐུན་གྱིས་བྲབ། གུ་གུལ་གྱི་དུད་པས་བདུག །སྤྲོ་ན་མེ་ཐུན་ཆུ་ཐུན་ཁྲོ་བོ་དང་གིང་ཆས་སུ་ཞུགས་པ་མང་པོས་མཚོན་ཆ་སྣ་ཚོགས་དང་ཡུངས་ཀར་རྒྱང་ཞག་སོགས་བརྡེག་ཅིང་བགེགས་བསྐྲད་དེ་ནང་དུ་འཁོད་པ་ལ། རྩ་བར། དེ་ནས་སློབ་མ་རྣམས་ཁྲུས་བྱ་ཞེས་གསུངས་པས་ལས་བུམ་གྱི་ཆུས་བཀྲུ་ཞིང་། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པ་བརྗོད། མཎྜལ་གྱི་མེ་ཏོག་བགྱེ་བསྡུ་བྱས་ཏེ་སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འདིར་ལུང་ཨ་ནུ་ཡོ་ག་དང་རྗེས་སུ་འབྲེལ་བ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ་སློབ་མ་སྟ་གོན་གྱི་ཆོས་རྣམས་ལེགས་པར་ཉན་ཏེ་སེམས་ཅན་གྱི་དོན་བགྱིད་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། གསན་བྱའི་ཆོས་ནི་སྔ་འགྱུར་རྡོ་རྗེ་ཐེག་པ་བཀའ་གཏེར་གཉིས་ལས་བཀའ་མ། དེ་ལ་ཡང་མདོ་སྒྱུ་སེམས་གསུམ་དུ་ཡོད་པའི་དོན་གསུམ་ག་ཚང་ཡང་གཙོ་ཆེ་བ་མདོའི་སྐབས་ཡིན། དེ་ཡང་རྒྱབ་བརྟེན་གྱི་ལུང་རྩ་བའི་རྒྱུད་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་དང་། དཔལ་ཁྲག་འཐུང་འདུས་པའི་རྒྱུད། སྒྱུ་འཕྲུལ་རྩ་རྒྱུད་གསང་བའི་སྙིང་པོ། བཤད་པའི་རྒྱུད་དགོངས་པ་འདུས་པ། སྒྱུ་འཕྲུལ་བརྒྱད་ཅུ་པ། སྒྱུ་འཕྲུལ་བླ་མ། རྡོ་རྗེ་མེ་ལོང་སོགས་ཀྱི་རྒྱུད་གཞུང་ཆེན་པོ་རྣམས་ཀྱི་དོན། རྒྱ་གཞུང་པཎྜི་ཏ་ཆེན་པོ་སངས་རྒྱས་གསང་བ། པཎ་ཆེན་བི་མ་ལ། ཝ་ར་ཎཱ་སིའི་པཎྜི་ཏ་ཨཱ་ཙརྻ་གསལ་བའི་རྒྱན། མཁན་པོ་ཆོས་རྒྱལ་སྐྱོང་། མདོ་མཁན་དྷརྨ་བོ་དྷི། རྒྱ་གར་གཙུག་ལག་དཔལ་དགེ་སོགས་ཀྱིས་རྒྱུད་ལུང་གཉིས་ལ་ཉེ་བར་མཁོ་བ་དང་། ཁྱད་པར་ལུང་ཨ་ནུའི་ཕྱོགས་ཀྱི་བསྟན་བཅོས་ཆེན་པོ་རྣམས་མཛད་ཅིང་། ཨ་ཏི་ལྟར་ན་སློབ་དཔོན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས། རྒྱ་གར་པཎ་ཆེན་མཁས་པ་ཉེར་ལྔ་སོགས་ཀྱིས་དབང་གི་ལས་ཐོ་ཆེན་པོ་སོགས་རྒྱ་གཞུང་དུ་མ་མཛད། དེ་ཡང་རྒྱུད་དབང་དང་འབྲེལ་བ། དབང་གདམས་ངག་དང་འབྲེལ་བ། གདམས་ངག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བྱིན་རླབས་ལས་བྱང་དང་འབྲེལ་དགོས་པར་གསུངས་པ་བཞིན། རྒྱ་བོད་ཀྱི་པཎ་གྲུབ་རིག་འཛིན་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་རྣམས་ཀྱིས། གནམ་ལ་རྡོ་རྗེའི་ར་མ་ཞིག །ས་ལ་དཀྱིལ་འཁོར་གྱི་བཀྲག་མ་ཡལ། བར་ན་སྨན་རཀ་གི་མཚོ་མ་སྐམ་པ་ཞལ་ནས་སྙན་དུ་བརྒྱུད་པའི་ཕྱག་བཞེས་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་བྱོན་པ་ལྟར། ཁོ་བོས་ཀྱང་བྱར་རུང་བའི་དཀྱིལ་འཁོར་གྱི་སྔོན་དུ་འགྲོ་བའི་ལས་རྣམས་དང་། ཁྱད་པར་དུ་ལྷ་སྟ་གོན་དང་བུམ་པ་སྟ་གོན་སོགས་ལེགས་པར་གྲུབ་པ་ཡིན། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་སློབ་མ་སྟ་གོན་དུ་གནས་པ་འདིར་བགྱི་བ་སྐབས་སུ་བབས་ཤིང་ཕྱག་བཞེས་སུ་འབྱུང་པས། དེ་ལྟར་བགྱིད་པ་ལ་ཞེས་སོགས་ཀྱི་འབྲེལ་བཀོད་དེ་དྲང་དོན་རྒྱུ་འབྲས་ཀྱི་ཆོས་བཤད་ཀྱང་ཅི་རིགས་བྱས་རྗེས། དེ་ལྟར་གྱི་ཆོས་སྟོན་པའི་རྡོ་རྗེ་སློབ་དཔོན་བདག་ཉིད་ལ་ཐ་མལ་པའི་འདུ་ཤེས་སྤངས་ཏེ་དཀྱིལ་འཁོར་གྱི་ཁྱབ་བདག་ཀུན་བཟང་ཧེ་རུ་ཀ་དང་གཉིས་སུ་མེད་པར་མོས་པའི་སྒོ་ནས་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་ནི་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས། འདིའི་རྗེས་ཟློས་ལན་གསུམ་མཛོད། རྩ་བར། ཧོཿ མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་རྒྱལ་བ་རྒྱ་མཚོ་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་གསན་ཅིང་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་འཁོར་བ་ལས་ངེས་པར་བྱུང་ནས་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས་བསླབ་པ་མཐར་ཕྱིན་པར་སྩལ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞལ་བསྟན་ཅིང་བྱིན་གྱིས་བརླབ་པ་དང་དབང་བསྐུར་དུ་གསོལ། ཞེས་ཞུ་བ་ཕུལ་ལ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སྒྱུ་འཕྲུལ་ལྟར། རྩ་བར། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་སེམས་བསྐྱེད་དོ། །རྩ་བར། དེ་ནས་བླ་མ་བཛྲ་ཧེ་རུ་ཀར་བསྒོམས་ལ། ཞེས་འབྱུང་བས། བླ་མ་བཛྲ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པའི་ང་རྒྱལ་བཟུང་སྟེ་སློབ་མ་ལ་གནང་བ་སྦྱིན་བ་ནི། རྩ་བར། ཨེ་མ་བདེ་གཤེགས་སྙིང་པོའི་དོན། །ཐེག་ཆེན་གསང་སྔགས་སྙིང་པོའི་མཆོག །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱེད་ལ་རབ་ཏུ་བསྟན་པར་བྱ། །ཞེས་གནང་བ་སྦྱིན། འདིར་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་བྲོད་པ་བསྐྱེད་དོ། །དེ་ནས་སླར་ཡང་སློབ་མས་གསོལ་བ་གདབ་པ་ནི། འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཀུན་བཟང་ཧེ་རུ་ཀ །དཀྱིལ་འཁོར་གཙོ་བོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཡི་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་ལན་གསུམ་བྱ། བླ་མས། བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །འདུས་པ་ཆེན་པོའི་དབང་རྫོགས་སྦྱིན། །ཞེས་བརྗོད་ལ། སློབ་མ་རྣམས་ཀྱི་ཀླད་པ་དུང་ཁང་དུ་མ་ལས་ཉི་མའི་འཕྲོ་འདུ་ལས་འོད་ཀྱིས་ལུས་མགོ་མཇུག་ཁྱབ། ཨཱ་ཡུ་ཧཱུཾ་ཛཿ ཞེས་པས་ཚེའི་རང་བཞིན་མུ་ཏིག་ལྟར་དཀར་པོ་དྲི་མ་མེད་པར་བསམ། ཡང་དུང་ཁང་དུ་བྷྲཱུཾ་གྱི་འཕྲོ་འདུ་ལས་ཟླ་གམ་དམར་པོ་སྒོ་གཅིག་པའི་ནང་དུ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གིས་ཧཱུཾ་ཀཱ་ར་སྔོ་སྐྱ་རྡོ་རྗེ་དང་དྲིལ་བུ་ཅན་བསྐྱེད། ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུཾ་གིས་མི་གཡོ་བ་སྨུག་ནག་རལ་གྲི་དང་ཞགས་པ་ཅན་གྱིས་སྒོ་བསྲུང་བར་བསམ། བླ་མས་རང་ཉིད་དཔལ་ཆེན་པོ་བཛྲ་ཧེ་རུ་ཀར་གསལ་བའི་གཡས་གཡོན་གྱི་སོར་མོ་བཅུར། གཡས་ལྔར་ཉི་མ་དང་། གཡོན་ལྔར་ཟླ་བའི་གདན་ལ་གཡས་སུ་ༀ་ཧཱུཾ་སྭཱ་ཨཱཾཿཧཱ། གཡོན་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་རིགས་ལྔ་ཡབ་ཡུམ་གྱི་ལྷར་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་གྱི་འཕྲོ་འདུས་སློབ་མ་རྣམས་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་དང་བྲལ་བར་བསམ་ཞིང་། བླ་མས་ཕྱག་རྡོ་རྗེ་ནང་བསྡམས་ཀྱི་ཕྱག་རྒྱ་བཅས་ཏེ། རྩ་བར། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་གང་ཟག་འདི་རྣམས་ཀྱི་རྒྱུད་ལ་གནས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བ་དམན་ཞིང་ཞེས་ཤེས་རབ་ཞན་པའི་སྒྲིབ་པ་དང་། ཁྱད་པར་གསང་སྔགས་ཀྱི་སྒོར་ཞུགས་ནས་གསང་བ་ཟབ་མོའི་དབང་ནོད་པ་ལ་སྒྲིབ་པ་གངས་ཀྱི་རིམ་པ་བཞིན་དུ་གནས་པ་ཐམས་ཅད་སྐད་ཅིག་ལ་བྱང་ཞིང་དག་པར་གྱུར་ཅིག །བཛྲ་བྷནྡྷ་ཏྲ་ཐ་ཞེས་བརྗོད་ཅིང་ཕྱག་རྒྱ་ཕྲལ་ཏེ་སྤྲུགས་པས་སློབ་མའི་སྒྲིབ་པ་མ་ལུས་པར་དག་ནས་ལུས་ཤེལ་གང་ལྟར་གྱུར་པར་བསམ། བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཞེས་པས་ཁྲོ་བོ་གཉིས་འོད་ཞུ་སློབ་མའི་ལུས་ལ་ཐིམ་པས་ལུས་བཀྲགས་མདངས་དང་ལྡན་པར་བསམ་ལ། རྩ་བར། རང་ཡི་དམ་དུ་བསྒོམ། གོ་བགོ། ལུས་བསྲུང་ངོ་། །ཞེས་གསུངས་པའི་དོན་ནི་འདི་ལྟར། ཁྱེད་རང་རྣམས་ཡི་དམ་གང་མོས་སུ་བསྒོམ་མཛོད། དེ་ལ་སློབ་དཔོན་གྱིས་ༀ་བཛྲ་ཀརྨ་རཀྵ་ཧཾ། ཞེས་རྡོ་རྗེ་གོ་ཆའི་ཕྱག་རྒྱ་སྤྱི་བོར་བཞག་པས་སྤྱི་བོའི་ཧཾ་ལྗང་གུ་ཞུ་བ་ལས་ལུས་མགོ་མཇུག་རྡོ་རྗེ་རྒྱ་གྲམ་གྱི་གོ་ཁྲབ་ཏུ་གྱུར་པར་བསམ་སྟེ་གོ་བགོའོ། །ལུས་བསྲུང་བ་ནི་སློབ་དཔོན་གྱིས་གནས་སོ་སོར་ཕྱག་རྒྱ་འཆིང་ཞིང་སྔགས་བརྗོད་པ་གསང་གནས་སུ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་མཐིང་ནག་མཆེ་ཞགས་ཅན་དང་། མི་འཆི་ཐལ་སྦྱོར་དམར་པོ་རལ་གྲི་དང་སྡིགས་མཛུབ་ཅན་གཉིས་གཤིབས་ཏེ་ཞལ་ཕྱིར་བསྟན་བཞེངས་པའི་ཚུལ་དུ་བསྐྱེད། ལྟེ་བར་ཁྲོ་བོ་གཉིས་དབུ་སྤྲད་བཅུ་དྲུག་མདོར་ཞབས་སྤྲད་དེ་སྐེ་རགས་ཀྱི་ཚུལ་དུ་བསྲུང་། སྒལ་ཚིགས་བདུན་པར་དབུ་སྤྲད་སྙིང་གར་ཕྱག་སྤྲད་དེ་སྟོད་ཆིངས་ཀྱི་ཚུལ་དུ་བསྲུང་། མགྲིན་པར་ཁྲོ་བོ་གཉིས་གཤིབས་ཏེ་བཞེངས་པའི་ཚུལ་དུ་བསྲུང་། དཔྲལ་བར་དབུ་སྤྲད་ལྟག་ཁུང་དུ་ཞབས་སྤྲད་ནས་ཐོད་ཁྱེར་གྱི་ཚུལ་དུ་བསྲུང་། སྤྱི་བོར་ཁྲོ་བོ་གཉིས་བཞེངས་པའི་ཚུལ་དུ་བསྲུང་བའི་མོས་པ་མཛོད། བྱས་ལ། བླ་མའི་གཡས་ཀྱི་མཛུབ་མོ་ཧཱུཾ་ལས་རྡོ་རྗེ་གནོད་སྦྱིན་དང་གཡོན་པའི་མཛུབ་མོ་ཧཱུཾ་ལས་མི་འཆི་ཐལ་སྦྱོར་དུ་བསམ་ལ་མཛུབ་མོ་གཉིས་ཀྱིས་གནས་དེ་དག་ཏུ་ཕྱག་རྒྱ་བཅའ་ཞིང་ༀ་ཏྲུཾ་ཞེས་བརྗོད་དོ། །རྩ་བར། དེ་ནས་སློབ་མ་རྣམས་ཀྱིས་ཕྱག་བཙལ་ཐལ་མོ་སྦྱར་ཏེ། ཞེས་གསུངས་པ ས་ཕྱག་བཙལ་བའི་མོས་པ་དང་བཅས་ཏེ་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། དཔའ་བོ་རྡོ་རྗེ་འཛིན་པ་ཁྱོད། །འཁོར་བ་འདྲེན་པའི་དེད་དཔོན་ཆེ། །སྡུག་བསྔལ་ཆུ་བོ་རྒྱུན་ཟློག་པ། །དོན་གཉིས་བདག་གིས་མངོན་བྱའི་ཕྱིར། །ཐབས་ཀྱི་ལས་མཐའ་གང་ལགས་པ། །རིམ་པ་ཡང་དག་བསྟན་བྱའི་ཕྱིར། །ཐུགས་རྗེས་ཉེ་བར་བསྐྱེད་མཛད་དེ། །དེ་རིང་གནས་པར་མཛད་དུ་གསོལ། །ཞེས་ལན་གསུམ་བྱས་ལ། བླ་མས་བདུད་རྩི་ཀ་པཱ་ལ་ཐོགས་ཏེ། དཔལ་ལྡན་རྡོ་རྗེའི་སྐུ་གསུང་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས་དང་ལྡན། །དེང་ནས་བདག་ལ་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྦྱིན། །ཅེས་སམ། ཨ་ཧཱུཾ། ཀཱ་ཡ་སིདྡྷི་ༀ། ཝཱ་ཀཱ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་གནས་གསུམ་དུ་བཞག །ལྕེར་མྱང་རྒྱུ་སྦྱིན་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ལན་གསུམ་རྡོ་རྗེས་རེག་གོ། །དེ་ནས་བླ་མས་རྡོ་རྗེ་ཕྱེད་པ་ལ་འཛིན་དུ་བཅུག་སྟེ་འདིའི་རྗེས་ཟློས་བྱར་གཞུག་གོ། །བདག་ནི་ལས་མཆོག་སྐལ་བར་ལྡན། །དེང་ནས་ཐེག་པ་ཆེན་པོ་ལ། །བརྟེན་པར་བྱ་ཕྱིར་བདག་ལ་ནི། །ཡེ་ཤེས་བསྲུང་བ་མཛད་དུ་གསོལ། །ཞེས་བརྗོད། བླ་མས། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཅེས་པས་ཁྱོར་ཆུའི་དྲི་ཆབ་སྦྱིན་ལ། ཁ་བཤལ་ཁོང་དུ་ཡང་བཏུང་ངོ་། །ལྷག་མ་རྒྱབ་ཏུ་བོར་རོ། །དེ་ནས། བཛྲ་ཛི་ཧ་སཾ་བྷ་ར་པྲ་ཏི་ནི་ཧཱུཾ་ཕཊ་ཀྱིས་སོ་ཤིང་སྦོམ་པས་ལྕེ་གཞར་ཕྲ་མོ་སོ་བྲུས་ལ་མཎྜལ་དུ་མཁའ་དབྱིངས་མའི་ཕྱག་རྒྱས་དོར། ཞེས་གསུངས་པ་བླ་མས་སོ་ཤིང་བུམ་ཆུས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་སོ་ཤིང་མཚན་ཉིད་ལྡན་པ་སློབ་མའི་དངོས་གྲུབ་ཀྱི་ལྟས་རྟག་ཅིང་སྒྲིབ་པ་སྦྱོང་བའི་ནུས་ལྡན་དུ་གྱུར། བཛྲ་ཛི་ཧ་སམྦྷ་ར་པྲ་ཏི་ནི་ཧཱུཾ་ཕཊ། ཅེས་བྲིམས་ཏེ་མཁའ་དབྱིངས་ཀྱི་ཕྱག་རྒྱས་རྩ་བ་འཆའ་ཞིང་རྩེས་གཞར་ཚུལ་བྱས་པས་སྨན་པ་མཁས་པས་སྐྱུགས་སྨན་བཏང་བ་བཞིན། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྐྱུགས་ཏེ་དབང་ཆེན་གསེར་གྱིས་གཞིར་ཐིམ། རྩེའི་མེ་ཏོག་བླ་མས་བྱིན་གྱིས་བརླབས་པའི་མཎྜལ་དུ་ལྟོས་མེད་དོར་བས་དངོས་གྲུབ་ཀྱི་མཚན་མ་གསལ་བར་སྟོན་ཅིག་སྙམ་པས་སྔགས་དང་བཅས་ཏེ་སོ་ཤིང་དོར་མཛོད། ཅེས་མཚམས་སྦྱར་ལ་མཎྜལ་འདབ་བརྒྱད་པར་འདོར་དུ་བཅུག་སྟེ། ལྟས་བརྟག་པ་ནི། རྩ་བར། ཕྱོགས་བཞིར་རྩེ་མོ་བསྟན་ན་རིགས་བཞིན་འགྲུབ། བྱང་ཤར་དུ་བྱུང་ན་བསྐྱར་རོ། །ཞེས་གསུངས་པ་དང་གསང་སྔགས་གཞན་ནས་བྱུང་བ་ལྟར་རྒྱས་བཤད་ཀྱང་བྱའོ། །སྲུང་སྐུད་འཆིང་བ་ནི། རྩ་བར། དེ་ནས་ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཕཊ། ཅེས་པས་སྲུང་སྐུད་ཕོའི་གཡོན། མོའི་གཡས་སུ་བཅིང་ཞེས་གསུངས་པའི་དོན་ནི་སྲུང་སྐུད་སྔར་ལྟར་ལས་བུམ་གྱི་ཆུས་བསང་སྦྱང་། སྟོང་པའི་ངང་ལས་སློབ་མའི་ལུས་ཀྱི་བར་ཆད་བསྲུང་བའི་ཕྱིར་ལུས་དང་ཚད་མཉམ་པའི་སྲུང་སྐུད་ཡེ་ཤེས་ལྔ་དང་ལྡན་ཕྱིར་ཁ་དོག་ལྔ་ལྡན། སྐུ་གསུང་ཐུགས་དང་ལྡན་པའི་མདུད་པ་གསུམ་བཏབ་པ། ཉིན་ནུབ་ཀྱི་བར་ཆད་བསྲུང་ཕྱིར་འཁོར་གཉིས་སུ་བྱས་ཏེ་རྡོ་རྗེའི་མདུད་པས་བཅིང་པས་སྒོ་གསུམ་གྱིས་བར་ཆད་བསྲུང་བའི་ནུས་ལྡན་དུ་གྱུར་ཞེས་བཛྲ་རཀྵའི་སྔགས་ཀྱི་བཏབ་ལ་ཕོའི་གཡོན་དང་མོའི་གཡས་སུ་བཅིངས་ཏེ་བུམ་ཆུ་དང་རྡོ་རྗེ་རྒྱས་བཏབ་བོ། །ཀུ་ཤ་སྦྱིན་པ་ནི། རྩ་བར། ༀ་བཛྲ་ཏཱིཀྵ་ཎ་ཧཱུཾ་སྭཱ་ཧཱས་ཀུ་ཤ་ཆེ་ཆུང་སྔས་སྟན་དུ་སྦྱིན། ཞེས་གསུངས་པའི་དོན་ཀུ་ཤ་ཆེ་ཆུང་གཉིས་བུམ་ཆུས་བསང་། དྷཱིཿལས་ཀུ་ཤ་ཆེ་བ་དང་ཧཱུཾ་ལས་ཆུང་བར་གྱུར། ༀ་བཛྲ་ཏཱིཀྵ་ཎ་ཧཱུཾ་ཞེས་བྱིན་གྱིས་བརླབས་ཏེ་བསྣོལ་མར་གཏད་དོ། །རྩ་བར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡས་ཕུར་པ་སྲས་མཆོག་ཏུ་བྱིན་གྱིས་བརླབས་ལ་སྦྱིན་ནོ། །ཞེས་གསུངས་པའི་དོན་སློབ་མའི་གྲངས་སམ་ཡང་ན་ཕུར་པ་གཅིག་བསང་སྦྱང་། སྟོང་པའི་ངང་ལས་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་པས་ཕུར་པ་སྲས་མཆོག་སྟོད་ཁྲོ་བོ་ལ་སྨད་ཕུར་པའི་དབལ་ཅན་དུར་ཁྲོད་ཀྱི་ཆས་དང་ལྡན་པར་གྱུར། ཞེས་སྔགས་བཟླ་ཞིང་བསྒྲིལ་ཏེ་བྱིན་གྱིས་བརླབས་ལ་སློབ་མ་ལ་སྔགས་དེས་སྦྱིན་ནོ། །རྩ་བར། སྐབས་འདིར་དབང་གི་གླེང་གཞི་དང་གེགས་བརྒྱད་བཤད་དོ། །ཞེས་གསུངས་པ་སྒོ་འབྱེད་སྐབས་ལྟར་བྲམ་ཟེ་དུང་ཕྲེང་ཅན་གྱི་གླེང་གཞི་དང་གེགས་བརྒྱད་ཀྱང་བཤད་དོ། །རྩ་བར། དེ་ནས་བླ་མ་ལ་ཕྱག་བྱས་ཏེ་སེམས་རྩེ་གཅིག་ཏུ་འདུག་གོ། །ཞེས་གསུངས། ཉལ་བའི་རྣལ་འབྱོར་བཤད་པ་ནི། རྩ་བར། དེ་ནས་ཀུ་ཤ་སྔས་སྟན་དུ་བྱས་ཏེ་ཕོ་གཡས་མོ་གཡོན་འོག་ཏུ་བཅུག་ལ། ཞེས་གསུངས་པས་ཆེ་བ་གདན་དང་ཆུང་བ་སྔས་སུ་བཏབ་སྟེ་བླ་མ་དང་དཀྱིལ་འཁོར་པའི་ལྷ་ཚོགས་ཡིད་ལ་དྲན་པར་བྱས་ནས་ལྟས་དྲང་པོར་སྟོན་ཅིག་སྙམ་པ་ལས་རྟོག་པ་གཞན་གྱིས་བར་མ་ཆོད་པར་ཉལ་ལོ། །དེ་ཡང་རྩ་བར། རྨི་ལམ་ཐུན་གསུམ་དུ་བཅད་དེ། ཐོ་རེངས་ཀྱི་རྨི་ལམ་བཟང་ངན་བརྟག་གོ། །ཞེས་གསུངས་པས་དེ་ཡང་གང་བྱུང་དྲང་པོར་སྨོས་ཤིག་བྱའོ། །དེ་ཡང་གསང་བ་སྤྱི་རྒྱུད་ལས། རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོའི་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་ལ་སོགས་པ་དང་། །དགེ་སློང་དག་ལ་ཆོས་ཉན་ཏེ། །ཡང་ན་མ་ཉན་ན་ཡང་རུང་། །ཆོས་ཀྱི་རྣལ་འབྱོར་སྤྱོད་པ་དང་། །དེ་བཞིན་མདོ་སྡེ་ཀློག་པ་དང་། །རྨི་ལམ་དགེ་འདུན་མཐོང་བ་དང་། །ཡང་ན་དགེ་སློང་གཅིག་པུ་མཐོང་། །དེ་དང་འགྲོགས་ཤིག་གཏམ་ཟེར་དང་། །ཡང་ན་དགེ་སློང་དངོས་པོར་གྱུར། །གཙུག་ལག་ཁང་དག་མཐོང་བ་དང་། །དེ་བཞིན་དགེ་སློང་མ་དག་མཐོང་། །རྒྱལ་པོའི་སྲས་དག་མཐོང་བ་དང་། །དེ་བཞིན་བླ་མ་ཕ་མ་དང་། །མཛའ་བོ་རྣམ་པ་སྣ་ཚོགས་དང་། །རྨི་ལམ་དུ་ནི་མཐོང་ན་ཤིས། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །རྒྱལ་པོ་དབང་བསྐུར་སློབ་མ་འཛིན། །ཀུན་དགའ་རྣམ་པ་སྣ་ཚོགས་དང་། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་དང་། །མཐོང་ན་ཡང་ནི་བཟང་པོར་གྲགས། །བཞོན་པ་བཟང་ལ་ཞོན་པ་དང་། །ནོར་བུ་འབྲུ་དང་ཟས་མཆོག་ཤིས། །ཞེས་གསུངས་སོ། །རྒྱ་སྐག་རི་ལ་འཛེག་པ་དང་། །ཀ་ར་བི་རའི་མེ་ཏོག་འཐུ། །མཆོད་སྡོང་བྱེ་མ་ཐལ་ཕུང་ལ། །འཛེག་དང་བོང་བུ་ལ་ཞོན་ནས། །ལྷོ་ཕྱོགས་སོང་ནས་མ་ལོག་དང་། །དེ་བཞིན་སྤྲེའུ་ཞོན་ནས་ནི། །ལྷོ་འམ་ཤར་དུ་འགྲོ་བ་དང་། །བུད་མེད་ནག་མོ་ཁྲོས་མའམ། །དེ་ལ་འདོད་ཆགས་སྤྱོད་པ་དང་། །གཡང་ངམ་ཤིང་ལས་ལྷུང་བ་དང་། །ལྗོན་ཤིང་འབྲས་མེད་སྐམ་པོ་དང་། །ཁྱི་དང་ཁྲ་དང་སྲིན་པོ་དང་། །དེ་ལས་གཞན་པས་ཟོས་པ་དང་། །ཕག་དང་རྔ་མོ་མ་ཧེ་དང་། །ཞོན་ནས་དབྱུག་པ་ཐོགས་པ་དང་། །མི་ནག་པོ་ཡིས་སྡིགས་པ་དང་། །ཏིལ་མར་གྱིས་བྱུང་ཕྲེང་དམར་ཐོགས། །སྐྲ་བྲེགས་ཕྲེང་བ་དམར་པོ་བཅིངས། །དེ་རྣམས་ངན་པའི་རྨིས་ལྟས་ཡིན། །ཞེས་གསུངས་ཤིང་། དེ་དག་བཟང་ངན་བརྟགས་ལ་ངན་ན་སློབ་མ་བདུད་རྩི་འཁྱིལ་བར་བསྐྱེད་ལ། དེའི་སྔགས་ཀྱིས་བསྲུང་བ་དང་། ཞི་བའི་སྦྱིན་སྲེག་བྱའོ། །ཞེས་གསུངས་པ་སང་གི་བྱ་བ་ཡིན། དོ་ནུབ་ཀྱི་ཐུགས་དམ་གྱི་རིམ་པ་དེར་གནང་བ་ཞུ་ཞེས་སློབ་མ་དགྱེའོ། །དེ་ནས་ཚོམ་བུའི་དཀྱིལ་འཁོར་ལ་མཆོད་བསྟོད་ཅི་རིགས་བྱ། ལྷག་ཆད་ཡིག་བརྒྱས་བསྐང་ལ་ནམ་མཁར་འདེགས་པ་ནི། རྩ་བར། དེ་ནས་རང་ཆས་གོས་སེར་པོས་མཛུབ་མོ་སྨིན་མཚམས་སུ་བསྣོལ་ལ་ཧ་ཧ་ཧི་ཧི་ཞེས་པས་ཚོམ་བུའི་ལྷ་ཚོགས་དང་ཐིག་ནམ་མཁར་བཏེག་ལ་ཞེས་གསུངས་པས་ལྷ་སྟ་གོན་དུ་གནས་པ་རྣམས་ནམ་མཁར་བཏེག །ཚོམ་བུ་དང་མཆོད་གཏོར་བསྡུ། གོང་དུ་རྩ་བར། དེ་ནས་བླ་མས་བྱང་ཤར་ནས་རེ་ཁཱ་མཛུབ་གང་དྲངས་ཏེ་ཟངས་གཞོང་ངམ་ཏིང་ཕོར་གྱིས་བཀབ་པ་རྡོ་རྗེས་མནན་ལ་བཞག་གོ། །ནུབ་མོ་ཕྲིན་ལས་གཞུང་བསྲང་ཚོགས་ལས་བྱའོ། །འགྲུབ་ན་སྲིད་པའི་སྤྱི་མདོས་བྱའོ། །ཞེས་གསུངས་པའི་དོན་ཁྱམས་བཅུ་གཅིག་པའི་བྱང་ཤར་ནས་ནང་ནས་ཕྱིར་མཐིང་། དཀར། སེར། དམར། ལྗང་བའི་རྩིག་པ་ལྔ་མཛུབ་གང་དྲངས་ཏེ་ཏིང་ཕོར་བཀབ་པ་རྡོ་རྗེ་མནན་ལ་བཞག །ནུབ་མོ་ཞི་ཁྲོ་བཀའ་གཏེར་གྱི་ཕྲིན་ལས་གང་རིགས་གཞུང་སྲོང་བ་དང་། ལེགས་ལྡན་སོགས་ཆོས་སྲུང་། མཆོད་བསྐང་ཚོགས་ལས་དང་བཅས་པ་བྱ། སྲིད་པའི་སྤྱི་མདོས་སོགས་ཀྱང་བཏང་ངོ་། །དེས་ནུབ་མོའི་བྱ་བ་གྲུབ། ནངས་པར་སྔ་བར་ལངས་ཏེ་ལྟས་བརྟག་པ་ནི། རྩ་བར། དེ་ནས་ཟངས་གཞོང་བསལ་ཏེ་རེ་ཁཱ་འདྲེས་ན་ཉམས་པ་ཡོད་པས་བཤགས་པ་བྱ། མ་འདྲེས་གསལ་ན་ཤིས་པའོ། །ཞེས་གསུངས་པ་བྲི་ཚུལ་ནི། རྩ་བར། དབུས་ཀྱི་ལྟེ་བ་སློབ་དཔོན་གྱིས་བྲི། དེ་ནས་སློབ་མ་ལ་བྲིས་ཞེས་གནང་བ་སྦྱིན་ཏེ་བྲིར་གཞུག་གོ། །ཇི་ལྟར་བྲི་བ་ནི་དབུས་ཀྱི་འཁོར་ལོའི་ལྟེ་བ་མཐིང་། རྩིབས་སེར། རྩིབས་མཆན་དམར། གློ་འབུར་གྱི་གྲུ་ཆད་ཕྱོགས་མདོག །ལྷ་སྣམ་བར་ཁྱམས་དང་པོ་སེར། རྩིག་པ་མཐིང་དཀར་སེར་དམར་ལྗང་བའམ་ལྗང་གུ། འདོད་སྣམ་དམར། ཕ་གུ་སེར། དྲྭ་ཕྱེད་ནག །མདའ་ཡབ་སྔོ། ཤར་བུའམ་པུ་ཤུ་དཀར་པོ། དཀྱིལ་འཁོར་གཉིས་པའི་བར་ཁྱམས་དཀར་པོ། རྩིག་པ་དཀར་སེར་དམར་ལྗང་མཐིང་བའམ་ལྗང་གུ། དེ་ཕན་སྤྱི་དང་འདྲ། དཀྱིལ་འཁོར་གསུམ་པའི་ཁྱམས་དམར་པོ། རྩིག་པ་དམར་སེར་ལྗང་མཐིང་དཀར་བའམ་ལྗང་གུ། དེ་ཕན་སྤྱི་དང་འདྲ། དཀྱིལ་འཁོར་བཞི་པའི་ཁྱམས་སེར་པོ། རྩིག་པ་སེར་དཀར་དམར་ལྗང་མཐིང་བའམ་ལྗང་གུ། དེ་ཕན་འགྲེ། དཀྱིལ་འཁོར་ལྔ་པའི་ཁྱམས་དམར་པོ། རྩིག་པ་དམར་སེར་ལྗང་མཐིང་དཀར་བའམ་ལྗང་གུ། དེ་ཕན་འགྲེ། དཀྱིལ་འཁོར་དྲུག་པའི་ཁྱམས་དཀར་པོ། རྩིག་པ་དཀར་སེར་དམར་ལྗང་མཐིང་བའམ་ལྗང་གུ། དེ་ཕན་འགྲེ། དཀྱིལ་འཁོར་བདུན་པའི་ཁྱམས་ནག་པོ། རྩིག་པ་ནག་ལྗང་དམར་སེར་དཀར་བའམ་ལྗང་གུ། དེ་ཕན་འགྲེ། དཀྱིལ་འཁོར་བརྒྱད་པའི་ཁྱམས་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་། རྩིག་པ་མཐིང་དཀར་སེར་དམར་ལྗང་བའམ་ལྗང་གུ། དེ་ཕན་འགྲེ། དཀྱིལ་འཁོར་དགུ་པའི་ཁྱམས་ལྗང་གུ། རྩིག་པ་ལྗང་དཀར་སེར་དམར་མཐིང་བའམ་ལྗང་གུ། དེ་ཕན་འགྲེ། དཀྱིལ་འཁོར་བཅུ་པའི་ཁྱམས་དང་བཅུ་གཅིག་པའི་ཁྱམས་གཉིས་ཀ་ཕྱོགས་མདོག །རྩིག་པ་གཉིས་ཀ་མཐིང་སེར་དམར་ལྗང་དཀར་པའོ། །ནང་མ་རྣམས་ལ་རྟ་བབས་ཡོད་ན་མས་ནས་རིམ་བཞིན་སེར་མཐིང་དམར་ལྗང་ངོ་། །ཀ་བ་ཐམས་ཅད་ཕྱོགས་མདོག །ཀ་རྒྱན་མཛེས་ཚོན་ནོ། །དཀྱིལ་འཁོར་ཕྱི་མའི་གུ་ཎ་ཧ་རི་བཞི་ག་སྔོན་པོ། འཁྱོགས་འགྲོ་ཕྱོགས་མདོག །ཕྱི་མའི་རྟ་བབས་བརྒྱད་ནི་མས་ནས་རིམ་བཞིན་གསེར་གདུང་སེར། རྟ་རྐང་མཐིང་། ཆུ་སྐྱེས་དམར། རིན་ཆེན་སེར། སྒྲོམ་བུ་ལྗང་། ཟ་ར་ཚགས་མཐིང་། གསེར་སེར། མདའ་ཡབ་དཀར། དབུས་རྭ་དང་ཆུ་སྲིན་རྭ་ཕྱོགས་མདོག །པད་གདན་མཛེས་ཚོན། གདུགས་སེར་པོའམ་མཛེས་ཚོན། ཏོག་སེར་པོ། ཉི་དཀྱིལ་ལྗང་གུ་ལ་པ་ཏྲ་རིས། པདྨ་སྣ་ཚོགས། དུར་ཁྲོད་གཞི་ནག་པོ་ལ་མཆོད་རྟེན། མེ་ཆུ་སྤྲིན་ཤིང་ཆུ་བརྒྱད་དང་། དུར་ཁྲོད་ཀྱི་བཀོད་པ་སྣ་ཚོགས། རྡོར་གདན་མཐིང་ག་ལ་རྡོ་རྗེ་སེར་པོ། མེ་རི་སྣ་ཚོགས་རྣམས་བྲི་ཞིང་། ལྷ་གནས་སོ་སོར་ལྷ་སྟ་གོན་ལྟར་ལྷའི་སྐུ་མདོག་དང་མཐུན་པའི་ཚོན་སྤུངས་བྱའོ། །ཞི་བའི་དཀྱིལ་འཁོར་ནི་ལྟེ་བ་མཐིང་ཁ་འཁོར་ལོ་རྩིབས་བཞི་སེར་པོ། གློ་འབུར་གྱི་གྲུ་ཆད་ལྗང་གུ། ཁྱམས་སྒོ་ཕྱོགས་མདོག །རྩིག་པ་ལྔ་ནང་ནས་རིམ་བཞིན་མཐིང་དཀར་སེར་དམར་ལྗང་བ། འདོད་སྣམ་དམར་པོ་ཕན་སྤྱི་དང་འདྲ། རྟ་བབས་རིམ་བཞི་ཡང་གོང་དང་འདྲ་ཞིང་པད་རྡོར་མེ་རི་གསུམ་ཡང་སྤྱི་ལྟར་རོ། །ཞི་བའི་དཀྱིལ་འཁོར་འདི་བྲིས་ཟིན་ནས་ཁྲོ་བོ་ཚོགས་ཆེན་གྱི་དབུས་སུ་མཉྫིའི་ཁར་བཀོད་དོ། །རྩ་བར། བྲིས་ཟིན་ནས་ནམ་མཁར་བཏེག་པའི་ལྷ་ཚོགས་དཀྱིལ་འཁོར་ལ་བསྟིམ་མོ། །དེ་ནས་དགོང་མོ་ཆ་གསུམ་བཏང་ངོ་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གཏོར་མ་བཏང་ལ་ཕྱི་མཚམས་བཅད་ནས། ཞེས་གསུངས་པ་དཀྱིལ་འཁོར་བྲིས་ཟིན་པའི་ནུབ་མོའི་བྱ་བ་ཡིན། འདིར་གོང་དུ་བཤད་པ་ལྟར་ནངས་པར་ལངས་མ་ཐག་མཚན་མ་བརྟགས་ལ་སློབ་མ་འགའ་ཞིག་དཀྱིལ་འཁོར་བྲིར་གཞུག །སློབ་དཔོན་གྱིས་སྨན་རཀ་གཏོར་གསུམ་དང་མཆོད་པ་ལྔ་བཤམས་ཏེ་ཞི་ཁྲོའི་ཕྲིན་ལས་རྒྱས་བསྡུས་གང་རིགས་གཞུང་བསྲང་། བཟླས་པ་ཅི་རིགས་གྲུབ་རྗེས་ཕྱི་མཚམས་ནས་རིམ་བཞིན་བྱ་བ་ལ། རྩ་བར། ཕྱིའི་བར་མཚམས་རྒྱལ་ཆེན་ལ་ཐོའི་ཕྲིན་ལས་བཅོལ་བ་ནི། ཆ་གསུམ་གྱི་གཏོར་མ་དང་པོ་དེ་ལས་ཆེ་བ་བཞི། གཞན་བཅུ་བྱས་ཏེ། བར་པ་དང་ཐ་མའང་བྱའོ། །ཤ་ཁྲག་གི་བརྒྱན་པའི་གཏོར་མ་དང་། ཛ་གད་དང་མཆོད་པ་རྣམ་པ་ལྔ་ཡོན་ཆབ་དང་བཅས་པ་དང་། སྒྲུབ་ཁང་གི་ཕྱིའི་ས་བདེ་བར་ཕྱོགས་མཚམས་སུ་མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ཕྱོགས་མདོག་བྱ། ཐོ་ཡང་ཤར་ནས་དཀར་སེར་དམར་ལྗང་བརྩིག་གོ། །དེ་ལ་འབྲས་བུ་དང་བཅས་པའི་ཤིང་དང་རྒྱལ་ཆེན་བཞིའི་གཟུགས་བྲིས་པ་གཟུག་གོ། །ཞེས་གསུངས་པ་སྤྲོ་ན་རྒྱལ་ཐོ་བཞི་དང་ཕྱོགས་སྐྱོང་བཅུའི་ཐོ་བརྩིག་པ་དང་། བསྡུ་ན་རྒྱལ་ཆེན་བཞིས་ཆོག་པས། ཕྱོགས་བཞིར་མཎྜལ་ཏེ་དཀྱིལ་འཁོར་པདྨ་འདབ་བརྒྱད་མཛེས་ཚོན་ལྟེ་བ་ཕྱོགས་མདོག་ཏུ་བྲིས་པའི་སྟེང་ཐོ་དཀར། སེར། དམར། ལྗང་བཞི་བརྩིགས། འབྲས་བུ་ཅན་གྱི་ཤིང་བཙུགས་པ་ལ། རྒྱལ་ཆེན་བཞིའི་སྐུ་གཟུགས་བྲིས་པ་གདགས། དེའི་མདུན་དུ་གཏོར་མ་ལྕོག་ཟླུམ་དཀར་དམར་རྒྱན་གྱིས་བརྒྱན་པ་རེ་དང་བདུད་རྩི་མཆོད་པ་ལྔ་བྲེང་ཚར་དུ་བཤམ་པ་སོགས་ཉེར་བསྡོགས་བྱས་ལ་འདིར་ཐོག་མར་བགེགས་གཏོར་ཞིག་བཤམས་པ་ཆབ་ཀྱིས་བྲན་ཏེ། རྩ་བར། དེ་ནས་རྣལ་འབྱོར་པས་ལྕགས་ཀྱུའི་ཕྱག་རྒྱས་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ལན་གསུམ་གྱིས་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པར་འཕྲོས། བགེགས་རྣམས་མདུན་དུ་བཀུག་ལ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་གཏོར་མ་འོག་མ་བྱིན་གྱིས་བརླབས་ལ། བདག་གི་བསོད་ནམས་སྟོབས་སོགས་བསྡོས་ལ་བཏང་། ཞེས་གསུངས་པས། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བགེགས་གཏོར་སྦྱངས་སྤེལ་བསྒྱུར་ཐོབ་ཚིམ་དབང་དུ་བྱས་ཏེ་སྤྲོ་ན་གང་གི་ཆ་གསུམ་གྱི་ཐ་མ། བདག་གི་བསོད་ནམས་སྟོབས་དང་ནི། །ཞེས་པའི་བདེན་བརྗོད་ནས། ཡ་ཧི་གཙྪའི་བར་སྔ་མ་བཞིན་བཏང་རྗེས། གསེར་སྐྱེམས་བརྟག་པ་གསུམ་གྱིས་བྱིན་གྱིས་བརླབས་པ་ཞེས་གསུངས་པས། སྦྱངས་སྤེལ་བསྒྱུར་གསུམ་གྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ། རྩ་བར། ཐམས་ཅད་ཀྱིས་བསྔོས་ལ་ཆང་ཕུད་རྒྱས་པར་གཏོར་ལ། ཞེས་གསུངས་པས། གོང་དུ་སྒོ་འབྱེད་ཀྱིས་ཆོ་ག་སྐབས་ལྟར། ཧཱུཾ། ལྕགས་རི་གསེར་རི་དངུལ་གྱི་རི། །ཞེས་པ་ནས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། གནོད་འཚེ་མ་བྱེད་པར་བཀའ་བསྒོ་བའི་བར་བྱས་ལ་གསེར་སྐྱེམས་ཕྱོགས་བཅུར་འཐོར་རོ། །རྩ་བར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་གསང་སྔགས་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གསང་བ་ལས་ཀྱང་ཆེས་གསང་བ་ཡང་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོ་འདིར་བདག་ཅག་རྣལ་འབྱོར་པ་འདིར་ཚོགས་འདུས་པ་རྣམས་ལ་བར་དུ་གཅོད་པའི་གདོན་བགེགས་འབྱུང་པོའི་རིས་སུ་གཏོགས་པ་གནས་འདིར་མ་གནས་པར་དཔག་ཚད་དང་རྒྱང་གྲགས་སུ་མ་ཉེ་བར་ཕྱིར་དེངས་ཤིག །ཅེས་པ་ལྟར་ཁྲོ་བོའི་ང་རྒྱལ་གྱིས་སྔགས་དང་བཅས་བགེགས་བསྐྲད་ཅིང་དམིགས་པ་ནི། རྩ་བར། ཞེས་མཚམས་གཅོད་ཀྱིས་བསྡིགས་ཤིང་རང་གི་ཐུགས་ཀ་ནས་རྡོ་རྗེ་གནོད་སྦྱིན་དཔག་ཏུ་མེད་པ་སྤྲོས་པས་ཐམས་ཅད་གླིང་གཞན་དུ་བསྐྲད་པར་བསམ་མོ། །ཞེས་གསུངས། རྒྱལ་ཐོ་འཛུགས་པ་ཤར་ནས་རིམ་བཞིན་བྱ་བ་ཡིན་ཀྱང་། འདིར་བྱང་ནས་བྱ་བར་བཤད་པས། རྩ་བར། དེ་ནས་བྱང་གི་ཐོའི་རྩར་ཕྱིན་ལ། རང་ཀརྨ་ཧེ་རུ་ཀར་བསྐྱེད་པའི་ཐུགས་ཀ་ནས་བྷྲཱུཾ་གྱི་འཕྲོ་འདུ་ལས་ཐོ་གཞལ་ཡས་ཁང་དུ་གྱུར་པའི་ནང་ཉི་ཟླ་ལ། ༀ་བཻ་ཤྲ་བ་ཎ་ཡེ་ཡཀྵ་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿ ཞེས་པས་རྣམ་ཐོས་སྲས་གཡས་རིན་པོ་ཆེས་མཚན་པའི་རྒྱལ་མཚན། གཡོན་ནེའུ་ལེའི་རྐྱལ་པ། གསེར་ཁྲབ་གསེར་རྨོག་ཅན་དོན་གྲུབ་ཀྱི་དབུ་བརྒྱན་པ་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །ཞེས་གསུངས་པས། སློབ་དཔོན་འཁོར་བཅས་རོལ་མོ་དང་དར་གདུགས་བ་དན་སོགས་སྤྲོས་པ་རྒྱ་ཆེ་བས་སྒྲུབ་ཁང་ནས་གཡས་བསྐོར་གྱིས་ཐོན་ཅིང་ཐོག་མར་བྱང་གི་ཐོའི་རྩར་བྱོན་ཏེ་མཆོད་གཏོར་བདུད་རྩི་རྣམས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཞུ་བ་ལས་བྱུང་བའི་མཆོད་ཡོན་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སྨན་ཕུད་གཏོར་མ་རྣམས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་བཛྲ་ཨརྒྷཾ། དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ། མ་ཧཱ་པཉྩ། བ་ལིནྟ། ༀ་ཨཱཿཧཱུཾ་ཞེས་བྱིན་གྱིས་བརླབ། རང་ཉིད་ཀརྨ་ཧེ་རུ་ཀ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་དགྲ་སྟྭ། རྒྱ་གྲམ། རལ་གྲི། གཡོན་གསུམ་བྷན་དམར། ཐོང་གཤོལ། ཞགས་པ་འཛིན་པ་ཡུམ་དང་འཁྲིལ་བའི་སྐུར་གྱུར་པའི་ཐུགས་ཀ་ནས་བྷྲཱུཾ་འཕྲོས་པ་ཐོ་ལ་ཐིམ་ཏེ་ཡོངས་སུ་གྱུར་པ་ལས་ཐོ་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་ཉི་ཟླའི་གདན་ལ་ༀ་བཻ་ཤྲ་བ་ཎ་ཡེ་ཡཀྵ་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་གཡས་རིན་པོ་ཆེས་མཚན་པའི་རྒྱལ་མཚན་དང་གཡོན་ནེའུ་ལེའི་རྐྱལ་པ་ཅན། གསེར་ཁྲབ་གསེར་རྨོག་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་དོན་གྲུབ་ཀྱི་དབུ་རྒྱན་ཅན་དུ་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱ་ཀ་ཙིཏྟ་སོགས་སྔགས་རྒྱས་གནས་གསུམ་བྱིན་གྱིས་བརླབས་ཏེ། རང་ཀརྨ་ཧེ་རུ་ཀ་གནས་འགྱུར་ཏེ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པའམ་གང་བདེར་གནས་བསྒྱུར་རོ། །རྩ་བར། དེ་ནས་རང་རྟ་མགྲིན་དུ་བསྐྱེད་ནས་ༀ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཞེས་བཟླས་ནས་སྤྱན་དྲངས་ཏེ། ཞེས་གསུངས་པས། ཐུགས་ཀའི་འོད་ཟེར་གྱི་འཕྲོ་འདུས་སྤྱན་འདྲེན་ཅིང་། རྩ་བར། ཧཱུཾ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་སྤྱོན་རྒྱལ་ཆེན་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་ལྡན་རྣམས། །འདིར་སྦྱོན་མཆོད་པ་དམ་པ་བཞེས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ༀ་བཻ་ཤྲ་བ་ཎ་ཡེ་ཡཀྵ་ཨ་ཏི་པ་ཏ་ཡེ། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བསྟིམ། ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཏིཥྛས་བརྟན་པར་བཞུགས་སུ་གསོལ། མཆོད་པའི་སྤོས་དང་མར་མེ་སྤར་ཏེ་མཆོད་ཡོན་དང་དྲི་ཆབ་ཐུན་མོང་དུ་བཤད་པས་འབུལ་ཚིག་འདི་གས་འཐུས་སོ། །རྩ་བར། ཧཱུཾ། ནགས་ཚལ་བཅུད་ནི་ཡི་གར་འོང་། །དྲི་ཞིམ་རྒྱས་པ་ལྷ་ཡི་རྫས། །ལྷ་རྫས་དམ་པའི་བདུག་སྤོས་འདི། །རྒྱལ་ཆེན་འཁོར་དང་བཅས་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ༀ་བཛྲ་དྷཱུ་པེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །རྒྱལ་ཆེན་འཁོར་དང་༴ བདག་ཅག་དད་པས༴ ཐུགས་རྗེས་དགོངས་ཏེ༴ ༀ་བཛྲ་པུཥྤེ་པཱུ་ཙ༴ སྡུག་བསྔལ་འཇོམས་ཤིང་བཀྲ་ཤིས་པ། །དགེ་ཞིང་མུན་སེལ་མར་མེ་འདི། །རྒྱལ་ཆེན་འཁོར་དང་༴ བདག་ཅག་དད་པས༴ ཐུགས་རྗེས་དགོངས་ཏེ༴ ༀ་བཛྲ་ཨཱ་ལོ་ཀེ༴ གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་དྲི་ཆབ་འདི། །རྒྱལ་ཆེན་འཁོར་དང་༴ བདག་ཅག་དད་པས༴ ཐུགས་རྗེ་དགོངས་ཏེ༴ ༀ་བཛྲ་གནྡྷེ༴ སྨན་རྣམས་བཅུད་ནི་ཡི་གར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །རྒྱལ་ཆེན་འཁོར་དང་༴ བདག་ཅག་དད་པས༴ ཐུགས་རྗེས་དགོངས་ཏེ༴ ༀ་བཛྲ་ནཻ་ཝི་དྱ༴ དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །རྒྱལ་ཆེན་འཁོར་དང་བཅས་རྣམས་ལ། །བདག་ཅག་དད་བས་འབུལ་ལགས་ཀྱི། །ཐུགས་རྗེ་དགོངས་ལ་བཞེས་སུ་གསོལ། །ༀ་བཛྲ་ཤཔྡ་པཱུ་ཙ་མེ་གྷ་ས་མུ་དྲ༴ ༀ་བཻ་ཤྲ་བ་ཎ་ཡེ་མ་ཧཱ་པཉྩ་ཨ་མྲྀ་ཏས་སྨན་འབུལ། ༀ་བཻ་ཤྲ་བ་ཎ་ཡེ་མ་ཧཱ་བ་ལིནྟ་ལན་བདུན་ནམ་གསུམ་གྱིས་གཏོར་མ་དབུལ་ལ། ཧཱུཾ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ། །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་ལྡན་ལ། །བླ་མེད་མཆོད་པ་འདི་འབུལ་གྱིས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིིར་བརྩེ་ཞིང་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །ༀ་བཻ་ཤྲ་བ་ཎ་ཡེ་སྭཱ་ཧཱ། ཕྱག་རྒྱ་ཁུ་ཚུར་གཉིས་བཅངས་མཐེའུ་ཆུང་གཉིས་གདེངས་ལ་ཕྲིན་ལས་བཅོལ་བ་ནི། ཧོ། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ། ཕྱི་རྣམ་ཐོས་སྲས། ནང་ཀརྨ་ཧེ་རུ་ཀ །གསང་བ་དོན་ཡོད་གྲུབ་པ་ཁྱོད་ཀྱིས་སྟོན་པའི་སྤྱན་སྔར་བསྟན་པ་སྐྱོང་བར་དམ་བཅས་ཏེ། མགོན་པོ་མི་འགྱུར་བའི་གདན་ལ་བཞུགས་ནས་ཁས་བླངས་པ་བཞིན་དུ། རྣལ་འབྱོར་པ་བདག་ཅག་སྒྲུབ་པ་ལ་ཞུགས་པ་རྣམས་ལ་བྱང་ཕྱོགས་གནོད་སྦྱིན་གྱི་བར་ཆད་ཐམས་ཅད་ཞི་བ་དང་། སྒྲུབ་པ་མ་ཐོན་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མ་བཏང་། ནང་གི་དངོས་གྲུབ་ཕྱིར་མ་བཏང་། ཕྱི་མཚམས་བསྐྱང་བ་དང་བསྲུང་བ་དང་། ནང་མཚམས་བསྐྱང་བ་དང་བར་ཆད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་དེ་གཏོར་མ་དབུལ་ལོ། །དེ་ནས་ཤར་དུ་སྔར་ལྟར་ཕྱིན་ལ། རང་བུདྡྷ་ཧེ་རུ་ཀ་སྨུག་དཀར་དམར་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ། རྒྱུ་ཞགས། ཁྱུང་ཁྲ། གཡོན་གསུམ་ཐོད་ཁྲག །ཞགས་པ། མི་མགོ་འཛིན་པ་ཡུམ་དང་བཅས་པར་བསྒོམས་ལ་གོང་གི་རིགས་འགྲེས་སྦྱར་ཏེ། རྩ་བར། བྷྲཱུཾ་གྱི་འཕྲོ་འདུ་ལས་ཐོ་གཞལ་ཡས་ཁང་གི་ནང་དུ་ཟླ་བ་ལ། ༀ་ཌྷི་ཊ་རཥྚཱ་ཡེ་གནྡྷརྦྷ་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿལས་ཡུལ་འཁོར་སྲུང་དཀར་པོ་གཡས་པི་ཝང་། གཡོན་ནེའུ་ལེ་དུང་ཁྲབ་དུང་རྨོག་ཅན་རྣམ་སྣང་གིས་དབུ་བརྒྱན་པ་བསྐྱེད། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། རང་བུདྡྷ་ཧེ་རུ་ཀ་རྟ་མགྲིན་དུ་གནས་བསྒྱུར། ཧཱུཾ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ནས། །སྤོས་ངད་ལྡན་པའི་ཕོ་བྲང་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་སྤྱོན་རྒྱལ་ཆེན་ཡུལ་འཁོར་སྲུང་། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོན་འཁོར་བྱེ་བ་སྟོང་ལྡན་རྣམས། །འདིར་སྤྱོན་མཆོད་པ་དམ་པ་བཞེས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ༀ་ཌྷི་ཊ་རཥྚཱ་ཡེ་གནྡྷརྦྷ་ཨ་ཏི་པ་ཏ་ཡེ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ གཞན་གོང་བཞིན། ཧཱུཾ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ནས། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ། །ཆོས་སྐྱོང་རྒྱལ་པོ་ཡུལ་འཁོར་སྲུང་། །བཙན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་ལྡན་ལ། །བླ་མེད་མཆོད་པ་འདི་འབུལ་གྱིས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་བརྩེ་ཞིང་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །ༀ་ཌྷི་ཊ་རཥྚཱ་ཡེ་སྭཱ་ཧཱ། ཕྱག་རྒྱ་འགྲེ། ཧོཿ ཤར་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཕྱི་ཡུལ་འཁོར་སྲུང་། ནང་བུདྡྷ་ཧེ་རུ་ཀ །གསང་བ་རྣམ་པར་སྣང་མཛད་ཁྱོད་ཀྱིས་སྟོན་པའི་སྤྱན་སྔར་བསྟན་པ་སྐྱོང་བར་དམ་བཅས་ཏེ། ཤར་གྱི་དྲི་ཟའི་བར་ཆད་ཞི་བ་སོགས། དེ་ནས་སྔར་བཞིན་ལྷོར་ཕྱིན་ཏེ། རང་རཏྣ་ཧེ་རུ་ཀ་སེར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རིན་ཆེན། དགྲ་སྟྭ། སྟོང་གི་འཇིག་རྟེན། གཡོན་གསུམ་བྷན་དམར། རྒྱུ་ཞགས། རི་རབ་བསྣམས་པ་ཡུམ་དང་བཅས་པར་བསྐྱེད་ལ། བྷྲཱུཾ་གྱི་འཕྲོ་འདུ་ལས་ཐོ་གཞལ་ཡས་ཁང་གི་ནང་དུ་ཟླ་བ་ལ། ༀ་བི་རུ་ཌྷ་ཀཱ་ཀུ་ར་བནྡྷེ་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿལས་འཕགས་སྐྱེས་པོ་སྔོན་པོ་གཡས་རལ་གྲི་གཡོན་ནེའུ་ལེ། ལྕགས་ཁྲབ་ལྕགས་རྨོག་ཅན་རིན་འབྱུང་གི་དབུ་རྒྱན་ཅན་བསྐྱེད། བྱིན་བརླབ། རང་བུདྡྷ་ཧེ་རུ་ཀ་རྟ་མགྲིན་དུ་བསྒྱུར། ཧཱུཾ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ནས། །བཻ་ཌཱུརྻ་ཡི་ཕོ་བྲང་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་སྤྱོན་རྒྱལ་ཆེ ན་འཕགས་སྐྱེས་སོ། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་ལྡན་རྣམས། །འདིར་སྤྱོན་མཆོད་པ་དམ་པར་བཞེས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ༀ་བི་རུ་ཌྷ་ཀཱ་ཡེ་ཀུ་ར་བནྡྷེ་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ གཞན་གོང་བཞིན། ཧཱུཾ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ནས། །ཕོ་བྲང་ཆེན་པོ་བཻ་ཌཱུརྻ། །ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ། །ཆོས་སྐྱོང་རྒྱལ་པོ་འཕགས་སྐྱེས་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་ལྡན་ལ། །བླ་མེད་མཆོད་པ་འདི་འབུལ་གྱིས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་བརྩེ་ཞིང་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །ༀ་བི་རུ་ཌྷ་ཀཱ་ཡེ་སྭཱ་ཧཱ། ཕྱག་རྒྱ་འདྲ། ཧོཿ ལྷོ་ཕྱོོགས་རྒྱལ་པོ་ཆེན་པོ་ཕྱི་འཕགས་སྐྱེས་པོ། ནང་རཏྣ་ཧེ་རུ་ཀ །གསང་བ་རིན་འབྱུང་ཁྱོད་ཀྱིས་སོགས། གྲུལ་བུམ་གྱི་བར་ཆད་ཞི་བ་སོགས། དེ་ནས་ནུབ་ཏུ་ཕྱིན་ཏེ། པདྨ་ཧེ་རུ་ཀ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་པདྨ། དགྲ་སྟྭ། བེ་ཅོན། གཡོན་གསུམ་བྷན་དམར། ཐོང་གཤོལ། འཇིག་རྟེན་འདེགས་པ་ཡུམ་དང་བཅས་པར་བསྐྱེད། བྷྲཱུཾ་གྱི་འཕྲོ་འདུ་ལས་ཐོ་གཞལ་ཡས་ཁང་གི་ནང་དུ་ཟླ་བ་ལ། ༀ་བི་རུ་པཀྵ་ཡེ་ནཱ་ག་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿལས་སྤྱན་མི་བཟང་དམར་པོ་གཡས་སྦྲུལ་ཞགས། གཡོན་ནེའུ་ལེ། ཟངས་ཁྲབ་ཟངས་རྨོག་ཅན། འོད་དཔག་མེད་ཀྱིས་དབུ་བརྒྱན་པ་བསྐྱེད་ལ། བྱིན་བརླབ། རང་རྟ་མགྲིན༴ ཧཱུཾ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ནས། །རྒྱ་མཚོའི་ཆུ་ཡི་ཕོ་བྲང་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་སྤྱོན་རྒྱལ་པོ་སྤྱན་མི་བཟང་། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་ལྡན་རྣམས། །འདིར་སྤྱོན་མཆོད་པ་དམ་པ་བཞེས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ༀ་བི་རུ་བཀྵ་ཡེ་ནཱ་ག་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ གཞན་གོང་བཞིན། ཧཱུཾ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོ་རྒྱ་མཚོའི་གླིང་། །ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ། །ཆོས་སྐྱོང་རྒྱལ་པོ་སྤྱན་མི་བཟང་། །བཙུན་མོ་སྲས་དང་བློན་པོར་བཅས། །འཁོར་གཡོག་བྱེ་བ་སྟོང་ལྡན་ལ། །བླ་མེད་མཆོད་པ་འདི་འབུལ་གྱིས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་བརྩེ་ཞིང་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །ༀ་བི་རུ་བཀྵ་ཡེ་སྭཱ་ཧཱ། ཕྱག་རྒྱ་འདྲ། ཧོཿ ནུབ་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཕྱི་སྤྱན་མི་བཟང་། ནང་པདྨ་ཧེ་རུ་ཀ །གསང་བ་སྣང་བ་མཐའ་ཡས་ཁྱོད་ཀྱི་སོགས། ཀླུའི་བར་ཆད་ཞི་བ་སོགས། དེ་ནས་རྒྱལ་ཐོ་ཚར་ནས་ཕྱོོགས་སྐྱོང་གི་ཐོ་ནི། རྩ་བར། དེ་ནས་ཕྱོགས་སྐྱོང་བཅུ་ལའང་སྤྲོ་ན་ཐོ་བརྩིགས་ལ་མཆོད་པ་གཏོར་མ་སྔགས་ཙམ་གྱིས་དབུལ། སོ་སོའི་བསྟོད་པ། དབང་པོ་རྡོ་རྗེ་འཆང་བ་ལ་སོགས་པ་བྱའོ། །ཞེས་གསུངས་པས། ཕྱོགས་སྐྱོང་གི་ཐོ་འཛུགས་པར་འདོད་ན་སྒྲུབ་ཁང་གི་ཕྱོགས་མཚམས་བརྒྱད་དུ་ཐོ་རེ། སྟེང་གི་ཐོ་ཤར་སྟོད། འོག་གི་ཐོ་ནུབ་སྨད་དུ་བརྩིག་ཅིང་། སོ་སོའི་སྐུ་བརྙན་ནམ་སྔགས་བྱང་གང་བདེ་རས་སམ་ཤིང་བྱང་ལ་བྲིས་པ། སོ་སོའི་མདུན་དུ་མཆོད་པ་དང་ཟླུམ་གཏོར་རེ་རེ་བཤམས་ལ། ཐོག་མར་སྟེང་གི་ཐོ་ནས་བརྩམ་ཐོ་སོ་སོའི་རྩར་ཕྱིན་ལ། རྟ་མགྲིན་གྱི་ང་རྒྱལ་ལ་གནས་བཞིན་པས་མཆོད་གཏོར་རྣམས་སྔ་མ་ལྟར་བསང་སྦྱང་བྱིན་གྱིས་བརླབ། ཐུགས་ཀའི་བྷྲཱུཾ་གྱི་འཕྲོ་འདུ་ལས་ཐོ་གཞལ་ཡས་ཁང་དུ་བསྐྱེད་པའི་སྟེང་གི་ཐོའི་ནང་དུ་ཚངས་པ་སེར་པོ་གདོང་བཞི་པ་གུནྡྷེ་བསྣམས་པ་ངང་བ་ལ་ཞོན་པ། ཤར་གྱི་ཐོའི་ནང་དུ་བརྒྱ་བྱིན་སེར་པོ་རྡོ་རྗེ་འཛིན་པ་གླང་པོ་ཆེ་ལ་ཞོན་པ། ཤར་ལྷོའི་ཐོའི་ནང་དུ་མེ་ལྷ་དམར་པོ་མེ་ཐབ་འཛིན་པ་ར་སྐྱེས་ལ་ཞོན་པ། ལྷོའི་ཐོའི་ནང་དུ་གཤིན་རྗེ་སྔོན་པོ་བེ་ཅོན་འཛིན་པ་མ་ཧེ་ལ་ཞོན་པ། ལྷོ་ནུབ་ཀྱི་ཐོའི་ནང་དུ་སྲིན་པོ་སྨུག་ནག་རལ་གྲི་འཛིན་པ་རོ་ལངས་ལ་ཞོན་པ། ནུབ་ཀྱི་ཐོའི་ནང་དུ་ཆུ་ལྷ་དཀར་པོ་སྦྲུལ་ཞགས་འཛིན་བ་ཆུ་སྲིན་ལ་ཞོན་པ། ནུབ་བྱང་གི་ཐོའི་ནང་དུ་རླུང་ལྷ་སྔོན་པོ་བ་དན་འཛིན་པ་ཤ་བ་ལ་ཞོན་པ། བྱང་གི་ཐོའི་ནང་དུ་གནོད་སྦྱིན་སེར་པོ་དབྱུག་པ་འཛིན་པ་རྟ་ལ་ཞོན་པ། བྱང་ཤར་གྱི་ཐོའི་ནང་དུ་དབང་ལྡན་དཀར་པོ་རྩེ་གསུམ་འཛིན་པ་གླང་ལ་ཞོན་པ། འོག་གི་ཐོའི་ནང་དུ་ས་ལྷ་སེར་མོ་བུམ་པ་འཛིན་པ་ཕག་ལ་ཞོན་པ་རྣམས་བསྐྱེད། གོང་ལྟར་གནས་གསུམ་བྱིན་གྱིས་བརླབ། ཚངས་པ་ལ་ༀ་བྲཧྨ་ཎེ་སྭཱ་ཧཱ། བརྒྱ་བྱིན་ལ་ༀ་ཨིནྡྲ་ཡེ་སྭཱ་ཧཱ། མེ་ལྷར་ༀ་ཨགྣེ་ཡེ་སྭཱ་ཧཱ། གཤིན་རྗེར་ༀ་ཡ་མ་ཡེ་སྭཱ་ཧཱ། སྲིན་པོར་ༀ་ནཱིརྟྱ་ཏ་ཡེ་སྭཱ་ཧཱ། ཆུ་ལྷར་ༀ་ཝ་རུ་ཎ་ཡེ་སྭཱ་ཧཱ། རླུང་ལྷར་ༀ་ཝཱ་ཡ་ཝེ་ཡེ་སྭཱ་ཧཱ། གནོད་སྦྱིན་ལ་ༀ་ཀུ་བེ་རཱ་ཡ་སྭཱ་ཧཱ། དབང་ལྡན་ལ་ༀ་ཨི་ཤཱ་ན་ཡེ་སྭཱ་ཧཱ། ས་ལྷར་ༀ་པྲི་ཐི་ཝི་དེ་ཝཱི་སྭཱ་ཧཱ། མཚན་སྔགས་དེ་རྣམས་ལ་སྭཱ་ཧཱ་དོར་ལ་ཧཱུཾ་ཛཿསྦྱར་བས་བཀུག་ལ་བསྟིམ། སྭཱ་ཧཱ་དོར་ལ་ཨརྒྷཾ་སོགས་མཆོད་སྔགས་བཏགས། པཉྩ་ཨ་མྲྀ་ཏས་བདུད་རྩི་འབུལ། བ་ལིནྟ་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ། དབང་པོ་རྡོ་རྗེ་སོགས་སོ་སོའི་བསྟོད་པ་བྱ། ཕྲིན་ལས་བཅོལ་བ་ནི། སྔོན་ལྕང་ལོ་ཅན་གྱི་ཕོ་བྲང་དུ་སྟོན་པ་ཞལ་བཞུགས་པའི་ཚེ། ཆོས་ཀྱི་བསྟན་ཚོགས་ཆེན་པོ་མཛད་པ་ལ་ཐུགས་དགོངས་ཏེ། མགོན་པོ་མི་འགྱུར་བའི་གདན་ལ་བཞུགས་ནས་ཕྱི་མཚམས་སྐྱོང་བར་ཞལ་གྱིས་བཞེས་པ་དེ་བཞིན་དུ། བདག་གི་གསང་སྒྲུབ་གཉན་པོ་འདི་མ་ཐོན་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མི་བཏང་ཞིང་ནང་གི་དངོས་གྲུབ་ཕྱིར་མི་བཏང་བ་དང་། དངོས་གྲུབ་ཀྱི་སྟོང་གྲོགས་དང་ཕྱི་མཚམས་བསྲུང་བའི་སྔོན་གྱི་ཕྲིན་ལས་ཐུགས་དམ་ལས་མི་གཡེལ་བར་མཛོད་ཅིག །ཅེས་དེས་རིགས་འགྲེ། འདོད་གསོལ་འདི་ཟུར་ལུགས་ཁམས་ལུགས་གཉིས་ཀར་ཆེར་མི་གསལ་ཡང་། སྔོན་གྱི་ཐོའི་ཙཀླི་རྙིང་པའི་རྒྱབ་བྱང་ལས་བྲིས་སོ། །རྒྱལ་ཐོ་དང་ཕྱོགས་སྐྱོང་གི་ཐོ་རྣམས་ལ་སྒྲུབ་པ་མ་གྲོལ་བར་བརྟན་བཞུགས་ཕྲིན་བཅོལ་བྱའོ། །འོན་ཀྱང་སྤྲོས་པ་ཆེ་ན་འདི་བཞིན་བྱ་ཞིང་། དེང་སང་ཕྱག་བཞེས་སུ་ཕྱོགས་སྐྱོང་བཅུའི་ཐོ་འཛུགས་མི་མཛད་པ་ཤས་ཆེ་བས་དབྱེ་བསྡུ་སྐབས་སྦྱར་བྱའོ། །དེ་ལྟར་ཕྱིའི་བར་མཚམས་རྒྱལ་ཆེན་བཞིའི་ཐོ་འཛུགས་བ་སོགས་གྲུབ་ནས། རྩ་བར། དེ་ནས་ནང་དུ་འདུས་ལ་གྲལ་ཕྱག་ཚུལ་ཕྱག་བྱ། ཐུན་མོང་སྲུང་བའི་འཁོར་ལོས་མཚམས་བཅད། ཅེས་གསུངས་པའི་དོན་ནི། སློབ་དཔོན་ཐམས་ཅད་འདུས་ཏེ་གྲལ་ཕྱག་དང་ཚུལ་ཕྱག་བྱ་བ་ལ། གཡུང་འགྲེལ་གྱི་ཞི་བའི་ལེའུ་བདུན་པའི་སྐབས་སུ་སྔོན་འགྲོ་ནི་ཚུལ་ཕྱག་དང་། གྲལ་ཕྱག་དང་། མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། དམ་བཅའ་བ་དང་། བྱིན་དབབ་པ་དང་། ནང་དང་ཕྱིའི་མཆོད་པ་བྱིན་གྱིས་བརླབ་བ་རྣམས་སྒྲུབ་ཐབས་ཀྱི་ལས་བྱང་ལྟར་བྱའོ། །ཞེས་དང་། ལེའུ་བཅུ་དྲུག་པར། ཁྲོ་བོའི་སྐབས་སུ་ཡང་ཚུལ་ཕྱག་བྱ། མཚམས་བཅད་ཅེས་སོགས་སྔོན་འགྲོའི་ཡན་ལག་ཏུ་བཤད། དེ་ཡང་ཞི་ཁྲོ་གཉིས་ཀྱི་སྒྲུབ་ཐབས་ནི། པཎྜི་ཏ་ཆེན་པོ་སངས་རྒྱས་གསང་བའི་ཞི་བ་རིན་ཆེན་དྲྭ་བ་དང་། ཁྲོ་བོ་དམ་པ་རྒྱན་གཉིས་ཡིན་མོད་ཀྱང་། རྒྱ་གཞུང་དུ་སོང་བས་རྒྱུད་ཚིག་ལྟ་བུའི་དོན་བཟང་ཞིང་ཚིག་བརླིང་བས་སྒོམ་དོན་གསལ་འདེབས་ཙམ་ལས་མཚམས་སྦྱོར་དང་ས་བཅད་སོགས་མི་གསལ་བར། བླ་མ་གོང་མ་རྣམས་ཀྱི་ཆོག་ཁྲིགས་མི་གཅིག་པ་དུ་མ་འབྱུང་བར་ཟད། འོན་ཀྱང་ཁུངས་ཆེ་བ་པར་མའི་རྒྱུན་སོགས་འདུག་ཀྱང་ཚུལ་ཕྱག་བྱ་ཟེར་བ་ཙམ་ལས་འདི་ཡིན་གྱི་གསལ་ཁ་མི་སྣང་ཞིང་། གཡུང་སྟོན་གྱི་ཞི་བའི་དབང་བྱང་དང་། སྒྲོལ་མ་བ་སངས་རྒྱས་རིན་ཆེན་གྱི་ཁྲོ་བོའི་དབང་བྱང་སོགས་ལས་ཀྱང་ཚུལ་ཕྱག་བྱ་ཟེར་བ་ཙམ་ལས་གསལ་ཁ་མི་སྣང་བས་བྱ་དཀའ་བར་གྱུར་ཀྱང་། ཞི་ཁྲོ་ཕུར་གསུམ་དང་བཀའ་བརྒྱད་དྲིལ་བའི་ཆོག་ཁྲིགས་ཡིག་རྙིང་ཞིག་ལས་ཚུལ་ཕྱག་སྐྱབས་འགྲོ་དྲུག་སྐོར་ལ་ངོས་བཟུང་བ་དང་། གྲལ་ཕྱག་ནི་བླ་མ་ནས་བཟུང་ཞི་ཁྲོ་ཆོས་སྲུང་རྣམས་ཀྱི་བར་དུ་ཕྱག་འཚལ་བ་ལ་ངོས་བཟུང་བ་དང་། ཞི་བ་རིན་ཆེན་དྲྭ་བ་དང་། ཁྲོ་བོ་དམ་པ་རྒྱན་གྱི་སྒོམ་ཁོག་མངོན་པར་རྟོགས་པའི་མན་ངག་ལས། ཚུལ་ཕྱག་ནི། རྣལ་འབྱོར་བ་རྣམས་ནང་དུ་འདུས་ལ་དཀྱིལ་འཁོར་གྱི་མཐར་འཁོད་དེ་ས་མ་ཡ་ཛཿཞེས་དཔང་པོའི་ལྷ་འོག་ནས་འབྱུང་བ་བཞིན་སྤྱན་དྲངས་ལ། བདག་གི་ལུས་རྡུལ་སྙེད་དུ་སྤྲུལ་ནས། གྲུབ་ན་རྣལ་འབྱོར་རྒྱུན་བཤགས་རྒྱས་པར་བྱ། དེ་མ་གྲུབ་ན་བླ་མ་དང་མཁའ་འགྲོ་ལ་ཕྱག་གསུམ་བཙལ། ཡི་དམ་གྱི་ལྷ་ཞི་ཁྲོ་ལ་ཕྱག་གསུམ་བཙལ། ཆོས་སྐྱོང་ལ་གསུམ་བཙལ། དེ་ནི་སྔོན་གྱི་ཚུལ་བཟང་པོའི་རྗེས་སུ་ཞུགས་པས་ཚུལ་ཕྱག་ཅེས་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གདན་ལ་བཞུགས་ལ་ཀུན་གྱི་ཕྱག་གསུམ་གསུམ་བཙལ་ལོ། །དེ་ནས་དབང་གང་སྔ་བ་ནས་རིམ་པ་བཞིན་དུ་གསུམ་གསུམ་བཙལ་ལོ། །དེས་དབང་གྲལ་གྱི་རིམ་པ་བཞིན་དུ་ཐོབ་པས་ན་གྲལ་ཕྱག་ཅེས་བྱའོ། །དེ་ལྟར་ཡང་དགོངས་འདུས་ལས། རྡོ་རྗེ་འདུས་པའི་དབང་གྲལ་དུ། །རྡོ་རྗེ་དོན་གྱི་སྟངས་ཆེན་གཤེར། །ཞེས་གསུངས། དེས་གྲལ་ཕྱག་དང་ཚུལ་ཕྱག་བྱ་བ་དེ་ཐལ། ཞེས་འབྱུང་བས་ཤིན་ཏུ་ཁུངས་བཙུན་ཞིང་དོན་གྱི་འབྲེལ་ཆགས་པ་ལུང་དང་བཅས་འཐད་པར་སྣང་བས་འདི་བཞིན་དུ་བྱ་བ་ལ། དཔང་པོའི་ལྷ་སྤྱན་འདྲེན་འོག་ནས་འབྱུང་བ་བཞིན་བྱ་བ་ནི། གཞུང་དེ་ཉིད་ལས། ས་མ་ཡ་ཛཿཞེས་རྡོ་རྗེ་སེ་གོལ་གཡས་སུ་གཏོགས་པས་བཅོམ་ལྡན་འདས་ཞི་བའི་ལྷ་ཚོགས་ཐམས་ཅད་གཡས་སུ་སྤྱན་དྲངས། གཡོན་དུ་གཏོགས་པས་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་གཡོན་དུ་སྤྱན་དྲངས། དབུས་སུ་གཏོགས་པས་བླ་མ་དང་མཁའ་འགྲོ་རྣམས་མདུན་གྱི་ནམ་མཁའ་ལ་ཐིབས་ཀྱི་བྱོན་ནས་སྤྲིན་གཏིབས་པ་ལྟ་བུར་བཞུགས་པར་བསམ་ཞེས་འབྱུང་ཞིང་། སེ་སྟོན་རིན་པོ་ཆེའི་ཚེ་བདག་རྣམ་ངེས་སུ་ཡང་དེ་ལྟར་བཤད་པ་ལྟར་ཚོགས་ཞིང་སྤྱན་དྲངས་ལ། ཚུལ་ཕྱག་ནི་གྲུབ་ན་རྒྱུན་བཤགས་དང་། མ་གྲུབ་ན་རྩ་བ་གསུམ་ལ་ཕྱག་དགུ་ཕྲུགས་སུ་བྱ་བར་གསུངས། སྤྱིར་དྲི་མེད་བཤགས་རྒྱུད་ནས་འབྱུང་བའི། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་འདིར། །ཞེས་སོགས་ལ་བཤགས་རྒྱུད་དུ། བརྗོད་མེད་ཀྱི་བཤགས་པར་གྲགས་ཤིང་། ཡང་ཕུར་གྱི་རྫོགས་རིམ་མཉམ་མེད་བསམ་གཏན་གླིང་བའི་ཨ་ཏིར་བརྗོད་མེད་ལ་ལྟ་བའི་ཀློང་བཤགས་སུ་བཏགས་ཤིང་། གང་ལྟར་ཡང་རུང་བས་ན། དེ་ལ་བཤད་ཚུལ་གྱི་དབང་དུ་བྱས་ན། བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །ཞེས་པ་ནས། ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །ཞེས་པ་ཡན་ལ་རྩ་བ་གསུམ་གྱི་ལྷ་ཚོགས་ཚང་ཚུལ་དང་། གོང་དུ། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །སོགས་ཤློ་ཀ་གཅིག་ལ་རྟོགས་པའི་མཇལ་ཕྱག་དང་། ཕྱག་བསྡུས་པ་ཚང་བ་དང་། ཐུགས་རྗེའི་གདུང་འཚོབ་རིག་འཛིན་བདག་ཅག་གིས། །ཞེས་པ་མན་ཆོད་ལ་བཤགས་པ་རྣམས་ཚང་ཚུལ་གཞུང་དུ་མར་འབྱུང་བས་ཚུལ་ཕྱག་གི་སྐབས་འདིར་དཔང་པོའི་ལྷ་སྤྱན་དྲངས་རྗེས་དཔོན་སློབ་རྣམས་ལྷན་ཅིག་ཏུ་ཕྱག་བྱ་བ་དང་བསྟུན་ཡེ་ཤེས་སྐུ་མཆོག་གི་བཤགས་པ་ཚར་གཅིག་གསུང་ན་འཐད་པར་མཐོང་། དེ་ནས་སློབ་དཔོན་ཁྲིར་བཞུགས་པ་ལ། སྒྲུབ་མཆེད་ཐམས་ཅད་ཀྱིས་ཕྱག་གསུམ་གསུམ་བཙལ་ཞིང་། དབང་གང་སྔ་བ་ནས་ཕྱག་གསུམ་རིམ་བཞིན་འཚལ་བར་གསུངས་པ། འདུལ་བར་རྒན་རིམ་གྱི་ཕྱག་བྱ་བ་དང་ཆོས་མཚུངས་པར་དཀྱིལ་འཁོར་དུ་དབང་ཐོབ་པ་སྔ་རིམ་གྱི་ཕྱག་བྱ་བ་ཡིན་འདུག་ཀྱང་། སྒྲུབ་མཆེད་རྣམས་ཚན་གཉིས་སུ་བཅད་དེ་ཕན་ཚུན་དུ་ཕྱག་གསུམ་རེ་བཙལ་བས་འཇུག་པ་བདེ་ཞིང་དོན་དུ་འཐུས་པར་སེམས། དེས་ཚུལ་ཕྱག་དང་གྲལ་ཕྱག་འཚལ་བ་ལེགས་པར་གྲུབ། ཐུན་མོང་སྲུང་བའི་འཁོར་ལོས་མཚམས་བཅད་པ་ནི། སྤྱིར་རྡོ་རྗེ་དང་མེ་རི་ལ་ཐུན་མོང་དང་། འཁོར་ལོ་ཁྲོ་བོ་བཅུ་དང་བཅས་པར་ཐུན་མོང་མ་ཡིན་པར་བཤད་ཀྱང་། སྒྱུ་འཕྲུལ་དྲྭ་བར། རྡོ་རྗེ་གནོད་སྦྱིན་གྱི་མཚམས། སྲུང་བའི་འཁོར་ལོའི་མཚམས། མཚོན་ཆ་འཆོལ་བའི་མཚམས། ཁྲག་འཐུང་རིགས་ལྔའི་མཚམས་དང་བཞིར་བཤད་པས། འདིར་སྲུང་བའི་འཁོར་ལོའི་མཚམས་ནི། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཅེས་སོགས་དང་། སུམྦྷ་ཚར་གཅིག་བརྗོད་པ། ཁྲོ་བོ་བཅུས་གཡས་སྐོར་དུ་བགེགས་དང་ལོག་འདྲེན་ཚར་བཅད། གཡོན་སྐོར་དུ་ཁྲོ་བོའི་གུར་ཆེན་པོར་གྱུར་པར་བསམ་མོ། །རྩ་བར། ཕྱིའི་ནང་མཚམས་དམ་སྲི་མནན་པ་ནི། བར་ཆད་བགེགས་དང་ཡེ་ཤེས་ལྷ་གཉིས་ལས། དང་པོ་ནི། རང་ཡ་མཱནྟ་ཀར་བསྐྱེད་ལ། རང་བཞིན་དག་པའི་ངོ་བོ་ལ། །ཞེས་སོགས་ཀྱི་ཚིགས་བཅད་རྗེས་སུ་སྔགས་དང་། དེ་ཡཾ་ཞེས་བསྐྲད། ལིང་གའི་སྐེར་ཐག་པ་ནག་པོ་བཏགས་པ་ལ་འགུགས་འདྲེན་བྱས་ལ་མགོ་མཐུར་དུ་བསྟན་ལ་མནན། ཞེས་པ་ཙམ་ལས་མ་གསུངས་ཤིང་། གླན་སྟོན་བསོད་ནམས་མགོན་པོས། དེ་ནས་ཐེམ་པའི་ཕྱིར་རོལ་ཏུ་དམ་སྲི་རྒྱས་པར་ལས་མཁན་གྱིས་ཕུར་པ་བཞིན་མནན་ལ། སྒོ་བྱང་གདགས་ཏེ་བར་ཆད་བགེགས་དང་ཡེ་ཤེས་ལྷ་གཉིས་ལས། དང་པོ་ནི་དམ་སྲིའི་འགུགས་འདྲེན་བྱས་ལ་དམ་སྲི་བཅུག་པའི་ཆོ་ག་བྱ་སྟེ། ཧཱུཾ། རང་བཞིན་དག་པའི་ངོ་བོ་ལ། །ཞེས་སོགས་གོང་ལྟར་བཤད་ཅིང་། གཞུང་དེ་ཉིད་ཀྱིས་དཀྱིལ་འཁོར་ཐམས་ཅད་ཀྱི་སྔོན་འགྲོ་བཤད་པའི་སྐབས་སུ། ཕུར་པ་དྲུག་སྐོར་གྱིས་དམ་སྲིའི་མགོ་བརྡུངས་ཏེ། དེ་ཡང་ངག་ནུས་དང་ལྡན་པའི་སྔགས་པ་གཉིས་ཀྱིས་རྡོ་རྗེ་ཕུར་པའི་ཕྲིན་ཆོག་ཚང་བ་ཞིག་གྱེར་ནས། ཚོགས་ཐ་མའི་དུས་སུ་བསྟན་པ་ལ་གནོད་པའི་དགྲ་དང་བགེགས་གང་རུང་བའི་ལིང་ག་བྲིས་ལ་དགུག་གཞུག་བྱ་སྟེ། ཐེམ་པའི་ཕྱི་རོལ་དུ་དོང་གྲུ་གསུམ་པ་བྲུས་པར་མནན་ལ་དྲག་པོའི་བྲོ་བྱའོ། །ཞེས་གསུངས་པས། གོང་དུ་རྩ་བར། རང་ཡ་མཱནྟ་ཀར་བསྐྱེད་ཚུལ་གསུངས་པ་ནི་ཡེ་ཤེས་ལྷའི་སྒོ་བྱང་གི་དབང་དུ་མཛད་པ་ཡིན་ཀྱང་། གླན་སྟོན་གྱི་དགོངས་པ་དང་། སྔ་འགྱུར་བཀའ་གཏེར་གྱི་གཞུང་ཕལ་མོ་ཆེར། དམ་སྲིའི་གཉེན་པོར་ཕུར་པ་བསྔགས་པ་དང་། དྲག་པོའི་ལས་ཕལ་ཆེར་རྡོ་རྗེ་གཞོན་ནུ་ལ་བརྟེན་ན་ཤིས་པར་བཤད་པས། སྐབས་འདིར་བཀའ་གཏེར་གྱི་ཕུར་བ་ཁྱེར་བདེ་བ་ཞིག་གི་གཞུང་སྲོང་བ་ནི། སྨན་རཀ་གཏོར་གསུམ་ཉེར་སྤྱོད་ཙམ་ལ་བརྟེན་ནས་ཕྲིན་ལས་གྱེར། འཛབ་བཟླ། ཚོགས་ཐོག་མ་དབུལ་བ་དང་བར་པ་བཤགས་པའི་བར་དུ་བྱའོ། །སྐབས་འདིར་ཟུར་ལུགས་ཀྱི་བརྒྱུད་པ་རིན་པོ་ཆེ་འདིའི་ཕྱག་བཞེས་སུ། སྔགས་འཆང་ཆེན་པོ་སྐྱི་སྟོན་ཚེ་རིང་དབང་པོའི་ཕྱག་ལེན་བླ་ཆེན་བྲེས་གཤོངས་པ་ཆོས་རྒྱལ་རྡོ་རྗེ་ཟིན་བྲིས་སུ་མཛད་པ་ལས། གིང་པ་དཀར་ནག་གི་འབག་འཆམས་དང་རྡོ་རྗེ་སློབ་དཔོན་ཆས་སུ་ཞུགས། ཞེས་གསུངས་པས། སྤྲོས་པའི་ཡན་ལག་ཏུ་འདུག་པ་སྤྲོ་ན་བྱ། མི་སྤྲོ་ཡང་ཆད་པའི་སྐྱོན་མེད། ལིངྒ་བྲི་བ་ནི་རྩ་བར་གསལ་ཁ་མ་གསུངས་ཀྱང་ཟིན་བྲིས་དེ་ཉིད་ལས། ཤོག་བུ་རང་གི་དྲི་མ་འཕོག་པ་ལ་དམ་སྲི་མི་གཟུགས་བྱའི་མགོ་ཅན་རྐང་ལག་ལྕགས་སྒྲོག་གིས་བཅིངས་པའི་སྙིང་གར་ཕོ་ལ་ཏྲི་ཏྲི་དང་མོ་ལ་སྲི་སྲི་བྱ་བ་དང་། ལྟོ་བར་སྒྲུབ་པ་ལ་བར་དུ་྄གཅོད་པའི་དམ་སྲི་མཱ་ར་ཡ་ཕཊ་བྱ་བ་དང་། གཞན་ལིངྒ་སྤྱི་དང་མཐུན་པར་བྲིས་ལ། མཐའ་མ་རྒྱ་གྲམ་ཛ་རཾ་བསྐོར་ཞེས་གསུངས་ཤིང་། གཡུང་སྟོན་པའི་སྒྱུ་འཕྲུལ་ཞི་བའི་དབང་བྱང་དུ་དམ་སྲིའི་གཟུགས་རིད་པ། སྐྲ་གཟིངས་པ། ལག་པས་སྐྲ་འབལ་ཞིང་བྲང་བརྡུང་བ་བྲི། ཡང་ར་སོག་ལ་བགེགས་ཀྱི་སྒོ་བྱང་དམ་སྲིའི་གཟུགས་ཞིག་བྲིས་ལ། དེ་གཉིས་ཀའི་དཔྲལ་བར་རུས། སྙིང་གར་མིང་། འདོམས་སུ་སྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་མཱ་ར་ཡ་ཕཊ། ཅེས་པ་བྲི། མཐའ་མ་ཛཿས་བསྐོར། ཞེས་གསུངས་པ་རྣམས་ཀྱི་དོན། གླན་སྟོན་གྱི་བཞེད་པར། དགྲ་དང་བགེགས་གང་རུང་གི་ལིང་ག་བྲིས་ལ། ཞེས་གསུངས་པ་ལྟར་ན་སྤྱིར་བཏང་གི་དགྲ་བགེགས་ལས་དམ་སྲི་ངོས་མ་ཟིན་པའི་སྐྱོན་འཇུག་པ་དང་། བླ་ཆེན་བྲེས་པའི་ཟིན་བྲིས་སུ། དམ་སྲི་མི་ལུས་བྱ་མགོ་ཅན་བྲི་བར་བཤད་ན་གནས་ཡིག་བྲི་བའི་སྐབས་སུ་ཕོ་ལ་ཏྲི་ཏྲི་དང་མོ་ལ་སྲི་སྲི། ཞེས་གསུངས་པ་ཕྱོགས་གཅིག་ན་དམ་སྲི་ལ་ཕོ་མོ་གཉིས་ཀ་བཤད་པའི་དབང་གིས་མི་འགལ་ཡང་། མི་ལུས་བྱ་མགོ་ནི། དམ་སྲི་མོ་བྱ་མཆུ་ཅན་ཞེས་སྔ་འགྱུར་བཀའ་གཏེར་སྤྱིར་བཤད་པས་བྱ་མགོ་བྲིས་ཟིན་ནས། ཕོ་མོའི་ཁྱད་པར་གྱི་སྲོག་ཡིག་བྲི་བ་མི་རིགས་ཤིང་། གཡུང་སྟོན་གྱི་དམ་སྲི་དང་བགེགས་གཉིས་སུ་མཛད་པ་ནི་ཤིན་ཏུ་ལེགས་པས། སྤྱིར་དམ་སྲི་ཡིན་ན་བགེགས་ཡིན་པས་ཁྱབ་མོད་ཀྱང་། དམ་སྲི་ནི་སྒྲུབ་པའི་བར་ཆོད་ཁོ་ནར་བསྔགས་པའི་ཧེ་རུ་ཀ་གལ་པོ་སོགས་ལས་བཤད་པའི་དུས་བཅུར་རྒྱུ་བའི་ཉུལ་ལེ་དང་། ཕལ་ལ་དུས་དྲུག་ཏུ་རྒྱུ་བར་བཤད་པའི་ཉིལ་ལེའི་རིགས་ཅན་གྱི་དམ་སྲི་རྣམས་ཡིན་ལ། བགེགས་ནི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་མཚོན་པའི་འདྲེ་སྲིན་ཕལ་ལ་བཤད་པས་ཤིན་ཏུ་འཆད་ཚུལ་ལེགས་པར་སྣང་། འོན་ཀྱང་ཕྱག་ལེན་འཇུག་པ་བདེ་ཕྱིར་བཀའ་བརྒྱད་ཡོངས་རྫོགས་སོགས་ལས་དམ་སྲི་བྱ་མཆུ་མའི་གཟུགས་བྲི་བར་གསུངས་པ་ཁོ་ན་ལེགས་པས། དུག་ཤོག་ལ་མོ་གཟུགས་བྱ་མགོ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་ཤིང་མཆུ་བཅིངས་པ་ཉམ་ཐག་པ་བྲིས་པའི་ཡན་ལག་བཞི་ལ་ཛཿཧཱུཾ་བཾ་ཧོཿདང་། མཱ་ར་ཡ་རྦད། ལག་ཉྭ་གཉིས་སུ་ཆག་ཆག །རྐང་ཉྭ་གཉིས་སུ་ཞ་ཞ་དང་ན་ཏྲི་རྒད། རྣ་བ་ལ་འོན། མིག་ལ་ལོང་། དཔུང་བར་ཡུམ་ཤེ། རྐང་ཞབས་སུ་ཡཾ་ཡཾ། སྙིང་གར་ཏྲི་ལ་ཛཿཁ་སྤྲོད། དེའི་མཐར་ཡིག་མགོ་ཕྱིར་བསྟན་གྱི་ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་ཛཿཛཿནན་ཧྲིའུ་ཏྲིའུ་ཡ་ན་མ་ཤཱ་ཛ་ཁུག་ནན། སྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་མོ་བྱ་མཆུ་ཅན་གཙོ་བོར་གྱུར་པའི་དམ་སྲི་རྒྱལ་འགོང་རྒྱ་འདྲེ་སོགས་ཀྱི་བླ་སྲོག་རྣམ་པར་ཤེས་པ་དམིགས་པའི་རྟེན་འདིར་འགུགས་ཆིངས་སྡོམ་མྱོས་མཱ་ར་ཡ་ཕཊ། ཅེས་སོགས་ལྟོ་བ་ཆེ་ཆུང་དང་བསྟུན་པའི་སྤེལ་ཚིག་རིགས་པས་དཔྱད་ལ་བྲི། མགོ་ནས་བརྩམས་ཡིག་མགོ་ནང་བསྟན་གྱི་ལོག་འདྲེན་དམ་སྲི་འབྱུང་པོ་ཡ་མ་དམ་སྲི་བགེགས་རིགས་རྒྱལ་འགོང་རྒྱ་འདྲེ་བསམ་ངན་སྦྱོར་རྩུབ་འཆང་བ་རྣམས་ཀྱི་ལུས་ངག་ཡིད་གསུམ་མཐུ་སྟོབས་རྫུ་འཕྲུལ་བསོད་ནམས་ཁ་རྗེ་དབང་ཐང་རླུང་རྟ་ནུས་པ་ཐམས་ཅད་གནོན་ཅིག །ༀ་ཧཱུཾ་ལཾ་སྟྭམྦྷ་ཡ་ནན། མཱ་ར་ཡ་ལཾ་ནན་སོགས་གོང་བཞིན་རིགས་པས་དཔྱད་དེ་བྲིས་པའི་ཕྱིར་ཛ་ཁྲམ་ཉེར་གཅིག་བྲིས་པ་ལ། མེ་ཆུ་ས་རླུང་ནམ་མཁས་སྦྱང་བ་ལེགས་པར་བྱས་ཏེ། དུག་ཁྲག་གིས་བྱུགས་ལ་སྒོ་བྱང་འདོགས་པའི་སྒོ་ཐེམ་གྱི་འོག་ཏུ་དོང་གྲུ་གསུམ་བྲུས་པའི་ཁར་ལྕགས་སླང་གི་ནང་དུ་བཀོད་དེ་ཚོན་སྐུད་ཀྱིས་བསྐོར། ལྕགས་ཟངས་རྡོ་ཕྱེ་གསུམ་དང་ཡུངས་ཀར་ནག་གི་ཐུན་དང་། གུ་གུལ་སོལ་མེ་དང་བཅས་པ། སྒྲོལ་གྲི་སོགས་ཀྱང་གསར། ཆོ་ག་ནི། བླ་ཆེན་བྲེས་པའི་ཟིན་བྲིས་སུ། གཟུ་དཔང་གསེར་སྐྱེམས་བྱས་ལ་བདེན་པ་བརྡར་བ་ཙམ་ལས་མི་འདུག་ཅིང་། མཁས་གྲུབ་གཡུང་སྟོན་ཆེན་པོས། ཨེ་རཾ་གྱིས་དྲག་པོའི་དཀྱིལ་འཁོར་བསྐྱེད། བ་ཧུས་ལྷ་ལས་ལ་གཟུད། ཕོ་ཉ་དྲུག་བསྐོར་བཏང་ལ་སྤྲུལ་པ་སྤྲོ། བདེན་པ་བརྡར། དགུག་དབྱེ། བསྟིམ་བཅིངས། དེ་ལྟར་ལན་གསུམ་བྱས། ལག་སོར་དང་ཕུར་པ་བྱིན་གྱིས་བརླབ། གྷ་ཏ་ཡའི་སྔགས་ཀྱིས་ལིངྒ་ལ་ཕུར་པ་གདབ། ཅེས་སོགས་རྒྱས་པར་འབྱུང་བ་གླན་སྟོན་གྱི་དགོངས་པ་དང་ཡང་མཐུན་པས། གཞུང་དེ་རྣམས་ཀྱི་དོན་ཉམས་སུ་བླང་བ་ནི། སློབ་དཔོན་རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས་དྲག་པོའི་ཆས་སུ་ཞུགས་པ་དང་གིང་དཀར་ནག་གི་ཆས་ཞུགས་གཉིས་བཅས་རོལ་མོར་བཅས་པས་ཐོན་ཏེ། དོང་ཁར་གསེར་སྐྱེམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ༀ་ཨཱཿཧཱུཾ་ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ཏེ། བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཆོས་སྲུང་དང་བཅས་པ་དམིགས་ཡུལ་དུ་བྱས་ཏེ་མཁྱེན་པར་གསོལ་ཞིང་གཟུ་དཔང་བྱ་བ་ནི། ཧཱུཾ། མཁྱེན་ཅིག་དགོངས་ཤིག་དུས་གསུམ་བདེ་གཤེགས་རྣམས། །གདོད་མའི་མགོན་པོ་ཀུན་ཏུ་བཟང་ནས་བཟུང་། །ཚིག་གསུམ་བླ་མ་མ་ལུས་སྙན་གསོན་ཅིག །བདག་གི་རྩེ་གཅིག་དད་པའི་སེམས་ཀྱིས་ཀྱང་། །འཕགས་པ་མཆོད་ཅིང་འགྲོ་དོན་བགྱིད་སྙམ་པས། །དམ་ཉམས་དགྲ་བོ་འདི་ཡིས་མ་སྟེར་རོ། །མ་གནོད་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ། །ཞི་བ་རྡོར་དབྱིངས་ཁྲག་འཐུང་ལྔ་བཅུ་སོགས། །ཡི་དམ་ལྷ་ཚོགས་མ་ལུས་སྙན༴ བདག་ནི་བསྐྱེད་རྫོགས་ཟབ་མོའི་ངང་ཉིད་ནས། །བསྙེན་སྒྲུབ་མཐའ་དབྱུང་ལས་བཞི་སྤྱོད་སྙམ་པས། །ལས་ངན་དགྲ་བོ་འདི༴ མ་གནོད་ཡེ་ཤེས་ལྷ༴ རྡོ་རྗེ་ཕག་མོ་ཡེ་ཤེས་མགོན་པོའི་ཚོགས། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་སྙན༴ བདག་ནི་ཁྱེད་རྣམས་བསྒྲུབ་བསྟེན་མཆོད་པ་དང་། །ཐུགས་དམ་བསྐང་ཞིང་ལས་ལ་བསྐུལ་སྙམ་པས། །དམ་ཉམས་དགྲ་བོ་འདི༴ མ་གནོད་ཡེ་ཤེས་ལྷ༴ ཞེས་མཁྱེན་པར་གསོལ་ལོ། །གཟུ་དཔང་ནི། ཧཱུཾ། འགྲོ་བའི་དཔལ་མགོན་བཅོམ་ལྡན་ཤཱཀ་ཐུབ་ལ། སྡིག་ཅན་ལྷ་བྱིན་ངན་པས་བརྙས་བཙུགས་སོ། །ཆེ་རྟགས་སྐུ་ལ་ངུར་སྨྲིག་གསོལ་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པ་དོན་མ་ཆུང་། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག །ཡོངས་ལ་དབང་པོའི་ས་བདག་རྒྱལ་པོ་ལ། །མཐའ་འཁོབ་རྒྱལ་ཕྲན་ངན་པས་བརྙས་བཙུགས་སོ། །ཆེ་རྟགས་དབུ་ལ་དར་ཐོད་བརྒྱན་བྱས་ཤིང་། །རྒྱལ་ཁྲིམས་ཚུལ་བཞིན་བསྐྱངས་པ་དོན་མ་ཆུང་། །སུ་བདེན་ཀུན་མཁྱེན༴ ནམ་མཁར་གནས་པའི་བྱ་ཁྱུང་གཱ་རུ་ཌར། །ལྟས་ངན་སྲིན་བྱ་ངན་པས་བརྙས༴ ཆེ་རྟགས་དབུ་ལ་ནོར་བུས་བརྒྱན་བྱས་ཤིང་། །འདབ་གཤོག་སྤུ་གྲིས་གཏམས་པ་དོན༴ སུ་བདེན་ཀུན་མཁྱེན༴ བར་སྣང་གནས་པའི་གཡུ་འབྲུག་སྔོན་པོ་ལ། །ལྟས་ངན་བུང་བ་སེར་པོས་བརྙས༴ ཆེ་རྟགས་ལྕེ་ལ་གློག་གིས་བརྒྱན་བྱས་ནས། །སྟོང་གསུམ་སྒྲ་ཡིས་བཀང་བ་དོན༴ སུ་བདེན་ཀུན་མཁྱེན༴ གངས་ལ་གནས་པའི་སེང་གེ་དཀར་མོ་ལ། །དུར་ཁྲོད་ཝ་སྐྱ་ངན་པས་བརྙས༴ ཆེ་རྟགས་མགོ་ལ་གཡུ་རལ་བརྒྱན་བྱས་ཤིང་། །རྩལ་གསུམ་ལུས་ལ་རྫོོགས་པ་དོན༴ སུ་བདེན་ཀུན་མཁྱེན༴ རིག་འཛིན་སློབ་དཔོན་པདྨཱ་ཀ་ར་ལ། །མཐའ་འཁོབ་ལྷ་སྲིན་ངན་པས་བརྙས༴ ཆེ་རྟགས་གསེར་གྱི་རྡོ་རྗེ་བསྣམས་བྱས་ནས། །སྒྲུབ་པའི་རིག་འཛིན་བརྙེས་པ་དོན༴ སུ་བདེན་ཀུན་མཁྱེན༴ ཆོས་བཞིན་བྱེད་པའི་རྣལ་འབྱོར་བདག་ཅག་ལ། །ལས་ངན་དགྲ་བོ་རྣམས་ཀྱིས་བརྙས༴ ཆེ་རྟགས་བསྙེན་སྒྲུབ་རྣམ་བཞི་མཐར་ཕྱིན་ཞིང་། །རིམ་གཉིས་ཟབ་མོ་བསྒོམས་པ་དོན༴ སུ་བདེན་ཀུན་མཁྱེན་མགོན་པོས་་དཔང་མཛོད་ཅིག །ཅེས་གཟུ་དཔང་བྱ། བྲུབ་ཁུང་དོང་དང་བཅས་བསྐྱེད་པ་ནི། ཨེ་རཾ་ཛྭ་ལ་རཾ་ཞེས་བརྗོད་པས། བྲུབ་དོང་འདི་ཉིད་གནམ་ལྕགས་ལས་གྲུབ་པའི་ཨེ་ཁང་གྲུ་གསུམ་འཇིགས་སུ་རུང་བ། ཕྱི་མཐིང་ནག་གྲུ་གསུམ་དུ་འདུག་པ། ནང་དམར་ནག་གྲུ་གསུམ་དུ་འདུག་པ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་རྟགས་སུ་ཟུར་གསུམ་དང་ལྡན་པ། དུག་གསུམ་དབྱིངས་སུ་སྒྲོལ་བའི་རྟགས་སུ་བང་རིམ་གསུམ་དང་ལྡན་པ། བདུད་དང་གཤིན་རྗེའི་དཔུང་གིས་མི་ཚུགས་པའི་ཕྱིར་ཕྱི་མཁར་ཐབས་སུ་ཡོད་པའི་རྩེ་ལ་དྲག་པོ་རྩང་གི་དྲྭ་མིག་རིས་སུ་བཙུགས་པ། ཕྱི་ན་ཞེ་སྡང་གི་མེ་འབར་བ། ནང་ན་འདོད་ཆགས་ཀྱི་རླུང་འཁྲུག་པ། བར་ན་གཏི་མུག་གི་མུན་པ་འཐིབས་པ། ཤར་ན་ཤལ་མ་རིའི་སྡོང་པོ། ལྷོར་ཐལ་ཚན་གྱི་ཆུ་བོ་རབ་མེད། ནུབ་ཏུ་རོ་མྱག་གི་འདམ། བྱང་དུ་སྤུ་གྲིའི་ཐང་གིས་བསྐོར་བ། བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་འདུ་ས། ཕྲ་མེན་ཉུལ་ལེ་རྣམས་ཀྱི་སྐོས་ཁང་། མ་གཤིན་སྒྲོལ་གིང་རྣམས་ཀྱི་ཚོགས་ཁང་། འཆི་བདག་ལས་ཀྱི་གཤིན་རྗེའི་བཤས་ཁང་ནག་པོ་འཇིགས་སུ་རུང་བ་ཞིག་ཏུ་གྱུར། ནྲྀ་ཏྲི་ཛཿ བྲུབ་དོང་འདི་ཉིད་ཀྱི་ནང་དུ་ཡི་གེ་ཏྲི་ཡོངས་སུ་གྱུར་པ་ལས་གནོད་ཅིང་འཚེ་བར་བྱེད་པའི་དམ་སྲི་མོ་བྱ་མཆུ་ཅན་དང་། གཞན་ཡང་འདྲེ་གཟུགས་ལུས་རིད་པ། ཁ་ངུ་བ། མིག་ཤི་མིག །ལག་པ་མྱ་ངན་གྱི་ཕྱག་རྒྱ་བྱས་པ། བྱང་སེམས་དཀར་དམར་མཐུར་དུ་འབབ་པ། གཅེར་བུ་བྱང་ཐང་ལ་བཏོན་པ་ལྟ་བུ་མགོན་མེད་སྐྱབས་དང་བྲལ་བ་འདར་ཡེད་ཡེད་པ་ཞིག་ཏུ་གྱུར། ཕོ་ཉ་བཏང་བ་ནི། གཡུང་གི་དགོངས་པ་ལྟར་ན། བ་ཧུས་ལྷ་ལས་ལ་གཟུད་ཅེས་པ་ཁྲོ་བོ་དམ་པ་རྒྱན་གྱི་ཚོགས་ཐ་མའི་དུས་ལྟར། བ་ཧུས་བི་སོགས་ཀྱི་སྔགས་བཟླ་བ་ཡིན་ཀྱང་འདིར་ཕུར་པ་ལྟར་རོལ་མོ་དབྱངས་དང་བཅས་ཏེ། བྱང་གཏེར་ཕུར་པ་ལས། ཛཿ དམ་ཚིག་ཆེན་པོའི་དུས་བབ། །སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་པོའི་དུས༴ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་པོའི་དུས༴ ཁྱོད་ཀྱི་ཕྲིན་ལས་དུས༴ ས་བདག་ཆེན་པོའི་དུས༴ མཐུ་རྩལ་དབྱུང་བའི་དུས༴ དགུག་འདྲེན་ནི། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ལ། ན་མོ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། གྲུབ་ཐོབ་རྣལ་འབྱོར་གྱི་བརྒྱུད་པ་སྟེ་བརྒྱུད་པ་དྲུག་ལྡན་གྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཕྱི་མཚན་ཉིད་ཀྱི་ཐེག་པ་གསུམ། ནང་གསང་སྔགས་ཀྱི་ཐེག་པ་གསུམ། གསང་བ་བླ་ན་མེད་པའི་ཐེག་པ་གསུམ་སྟེ་ཐེག་པ་རིམ་པ་དགུ་དང་འབྲེལ་བ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ ཁྱད་པར་དུ་ཡང་འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། རིག་འཛིན་སློབ་དཔོན། མ་མོ་རྦོད་གཏོང་། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ། མངའ་བདག་དྲེགས་པའི་དེད་དཔོན་བཅོ་བརྒྱད། དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་ཏེ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ༴ རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྤྱི་དགྲ། དགེ་འདུན་གྱི་སྡང་དགྲ། སྐྱེ་འགྲོ་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བ། ཁྱད་པར་བོད་ཁམས་འཕུང་བར་བྱེད་པའི་རྒྱ་འདྲེ་སྤུན་དགུ། དམ་སྲི་སྤུན་དགུ། ལོག་འདྲེན་ཆུ་ལྟར་གཡོ་བ། སའི་ཏིང་ཕུར་ནག་པོ། གཤིན་རྗེའི་བུ་མོ་ཆུའི་རྒྱལ་མཚན་ཅན་མ་དང་། པུ་ཏྲ་ནག་མོ་ཧོར་མགོ་མ་ལ་སོགས་པ་སྒྲུབ་པའི་བར་ཆད་རྩོམ་པའི་ཡ་མ་དམ་སྲིའི་རིགས་སུ་གྱུར་བ་ཐམས་ཅད་རྟེན་འདི་ལ་སྐད་ཅིག་ཐང་ཅིག་ལ་མྱུར་དུ་ཁུག་ཅིག །ཕོབ་ཅིག །བཛྲ་ཨཾ་གུ་ཤ །ཞེས་རོལ་མོ་དྲག་པོ་དང་བཅས་ལན་གསུམ་གྱི་རྗེས་སུ་དབྱངས་དང་བཅས་ཏེ། རྩ་བར། ཧཱུཾ། རང་བཞིན་དག་པའི་ངོ་བོ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །སྒྲིབ་པས་སེམས་དཔངས་དམའ་བ་དང་། །སེམས་ཀྱི་རྟོག་པས་བཅིངས་པ་ཡིས། །གཞི་སྟོང་ཅི་ལའང་བར་ཆད་བྱེད། །རང་གི་དམ་ཚིག་རང་མ་འདའ། །འཛམ་བུའི་གླིང་གི་ལྷོ་ཕྱོགས་ན། །འདི་ནས་དཔག་ཚད་བརྒྱད་ཁྲི་ན། །གཤིན་རྗེའི་རྒྱལ་པོ་ཆོས་སྟོན་ཚོགས། །ཁྱོད་ཀྱི་ཆོས་སྐལ་དེ་རུ་ཉོན། །མ་འདའ་རང་རང་གནས་སུ་དེངས། །ས་མ་ཡ་ཀ་པཉྩ་རཀྵ་རཀྵ་ཧཱུཾ་ཕཊ། དི་ཡཾ། ཚིག་འདི་བགེགས་སྤྲོད་འདྲ་བ་ཞིག་སྣང་བས་ཧ་ཅང་རིགས་པ་མ་མཐོང་ཡང་། ལུགས་འདིའི་ཡིག་རྙིང་ཕལ་ཆེར་ལ་དེ་ལྟར་བཤད་པས་བསྒྱུར་བཀོད་མ་བདེ་བས་རང་སོར་བཞག་གོ། །འོན་ཀྱང་གཡུང་སྟོན་ཆེན་པོས་གཤིན་རྗེའི་གནས་སུ་བསྐྲད་པར་བསམ་ཞེས་གསུངས་པས། འོག་གི་ས་རིམ་དགུའི་མནན་པའི་གནས་ཀྱང་གཤིན་རྗེའི་གནས་ཡིན་པས་མི་འགལ་ལམ་སྙམ། དེ་རྗེས་ཕུར་པའི་གདབ་ཁ་དངོས་ནི། ཕུར་པ་དྲུག་སྐོར་རམ་གདབ་ཁ་དྲུག་སྟེ། ལྷ་དང་དབྱེ་བ། གཟུགས་ལ་དབབ་པ། བྱད་དུ་བཅུག་པ། སྨྱོར་གཞུག་པ། རྡུལ་དུ་རློག་པ། ཞལ་བསྟབ་སྟེ་དྲུག་ལ། སོ་སོར་ཕོ་ཉ། འཕྱོངས། སྔགས། རྫས། ཏིང་འཛིན། དམོད་པ་སྟེ་དྲུག་ཏུ་དབྱེ་བ་བཀའ་གཏེར་གྱི་མན་ངག་རྣམས་ལས་འབྱུང་ཡང་འདིར་མི་འགྲུབ་པས་བྱང་གཏེར་ཕུར་པའི་གདབ་ཁར་དེ་རྣམས་དོན་གྱིས་ཚང་བས་འཇུག་པ་བདེ་ཞིང་བྱིན་རླབས་ཆེ་བས་འདི་ལྟར། ཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །དངོས་གྲུབ་འཕྲོག་ཅིང་འཚེ་བའི་རིགས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བརླག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་བཛྲ་ཨདྒུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །བཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྱོ་རུ་ཆུག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབངདུ་གྱུར་ནས་ནི། །བསྒོ་བའི་བཀའ་རྣམས་ཉན་པར་བྱོས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ༀ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནན། མོ་ཧ་གྷ་ཏ་ཡ་བྷ་ག་ཝཱན། ཧྲིཿཀྲྀ་བི་ཀྲྀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ། མ་ར་ས་ནི་བྲ་མ་ཡ་ཏི་སརྦ་བིགྷྣཱན་པཾ་ཧཱུཾ་ཕཊ། བྱེ་བྲག་གི་འཕྱོངས་ནི། ཚིག་དང་བསྟུན་ཏེ་ཕུར་ཐུན་རྣམས་བརྡེག་ཅིང་། གསང་བ་ཡོངས་རྫོགས་ལས། ཧཱུཾ། དམ་སྲི་བྱ་བའི་ལས་ངན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །རྡོ་རྗེའི་མཆེད་ལ་བར་ཆད་བྱས། །རྣལ་འབྱོར་བདག་ལ་གནོད་བྱེད་ཅིང་། །རྒྱལ་ཁམས་ཡོངས་ལ་གནོད་པ་བྱས། །སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག །བཀའ་ལས་འདའ་བྱེད་དམ་སྲི་རྣམས། །ནམ་ཡང་བཏང་བར་མ་གསུངས་པས། །རྡོ་རྗེ་ཁྲོ་བོའི་ཕུར་པས་བཏབ། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེས་བྲབ། །གུ་གུལ་སྦྱར་བའི་དུད་པས་བདུག །ཐུན་གྱིས་བྲབ་ཅིང་མཚོན་ཆས་གཏུབ། །རྡོ་རྗེ་སྲིན་པོའི་ཞལ་དུ་བསྟབ། །མ་མོ་མཁའ་འགྲོའི་ཚོགས་ལ་སྦྱིན། །རི་རབ་བརྗིད་པའི་འོག་ཏུ་མནན། །ཞེས་བརྗོད་པ། ཕུར་གདབ་ནི་གཡུང་གི་དགོངས་པ་ལྟར། ལག་པ་གཡས་པར་མ་སཱུརྻ་མཎྜ་ལ་ཧཱུཾ་ༀ་སྭཱ་ཨཱཾཿཧཱ་ལས་རིགས་ལྔ་ཡབ་ལྔ། གཡོན་པར་ཨ་ཙནྡྲ་མཎྜ་ལ་མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ་ལས་ཡུམ་ལྔར་གྱུར། བཛྲ་སུ་ར་སྟྭཾ། བཛྲ་ཨཉྫ་ལི། བཛྲ་བནྡྷ་ཧཱུཾ། རིགས་ལྔ་ཡབ་ཡུམ་སྙོམས་པར་བཞུགས་པས་སྲས་མཆོག་ཕུར་བུ་བསྐྲུན་ཏེ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཛཿ ཧ་ན་ཧ་ན་དིཔྟ་ཙཀྲ་ཧྲཱིཿ ཕུར་པ་ཏ་བཛྲ་ས་ཏྭ་རཱ་ཛཿཡ་ཧཱུཾ་ཕཊ། ཅེས་བྱིན་གྱིས་བརླབས་ཏེ་གྷ་ཏཱ་ཡའི་སྔགས་བཟླ་ཞིང་ལིངྒ་ལ་གདབ། སླར་ཡང་སྔགས་དེ་ཉིད་ཀྱིས་ཐུན་བྲབ་ཅིང་མཚོན་ཆས་བསྣུན་ནོ། །དེ་ནས་མནན་ཚུལ་ནི། ཡིག་རྙིང་ཕལ་ཆེར་དང་ཟུར་ལུགས་གླན་ལུགས་གཉིས་ཀའི་དགོངས་པར། བགེགས་ཀྱི་སྒོ་བྱང་ར་སོག་ལ་བྲིས་ཏེ་ཐེམ་འོག་ཏུ་སྤྱི་རྟིང་ལྡོག་སྟེ་གདགས། དེའི་ཐད་ཀྱི་སྒོ་གང་དུ་ཡེ་ཤེས་ལྷའི་སྒོ་བྱང་འདོགས། སྒྲུབ་པ་ཐོན་ནས་བགེགས་ལ་ཕུར་གདབ་བྱས། བདུད་རྩི་སྟིགས་ལ་དཀྱིལ་འཁོར་གྱི་འོག་ཏུ་མནན་པར་གསུངས་ཀྱང་ལག་ལེན་མི་བདེ་བས་དེང་སང་ཕྱག་བཞེས་སུ་དམ་སྲི་གནོན་ཚུལ་སྤྱི་ལྟར་མཛད་པས་དེ་ལག་ལེན་བདེ་བའི་ཕྱིར་ན། བླ་ཆེན་བྲེས་པའི་ཟིན་བྲིས་སུ། ཤོག་ལིང་བལྟེབ་ལ་ཚོན་སྐུད་སྣ་ལྔ་གཙང་མས་བཅིངས། གཡག་རུར་བཅུག་ལ་རེ་བ་ནག་པོས་ཁ་དྲིལ། ཐེམ་པའི་ཕྱིར་དོང་གྲུ་གསུམ་བྲུས་ལ་སྦས། ས་རིམ་པ་བཅུ་དང་རྡོ་རྗེ་རྒྱ་གྲམ་གྱི་རི་མོ་བཅུས་མནན། མེ་དང་ཆུས་མཚམས་བཅད་དོ། །ཞེས་གསུངས་པ་ལེགས་པར་སྣང་བས་ལིངྒ་རོ་ལྟེབ་བྱས་ཚོན་སྐུད་ཀྱིས་བཅིངས་ཏེ། གཡག་རུ་ཀ་ལོ་མི་བདེ་བས་གླང་འོག་ཅན་གྱི་རྭ་མེ་ཆུས་མ་ཕོག་པར་བཅུག་སྟེ། ཁ་ཐུན་རྫས་ཀྱི་ལྷག་དང་གོ་ཐལ་གྱིས་བཅད་དེ་རེ་བས་བསྟུམས་པ་སླར་ཡང་ཚོན་སྐུད་ཀྱིས་བཅིངས། མཚམས་རྣམས་སུ་ལ་ཐེལ་གྱི་མནན་ཏེ་དོང་ནང་དུ་བཅུག །རོ་གཡམ་གྱི་ཕྱོགས་གཅིག་ལ་རི་རབ་གླིང་བཞི་དང་ཕྱོགས་གཅིག་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་མནན། ས་རིམ་པ་བཅུའམ་བདུན་གཡོགས་ཤིང་། དེ་རྗེས་ས་རྡོས་བསུབས་ཏེ་ལག་ཚགས་དམ་པར་བྱ། མེ་ཆུས་རྒྱས་བཏབ་སྟེ་བྲོ་བརྡུང་ནི། གཡུང་སྟོན་ཆེན་པོའི་དགོངས་པ་ལྟར། ཨེ་བྷྲཱུཾ་ཞེས་བརྗོད་པས་ནམ་མཁའ་རླུང་མེ་ཆུ་ས་རི་རབ་ཀྱི་སྟེང་དྲག་པོའི་ཕོ་བྲང་དུ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བསྐྱེད་ལ་དེའི་ང་རྒྱལ་གྱིས་རྣལ་འབྱོར་པ་ཀུན་སྲིན་ལག་སྦྲེལ་བའི་བྲོ་ར་གྲུ་གསུམ་རྩེ་མོ་ལྷོ་བསྟན་པ་བཅས་ཏེ། སུམྦྷ་ཚར་གཅིག་དང་། ཧཱུཾ། ཁྲོ་རྒྱལ་ཆེན་པོ་སུམྦྷ་ནི། །སུམྦྷ་ནི་ཡི་ང་རྒྱལ་གྱིས། །རི་རབ་ཆེན་པོའི་སྐེད་ནས་གསོར། །རྒྱ་མཚོ་ཆེན་པོའི་གཏིང་ནས་སྐེམ། །འདི་ལ་བྱང་ཆུབ་སེམས་མེད་ཀྱི། །བྱང་ཆུབ་སེམས་བསྐྱེད་བཏང་བར་བྱ། །བྱང་ཆུབ་སེམས་ནི་མ་སྐྱེས་པར། །ནམ་ཡང་བཏང་བར་མི་བྱའོ། །སུམྦྷ་ཚར་གཅིག་བརྗོད། ཧོཿ བཅོམ་ལྡན་འདས་སུམྦྷ་ནི་དཀྱིལ་དང་འཁོར་དུ་བཅས་པ་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། འདིར་གསང་སྔགས་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་བས། བར་དུ་གཅོད་པའི་ཡ་མ་དམ་སྲི་ལ་སོགས་པ་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཐལ་བའི་རྡུལ་དུ་བརླག་པར་མཛད་དུ་གསོལ་ལོ། །མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། སུ་ཏྲི་ས་མ་ཡ་སྟྲཾ། ཧོཿ ཁྲོ་བོ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། གསང་སྔགས་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྒྲུབ་པའི་ཕྱིར། སྒྲུབ་པ་པོ་བདག་ཅག་གི་བསམ་པ་ཡིད་བཞིན་དུ་མ་རྫོགས་ཀྱི་བར་དུ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་ཡ་མ་དམ་སྲི་ལ་སོགས་པ་གདུག་པའི་དགྲ་བགེགས་ཐམས་ཅད་འདུལ་ཞིང་བསྒྲལ་དུ་གསོལ་ལོ། །སྒྲུབ་པའི་དངོས་གྲུབ་ཐམས་ཅད་ཀྱང་ཡིད་བཞིན་དུ་ཐོབ་པར་མཛད་དུ་གསོལ་ལོ། །དེས་དམ་སྲི་མནན་པ་ཚར། གཉིས་པ་ཡེ་ཤེས་ལྷའི་སྒོ་བྱང་ནི། རྩ་བར། དེའི་སྟེང་དུ་ཁྲོ་བོའི་གཟུགས་ལུག་སོགས་བྲིས་ལ་སྒོ་ཀླད་དུ་གདགས། ཞེས་གསུངས་པའི་དོན། གླན་སྟོན་གྱིས། ལུག་གམ་རྐྱང་གི་སོག་པ་གཡོན་པ་ལ་ཁྲོ་བོ་གཤིན་རྗེ་གཤེད་པོའི་གཟུགས་བྲི། ཞེས་གསུངས་པས། གཉིས་ཀ་ལ་མངོན་རྟོགས་གསལ་བར་མ་བྱུང་ཡང་། གཡུང་སྟོན་ཆེན་པོས། རྐྱང་ངམ་ལུག་གི་སོག་པ་གཡོན་པ་ལ་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་གཟུགས་ཉི་མའི་གདན་ལ་གྱད་ཀྱི་དོར་སྟབས་ཀྱིས་བཞུགས་པ། སྐུ་མདོག་སྨུག་ནག་བེ་ཅོན་དང་འཁོར་ལོ་བསྣམས་པ་ཁྲོ་བོའི་ཆ་བྱད་ཅན་བྲིས་ལ། ཞེས་གསུངས་པ་ལྟར་དང་། པད་ཉིའི་སྟེང་དུ་མ་ཧེ་ཡོད་པ་ཕྱག་ལེན་ལྟར་བྲིས་པ་འོག་གི་དམ་སྲིའི་མནན་པ་ཡོད་པའི་ཐད་ཀྱི་ཕྱིའི་སྒོ་གོང་དུ་བཏགས་པའི་མདུན་དུ་མཆོད་གཏོར་བཤམས་པ་རྒྱལ་ཐོའི་སྐབས་ལྟར་བྱིན་གྱིས་བརླབ། རྩ་བར། དེ་རཾ་ཡཾ་ཁཾ་གིས་སྦྱང་། ༀ་ཤྲཱི་ཡ་མཱནྟ་ཀ་ཧཱུཾ་ས་མ་ཡ་ཛཿས་སྙན་གསན་བྱ། ཞེས་པ་ཙམ་ལས་མི་འབྱུང་ཞིང་། གླན་སྟོན་དང་གཡུང་སྟོན་གྱིས་དམ་ཚིག་པ་བསྐྱེད་པར་གསུངས་ཕྱིར་ལག་ལེན་དུ་འདི་ལྟར། བྲིས་སྐུ་རཾ་ཡཾ་ཁཾ་དང་ཤཱུ་ནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ན་ཧཱུཾ། ༀ་ཡ་མཱནྟ་ཀྲྀཏ་ཕཊ། ཧཱུཾ་དང་རྩ་བའི་སྔགས་ཀྱི་འཕྲོ་འདུ་ལས་པད་ཉིའི་སྟེང་དུ་གཤིན་རྗེ་སྨུག་ནག་བེ་ཅོན་དང་འཁོར་ལོ་ཅན་མ་ཧེའི་སྟེང་དུ་གྱད་ཀྱི་དོར་སྟབས་སུ་བཞུགས་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་སྐུར་གྱུར། གཡུང་གིས། དབང་བསྐུར་བྱིན་རླབས་བསྡུས་པ་བྱ་ཞེས་གསུངས་པས། ༀ་ཧཱུཾ་ཏྲཾ་ཧྲཱིཿཨཱཿ ༀ་ཨཱཿཧཱུཾ། ༀ་ཤྲཱི་ཡ་མཱནྟ་ཀ་ཧཱུཾ་ས་མཱ་ཛཿ བསྡུ་བའི་ཕྱག་རྒྱས་སེ་གོལ་གཏོགས། སྤྱན་འདྲེན་ནི། རྩ་བར། ཧཱུཾ། ཁྲོ་བོའི་རྒྱལ་པོ་ཆེན་པོ་གཤིན་རྗེའི་གཤེད། །དམ་ཚིག་གནས་མཆོག་དམ་པ་འདིར། །དམ་སྲི་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ་བརྟན། བདེ་བར་གཤེགས་སོ་བཅོམ་ལྡན་ནས། ཤྲཱི་བཛྲ་རཱ་ག་གནྡྷེའི་བར་གྱི་ལྷ་མོ་བཞི་བསྣོལ་གྱིས་མཆོད་ལ། ཧཱུཾ། སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་ནས། །བཅོམ་ལྡན་ཆེ་མཆོག་འོད་ཀྱི་བཀའ་སྩལ་པ། །ལྷ་སྲིན་སྡེ་བརྒྱད་འབྱུང་པོའི་དཔོན་རྣམས་ཀུན། །སྒྲུབ་པ་མཆོག་ལ་དེང་འདིར་བདག་འཇུག་གི། །བླ་མེད་བྱང་ཆུབ་འབྲས་བུ་མ་ཐོབ་པར། །སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་ལ་དངོས་གྲུབ་ཀྱི་སྟོང་གྲོགས་དང་ཕྱི་མཚམས་བསྲུང་ཞིང་ནང་མཚམས་བསྐྱང་བ་དང་། ཁྱད་པར་སྒྲུབ་པ་མ་ཚར་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མ་བཏང་། ནང་གི་དངོས་གྲུབ་ཕྱིར་མ་བཏང་། རྡོ་རྗེ་ཡ་མ་དམ་སྲི་ལ་སོགས་པའི་བར་ཆད་ཐམས་ཅད་བསྲུང་དུ་གསོལ། ཞེས་བརྗོད་དོ། །སྒྱུ་འཕྲུལ་དང་འདིར་གཤིན་རྗེའི་སྒོ་བྱང་མ་གཏོགས་གསལ་བར་མ་གསུངས་ཀྱང་། ད་ལྟ་ཕྱག་བཞེས་སུ་བདུད་རྩི་འཁྱིལ་བའི་སྒོ་བྱང་ཡང་འདོགས་སྲོལ་འདུག་པས་བཀའ་བརྒྱད་སོགས་ཀྱི་ཤན་ཤོར་བ་འདྲ་ཡང་སྐྱོན་དུ་མི་འགྱུར་ཞིང་། ཁྱད་པར་འོག་ཏུ་སྒྲུབ་དབང་གི་མཐའ་རྟེན་དུས། སངས་རྒྱས་ཡེ་ཤེས་ཀྱིས། སྒོ་བྱང་ཕྱི་ནང་དགྲ་བགེགས་སྐྲོད། །ཅེས་གསུངས་པས། ཤིན་ཏུ་འཐད་ཅིང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འདུག་པས་བྱ། བླ་ཆེན་བྲེས་པའི་ཟིན་བྲིས་སུ་ཕྱི་ལ་བདུད་རྩི་འཁྱིལ་བ་དང་། ནང་དུ་གཤིན་རྗེ་འདུག་ཀྱང་ཡིག་ནོར་བྱུང་བ་འདྲ་བས། སྤྱི་ལྟར་ཕྱིར་གཤིན་རྗེས་བར་ཆོད་བསྲུང་ཞིང་ནང་དུ་འཁྱིལ་བས་དངོས་གྲུབ་སྟེར་བ་འཐད་པས། ར་སོག་ལ་བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་དང་ཐོད་ཁྲག་ཅན་ཁྲོ་ཚུལ་པད་ཉིར་བརྐྱང་བསྐུམ་གྱིས་བཞེངས་པ་བྲིས་ཏེ་ནང་སྒོར་བཏགས། མཆོད་གཏོར་བཤམས་པ་སྔར་ལྟར་བྱིན་གྱིས་བརླབས་ཏེ། རྩ་བར། དེ་ནས་གསང་མཚམས་བཅད་པ་ནི། ཀུན་གྱིས་ལངས་ལ་རྡོ་རྗེ་ཐུགས་ཀར་ལ་མི་རྟོག་པའི་ངང་ལ་ཐུགས་ཀར་ཧཱུཾ་བསམ་སྟེ། འཕྲོ་འདུ་ལས་རྡོ་རྗེ་རྩེ་ལྔ་པ། ཡང་འཕྲོ་འདུ་ལ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཅེས་པས་བདག་ཉིད་བདུད་རྩི་འཁྱིལ་བ་ལྗང་གུ་རྡོ་རྗེ་རྩེ་གསུམ་ཐོགས་པར་བསྐྱེད་ལ། ཞེས་གསུངས་པ་ལྟར་བདག་བསྐྱེད་གསལ་བཏབ། བྲིས་སྐུ་རཾ་ཡཾ་ཁཾ་དང་། ཤཱུ་ནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ན་ཧཱུཾ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ས་བོན་དང་སྔགས་ཀྱི་འཕྲོ་འདུ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་དང་ཐོད་ཁྲག་འཛིན་པ་དུར་ཁྲོད་ཀྱི་ཆས་ལྡན་ཡེ་ཤེས་ཀྱི་མེ་འབར་བའི་སྐུར་གྱུར། ༀ་ཧཱུཾ་ཏྲཾ་ཧྲཱིཿཨཱཿ ༀ་ཨཱཿཧཱུཾ་བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ་ལ་བརྟན་པར་བྱ། སྔར་བཞིན་ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་ལ། ཁྲོ་བོ་བདུད་རྩི་འཁྱིལ་བ་རྟེན་དང་གཉིས་སུ་མེད་པར་བཞུགས་ནས་གསང་མཚམས་བསྲུང་ཞིང་དངོས་གྲུབ་སྟེར་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་ལ། རྩ་བར། ཧཱུཾ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །གསང་བའི་དམ་ལྡན་སོ་སོ་ནས། །འདུ་བ་ལས་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེ་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །རྡོ་རྗེ་མཚོན་ཆེན་འབར་བ་ཡིས། །དེ་མ་ཐག་ཏུ་བཀས་ནས་གཤོག །བདུན་བརྒྱུད་རིགས་ཀྱང་བརླག་པར་བྱའོ། །ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ༀ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དྷཱ་རུ་ན་དྷཱ་རུ་ན་བཛྲ། ཚིནྡྷ་ཚིནྡྷ་བཛྲ། བྷིནྡྷ་བྷིནྡྷ་བཛྲ་ཧཱུཾ་ཕཊ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པས་བགེག་བསྐྲད། གླན་སྟོན་གྱིས། རང་འདྲ་བའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ནས་བགེགས་ཐམས་ཅད་བསྐྲད་ཅེས་གསུངས་པ་ལྟར་དམིགས་པ་བྱའོ། །ཧཱུཾ་ཞེས་པ་ཁྲོ་བོའི་གུར་དུ་གྱུར་ནས་བསྐལ་བའི་རླུང་ཡང་མི་ཐར་བར་བསམ་མོ། །རྩ་བ་ལས། སྐབས་འདིར་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རྫས་དགོད་པ་བཤད་ཀྱང་། ཕྱག་ལེན་དུ་བར་མཚམས་བཅད་པ་འདིར་བླང་བ་ཡིན་པས། རྩ་བར། དེ་ནས་བར་མཚམས་བཅད་པ་ནི། མི་རྟོག་པའི་ངང་ལས་བཻ་རོ་ཙ་ན་ༀ། ཞེས་པས་བདག་ཉིད་རྣམ་པར་སྣང་མཛད་དཀར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་དབུས་དཀར་གཡས་སྔོན་གཡོན་དམར། ཕྱག་དང་པོ་གཉིས་འཁོར་ལོ་དང་པདྨ། བར་བ་གཉིས་རྡོ་རྗེ་དང་དྲིལ་བུ། ཐ་མ་གཉིས་རིན་ཆེན་རལ་གྲི་བསྣམས་པ། ཉི་ཟླ་པདྨའི་གདན་ལ་བཞུགས་པར་བསམ། དེའི་ཐུགས་ཀ་ནས་ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པས་མི་གཡོ་བ་ཞལ་གསུམ་ཕྱག་དྲུག་དབུས་སྔོ་སྐྱ་གཡས་དཀར་གཡོན་དམར་བ། གཡས་གསུམ་རྡོ་རྗེ་རལ་གྲི་མདའ། གཡོན་གསུམ་དགྲ་སྟྭ་ཞགས་པ་གཞུ་བསྣམས་པ་གཅིག་ཕྱུངས་ནས་མདུན་དུ་བཀའ་ནོན་དུ་བསམ། མེ་དཔུང་དང་། ཕཊ། ན་མཿས་མནྟའི་སྔགས་བརྗོད་ཅིང་། ཞེས་གསུངས་པས། མེ་དཔུང་ཟེར་བ་རྡོ་རྗེ་མེའི་སྔགས་ཡིན་ནམ་སྙམ་ཡང་། གླན་སྟོན་གྱིས་མེའི་དཀྱིལ་འཁོར་དང་། ཞེས་གསུངས་པས། མེའི་དཀྱིལ་འཁོར་གྱིས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་གང་བར་བསམ་པ་ཡིན་ནམ་སྙམ་པ་སོགས་སོམ་ཉི་མང་ཡང་། སྐབས་འདིར་ཁམས་ལུགས་སུ། མེ་ཡི་དཀྱིལ་འཁོར་ལ་གནས་སྣང་མཛད་ཀྱིས། །ཞབས་དྲུང་དབྲལ་དབྱེས་ནས་ཕྱུང་མི་གཡོ་བྲན། །བདུད་ལས་རྣམ་རྒྱལ་ཕྱག་དྲུག་མདའ་གཞུ་དང་། །རལ་གྲི་ཞགས་བསྣམས་རྡོ་རྗེའི་ཆར་འབེབས་པ། །ཁྲོ་བོ་གྲངས་འདས་པས་ནི་རབ་བསྐོར་ཏེ། །བགེགས་རྣམས་སྐྲག་མཛད་ཧཱུཾ་གི་སྒྲས་བཀང་ནས། །འཇིག་རྟེན་གསུམ་པོ་གང་བས་རྣམ་པར་འཇིགས། །ཐམས་ཅད་མ་ལུས་རྡུལ་དུ་བརླག་པར་བྱོས། །ཕཊ། ན་མཿས་མནྟ་བྷུ་ཏེ་ནན། ཨ་ཙ་ལ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཁཾ་ཁཾ་ཞེས་གསུངས་པས། མེ་དཔུང་གི་དབུས་ན་བཞུགས་པའི་མི་གཡོ་བས་སྤྲུལ་པ་སྤྲོས་ཏེ་བགེགས་སྐྲོད་དམིགས་སྔགས་དང་བཅས་གསལ་བར་འདུག་པས་ལེགས་བཤད་དུ་སྣང་བ་བཞིན་ཉམས་སུ་བླངས་ངོ་། །རྩ་བར། རལ་གྲིའི་ཕྱག་རྒྱ་གཡས་ནས་ཀླད་ལ་བསྐོར་བས་བགེགས་ཐམས་ཅད་བསྐྲད། གཡོན་ནས་བསྐོར་བས་རལ་གྲིའི་གུར་དུ་བསམ་མོ། །ཞེས་གསུངས་པ་ལྟར་ཕྱག་རྒྱ་བཅའ་ཞིང་དམིགས་པས་གསལ་བཏབ་བོ། །གཞུང་དུ་སྐབས་འདིར་བསྙེན་དབང་བྱུང་ཡང་། ཕྱག་བཞེས་དང་མན་ངག་ཏུ་སྐབས་འདིར་མ་ཏྲཾ་བསྒྲལ་བར་མཛད་པས་རྒྱུ་མཚན་ཅིའི་ཕྱིར་ན། འོག་ཏུ་སྤྱི་དོན་བཞི་པ་དཀྱིལ་འཁོར་སྒྲུབ་ཞག་གི་ཆོ་ག་བསྟན་པའི་སྐབས་སུ། མ་ཏྲཾ་མནན་ཅིང་གསང་མཚམས་བཅད། ཁྲོ་བོ་བཅུའི་སྟངས་སྟབས་ཀྱིས་དམ་སྲི་བརྡུང་། ཞེས་དང་། མཆན་བུར། དམ་སྲི་མནན་ནས་མ་ཏྲཾ་བསྒྲལ་ཞེས་ཀྱང་འབྱུང་བས། དམ་སྲི་མནན་པ་དང་སྒོ་བྱང་གདགས་པ་གཉིས་འབྲེལ་མཚུངས་སུ་བཤད་ཕྱིར་གོང་དུ་གྲུབ་པས། གསང་མཚམས་མ་ཏྲཾ་སྒྲོལ་བ་ནི། རྩ་བར། ཉེ་བར་བསྙེན་པའི་ཡན་ལག་ཏུ་བཤད་པས། རྣམ་པ་གཅིག་ཏུ་ད་ལྟ་བསྙེན་དབང་མ་གྲུབ་བས་མི་འཐད་པ་འདྲ་ཡང་། ལག་ལེན་འཇུག་པ་བདེ་ཞིང་སྔ་འགྱུར་སྤྱི་བབས་ཀྱི་ཆོག་ཁྲིགས་སུ་ཡང་དེ་བཞིན་འབྱུང་བས། དེའི་ཕྱིར་འདིར་བླང་དུ་རུང་ངོ་། །རྩ་བར། སྤྱི་དོན་གཉིས་པ་ཉེ་བའི་བསྙེན་པ་ནི། བཤགས་པ་དམ་བཅའ་བྱིན་འབེབས་གོང་བཞིན་བྱས་ཏེ། ཞེས་གསུངས་པ་འོག་ཏུ་འཆད། རྩ་བར། མ་ཏྲཾ་མནན་པ་ནི། བྱང་ཤར་དུ་ཕྱིན་ཏེ། བཛྲ་ཧེ་རུ་ཀ་ཧཱུཾ་གིས་རང་ཧེ་རུ་ཀར་བསྐྱེད་ལ། ཞེས་སོགས་ཀྱིས་ཆོ་ག་དངོས་སྟོན་པས། དེ་ཡང་དཀྱིལ་འཁོར་གྱི་བྱང་ཤར་དུ་ཧོམ་ཁུང་གྲུ་གསུམ་མེ་རི་དང་བཅས་བྲིས་པའི་དབུས་སུ་འཇིམ་པའམ་ངར་ཟན་ལས་མ་ཏྲཾ་མགོ་གསུམ་གཡས་དཀར་གཡོན་དམར་དབུས་དང་ལུས་སྔོ་སྐྱ་ལག་པ་དྲུག་རྐང་པ་བཞི་ཡོད་པ་གཡོན་གྱིས་གཡས་མནན་པའི་གཟུགས་གན་རྒྱལ་དུ་མགོ་བོ་ལྷོ་ནུབ་ཏུ་བསྟན་ལ་བཞག །སྤྲོ་ན་སློབ་དཔོན་ཆས་སུ་ཞུགས་པའམ་ཡང་ན་གོང་བཞིན་གིང་དཀར་ནག་གི་འཆམས་དང་བཅས་ཏེ་འདི་སྐད་དོ། །བཛྲ་ཧེ་རུ་ཀ་ཧཱུཾ། རང་ཉིད་ཁྲག་འཐུང་བཛྲ་ཧེ་རུ་ཀ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། བར་པ་གཉིས་ཀྱིས་རྩེ་ལྔ་དང་བྷཉྫ། ཐ་མ་གཉིས་ཀྱིས་ཞིང་དབྱུག་དང་འཇིག་རྟེན་འདེགས་ཚུལ་ཅན། ཞབས་བཞི་གཡོན་བརྐྱང་པའི་གྱད་གྱི་དོར་སྟབས་ཀྱིས་རཱུ་ཏྲ་ཕོ་མོ་པད་ཉིའི་གདན་ལ་འགྱིང་བ་དུར་ཁྲོད་ཀྱི་ཆས་ལྡན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཡུམ་ཁྲོ་མོ་དབང་ཕྱུག་མ་སྔོན་མོ་དྲིལ་བུ་དང་ཐོད་ཁྲག་འཛིན་པ་དང་གཉིས་སུ་མེད་པར་འཁྲིལ་བའི་བདག་ཉིད་དུ་གྱུར། རྩ་བར། ལྕགས་ཀྱུའི་ཕྱག་རྒྱས། མ་ཏྲཾ་ཁ་རུ་ཏྲ་ཨཾ་གུ་ཤ་ཛཿ ཞེས་ལན་གསུམ་གྱི་མདུན་དུ་བཀུག་ལ། ཞེས་འབྱུང་བས་སྔགས་དང་ཕྱག་རྒྱ་ལན་གསུམ་བྱས་པས་མ་ཏྲཾ་བཀུག་པར་བསམ་ལ་གཟུགས་དང་གཉིས་སུ་མེད་པར་བལྟ། རྩ་བར། ༀ་བཛྲ་གུ་ཧྱེ་དྲྀ་ཤྱ་ས་མ་ཡ་སྟྭཾ། ཞེས་ཐོད་པའི་ཕྱག་རྒྱ་ལན་གསུམ་བསྟན་པས་སྔོན་གྱི་དམ་བཅའ་ལས་མི་འདའ་བར་བསམ་ལ། ཞེས་པས་ཐོད་པའི་ཕྱག་རྒྱ་ནི། ལག་པ་གཉིས་ཐལ་མོ་ཁོང་སྟོང་གི་སོར་མོའི་རྩེ་རྣམས་བཀུག་སྟེ་མགོ་བོ་ལྟ་བུར་བྱས་པའོ། །ཁ་ཊྭཱཾ་གི་ཕྱག་རྒྱ་བཅས་ཏེ། ཞེས་གསུངས་པས། ལག་པ་གཡས་ཀྱི་མཐེའུ་ཆུང་ནང་དུ་བཀུག་པ་མཐེབ་ཆེན་གྱིས་མནན་ཏེ་སོར་མོ་གསུམ་གཤིབས་ཏེ་སྒྲེང་བའི་ཕྱག་རྒྱའམ་ཡང་ན་ཁ་ཊྭཱཾ་ཀ་ལག་པ་གཡས་སུ་ཁྱེར་ཏེ་གིང་པ་དང་ལྷན་ཅིག་པར་འཆམ་སྟབས་དབྱངས་དང་རོལ་མོར་བཅས་ཏེ། རྩ་བར། ཧཱུཾ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །སྔོན་ཡང་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་གནས་སུ་བྱས། །ཤེས་པ་བླ་མེད་གནས་སུ་སྤར། །ད་ཡང་རྣལ་འབྱོར་དབང་ཕྱུག་གིས། །བསྒྲལ་ནས་སྒྲུབ་པའི་གནས་སུ་བྱ། །ཕུང་པོ་ཁམས་སོགས་གནས་སྦྱངས་ནས། །རང་བྱུང་མཆོད་རྟེན་བརྒྱད་བཞུགས་ཏེ། །མ་མོ་བརྒྱད་ཀྱིས་བསྲུང་བར་བྱེད། །ཐུགས་དམ་ཆེན་པོ་ཇི་བཞིན་དུ། །བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ། །དངོས་གྲུབ་ཆེན་པོའི་སྟོང་གྲོགས་མཛོད། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་མ་ཧཱ་ས་མ་ཡ་མུ་དྲ་མ་ཏྲཾ་པྲ་བྷན་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་ཁ་ཊྭཱཾ་གི་ཕྱག་རྒྱ་བསྣུན་པས་མགོ་བོ་ལྷོ་ནུབ་རྐང་པ་བྱང་ཤར་དུ་བསྟན་ལ་རྐང་པ་གཡོན་གྱིས་མནན་ནས་འགྱེལ་བར་བསམ། བདག་གི་ཞབས་གཡས་ཀྱི་མཐེ་བོང་ཛཿལས་ལྕགས་ཀྱུར་བསམ་ལ། རྐང་པ་གཡས་བཏེག་པའི་འཆམ་སྟབས་དང་བཅས་ཏེ། གནས་ཀྱི་སྒོ་འདི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུང་འཛིན་རྐང་ལག་བསྣོལ་བ་ཡི། །ཡུལ་ལས་འདས་པར་སྒོ་ཕྱེ་ཞིག །ཧཱུཾ་ཧཱུཾ་ཕཊ་ཕཊ་མ་ཏྲཾ་ཀ་རུ་ཏྲ་ཧཱུཾ་ཕཊ། སརྦ་ཕྱེ་ཏཾ་ཙ་བྱ་ཕྱེ་ཏཾ་ཙ་བྱ། ཞེས་པས་རྐང་པ་བསྣོལ་བ་ཕྲལ། རལ་གྲིའི་ཕྱག་རྒྱས་ཞེས་འབྱུང་ཡང་། རལ་གྲི་དངོས་ཐོགས་ཏེ་ཁ་ཊྭཱཾ་ཁ་བྲ་བེ་ཤ་ཕཊ་ཀྱིས་ཁོག་པ་དྲལ། ཧྲི་ཧཱུཾ་གིས་ཁོའི་ཤེས་པ་ཧཱུཾ་དཀར་པོ་བདག་གི་ཐུགས་ཀར་ཐིམ་པས་ཐུགས་ཡེ་ཤེས་དབྱེར་མེད་པར་བསམ། སྐབས་འདིར་མགོ་དང་རྐང་ལག་རྣམས་སོ་སོར་ཕྲལ་ཏེ་དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་མགོ། བྱང་ཤར་དུ་རྐང་པ། ཤར་ལྷོར་ལག་གཡས། ནུབ་བྱང་ལག་གཡོན་རྣམས་བཀོད་ལ། མ་ཏྲཾ་གི་ཁོག་པའི་ནང་དུ་གཞལ་ཡས་ཁང་རྟེན་དང་བརྟེན་པར་བཅས་པ་གནས་པ་སྔ་འགྱུར་གྱི་ཁྱད་ཆོས་ཡིན་ཏེ། རྩ་བར། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་རཾ་ཞེས་པས་མ་ཏྲཾ་གི་ཁོག་པ་ཟླ་གམ་སྨུག་ནག་ཏུ་བསམ། བྷྲཱུཾ་ཁཾ་པྲ་བེ་ཤ་ཕཊ་ཀྱིས་མ་ཏྲཾ་གི་ཁོག་པའི་སྒོ་ཕྱེ་བའི་ནང་དུ་ཧཱུཾ་ཧཱུཾ་གི་སྒྲ་དང་བཅས་ཏེ་ཕྱིན་ཧ་ཧ་ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ན་ཧཱུཾ་གིས་སྒོ་བཅད་པར་བསམ་ལ། དེའི་ནང་དུ་སྲུང་འཁོར་སྒོམ་པ་ནི། ཧཱུཾ། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་བཅལ། །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ལས། །རྡོ་རྗེ་མཚམས་ལས་མ་འདའ་ཞིག །ༀ་བཛྲ་ཡཀྵ་ཀྲོ་དྷ་ཧཱུཾ་ཕཊ། བཛྲ་བཛྲ་བཛྲ་རཾ་ཡཾ་ཁཾ་ཞེས་པས་རྡོ་རྗེའི་གུར་དུ་གྱུར་ནས་བསྐལ་པའི་རླུང་གིས་མི་ཐར་བར་བསམ། ཞེས་པ་ནི་མ་ཏྲཾ་བསྒྲལ་བྱའོ། །རྩ་བར། ཁྲོ་བཅུའི་སྟངས་སྟབས་བྱ་ཞེས་གསུངས་པ་གོང་དུ་གྲུབ། །རྩ་བར། དམ་སྲི་མནན་ལ་སྐྲ་མཚམས་སུ་ཞག་གི་ཟོ་རིས། དཔྲལ་བར་ཐལ་ཆེན་ཚོམ་བུ། སྨིན་མཚམས་སུ་ཁྲག་གི་ཐིག་ལེ་བྱ། ཞེས་གསུངས་པ་བསྙེན་དབང་གི་སྐབས་སུ་འབྱུང་ངོ་། །རྩ་བར། རྩ་བ་དང་ཡན་ལག་གི་མཆོད་པ་བྱིན་གྱིས་བརླབ། ཞི་ཁྲོའི་གཞུང་བསྲང་ཞེས་པ་ཡང་འོག་ཏུ་འཆད་དོ། །ཟུར་ལུགས་སུ་གསལ་བར་མ་བྱུང་ཡང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པའོ་སྔོན་དུ་རང་རྡོ་རྗེ་གཞོན་ནུར་བསྐྱེད་དེ་ཕུར་གདབ་བྱ་བར་གསུངས་པ་འོག་ཏུ་འབྱུང་ཞིང་། སྐབས་འདིར་ཁམས་ལུགས་སུ་ནང་མཚམས་ལ་གསུམ་སྟེ། ནང་གི་ཕྱི་མཚམས་ཁྲོ་བཅུའི་ཕུར་པ་བགེགས་ལ་བཏབ་པ་དང་། ནང་གི་ནང་མཚམས་མཚོན་ཆ་འཆོལ་བས་མཚོན་ཆའི་གུར་ཕུབ་པ་དང་། ནང་གི་གསང་མཚམས་ཁྲོ་བཅུའི་སྟངས་སྟབས་ཀྱིས་བགེགས་རིགས་ཟིལ་གྱིས་མནན་པ་དང་གསུམ་དུ་གསུམ་པའི་ཕུར་གདབ་འདིར་སྐབས་སུ་བབ་པར་འདུག་ཅིང་། དེ་ཡང་སྒྱུ་འཕྲུལ་ཞི་བའི་དབང་བྱང་དང་། མདོ་དབང་ཁམས་ལུགས་སུ་ཕུར་གདབ་ཚིག་སྣ་ཤིན་ཏུ་རིང་བས་ཧ་ཅང་དུབ་པར་སྣང་ཞིང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་ཆོག་སྒྲོལ་ཆེན་སངས་རྒྱས་རིན་ཆེན་གྱི་གསུང་ཉིད་རྒྱས་བསྡུས་འཚམ་པར་སྣང་བས། དེའི་དགོངས་དོན་བསྡུས་པ་ནི་འདི་ལྟར། ལྕགས་སམ་ཤིང་ལས་བྱས་པའི་ཕུར་བུ་དར་མཐིང་དམར་གྱི་ཅོད་པན་བཅུ་སློབ་དཔོན་གྱི་མདུན་དུ་གསར་ལ། དབལ་ལ་ཁྲག་ཆེན་ནམ་ཚིལ་ཆེན་བྱུག །གུ་གུལ་གྱི་དུད་པས་བདུག་ལ། སློབ་དཔོན་ཞེ་སྡང་རྡོ་རྗེའི་ང་རྒྱལ་བྱ་བར་གསུངས་པ་ལ་གཉིས་ཏེ། སྤྱིར་སྒྱུ་འཕྲུལ་པའི་ལུགས་ཀྱི་ཞེ་སྡང་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ས་ཆོག་གི་བཀའ་བསྒོའི་སྐབས་སུ་གསུངས་པ་དང་། འདིར་ཞེ་སྡང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པར་གསུངས་པ་སྐབས་འགར་ཕུར་པ་ལ་ཞེ་སྡང་རྡོ་རྗེ་གཞོན་ནུའི་ཐ་སྙད་བཏགས་པ་སོགས་ཡོད་པས་སོ་སོའི་སྐབས་ཐོབ་ལྟར་མ་འདྲེས་པར་ཤེས་པ་གལ་ཆེ་བར་ཡོད་པས་གོ་བར་བྱའོ། །རྣམ་པར་མི་རྟོག་པའི་ངང་ལས་ཧཱུཾ་ཞེས་བརྗོད་པས་རང་ཉིད་ཧཱུཾ་དུ་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། རྡོ་རྗེར་གྱུར། དེ་ལས་འོད་ཟེར་འཕྲོ་འདུས་བཛྲ་དྷྲྀཀ྄་ཞེས་བརྗོད་པས། རང་ཉིད་ཞེ་སྡང་རྡོ་རྗེ་སྔོ་ནག་གཡས་དཀར་གཡོན་དམར་དབུས་སྔོ་བ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ། འཁོར་ལོ། རིན་ཆེན། གཡོན་གསུམ་དྲིལ་བུ། པདྨ། རལ་གྲི། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཞལ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ་ཞི་མ་ཁྲོའི་ཆ་ལུགས་སུ་གྱུར། བདག་གི་ཐུགས་ཀ་ནས་ཡི་གེ་བྷྲཱུཾ་སེར་པོ་ཕྱོགས་བཅུར་ཁྱབ་པར་འཕྲོ་འདུ་འོད་དུ་ཞུ་བ་ལས། བཛྲ་ཛྙཱ་ན་ཙཀྲ་བྷྲཱུཾ་ཞེས་པས་འཁོར་ལོ་སེར་པོ་རྩིབས་བརྒྱད་སྟེང་འོག་གི་ཆ་གཉིས་ཏེ་བཅུར་གྱུར། བདག་གི་ཐུགས་ཀ་ནས་མ་བཅུ་འཕྲོས་རྩིབས་བཅུའི་དབུས་སུ་ཉི་གདན་བཅུར་གྱུར། སླར་ཡང་བདག་གི་ཐུགས་ཀ་ནས་ཁྲོ་བོ་ཊ་ཀི་རཱ་ཛ་དམར་ལྗང་ཞལ་གཅིག་ཕྱག་གཉིས་ཐོ་བ་དང་ལྕགས་ཀྱུ་འཛིན་པ་འཕྲོས་ཏེ་ཕྱོགས་སྐྱོང་བཅུ་བཀུག་སྟེ་ཕྱོགས་མཚམས་སྟེང་འོག་གི་ཉི་གདན་བཅུའི་སྟེང་དུ་སྒྱེལ་བར་གྱུར། སུམྦྷ་ཚར་གཅིག་བརྗོད། ཡང་བདག་གི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་བཅུ་འཕྲོས་ཏེ་ཕུར་པ་ལ་ཐིམ་པས། ཕུར་བ་བཅུ་སྟོད་ཁྲོ་བོར་རང་རྟགས་ཀྱི་ཕྱག་རྒྱ་ཅན། སྨད་ཕུར་པའི་རྣམ་པ་ཅན་བཅུར་གྱུར། སློབ་དཔོན་གྱི་ཕྱག་གཡོན་གྱིས་ཕུར་པ་བཟུང་ཞིང་གཡས་པས་རྡོ་རྗེའི་ཐོ་བས་ཕུར་པའི་སྤྱི་བོ་ནས་བསྡིགས་པའི་ཚུལ་བྱ་ཞིང་། སྒྲུབ་ཁང་གི་ཤར་སྟོད་དུ་སྟེང་གི་ཁྲོ་བོའི་ཕུར་པ་བཏབ་ལ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཅེས་རང་སྔགས་དང་ཐོ་བས་བསྡིགས་ཤིང་ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་རང་སྔགས་དང་སྡེར་མོའི་སྔགས་བརྗོོད་པ་འོག་མ་ཀུན་ལ་འགྲེའོ། །ཤར་སྨད་དུ་རྣམ་རྒྱལ་གྱི་ཕུར་པ་བཏབ་ལ་བསྡིགས་ཤིང་། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། དེ་བཞིན་དུ་ཤར་ལྷོར་ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ལྷོར་ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ལྷོ་ནུབ་ཏུ་ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ནུབ་སྟོད་དུ་ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ནུབ་བྱང་དུ་ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཛཱི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། བྱང་དུ་ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བྱང་ཤར་དུ་ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛཱ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ནུབ་སྨད་དུ་འོག་གི་ཁྲོ་བོ་སྟོབས་པོ་ཆེའི་ཕུར་པ་བཏབ་སྟེ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུཾ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ། ཅེས་བཏབ་བོ། །དེ་ལྟར་ཕྱོགས་སྐྱོང་བཅུ་ལ་ཕུར་བུ་བཏབ་པས་ཕྱོགས་སྐྱོང་དེ་དག་གི་ལུས་ཐམས་ཅད་བཅོམ། སྡིག་པ་ཐམས་ཅད་བསྲེག །རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སངས་རྒྱས། ཁྲོ་བོ་རྣམས་འཁོར་ལོའི་རྩིབས་ནང་དུ་འཁོད་པ་དེ་ཉིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་བགེགས་ཐམས་ཅད་བསྲུང་བའི་ལས་མཛད་པར་གྱུར། ཁྲོ་བོ་ལ་བསྟོད་པ་ནི། རྡོར་དྲིལ་འཛིན་ཅིང་འཁྲོལ་བས། ཧཱུཾ། ཕྱོགས་བཞི་མཚམས་བཞི་སྟེང་འོག་གཉིས། །ཁྲོ་བོའི་རྒྱལ་པོ་བདུད་ཆེན་རྣམས། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །ཡ་མཚན་ཆེ་བའི་དབུ་རྒྱན་ཅན། །དབུ་སྐྲ་ཁམ་ནག་རལ་པ་ནི། །གྱེན་དུ་འཁྱིལ་བས་སྲིད་རྩེ་འབར། །སྤྱན་གསུམ་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་འབར་བ་གཙིགས། །རྐན་སྒྲ་གཏོགས་པས་ཁམས་གསུམ་འཁྲུག །བདུད་ཚོགས་རྣམས་ཀྱིས་ཞབས་ལ་གཏུགས། །མཛེས་པའི་ལྷ་མོ་མང་པོ་ཡིས། །སྙན་པའི་གླུ་དབྱངས་དུ་མས་བསྟོད། །བཅོམ་ལྡན་འདས་ཀྱི་སྤྲུལ་པ་སྟེ། །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །ཤར་ཕྱོགས་འབྱུང་པོ་ཐབས་ཀྱིས་འདུལ། །ལྷོ་ཕྱོགས་གཤིན་རྗེ་ཞབས་ཀྱིས་གནོན། །ནུབ་ཕྱོགས་ཀླུ་ཡི་གདོན་རྣམས་གཟིར། །བྱང་ཕྱོགས་གནོད་སྦྱིན་ཀུན་གྱི་བླ། །མཚམས་ཀྱི་བགེགས་རྣམས་ཞི་མཛད་པ། །ཡ་མཚན་ཆེ་ལ་ཕྱག་འཚལ་བསྟོད། །ཕྱོགས་མཚམས་ཕུར་པས་བཏབ་ནས་ཀྱང་། །སྟེང་འོག་ཡང་དག་བྱིན་གྱིས་བརླབས། །དེ་ནས་ཧཱུཾ་ཞེས་བརྗོད་པས་ཁྲོ་བོ་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཏེ་མེའི་གུར་དུ་གྱུར་པའི་ནང་དུ་སྒྲུབ་པ་པོ་རྣམས་བག་ཡངས་སུ་སྤྱོད་བར་བསམ་མོ། །རྩ་བར་དངོས་སུ་མ་གསུངས་ཀྱང་སྒྱུ་འཕྲུལ་ལས་སྐབས་འདིར་མཚོན་ཆའི་མཚམས་བཤད་པ་སྐབས་སུ་བབས་པ་འདི་ལྟར། བདག་གི་ཐུགས་ཀར་ཉི་མའི་གདན་སྟེང་ས་བོན་ལས་རིགས་ལྔ་ཡབ་ཡུམ་བཅུ་བསྐྱེད་པ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་ཕྱག་མཚན་རྣམ་པ་ལྔ་འཕྲོས་ཏེ་མཚོན་ཆའི་གུར་སྤྲོ་བའི་སྔགས་ནི། ཨ་ཙནྡྲ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཧཱུཾ་ༀ་སྭཱ་ཨཱཾཿཧཱ། མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཧཱུཾ་བཛྲ་དྷྲིཀ྄ །མ྄ཱུཾ་དྷཱ་ཏྭི་ཤྭ་རཱི། ༀ་ཛཱི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི། ཨཱཾཿཨ་རོ་ལིཀ྄ །པྱཱཾ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བཛྲ་ཨཉྫ་ལི། བཛྲ་ཙཎྜ་ཛྭ་ལ་བཛྲ། སུམྦྷ་ནི་མནྟ་ཛྭ་ལ་བཛྲ་ཧཱུཾ་ཕཊ། ༀ་བྷྲཱུཾ། ཧཱུཾ་བྷྲཱུཾ། ཏྲཾ་བྷཱུཾ། ཧྲཱིཿབྷྲཱུཾ། ཨཱཿབྷྲཱུཾ། མཚོན་ཆ་རྣམས་རིམ་པ་བཞིན་འཕྲོས་ཏེ་གུར་ཁང་གིས་གཏམས་པར་གྱུར། ཧཱུཾ། ང་ཡི་དཀྱིལ་འཁོར་བསྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པའི་ཚུལ་བཞིན་བསྲུང་། །རྡོ་རྗེ་བསྡོམས་པའི་མཐེ་བོང་མཐེའུ་ཆུང་གུང་མོ་རྣམས་བསྒྲེང་། མཛུབ་མོ་གཉིས་བཀུག་པའི་རྩེ་གུང་མོའི་ཚིགས་གསུམ་པར་བཙུགས་པ་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་བཅས་ལ། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་སྟེ། །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ལས། །རྡོ་རྗེའི་མཚམས་ལས་བགེགས་མ་འདའ། །ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཕཊ། ཐལ་མོ་སྦྱར་ཏེ་སོར་མོ་བསྣོལ་བ་འཁོར་ལོའི་རྒྱས། སྟེང་ཡང་འཁོར་ལོའི་བླ་བྲེ་ལ། །འོག་ཀྱང་འཁོར་ལོའི་ས་གཞི་སྟེ། །ཕྱོགས་མཚམས་འཁོར་ལོས་གཏམས་པ་ལས། །གསང་བ་འཁོར་ལོའི་མཚམས་ལས་བགེགས་མ་འདའ། ༀ་བཛྲ་ཛྙཱ་ན་ཙཀྲ་ཧ་ན་ཙཀྲ་ཧཱུཾ་ཕཊ། ལག་པ་གཉིས་མཐེ་བོས་མཛུབ་མོ་བཀུག་ནས་མནན་པ་རལ་གྲིའི་རྒྱས། སྟེང་ཡང་རལ་གྲིའི་བླ་བྲེ་ལ། །འོག་ཀྱང་རལ་གྲིའི་ས་གཞི་སྟེ། །ཕྱོགས་མཚམས་རལ་གྲིས་གཏམས་པ་ལས། །གསང་བ་རལ་གྲིའི་མཚམས་ལས་བགེགས་མ་འདའ། །ༀ་བཛྲ་ཏིཀྵ་ཎ་ཚིནྡྷ་ཧཱུཾ་ཕཊ། ཙཎྜ་རོ་ཥ་ཁཏྒ་ཧཱུཾ་ཕཊ། སོར་མོའི་རྩེ་རྣམས་བཀུག་སྟེ་མགོ་བོ་ལྟ་བུ་དབྱུག་ཏོའི་རྒྱས། སྟེང་ཡང་དབྱུག་ཏོའི་བླ་བྲེ་ལ། །འོག་ཀྱང་དབྱུག་ཏོའི་ས་གཞི་སྟེ། །ཕྱོགས་མཚམས་དབྱུག་ཏོས་གཏམས་པ་ལས། །གསང་བ་དབྱུག་ཏོའི་མཚམས་ལས་བགེགས་མ་འདའ། །ༀ་ཨ་ཀོ་ཊ་མཏྒ་ར་ཧཱུཾ་ཕཊ། ༀ་བཛྲ་ཀཱ་ལ་རཱུ་པ་ཤ་ཡ་ཧཱུཾ་ཕཊ། སོར་མོ་རྣམས་རྩེ་སྤྲད་སྲིན་ལག་གཉིས་ནང་དུ་བཀུག་པ་རྒྱ་གྲམ་གྱི་རྒྱས། སྟེང་ཡང་རྒྱ་གྲམ་བླ་བྲེ་ལ། །འོག་ཀྱང་རྒྱ་གྲམ་ས་གཞི་སྟེ། །ཕྱོགས་མཚམས་རྒྱ་གྲམ་གཏམས་པ་ལས། །གསང་བ་རྒྱ་གྲམ་མཚམས་ལས་མ་འདའ་ཞིག །ༀ་བཛྲ་ཀརྨ་སཏྭ་ཧ་ཧ་ཧཱུཾ་ཕཊ། ཧཱུཾ། མཚམས་བཅད་ནང་ནི་ཚུལ་ཆད་དུ། །སུ་ཡང་འདའ་བར་མ་བྱེད་ཅིག །ཅིས་ཏེ་བཀའ་ལས་འདས་གྱུར་ན། །ཐོ་བ་ལྕགས་ཀྱུ་འཁྲིགས་པ་ཡིས། །སྙིང་ནས་དྲངས་ཤིང་བརྡུང་བར་བྱའོ། །སུམྦྷ་བརྗོད། དེ་ཡང་བཀའ་བསྒོ་བགེགས་སྐྲོད་ཁྲོ་མཚམས་མཚོན་ཆའི་མཚམས་ཏེ་མཚམས་གཅོད་བཞིའི་རིམ་པའོ། །འདིར་ཕྱག་མཚན་རྣམས་ཐུགས་ནས་འཕྲོ་བ་འདི་གའི་ལུགས་ཐུན་མོང་མ་ཡིན་པ་ཡིན་ཅིང་། ལ་ལ་དག་ལག་པའི་སོར་མོ་རྣམས་རིགས་ལྔ་ཡབ་ཡུམ་དུ་བྱིན་གྱིས་བརླབ་པར་བཤད་ཀྱང་། ཕྱག་མཚན་ཐུགས་ནས་སྤྲོ་བ་གཞུང་ནས་གསུངས་ཕྱིན་འདི་ག་ལེགས་པར་སེམས་སོ། །འདི་ཡན་ཆོད་ཀྱིས་ཕྱི་ནང་གསང་བའི་མཚམས་དགུ་ཕྲུགས་སུ་བྱ་བ་ཚང་བ་ཡིན་པས། དགུ་ཕྲུག་གི་མཚམས་ནི། སྒྱུ་འཕྲུལ་ཞི་ཁྲོར། ཕྱི་ནང་གསང་བའི་མཚམས་དགུ་ཕྲུགས་ཀྱིས་དཀྱིལ་འཁོར་ས་གཞི་བསྲུང་བར་བྱ་སྟེ། ཕྱིའི་ཕྱི་མཚམས་རྒྱལ་ཆེན་དང་ཕྱོགས་སྐྱོང་གི་ཐོ་གཟུག །ནང་མཚམས་དམ་སྲི་བརྡུངས་ལ་མནན་པ་བྱ། གསང་མཚམས་སྒོ་བྱང་གདགས། ནང་གི་ཕྱི་མཚམས་ཁྲོ་བོ་བཅུས་བགེགས་ལ་ཕུར་པ་གདབ། ནང་མཚམས་མཚོན་ཆ་འཆོལ་བས་མཚོན་ཆའི་གུར་ཕུབ། གསང་མཚམས་ཁྲོ་བོ་བཅུའི་སྟངས་སྟབས་ཀྱིས་བགེགས་རིགས་ཟིལ་གྱིས་མནན། གསང་བའི་ཕྱི་མཚམས་བདུད་རྩི་འཁྱིལ་པ་དང་མི་གཡོ་བས་དམ་སྲིའི་བར་ཚད་ཚར་བཅད། ནང་མཚམས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སུ་སྒོམ། གསང་མཚམས་གསང་བའི་དམ་སྲི་བདུད་རྩི་གསང་གཏོར་གྱིས་རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ། །ཞེས་གསུངས་པ་མ་ཧཱ་དང་ཨ་ནུའི་ཁྱད་པར་གྱིས་ཆོག་ཁྲིགས་མི་གཅིག་པའི་དབང་གིས་ཁ་འཐོར་བ་མ་གཏོགས་དོན་གྱིས་ཚང་བ་ཡིན་ལ། འོན་ཀྱང་གསང་བའི་ནང་མཚམས་དང་གསང་མཚམས་གཉིས་ལས་གཞུང་གི་སྔོན་འགྲོར་འབྱུང་། འདི་རྣམས་ཀྱི་ཁུངས་ནི། རྡོ་རྗེ་ལས་རིམ་ལས། ཞེ་སྡང་རྡོ་རྗེའི་ཚུལ་བཟུང་ལ། །འབར་བའི་སྤྱན་སོགས་བཤད་བཞིན་བྱ། །ཞེས་སོགས་ཀྱི་དོན་ཡིན་ཞེས་བླ་མ་རྣམས་གསུང་ངོ་། །དེ་ལྟར་མཚམས་ཀྱི་རིམ་པ་ཡན་ལག་དང་བཅས་པ་གྲུབ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རྫས་བཀོད་པ་འཐད་ཅིང་། དེ་ཡང་སྔགས་གསར་མ་རྣམ་སྣང་མངོན་བྱང་སོགས་དང་བླ་མེད་ཀྱི་རྒྱུད་སྡེ་གཞན་ལས་ཀྱང་བཤད་འདུག་ཅིང་། རང་ལུགས་སྐབས་འདིར་སྒོ་འབྱེད་ནས་ཨ་ཏིའི་བར་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་གཟུགས་བརྙན་གྱི་རྫས་དགོད་པ་ཕྱག་བཞེས་དང་བཤད་གཞིར་སྣང་བའི་ཁུངས་ནི། རྩ་བའི་རྒྱབ་རྟེན་གྱི་ལུང་གི་གཙོ་བོར་གྱུར་པ་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། གསེར་དངུལ་ཟངས་ལྕགས་ལ་སོགས་པ། །གར་ལུགས་རྒྱལ་བའི་སྐུ་བྱས་ཏེ། །ཕྱག་རྒྱ་མ་ཉམས་དང་ལྡན་ན། །དེ་ཡང་མཚན་མའི་རྟེན་དུ་འགྱུར། །ཤེལ་རྡོ་དུང་ལ་སོགས་པ་ལ། །འབུར་ལས་རྒྱལ་བའི་སྐུ་བྱས་ན། །དེ་བཞིན་མ་ཉམས་རྒྱལ་མཛེས་ན། །མཚན་མ་འབྱུང་བའི་རྟེན་དུ་འགྱུར། །བླ་ཤ་བྱང་ཆུབ་ཤིང་སོགས་ལ། །མཁས་པས་བཟོར་བཞོགས་གཟུགས་བརྙན་བྱས། །ཕྱག་རྒྱ་མ་ཉམས་ཀུན་རྫོགས་ན། །འདི་ཡང་མཚན་མའི་རྟེན་དུ་འགྱུར། །ས་ལ་སོགས་པ་ཕྱག་རྒྱ་བྱ། །ཁ་དོག་མཛེས་དང་ལྡན་བྱས་ནས། །མཚན་མ་འབྱུང་བའི་རྟེན་ཡིན་ཏེ། །མཚན་མས་མཚན་མ་རྣམས་གྲོལ་རིག །གང་དག་ས་ལ་རྒྱལ་བའི་དབྱིབས། །ཀུན་ཏུ་ལྷམ་པར་བྱས་པ་ལ། །ཚོན་རྩི་ལྔ་ཡིས་མཛེས་བཀོད་ན། །རྣམ་གྲོལ་རིག་པའི་རྟེན་དུ་འགྱུར། །གང་གི་གཟུགས་བརྙན་གང་ཡིན་དང་། །དེ་ཡི་རང་བཞིན་གཅིག་པས་ན། །འདི་ལ་ཁྱད་པར་ཅུང་ཟད་མེད། །འདི་ཡིས་རྣལ་འབྱོར་རིག་པར་འགྱུར། །ཞེས་གསུངས་པ་ཡང་། གསང་སྙིང་གི་ལེའུ་དགུ་པར། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཅེས་གསུངས་པས། སྐུ་ཙཀླིའམ་བྲིས་འབུར་གང་རིགས། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ཡང་རུང་མོད་ཀྱང་འདིར་ནི་ཁྱད་པར་བྲིས་འབུར་གྱི་སྐུ་གང་ཡང་རུང་བའི་རྟེན་དེ་ཉིད་ཀྱི་གཟུགས་བརྙན་ལ་དམིགས་པའི་འཕྲོ་འདུས་དམ་ཡེ་བསྲེས་ལ་དཀྱིལ་འཁོར་དུ་བཀོད་པར་གསུངས་པའི་ཕྱིར། དེ་ཉིད་ལག་ལེན་དུ་ཇི་ལྟར་བྱ་བ་ནི། རྩ་བར། དེ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རྫས་དགོད་པ་ནི། ཞི་བའི་གཞལ་ཡས་ཁང་དུ་བདག་ཉིད་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་བསྐྱེད་ལ་མཁའ་གསང་བྱིན་གྱིས་བརླབས། སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། ཀུན་བཟང་ཡབ་ཡུམ་བཏོན་ནས་ཙཀླི་ལ་བསྟིམ་ཞིང་། སྙིང་པོ་བརྗོད་ཅེས་གསུངས་པ། ཚོགས་ཆེན་གྱི་དཀྱིལ་འཁོར་ལེགས་པར་བྲིས་པའི་དབུས་སུ་མཉྫིའི་ལྟ་བུའི་སྟེེང་ཞི་བའི་དཀྱིལ་འཁོར་བཀོད། ལྷ་གནས་སོ་སོར་ཙཀླི་འཛུགས་དགོས་པས། ལག་ལེན་བདེ་ན་འདི་བཞིན་བྱེད། འོན་ཏེ་དཀྱིལ་འཁོར་ཤིན་ཏུ་ཆེ་ཞིང་དེ་ལ་ཙཀླི་འཛུགས་སྟབས་མི་བདེ་ན། བཀོད་བདེ་བ་རྣམས་ལྷ་གནས་སོ་སོར་བཀོད་ཅིང་། དེ་ལྷག་རྣམས་དཀྱིལ་འཁོར་དབུས་ཀྱི་ལྡིང་ཁྲིའི་ཁར་སྦམས་ཏེ་བཞུགས་ཀྱང་ཆོག །གང་ལྟར་ཡང་། སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་ཏེ་བཞུགས་པའི་མདུན་དུ་ཙཀླི་རྣམས་སྟན་ལ་བཀོད་ལ། ལས་བུམ་གྱི་ཆུ་འཐོར་ཞིང་ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་ངོ་། །རྣམ་པར་མི་རྟོག་པའི་ངང་ལས་སེར་གེའི་ཁྲི་པདྨ་ཉི་ཟླའི་གདན་ལ་བདག་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ནག །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ། བར་པ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ། ཐ་མ་གཉིས་མཉམ་གཞག་གི་ཕྱག་རྒྱ་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་ཀུན་ཏུ་བཟང་མོ་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཡབ་ཀྱི་འགུལ་ནས་འཁྱུད་ཅིང་། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་སྐུ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་སྤྲས་པའི་སྐུར་གྱུར། སྟེང་གི་ཞི་དཀྱིལ་ལ་དམིགས་ཏེ། བདག་གི་ཐུགས་ཀ་ན་ཨེ་ཡཾ་རཾ་བཾ་ལཾ་གྱི་ཡིག་འབྲུ་འཕྲོས་དཀྱིལ་འཁོར་གྱི་འོག་གཞིར་རིམ་བཞིན་འཁོད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ་འཕྲོས་འདུས་འབྱུང་བ་རང་ཁ་མའི་རྟོག་པ་སྦྱངས་ནས་ཁམས་ལྔ་རྣམ་པར་དག་པའི་འབྱུང་བ་རིམ་བརྩེགས་སུ་གྱུར། སླར་ཡང་བདག་གི་ཐུགས་ཀ་ནས་བྷྲཱུཾ་འཕྲོས་འབྱུང་རིམ་གྱི་སྟེང་དུ་འཁོད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ་འཕྲོས་འདུས་པ་ལས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྡུལ་ཚོན་དུ་སྣང་བ་དེ་ཉིད་ལྷག་པ་ཏིང་ངེ་འཛིན་གྱི་བརྟེན་གྱི་དཀྱིལ་འཁོར་གྱི་རྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་གློ་འབུར་དང་བཅས་པའི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་དུ་གྱུར། བདག་ཉིད་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་མཁའ་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ། ཡབ་ཀྱི་གསང་གནས་ཧཱུཾ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་གར་ༀ་གྱིས་མཚན་པར་གྱུར། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་ག་ཡ་མིཿ ཨ་ནུ་རཱ་ག་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཞེས་ཡབ་ཡུམ་སྙོམས་པར་བཞུགས་པའི་སྦྱོར་མཚམས་བྱང་ཆུབ་སེམས་ཀྱི་འོད་ཟེར་ལས་རང་འདྲའི་ཀུན་བཟང་ཡབ་ཡུམ་ཐོན་ཏེ་ཙཀླི་ལ་ཐིམ་པར་གྱུར། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཞེས་བརྗོད་ཅིང་ཞི་བའི་དཀྱིལ་འཁོར་གྱི་དབུས་སུ་གཞིའི་ཀུན་བཟང་ཡབ་ཡུམ་གྱི་ཙཀླི་བཀོད་དེ། རྩ་བར། མི་བསྐྱོད་པ་ཡབ་ཡུམ་བཏོན་ལ་ཧཱུཾ་བཛྲ་དྷྲྀཀ྄་གིས་ཀུན་བཟང་གི་མདུན་དུ་དགོད། དེ་བཞིན་དུ་ཐུབ་པ་ཡན་ཆད་རང་རང་གི་གནས་སུ་སོ་སོའི་སྔགས་བརྗོད་ཅིང་དགོད་དོ། །ཞེས་གསུངས་པའི་དོན་ནི་ཀུན་བཟང་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་ལས་སྦྱོར་མཚམས་སུ་ཞི་བའི་ལྷ་ཚོགས་རྣམས་གསལ་བ་མཁའ་གསང་ནས་ཐོན་ཏེ་ཙཀླི་སོ་སོར་ཐིམ་པར་གྱུར། ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི། ཀུན་བཟང་ཡབ་ཡུམ་གྱི་མདུན་དུ་མི་བསྐྱོད་པ་ཡབ་ཡུམ་ཞལ་གསུམ་ཕྱག་དྲུག་པའི་ཙཀླི་བཀོད་དོ། །ༀ་ཛཱི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཤར་རྩིབས་ལ་རྣམ་སྣང་ཡབ་ཡུམ་བཀོད་དོ། །སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི། ལྷོ་རྩིབས་ལ་རིན་འབྱུང་ཡབ་ཡུམ་བཀོད་དོ། །ཨཱཾཿཨ་རོ་ལིཀྲ །པྱཱཾ་རཱ་ག་ར་ཏི། ནུབ་རྩིབས་ལ་སྣང་མཐའ་ཡབ་ཡུམ་བཀོད་དོ། །ཧཱ་པྲཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ར་ཏི། བྱང་རྩིབས་ལ་དོན་གྲུབ་ཡབ་ཡུམ་བཀོད་དོ། །ཀྵི་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ཤར་ལྷོའི་རྩིབས་མཆན་ལ་ས་སྙིང་ཡབ་ཡུམ་བཀོད་དོ། །ཏྲཾ་ཨ་གརྦྷ་ཡ། ཏྲཾ་མཱ་ལྱ་ས་མ་ཡ་ཧོཿ ལྷོ་ནུབ་ཀྱི་རྩིབས་མཆན་ལ་ནམ་མཁའི་སྙིང་པོ་ཡབ་ཡུམ་བཀོད། ཧྲཱིཿཧ་ཧཱུཾ་པདྨ་པ་ད་མ། ཧྲཱིཿགཱི་ཏི་ར་ཧོ་ཧཾ། ནུབ་བྱང་གི་རྩིབས་མཆན་ལ་སྤྱན་རས་གཟིགས་ཡབ་ཡུམ་བཀོད། ཛྲིཾ་ཀུ་རུ་པནྣ་ཧྲཱིཿ ཨ་ནཱིརྟྱ་རཱ་ག་ཡ་མི། བྱང་ཤར་གྱི་རྩིབས་མཆན་ལ་ཕྱག་རྡོར་ཡབ་ཡུམ་བཀོད། མཻ་དྷ་ར་ཎི་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ཤ་ཡ། ཤར་ལྷོའི་གྲུ་ཆད་ལ་བྱམས་པ་ཡབ་ཡུམ་བཀོད། ཐླྷིཾ་ནིསྶ་རཾ་པཱ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ལྷོ་ནུབ་ཀྱི་གྲུ་ཆད་ལ་སྒྲིབ་སེལ་ཡབ་ཡུམ་བཀོད། ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་ཁི་ནཱི། ནུབ་བྱང་གི་གྲུ་ཆད་ལ་ཀུན་བཟང་ཡབ་ཡུམ་བཀོད། མཱུཾ྄་ཤྲཱི་ཨ་རཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། བྱང་ཤར་གྱི་ཆད་གྲུབ་ལ་འཇམ་དབྱངས་ཡབ་ཡུམ་བཀོད། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཡིད་ཆོས་ཀྱི་ཀུན་བཟང་ཡབ་ཡུམ་གཉིས་སོ་སོར་ཡོད་ན་ཁྱམས་ཀྱི་ཤར་དུ་ཀུན་བཟང་ཡབ་དང་ནུབ་ཏུ་ཡུམ་བཀོད། མཉམ་སྦྱོར་ཡིན་ན་ཁྱམས་ཀྱི་ཤར་དུ་བཀོད། ༀ་ནུ་ནེ་ཀྲེཾ་སྭཱ་ཧཱ། ཁྱམས་སམ་སྣམ་བུའི་ཤར་ལྷོའི་ལྷའི་ཐུབ་པ་དང་། ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། བྱང་དུ་ལྷ་མིན་ཐུབ་པ་དང་། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ལྷོར་མིའི་ཐུབ་པ་དང་། ༀ་མུ་ནེ་པྲཾ་སྭཱ་ཧཱ། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་དང་། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་དང་། ༀ་མུ་ནེ་ཡེ་སྭཱ་ཧཱ། བྱང་ཤར་དུ་དམྱལ་བའི་ཐུབ་པ་རྣམས་བཀོད། ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཤར་སྒོར་གཤིན་རྗེ་གཤེད་ཡབ་ཡུམ་དང་། ཧཱུཾ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ལྷོ་སྒོར་སྟོབས་ཆེན་ཡབ་ཡུམ་དང་། ཧཱུཾ་པདྨནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ནུབ་སྒོར་རྟ་མགྲིན་ཡབ་ཡུམ་དང་། ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། བྱང་སྒོར་འཁྱིལ་བ་ཡབ་ཡུམ་རྣམས་བཀོད་དོ། །རྩ་བར་གསལ་བར་མ་བྱུང་ཡང་། གླན་སྟོན་གྱིས་ཞི་ཁྲོའི་གཙོ་བོ་དང་ཞི་བའི་འཁོར་རྣམས་ཀུན་བཟང་ཡབ་ཡུམ་གྱི་མཁའ་གསང་ན་བཏོན་ཅིང་བཀོད། ཁྲོ་བོ་གཞན་རྣམས་དཀྱིལ་འཁོར་བསྐྱེད་ཚར་ནས་སྔར་བཞིན་མཁའ་གསང་བརླབས་ཏེ་སྦྱོར་མཚམས་ནས་སྤྲོ་བ་དང་བཀོད་ཚུལ་གསུངས་པ་ཤིན་ཏུ་འཐད་པས་དགོངས་དོན་ཇི་བཞིན་ལག་ལེན་དུ་སྦྱར་བ་ནི། རང་ཉིད་ཀུན་བཟང་ཡབ་ཡུམ་གནས་འགྱུར་ཏེ་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་སྐུ་མདོག་སྨུག་ནག་འབར་བ་ཆེན་པོ་དབུ་ཉེར་གཅིག །ཕྱག་ཞེ་གཉིས་ཀྱིས་ཞི་བ་ཞེ་གཉིས་བསྣམས་པ། ཞབས་བརྒྱད་པད་ཉི་རུ་ཏྲའི་གདན་ལ་བགྲད་པ། ཡུམ་གནམ་ཞལ་མ་དབུ་དགུ་པ་ཕྱག་བཅོ་བརྒྱད་ཀྱིས་གནས་ཡུལ་གྱི་ཁྲོ་མོ་ཕྲ་མེན་དང་བཅས་བསྣམས་པ་དང་སྦྱོར་བ། གཉིས་ཀའང་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་ཆས་བཅུས་རྣམ་པར་བརྒྱན་ཅིང་། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གར་དགུའི་ཉམས་ཀྱིས་རོལ་པའོ། །ཁྲོ་བོའི་དཀྱིལ་འཁོར་ལ་དམིགས་ཏེ། བདག་གི་ཐུགས་ཀ་ནས་ཨེ་ཡཾ་ར་ཀེཾ་རཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་འབྱུང་ལྔའི་འཛིན་རྟོག་སྦྱངས། ཁམས་ལྔ་དག་པའི་འབྱུང་རིམ་བརྩེགས་པར་གྱུར། སླར་ཡང་ཐུགས་ཀ་ནས་བྷྲཱུཾ་འཕྲོས་འབྱུང་རིམ་གྱི་སྟེང་དུ་འཁོད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་པ་ལས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྡུལ་ཚོན་དུ་སྣང་བ་དེ་ཉིད་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་རྟེན་གཞལ་ཡས་ཁང་བཅུ་གཅིག་སྦྲག་དུར་ཁྲོད་ཀྱི་རྫས་ཀྱི་རང་བཞིན་ཅན་གྲུ་བཞི་སྒོ་བཞི་པ་རྒྱན་རྟ་བབས་དུར་ཁྲོད་པདྨ་རྡོ་རྗེ་མེ་རིའི་ཕྲེང་བས་ཡོངས་སུ་བསྐོར་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། བདག་ཉིད་ཆེ་མཆོག་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་མཁའ་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་གར་ༀ་གྱིས་མཚན་པར་གྱུར། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཅེས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་ལས་ཁྲོ་བོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཐོན་ཏེ་ཙཀླི་ལ་ཐིམ་པར་གྱུར། ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ་ཛཿ ཚོགས་ཆེན་དཀྱིལ་འཁོར་གྱི་དབུས་སུ་ཆེ་མཆོག་ཡབ་ཡུམ་བཀོད་དོ། །སྔགས་དེ་ཉིད་དང་རུ་ལུས་ཆེ་མཆོག་གི་མདུན་དུ་དབང་མཆོག་ཧེ་རུ་ཀ་ཡབ་ཡུམ་བཀོད། དེ་ཡང་ཞི་དཀྱིལ་སྟེང་དུ་འདོན་པ་མན་ངག་གི་ལུགས་དང་། རྩ་བར། ཞི་དཀྱིལ་ཁྲོ་བོའི་དཀྱིལ་འཁོར་གྱི་དབུས་སུ་འཇུག་པར་བཤད་པ་བཞིན། གླན་སྟོན་གྱིས་ཀྱང་། ཀུན་བཟང་ཡབ་ཡུམ། ཆེ་མཆོག་ཡབ་ཡུམ། དབང་མཆོག་ཡབ་ཡུམ། བཛྲ་ཧེ་རུ་ཀ་ཡབ་ཡུམ་རྣམས་དཀྱིལ་འཁོར་གྱི་དབུས་སུ་བཀོད་པར་བཞེད་མོད་ཀྱང་། འདིར་ནི་མན་ངག་བཞིན་ཞི་དཀྱིལ་སྟེང་དུ་བཏོན་པ་རྣམ་པ་གསལ་ཞིང་ཕྱག་ལེན་བདེ་བ་གོང་ལྟར་རོ། །རྩ་བར། དེ་ནས་དབང་ཆེན་ཁྲོ་བོའི་དབུས་སུ་བཛྲ་ཧེ་རུ་ཀ་ཕྱུངས་ལ་སྔགས་ཀྱིས་དགོད། །ཅེས་གསུངས་པའི་དོན། ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ། བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ་དང་རུ་ལུ་བཟླ་ཞིང་། བཛྲ་ཧེ་རུ་ཀ་དབང་མཆོག་གི་མདུན་དུ་བཀོད། རྩ་བར། ཕྱོགས་ཀྱི་རྩིབས་བཞི་ལ་རིགས་བཞི་ཧེ་རུ་ཀ །མཚམས་བཞིར་ལུང་གི་ཧེ་རུ་ཀ་རྩ་སྔགས་ཀྱིས་དགོད། ཅེས་གསུངས་པའི་དོན་ནི། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ་གིས་ཤར་རྩིབས་སུ་བུདྡྷ་ཁྲག་འཐུང ཡབ་ཡུམ། ༀ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ། རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུཾ་གིས་ལྷོ་རྩིབས་ལ་རིན་ཆེན་ཁྲག་འཐུང་ཡབ་ཡུམ་བཀོད། ༀ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ་གིས་ནུབ་རྩིབས་ལ་པདྨ་ཁྲག་འཐུང་ཡབ་ཡུམ་བཀོད། ༀ་ཀརྨ་ཤཱི་ཧེ་རུ་ཀ་ཧཱུཾ། ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ་གིས་བྱང་རྩིབས་ལ་ཀརྨ་ཁྲག་འཐུང་ཡབ་ཡུམ་བཀོད། ༀ་རཀྴ་ཤྲཱི་ཧེ་རུ་ཀ་ཧཱུཾ། རཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཤར་ལྷོར་རཀྴ་ཁྲག་འཐུང་ཡབ་ཡུམ་དང་། ༀ་ས་ནུ་ཤཱི་ཧེ་རུ་ཀ་ཧཱུཾ། ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ལྷོ་ནུབ་ཏུ་ས་ནུ་ཁྲག་འཐུང་ཡབ་ཡུམ་དང་། ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ་ཧཱུཾ། གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ནུབ་བྱང་དུ་གུ་ཧྱ་ཁྲག་འཐུང་ཡབ་ཡུམ་དང་། ༀ་ཡཀྴ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཡཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ལས་བྱང་ཤར་དུ་ཡཀྴ་ཁྲག་འཐུང་ཡབ་ཡུམ་རྣམས་བཀོད། རྩ་བར། གྲ་བཞིའི་གློ་འབུར་ལ་ག་རཱི་བརྒྱད་ཀྱིས་བཀོད། ཅེས་གསུངས་པའི་དོན་ནི་གྲུ་ཆད་ཀྱི་ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང་། ཤར་ལྷོ་ནས་མཚམས་བཞིར་ཁྲོ་མོ་བརྒྱད་རིམ་བཞིན་བཀོད་ཅིང་། བཛྲ་ག་རཱི་ཧ། བཛྲ་ཙ་རཱི་ཧ། བཛྲ་པྲ་མོ་ཧཱེ་ཧ། བཛྲ་བཻཏྟ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨེ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། ཞེས་བཀོད། རྩ་བར། ཁྱམས་དང་པོ་སེར་པོ་ལ་ཧེ་བརྒྱད་ལས་སིངྷ་བརྒྱད། སྒོ་བཞིར་ཕཊ་བཞིས་སྒོ་མ་བཞི་ཞེས་པའི་དོན་ནི། དཀྱིལ་འཁོར་དང་པོའི་ཁྱམས་ལ་ཕྲ་མེན་བརྒྱད་གོང་བཞིན་བཀོད་ཅིང་། བཛྲ་སིདྷ་མུ་ཁ་ཧེ། བཛྲ་བྱཱ་གྷྲྀ་མུ་ཁ་ཧེ། བཛྲ་སྲིངྒ་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་གྲྀ་ཌྷ་མུ་ཁ་ཧེ། བཛྲ་ཀངྐ་མུ་ཁ་ཧེ། བཛྲ་ཀཱ་ཀ་མུ་ཁ་ཧེ། བཛྲ་ཨུ་ལུ་ཀ་མུ་ཁ་ཧེ། ཞེས་བཀོད། སྒོ་བཞིའི་ཤར་ལྷོར་ༀ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿལྷོ་སྒོར་ༀ་བཛྲ་ཨ་མུ་ཁཱ་ཧཱུཾ། ནུབ་སྒོར་ༀ་བཛྲ་ལོ་ཀ་བཾ། བྱང་སྒོར་ༀ་བཛྲ་བྷསྨི་བ་ལ་ཡ་བ་ཏོ་ཧོཿ ཞེས་སྒོ་མ་བཞི་བཀོད། རྩ་བར། ཁྱམས་གཉིས་པ་དཀར་པོ་ལ་ཨ་བརྒྱད་ལས་སྤོར་མ་བརྒྱད་དང་། སྒོ་བཞིར་ཛཿཧཱུཾ་བཾ་ཧོཿདགོད་ཅེས་གསུངས་པའི་དོན་ནི། དཀྱིལ་འཁོར་གཉིས་པའི་ཁྱམས་ལ་སྤོར་མ་བརྒྱད་ནི་ཕྱོགས་མཚམས་བརྒྱད་དུ་བཀོད་ཅིང་། ༀ་བཛྲ་ཨ་པྲ་ཏི་ཧ་ཨརྻ་ནི་ཙ་ཏུ་ར་ཏ་ར་ཕཊ། ཨ་རཀྨོ་ཧཱུཾ་ཞེས་བཀོད་དོ། །སྒོ་བཞིར་གསང་ཡུམ་བཞི་ནི། ཤར་སྒོ་ༀ་ཤྲཱི་བཛྲ་མུཏྒ་ར་མུ་ཁ་ཤྭ་ར་ཡ་ན་མཿ ལྷོ་སྒོར་ༀ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡཱ་ན་མཿ ནུབ་སྒོར་ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཛྭ་ལ་ཡ་ཡཱ་ན་མཿ བྱང་སྒོར་ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡཱ་ན་མཿཞེས་བཀོད། རྩ་བར། ཁྱམས་གསུམ་པ་དམར་པོ་ལ་བྷྱོ་ཉེར་བརྒྱད་ལས་དབང་མོ་ཉེར་བརྒྱད་ཅེས་གསུངས་པའི་དོན་ནི། དཀྱིལ་འཁོར་གསུམ་པའི་ཁྱམས་ལ་དབང་མོ་ཉེར་བརྒྱད་ནི། ཤར་དུ་མ་ནུ་རཀྵ་སཱི་བྷྱོ། བྲ་ཧྨ་ནི་བྷྱོ། ར་ཏྲི་མ་བྷྱོ། ཀུ་མཱ་རཱི་བྷྱོ། ཨིནྡྲ་ཡ་བྷྱོ། བེཥྞ་བེ་བྷྱོ། ལྷོར་པིངྒ་ལཾ་བྷྱོ། བཛྲ་ཨ་མྲྀ་ཏ་བྷྱོ། བཛྲ་ས་མྱ་མ་བྷྱོ། བཛྲ་དྷ་ན་དཾ་བྷྱོ། རཀྴ་སཱི་བྷྱོ། བཀྵ་སཱི་བྷྱོ། ནུབ་ཏུ་ར་ཏི་ཏཾ་བྷྱོ། རུ་དྷི་ར་མཏྟཱ་བྷྱོ། ཨེ་ཀ་ཙ་ར་མ་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀཾ་བྷྱོ། བ་ཡ་བེ་བྷྱོ། བྱང་དུ་མཱ་ར་ན་བྷྱོ། ཨགྷེ་ཡེ་བྷྱོ། བཱ་ར་ཧི་བྷྱོ། ཙ་མུཎྜི་བྷྱོ། སུ་ཏ་ནཾ་བྷྱོ། ཝ་རུ་ཎི་བྷྱོ། ཤར་སྒོར་མ་ཧཱ་ཀཱ་ལི་བྷྱོ། ལྷོ་སྒོར་ཙ་ཀ་ལི་བྷྱོ། ནུབ་སྒོར་བུམ་པ་ཀ་ལ་མ་བྷྱོ། བྱང་སྒོར་ལཾ་བོ་དྷ་ར་མ་བྷྱོ། ཞེས་སྔགས་ཀྱིས་བཀོད་དོ། །རྩ་བར། ཁྱམས་བཞི་པ་སེར་པོ་ལ་ཨེ་སོ་གཉིས་ལས་མཁའ་འགྲོ་སོ་གཉིས་ཨེ་ཨ་ར་ལི་ཧཱུཾ་གིས་བཀོད། ཅེས་གསུངས་པའི་དོན་ནི། དཀྱིལ་འཁོར་བཞི་པའི་ཁྱམས་ཀྱི་ཕྱོགས་བཞིར་བདུན་བདུན། སྒོ་བཞིར་རེ་རེ་དགོས་ཅིང་། ཨེ་ཨ་རལླི་ཧཱུཾ་ཞེས་བཀོད་དོ། །རྩ་བར། ཁྱམས་ལྔ་པ་དམར་པོ་ལ་ཧཱུཾ་དུནྟིང་བཞི་ལས་སྒོ་མ་བཞི་མ་མ་དྷ་ཏུ་དང་བཛྲ་དུནྟིང་བྷྱོས་དགོད། ཅེས་གསུངས་པའི་དོན། དཀྱིལ་འཁོར་ལྔ་པའི་ཁྱམས་ཤར་ལྷོ་ནུབ་གསུམ་དུ་གཉིས་གཉིས། བྱང་དུ་གཅིག །སྒོ་བཞིར་རེ་རེ་བཀོད་ཅིང་། མ་མ་དྷ་ཏུ་ཧཱུཾ་བཛྲ་དུནྟིང་བྷྱོ་ཞེས་བཀོད་དོ། །རྩ་བར། ཁྱམས་དྲུག་པ་དཀར་པོ་ལ་ཧཱུཾ་བཅོ་བརྒྱད་ལས་གིང་བཅོ་བརྒྱད་གིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་གསུངས་པའི་དོན་ནི། དཀྱིལ་འཁོར་དྲུག་པའི་ཁྱམས་ལ་གིང་ཆེན་པོ་བཅོ་བརྒྱད་ཤར་ནུབ་ཏུ་བཞི་བཞི། ལྷོ་བྱང་དུ་གསུམ་གསུམ། སྒོ་བཞིར་རེ་རེ་རྣམས་བཀོད་ཅིང་། གིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཞེས་བཀོད་དོ། །རྩ་བར། ཁྱམས་བདུན་པ་ནག་པོ་ལ་ཧཱུཾ་དྲུག་ཅུ་ལས་ཁྲོ་བོ་དྲུག་ཅུ་ཀྲོ་དྷ་ཀྲོ་དྷི་ཧཱུཾ་གིས་བཀོད། ཅེས་གསུངས་པའི་དོན་ནི། དཀྱིལ་འཁོར་བདུན་པའི་ཁྱམས་ལ་ཁྲོ་བོ་ཁྲོ་མོ་དྲུག་ཅུ་ནི། ཤར་ནུབ་ཏུ་བཅུ་གཉིས་རེ། ལྷོ་བྱང་དུ་བརྒྱད་རེ། ཤར་ནུབ་ཀྱི་སྒོར་དྲུག་དྲུག །ལྷོ་བྱང་གི་སྒོར་བཞི་བཞི་བཀོད་ཅིང་། ཀྲོ་དྷ་ཀྲོ་དྷི་ཧཱུཾ་ཞེས་བཀོད་དོ། །རྩ་བར། ཁྱམས་བརྒྱད་པ་ཕྱོགས་མདོག་ལ་ཤར་དུ་ཛཿདྲུག་ཅུ་ལས་དུང་གི་ཕོ་ཉ་དྲུག་ཅུ་དགོད། ལྷོ་ཕྱོགས་སུ་ཧ་ལ་སོགས། ནུབ་ཕྱོགས་སུ་གརྫ་གརྫ་སོགས། བྱང་ཕྱོགས་སུ་པ་ཙ་པ་ཙ་སོགས་དགོད། ཅེས་གསུངས་པའི་དོན་ནི། སྤྱིར་གདུལ་བྱ་གདོན་རིགས་སུམ་བརྒྱ་དྲུག་ཅུ་འདུལ་ཕྱིར་འདུལ་བྱེད་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡིན་པར། ཁྱམས་བརྒྱད་པ་འདི་ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ཁྱམས་ཡིན་ཀྱང་ཁྱམས་འདིར་ལྷ་ཉིས་བརྒྱ་བཞི་བཅུ་ལས་མེད་པས། བདུན་པའི་ཁྲོ་བོ་ཁྲོ་མོ་དྲུག་ཅུ་དང་། ཁྱམས་དགུ་པའི་མ་མོ་དྲུག་ཅུ་སོགས་ཁྱོན་སྡོམས་ཁྱམས་གསུམ་བསྡོམས་པས་ཚང་བར་ཤེས་དགོས་པས། འདིར་དཀྱིལ་འཁོར་བརྒྱད་པའི་ཁྱམས་ཀྱི་ལྷ་རྣམས་བཀོད་པ་ནི། ཤར་དུ་བྷ་ན་བྷ་ན་ཨཾ་ཀུ་ཤ་ཛཿས་རྡོ་རྗེའི་རིགས་དུང་གི་ཕོ་ཉ་དྲུག་ཅུ་དང་། ལྷོར་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ་གིས་རིན་ཆེན་རིགས་ལྕགས་སམ་གསེར་གྱི་ཕོ་ཉ་དྲུག་ཅུ་དང་། ནུབ་ཏུ་གརྫ་གརྫ་སྥོ་ཊ་བཾ་གྱིས་པདྨའི་རིགས་བསེའི་ཕོ་ཉ་དྲུག་ཅུ་དང་། བྱང་དུ་པ་ཙ་པ་ཙ་གྷནྡྷེ་ཧོཿས་ལས་ཀྱི་རིགས་གཡུའི་ཕོ་ཉ་དྲུག་ཅུ་རྣམས་བཀོད་དོ། །རྩ་བར། ཁྱམས་དགུ་པ་ལྗང་གུ་ལ་མ་དྲུག་ཅུ་ལས་འོག་གི་མ་མོ་དྲུག་ཅུ་མ་མ་ཤ་རཱི་ཧཱུཾ་གིས་དགོད། ཅེས་གསུངས་པའི་དོན་ནི། དཀྱིལ་འཁོར་དགུ་པའི་ཁྱམས་ཀྱི་ཕྱོགས་བཞིར་བཅོ་ལྔ་རེ་བཀོད་ཅིང་། མ་མ་ཤ་རཱི་བྷྱོ་ཞེས་བརྗོད་དོ། །རྩ་བར། ཁྱམས་བཅུ་པ་སྣ་ཚོགས་མདོག་ལ་ཐེག་དགུའི་ལྷ་ཚོགས་ཚང་བ་དགོད། ཅེས་གསུངས་པའི་དོན་ནི། དཀྱིལ་འཁོར་བཅུ་པའི་ཁྱམས་ལ་སྤྲོ་ན་སྒོ་འབྱེད་ནས་རྣལ་འབྱོར་རྒྱུད་མན་དང་། བཀའ་བརྒྱད་སོགས་ཡོ་ག་གསུམ་གྱི་ལྷ་ཐམས་ཅད་བཀོད་ཆོ་ག་ཀྱང་ཕྱག་བཞེས་སུ་མི་མཛད་པས། ས་སྟོངས་སུ་མི་ལུས་པའི་ཁྱད་ནས་ལྷ་དབང་དུས་འབྱུང་བའི་ཁྲོ་བོ་བཅུ་རྣམས་སོ་སོའི་སྔགས་ཀྱིས་བཀོད་ན་ལེགས་སམ་སྙམ་པས་གང་བདེ་བྱའོ། །རྩ་བར། རྟ་བབས་ཀྱི་ཁྱམས་རྡོ་རྗེ་འཆང་གི་དཀྱིལ་འཁོར་ལ་ཤར་སྟོད་ནས་མ་ཧཱ་གུ་རུ་ཤ་རཱི་རཾ་གྱིས་རིག་འཛིན་རྩལ་འཆང་རྣམས་རིམ་པ་བཞིན་དགོད་པར་བྱའོ། །ཞེས་གསུངས་པའི་དོན་ནི། དཀྱིལ་འཁོར་བཅུ་གཅིག་པའི་ཁྱམས་སུ་རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་ཆེན་ཨ་ཏི་ཡོ་ག་སོགས་ཀྱི་བླ་མ་བརྒྱུད་པ་རྣམས་བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི་མཁའ་གསང་ནས་བཏོན་ཏེ་ཙཀླིར་བསྟིམ་པ་ཤར་སྟོད་ནས་རིམ་བཞིན་བཀོད་ཅིང་། མ་ཧཱ་གུ་རུ་ཤ་རཱི་རཾ་ཞེས་བརྗོད་དོ། །དེས་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རྫས་དགོད་པའི་དངོས་གཞི་གྲུབ། རྩ་བར། དེ་ནས་ཁྲོ་བོ་གསང་བའི་བུམ་པ་དང་རྟགས་གསུམ་བླ་མའི་དྲུང་དུ་དགོད། ཞི་བའི་བུམ་པ་ཕྱོགས་བཞི་དབུས་སམ་དཀྱིལ་འཁོར་གྱི་མཐར་དགོད། ལས་བུམ་ལས་མཁན་གྱི་མདུན། ཞེས་གསུངས་པ་གོང་དུ་བུམ་སྒྲུབ་ཚར་དུས་བླ་མས་ཁྲོ་བོ་གསང་བུམ་བཟུང་། ཞི་བའི་བུམ་པ་རྒྱལ་ཐེབས་སོགས་ཀྱིས་བཟུང་ལ་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ་དབྱངས་དང་བཅས་པས། ཞེས་གསུངས་པས། བླ་མས་ཁྲོ་བོ་གསང་བུམ་གྱི་གཙོ་བོ་བཟུང་། གཞན་ལྷག་མ་བཞི་དང་ཞི་བའི་བུམ་པ་ལྔ་སོགས་སློབ་མ་རྣམས་ཀྱིས་བཟུང་སྟེ་དཀྱིལ་འཁོར་ལ་བསྐོར་ཞིང་དབྱངས་དང་བཅས་ཏེ། རྩ་བར། ཧཱུཾ། བུམ་པ་མ་ལགས་རྒྱལ་པོ་ལགས། །རྒྱལ་པོའི་སྔགས་ཀྱིས་བཏབ་ནས་ཀྱང་། །རྒྱལ་པོ་ཆེན་པོར་མངའ་གསོལ་གྱི། །རྒྱལ་པོའི་ཚུལ་དུ་བཞུགས་སུ་གསོལ། །ཞེས་བརྗོད་ལ་བུམ་པ་རང་གི་མདུན་ནམ་ཕྱོགས་བཞི་དབུས་ལྔར་དགོད། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད། བྱིན་གྱིས་བརླབས་ཏེ་རྒྱལ་ཐེབས་ཀྱི་མདུན་དུ་དགོད། ཅེས་གསུངས་པར། གླན་སྟོན་གྱིས། ཚིག་དང་སྔགས་ཀྱིས་དགོད་ཅེས་གསུངས་པ། ཚིག་གོང་མ་དང་། སྔགས་ཀྱི་སྤྲོ་ན་སོ་སོའམ། ཡང་ན་ཞི་བ་རྣམས་བོ་དྷི་ཙིཏྟ་དང་། ཁྲོ་བོ་རྣམས་རུ་ལུས་བཀོད་དེ། ཁྲོ་བོ་གསང་བུམ་དཀྱིལ་འཁོར་གྱི་དབུས་སུ་བཀོད། དེའི་མདུན་དུ་ཞི་བའི་གཙོ་བུམ་བཀོད། ཁྲོ་བོ་དང་ཞི་བའི་ཤར་གྱི་བུམ་པ་གཉིས་ཤར་དང་། ལྷོ་གཉིས་ལྷོ། ནུབ་གཉིས་ནུབ། བྱང་གཉིས་བྱང་ཕྱོགས་སུ་སྟེ་ཐམས་ཅད་ཀྱང་མཉྫིའི་སྟེགས་ལ་བཀོད་དོ། །ལས་བུམ་བསྒྲུབས་ཟིན་པ་དེ་ཉིད་ཀྱང་བླ་མའི་མདུན་ནམ་དཀྱིལ་འཁོར་གྱི་བྱང་ཤར་དུ་བཀོད། དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་ཁར་དཀྱིལ་འཁོར་ལ་བཀོད་མི་བདེ་པའི་སྐུ་རྟེན་ཙཀླི་དང་། གཞན་ཡང་རིན་པོ་ཆེའི་དབུ་རྒྱན་དར་དཔྱངས་གདུ་བུ། དོ་ཤལ་སོགས་ཞི་ཆས་དང་། ཁྲོ་བོའི་ཐོད་སྐམ་རིན་པོ་ཆེའི་རྩེ་བྲན། རལ་པའི་ཐོར་ཚུགས་སོགས་ཁྲོ་ཆས་དང་བཅས་པ། གཞན་ཡང་རིགས་ལྔ་དང་སྐུ་གསུང་ཐུགས་ཀྱི་ལྷ་ཙཀ །བཀྲ་ཤིས་རྟགས་བརྒྱད། རྡོ་རྗེ། རྣམ་སྣང་གི་སྐུ་སོགས་ནང་དབང་བཅུ་གཅིག་གི་དབང་རྫས། ཞི་ཁྲོའི་ཕྱག་མཚན་དུར་ཁྲོད་དང་དཔལ་ཆས་སོགས་སྒྲུབ་དབང་བཅུ་གསུམ་གྱི་ཆས་རྣམས་ཀྱང་ལྡིང་ཁྲིའི་སྟེང་དང་ཕྱོགས་མཚམས་གང་བདེར་བཤམ། ལྷ་དབང་གི་ཙཀླི་འདིར་ལུང་ཨ་ནུ་ཡོ་ག་གཙོ་ཆེ་ཡང་། ལྷ་དབང་གི་དུས་ངོ་བོ་གཅིག་པའི་ཁྱད་པར་དང་། སྒྲུབ་མཆོད་ཀྱང་རྒྱུད་ལུང་གཉིས་སྡེབས་ཏེ་བྱ་དགོས་པ་སོགས་དགོས་པའི་ཁྱད་པར་ཆེས་མང་བས་རྒྱུད་ལུང་གཉིས་ཀའི་ལྷ་དབང་མཛད་འདུག་པར ། ཁྲོ་བོ་ལ་ཁྱད་པར་མེད་ཀྱང་ཞི་བའི་དུས་ཁྱད་པར་ཆེ་ཞིང་། ཡོ་ག་ལྟར་ལྷ་ཚོགས་མི་འདྲ་བ་དུ་མ་ཡོད་པས་དེའི་ཕྱིར་ལྷ་དབང་གི་ཙཀླི་དཀྱིལ་འཁོར་དུ་བཀོད་པའི་དམིགས་བསལ་མེད་པ་རྣམས་དཀྱིལ་འཁོར་དབུས་ལྡིང་ཁྲིའི་ཁར་སྦམས་ཏེ་བཞུགས་སུ་གསོལ་དགོས་པ་ཡིན་ཏེ། ལྷ་དབང་གི་དུས་སུ། རྩ་བར། དབང་ཞུའི་ཙཀླི་དཀྱིལ་འཁོར་གྱི་དབུས་སུ་སྦམས་ཏེ་གསོལ་བའི་རྟེན་དུ་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ལུགས་འདིར་བསྙེན་སྒྲུབ་ཡན་ལག་བཞིར་གསུངས་པའི་ད་ལྟ་བསྙེན་པའི་སྐབས་ཡིན་ནའང་། འོག་ཏུ་དགོས་པའི་ཡོ་བྱད་ཕལ་ཆེར་ད་ལྟ་བསགས་ན་ལེགས་ཤིང་མི་བྲེལ་བའི་དགོས་པ་ཡོད་པས། བསྙེན་དབང་བསྐུར་བའི་ཆ་ལག །རྡོ་རྗེ་དྲིལ་བུ། ཕུར་པ། རཀྴའམ་ཐོད་པའི་ཕྲེང་བ། རྔ་རྔ་ལྕག་དང་བཅས་པ་དང་། གོང་དུ་རྟགས་གསུམ་བླ་མའི་དྲུང་དུ་དགོད། ཅེས་གསུངས་པ་ལྟར། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་མཚན་མ་རྣམས་བྱ་བའི་ཁྲག་ཞག་ཐལ་བའི་སྣོད་གསུམ་ཉེར་བསྡོགས་བྱ། ཉེ་བར་བསྙེན་པའི་དུས་མ་ཏྲཾ་བསྒྲལ་དགོས་པ་གོང་དུ་གྲུབ། སྒྲུབ་པའི་རྫས་སྨན་གཏོར་རཀྟ་ཕྱི་ནང་གི་མཆོད་པ་རྣམས་ནི་བཟང་ཞིང་མང་བར་བཤམ་དགོས་ཤིང་། སྒྲུབ་པའི་སྔོན་འགྲོ་རབ་གནས་ཀྱི་ཡོ་བྱད་རྣམས་བཤམ་ཚུལ་འོག་ཏུ་འབྱུང་། སྒྲུབ་པ་ཆེན་པོའི་དངོས་གྲུབ་ཀྱི་རྫས་བཤམ་པ་ལོགས་སུ་སྟོན་ཅིང་། གཞན་ཡང་རྩ་བར། ཤར་དུ་དཔལ་བཤོས། ནུབ་ཏུ་དབང་བཤོས། རྡོ་རྗེ་ཚེ། ཟླ་གམ་ལ་བཀྲ་ཤིས་ཀྱི་བྱ་ཁ་སྤྲོད། གསོལ་བྱང་བདུད་རྩི་རློན་སྦྱོར་ཛ་གད་ཀྱིས་བཀང་བ་ཁུར་བས་བཀབ་པ་བཤམ་མོ། །ཞེས་གསུངས་པ་ལ། ཁོ་བོས་བླ་ཆེན་བྲེས་གཤོངས་པར་དྲི་བ་ཞུས་པར། དཔལ་བཤོས་བཤོས་བུ་སྟོད་ཟུར་གསུམ་ཅན། དབང་བཤོས་ཟླ་གམ། རྡོ་རྗེ་ཚེ་ལ་ཟླུམ་པོ་གའུ་ཁ་སྦྱོར་འོག་དམར་པོ། སྟེང་དཀར་པོ། རྡོ་རྗེ་རྩེ་ལྔ་ཕྱེད་པས་མཚན་པ་ཡིན་གསུངས། རྩ་བར། འདི་རྣམས་ལ་བྱིན་རླབས་དང་བསྐྱེད་ཆོག་ཐ་དད་དུ་འབྱུང་བས་འོག་ཏུ་སྒྲུབ་ཆེན་སྐབས་སུ་སྟོན། འོན་ཀྱང་གསོལ་བྱང་གི་བསྐྱེད་ཚུལ་གསུངས་པའི་རྗེས་སུ། དེ་ནི་ཆེ་མཆོག་གླང་པོའི་དཀྱིལ་འཁོར་རོ། །ཞེས་གསུངས་པར། བླ་ཆེན་བྲེས་པས། ཆེ་མཆོག་གླང་པོའི་དཀྱིལ་འཁོར་ནི་ངེས་ངེས་ཞིག་མེད་གསུང་ཡང་། ཁོ་བོའི་རིགས་བདག་མཁས་གྲུབ་སྨན་ལུང་པ་ཆེན་པོར་དྲི་བ་ཞུས་བར་འདི་ལྟར་གསུངས་ཏེ། ཆེ་མཆོག་གླང་པོའི་དཀྱིལ་འཁོར་གྱི་གཞི་ཕྱེ་དང་རྡུལ་ཚོན་དམར་པོ་བསྲེ། ཟླ་གམ་ཁ་སྤྲོད་ཟེར་བ་རང་ཐག་ཡས་གཞི་མས་གཞི་བརྩེགས་པ་ལྟ་བུ་ཇི་བཞིན་ལ་དབྱིབས་ཟླ་གམ། འོག་དམར། སྟེང་དཀར། རྡོ་རྗེ་རྒྱ་གྲམ་གྱིས་བསྡམས་པའི་ཚུལ་ལ་དབུས་རྭ་བཞིས་མས་གཞི་ལ་སླེབས་པ། རྡོ་རྗེའི་ལྟེ་བ་དཀར། ཤར་སྔོ་སོགས་ཕྱོགས་མདོག །བཀྲ་ཤིས་ཀྱི་བྱ་ཁ་སྤྲོད་སོགས་དཀྱུས་ལྟར། ཞེས་གསུངས་པ། གཞུང་དོན་གསལ་བར་མཛད་པའི་ཚུལ་ལ་རྗེས་སུ་ཡི་རངས་པར་གྱུར། འོན་ཀྱང་རྩ་བ་ལྟར་ན། རྡོ་རྗེ་ཚེ་ཟེར་བ་ཆེ་འབྲང་དང་། ཟླ་གམ་ལ་བཀྲ་ཤིས་ཀྱི་བྱ་ཁ་སྤྲོད་དུ་བྱས་པ་གཉིས་ཐ་དད་དུ་གསུངས་པ་འདྲ་ཞིག་དང་། དེའི་བྱིན་རླབས་ཚེ་ལྕམ་ལུགས་སུ་ཞལ་འཕངས་ཤིང་། བདུད་རྩི་རློན་སྦྱོར་ཁུར་བས་བཀབ་པ་དེ་ཉིད་ལ་ཆེ་མཆོག་གླང་པོའི་དཀྱིལ་འཁོར་དུ་མིང་བཏགས་པ་འདྲ་ཞིག་འདུག་མོད། འོན་ཀྱང་འདིར་མཐོང་བརྒྱུད་དང་སྔོན་གྱི་དཔེ་བྲིས་རྙིང་པ་སོགས་གོ་བསྟུན་ཏེ་འཆད་པར་བྱ་བ་ལ། དཔལ་བཤོས་སྟོད་གཤོག་པ་ཅན་ཟུར་གསུམ་གྱི་དབྱིབས་ལ་སྨད་ཟླུམ་པོ་དང་། དབང་བཤོས་ནི་ཁྱབ་བདག་སྨན་ལུང་པ་ཆེན་པོའི་ཕྱག་བཞེས་སུ་རི་རབ་བང་རིམ་བཞི་པའི་སྟེང་ཟླ་གམ་གྱེན་དུ་སླང་བའི་བཅད་ཁ་མདུན་དུ་བསྟན་པའི་ལོགས་ལ་ཚེ་རིལ་སྤུངས་པ་གཉིས་འབྲིང་མོག་གིས་བྱུགས་པ། རྡོ་རྗེ་ཚེ་འབྲང་གླང་པོའི་དཀྱིལ་འཁོར་སོགས་བཞེད་ཚུལ་མང་པ་དེ་ཉིད་ཟླ་གམ་ཁ་སྤྲོད་ཟེར་ཡང་ཕྱག་བཞེས་མཐོང་བརྒྱུད་ལ་ཉི་ཟླའི་གའུ་ལྟ་བུའམ་རང་འཐག་བརྩེགས་པ་ལྟ་བུ་འོག་མ་དམར་པོ། སྟེང་དཀར་པོ། དེ་ལ་མར་ཚོན་གྱི་རྡོ་རྗེ་རྒྱ་གྲམ་ལྟེ་བ་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བ། རྡོ་རྗེ་དཀར་པོ་རྩེ་ལྔ་ཕྱེད་པ་དབུས་སུ་བཙུགས་ཤིང་། གཡས་གཡོན་དུ་བཀྲ་ཤིས་ཀྱི་བྱ་ཁ་སྤྲོད་ཟེར་བ་ཕྱག་ལེན་དུ་མར་ཚོན་གྱི་ནེ་ཙོ་ཁ་སྤྲོད་འཛུགས་སྲོལ་འདུག །བདུད་རྩི་རློན་སྦྱོར་ལ་བདུད་རྩིའི་དཀྱིལ་འཁོར་ཞེས་འོག་ཏུ་འབྱུང་བ་ལྟར་ན། ཁོ་བོའི་བླ་མའི་གསུང་ལྟར་ཆེ་མཆོག་གླང་པོའི་དཀྱིལ་འཁོར་དང་རྡོ་རྗེའི་ཚེ་གཅིག་པར་མཛད་པ་འདི་ལེགས་པར་སྣང་། དེ་ལྟར་དཔལ་བཤོས་དང་དབང་བཤོས་ཚེ་རྣམས་དཀྱིལ་འཁོར་གྱི་ལྡིང་ཁྲིའི་སྟེང་ངམ་རྣམ་པ་གང་མཛེས་སུ་བཤམ། གཞན་ཡང་པཎ་ཆེན་རེ་ཟངས་ཏོག་པའི་ཟིན་བྲིས་དང་གཏོར་དཔེ་པཎ་ཆེན་སྐུ་མཆེད་ཀྱི་ཕྱག་བཞེས་ལྟར་བྲིས་པ་ལས་འདི་ལྟར་འབྱུང་སྟེ། ཤར་ལྷོར་བླ་མའི་གཏོར་མ་ཟླུམ་པོ་རྩེ་རྒྱས་ཤིང་རྩ་བ་ཕྲ་བ་པད་འདབ་བཞིས་བསྐོར་ཞིང་རྩེར་ནོར་བུ་མིག་གསུམ་དང་ཉི་ཟླས་མཚན་པ། ཤར་དུ་ཡི་དམ་གྱི་གཏོར་མ་སྟོད་གཤོག་པ་ཅན་ཟུར་གསུམ་པ་པད་འདབ་བཞིས་བསྐོར་པ་ཉི་ཟླ་ཅན། བྱང་ཤར་དུ་མཁའ་འགྲོའི་གཏོར་མ་ཟླུམ་པོ་པད་འདབ་བཞིས་བསྐོར་བ། བྱང་དུ་མགོན་པོའི་གཏོར་མ་ཟུར་གསུམ་པད་འདབ་བཞིས་བསྐོར་བ་ཡི་དམ་ལྟ་བུ། ནུབ་བྱང་དུ་ལྷ་མོའི་གཏོར་མའང་དེ་བཞིན་ནོ། །ནུབ་ཏུ་རྣམ་སྲས་ཀྱི་གཏོར་མ་བླ་མ་དང་འདྲ་བ་བཀོད་པར་བཤད་པ་ལེགས་ལྡན་ཉིད་ཟུར་ལུགས་ལ་རྣམ་སྲས་དང་གཅིག་པར་མཛད་འདུག་པས་བྱུང་ཀྱང་ལེགས་ཤིང་མ་བྱུང་ཀྱང་འགལ་བ་མེད། ལྷོ་ནུབ་ཏུ་དམ་ཅན་གྱི་གཏོར་མ་མཁར་ཐབས་གྲུ་བཞི་ཁ་བད་སྲབ་མོའི་སྟེང་འཐུག་པོ་གཅིག་སྟེ་ཉིས་བརྩེགས་ཀྱི་རྩེ་མོར་རའི་གཟུགས་གདོང་མདུན་དུ་བསྟན་པ། དམ་ཅན་ནི་སངས་རྒྱས་གསང་བས་སྒྱུ་འཕྲུལ་གྱི་སྲུང་མར་བསྔགས་པ་ཡིན་ཅེས་ཁོ་བོའི་བླ་མ་སྨན་ལུང་པ་ཆེན་པོ་གསུང་ཞིང་། མཆོད་བསྐང་ལོགས་ན་ཡོད། ལྷོར་དམར་གཏོར་ཟུར་གསུམ་པ་ཆོས་སྐྱོང་སྤྱི་གཏོར་གྱི་དོད། འདི་ཡན་ཆོད་ཐམས་ཅད་དམར་རྩིས་བྱུག །ཁྱད་པར་དུ་དཔལ་མགོན་ལེགས་ལྡན་ནག་པོ་ལ་སྒྲུབ་གཏོར་གྲུ་གསུམ་པ་དཀྱིལ་ནག་མཐའ་དམར་གྱི་མདུན་དུ་ཡུམ་ཟླ་གམ་དམར་པོ་མཐེབ་ཀྱུས་བསྐོར་བ་ཤ་ཁྲག་གིས་བརྒྱན་ཅིང་མེ་རི་རྒྱན་སྤྲོད་ཀྱིས་མཛེས་པར་བྱས་པ་ལ་གཏོར་གདུགས་མཐིང་ནག་དང་། སྐུ་རྟེན་ཙཀླི་མདའ་ལ་བཏགས་ཏེ་གཟུག་པ་རེ་ཞིག་བྱང་ངམ་བྱང་ཤར་དུ་བཞག་ཅིང་། སླར་འོག་ཏུ་སྒོས་དབང་གི་དུས་དཀྱིལ་འཁོར་དུ་བཀོད་དགོས་ཤིང་། ཡང་ན་སྒོས་དབང་ལ་གཏོར་མའི་བཟོ་རྒྱུན་མི་གཅིག་པ་ཡོད་པ་འོག་ཏུ་འཆད། གཞན་ཡང་ཞི་བའི་སྤྱི་གཏོར་ཟླུམ་པོ་དཀར་པོ་ལ་རིལ་བུ་ཞེ་གཉིས་ཀྱིས་བསྐོར་བ་དང་། ཁྲོ་བོ་ལ་དཔལ་བཤོས་ཟུར་གསུམ་པ་དམར་པོ་ལ་མཐེབ་ཀྱུ་བཅད་ཁ་ཕྱིར་བསྟན་ལྔ་བཅུ་རྩ་བརྒྱད་ཀྱི་བསྐོར་བ་སྟེ། ཞི་ཁྲོའི་སྤྱི་གཏོར་གཉིས་དཀྱུས་ལས་ཆེ་ཞིང་སོ་སོའི་རྒྱན་སྤྲོས་ཀྱིས་མཛེས་པར་བྱས་པ་དཀྱིལ་འཁོར་གྱི་རྒྱབ་ཕྱོགས་ནུབ་ཏུ་བཀོད། དཀྱིལ་འཁོར་གྱི་ལྷོ་གཡས་སུ་ཀ་པཱ་ལ་མཚན་ལྡན་དུ་བདུད་རྩི་སྨན་ཕུད་རྒྱུ་གཉིས་རྐྱེན་སྦྱར་གྱི་འབྲུ་བཅུད་བཟང་པོས་བཀང་བ་ལ་སྒྲུབ་སྨན་བཏབ་པ་དང་། གཡོན་བྱང་དུ་བྷནྡྷ་རཀྟས་གང་བ་ལ་པད་ཁྲག་གྲི་ཁྲག་སོགས་ཁྲག་སྣ་ཚོགས་བཏབ་པ་བཀོད། གཞན་ཡང་སྒྲུབ་དབང་གི་མཐའ་རྟེན་དབང་རྫས་ཤར་ལྷོར་མར་མེ། ལྷོའི་སྨན་ཕུད་ནི་བདུད་རྩིས་འཐུས། བྱང་དུ་ཕུར་པ། བྱང་ཤར་དུ་མདོས་རཀ་ཅེས་པ། ཁོ་བོའི་ཡོངས་འཛིན་སྨན་ལུང་པ་ཆེན་པོའི་གསུང་ལས། མདོས་རཀ་ལ་འབྱོར་ན་རི་རབ་དང་ནམ་མཁའ་ཕྱོགས་མདོག་འཛུགས། ཞེས་གསུངས་པ་བསྡུ་ན་རི་རབ་ཕྱོགས་མདོག་ལ་ནམ་མཁའ་ཕྱོགས་མདོག་འཛུགས་པའམ། ཡང་ན་རྩ་བར། མཆོད་པ་མདོས་ཀྱི་དཀྱིལ་འཁོར་བཞེངས་ལ། ཕྱི་ཆ་མཐུན་སྤྲུལ་པའི་མ་མོ་གཞུང་བཞིན་མཆོད་ལ་ཐུགས་དམ་བསྐུལ། ཞེས་པའི་འབྲུ་གནོན་དུ་སྔ་རོལ་ནས་བཤད་པ་ལྟར། སྲིད་པའི་བེམ་མདོས་སམ་མ་མོའི་ཁྲག་མདོས། ཨེ་ཀ་ཛ་ཊིའམ་རེ་མ་ཏིའི་མདོས་སམ། ཡང་ན་དབང་པོའི་སྡེའི་དག་སྣང་མ་གཙུག་ལག་ཁང་སྣང་སྲིད་སྤྱི་སྐོངས་ལྟ་བུ་བཤམ་ཞིང་། ཁྱད་པར་གཞུང་དང་བསྐུར་ཚིག་སོགས་བསྟུན་ན་མ་མོའི་རིགས་ཀྱི་མདོས་ཞིག་འཐད་པར་སྣང་བས་གང་བདེ་བཤམ། ལྷོ་ནུབ་ཏུ་ཆོས་སྐྱོང་གི་གཏོར་མ་ནི། མ་མགོན་དམ་ཅན་སོགས་སྤྱིར་བཤམས་པས་འཐུས། བྱང་ཤར་དུ་ལས་བཞིའི་རྫས་དང་ཟོར་གཏོར་བཤམ་དགོས་པའི་ལས་བཞིའི་རྫས་ནི། ཞི་རྒྱས་དབང་དྲག་བཞིའི་འབྲང་རྒྱས་དཀར་ཟླུམ། གྲུ་བཞི་སེར། ཟླ་གམ་དམར། ནག་པོ་གྲུ་གསུམ་རྣམས་དང་། ཟོར་རྫས་གཏོར་ཟོར་ཁྲག་བྱུགས་ཟུར་གསུམ་མཚེ་ཡུངས་བཙུགས་པ་དང་། ཀོང་ཟོར་ཟོར་རྫས་ཚང་བ་བཤམ། ཚེ་རྫས་སུ་ཚེའི་འབྲང་རྒྱས་དམར་པོ་རྒྱ་བུམ་གཟུགས་རྩ་བར་ཚེ་རིལ་གྱིས་བསྐོར་བ། རྩེར་མར་དཀར་གྱི་རྡོ་རྗེའི་ཏོག་བཙུགས་པ་དང་། ཚེ་རིལ་ཚེ་ཆང་ཡང་བཀོད། འདི་དག་ནི་སངས་རྒྱས་ཡེ་ཤེས་རིན་པོ་ཆེས། ཚེ་ནི་སྤྱི་ཡི་ཁ་སྐོང་ཡིན། །སྒོ་བྱང་ཕྱི་ནང་དགྲ་བགེགས་སྐྲོད། །རྫས་སྐོངས་མར་མེ་བདུད་རྩི་སྨན། །མཚམས་ཕུར་གདབ་ཁ་བསྙེན་ཕུར་རྟེན། །དམར་ཆེན་རཀྟས་ཐུགས་དམ་སྐོང་། །འཇིག་རྟེན་མཆོད་རྟེན་དྲག་ཟོར་གཏོར། །རིག་འཛིན་གཏོར་ཕུད་ཚེ་ཟན་རྫས། །ཞེས་གསུངས་པ་ལྟར་རོ། །དབང་གོང་མ་རྣམས་དང་གཏད་རྒྱ་དངོས་གྲུབ་མདོ་མགོན་ཚེའི་དཀྱིལ་འཁོར་རྣམས་སླར་འོག་ཏུ་འཆད་པས་འདིར་མི་དགོས། དཀྱིལ་འཁོར་གྱི་མཐར་སྤྱི་ལྟར་བྱང་ཤར་མཚམས་འཛིན། ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས་རྣམས་དང་། སྒྱུ་འཕྲུལ་ལྟར་བཞི་བསྣོལ་ཞེས། བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་བཞི་ཕྱོགས་བཞིར་སྤེལ་མའམ་སྒོར་བཤམས་གང་བདེ་བྱ། ཁམས་ལུགས་སུ་ནུབ་ཕྱོགས་སུ་བཀོད་པར་བཤད་འདུག །གཞན་ཡང་གཟུགས་སྒྲ་རུ་རོ་རེག་བྱ་སྟེ་འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་དང་རྟགས་བརྒྱད་ཟུང་། མཐའ་བསྐོར་དུ་འབྱོར་ན་རྣམ་ལྔ་བརྒྱ་ཕྲག་གམ། ཡང་ན་ལྷ་བཤོས་དང་མེ་མར་བརྒྱ་ཕྲག །ཚོགས་ཀྱི་འཁོར་ལོའི་ཡོ་བྱད་བཟའ་བཅའ་བཏུང་བའི་དངོས་པོ་བཟང་ཞིང་གྱ་ནོམ་པ་རྣམས་ཚོགས་གཉིས་སྤེལ་བའི་དོན་དུ་རྒྱ་ཆེར་བཤམ་ཞིང་། ཉིན་རེ་བཞིན་མཆོད་གཏོར་རྙིང་པ་རྣམས་གསོ་ཞིང་གསར་དུ་སྤྲོས་ཏེ་དབུལ་ལོ། །ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། རྩ་བར། གཞན་ཡང་མདའ་བརྒྱད་དར་སྣ་དང་བཅས་པ། གྲི་བརྒྱད་མེ་ལོང་དང་བཅས་པ། ཕུར་བུ་འབྲུབ་ཁུང་དང་བཅས་པ། འཕན་བླ་བྲེ་ཡོལ་བས་བརྒྱན་པར་བྱའོ། །ཞེས་གསུངས་པ་ལྟར། དཀྱིལ་འཁོར་གྱི་ཕྱིའི་ཕྱོགས་མཚམས་བརྒྱད་དུ་མདའ་དར་མེ་ལོང་དང་བཅས་པ་བརྒྱད་དང་། གྲི་བརྒྱད་དམ་མ་འབྱོར་ན་ཕྱོགས་བཞིར་རེ་རེ་བཀོད་ལ། དེ་རྣམས་ཚོན་སྣ་ལྔའི་སྲད་བུས་ཕྱག་ལེན་ལྟར་བྲེས་ཤིང་སྦྲེལ་ལོ། །ཕུར་བུ་དང་འབྲུབ་ཁུང་ལིངྒ་དང་བཅས་པ་ཡང་གདབ་ཁའི་ཕྱིར་གང་བདེར་བཞག །དཀྱིལ་འཁོར་དུ་གནམ་རྒྱན་བླ་བྲེས། ལོགས་རྒྱན་ཡོལ་བ། བར་རྒྱན་དར་གྱི་ལྔ་ལྡི་དང་། འཕན། རྒྱལ་མཚན། ཕྱེ་ཕུར་སོགས་ཀྱི་བཀོད་བས་མཛེས་པར་བྱ། དཀྱིལ་འཁོར་གྱི་མཐའ་མ་སྟག་ལྤགས་སམ་མཆོད་ལྷའི་ཤོག་སྐོར་གྱིས་དཀྲིས་ཏེ་རྡུལ་མི་འབྱུང་བར་བྱའོ། །རྩ་བར། སྐབས་འདིར་བྱིན་དབབ་སྟེ་བསྙེན་དབང་བསྐུར་ཞིང་། དེའི་རྗེས་སུ་ཉེ་བསྙེན་གྱི་སྔོན་འགྲོ་བཤགས་པ། དམ་བཅའ། བྱིན་དབབ་བྱས་ཏེ་མ་ཏྲཾ་བསྒྲལ་བར་བཤད་པས་ཕྱག་ལེན་བདེ་ཕྱིར་སྐབས་འདིར་བཤགས་པ་དང་དམ་བཅའ་བླངས། བྱིན་འབེབས་གཅིག་གིས་གོ་བཅད་དེ་བསྙེན་དབང་བསྐུར་བ་བསྙེན་པ་དང་ཉེ་བསྙེན་ཟུང་དུ་འཇུག་ཅིང་དོན་མི་འགལ་བར་ལག་ལེན་བདེ་བས། དེའི་ཚུལ་ནི་སློབ་དཔོན་ཐམས་ཅད་དཀྱིལ་འཁོར་ལ་ཕྱོགས་ཏེ་ཕྱག་འཚལ་ཞིང་། ཡེ་ཤེས་སྐུ་མཆོག་གི་བཤགས་པ་བྱ་ཞིང་གཞན་ཡང་འདི་སྐད་དོ། །ཧཱུཾ། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ཟློག་དོན་དུ་རྒྱལ་བའི་དམ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །དམ་བཅའ་བ་ནི། སྒྲུབ་མཆེད་རྣམས་ཕྲེང་བ་སྦྲེལ་ཏེ་དཀྱིལ་འཁོར་བསྐོར་བའམ། ཡང་ན་ལག་གཉིས་རྡོ་རྗེ་ཕྱིར་བསྡམས་ཀྱི་གུང་མོ་གཉིས་བཤིབས་ཏེ་སྒྲེང་བ་དམ་ཚིག་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས་ཏེ། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །ཞེས་དམ་བཅའ། རྩ་བར། དེ་ནས་བྱིན་དབབ་པ་ནི་ཐམས་ཅད་གོས་བཟང་པོ་གྱོན། སྤོས་དུད་དང་རོལ་མོ་བྱ། ཕོ་རྣམས་ཀྱིས་ཧ་སྟ་དང་། མོ་རྣམས་ཀྱིས་ཕྲེང་བ་གཡབ་ཅིང་། ཞེས་གསུངས་པས། རྡོ་རྗེ་སློབ་དཔོན་དབང་གི་ཆས་སུ་ཞུགས་པའམ་རུས་པའི་རྒྱན་གྱིས་བརྒྱན། ཧསྟ་སྟེ་མི་ལག་གི་གཡབ་དར་ཐོགས། དེ་བཞིན་དུ་ཕོ་ཐམས་ཅད་ཧསྟ་གཡབ། མོ་རྣམས་ཀྱིས་ཕྲེང་བ་གཡབ། སྤོས་དང་རོལ་མོའི་བྱེ་བྲག་རྒྱ་ཆེན་པོར་བཅས་ཏེ་དཀྱིལ་འཁོར་བསྐོར་ཞིང་དབྱངས་དང་བཅས་ཏེ་འདི་སྐད་དོ། །རྩ་བར། ཧཱུཾ། ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་ནས། །རྣལ་འབྱོར་དབང་ཕྱུག་རིགས་ཀྱི་ཡུམ་དང་བཅས། །རྒྱལ་བའི་སྲུང་མར་གྱུར་པའི་དམ་ཚིག་ཅན། །མཆོད་བསྟོད་བླ་མ་རྣམས་ལ་སྐྱབས་སུ་མཆི། །ཧཱུཾ། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །བཅོམ་ལྡན་ཆེ་མཆོག་ཁྲོ་རྒྱལ་འཁོར་དང་བཅས། །སྔགས་ཚིག་བཤུག་པའི་བརྡ་ཡིས་སྤྱན་འདྲེན་གྱི། །ཕྱག་རྒྱ་གར་གྱི་བརྡ་ཡིས་གཡབ་དོར་ན། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་རྗེས་དགོངས་ལ། །ཐུགས་དམ་བརྡ་ལ་དགོངས་ཏེ་གཤེགས་སུ་གསོལ། །ཧཱུཾ། ཆོས་ཉིད་བདེ་བ་ཆེན་པོའི་སྐུ་བྱུང་བ། །བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་གཤེགས་སུ་གསོལ། །དུར་ཁྲོད་དྲེགས་པའི་ཚོགས་རྣམས་འཇོམས་མཛད་པ། །རྒྱུད་ལུང་ཁྲོ་རྒྱལ་ཡབ་ཡུམ༴ ཡེ་ཤེས་འབར་བ་བརྒྱད་ཀྱི་དཀྱིལ་འཁོར་ནས། །ཀ་རཱི་ཁྲོ་མོ་བརྒྱད་པོ༴ ཆོས་ཉིད་མཁའ་ལྟར་དག་པའི་དཀྱིལ་འཁོར་ནས། །སིང་ཧ་ཕྲ་མེན་བརྒྱད་པོ༴ འབར་བའི་བར་ཁྱམས་དུར་ཁྲོད་ནང་ཤེད་ནས། །སྤོར་མ་གསང་ཡུམ་ཚོགས་རྣམས༴ ཚད་མེད་བཞི་རྫོགས་གསང་བའི་དཀྱིལ་འཁོར་ནས། །རྟ་གདོང་སྒོ་མ་འཁོར་བཅས༴ དམ་ཚིག་ལྷུན་གྱིས་གྲུབ་པའི་དཀྱིལ༴ དབང་ཕྱུག་མིང་སྲིང་འཁོར་བཅས༴ ཞེ་སྡང་འབར་བ་ཐུགས་ཀྱི་དཀྱིལ༴ ཁྲོ་རྒྱལ་སྲིན་པོ་འཁོར་བཅས༴ དུར་ཁྲོད་འབར་བ་ཆེན་པོའི་དཀྱིལ༴ མཁའ་འགྲོ་སུམ་ཅུ་རྩ་གཉིས༴ སྒྲོལ་བྱེད་འབར་བའི་ལས་ཀྱི་དཀྱིལ༴ རྡོ་རྗེ་གིང་ཆེན་འཁོར་བཅས༴ གིང་གི་བཀའ་ཉན་ལས་བྱེད་དཀྱིལ༴ ཕོ་ཉ་སྡེར་མོ་འཁོར་བཅས༴ ལས་རྣམས་ཡོངས་སུ་གྲུབ་པའི་དཀྱིལ༴ ཡེ་ཤེས་མ་མོའི་ཚོགས་རྣམས༴ སྡོམ་པ་ས་ལ་གནས་པའི་དཀྱིལ༴ རིག་འཛིན་རྩལ་འཆང་འཁོར་བཅས༴ དེང་གི་གནས་མཆོག་དུར་ཁྲོད་ཚོགས་རི་འདྲ། །བྷནྡྷ་གསར་རྙིང་ཚོགས་ནི་རྫ་ལྟར་ལྷགས། །ཀེང་རུས་གསར་རྙིང་ཚོགས་ནི་རི་ལྟར་སྤུངས། །རཀྟ་གསར་རྙིང་ཚོགས་ནི་མཚོ་ལྟར་བསྐྱིལ། །མཱཾ་ས་གསར་རྙིང་ཚོགས་ནི་ཐང་ལྟར་གདལ། །ཞིང་ཆེན་གསར་རྙིང་ཚོགས་ནི་བྱེ་ལྟར་བཀྲམ། །ཙིཏྟ་གསར་རྙིང་ཚོགས་ནི་རླུང་ལྟར་སྤུངས། །བྱང་ཆུབ་སེམས་ཀྱི་ཚོགས་ནི་གངས་ལྟར་ཆགས། །རྒྱན་ཆ་གསར་རྙིང་ཚོགས་ནི་སྤྲིན་ལྟར་གཏིབས། །ཏ་ན་ག་ནའི་ཚོགས་ནི་དབྱིངས་ན་རོལ། །རྡོ་རྗེ་མཆེད་ལྕམ་ལྷ་དང་ལྷ་མོར་རོལ། །མ་མོ་མཁའ་འགྲོའི་ཚོགས་ནི་མཁའ་ལྟར་འཐིབས། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་སྤྱན་འདྲེན་ན། །ཐུགས་དམ་བརྡ་ལ་དགོངས་ཏེ་གཤེགས་ནས་ཀྱང་། །དཀྱིལ་འཁོར་ཆེན་པོ་འདི་ལ་བྱིན་ཕོབ་ལ། །སྒྲུབ་པའི་རྟགས་དང་མཚན་མ་བསྟན་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་བཛྲ་ས་མ་ཡ་སིདྡྷི་ཕེཾ་ཕེཾ། བཛྲ་ཡོ་གི་ནི་ས་མ་ཡ་ཛཿ བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཞེས་བརྗོད་པས་ལྷ་ཚོགས་བྱོན། པྲ་བེ་ཤ་ཡ་ཕཊ་དཀྱིལ་འཁོར་གྱི་སྒོ་ཕྱེ། ཨ་བེ་ཤས་དཀྱིལ་འཁོར་དང་གཉིས་སུ་མེད་པར་ཐིམ་པས། དཀྱིལ་འཁོར་ལྷ་རྣམས་གཟི་བརྗིད་དང་ལྡན་པར་བསམ་མོ། །འདི་རྣམས་ཀྱི་དོན་ནོ། །གླན་སྟོན་གྱིས། ལྷ་དང་འཁོན་གཅུགས་བསལ་བའི་ཕྱིར་བཤགས་པ་བྱ། འགྲོ་དོན་མཐར་ཕྱིན་པར་བྱ་བའི་ཕྱིར་དམ་བཅའ། ལས་བྱས་དོན་ཡོད་པའམ་དམ་ཅན་དབང་དུ་འདུ་བའི་ཕྱིར་བྱིན་དབབ་པ་བྱའོ། །ཞེས་གསུངས། སྐབས་འདིར་བསྙེན་དབང་བསྐུར་བའི་དགོས་པ་ནི། གསང་སྔགས་གཞན་ལྟར་ན་སྒྲུབ་མཆོད་མ་གྲུབ་ཀྱང་སྔ་འགྱུར་ལ་དཀྱིལ་འཁོར་བདུན་སོགས་བཤད་གཞི་ཡངས་ཤིང་། ཁྱད་པར་སྟ་གོན་གྱི་ལྷ་ནམ་མཁར་བཏེག་པ་ཡང་དཀྱིལ་འཁོར་བྲིས་ཟིན་མ་ཐག་བསྟིམ་ཟིན་པ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རྫས་དགོད་པ་ཡང་རྒྱས་པར་གྲུབ་ཅིང་། བྱིན་འབེབས་ཀྱང་གྲུབ་མ་ཐག་ཡིན་པས་སྒྲུབ་མཆོད་གྲུབ་པ་དང་ཁྱད་པར་མ་མཆིས་ཤིང་། སློབ་མ་རྣམས་བསྙེན་སྒྲུབ་ལ་འཇུག་རུང་གི་དབང་གི་ཆོ་ག །དོན་ནུས་པའི་དབང་ལྟ་བུ་ཡིན་པས་འདིར་ཤིན་ཏུ་འཐད། དཀྱིལ་འཁོར་དུ་ཞུགས་ཏེ་བསྙེན་སྒྲུབ་དང་དབང་བསྐུར་བའི་བྱ་བ་ལ་འཇུག་དགོས་པའི་ཡོ་བྱད་རྡོར་དྲིལ་རྔ་ཕྲེང་ཕུར་པ་སོགས་བྱིན་གྱིས་བརླབས་པའི་དགོས་པ་ཡོད་དེ། རྩ་བར། དེ་ནས་བསྙེན་པར་གནང་བའི་དབང་བཞི་བསྐུར་བ་ན། ཞེས་གསུངས་པས། སློབ་མ་ཐམས་ཅད་གྲལ་ལ་འཁོད་དེ་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་ཐོགས་ཏེ། རྩ་བར། ཧཱུཾ་དང་ཨའི་འཕྲོ་འདུ་ལས་ཡེ་ཤེས་ཀྱི་རྡོ་རྗེ་དྲིལ་བུར་བསམ་སྟེ། ཞེས་འབྱུང་བས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དང་། ཨ་ལས་བྱུང་བའི་དྲིལ་བུ་ལག་ཏུ་གཏད་པའི་མོས་པ་མཛོད། རྩ་བར། ཧཱུཾ། ཐབས་དང་ཤེས་རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །མྱ་ངན་འདས་དང་འཁོར་བ་ཡིན། །ཆོས་ལ་འདོད་བཞིན་དབང་བསྐུར་རོ། །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་དག་པ་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་རིགས་ཀྱི་བུ་སྐལ་ལྡན་རྒྱལ་བའི་སྲས་རྣམས་ལ་རྡོ་རྗེ་དྲིལ་བུའི་དབང་བསྐུར་བས་གསང་བའི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ། བསྙེན་གྲུབ་རྣམ་པ་བཞིའི་སྒོ་ནས་ཕྲིན་ལས་རྣམ་པ་བཞི་ལ་ལོངས་སྤྱོད་པ་ལ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འབྲེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་བཛྲ་གྷཎྜེ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པས་རྡོ་རྗེ་གསོར། དྲིལ་བུ་དཀྲོལ་ཞིང་སྙིང་གར་གཏུགས་གཏད་དོ། །དེ་ནས་ཕུར་པ་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ་ཀྱིས་སྲས་མཆོག་ཏུ་བསྐྱེད། ཀཱ་ཡ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལག་ཏུ་གཏད་ལ། ཧཱུཾ། མི་གཡོ་ཆོས་སྐུ་ཡོན་ཏན་མཆོག་མངའ་བ། །སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས། །ཐུགས་རྗེས་གཉིས་མེད་དབྱིངས་སུ་སྒྲོལ་མཛད་པ། །ཁྲོ་རྒྱལ་འབར་བའི་དབང་འདི་ཁྱོད་ལ་སྦྱིན། །ཞེས་དང་། སྨོན་ལམ་གོང་བཞིན་བྱས་ཏེ། ཞེས་གསུངས་པས། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞ ིང་ཁམས་དག་པ་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་རིགས་ཀྱི་བུ་སྐལ་ལྡན་རྒྱལ་བའི་སྲས་རྣམས་ལ་ཕུར་པས་དབང་བསྐུར་བས་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཡ་མ་དམ་སྲི་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨ་བྷི་ཥི ཉྩ་ཧཱུཾ། ཅེས་པས་ཕུར་པ་སྙིང་གར་གཏུགས་བགེགས་ལ་བསྒྲིལ་ལོ། །དེ་ནས་ཕྲེང་བ་ཙནྡྲ་ལས་ཟླ་བ་ལ་ཏྲཾ་བཅུའི་འཕྲོ་འདུ་ལས་ཕྱོགས་བཅུའི་སངས་རྒྱས་ཀྱི་བྱིན་རླབས་བསྡུས་ཕྲེང་བ་ལ་ཐིམ་པར་བསམ་ལ། ཧཱུཾ། རྡོ་རྗེ་རུ་ཏྲ་བཞད་པ་ཆེ། །ཁུར་བ་དབུགས་ཀྱི་རླུང་འབྱིན་པ། །འབྲུག་གི་སྒྲ་ལྟར་ཟབ་པ་ཡི། །རུ་ལུ་རུ་ལུའི་སྒྲ་སྒྲོགས་བཞད། །ཕྱག་རྒྱ་འདི་ཡིས་དབང་བསྐུར་རོ། །ཞེས་དང་། གོང་བཞིན་བརྗོད་ལ་ཞེས་གསུངས་པས། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་དག་པ་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་རིགས་ཀྱི་བུ་སྐལ་ལྡན་རྒྱལ་བའི་སྲས་རྣམས་ལ་ཕྲེང་བའི་དབང་བསྐུར་བས་རུ་ལུ་འབྲུ་བརྒྱད་ཀྱི་འཛབ་ཀྱི་དབང་དང་། སངས་རྒྱས་ཀྱི་གསུང་དངོས་གྲུབ་ཀྱི་སྒྲ་དབྱངས་མི་ཟད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ་གིས་ཕྲེང་བ་སྙིང་གར་གཏུག་ཅིང་རུ་ལུའི་འཛབ་ཅི་རིགས་བགྲང་ངོ་། །དེ་ནས་རྔ་ཉི་མའི་སྟེ་དུ་ཧཱུཾ་གི་འཕྲོ་འདུ་ལས་བཛྲ་ཙ་མ་རཱ་ཛ་མཱ་ར་ཡ་ཧཱུཾ་གིས་ཡེ་ཤེས་ཀྱི་རྔར་བསམ་ལ། ཧཱུཾ། ཆོས་སྐུ་མཆོག་མངའ་ཡེ་ཤེས་ཚུལ་ཁྲིམས་ལྡན། །དཔལ་གྱི་ཕྱག་རྒྱ་ཡེ་ཤེས་ཙ་མཱ་ར། །རིགས་ཀྱི་བུ་མཆོག་ཁྱོད་ལ་དབང་བསྐུར་བས། །མ་མོ་མཁའ་འགྲོ་ཐམས་ཅད་དབང་སྡུད་ཅིང་། །ཐུགས་དམ་གནད་ནས་བསྐུལ་ནས་བྲན་བཞིན་དུ། །འཁོར་བའི་དབང་མཆོག་དམ་པ་ཐོབ་གྱུར་ཅིག །བཛྲ་ཙ་མཱ་ར་ཛཿམཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པས་སྙིང་གར་གཏུགས་ལ་བརྡུང་ངོ་། །དེ་ནས་བརྡ་སྒོ་དབྱེ་བ་ནི། དཔོན་སློབ་ཐམས་ཅད་ཕྱག་རྡོ་རྗེ་ནང་བསྡམས་ཀྱི་ཕྱག་རྒྱ་བཅས་ཏེ་བླ་མའི་རྗེས་ཟློས་བྱ་ཞིང་སྒོམ་དོན་སྣོད་བཅུད་ཐ་མལ་དུ་བཟུང་སྟེ་ལྷ་དང་ཡེ་ཤེས་སུ་མ་ཤར་བ་དེང་ནས་ལྷར་གསལ་བའི་བསམ་པས། རྩ་བར། ཧཱུཾ། ཡེ་ནས་མཉམ་ཉིད་མི་འདའི་ཕྱིར། །གཟུང་འཛིན་བསྣོལ་བས་སྒོ་བཅད་དེ། །བདག་མེད་མི་གནས་ཡེ་ཤེས་ཀྱིས། །ཡུལ་ལས་འདས་པའི་སྒོ་ཕྱེ་ཞིག །མཎྜ་ལ་ཙཀྵུ་པྲ་བེ་ཤ་ཕཊ། ཕྱག་རྒྱ་བཀྲོལ་བས་སྣོད་བཅུད་ཐམས་ཅད་ལྷ་དང་ཡེ་ཤེས་སུ་བསམ་ཞིང་ཁྱད་པར་དཀྱིལ་འཁོར་གྱི་སྒོ་བྱེ་བའི་ནང་དུ་ཞུག་ཏེ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་འཚལ་བར་བསམ་ཞིང་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་བྱའོ། །རྩ་བར། བརྡ་ཕྱག་འཚལ་པ་ནི། ཧཱུཾ། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །ཡེ་ཤེས་བཞི་ཡི་སྒོ་ཕྱེ་སྟེ། །ཞི་ཁྲོ་གསང་བའི་དཀྱིལ་འཁོར་ལ། །རྣལ་འབྱོར་མཆོག་གི་ཕྱག་བགྱིད་དོ། །ཞེས་ཕྱག་བཙལ་པས་ལྷ་དང་དབྱེར་མེད་དུ་བསམ་མོ། །དེ་ཡན་ཆད་བསྙེན་པའི་ཆོ་གའོ། ༈ །སྐབས་འདིར་རྟགས་གདབ་པ་རིགས་པར་སྣང་སྟེ། འོག་གི་སྤྱི་དོན་གསུམ་པ་དཀྱིལ་འཁོར་སྒྲུབ་ཞག་གི་ཆོ་གའི་སྐབས་ན་ཡོད་པ་བཞིན་འདིར་ཡང་བླངས་ཏེ། ཐོག་མར་ཞག་གི་ཟོ་རིས་ལྐོག་མ་དང་སྙིང་གར་བྱུག་ཅིང་། ཧཱུཾ། ཆོས་རྣམས་ཡེ་ནས་གཉིས་སུ་མེད་པར་ཡི། །བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར། །ཞག་གི་ཟ་རིས་མཚན་པ་འདི། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །སངས་རྒྱས་ཀུན་དང་གཅིག་པའི་ཕྱིར། །འདི་ཡང་སྔོན་གྱི་དམ་ཚིག་ལགས། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །ༀ་མ་ཧཱ་མྲྀ་ཏེ་མཎྜ་ལ་ཧཱུཾ། དེ་ནས་དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་གསུམ་བཏབ་ཅིང་། ཧཱུཾ། ཆོས་རྣམས་ཡེ་ནས༴ བྱང་ཆུབ་སེམས་སུ༴ ཐལ་ཆེན་ཚོམ་བུས༴ ཧེ་རུ་ཀ་ཡི༴ དུར་ཁྲོད་ཆེན་པོའི༴ གིང་ཆེན་ཀུན་དང་༴ འདི་ཡང་སྔོན་གྱི༴ འདི་ཡང་རྟག་ཀྱི༴ ༀ་མ་ཧཱ་ཀེཾ་ནི་རི་ཏི་ཛྭ་ལ་མཎྜ་ལ་ཧཱུཾ། མཁུར་ཚོས་དང་སྣ་རྩེར་རཀྟའི་ཐིག་ལེ་བཀོད་ཅིང་། ཧཱུཾ། ཆོས་རྣམས་ཡེ་ནས༴ བྱང་ཆུབ་སེམས་སུ༴ རཀྟའི་ཐིག་ལེས༴ ཧེ་རུ་ཀ་ཡི༴ དུར་ཁྲོད་ཆེན་པོའི༴ མཁའ་འགྲོ་ཀུན་དང་༴ འདི་ཡང་སྔོན་གྱི༴ འདི་ཡང་རྟགས་ཀྱི༴ ༀ་མ་ཧཱ་རཀྟ་ཏཱི་ལ་ཀ་མཎྜ་ལ་ཧཱུཾ། ཞེས་རྟགས་གདབ་བོ། །རྟགས་འདི་རྣམས་གདབ་ཚུལ་ནི་གླན་སྟོན་གྱིས། ཞག་གི་ཟོ་རིས་སྐྲ་མཚམས་སུ་གདབ། ཐལ་ཆེན་གྱི་ཚོམ་བུ་དཔྲལ་བའི་དབྱིབས་སུ་ཏྲི་ཤུ་ལ་རྩེ་གསུམ་གྱི་དབྱིབས་སུ་གདབ། རཀྟའི་ཐིག་ལེ་བྷནྡྷ་ཟླུམ་པོའི་དབྱིབས་སུ་སྨིན་མཚམས་སུ་གདབ། ཅེས་གསུངས་པ་ལྟར་བཏབ་ཀྱང་ཆོག །འདིའི་དགོས་པ་ནི་སྒྲོལ་གིང་རྣམས་ཀྱི་འགུགས་བསྒྲལ་གྱི་ཚེ་རྟག་གདབ་པ་རྣམས་སྒྲུབ་མཆེད་དུ་ངོ་ཤེས་པས་བར་ཆད་བསྲུང་ཞིང་མི་སྒྲོལ་བའི་དགོས་པ་ཡོད་པས་ནངས་རེ་རེ་བཞིན་དུ་རྟགས་གདབ་པར་བྱ་དགོས་པ་ཡིན། དེ་ནས་ནུབ་མོ་ཞི་ཁྲོའི་ཕྲིན་ལས་གཞུང་བསྲང་ཞིང་འཛབ་ཁང་དབྱེ་བ་ནི། སྤྱིར་སྒྱུ་འཕྲུལ་གྱི་ཆོ་གའི་ཕྱག་བཞེས་མང་ཡང་། སྔོན་འགྲོའི་སྐབས་ཀྱི་བྱིན་འབེབས་ཡན་འདིར་ཁམས་ལུགས་ལྟར་རྒྱས་བསྡུས་འཚམས་པར་སྣང་བས། ཀཿཐོག་པ་རྡོར་བཟང་གི་ཆོག་ཁྲིགས་ལས་འབྱུང་བ་བཞིན་འདི་ལྟར། དཔོན་སློབ་རྣམས་སྟན་ལ་འཁོད། རོལ་མོའི་བྱིན་དབབ་པ་སྔོན་དུ་འགྲོ་བས། བཛྲ་ས་མཱ་ཛཿས་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པ་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པ་ཐམས་ཅད་མངོན་སུམ་དུ་སད་པ་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་ལ་སོགས་པར་བརྗོད་ལ། སྐྱབས་ཡུལ་རྣམས་རང་ལ་བསྡུས་ཏེ་ཀ་དག་གཉིས་སུ་མེད་པའི་ཀློང་དུ་རང་བབས་སུ་བཞག །གཉིས་པ་མཚམས་བཅད་པ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བདག་ཉིད་སྐད་ཅིག་གི་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། བར་པ་གཉིས་ཀྱིས་རྩེ་ལྔ་དང་བྷཉྫ། ཐ་མ་གཉིས་ཀྱིས་ཞིང་དབྱུག་དང་འཇིག་རྟེན་འདེགས་པའི་ཚུལ་ཅན། ཞབས་བཞི་གཡོན་བརྐྱང་པའི་གྱད་ཀྱི་དོར་སྟབས་ཀྱིས་རུ་ཏྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བ་མནན་པ། ཡུམ་རྡོ་རྗེའི་ཁྲོ་མོ་དབང་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་དུང་ཁྲག་ཞལ་དུ་སྟོབ་པ་ཞིང་གི་གཡང་གཞི། གླང་ཆེན་གྱི་ཀོ་རློན། སྟག་ལྤགས་ཀྱི་ཤམ་ཐབས། ཀླུ་རིགས་ལྔའི་སྤྲུལ་རྒྱན། ཐོད་པ་སྐམ་རློན་ཚལ་བུའི་ཅོད་པན། སེ་རལ་དཔུང་རྒྱན་དང་བཅས་པ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་དབུས་སུ་རཀྟའི་ཐིག་ལེ། ཨོས་ཀོ་ལ་ཞག་གི་ཟོ་རིས་ཏེ། དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། ཁྱད་པར་ཡུམ་ལ་གཟིག་གི་པགས་པའི་ཤམ་ཐབས་ཅན་ཆེར་གཏུམ་ཞིང་ཁྲོས་པ། བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཧཱུཾ་ཧཱུཾ་ཧཱུཾ། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བརྗོད་པས་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་བ་མཚོན་ཆའི་ཆར་འབེབས་པ་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཟིལ་གྱིས་མནན་པས་བག་ཁུམས་ཏེ་འདུས་པ་ལ། ཧཱུཾ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་བཅས་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །གདོན་གྱུར་རིགས་རྣམས་བརླག་པར་འགྱུར། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བསྐུལ་བས་ཁྲོ་བོའི་ཚོགས་རྣམས་ཀྱིས་གསང་སྤྱོད་ལྟ་བར་མི་དབང་བའི་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས། ༀ་བཛྲ་པཉྩ་རཾ་ཡཾ་ཁཾ། ཁྲོ་བོའི་ཚོགས་རྣམས་སླར་འདུས་ཏེ། ཁྲོ་བོའི་རང་བཞིན་གྱིས་རྡོ་རྗེའི་གུར་ཁང་ཆེན་པོར་གཏམས་པའི་ཕྱི་རོལ་ཀུན་ནས་བསྐལ་པའི་མེ་དཔུང་། དུས་མཐའི་རླུང་ནག །རྒྱ་མཚོའི་རྦ་རླབས་འཁྲུག་པའི་ར་བ་སུམ་རིམ་ནམ་མཁའི་མཐའ་ཀླས་པར་གང་བས་མཚམས་བཅད་པར་གྱུར། གསུམ་པ་བཤགས་པ་བྱ་བ་ནི། བཛྲ་ས་མཱ་ཛཿས་བླ་མ་རིག་འཛིན་ཞི་ཁྲོ་རྒྱལ་བ་རབ་འབྱམས་སྔོན་དུ་སད་པའི་སྤྱན་སྔར། སེམས་ཅན་གྱི་དོན་དུ་མཆོག་གི་བྱང་ཆུབ་ཚེ་འདི་ཉིད་ཀྱིས་མངོན་དུ་བྱ་སྙམ་པས། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་མ་འཚལ་ཏེ། སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་གནོང་ཞིང་འགྱོད། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད། སྔར་བྱས་ཀྱི་གཉེན་པོར་རྣལ་འབྱོར་གྱི་རིམ་པ་ལ་འཇུག་སྙམ་པའི་སེམས་བརྟན་པོར་མངོན་སུམ་དུ་བྱས་ནས། ཧཱུཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེ་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པར་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་སྤྱོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུཾ། ཐུགས་རྗེའི་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཉན་གྱི་གཏེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འདས་གྱུར་ཏེ། །རྣལ་འབྱོར་གང་ཞིང་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་། །མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གིས། །ཉམས་གྲིབ་སྐྱོན་གྱིས་གོས་བར་གྱུར་ཏོ་འཚལ། །ཚེ་འདིར་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་བརྗོད་མེད་སྤྲོས་ལས་འདས་པ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་ནོངས་བཟོད་པར་གསོལ། །བཞི་པ་དམ་བཅའ་བ་ནི། ལྷག་པའི་བསམ་པ་བརྟན་པོས། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེ་དབང་སྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་བ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་སྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་རྗེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱེད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པས། །སུན་པར་མི་བགྱིད་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གི་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤོང་། །རྡོ་རྗེ་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པ་ཡུན་རིང་དུས་སུ་བརྩོན་པ་གང་། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་བས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་བ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེས་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེས་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་པར། །ཇི་ལྟར་འཚམས་པར་བཞིན་དུ་རྒྱས་པར་བགྱི། །སྲིད་པར་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་བ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱེད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ་། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་གི་འཕགས་མཆོག་ཕྱག་རྒྱས་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེད་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་བརྩོན་ན། །དམ་པ་རྣམས་ཀྱི་ནུས་མཐུ་སྩལ་དུ་གསོལ། །ལྔ་པ་བྱིན་དབབ་པ་ནི། ༀ་ཨཱཿཧཱུཾ་ཨ་ལ་ལ་ཧོཿ བྷ་ག་ཝཱ་ཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས༴ མཐུ་རྩལ་འབྱུང་བའི་དུས༴ བྱིན་གྱིས་བརླབ་པའི་དུས༴ དབང་མཆོག་བསྐུར་བའི་དུས༴ དངོས་གྲུབ་སྩོལ་བའི་དུས༴ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ༴ དབང་ཆེན་དབང་བསྐུར་བཅོམ༴ དངོས་གྲུབ་མཆོག་སྩོལ་བཅོམ༴ བདག་ཅག་ལས་འབྲས་མཆིས་པར་མཛོད། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་གིས་བྱིན་བསྡུས་པས། ནམ་མཁའ་གང་བའི་ལྷ་ཚོགས་ཐམས་ཅད་རང་ལ་ཐིམ་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབ་པར་བསམ་མོ། །རྩ་བ་དང་ཡན་ལག་གི་མཆོད་པ་བྱིན་གྱིས་བརླབ་པ་ནི་ས་ལུགས་བཞིན་འདི་ལྟར། དང་པོ་རྩ་བའི་མཆོད་པ་སྨན་གཏོར་རཀྟ་གསུམ་ལས། བདུད་རྩི་བྱིན་བརླབ་པ་ནི། ༀ་ཨ་མྲྀ་ཏ་ཀུཎྜ་ལི་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ་ཀྱིས་བསང་། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུཾ་ཞེས་བདུད་རྩིའི་སྣོད་གཞལ་ཡས་ཁང་འཁོར་ལོ་དང་བཅས་པར་བསམ། ཧཱུཾ་ༀ་སྭཱ་ཨཱཿཧཱ། མཱུཾ་ལཾ་མཱཾ་པྱཱཾ་ཏཱཾ། ཞེས་བཅུད་ཤ་ལྔ་བདུད་རྩི་ལྔའི་སྟེང་རིགས་ལྔ་ཡབ་ཡུམ་བཅུར་བསམ། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ༀ་ཨཱཿཧཱུཾ་ཞེས་ཁ་གཅོད་ལ་བདུད་རྩི་སྲུང་མ་རྟ་མགྲིན་ཡུམ་བཞིས་བསྐོར་བར་བསམ། རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་འབབ་པར་བསམ་ཞིང་། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་ལན་བདུན་ནམ་གསུམ་གྱིས་བྱིན་གྱིས་བརླབ། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་བདག་བྱིན་གྱིས་བརླབས་ནས་ཀྱང་། །རྡོ་རྗེེ་སྐུ་ཡི་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ནང་མཚམས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡེ་ཤེས་སུ་བསྒོམ་པ་ནི། བདུད་རྩིའི་ཕུད་གཏོར་ཞིང་ལྷག་མ་སྨིན་མཚམས་སུ་བཞག་ལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྐུ་རྡོ་རྗེར་གྱུར་ཅིག །ཅེས་བརྗོད་པས་སྨིན་མཚམས་སུ་ཟླ་བའི་གདན་ལ་ༀ་དཀར་པོའི་འཕྲོ་འདུ་ལས་སྐུ་རྡོ་རྗེ་དཀར་པོ་ཞལ་གཅིག་ཕྱག་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པར་གྱུར། དཔལ་ལྡན་རྡོ་རྗེའི་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །དེང་བདག་བྱིན་གྱིས་བརླབས་ནས་ཀྱང་། །རྡོ་རྗེ་གསང་གི་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕུད་གཏོར་ཞིང་ལྷག་མ་མགྲིན་པར་བཞག་ལ། ཝཱ་ཀ་སིདྡྷི་ཨཱཿ སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གསུང་རྡོ་རྗེར་གྱུར་ཅིག །མགྲིན་པར་པདྨའི་གདན་ལ་ཨཱཿདམར་པོའི་འཕྲོ་འདུ་ལས་གསུང་རྡོ་རྗེ་དམར་པོ་ཞལ་གཅིག་ཕྱག་གཉིས་པདྨ་དང་དྲིལ་བུ་འཛིན་པར་གྱུར། དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་བདག་བྱིན་གྱིས་བརླབས་ནས་ཀྱང་། །རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕུད་གཏོར་ཞིང་ལྷག་མ་སྙིང་གར་བཞག་ལ་ཙིཏྟ་སིདྡྷི་ཧཱུཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཐུགས་རྡོ་རྗེར་གྱུར་ཅིག །སྙིང་གར་ཉི་མའི་གདན་ལ་ཧཱུཾ་སྔོན་པོའི་འཕྲོ་འདུ་ལས་ཐུགས་རྡོ་རྗེ་མཐིང་ག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། སྐུ་གསུང་ཐུགས་སྲ་ཞིང་མཁྲེགས་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག །གསང་མཚམས་བདུད་རྩི་གསང་གཏོར་ནི། བདུད་རྩིའི་ཟེགས་མ་ལས་ཁྲོ་བོ་སྤྲོས་ཏེ་བགེགས་བསྐྲད་པར་བསམ་ཞིང་། ༀ་བི་ཤུདྡྷེ་ཨ་མྲྀ་ཏེ་ཧཱུཾ་ཕཊ། དྷརྨ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཕོག་པ་ཙམ་གྱིས་བརྒྱལ་བར་གྱུར་ཅིག །རེག་པ་ཙམ་གྱིས་ཚིག་པར་གྱུར་ཅིག །རྟོགས་པ་རྣམས་ཀྱི་བདུད་རྩི་ཡིན། མ་རྟོགས་པ་རྣམས་ཀྱི་དུག་ཡིན་ནོ། །གསང་བ་བདུད་རྩིའི་མཚམས་ལས་མ་འདའ་བར་དེངས་ཤིག །གཏོར་མ་བྱིན་བརླབ་ནི། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བསང་། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུཾ། སྣོད་བྷནྡྷའི་གཞལ་ཡས་ཁང་དུ་བསམ། ཧཱུཾ་ཧ་ཧེ་ཕཊ་བྷྱོ། ༀ་བ་ལིནྟ་ཏེ་ཛྭ་བ་ལིནྟ་བ་ལ་བཱ་དྱ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཞེས་བདུན་ནམ་གསུམ་བརྗོད་པས་བཅུད་ལྷ་ཚོགས་རྣམས་དགྱེས་བཞད་ཚིམ་པར་ནུས་པའི་འདོད་ཡོན་གྱི་ཕུང་པོར་བསམ། རཀྟ་བྱིན་བརླབ་ནི། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བསང་། རཾ་ཡཾ་ཁཾ་གོང་ལྟར། བྷྲཱུཾ་བྷནྡྷ་ཞེས་བརྗོད་པས་སྣོད་བྷནྡྷའི་གཞལ་ཡས་ཁང་། ༀ་ཨཱཿཧཱུཾ་རཀྟ་མཱུཾ་ལ་རཀྟ་ཧཱུཾ་ཧྲཱིཿཋཱ་ཞེས་བདུན་ནམ་གསུམ་བརྗོད་པས་རཀྟའི་རྒྱ་མཚོ་བདུད་རྩིའི་རང་བཞིན་དུ་བརླབ་བོ། །གཉིས་པ་ཡན་ལག་གི་མཆོད་པ་བྱིན་གྱིས་བརླབ་པ་ནི། ཕྱི་མཆོད་རྣམས་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། བྷྲཱུཾ་ཞེས་སྣོད་རིན་པོ་ཆེར་བསམ། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིདྡྷི། ༀ་ཨཱཿཧཱུཾ་ཞེས་བརྗོད་པས་ཉེར་སྤྱོད་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་བསམ་མོ། །དེ་ཡང་སྔ་འགྱུར་ལུགས་ལ་མཆོད་གཏོར་ཐམས་ཅད་སློབ་དཔོན་གྱི་མདུན་དུ་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་ལ་འགོད་པའི་ཕྱག་ལེན་ཡོད་པ་ཚིག་དང་བསྟུན་ནས་འགོད་དགོས་པས། གཏོར་མ་ནི། ཧཱུཾ། གཞོང་པ་རྣམ་དག་ཆོས་ཀྱི་དབྱིངས། །གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས། །རཀྟ་དམར་གྱི་ཐིག་བཀྱེ་ཞིང་། །དཀྱིལ་འཁོར་ཟླ་གམ་དབྱིབས་དང་བསྟུན་ལགས་ཤིང་། །ཚེ་དང་གལ་གཉིས་མཐུན་བསྡེབས་ནས། །འབུལ་ནི་ཡི་དམ་ལྷ་ལ་འབུལ། །མཆོད་ནི་གསང་བའི་དཀྱིལ་འཁོར་མཆོད། །བླ་མེད་དཔལ་ལ་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་བ་ལིནྟ་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། བདུད་རྩི་ནི། གཙང་ཞིང་གཙང་མར་སྦྱར་བ་ཕུད་ཀྱི་ཕུད། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོ་ནི། །མཐུ་དང་གཟི་བརྗིད་ཆེ་བས་འགྲོ་བ་འདུལ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མཱ་མ་ཀཱི། །སྐལ་མེད་རྣམས་ཀྱི་རྐྱེན་དང་མི་འཚམས་ཏེ། །སྐལ་ལྡན་ཐུགས་རྗེ་ཅན་གྱིས་བཞེས་སུ་གསོལ། །སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། རཀྟ་ནི། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས། །མཁའ་དབྱིངས་རྣམ་དག་ཡུམ་གྱི་རང་བཞིན་ལས། །རྟེན་འབྲེལ་བཅུ་གཉིས་མཱུ་ལ་རཀྟ་དང་། །དུག་གསུམ་བསྒྲལ་བ་བམ་གྱི་རཀྟ་དང་། །ཁམས་གསུམ་བསྒྲལ་བ་རྩ་བའི་རཀྟ་དང་། །ཆགས་པ་འཁོར་བའི་གནས་ནས་དྲང་བའི་ཕྱིར། །བླ་མེད་དཔལ་གྱི་མཆོད་པ་བཞེས་སུ་གསོལ། །མ་ཧཱ་རཀྟ་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། ཐུན་མོང་གི་མཆོད་པ་བཀོད་པ་ནི། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ནཻ་ཝི་དྱ་ཧཱུཾ། གཱི་ཏི་ཧྲཱིཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། དངོས་གཞིའི་སྐབས་འདིར་ཞི་ཁྲོ་གཉིས་སྒྱུ་འཕྲུལ་ལྟར་གཞུང་བསྲང་དགོས་པར་སྤྱིར་སྔ་འགྱུར་སྐབས་སུ་བདག་མདུན་ཐ་མི་དད་དུ་བཞེད་ཅིང་། ཕྱོགས་འདིར་ཡང་བླ་མ་འགའ་ཞིག་བདག་བསྐྱེད་གཙོ་ཆེ་བར་བཞེད་མོད་ཀྱང་། ལུགས་འདིའི་ཁྱད་ཆོས་འཛབ་ཁང་དབྱེ་བ་གསལ་པོར་འབྱུང་བས་བདག་མདུན་ཐ་དད་དུ་ཤུགས་ཀྱིས་གྲུབ་ཅིང་། དེ་ལྟར་འཛབ་ཁང་དབྱེ་བ་ཡང་བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པར་བྱས་ཏེ་འཛབ་ཁང་མདུན་དུ་དབྱེ་བའི་ཚུལ་འགའ་ཞིག་འབྱུང་མོད་ཀྱང་། འདིར་ནི་བདག་བསྐྱེད་སྒྱུ་འཕྲུལ་ལྟར་ལ་འཛབ་ཁང་མདུན་བསྐྱེད་དུ་བྱེད་པ་གཞུང་ལས་ཀྱང་ཤིན་ཏུ་གསལ་ཞིང་རྣམ་པ་བདེ། འོན་ཀྱང་རྣལ་འབྱོར་པ་བློ་རབ་དང་རྒན་པོ་རྣམས་ཀྱི་དོན་དུ་ལུང་གི་ཕྲིན་ལས་དང་། རྣལ་འབྱོར་པ་རྟོག་པ་ཕྲ་ཞིང་བློ་དམན་པ་གཞོན་པ་རྣམས་ཀྱི་དོན་དུ་རྒྱུད་ཀྱི་ཕྲིན་ལས་ཡིན་ཅེས་དང་། རྒྱུད་ལྟར་བསྐྱེད་ལ་ལུང་གི་གསལ་འདེབས་པ་སོགས་ཀྱང་བཤད་པས་དབྱེ་བ་ལེགས་པར་ཕྱེས་དགོས། འདིར་ནི་སང་ཉིང་དཀྱིལ་འཁོར་ལ་རབ་ཏུ་གནས་པར་བྱ་བའི་ཕྱིར་དང་། ལྷག་པ་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རྫས་དགོས་པ་དེ་ཉིད་བྱིན་གྱིས་བརླབ་ཅིང་འཛབ་ཁང་དབྱེ་བ་སོགས་ལ་དགོངས་པས། དེའི་ཕྱིར་སློབ་དཔོན་གྱིས་རྒྱུད་བཞིན་བདག་བསྐྱེད་གསལ་བཏབ་ལ་མདུན་བསྐྱེད་འཛབ་ཁང་དབྱེ་བ་དང་སྦྱོར་དགོས་པ་ལ་རྒྱ་གཞུང་ཁོ་ནའི་ཚིག་ཙམ་བརྗོད་པས་ཏིང་ངེ་འཛིན་གསལ་ཐེབས་དཀའ་ཕྱིར་ཚིགས་བཅད་རྣམས་ཞི་བ་རིན་ཆེའི་དྲྭ་བའི་གཞུང་དང་། ལྷུག་པ་རྣམས་མན་ངག་བཞིན་ཁོ་བོས་བསྡེབས་པར་ཤེས་དགོས་པས་འདི་ལྟར། དངོས་གཞི་ལ་བདུན་གྱི། དང་པོ་ལ་གཉིས་ཏེ། དང་པོ་ཀུན་རྫོབ་སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གཉིས་པ་དོན་དམ་སེམས་བསྐྱེད་ནི། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མ་ངོ་མཚར༴ རྫོགས་པའི་སངས༴ གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །མུན་ལས་སྣང་བྱུང་ཇི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །རྟོག་པའི་དབང་གྱུར་ཏིང་འཛིན་ཡིན། །དེ་ལྟར་ཏིང་འཛིན་རིམ་བཞིན་སྒོམ། །རྩ་བའི་ས་བཅད་གཉིས་པ་ཏིང་འཛིན་གསུམ་གྱི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། དངོས་རྣམས་ཉིད་ན་དངོས་མེད་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །ཀུན་སྣང་ནི། དེ་བཞིན་ཉིད་ནི་སྤྲོས་མེད་དེ། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །རྒྱུའི་ཏིང་ངེ་འཛིན་ནི། དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེའི་མཆོག་ནི་བསྒོམ་པར་བྱ། །ཨ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་འཕྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བྱང་ཆུབ་སེམས་སུ་བྱིན་བརླབས་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཥ་ཤ་ས་ཧ་ཀྵཿ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ཏེ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །གསུམ་པ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། དེ་ལས་རྒྱལ་བའི་བཞུགས་གནས་རྟེན། །དབང་ཆེན་དཀྱིལ་འཁོར་རིམ་བཞིན་བསྒོམ། །ཨེ། ཡཾ། བཾ། སུཾ། ལཾ། རཾ། ཨེ་ཨཱ་ཀཱ་ཤ་མཎྜ་ལ། ཡཾ་བཱ་ཡུ་མཎྜ་ལ། བཾ་ཨུ་ད་ཀ་མཎྜ་ལ། སུཾ་སབྟ་མཎྜ་ལ། ཡཾ་བཛྲ་གརྦྷེ་མཎྜ་ལ། རཾ་བཛྲ་ཛྭ་ལ་རཾ་བྷྲཱུཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙ ཀྲ་སཱུརྻ་ཙནྡྲ་རཏྣ་པདྨ་མཎྜ་ལ་བྷྲཱུཾ། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ལྷག་པའི་ཡེ་ཤེས་གློ་འབུར་ཅན། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང་། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེའི། །གདན་ལ་མ་སཱུརྻ་མཎྜ་ལ་ཧཱུཾ། ཨ་ཙནྡྲ་མཎྜ་ལ་ཧཱུཾ། པཾ་པདྨ་མཎྜ་ལ་ཧཱུཾ། གཞལ་ཡས་ཁང་དང་གདན་བསྐྱེད་པའི་སྟེང་ལྷ་བསྐྱེད་པ་ནི། དབུས་སུ་ཨ། དེའི་མདུན་དུ་ཋ་ཐ། ཤར་དུ་ཊ་ཏ། ལྷོར་ཌ་ད། ནུབ་ཏུ་ཌྷ་དྷ། བྱང་དུ་ཎ་ན། ཤར་ལྷོར་ཀ་ཙ། ལྷོ་ནུབ་ཏུ་ཁ་ཚ། ནུབ་བྱང་དུ་ག་ཛ། བྱང་ཤར་དུ་གྷ་ཛྷ། ཤར་ལྷོའི་གྲུ་ཆད་ལ་པ་ཡ། ལྷོ་ནུབ་ཏུ་ཕ་ཝ། ནུབ་བྱང་དུ་བ་ར། བྱང་ཤར་དུ་བྷ་ལ། ཤར་སྒོར་ང་ཤ །ལྷོ་སྒོར་ཉ་ཥ། ནུབ་སྒོར་མ་ས། བྱང་སྒོར་ཨོ་ཨ། ཤར་ནུབ་ཏུ་ཀྵ་ཨ། ཤར་ལྷོར་ཨི། བྱང་དུ་ཨཱི། ལྷོར་ཨུ། ནུབ་བྱང་དུ་ཨཱུ། ལྷོ་ནུབ་དུ་ཨཻ། བྱང་ཤར་དུ་ཨཻ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པའི་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །བཛྲ་ཙཀྲ་རཏྣ་པདྨ་ཁཏྒ་གྷཎྜེ། ཕྱག་མཚན་བཞི་བཅུ་རྩ་གཉིས་སུ་གྱུར། དེ་ལས་སྤྲོ་དང་བསྡུ་བ་ཡིས། །སོ་སོའི་ཕྱག་མཚན་འབར་བར་གྱུར། །དབུས་སུ་རྡོ་རྗེ་དང་དྲིལ་བུ་ཆ་གཉིས། ཤར་དུ་འཁོར་ལོ་དང་དྲིལ་བུ། ལྷོར་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་པདྨ་ད ང་དྲིལ་བུ། བྱང་དུ་རལ་གྲི་དང་དྲིལ་བུ། ཤར་ལྷོར་རིན་པོ་ཆེའི་མྱུ་གུ་དང་མེ་ལོང་། ལྷོ་ནུབ་ཏུ་རལ་གྲི་དང་རིན་པོ་ཆེའི་ཕྲེང་བ། ནུབ་བྱང་དུ་པད་དཀར་དང་པི་ཝ། བྱང་ཤར་དུ་རྡོ་རྗེ་དང་གར་ལག །ཤར་ལྷོའི་གྲུ་ཆད་ལ་ཀླུ་ཤིང་དང་བདུག་སྤོས། ལྷོ་ནུབ་ཏུ་འཁོར་ལོ་དང་མེ་ཏོག །ནུབ་བྱང་དུ་རིན་པོ་ཆེའི་སྙེ་མ་དང་མེ་ཏོག །བྱང་ཤར་དུ་ཨུཏྤལ་དང་དྲི་ཆབ། ཤར་དུ་རྡོ་རྗེ་རྩེ་ལྔ་པ། ནུབ་ཏུ་ཆོས་འབྱུང་དཀར། ཤར་ལྷོར་པི་ཝཾ། བྱང་དུ་གོ་ཆ། ལྷོར་བསེག་པར། ནུབ་བྱང་དུ་གླེགས་བམ། ལྷོ་ནུབ་ཏུ་རིན་པོ་ཆེ། བྱང་ཤར་དུ་མེ་ཆུ། ཤར་སྒོར་ཐོད་དབྱུག་དང་ལྕགས་ཀྱུ། ལྷོ་སྒོར་རྡོར་དབྱུག་དང་ཞགས་པ། ནུབ་སྒོར་པད་དབྱུག་དང་ལྕགས་སྒྲོག །བྱང་སྒོར་རྒྱ་གྲམ་གྱི་དབྱུག་པ་དང་དྲིལ་བུ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། དེ་ལས་ཕྱོགས་བཅུར་རབ་སྤྲོས་ཏེ། །རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། །དེ་ལས་སླར་ནི་བསྡུས་པ་ལས། །སྒྱུ་འཕྲུལ་འབྲིང་པོ་ལྟར་མངོན་པར་རྟོགས་པ་སྒོམ་ཚུལ་ནི། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། དབུས་སུ་རང་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ། བར་པ་གཉིིས་རྡོ་རྗེ་དང་དྲིལ་བུ། ཐ་མ་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ་ཡུམ་ཀུན་ཏུ་བཟང་མོ་སྔོན་མོ་དང་མཉམ་པར་སྦྱོར་བ། ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི། གཙོ་བོའི་མདུན་དུ་མི་བསྐྱོད་པ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་ཏེ་ཡུམ་ལ་འཁྱུད་པ། བར་མ་གཉིས་ཀྱི་འཁོར་ལོ་དང་པདྨ། ཐ་མ་གཉིས་ཀྱི་རིན་པོ་ཆེ་དང་རལ་གྲི། ཡུམ་དབྱིངས་ཕྱུག་མ་སྔོན་མོ་རྡོར་དྲིལ་འཛིན་པས་ཡབ་ལ་འཁྱུད་པའོ། །ༀ་ཛཱི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཤར་རྩིབས་ལ་རྣམ་པར་སྣང་མཛད་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རྡོ་རྗེ་རིན་པོ་ཆེ། གཡོན་གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ། ཡུམ་སྤྱན་མ་དཀར་མོ་འཁོར་ལོ་དང་དྲིལ་བུ་འཛིན་པའོ། །སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི་ལས་ལྷོ་རྩིབས་ལ་རིན་ཆེན་འབྱུང་ལྡན་སེར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རིན་ཆེན་རྡོ་རྗེ་འཁོར་ལོ། །གཡོན་གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ། ཡུམ་མཱ་མ་ཀཱི་སེར་མོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའོ། །ཨཱཾཿཨ་རོ་ལིཀ྄ །པྱཱཾ་རཱ་ག་ར་ཏི། ནུབ་རྩིབས་ལ་སྣང་བ་མཐའ་ཡས་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། །གཡོན་གསུམ་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ཡུམ་ན་བཟའ་དཀར་མོ་པདྨ་དང་དྲིལ་བུ་འཛིན་པའོ། །ཧཱ་པྲཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ར་ཏི། བྱང་རྩིབས་ལ་དོན་ཡོད་གྲུབ་པ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རལ་གྲི་རྡོ་རྗེ་འཁོར་ལོ། །གཡོན་གསུམ་དྲིལ་བུ་རིན་ཆེན་པདྨ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་རལ་གྲི་དང་དྲིལ་བུ་འཛིན་པའོ། །གཙོ་བོ་དྲུག་ཀ་མཚན་དཔེས་སྤྲས་པ་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་ཤིང་ཡབ་རྣམས་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་རྣམས་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཀྵི་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱ་མ་ཡ་སྟྭཾ། ཤར་ལྷོའི་རྩིབས་མཆན་ལ་ས་སྙིང་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་དྲིལ་བུ་ཅན། ཡུམ་ལཱ་སེ་དཀར་མོ་མེ་ལོང་བསྣམས་པ། ཏྲཾ་ཨ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་སྟྭཾ། ལྷོ་ནུབ་ཀྱི་རྩིབས་མཆན་ལ་ནམ་མཁའི་སྙིང་པོ་སེར་པོ་རལ་གྲི་དང་དྲིལ་བུ་ཅན། ཡུམ་ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །ཧྲཱིཿཧ་ཧཱུཾ་པདྨ་པ་ད་མ། ཧྲཱིཿགཱི་ཏི་ར་ཧོ་ཧཾ། ནུབ་བྱང་གི་རྩིབས་མཆན་ལ་སྤྱན་རས་གཟིགས་དམར་པོ་པདྨ་དང་དྲིལ་བུ་ཅན། ཡུམ་གླུ་མ་དམར་མོ་པི་ཝཾ་བསྣམས་པའོ། །ཛྲིཾ་ཀུ་ཏུ་པནྣ་ཧྲཱིཿ ཨ་ནཱིརྟྱ་རཱ་ག་ཡ་མི། བྱང་ཤར་གྱི་རྩིབས་མཆན་ལ་ཕྱག་རྡོར་ལྗང་གུ་རྡོ་རྗེ་དང་དྲིལ་བུ་ཅན། ཡུམ་གར་མ་ལྗང་གུ་གར་བསྒྱུར་ཞིང་རོ་བརྒྱའི་ཞལ་ཟས་སྟོབ་པའི་ཚུལ་ལོ། །མཻ་དྷ་རཱ་ཎི་སྭཱ་ཧཱ། ཛཿདྷཱུཾ་པེ་པྲ་བེ་ཤ །ཤར་ལྷོའི་གྲུ་ཆད་ལ་བྱམས་པ་དཀར་སེར་ཀླུ་ཤིང་དང་སྤྱི་བླུགས་བསྣམས་པ། ཡུམ་བདུག་སྤོས་མ་དཀར་སེར་བདུག་སྤོས་བསྣམས་པའོ། །ཐླྷིཾ་ནིསྶ་རཾ་པ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ལྷོ་ནུབ་གྱི་གྲུ་ཆད་ལ་སྒྲིབ་སེལ་དམར་སེར་འཁོར་ལོ་དང་དྲིལ་བུ་བསྣམས་པ། ཡུམ་མེ་ཏོག་མ་སེར་མོ་མེ་ཏོག་གི་ཕྲེང་བ་བསྣམས་པའོ། །ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་ཁི་ནཱི། ནུབ་བྱང་གི་གྲུ་ཆད་ལ་ཀུན་བཟང་དམར་ལྗང་རིན་པོ་ཆེའི་སྙེ་མ་དང་དྲིལ་བུ་བསྣམས་པ། ཡུམ་མར་མེ་མ་དམར་མོ་མར་མེ་བསྣམས་པའོ། །མཱུཾ་ཤྲཱི་ཨ་རཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། བྱང་ཤར་གྱི་གྲུ་ཆད་ལ་འཇམ་དབྱངས་དཀར་ལྗང་ཨུཏྤལ་དང་དྲིལ་བུ་བསྣམས་པ། ཡུམ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་བསྣམས་པའོ། །སེམས་དཔའ་སེམས་མ་བརྒྱད་པོ་ཡང་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེའི་རྒྱན་ཅན་ནོ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཁྱམས་ཀྱི་ཤར་དུ་བྱེད་པ་པོ་ཀུན་བཟང་སྔོན་པོ་མཉམ་བཞག་མཉམ་པའི་སྐྱིལ་ཀྲུང་ཅན། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཁྱམས་ཀྱི་ནུབ་ཏུ་བྱ་བ་མོ་ཀུན་ཏུ་བཟང་མོ་དཀར་མོ་ཆོས་འབྱུང་གི་ཕྱག་རྒྱ་ཅན་མཉམ་པའི་སྐྱིལ་ཀྲུང་གིས་བཞུགས་ཏེ་རྒྱན་སྤངས་པའོ། །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། སྣམ་བུའི་ཤར་ལྷོར་ལྷའི་ཐུབ་པ་དཀར་པོ་པི་ཝང་འཛིན་པ། ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། སྣམ་བུའི་བྱང་དུ་ལྷ་མིན་ཐུབ་པ་སྔོན་པོ་གཡས་རལ་གྲི་དང་གཡོན་གོ་ཁྲབ་ཅན། ༀ་མུ་ནེ་སྲུཾ་སྭཱ་ཧཱ། སྣམ་བུའི་ལྷོར་མིའི་ཐུབ་པ་སེར་པོ་གཡས་བསེག་ཤང་དང་གཡོན་ལྷུང་བཟེད་འཛིན་པའོ། །ༀ་མུ་ནེ་བྲཾ་སྭཱ་ཧཱ། སྣམ་བུའི་ནུབ་བྱང་དུ་བྱོལ་སོང་ཐུབ་པ་ལྗང་གུ་གླེགས་བམ་འཛིན་པ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། སྣམ་བུའི་ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། ༀ་མུ་ནེ་ཡེ་སྭཱ་ཧཱ། སྣམ་བུའི་བྱང་ཤར་དུ་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པའོ། །ཐུབ་པ་དྲུག་ནི་སངས་རྒྱས་སྤྲུལ་སྐུ་མཚན་དཔེ་ཅན་ཆོས་གོས་གསུམ་ལྡན་འགྲོ་བའི་དོན་ལ་བཞེངས་པའོ། །ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷཱ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཤར་སྒོར་ཁྲོ་བོ་གཤིན་རྗེ་གཤེད་མཐིང་ནག་ཐོད་དབྱུག་དང་སྡིགས་མཛུབ་ཅན། ཡུམ་ཁྲོ་མོ་ལྕགས་ཀྱུ་མ་མཐིང་ནག་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ་འཁྲིལ་བའོ། །ཧཱུཾ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ལྷོ་སྒོར་སྟོབས་ཆེན་སེར་ནག་རྡོ་རྗེའི་དབྱུག་པ་དང་ཐོད་ཁྲག་ཅན། ཡུམ་ཞགས་པ་མ་སེར་ནག་ཞགས་པ་དང་ཐོད་ཁྲག་འཛིན་པའོ། །ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ནུབ་སྒོར་རྟ་མགྲིན་དམར་པོ་པདྨའི་ཐོད་དབྱུག་སྦྲུལ་གྱི་དཀྲིས་པ་དང་ཐོད་ཁྲག་ཅན། ཡུམ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་དང་ཐོད་ཁྲག་འཛིན་པའོ། །ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། བྱང་སྒོར་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་གྱི་དབྱུག་པ་དང་ཐོད་ཁྲག་ཅན། ཡུམ་དྲིལ་བུ་མ་ལྗང་གུ་དྲིལ་བུ་དང་ཐོད་ཁྲག་ཅན་ནོ། །སྒོ་བ་ཡབ་ཡུམ་བརྒྱད་ཁྲོ་བོ་དང་ཁྲོ་མོའི་ཆས་ལྡན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོའི་ཚོགས་དང་ལྡན་པར་གནས། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །མདུན་དང་རྒྱབ་ཏུ་བྱེད་པ་དང་། ། བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང་། །པི་ཝང་གར་མཁན་མཆོག་ཉིད་དེ། །མེ་ཏོག་ཕྲེང་དང་སྤོས་མཆོག་མ། །མར་མེ་བྱུག་པ་ལ་སོགས་མཚན། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟེན། །དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །སྒོ་བཞི་ཁྲོ་བའི་ཕྱག་རྒྱ་ནི། །ནྲི་མགོ་གདེངས་དང་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོས་གནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ སྒོ་བཞིར་གནས་པ་དེ་དག་ཀྱང་། །འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ། །བསེག་པར་དང་ནི་པི་ཝང་དང་། །གོ་ཆ་པོ་ཏི་རིན་ཆེན་སྒྲོམ། །མེ་དང་ཆུ་ནི་རབ་ཏུ་བསྟན། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཡུམ་འགྱུར་མཉམ་རྫོགས་པདྨའི་སྐྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་སྣ་ཚོགས་པའི། །གཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བ་འཁྲིགས་པ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་དང་། །དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ། །དེ་ལྟར་བདག་བསྐྱེད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྐྱེད་ནས། འདི་མན་ཆོད་བདག་མདུན་བུམ་གསུམ་ལྷན་ཅིག་ཏུ་བྱ་བར་བཤད་དེ། ཁམས་ལུགས་ལས་བདག་བསྐྱེད་བཤད་རྗེས་སུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་དང་། སྙན་གསན་དབབ་པ་དང་། སྤྱན་དྲང་བ་དང་། བརྟན་པར་བཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། བསྟོད་པ་བྱེད་པ་དང་། བཟླས་པ་བྱེད་པ་རྣམས་འོག་ཏུ་བུམ་བསྐྱེད་དང་མདུན་བསྐྱེད་དང་ཐུན་མོང་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་བུམ་བསྐྱེད་དངོས་གོང་དུ་བུམ་པ་སྟ་གོན་གྱི་ཚེ་ཞི་ཁྲོའི་བུམ་པ་གཉིས་ཀ་རྒྱས་པར་བསྒྲུབས་ཟིན་པས། འདི་མན་ཆོད་དུ་ལོགས་སུ་སྒྲུབ་མི་དགོས་ཤིང་། ཞི་ཁྲོའི་བདག་མདུན་གྱི་ཆོ་ག་སོ་སོའི་ཚེ། ཞི་ཁྲོ་གང་ཡིན་གྱི་བུམ་པའི་ལྷ་རྣམས་ཀྱང་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་དྲན་པར་བྱས་ཏེ་མཆོད་བསྟོད་དང་འཛབ་བཟླས་རྣམས་ལྷན་ཅིག་ཏུ་བགྱིས་པས་འཐུས། དེ་ནས་འཛབ་ཁང་དབྱེ་ཞིང་མདུན་བསྐྱེད་གསལ་གདབ་པ་ནི། རྩ་བར། དེ་ནས་འཛབ་ཞི་ཁྲོ་རིག་འཛིན་གསུམ་ལས། དང་པོ་ཞི་བའི་འཛབ་ཁང་དབྱེ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གསལ་གདབ་པ་སྤྱིར་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་བྷྲཱུཾ་གྱི་འཕྲོ་འདུ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་རཏྣ་པདྨ་ཀརྨ་གྷཎྜེ་སཱུརྻ་ཙནྡྲ་པདྨ་མཎྜ་ལ་ཞེས་པ་ནི་ལྷའི་གཞལ་ཡས་ཁང་ལྟེ་བ་ཟླུམ་པོ་མུ་ཁྱུད་གློ་འབུར་གྲུ་ཆད་དང་ལྷ་སྣམ་སྒོ་ཁྱུད་རྟ་བབས་འདོད་སྣམ་ཕ་གུ་དྲྭ་ཕྱེད་པདྨ་རྡོ་ར་མེ་རི་དང་བཅས་པའི་དབུས་སུ་ཧཱུཾ་ཧཱུཾ་ཧ྄ཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨས་ཀུན་བཟང་བསྐྱེད། དེ་ནས་མི་བསྐྱོད་པ་སོགས་ཞི་བའི་ལྷ་ཚོགས་ཐམས་ཅད་བསྐྱེད་ནས། ཞེས་གསུངས་པས། དེ་ལྟར་ཞི་བ་བསྐྱེད་ཚུལ་ཡང་ཁམས་ལུགས་སུ་མ་ཧཱ་ཨ་ནུ་གཉིས་ཐ་དད་དུ་བྱས་ཏེ། མ་ཧཱའི་སྐབས་སུ་ཞི་བ་ཡང་བསྡུས་པ་དང་། འབྲིང་པོ་དང་། རྒྱས་པ་གསུམ། ཡང་ཞི་བ་ཚོམ་བུ་གཅིག་པ་དང་། ཚོམ་བུ་གསུམ་པ་དང་། ཚོམ་བུ་ལྔ་པ་དང་གསུམ་སྟེ་ཞི་བ་ལ་དཀྱིལ་འཁོར་དྲུག །དེ་བཞིན་དུ་ཁྲོ་བོ་ལ་ཡང་རྒྱས་འབྲིང་བསྡུས་གསུམ་དང་། ཚོམ་བུ་གཅིག་པ། གསུམ་པ། ལྔ་པ་སྟེ་དྲུག་ཏུ་ཕྱེ། དེ་དག་སོ་སོར་མངོན་རྟོགས་སོགས་རྒྱས་པར་བཤད་འདུག་ཅིང་། ཟུར་ལུགས་སུ་ཡང་སྤྲོས་པའི་ཡན་ལག་ཏུ་དེ་བཞིན་མཛད་པ་ཡང་བྱུང་འདུག་པས་རིག་འཛིན་རྗེའི་ཕྱག་དཔེའི་རྒྱུན་གྱི་དཔེ་བྲིས་སུ་ཡང་སྣང་ཞིང་། དེ་དག་གི་རྩ་བ་ནི། རྩ་རྒྱུད་གསང་སྙིང་གི་ལེའུ་བཅུ་གཅིག་པ་ལས་ཇི་ལྟར་གསུངས་པའི་ཚུལ་ཡིན། འོན་ཀྱང་འདིར་གཙོ་བོ་ཨ་ནུ་ཡིན་ཕྱིར་སྒྱུ་འཕྲུལ་འབྲིང་པོ་ལྟར་འཐད་པར་སེམས་པས། དེའི་ཚུལ་ནི་ཞི་དཀྱིལ་ལ་དམིགས་ཏེ་རྩ་བའི་ས་བཅད་གསུམ་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། བདག་གི་ཐུགས་ཀ་ནས་ཨེ་ཡཾ་བཾ་སུཾ་ལཾ་རཾ་རྣམས་ཆད། དཀྱིལ་འཁོར་གྱི་འོག་གཞིར་བརྩེགས་མར་འཁོད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོས་འདུས་པ་ལས། ཨེ་ལས་ནམ་མཁའི་ཆོས་འབྱུང་འབྱམས་ཀླས་པ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཞུའི་དབྱིབས་ཅན། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་སུཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ། དེའི་སྟེང་དུ་ལཾ་ལས་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཟུར་བཞི་པ། རཾ་ལས་མེའི་ཁོར་ཡུག་ནམ་མཁའི་མཐའ་ཀླས་པ་འབར་བ། རི་རབ་ཀྱི་སྟེང་དུ་བྷྲཱུཾ་འཕྲོས་ཏེ་འཁོད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བྷྲཱུཾ་བི་ཤྭ་བུདྡྷེ་བཛྲ་ཛྙཱ་ན་ཙཀྲ་སཱུརྻ་ཙནྡྲ་རཏྣ་པདྨ་མཎྜ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ལྟེ་བ་ཟླུམ་པོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་ཕྱིར་ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོར་མ་ཡིན་ཞིང་། ངོོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་། ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ། སྤགས་པ། ཚད་དཔག་ཏུ་མེད་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ། མི་སྒྲིབ་པར་གསལ་པའི་རྒྱན་བསམ་གྱིས་མི་ཁྱབ་པས་བཀླུབས་པ། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རྫོགས་ཤིང་ཕྱི་རོལ་རྡོ་རྗེའི་ར་བས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་དཀྲིགས་པ་ལས། ཡེ་ཤེས་ཀྱི་མེ་འབར་བའི་གཞལ་ཡས་ཁང་གི་ལྟེ་བ་དང་རྩིབས་བཞིར། དབུས་སུ་མི་འཇིགས་པ་སེངྒེའི་ཁྲི་ཆ་གཉིས། ཤར་དུ་སྟོབས་གླང་པོ་ཆེའི་ཁྲི། ལྷོར་རྫུ་འཕྲུལ་རྟའི་ཁྲི། ནུབ་ཏུ་དབང་རྨ་བྱའི་ཁྲི། བྱང་དུ་ཐོག་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་རྣམས་ཀྱི་སྟེང་དུ་པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པད་ཉི་ཟླ་བའི་གདན་ཆ་ཤས་ཡོངས་སུ་རྫོགས་པར་གྱུར། རྩིབས་མཆན་བཞི་དང་། གློ་འབུར་གྱི་གྲུ་ཆད་བཞི། ཁྱམས་ཀྱི་ཤར་དང་ནུབ། སྣམ་བུའི་ཤར་ལྷོ། བྱང་། ལྷོ། ནུབ་བྱང་། ལྷོ་ནུབ། བྱང་ཤར་རྣམས་སུ་པད་ཟླའི་གདན། སྒོ་བཞིར་བྲག་དང་ཉི་མའི་གདན་རྣམས་སུ་གྱུར། བཞི་པ་བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པ་ནི། གདན་དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཨ། དེའི་མདུན་དུ་ཋ་ཐ། ཤར་དུ་ཊ་ཏ། ལྷོར་ཌ་ད། ནུབ་ཏུ་ཌྷ་དྷ། བྱང་དུ་ཎ་ན། ཤར་ལྷོ་ནས་རྩིབས་མཆན་བཞིར་རིམ་པ་བཞིན། ཀ་ཙ། ཁ་ཚ། ག་ཛ། གྷ་ཛྷ། ཤར་ལྷོ་ནས་གྲུ་ཆད་བཞིར་རིམ་པ་བཞིན། པ་ཡ། ཕ་ཝ། བ་ར། བྷ་ལ། ཁྱམས་ཀྱི་ཤར་དུ་ཀྵ། ནུབ་ཏུ་ཨ། སྣམ་བུའི་ཤར་ལྷོར་ཨི། བྱང་དུ་ཨཱི། ལྷོར་ཨུ། ནུབ་བྱང་དུ་ཨཱུ། ལྷོ་ནུབ་ཏུ་ཨེ། བྱང་ཤར་དུ་ཨཻ། ཤར་སྒོར་ང་ཤ །ལྷོ་སྒོར་ཉ་ཥ། ནུབ་སྒོར་མ་ས། བྱང་སྒོར་ཨོ་ཨ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་པས་ཕྱག་མཚན་བཞི་བཅུ་རྩ་གཉིས་སུ་གྱུར་པ་ནི། དབུས་སུ་རྡོ་རྗེ་དང་དྲིལ་བུ་ཆ་གཉིས། ལྷོར་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་པདྨ་དང་དྲིལ་བུ། བྱང་དུ་རལ་གྲི་དང་དྲིལ་བུ། ཤར་ལྷོ་ནས་རྩིབས་མཆན་བཞིར་རིམ་བཞིན་མྱུ་གུ་དང་མེ་ལོང་། རལ་གྲི་དང་རིན་པོ་ཆེའི་ཕྲེང་བ། པད་དཀར་དང་པི་ཝང་། རྡོ་རྗེ་དང་གར་གྱི་ལག་པ། ཤར་ལྷོ་ནས་གྲུ་ཆད་བཞིར་རིམ་བཞིན་ཀླུ་ཤིང་དང་བདུག་སྤོས། འཁོར་ལོ་དང་མེ་ཏོག །རིན་པོ་ཆེའི་སྙེ་མ་དང་མེ་ཏོག །ཨུཏྤལ་དང་དྲི་ཆབ། ཁྱམས་ཀྱི་ཤར་དུ་རྡོོ་རྗེ་རྩེ་ལྔ་པ་དང་། ནུབ་ཏུ་ཆོས་འབྱུང་དཀར་པོ། སྣམ་བུའི་ཤར་ལྷོར་པི་ཝང་། བྱང་དུ་གོ་ཆ། ལྷོར་བསེག་པར། ནུབ་བྱང་དུ་གླེགས་བམ། ལྷོ་ནུབ་ཏུ་རིན་པོ་ཆེ། བྱང་ཤར་དུ་མེ་ཆུ། ཤར་ལྷོར་ཐོད་དབྱུག་དང་ལྕགས་ཀྱུ། ལྷོ་སྒོར་རྡོར་དབྱུག་དང་ཞགས་པ། ནུབ་སྒོར་པད་དབྱུག་དང་ལྕགས་སྒྲོག །བྱང་སྒོར་རྒྱ་གྲམ་གྱི་དབྱུག་པ་དང་དྲིལ་བུ། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སཾ་ཧ་ར་ཎ་ཧཱུཾ། ཚུར་འདུས་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། དབུས་སུ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཐིང་དཀར་དམར་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ། བར་པ་གཉིས་རྡོ་རྗེ་དང་དྲིལ་བུ། ཐ་མ་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ་ཡུམ་ཀུན་ཏུ་བཟང་མོ་སྔོན་མོ་དང་མཉམ་པར་སྦྱོར་བ། ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི། གཙོ་བོའི་མདུན་གྱི་སེངྒེའི་ཁྲིར་བཅོམ་ལྡན་འདས་མི་བསྐྱོད་པ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་ཏེ་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱིས་འཁོར་ལོ་དང་པདྨ། ཐ་མ་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། ཡུམ་དབྱིངས་ཕྱུག་མ་སྔོན་མོ་རྡོར་དྲིལ་འཛིན་པས་ཡབ་ལ་འཁྱུད་པའོ། །ༀ་ཛཱི་ན་ཛིཀ྄ །ལཱཾ་དྭ་ཥ་ར་ཏི། ཤར་རྩིབས་ལ་རྣམ་པར་སྣང་མཛད་དཀར་སྔོ་དམར་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རྡོ་རྗེ་རིན་ཆེན། མངོན་གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ། ཡུམ་སྤྱན་མ་དཀར་མོ་འཁོར་ལོ་དང་། རིལ་བུ་འཛིན་པའོ། །སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི་ལས་ལྷོ་རྩིབས་ལ་རིན་ཆེན་འབྱུང་ལྡན་སེར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རིན་ཆེན་རྡོ་རྗེ་འ ཁོར་ལོ། །གཡོན་གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ། ཡུམ་མཱ་མ་ཀཱི་སེར་མོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའོ། །ཨཱཾཿཨ་རོ་ལིཀ྄ །པྱཱཾ་རཱ་ག་ར་ཏི། ནུབ་རྩིབས་ལ་སྣང་བ་མཐའ་ཡས་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། གཡོན་གསུམ་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ཡུམ་ན་བཟའ་དཀར་མོ་པདྨ་དང་དྲིལ་བུ་འཛིན་པའོ། །ཧ་པྲ ཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ཏ་ཏི། བྱང་རྩིབས་ལ་དོན་ཡོད་གྲུབ་པ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དུག་གི་གཡས་གསུམ་རལ་གྲི་རྡོ་རྗེ་འཁོར་ལོ། །གཡོན་གསུམ་དྲིལ་བུ་རིན་ཆེན་པདྨ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་རལ་གྲི་དང་དྲིལ་བུ་འཛིན་པའོ། །གཙོ་བོ་དྲུག་ཀ་མཚན་དཔེས་སྤྲས་ཤིང་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་ཤིང་ཡབ་རྣམས་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་རྣམས་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཀྵིཾ་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ཤར་ལྷོའི་རྩིབས་མཆན་ལ་ས་སྙིང་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་དྲིལ་བུ་ཅན། ཡུམ་ལཱ་སྱ་དཀར་མོ་མེ་ལོང་བསྣམས་པ། ཏྲཾ་ཨ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་སྟྭཾ། ལྷོ་ནུབ་ཀྱི་རྩིབས་མཆན་ལ་ནམ་མཁའི་སྙིང་པོ་སེར་པོ་རལ་གྲི་དང་དྲིལ་བུ་ཅན། ཡུམ་ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །ཧྲཱིཿཧ་ཧཱུཾ་པདྨ་པ་ད་མ། ཧྲཱིཿགཱི་ཏི་ར་ཧོ་ཧཾ། ནུབ་བྱང་གི་རྩིབས་མཆན་ལ་སྤྱན་རས་གཟིགས་དམར་པོར་པདྨ་དང་དྲིལ་བུ་ཅན། ཡུམ་གླུ་མ་དམར་པོ་པི་ཝང་བསྣམས་པའོ། །ཛྲིཾ་ཀུ་རུ་པནྣ་ཧྲཱིཿ ཨ་ནིརྟྱ་རཱ་ག་ཡ་མི། བྱང་ཤར་གྱི་རྩིབས་མཆན་ལ་ཕྱག་རྡོར་ལྗང་གུ་རྡོ་རྗེ་དང་དྲིལ་བུ་ཅན། ཡུམ་གར་མ་ལྗང་གུ་གར་བསྒྱུར་ཞིང་རོ་བརྒྱའི་ཞལ་ཟས་སྟོབ་པའི་ཚུལ་ལོ། །མཻ་དྷཱ་ར་ཎི་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ཤ །ཤར་ལྷོའི་གྲུ་ཆད་ལ་བྱམས་པ་དཀར་སེར་ཀླུ་ཤིང་དང་སྤྱི་བླུགས་བསྣམས་པ། ཡུམ་བདུག་སྤོས་མ་དཀར་སེར་བདུག་སྤོས་བསྣམས་པའོ། །ཐླྷིཾ་ནིསྶ་རཾ་པ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ལྷོ་ནུབ་ཀྱི་གྲུ་ཆད་ལ་སྒྲིབ་སེལ་དམར་སེར་འཁོར་ལོ་དང་དྲིལ་བུ་བསྣམས་པ། ཡུམ་མེ་ཏོག་མ་སེར་མོ་མེ་ཏོག་གི་ཕྲེང་བ་བསྣམས་པའོ། །ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་ཁི་ནཱི། ནུབ་བྱང་གི་གྲུ་ཆད་ལ་ཀུན་བཟང་དམར་ལྗང་རིན་པོ་ཆེའི་སྙེ་མ་དང་དྲིལ་བུ་བསྣམས་པ། ཡུམ་མར་མེ་མ་དམར་མོ་མར་མེ་བསྣམས་པའོ། །མཱུཾ་ཤྲཱི་ཨ་རཾ་ག་ཡེ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། བྱང་ཤར་གྱི་གྲུ་ཆད་ལ་འཇམ་དབྱངས་དཀར་ལྗང་ཨུཏྤལ་དང་དྲིལ་བུ་བསྣམས་པ། ཡུམ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་བསྣམས་པའོ། །སེམས་དཔའ་སེམས་མ་བརྒྱད་པོ་ཡང་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེའི་རྒྱན་ཅན་ནོ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཁྱམས་ཀྱི་ཤར་དུ་བྱེད་པ་པོ་ཀུན་བཟང་སྔོན་པོ་མཉམ་གཞག་མཉམ་པའི་སྐྱིལ་ཀྲུང་ཅན། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཁྱམས་ཀྱི་ནུབ་ཏུ་བྱ་བ་མོ་ཀུན་ཏུ་བཟང་མོ་དཀར་མོ་ཆོས་འབྱུང་གི་ཕྱག་རྒྱ་ཅན་མཉམ་པའི་སྐྱིལ་ཀྲུང་གིས་བཞུགས་ཏེ་རྒྱན་སྤངས་པའོ། །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། སྣམ་བུའི་ཤར་ལྷོར་ལྷའི་ཐུབ་པ་དཀར་པོ་པི་ཝང་འཛིན་པ། ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། སྣམ་བུའི་བྱང་དུ་ལྷ་མིན་ཐུབ་པ་སྔོན་པོ་གཡས་རལ་གྲི་དང་གཡོན་གོ་ཁྲབ་ཅན། ༀ་མུ་ནེ་སྲུཾ་སྭཱ་ཧཱ། སྣམ་བུའི་ལྷོར་མིའི་ཐུབ་པ་སེར་པོ་གཡས་བསེག་ཤང་དང་གཡོན་ལྷུང་བཟེད་འཛིན་པའོ། །ༀ་མུ་ནེ་བྲཾ་སྭཱ་ཧཱ། སྣམ་བུའི་ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་ལྗང་གུ་གླེགས་བམ་འཛིན་པ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། སྣམ་བུའི་ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། ༀ་མུ་ནེ་ཡེ་སྭཱ་ཧཱ། སྣམ་བུའི་བྱང་ཤར་དུ་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པའོ། །ཐུབ་པ་དྲུག་ནི་སངས་རྒྱས་སྤྲུལ་སྐུ་མཚན་དཔེ་ཅན་ཆོས་གོས་གསུམ་ལྡན་འགྲོ་བའི་དོན་ལ་བཞེངས་པའོ། །ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷཱ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཤར་སྒོར་ཁྲོ་བོ་གཤིན་རྗེ་གཤེད་མཐིང་ནག་ཐོད་དབྱུག་དང་སྡིག་མཛུབ་ཅན་ཡུམ་ཁྲོ་མོ་ལྕགས་ཀྱུ་མ་མཐིང་ནག་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ་འཁྲིལ་བའོ། །ཧཱུཾ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ལྷོ་སྒོར་སྟོབས་ཆེན་སེར་ནག་རྡོ་རྗེའི་དབྱུག་པ་དང་ཐོད་ཁྲག་ཅན། ཡུམ་ཞགས་པ་མ་སེར་ནག་ཞགས་པ་དང་ཐོད་ཁྲག་འཛིན་པའོ། །ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ནུབ་སྒོར་རྟ་མགྲིན་དམར་པོ་པདྨའི་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་དང་ཐོད་ཁྲག་ཅན། ཡུམ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་དང་ཐོད་ཁྲག་འཛིན་པའོ། །ཧཱུཾ་བིགྷྣཱནྟ་ཀྲིཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། བྱང་སྒོར་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་གྱི་དབྱུག་པ་དང་ཐོད་ཁྲག་ཅན། ཡུམ་དྲིལ་བུ་མ་ལྗང་གུ་དྲིལ་བུ་དང་ཐོད་ཁྲག་ཅན་ནོ། །སྒོ་བ་ཡབ་ཡུམ་བརྒྱད་ཁྲོ་བོ་དང་ཁྲོ་མོའི་ཆས་ལྡན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །རྩ་བར། དབང་བསྐུར། བརླབ། དྲངས། བསྟིམ། བརྟན་པར་བཞུགས་སུ་གསོལ་ནས་ཞེས་འབྱུང་བའི་དོན། འདི་མན་ཆོད་བདག་མདུན་བུམ་གསུམ་ཐུན་མོང་དུ་བྱ་བ་ཡིན་པར། བདག་མདུན་གཉིས་བསྐྱེད་མ་ཐག་དང་། ཞི་བའི་བུམ་པའི་ལྷ་རྣམས་ཀྱང་མངོན་སུམ་ལྟ་བུར་བཞུགས་བཞིན་པར་གསལ་གདབ་སྟེ། བདག་མདུན་བུམ་གསུམ་ཀ་ལ་དམིགས་ཏེ་དབང་བསྐུར་བ་ནི། ལྔ་པ་ལ་གཉིས་ཏེ་དབང་བསྐུར་བ་དང་བྱིན་གྱིས་བརླབ་པའི་དང་པོ་ནི། ལག་གཉིས་རྡོ་རྗེ་ཕྱི་བསྡམས་ལས་གུང་མོ་གཉིས་སྦྱར་ཏེ་སྒྲེང་བ་རྡོ་རྗེའི་ཕྱག་རྒྱ་རང་གི་སྤྱི་བོར་བཞག་ཅིང་དཀྱིལ་འཁོར་ཕྱོགས་སུ་ཡང་བཏུད་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སཱ་བྷཱ༴ རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་པ་དཔྲལ་བ་དང་དཀྱིལ་འཁོར་ཕྱོགས༴ ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ༴ རྡོ་རྗེ་བསྡམས་པ་ལས་སྲིན་ལག་གཉིས་བརྐྱང་པ་རྣ་ལྟག་གཡས་དང་དཀྱིལ་འཁོར་ཕྱོགས༴ ༀ་མ་ཧཱ་ས་མ་ཏཱ་ཛྙ་ན་བཛྲ་སྭ་བྷཱ༴ རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བརྐྱང་བ་ལྟག་པ་དང་དཀྱིལ་འཁོར་ཕྱོགས༴ ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙ་ན་བཛྲ་སྭ་བྷཱ༴ རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་བརྐྱང་པ་རྣ་ལྟག་གཡོན་དང་དཀྱིལ་འཁོར་ཕྱོགས༴ ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ༴ བདག་མདུན་བུམ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱི་གཙུག་ཏུ་མི་བསྐྱོད་པ་མཐིང་ག །དཔྲལ་བར་རྣམ་སྣང་དཀར་པོ། རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སེར་པོ། ལྟག་པར་སྣང་བ་མཐའ་ཡས་དམར་པོ། རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པ་ལྗང་གུ་རྣམས་ཀྱིས་དབུ་བརྒྱན་པ་ནི་རྟགས་ཀྱི་དབང་དང་། ཡེ་ཤེས་ལྔའི་དོན་ཐུགས་རྒྱུད་ལ་གནས་པ་ནི་དོན་གྱི་དབང་ངོ་། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །དབུ་རྒྱན་རིན་ཆེན་ཕྲེང་བ་དང་། །དཔུང་རྒྱན་སེ་མོ་དོ་ལ་སོགས། །མཛེས་པའི་རྒྱན་རྣམ་སྣ་ཚོགས་ཀྱིས། །དབང་མཆོག་ཏུ་ནི་དབང་བསྐུར་རོ། །གཉིས་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། བཤད་མ་ཐག་པའི་རྡོ་རྗེའི་ཕྱག་རྒྱ་དེ་ཉིད་རང་གི་གནས་གསུམ་དང་སྔགས་དང་བསྟུན་གཏུག་ཚུལ་དང་། དཀྱིལ་འཁོར་དུ་ཡང་དེ་བཞིན་དུ་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བདག་བདུན་བུམ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས། ༀ་ལ་ཐིམ་པས་སངས་རྒྱས་རྣམས་ཀྱི་སྐུའི་རང་བཞིན་ༀ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ༴ མགྲིན་པར་པདྨ་ལ་གནས་པའི་ཨཱཿདམར་པོ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས༴ གསུང་རྡོ་རྗེའི་ལྷ་ཚོགས༴ ཨཱཿལ་ཐིམ་པ་སངས་རྒྱས་རྣམས་ཀྱི་གསུང་གི་རང་བཞིན་ཨཱཿལས་སྣང་མཐའ་དམར་མོ་པདྨ་དང་དྲིལ་བུ་འཛིན་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ༴ ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས༴ ཐུགས་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས། ཧཱུཾ་ལ་ཐིམ་པས་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་རང་བཞིན་ཧཱུཾ་ལས་མི་བསྐྱོད་པ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། དྲུག་པ་སྤྱན་དྲང་བ་ལ་གསུམ་གྱི་དང་པོ་སྙན་གསན་དབབ་པ་ནི། བདག་མདུན་བུམ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དྭངས་མའི་སྲོག་ཧཱུཾ་མཐིང་ག་ཡེ་ཤེས་ལྔའི་རང་བཞིན་ཅན་ལས་འོད་ཟེར་གྱི་ཕྲེང་བ་ཕྱོགས་བཅུར་འབར་ཞིང་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རང་བཞིན་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ཅན་དུ་གྱུར་ཏེ་འགྲོ་བའི་དོན་ལ་ཆས་བར་གྱུར། སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུ། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་མཛད་གཤེགས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔའ་ཁྱོད་བདག །ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ གཉིས་པ་སྤྱན་དྲངས་པ་དངོས་ནི། ལྷ་ཚོགས་དེ་རྣམས་མདུན་གྱི་ནམ་མཁའི་ཁམས་ནས་སྤྱན་དྲངས་པ་སྟེ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་དེ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་དྲཱྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། དམ་ཚིག་པའི་ཐུགས་ཀ་ནས་འ ཕྲོས་པའི་ཕྱག་རྒྱ་བཞིས་བདག་མདུན་བུམ་གསུམ་གྱི་དམ་ཚིག་པ་རྣམས་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་བཅིངས་བསྡམས་དགྱེས་པ་བསྐྱེད་པར་བསམ་ལ། ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གྷཎྜེ་ཧོཿ གསུམ་པ་བརྟན་པར་བཞུགས་སུ་གསོལ་བ་ནི། རིན་ཆེན་སེང་གེའི་ཁྲི་ལ་ཡང་དག་ངེས་བཞུགས་ཤིང་། །རང་གི་ལྷ་མོ་དག་དང་སྲས་དང་གཡོག་འཁོར་བཅས་པ་རྣམས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། །འཇིག་རྟེན་ལྷ་དང་བཅས་ལ་སྨན་སླད་བཞུགས་སུ་གསོལ། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། བདུན་པ་སྡིག་སྒྲིབ་སྦྱང་བའི་ཕྱིར་ཕྲིན་ལས་ལ་སྦྱར་བ་ནི་འོག་ཏུ་འཛབ་ཀྱི་དགོངས་པས་འཐུས་སོ། །རྩ་བར། ལྷག་པ་ཏིང་ངེ་འཛིན་བསྡུས་པས་མཆོད་ལ་ཞེས་འབྱུང་ཡང་། ཕྱག་དང་མཆོད་ཕྲེང་རྒྱས་པས་མི་འགལ་བས། ཞི་བ་རིན་ཆེན་དྲྭ་བ་བཞིན་འདི་ལྟར་ཕྱག་འཚལ་བ་ནི། མཆོད་པ་ལ་བཅུ་བཞིའི་དང་པོ་ཕྱག་གི་མཆོད་པ་ནི། ཧཱུཾ། མ་སྐྱེས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ༴ དམིགས་མེད་ཆོས་ཀྱི་སྐུ་ལ༴ ལོངས་སྤྱོད་རྫོགས་པའི་སྐུ་ལ༴ ཅིར་ཡང་སྤྲུལ་པའི་སྐུ་ལ༴ ཁམས་གསུམ་ཞིང་དུ་སྦྱོར་ལ༴ མཛེས་པའི་སྐུ་མཆོག་སེམས་ཅན་སྒྲོལ་ལ་མཁས། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །ཤེས་རབ་ཐབས་ཀྱི་གཙོ་ལ་མཉེས་མཛད་མ། །རིགས་ཀྱི་ཡུམ་ཆེན་ལྔ་ལ༴ ཐབས་མཁས་ཐུགས་རྗེ་ཡེ་ཤེས་སྤྲུལ་པ་ཡིས། །རང་རྒྱུད་རྣལ་འབྱོར་དག་པས་སྒྲུབ་པའི་ས་བརྙེས་ཤིང་། །ཐུགས་རྗེ་ཆེན་པོ་འགྲོ་བའི་དོན་མཛད་པ། །སེམས་དཔའ་སེམས་མ་རྣམས་ལ༴ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པའི། །རྟོག་པར་བྱ་བའི་ཡུལ་ནི་ཆོས་བཟང་མོ། །དེ་ཉིད་དོན་རིགས་བྱེད་པ་རྡོ་རྗེ་ཡིད། །ཀུན་བཟང་ཡབ་ཡུམ་གཉིས་ལ༴ རྫོགས་པ་ཆེན་པོའི་ངང་ལས་མ་གཡོས་ཀྱང་། །རྟོག་པས་རྒྱུད་དྲུག་སོ་སོར་འཁོར་བ་ལས། །ཐབས་མཁས་ཐུགས་རྗེ་ཅིས་འདུལ་དེར་སྟོན་པའི། །ཐུབ་པ་ཆེན་པོ་དྲུག་ལ༴ བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱིས། །ཉོན་མོངས་ལོག་པ་ར ལྟ་བའི་དགྲ་རྣམས་འཇོམས། །གཤིན་རྗེ་གཤེད་པོ་ལ་སོགས་ཁྲོ་རྒྱལ་བཞི། །སྒོ་བ་ཡབ་ཡུམ་རྣམས་ལ༴ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་དམ་བཅའ་སྟེ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོར་བྱིན་བརླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །གཉིས་པ་ཕྱག་རྒྱའི་མཆོད་པ་ནི། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དབང་པོའི་ཡུལ་དུ་གར་བསྒྱུར་བ། །ཐབས་དང་ཤེས་རབ་ལྡན་གྱུར་ཅིང་། །མཉམ་པའི་ངང་ཉིད་རྟོགས་གསལ་ནས། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ནས། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །འདི་ནི་སྤྱི་རྒྱ་ཆེན་པོ་སྟེ། །བླ་མེད་ཆེན་པོ་འདི་སྐད་གསུངས། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །མ་སཱུརྻ་མཎྜ་ལ། ཧཱུཾ་ༀ་སྭཱ་ཨཱཾཿཧཱ། ཨ་ཙནྡྲ་མཎྜ་ལ། མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲོས་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཧཱུཾ་བཛྲ་དྷྲྀཀ྄ །འབྲུ་བཞི་སྦས་ནས༴ མཱུཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །མཱུཾ་དྷ་ཏྭི་ཤྭ་རཱི། འབྲུ་བཞི་སྦས་ནས༴ ༀ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་འབྲུ་སྦས༴ འཁྲིལ་བའི་ཚུལ་གྱིས༴ ༀ་ཛཱི་ན་ཛིཀ྄ །འབྲུ་བཞི་སྦས་ནས་ལཱཾ་སྒྲེང་རྩེ་མོར་དྲིལ༴ ཉི་མ་འབྲུ་ལྔ་ལས༴ བཏུད་དེ་འཛུབ་པའི་མདངས༴ ལཱཾ་དྭེ་ཥ་ར་ཏི། འབྲུ་བཞི་སྦས་ནས༴ སྭཱ་སྒྲེང་རྩེ་མོར་རིན་ཆེན་འབར། །ཟླ་བརྟུལ་འབྲུ་སྦས༴ འཁྲིལ་བའི་ཚུལ་གྱིས༴ སྭཱ་རཏྣ་དྷྲྀཀ྄ །འབྲུ་བཞི་སྦས་ནས་ཐུགས༴ མཱཾ་སྒྲེང་རྩེ་མོར་དྲིལ༴ ཉི་མ་འབྲུ་ལྔ་ལས༴ བཏུད་དེ་འཛུམ་པའི་མདངས༴ མཱཾ་མོ་ཧ་ར་ཏི། འབྲུ་བཞི་སྦས་ནས་ཐུགས༴ ཨཱཾ་སྒྲེང་རྩེ་མོར་པདྨ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ༴ འཁྲིལ་བའི་ཚུལ་གྱིས༴ ཨཱཾཿཨ་རོ་ལིཀ྄ །འབྲུ་བཞི་སྦས་ནས་ཐུགས༴ པྱཱཾ་སྒྲེང་རྩེ་མོར་དྲིལ༴ ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས༴ པྱཱཾ་རཱ་ག་ར་ཏི། འབྲུ་བཞི་སྦས་ནས་ཐུགས༴ ཧཱ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ༴ འཁྲིལ་བའི་ཚུལ་གྱིས་ཆོས༴ ཧཱ་པྲཛྙཱ་དྷྲྀཀ྄ །འབྲུ་བཞི་སྦས་ནས་ཐུགས༴ ཏཱཾ་སྒྲེང་རྩེ་མོར་དྲིལ༴ ཉི་མ་འབྲུ་ལྔ་ལས༴ བཏུད་དེ་འཛུམ་པའི་མདངས༴ ཏཱཾ་བཛྲ་ར་ཏི། འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར། །ཕྱག་རྒྱའི་མཆོད་པ་དམ་པ་ཡིན། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །གསུམ་པ་ཀུན་ཏུ་བཟང་པོའི་མཆོད་པ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱི། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཞི་པ་ཕྱག་ཞབས་བསིལ་བའི་མཆོད་པ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛཱི་ཏེ་ན་མཿས་མནྟ་བུདྡྷ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ལྔ་པ་ལྷ་མོ་བཞི་བསྣོལ་གྱི་མཆོད་པ་ནི། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ༀ་པ་ན་པེཾ༴ ༀ་ཤཱི་བཛྲ་རཱ་ག་པུཥྤེ་པཱུ། ༀ་པ་ན་པེཾ༴ ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ༀ་པ་ན་པེཾ༴ ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། །ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་དག་ཅིང་གྲུབ་པར་མཛད་དུ་གསོལ། །ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་ཐམས་ཅད་དག་ཅིང་གྲུབ་པར་མཛད་དུ་གསོལ། །དྲུག་པ་བདུད་རྩི་སྨན་གྱི་མཆོད་པ་ནི། སྨན་མཆོད་བྱས་ཏེ། ཧཱུཾ། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་མཆོག །ཐམས་ཅད་རྣལ་འབྱོར་བདུད་རྩི་ཆེ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་ལས་ཀྱི་མཆོག །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ག་བུར་ཤེལ་གྱི་སྤོས་ཕོར་དྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །མ་ལུས་འདུས་པའི་ཐིག་ལེ་ཆེ། །གཅིག་ཏུ་དཔའ་བའི་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱར་ནས། །བདུད་རྩི་དམ་པའི་རིན་ཆེན་བཅུད། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་ཉིད། །རྒྱལ་པ་རྒྱལ་མཚོའི་དངོས་གྲུབ་མཆོག །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར། །བདག་ཅག་དད་པ་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །བཞེས་ནས་རབ་ཏུ་དགྱེས་མཛོད་ལ། །བླ་མེད་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མི་བསྐྱོད་རྣམ་སྣང་རིན་འ བྱུང་མཐའ་ཡས་གྲུབ། །དུས་གསུམ་བདེ་གཤེགས་རྒྱལ་མཆོག་ཡབ་རྣམས་ལ། །རྣམ་དག་བདག་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ༴ བཟང་མོ་སྤྱན་དང་མཱ་མ་གོས་དཀར་སྒྲོལ། །དུས་གསུམ་བདེ་གཤེགས་རྒྱལ་མཆོག་ཡུམ་རྣམས་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ འགྲོ་བའི་དཔལ་དུ་གྱུར་པའི་བྱང་ཆུབ་སེམས། །ས་སྙིང་ལ་སོགས་སེམས་དཔའ་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ སྒེག་མོ་ཕྲེང་དང་དབྱངས་དང་གར་མ་སོགས། །མཛེས་པའི་སྐུ་མཆོག་ལྷ་མོ་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ གཤིན་རྗེ་སྟོབས་ཆེན་རྟ་མགྲིན་བདུད་རྩི་འཁྱིལ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞི་རྣམས་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །ཡེ་ཤེས་གཞལ་ཡས་སྒོ་མ་བཞི་རྣམས་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ དུས་གསུམ་རྒྱལ་བའི་རང་བཞིན་མཁྱེན་པའི་དཔལ། །བྱ་བ་བྱེེད་དང་གཉིས་མེད་ཆོས་སྐུ་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ འགྲོ་བའི་དོན་ཕྱིར་སྤྲུལ་པའི་སྐུར་སྟོན་པའི། །འཇིག་རྟེན་འདུལ་བའི་ཐུབ་པ་དྲུག་རྣམས་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ སྡོམ་ལ་གནས་ཤིང་རིག་འཛིན་གྲུབ་པའི་ས། །མཁའ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ དམ་ཚིག་དབང་དང་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་རྡོ་རྗེ་སློབ་དཔོན་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ ཤེས་པའི་ཁྱད་པར་རིམ་པར་དབང་བསྐུར་བའི། །རྒྱལ་ཐེབས་སྤྱན་དང་ཀརྨ་གིང་རྣམས་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ ཚེ་རབས་སྔོན་ནས་སྨོན་ལམ་འཕྲོ་འཐུད་པའི། །རྒྱལ་བའི་གདུང་གསོབ་མཆེད་དང་ལྕམ་དྲལ་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །དམ་ཅན་རྒྱ་མཚོ་ཆོས་སྐྱོང་སྲུང་མ་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ འཇིག་རྟེན་འདི་དང་སྔ་ཕྱི་གཉིས་ཀ་རུ། །ལུས་སྲོག་བསྐྱེད་པའི་དུས་གསུམ་ཕ་མ་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ ༀ་ཨཱཿཧཱུཾ། ལྕེ་ཡི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམས། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །ཟོས་ན་བྱང་ཆུབ་མཆོག་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ༴ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། བདུན་པ་བ་ལིཾ་གཏོར་མའི་མཆོད་པ་ནི། ༀ་ཨཱཿཧཱུཾ། སུ་ར་ཧ། ཨུ་པ་བྷྱོ། ཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝཱ་ཱན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷོ། ༀ་ཨཱཿཧཱུཾ། བརྒྱད་པ་གསང་ནན་དབུལ་བ་ནི། ༀ་ཨཱཿཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པ་བཞེས་སུ་གསོལ། །མི་སྐྱེ་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོ་ལ་བསྣམས་སུ་གསོལ། །ཨ་ལ་ལ་ཧོཿ བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ནི་འགོག་པ་རྣམས་ལས་བླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམས་སུ་གསོལ། །མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོཿ ཧོཿ སྔོན་གྱི་ཞེན་པའི་མཐའ་དང་ཉོན་མོངས་སྔོ་སྐམས་གཟིར་བ་ཡི། །རྨོངས་བྱེད་བདེ་མཆོག་རྒྱན་དང་ལྡན་པས་ཐབས་ཀྱིས་བསྐུར་ཏེ་གོ་བར་མཛོད། །འགྲོ་ཀུན་མཚུངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག །བདེ་མཆོག་བདུད་རྩི་ཁྱད་པར་མེད་པ་འདུས་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོཿ དགུ་པ་ལྷག་པའི་ཏིང་ངེ་འཛིན་གྱི་མཆོད་པ་ནི། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་ཚོགས་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་སྒོམ། །ཨ་ལ་ལ་སྟེ་མཆོད་པ་འབུལ། །རྩ་བར་འདི་ནས་འཛབ་ལ་འཇུག་པར་བཤད་ཀྱང་མཆོད་ཕྲེང་རྣམས་ཚང་བ་ལེགས་པས། བཅུ་པ་ཏ་ན་སྒྲོལ་བའི་མཆོད་པ་ནི། ༀ། རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཡེ་ཤེས་མེ་ཆེན་བསྒོམ་བྱ་སྟེ། །ཐམས་ཅད་མ་ལུས་བསྲེག་པར་བྱ། །སྲིད་གསུམ་བསྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །བཅུ་གཅིག་པ་ག་ན་སྦྱོར་བའི་མཆོད་པ་ནི། ཐབས་དང་ཤེས་རབ་གཉིས་མེད་པར། །པདྨོ་ལ་ནི་རྡོ་རྗེེ་ཞུགས། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱའོ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧཾ། ཛཿཧཱུཾ་བཾ་ཧོཿ ཧཱུཾ་ཧཱུཾ་ཧཱུཾ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བཅུ་གཉིས་པ་འདོད་ཡོན་ལྔའི་མཆོད་པ་ནི། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ནི་ཆོས་ཉིད་རོལ། །ཨ་ལ་ལ་ཧོཿ བཅུ་གསུམ་པ་གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོཿ ༀ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོཿ ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོཿ ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ ༀ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་ནི་རྡུལ་ཕྲན་སྙེད། །སྤྲུལ་པའི་རྡུལ་ཕྲན་གྲངས་སྙེད་ཀྱིས། །སྐད་ཅིག་ཡུད་ལ་ལྷུམ་གྱིས་གྲུབ་ཧོཿ ༀ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོཿ བཅུ་བཞི་པ་རོལ་མོ་སྒྲའི་མཆོད་པ་ནི། དབང་པོའི་སྤྱོད་ཡུལ་རང་བཞིན་དངོས་པོ་མེད། །རྣམ་དག་བདུད་རྩིས་རང་བཞིན་དུག་ལྔ་སེལ། །དམ་རྫས་དག་པ་ལྔ་དང་ཞལ་ཟས་ལྔ། །སྐུ་ལྔ་ཆོས་ལྔ་དབྱེར་མེད་རང་བཞིན་མཉམ། །དེ་ཕྱིར་དག་པས་དག་པ་ཉིད་མཆོད་ཅིང་། །ཆོས་ཉིད་ལ་ནི་ཆོས་ཉིད་ཐིམ་པར་དབུལ། །དྲི་མེད་རྣམ་དག་ནམ་མཁའི་རང་བཞིན་ལས། །ལོ་རྟོག་མཚན་མ་མང་པོའི་སྤྲིན་སྤུངས་ཏེ། །ཡེ་ཤེས་ཉི་ཟེར་འོད་ཀྱིས་རབ་བརྒྱན་ཏེ། །དག་པའི་དོན་ཕྱིར་རྟོགས་ནས་མཆོད་པར་བགྱི། །མཉམ་ཉིད་བླང་དོར་མེད་པར་སྙོམས་པར་འཇུག་པ་དང་། །བདེ་མཆོག་ལོངས་སྤྱོད་རྫོགས་པ་སྐུ་ཡིས་རབ་བརྒྱན་ཏེ། །འདོད་པའི་ཡོན་ཏན་ལྔ་ཡི་ལྷ་མོར་གྱུར་པ་འདི། །དམ་ཚིག་བཞིན་ལ་ཅི་བདེར་བཞེས་སུ་གསོལ། །ༀ་བཛྲ་ཨེ་ས་ཧཱུཾ། པེ་ས་ཧཱུཾ། ས་མ་ཡ་བགྴ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ པྲ་ཏཱིཙྪ་ཧོཿ ཧོཿ སྤྲོས་པ་མེད་པའི་དབྱིངས་ལས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རིགས་མཆོག་ཡུམ་གྱི་གཟུངས་དང་བཅས་པ་སེམས་དཔའི་ཚོགས། སེམས་མའི་འཁོར། ཡེ་ཤེས་ཆེན་པོའི་དབང་ཕྱུག །ཐབས་ལ་མཁས་པའི་བདག་ཉིད། སྒྲོལ་བའི་མཁའ་འགྲོ། རང་བཞིན་གྱི་རྣལ་འབྱོར། ངོ་བོ་ཉིད་ཀྱི་སྐུ། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། སོ་སོའི་བཞུགས་གནས་དང་གཞལ་ཡས་ཁང་ཁྱད་པར་ཅན་ནས་སྐུ་བསྐྱོད་དེ་མཆོད་པའི་གནས་དམ་པ་འདིར་གཤེགས་ཤིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཧོཿ གཞན་ཡང་རྣལ་འབྱོར་གྱི་མཆོད་ཡོན་དམ་པ་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་བ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། ཡོན་ཏན་དཔག་བསམ་གྱི་ལྗོན་ཤིང་། འདོད་པའི་ཡོན་ཏན་ལྔའི་ལྷ་མོ་གྱུར་པ་འདི་བྱིན་གྱིས་བརླབས་ཏེ་ཕུལ་བས། ཡེ་ཤེས་རྒྱ་མཚོ་དུས་གསུམ་དུ་བཞུགས་པ་རྣམས་ཀྱི་སྤྱན་ལམ་དུ་མངོན་སུམ་དུ་འབབ་པར་གྱུར་ཅིག །དེ་ལྟར་མངོན་སུམ་དུ་བབས་ནས་ཀྱང་རིག་པ་མཆོག་གི་ཐུགས་རྗེས་བཞེས་ཏེ། བདེ་བ་མཆོག་གི་དགྱེས་པ་ལ་ལོངས་སྤྱད་དུ་གསོལ། ཧོཿ མཐོལ་བཤགས་བཟོད་པར་གསོལ་བ་ནི། བདག་གིས་དང་པོ་གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉན་པོ་མངོན་པར་ནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་འགལ་འཁྲུལ་དུ་གྱུར་པ། ལྷ་ཉེ་བར་མ་བསྒོམ་པ་དང་། སྙིང་པོ་ཡང་དག་པར་མ་བགྲངས་པ་དང་། སྦྱོར་བ་མང་པོའི་བར་བསྐུམས་པ། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླ་ལས་འདས་པ། དམ་རྫས་དང་དུ་ལེན་རྔོ་མ་ཐོགས་པ། བསྙེན་པ་ཡུན་ཐུང་བ། འཛབ་དང་བཟླས་བརྗོད་གྲངས་ཉུང་བ། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་པ། ལེ་ལོ་དང་བཏང་སྙོམས་ཀྱི་དབང་དུ་གྱུར་པ། མདོར་ན་དེ་བཞིན་གཤེགས་པའི་མཛད་སྤྱོད་ཀློང་དུ་མ་གྱུར་ཅིང་། སེམས་ཅན་གྱི་རང་བཞིན་དུ་གྱུར་བས་སྔ་སླད་དུ་དམ་ཚིག་ཆག་ཉམས་སུ་གྱུར་པ་ཐམས་ཅད་ནི་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས་ཤིང་མཆིས་ན། ཐུགས་རྗེ་ཆེན་པོས་བཟོད་པ་དང་དུ་བཞེས་ཏེ་ཚངས་པ་ཡིད་བཞིན་དུ་ཐོབ་པར་སྩལ་དུ་གསོལ། ཧོཿ དངོས་གྲུབ་ཏུ་གསོལ་བའི་མདོ་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མན་ཆད། དངོས་གྲུབ་ཀྱི་རྒྱུ་དང་སྐལ་པ་གང་ལགས་པ་དུས་ཕྱི་མར་བསྡད་མི་འཚལ་བར། དུས་ད་ལྟ་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཧོཿ ཕྲིན་ལས་སུ་གསོལ་བའི་མདོ་ནི། བདག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། གདུག་པའི་དཔལ་དུ་གྱུར་པ། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ། མི་ཤིས་པ་དེ་དག་ཐམས་ཅད་ཕྱིར་བཟློག་ཅིང་ཞི་བ་ཆེན་པོ་མཛད་དུ་གསོལ། ཧོཿ འདོད་དོན་དུ་གསོལ་བ་ནི། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཞིང་། །གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང་། །གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི། །འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འཆར་བ་དང་། །ལུས་གང་སེམས་ལ་ཚེ་འདིར་རྡོ་རྗེ་རབ་སྣང་སྟེ། །རེ་སྨོན་ཐམས་ཅད་དུས་འདིར་ཐོབ་པར་མཛད་དུ་གསོལ། །སྒྱུ་འཕྲུལ་ཞི་བ་རིན་ཆེན་དྲྭ་བའི་ལས་བྱང་ཆོག་ཁྲིགས་བར་མའི་རྒྱུན་ལ་སྐབས་འདིར། དེ་ནས་རྩ་བའི་དཀྱིལ་འཁོར་གསལ་གདབ། འཛབ་ཁང་དབྱེ། ལྷ་བཞི་བཅུ་རྩ་གཉིས་ཀྱི་འཛབ་བཟླས་ཤིང་། འཛབ་བསྐུལ་དང་འཛབ་བསྟོད་བྱ། ཞེས་གསུངས་པར་འདི་ཡན་ཆོད་སྒྱུ་འཕྲུལ་དང་མ་སྦྱར་བའི་ཐབས་མེད་ཕྱིར་ཟུར་ནས་ཁ་བཀང་བ་ཡིན་ལ། དང་པོ་འཛབ་ཁང་དབྱེ་བ་ནི་བདག་མདུན་གྱི་སྒྲུབ་མཆོད་དངོས་ལ་ངོས་འཛིན་པ་འདིའི་ལུགས་ཡིན་ཏེ། རྩ་བར། ཞི་བའི་འཛབ་ཁང་དབྱེ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གསལ་གདབ་པ། ཞེས་སོགས་ནས་མཆོད་བསྟོད་ཀྱི་བར་གྲུབ་རྗེས། འཛབ་ཁང་དབྱེ་བའོ། །ཞེས་གསུངས་པའི་ཕྱིར་རོ། །འཛབ་དངོས་བྱ་བ་ནི། རྩ་བར། གཉིས་པ་འཛབ་དངོས་ལ་ལྷ་བསྐུལ་བ། རྟོག་པའི་གནས་གསལ་གདབ་ཅིང་འཛབ་བྱ་བ། བསྟོད་པ་གསུམ་ལས། དང་པོ་ལྷ་བསྐུལ་བ་ནི། ཀུན་བཟང་གོང་ལྟར་བསྐྱེད་ལ་ཞེས་གསུངས་པ་བསྐྱེད་ཚུལ་རྒྱས་པར་གྲུབ་པ་དེ་གསལ་བཏབ་ལ་འཛབ་དངོས་ཀྱི་དམིགས་པ་ནི། རྩ་བར། རང་གི་ཐུགས་ཀ་ནས་འོད་གཙོ་བོའི་ཐུགས་ཀར་འཕྲོས་པས་མཉེས་ཏེ་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་རང་ལ་ཕོག །རང་གི་བག་ཆགས་དྲི་མ་དག །གཙོ་བོ་མཉེས་པའི་ཞལ་འཛུམ་པ་དང་བཅས་བས་རང་ལ་ཐིམ། མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་བསམ་ལ་ཞི་བའི་བུམ་པའི་གཟུགས་ཐག་ནས་བཟུང་སྟེ། ཧཱུཾ། རིག་པ་གསུང་གི་བྱིན་རླབས་ཀྱིས། །ལྗགས་ཀྱི་རྩེ་ལ་བཀྲམ་ནས་ནི། །དུ་མ་ཉིད་དུ་སོ་སོར་གོ། །འཁོར་ལོ་འབར་བའི་ལྟེ་དབུས་སུ། །སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །རིན་ཆེན་ཉི་ཟླ་པད་གདན་ལ། །ཨེ་མ་ཀུན་བཟང་རྡོ་རྗེ་ཉིད། །རིག་པའི་ཚུལ་སྣང་སངས་རྒྱས་པ། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །དང་པོ་བྱང་ཆུབ་མཆོག་གི་རྒྱ། །བར་པ་རྡོ་རྗེ་དྲིལ་བུ་འཛིན། །ཐ་མ་མཉམ་གཞག་ཡེ་ཤེས་འཕྲོ། །ཡུམ་གྱི་དམ་པར་མཚན་གསོལ་བ། །ཕྱི་ཡི་ཡུལ་ལ་སངས་རྒྱས་པ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས། །ཐབས་དང་ཤེས་རབ་འབྲེལ་བའི་ཡུམ། །བྱ་བ་མོ་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །གཉིས་པ་རྟོག་པའི་གནས་གསལ་གདབ་ཅིང་འཛབ་བྱ་བ་ནི། རྩ་བར། ཧཱུཾ། ཡིད་ཤེས་རང རིག་མ་སྐྱེས་སེམས། །ཀུན་བཟང་ཡབ་ཀྱི་རང་བཞིན་ལས། །ཏིང་འཛིན་བྱེད་པར་དབང་བསྐུར་ནས། །མ་ལུས་ཀུན་གྱིས་བྱེད་པོར་ཤོག །ཆོས་ཀྱི་སྐྱེ་མེད་མ་སྐྱེས་སེམས། །ཀུན་བཟང་ཡུམ་གྱི་རང་བཞིན་ལས། །ཏིང་འཛིན་བྱ་བར་དབང་བསྐུར་ནས། །ཆོས་རྣམས་ཀུན་གྱི་བྱ་བར་ཤོག །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཞེས་བཟླས་སོ། །གསུམ་པ་བསྟོད་པ་ནི། རྩ་བར། ཧཱུཾ། བྱང་ཆུབ་སེམས་མཆོག་ཡེ་ཤེས་རྡོ་རྗེའི་ཐུགས། །སྲིད་གསུམ་དབང་སྡུད་ཐམས་ཅད་མཁྱེན་པའི་དཔལ། །བསྙེལ་བ་མི་མངའ་འགྲོ་བའི་སྐྱབས་མཛད་པ། །ཀུན་བཟང་རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །ཧཱུཾ། གདོད་ནས་མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས། །མ་སྐྱེས་མི་འགག་དངོས་པོར་འཛིན་དང་བྲལ། །འབྱུང་བྱེད་ཐམས་ཅད་བསྐྱེད་པ་ཡུམ་གྱི་ཚུལ། །བཟང་མོ་བྱ་བ་མོ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་ལྷ་ཐམས་ཅད་ལ་དང་པོར་ལྷ་བསྐུལ་བ། གཉིས་པ་རྟོག་པའི་གནས་གསལ་གདབ་ཅིང་འཛབ་བྱ་བ། གསུམ་པ་བསྟོད་པ་གསུམ་ཀུན་ལ་ཤེས་པར་བྱ་སྟེ། དང་པོ་ནི་རྩ་བར། དེའི་མདུན་དུ་ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི། མི་བསྐྱོད་པ་ཡབ་ཡུམ་བསྐྱེད་ཚར་བ་དེ་ཉིད་གསལ་གདབ་ལ། འོད་ཟེར་འཕྲོ་འདུ་གོང་མ་ལྟར་བྱས་ཏེ། ཧཱུཾ། རིག་པ་གསུང་གི་བྱིན༴ ལྗགས་ཀྱི་རྩེ་ལ་བཀྲམ༴ དུ་མ་ཉིད་དུ་སོ༴ འཁོར་ལོ་འབར་བའི་ལྟེ༴ སེང་ཆེན་བསྣོལ་བའི་ཁྲི༴ རིན་ཆེན་ཉི་ཟླ༴ སྟོན་པ་རྡོ་རྗེ་སེམས་དཔའི་གཙོ། །སྐུ་མདོག་མཐིང་ག་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །ཀུན་ཏུ་བཟང་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ༴ ཡི་དམ་ལྷ་ལ་མཆོད༴ སྐུ་གསུང་ཐུགས་ཀྱི་དངོས༴ གཉིས་པ་ནི། ཧཱུཾ། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི། ཞེས་བཟླས་སོ། །གསུམ་པ་ནི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་སྟོང་པ་ཉིད་ཀྱི་ཚུལ་འཛིན་ཅིང་། །ཡོན་ཏན་ཡེ་ཤེས་ལྔ་དོན་ཐུགས་ཆུད་པ། །རྒྱལ་མཆོག་མི་བསྐྱོད་པ་ལ་ཕྱག༴ དོན་དམ་གཉིས་མེད་དབྱིངས་སུ་གསལ། །དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་རྣམ་རྟོག་མི་མངའ་བའི། །རྒྱལ་ཡུམ་ཀུན་ཏུ་བཟང་མོ་ལའོ། །ཤར་དུ་འཁོར་ལོའི་རྩིབས་ལ་རྣམ་སྣང་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གླང་ཆེན་བསྣོལ་བའི་ཁྲི་སྟེང་དུ། །རིན་ཆེན་ཉི་ཟླ༴ བཅོམ་ལྡན་རྣམ་པར་སྣང་མཛད་གཙོ། །སྐུ་མདོག་དཀར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་སྔོ་གཡོན་དམར་དབུས་དཀར་ཞལ། །འཁོར་ལོ་རྡོ་རྗེ་རིན་ཆེན་གཡས། །དྲིལ་བུ་པདྨ་རྒྱ་གྲམ་གཡོན། །ཡུམ་གྱི་དམ་པར༴ སངས་རྒྱས་སྤྱན་དང་གཉིས་སུ་མེད། །བདག་གི་ཡི་དམ༴ ཡི་དམ་ལྷ་ལ༴ སྐུ་གསུང་ཐུགས་ཀྱི༴ གཉིས་པ་ནི། ཧཱུཾ། གཟུགས་ཕུང་ས་ཡི་ངོ་༴ སེམས་ཕྱིར་མཚན་ཉིད་མ༴ སྣང་མཛད་ཡབ་ཡུམ་རང་༴ ཏིང་འཛིན་སྐུ་རུ་དབང་༴ དངོས་གྲུབ་ལས་རྣམས། ༀ་ཛཱི་ན་ཛིཀ྄ །ལཾ་དྭེ་ཥ་ར་ཏི། ཞེས་བཟླས་སོ། །གསུམ་པ་ནི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་མེ་ལོང་ལྟ་བུའི་ཚུལ་འཛིན་ཅིང་། །ཡོན་ཏན་ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའི། །རྒྱལ་མཆོག་སྣང་མཛད་ལ་ཕྱག༴ དོན་དམ་གཉིས་མེད་དབྱིངས་སུ་གསལ། །དེ་བཞིན་དབྱིངས་ཕྱུག་ཚུལ་འཛིན་པ། །ཡོན་ཏན་ཡོད་མེད་སྟོང་པའི་ཆ། །སངས་རྒྱས་སྤྱན་ལ་ཕྱག༴ ལྷོར་རིན་ཆེན་འབྱུང་ལྡན་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། ལྷོ་ཕྱོགས་འཁོར་ལོའི་རྩིབས༴ རྟ་མཆོག་བསྣོལ་བའི་ཁྲི༴ རིན་ཆེན་ཉི་ཟླ༴ བཅོམ་ལྡན་རིན་ཆེན་འབྱུང་ལྡན་གཙོ། །སྐུ་མདོག་སེར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་སྔོན་གཡོན་དམར་དབུས་སེར་ཞལ། །རིན་ཆེན་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་པདྨ་རྒྱ་གྲམ་གཡོན། །ཡུམ་གྱི་དམ་པར་མཚན༴ མཱ་མ་ཀཱི་དང་གཉིས༴ བདག་གི་ཡི་དམ་ལྷ༴ ཡིད་དམ་ལྷ་ལ་མཆོད། །སྐུ་གསུང་ཐུགས་ཀྱི་དངོས༴ གཉིས་པ་ནི། ཧཱུཾ། ཚོར་བ་ཆུ་ཡི་ངོ་༴ སེམས་ཕྱིར་མཚན་ཉིད་མ༴ འབྱུང་ལྡན་ཡབ་ཡུམ་རང་༴ ཏིང་འཛིན་ཡོན་ཏན་དབང་༴ དངོས་གྲུབ་ལས་རྣམས་མངོན༴ སྭཱ་རཏྣ་དྷྲྀཀ྄ །མཱ་མོ་ཧ་ར་ཏི། ཞེས་བཟླས་སོ། །གསུམ་པ་ནི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་མཉམ་པ་ཉིད་ཀྱི་ཚུལ་འཛིན་ཅིང་། །ཡོན་ཏན་ཡིད་བཞིན་རེ་བ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་འབྱུང་ལྡན་ལ༴ དོན་དམ་གཉིས་མེད་དབྱིངས་སུ་གསལ། །མཱ་མ་ཀཱི་ཡི་རང་བཞིན་ལ། །ང་དང་བདག་མེད་ཆ་འཛིན་མ། །མཱ་མ་ཀཱི་ལ་ཕྱག༴ ནུབ་ཏུ་སྣང་བ་མཐའ་ཡས་བསྐྱེད་པ་གསལ་བཏབ་ལ། །གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། ནུབ་ཕྱོགས་འཁོར་ལོའི་རྩིབས༴ རྨ་བྱ་བསྣོལ་བའི་ཁྲི༴ རིན་ཆེན་ཉི་ཟླ༴ བཅོམ་ལྡན་སྣང་བ་མཐའ་ཡས་ནི། །སྐུ་མདོག་དམར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་སེར་གཡོན་ལྗང་དབུས་དམར་ཞལ། །པདྨ་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་རིན་ཆེན་རྒྱ་གྲམ་གཡོན། །ཡུམ་གྱི་དམ་པར་མཚན༴ ན་བཟའ་དཀར་དང་གཉིས༴ བདག་གི་ཡི་དམ་ལྷ༴ ཡི་དམ་ལྷ་ལ་མཆོད༴ སྐུ་གསུང་ཐུགས་ཀྱི་དངོས༴ གཉིས་པ་ནི། ཧཱུཾ། འདུ་ཤེས་མེ་ཡི་ངོ་༴ སེམས་ཕྱིར་མཚན་ཉིད་མ༴ མཐའ་ཡས་ཡབ་ཡུམ་རང་༴ ཏིང་འཛིན་གསུང་དུ་དབང་༴ དངོས་གྲུབ་ལས་རྣམས་མངོན༴ ཨཱཾཿཨ་རོ་ལིཀ྄ །པྱཱཾ་རཱ་ག་ར་ཏི། ཞེས་བཟླས་སོ། །གསུམ་པ་ནི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་སོ་སོར་རྟོག་པའི་ཚུལ་འཛིན་ཅིང་། །ཡོན་ཏན་མཐའ་གཉིས་སྐྱོན་གྱིས་མ་གོས་པའི། །རྒྱལ་མཆོག་སྣང་བ་མཐའ་ཡས་ལ༴ དོན་དམ་གཉིས་མེད་དབྱིངས་སུ་གསལ། །པདྨ་དབྱིངས་ཕྱུག་རང་བཞིན་ལ། །སྤྱི་དང་རང་གི་ཆ་འཛིན་མ། །ན་བཟའ་དཀར་ལ་ཕྱག༴ བྱང་དུ་དོན་ཡོད་གྲུབ་པ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། བྱང་ཕྱོགས་འཁོར་ལོའི་རྩིབས༴ ཤང་ཤང་བསྣོལ་བའི་ཁྲི༴ རིན་ཆེན་ཉི་ཟླ༴ བཅོམ་ལྡན་དོན་ཡོད་གྲུབ་པ་ནི། །སྐུ་མདོག་ལྗང་གུ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་རིན་ཆེན་པདྨ་གཡོན། །ཡུམ་གྱི་དམ་པར་མཚན༴ དམ་ཚིག་སྒྲོལ་དང་གཉིས༴ བདག་གི་ཡི་དམ་ལྷ༴ ཡི་དམ་ལྷ་ལ་མཆོད༴ སྐུ་གསུང་ཐུགས་ཀྱི་དངོས༴ གཉིས་པ་ནི། ཧཱུཾ། འདུ་བྱེད་རླུང་གི་ངོ་༴ སེམས་ཕྱིར་མཚན་ཉིད་མ༴ དོན་གྲུབ་ཡབ་ཡུམ་རང་༴ ཏིང་འཛིན་ཕྲིན་ལས་དབང་༴ དངོས་གྲུབ་ལས་རྣམས་མངོན༴ ཧཱ་པྲཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ར་ཏི། ཞེས་བཟླས་སོ། །གསུམ་པ་ནི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་བྱ་བ་གྲུབ་པའི་ཚུལ་འཛིན་ཅིང་། །ཡོན་ཏན་ཕྲིན་ལས་སྣ་ཚོགས་དོན་མཛད་པའི། །རྒྱལ་མཆོག་དོན་ཡོད་གྲུབ་པ་ལ༴ དོན་དམ་གཉིས་མེད་དབྱིངས་སུ་གསལ། །ལས་ཀྱི་དབྱིངས་ཕྱུག་ཚུལ་འཛིན་ཅིང་། །བདག་གཞན་དོན་གྲུབ་ཆ་འཛིན་མ། །དམ་ཚིག་སྒྲོལ་ལ་ཕྱག༴ དེ་ནས་སེམས་དཔའི་འཛབ་ནི། ཤར་ལྷོའི་གོང་རས་ལ་ས་སྙིང་ཡབ་ཡུམ་བསྐྱེད་པ་གསལ་བཏབ་ལ་གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། ཤར་ལྷོ་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི་གདན་སྟེང་ན། །བྱང་སེམས་ས་ཡི་སྙིང་པོ་དང་། །ཡུམ་ཆེན་ལྷ་མོ་ལཱ་སྱ་མ། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །གཉིས་པ་ནི། མིག་གཟུགས་སེམས་ཕྱིར་མ་སྐྱེས་པ། །ས་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵི་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། མེ་ལོང་ཡེ་ཤེས་ཁྱད་པར་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །ཆེ་བའི་ཡོན་ཏན་བསྐྱོད་མཛད་པ། །ས་ཡི་སྙིང་པོར་ཕྱག་འཚལ་ལོ། །གཉིས་མེད་ཆོས་དབྱིངས་ཁྱད་པར་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །རྣམ་རྟོག་ཟིལ་གྱིས་གནོན་མཛད་མ། །ལཱ་སྱ་མ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་ཀྱི་གོང་རས་ལ་ནམ་སྙིང་ཡབ་ཡུམ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། ལྷོ་ནུབ་འཁོར་ལོའི་གོང་༴ ཉི་ཟླ་པདྨའི་གདན༴ བྱང་སེམས་ནམ་མཁའི་སྙིང་པོ་དང་། །ཡུམ་ཆེན་ལྷ་མོ་མཱ་ལེ་གཉིས། །གཉིས་མེད༴ ལས་ཉོན༴ གཉིས་པ་ནི། སྣ་དྲི་སེམས་ཕྱིར༴ ནམ་སྙིང་ཡབ་ཡུམ༴ ཏིང་འཛིན་སེམས་དཔར༴ སྤྱོད་ཡུལ་ཡོངས་སུ༴ ཏྲཾ་ཨ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ཞེས་བཟླས་སོ། །གསུམ་པ་ནི། མཉམ་ཉིད་ཡེ་ཤེས་ཁྱད༴ མཚན་དཔེ་སེམས་དཔའི་སྐུར༴ རྣམ་རྟོག་དྲྭ་བ་གཅོད་མཛད་པ། །ནམ་མཁའི་སྙིང་པོར་ཕྱག༴ གཉིས་མེད་ཆོས་དབྱིངས་ཁྱད༴ མཚན་དཔེ་ལྷ་མོའི་སྐུར༴ འཁོར་བ་ཟིལ་གྱིས་ནོན་མཛད་མ། །མཱ་ལེ་མ་ལ་ཕྱག༴ ནུབ་བྱང་གི་གོང་རས་ལ་སྤྱན་རས་གཟིགས་ཡབ་ཡུམ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། ནུབ་བྱང་འཁོར་ལོའི་གོང་༴ ཉི་ཟླ་པདྨའི་གདན༴ བྱང་སེམས་སྤྱན་རས་གཟིགས་དབང་དང་། །ཡུམ་ཆེན་ལྷ་མོ་གཱི་ཏི་མ། །གཉིས་མེད། །ལས་ཉོན༴ གཉིས་པ་ནི། ལྕེ་རོ་སེམས་ཕྱིར་མ༴ སྤྱན་རས་གཟིགས་དབང་ཡབ་ཡུམ་ལས། །ཏིང་འཛིན་སེམས་དཔར༴ སྤྱོད་ཡུལ་ཡོངས་སུ༴ ཧྲཱིཿཧ་ཧཱུཾ་པདྨ་པ་ད་མ། ཧྲཱིཿགཱི་ཏི་ར་ཧོ་ཧཾ། ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། སོར་རྟོག་ཡེ་ཤེས་ཁྱད༴ མཚན་དཔེ་སེམས་དཔའི་སྐུར༴ མཐའ་ཡི་དྲི་མས་མ་གོས་པ། །སྤྱན་རས་གཟིགས་ལ་ཕྱག༴ གཉིས་མེད་ཆོས་དབྱིངས་ཁྱད༴ མཚན་དཔེ་ལྷ་མོའི་སྐུར༴ གཉིས་མེད་དོན་གྱིས་ཚིམ་མཛད་མ། །གཱི་ཏི་མ་ལ་ཕྱག༴ བྱང་ཤར་གྱི་གོང་རས་ལ་ཕྱག་རྡོོར་ཡབ་ཡུབ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། བྱང་ཤར་འཁོར་ལོའི་གོང་༴ ཉི་ཟླ་པདྨའི་གདན༴ བྱང་སེམས་ཕྱག་ན་རྡོ་རྗེ་དང་། །ཡུམ་ཆེན་ལྷ་མོ་ནཱིརྟྱ་གཉིས། །གཉིས་མེད༴ ལས་ཉོན༴ གཉིས་པ་ན། རྣ་སྒྲ་སེམས་ཕྱིར་མ༴ ཕྱག་རྡོར་ཡབ་ཡུམ་རང་༴ ཏིང་འཛིན་སེམས་དཔར༴ སྤྱོད་ཡུལ་ཡོངས་སུ༴ ཛྲིཾ་ཀུ་རུ་པནྣ་ཧྲཱིཿ ཨ་ནཱི་རྟྱ་རཱ་ག་ཡ་མི། ཞེས་བཟླས་སོ། །གསུམ་པ་ནི། བྱ་གྲུབ་ཡེ་ཤེས་ཁྱད། །མཚན་དཔེ་སེམས་དཔའི་སྐུར༴ རྣམ་རྟོག་མ་ལུསའཇོམས་མཛད་པ། །ཕྱག་ན་རྡོ་རྗེར་ཕྱག༴ གཉིས་མེད་ཆོས་དབྱིངས་ཁྱད༴ མཚན་དཔེ་ལྷ་མོའི་སྐུར༴ ཕྲིན་ལས་སྣ་ཚོགས་རྫོགས་མཛད་མ། །ནཱིརྟྱ་མ་ལ་ཕྱག༴ ཕྱིའི་སེམས་དཔའ་བཞིའི་འཛབ་ནི། ཤར་ལྷོོར་བྱམས་པ་ཡབ་ཡུམ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། དཀྱིལ་འཁོར་ཤར་ལྷོའི་གྲུ་ཆད་ལ། །ཉི་ཟླའི་པདྨའི་གདན༴ བྱང་ཆུབ་སེམས་དཔའ་བྱམས་པ་དང་། །ཡུམ་ཆེན་ལྷ་མོ་དྷཱུ་པེ་གཉིས། །གཉིས་མེད༴ ལས་ཉོན༴ གཉིས་པ་ནི། མི་དབང་འདས་དུས་མ༴ བྱམས་པ་ཡབ་ཡུམ་རང་༴ ཏིང་འཛིན་སེམས་དཔར༴ སྤྱོད་ཡུལ་ཡོངས་སུ༴ མེ་དྷཱ་ར་ནི་སྭཱ་ཧཱ༴ ཛཿདྷཱུ་པེ་པྲ་བེ་ཤ་ཕཊ་ཛཿ ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། ཐུགས་ཀྱི་ཡེ་ཤེས་ཁྱད༴ མཚན་དཔེ་སེམས་དཔའི་སྐུར༴ རྒྱལ་བའི་ཡོན་ཏན་རྒྱས་མཛད་པ། །བྱམས་པ་དེ་ལ་ཕྱག༴ ཧཱུཾ། སྐྱེ་མེད་ཆོས་དབྱིངས་བྱིན་རླབས་ལས། །མཚན་དཔེ་ལྷ་མོའི་སྐུར༴ སྐྱེ་མེད་དོན་དམ་སྟོན་མཛད་མ། །དྷཱུ་པེ་མ་ལ་ཕྱག༴ ལྷོ་ནུབ་ཀྱི་གྲར་སྒྲིབ་པ་རྣམ་སེལ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། དཀྱིལ་འཁོར་ལྷོ་ནུབ་གྲུ༴ ཉི་ཟླ་པདྨའི་གདན༴ བྱང་སེམས་སྒྲིབ་པ་རྣམ་སེལ་དང་། །ཡུམ་ཆེན་ལྷ་མོ་པུཥྤེ་གཉིས། །གཉིས་མེད༴ ལས་ཉོན༴ གཉིས་པ་ནི། རྣ་དབང་ད་ལྟར་མ་སྐྱེས་སེམས། །སྒྲིབ་སེལ་ཡབ་ཡུམ་རང་༴ ཏིང་འཛིན་སེམས་དཔར༴ སྤྱོད་ཡུལ་ཡོངས་སུ༴ ༀ་ཐླྷིཾ་ནིསྶ་རཾ་པ་ཡེ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ་ཕཊ་ཛཿ ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། ཡེ་ཤེས་རིགས་པའི་བྱིན༴ མཚན་དཔེ་སེམས་དཔའི་སྐུར༴ སྐྱེ་མེད་ཆོས་སྐུ་སྟོན་མཛད་མ། །སྒྲིབ་པ་རྣམ་སེལ་ཕྱག༴ ཧཱུཾ། སྐྱེ་མེད་ཆོས་དབྱིངས་རང་བཞིན་ལས། །མཚན་དཔེ་ལྷ་མོའི་སྐུར༴ རིག་པ་ཉིད་ལས་འཆར་མཛད་མ། །པུཥྤེ་མ་ལ་ཕྱག༴ ནུབ་བྱང་དུ་ཀུན་བཟང་ཡབ་ཡུམ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། དཀྱིལ་འཁོར་ནུབ་བྱང་གྲུ༴ ཉི་ཟླ་པདྨའི་གདན༴ བྱང་སེམས་ཀུན་ཏུ་བཟང་པོ་དང་། །ཡུམ་ཆེན་ལྷ་མོ་ཨཱ་ལོ་ཀེ། །གཉིས་མེད༴ ལས་ཉོན༴ གཉིས་པ་ནི། སྣ་དབང་མ་འོངས་མ༴ ཀུན་བཟང་ཡབ་ཡུམ་རང་༴ ཏིང་འཛིན་སེམས་དཔར༴ སྤྱོད་ཡུལ་ཡོངས་སུ༴ ཧཱུཾ་ས་རཱ་ཛ་ཡ། བཾ་དཱི་པ་སུ་ཁི་ནཱི་ཕཊ་ཛཿ ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། ཡེ་ཤེས་རིག་པའི་བྱིན༴ མཚན་དཔེ་སེམས་དཔའི་སྐུར༴ འབྲས་བུའི་ཆོས་རྣམས་རྫོགས་མཛད་པ། །ཀུན་ཏུ་བཟང་པོར་ཕྱག༴ ཧཱུཾ། སྐྱེ་མེད་ཆོས་ཀྱི་རང་༴ མཚན་དཔེ་ལྷ་མོའི་སྐུར༴ རིག་པ་ཉིད་ལ་གསལ་མཛད་མ། །ཨཱ་ལོ་ཀེ་ལ་ཕྱག༴ །བྱང་ཤར་གྱི་གྲར་འཇམ་དཔལ་ཡབ་ཡུམ་བསྐྱེད་པ་གསལ་བཏབ་པ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། དཀྱིལ་འཁོར་བྱང་ཤར་གྲུ༴ ཉི་ཟླ་པདྨའི་གདན༴ བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། །ཡུམ་ཆེན་ལྷ་མོ་གནྡྷེ་མ། །གཉིས་མེད༴ ལས་ཉོན༴ གཉིས་པ་ནི། ལྕེ་དབང་མ་ངེས་མ༴ འཇམ་དཔལ་ཡབ་ཡུམ་རང་༴ ཏིང་འཛིན་སེམས་དཔར༴ སྤྱོད་ཡུལ་ཡོངས་སུ༴ མཱུཾ་ཤྲཱི་ཨ་རཾ་ག་ཡ། ཧོཿགནྡྷེ་ཙིཏྟ་ཕཊ་ཛཿ ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། ཡེ་ཤེས་རིག་པའི་བྱིན༴ མཚན་དཔེ་སེམས་དཔའི་སྐུར༴ འཁོར་བའི་མཚན་ཉིད་རྟོགས་མཛད་པ། །འཇམ་པའི་དཔལ་ལ་ཕྱག༴ ཧཱུཾ྄། སྐྱེ་མེད་ཆོས་དབྱིངས་རང་༴ མཚན་དཔེ་ལྷ་མོའི་སྐུར༴ མཐའ་ཡི་སྐྱོན་རྣམས་དག་མཛད་མ། །གནྡྷེ་མ་ལ་ཕྱག༴ དེ་ནས་ལྷ་སྣམ་ལ་ཐུབ་པ་བསྐྱེད་པ་དེ་གསལ་བཏབ་པ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། གཞལ་ཡས་སྣམ་བུའི་ཤར་ལྷོ་ན། །རྣམ་དག་པདྨའི་གདན་སྟེང་དུ། །ཐུབ་ཆེན་བརྒྱ་བྱིན་པི་ཝང་བསྣམས། །སྐུ་མདོག་དཀར་པོ་ལྷ་རྣམས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འཆི་འཕོའི་སྡུག་བསྔལ་སྦྱང་དུ་གསོལ། །གཉིས་པ་ནི། ཧཱུཾ། ཉོན་མོངས་དྲེགས་པ་མ་སྐྱེས་སེམས། །ལྷ་ཡི་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནི་ཀྲེཾ་སྭཱ་ཧཱ། ཞེས་བཟླས་སོ། །གསུམ་པ་ནི། །ཧཱུཾ། མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །ང་རྒྱལ་འཇོམས་ཕྱིར་ལྷ་ཡི་ཐུབ་པར་སྤྲུལ། །ཐུགས་རྗེས་ལྟུང་བའི་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ལྷ་ཡི་ཐུབ་ལ་ཕྱག་འཚལ་ལོ། །བྱང་དུ་ལྷ་མིན་ཐུབ་པ་བསྐྱེད་པ་གསལ་བཏབ་པ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། གཞལ་ཡས་སྣམ་བུའི་བྱང་༴ རྣམ་དག་པདྨའི་གདན༴ ཐུབ་པ་ཐག་བཟང་གོ་ཆ་འཛིན། །སྐུ་མདོག་མཐིང་ག་ལྷ་མིན་འདྲེན། །ཐུགས་རྗེ་ཆེན་པོའི༴ འཐབ་རྩོད་སྡུག་བསྔལ༴ གཉིས་པ་ནི། ཉོན་མོངས་ཁོང་ཁྲོ་མ༴ ལྷ་མིན་ཐུབ་པའི་རང་༴ ཏིང་འཛིན་ཐུབ་པར༴ གདུལ་བྱ་མ་ལུས༴ ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། མཉམ་ཉིད་ཐུགས་ཀྱི་ངང་ལས་མ༴ ཕྲག་དོག་འདུལ་ཕྱིར་ལྷ་མིན་ཐུབ༴ ཐུགས་རྗེས་ཁོང་ཁྲོའི་སྡུག་བསྔལ༴ བཅོམ་ལྡན་ལྷ་མིན་ཐུབ་ལ་ཕྱག༴ ལྷོར་མིའི་ཐུབ་པ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། གཞལ་ཡས་སྣམ་བུའི་ལྷོ༴ རྣམ་དག་པདྨའི་གདན། །ཐུབ་པ་བཅོམ་ལྡན་ཤཱཀྱ་ཐུབ། །བསེག་ཤང་པར་བུའི་ཚུལ་འཛིན་ཅིང་། །སྐུ་མདོག་སེར་པོ་མི་རྣམས་འདྲེན། །ཐུགས་རྗེ༴ འགྱུར་བའི༴ གཉིས་པ་ནི། ཉོན་མོངས་འདོད་ཆགས་མ༴ མི་ཡི་ཐུབ་པའི་རང་༴ ཏིང་འཛིན་ཐུབ་པར༴ གདུལ་བྱ་མ་ལུས༴ ༀ་མུ་ནེ་སྲུཾ་སྭཱ་ཧཱ། ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། མཉམ་ཉིད་ཐུགས་ཀྱི་ངང་ལས༴ འདོད་ཆགས་འཇོམས་ཕྱིར་མི་ཡི་ཐུབ༴ ཐུགས་རྗེས་འཆི་འཕོའི་སྡུག་བསྔལ༴ བཅོམ་ལྡན་མི་ཡི་ཐུབ་ལ༴ ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། གཞལ་ཡས་སྣམ་བུའི་ནུབ་བྱང་ན། །རྣམ་དག་པདྨའི་གདན༴ ཐུབ་པ་དམ་ལྡན་པོ་ཏི་འཛིན། །སྐུ་མདོག་སེར་ནག་བྱོལ་སོང་འདྲེན། །ཐུགས་རྗེ༴ བཀོལ་སྤྱོད༴ གཉིས་པ་ནི། ཉོན་མོངས་གཏི་མུག་མ༴ བྱོལ་སོང་ཐུབ་པའི་རང་༴ ཏིང་འཛིན་ཐུབ་པར༴ གདུག་བྱ་མ་ལུས༴ ༀ་མུ་ནེ་བྲཾ་སྭཱ་ཧཱ། ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། མཉམ་ཉིད་ཐུགས་རྗེའི་ངང་ལས༴ གཏི་མུག་འཇོམས་མཛད་བྱོལ་སོང་ཐུབ༴ ཐུགས་རྗེས་གླེན་ལྐུགས་སྡུག་བསྔལ༴ བཅོམ་ལྡན་བྱོལ་སོང་ཐུབ་ལ༴ ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། གཞལ་ཡས་སྣམ་བུའི་ལྷོ་ནུབ་ནས། །རྣམ་དག་པདྨའི་གདན༴ ཐུབ་པ་ཁ་འབར་སྒྲོམ་བུ་འཛིན། །སྐུ་མདོག་དམར་ནག་ཡི་དྭགས་འདྲེན། །ཐུགས་རྗེས༴ བཀྲེས་སྐོམ༴ གཉིས་པ་ནི། ཉོན་མོངས་སེར་སྣ་མ༴ ཡི་དྭགས་ཐུབ་པའི༴ ཏིང་འཛིན་ཐུབ་པར༴ གདུལ་བྱ་མ་ལུས༴ ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། མཉམ་ཉིད་ཐུགས་ཀྱི་ངང་ལས་མ༴ སེར་སྣ་འཇོམས་ཕྱིར་ཡི་དྭགས་ཐུབ༴ ཐུགས་རྗེས་བཀྲེས་སྐོམ་སྡུག་བསྔལ༴ བཅོམ་ལྡན་ཡི་དྭགས་ཐུབ་ལ༴ བྱང་ཤར་དུ་དམྱལ་བའི་ཐུབ་པ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། གཞལ་ཡས་སྣམ་བུའི་བྱང་ཤར་ནས། །རྣམ་དག་པདྨའི་གདན༴ ཐུབ་པ་གཤིན་རྗེ་ཆོས་ཀྱི་རྒྱལ། །སྐུ་མདོག་དུད་ཁ་དམྱལ་བ་འདྲེན། །ཐུགས་རྗེ༴ ཚ་གྲང་༴ གཉིས་པ་ནི། ཧཱུཾ། ཉོན་མོངས་ཞེ་སྡང་མ༴ དམྱལ་བའི་ཐུབ་པའི་རང་༴ ཏིང་འཛིན་ཐུབ་པར༴ གདུལ་བྱ་མ་ལུས༴ ༀ་མུ་ནེ་ཡེ་སྭཱ་ཧཱ། ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། མཉམ་ཉིད་ཐུགས་ཀྱི་ངང་ལས་མ༴ ཞེ་སྡང་འཇོམས་ཕྱིར་དམྱལ་བའི་ཐུབ༴ ཐུགས་རྗེ་ཚ་གྲང་སྡུག་བསྔལ༴ བཅོམ་ལྡན་དམྱལ་བའི་ཐུབ་ལ༴ དེ་ནས་ཤར་སྒོར་གཤིན་རྗེ་གཤེད་ཡབ་ཡུམ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། གཞལ་ཡས་ཁང་གི་ཤར་སྒོ་རུ། །རྡོ་རྗེ་བྲག་གི་ཁྲི་སྟེང་དུ། །ཉི་མ་གསལ་བའི་གདན་སྟེང་ན། །འཇོམས་པའི་ཁྲོ་རྒྱལ་གཤིན་རྗེ་གཤེད། །འགུགས་པའི་ལྷ་མོ་ལྕགས་ཀྱུ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །དྲི་ཟའི་གདོན་རྣམས་འདུལ་དུ་གསོལ། །གཉིས་པ་ནི། རེག་ཤེས་རྟག་པར་མ་སྐྱེས་སེམས། །གཤེད་པོ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ལ་ནཱི་ཧཱུཾ་ཕཊ། ཞེས་བཟླས་སོ། །གསུམ་པ་ནི། ཧཱུཾ། མེ་ལོང་ལྟ་བུའི་ཡེ་ཤེས་བྱིན་རླབས་ལས། །དྲི་ཟ་འདུལ་བའི་ཁྲོ་བོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་ལྷ་ཡི་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཧཱུཾ། གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་ཁྲོ་མོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་འཁོར་བའི་གནས་ནས་འདྲེན་མཛད་པ། །རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །ལྷོ་སྒོར་སྟོབས་པོ་ཆེ་ཡབ་ཡུམ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། གཞལ་ཡས་ཁང་གི་ལྷོ༴ རྡོ་རྗེ་བྲག་གི་ཁྲི༴ ཉི་མ་གསལ་བའི་གདན༴ འཇོམས་པའི་ཁྲོ་རྒྱལ་སྟོབས་པོ་ཆེ། །འཆིང་བའི་ལྷ་མོ་ཞགས་པ་གཉིས། །གཉིས་མེད་རོལ་པའི་བྱིན༴ གཤིན་རྗེའི་གདོན་རྣམས་འདུལ༴ གཉིས་པ་ནི། ཧཱུཾ། རེག་བྱ་ཆད་པ་མ༴ སྟོབས་ཆེན་ཡབ་ཡུམ་རང་༴ ཏིང་འཛིན་འཇོམས་པར་དབང་༴ གདུལ་བྱ་མ་ལུས་མཐར༴ ཧཱུྃ་པྲཛྙཱནྟ་ཀྲྀ་ཏ་ཧཱུཾ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་བཟླས་སོ། །གསུམ་པ་ནི། ཧཱུཾ་མཉམ་པ་ཉིད་ཀྱི་ཡེ་ཤེས་བྱིན༴ གཤིན་རྗེ་འདུལ་བའི་ཁྲོ་བོའི་སྐུར། ཐབས་ཀྱིས་འཆི་བདག་བདུད་རྣམས་འཇོམས༴ ཁྲོ་རྒྱལ་སྟོབས་པོ་ཆེ་ལ་ཕྱག༴ ཧཱུཾ། གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན༴ འགྲོ་བ་འདུལ་ཕྱིར་ཞགས་པ་མ་རུ་སྤྲུལ། །ཐབས་ཀྱིས་བླ་མེད་གནས་སུ་འདྲེན༴ རྡོ་རྗེ་ཞགས་པ་མ་ལ་ཕྱག༴ ནུབ་སྒོར་རྟ་མགྲིན་ཡབ་ཡུམ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ཏེ། ཧཱུཾ། གཞལ་ཡས་ཁང་གི་ནུབ༴ རྡོ་རྗེ་བྲག་གི་ཁྲི༴ ཉི་མ་གསལ་བའི་གདན༴ འཇོམས་པའི་ཁྲོ་རྒྱལ་རྟ་མགྲིན་དང་། །སྡོམ་བྱེད་ལྷ་མོ་ལྕགས་སྒྲོག་གཉིས། །གཉིས་མེད་རོལ་པའི་བྱིན༴ ཀླུ་ཡི་གདོན་རྣམས་འདུལ༴ གཉིས་པ་ནི། ཧཱུཾ། རེག་དབང་བདག་འཛིན་མ༴ རྟ་མགྲིན་ཡབ་ཡུམ་རང་༴ ཏིང་འཛིན་འཇོམས་པར་དབང་༴ གདུལ་བྱ་མ་ལུས་མཐར༴ ཧཱུཾ་པདྨཱནྟ་ཀྲྀཏ་ཧཱུཾ་ཕཊ། ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། །ཅེས་བཟླས་སོ། །གསུམ་པ་ནི། ཧཱུཾ། སོ་སོར་རྟོག་པའི་ཡེ་ཤེས་བྱིན༴ ཀླུ་ཆེན་འདུལ་ཕྱིར་ཁྲོ་བོའི་སྐུར༴ ཐབས་ཀྱིས་ཕུང་པོའི་བདུད་རྣམས་འཇོམས༴ ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག༴ ཧཱུཾ། གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན༴ འགྲོ་བའི་འདུལ་ཕྱིར་ལྕགས་སྒྲོག་མ་རུ་སྤྲུལ། །ཐབས་ཀྱིས་ཉོན་མོངས་གནས་ནས་འདྲེན༴ ཉི་ཟླ་ལྕགས་སྒྲོག་མ་ལ་ཕྱག༴ བྱང་སྒོར་བདུད་རྩི་འཁྱིལ་བ་ཡབ་ཡུམ་བསྐྱེད་པ་གསལ་བཏབ་ལ། གསུམ་གྱི་དང་པོ་འཕྲོ་འདུ་བྱས་ལ། ཧཱུཾ། གཞལ་ཡས་ཁང་གི་བྱང་༴ རྡོ་རྗེ་བྲག་གི་ཁྲི༴ ཉི་མ་གསལ་བའི་གདན༴ འཇོམས་པའི་ཁྲོ་རྒྱལ་བདུད་རྩི་འཁྱིལ༴ འབེབས་པའི་ལྷ་མོ་དྲིལ་བུ་མ། །གཉིས་མེད་རོལ་པའི་བྱིན༴ གནོད་སྦྱིན་གདོན་རྣམས་འདུལ༴ གཉིས་པ་ནི། ཧཱུཾ། རེག་འདུལ་མཚན་འཛིན་མ༴ འཁྱིལ་བ་ཡབ་ཡུམ་རང་༴ ཏིང་འཛིན་འཇོམས་པར་དབང་༴ གདུལ་བྱ་མ་ལུས་མཐར༴ །ཧཱུཾ྄་བིགྷྣཱནྟ་ཀྲྀཏ་ཧཱུཾ྄་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཅེས་བཟླས་སོ། །གསུམ་པ་ནི། ཧཱུཾ། བྱ་བ་གྲུབ་པའི་ཡེ་ཤེས་བྱིན༴ གནོད་སྦྱིན་འདུལ་ཕྱིར་ཁྲོ་བོའི་སྐུར༴ ཐབས་ཀྱི་ཉོན་མོངས་བདུད་རྣམས་འཇོམས༴ ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག༴ ཧཱུཾ། གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན༴ འགྲོ་བ་འདུལ་ཕྱིར་ཐོས་བྱེད་མ་རུ་སྤྲུལ། །ཐབས་ཀྱིས་འགྲོ་བ་མ་ལུས་འདྲེན་མཛད་མ། །རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །དེ་ནས་ཞི་བ་རིན་ཆེན་དྲྭ་བ་ལས་གསུངས་པའི་འཛབ་བསྐུལ་འདི་ཡང་སྦྱར་ཏེ། ཡང་དག་དོན་གྱི་སྙིང་པོ་ནི། །ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །གང་ནས་བཙལ་ཀྱང་མི་རྙེད་དེ། །རང་རིག་སྒྲིབ་མེད་དག་པ་ཡིན། །དེ་ལ་རྟག་ཏུ་གོམས་པ་ནི། །བསྙེན་པོའི་དམ་པ་མཆོག་ཡིན་ནོ། །སེམས་ཉིད་ཐེག་པར་རབ་ངེས་ན། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ད་ལྟ་ཉིད་དུ་མངོན་གྱུར་ཅིག །ཅེས་བརྗོད་དེ། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ། ཞེས་ཅི་ནུས་སུ་བཟླས་སོ། །རྩ་བར། ཕྱོགས་བཅུ་དུས་བཞིས་བསྟོད། ཡེ་ནས་མཉམ་ཉིད་ཀྱིས་བཤགས། ཞེས་གསུངས་པའི་ཕྱོགས་བཅུ་དུས་བཞི་ནི་རྩ་རྒྱུད་ཀྱི་ལེའུ་བཅུ་བཞི་པ་ལས་གསུངས་པ་གོང་དུ་གླུ་ཡེ་ཤེས་ཀྱི་མཆོད་པའི་སྐབས་སུ་བཤད་པ་ལྟར། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་པ་ནས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོའི་བར་རོ། །བཤགས་པ་ནི། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལ ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ཟློག་དོན་དུ་རྒྱལ་བའི་དམ་ནོས་ཏེ། །བདག་ཅག་མ་རིག་ལས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་པ་ནི། དཀྱིལ་འཁོར་དུ་རྡོ་རྗེའི་ཕྱག་རྒྱས་མེ་ཏོག་འཐོར་ཞིང་། ༀ་བཛྲ་ས་མ་ཡ་ༀ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿས་དངོས་གྲུབ་བསྐུལ། རྩ་བར། དེ་ནས་ཚོགས་འབུལ་ཞིང་རོལ་ལོ། །ཞེས་གསུངས་པས་ཚོགས་ཀྱི་ཡོ་བྱད་བཤམས་ཏེ། ཚོགས་སྒྱུ་འཕྲུལ་ལྟར་བྱ་བ་ནི། ༀ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུཾ་ཕཊ་ཀྱིས་བསང་། རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས་སྦྱང་ནས། མ་སཱུརྻ་མཎྜ་ལ། ཞལ་ཟས་ཀྱི་སྣོད་ཉི་མའི་དཀྱིལ་འཁོར་ལ་དབུས་དང་ཕྱོགས་བཞིར་ༀ་ཧཱུཾ་ཏྲཾ་ཨཱཿཁཾ་འོད་དུ་ཞུ་བ་ལས་བྱུང་བའི་བཟའ་བཏུང་གི་དངོས་པོ་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་རོ་བརྒྱ་དང་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྤྲིན་འཕྲོ་བར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། སྤྱན་དྲངས་བ་ནི། བསོད་ནམས་ཡེ་ཤེས་ཚོགས་རྫོོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོད་དཀྱིལ་འཁོར་གཤེགས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །རིགས་བཞིའི་ལྷ་དང་ལྷ་མོ་དང་། །ཀུན་བཟང་སྤྲུལ་པའི་ཚོགས་རྣམས་དང་། །སྒོ་བ་ལ་སོགས་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་དྲཱྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ་གྱིས་སྙན་བསྣན་ཏེ། ཧཱུཾ། དམིགས་མེད་མཁའ་ལྟར་དག་པས་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ཏེ། ༀ་བཛྲ་ཨཾ་གུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གྷཎྜེ་ཧོཿ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་དེ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད་། །ཅེས་བསྟིམ་ལ་ལྷ་མོ་བཅུ་གཉིས་ཀྱིས་མཆོད་པ་ནི། པད་སྐོར་སྔོན་དུ་འགྲོ་བས་སོ་སོའི་ཕྱག་རྒྱ་དབྱངས་དང་བཅས་ཏེ། གསང་བའི་མཆོད་པ་དམ་པ་ནི། །དགའ་བ་བཞི་དང་མཉམ་པར་སྦྱོར། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ༀ་ཤྲཱི་བཛྲ་ལཱ་སྱ་ཧཱུཾ། ༀ་ཤྲཱི་བཛྲ་མཱ་ལེ་ཏྲཱཾ། ༀ་ཤྲཱི་བཛྲ་གཱི་ཏི་ཧྲཱིཿ ༀ་ཤྲཱི་བཛྲ་ནཱིརྟྱ་ཨཱཿ དུང་མདོག་སྒེག་མོ་རྡོ་རྗེ་ཅན། །སེམས་དཔའ་སྔོན་པོའི་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལ། །བཛྲ་ལཱ་སྱའི་མཆོད་པར་རོལ། །ཡིད་བཞིན་ནོར་བུ་འོད་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ༴ བཛྲ་མཱ་ལེའི་མཆོད༴ པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིན། །སོ་སོར་རྟོག་པའི་ཡེ༴ བཛྲ་གཱི་ཏིའི་མཆོད༴ གར་མཁན་འགྱིང་མ་གཟི་ལྡན་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན་ཡེ༴ བཛྲ་ནཱི་རྟྱའི་མཆོད༴ ནང་གི་མཆོད་པ་དམ༴ ཡེ་ཤེས་བཞི་དང་མཉམ༴ ཨ་ལ་ལ་སྟེ་མཆོད༴ ཨ་ལ་ལ་སྟེ་དགྱེས༴ ༀ་ཤྲཱི་བཛྲ་དྷཱུ་པེ་དྷཱུ། ༀ་ཤྲཱི་བཛྲ་པུཥྤེ་བུ། ༀ་ཤྲཱི་བཛྲ་ཨ་ལོ་ཀེ་ཧྲཱིཿ ༀ་ཤྲཱི་བཛྲ་གནྡྷེ་གན། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལ ། །བཛྲ་དྷཱུ་པེའི་མཆོད་པ༴ ཨུཏྤལ་མཐིང་ཁ་མེ་ཏོག་འཐོར། །ཟླ་གམ་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས༴ བཛྲ་པུཥྤེའི་མཆོད༴ དབང་གི་ཕྱག་ན་སྒྲོན་མེ་བསྣམས། །ཆོས་ཀྱི་རྒྱལ་མཚན་འབར་པ་འཛིན། །དགའ་བ་ཐབས་དང་ཤེས༴ བཛྲཱ་ལོ་ཀེའི་མཆོད༴ ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་ཐབས་དང་ཤེས༴ བཛྲ་གནྡྷེའི་མཆོད༴ ཕྱི་ཡི་མཆོད་པ་དམ་པ་འདི། །ཚད་མེད་བཞི་དང་མཉམ་པར་སྦྱོར། །ཨ་ལ་ལ་སྟེ་མཆོད༴ ཨ་ལ་ལ་སྟེ་དགྱེས༴ ཚོགས་སྤྲོས་ལ་དབུལ་ཏེ། ཐབས་དང་ཤེས་རབ་ལྡན་གྱུར་ཅིང་། །བྱང་ཆུབ་སེམས་དང་མ་ཆགས་པའི། །གཉིས་སུ་མེད་པར་ཐིམ་གྱུར་ནས། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་འབུལ། །འདོད་ཡོན་ལྔ་པོ་ཐམས་ཅད་དང་། །སྣ་ཚོགས་སྣང་བ་ཐམས་ཅད་ཀུན། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །གཟུགས་མཛེས་ལྷ་དང་ལྷ་མོར་བརྟག །སྣ་ཚོགས་གཟུགས་ནི་ཐམས་ཅད་ཀུན། །སྣང་སྟོང་ངོ་བོ་ཉིད་ཀྱི་གཞི། །ཆོས་དབྱིངས་དག་པའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །འདོད་ཡོན་ཕྱག་ན་བསྣམས་པ་ནི། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཆོད༴ ཨ་ལ་ལ་སྟེ་དགྱེས༴ ཐམས་ཅད་མ་ལུས་སྒྲ་རྣམས་ནི། །སྒྲ་སྟོང་ངོ་བོ་ཉིད་ཀྱི་གཞི། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་འཇམ་པའི་སྒྲ། །འདོད་ཡོན་ཕྱག་ན༴ རྐང་པས་སྟབས་བྱེད༴ སྙན་པའི་གླུ་དབྱངས༴ དཀྱིལ་འཁོར་ལྷ་ལ༴ ཨ་ལ་ལ་སྟེ༴ ཨ་ལ་ལ་སྟེ༴ བདེ་བའི་ཚིམ་བྱེད་བསོད་ནམས་ཏེ། །ཚིམ་སྟོང་ངོ་བོ་ཉིད་ཀྱི་གཞི། །བརྗོད་མེད་མི་གནས་ཡེ་ཤེས་ཏེ། །རྡོ་རྗེ་ཆགས་མེད་པདྨའི་གསུང་། །འདོད་ཡོན་ཕྱག་ན༴ རྐང་པས་སྟབས་བྱེད༴ སྙན་པའི་གླུ་དབྱངས༴ དཀྱིལ་འཁོར་ལྷ་ལ༴ ཨ་ལ་ལ་སྟེ༴ ཨ་ལ་ལ་སྟེ༴ བདེ་གཤེགས་དཀྱིལ་འཁོར་མ་ལུས་ལ། །བདེ་བ་རོ་ཡིས་ཚིམ་བྱེད་པ། །རོ་སྟོང་ངོ་བོ་ཉིད་ཀྱི་གཞི། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །ཐམས་ཅད་ཚིམ་བྱེད་རོ་ཡི་ལྷ། །འདོད་ཡོན་ཕྱག་ན༴ རྐང་པས་སྟབས་བྱེད༴ སྙན་པའི་གླུ་དབྱངས༴ དཀྱིལ་འཁོར་ལྷ་ལ༴ ཨ་ལ་ལ་སྟེ༴ ཨ་ལ་ལ་སྟེ༴ རྡོ་རྗེ་རེག་བྱ་མྱོང་བྱེད་མ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །བདེ་མཆོག་དཀྱིལ་འཁོར་ཡངས་ཕྱེད་མ། །བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །རྡོ་རྗེ་རེག་བྱའི་ལྷ་མོ་ནི། །འདོད་ཡོན་ཕྱག་ན༴ རྐང་པས་སྟབས་བྱེད༴ སྙན་པའི་གླུ་དབྱངས༴ དཀྱིལ་འཁོར་ལྷ་ལ༴ ཨ་ལ་ལ་སྟེ༴ ཨ་ལ་ལ་སྟེ༴ ཧོཿ བདེ་བར་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཚོགས་ཀྱི་མཆོད་པ་ཕུལ་བས། བཞེས་ཤིང་རོལ་ནས་མཉེས་ཏེ་བདག་ཅག་གི་དམ་ཚིག་ཉམས་པ་ཐམས་ཅད་སྐོངས་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། རྐང་པ་སྟབས་བྱས་ལག་པས་གར་བསྒྱུར་ཏེ་ཕུལ་ན་ཞི་བར་འགྱུར་རོ། །མཁའ་འགྲོ་མ་གསང་བའི་རྒྱུད་ན་འབྱུང་ངོ་། །ཚོགས་ཀྱི་ཁ་ཚར་རྫོགས་སོ། །སྒྱུ་འཕྲུལ་ཞི་བའི་ལས་བྱང་རྣམས་སུ་ཚོགས་སྤྲོས་ཏེ་འབུལ་བ་ཙམ་ལས། ཐོག་མཐའ་བར་གསུམ་གྱི་ཐ་སྙད་ཁྲོ་བོའི་སྐབས་སུ་མ་གཏོགས་མི་འབྱུང་ཡང་། འདིར་ཆོག་ཁྲིགས་ཡིག་རྙིང་གཞན་ནས་ཁ་བཀང་བའི་ཚོགས་ཐོག་མཐའ་བར་གསུམ་གྱི་སྒོ་ནས་སྟོབ་པའི་ཚུལ་འདི་ལྟར། དང་པོ་དབུལ་ཞིང་། ༀ་ཨཱཿཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ལྷ་མོས་ནམ་མཁའ་གང་། །ཞི་ཁྲོ་རྒྱལ་བའི་འཁོར་ལོར་འབུལ། །སྤྱན་སོགས་བདེ་བས་ཚིམ་གྱུར་ཅིག །ༀ་ཨཱཿཧཱུཾ་སུ་ར་ཧ། ཨུ་པ་བྷྱོཿ ཀཱ་མ་ཧ་ཧཱི་པྲ་ཏཱིཙྪ་ཧོཿ བར་པ་བཤགས་པ་ནི། ༀ་ཧཱུཾ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལ། །སེམས་ཅན་དབང་གི་ནོར་འཁྲུལ་ཅི་མཆིས་པ། །མི་འཆབ་ནོངས་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ༀ་བཛྲ་ས་ཏྭ་སོགས་ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བ་ནི། ལས་དཀྱིལ་ལམ་ཐོད་པ་མཚན་ངན་དུ་ལིངྒ་བཅས་ལ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀོ྅་ཧཾ། བདག་ཉིད་ཀུན་བཟང་ཡབ་ཡུམ་གདུག་པ་ཅན་བསྒྲལ་བའི་ཕྱིར་བཛྲ་ཧེ་རུ་ཀར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བཀའ་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་བཀའ་ཉན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། རིག་སྔགས་འཆང་རྣམས་ཀྱི་ལྷག་པའི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་བཅུར་གཏོགས་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་སྐད་ཅིག་ཙམ་གྱི་མཚིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨཾ་ཀུ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱ་བཀུག་ལ། ཛཿཧཱུཾ་བཾ་ཧོཿས་བཀུག་བསྟིམ་མྱོས་པར་བྱས་ཏེ་གདུག་པའི་སྙིང་གར་དྭངས་མ་ཡེ་ཤེས་ཀྱི་ཨཱཿདཀར་པོ་དང་བཅས་པ། བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། པྲ་བེ་ཤ་ཡ་ཕཊ། གཟས་པོའི་སྙིང་གའི་སྒོ་ཕྱེ་ཨཱཿདཀར་པོ་ལ་ཕོག །ཡེ་ཤེས་ལྔར་འབར། དུག་ལྔ་ཡེ་ཤེས་སུ་གནས་འགྱུར། དྭངས་མ་ལྔ་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་སྤར་ཏེ་སངས་རྒྱས་པར་གྱུར། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མཱ་ར་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་ཐ། མ་ཏྲཾ་ཁ་ཁ་ཁཱ་ཧི། ཧྲི་ད་ཡ་པི་ས་ཧཱུཾ་ཕཊ། སྙིགས་མ་རང་སྣང་སྒྱུ་འཕྲུལ་གྱི་འཁོར་ལོ་ཁྲོ་ཚོགས་སུ་འབར་བས་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་སྤྱད་པར་བསམ་ལ། ཧཱུཾ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཞེས་བརྗོད་དོ། །སརྦ་དུཥྚཾ་མཱ་ར་ཡ་ཧཱུཾ་ཕཊ་ཀྱིས་ལིངྒའི་གནས་ལྔར་ཕུར་བུ་བཏབ་པས་བསད། ཡན་ལག་ཐམས་ཅད་དུམ་བུར་གཏུབ། ཁོག་པ་དྲལ་ཏེ་སྟོབ་ཅིང་། ཛཿཧཱུཾ་བཾ་ཧོཿ ཤྲཱི་བཛྲ་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་ས་མ་ཡ། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁ་ལེ་ལེ་ལེ་ཧཱུཾ་བྷྱོཿ ཧཱུཾ་བྷྱོཿ ཧཱུཾ་བྷྱོཿ ཞེས་བརྗོད་ལ། ཧཱུཾ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེད་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན ། །གར་ཡང་སྒྲུབ་པོ་རྣལ་འབྱོར་ལས། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་བསིལ། །མེ་ཏོག་ལ་སོགས་ཙནྡྲན་དྲི། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་ལ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཅེས་པས་བསྒྲལ་མཐའ་སྦྱོར་བའི་དམ་ཚིག་ཆེན་པོར་བསྒྲུབ་པས་ལྷ་ཐམས་ཅད་ཚིམ་པར་བྱས་ལ། སླར་ཡང་བཛྲ་ཧེ་རུ་ཀ་ཞི་བའི་དཀྱིལ་འཁོར་གྱི་གཙོ་བོ་ཀུན་བཟང་ཡབ་ཡུམ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པར་གནས་སུ་གྱུར་པར་བསམ་སྟེ། བདུད་རྩི་གསང་ནན་འབུལ་ཞིང་། ཧཱུཾ། རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བ། །བཅོམ་ལྡན་བདེ་གཤེགས་རྡོ་རྗེ་དབྱིངས་དཀྱིལ་འཁོར། །དུས་གསུམ་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང་། །ཕྱག་བརྙན་ཁྲོ་གཏུམ་རྔམས་པའི་ཚོགས་ལ་སོགས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས། །དགྱེས་པར་རོལ་ཅིག་མཆོད་པ་དམ་འདི། །བཞི་ཏེ་ཨ་ལ་ལ་ཡིས་དགྱེས་པར་མཛད། །ༀ་བཛྲ་ཨེ་ས་ཧཱུཾ། པེ་ས་ཧཱུཾ། ས་མ་ཡ་བྷཀྵ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ༀ་པྲ་ཏཱིཙྪ། ཞེས་པས་འཁོར་གསུམ་བདེ་བ་ཆེན་པོར་རོ་མཉམ་མོ། །བཞི་པ་གཙང་ལྷག་གི་ཕྱིར་དུ་བཞག་གོ། །ཚོགས་ལ་རོལ་བ་ནི། རྡོ་རྗེ་ལས་པས། བླ་མ་ལ་ཕྱག་སྔོན་དུ་འགྲོ་བས། ཛ་གད་དང་མཱཾ་ས་བསྣོལ་མར་སྟོབ་ཅིང་། མཉམ་ཉིད་མི་གཡོ་མཉམ་པའི་སངས་རྒྱས་དཔལ། །ལོག་རྟོག་མཚན་མའི་སྤྲོས་པ་ངང་གིས་ཞི། །དམ་ཚིག་བཞིན་ལས་ཅི་བདེར་སྤྱད་ནས་ཀྱང་། །མཉམ་རྫོགས་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །ཞེས་བརྗོད། བླ་མས་པད་སྐོར་བཅས་ཏེ། ཨ་ལ་ལ་ཧོཿ ཞེས་བླངས་ཤིང་ནང་དང་གསང་བའི་སྦྱིན་སྲེག་གི་ཚུལ་དུ་རོལ་ལོ། །མཐར་སྨོན་ལམ་འདི་སྐད་གདབ་སྟེ། ཧོཿ བདག་ཅག་རྡོ་རྗེའི་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་ཛ་གད་དཔའ་བོ་གསོལ་བས་འགྲོ་བས་མ་ལུས་པ་དབང་དུ་འདུས་པར་གྱུར་ཅིག །མ་ཧཱ་མཱཾ་ས་གསོལ་པས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་ཅིག །རྡོ་རྗེའི་ཚེ་གསོལ་བས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོའི་ཕྲིན་ལས་ཀྱི་རྫུ་འཕྲུལ་སྣ་ཚོགས་ལ་དབང་འབྱོར་བར་གྱུར་ཅིག །ཅེས་བརྗོད། ལྷག་མ་རྣམས་གསོག་འཇོག་མི་བྱ་བར་བསྡུས་པ་གོང་གི་ཕུད་ལྷག་དང་བསྲེས་ཏེ་བསག་གོ། །དེས་ཞི་བའི་འཛབ་ཁང་དབྱེ་བ་གྲུབ་བོ། །སྐབས་འདིར་སྒྱུ་འཕྲུལ་ཁྲོ་བོའི་བདག་བསྐྱེད་བླངས་ཏེ་སྐབས་དེར་མདུན་བསྐྱེད་ཀྱི་འཛབ་ཁང་དབྱེ་བ་སོགས་གོང་གིས་རིགས་འགྲེ་བས། བདག་བསྐྱེད་ཀྱི་ཞི་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གཙོ་བོ་ཡབ་ཀྱི་བར་དུ་ཐིམ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། དེ་ཧཱུཾ་ལ། ཧཱུཾ་ཡང་ནཱ་དའི་བར་དུ་བསྡུས་ཏེ། རང་བཞིན་སྤྲོས་མེད་ཀ་དག་གི་དབྱིངས་སུ་མི་དམིགས་པར་ཡུན་རིང་དུ་མཉམ་པར་བཞག་གོ། །ཏིང་ངེ་འཛིན་དེ་ལས་ལངས་ཏེ་ཁྲོ་བོ་རོལ་པའི་དཀྱིལ་འཁོར་དུ་མངོན་པར་འདུ་བྱ་བ་ནི། ཁྲོ་བོ་དམ་པ་རྒྱན་ལས་བྱུང་བ་བཞིན་འདི་ལྟར། སྔོན་འགྲོ་རྣམས་ཞི་བའི་སྐབས་སུ་གྲུབ་པས་འདིར་མ་དགོས་ཤིང་། འདིར་ཡང་གོ ང་བཞིན་ཚིགས་བཅད་རྣམས་ཁྲོ་བོ་དམ་པ་རྒྱན་གྱི་གཞུང་དང་ལྷུག་པ་རྣམས་ཁོ་བོའི་ངག་ཏུ་ཤེས་དགོས་སོ། །དངོས་གཞི་ཏིང་ངེ་འཛིན་གྱི་འགོ་འདྲེན་པ་ནི། ཧཱུཾ། འཛིན་པའི་དབང་གི་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུ་བ་ཡི། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ། །གོང་གི་མཉམ་གཞག་དེ་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དུ་བལྟས་ཏེ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཀུན་སྣང་ནི། ཨེ་མ་ཀུན་ཏུ་བཟང་པོ་ནི། །བདེ་ཆེན་སྤྲོས་མེད་ཐིག་ལེ་ལས། །སྟོང་པའི་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་པར་བྱ། །རྒྱུའི་ཏིང་འཛིན་ནི། མཁའ་མཉམ་དབྱིངས་ཉིད་དག་པའི་རང་བཞིན་ལ། །བདེ་གཤེགས་ཐུགས་ཀྱི་སྙིང་པོའི་ཡི་གེ་ནི། །རང་གི་སེམས་ཉིད་ཡི་གེ་ཧཱུཾ་དུ་སྣང་། །ཐམས་ཅད་འབྱུང་གནས་ཡེ་ཤེས་ཆེན་པོའི་རྒྱུ། །ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨེ། ཡཾ། ར། ཀེཾ། རཾ། ཨེ་ཨགྣེ་མཎྜ་ལ་ཧཱུཾ། ཡཾ་ཀརྨ་རཀྵ་ཧཱུཾ། ར་རཀྟ་ཛྭ་ལ་ས་མུ་དྲ་ཧཱུཾ། ཀེཾ་ནི་རི་ཏི་ཛྭ་ལ་མཎྜ་ལ་ཧཱུཾ། རཾ་བཛྲ་ཛྭ་ལ་རཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། དཀྱིལ་འཁོར་གཞལ་ཡས་རྟེན་གྱུར་པའི། །རྒྱ་གྲམ་དབང་ཆེན་གཏམས་པ་ལ། །རླུང་ནག་རྡོ་རྗེའི་དཀྱིལ་འཁོར་ཆེ། །ཐམས་ཅད་འདེགས་པའི་སྟོབས་དང་ལྡན། །དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །ཁྲག་གི་རྒྱ་མཚོ་འཁྲུག་པའི་དཀྱིལ། །ཀེང་རུས་ཆེན་པོའི་རི་རབ་ཀྱི། །སྟེང་གི་འབར་བའི་ཀློང་དཀྱིལ་ན། །བྷྲཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་བྷནྡྷ་ཙཀྲ་སཱུརྻ་ཙནྡྲ་པདྨ་མཎྜ་ལ། དེ་བ་ཏི་ར་ནན། དུ་ཏི་ཙཀྲ་ནན། ཏི་ར་བཾ། རྟེན་གཞལ་ཡས་ཁང་གསལ་གདབ་པ་ནི། ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་ཡིས་བརྒྱན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །འབར་བའི་འཕྲོ་བ་མང་པོ་འཁྲུག །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱི་སྤར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །རྒྱུ་སྔགས་ཀྱི་ལྷ་བསྐྱེད་པའི་དང་པོ་གཙོ་བོ་ཡབ་ཡུམ་བསྐྱེད་པ་ནི། ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་བཛྲ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ངེས་པའི་ལས་ནི་རྡོ་རྗེ་ཆེན། །དེ་ལས་དཔལ་ཆེན་ཧེ་རུ་ཀ །འབར་བ་ཆེན་པོ་གར་དགུ་ཡི། །འཇིགས་པ་ཡི་ནི་དུས་ལྟར་དྲག །ༀ་བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས། །ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་ནས། །གཉིས་མེད་འཁྲིལ་བས་དགྱེས་པར་ཐིམ། །མཁའ་གསང་བྱིན་བརླབ་ནི། མ་སཱུརྻ་མཎྜ་ལ་ཨེ། པཾ་པདྨ་མཎྜ་ལ་ཨེ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧཾ། ཛཿཧཱུཾ་བཾ་ཧོཿ སྙོམས་པར་ཞུགས། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། བྱང་ཆུབ་སེམས་སྤྲིན་འཕྲོས་པ་ལས། །སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་སྤྲོ། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧཱུཾ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུཾ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །མཐའ་ཡས་ཁྱབ་པར་ཁྲོ་བོ་ཡི། །དཀྱིལ་འཁོར་སྟོང་གསུམ་འཇིག་རྟེན་ཙམ། །ཕྱོགས་བཅུའི་རྡུལ་སྙེད་ཐོན་པར་གྱུར། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ༀ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི། །རྡུལ་སྙེད་མཚོན་ཆ་འཛིན་པ་སྟེ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར། །འབར་ཆེན་ཀློང་གི་འཁོར་ལོའི་དཀྱིལ། །དབང་ཕྱུག་ཆེ་དང་དུར་ཁྲོད་ཀྱི། །བདག་པོའི་དྲེགས་པ་ཁྱོ་ཤུག་གི། །གདན་ལ་བརྐྱང་བསྐུམ་ཚུལ་དུ་བཞུགས། །འཁོར་གྱི་ཁྲོ་བོ་བསྐྱེད་པ་ནི། ༀ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། བུདྡྷ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། པདྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀརྨ་མ་ཧཱ་ཀྲོ་དྷིཤྭ་རཱི་ཧཱུཾ། དཔལ་ནི་ཁྲག་འཐུང་ཆེན་པོ་དང་། །རིན་པོ་ཆེ་དང་པདྨ་དང་། །ལས་སུ་གྱུར་ཏེ་ཕྱོགས་བཞིར་བཞུགས། །དེ་ཀུན་འཇིགས་བྱེད་ཆེན་པོ་ཡི། །ཆ་ལུགས་རྔམ་པའི་ང་རོ་ཡིས། །འབར་བའི་ཀློང་ན་དབུ་གསུམ་པའི། །ཕྱག་དྲུག་ཞབས་བཞི་དྲི་ཟ་དང་། །གནོད་སྦྱིན་གཤིན་རྗེ་སྲིན་པོ་སོགས། །ཁྱོ་ཤུག་དྲེགས་པ་ཕོ་མོ་ཡི། །གདན་ལ་བརྐྱང་བསྐུམ་ཚུལ་དུ་བཞུགས། །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས། །སོ་སོའི་སྐུ་ལ་འཁྲིལ་ཏེ་འཁོད། །སིང་ཧ་བརྒྱད་བསྐྱེད་པ་ནི། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། དེ་ནས་དགྱེས་ཏེ་ཧ་བརྗོད་པས། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །དཀར་མོའི་ཚོགས་དང་རྐུན་མོ་དང་། །རྨོངས་བྱེད་དང་ནི་ཐལ་བྱེད་མ། །སྦོས་མོ་དང་ནི་གཏུམ་མོ་དང་། །རྨེ་ཤ་ཅན་དང་མ་ཚོགས་མའི། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་རྔམས་ཐོན་ཏེ། །འབར་ཆེན་འཁོར་ལོའི་ཤར་མཚམས་ནས། །འབར་བར་རྔམས་པའི་མདངས་ཀྱིས་འཁོད། །ཕྲ་མེན་བརྒྱད་བསྐྱེད་པ་ནི། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། དེ་ནས་དགྱེས་ཏེ་ཧེ་བརྗོད་པས། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །སེང་གདོང་ཆེན་མོའི་ཚོགས་དང་ནི། །སྟག་དང་ཝ་དང་ཁྱི་དང་བཞད། །ཀངྐ་དུར་བྱ་འུག་གདོང་ཆེ། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་རྔམས་ཐོན་ཏེ། །འབར་བ་ཆེན་པོའི་འཁོར་ལོ་ཡི། །ཕྱི་རོལ་ཤར་གྱི་ཕྱོགས་དག་ནས། །འཁོར་ལོར་རྔམས་པའི་མདངས་ཀྱིས་འཁོད། །སྒོ་མ་བསྐྱེད་པ། ཕཊ་ཕཊ་ཕཊ་ཕཊ། དེ་ནས་དགྱེས་ཏེ་ཕཊ་བརྗོད་པས། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །རྡོ་རྗེ་སྲིང་འགྲོ་མ་ཚོགས་དང་། །གདོང་མོ་འཇིག་རྟེན་རོ་ལངས་མ། །ཚོགས་རྣམ་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་རྔམས་ཐོན་ཏེ། །དཀྱིལ་འཁོར་སྒོ་བཞིར་རྔམ་བཟུང་ནས། །དགྱེས་པའི་ཕྲིན་ལས་ཕྱོགས་བཅུ་ནས། །ཕཊ་ཅེས་བསྒྲགས་པས་ཐམས་ཅད་ཁྲོས། །ༀ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཐབས་དང་ཤེས་རབ་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་ལུས་རྟོག་སྦྱངས། །གསེར་ཞུན་ལྟ་བུའི་སེམས་དག་ལ། །གསུང་གི་བྱིན་རླབས་ཡིད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། །ཆོས་ཀུན་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོ་ནི། །ཧཱུཾ་ཧ་ཧེ་ཕཊ་སྒྲ་བྱུང་བས། །བྱང་ཆུབ་སེམས་སུ་གཅིག་པར་གནས། །ཧཱུཾ་ཧཱུཾ་བཛྲ་གྷཎྜེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། སླར་ཡང་རྐྱེན་སྔགས་ཀྱི་ལྷ་རྣམས་གསལ་གདབ་པ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ༀ་བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ། མ་སཱུརྻ་མཎྜ་ལ་ཧཱུཾ། པཾ་པདྨ་མཎྜ་ལ་ཨེ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧཾཿ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་ཤཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ་དུ་ཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ་ཛཿ ༀ་ཨཱཿཧཱུཾ་སྥ༴ སཾ༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དུཥྚན་ཧཱུཾ་ཕཊ་ཛཿ སྥ༴ སཾ༴ ༀ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ཧ་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་མ་ཧཱ་སཱུརྻ་རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ད་མ་ཧཱུཾ་ཕཊ་ཛཿ སྥ༴ སཾ༴ ༀ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་ཧྲཱིཿཤཏྟ་ས་མནྟ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཁཱ་ཧི་ཧཱུཾ་ཕཊ་ཛཿ སྥ༴ སཾ༴ ༀ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ་དུ་ཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་སརྦ་ཨ་མོ་གྷཱ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ཤྭ་ཧཱུཾ་ཕཊ་ཛཿ ༀ་ཨཱཿཧཱུཾ་སྥ༴ སཾ༴ ༀ་བཛྲ་ཀ་རཱི་ཧ། བཛྲ་ཙ་རཱི་ཧ། བཛྲ་པྲ་མོ་ཧཱེ་ཧ། བཛྲ་བེཏྟ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨེ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ་ཕཊ་ཛཿ སྥ༴ སཾ༴ བཛྲ་སིངྷ་མུ་ཁ་ཧེ། བཛྲ་བྱཱ་གྷྲི་མུ་ཁ་ཧེ། བཛྲ་སྲིདྒ་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་གྲྀ་ཌྷ་མུ་ཁ་ཧེ། བཛྲ་ཀངྐ་མུ་ཁ་ཧེ། བཛྲ་ཀཱ་ཀ་མུ་ཁ་ཧེ། བཛྲ་ཨུ་ལུ་ཀ་མུ་ཁ་ཧེ་ཕཊ་ཛཿ སྥ༴ སཾ༴ བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ བཛྲ་ཨ་མུ་ཁཱ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷསྨི་པ་ལ་ཡ་བ་ཏོ་ཧོཿཕཊ་ཛཿ ༀ་ཨཱཿཧཱུཾ་སྥ༴ སཾ༴ མ་ནུ་རཀྴ་སཱི་བྷྱོ། བྲ་ཧྨ་ནི་བྷྱོ། ར་ཏྲི་མ་བྷྱོཿ བེཥྞ་བེ་བྷྱོ། ཀུ་མཱ་རཱི་བྷྱོ། ཨིནྡྲ་མ་བྷྱོ། པིངྒ་ལཾ་བྷྱོ། ཨ་མྲྀ་ཏ་བྷྱོ། ས་མྱ་མ་བྷྱོ། དྷ་ན་དཾ་བྷྱོ། རཀྴ་སཱིབྷྱོ། བཀྴ་སཱི་བྷྱོ། ར་ཏི་ཏཾ་བྷྱོ། རུ་དྷི་ར་མཏྟཱ་བྷྱོ། ཨེ་ཀ་ཙ་ར་མ་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀཾ་བྷྱོ། བ་ཡ་བེ་བྷྱོ། མ་ཧཱ་མཱ་ར་ན་བྷྱོ། ཨགྣེ་ཡེ་བྷྱོ། བཱ་ར་ཧི་བྷྱོ། ཙ་མུཎྜི་བྷྱོ། སུ་ཏ་ནཾ་བྷྱོ། ཝ་རུ་ཎི་བྷྱོ། མ་ཧཱ་ཀཱ་ལི་བྷྱོ། ཙ་ཀ་ལི་བྷྱོ། བུཾ་པ་ཀ་ལ་མ་བྷྱོ། ལཾ་བོ་དྷ་ར་བྷྱོ། ལྷ་རྣམས་ཚིག་གི་མངོན་པར་རྟོག་པ་གསལ་གདབ་པ། ས་ལ་སོགས་པས་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་པར་འགྱུར། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཧཱུཾ། སྔོ་ནག་སྨུག་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོག །སྦྲུལ་དང་ཐོད་ཕྲེང་ཉི་ཟླར་བཅས། །སྟོང་གི་འཇིག་རྟེན་ཁོར་ཡུག་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །རལ་གྲི་དགྲ་སྟྭ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་བསྣམས། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞིའི་ཕྱག་རྒྱ་རབ་མཛེས་ཤིང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱིས་ཞེས་ནི་ཆས་ཏེ་གནས། །དེ་ལྟར་དཀྱིལ་འཁོར་གསལ་བཀོད་ནས། །མཐའ་དབུས་མེད་པར་ཁྱབ་པ་ཡི། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབར་བའི་དཀྱིལ་འཁོར་གསལ་བར་སྣང་། །དེ་ལྟར་བདག་བསྐྱེད་ཀྱི་མངོན་རྟོགས་ཚར་མ་ཐག་མདུན་བསྐྱེད་བྱ་བ་ནི། རྩ་བར། དེ་ནས་ཁྲོ་བོའི་འཛབ་ཁང་དབྱེ་བ་ནི། བྷྲཱུཾ་སྥ་ར༴ སཾ༴ བྷཱུཾ་བི་ཤུ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་སཱུརྻ་ཙནྡྲ་པདྨ་ཨེ་མཎྜལ་དེ་བ་ཏི་ར་ནན། དུ་ཏི་ཙིཀྲི་ནན། རུ་ཏྲ་ཀྲོ་དྷི་ཏི་ར་བ་བཾ། ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ །ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ །སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུཾ། རཀྴ་ཤྲཱི་ཧེ་རུ་ཀ །རཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ། བུདྡྷ་ཤྲཱི་ཧེ་རུ་ཀ །བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ། པདྨ་ཤྲཱི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཀརྨ་ཤྲཱི་ཧེ་རུ་ཀ །ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། རཀྴ་ཤྲཱི་ཧེ་རུ་ཀ །རཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ས་ནུ་ཡབ་ཡུམ། ཀེ་རི་ཁྲོ་མོ་བརྒྱད། སིང་ཧ་ཕྲ་མེན་བརྒྱད། སྒོ་མ་བཞི། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། མ་མོ་བདུན། སྲིང་མོ་བཞི། གིང་བཅོ་བརྒྱད། སྟེང་གི་ཁྲོ་བོ་ཁྲོ་མོ་དྲུག་ཅུ། ཕོ་ཉ་ཉིས་བརྒྱ་བཞི་བཅུ། མ་མོ་དྲུག་ཅུ། རིག་འཛིན་རྩལ་འཆང་རྣམས་རིམ་པས་རྩ་སྔགས་ཀྱིས་བསྐྱེད། ཅེས་གསུངས་པའི་དོན་མདུན་བསྐྱེད་བསྒྲུབ་པ་ནི། ཁྲོ་བོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ལ་དམིགས་ཏེ། བདག་གི་ཐུགས་ཀ་ནས་ཨེ། ཡཾ། ར། བཾ། ཀེཾ། རཾ་རྣམས་ཆད་དེ་དཀྱིལ་འཁོར་གྱི་འོག་གཞིར་བརྩེགས་མར་འཁོད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོས་འདུས་པ་ལས། ཨེ་ལས་ཆོས་འབྱུང་གྲུ་གསུམ་པ་མཐིང་ནག་རྒྱ་ཁྱོན་ནམ་མཁའ་དང་མཉམ་པ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྲ་ཞིང་མཁྲེགས་པ་ཁ་དོག་དུད་ཁ་དབྱིབས་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་གནས་པ། ར་ལས་ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲུག་པ་དབྱིབས་ཟླུམ་པོ། བཾ་ལས་ཤ་ཆེན་གྱི་ས་གཞི་སྲ་ཞིང་འཐས་པ་གྲུ་བཞི་པ། ཀེཾ་ལས་ཀེང་རུས་ཀྱི་རི་རབ་བང་རིམ་བཞི་པ། རཾ་ལས་མེའི་དཀྱིལ་འཁོར་ནམ་མཁའི་མཐའ་ཀླས་པར་འཁྲུག་ཅིང་། འབར་བའི་ནང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་དེ་དག་ལས་ཀྱང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་གྱུར། སྲུང་འཁོར་གྱི་ནང་དུ་བྷྲཱུཾ་འཕྲོས་ཏེ་འཁོད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་སཱུ རྻ་ཙནྡྲ་པདྨ་ཨེ་ཀ་མཎྜ་ལ་དེ་ཝ་ཏི་ར་ནན། དུ་ཏི་ཙཀྲ་ནན། རུ་ཏྲ་ཀྲོ་དྷི་ཏི་ར་བཾ། བྷྲཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཁྱབ། དེ་བཞིན་གཤེགས་པས་སྲས་སུ་དགོངས། བྱང་ཆུབ་སེམས་དཔས་སྤུན་དུ་དགོངས། མ་མོ་དང་མཁའ་འགྲོས་རྗེ་བོར་དགོངས། གཞལ་ཡས་ཁང་གི་ཆེ་བའི་ཡོན་ཏན་ཐམས་ཅད་སྣང་བའི་ཚུལ་གྱིས་བསྡུས་ཏེ་བྷྲཱུཾ་ལ་ཐིམ། འོད་དུ་ཞུ་སྟེ་གཞལ་ཡས་ཁང་སྒོམ་ཚུལ་གསར་དུ་བྲིས་པ་ནི། ཡེ་ཤེས་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནང་བཅུ་གཅིག་རིམ་དུ་ཡོད་པ། ལྟེ་བ་ཟླུམ་པོ་འཁོར་ལོ་རྩིབས་བརྒྱད་རྩིབས་མཆན་དང་བཅས་པའི་མཐའ་རྡོ་རྗེའི་ར་བས་བསྐོར་བའི་ཕྱིར་གློ་འབུར་གྱི་གྲུ་ཆད་བཞི་དང་ལྡན་པ། གྲུ་བཞི་སྒོ་བཞི་པ། ཕྱི་ཐོད་པ་སྐམ་པོ། བར་ཐོད་པ་ར་རི། ནང་མི་མགོ་རློན་པ་སྟེ་སུམ་རིམ་ལ་གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ། ཐོད་པ་དེ་དག་ཀྱང་དཔྲལ་པ་ནས་རྡོ་རྗེའི་ཐོག་འཕྲོ་བ། མིག་ནས་མེ་འབར་བ། རྣ་བ་ནས་ཞག་དང་། ཁ་ནས་རཀྟ་འབབ་པ། སྣ་ནས་རླུང་འཚུབས་པའི་ཐོད་རྩིག་ལ་ཞིང་ལྤགས་ཁ་སྦྱར་གྱི་སྒོ་དང་། སྐར་མའི་སྒོ་གཏན། རུས་སྦལ་གྱི་མ་ཐེམ། ཆུ་སྲིན་གྱི་ཡ་ཐེམ། ཞིང་སྐམ་གྱི་སྒོ་སྐྱེས་ཅན། ནང་དུ་ཞི་སྨུག་གི་ཀ་བ་ཕྱོགས་མཚམས་བརྒྱད་དུ་བཙུགས་པ་ལ་གཟའ་ཆེན་བརྒྱད་ཀྱི་གདུང་མིག་མང་རིས་སུ་བྲེས་ཤིང་། རྒྱུ་སྐར་ཉེར་བརྒྱད་ཀྱི་ཕྱམ་བཏང་བ་ལ་སྦྲུལ་ནག་གི་དྲ་མས་བཀབ་པའི་སྟེང་བདུད་རྩི་ལྔས་ཐོག་ཞལ་བྱས་པ། ནང་དུ་ཞིང་ལྤགས་ཀྱི་གདུགས་དང་བླ་བྲེ་ཅན། ཐོད་པའི་ཕ་གུ་ཕྱིར་འཕྱང་བ་ལ་སྦྲུག་ནག་དང་རྒྱུ་མ་རློན་པ། གློ་སྙིང་ནང་ཁྲོལ་སོགས་ཀྱི་ཆུན་འཕྱང་། དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། རོབས་ཀྱི་མདའ་ཡབ་ཕྱིར་འཕྱར་ཞིང་། ཐོད་པའི་པུ་ཤུ་གྱེན་དུ་བསྒྲིགས་པའི་རྩེ་མོར་ཞིང་གི་རྒྱལ་མཚན་དང་བ་དན་སྣ་ཚོགས་འཕྱང་བ། ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཁྲག་ཞག་གི་རྒྱ་མཚོ་འཁྲུག་པའི་ཕྱི་རིན་པོ་ཆེ་སྣ་ཚོགས་ཀྱི་རྩིག་པ་དང་ཕ་གུ་ལ་རིན་པོ་ཆེ་དང་མེ་ཏོག་གི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། རིན་པོ་ཆེའི་མདའ་ཡབ་སྔོན་པོ་མཐུར་དུ་འཕྱང་ཞིང་ཤར་བུ་དཀར་པོ་གྱེན་དུ་བསྒྲིགས་པ། ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་དང་། ནང་ནས་རིན་པོ་ཆེའི་གདུང་མ་བརྒྱད་ཟླ་ཕྱེད་རྡོ་རྗེའི་གདུང་མགོ་ཅན་བསྣོལ་བ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་དྲལ་ཕྱམ་བཀབ་ཅིང་། ནང་དུ་རིན་པོ་ཆེའི་གདུང་ཟླུམ་དང་། ཕྱིར་མཛེས་གདུང་གྲུ་བཞི་གསེར་གྱི་སྐ་རགས་ཀྱི་ཚུལ་དུ་གནས་པ་ལ་ཀ་ཐུང་བཅུ་དྲུག་གིས་བཏེག་པའི་བར་དང་། ཕྱིའི་འདོད་སྣམ་ལ་གནས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་སྣ་ཚོགས་ཀྱིས་སྤྲིན་ཕུང་སྤྲོས་ཏེ་འབུལ་བ། གཞལ་ཡས་ཁང་དེ་དག་གི་ཁ་པད་རྣམས་ལ་གདུགས་དང་འཕན་དང་དར་དཔྱངས་བ་དན་སྣ་ཚོགས་འཕྱར་བ། ཕྱི་རོལ་ཏུ་དཔག་བསམ་གྱི་ཤིང་དང་བཀྲ་ཤིས་པའི་རྟགས་དང་རྫས་ཀྱི་ཁྱད་པར་དུ་མས་བརྒྱན་པ། དབུས་ཕྱུར་བུར་པདྨ་དང་བུམ་གདན་གྱི་བཏེག་པའི་བྲེ་ཆོས་ཀྱི་འཁོར་ལོ་བཅུ་གསུམ་དང་བཅས་པ་ལ་རིན་པོ་ཆེའི་གདུགས་རྡོ་རྗེ་དང་རིན་པོ་ཆེའི་ཏོག་དར་དཔྱངས་དང་བཅས་པ། ཆོས་འཁོར་གྱི་གཡས་གཡོན་བྲེའི་སྟེང་དུ་རི་དྭགས་ཕོ་མོ་དང་། གསེར་གཡུའི་འབྲུག་ཟུང་གིས་སྤྲས་པ། སྒོ་ཁང་གི་སྟེང་དུ་རྟ་བབས་རིམ་པ་བཞི་པ་གླང་གུར་དང་བཅས་པའི་རྒྱན་རྟ་བབས་སྒོ་ཁང་ཕྱིའི་རྒྱན་དགུས་མཛེས་པ། སྒོ་ཐོག་ཏུ་བཅུ་གཅིག་རྡོ་རྗེས་མཚན་པ། དེའི་སྟེང་དུ་པདྨས་བཏེགས་པའི་བུམ་པ་བྲེ་ཆོས་འཁོར་གདུགས་ཏོག་དང་བཅས་པ། ཆོས་འཁོར་གྱི་གཡས་གཡོན་དུ་རི་དྭགས་ཕོ་མོས་མཛེས་པར་བྱས་པའི་དཀྱིལ་འཁོར་ནང་མ་དང་། དེ་ལྟ་བུའི་དཀྱིལ་འཁོར་གཉིས་པ་ནས་བཅུ་གཅིག་པའི་བར་རྩིག་པ་ནས་ཤར་བུའི་པར་ཐམས་ཅད་འདྲ་བ་ལ་ནང་དུ་སོ་སོའི་ལྷ་སྣམ་གྱི་ནང་ཟུར་དང་ཕྱོགས་བཞིར་ཀ་བ་བརྒྱད་བཙུགས་པའི་སྟེང་གདུང་མ་བྲེས་ཤིང་དྲལ་ཕྱམ་དང་ཐོག་བཀབ་པ། སྒོའི་ཕྱི་ནང་གི་རྒྱན་ཀུན་ཀྱང་ནང་མ་དང་དབྱིབས་མཚུངས་ཤིང་། དེ་དག་ཀྱང་ཕྱི་རིམ་བཞིན་བང་རིམ་ལྟར་དབུས་མ་རྣམས་མཐོ་བ་དང་། ཕྱི་རིམ་པ་ལྟར་དམའ་བའི་རྣམ་པ་ཅན། ཐམས་ཅད་ཀྱང་ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ལ་ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རང་བཞིན་ཅན་དྭངས་གསལ་སྒྲིབ་ཐོགས་མེད་པས། སོ་སོའི་མོས་བློར་འཚམས་པ་བཞིན་བཀོད་པའི་བྱེ་བྲག་སྣ་ཚོགས་སུ་འཆར་བ་འགོག་པ་མེད་པའོ། །དཀྱིལ་འཁོར་བཅུ་གཅིག་པའི་སྒོ་ཁང་གི་སྟེང་དུ་རྟ་བབས་སྣམ་བུ་བརྒྱད་ལ་འོག་ནས་རིམ་པ་བཞིན་དུ་གསེར་གདུང་། རྟ་རྐང་། ཆུ་སྐྱེས། རིན་ཅེན་སྒྲོམ་བུ། ཟ་ར་ཚགས། གསེར། མདའ་ཡབ་དང་བཅས་པའི་གླང་གུར། གུ་ཎ་ཧ་རིའི་འཁྱོག་འགྲོས་ཅན། པདྨས་བཏེག་པའི་བུམ་པ། བྲེ། ཆོས་འཁོར་བཅུ་གསུམ། གཡས་གཡོན་དུ་རི་དྭགས་ཕོ་མོ། ཞིང་ལྤགས་དང་རིན་པོ་ཆེའི་གདུགས། ཉི་ཟླའི་ཏོག་དང་དར་དཔྱངས་དང་བཅས་པའི་བཀོད་པ་ཕུན་སུམ་ཚོགས་པས་མཛེས་པར་བྱས་པའོ། །གཞལ་ཡས་ཁང་གི་ཕྱི་རོལ་ན་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའོ། །གཞལ་ཡས་ཁང་གི་ནང་འཁོར་ལོའི་ལྟེ་བ་དང་། རྩིབས་བརྒྱད་ལ་རིན་པོ་ཆེའི་ཁྲི་ལ་སོགས་པའི་གདན་དྲུག་བརྩེགས། གཞན་རྣམས་ལ་རང་རང་གི་གདན་དུ་གྱུར། དེ་ནས་ལྷ་བསྐྱེད་པ་ནི། དབུས་ཀྱི་ཆེ་མཆོག་སྤྱི་ལྟར་རམ། ཆེ་མཆོག་བདུད་རྩི་ལ་དགོངས་པའི་ཁྲོ་མཁར་གཉིས་གང་བདེ་མཛད་སྲོལ་འདུག་པ་ལས་ཕྱི་མ་རྒྱུན་དཀོན་པར་སྣང་ཞིང་ངོ་མཚར་ཆེ་བས་དོན་ལ་མི་འགལ་ཕྱིར་ཕྱི་མ་ལེགས་པས་འདི་ལྟར། ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། དཀྱིལ་འཁོར་གྱི་དབུས་སུ་ཆེ་མཆོག་སྐུ་མདོག་མཐིང་ནག་དབུ་ཉེར་གཅིག་སྟེ་དང་པོའི་དབུས་མཐིང་། གཡས་གསུམ་སེར་དམར་ལྗང་། གཡོན་གསུམ་དམར་སྔོ་ལྗང་། དེའི་སྟེང་དབུས་སེར། གཡས་གཉིས་ལྗང་དམར། གཡོན་གཉིས་མཐིང་དཀར། དེའི་སྟེང་དབུས་མཐིང་། གཡས་གཉིས་སེར་ལྗང་། གཡོན་གཉིས་དམར་དཀར། དེའི་སྟེང་དབུས་སྨུག །གཡས་དཀར་གཡོན་ལྗང་། སྟེང་ཞལ་དམར་པོའི་སྟེང་རྟ་དབུ་ལྗང་གུས་རྟ་སྐད་སྒྲོག་པ། ཕྱག་ཞེ་གཉིས་ཀྱི་དང་པོ་གཉིས་ཀུན་བཟང་ཡབ་ཡུམ་ཐུགས་ཀར་བསྣོལ་ནས་འཛིན་པ། གཡས་འོག་མ་ཉི་ཤུ་ན་རིགས་ལྔ། སེམས་དཔའ་བརྒྱད། ཁྲོ་བོ་བཞི། ལྷ། མི། ལྷ་མིན་གྱི་ཐུབ་པ་དང་ཉི་ཤུ་བསྣམས་པ། གཡོན་འོག་མ་ཉི་ཤུ་ན་ཡུམ་ལྔ། སེམས་མ་བརྒྱད། ཁྲོ་མོ་བཞི། བྱོལ་སོང་། ཡི་དྭགས། དམྱལ་བའི་ཐུབ་པ་ཏེ་ཉི་ཤུ་བསྣམས་པ། དུར་ཁྲོད་ཆས་བརྒྱད། དཔལ་ཆས་བརྒྱད་ཀྱིས་བརྒྱན་པ། རལ་པ་དམར་སེར། མེ་རི་མེ་དཔུང་གི་ཀློང་ན་བཞུགས་པ། བྱོལ་སོང་གཙོ་བརྒྱད་ཀྱི་ཁྲི་ལ་དྲེགས་པ་པད་ཟླ་ཉི་མའི་སྟེང་དུ་ཡུམ་ཁྲོ་མོ་གནམ་ཞལ་མ་སྐུ་མདོག་མཐིང་ནག་དབུ་དགུའི་དབུས་མ་མཐིང་བའི་ཞལ་ཆེ་མཆོག་གི་གསང་བའི་རྡོ་རྗེ་དང་སྦྱོར་བ། གཡས་ཞལ་བཞི་ལྗང་དམར་མཐིང་སེར་པོའི་ཞལ་བཞི་ཆེ་མཆོག་གི་ཞབས་གཡས་པ་བཞི་དང་སྦྱོར་བ། གཡོན་ཞལ་བཞི་དམར་ལྗང་དཀར་དམར་བའི་ཞལ་བཞི་ཆེ་མཆོག་གི་ཞབས་གཡོན་པ་བཞི་དང་སྦྱོར་བ། ཕྱག་བཅོ་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་ཐོད་པ་ཐུགས་ཀར་བསྣམས་པ། གཡས་ཀྱི་འོག་མ་བརྒྱད་ཀྱིས་གནས་མ་བརྒྱད་ཀྱི་ལྷ་མོ་བརྒྱད་བསྣམས་པ། གཡོན་གྱི་འོག་མ་བརྒྱད་ཀྱིས་ཡུལ་མ་ཕྲ་མེན་བརྒྱད་བསྣམས་པ། གནས་མ་བརྒྱད་དང་ཡུལ་མ་བརྒྱད་ཐོད་པ་བཅུ་དྲུག་གི་ནང་དུ་བསྣམས་པའང་སྣང་ངོ་། །ཞབས་བཞི་ཉི་མ་ལ་སོགས་པའི་གདན་ལ་བཞེངས་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ལ་སོགས་པ་ཡབ་དང་འདྲ་བ་ལ། གཟིག་གི་ཤམ་ཐབས་ཅན་གསལ་བར་བསྐྱེད་དོ། །ཆེ་མཆོག་ཡབ་ཡུམ་གྱི་མདུན་དུ་དབང་མཆོག་བསྐྱེད་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་ཀྲོདྷི་ཤྭ་རཱི་ཧཱུཾ་ལས་དབང་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བཞི་པ། རྩ་ཞལ་གཡས་དཀར་གཡོན་དམར་དབུས་མཐིང་བ། བར་ཞལ་གསུམ་གཡས་སྔོ་གཡོན་དམར་དབུས་མཐིང་བ། སྟེང་ཞལ་གསུམ་ག་མཐིང་བ། ཕྱག་གཡས་དགུ་ན་རྡོ་རྗེ། གློ་སྙིང་། ཞིང་ཆུང་། རྒྱུ་ཞགས། ཉི་མ། ཁྱུང་ཆེན། མེ་དཔུང་། རྒྱ་མཚོ། ཐོད་པའི་གའུ་བསྣམས་པ། གཡོན་དགུ་ན་བྷནྡྷ། ཞིང་ཆུང་། ཏིར་དབྱུག །ཞིང་ཆེན། ཟླ་བ། འུག་པ། ཀླུ། རིན་པོ་ཆེ། རི་རབ་བསྣམས་པ། ཡུམ་ཀྲོ་དྷི་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། དུར་ཁྲོད་ཀྱི་ཆས་ལྡན། པདྨ་ཉི་ཟླ་རུ་ཏྲའི་གདན་ལ་བཞུགས་པའོ། །དབང་མཆོག་ཡབ་ཡུམ་གྱི་མདུན་དུ་ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ། བཛྲ་ཧེ་རུ་ཀ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རལ་གྲི་དགྲ་སྟྭ། གཡོན་གསུམ་ཞགས་པ་ལྕགས་སྒྲོག་ཐོང་གཤོལ་ཅན། ཡུམ་བཛྲ་ཀྲོ་དྷི་དུང་ཁྲག་སྟོབ་པ་དོམ་གྱི་གདན་ཅན་མེ་དཔུང་གི་ཀློང་ན་བཞེངས་པའོ། །ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཤར་རྩིབས་ལ་བུདྡྷ་ཧེ་ཏུ་ཀ་ཡབ་ཡུམ་སྨུག་དཀར་དམར་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རྒྱུ་ཞགས་ཁྱུང་ཁྲ། གཡོན་གསུམ་ཐོད་ཁྲག་ཞགས་པ་མི་མགོ་འཛིན་པ། ཡུམ་བུདྡྷ་ཁྲག་འཐུང་དུང་ཁྲག་སྟོབ་པ་དང་འཁྲིལ་པ། ཁྱུ་མཆོག་གི་གདན་ལ་བཞེངས་པའོ། །ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ལྷོ་རྩིབས་ལ་རཏྣ་ཧེ་རུ་ཀ་ཡབ་ཡུམ་སེར་སྔོ་དམར་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རིན་ཆེན་དགྲ་སྟྭ་སྟོང་གི་འཇིག་རྟེན། གཡོན་གསུམ་བྷན་དམར་རྒྱུ་ཞགས་རི་རབ་བསྣམས་པ། ཡུམ་རིན་ཆེན་ཁྲག་འཐུང་དུང་ཁྲག་སྟོབ་པ་དང་འཁྲིལ་བའི་མ་ཧེའི་གདན་ལ་བཞེངས་པ། ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ནུབ་རྩིབས་ལ་པདྨ་ཧེ་རུ་ཀ་ཡབ་ཡུམ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་པདྨ་དགྲ་སྟྭ་བེ་ཅོན། གཡོན་གསུམ་བྷན་དམར་ཐོང་གཤོལ་འཇིག་རྟེན་འདེགས་པ། ཡུམ་པདྨ་ཁྲག་འཐུང་དུང་ཁྲག་སྟོབ་པ་དང་འཁྲིལ་བ་སྟག་གི་གདན་ལ་བཞེངས་པ། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། བྱང་རྩིབས་ལ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྒྱ་གྲམ་དགྲ་སྟྭ་རལ་གྲི། གཡོན་གསུམ་བྷན་དམར་ཐོང་གཤོལ་ཞགས་པ་འཛིན་པ། ཡུམ་ལས་ཀྱི་ཁྲག་འཐུང་དུང་ཁྲག་སྟོབ་པ་དང་འཁྲིལ་བ། དྲེགས་པ་ཁྱོ་ཤུག་དང་གཟིག་གི་གདན་ལ་བཞེངས་པ། ༀ་རཀྴ་ཤྲཱི་ཧེ་རུ་ཀ་རཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཤར་ལྷོའི་རྩིབས་ལ་རཀྴ་ཧེ་རུ་ཀ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་། གཡོན་གསུམ་བྷན་དམར་ཐོ་བ་ཞགས་པ་འཛིན་པ། ཡུམ་དུང་ཁྲག་སྟོབ་པ་དང་འཁྲིལ་བ་དྲེག་པ་བསྣོལ་བའི་གདན་ལ་བཞེངས་པ། ༀ་ས་ནུ་ཤྲཱི་ཧེ་རུ་ཀ་ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ལྷོ་ནུབ་ཀྱི་རྩིབས་ལ་ས་ནུ་ཧེ་རུ་ཀ་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ཁ་ཊྭཱཾ། རྩེ་གསུམ། ཐོད་རྔ། གཡོན་གསུམ་བྷནྡྷ་ཐོད་དབྱུག་མི་མགོ་འཛིན་པ། ཡུམ་དང་ཁྲག་སྟོབ་པ་དང་འཁྲིལ་བ། ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ནུབ་བྱང་གི་རྩིབས་ལ་གུ་ཧྱེ་ཧེ་རུ་ཀ་དུད་ཁ་དུང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་ཁ་ཊྭཱཾ་དབྱུག་ཏོ། །གཡོན་གསུམ་བྷན་དམར་མདུང་ཐུང་རྔ་ཡབ་ཅན། ཡུམ་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །ༀ་ཡཀྴ་ཤྲཱི་ཧེ་རུ་ཀ་ཡཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ། བྱང་ཤར་གྱི་རྩིབས་ལ་ཡཀྴ་ཧེ་རུ་ཀ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྒྱ་གྲམ་ཁ་ཊྭཱཾ྄་དགྲ་སྟྭ། གཡོན་གསུམ་བྷན་དམར་རལ་གྲི་ཞིང་དབྱུག་འཛིན་པ། ཡུམ་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །ༀ་བཛྲ་ཀ་རཱི་ཧ། ཤར་གྱི་གློ་འབུར་ལ་ཀ་རཱི་མ་དཀར་མོ་ཕྱག་གཡས་ཞིང་དབྱུག །གཡོན་ཐོད་ཁྲག །ཞིང་ལྤགས་ཀྱི་ན་བཟའ་སྟོད་དུ་གཡོགས་པ། གཟིག་གི་ཤམ་ཐབས། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ་ཕྱག་གདུབ་ཞབས་གདུབ་ལ་སོགས་པ་དང་ལྡན་པ་ཞིང་གདན་ནོ། །དེ་བཞིན་དུ། ༀ་བཛྲ་ཙ་རཱི་ཧ། ལྷོའི་གློ་འབུར་ལ་ཙ་རཱི་སེར་མོ་མདའ་གཞུ་འགེངས་པ། ༀ་བཛྲ་པྲ་མོ་ཧཱེ་ཧ། ནུབ་ཀྱི་གློ་འབུར་ལ་པྲ་མོ་ཧ་དམར་མོ་གཡས་ཆུ་སྲིན་གྱི་རྒྱལ་མ ཚན། གཡོན་ཐོད་ཁྲག །ༀ་བཛྲ་བེཏྟ་ལཱི་ཧ། བྱང་གི་གློ་འབུར་ལ་བེཏྟ་ལཱི་ནག་མོ་གཡས་རྡོ་རྗེ། གཡོན་ཞིང་ཞལ་དུ་གསོལ་བ། ༀ་བཛྲ་པུཀྐ་སཱི་ཧ། ཤར་ལྷོའི་གྲུ་ཆད་ལ་པུཀྐ་དམར་སེར་ཕྱག་གཡོན་པས་ཞིང་བསྣམས་ནས། གཡས་པས་དེའི་རྒྱུ་མ་ཞགས་པས་འདྲེན་པ། ༀ་བཛྲ་གྷསྨ་རཱི་ཧ། ལྷོ་ནུབ་ཀྱི་གྲུ་ཆད་ལ་གྷསྨ་རཱི་ལྗང་གུ་གཡོན་པའི་ཐོད་ཁྲག་གཡས་པའི་རྡོ་རྗེས་དཀྲུག་ཅིང་གསོལ་བ། ༀ་བཛྲ་སྨེ་ཤ་ནཱི་ཧ། ནུབ་བྱང་གི་གྲུ་ཆད་ལ་སྨེ་ཤ་ནཱི་མཐིང་ནག་ཕྱག་གཉིས་ཀྱིས་ཞིང་བཟུང་ལ་དེའི་གློ་སྙིང་ཟ་བའོ། །ༀ་བཛྲ་ཙཎྜ་ལཱི་ཧ། བྱང་ཤར་དུ་གཏུམ་མོ་སེར་མོ་ཕྱག་གཉིས་ཀྱིས་ཞིང་བཟུང་ནས་མགོ་ལུས་འདྲལ་བའོ། །ༀ་བཛྲ་སིདྷ་མུ་ཁཱི་ཧེ། ཁྱམས་དང་པོའི་ལྷ་སྣམ་གྱི་ཤར་དུ་སིངྷ་མུ་ཁཱི་སེར་མོ་སེང་མགོ་དཀར་མོ་ཁ་ན་རོ་ཟ་བ། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་ཐུགས་ཀར་བསྣོལ་བ། ༀ་བཛྲ་བྱཱ་གྷྲྀ་མུ་ཁི་ཧེ། ལྷོར་བྱཱ་གྷྲྀ་མུ་ཁཱི་དམར་མོ་སྟག་མགོ་སེར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་མཐུར་དུ་བསྣོལ་བ། ༀ་བཛྲ་སྲིངྒ་ལ་མུ་ཁཱི་ཧེ། ནུབ་ཏུ་སྲིངྒ་ལ་མུ་ཁཱི་ནག་མོ་ཝ་སེར་པོའི་མགོ་ཅན། ཕྱག་གཉིས་ཀྱི་ཞིང་གི་པགས་པ་བསྣམས་ནས་དེའི་ཆུ་སེར་ལྡག་པ། ༀ་བཛྲ་ཤྭ་ན་མུ་ཁཱི་ཧེ། བྱང་དུ་ཤྭ་ན་མུ་ཁཱི་མཐིང་ནག་སྤྱང་ཀིའི་མགོན་ཅན་ཕྱག་གཉིས་ཀྱི་ཞིང་བཟུང་ནས་དེའི་གློ་སྙིང་ཟ་བའོ། །ༀ་བཛྲ་གྲྀ་ཌྷ་མུ་ཁཱི་ཧེ། ཤར་ལྷོར་གྲྀ་ཌྷ་མུ་ཁཱི་དམར་མོ་བྱ་རྒོད་དཀར་པོའི་མགོ་ཅན་མིའི་རྒྱུ་མ་འདྲེན་པ། ༀ་བཛྲ་ཀངྒ་མུ་ཁཱི་ཧེ། ལྷོ་ནུབ་ཏུ་ཀངྐ་མུ་ཁཱི་སྐུ་མདོག་དམར་མོ། །ཕྱག་གཉིས་ཀྱི་ཞིང་ཕྲག་པ་ལ་འཁུར་བ། །ༀ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ནུབ་བྱང་དུ་ཀཱ་ཀ་མུ་ཁཱི་ནག་མོ་གཡས་གྲི། གཡོན་ཐོད་ཁྲག །ཞལ་ན་རོ་ཐོགས་པ། ༀ་བཛྲ་ཨུ་ལུ་ཀ་མུ་ཁཱི་ཧེ། བྱང་ཤར་དུ་ཨུ་ལུ་མུ་ཁཱི་མཐིང་ག་འུག་པ་སེར་པོའི་མགོ་ཅན་རྡོ་རྗེའི་དབྱུག་པ་འཛིན་པའོ། །ༀ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ ཤར་སྒོར་རྟ་གདོང་ལྕགས་ཀྱུ་མ་དཀར་མོ་རྟའི་གདོང་ཅན་གཡས་ལྕགས་ཀྱུ། གཡོན་ཐོད་ཁྲག །ༀ་བཛྲ་ཨ་མུ་ཀ་ཧཱུཾ། ལྷོ་སྒོར་ཕག་གདོང་ཞགས་པ་མ་སེར་མོ་ཞགས་པ་བསྣམས་པ། ༀ་བཛྲ་ལོ་ཀ་བཾ། ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་བསྣམས་པའི་མདོ་མིག་སྨིན་མཚམས་སུ་ཡོད་པའི་ནང་ན་ཉི་ཟླ་གའུའི་ནང་དུ་རྣལ་འབྱོར་པའི་ཚེ་འཛིན་པ། ༀ་བཛྲ་བྷསྨི་པ་ལ་ཡ་བ་ཏོ་ཧོཿ བྱང་སྒོར་སྤྱང་གདོང་མ་ལྗང་གུ་གཡས་དྲིལ་བུ། གཡོན་ཐོད་ཁྲག་བསྣམས་པ། རྒྱན་ཆ་ལུགས་གོང་དང་མཐུན་པའོ། །དཀྱིལ་འཁོར་གཉིས་པའི་ཁྱམས་ལ་ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུ་ར་ཏ་ར་ཕཊ། ཨ་རགྨོ་ཧཱུཾ། ཁྱམས་ཀྱི་ཕྱོགས་བཞི་མཚམས་བརྒྱད་དུ་སྤོར་མ་བརྒྱད་ནི། ཤར་དུ་འབར་མ་ཉི་མའི་ཟེར་གྱི་ཞགས་པ་ཅན་དམར་མོ་ཉི་མའི་ཟེར་གྱི་ཞགས་པ་འཛིན་པ། ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་སོགས་སྔགས་གོང་བཞིན་ནོ། །ཤར་ལྷོར་མེ་ཁྱེར་གློག་མ་སྤྲིན་དམར་མོ་གློག་གི་ཞབས་པ་འཕེན་པ། ༀ་བཛྲ༴ ལྷོར་སྐར་མདའ་འཕེན་སྔོན་མོ་གཡས་མདུང་ཐུང་། གཡོན་སྐར་མདའ་འཕེན་པ། ༀ་བཛྲ༴ ལྷོ་ནུབ་ཏུ་སྲིན་མོ་རླུང་ནག་རལ་གྲིའི་སྐྲ་ཅན་མ་སྔོ་ནག་ཁྱུང་ཁྲ་འགྱེད་པ། ༀ་བཛྲ༴ ནུབ་ཏུ་ཀླུ་མོ་ལྕེ་འབེབས་མ་དཀར་མོ་ཐོག་འབེབས་པ། ༀ་བཛྲ༴ ནུབ་བྱང་དུ་གནོད་སྦྱིན་ཁྱུང་ཐོགས་མ་སྔོན་མོ་ཁྱུང་འཛིན་པ། ༀ་བཛྲ༴ བྱང་དུ་བ་ལང་སྣ་གླང་པོའི་གདོང་ཅན་སྔོ་ནག་ཐོགས་སེར་འབེབས་པ། ༀ་བཛྲ༴ བྱང་ཤར་དུ་མིག་འབྱིན་སྙིང་སྲེག་མ་ཐལ་ཀར་རལ་གྲི་འཕྱར་བ། དེ་ཐམས་ཅད་སྤྱན་གསུམ་པ་མཆེ་བ་གཙིགས་པ། སྐྲ་བརྫེས་པ། དུར་ཁྲོད་ཀྱི་ཆས་བརྒྱད་རྫོོགས་པ་ཁྲོ་མོའི་ཆ་ལུགས་ཅན་ནོ། །ༀ་ཤྲཱི་ཧེ་བཛྲ་མུངྒ་ར་མུ་ཁ་ཤྭ་ར་ཡ་ན་མཿ ཤར་སྒོར་དཀར་མོ་མིག་གཅིག་རྒྱས་འདེབས་མ་དཀར་མོ་རྡོ་རྗེ་ཐོགས་པ། ༀ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡཱ་ན་མཿ ལྷོ་སྒོར་སེར་མོ་ལས་མཁན་ཚེ་འཕེལ་མ་སེར་མོ་མདའ་གཞུ་འགེངས་པ། ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཛྭ་ལ་ཡ་ཡཱ་ན་མཿ ནུབ་སྒོར་དམར་མོ་ཟ་བྱེད་དབང་སྡུད་མ་དམར་མོ་རྒྱལ་མཚན་འཛིན་པ། ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡཱ་ན་མཿ བྱང་སྒོར་ནག་མོ་རལ་གཅིག་རྨོངས་བྱེད་མ་ལྗང་ནག་དྲིལ་བུ་བསྣམས་པའོ། །དཀྱིལ་འཁོར་གསུམ་པའི་ཁྱམས་ལ་དབང་ཕྱུག་མ་ཉེར་བརྒྱད་ནི། རྩ་བར། སྲིན་པོའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་མི་སྲིན་མོ། །ཞེས་གསུངས་པའི་དོན། བླ་མ་རྣམས། མི་སྲིན་མོ་འདི་ནི་སྔོན་སྲིན་པོ་དྷ་ཤ་གྲཱི་ཝའི་ཆུང་མ་བྱེད་པའི་དུས་སུ་སྲིན་མོ་དམར་ནག་ཐོད་རློན་འཛིན་པ་གཅིག་ཡོད་པར། ཕྱིས་མ་ཏྲཾ་གྱིས་སྲིན་པོའི་ལག་ནས་ཕྲོགས་ཏེ་ཁོའི་ཆུང་མ་བྱས། དེར་ཁོ་མགོ་བརྙན་ལ་དགའ་བས་སྲིན་ཞལ་གཡག་གདོང་དུ་བསྒྱུར་བ་ཡིན་ཏེ། ངོ་བོ་གཅིག་ལ་ལུས་འགྱུར་བ་ནི་དཔེར་ན་ལྗོང་མོ་སྦལ་པར་འགྱུར་བ་ལྟ་བུ་ཡིན་གསུངས་པས། དབང་ཕྱུག་མ་འདི་རྣམས་ལ་སྤྲུལ་གཞི་དང་སྤྲུལ་པའི་ཁྱད་པར་གཉིས་ཡོད་ཅིང་། མངོན་པར་རྟོགས་པ་སྒོམ་པའི་ཚེ་རྒྱུ་དང་འབྲས་བུའི་ཚུལ་གྱིས་གནས་བསྒྱུར་ལྟར་བསྒོམ་པ་ཁམས་ལུགས་ཀྱི་སྲོལ་ལ་འདུག་པ་འཐད་པར་མཐོང་ནས་འདིར་ཡང་དེ་ལྟར་བྲིས་ལ། ཁམས་ལུགས་སྤྲུལ་པ་རྣམས་ཀྱི་ཕྱག་མཚན་མི་འདྲ་བ་འདུག་པ་ཟུར་ལུག་གཙང་མར་བགྱིས་ཤིང་། དེ་ལ་ཡང་མི་མཐུན་པ་རེ་གཉིས་འདུག་པ་ལྷ་དབང་དུས་ཀྱི་བསྐུར་ཚིག་བཙན་པར་བགྱིས་པས་འདི་ལྟར། དཀྱིལ་འཁོར་གསུམ་པའི་ཁྱམས་ཀྱི་ཤར་དུ་མ་ནུ་རཀྴ་སཱི་བྷྱོ་ལས་དབང་ཕྱུག་ཆེན་མོ་མིའི་སྲིན་མོ་སྐུ་མདོག་དམར་ནག་རྡོ་རྗེ་དང་ཐོད་རློན་བསྣམས་པ། དེ་ཉིད་གནས་གྱུར་པ་ལས་སྲིན་མོ་དམར་སེར་གཡག་གདོང་རལ་པ་གསིག་པ་ཞིང་གཡང་དང་རྩེ་གསུམ་འཛིན་པ། བྲ་ཧྨ་ནི་བྷྱོ། ཚངས་མ་སྐུ་མདོག་དམར་སེར་པདྨ་བསྣམས་པ། དེ་ཉིད་གནས་གྱུར་པ་ལས་ཚངས་མ་དམར་སེར་སྦྲུལ་གདོང་རྩེ་ལྔ་དང་བྷན་དམར་འཛིན་པ། ར་ཏྲི་མ་བྷྱོ། འཁྲུག་མོ་སྐུ་མདོག་དཀར་མོ་རྡོ་རྗེ་དང་ཏྲི་ཤཱུ་ལ་བསྣམས་པ། དེ་ཉིད་གནས་གྱུར་པ་ཁྲོ་མོ་དམར་སེར་གཟིག་མགོ་ཅན་དབྱུག་ཏོ་དང་སྙིང་འཛིན་པ། བཛྲ་ཀུ་མཱ་རཱི་བྷྱོ། འཇུག་སྲེད་མ་སྔོན་མོ་རྡོ་རྗེ་དང་འཁོར་ལོ་འཛིན་པ། དེ་ཉིད་གནས་གྱུར་པས་ཁྱབ་འཇུག་མ་སེར་མོ་ཕ་ཝང་གདོང་འཁོར་ལོ་དང་རིལ་པ་སྤྱི་བླུགས་འཛིན་པ། བཛྲ་ཨིནྡྲ་མ་བྷྱོ། གཞོན་ནུ་མ་དམར་མོ་རྡོ་རྗེ་དང་མདུང་བསྣམས་པ་དེ་ཉིད་གནས་གྱུར་པ། དབང་མོ་དམར་སྐྱ་དྲེད་གདོང་བམ་དབྱུང་འཛིན་པ། ༀ་བེཥྞ་བེ་བྷྱོ། དབང་མོ་སྐུ་མདོག་དཀར་མོ་ཨིནྡྲ་གདེངས་པ་དེ་ཉིད་གནས་གྱུར་པ། བརྒྱ་བྱིན་མ་དཀར་དམར་སྲེ་མོང་མགོ་དུང་དམར་བསྲེ་བ། ལྷོར་ༀ་བཛྲ་པིངྒ་ལཾ་བྷྱོ། ཞི་བ་དམར་མོ་རྡོ་རྗེ་དང་ཐོད་ཁྲག་འཛིན་པ་དེ་ཉིད་གནས་གྱུར་པ། ཞི་བ་དམར་མོ་དོམ་གྱི་མགོ་ཅན་དུང་དམར་དང་རྒྱུ་ཞགས་བསྣམས་པ། བཛྲ་ཨ་མྲྀ་ཏ་བྷྱོ། བདུད་རྩི་མ་སྐུ་མདོག་དམར་མོ་པདྨ་བསྣམས་པ་དེ་ཉིད་གནས་གྱུར་པ། བདུད་རྩི་མ་སྔོན་མོ་ཆུ་སྲིན་མགོ་བུམ་པ་འཛིན་པ། བཛྲ་ས་མྱ་མ་བྷྱོ། ཞི་བ་དཀར་མོ་པུནྡྷ་རི་བསྣམས་པ་དེ་ཉིད་གནས་སྒྱུར་པ། ཞི་བ་མོ་སྔོ་སྐྱ་སྡིག་པའི་མགོ་གཡས་ཐོད་པ་བུམ་རིལ། གཡོན་བམ་འཛིན་པ། བཛྲ་དྷ་ན་དཾ་བྷྱོ། བེ་ཅོན་མ་སྔོན་མོ་དབྱུག་ཏོ་ཅན་དེ་ཉིད་གནས་གྱུར་པ། བེ་ཅོན་མ་ནག་མོ་ཁྲ་མགོ་ཅན་ཐོད་རློན་བསྣམས་པ། བཛྲ་རཀྴ་སཱི་བྷྱོ། སྲིན་མོ་སྐུ་མདོག་དམར་སེར་ཐོད་ཁྲག་འཛིན་པ་དེ་ཉིད་གནས་གྱུར་པ། སྲིན་མོ་དམར་ནག་ཝ་གདོང་ཞིང་གི་རྒྱུ་མ་འདྲེན་པ། ༀ་བཀྴ་སཱི་བྷྱོ། ཟ་བ་མོ་དམར་ནག་ཤ་ཁྲག་རོལ་པ་དེ་ཉིད་གནས་གྱུར་པ། ཟ་བྱེད་ནག་མོ་སྟག་མགོ་བམ་གྱི་སྙིང་འབྱིན་པ། ནུབ་ཏུ་བཛྲ་ར་ཏི་ཏཾ་བྷྱོ། དགའ་བ་མོ་དམར་མོ་རལ་གྲི་འཛིན་པ་དེ་ཉིད་གནས་གྱུར་པ། དགའ་བྱེད་དམར་མོ་བྱ་རྒོད་མགོ་རལ་གྲི་དང་འཁོར་ལོ་ཐོགས་པ། བཛྲ་རུ་དྷི་ར་མཏྟཱ་བྷྱོ། ཁྲག་གིས་མྱོས་མ་དཀར་མོ་གཤོལ་བསྣམས་པ་དེ་ཉིད་གནས་གྱུར་པ། ཁྲག་འཐུང་དམར་ནག་རྟ་གདོང་ཅན་རྡོ་རྗེའ ི་དབྱུག་པ་དང་དུང་དམར་འཛིན་པ། བཛྲ་ཨེ་ཀ་ཙ་ར་མ་བྷྱོ། གཅིག་པུ་སྤྱོད་མ་སེར་མོ་སྤུ་གྲི་བསྣམས་པ་དེ་ཉིད་གནས་གྱུར་པ། རྡོ་རྗེ་སེར་མོ་ཁྱུང་གདོང་རྡོ་རྗེ་དང་བྷནྡྷ་འཛིན་པ། ༀ་མ་ནོ་ཧ་རཾ་བྷྱོ། ཡིད་འཕྲོག་མ་དམར་མོ་མདའ་གཞུ་ཐོགས་པ་དེ་ཉིད་གནས་གྱུར་པ། འདོད་པ་དམར་སེར་ཁྱི་མགོ་ཞིང་ཆེན་ཟ་བ། བཛྲ་སིདྡྷི་ཀཾ་བྷྱོ། གྲུབ་མོ་དཀར་མོ་བུམ་པ་འཛིན་པ་དེ་ཉིད་གནས་གྱུར་པ། ནོར་སྲུང་དཀར་དམར་ཕུ་ཤུད་མགོ་པདྨ་འཛིན་པ། བཛྲ་བ་ཡ་བེ་བྷྱོ། རླུང་མོ་སྔོན་མོ་བ་དན་འཕྱར་བ་དེ་ཉིད་གནས་གྱུར་པ། རླུང་མོ་དམར་སྐྱ་ཤ་བའི་མགོ་བམ་རོ་ཟ་བ། བྱང་དུ་བཛྲ་མ་ཧཱ་མཱ་ར་ན་བྷྱོ། ཁྱོ་མེད་མ་དམར་ནག་རལ་གྲི་འཛིན་པ་དེ་ཉིད་གནས་གྱུར་པ། གསོད་བྱེད་མ་ལྗང་ནག་སྤྱང་གདོང་བམ་ཆེན་དང་རྔེ་ཆུང་འཛིན་པ། ༀ་བཛྲ་ཨགྣེ་ཡེ་བྷྱོ། མེ་ལྷ་མོ་དམར་མོ་གསལ་ཤིང་འཛིན་པ་དེ་ཉིད་གནས་གྱུར་པ། མེ་མོ་ལྗང་དམར་ལྷོ་འབྲོང་གི་མགོ་ཅན་མེ་སྒྲོན་དང་རྒྱུ་མ་འདྲེན་པ། ༀ་བཛྲ་བཱ་ར་ཧི་བྷྱོ། ཕག་མོ་དམར་ནག་མཆེ་བ་བསྣམས་པ་དེ་ཉིད་གནས་གྱུར་པ། ཕག་མོ་ལྗང་སེར་ཕག་གདོང་རྩེ་གསུམ་འཛིན་པ། བཛྲ་ཙ་མུཎྜི་བྷྱོ། རྒན་བྱེད་མ་དམར་སྨུག་བྱིས་རོའི་རྒྱུ་མ་ཟ་བ་དེ་ཉིད་གནས་གྱུར་པ། རྒན་བྱེད་ལྗང་སྔོན་རྒྱ་ཁྲ་ཧོར་པོའི་མགོ་ཅན་བམ་གྱི་རྒྱུ་མ་འདྲེན་ཅིང་ཁྲག་འཐོར་བ། བཛྲ་སུ་ཏ་ནཾ་བྷྱོ། སྣ་ཆེན་མོ་དམར་ནག་ཐོད་ཁྲག་འཐུང་བ་དེ་ཉིད་གནས་གྱུར་པ། སྣ་ཆེན་མོ་ལྗང་དམར་གླང་གདོང་བམ་ཆེན་འཛིན་པ། བཛྲ་བ་རུ་ཎི་བྷྱོ། ཆུ་ལྷ་དཀར་སྔོ་སྦྲུལ་ཞགས་བསྣམས་པ་དེ་ཉིད་གནས་གྱུར་པ། ཆུ་ལྷ་མོ་ལྗང་ནག་སྦྲུལ་གདོང་སྦྲུལ་དང་བུམ་པ་འཛིན་པའོ། །མ་ཧཱ་ཀཱ་ལི་བྷྱོ། ཤར་སྒོར་ནག་མོ་ཆེན་མོ་ལྕགས་ཀྱུ་ཅན་དེ་ཉིད་གནས་གྱུར་པ། ཁུ་བྱུག་གདོང་ནག་མོ་ལྕགས་ཀྱུ་འཛིན་པ། བཛྲ་ཙ་ཀ་ལི་བྷྱོ། ལྷོ་སྒོར་ར་མགོ་དམར་སེར་ཆེན་མོ་ཞགས་པ་ཅན་དེ་ཉིད་གནས་གྱུར་པ། ར་གདོང་སྔོན་མོ་རྒྱུ་ཞགས་འདྲེན་པ། བཛྲ་བུཾ་པ་ཀ་ལ་མ་བྷྱོ། ནུབ་སྒོར་བུམ་སྣ་སྔོ་ནག་ཆེན་མོ་ལྕགས་སྒྲོག་ཅན་དེ་ཉིད་གནས་གྱུར་པ། སེང་གདོང་དམར་མོ་ལྕགས་སྒྲོག་འཛིན་པ། བཛྲ་ལཾ་བོ་དྷ་ར་བྷྱོ། བྱང་སྒོར་གསུས་འཛིན་སེར་ནག་ཆེན་མོ་ལྗང་ནག་དྲིལ་འཁྲོལ་དེ་ཉིད་གནས་གྱུར་པ། སྐྱེ་ཀའི་མགོ་ཅན་ལྗང་ནག་དྲིལ་བུ་འཛིན་པ་སྟེ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་པོ་དེ་ཐམས་ཅད་ཀྱང་རལ་པ་གསིག་པ་ཞིང་གི་སྟོད་གཡོགས་གཟིག་གི་ཤམ་ཐབས་དང་སྦྲུལ་གྱིས་བརྒྱན་པ། ཞིང་སྐམ་གྱི་གདན་ཅན་ནོ། །ཁྲོ་བོའི་དཀྱིལ་འཁོར་གྱི་འདི་ཡན་ཆོད་ཀྱི་དཀྱིལ་འཁོར་གཉིས་བསྡོམས་པར་ཁྲག་འཐུང་རྩ་བའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བཞི་པའི་ཁྱམས་ལ་མཁའ་འགྲོ་སོ་གཉིས་ནི། ཤར་དུ་ཨེ་ཨ་ར་ལི་ཧཱུཾ། དགའ་བྱེད་དཀར་མོ་རྡོ་རྗེ་དང་བྷནྡྷ་བསྣམས་པ། ཨེ་ཨ༴ འདྲེན་བྱེད་དཀར་སྐྱ་ལྕགས་ཀྱུ་དང་བྷནྡྷ་བསྣམས་པ་དང་། ཨེ་ཨ༴ གསོད་བྱེད་དཀར་མོ་མདའ་གཞི་འགེངས་པ། ཨེ་ཨ༴ སྤོར་བྱེད་དཀར་སྐྱ་སྤྲུ་གྲི་ཐོགས་པ། ཨེ་ཨ༴ འབར་བྱེད་མ་མཐིང་ནག་རིན་ཆེན་བསྣམས་པ། ཨེ་ཨ༴ གཟི་བརྗིད་མ་དམར་སེར་ཉི་མ་དང་བྷནྡྷ་བསྣམས་པ། ཨེ་ཨ༴ ཁྲོ་གཉེར་མ་མཐིང་ནག་ཞིང་ལྤགས་ཀྱི་བ་དན་དང་བྷནྡྷ་བསྣམས་པ། ལྷོར་ཨེ་ཨ༴ འཇོམས་བྱེད་མ་དཀར་སྐྱ་བམ་ཆེན་ཟ་ཚུལ་བསྣམས་པ། ཨེ་ཨ༴ ཆགས་བྱེད་མ་དམར་ནག་པདྨ༴ ཨེ་ཨ༴ ཆགས་བྲལ་མ་དམར་ནག་རལ་གྲི༴ ཨེ་ཨ༴ འཁོར་ལོ་མ་དམར་སེར་འཁོར་ལོ། ཨེ་ཨ༴ རྒྱས་འདེབས་མ་དམར་ནག་ལྕེ་དང་ལྕགས་ཀྱུ༴ ཨེ་ཨ༴ སྣ་ཚོགས་ལུས་འཆང་རྡོ་རྗེ་རྒྱ་གྲམ༴ ཨེ་ཨ༴ བསྲུང་བ་མོ་ལྗང་གུ་གོ་ཁྲབ༴ ནུབ་ཏུ་ཨེ་ཨ༴ གནོད་སྦྱིན་མོ་ལྗང་ནག་མཆེ་བ། ཨེ་ཨ༴ ཡང་དག་འཕྲོག་མ་ལྗང་གུ་མུ་ཏིག་གི་དབྱུག་པ་འཕྱར་བ། ཨེ་ཨ༴ བྱ་རོག་གདོང་ནག་མོ་གྲི་དང་འཁར་གཞོང་ཐོགས་པ། ཨེ་ཨ༴ འཇིགས་བྱེད་མ་དཀར་སྔོ་མཆེ་བ་གཙིགས་པའི་རིན་པོ་ཆེ་དང་དུང་ཁྲག །ཨེ་ཨ༴ བཞད་མགོ་དཀར་མོ་སྙིང་འབྱིན་པ། ཨེ་ཨ༴ འུག་གདོང་མ་སྔོ་སྐྱ་ཀེང་རུས་འཛིན་པ། ཨེ་ཨ༴ ཁྱི་མགོ་མཐིང་ནག་ཀེང་རུས་འཆའ་བ། བྱང་དུ་ཨེ་ཨ༴ ཕག་གདོང་མ་མཐིང་ནག་ཚིལ་སྙིང་ཤ་རུས་ཟ་བ། ཨེ་ཨ༴ རྔ་མོའི་མགོ་སྔོ་ནག་གློ་བ་འདྲེན་པ། ཨེ་ཨ༴ བོང་མགོ་མ་སྔོན་མོ་ཐོད་དབྱུགས་དང་དགྲ་སྟྭ་བསྣམས་པ། ཨེ་ཨ༴ འཇོམས་གཅོད་དམར་ནག་ར་མགོ་སྤུ་གྲི་ཐོགས་པ། ཨེ་ཨ༴ རུས་འཆའ་མ་དམར་ནག་བྱི་ལའི་མགོ་ཀེང་རུས་འཛིན་པ། ཨེ་ཨ༴ ཨུ་སྟིང་མང་ས་དམར་ལྗང་སེང་གདོང་ཀེང་རུས་འཛིན་པ། ཨེ་ཨ༴ དམར་སེར་རུས་པའི་ཕྲེང་ཅན་མ་ལྕེ་སྤྱང་གདོང་ཐོད་སྐམ་བསྣམས་པ། ཤར་སྒོར་ཨེ་ཨ༴ བུམ་སྣམ་སེར་མོ་ལྕགས་ཀྱུ་དང་རལ་གྲི། ལྷོ་སྒོར་ཨེ་ཨ༴ གཤིན་རྗེ་རྣམས་འཇོམས་མ་སྔོན་མོ་ཞགས་པ་དང་རལ་གྲི། ནུབ་སྒོར་ཨེ་ཨ༴ དྷ་ཤ་གྲྀ་ཝ་དམར་མོ་ལྕགས་སྒྲོག་དང་སྤུ་གྲི་ཐོགས་པ། བྱང་སྒོར་ཨེ་ཨ༴ འབོད་སྒྲོག་མ་ལྗང་གུ་དྲིལ་བུ་དང་དགྲ་སྟེ་ཐམས་ཅད་ཀྱང་ཁྲོ་མོའི་ཆ་བྱད། གཡོན་ན་ཕྱག་མཚན་མེད་པ་རྣམས་ཐོད་ཁྲག་འཛིན་པའོ། །དཀྱིལ་འཁོར་ལྔ་པའི་ཁྱམས་ལ་མ་མོ་བདུན་ནི། མ་མ་དྷཱ་ཏུ་ཧཱུཾ། ཤར་དུ་རྡོ་རྗེ་ཀུན་གྲགས་མ་ནག་མོ་དར་ནག་གི་གོས་ཅན། ཞབས་ལ་སཀྟི་སྟེ་ཧོར་ལྷྭམ་ཡུ་བ་ཅན་གྱོན་པ། ཕྱག་གཡས་རལ་གྲི་དང་གཡོན་ཐོད་ཁྲག །སྐྲ་བརྫེས་པ་ལ་ཐོད་སྐམ་གྱིས་བརྒྱན་ཅིང་། རློན་པའི་དོ་ཤལ་ཅན་ནོ། །མ་མ༴ ཀུན་བཟང་མོ་མཐིང་ནག་གར་མཛད་པ། ལྷོར་མ་མ༴ རྡོ་རྗེ་ཀུན་གསལ་མ་འཇའ་ཚོན་གྱི་གོས་ཅན་གྲི་ཐོད་འཛིན་པ། མ་མ༴ རྡོ་རྗེ་ཡེ་ཤེས་མཐིང་ནག་སྙིང་དང་ཐོད་ཁྲག་ཅན། ནུབ་ཏུ་མ་མ༴ རྡོ་རྗེ་འོད་ཆགས་མ་སྔོན་ནག་རྡོ་རྗེའི་ཕྲེང་བ་ཐོགས་པ་ཁྲག་གི་མཚོ་ལ་གནས་པ། མ་མ༴ རྡོ་རྗེ་འོད་འཕྲོ་མ་མཐིང་ནག་ཞགས་པ་ཐོགས་པ་མེའི་ཀློང་ན་བཞུགས་པ། བྱང་དུ་མ་མ༴ རྡོ་རྗེ་གཡུ་སྒྲོན་མ་མཐིང་ནག་ལྕགས་ཀྱུ་འཛིན་པ་སྟེ་མ་མོ་བདུན་རྒྱན་ཆ་ལུགས་འདྲ་བའོ། །བཛྲ་དུནྟིཾ་བྷྱོ། ཤར་སྒོར་གླིང་བཞི་མགྱོགས་མ་ལྷའི་སྲིང་མོ་དཀར་མོ་བྱ་རྒོད་ཀྱི་ཐུལ་པ་གསོལ་བ་བྱ་རྒོད་ཀྱི་རྒྱལ་མཚན་འཛིན་པ། བཛྲ༴ ལྷོ་སྒོར་མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་མོ་སྔོན་མོ་སྟག་གི་ཐུལ་པ་གསོལ་བ་སྟག་གི་རྒྱལ་མཚན་འཛིན་པ། བཛྲ༴ ནུབ་སྒོར་དམར་མོ་གཡག་ཐོད་ཀླུ་ཡི་སྲིང་མོ་དམར་མོ་གཡག་གི་མགོ་ཅན་ཆུ་སྲིན་གྱི་གཡང་གཞི་གསོལ་བ་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ། བཛྲ༴ བྱང་སྒོར་ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་ནག་མོ་རྨ་བྱའི་ཐུལ་པ་གསོལ་བ་རྨ་བྱའི་རྒྱལ་མཚན་འཛིན་པ། བཞི་ཀའང་ཞི་མ་ཁྲོ་སྐྲ་ཐོར་ཚུགས་ཅན་ཧོར་ལྷྭམ་གྱོན་པའོ། །དཀྱིལ་འཁོར་དྲུག་པའི་ཁྱམས་ལ་གིང་ཆེན་བཅོ་བརྒྱད་ནི། གིངྒ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཤར་དུ་ཁྲོ་བོ་གིངྐ་ར་མཐིང་ནག་སྤྱན་གསུམ་པ་དུར་ཁྲོད་ཀྱིི་ཆས་ཅན་རལ་གྲི་དང་བྷནྡྷ་འཛིན་པ། ཁྲོ་མོ་ཁམས་གསུམ་དབུགས་སྡུད་མ་སྔོ་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ་གཟིག་ཤམ་ཅན་དང་མཉམ་པར་སྦྱོར་བ། གིངྐ་ར༴ རྡོ་རྗེ་འབྱུང་པོ་དམར་ནག་རལ་གྲི་དང་བྷནྡྷ་དམར་གྱིས་གང་བ་འཛིན་པ། གིངྐ་ར༴ རྡོ་རྗེ་གནོད་སྦྱིན་ལྗང་ནག་གྲི་དང་སྡིགས་མཛུབ་འཕྱར་བ། གིངྐ་ར༴ རྡོ་རྗེ་སྤྱང་ཀི་དམར་ནག་སྤྱང་མགོ་སྤུ་གྲི་ཐོད་ཁྲག །ལྷོར་གངྐི་ར། རྡོ་རྗེ་གཤིན་རྗེ་མཐིང་ནག་བེ་ཅོན་དང་དགྲ་སྟྭ། གིངྐ་ར༴ རྡོ་རྗེ་རོལ་པ་དམར་ནག་བྷནྡྷ་དང་ཕལ་ཚབ་སྟེ་གྲི་བསྣམས་པ། གིངྐ་ར༴ རྡོ་རྗེ་འཆི་བདག་ལྗང་སེར་རྡོ་རྗེ་གསོར་ཞིང་བརྡེག་པ། ནུབ་ཏུ་གིངྐ་ར༴ རྡོ་རྗེ་དུས་མཚམས་ལྗང་ནག་ཤཀྟི་སྟེ་མདུང་སོའི་ནང་རྨ་བྱའི་སྒྲོ་ཆུན་གྱིས་བཀང་བའི་འཕང་མདུང་དང་མདུང་དར་འཛིན་པ། གིངྐ་ར༴ རྡོ་རྗེ་རོ་ལངས་སེར་ནག་ཞིང་དབྱུག་འཕྱར་བ་གིངྐ་ར༴ རྡོ་རྗེ་འཇོམས་པ་སྨུག་ནག་རྡོ་རྗེའི་ཐོ་བ་ཐོགས་པ། གིངྐ་ར༴ རྡོ་རྗེ་གིང་ལྕམ་ལྗང་ནག་རྡོ་རྗེའི་ལྕགས་ཀྱུས་འདྲེན་པ། བྱང་དུ་གིངྐ་ར༴ རྡོ་རྗེ་དབང་བསྒྱུར་མ་དམར་སེར་ཞིང་གི་གཡབ་མོ་འདེབས་པ། གིངྐ་ར༴ རྡོ་རྗེ་འཕྲུལ་མེ་ཆེ་སྔོ་སྐྱ་གཟུགས་མེད་རླུང་ལྟར་རྒྱུ་བ་མོ་མདུང་དར་ནག་པོ་འཛིན་པ། གིངྐ་ར༴ རྡོ་རྗེ་གློག་འགྱུ་མ་དམར་མོ་གློག་ཞགས་འཛིན་པ། གིངྐ་ར༴ རྡོ་རྗེ་མཐུ་མོ་ཆེ་ལྗང་ནག་ལྕགས་ཀྱི་ཐོ་བ་ཐོགས་པ། ཤར་སྒོར་གིངྐ་ར༴ རྡོ་རྗེ་རྣ་ཉན་ཕྲ་མ་མཁན་མཐིང་ནག་རྡོ་རྗེ་དང་དགྲ་སྟྭ་ཐོགས་པ། ལྷོ་སྒོར་གིངྐ་ར༴ རྡོ་རྗེ་སྒྲོལ་བྱེད་མ་སྨུག་ནག་བྷནྡྷ་དང་གྲི་ཐོགས་པ། ནུབ་སྒོར་གིངྐ་ར༴ རྡོ་རྗེ་ཟ་བྱེད་ཆེན་མོ་མཐིང་ནག་ལོངས་སྤྱོད་ཀྱིས་གང་བའི་གཞོང་པ་བསྣམས་པ། བྱང་སྒོར་གིངྐ་ར༴ རྡོ་རྗེ་མྱོང་བྱེད་མ་སྨུག་ནག་ལོངས་སྤྱོད་ཀྱིས་གང་བའི་གཞོང་པ་བསྣམས་པ། དེ་དག་ཐམས་ཅད་སྟག་ཤམ་དང་གཟིག་ཤམ་ལ་སོགས་ཁྲོ་བོ་དང་ཁྲོ་མོའི་རྒྱན་དུ་མས་བརྒྱན་པའོ། །དཀྱིལ་འཁོར་བཞི་པ་དང་དྲུག་པ་གཉིས་མཁའ་འགྲོ་ལས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བདུན་པའི་ཁྱམས་ལ་ཁྲོ་བོ་ཁྲོ་མོ་དྲུག་ཅུ་ནི། ཀྲོ་དྷ་ཀྲོ་དྷི་ཧཱུཾ། ཤར་དུ་ཁྲོ་བོ་རྣམ་པར་རྒྱལ་བ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་ཐོ་བ། ཡུམ་ཁྲོ་མོ་རྡོ་རྗེ་སྙེམས་མ་དཀར་མོ་གཡས་ཡབ་ལ་འཁྱུད་ཅིང་གཡོན་ཐོད་ཁྲག་སྟོབ་པ། ཀྲོ་དྷ༴ ཁྲོ་བོ་དབྱུག་སྔོན་ཅན་སྔོན་པོ་རིན་པོ་ཆེ་དང་སྡིགས་མཛུབ། ཡུམ་ཁྲོ་མོ་རྡོ་རྗེ་སྡེར་མོ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་གཤིན་རྗེ་གཤེད་མཐིང་ནག་དབྱུག་ཏོ་དང་ཞགས་པ། ཡུམ་ཁྲོ་མོ་རྡོ་རྗེ་དུར་ཁྲོད་མ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་མི་གཡོ་བ་སྨུག་ནག་ཁུ་ཚུར་དང་རལ་གྲི། ཡུམ་ཁྲོ་མོ་རྡོ་རྗེ་གཏུན་ཁུང་མ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་རྟ་མགྲིན་དམར་པོ་མདའ་གཞུ་དང་པདྨ། ཡུམ་ཁྲོ་མོ་རྡོ་རྗེ་གཏུམ་མོ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་གཞན་གྱིས་མི་ཐུབ་པ་སྔོན་པོ་དགྲ་སྟྭ་དང་གཏུན་ཤིང་། ཡུམ་ཁྲོ་མོ་མདའ་སྙེམས་མ་དང་འཁྲིལ་བ། ལྷོར་ཀྲོ་དྷ༴ ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་འཕྱར་བ། ཡུམ་ཁྲོ་མོ་རླུང་འབྱིན་མ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ནག་པོ་རྡོ་རྗེ་དང་ཐོ་བ། ཡུམ་ཁྲོ་མོ་གསོད་བྱེད་མ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་སྟོབས་པོ་ཆེ་དུད་ཁ་དུང་དཀར་དང་རྔ་ཡབ། ཡུམ་ཁྲོ་མོ་བསྐྱོད་བྱེད་མ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་ཧཱུཾ་མཛད་དམར་སྐྱ་རྡོ་རྗེ་དང་མདའ་གཞུ་འགེང་བ། ཡུམ་ཁྲོ་མོ་སྒྲ་འབྱིན་མ་དང་འཁྲིལ་བ། ནུབ་ཏུ་ཀྲོ་དྷ༴ ཁྲོ་བོ་བཛྲ་ཀཱི་ལ་ཡ་མཐིང་ནག་ཕུར་བུ་འདྲིལ་བ། ཡུམ་ཁྲོ་མོ་རྒྱས་འདེབས་མ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་རྨེ་བརྩེགས་མཐིང་ནག་ཕྱག་གཉིས་ཀར་རྡོ་རྗེ་ཐོགས་པ། ཡུམ་ཁྲོ་མོ་འདམ་འབྱིན་དུང་ཆེན་དམ་རྫས་ཀྱིས་གང་བ་བསྣམས་པ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་བཛྲ་ཡཀྴ་ལྗང་ནག་ཕུར་པ་སྒྲེང་པ། ཡུམ་ཁྲོ་མོ་ཡགྨོ་དུང་ཆེན་སྙིང་ཁྲག་གིས་བཀང་བ་འཛིན་པ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་དམར་ནག་རྡོ་རྗེ་དང་ཐོ་བ་ཐོགས་པ། ཡུམ་ཁྲོ་མོ་དབང་སྒྱུར་མ་མགོ་བཅད་རཀྟས་བཀང་བ་འཛིན་པ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་ཟ་འོག་སྣ་ཚོགས་མདོག་ཐོད་པ་དང་སྦྲུལ་ཞགས། ཡུམ་ཁྲོ་མོ་ཟ་འོག་མ་རྡོ་རྗེ་ཐོད་ཁྲག་ཐོགས་པ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་རབ་འཁྲུག་སྔོ་ནག་རལ་གྲི་ཅན། ཡུམ་ཁྲོ་མོ་རབ་འཇིགས་དང་འཁྲིལ་བ། བྱང་དུ་ཀྲོ་དྷ༴ ཁྲོ་བོ་མ་ཧཱ་ཀཱ་ལ་དམར་ནག་ཞགས་པ་ཅན། ཡུམ་ཁྲོ་མོ་རལ་པ་སྒྲེང་མ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་མི་འཆི་ཐལ་སྦྱོར་སྔོ་ནག་ཐལ་མོ་སྡེབ་པ། ཡུམ་ཁྲོ་མོ་འཇོམས་བྱེད་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་ཆེན་གུ་ལང་སྨུག་ནག་གཏུན་ཤིང་སྡེབ་པ། ཡུམ་ཁྲོ་མོ་ལས་གྲུབ་མ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་རབ་རྔམས་ལྗང་ནག་རྡོ་རྗེས་དུང་དམར་དཀྲུག་ཅིང་གསོལ་བ། ཡུམ་ཁྲོ་མོ་གཏུམ་ཆེན་ཙིཏྟ་དང་ཐོད་ཁྲག་སྟོབ་པ་དང་འཁྲིལ་བ། ཤར་སྒོར་ཀྲོ་དྷ༴ ཁྲོ་བོ་འཇིག་རྟེན་གསུམ་སྣང་སྔོ་ནག་བེ་ཅོན་དང་སྡིགས་མཛུབ་ཅན། ཡུམ་ཁྲོ་མོ་མི་ཕམ་མ་དང་འཁྲིལ་བ ། ཀྲོ་དྷ༴ ཁྲོ་བོ་འཇིག་རྟེན་གསུམ་འདུལ་དམར་ནག་ཐོ་བ་འཕྱར་བ། ཡུམ་ཁྲོ་མོ་ལྕགས་ཀྱུ་མ་ལྕགས་ཀྱུ་འཛིན་པ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་རྔམ་ཆེན་སྨུག་ནག་བེ་ཅོན་དང་སྡིགས་མཛུབ། ཡུམ་ཁྲོ་མོ་དབང་སྡུད་མ་དང་འཁྲིལ་བ། ལྷོ་སྒོར་ཀྲོ་དྷ༴ ཁྲོ་བོ་འཇིག་རྟེན་གསུམ་འཇིགས་དམར་ནག་ཐོ་བ་འཕྱར་བ། ཡུམ་ཁྲོ་གཉེར་ཅན་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་འཇིག་རྟེན་གསུམ་འཆིང་སྔོ་ནག་དབྱུག་ཏོ་འཕྱར་བ། ཡུམ་ཁྲོ་མོ་ཞགས་པ་མ་དང་འཁྲིལ་བ། ནུབ་སྒོར་ཀྲོ་དྷ༴ ཁྲོ་བོ་པད་རྒྱལ་དམར་ནག་རལ་གྲི་འཕྱར་བ། ཡུམ་ཁྲོ་མོ་རོ་ལངས་མ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་བེ་ཅོན་སྔོན་པོ་རིན་པོ་ཆེ་དང་བེ་ཅོན་འཕྱར་བ། ཡུམ་ཁྲོ་མོ་ལྕགས་སྒྲོག་མ་དུང་ཆེན་འབུད་པ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་རྡོ་རྗེ་ཐོ་བ་དུད་ཁ་ཐོ་བ་བསྣམས་པ། ཡུམ་ཁྲོ་མོ་ཟ་བྱེད་མ་དང་འཁྲིལ་བ། བྱང་སྒོར་ཀྲོ་དྷ༴ ཁྲོ་བོ་བཛྲ་ཀ་ཏི་དམར་ནག་གྲི་གུག་དང་སྡིགས་མཛུབ་ཅན། ཡུམ་ཁྲོ་མོ་རལ་གཅིག་མ་དང་འཁྲིལ་བ། ཀྲོ་དྷ༴ ཁྲོ་བོ་རྡོ་རྗེ་གོ་ཆ་མཐིང་ནག་གོ་ཆ་བསྣམས་པ། ཡུམ་ཁྲོ་མོ་དྲིལ་འཁྲོལ་མ་དྲིལ་བུ་འཁྲོལ་ཞིང་ཐོད་ཁྲག་སྟོབ་པ་དང་འཁྲིལ་བ། ཁྲོ་བོ་དེ་རྣམས་ཐམས་ཅད་ཀྱང་དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་ལ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་ཏེ་བྱུག་པའི་རྫས་གསུམ། ཐོད་སྐམ་གྱི་དབུ་རྒྱན། ཐོད་པ་ཚར་གསུམ་གྱི་དོ་ཤལ། སྦྲུལ་ཆུན་ཏེ་འདོགས་པའི་རྒྱན་གཉིས། གླང་ཆེན་ཀོ་རློན་དང་མི་ལྤགས་ཀྱི་སྟོད་གཡོགས་སྟག་གི་ཤམ་ཐབས་དེ་བགོ་བའི་གོས་གསུམ་སོགས་དུར་ཁྲོད་ཀྱི་ཆས་བརྒྱད། རྒྱ་བྱིའུ་ལྕགས་ཀྱི་ཆས། བསེ་ཁྲབ་དབང་གི་ཆས། གཅན་གཟན་གཟིག་གི་ཆས། གཏུམ་པ་དོམ་གྱི་ཆས། རྩལ་ཆེན་སེང་གེའི་ཆས། སྤྲུལ་པ་རྡོ་རྗེའི་ཆས། གདུག་པ་སྦྲུལ་གྱི་ཆས། དཔའ་བོ་སྟག་གི་ཆས། གཟི་མདངས་མི་ལྤགས་ཀྱི་ཆས། དམར་ཟལ་ཁྲག་གི་ཆས་ཏེ་དཔལ་ཆས་བཅུས་བརྒྱན་པ། ཆས་བཅུ་འདི་ཆེ་མཆོག་འདུས་པའི་རྒྱུད་ལུགས་ལྟར་ཡིན་གསུངས། ཡུམ་རྣམས་ཀྱང་མི་རུས་ལས་བྱས་པའི་སྤྱི་བོའི་འཁོར་ལོ། རྣ་ཆ། མགུལ་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས། འོག་པག་སྟེ་རུས་པའི་ཕྱག་རྒྱ་ལྔ། ཐོད་སྐམ་གྱི་དབུ་རྒྱན། གཟིག་ཤམ་ཅན། གཡས་འཁྱུད་གཡོན་ཐོད་ཁྲག་སྟོབ་པའི་རྣམ་པ་ཅན་ནོ། །འདི་ནི་ཁྲོ་བོ་རོལ་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བརྒྱད་པའི་ཁྱམས་ལ་ཕོ་ཉ་ཉིས་བརྒྱ་བཞི་བཅུ་ལས། ཤར་དུ་དུང་གི་མི་མོ་དྲུག་ཅུ་ནི། བྷ་ན་བྷ་ན་ཨཾ་ཀུ་ཤ་ཛཿ རྡོ་རྗེ་འབར་བའི་ཕོ་ཉ་མཐོང་བྱེད་མ་དཀར་མོ་ལྕགས་ཀྱུ་བསྣམས་པ། བྷ་ན༴ རྡོ་རྗེ་འཛིན་བྱེད་མ་དཀར་མོ་ཞགས་པ་འཛིན་པ། བྷ་ན༴ རྡོ་རྗེ་ཕུར་བུ་ཐོགས་མེད་མ་དཀར་མོ་སྙིང་བརྒྱུས་པའི་ཞགས་པ་འཕེན་པ། བྷ་ན༴ རྡོ་རྗེ་འབིགས་པ་མོ་དཀར་མོ་ཤེལ་གྱི་མདའ་འཕེན་པ། བྷ་ན༴ རྡོ་རྗེ་རོ་ལངས་མ་དཀར་མོ་རལ་གྲི་ཐོགས་པ། བྷ་ན༴ རྡོ་རྗེ་དྲག་མོ་དཀར་མོ་མདུང་ཐོགས་པ། བྷ་ན༴ རྡོ་རྗེ་མགྱོགས་མ་དཀར་མོ་མི་ལྤགས་ཀྱི་གཡབ་མོ་འདེབས་པ། བྷ་ན༴ རྡོ་རྗེ་གཏུམ་མོ་དཀར་མོ་མི་སྙིང་འབྱིན་ཅིང་ཆོ་ངེ་འདེབས་པ། བྷ་ན༴ རྡོ་རྗེ་འབེབས་མ་དཀར་མོ་གླུ་ལེན་ཞིང་གར་བསྒྱུར་བ། བྷ་ན༴ རྡོ་རྗེ་གསལ་མ་དཀར་མོ་དུང་ཕྲེང་ཀླད་ལ་བསྐོར་བ། བྷ་ན༴ རྡོ་རྗེ་སྟོད་མ་དཀར་སྐྱ་དར་དཀར་གྱི་གཡབ་མོ་འདེབས་པ། བྷ་ན༴ རྡོ་རྗེ་འགུགས་མ་དཀར་མོ་བདུད་ཀྱི་སྙིང་འབྱིན་པ། བྷ་ན༴ རྡོ་རྗེ་ཐོགས་མེད་མ་དཀར་མོ་ཟངས་གྲི་བསྣམས་པ། བྷ་ན༴ རྡོ་རྗེ་བསྐྱོད་མ་དཀར་མོ་རླུང་གི་ཞགས་པ་ཐོགས་པ། བྷ་ན༴ རྡོ་རྗེ་འཆང་བདག་མ་དཀར་དམར་འཛིན་བྱེད་ཞགས་པ་ཐོགས་པ། བྷ་ན༴ རྡོ་རྗེ་ཕྲ་མེན་མ་དཀར་དམར་མེ་སྒྲོན་ཁྱེར་བ། བྷ་ན༴ རྡོ་རྗེ་མྱུར་བྱེད་མ་དཀར་དམར་གློག་གི་ཞགས་པ་ཐོགས་པ། བྷ་ན༴ རྡོ་རྗེ་བསྐུལ་བྱེད་མ་དཀར་དམར་སྐར་མདའ་འཕེན་པ། བྷ་ན༴ རྡོ་རྗེ་གསལ་བཀྲ་མོ་དཀར་དམར་རྡོ་རྗེའི་ཞགས་པ་འཕེན་པ༴ བྷ་ན༴ རྡོ་རྗེ་ཡང་དག་མ་དཀར་དམར་ཕག་གདོང་མི་ལྤགས་ཀྱི་ལྕགས་ལ་དུང་དང་བྱུ་རུའི་ཕྲ་བཏབ་པའི་ལན་ཕྲན་བསྡེབ་པ། བྷ་ན༴ རྡོ་རྗེ་ཆེ་བ་མོ་དཀར་སེར་རྡོ་རྗེ་རྩེ་གཅིག་པ་འཕེན་པ། བྷ་ན༴ རྡོ་རྗེ་གནོན་མཛད་མ་དཀར་སེར་རྡོ་རྗེའི་བྲག་འཕེན་པ། བྷ་ན༴ རྡོ་རྗེ་དབང་ཕྱུག་མ་དམར་སེར་ཏྲི་ཤཱུ་ལ་དང་གཟེ་མོ་འཛིན་པ། བྷ་ན༴ རྡོ་རྗེ་སྡེར་མོ་དཀར་སེར་ལྕགས་ཀྱུ་དམར་པོ་འཛིན་པ། བྷ་ན༴ རྡོ་རྗེ་ཁ་འབར་མ་དམར་སེར་སྤྲིན་པའི་གོ་ཟུ་ཅན་ཁ་ནས་མེ་འབར་བ། བྷ་ན༴ རྡོ་རྗེ་གསལ་བྱེད་མ་དཀར་སེར་དུང་གི་འཁོར་ལོ་འཕེན་པ། བྷ་ན༴ རྡོ་རྗེ་ཁྲོ་མོ་དཀར་སེར་མི་ལྤགས་ཀྱི་གཡང་གཞི་བསྡེབ་པ། བྷ་ན༴ རྡོ་རྗེ་འཆང་མ་དཀར་སེར་རྡོ་རྗེའི་ཕུར་བུ་བསྒྲིལ་བ། བྷ་ན༴ རྡོ་རྗེ་གཏུམ་མོ་དམར་སེར་རྡོ་རྗེའི་ཐོ་བ་ཐོགས་པ། བྷ་ན༴ རྡོ་རྗེ་ཁྲོས་མ་དམར་སེར་རྡོ་རྗེའི་བེ་ཅོན་འཕྱར་བ། བྷ་ན༴ རྡོ་རྗེ་ལས་བྱེད་དམར་སེར་རལ་གྲི་འཛིན་པ། བྷ་ན༴ རྡོ་རྗེ་དུས་མཚན་དམར་སེར་ཤཀྟི་ཐོགས་པ། བྷ་ན༴ རྡོ་རྗེ་ཐར་པ་མོ་དམར་སེར་གཏུན་ཤིང་ཐོགས་པ། བྷ་ན༴ རྡོ་རྗེ་སྐུ་ལ་མོ་དམར་སེར་ལྕགས་ཀྱུ་འདེབས་པ། བྷ་ན༴ རྡོ་རྗེ་དཔལ་འབར་མ་དམར་སེར་རས་ཀྱི་ཞགས་པ་འདེབས་པ། བྷ་ན༴ རྡོ་རྗེ་བསྐྱོད་ཆེན་མ་དམར་སེར་རླུང་གི་རྐྱལ་པ་སྟེ་སྦུད་པ་ཐོགས་པ། བྷ་ན༴ རྡོ་རྗེ་གསོ་བྱེད་མ་དཀར་སྔོ་དུང་གི་ཞགས་པ་ཅན། བྷ་ན༴ རྡོ་རྗེ་རླངས་པ་མ་དཀར་སྔོ་རླུང་གི་ཞགས་པ་བསྣམས་པ། བྷ་ན༴ རྡོ་རྗེ་གསོད་པ་མོ་དཀར་མོ་ཤེལ་གྱི་གྲི་ཐོགས་པ། བྷ་ན༴ རྡོ་རྗེ་ཟ་བ་མོ་དཀར་སྔོ་ཤ་ཆེན་ཟ་བ། བྷ་ན༴ རྡོ་རྗེ་ལུས་འཕྲོག་མ་དཀར་སེར་ལྕགས་ཀྱི་ཚཱ་ཚཱ་འཕྲོ་བ། བྷ་ན༴ རྡོ་རྗེ་ངག་འཕྲོག་མ་དམར་སེར་ལྕགས་ཀྱུ་བསྣམས་པ། བྷ་ན༴ རྡོ་རྗེ་ཡིད་གཏུམ་མ་དཀར་སེར་སེན་མོས་མི་སྙིང་འབྱིན་པ། བྷ་ན༴ རྡོ་རྗེ་བདེ་ཆེན་མོ་དམར་སེར་རལ་པའི་གཡབ་མོ་འདེབས་པ། བྷ་ན༴ རྡོ་རྗེ་ཁྲག་འཐུང་མ་དཀར་སྔོ་བྷནྡྷ་ར་ཁྲག་འཐུང་བ། བྷ་ན༴ རྡོ་རྗེ་འཆའ་བ་མ་དཀར་སྔོ་ཀེང་རུས་ཁྲལ་ཁྲོལ་དུ་འཆའ་བ། བྷ་ན༴ རྡོ་རྗེ་ཚེ་ལེན་མ་དཀར་སྔོ་དར་གྱི་གཡབ་མོ་འདོར་བ། བྷ་ན༴ རྡོ་རྗེ་མདངས་ལེན་མ་དཀར་སྔོ་དུང་གི་པར་བུ་བསྣམས་པ། བྷ་ན༴ རྡོ་རྗེ་སྲོག་འཕྲོག་མ་དཀར་མོ་ཙིཏྟ་འབྱིན་པ། བྷ་ན༴ རྡོ་རྗེ་སྙིང་འབྱིན་མ་དཀར་སྔོ་སྙིང་གི་ཕྲེང་བ་འདྲེན་པ། བྷ་ན༴ རྡོ་རྗེ་གཅོད་བྱེད་མ་དཀར་ལྗང་ཤེལ་རྡོའི་དགྲ་སྟྭ་འཕྱར་བ། བྷ་ན༴ རྡོ་རྗེ་སྐུལ་བྱེད་མ་དཀར་མོ་ལྕགས་ཀྱུ་བསྣམས་པ། བྷ་ན༴ རྡོ་རྗེ་སྣ་ཚོགས་གཟུགས་སྐུ་མདོག་སྣ་ཚོགས་སམ་ལྗང་གུ་ཟབ་སླག་གསོལ་བ་བསེའི་ལྡན་དཀར་ཏེ་མདུང་ལ་བསེའི་བ་དན་འཕྱར་བ། བྷ་ན༴ རྡོ་རྗེ་སྨྱོན་མ་དཀར་ལྗང་ཤེལ་གྱི་རྡོ་རྗེ་འཕེན་པ། བྷ་ན༴ རྡོ་རྗེ་འཇུག་བྱེད་མ་དཀར་ལྗང་བྱ་ཁྲ་འགྱེད་པ། བྷ་ན༴ རྡོ་རྗེ་ཡིད་འཕྲོག་མ་དཀར་ལྗང་ཚོན་གྱི་གྲུ་གུ་སྟེ་སྲད་བུ་སྣ་ལྔའི་གྲུ་གུ་ཐོགས་པ། བྷ་ན༴ རྡོ་རྗེ་རོ་རྐུན་མ་དཀར་ལྗང་རོ་ཁུར་བ། བྷ་ན༴ རྡོ་རྗེ་རྫུ་བྱེད་མ་དཀར་ལྗང་རླུང་གི་ཞགས་པ་ཐོགས་པ། བྷ་ན༴ རྡོ་རྗེ་འཇིགས་བྱེད་མ་དཀར་ལྗང་དུག་གི་མཆེ་བ་འབྱིན་པ། བྷ་ན༴ རྡོ་རྗེ་བཅུད་ལེན་མ་དཀར་ལྗང་གཡུའི་ཟ་མ་ཏོག་བསྣམས་པའོ། །ལྷོར་གསེར་གྱི་མི་མོ་དྲུག་ཅུ་ནི། ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། རྡོ་རྗེ་དབྱིངས་ཕྱུག་མ་སེར་ནག་མེའི་ཞགས་པ་ཐོགས་པ། ཧ་ལ༴ རྡོ་རྗེ་མཁའ་འགྲོ་མ་སེར་ནག་སྡིགས་མཛུབ་གྱད་ཀྱི་དོར་སྟབས་ཅན། ཧ་ལ༴ རྡོ་རྗེ་མཐུ་འབེབས་མ་དམར་སེར་བ་དན་གྱི་གཡབ་འདོར་བ། ཧ་ལ༴ རྡོ་རྗེ་སྲབ་མོ་སེར་ནག་གོ་གྱོན་ཏེ་གྲི་ཕུབ་འཛིན་པ། ཧ་ལ༴ རྡོ་རྗེ་མཆོངས་མོ་སེར་ནག་བྱན་ལག་སྟེ་བུམ་པ་དམ་པ་ལྟ་བུའམ་བྱ་མ་བུམ་འདྲ་བ་ཐོགས་པ་ཡིན་གསུང་། ཧ་ལ༴ རྡོ་རྗེ་ཁྲོ་གཏུམ་ཅན་སེར་ནག་སྡང་མིག་ལྟ་བ་སྟག་ལ་ཞོན་པ་གྲི་ཐོད་ཅན། ཧ་ལ༴ རྡོ་རྗེ་བརྩོན་བྱེད་མ་སེར་ནག་རླུང་གི་ཞགས་པ་ཐོགས་པ། ཧ་ལ༴ རྡོ་རྗེ་འཇིགས་གདོང་མ་སེར་ནག་ཁ་བགྲད་མཆེ་གཙིགས་ལག་གཉིས་གདེངས་པ། ཧ་ལ༴ རྡོ་རྗེ་ཤ་ཟ་མ་སེར་ནག་རོ་དབྱུག་ཀླད་ལ་བསྐོར་ཞིང་ཤ་ཟ་བ། ཧ་ལ༴ རྡོ་རྗེ་ཁྲག་འཐོར་མ་སེར་ནག་མི་མགོ་རློན་པའི་ཕོར་པར་མི་སྙིང་ཁྲག་ཞག་བླུག་ཅིང་འཐོར་བ། ཧ་ལ༴ རྡོ་རྗེ་སོ་གཅིག་མ་སེར་མོ་ཁ་མིག་སོ་གཅིག་མ་རྡོ་རྗེ་རྩེ་གཅིག་མདའ་ལྟར་འཕེན་པ། ཧ་ལ༴ རྡོ་རྗེ་རལ་གཅིག་མ་སེར་མོ་རལ་པ་གོས་ལྟར་གྱོན་ཅིང་། ལྕགས་ཀྱུ་དང་སྡིགས་མཛུབ་ཅན། ཧ་ལ༴ རྡོ་རྗེ་འཁྲིལ་བྱེད་མ་སེར་མོ་སྔོ་དམར་གྱི་ཞགས་པ་འཕེན་པ། ཧ་ལ་རྡོ་རྗེ་འཛུལ་བྱེད་མ་སེར་མོ་གསེར་གྱི་རལ་གྲི་འཛིན་པ། ཧ་ལ༴ རྡོ་རྗེ་མྱུར་བྱེད་མ་སེར་མོ་ཚོན་གྱི་གྲུ་གུ་ཐོགས་པ། ཧ་ལ༴ རྡོ་རྗེ་མཐུ་ཆེན་མ་སེར་མོ་ཐོག་གི་ཆར་པ་འབེབས་ཤིང་རི་ཀླུངས་ཀུན་ཏུ་རྒྱུག་པ། ཧ་ལ༴ རྡོ་རྗེ་ནག་མོ་སྐྲའི་ཞགས་པ་འཕེན་པ། ཧ་ལ༴ རྡོ་རྗེ་རྟོག་འཇོམས་མ་སེར་མོ་བྷནྡྷར་ཤར་ལྔ་དང་བདུད་རྩི་ལྔ་ཟ་བ། ཧ་ལ༴ རྡོ་རྗེ་རྟོག་མེད་མ་སེར་མོ་དུང་གི་གཞོང་པ་ཐོགས་པ། ཧ་ལ༴ རྡོ་རྗེ་ཡངས་མ་སེར་མོ་སྤྲིན་གྱི་ག་ཤ་ཅན་གློག་ཞགས་ཀླད་ལ་བསྐོར་བ། ཧ་ལ༴ རྡོ་རྗེ་སྣ་ཚོགས་ལུས་དམར་སྐྱ་ཟ་འོག་གི་སྟོད་གཡོགས་ཅན་རྔ་མོང་དུ་རྫུ་ཞིང་རྒྱ་གྲམ་བསྣམས་པ། ཧ་ལ༴ རྡོ་རྗེ་སྡང་མིག་མ་དམར་སྐྱ་ལྕགས་ཀྱུ་བྱ་ཁྲ་འགྱེད་པ། ཧ་ལ༴ རྡོ་རྗེ་དུར་ཁྲོད་མ་དམར་སྐྱ་ཞིང་གཡང་བསྡེབ་པ། ཧ་ལ༴ རྡོ་རྗེ་མིག་འགྲོ་མ་དམར་ནག་ཁྱུང་ཞོན་གློག་ཞགས་འདེབས་པ། ཧ་ལ༴ རྡོ་རྗེ་བདེ་འགྲོ་མ་སེར་མོ་མཆོང་གི་བྱ་གླག་དམར་པོ་ཞོན་ཅིང་གཡུའི་ཟོར་བ་འདེབས་པ། ཧ་ལ༴ རྡོ་རྗེ་རྒྱས་བྱེད་མ་སེར་སྐྱ་ཉི་ཟླའི་འཁོར་ལོ་འཕེན་པ། ཧ་ལ༴ རྡོ་རྗེ་འཛུམ་བྱེད་མ་སེར་སྐྱ་ཚོན་གྱི་གྲུ་གུ་བརྡོག་པ་བུ་ཆུང་དང་སྤྲེའུར་རྫུ་བ། ཧ་ལ༴ རྡོ་རྗེ་ཁྲག་མྱོས་མ་དམར་མོ་དུར་བྱ་མཆུ་རིང་གི་གདོང་པ་ཅན་ཐོད་ཁྲག་ཐོགས་པ། ཧ་ལ༴ རྡོ་རྗེ་རྔམས་འཚིག་མ་དམར་མོ་སྤར་མོ་གདེངས་པ། ཧ་ལ༴ རྡོ་རྗེ་མགྱོགས་བྱེད་མ་སེར་སྐྱ་རླུང་ལ་ཞོན་པ་ལྕགས་ཀྱུ་ཅན། ཧ་ལ༴ རྡོ་རྗེ་གཏུམ་པ་མོ་དམར་སེར་སྤུ་གྲི་དང་སྙིང་ཐོགས་པ། ཧ་ལ༴ རྡོ་རྗེ་མདུང་ཐུང་མ་དཀར་སེར་གཡས་མདུང་ཐུང་དང་གཡོན་སྡེར་མོ། ཧ་ལ༴ རྡོ་རྗེ་གློག་འགྱུ་མ་དམར་སེར་གློག་ཞགས་འཕེན་ཅིང་ནམ་མཁར་རྒྱུ་བ། ཧ་ལ༴ རྡོ་རྗེ་ཐོག་འབེབས་མ་དམར་སེར་ཐོག་གི་ཚྭ་ཚྭ་འཕྲོ་ཞིང་རྒྱ་མཚོ་སྐེམས་པ། ཧ་ལ༴ རྡོ་རྗེ་སྤོར་བྱེད་མ་དམར་སེར་ཞིང་ཆེན་ཞལ་དུ་གསོལ་བ། ཧ་ལ༴ རྡོ་རྗེ་འཁྲུག་བྱེད་མ་དམར་སེར་རྡོ་རྗེ་ཐོགས་ནས་རི་རབ་རྩེ་ནས་འཇོམས་ཤིང་རྒྱ་མཚོའི་གཏིང་ནས་དཀྲུག་པ། ཧ་ལ༴ རྡོ་རྗེ་དབང་ཕྱུག་མ་སྨུག་ནག་རལ་གྲི་དང་སྙིང་ཐོགས་པ། ཧ་ལ༴ རྡོ་རྗེ་ཀ་མ་ལ་སྨུག་ནག་མཛུབ་མོས་རི་རབ་གཡེང་ཞིང་རྐང་པས་རྒྱ་མཚོ་འཁྲུག་པ། ཧ་ལ༴ རྡོ་རྗེ་གསལ་བཀྲ་མ་དམར་སེར་ཉི་ཟླའི་ཞགས་པ་འཕེན་པ། ཧ་ལ༴ རྡོ་རྗེ་ཁ་བསྒྱུར་མ་དམར་སེར་དུང་གི་དགོ་བ་ཞོན་ཅིང་རྒྱ་གྲམ་འཛིན་པ། ཧ་ལ༴ རྡོ་རྗེ་ཀུན་སྒྲོལ་མ་དམར་ལྗང་རལ་གྲི་ཀླད་ལ་བསྐོར་ཞིང་སྲམ་དང་ཆུ་བྱར་སྤྲུལ་པ། ཧ་ལ༴ རྡོ་རྗེ་མྱོས་བྱེད་མ་དམར་ལྗང་ར་རོ་སྨྱོ་རྫུ་ཅན་སྙིང་འཛིན་པ། ཧ་ལ༴ རྡོ་རྗེ་ཁྲག་འཐུང་མ་དམར་ལྗང་ཐོད་ཁྲག་གསོལ་བ། ཧ་ལ༴ རྡོ་རྗེ་འབར་མ་དམར་ལྗང་རིན་པོ་ཆེ་འབར་བ་ཐོགས་པ། ཧ་ལ༴ རྡོ་རྗེ་མི་བཟད་མ་དམར་ལྗང་གནམ་ས་གཉིས་ཐགས་སུ་འཐག་ཚུལ་གྱིས་ཐགས་ཁྲི་ལ་ཐགས་འཐག་པ། ཧ་ལ༴ རྡོ་རྗེ་འཕྲོག་བྱེད་མ་དམར་ལྗང་ལྕགས་ཀྱུ་དང་ཙིཏྟ་ཐོགས་པ། ཧ་ལ༴ རྡོ་རྗེ་སྒྲོལ་བྱེད་མ་སེར་ལྗང་ཙིཏྟ་ཐོགས་པ། ཧ་ལ༴ རྡོ་རྗེ་སྣ་ཚོགས་སྟོབས་སེར་ལྗང་ཞིང་གི་རྐང་ལག་འཛིན་པ། ཧ་ལ༴ རྡོ་རྗེ་ཡིད་འཕྲོག་མ་སེར་ལྗང་ན་ཆུང་གི་ཚུལ་དུ་བརྫུ་བའི་བུ་མོ་ཐ་མལ་པ་མཛེས་མ་རྒྱན་ལྡན། ཧ་ལ༴ རྡོ་རྗེ་སྲོག་ལེན་མ་སེར་ལྗང་སྙིང་བརྒྱུས་པའི་ཞགས་པ་འཕེན་པ། ཧ་ལ༴ རྡོ་རྗེ་བཅུད་ལེན་པ་མ་སེར་སྨུག་ཟངས་མཆུ་ཅན་ཕྱག་མཚན་མེད་པ། ཧ་ལ༴ རྡོ་རྗེ་ཚེ་འཛིན་མ་སེར་མོ་བསེའི་གའུ་དམར་པོ་འཛིན་པ། ཧ་ལ༴ རྡོ་རྗེ་དབང་མོ་ཆེ་སེར་སྨུག་སེངྒེ་དཀར་མོ་ཞོན་ནས་ཉི་ཟླ་བརྒྱུས་པའི་ཞགས་པ་འཕེན་པ། ཧ་ལ༴ རྡོ་རྗེ་དྲེགས་འཇོམས་མ་སེར་མོ་གོ་གྱོན་ཞིང་གི་ཕུབ་འཛིན་པ། ཧ་ལ༴ རྡོ་རྗེ་སྡུད་བྱེད་མ་སེར་མོ་ལྕགས་ཀྱུ་འཛིན་པ། ཧ་ལ༴ རྡོ་རྗེ་བླ་འཛིན་མ་སེར་མོ་ལྕགས་ཀྱུ་ཐོགས་པ། ཧ་ལ༴ རྡོ་རྗེ་སྲོག་འཛིན་མ་སེར་སྨུག་ལྕགས་ཀྱུའི་ཕྱག་རྒྱ་ཅན། ཧ་ལ༴ རྡོ་རྗེ་རྩ་འགྲོ་མ་སེར་ནག་རྩ་ལ་འཛུལ་བའི་ཕྱག་རྒྱ་ཅན། ཧ་ལ༴ རྡོ་རྗེ་གནས་འབྱིན་མ་སེར་སྨུག་འབྲུག་གི་སྒྲ་འབྱིན་པས་ས་དགུ་གཏིང་ནས་འཇོམས་ཚུལ་ཞལ་གདངས་ཤིང་ཕྱག་མཚན་མི་མངའ་བ། ཧ་ལ༴ རྡོ་རྗེ་གནས་གཏོད་མ་སེར་མོ་འདེགས་པའི་ཕྱག་རྒྱ་ཅན་ནོ། །ནུབ་ཏུ་བསེའི་མི་མོ་དྲུག་ཅུ་ནི། གརྫ་གརྫ་སྥོ་ཊ་བཾ། རྡོ་རྗེ་ཐོགས་འབེབས་མ་དམར་ནག་ཐོག་ཆེན་འབེབས་པ། གརྫ༴ རྡོ་རྗེ་འབྲུག་སྒྲོག་མ་དམར་ནག་འབྲུག་ཆེན་ཆིབས་པ་ཕྱག་མཚན་མི་མངའ་བ། གརྫ༴ རྡོ་རྗེ་ཆར་འབེབས་མ་དམར་ནག་སྤྲིན་གྱི་སློག་པ་གསོལ་ཞིང་སྤྲིན་ལས་བདུད་རྩིའི་ཆར་འབེབས་པ། གརྫ༴ རྡོ་རྗེ་འོད་འགྱེད་མ་དམར་ནག་འཇའ་འོད་སྤྲོ་ཞིང་འགྱེད་པ། གརྫ༴ རྡོ་རྗེ་གསལ་བཀྲ་མ་དམར་ནག་གཡུའི་ལན་ཕྲན་ཅན་འོད་འཕྲོ་ཞིང་ཉི་མ་འཛིན་པ། གརྫ༴ རྡོ་རྗེ་འཇའ་ཚོན་མ་དམར་ནག་འཇའ་ཞགས་ཐོགས་པ། གརྫ༴ རྡོ་རྗེ་འོད་འཕྲོ་མ་དམར་ནག་ཉི་ཟེར་འཕྲོ་བ། གརྫ༴ རྡོ་རྗེ་འོད་གསལ་མ་དམར་ནག་མེ་དཔུང་བསྣམས་པ། གརྫ༴ རྡོ་རྗེ་ཁྲག་འཐུང་མ་དམར་ནག་ཐོད་ཁྲག་འཐུང་བ། གརྫ༴ རྡོ་རྗེ་དབང་ཕྱུག་མ་དམར་ནག་རྡོ་རྗེ་དང་པདྨ་བསྣམས་པ། གརྫ༴ རྡོ་རྗེ་ས་བདག་མ་དམར་སྔོ་ལྕགས་ཀྱུ་ཕག་མགོ་ཐོགས་པ། གརྫ༴ རྡོ་རྗེ་འགུགས་བྱེད་མ་དམར་སྔོ་ལྕགས་ཀྱུ་ཐོགས་པ། གརྫ༴ རྡོ་རྗེ་དཀར་ཤམ་མ་དཀར་སྔོ་བསེའི་གའུ་ཅན། གརྫ༴ རྡོ་རྗེ་སྒྲ་སྒྲོག་མ་དམར་སྔོ་ཞིང་གི་རྔེའུ་ཆུང་བརྡུང་བ། གརྫ༴ རྡོ་རྗེ་ཡིད་གཞུངས་མ་དམར་སྔོ་ལག་གཉིས་ཁུ་ཚུར་འཆང་བ། གརྫ༴ རྡོ་རྗེ་ལྟ་ན་མཛེས་པ་སྔོ་དམར་མེ་ཏོག་གི་ཆུན་འཕྱང་ཅན། གརྫ༴ རྡོ་རྗེ་སེམས་འཕྲོག་མ་དམར་སྔོ་གཡུའི་ཉི་མ་བསྣམས་པ། གརྫ༴ རྡོ་རྗེ་བདུད་འབེབས་མ་དམར་སྔོ་མི་ཐོད་རྟ་ཐོད་ཐོགས་པ། གརྫ༴ རྡོ་རྗེ་མགྱོགས་བྱེད་མ་དམར་སྔོ་ཁྱུང་ཆིབས་ཉི་མ་བསྣམས་པ། གརྫ༴ རྡོ་རྗེ་གསོད་རྐྱེན་མ་དམར་སྔོ་སེང་ཞོན་མདུང་ཐོགས་པ། གརྫ༴ རྡོ་རྗེ་སྙིང་འབྱིན་མ་དམར་ལྗང་ཙིཏྟ་ཐོགས་པ། གརྫ༴ རྡོ་རྗེ་དམར་འཐུང་མ་དམར་ལྗང་དུང་ཁྲག་འཐུང་བ། གརྫ༴ རྡོ་རྗེ་རྐང་འཇིབ་མ་དམར་ལྗང་གཡིའི་མགོ་ཅན་རྐང་དང་བཅུད་འཇིབས་པ། གརྫ༴ རྡོ་རྗེ་ལས་བྱེད་མ་དམར་ལྗང་འབྲུག་སྔོན་ཆིབས་པ་དུང་ཐོགས་པ། གརྫ༴ རྡོ་རྗེ་ཞགས་ཐོགས་མ་སྔོན་མོ་རླུང་ལ་ཞོན་པ་ཞགས་པ་བསྣམས་པ། གརྫ༴ རྡོ་རྗེ་བླ་འཕྲོག་མ་དམར་སྐྱ་རེ་བའི་ཤམ་ཐབས་ཅན་རླུང་ལ་ཞོན་པ་བྷན་དམར་ཐོགས་པ། གརྫ༴ རྡོ་རྗེ་ཐོགས་མེད་མ་དམར་ལྗང་རལ་གྲི་ཐོགས་པ། གརྫ༴ རྡོ་རྗེ་ཟ་བྱེད་མ་དམར་ལྗང་སྟག་ཆེན་སྡེར་མང་ལ་ཞོན་པ་ཐོད་ཁྲག་ཐོགས་ཤིང་གཙང་རྨེ་མེད་པར་ཟ་བ། གརྫ༴ རྡོ་རྗེ་མྱོས་བྱེད་མ་དམར་ལྗང་ལྕགས་ཀྱི་ཐོ་བ་ཐོགས་པ། གརྫ༴ རྡོ་རྗེ་རྨུགས་བྱེད་མ་དམར་ལྗང་ལྕགས་ཀྱི་དྲྭ་བ་ཐོགས་པ། གརྫ༴ རྡོ་རྗེ་རྫུ་བྱེད་མ་དམར་སེར་ར་སྐྱེས་ཁམ་པ་ལ་ཞོན་པ། གརྫ༴ རྡོ་རྗེ་འཁྲུག་བྱེད་མ་དམར་སེར་རྒྱ་མཚོ་ཧུབ་ཀྱིས་འདེབས་པ། གརྫ༴ རྡོ་རྗེ་དྲག་མོ་དམར་སེར་དོམ་ལ་ཞོན་པ། གརྫ༴ རྡོ་རྗེ་སྐེམ་མ་དམར་སེར་ཁྲག་གི་ལན་ཕྲན་ཅན་ཐོད་ཁྲག །གརྫ༴ རྡོ་རྗེ་དམར་སེར་བྱ་སྤང་ཐིའི་མགོ་ཅན་ཀླད་པ་འདྲལ་བ། གརྫ༴ རྡོ་རྗེ་དམར་སེར་ཟངས་གྲི་ཐོགས་པ། གརྫ༴ རྡོ་རྗེ་འཛིན་མ་དམར་སེར་སྦྲུལ་ནག་གི་ཞགས་པ་འཕེན་པ། གརྫ༴ རྡོ་རྗེ་གློག་འགྱུ་མ་དམར་སེརརྫུ་འཕྲུལ་གྱི་ཁྲ་ཐོགས་པ། གརྫ༴ རྡོ་རྗེ་གཡུལ་འཇོམས་མ་དམར་སེར་ཤཀྟི་ཐོགས་པ། གརྫ༴ རྡོ་རྗེ་ལྷ་འབྲེལ་མ་དམར་སེར་རྡོ་རྗེའི་ཐོག་འབེབས་པ། གརྫ༴ རྡོ་རྗེ་སྲོག་འབྲེལ་མ་དམར་སྨུག་ཀ་ཏར་ཏེ་རལ་གྲི་འཕྱར་བ། གརྫ༴ རྡོ་རྗེ་མྱུར་བྱེད་མ་དམར་སྨུག་གློག་གི་ག་ཤ་ཅན། གརྫ༴ རྡོ་རྗེ་རེངས་བྱེད་མ་མཆོང་སྟབས་ཅན་རྡོ་རྗེ་འཛིན་པ། གརྫ༴ རྡོ་རྗེ་སྲོག་བྱེད་མ་དམར་སྨུག་གྲི་ཐོགས་པ། གརྫ༴ རྡོ་རྗེ་གློག་བྱེད་མ་དམར་སྨུག་རྡོ་རྗེའི་བེ་ཅོན་འཕྱར་བ། གརྫ༴ རྡོ་རྗེ་ཐོ་བ་མ་དམར་སྨུག་རྡོ་རྗེའི་ཐོ་བ་འཕྱར་བ། གརྫ༴ རྡོ་རྗེ་གཏུམ་ཁུང་མ་དམར་སྨུག་གཏུན་ཁུང་ཐོགས་པ། གརྫ༴ རྡོ་རྗེ་ཞགས་འཕེན་མ་དམར་སྨུག་བདུད་ཞགས་ཐོགས་པ། གརྫ༴ རྡོ་རྗེ་མེ་ཁྱེར་མ་དམར་སྨུག་དུར་ཁྲོད་ཀྱི་མེ་ཆེན་བསྣམས་པ། གརྫ༴ རྡོ་རྗེ་སྡུད་བྱེད་མ་དམར་སྨུག་གསེར་གྱི་ཕྲེང་བ་ཐོགས་པ། གརྫ༴ རྡོ་རྗེ་གཡེངས་བྱེད་མ་དམར་སྐྱ་རླུང་གི་འཁོར་ལོ་ཐོགས་ཏེ་རི་རབ་གཡེང་བ། གརྫ༴ རྡོ་རྗེ་བདུད་འཇོམས་མ་དམར་སྐྱ་གཏུན་ཤིང་དང་ཐོ་བ་ཐོགས་པ། གརྫ༴ རྡོ་རྗེ་དཔལ་མོ་དམར་སྐྱ་སྲིད་པའི་དཔལ་འཕྲོག་པར་བྱེད་པའི་ལྕགས་ཀྱུ་དང་པར་བུ་བསྣམས་པ་གསེར་གཡུའི་ན་བཟའ་གསོལ་བ། གརྫ༴ རྡོ་རྗེ་དབང་ཕྱུག་མ་དམར་མོ་རྡོ་རྗེ་རྩེ་གསུམ་དང་ཐོད་ཁྲག་འཐུང་བ། གརྫ༴ རྡོ་རྗེ་གྲགས་པ་མོ་དམར་སྐྱ་མི་མགོའི་དུང་འབུད་པ། གརྫ༴ རྡོ་རྗེ་གཏུམ་བག་ཅན་དམར་ནག་མི་སྙིང་བསྣམས་པ། གརྫ་༴ རྡོ་རྗེ་ཀཱི་ལ་ཡ་དམར་སྐྱ་ཕུར་བུ་ཐོགས་པ། གརྫ་རྡོ་རྗེ་བདེ་ཚོགས་མ་དམར་མོ་ཁྲག་ཆར་འབེབས་པ། གརྫ༴ རྡོ་རྗེ་ཧ་ལའི་གདོང་དམར་ནག་བདུད་རྩི་བུ མ་པ་འཛིན་པ། གརྫ༴ རྡོ་རྗེ་རབ་བརྗིད་མ་དམར་ནག་མི་མགོ་སྐམ་རློན་རྙིང་གསུམ་གྱི་ཕྲེང་བ་བགྲང་ཞིང་ཀླད་ལ་བསྐོར་བའོ། །བྱང་དུ་གཡུའི་མི་མོ་དྲུག་ཅུ་ནི། པ་ཙ་པ་ཙ་གྷཎྜེ་ཧོཿ རྡོ་རྗེ་མ་ལྗང་སྔོན་རྒྱ་གྲམ་འཛིན་པ། པ་ཙ་༴ རྡོ་རྗེ་འཇོམས་ཆེན་མ་ལྗང་སྔོན་ཁྱུང་ཁྲ་ཐོགས་པ། པ་ཙ༴ རྡོ་རྗེ་འདུལ་མཛད་མ་ལྗང་སྔོན་དྲེད་ཀྱི་གཡང་གཞི་རྡེབ་པ། པ་ཙ༴ རྡོ་རྗེ་དབང་ཕྱུག་མ་ལྗང་སྔོན་ཐོད་རློན་ཁྲག་བཀང་འཛིན་པ་གཡག་ལ་ཞོན་པ། པ་ཙ༴ རྡོ་རྗེ་གྲུབ་བྱེད་མ་ལྗང་སྔོན་མི་མགོའི་དུང་འབུད་པ། པ་ཙ༴ རྡོ་རྗེ་སྐུལ་བྱེད་མ་ལྗང་སྔོན་སྙན་པའི་གླུ་ལེན་པ། པ་ཙ༴ རྡོ་རྗེ་གྲུབ་པ་མོ་ལྗང་སྔོན་གཡུའི་འཁོར་ལོ་འཆང་བ། པ་ཙ༴ རྡོ་རྗེ་མཐར་ཕྱིན་མ་ལྗང་སྨུག་གཡུའི་ཐོར་ཚུགས་ཅན་རྡོ་རྗེ་འཛིན་པ། པ་ཙ༴ རྡོ་རྗེ་མཐར་འདོད་མ་ལྗང་སྨུག་རྡོ་རྗེ་རྒྱ་གྲམ་ཐོགས་པ། པ་ཙ༴ རྡོ་རྗེ་ཆུད་མི་ཟ་ལྗང་སྔོན་དུང་གི་མཆེ་བ་འཛིན་པ། པ་ཙ༴ རྡོ་རྗེ་དབང་སྒྱུར་མ་ལྗང་དམར་ཆུ་སྲིན་གྱི་རྒྱལ་མཚན་ཐོགས་པ། པ་ཙ༴ རྡོ་རྗེ་ཐོགས་མེད་མ་ལྗང་དམར་ཁྱུང་ཞོན་རལ་གྲི་དང་མདུང་དམར་ཐོགས་པ། པ་ཙ༴ རྡོ་རྗེ་གྲུབ་པ་མོ་དམར་ལྗང་ཤེལ་གྱི་ཟ་མ་ཏོག་བསྣམས་པ། པ་ཙ༴ རྡོ་རྗེ་གསལ་བྱེད་མ་དམར་ལྗང་མེའི་ཞགས་པ་འཕེན་པ། པ་ཙ༴ རྡོ་རྗེ་དབང་བྱེད་མ་དམར་ལྗང་རྡོ་རྗེའི་ལྕགས་ཀྱུ་འཛིན་པ་སྤྲ་དང་བྱི་ལའི་སྤྲུལ་པ་འགྱེད་པ། པ་ཙ༴ རྡོ་རྗེ་དམ་ཚིག་མ་དམར་ལྗང་མེའི་ཞགས་པ་དང་སྡིགས་མཛུབ་ཅན། པ་ཙ༴ རྡོ་རྗེ་བྱ་ར་མ་དམར་ལྗང་ལྕགས་ཀྱི་བྱ་ཁྲ་གཡུ་མིག་ཅན་གྱི་མགོ་བྱ་ར་བྱེད་ཚུལ། པ་ཙ༴ རྡོ་རྗེ་སྟངས་འཛིན་མ་དམར་ལྗང་རྩིས་ཀྱི་བྱང་བུ་ཐོགས་པ། པ་ཙ༴ རྡོ་རྗེ་སྟངས་གཅོད་མ་དམར་ལྗང་རྩིས་ཀྱི་ཁྲམ་བམ་ཐོགས་པ། པ་ཙ༴ རྡོ་རྗེ་གསལ་འཛིན་མ་དམར་ལྗང་རྒྱལ་འཕམ་འབྱེད་པའི་ཤོ་རྡེའུ་འཛིན་པ། པ་ཙ༴ རྡོ་རྗེ་བསྐུལ་བྱེད་མ་ལྗང་སེར་ལྕགས་ཀྱི་མདའ་འཕེན་པ། པ་ཙ༴ རྡོ་རྗེ་དབང་མོ་ལྗང་སེར་ཁྲག་གི་ཕོར་པ་ཐོགས་པ། པ་ཙ༴ རྡོ་རྗེ་ཕག་མགོ་མ་ལྗང་སེར་ཕག་མགོ་དང་ཐོ་བ་འཕྱར་བ། པ་ཙ༴ རྡོ་རྗེ་སྤྱན་བརྒྱ་མ་ལྗང་སེར་མགོ་ལུས་མེད་པར་མིག་གིས་གང་བ་མདའ་གཞུ་འགེང་བ། པ་ཙ༴ རྡོ་རྗེ་ཕོ་ཉ་མིག་སྟོང་ལྡན་ལྗང་སེར་དབུ་སྟོང་ཕྱག་སྟོང་སྤྱན་སྟོང་ཅན་གྲི་ཐོད་ཐོགས་པ། པ་ཙ༴ རྡོ་རྗེ་འོད་མགྱོགས་མ་ལྗང་སེར་ལུས་ལས་འཇའ་འོད་འགྱེད་པ་མེ་ལོང་ཐོགས་པ། པ་ཙ༴ རྡོ་རྗེ་རླུང་ཞོན་མ་ལྗང་སེར་ལག་ན་ལྕགས་ཀྱི་དགྲ་སྟྭ་བསྣམས་པ་རླུང་ནག་འཚུབ་མ་ཆིབས་པ། པ་ཙ༴ རྡོ་རྗེ་རྫུ་འཕྲུལ་ཅན་ལྗང་སེར་སྦྲུལ་ནག་སྟོང་ག ི་ཞགས་པ་འཕེན་ཞིང་རྔ་མོ་གྭ་པ་ལ་ཞོན་པ། པ་ཙ༴ རྡོ་རྗེ་རྒྱུ་བ་མོ་ཆུ་སྲིན་གྱི་མགོ་བོ་སྦྲུལ་གྱི་ལུས་ཅན་སྤུ་གྲི་ཐོགས་པ། པ་ཙ༴ རྡོ་རྗེ་དབང་ཕྱུག་རྒྱལ་ལྗང་སེར་མདུང་རྩེ་གསུམ་འཛིན་པ། པ་ཙ༴ རྡོ་རྗེ་གྲགས་རྒྱལ་མ་ལྗང་ནག་དྲེད་མགོ་ཅན་སྟག་ལ་ཞོན་པ་གྲི་ཐོད། པ་ཙ༴ རྡོ་རྗེ་དཔལ་ཤམ་མ་ལྗང་ནག་དམར་གཏོར་ཀླད་ལ་བསྐོར་ཞིང་ཞགས་པ་ལྟར་འཕེན་པ། པ་ཙ༴ རྡོ་རྗེ་ཡཀྴ་མོ་ལྗང་ནག་གནོད་སྦྱིན་གྱི་མགོ་ཐོགས་པ། པ་ཙ༴ རྡོ་རྗེ་ཁྲོ་བག་ཅན་ལྗང་གུ་བུད་མེད་ཀྱི་གཟུགས་ལ་སྐྱེས་པའི་མགོ་བོ་ཅན་ཞི་ཁྲོ་སྤེལ་མར་སྟོན་པ་གྲི་ཐོད་ཅན། པ་ཙ༴ རྡོ་རྗེ་མཆེ་བ་མོ་ལྗང་གུ་ལག་གཉིས་རྡོ་རྗེའི་མཆེ་བ་འདེབས་པ། པ་ཙ༴ རྡོ་རྗེ་དབང་བསྐུར་མ་ལྗང་གུ་རྡ ོ་རྗེ་གོ་ཆའི་ཕྱག་རྒྱ་ཅན། པ་ཙ༴ རྡོ་རྗེ་དངོས་གྲུབ་བདག་ལྗང་ནག་འདོད་ཡོན་ལྔའི་ལོངས་སྤྱོད་ཀྱི་གཞོང་པ་འཛིན་པ། པ་ཙ༴ རྡོ་རྗེ་སྒྲོལ་བྱེད་མ་ལྗང་ནག་ཕལ་ཚབ་སྟེ་གྲི་བསྣམས་པ། པ་ཙ༴ རྡོ་རྗེ་མངའ་བདག་མོ་ལྗང་ནག་སྲིད་གསུམ་དུ་གྲགས་པའི་རྔེའུ་ཆུང་བརྡུང་བ། པ་ཙ༴ རྡོ་རྗེ་འོད་འཕྲོ་མ་ལྗང་ནག་ཤཀྟི་ཐོགས་པ། པ་ཙ༴ རྡོ་རྗེ་དྲག་མོ་ལྗང་སྨུག་གྲུ་གསུམ་མཐིང་ནག་ཐོགས་པ། པ་ཙ༴ རྡོ་རྗེ་ཁྲོ་རྐྱེན་མ་ལྗང་སྨུག་རལ་པ་ས་ལ་རྡེབ་པ། པ་ཙ༴ རྡོ་རྗེ་མྱུར་གྲུབ་མ་ལྗང་སྨུག་རལ་གྲི་ཐོགས་པ། པ་ཙ༴ རྡོ་རྗེ་ཆུད་མི་ཟ་ལྗང་སྨུག་རིན་ཆེན་སྒྲོན་མེ་ཐོགས་པ། པ་ཙ༴ རྡོ་རྗེ་འདུལ་བྱེད་མ་ལྗང་སྨུག་སྲིན་པོའི་ཐོད་པ་ཐོགས་པ། པ་ཙ༴ རྡོ་རྗེ་རྒྱ་མཚོ་མ་སྣ་ཚོགས་ལུས་ཅན་རྒྱ་མཚོ་སྐྱོམ་པ། པ་ཙ༴ རྡོ་རྗེ་ལྟུང་འཛིན་མ་ལྗང་སྨུག་ཞིང་བཅུ་དམྱལ་བ་ནས་འདྲེན་པའི་ལྕགས་ཀྱུ་ཅན། པ་ཙ༴ རྡོ་རྗེ་སྒྲོལ་བྱེད་མ་དམར་སྨུག་རི་རབ་འཛིན་པ། པ་ཙ༴ རྡོ་རྗེ་རང་དབང་མོ་ལྗང་ནག་གཡུའི་ཞགས་པ་འདེབས་པ། པ་ཙ༴ རྡོ་རྗེ་འདུལ་མཁན་མ་ལྗང་གུ་ན་ཆུང་ཆས་བཟང་སྟེ་བུ་མོ་མཛེས་ཚུལ། པ་ཙ༴ རྡོ་རྗེ་གོམས་པ་མོ་ལྗང་གུ་ཡུངས་ཀར་མདའ་ལྟར་འཕེན་པ། པ་ཙ༴ རྡོ་རྗེ་ལས་མཁན་མ་ལྗང་སྐྱ་མཚེ་ཟོར་འཕེན་པ། པ་ཙ༴ རྡོ་རྗེ་དབང་བསྒྱུར་མ་ལྗང་གུ་ཉི་ཟླ་གཟའ་སྐར་སློག་པར་གྱོན་ཞིང་གླིང་བཞི་ལག་པར་ཐོགས་པ། པ་ཙ༴ རྡོ་རྗེ་མཆོག་སྒྲོལ་མ་ལྗང་སྐྱ་མི་སྙིང་འཛིན་པ། པ་ཙ༴ རྡོ་རྗེ་རྒྱུག་འཛིན་མ་ལྗང་སྐྱ་ཤེལ་དང་ལུང་ཐང་གི་ཕྲེང་བ་འཛིན་པ། པ་ཙ༴ རྡོ་རྗེ་རྔམས་པ་མོ་ལྗང་སྐྱ་ཤ་ཁྲག་རློན་པར་ཟ་བ། པ་ཙ༴ རྡོ་རྗེ་སྤྲོ་རྐྱེན་མ་ལྗང་སྐྱ་འདེབས་པའི་ཕྱག་རྒྱ་ཅན། པ་ཙ༴ རྡོ་རྗེ་གཏུམ་ཆེན་མ་ལྗང་སྐྱ་ཉི་ཟླའི་འཁོར་ལོ་འཕེན་པ། པ་ཙ༴ རྡོ་རྗེ་མིག་དམར་མ་ར་གདོང་ལྗང་སྐྱ་ཁྲག་ཆང་གི་ཐོད་པ་ཐོགས་པ། པ་ཙ༴ རྡོ་རྗེ་སེན་མོ་ཅན་དམར་སྨུག་སེན་མོ་ལྕགས་ཀྱུས་གཏམས་པའོ། །ཕོ་ཉ་དེ་དག་ཐམས་ཅད་ཀྱང་སྐྲ་བརྫེས་པ། ཐོད་སྐམ་གྱི་དབུ་རྒྱན། མི་ལྤགས་ཀྱི་སྟོད་གཡོགས། གཟིག་གི་ཤམ་ཐབས། རུས་པའི་ཕྱག་རྒྱ་ལྔ་སོགས་ཁྲོ་མོའི་ཆས་ཐམས་ཅད་དང་ལྡན་པའོ། །ཁྱམས་འདི་ནི་མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དགུ་པའི་ཁྱམས་ལ་མ་མོ་དྲུག་ཅུ་ནི། ཤར་དུ་མ་མ་ཤྭ་ར་ཧཱུཾ། མ་མོ་རལ་གཅིག་མ་མཐིང་ནག་ཞལ་གཅིག་ཕྱག་བཞི་འཇིགས་གཟུགས་ཅན། གཡས་གཉིས་ཏྲི་ཤུ་ལ་དང་རལ་གྲི། གཡོན་གཉིས་གྲི་གུག་དང་ནད་རྐྱལ་ཅན་དྲེའུ་རྟ་རྐང་གསུམ་ལ་ཞོན་པ། མི་ལྤགས་དང་གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང་རེ་ལྡེའི་ཤམ་ཐབས་སོགས་ལྷ་མོ་སྤྱི་ལྟར་རྒྱན་ཆས་བརྗིད་པ་རལ་པ་ཅན་ནོ། །མ་མ༴ མ་མོ་ཐལ་མདོག་མ་ཐོད་ཁྲག་འཐུང་བ་ཞིང་གཡང་སོགས་དུར་ཁྲོད་ཀྱི་ཆས་ལྡན་ནོ། །མ་མ༴ མ་མོ་རལ་པ་ཅན་མི་ཐོད་ཀྱི་ཕྲེང་བས་རྒྱན་པ་མིའི་ཐོད་པ་ཐོགས་པ། མ་མ༴ མ་མོ་ཟ་བྱེད་རྔམ་ཆེན་མོ་མཐིང་སྐྱ་ཁྲག་རལ་གོས་སུ་གྱོན་པ་ཙིཏྟ་བཟུང་བ། མ་མ༴ མ་མོ་ཆེན་མོ་དམར་མོ་ཐོད་ཁྲག་འཐུང་བ། མ་མ༴ མ་མོ་རྒྱུད་དྲུག་སྒྲོལ་བ་མོ་སྨུག་ནག་མེ་འབར་བ་མིའི་གཡང་གཞི་གྱོན་ཞིང་མི་སྙིང་བརྒྱུས་པའི་ཕྲེང་བ་ཀླད་པ་བསྐོར་བ། མ་མ༴ མ་མོ་སྲིད་གསུམ་ཟ་བྱེད་དམར་ནག་གནམ་ས་གཉིས་གོས་སུ་གྱོན་ཞིང་ཐོད་ཁྲག་ཐོགས་པ། མ་མ༴ མ་མོ་སྲིད་གསུམ་དབང་སྒྱུར་མ་སེར་ནག་ཉི་ཟླའི་ཐོད་ཅན་གྲི་ཐོད་ཐོགས་པ། མ་མ་༴ མ་མོ་མཐུ་བསྙེམས་མ་ལྗང་ནག་ཞིང་གི་གོ་ཟུ་གསོལ་བ་གཡས་པས་ནམ་མཁའ་འདེགས་པའོ། །མ་མ༴ མ་མོ་ཁྲོས་མ་ཁྲག་འཐུང་མ་དམར་ནག་མི་རྟའི་ཤ་ཟ་ཞིང་ཁྲག་འཐུང་བ། མ་མ༴ མ་མོ་སྒྲོལ་བྱེད་མ་མཐིང་ནག་ནང་ཁྲོལ་དང་གློག་སྙིང་ཐོགས་པ། མ་མ༴ མ་མོ་ཟ་བྱེད་ཚེ་འཕྲོག་མ་སྔོ་ནག་གཡུའི་ཟ་མ་ཏོག་བསྣམས་པ། མ་མ༴ མ་མོ་རྔམས་བྱེད་འཕྱོ་དགའ་མ་དམར་ནག་འབྲུག་ཞོན་སྙིང་ཐོགས་པ། མ་མ༴ མ་མོ་འཛིན་བྱེད་མ་སེར་ནག་ལྕགས་ཀྱུ་དང་ཐོད་ཁྲག་སྟོབ་པ། མ་མ༴ མ་མོ་བགེགས་འཇོམས་མ་སྔོ་ནག་སྤུ་གྲི་དང་ཐོ་བ་ཐོགས་པ། ལྷོར་མ་མ་ཤྭ་ར་ཧཱུཾ། མ་མོ་ཞིང་བཅུ་སྒྲོལ་བྱེད་མ་ལྗང་ནག་གྲི་དང་བྷནྡྷ་ཐོགས་པ། མ་མ༴ མ་མོ་ཆད་པ་གཅོད་པ་མོ་སྔོ་ནག་ཞིང་གཡང་སྡེབ་པ། མ་མ༴ མ་མོ་འབྱུང་པོ་སྒྲོལ་བྱེད་མ་ནག་མོ་གྲི་དང་བྷནྡྷ་ཐོགས་པ། མ་མ༴ མ་མོ་གཤིན་རྗེ་སྒྲོལ་བྱེད་མ་ནག་མོ་གྲི་བྷན་ཐོགས་པ། མ་མ༴ མ་མོ་ཀླུ་སྒྲོལ་ཆེན་མོ་དམར་མོ་གྲི་བྷན་ཐོགས་པ། མ་མ༴ མ་མོ་གནོད་སྦྱིན་སྒྲོལ་བྱེད་མ་ལྗང་ནག་གྲི་བྷན་ཐོགས་པ། མ་མ༴ མ་མོ་སྲིན་མོ་སྒྲོལ་བྱེད་མ་སྔོ་ནག་གྲི་བྷན་ཐོགས་པ། མ་མ༴ མ་མོ་སྲིན་མོ་གྲོལ་བྱེད་མ་སྨུག་ནག་གྲི་བྷན་ཐོགས་པ། མ་མ༴ མ་མོ་གཟུགས་དབང་མ་དཀར་མོ་ཞིང་དབྱུག་བསྣམས་པ། མ་མ༴ མ་མོ་ཁྲག་དབང་མ་སྔོན་མོ་ཐོད་ཁྲག་བསྣམས་པ། མ་མ༴ མ་མོ་དྲོད་དབང་མ་དམར་མོ་ཙིཏྟ་ཐོགས་པ། མ་མ༴ མ་མོ་དབུགས་དབང་མ་ལྗང་ནག་ཐོད་ཁྲག་དང་ཞགས་པ་ཐོགས་པ། མ་མ༴ མ་མོ་བཀྲག་དབང་མ་སེར་ནག་གྲི་དང་ཐོད་ཁྲག་ཐོགས་པ། མ་མ༴ མ་མོ་སྲོག་དབང་མ་སྨུག་ནག་གྲི་དང་ཐོད་ཁྲག་བསྣམས་པ། མ་མ༴ མ་མོ་ཁྲང་འཐུང་མ་བྱ་རྒོད་མགོ་སེར་ལྗང་རལ་གྲི་དང་ཐོད་ཁྲག་འཐུང་བ། ནུབ་ཏུ་མ་མ་ཤྭ་ར་ཧཱུཾ། མ་མོ་ཟ་བྱེད་མ་སྟག་མགོ་དམར་སེར་ཐོད་ཁྲག་འཐུང་བ། མ་མ༴ མ་མོ་འཇིགས་བྱེད་མ་ཆུ་སྲིན་མགོ་ལྗང་ནག་ཤ་ཁྲག་གི་གསུར་སྣོད་ཐོགས་པ། མ་མ༴ མ་མོ་དུར་ཁྲོད་རྒྱན་ནག་མོ་མི་ལྤགས་རློན་པ་གསོལ་ཞིང་ཐོད་ཁྲག་ཐོགས་པ། མ་མ༴ མ་མོ་རྡོ་རྗེ་གར་དབང་མ་དམར་མོ་དབུ་བརྒྱ་སྤྱན་སྟོང་མ་ཐོད་ཁྲག་ཐོགས་པ། མ་མ༴ མ་མོ་པདྨ་གར་དབང་མ་དམར་མོ་མི་མགོའི་ཕོར་པར་མི་སྙིང་དང་ཚིལ་བུ་གསོལ་བ། མ་མ༴ མ་མོ་པདྨ་ཕྲེང་དམར་ནག་བྷནྡྷ་ཁྲག་བཀང་བསྣམས་པ། མ་མ༴ མ་མོ་སྲིད་གསུམ་མངའ་བདག་མ་ནག་མོ་རི་རབ་བརྙིལ་ཞིང་རྒྱ་མཚོ་རྙོག་པ། མ་མ༴ མ་མོ་རྒྱ་མཚོ་གླིང་དབང་མོ་ནག་མོ་ཆུ་སྲིན་གྱི་པགས་པ་གསོལ་ཞིང་སྦྲུལ་ནག་སྟོང་གི་གདེངས་ཀ་ཅན་ཐོད་པ་བསྣམས་པ། མ་མ༴ མ་མོ་ཐོ་བ་མོ་སྔོ་ནག་ཐོ་བ་ཐོགས་པ། མ་མ༴ མ་མོ་རྡོ་རྗེ་གཏུན་ཁུང་མ་མཐིང་ནག་དགྲ་བོ་གཏུན་དུ་བརྡུང་བ། མ་མ༴ མ་མོ་རྡོ་རྗེ་དུར་ཁྲོད་བདག་སྔོ་ནག་མི་མགོས་མཚན་པའི་རྡོ་རྗེའི་དབྱུག་པ་གདེངས་པ། མ་མ༴ མ་མོ་རྡོ་རྗེ་གདེངས་མོ་སྔོ་ནག་རྡོ་རྗེ་རྩེ་གསུམ་བསྣམས་པ། མ་མ༴ མ་མོ་རྡོ་རྗེ་གསལ་བཀྲ་མ་དམར་ནག་རྒྱུ་ཞགས་འཕེན་པ། མ་མ༴ མ་མོ་རྡོ་རྗེ་ཁྲག་འཐུང་མ་ལྗང་སེར་བྷནྡྷ་རཀྟས་བཀང་བ་འཛིན་པ། མ་མ༴ མ་མོ་ནག་མོ་དྲེལ་ཞོན་མ་ནད་རྐྱལ་གོང་དུ་བཏགས་ཤིང་ཚོན་གྱི་གྲུ་གུ་ཀླད་ལ་བསྐོར་བ། བྱང་དུ་མ་མ་ཤྭ་ར་ཧཱུཾ། མ་མོ་དུས་བཞིའི་རྒྱལ་མོ་ནག་མོ་ཐོད་ཁྲག་ཐོགས་པ། མ་མ༴ མ་མོ་གནས་མྱུལ་མ་ནག་མོ་སྤྱང་གདོང་མི་ཤ་ཟ་བ། མ་མ༴ མ་མོ་རྫུ་བྱེད་མ་ནག་མོ་སྟག་མགོ་ཅན་ཐོད་ཁྲག་མ་མ༴ མ་མོ་འཇུམས་བྱེད་མ་ཁྲ་མོ་འཇུམས་པར་བྱེད་པའི་ཕྱག་རྒྱ་ཅན། མ་མ༴ མ་མོ་གནམ་ས་ཕྱེད་བདག་མ་ནག་མོ་རི་ཀླུངས་གཟུགས་ཀྱིས་ཁེབས་པའི་ལག་པ་གཉིས་འགེབས་ཚུལ་ཅན། མ་མ༴ མ་མོ་རྒྱུག་བྱེད་མ་དཀར་མོ་འཇའ་གོས་ཅན་ཐོད་ཁྲག་ཐོགས་པ། མ་མ༴ མ་མོ་ཟ་བྱེད་མ་སེར་མོ་སྟག་མགོ་ཅན་ཐོད་ཁྲག་ཐོགས་ཏེ་གཙང་རྨེ་མེད་པར་ཟ་ཚུལ། མ་མ༴ མ་མོ་རྡོ་རྗེ་ཡ་བྱིན་དཀར་ཁྲ་ལྕགས་ཀྱུ་དང་ཕུར་པ་འཛིན་པ། མ་མ༴ མ་མོ་རྡོ་རྗེ་བསེ་བྱིན་སྔོ་ནག་ཞགས་པ་དང་ཕུར་བུ་འཛིན་པ། མ་མ༴ མ་མོ་རྡོ་རྗེ་ཕག་བྱིན་དམར་ནག་ལྕགས་སྒྲོག་དང་ཕུར་བུ་ཐོགས་པ། མ་མ༴ མ་མོ་རྡོ་རྗེ་དེ་བྱིན་དབང་གྲུབ་མ་ལྗང་ནག་དྲིལ་བུ་དང་ཕུར་བུ་འཕེན་པ། མ་མ༴ མ་མོ་ས་བདག་རྒྱལ་མོ་སེར་ནག་གསེར་གྱི་བུམ་པ་བསྣམས་པ། མ་མ༴ མ་མོ་ཕྱི་འཁོར་ལོ་སྐྱོང་བའི་བདག་མོ་དཀར་མོ་རྒྱན་ཆ་མཛེས་ཚུལ་ཅན། མ་མ༴ མ་མོ་འཕྲོག་སྲིན་རྒྱལ་མོ་དམར་ནག་དར་གོས་ཅན་པྲོག་ཞུ་སོགས་རིན་པོ་ཆེའི་རྒྱན་ཅན། མ་མ༴ མ་མོ་ཁྲོ་ཚིག་མྱུར་བའི་མ་མོ་ནག་མོ་ཁྲག་རལ་ཅན་ཐོད་པ་འཛིན་པ། དེ་ལྟར་མ་མོ་དྲུག་ཅུ་པོ་ཐམས་ཅད་ཀྱང་ཕྱག་རྒྱ་ལྔ་དང་ཐོད་སྐམ་གྱི་དབུ་རྒྱན། ཞིང་གཡང་གཟིག་ཤམ་ཅན་རྒྱན་དང་ལྡན་པའོ། །ཁྱམས་འདི་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བཅུ་པའི་ཁྱམས་ལ་ཐེག་པ་རིམ་པ་དགུའི་ལྷ་ཚོགས་ཐམས་ཅད་རྒྱས་པར་བསྐྱེད་པའམ། ཡང་ན་འཛབ་ཁང་དབྱེ་བའི་དོན་ལྟར་བོ་དྷི་ཙིཏྟ་དང་རུ་ལུ་སྤེལ་མ་བཟླ་ཞིང་མོས་བསྐྱེད་བྱ། མཚམས་ཀྱི་ཁྲོ་བོ་རྣམས་ཀྱང་དོན་སྲུང་འཁོར་གྱི་མཚམས་མཛད་པའི་ལྷ་ཡིན་ཀྱང་། རྫས་དགོད་དུས་འདིར་བཀོད་པ་ཡིན་པས། མངོན་རྟོགས་བསྒོམས་ན་ལེགས་ཏེ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཤར་སྟོད་དུ་ཧཱུཾ་ཆེན་མཐིང་སྐྱ་འཁོར་ལོ་དང་ཐོད་དབྱུག་ཐོགས་པ། ཡུམ་སྒྲ་འབྱིན་མ་སྔོན་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ༀ་བཛྲ་ཀྲོ་དྷ་བི་ཛཱ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཤར་སྨད་དུ་རྣམ་རྒྱལ་དཀར་པོ་རྡོ་རྗེ་རྩེ་ལྔ་དང་ཞིང་དབྱུག་བསྣམས་པ། ཡུམ་སྙེམས་མ་དཀར་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཤར་ལྷོར་དབྱུག་སྔོན་ཅན་མཐིང་ནག་མེ་དཔུང་དང་མེ་ལྷའི་སྤྱི་བོ་ནས་འཛིན་པ། ཡུམ་སྡེར་མོ་མཐིང་ག་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ལྷོར་གཤིན་རྗེ་གཤེད་སེར་ནག་བེ་ཅོན་དང་གཤིན་རྗེའི་སྤྱི་བོ་ནས་འཛིན་པ། ཡུམ་རོ་ལངས་མ་སེར་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ལྷོ་ནུབ་ཏུ་མི་གཡོ་བ་ལྗང་ནག་རལ་གྲི་དང་སྲིན་པོའི་སྐྲ་ནས་འཛིན་པ། ཡུམ་གཏུན་ཁུང་མ་ལྗང་ནག་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ནུབ་སྟོད་དུ་རྟ་མགྲིན་དམར་ནག་ཞིང་དབྱུག་དང་ཁྱུང་གཤོག་འཛིན་པ། ཡུམ་གཏུམ་མོ་དམར་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ༀ་བཛྲ་ཀྲོ་དྷ་ཨཱ་པ་ར་ཛཱི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ནུབ་བྱང་དུ་དཔལ་ལྡན་འདོད་རྒྱལ་དམར་ལྗང་བ་དན་དང་རླུང་ལྷའི་སྐྲ་ནས་འཛིན་པ། ཡུམ་མདའ་སྙེམས་མ་དམར་ལྗང་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བྱང་དུ་བདུད་རྩི་འཁྱིལ་པ་ལྗང་ནག་ཐོད་དབྱུག་དང་གནོད་སྦྱིན་གྱི་སྐྲ་ནས་འཛིན་པ། ཡུམ་རླུང་འབྱིན་མོ་ལྗང་ནག་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་དཀར་པོ་རྡོ་རྗེ་དང་འབྱུང་པོའི་སྐྲ་ནས་འཛིན་པ། ཡུམ་གསོད་བྱེད་མ་དཀར་མོ་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུཾ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ། ནུབ་སྨད་དུ་སྟོབས་པོ་ཆེ་དུད་ཁ་ཐོང་གཤོལ་དང་ཏི་རའི་དབྱུག་པ་འཛིན་པ། ཡུམ་བསྐྱོད་བྱེད་མ་དུད་ཁ་དུང་ཁྲག་སྟོབ་པ་དང་འཁྲིལ་བ་སྟེ། ཁྲོ་བོ་རྣམས་དུར་ཁྲོད་ཀྱི་ཆས་བརྒྱད་དང་། ཡུམ་རྣམས་ཕྱག་རྒྱ་ལྔས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་འབུས་ན་བཞུགས་པའོ། །དཀྱིལ་འཁོར་བཅུ་གཅིག་པའི་ཁྱམས་ལ་རིག་འཛིན་བླ་མ་རྣམས་བསྐྱེད་པ་ནི་གསུམ་སྟེ། དང་པོ་རྫོགས་ཆེན་གྱི་བརྒྱུད་པ་ནི་ཤར་སྟོད་ནས་རིམ་པ་བཞིན། ༀ་མ་ཧཱ་གུ་རུ་ཤཱ་རཱི་རཾ་གཱི་ལི་ཧཱུཾ། ཀུན་ཏུ་བཟང་པོ་ཡབ་ཡུམ་སྔོན་པོ་སྐྱིལ་ཀྲུང་མཉམ་བཞག་ཅན་རུས་པ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་རིན་པོ་ཆེའི་ཁྲི་པདྨ་དང་ཉི་ཟླའི་གདན་ལ་བཞུགས་པ། ༀ་མ་ཧཱ༴ རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་ཅན། ༀ་མ་ཧཱ༴ གསང་བདག་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་ཅན། ༀ་མ་ཧཱ༴ སྤྲུལ་སྐུ་དགའ་རབ་རྡོ་རྗེ་སངས་རྒྱས་སྤྲུལ་སྐུའི་ཆ་བྱད་ཅན་དཀར་པོ། ༀ་མ་ཧཱ༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཆ་བྱད་ཅན། ༀ་མ་ཧཱ༴ རྒྱལ་པོ་དྷ་ཧེ་ན་ཏ་ལོ་དང་། ༀ་མ་ཧཱ༴ དེའི་སྲས་རཱ་ཛ་ཧསྟི་གཉིས་གྲུབ་ཐོབ་ཀྱི་ཆ་ལུགས། ༀ་མ་ཧཱ༴ སྲས་མོ་ཝ་ར་ཎི་བཙུན་མོའི་ཆ་ལུགས། ༀ་མ་ཧཱ༴ ཀླུ་རྒྱལ་འཇོག་པོ་སེར་པོ་སྦྲུལ་མགོ་བདུན་པ་སྨད་སྦྲུལ་འཁྱིལ་ཕྱག་ཆོས་འཆད། ༀ་མ་ཧཱ༴ སྲས་མོ་གནོད་སྦྱིན་མོ་བྱང་ཆུབ་ལྷ་མོ་སྔོན་མོ་དར་དང་རིན་པོ་ཆེའི་རྒྱན་ལྡན་ཕྱག་གཡས་མཆོག་སྦྱིན་དང་གཡོན་ཆོས་འཆད། ༀ་མ་ཧཱ༴ གཟུངས་མ་ཨ་ར་ལི་བཙུན་མོའི་ཆ་བྱད། ༀ་མ་ཧཱ༴ སློབ་དཔོན་ཨཀྵོ་བྷྱཿཔཎྜི་ཏའི་ཆ་བྱད། ༀ་མ་ཧཱ༴ སློབ་དཔོན་ཀུ་ཀུ་རཱ་ཛ་གྲུབ་ཐོབ་ཀྱི་ཆས་ཁྱི་མོ་ཁ་དོག་ལྔས་བསྐོར་བ། ༀ་མ་ཧཱ༴ སྨད་འཚོང་མ་བུདྡྷ་ས་མ་དང་། ༀ་མ་ཧཱ༴ བུདྡྷ་ས་མཱ་ཏི་གཉིས་བཙུན་མོའི་ཆ་བྱད། ༀ་མ་ཧཱ༴ མ་ཧཱ་རཱ་ཛ་རྒྱལ་པོའི་ཆ་ལུགས། ༀ་མ་ཧཱ༴ སྲས་མོ་གོ་མ་དེ་ཝི་བཙུན་མོའི་ཆ་བྱད་ཅན། ༀ་མ་ཧཱ༴ ཁ་ཆེའི་མཁན་པོ་རབ་སྣང་པཎྜི་ཏའི་ཆ་ལུགས། ༀ་མ་ཧཱ༴ དྷརྨ་རཱ་ཛ་གྲུབ་ཐོབ་ཀྱི་ཆ་ལུགས། ༀ་མ་ཧཱ༴ ཨཱ་ཙརྻ་ཨཱ་ལོ་ཀ་པཎྜི་ཏའི་ཆ་བྱད་ཅན། ༀ་མ་ཧཱ༴ ཨོ་རྒྱན་གྱི་མཁན་པོ་དྷ་ཧེ་ན་གྲུབ་ཐོབ་ཀྱི་ཆ་ལུགས། ༀ་མ་ཧཱ༴ ཁྱིའི་མཁན་པོ་ཕྱི་མ་གྲུབ་ཐོབ་ཀྱི་ཆ་ལུགས་ཁྱི་མོ་མཆན་ཁུང་དུ་བཅུག་པ། ༀ་མ་ཧཱ༴ སློབ་དཔོན་མ་ཧཱ་རཱ་ཛ་པཎྜི་ཏའི་ཆ་ལུགས། ༀ་མ་ཧཱ༴ དྲང་སྲོང་བྷ་ཥི་ཏ་དྲང་སྲོང་བགྲེས་པོ་རིལ་པ་སྤྱི་བླུགས་ཅན་རས་དཀར་གྱི་ན་བཟའ་གསོལ་བ། ༀ་མ་ཧཱ༴ སྨད་འཚོང་མ་བདག་ཉིད་མ་བཙུན་མོའི་ཆ་ལུགས། ༀ་མ་ཧཱ༴ སློབ་དཔོན་ནཱ་ག་རྫུ་ན་སངས་རྒྱས་སྤྲུལ་སྐུའི་ཆ་བྱད་སྦྲུལ་གྱི་རྒྱབ་ཡོལ་དང་གདེངས་ཀ་ཅན། ༀ་མ་ཧཱ༴ དེ་ཝ་རཱ་ཛ་རྒྱལ་པོའི་ཆ་བྱད་ཅན། ༀ་མ་ཧཱ༴ འཇམ་དཔལ་བཤེས་གཉེན་ཕྱི་མ་པཎྜི་ཏའི་ཆ་བྱད་ཅན། ༀ་མ་ཧཱ༴ དགེ་བསྙེན་ལེགས་པ་ཨཱ་ཙརྻ་གཞོན་ཚུལ་མཛེས་ལྡན། ༀ་མ་ཧཱ༴ སློབ་དཔོན་སངས་རྒྱས་གསང་བ་པཎྜི་ཏ་འཁར་གསིལ་ལྷུང་བཟེད་ཅན། ༀ་མ་ཧཱ༴ འདིར་གོ་རིམ་སྣ་ཚོགས་སུ་གྱུར་ཀྱང་རྡོ་རྗེའི་གླུ་གསུང་བ་པོ་རིག་འཛིན་བཅོ་བརྒྱད་ཀྱང་ཚང་ངོ་། །ༀ་མ་ཧཱ༴ སློབ་དཔོན་ཤྲཱི་སིདྷ་པཎ་ཆེན་གྱི་ཆ་ལུགས། ༀ་མ་ཧཱ༴ དགེ་སློང་མ་ཀུན་དགའ་མོ་རབ་བྱུང་ཆས། ༀ་མ་ཧཱ༴ སློབ་དཔོན་བི་མ་ལ་མི་ཏྲ་པཎྜི་ཏའི་ཆ་བྱད་ཅན། ༀ་མ་ཧཱ༴ བཻ་རོ་ཙ་ན་བོད་བཙུན་པཎ་ཞྭ་སྣེ་རིང་གསོལ་བ། ༀ་མ་ཧཱ༴ གཡུ་སྒྲ་སྙིང་པོ་རྒྱ་བན་ན་བཟའ་དུར་སྨྲིག་བསྣམས་པ་རྒྱ་ཞྭ་གསོལ་བ། ༀ་མ་ཧཱ༴ གཉགས་ཛྙཱ་ན་ཀུ་མཱ་ར་རབ་བྱུང་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། ༀ་མ་ཧཱ༴ སོག་པོ་དཔལ་གྱི་ཡེ་ཤེས་སྔགས་པ་ལྕང་ལོ་ཅན་རྣམས་ཨ་ཏི་བྱེ་བྲག་གི་བརྒྱུད་པའོ། །གཉིས་པ་ལུང་ཨ་ནུའི་བརྒྱུད་པ་ནི། ༀ་མ་ཧཱ༴ ཀུན་བཟང་ཡབ་ཡུམ་དང་། ༀ་མ་ཧཱ༴ རྡོ་རྗེ་སེམས་དཔའ་གོང་བཞིན། ༀ་མ་ཧཱ༴ ལོངས་སྐུ་ཞི་བ་རིགས་ལྔ་དཀར་སེར་དམར་ལྗང་བ། བདུད་འདུལ། བྱང་ཆུབ། མཆོག་སྦྱིན། མཉམ་བཞག །སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེའི་རྒྱན་ཅན། ༀ་མ་ཧཱ༴ འབྲས་བུ་སྤྲུལ་སྐུ་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ་ཁྲོ་བོ་མཐིང་ནག་རྡོ་རྗེ་དང་ཐོད་ཁྲག་ཅན་དུར་ཁྲོད་ཀྱི་ཆས་ལྡན། ༀ་མ་ཧཱ༴ དམ་པ་ཏོག་དཀར་ལྷའི་བུ་དར་དང་རིན་པོ་ཆེས་བརྒྱན་པ། ༀ་མ་ཧཱ༴ འཇམ་དབྱངས་དམར་སེར་རལ་གྲི་དང་གླེགས་བམ། ༀ་མ་ཧཱ༴ སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་ཐལ་སྦྱར། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར། ༀ་མ་ཧཱ་༴ ཕྱག་རྡོར་མཐིང་ཁ་ཁྲོ་བོ་རྡོ་རྗེ་དང་སྡིགས་མཛུབ་ཅན། ༀ་མ་ཧཱ༴ ལྷ་གྲགས་ལྡན་ཕྱོགས་སྐྱོང་ལྷའི་བུའི་ཆ་བྱད་ཅན། ༀ་མ་ཧཱ༴ གནོད་སྦྱིན་སྐར་མདའ་གདོང་དཀར་སེར་པྲོག་ཞུ་ཐོར་ཚུགས་རིན་ཆེན་རྒྱན་ལྡན་ནོར་བུ་འཛིན་པ། ༀ་མ་ཧཱ༴ སྲིན་པོ་བློ་གྲོས་ཐབས་ལྡན་དུད་ཁ་མགོ་དགུ་ཕྱག་ཐལ་སྦྱོར། ༀ་མ་ཧཱ༴ ཀླུ་རྒྱལ་འཇོག་པོ་ཀླུའི་ཆ་བྱད་ཅན། ༀ་མ་ཧཱ༴ ལི་ཙ་བཱི་དྲི་མེད་གྲགས་པ་དགེ་བསྙེན་ཆ་ལུགས་སམ་རབ་བྱུང་གཞོན་ནུ། ༀ་མ་ཧཱ༴ སྐལ་ལྡན་རྒྱལ་པོ་ཛཿརྒྱལ་པོའི་ཆ་བྱད་ཆོས་འཆད་ཅན། ༀ་མ་ཧཱ༴ སློབ་དཔོན་ཨུ་པ་རཱ་ཛ་གྲུབ་ཐོབ་ཀྱི་ཆ་ལུགས། ༀ་མ་ཧཱ༴ རྒྱལ་པོ་ཨིནྡྲ་བྷུ་ཏི་རྒྱལ་པོའི་ཆ་བྱད་ཅན། ༀ་མ་ཧཱ༴ ཀླུ་རྒྱལ་ནཱ་ག་པུ་ཏྲི། ༀ་མ་ཧཱ༴ རྒྱལ་པོ་གུ་ཧྱ་པུ་ཏྲི། ༀ་མ་ཧཱ༴ རྒྱལ་པོ་སིངྷ་པུ་ཏྲ་རྣམས་རྒྱལ་པོའི་ཆ་བྱད་ཅན། ༀ་མ་ཧཱ༴ ཀུ་ཀུ་རཱ་ཛ་ཕྱི་མ་གྲུབ་ཐོབ་ཀྱི་ཆ་ལུགས། ༀ་མ་ཧཱ༴ སློབ་དཔོན་རོ་ལངས་བདེ་བ་དང་། ༀ་མ་ཧཱ༴ སློབ་དཔོན་རྡོ་རྗེ་བཞད་པ་གཉིས་པཎྜི་ཏའི་ཆས་ལྡན། ༀ་མ་ཧཱ༴ ཟ་ཧོར་རྒྱལ་པོ་པྲ་ཧསྟི་རྒྱལ་ཆས་ཅན། ༀ་མ་ཧཱ༴ སློབ་དཔོན་ཤཱཀྱ་སེངྒེ། ༀ་མ་ཧཱ༴ ཤཱཀྱ་མི་ཏྲ། ༀ་མ་ཧཱ༴ ཤཱཀྱ་པྲ་བྷ་གསུམ་རབ་བྱུང་། ༀ་མ་ཧཱ༴ སློབ་དཔོན་དྷ་ན་རཀྵི་ཏ་དང་། ༀ་མ་ཧཱ༴ སློབ་དཔོན་ཧཱུཾ་ཀཱ་ར་གཉིས་གྲུབ་ཐོབ་ཀྱི་ཆ་ལུགས། ༀ་མ་ཧཱ༴ སྠི་ར་མ་ཏི། ༀ་མ་ཧཱ༴ ཨཱ་ཙརྻ་བདེ་བ་གསལ་མཛད། ༀ་མ་ཧཱ༴ མདོ་མཁན་དྷརྨཱ་བོ་དྷི། ༀ་མ་ཧཱ༴ མཁན་པོ་ཆོས་རྒྱལ་སྐྱོང་། ༀ་མ་ཧཱ༴ བལ་པོ་བ་སུ་དྷ་ར། ༀ་མ་ཧཱ༴ རྒྱ་གར་གཙུག་ལག་དཔལ་དགེ། ༀ་མ་ཧཱ༴ བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས་དྲུག་པོ་པཎྜི་ཏའི་ཆ་ལུགས་སོ། །གསུམ་པ་རྒྱུད་མ་ཧཱ་ཡོ་གའི་བརྒྱུད་པ་ནི། ༀ་མ་ཧཱ༴ ཀུན་ཏུ་བཟང་པོ། ༀ་མ་ཧཱ༴ རིགས་ལྔའི་སངས་རྒྱས། ༀ་མ་ཧཱ༴ རྡོ་རྗེ་སེམས་དཔའ། ༀ་མ་ཧཱ༴ གསང་བདག །ༀ་མ་ཧཱ༴ ཀུ་ཀུ་རཱ་ཛ། ༀ་མ་ཧཱ༴ རྒྱལ་པོ་ཛཿརྣམས་གོང་དང་འདྲ་བ། ༀ་མ་ཧཱ༴ རྒྱལ་པོ་ཤ་ཏྲ་པུ་ཏྲི། ༀ་མ་ཧཱ༴ ཨོ་རྒྱན་རྒྱལ་པོ་སིདྷ་རཱ་ཛཿ ༀ་མ་ཧཱ༴ རྒྱལ་པོ་ཨུ་པ་རཱ་ཛ་གསུམ་རྒྱལ་པོའི་ཆ་བྱད། ༀ་མ་ཧཱ༴ སྲས་མོ་གོ་མ་དེ་ཝི་གོང་མཚུངས། ༀ་མ་ཧཱ༴ མཻ་ཏྲི་ཀ་མཱ་ལ་གྲུབ་ཐོབ་ཆས། ༀ་མ་ཧཱ༴ ཨཱ་ཙརྻ་ཛི་ན་མི་ཏྲ། ༀ་མ་ཧཱ༴ སློབ་དཔོན་རྡོ་རྗེ་བཞད་པ། ༀ་མ་ཧཱ༴ སློབ་དཔོན་ཉིན་བྱེད་སེང་གེ། ༀ་མ་ཧཱ༴ སློབ་དཔོན་བདེ་བ་གསལ་མཛད། ༀ་མ་ཧཱ༴ སློབ་དཔོན་ཤཱཀྱ་བོ་དྷི། ༀ་མ་ཧཱ༴ དགེ་སློང་སོ་ཀྱ་དེ་ཝ། ༀ་མ་ཧཱ་༴ སློབ་དཔོན་སྒེག་པ་རྡོ་རྗེ། ༀ་མ་ཧཱ༴ ཆོས་བློན་བདེ་བ། ༀ་མ་ཧཱ༴ མཁན་པོ་ཆོས་རྒྱལ་སྐྱོང་སྟེ་དགུ་པོ་པཎྜི་ཏ། ༀ་མ་ཧཱ༴ རྒྱུད་ལུང་མན་ངག་གསུམ་གྱི་བཀའ་བབས་ཀྱི་ཆུ་བོ་ཐམས་ཅད་གཅིག་ཏུ་འདུས་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་སྔགས་འཆང་ཆས་དབུ་སྐྲ་ལི་རོག་བགྲེས་ཉམས་ཅན། གནུབས་ཀྱི་བུ་བཞི་ནི། ༀ་མ་ཧཱ༴ འབྲེ་སྟོན་ཁྲོ་ཅུང་། ༀ་མ་ཧཱ༴ ཉང་ཤེར་མཆོག །ༀ་མ་ཧཱ༴ ཉང་ཡེ་འབྱུང་། ༀ་མ་ཧཱ༴ ཟུར་ཆེན་ཤཱཀ་འབྱུང་བཞི། དགེ་མཆེད་བཅོ་ལྔའི་དང་པོ་ཐུགས་སྲས་བཞི་ནི། ༀ་མ་ཧཱ༴ སོ་ཡེ་ཤེས་དབང་ཕྱུག །ༀ་མ་ཧཱ༴ སྲུ་ལེགས་པའི་སྒྲོན་མ། ༀ་མ་ཧཱ༴ སྤ་གོར་བློན་རྗེ་འཕགས། ༀ་མ་ཧཱ༴ དན་ཡོན་ཏན་མཆོག །གཉིས་པ་ཐུགས་སྲས། ༀ་མ་ཧཱ༴ གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། གསུམ་པ་སྲུའི་སློབ་མ་མཆོག་བཞི་ནི། ༀ་མ་ཧཱ༴ དབྱར་སྟོན་གསལ་བྱང་། ༀ་མ་ཧཱ༴ རྒྱ་སྟོན་བློ་གྲོས་གཞོན་ནུ། ༀ་མ་ཧཱ༴ རྒྱ་སྟོན་ཤཱཀྱ་མཆོག་རབ། ༀ་མ་ཧཱ༴ ཞུ་སྟོན་བསོད་ཤཱཀ །ༀ་མ་ཧཱ༴ བཞི་པ་སྤ་གོར་བེག་སྟོན་ཡེ་ཤེས། ལྔ་པ་ལྔ་ནི། ༀ་མ་ཧཱ༴ རྒྱ་སྟོན་གཞོན་ནུ་སྙིང་པོ། ༀ་མ་ཧཱ༴ སྐྱོ་སྟོན་དར་མ་བྱང་ཆུབ། ༀ་མ་ཧཱ། སྐྱོ་མཆོག་རབ། ༀ་མ་ཧཱ༴ སྐྱོན་སྟོན་དར་རྒྱལ། ༀ་མ་ཧཱ༴ ལྷོ་པ་སྟོན་སྙིང་སྟེ་བཅོ་ལྔ། གཞན་ཡང་རིན་ཆེན་གསུམ། འཁོར་བརྒྱད་དྲུག་ཅུ་སོགས་ལས། བུ་བཞི་དང་དགེ་མཆེད་བཅོ་ལྔ་སྔགས་འཆང་ཆས། རིན་ཆེན་གསུམ་སོགས་ཕལ་ཆེར་སྔགས་ཆས་སོ། །དེ་རྣམས་ནི་ངོ་མཚར་བརྒྱུད་པ་ཡིན་ལ། ཁྱད་པར་དུ་གྱུར་པ། ༀ་མ་ཧཱ༴ གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། ༀ་མ་ཧཱ༴ སྲས་ཡེ་ཤེས་རྒྱ་མཚོ། ༀ་མ་ཧཱ༴ རྒྱ་སྟོན་བློ་གྲོས་བྱང་ཆུབ། ༀ་མ་ཧཱ༴ མར་པ་ཡོན་ཏན་བྱང་ཆུབ། ༀ་མ་ཧཱ༴ སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་སྟེ་བྱང་ཆུབ་རྣམ་གསུམ། དེ་རྣམས་སྔགས་འཆང་ཆས། རྒྱ་སྟོན་བློ་གྲོས་བྱང་ཆུབ་ཀྱི་བརྒྱུད་འཛིན་རྣམ་གཉིས་ཀྱི་ཞུ་སྟོན་གོང་དུ་སོང་། འདིར། ༀ་མ་ཧཱ༴ ཐོ་གར་ནམ་མཁའ་ལྡེ་དགེ་བསྙེན་བགྲེས་པོ་ན་བཟའ་དཀར་པོ་ལྡུམ་མ་དང་བེར་ཕྱམ་གསོལ་བ། དབུ་སྐྲ་སྦོམ་སོག་གཡུ་ཅན། ༀ་མ་ཧཱ༴ བསྟན་པའི་རྩ་ལག་བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་རབ་བྱུང་ཐང་ཞུ་གསོལ་བ། དེའི་སློབ་མ་རྩེ་མོ་བཞི། རྩེ་ལྐོག་ལྔ། སྒོམ་ཆེན་བརྒྱ་རྩ་སོགས་སྔགས་འཆང་དང་རབ་བྱུང་སྣ་ཚོགས། ཁྱད་པར། ༀ་མ་ཧཱ༴ ལྷ་རྗེ་ཟུར་ཆུང་པ་ཤེས་རབ་གྲགས་སྔགས་འཆང་ཆས། དེའི་སློབ་མ་ཀ་བ་བཞི་གདུང་མ་བརྒྱད་གདུང་ཕྲན་སུམ་ཅུ་རྩ་གཉིས་སོགས་ཐམས་ཅད་ཀྱང་སྔགས་ཆས་དང་རབ་བྱུང་ཆས་སྣ་ཚོགས། ༀ་མ་ཧཱ། གསང་བདག་སྒྲོ་ཕུག་པ་ཤཱཀྱ་སེངྒེ་སྔགས་འཆང་ཆས། དེའི་དངོས་སློང་གདུགས་ཐོགས་སྟོང་དང་། ཁྱད་པར། ༀ་མ་ཧཱ༴ མགར་སྟོན་ཟུང་ངེ་དང་། ༀ་མ་ཧཱ༴ སྲེག་སྟོན་རྡོ་རྗེ་རྒྱལ་མཚན་གཉིས་སྔགས་འཆང་ཆས། ༀ་མ་ཧཱ༴ གླན་བན་ཉ་ཚལ་པ་རྡོ་རྗེ་འོད་བགྲེས་ཚུལ་ལི་རོག་ཕུ་ཐུང་ཅན། ༀ་མ་ཧཱ༴ གླན་སྟོན་བརྩོན་འགྲུས་སེངྒེ་རབ་བྱུང་། ༀ་མ་ཧཱ༴ གླན་སྟོན་བསོད་ནམས་རྒྱལ་པོ། ༀ་མ་ཧཱ༴ གླན་སྟོན་སངས་རྒྱས་དཔལ། ༀ་མ་ཧཱ༴ སྤྲུལ་སྐུ་ལྷ་རྗེ་ལྷ་འབུམ། ༀ་མ་ཧཱ༴ གླན་སྟོན་བསོད་ནམས་མགོན་པོ། ༀ་མ་ཧཱ༴ ཉང་ཆེན་ཤེས་རབ་དཔལ་ལྡན། ༀ་མ་ཧཱ༴ གྱེར་ཁང་པ་གཟི་སྟོན་ཤཱཀྱ་བཟང་། ༀ་མ་ཧཱ༴ སྒྲོལ་ཆེན་འབྲོ་སྟོན་བསམ་འགྲུབ་རྡོ་རྗེ། ༀ་མ་ཧཱ༴ ཟུར་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གནས། ༀ་མ་ཧཱ༴ ལང་གྲོ་སྤྲུལ་སྐུ་ཚེ་དབང་རྒྱལ་པོ། ༀ་མ་ཧཱ༴ བརྒྱུད་འཛིན་ལེགས་པ་དཔལ་བཟང་། ༀ་མ་ཧཱ༴ མཁས་གྲུབ་ཆེན་པོ་ལྷ་རིགས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་རྣམས་སྔགས་འཆང་གོས་དཀར་ལྕང་ལོ་ཅན། ༀ་མ་ཧཱ༴ རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་སྔགས་འཆང་གོས་དཀར་ཅན་དབུ་རལ་དཀར་པོ་རྒྱབ་བསྙིལ་བགྲེས་ཚུལ་དབང་ཕོད་པད་ཞྭ་ཆོས་གོས་རྣམས་གསོལ་བ་ཆོས་འཆད་དང་གླེགས་བམ་ཅན། ངོ་མཚར་བརྒྱུད་པ་ལ་རིག་འཛིན་རྗེའི་དངོས་སློབ། ༀ་མ་ཧཱ༴ ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་དང་། ༀ་མ་ཧཱ༴ རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གཉིས་དགེ་སློང་རྡོ་རྗེ་འཛིན་པད་ཞུ་དང་ཆོས་གོས་རྡོར་དྲིལ་ཅན། ༀ་མ་ཧཱ༴ རིག་འཛིན་རྗེའི་དངོས་སློབ་ཆོས་འདིའི་རྒྱུན་སྤེལ་བ་པོ་སྐྱི་སྟོན་ཚེ་རིང་དབང་པོ་སྔགས་འཆང་གོས་དཀར་ལྕང་ལོ་ཅན། ༀ་མ་ཧཱ༴ བླ་ཆེན་ཆོས་རྒྱལ་རྡོ་རྗེ་རབ་བྱུང་ཆས་ལ་རལ་པའི་ཐོར་ཚུགས་ཅན། ༀ་མ་ཧཱ༴ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སྨན་ལུང་པ་ཆེན་པོ་མཁས་གྲུབ་བློ་གྲོས་མཆོག་གི་རྡོ་རྗེ་དགེ་སློང་རྡོ་རྗེ་འཛིན་པ་བགྲེས་ཚུལ་ཨག་ཚོམ་ཅན་པད་ཞུ་གསོལ་བ་རྡོར་དྲིལ་ཆོས་འཆད་ཀྱིས་འཛིན་པ། གཞན་ཡང་བརྒྱུད་ཚུལ་གཅིག་ལ་རྗེ་སྒྲོ་ཕུག་པ་ནས། ༀ་མ་ཧཱ། དམ་པ་ཤཱཀྱ། ༀ་མ་ཧཱ༴ བཛྲ་དྷ་ར། ༀ་མ་ཧཱ༴ མནྟི་བླ་མ། ༀ་མ་ཧཱ༴ མཁས་བཙུན་བསོད་རྒྱལ། ༀ་མ་ཧཱ༴ འོད་ཟེར་རྒྱལ་མཚན། ༀ་མ་ཧཱ། དཔལ་ལྡན་བྱང་ཆུབ། ༀ་མ་ཧཱ༴ ཀུན་དགའ་བཟང་པོ། ༀ་མ་ཧཱ༴ པདྨ་ཐོད་ཕྲེང་། ༀ་མ་ཧཱ༴ ཟུར་ཤཱཀྱ་ཤྲཱི་དཔལ་བཟང་། ༀ་མ་ཧཱ༴ ཟུར་ཤཱཀྱ་བཤེས་གཉེན། ༀ་མ་ཧཱ༴ བརྒྱུད་འཛིན་ལེགས་པ་དཔལ་བཟང་། ༀ་མ་ཧཱ༴ ཆོས་རྗེ་ཆོས་འཕགས་བཟང་པོ། ༀ་མ་ཧཱ༴ འཇམ་དབྱངས་རིན་ཆེན་རྒྱལ་མཚན། གཞན་ཡང་ཤཱཀྱ་བཤེས་གཉེན་ནས། ༀ་མ་ཧཱ༴ སློབ་དཔོན་དཔལ་བཟང་བ། ༀ་མ་ཧཱ༴ ཟུར་ཧཾ་རྒྱལ་བ་དཔལ་བཟང་། ༀ་མ་ཧཱ་མཉམ་མེད་འཇམ་དབྱངས་ཆེན་པོ་སོགས་མདོར་ན་རྒྱ་གར་གྱི་པཎ་གྲུབ་རྣམས་ཕལ་ཆེར་ཕྱག་ན་དབང་རྟགས་རྡོ་རྗེ་འཛིན་པ། བོད་ཀྱི་བླ་མ་རབ་ཏུ་བྱུང་བ་རྣམས་ཆོས་གོས་གསུམ་ལྡན་གླེགས་བམ་ཆོས་འཆད་རྡོར་དྲིལ་སོགས་ཕྱག་རྒྱ་སྣ་ཚོགས། སྔགས་འཆང་རྣམས་ཀྱང་ལ་ལ་ཞྭ་ཕོད་སོགས་དྲག་པོའི་ཆས་སུ་ཞུགས་པ། ལ་ལ་རལ་པའི་ཐོར་ཚུགས་བཅིངས་པ་དང་གྲོལ་བ་སོགས་བྷན་ཕུར་རཀྴ་རྡོར་དྲིལ་ཌཱ་མ་རུ་ཁ་ཊྭཱཾ་སོགས་འཛིན་པའོ། །མདོར་ན་རིག་འཛིན་བརྒྱུད་པའི་ཚོགས་དེ་རྣམས་དང་། གཞན་ཡང་མདོ་སྒྱུ་སེམས་གསུམ་རྒྱུད་ལུང་མན་ངག་དང་འབྲེལ་བའི་དབང་བསྐུར། རྒྱུད་འཆད། མན་ངག་སྟོན་པའི་དུས་གསུམ་རིག་འཛིན་བླ་མའི་ཚོགས་ཐམས་ཅད་ཀྱང་ཞལ་ལམ་མེར་མངོན་སུམ་དུ་བཞུགས་པར་གྱུར། དེ་ལྟར་མདུན་བསྐྱེད་རྒྱས་པར་བསྐྱེད་ཟིན་ནས། ཁྲོ་བོ་གསང་བུམ་ལྔ་པོའི་ལྷ་རྣམས་ཀྱང་དྲན་པར་བྱའོ། །རྩ་བར། ཡེ་ཤེས་དབང་བསྐུར་བརླབ། དབབ། དྲང་། བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟས་བརྟན་པར་བཞུགས་སུ་གསོལ། ཞེས་གསུངས་པའི་དོན། བདག་མདུན་བུམ་གསུམ་ལྷན་ཅིག་ཏུ་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། སྙན་གསན་དབབ། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་ཞིང་བརྟན་པར་བྱ་བ་རྣམས་ཡིན་པར་གོང་གི་འཕྲོས་ཁྲོ་བོ་དམ་པ་རྒྱན་ལྟར་བྱ་བ་ཡིན་ཏེ། ལག་གཉིས་རྡོ་རྗེ་ཕྱི་བསྡམས་ལས་གུང་མོ་གཉིས་སྦྱར་ཏེ་སྒྲེང་བ་རྡོ་རྗེའི་ཕྱག་རྒྱ་རང་གི་སྤྱི་བོར་བཞག་ཅིང་དཀྱིལ་འཁོར་ཕྱོགས་སུ་ཡང་བཏུད་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རྡོ་རྗེ་བསྡམས་པ་ལས་འཛུབ་མོ་གཉིས་བརྐྱང་བ་དཔྲལ་བ་དང་དཀྱིལ་འཁོར་ཕྱོགས༴ ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ༴ རྡོ་རྗེ་བསྡམས་པ་ལས་སྲིན་ལག་གཉིས་བརྐྱང་བ་རྣ་ལྟག་གཡས་དང་དཀྱིལ་འཁོར་ཕྱོགས༴ ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ༴ རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བརྐྱང་བ་ལྟག་པ་དང་དཀྱིལ་འཁོར་ཕྱོགས༴ ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ༴ རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་བརྐྱང་པ་རྣ་ལྟག་གཡོན་དང་དཀྱིལ་འཁོར་ཕྱོགས། ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ༴ བདག་མདུན་བུམ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱི་གཙུག་ཏུ་མི་བསྐྱོད་པ་མཐིང་ཁ། དཔྲལ་བར་རྣམ་སྣང་དཀར་པོ། རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སེར་པོ། ལྟག་པར་སྣང་བ་མཐའ་ཡས་དམར་པོ། རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པ་ལྗང་གུ་རྣམས་ཀྱིས་དབུ་བརྒྱན་པ་ནི་རྟགས་ཀྱི་དབང་དང་། ཡེ་ཤེས་ལྔའི་དོན་ཐུགས་རྒྱུད་ལ་གནས་པ་ནི་དོན་གྱི་དབང་ངོ་། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །དབུ་རྒྱན་རིན་ཆེན་ཕྲེང་བ་དང་། །དཔུང་རྒྱན་སེ་མོ་དོ་ལ་སོགས། །མཛེས་པའི་རྒྱན་རྣམས་སྣ་ཚོགས་ཀྱིས། །དབང་མཆོག་ཏུ་ནི་དབང་བསྐུར་རོ། །གཉིས་པ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་ནི། བཤད་མ་ཐག་པའི་རྡོ་རྗེའི་ཕྱག་རྒྱ་དེ་ཉིད་རང་གི་གནས་གསུམ་དུ་སྔགས་དང་བསྟུན་གཏུག་ཚུལ་དང་། དཀྱིལ་འཁོར་དུ་ཡང་དེ་བཞིན་དུ་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བདག་མདུན་བུམ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས། ༀ་ལ་ཐིམ་པས་སངས་རྒྱས་རྣམས་ཀྱི་སྐུའི་རང་བཞིན་ༀ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ༴ མགྲིན་པར་པདྨ་ལ་གནས་པའི་ཨཱཿདམར་པོ། དེ་ལས་འོད༴ སངས་རྒྱས་ཐམས་ཅད་ཀྱི་ཐུགས༴ གསུང་རྡོ་རྗེའི་ལྷ་ཚོགས༴ ཨཱཿལ་ཐིམ་པས་སངས་རྒྱས་རྣམས་ཀྱི་གསུང་གི་རང་བཞིན་ཨཱཿལས་སྣང་མཐའ་དམར་པོ་པདྨ་དང་དྲིལ་བུ་འཛིན་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ༴ ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། དེ་ལས་འོད༴ སངས་རྒྱས་ཐམས་ཅད་ཀྱི་ཐུགས། ཐུགས་རྡོ་རྗེའི་ལྷ་ཚོགས༴ ཧཱུཾ་ལ་ཐིམ་པས་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་རང་བཞིན་ཧཱུཾ་ལས་མི་བསྐྱོད་པ་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། དྲུག་པ་སྤྱན་དྲང་བ་ལ་གསུམ་གྱི་དང་པོ་སྙན་གསན་དབབ་པ་ནི། བདག་མདུན་བུམ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དྭངས་མའི་སྲོག་ཧཱུཾ་མཐིང་ཁ་ཡེ་ཤེས་ལྔའི་རང་བཞིན་ཅན་ལས་འོད་ཟེར་གྱི་ཕྲེང་བ་ཕྱོགས་བཅུར་འབར་ཞིང་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རང་བཞིན་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ཅན་དུ་གྱུར་ཏེ་འགྲོ་བའི་དོན་ལ་ཆས་པར་གྱུར། ས་ལ་སོགས་ལས་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པ་ཐོབ་པར་འགྱུར། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཧཱུཾ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གཉིས་པ་སྤྱན་དྲང་བ་ནི། ཨེ་ཧྱེ་ཧི་ཨ་ན་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿ ཞེས་ནམ་མཁར་དཀྱིལ་འཁོར་སྤྱན་དྲངས་ཏེ། གསུམ་པ་རིག་པའི་མེ་ཏོག་དོར་བ་ནི། རཾ་ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། བཞི་པ་དངོས་གྲུབ་བསྐུལ་བ་ནི། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ༀ་བཛྲ་མ་ཧཱ་ཀྲོ་དྷ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ལྔ་པ་དྲིན་ལན་དུ་མཆོད་པ་ནི། ༀ་ཨ་ལི་ཨུ་ལི་ཏཱ་ལི་ཏ་པཱ་ལི། དཾཥྚ་ག་ན་རོ་དྲི་ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོཿ དྲུག་པ་གཉིས་མེད་དུ་བསྟིམ་པ་ནི། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ནས། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མི་དམིགས་དོན་ཕྱིར་དངོས་གྲུབ་མཆོག་གི་རྣམས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཀ་ཡ་ཝ་ཀ་ཙིཏྟ་བཛྲ་ཧཱུྃ་ཧ་ཧེ་ཕཊ། བྷྱོ་རཾ། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་སུ་ཏྲ་ཡུ་ཏྲང་པྲ་བྷན་ཙཀྲ་ཧཱུཾ་ཕཊ། བདུན་པ་བཞུགས་སུ་གསོལ་བ་ནི། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། བརྒྱད་པ་གདུག་པ་ཅན་ཟ་བ་ནི། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་སྟྭཾ། ཨཾ་ས་ཏཾ་པ་ཀ་ཡ་ཧཱུཾ་ཕཊ། ༀ་བཛྲ་གུ་ཧྱ་དྲི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཕཊ། དགུ་པ་མ་མོ་དང་མཁའ་འགྲོ་ཁྱུང་གཤོག་གིས་ཟིལ་གྱིས་མནན་པ་ནི། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་དྲ་མ་ཏྲཾ་པྲ་བྷན་ཙཀྲ་བགྴ་ཡ་བགྴ་ཡ། བི་ཏོ་ས་མ་ཡ། ཧེ་བྷ་ག་ཝན། བཅུ་པ་དབང་དུ་བསྡུ་བ་ནི། བྷཱུ་ཏ་ཀྵེ་ཏྲི་པྲ་ཏི་ཏཱཾ་པ་ཀ་ལ་ཧཱུཾ་ཕཊ། མཆོད་པ་ལ་བཅོ་ལྔའི་དང་པོ་ཕྱག་གི་མཆོད་པ་ནི། རྩ་བར། ཧཱུཾ། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། །བསྒྲུབ་དང་གདུག་པ་འདུལ་བ་ཡི། །འབར་བ་ཁྲོ་བོའི་ལྷ་ཚོགས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །འདི་ནི་རྒྱལ་བ་དང་། ལྷ་མོ་བཞི་བསྣོལ། སྨན་རཀ་གཏོར་གསུམ། ལྷག་པ་ཏིང་ངེ་འཛིན། སྦྱོར་སྒྲོལ། དམ་རྫས། འདོད་ཡོན། གླུ་ཡེ་ཤེས་རྣམས་དབྱངས་དང་བཅས་པས་དབུལ། རྒྱ་མཚོ་ལྔའི་སྨོན་ལམ་གདབ་པོ། །ཞེས་གསུངས་པའི་དོན་ཕྱག་འཚལ་འདིར་ལྟར་གྲུབ་རྗེས། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིད་གསུམ་འཇོམས་པའི་ལྷ་ལ༴ མཉམ་ཉིད་ངང་གིས་ཁྲོ་ལ༴ ཁྲོ་བོ་ལོངས་སྤྱོད་མཛད་ལ༴ རྡོ་རྗེ་འདུ་འཕྲོ་ཁྲོ་ལ༴ མི་གནས་མི་དམིགས་ཆོས་སྐུར་དག་པ་ལ། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྟོན་པ། །ཐུགས་རྗེ་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །བཅོམ་ལྡན་ཁྲོ་རྒྱལ་སྐུ་ལ༴ ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་ནས། །ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་ཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ༴ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་རྒུར་བསྒྱུར་པའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས༴ ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ བདེ་བར་གཤེགས་པ་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོར་བྱིན་བརླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །གཉིས་པ་ཕྱག་རྒྱའི་མཆོད་པ་ནི། །ཧེ་རུ་ཀ་ཡི་གལ་པོ་དང་། །གསང་བ་སྙིང་པོའི་རྒྱུད་དག་ལས། །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྩེ་དགུ་རྩེ་ལྔ་ཏི་ར་གཡས། །དྲིལ་བུ་དུང་དམར་འཇིག་རྟེན་གཡོན། །དཔལ་ཆེན་བཛྲ་ཐབས་ཀྱི་རྒྱ། །ཤེས་རབ་ཡུམ་གྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་ཤེས་རབ་ཐབས་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཀྲོ་དྷི་ཤྭ་རཱི་དབྱིངས་ཀྱི་རྒྱ། །ཡབ་ཡུམ་འབར་བའི་གདན་ལ་བཞེངས་ནས་ཀྱང་། །ཕྱག་རྒྱ་གར་གྱི་མཆོད་པ་འདི་འབུལ་གྱི། །མཆོད་བཞེས་དམ་སྐོངས་མཐུ་དབང་དངོས་གྲུབ་སྩོལ། །ཤར་གྱི་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་དམར་དབུས་སྨུག་ཞལ། །འཁོར་ལོ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་ཏྲི་ཤཱུལ་གཡོན། །དཔལ་ཆེན་བུདྡྷ་ཐབས༴ ཤེས་རབ་ཡུམ་ནི་སྐུ་མདོག་སྨུག །གཡས་པ་ཤེས་རབ་ཐབས་ལ་འཁྱུད། །གཡོན་པ་དུང་༴ བཛྲ་ཤྭ་རཱི༴ ཡབ་ཡུམ༴ ཕྱག་རྒྱ༴ མཆོད་བཞེས༴ ལྷོ་ཡི་ཁྲོ་བོའི་ཕྱག༴ གཡས་སྔོ་གཡོན་དཀར་དབུས་སེར་ཞལ། །རིན་ཆེན་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་དགྲ་སྟྭ་གཡོན། །དཔལ་ཆེན་རཏྣ་ཐབས༴ ཤེས་རབ་ཡུམ་གྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །གཡས་པ་ཤེས་རབ་ཐབས༴ གཡོན་པ་དུང་༴ རཏྣ་ཤྭ་རཱི༴ ཡབ་ཡུམ༴ ཕྱག་རྒྱ༴ མཆོད་བཞེས༴ ནུབ་ཀྱི་ཁྲོ་བོའི་ཕྱག༴ གཡས་དཀར་གཡོན་སེར་དབུས་དམར་ཞལ། །པདྨ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་མ་རྔ་ཆུང་གཡོན། །དཔལ་ཆེན་པདྨ་ཐབས། །ཤེས་རབ་ཡུམ་གྱི་ཕྱག༴ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་པ་ཤེས་རབ་ཐབས༴ གཡོན་པ་དུང་༴ པདྨ་ཤྭ་རཱི༴ ཡབ་ཡུམ༴ ཕྱག་རྒྱ༴ མཆོད་བཞེས༴ བྱང་གི་ཁྲོ་བོའི་ཕྱག༴ གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །རལ་གྲི་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་ཐོང་གཤོལ་གཡོན། །དཔལ་ཆེན་ཀརྨ་ཐབས༴ ཤེས་རབ་ཡུམ་གྱི་ཕྱག༴ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་། །གཡས་པ་ཤེས་རབ་ཐབས༴ གཡོན་པ་དུང་༴ ཀརྨ་ཤྭ་རཱི༴ ཡབ་ཡུམ༴ ཕྱག་རྒྱ༴ མཆོད་བཞེས༴ དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །ཀ་རཱི་ཚོགས་ཀྱིས་བསྐོར་བ་ནི། །ཀ་རཱི་སྔོན་མོ་བྱིས་དབྱུག་སྔོ། །ཙ་རཱི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་འཕྱར། །བེ་ཏ་བྱིས་ཟ་རྡོར་འཕྱར་ནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །གྷསྨ་དུང་དམར་དཀྲུག་འཐུང་ལྗང་། །སྨེ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་མཆོག་ལུས་འབྲེལ། །ཁྲོ་མོ་ག་རཱི་མ་བརྒྱད་རྣམས། །འབར་བའི་གདན་ལས་བཞེངས་ནས་ཀྱང་། །ཕྱག་རྒྱ་གར་གྱི་མཆོད་པ་འདི་འབུལ་གྱི། །མཆོད་བཞེས་དམ་སྐོངས་མཐུ་དབང་དངོས་གྲུབ་སྩོལ། །དཀྱིལ་འཁོར་དེ་ཡི་ཕྱི༴ བཅོམ་ལྡན་དཔལ་ཆེན༴ སིངྷའི་ཚོགས་ཀྱི༴ སིདྷ་ཁ་རོ་སྣོལ་སེར་སེང་། །བྱཱ་གྷྲྀ་མནན་ལྟག་སྣོལ་མར་སྟག །སྲི་ལ་ནག་མོ་བྱིས་བལྡག་ཝ། །ཤྭ་ན་འདྲལ་སྟྭ་མཐིང་ཁ་སྤྱང་། །གྲཱྀ་ཌྷ་མགྲིན་དམར་རྒྱུ་འདྲེན་རྒོད། །ཀཾ་ཀ་ཞིང་ཕྲག་སྣར་མཆུ་རིང་། །ཀཱ་ཀ་ཁ་རོག་བྷན་གྲི་ནག །ཨུ་ལུ་རྡོ་རྒྱུ་མཐིང་ཚོགས་འུག །སིངྷ་ཆེན་པོ་བརྒྱད་རྣམས་ཀྱང་། །འབར་བའི༴ ཕྱག་རྒྱ༴ མཆོད་བཞེས༴ དཀྱིལ་འཁོར་དེ་ཡི༴ བཅོམ་ལྡན་དཔལ་ཆེན༴ སྒོ་མའི་ཚོགས་ཀྱིས༴ རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན། །ཕག་གདོང་ནག་མོ་མཆེ་ཞགས་སྡོམ། །ལྕགས་སྒྲོག་དམར་མོ་ཉི་ཟླ་སྤྱན། །ཐལ་བྱེད་དྲིལ་བུ་སྣ་ཚོགས་མདོག །སྒོ་མ་ཆེན་མོ་བཞི་རྣམས་ཀྱང་། །འབར་བའི༴ ཕྱག་རྒྱ༴ མཆོད་བཞེས༴ དཀྱིལ་འཁོར་དེ་ཡི༴ བཅོམ་ལྡན་དཔལ་ཆེན༴ དབང་མོའི་ཚོགས་ཀྱིས༴ འཇིག་རྟེན་འདས་དང་མ་འདས་པའི། །ཅི་བགྱིའི་བཀའ་ཉན་ཕོ་ཉའི་ཚོགས། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་མ་དམར་སེར་པདྨ་འཛིན། །ལྷ་ཆེན་དཀར་ལྗང་ཏྲི་ཤཱུ་ཱུལ། །རྟོགས་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས ། །རྡོ་རྗེ་སེར་མོ་ཙནྡན་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་པུནྡྲ་རི། །བེ་ཅོན་ལྗང་ནག་དབྱུག་ཏོ་འཕྱར། །སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ཟ་བ་ལྗང་ནག་བ་སུ་འདྲེན། །དགའ་བ་དམར་མོ་ཀ་ཏར་འཕྱར། །སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན། །རྡོ་རྗེ་སེར་ནག་སྤུ་གྲིས་གཅོད། །འདོད་པ་དམར་མོ་མདའ་གཞུ་འགེངས། །ནོར་སྲུང་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཕྱར། །གསོད་བྱེད་ནག་མོ་རལ་གྲིའི་སོ། །མི་མོ་དམར་མོ་གསལ་ཤིང་འཕྱར། །ཕག་མོ་ནག་མོ་མཆེ་ཞགས་ཅན། །རྒན་བྱེད་དམར་མོ་ཞིང་ཆུང་ཟ། །སྣ་ཆེན་དཀར་མོ་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །རྡོ་རྗེ་སེར་མོ་ར་མགོ་ཞགས། །རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ། །རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས། །དབང་ཕྱུག་ཉི་ཤུ་བརྒྱད་རྣམས་ཀྱང་། །འབར་བའི༴ ཕྱག་རྒྱ༴ མཆོད་བཞེས༴ གསུམ་པ་ཀུན་ཏུ་བཟང་པོའི་མཆོད་པ་ནི། །བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བཞི་པ་ཕྱག་ཞབས་བསིལ་བ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེ་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ལྔ་པ་ལྷ་མོ་བཞི་བསྣོལ་གྱི་མཆོད་པ་ནི། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷོ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ༀ་པ་ན་པེཾ༴ ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ༀ་པ་ན་པེཾ༴ ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ༀ་པ་ན་པེཾ༴ ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་དག་ཅིང་གྲུབ་པར་མཛད་དུ་གསོལ། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་དག་པར་མཛོད། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། དྲུག་པ་བདུད་རྩི་སྨན་གྱི་མཆོད་པ་ནི། ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱི། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །འདི་ནི་སྔོན་གྱི་དམ་ཚིག་གོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་ཉིད་བསྐང་བའི་མཆོག །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལས། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །དྲིན་ཆེན་རྩ་བརྒྱུད་དཔལ་ལྡན་བླ་མ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་སརྦ༴ ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ལྔ་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ དཔལ་ཆེན་སྐུ་ལ་ལྷུན་གྲུབ་མཉམ་སྦྱོར་བའི། །ཀྲོ་དྷི་ཤྭ་རཱི་ལ་སོགས་རིགས་ཀྱི་ཡུམ་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ མཐིང་ཁ་མཆོག་རྣམས་རྡོ་རྗེ་གསང་བའི་ཡུམ། །ཀ་རཱི་ལ་སོགས་གནས་ཀྱི་མ་བརྒྱད་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ རྡོ་རྗེ་གདོང་མོ་ཟ་བྱེད་མཆེ་གཤོག་ཅན། །སིངྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ སྒོ་བཞིར་རབ་རྔམ་རྡོ་རྗེ་སྲིང་འགྲོ་མ། །གདོང་མོ་རོ་ལངས་འཇིག་རྟེན་མ་ཚོགས་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི། །མཁའ་འགྲོ་ཤུགས་འགྲོ་མ་ཚོགས་རྒྱ་མཚོ་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ ཐུགས་རྗེའི་ཤུགས་ཀྱི་འདྲེན་པའི་ལས་མཛད་མ། །ཕོ་ཉ་རྒྱ་མཚོ་འབར་བའི་ཚོགས་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ འགྲོ་དྲུག་སེམས་ཅན་མ་ལུས་སྒྲོལ་བ་ཡི། །མ་གཅིག་སྔགས་ཀྱི་སྲུང་མ་མཐུ་མོ་ཆེ། །འདོད་པ་ཁམས་ཀྱི་བུད་མེད་ཉག་གཅིག་མ། །དཔལ་ལྡན་གཉན་གྱི་རེ་མ་ཏི་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ དམ་ཚིག་དབང་དང་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་རྡོ་རྗེ་སློབ་དཔོན་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ ཤེས་པའི་ཁྱད་པར་རིམ་པས་དབང་བསྐུར་བའི། །རྒྱལ་ཐེབས་ལ་སོགས་ཀརྨ་གིང་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ འཇིག་རྟེན་འདི་དང་ཕྱི་མ་ཐམས་ཅད་དུ། །དམ་ཚིག་ཟུང་གིས་འབྲེལ་བའི་མཆེད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ དམ་ལ་གནས་ཤིང་རིག་འཛིན་སྒྲུབ་པ་པོ། །ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །ལུས་སྲོག་བསྐྱེད་པའི་དུས་གསུམ་ཕ་མ་ལ། །རྣམ་དག༴ ཐུགས་རྗེ༴ ༀ་སརྦ༴ ༀ་ཨཱ་ཧཱུཾ། ལྕེ་ཡི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་ཅན་གྱི་ༀ་བསྒོམས་ནས། །བདུད་རྩི་ལྔ་ལ་སྦྱར་བའི་སྨན། །ཟོས་ནས་བྱང་ཆུབ་སྐུ་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ༀ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ལྕེ་ཡི་དམ་ཚིག་རྡོ་རྗེ་ནི། །རྡོ་རྗེ་ཅན་གྱི་ཨཱཿབསྒོམས་ནས། །བདུད་རྩི་ལྔ་ལ་སྦྱར་བའི་སྨན། །ཟོས་ན་བྱང་ཆུབ་གསུང་ཐོབ་འགྱུར། ཝཱ་ཀ་སིདྡྷི་ཨཱཾཿ སྥ༴ སཾ༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝ་ཀ༴ ལྕེ་ཡི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་ཅན་གྱི་ཧཱུཾ་བསྒོམས་ནས། །བདུད་རྩི་ལྔ་ལ་སྦྱོར་བའི་སྨན། །ཟོས་ན་བྱང་ཆུབ་ཐུགས་ཐོབ་འགྱུར། །ཙིཏྟ་སིདྡྷི་ཧཱུཾ། སྥ༴ སཾ༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ༴ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། བདུན་པ་གཏོར་མའི་མཆོད་པ་ནི། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ་དྷཱུ་པཾ། པུཥྤཾ། དཱི་པཾ། གནྡྷཾ། བ་ལིཾ་ཏ་པྲ་ཏཱིཙྪ་ཧོཿ ཤྲཱི་བན་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། དགུ་པ་ཏ་ན་སྒྲོལ་བའི་མཆོད་པ་ནི། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །བཅུ་པ་ག་ན་སྦྱོར་བའི་མཆོད་པ་ནི། རཾ་རཾ། ཐབས་དང་ཤེས་རབ་གཉིས་མེད་པའི་། །པདྨོ་ལ་ནི་རྡོ་རྗེ་ཞུགས། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་ཀུན་ལ་མཆོད། །ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧཾ། ཧཱུཾ་ཧཱུཾ་ཧཱུཾ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བཅུ་གཅིག་པ་དམ་རྫས་ཀྱི་མཆོད་པ་ནི། མཉམ་པའི་སྒྲུབ་རྫས་ཆེན་པོ་འདི། །བདག་དང་མཉམ་པའི་ཚོགས་ལ་འབུལ། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ནི་ཆོས་ཉིད་ཐིམ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། པྲ་ཏཱིཙྪ་ཧོཿ ཤྲཱི་བན་ཁ་ཁ། ཁཱ་ཧི་ཁཱ་ཧི། བཅུ་གཉིས་པ་རཀྟ་ཚར་གསུམ་གྱིས་མཆོད་པ་ནི། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་པར་ནི་བསྣམས་སུ་གསོལ། །ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་བ་དག་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་ཟ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བ་ཆགས་པ་ཡི། །དམར་ཆེན་པོ་ཡི་ཨརྒྷཾ་ལ། །དམར་གྱི་དེ་ནི་རྒྱ་མཚོར་བསྐྱིལ། །འཁོར་གྱི་མཁའ་འགྲོ་རྣམས་དང་རོལ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་ས་མ་ཡ། མ་ཧཱ་ས་མ་ཡ། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། བཅུ་གསུམ་པ་དཔལ་ལ་བསྟོད་པ་ནི། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པའི། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་བྱས་སྒྲུབ་པོ་རྣལ་འབྱོར་པ། །གར་གི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་བྲོ་མཆོག་བསིལ། །མེ་ཏོག་ལ་སོགས་ཙནྡན་ཕྲེང་། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་ལ། །གྲུབ་པའི་རྫས་ནི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །བཅུ་བཞི་པ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བའི། །བཅོམ་ལྡན་བདེ་གཤེགས་ཡེ་ཤེས་དཀྱིལ་འཁོར་དབྱིངས། །ཁྲོ་བོའི་ཚོགས་ཆེན་མ་ལུས་ཐམས་ཅད་དང་། །དུས་གསུམ་བདེ་བར་གཤེགས་པ་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་དང་བཅས། །ཕྱག་བརྙན་གཏུམ་ཆེན་རྔམ་པའི་ཚོགས་ལ་སོགས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས། །རྣལ་འབྱོར་དམ་ཚིག་བདག་ཅག་རྣམས་ཀྱིས་འཚལ། །དགྱེས་པའི་དུས་ཀྱི་མཆོད་པར་སྦྱར་བ་འདི། །བཞེས་ཏེ་ཨ་ལ་ལ་སྟེ་དགྱེས་པར་མཛོད། །ༀ་བཛྲ་ཨེ་ས་ཧཱུཾ། པེ་ས་ཧཱུཾ། ས་མ་ཡ་བགྴ་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ བཛྲ་པྲ་ཏཱིཙྪ་ཧོཿ ཧོཿ སྤྲོས་པ་མེད་པའི་དབྱིངས་དང་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན། དུས་གསུམ་དུ་རྣམ་པར་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པ། རིགས་ལྔའི་བདེ་བར་གཤེགས་པ། རིགས་མཆོག་ཡུན་གྱི་དབྱིངས་ན་རྟག་ཏུ་རྣམ་པར་བཞུགས་པ། འཁོར་ཕུན་སུམ་ཚོགས་པ། ཐུགས་རྗེ་དང་བཅས་པ། ཐུན་མོང་མ་ཡིན་པའི་སྤྱོད་པས་ཤིན་ཏུ་ཁྲོས་ཤིང་ཡེ་ཤེས་ཆེན་པོ་ལ་རོལ་བ། རྨད་དུ་བྱུང་བ་དྲག་ཤུལ། བླ་ན་མེད་པའི་ཐབས་མཁས་པའི་རྒྱ་མཚོ་དང་ལྡན་པའི་རྒྱལ་པོ་བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ །བཛྲ་ཌཱ་ཀི་ནི་ཡུམ་ཀྲོ་དྷི་ཤྭ་རཱི་དང་གཉིས་སུ་མེད་པའི་རོལ་པ་ལས་བྱུང་བའི། རིགས་ལྔའི་དཔལ་ཆེན་པོ་ཡབ་ཡུམ། ཀ་རཱིའི་ཚོགས། སིདྷའི་འཁོར། ནང་གི་རྣལ་འབྱོར། ཕྱིའི་སྒྲུབ་པ་ཕོ་མོ་ལ་སོགས་པ། ཡེ་ཤེས་དང་ལས་ལས་བསྐྱེད་པའི་འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད། མཁྱེན་པ་དང་བྱིན་གྱིས་བརླབ་པ་དམ་པ་མཛད་དུ་གསོལ། གཞན་ཡང་རྣལ་འབྱོར་ཕོ་མོ་དང་། ཕོ་ཉ་ཕོ་མོ་དང་། ཅི་བགྱི་དང་བཀའ་ཉན་ཐམས་ཅད་དང་། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྡོ་རྗེ་སློབ་དཔོན། མཆེད་ལྕམ་དྲལ་རྣལ་འབྱོར་གྱི་དོན་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པ་རྣམས་དགོངས་ཤིང་། གསང་སྔགས་མ་ཧཱ་ཡོ་གའི་དགོངས་པ་གཞུང་བཞིན་དུ་མཛད་པ་རྣམས། མཁྱེན་པ་དང་བྱིན་གྱིས་བརླབ་པ་མཛད་དུ་གསོལ། ཧོཿ རྣལ་འབྱོར་གྱི་མཆོད་པ་འདི་ལ་ཕུད་ཀྱི་མཆོད་པ། ཆོས་ཉིད་ལ་ཆོས་ཉིད་འབྱུང་སྟེ་འབྱུང་བ་ཆེན་པོ་ཀུན་རྫོབ་ཀྱི་མཚན་ཉིད་ཙམ་ལ་བསྡུས་ནས། དེང་སྤྲུལ་པ་ལ་སྤྲུལ་པ་རོལ། རྣལ་འབྱོར་གསང་བ་མཆོག་གི་མཆོད་པ་ལོངས་སྤྱོད་པའི་ཚུལ་དུ་སྦྱར་བ་འདི་བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ། དབང་མི་འཚལ་བར་ཕུད་གཙང་བར་དཔགས་ཏེ། དགའ་མགུ་རངས་པའི་སེམས་ཀྱིས། མཆོད་པའི་ལྷ་མོ་འདོད་འབྱོར་བསྟན་པའི་ཚུལ་དུ་གར་གྱི་སྤྱི་གཙུག་གིས་བླངས་ཏེ། རྒྱལ་བའི་དཀྱིལ་འཁོར་རིན་པོ་ཆེ་གཞལ་ཡས་ཁང་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར་ཕྱུར་བུར་བཀང་སྟེ་འབུལ་ཞིང་མཆིས་ན། གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངང་ནས་དགྱེས་པ་ལྷུན་གྲུབ་ཏུ་དགོངས་ཏེ། ཡེ་ཤེས་ཆེན་པོ་ཆུ་ཟླ་ལྟ་བུས་སྒྱུ་མ་ལ་སྒྱུ་མར་རོལ་ཏེ། སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་བཞེས་སུ་གསོལ། མཐོལ་བཤགས་བཟོད་པར་གསོལ་བ་ནི། དེང་ཡོན་གྱི་བདག་པོ་དང་བདག་རྡོ་རྗེ་འཛིན་པ་འཁོར་དང་བཅས་པ་ལ་སོགས་པ། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱིས། དང་པོ་གསང་བ་རྡོ་རྗེ་ཐེག་པའི་སྒོར་མཆིས་ཏེ། དམ་ཚིག་ཆེན་པོ་མངོན་པར་ནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཆག་ཉམས་སུ་གྱུར་པ། ལྷ་ཉེ་བར་མ་བསྒོམས་པ། སྙིང་པོ་དག་པར་མ་བཟླས་པ། སྦྱོར་བ་མང་པོའི་བར་བསྐུམ་པ་དང་། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། དམ་རྫས་དང་དུ་ལེན་རྔོ་མ་ཐོགས་པ། མཆོད་པ་ལོ་ཟླའི་དུས་ལས་འདས་པ། བསྙེན་པ་ཡུན་ཐུང་བ། འཛབ་བཟླས་བགྲངས་ཉུངས་པ། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་པ། ལེ་ལོ་དང་སྙོམས་ལས་ཀྱི་དབང་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་དགོངས་སྤྱོད་དམ་པ་གདེངས་སུ་མ་གྱུར་ཞིང་། སེམས་ཅན་གྱི་ཤེས་པ་རང་ཐད་དུ་གྱུར་པ་དང་། ཁྱད་པར་དུ་ཡང་སྒྲུབ་པའི་དམ་ཚིག་དང་ཁྱད་པར་གྱི་དམ་ཚིག་གཉན་པོ་ནོས་པ་ལས་ཉམས་ཤིང་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་དེ་དག་ཐམས་ཅད་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་ན། དབྱིངས་ཉིད་ནམ་མཁའ་ལྟ་བུའི་ངང་ལས་སྐུ་མ་ཆགས་པ་བཟོད་པ་དང་དུ་བཞེས་ཏེ། ཚངས་པ་ཡིད་བཞིན་དུ་རྒྱས་པར་མཛད་དུ་གསོལ། དངོས་གྲུབ་ཏུ་གསོལ་བའི་མདོ་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། དཔལ་ཆེན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་མན་ཆད། དངོས་གྲུབ་ཀྱི་རྒྱུ་དང་སྐལ་པ་གང་ལགས་པ་དུས་ཕྱི་མར་མི་ཐོགས་པར། དེང་འཕྲལ་དུ་ཐོབ་པར་སྩལ་དུ་གསོལ་ལོ། །ཕྲིན་ལས་དང་སྙན་སྙུན་དུ་གསོལ་བ་ནི། བདག་ཅག་རྣམས་ལ་སྡང་པར་བྱེད་པའི་དགྲ། གནོད་པའི་བགེགས། གདུག་པའི་དཔལ། རྣོ་བའི་མཚོན། སྦྱར་བའི་དུག །ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ། སོ་སོའི་རྨི་ལམ་ངན་པ་དང་། པྲ་སོགས་རྩུབ་པ་ལ་སོགས་ཏེ་ལོ་སྐེག་དང་ཟླ་སྐེག་དང་གཤེད་བཞི་ལ་སོགས་པ། མི་མཐུན་པའི་ཕྱོགས་ཚེ་རབས་ལས་ཀྱི་འཕྲོ་ལས་གྱུར་ཀྱང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་། མི་དང་མི་མ་ཡིན་པ་ལ་སོགས་པའི་གནོད་པའི་སྦྱོར་བ་ལས་གྱུར་ཀྱང་རུང་སྟེ། དེ་དག་ཐམས་ཅད་བཟློག་ཅིང་ཞི་བར་མཛད་དུ་གསོལ་ལོ། །གལ་ཏེ་ཞི་བས་མི་འདུལ་ན་ཡང་དྲག་པོའི་ཕྲིན་ལས་ཀྱིས་འདུལ་ཞིང་ཚར་གཅོད་པ་དང་། དབང་དུ་སྡུད་པ་དང་། སྤོར་ཞིང་སྤར་པ་དང་། གཟིར་ཞིང་མནན་པ་དང་། ཕྲིན་ལས་དྲག་དལ་རྣམ་པ་བཞི་ཇི་ལྟར་འདུལ་ཞིང་འཚམས་པ་དང་། ཡལ་བར་མི་མདོར་བཏང་སྙོམས་མི་དགོངས་ཤིང་མིང་ཡང་མི་གྲགས་པ་ཁོ་ནར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཞིང་། །གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་དུ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང་། །གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི། །འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འཆར་བ་དང་། །ལུས་ངག་སེམས་ལ་ཚེ་འདིར་རྡོ་རྗེ་རབ་སྣང་ཞིང་། །རེ་སྨོན་ཐམས་ཅད་དུས་འདིར་ཐོབ་པར་མཛད་དུ་གསོལ། །བཅོ་ལྔ་པ་གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ཆེན་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོཿ ཧཱུཾ། རྔམ་པའི་ང་རོ་འབྲུ་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ཧཱུཾ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཧཱུཾ། ཁྲོ་བོའི་རྒྱལ་པོའི་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོཿ ཧཱུཾ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེེད་ཆེན་པོ་ཐིག་ལེ་ཆེ་ཧོཿ ཧཱུཾ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ རྒྱ་མཚོ་ལྔའི་སྨོན་ལམ་གདབ་པ་ནི། ཧོཿ རྒྱལ་བ་རྒྱ་མཚོ་དགོངས་སུ་གསོལ། །མཆོད་པ་རྒྱ་མཚོ་བཞེས་སུ་གསོལ། །ཉམས་ཆག་རྒྱ་མཚོ་བསྐང་དུ་གསོལ། །དངོས་གྲུབ་རྒྱ་མཚོ་སྩལ་ཏུ་གསོལ། །ཕྲིན་ལས་རྒྱ་མཚོ་སྒྲུབ་ཏུ་གསོལ། །འཛབ་དངོས་ནི་རྩ་བར། དེ་ནས། ༀ་ཨ་ཀྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ་ཛཿ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གཙོ་བོ་གསལ་གདབ་ཅིང་བསྐུལ་ལམ་འཛབ་བསྟོད་ནི། རྩ་བར། ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི་དཀྱིལ་འཁོར་གྱི། །འཁོར་ལོ་འབར་བ་དབུས་ཀྱི་ལྟེ་བ་ལ། །བཅོམ་ལྡན་ཆེ་མཆོག་དཔལ་ཆེན་ཧེ་རུ་ཀ །སྟོན་པ་ཀུན་ཏུ་བཟང་པོ་གནས་འགྱུར་པ། །རྒྱལ་བ་ཁྲོ་རྒྱལ་ཀུན་གྱི་རྗེ་བཙུན་ཡབ། །ཆེ་བའི་ནང་ནས་ཆེ་མཆོག་བླ་ན་མེད། །ཆེ་བཙན་འགྲན་ཟླ་བྲལ་བ་ཀུན་གྱི་མཆོག །སྐུ་གསུང་ཐུགས་ཀྱི་བདག་ལ་ཕྱག་འཚལ་ལོ། །འབར་བའི་དབུ་ནི་ཉི་ཤུ་རྩ་གཅིག་གིས། །ས་ནི་ཉི་ཤུ་རྩ་གཅིག་རིམ་པས་མནན། །གཡས་གཡོན་ཕྱག་ནི་བཞི་བཅུ་རྩ་གཉིས་ན། །རྒྱལ་བ་སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས། །ཞབས་བརྒྱད་བགྲད་པས་ཁྲོ་མོའི་དབུ་བརྒྱད་བརྫིས། །ཉི་མ་སྟོང་གི་འོད་ཟེར་སྐུ་ལ་བརྗིད། །དཔལ་གྱི་ཆས་བརྒྱད་དུར་ཁྲོད་རྒྱན་རྣམས་རྫོགས། །ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོའི་ཆོས་ཉིད་གནས་འགྱུར་པས། །དཔལ་འབར་ཁྲོ་མོ་ཀུན་གྱི་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ནས་སྐུ་བསྐྱོད་ཐུགས་རྗེར་ལྡན། །ཁྲོ་མོ་གནམ་ཞལ་མ་ལ་ཕྱག་འཚལ་ལོ། །ༀ་ཨ་ཀྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་ཁྲོ་བོ་གསང་བུམ་གྱི་གཟུངས་ཐག་ནས་བཟུང་སྟེ་འཛབ་བཟླས་སོ། །དམིགས་པའི་འཕྲོ་འདུ་རྣམས་ཞི་བ་ལྟར་བྱའོ། །དེ་ནས་དབང་མཆོག་གི་འཛབ་བསྐུལ་ཏེ་བསྟོད་ཅིང་གསལ་བཏབ་པ་ནི། རྩ་བར། བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་སྐུ་གདུག་པ་འདུལ། །དབུ་གསུམ་དང་པོར་བྱུང་བ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་གསུང་ཐུགས་དང་ལྡན་པའི་དབུ། །ཁམས་གསུམ་མྱ་ངན་འདས་པའི་ཞལ། །དབུ་གསུམ་བར་དུ་རྔམས་པ་ནི། །གཡས་སྔོ་གཡོན་ལྗང་དབུས་མཐིང་ཞལ། །ཐབས་དང་ཤེས་རབ་སེམས་ཀྱི་དབུ། །སྲིད་གསུམ་དབྱིངས་སུ་རྫོགས་པའི་ཞལ། །དབུ་གསུམ་ཐ་མར་རྔམས་པ་ནི། གཡས་གཡོན་དབུས་གསུམ་མཐིང་བའི་ཞལ། །ལུང་དང་མན་ངག་སེམས་ཀྱི་དབུ། །ཁམས་གསུམ་རེ་བ་སྐོང་བའི་ཞལ། །བཅོ་བརྒྱད་ཕྱག་རྒྱ་རོལ་པ་ནི། །སྟོང་པ་བཅོ་བརྒྱད་དབྱིངས་སུ་ཐིམ། །བཅོ་བརྒྱད་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། །བྷནྡྷ་ཞིང་ཆུང་ཏི་ར་གཡོན། །ཞིང་ཞགས་ཉི་མ་ཁྱུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོ་ལྦུ་བ་གཡས། །ཀླུ་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅོ་བརྒྱད་དབྱིངས་སུ་རྫོགས། །ཁྲོ་རྒྱལ་རྒྱན་རྣམས་སྐུ་ལ་བརྗིད། །རྒྱུད་རྒྱལ་ཆེ་མཆོག་ཧེ་རུ་ཀ །དབང་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས་སོ། །བཛྲ་ཧེ་རུ་ཀ་གསལ་གདབ་ཅིང་འཛབ་བསྟོད་ནི། རྩ་བར། ཧཱུཾ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་འབར་བའི་ལྟེ་དབུས་ན། །དྲེག་པ་བསྣོལ་བའི་གདན་སྟེང་དུ། །རྡོ་རྗེ་མི་བསྐྱོད་གནས་གྱུར་པ། །ཁྲག་འཐུང་ཞེ་སྡང་འཇོམས་པའི་ལྷ། །འཇིགས་བྱེད་ཆེན་པོའི་སྐུ་བསྐྱོད་པ། །མཆོད་ཅིང་བྱིན་རླབ་གསལ་སྒྲུབ་པ། །བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའ་ཀུན་བཟང་གནས་གྱུར་པ། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བས། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཀྲོ་དྷི་ཤྭ་རཱིའི་སྐུ་ལ་ཕྱག་འཚལ་ལོ། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ། བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ༴ དེ་བཞིན་དུ་རིམ་པ་ལྟར་འཛབ་བསྐུལ་དང་བསྟོད་པ་གསལ་གདབ་ཅིང་སྔགས་བཟླ་བ་སོགས་གོང་ལྟར་རོ། །ཧཱུཾ། དབང་གི་དཀྱིལ་འཁོར༴ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །དྲི་ཟ་བསྣོལ་བའི༴ རྣམ་པར་སྣང་མཛད༴ ཁྲག་འཐུང་གཏི་མུག་འཇོམས་པའི་སྐུ། །འཇིགས་བྱེད་སྨུག་ནག་འབར་བར་གསལ། །མཆོད་ཅིང་བསྒྲུབས་ཏེ་བྱིན་བརླབས་པས། །བུདྡྷ་ཧེ་རུ་ཀ་ལ༴ སངས་རྒྱས་སྤྱན་མ༴ ཁྲོ་མོ་དབང་ཕྱུག༴ ཐབས་དང་ཤེས་རབ་བྱང་ཆུབ་སེམས། །སྤྱན་དྲངས་མཆོད་ཅིང་བསྒྲུབ་པ་ཡི། །བུདྡྷ་ཀྲོ་དྷི་ཤྭ་རཱི་མ་ལ༴ ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། བུདྡྷ་ཀྲོ་དྷི༴ ༀ་རུ་ལུ༴ ཧཱུཾ། དབང་གི་དཀྱིལ་འཁོར༴ ལྷོ་ཕྱོགས་འཁོར་ལོའི༴ གཤིན་རྗེ་བསྣོལ་བའི༴ རིན་ཆེན་འབྱུང་ལྡན༴ ཁྲག་འཐུང་ཆེན་པོ་ང་རྒྱལ་འཇོམས། །འཇིགས་བྱེད་སེར་ནག་འབར་བར་གསལ། །སྤྱན་དྲངས་མཆོད་ཅིང་བསྒྲུབ་པའི་ལྷ། །རཏྣ་ཧེ་རུ་ཀ་ལ༴ མཱ་མ་ཀཱི་ལས༴ འཇིགས་བྱེད་ཁྲོ་མོའི་སྐུ་བྱུང་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །སྤྱན་དྲངས་མཆོད་ནས་བསྙེན་བསྒྲུབས་པས། །རཏྣ་ཀྲོ་དྷི་ཤྭ་རཱི་མ་ལ༴ ༀ་རཏྣ་ཤྲཱི་ཧེ༴ རཏྣ་ཀྲོ་དྷི༴ ༀ་རུ་ལུ༴ ཧཱུཾ། དབང་གི་དཀྱིལ་འཁོར༴ ནུབ་ཕྱོགས་འཁོར་ལོའི༴ ཀླུ་དབང་བསྣོལ་བའི༴ སྣང་བ་མཐའ་ཡས༴ དབང་ཆེན་ཁྲག་འཐུང་འདོད་ཆགས་འཇོམས། །འཇིགས་བྱེད་དམར་ནག་རལ་པ་ཅན། །སྒོམ་ཞིང་མཆོད་དེ་བསྒྲུབས་པའི་ལྷ། །པདྨ་ཧེ་རུ་ཀ་ལ༴ ན་བཟའ་དཀར་མོ༴ འཇིགས་བྱེད་ཁྲོ་མོའི་སྐུ་བྱུང་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གཉིས་མེད་བྱང་ཆུབ་སེམས་བསྒྲུབས་པས། །པདྨ་ཀྲོ་དྷི་ཤྭ་རཱི་མ་ལ༴ པདྨ་ཀྲོ་དྷི༴ ༀ་རུ་ལུ༴ ཧཱུཾ། དབང་གི་དཀྱིལ༴ བྱང་ཕྱོགས་འཁོར་ལོའི༴ གནོད་སྦྱིན་བསྣོལ་བའི༴ དོན་ཡོད་གྲུབ་པ༴ འཇིགས་བྱེད་ཁྲག་འཐུང་ཕྲག་དོག་འཇོམས། །ལྗང་ནག་མེ་འབར་འཇིགས་པའི་སྐུ། །གསལ་བར་བསྐྱེད་ཅིང་མཆོད་སྒྲུབ་པ། །ཀརྨ་ཧེ་རུ་ཀ་ལ༴ དམ་ཚིག་སྒྲོལ་མ༴ འཇིགས་བྱེད་ཁྲོ་མོའི་སྐུ་བྱུང་བ། །ལྷག་པ་བྱང་ཆུབ་སེམས་འཕྲོས་པས། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གཉིས་མེད་བྱང་ཆུབ་སེམས་བསྒྲུབ་པས། །ཀརྨ་ཀྲོ་དྷི་ཤྭ་རཱི་མ་ལ༴ ༀ་ཀརྨ་ཤྲཱི་ཧེ༴ ཀརྨ་ཀྲོ་དྷི༴ ༀ་རུ་ལུ༴ ཧཱུཾ། དབང་གི་དཀྱིལ་འཁོར༴ ཤར་ལྷོ་འཁོར་ལོའི༴ མཐུ་སྟོབས་མངའ་བདག༴ སྒྲོལ་བྱེད་ཆེན་པོ་བདུད་རྣམས་འཇོམས། །བདུད་དང་སྲིན་པོ་སྒྲོལ་ལ་བརྩོན། །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །རཀྴ་ཧེ་རུ་ཀ་ལ༴ ལྷ་མོ་རལ་གཅིག༴ ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གཉིས་མེད་བྱང་ཆུབ་སེམས་བསྒྲུབ་པས། །རཀྴ་ཀྲོ་དྷི་ཤྭ་རཱི་མ་ལ༴ ༀ་རཀྴ་ཤྲཱི་ཧེ༴ རཀྴ་ཀྲོ་དྷི༴ ༀ་རུ་ལུ༴ ཧཱུཾ། དབང་གི་དཀྱིལ་འཁོར༴ ལྷོ་ནུབ་འཁོར་ལོའི༴ དམ་ཚིག་ཆེན་པོ༴ དཔལ་ཆེན་དམ་ཚིག་མངའ་མཛད་མ། །སེར་ནག་འཇིགས་པའི་ཆ་ལུགས་ཅན། །བསྐལ་པ་བརྒྱར་ཡང་དམ་ཚིག་ལྡན། །ས་ནུ་ཧེ་རུ་ཀ་ལ༴ ཡུམ་ཆེན་དམ་ཚིག༴ ཁྲོ་མོ་དམ་ཚིག་བྱ་ར་མཁན་། །སངས་རྒྱས་སེམས་ཅན་འདའ་མི་བྱེད། །དམ་ཚིག་དབྱིངས་སུ་བསྐུལ་བྱེད་མ། །ས་ནུ་ཀྲོ་དྷི་ཤྭ་རཱི་མ་ལ༴ ༀ་ས་ནུ་ཤྲཱི་ཧེ་རུ༴ ས་ནུ་ཀྲོ་དྷི༴ ༀ་རུ་ལུ༴ ཧཱུཾ། དབང་གི་དཀྱིལ་འཁོར༴ ནུབ་བྱང་འཁོར་ལོའི༴ མཁྱེན་རབ་མངའ་བདག༴ སྒྲོལ་བྱེད་ཆེན་པོ་དྲེགས་པ་འདུལ། །ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམས་རྟག་ཏུ་གསང་བའི་ལྷ། །ཞེ་སྡང་འཁོར་བ་སྒྲོལ་ལ་བརྩོན། །གུ་ཧྱ་ཧེ་རུ་ཀ་ལ༴ རྗེས་སྐྱེས་འ ཇོམས་པ༴ ཁྲོ་མོ་ཡབ་ཀྱི་ཆ་ལུགས་འཛིན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །དམ་ཚིག་དབྱིངས་སུ་བསྐུལ་བྱེད་མ། །གུ་ཧྱ་ཀྲོ་དྷི་ཤྭ་རཱི་མ་ལ༴ ༀ་གུ་ཧྱ་ཤྲཱི་ཧེ༴ གུ་ཧྱ་ཀྲོ་དྷི༴ ༀ་རུ་ལུ༴ ཧཱུཾ། དབང་གི་དཀྱིལ་འཁོར༴ བྱང་ཤར་འཁོར་ལོའི༴ ཐུགས་རྗེའི་མངའ་བདག༴ སྒྲོལ་བྱེད་མ་མོ་མཁའ་འགྲོ་འདུལ། །ཐལ་ནག་མདོག་འདྲ་འཇིགས་པའི་གཟུགས། །གང་བསྒྲུབས་མཐུ་དང་དབང་སྩོལ་པའི། །ཡཀྴ་ཧེ་རུ་ཀ་ལ༴ འཇིག་རྟེན་བདག་མོ༴ ཁྲོ་མོ་དབང་ཕྱུག་ཀུན་གྱི་རྗེ། །སྤྲུལ་པ་ཀུན་གྱི་ཡང་སྤྲུལ་པ། །ཐབས་དང་ཤེས་རབ་དབྱེར་མེད་པ། །ཡཀྴ་ཀྲོ་དྷི་ཤྭ་རཱི་མ་ལ༴ ༀ་ཡཀྴ་ཤྲཱི་ཧེ༴ ཡཀྴ་ཀྲོ་དྷི༴ ༀ་རུ་ལུ༴ ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི་དཀྱིལ་འཁོར་གྱི། །འབར་བའི་གློ་འབུར་གྲུ་ཆད་བཞི་པོ་ནས། །ཀ་རཱི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ནི། །གདུག་པ་ཐབས་ཀྱིས་འདུལ་བའི་དྲག་ཤུལ་ཅན། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ཅིར་ཡང་སྟོན། །ཡེ་ཤེས་ཁྲོ་མོ་བརྒྱད་ལ༴ བཛྲ་ཀ་རཱི་ཧ། བཛྲ་ཙ་རཱི་ཧ། བཛྲ་པྲ་མོ་ཧཱེ་ཧ། བཛྲ་བེཏྟ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨེ་ཤ་ནཱི་ཧ། བཛྲ་ཙཎྜ་ལི་ཧ། ༀ་རུ་ལུ༴ ཞེས་ཁྲོ་མོ་བརྒྱད་ཀྱི་སྔགས་དང་རུ་ལུ་སྤེལ་མ་བཟླས། ཧཱུཾ། ཚོགས་ཆེན་འདུས་པའི་བར་ཁྱམས་གསེར་མདོག་ན། །སིདྷ་ལ་སོགས་ཕྲ་མེན་བརྒྱད་རྣམས་ནི། །ཡེ་ཤེས་ལས་ལ་འགྱེད་པའི་ཕྲ་མེན་མ། །རྣམ་འཕྲུལ་ལས་ཀྱི་འགྲོ་བའི་དོན་མཛད་མ། །སིངྷ་ཕྲ་མེན་བརྒྱད་ལ་ཕྱག་འཚལ་ལོ། །བཛྲ་སིདྷ་མུ་ཁཱི་ཧེ། བཛྲ་བྱཱ་གྷྲྀ་མུ་ཁཱི་ཧེ། བཛྲ་སྲིངྒ་ལ་མུ་ཁཱི་ཧེ། བཛྲ་ཤྭ་ན་མུ་ཁཱི་ཧེ། བཛྲ་གྲྀ་ཌྷ་མུ་ཁཱི་ཧེ། བཛྲ་ཀངྐ་མུ་ཁཱི་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། བཛྲ་ཨུ་ལུ་ཀ་མུ་ཁཱི་ཧེ། རུ་ལུ་སྤེལ་མ་བཟླས། བར་ཁྱམས་ཤར་ལྷོ་ནུབ་བྱང་སྒོ་བཞི་རུ། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ། །རྟ་གདོང་ཕག་གདོང་སེང་གདོང་སྤྱང་གདོང་བཞི། །ཞི་རྒྱས་དབང་དྲག་ལས་ལ་ཐོགས་མེད་བརྩོན། །རྟག་ཆད་བདག་འཛིན་མཚན་མར་ལྟ་ལས་གྲོལ། །ཡེ་ཤེས་སྒོ་མ་བཞི་ལ༴ བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ བཛྲ་ཨ་མུ་ཁ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷསྨི་པ་ལ་ཡ་བ་ཏོ་ཧོཿ ༀ་རུ་ལུ༴ ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་གཉིས་པ་དཀར་པོ་ནས། །ཆོས་དབྱིངས་རྣམ་དག་ངང་ལས་རང་སྣང་བའི། །སྣ་ཚོགས་ཅིར་ཡང་འགྱུར་བའི་སྐུ་མངའ་བ། །སྲིད་གསུམ་ཞིང་དུ་སྦྱོར་བའི་གཡང་གཞི་གསོལ། །སྤོར་མ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུ་ར་ཏ་ར་ཕཊ། ཨ་རགྨོ་ཧཱུཾ། ༀ་རུ་ལུ༴ བར་ཁྱམས་ཤར་ལྷོ་ནུབ་བྱང་སྒོ་བཞི་རུ། །དགྱེས་པ་བསྐྱེད་པའི་གསང་བའི་ཡུམ་ཆེན་བཞི། །གཉིས་མེད་རོལ་པས་བྱིན་རླབས་སྣ་ཚོགས་འཕྲོ། །ཤེས་རབ་ཡུམ་ཆེན་བཞི་ལ་ཕྱག་འཚལ་ལོ། །ༀ་ཤྲཱི་བཛྲ་མུཏྐ་ར་མུ་ཁ་ཤྭ་ར་ཡ་ན་མཿ ༀ་རུ་ལུ༴ ༀ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡཱ་ན་མཿ ༀ་རུ་ལུ༴ ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཛྭ་ལ་ཡ་ཡཱ་ན་མཿ ༀ་རུ་ལུ༴ ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡཱ་ན་མཿ ༀ་རུ་ལུ༴ ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་དམར་པོ་གསུམ་པ་ན། །མི་སྲིན་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །དྲེགས་པ་ལྷ་ཆེན་རྣམས་ཀྱི་ཆུང་མ་སྟེ། །དབང་དྲག་ལས་ལ་ཐོགས་པ་མེད་པར་སྤྱོད། །དབང་ཕྱུག་ཉི་ཤུ་བརྒྱད་ལ༴ བྷྱོ་མ་ནུ་རཀྴ་སཱི་བྷྱོ་ཞེས་པ་ལ་སོགས་པའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་སྔགས་དང་རུ་ལུ་སྤེལ་མ་བཟླས་སོ། །ཞེས་གསུངས་པའི་དོན། མ་ནུ་རཀྴ་སཱི་བྷྱོ། པྲ་ཧྨ་ནི་བྷྱོ། ར་ཏྲི་མ་བྷྱོ། བེཥྞ་བེ་བྷྱོ། ཀུ་མཱ་རི་བྷྱོ། ཨིནྡྲ་མ་བྷྱོ། བཛྲ་བིངྒ་ལཾ་བྷྱོ། ཨ་མྲྀ་ཏ་བྷྱོ། ས་མྱ་མ་བྷྱོ། དྷ་ན་དཾ་བྷྱོ། རཀྴ་སཱི་བྷྱོ། བཀྴ་སཱི་བྷྱོ། བཛྲ་ར་ཏི་ཏཾ་བྷྱོ། བཛྲ་རུ་དྷི་ར་མཏྟཱ་བྷྱོ། བཛྲ་ཨེ་ཀ་ཙ་ར་མ་བྷྱོ། མ་ནོ་ཧ་རཾ་བྷྱོ། བཛྲ་སིདྡྷི་ཀཾ་བྷྱོ། བཛྲ་བ་ཡ་བཻ་བྷྱོ། བཛྲ་མ་ཧཱ་མཱ་ར་ན་བྷྱོ། བཛྲ་ཨགྣེ་ཡེ་བྷྱོ། བཛྲ་བཱ་ར་ཧི་བྷྱོ། བཛྲ་ཙ་མུནྜི་བྷྱོ། བཛྲ་སུ་ཏ་ནཾ་བྷྱོ། བཛྲ་ཝ་རུ་ཎི་བྷྱོ། མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀ་ལཱི་བྷྱོ། བཛྲ་བུཾ་པ་ཀ་ལ་མ་བྷྱོ། བཛྲ་ལཾ་བོ་དྷ་ར་མ་བྷྱོ། ༀ་རུ་ལུ༴ ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་བཞི་པ་གསེར་མདོག་ན། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་རྒུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ། །ༀ་ཨེ་ཨ་རལླི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི༴ འབར་བའི་བར་ཁྱམས་ལྔ་པ་དམར་པོ་ན། །འཇིག་རྟེན་དྲེགས་པ་འདུལ་བའི་མ་མོའི་ཚོགས། །ཕྱི་འཁོར་འདུལ་ཞིང་ནང་འཁོར་སྐྱོང་མཛད་མ། །དུར་ཁྲོད་མ་བདུན་ལས་ཀྱི་སྲིང་མོ་བཞི། །བགེགས་སྲུང་མ་མོ་རྣམས་ལ༴ མ་མ་དྷ་ཏུ་ཧཱུཾ། ཞེས་པ་བདུན་དང་རུ་ལུ་སྤེལ་མ་བཟླས་སོ། །ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི༴ འབར་བའི་བར་ཁྱམས་དྲུག་པ་དཀར་པོ་ན། །ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅོ་བརྒྱད་ནི། །སྲིད་གསུམ་ལས་ལ་ཐོགས་མེད་སྒྲོལ་ལ་བརྩོན། །བསྒྲལ་བའི་ཞིང་བཅུ་གཏན་ནས་བརླག་པར་བྱེད། །གིང་ཆེན་གིང་ལྕམ་ཚོགས་ལ༴ གིང་ཀ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་རུ་ལུ༴ ཧཱུཾ། ཚོགས་ཆེན་འདུས་པ་དབང་གི༴ འབར་བའི་བར་ཁྱམས་བདུན་པ་ནག་པོ་ནས། །བཅོམ་ལྡན་ཧཱུཾ་མཛད་ས་གསུམ་བརྗིད་ཀྱིས་གནོན། །ཁམས་གསུམ་འདུལ་མཛད་ཡེ་ཤེས་ལྷ་ཡི་ལྷ། །འཇིགས་བྱེད་འབར་བའི་གདུག་པའི་ཚོགས་རྣམས་འཇོམས། །ཁྲོ་བོ་ཁྲོ་མོ་རྣམས་ལ༴ ཀྲོ་དྷ་ཀྲོ་དྷི་ཧཱུཾ། ༀ་རུ་ལུ༴ ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི༴ འབར་བའི་བར་ཁྱམས་བརྒྱད་པའི་ཕྱོགས་མདོག་ན། །ཡེ་ཤེས་ཐུགས་རྗེས་ཕྱོགས་བཅུར་ཁྱབ་པ་ཡི། །གདོན་ཚོགས་འདུལ་བའི་ལས་ལ་ཐོགས་མེད་པ། །ཅི་བགྱི་བཀའ་ཉན་ལས་རྣམས་མྱུར་མཛད་པའི། །ཕྱོགས་བཞི་ཕོ་ཉའི་ཚོགས་ལ༴ བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ༀ་རུ་ལུ༴ ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ༀ་རུ་ལུ༴ གརྫ་གརྫ་སྥོ་ཊ་བཾ། ༀ་རུ་ལུ༴ པ་ཙ་པ་ཙ་གྷཎྜེ་ཧོཿ ༀ་རུ་ལུ༴ ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི༴ འབར་བའི་བར་ཁྱམས་དགུ་པ་ལྗང་གུ་ན། །སྟོང་ཁམས་ཡོངས་སུ་ལས་ལ་དབང་བྱེད་པའི། །མ་ཆེན་རྒྱལ་མོ་སྲིད་པ་གསུམ་གྱི་བདག །ཡུམ་ཆེན་ལས་ལ་དབང་བའི་དབང་མོ་ཆེ། །མ་མོ་དྲུག་ཅུའི་ཚོགས་ལ༴ མ་མ་ཤྭ་ར་ཧཱུཾ། ༀ་རུ་ལུ་༴ ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི༴ འབར་བའི་བར་ཁྱམས་བཅུ་པ་མཛེས་ཚོན་ན། །ཐེག་དགུའི་ལྷ་ཚོགས་རྒྱལ་བ་ཞི་ཁྲོ་རྣམས། །དབྱིངས་དང་ཡེ་ཤེས་དབྱེར་མེད་གདུལ་བྱ་ལ། །ཆུ་དང་ཆུ་ཟླ་བཞིན་དུ་སྟོན་མཛད་པའི། །འགྲོ་བའི་དོན་རྣམས་སྒྲུབ་ལ༴ ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ༀ་རུ་ལུ༴ ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི༴ གཞལ་ཡས་ཁང་ཆེན་རྟ་བབས་ཁྱམས་བཞི་ན། །རིག་འཛིན་བླ་མ་བྱིན་རླབས་མཐུ་རྩལ་ཅན། །ལྷུན་གྲུབ་ཕྱག་ཆེན་ཚེ་དབང་རྣམ་སྨིན་གྱི། །རྒྱ་བོད་མཁས་གྲུབ་རྩ་བརྒྱུད་བླ་མ་རྣམས། །བསྐྱེད་རྫོགས་གསུམ་གྱི་དངོས་གྲུབ་འདིར་སྩོལ་ཅིག །དོན་གཉིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་སྤེལ་ཞིང་བཟླས་སོ། །དེ་ལྟར་ཞི་ཁྲོའི་འཛབ་ཁང་དབྱེ་བ་སྒོམ་བཟླས་སོགས་གྲུབ་ནས། ཁྲོ་བོ་དམ་པ་རྒྱན་ལས་གསུངས་པའི་འཛབ་རྒྱས་པ་རྣམས་བྱ་མ་དགོས་ཤིང་། བསྡུ་ན་འདི་ལྟར། ཧཱུཾ། ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ །འཁོར་གྱི་གསང་བདག་ཡུམ་ཆེན་མཁའ་འགྲོའི་ཚོགས། །དམ་ཆོས་དངོས་གྲུབ་གསང་བའི་དཀྱིལ་འཁོར་འདིར། །ད་ལྟ་ཉིད་དུ་མངོན་སུམ་ལྟར་གྱུར་ཅིག །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་སྤྱི་འཛབ་ཅི་ནུས་སུ་བགྲང་ངོ་། །རྩ་བར། ཁྲོ་བོའི་སྐབས་འདིར་གསལ་བར་མ་བྱུང་ཡང་། གོང་གི་ཞི་བའི་རིགས་འགྲེ་སྦྱར་ཏེ། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ཆེན་འབར། །ཞེས་སོགས་གོང་དུ་སོང་བའི་གླུ་ཡེ་ཤེས་ཀྱི་མཆོད་པ་དེ་ཉིད་འདིར་ཡང་བླངས་ཏེ་སྦྱར། བཤགས་པ་ནི། ཧཱུཾ། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་ཏེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ཟློག་དོན་དུ་རྒྱལ་བའི་དམ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་བ་ནི། དཀྱིལ་འཁོར་དུ་རྡོ་རྗེའི་ཕྱག་རྒྱས་མེ་ཏོག་འཐོར་ཞིང་། ༀ་བཛྲ་ས་མ་ཡ་ༀ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ༀ། ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿས་དངོས་གྲུབ་བསྐུལ། རྩ་བར་གསལ་ཁ་མ་བྱུང་ཡང་། ཁྲོ་བོའི་ཚོགས་འདིར་འབུལ་བ་རིགས་པར་སྣང་ཞིང་། སྐབས་འདིར་ལེགས་ལྡན་སོགས་བཀའ་སྲུང་རྣམས་མཆོད་བསྐང་བྱ། ཤ་ཆང་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་གཙང་རྨེ་མེད་པ་ཞིང་ལྤགས་སམ་གཅན་གཟན་གྱི་པགས་པའི་གདན་ལ་བཤམས་ཏེ་བསང་ཆུ་འཐོར་ཞིང་། ༀ་བི་ཤྭ་བི་ཤུདྡྷེ་ཨ་མྲྀ་ཏ་ཧཱུཾ་ཕཊ། དྷརྨ་ཨ་མྲྀ་ཏ་ཧཱུཾ་ཕཊ། ༀ་བཛྲ་ཡཀྴ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས་སྦྱང་ནས། ཨཾ་པདྨ་བ་ལིནྟ་བི་ཤྭ་ཙཀྲ་བྷྲཱུཾ། མ་སཱུརྻ་མཎྜ་ལ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། པཾ་པདྨ་མཎྜ་ལ། སྥ༴ སཾ༴ ཨ་ཙནྡྲ་མཎྜ་ལ། སྥ༴ སཾ༴ ཚོགས་ཀྱི་སྣོད་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཚོགས་ཀྱི་ཡོ་བྱད་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་འདོད་པའི་ཡོན་ཏན་ལྔའི་རྣམ་པ་མ་ཚང་བ་མེད་པ་བདུད་རྩིའི་རོལ་པ་བསམ་གྱིས་མི་ཁྱབ་པའི་བཟའ་བཏུང་གི་དངོས་པོར་གྱུར། བདུད་རྩི་བྲན་ཏེ། ༀ་བ་ལིནྟ་ཏེ་ཛྭ་བ་ལིནྟ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུཾ། དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་རྣལ་འབྱོར་པ། །ཐུགས་དང་འཐད་པའི་གནས་ཆེན་འདིར། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨེ་ཧྱེ་ཧི་དྲཱྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཨེ་ཨ་རལླི་ཧོཿ ཧྲིཾ་ཧྲིཾ་ཧྲིཾ། འབུལ་བ་ནི། ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨ་གཏྟ་ཡ་ཨ་གཏྟ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། སརྦ་བཛྲ་ཌཱ་ཀི་ན་ནན། ཧྲི་ད་ཡ་ན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ། མུ་དྲ་པྲ་བན་ཙཀྲ་ཧཱུཾ་ཕཊ། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །ཚོགས་མཆོད་དམ་པ་རྒྱ་ཆེར་བཏེག་པ་འདི། །མཆོད་སྤྲིན་སྣ་ཚོགས་ནམ་མཁའི་མཐའ་དང་མཉམ། །འདོད་ཡོན་ལྷ་མོ་སྒེག་མོ་བསམ་ཡས་པས། །ཞིང་ཁམས་ཁྱབ་པ་མཆོད་པའི་སྤྲིན་དུ་འབུལ། །ༀ་ཨཱཿཧཱུཾ། སུ་ར་ཧ་ཨུ་པ་བྷྱོཿ ཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། དེ་ནས་ཚོགས་གསུམ་དུ་སྤྲོས་ལ་དང་པོ་དབུལ་ཞིང་། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་བྱས་སྒྲུབ་པོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་བསིལ། །མེ་ཏོག་ལ་སོགས་ཙནྡན་དྲི། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་ལ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨི་དཾ་དྷཱུ་པཾ། པུཥྤཾ། གནྡྷཾ། དཱི་པཾ། བ་ལིནྟ་པྲ་ཏཱིཙྪ་ཧོཿ ཤྲཱི་བན་ཁཱ་ཧི་ཁཱ་ཧི། ཚོགས་པར་པ་དབུལ་ཞིང་བཤགས་པ་བྱ་བ་ནི། ཧཱུཾ། ཚེ་རབས་ཐོག་མཐའ་མེད་པའི་དུས་མཐའ་ནས། །ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ། །ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་བྱས། །ངག་གིས་ཚིག་འཁྱལ་སྨྲས་པ་ངན་དུ་བརྗོད། །སེམས་ཀྱི་བློ་ནོར་ལོག་པར་བསམ་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་ན། །འདི་འདྲའི་དམྱལ་ཚོགས་ཤིན་ཏུ་མི་བཟད་པ། །བཀྲམ་པའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་ཆད་པ་གཅོད། །ཉམས་ཆག་འགལ་འཁྲུལ་མཆིས་པ་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་གསང་བའི་དཀྱིལ་འཁོར་འདུས་པ་རྣམས་ཀྱི། །རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཏུ་གྱུར་པ་རྣམས་མཐོལ་ཞིང་བཤགས་སོ། །དེ་ལྟར་མཐོལ་ལོ་བཤགས་པ་བཟོད་པ་དང་དུ་བཞེས་ཏེ་ཉམས་པ་ཐམས་ཅད་བསྐང་བར་མཛད་དུ་གསོལ། ཚོགས་ཐ་མ་ལིངྒ་ཐོད་ངན་ནམ་ཧོམ་ཁུང་དུ་བཅུག་སྟེ། འབྲུབ་ཁུང་དུ་ལིངྒ་དགྲ་བགེགས་དངོས་སུ་བསམ། རང་དཔལ་ཆེན་པོའི་ང་རྒྱལ་གསལ་ཏེ། ཨེ་རཾ་ཛྭ་ལ་རཾ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ལྷ་ལས་ལ་གཟུད་པ་ནི། བ་ཧུ་བི་དི་ར་རོའུ་ཏྲི། པཉྩ་ཏྲི་ཨ་བེ་ཤ །ཤེ་ན་བི་ན་ཡ་བི་ཏ་ཐཱ་ག་ཏེ། ཙ་ལེ་པྲ་ཙ་ལེ་གུར་པ་གུར་པ་ཤཾ་པ་རི། ཙ་ལེ། ཧུ་ལུ་ཧཱུཾ་བྷྱོ་ཧཱུཾ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་དང་། བཅོམ་ལྡན་འདས་ཞི་ཁྲོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། སྡང་བའི་དགྲ་དང་། གནོད་པའི་བགེགས་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་ཁུག་ཅིག །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམས་པ་ལས། །ཁྲོས་པས་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་རུས་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་པས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་དབུལ། །ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་བརླག་མཛད་དེ། །བརླག་པར་མ་གྱུར་གང་ཡང་མེད། །བརླག་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་མོ་སླས་ཅན་ཚོགས་ཀྱི་བདག །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལ་ནི་བརྙས་བྱེད་དང་། །རྣལ་འབྱོར་བར་དུ་གཅོད་པ་དང་། །དམ་ཚིག་གཉན་པོ་འདྲལ་བ་དང་། །རྡོ་རྗེ་སྤུན་ལ་འཁུ་བྱེད་རྣམས། །ཁྱོད་ཀྱིས་རྡུལ་དུ་བརླག་ནས་ཀྱང་། །གནོད་སེམས་མ་ལུས་གཏན་ནས་ཕྱུངས། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པའི་གནས་ནས་ཁུག་ལ་ཤོག །ཧཱུཾ་ཧཱུཾ་ཧཱུཾ། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུཾ་ཕཊ། ཏྲི་ཡཾ་ཛཿ ནྲྀ་ཡཾ་ཛཿ བཛྲ་ཨཾ་གུ་ཤ་ཛཿ པྲ་བེ་ཤ་ཕཊ། ཨ་བེ་ཤ་ཨ་ཨ། བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ སྤྲོ་ན་གོང་བཞིན་བ་ཧུས་ཀྱང་ཕོ་ཉ་བཏང་། ཧཱུཾ་ཛཿ ཆོས་ཉིད་ཀུན་ཏུ་བཟང་པོའི་རོལ་པ་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་སྟེ། །ཐབས་ལ་མཁས་པས་ཁྲོ་རྒྱལ་ཚུལ་སྟོན་པ། །མ་ཆགས་དག་པ་ཡུམ་གྱི་གཞལ་ཡས་སུ། །དབང་ཕྱུག་རྒྱལ་པོ་ཐབས་ཀྱི་རོལ་པ་ཡིས། །གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕྲ་མེན་མ། །རྡོ་རྗེ་མཁའ་འགྲོོ་ཡེ་ཤེས་དམ་ཚིག་ཅན། །བཀའ་བཞིན་རྗེས་སུ་སྒྲུབ་པའི་མཆེད་ལྕམ་ལ། །སྡང་བར་བྱེད་པའི་དགྲ་དང་གནོད་པའི་བགེགས། །ཀ་རཱི་འགུགས་པའི་ཚོགས་ཀྱིས་ཁུག་ལ་ཤོག །ཙ་རཱི་རྐུན་མོའི་ཚོགསཀྱིས་མཐུ་སྟོབས་རྐུན། །པྲ་མོ་རྨོངས་བྱེད་ཚོགས་ཀྱིས་རྨོངས་པར་མཛོད། །བེཏྟ་ཐལ་བྱེད་ཚོགས་ཀྱིས་ཐལ་བར་རློག །པུཀྐ་གྷསྨ་སྨེ་ཤ་ཙཎྜ་ལཱི། །གནོད་བྱེད་བཟུང་ལ་ཆིངས་ཤིག་དབང་དུ་བསྡུས། །རབ་ཏུ་མྱོས་སུ་ཆུག་ལ་བརྒྱལ་བར་མཛོད། །སེངྒེ་སྟག་དང་ཝ་དང་སྤྱང་མོའི་མགོ། །གདུག་པའི་མགོ་ལ་ཡུམ་གྱི་ཆས་ཅན་མ། །མགོ་ནས་གསོལ་ལ་ཤ་རུས་ལྷ་རྐང་གཞིབས། །གྲྀ་ཌྷ་ཀཾ་ཀ་ཕོ་རོག་འུག་པོའི་མགོ། །མཁའ་ལ་རླུང་ལྟར་འགྱུ་བའི་མཁའ་འགྲོ་མ། །དེ་ཡི་གློ་སྙིང་ནང་ཁྲོལ་རྐང་ཚིལ་རྣམས། །ཆེམ་ཆེམ་གསོལ་ཏེ་དྲག་པོའི་ལས་རྣམས་མཛོད། །དཀར་མོ་རྡོ་རྗེ་ཁྱབ་པའི་སྐུ། །ཡེ་ཤེས་ཉི་མ་འབུམ་གྱི་གཟི། །རྡོ་རྗེ་གདོང་མོ་ཚུལ་བཞིན་སྤྱོན། །ཆིངས་ཤིག་ཕག་གདོང་ཞགས་པ་མ། །འདོད་ཆགས་དམར་མོ་དྲིལ་བྱེད་སྐུ། །རྣམ་དག་པདྨའི་དཀྱིལ་ན་བཞུགས། །རྡོ་རྗེའི་འཇིག་རྟེན་ལྕགས་སྒྲོག་མ། །དབང་དུ་སྡུས་ཤིག་ཉི་ཟླའི་སྤྱན། །འབར་བ་ཆེན་པོ་ཐལ་བྱེད་མ། །སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ། །སངས་རྒྱས་བདེན་པ་ཀུན་བརྟེན་མ། །རོལ་ཅིག་ཁམས་གསུམ་སླར་འཚོ་མ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དྲོངས་ཤིག་ཁུག་ཅིག་དགྲ་བགེགས་ཀྱི། །ཙིཏྟ་དཀར་ནག་མཚམས་ནས་དྲོངས། །གོ་རོ་ཙ་ནའི་རྒྱ་ནས་དྲོངས། །བ་སུ་ཏ་ཡི་མགུལ་ནས་དྲོངས། །དབང་པོ་རྣམ་ཤེས་ཀུན་ནས་དྲོངས། །དཔལ་ཆེན་རྔམ་པའི་ཞལ་དུ་སྟོབ། །རྡུལ་ཆ་ཙམ་ཡང་མེད་པར་གྱིས། །པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ། སྐབས་འདིར་ཡིག་རྒྱུན་གཞན་ལ་སོམ་ཉི་ཟ་བའི་བསྐུལ་མང་བར་སྣང་ཡང་། འདི་ནི་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། པཎ་ཆེན་སྐུ་མཆེད་ཀྱི་བླ་དཔེའི་རྒྱུན་བཞིན་བྲིས་པས་རྒྱས་བསྡུས་འཚམས་ཤིང་ཁུང་ཆེ་བར་མངོན། གདབ་ཕུར་བྱུགས་བདུག་བྲབ་གསུམ་གྱིས་བྱིན་རླབས་དང་། གདབ་པ་ནི། མ་སཱུརྻ་མཎྜ་ལ། ཧཱུཾ་ༀ་སྭཱ་ཨཱཾཿཧཱ་ལས་ལག་གཡས་ཉི་མའི་དཀྱིལ་འཁོར་ལ་རིགས་ལྔ་ཡབ་ལྔ། ཨ་ཙནྡྲ་མཎྜ་ལ། མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ་ལས་ལག་གཡོན་ཟླ་བའི་དཀྱིལ་འཁོར་ལ་རིགས་ལྔ་ཡུམ་ལྔ། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷས་སྙོམས་པར་ཞུགས། ༀ་བཛྲ་ཨ་བེ་ཤ་ཨ་ཧཱུཾ་ཨ་ཨ། བྱང་ཆུབ་ཀྱི་སེམས་སྤྲོས་པས་རྡོ་རྗེ་གཞོན་ནུར་གྱུར་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ་ཛཿ ཡུམ་བསྐྱེད་པ་ནི། དིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། ཧྲཱིཿཕུར་པ་ཏ་ཕཊ། ཕུར་བུ་གུ་གུལ་གྱིས་བདུག་ཅིང་ཁྲག་ཡུངས་བྱུག་ཅིང་བྲབ་སྟེ་ལིངྒར་བཏབ་ལ། ༀ་བཛྲ་ས་ཏ་ར་ཙ་ཧཱུཾ། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་ནཾ། ༀ་གྷཱ་གྷཱ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། དགྲ་བགེགས་ཀྱི་རྣམ་ཤེས་ཨ་དཀར་པོ་ཆོས་ཀྱི་དབྱིངས་སུ་སྤར། བཀྲག་མདངས་ཚེ་དང་གཟི་བརྗིད་སོགས་རྣལ་འབྱོར་པར་བསྟིམ་ལ། གྲི་འཇམ་དཔལ་དུ་གསལ་བས་གཏུབ་སྟེ། ༀ་ཧྲཱིཥྚི་བི་ཀྲྀ་ཏ་ན་ན། སརྦ་ཤ་ཏྲུན་ནཱ་ཤ་ཡ་སྟྭཾ་བྷ་ཡ་ཧཱུཾ་ཕཊ། བདུད་རྩི་བྲན་ཏེ་དབུལ་ཞིང་སྟོབ་པ་ནི། དམ་ཉམས་འབྱུང་པོའི་ཤ་ནི་ཟན་ལས་ཞིམ། །ཤ་ཡི་རང་བཞིན་གཏི་མུག་ཆེ། །གཏི་མུག་མཆོད་པ་འདི་བཞེས་ལ། །བདེ་གཤེགས་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །དམ་ཉམས་འབྱུང་པོའི་ཁྲག་ནི་ཆང་ལས་ཞིམ། །ཁྲག་གི་རང་བཞིན་འདོད་ཆགས་ཆེ། །འདོད་ཆགས་མཆོད་པ༴ བདེ་གཤེགས་གསང་གི་དངོས༴ དམ་ཉམས་འབྱུང་པོའི་རུས་པ་མར་ལས་ཞིམ། །རུས་པའི་རང་བཞིན་ཞེ་སྡང་ཆེ། །ཞེ་སྡང་མཆོད་པ༴ བདེ་གཤེགས་ཐུགས་ཀྱི་དངོས༴ ཧཱུཾ། བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལས། །ཉི་མ་སྟོང་གི་འོད་ཟེར་བརྡལ་བ་ལྟར། །སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན། །དཔལ་ལྡན་གཟི་བྱིན་འབར་ལ་ཕྱག་འཚལ་ལོ། །འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པ་ཡི། །འཇིགས་བྱེད་རྔམས་སྟོབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཟ་བྱེད་བསྐལ་པའི་མེ་དཔུང་བཞིན་དུ་འབར། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། །མི་བཟད་མཆེ་བ་གཙིགས་པའི་ཞལ་གདངས་ཤིང་། །སྲིད་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་ཁཱ་ཧི། དབང་མོ་ཡན་ཆད་བྱའོ། །ཞེས་གསུངས་པས། སྤྲོ་ན་དཀྱིལ་འཁོར་གྱི་སྔགས་ཐམས་ཅད་ཀྱི་མཐར་ཁཱ་ཧི་བཏགས་ལ་དབུལ། བསྡུ་ན་ཁྲག་འཐུང་རྩ་བའི་དཀྱིལ་འཁོར་གྱི་སྔགས་རྣམས་ལ་ཁཱ་ཧི་བཏག་ལ་འབུལ། ཤིན་ཏུ་བསྡུ་ན། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཁཱ་ཧི་ཁཱ་ཧི་ཞེས་འབུལ་ལོ། །དགྲ་དཔུང་ཤིག །བདུད་དཔུང་ཆོམས། དངོས་གྲུབ་སྩོལ། རྟགས་ཕྱུང་། མཚན་མ་སྟོན་ཅིག །སྐབས་འདིར་ཞི་བ་ལྟར་ཚོགས་ལ་རོལ་པ་ནི། རྡོ་རྗེ་ལས་པས་བླ་མ་ལ་ཕྱག་སྔོན་དུ་འགྲོ་བས་ཛ་གད་དང་མཱཾ་ས་སྟོབ་ཅིང་། མཉམ་ཉིད་མི་གཡོ་སོགས་བརྗོད་ཅིང་། བླ་མས་ཨ་ལ་ལ་ཧོཿ ཞེས་བླངས་ཏེ་རོལ་པའི་མཐར། ཚོགས་ཀྱི་སྨོན་ལམ་གདབ་པ་ནི། ཧོཿ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་རྡོ་རྗེའི་ཚེ་གསོལ་བས་ཚེ་དབང་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཞལ་ཟས་སྣ་ཚོགས་གསོལ་བས་རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལང་ཚོལ་མངའ་བརྙེས་པར་གྱུར་ཅིག །ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མང་པོ་དབང་དུ་བསྡུས་པར་གྱུར་ཅིག །ཞལ་ཟས་སྣ་ཚོགས་གསོལ་བས་ཞི་ཁྲོའི་རྫུ་འཕྲུལ་ལ་མངའ་བརྙེས་པར་གྱུར་ཅིག །ལྷག་མ་རྣམས་གསོག་འཇོག་མི་བྱ་བར་བསྡུས་ལ་གོང་གི་ཕུད་ལྷག་དང་བསྲེས་ཏེ་གསོག་གོ། །ཚོགས་ཀྱི་བྱ་བའོ། །འདི་ནས་བཟུང་ཚོགས་ཆེན་གྱི་དཀྱིལ་འཁོར་ལ་འཛབ་རྒྱུན་གསུང་མི་འཆད། སྤྲོ་ན་གུ་ཧྱ་ཛྙཱ་ན་དང་། བོ་དྷི་ཙིཏྟའི་འཛབ་བཟླ། པར་བཀབ་མ་བྱུང་ཡང་འཐུས་པས་དཔོན་སློབ་རྣམས་ཀྱི་དལ་བྲེལ་གནས་དུས་སོགས་དང་བསྟུན་ཏེ་བྱའོ། །རྩ་བར། དེ་ནས་ནམ་ལང་པ་དང་རབ་ཏུ་གནས་པ་བྱ་བ་ལ་དོན་བརྒྱད་དེ། སྔོན་དུ་བྱ་བའི་ཆོ་ག་དང་། ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བསྐྱེད་པ་དང་། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བསྟིམ་པ་དང་། དབང་པོ་སྐྱོན་བསལ་གྱི་ཆོས་བདུན་བྱ་བ་དང་། མེ་ལོང་ཕུལ་ཏེ་ཆུ་བདུན་གྱིས་ཁྲུས་གསོལ་ཞིང་སྐུ་ཕྱི་བ་དང་། ཆེ་བའི་ཡོན་ཏན་རྒྱན་ཆ་རྣམས་ཀྱིས་དབང་བསྐུར་ཞིང་མངའ་གསོལ་བ་དང་། ཕྱི་ནང་གསང་བའི་མཆོད་པ་འ བུལ་བ་དང་། བརྟན་པར་བཞུགས་སུ་གསོལ་ཞིང་སྨོན་ལམ་བཏབ་པའོ། །ཞེས་དོན་བརྒྱད་ཀྱིས་བསྟན་པ་ལས་ཐོག་མར་ཡོ་བྱད་བཤམ་པ་ནི། རྩ་བར། དང་པོ་སྔོན་དུ་བྱ་བ་ནི། དཀྱིལ་འཁོར་གྱི་ཤར་དུ་མཎྜལ་འདབ་བརྒྱད་མཛེས་ཚོན་བྱ། དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་སྣོད་དུ་བཟེད་ཞལ་གྱི་མེ་ལོང་བཞག །རྩ་བ་དང་ཡན་ལག་གི་མཆོད་པ་བཤམས། ཤར་དུ་དབང་པོ་སྐྱོན་བསལ་གྱི་ཐུར་མ་སོགས་བཤམ། ལྷོར་རྒྱས་པའི་སྦྱིན་སྲེག་བྱ། ནུབ་ཏུ་ཆ་གསུམ་བཏང་། བྱང་དུ་ཚོགས་ལས་བྱ། དགེ་བའི་དཔུང་བསྐྱེད། འཁར་བའི་སྣོད་དུ་བ་ཡི་རྣམ་ལྔ་སོགས་སྦྱར་བའི་ཆུས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་ཧཱུཾ། ཞེས་པས་མེ་ལོང་དུ་སྐུ་གཟུགས་ཤར་བ་ལ་ཁྲུས་གསོལ་བས་དངོས་འཛིན་གྱི་དྲི་མ་ཐམས་ཅད་བདག་པར་བསམ། ཏིལ་མར་ལ་ༀ་ཨཱཿཧཱུཾ་ཧྲཱིཿཐཱ། ཞེས་བྱུགས་པས་ཐུགས་བྱང་ཆུབ་ཀྱི་གཟུགས་དང་ལྡན་པར་བསམ། ཤིང་ཤུན་ལྔའི་ཕྱེ་མ་དང་བ་བྱུང་ཆུ་དང་གོང་གི་སྔགས་ཀྱིས་ཁྲུས་གསོལ་བས་ཁམས་ལྔའི་རྟོག་པ་དག་ནས་ཆེ་བའི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་བསམ། རས་ཁ་ཚར་ཅན་གྱིས་ཕྱིས་ཏེ། ༀ་རཏྣ་པྲ་བ་ན་ཙ་ར་ཧ་སྭཱ་ཧཱས་ལྟ་ངན་ཤེས་སྒྲིབ་དག་པར་བསམ། དེ་ནས་སྤོས་དྲི་བཟང་པོ་ཕུལ་བས་སངས་རྒྱས་ཀྱི་མཛད་པའི་ཕྲིན་ལས་ཡོངས་སུ་རྫོགས་པར་བསམ་མོ། །ཞེས་གསུངས་པའི་དོན་དང་པོ་དཀྱིལ་འཁོར་ཆེན་པོའི་ཤར་དུ་རྡུལ་ཚོན་ནམ་ཆུ་ཚོན་གྱི་མཎྜལ་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱས་པའི་ཁྲུས་སྟེགས་ཀྱི་དབུས་སུ་མཉྫིའི་ཁར་ཁྲུས་གཞོང་རིན་པོ་ཆེའི་སྣོད་ཀྱི་བཟེད་ཞལ་མེ་ལོང་དང་བཅས་པ་དང་། འཁར་བའི་ཁྲུས་བུམ་དུ་བའི་ཞོ་འོ་མ་མར་ལྕི་བ་དྲི་ཆུ་སྟེ་རྣམ་ལྔ་སྦྱར་བའི་ཆུ་དྲི་བཟང་བཏབ་པ་དང་། ཏིལ་མར་རམ་དངོས་སུ་མ་འབྱོར་ན་འབྲུ་མར་ཏེ་སྣུམ། གཞན་ཡང་རྡོ་རྗེ་ལས་རིམ་ལས། ཙནྡན་དཀར་དམར་ཨུ་དུམ་འབར། །ནྱ་གྲོ་དྷ་དང་པར་པ་ཏའི། །ཤིང་ཤུན་ཕྱེས་མས་ཕྱི་བར་བྱ། །ཞེས་གསུངས་པའི་དོན་མན་ངག་ལྟར། ཨུ་དུམ་ཝཱ་ར། ཤ་རི་ར། ཨ་ཤྭདྠ། ནྱ་གྲོ་དྷ། པར་པ་སྟེ་ཤིང་ཤུན་ལྔའི་ཕྱེ་མ་སྦྱར་བའི་ལྡེ་གུ་ལྕོག་རྩེ་ལྟ་བུའི་སྟེགས་ལ་ཁྲུས་བྱ་བའི་ཆུ་བདུན་ཚན་གཉིས་ཀྱི་དང་པོ་ཞི་བའི་དཀྱིལ་འཁོར་ལ་ཁྲུས་གསོལ་བའི་ཆུ་བདུན་ནི། ཆུ་གཙང་། བུལ་བཏབ་པའི་ཆུ། སུག་ཆུ། ནས་འབྲས་གྲོ་སྲན་ཏིལ་སོགས་འབྲུ་སྣ་ཚོགས་ཀྱི་ཕྱེ་མ་བཏབ་པའི་ཆུ། ཙནྡན་དཀར་དམར། ཨ་ག་རུ། སིཧླ་སོགས་སྤོས་སྣ་ཚོགས་བཏབ་པའི་ཆུ། བཟང་དྲུག་སོགས་སྨན་སྣ་ཚོགས་བཏབ་པའི་ཆུ། རིན་པོ་ཆེ་སྣ་ཚོགས་བཏབ་པའི་ཆུ་སྟེ་ཆུ་བདུན་དང་། རས་དཀར་ཁ་ཚར་མ་ཉམས་པ་ལ་རིགས་ལྔའི་ས་བོན་ནམ་དྲི་བཟང་གིས་ཐིག་ལེ་བྱས་པའི་སྐུ་ཕྱི་རྣམས་བཞག །ཡང་སྟེགས་གཅིག་ཏུ་ཁྲོ་བོའི་དཀྱིལ་འཁོར་ལ་ཁྲུས་གསོལ་བའི་ཆུ་བདུན་ནི། ཞུན་ཆེན་བསྲེས་པའི་ཆུ། དེ་བཞིན་དུ་ཐལ་ཆེན་གྱི་ཆུ། བྱང་སེམས་དཀར་པོའི་ཆུ། དྲི་ཆེན་གྱི་ཆུ། ཤ་ཆེན་གྱི་ཆུ་སྟེ་དྭངས་མ་ཀླད་པ་ལ་ངོས་འཛིན་པས་དེ་དང་བསྲེས་པའི་ཆུ། པདྨ་རཀྟ་སྟེ་བྱང་སེམས་དམར་པོའི་ཆུ། དྲི་ཆུ་སྟེ་བདུན། རོ་རས་ཁ་ཚར་མ་ཉམས་པ་ལ་རིགས་ལྔའི་ས་བོན་ཅན་གྱི་སྐུ་ཕྱི་རྣམས་བཞག་གོ། །དེ་བཞིན་དུ་ཤར་དུ་དབང་པོ་སྐྱོན་བསལ་གྱི་ཐུར་མ་ཡང་ཞི་བ་ལ་རིན་པོ་ཆེ་ལས་གྲུབ་པའི་ཐུར་མ། སྙན་འདྲུད། རྨང་བཟེད། ལྗགས་བཞར། ཚེམས་འདྲུད། དུང་གི་སོ་མང་། རིན་པོ་ཆེའི་སྤུ་གྲི་རྣམས་དང་། ཁྲོ་བོ་ལ་གསེར་ཐུར། གསེར་གྱི་སྙན་འདྲུད། གསེར་གྱི་རྨང་བཟེད། གསེར་གྱི་ལྗགས་བཞར། རུས་པའི་ཚེམས་འདྲུད། དུང་གི་སོ་མང་། གསེར་གྱི་ཆན་པ་རྣམས་དང་། ཞི་བར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སྤྱི་ལྟར་རམ། ཡང་ན་ཆུ་བཞིའམ་གཉིས་སྔོན་དུ་འགྲོ་བའི་བཞི་བསྣོལ་ཏེ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་བཞི། ཞལ་ཟས་སོགས་ཇི་ལྟར་རིགས་པ་དང་། ཁྲོ་བོར་ཡང་ཆུ་གཉིས་སམ་བཞི་སྔོན་དུ་འགྲོ་བའི་བཞི་བསྣོལ། རཀྟ་སོགས་བཤམ། ཞི་ཁྲོ་ཐུན་མོང་དུ་གཏོར་མ་དང་བདུད་རྩི་སོགས་མཆོད་པའི་ཡོ་བྱད་བཟང་ཞིང་མང་བ་བཤམ། ལྷོར་རྒྱས་པའི་སྦྱིན་སྲེག་གི་ཐབ་ཁུང་དང་བསྲེག་རྫས་སོགས་བཤམ་པའམ། མ་གྲུབ་ན་རབ་གནས་སྤྱིར་རྒྱས་པའི་སྦྱིན་སྲེག་གི་དོན་དུ་ཙཱ་རུའི་བཟའ་བ་བཤམ་པ་ཡིན་ཅིང་། དེ་ལ་ཡང་སྤྱིར་ཤ་ཆང་མ་འདྲེས་པའི་བཟའ་བཏུང་བཤམ་པ་ཡིན་ཀྱང་། འདིར་བླ་མེད་ཁོ་ན་དང་འབྲེལ་ཕྱིར་ཤ་ཆང་བཏང་བ་མི་འགལ་འདྲ་ཡང་། ཚོགས་འཁོར་ཟུར་དུ་ཡོད་ཕྱིན་ཤ་ཆང་མ་འདྲེས་པའི་བཟའ་བཅའ་བཏུང་བའི་དངོས་པོ་ཅི་འབྱོར་བཤམ། ནུབ་ཏུ་ཆ་གསུམ་གཏོར་མ་དང་དེའི་མཆོད་པ་བཤམ། བྱང་དུ་ཤ་ཆང་གཙོ་བོར་གྱུར་པའི་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ཅི་འབྱོར་བཤམ། དཀྱིལ་འཁོར་རང་གི་རྩ་བ་དང་ཡན་ལག་གི་མཆོད་པ་རྣམས་ཀྱང་ནང་རེ་བཞིན་གསར་དུ་བཤམ་པའམ་ཞལ་བསོ། གཞན་ཡང་ཤར་དུ་མངའ་དབུལ་གྱི་མཆོད་སྟེགས་རྒྱ་ཆེ་བར་ཞི་ཁྲོའི་མངའ་དབུལ་གྱི་ཆས་བྲིས་སམ་འབར་དུ་བྱས་པ་ནི། ཞི་བ་དང་ཁྲོ་བོའི་དབུ་གཡས་དཀར་གཡོན་དམར་དབུ་མཐིང་དུ་བྱས་པ་ལ་ༀ་ཨཱཿཧཱུཾ་གསུམ་གྱིས་མཚན་པ། ཞི་བ་དཀར་པོ་ཕྱག་དྲུག་དང་། ཁྲོ་བོ་སྔོན་པོ་ཕྱག་དྲུག་ༀ་ཨཱཿཧཱུཾ་སྭཱ་ཧཱ་མཱུཾ་རྣམས་ཀྱིས་མཚན་པ། ཞི་བའི་ཞབས་དཀར་པོ་བཞི་དང་། ཁྲོ་བོའི་ཞབས་སྔོན་པོ་བཞི་ཛཿབཞིས་མཚན་པ། ཞི་བའི་དབུ་སྐྲ་ཐོར་ཚུགས་མཐོན་མཐིང་དང་། ཁྲོ་བོའི་རལ་པ་ཁམ་སེར་ཛཿས་མཚན་པ། ཞི་ཁྲོའི་སྨིན་མ་རས་མཚན་པ། ཞི་ཁྲོའི་སྤྱན་གཉིས་ཨ་དང་ཧྲཱིཿས་མཚན་པ། ཞི་ཁྲོའི་ལྗགས་ཨཱཿས་མཚན་པ། ཞི་ཁྲོའི་ཚེམས་མཆེ་བའི་མྱུ་གུ་ཅུང་བཟད་ཙམ་ཀྵས་མཚན་པ། ཞི་ཁྲོའི་སྐུ་མདོག་སྣ་ཚོགས་དང་རྒྱན་སྣ་ཚོགས་ཧཱུཾ་ལྔ་དང་ༀ་ཨཱཿཧཱུཾ་སྭཱ་ཧཱས་མཚན་པ། ཞི་བའི་ཕྱག་མཚན་འཁོར་ལོ། །རྡོ་རྗེ། རིན་པོ་ཆེ། པདྨ། རལ་གྲི། དྲིལ་བུ་དྲུག་ཧཱུཾ་དྲུག་གིས་མཚན་པ། ཞི་ཁྲོའི་དབུ་རྒྱན་ཧཱུཾ། ༀ། སྭཱ། ཨཱཾ། ཧཱས་མཚན་པ་དང་། ཅོད་པན་ཧཱུཾ་ཧྲཱིཿས་མཚན་པ། སྙན་ཆ་དང་། མགུར་ཆུ་ཧོཿས་མཚན་པ། དོ་ཤལ་ཏྲཾ་གིས་མཚན་པ། སེ་མོ་དོ་སྟེ་དོ་ཤལ་ཕྱེད་པ་ཏྲཾ་གིས་མཚན་པ། དཔུང་རྒྱན་ས་ཡིག་གིས་མཚན་པ། ཕྱག་ཞབས་ཀྱི་གདུ་བུ་ས་ཡིག་གིས་མཚན་པ། སེང་གེ་གླང་ཆེན་རྟ་རྨ་བྱ་ཤང་ཤང་སྟེ་སེམས་ཅན་ལྔས་བཏེག་པའི་གདན་ཁྲི་སུ་ཡིག་གིས་མཚན་པ། ཉི་ཟླ་པདྨའི་གདན་མ་ཨ་པ་གསུམ་གྱིས་མཚན་པ། རིན་པོ་ཆེའི་ཁྲི་ཏྲཾ་གིས་མཚན་པ། འོད་ཟེར་སྣ་ལྔ་ར་ཡིག་གིས་མཚན་པ། དར་གྱི་སྟོད་གཡོགས་པ་ཡིག་གིས་མཚན་པ། དར་གྱི་སྨད་གཡོགས་པ་ཡིག་གིས་མཚན་པ། གསར་ཕོད་དེ་ཁྲོ་བོའི་ཕོད་ཀ་ས་ཡིག་གིས་མཚན་པ། ཟི་ལྡིར་ཏེ་རྡོ་རྗེ་གོང་པ་ལྟ་བུས་ས་ཡིག་གིས་མཚན་པ། གར་གྱི་ཕུ་དུང་ས་ཡིག་གིས་མཚན་པ། གདུགས་ས་ཡིག་གིས་མཚན་པ། རྒྱལ་མཚན་ཧཱུཾ་ཡིག་གིས་མཚན་པ། བླ་བྲེ་ས་ཡིག་གིས་མཚན་པ། ཡོལ་བ་ཧཱུཾ་གིས་མཚན་པ། འཕན་ཧཾ་གིས་མཚན་པ། གླིང་བཞིའི་མཎྜལ་ས་ཡིག་གིས་མཚན་པ། ཡུལ་མཁར་ས་ཡིག་གིས་མཚན་པ། བྲན་ཕོ་མོ་ཧྲཱིཿས་མཚན་པ། བུ་བུ་མོ་ཧྲཱིཿས་མཚན་པ། གཟུགས་མ་ཧྲཱིཿས་མཚན་པ་རྣམས་ཀྱང་བཤམ། ས་བོན་འདི་རྣམས་ལས་ཡོ་བྱད་འདི་རྣམས་བསྐྱེད་དགོས་ཕྱིར་མ་བྲིས་ཀྱང་ཆོག་པ་འདྲ་ཡང་སྔར་གྱི་ཡིག་རྙིང་གི་ཙཀླི་རྙིང་པ་རྣམས་ལ་བྲིས་འདུག་པས་བྲིས་ཀྱང་རྣམ་པར་གསལ་བ་འདྲ་ཞིག་འདུག་ཅིང་མ་བྲིས་ཀྱང་ཆོག་པར་སེམས། དེ་ནི་ཡོ་བྱད་བཤམ་པའི་རིམ་པའོ། །དེ་ནས་ནམ་ལངས་པ་དང་ཕྲིན་ལས་བྱ་བ་ནི། དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ཆ་གསུམ་གཏོར་མ་བཤམས་པ་དེ་ཉིད་ཆ་གསུམ་གྱི་ཆོ་གས་བཏང་། ཐོག་མར་ཁྲུས་བུམ་པའི་རྣམ་ལྔ་སྦྱར་བའི་ཆུ་དེ་ཉིད་ཀྱིས་དཀྱིལ་འཁོར་ཕྱོགས་སུ་མེ་ལོང་བསྟན་ཏེ་ཁྲུས་གསོལ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་ཧཱུཾ། ཞེས་བརྗོད་པས་དཀྱིལ་འཁོར་དངོས་པོར་འཛིན་པའི་དྲི་མ་ཐམས་ཅད་དག་པར་བསམ། མེ་ལོང་ལ་ཏིལ་མར་གྱིས་བྱུགས་ཤིང་། ༀ་ཨཱཿཧཱུཾ་ཧྲཱིཿཐཱ། ཞེས་བྱུགས་པས་ཐུགས་བྱང་ཆུབ་ཀྱི་གཟུགས་དང་ལྡན་པར་བསམ། ཤིང་ཤུན་ལྔའི་ཕྱེ་མའི་ལྡེ་གུ་མེ་ལོང་གི་དངོས་ལ་བྱུགས་པ་ཁྲུས་བུམ་གྱིས་བཀྲུ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཞེས་ཁྲུས་གསོལ་བས་ཁམས་ལྔའི་རྟོག་པ་དག་ནས་ཆེ་བའི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་བསམ། ཁྲུས་རས་ཀྱིས་མེ་ལོང་གི་ངོས་ཕྱི་ཞིང་། ༀ་རཏྣ་བྲ་བན་ཙ་ར་ཧ་སྭཱ་ཧཱས་ལྟ་ངན་དང་ཤེས་སྒྲིབ་དག་པར་བསམ། དེ་ནས་སྤོས་དྲི་བཟང་པོས་བདུག་པར་བཤད་པ། གླན་བན་གྱིས། སྤོས་དཀར་སོགས་འབུལ་བར་བཤད་ཀྱང། ཀཿཐོག་རྡོར་བཟང་གིས་དྲི་ལྔའི་ཆུས་དྲི་བསྐྱེད་དེ། ཞེས་གསུངས་པ་ཤིན་ཏུ་འཐད་ལ། ཆུ་བདུན་ཚན་དུ་བཤམས་པའི་སྤོས་ཆབ་དེ་ཉིད་མེ་ལོང་གི་ངོས་ལ་དབུལ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། བརྗོད་པས་སངས་རྒྱས་ཀྱིས་མཛད་པ་ཕྲིན་ལས་ཡོངས་སུ་རྫོོགས་པར་བསམ། དེ་ནས་སྔོན་དུ་འགྲོ་བའི་ཕྲིན་ལས་ལུང་གི་ཞི་ཁྲོའི་གཞུང་བསྲང་བར་གསུངས་པས། དེའི་སྔོན་དུ་བྱ་བ་ནི་རྩ་བར་ལུང་གི་ཞི་ཁྲོ་ཚར་བའི་རྗེས་སུ་བཤད་ཀྱང་། གླན་བན་གྱིས་ལུང་གི་ཞི་ཁྲོའི་སྔོན་དུ་བྱ་བར་གསུངས་པ་འཐད་པར་སྣང་སྟེ། རྩ་བར། དེ་ནས་ཕྱག་རྒྱས་པར་བཙལ། ཁྲོ་བོ་བཅུས་མཚམས་བཅད། ཡེ་ནས་མཉམ་ཉིད་ཀྱིས་བཤགས། ཀུན་བཟང་གིས་དམ་བཅའ། བྱིན་དབབ། མཆོད་པའི་བྱིན་གྱིས་བརླབ་བོ། །ཞེས་གསུངས་པའི་དོན་ཕྱག་འཚལ་བ་ནི། རྒྱས་པར་སྤྲོ་ན་དྲི་མེད་བཤགས་རྒྱུད་ལྟར། ཧོཿ ཀློང་ཆེན་པོ་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་དོན་དམ་པར་ཆོས་ཀྱི་དབྱིངས་ཡུམ་གྱི་མཁའ་བྷ་ག་ཡངས་པའི་ཀློང་། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བདེ་བར་གཤེགས་པ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་ནས་བཟུང་ཞི་ཁྲོའི་ཕྱག་འཚལ་ཚང་བར་བྱེད་པ་དང་བསྟུན་ཕྱག་བྱ་ཞིང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཏོ། །ཞེས་པའི་བར་བརྗོད་བསྡུ་ན་གོང་དུ་བཤད་པ་ལྟར་ཚུལ་ཕྱག་དང་གྲལ་ཕྱག་བྱ། ཁྲོ་བོའི་བཅུ་མཚམས་གཅོད་ནི་རང་བཛྲ་ཧེ་རུ་ཀར་དྲན་པར་བྱ་ཞིང་། ཁྲོ་མཚམས་ཀྱི་ལྷ་རྣམས་ཀྱང་གསལ་བཏབ་སྟེ། ཧཱུཾ། དབང་མཆོག་སྒྲུབ་པའི་དཀྱིལ་འཁོར་དུ། །ང་ནི་དཀྱིལ་འཁོར་ལས་བྱེད་ཀྱིས། །ཕྱོགས་སྐྱོང་བཅུ་པོ་མནན་པ་དང་། །འཁོར་གྱི་གདོན་ཚོགས་མ་ལུས་ཀུན། །དུས་གསུམ་སངས་རྒྱས་བཀའ་བྱུང་གིས། །འདིར་རུ་མ་འདུག་གཞན་དུ་དེངས། །ༀ་བཛྲ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཨ་ཨ་ཨ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཅེས་སོགས་ཁྲོ་བཅུའི་སྔགས་བརྗོད་དོ། །བཤགས་པ་ནི། ཧཱུཾ། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ཟློག་དོན་དུ་རྒྱལ་བའི་དམ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །དམ་བཅའ་བ་ནི། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །བྱིན་དབབ་ནི། སྤོས་དང་རོལ་མོར་བཅས་ཏེ། ཧཱུཾ། དུས་གསུམ་སངས་རྒྱས་འཁོར་དང་བཅས། །རང་བཞིན་གནས་ནས་སྐུ་བསྐྱོད་དེ། །མཁྱེན་པའི་གནས་མཆོག་འདིར་གཤེགས་ནས། །བརྩེ་བས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད། མཆོད་པ་བྱིན་བརླབ་ནི། རྩ་བ་དང་ཡན་ལག་གཉིས་ལས། རྩ་བའི་མཆོད་པ་སྨན་གཏོར་རཀྟ་དང་། ཡན་ལག་གི་མཆོད་པ་ཉེར་སྤྱོད་རྣམས་ཡིན་པར་རབ་གནས་ཀྱི་ཕྱིར་དུ་བཤམས་པའི་མཆོད་པ་དང་དཀྱིལ་འཁོར་གྱི་མཆོད་པ་ཐུན་མོང་དུ་བྱིན་གྱིས་བརླབ་པའི་དགོངས་པས་འདི་ལྟར། དང་པོ་རྩ་བའི་མཆོད་པ་སྨན་གཏོར་རཀྟ་གསུམ་ལས། བདུད་རྩི་བྱིན་གྱིས་བརླབ་པ་ནི། ༀ་ཨ་མྲྀ་ཏ་ཀུཎྜ་ལི་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ་ཀྱིས་བསང་། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། ཞེས་བདུད་རྩིའི་སྣོད་གཞལ་ཡས་ཁང་འཁོར་ལོ་དང་བཅས་པར་བསམ། ཧཱུཾ་ༀ་སྭཱ་ཨཱཾཿཧཱ། མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ། ཞེས་བཅུད་ཤ་ལྔ་བདུད་རྩི་ལྔའི་སྟེང་རིགས་ལྔ་ཡབ་ཡུམ་བཅུར་བསམ། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ༀ་ཨཱཿཧཱུཾ། ཞེས་ཁ་གཅོད་ལ་བདུད་རྩིའི་སྲུང་མ་རྟ་མགྲིན་ཡུམ་བཞིས་བསྐོར་བར་བསམ། རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་འབབ་པར་བསམ་ཞིང་། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་ལན་བདུན་ནམ་གསུམ་གྱི་བྱིན་གྱིས་བརླབ། དཔའ་ལྡན་རྡོ་རྗེའི་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་བདག་བྱིན་གྱི་བརླབས་ནས་ཀྱང་། །རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ནང་མཚམ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡེ་ཤེས་སུ་བསྒོམ་པ་ནི། བདུད་རྩིའི་ཕུད་གཏོར་ཞིང་ལྷག་མ་སྨིན་མཚམས་སུ་བཞག་ལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྐུ་རྡོ་རྗེར་གྱུར་ཅིག །ཅེས་བརྗོད་པས་སྨིན་མཚམས་སུ་ཟླ་བའི་གདན་ལ་ༀ་དཀར་པོའི་འཕྲོ་འདུས་ལས། སྐུ་རྡོ་རྗེ་དཀར་པོ་ཞལ་གཅིག་ཕྱག་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པར་གྱུར། དཔལ་ལྡན་རྡོ་རྗེའི་གསུང་༴ རྡོ་རྗེ་མི་ཕྱེད་གསུང་༴ དེང་བདག་བྱིན་གྱིས༴ རྡོ་རྗེ་གསུང་གི༴ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ༴ ཕུད་གཏོར་ཞིང་ལྷག་མ་མགྲིན་པར་བཞག་ལ། ཝཱ་ཀ་སིདྡྷི་ཨཱཿ སྥ་ར༴ སཾ་ཧ༴ ༀ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྲ༴ གསུང་རྡོ་རྗེར༴ མགྲིན་པར་པདྨའི་གདན་ལ་ཨཱཿདམར་པོའི་འཕྲོ་འདུས་ལས། གསུང་རྡོ་རྗེ་དམར་པོ་ཞལ་གཅིག་ཕྱག་གཉིས་པདྨ་དང་དྲིལ་བུ་འཛིན་པར་གྱུར། དཔལ་ལྡན་རྡོ་རྗེའི་ཐུགས༴ རྡོ་རྗེ་མི་ཕྱེད་ཐུགས༴ དེང་བདག་བྱིན་གྱིས༴ རྡོ་རྗེ་ཐུགས་ཀྱི༴ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ༴ ཕུད་གཏོར་ཞིང་ལྷག་མ་སྙིང་ཁར་བཞག་ལ། ཙིཏྟ་སིདྡྷི་ཧཱུཾ། སྥ་ར་ཎ༴ སཾ་ཧ་ར༴ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ༴ ཐུགས་རྡོ་རྗེར༴ སྙིང་གར་ཉི་མའི་གདན་ལ་ཧཱུཾ་སྔོན་པོའི་འཕྲོ་འདུ་ལས། ཐུགས་རྡོ་རྗེ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། སྐུ་གསུང་ཐུགས་སྲ་ཞིང་མཁྲེགས་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག །གསང་མཚམས་བདུད་རྩི་གསང་གཏོར་ནི། བདུད་རྩིའི་ཟེགས་མ་ལ་ཁྲོ་བོ་སྤྲོས་ཏེ་བགེགས་བསྐྲད་པར་བསམ་ཞིང་། ༀ་བི་ཤུདྡྷེ་ཨ་མྲྀ་ཏེ་ཧཱུཾ་ཕཊ། དྷརྨ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཕོག་པ་ཙམ་གྱིས་བརྒྱལ་བར་གྱུར་ཅིག །རེག་པ་ཙམ་གྱིས་ཚིམ་པར་གྱུར་ཅིག །རྟོགས་པ་རྣམས་ཀྱི་བདུད་རྩི་ཡིན། མ་རྟོགས་པ་རྣམས་ཀྱི་དུག་ཡིན་ནོ། །གསང་བ་བདུད་རྩིའི་མཚམས་ལས་མ་འདའ་བར་དེངས་ཤིག །གཏོར་མ་བྱིན་བརླབ་ནི། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བསང་། རཾ་ཡཾ་ཁཾ་གྱིས་བསྲེག་གཏོར་བཀྲུས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། སྣོད་བྷནྡྷའི་གཞལ་ཡས་ཁང་དུ་བསམ། ཧཱུཾ་ཧ་ཧེ་ཕཊ་བྷྱོ། ༀ་བ་ལིནྟ་ཏེ་ཛྭ་བ་ལིནྟ་བ་ལ་བཱ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཞེས་བདུན་ནམ་གསུམ་བརྗོད་པས་བཅུད་ལྷ་ཚོགས་རྣམས་དགྱེས་བཞད་ཚིམ་པར་ནུས་པའི་འདོད་ཡོན་གྱི་ཕུང་པོར་བསམ། རཀྟ་བྱིན་བརླབ་ནི། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་གིས་བསང་། རཾ་ཡཾ་ཁཾ་གོང་ལྟར། བྷྲཱུཾ་བྷནྡྷ་ཞེས་བརྗོད་པས། སྣོད་བྷནྡྷའི་གཞལ་ཡས་ཁང་ༀ་ཨཱཿཧཱུཾ་རཀྟ་མཱུ་ལ་རཀྟ་ཧཱུཾ་ཧྲཱིཿཋཱ། ཞེས་བདུན་ནམ་གསུམ་བརྗོད་པས་རཀྟའི་རྒྱ་མཚོ་བདུད་རྩིའི་རང་བཞིན་དུ་བརླབ་བོ། །གཉིས་པ་ཡན་ལག་གི་མཆོད་པ་བྱིན་གྱིས་བརླབ་པ་ནི། ཕྱི་མཆོད་རྣམས་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། བྷྲཱུཾ་ཞེས་སྣོད་རིན་པོ་ཆེར་བསམ། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། ༀ་ཨཱཿཧཱུཾ། ཞེས་བརྗོད་པས་ཉེར་སྤྱོད་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་བསམ་མོ། །རྩ་བར། དེ་ནས་ལུང་གི་ཞི་ཁྲོ་བྱ་བ་ནི། རང་ལུས་ཀྱི་ཕྱོགས་མཚམས་སྟེང་འོག་བཅུར་ཕྱོགས་སྐྱོང་བཅུའི་གདན་ལ་ཁྲོ་བོ་བཅུ་བསམ་ལ། ཞེས་གསུངས་པའི་དོན་རབ་གནས་ཀྱི་སྔོན་དུ་བྱ་བའི་བདག་མདུན་གྱི་ཆོ་ག་དང་། ཁྱད་པར་བདག་བསྐྱེད་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་ཀྱང་། །བདག་མདུན་གཉིས་ཀ་མེ་ལོང་དང་གཟུགས་བརྙན་བཞིན་ལྷན་ཅིག་ཏུ་གསལ་གདབ་སྟེ། གླན་གྱི་ཕྱག་བཞེས་ལྟར། རྩ་བར། ཧཱུཾ། གདོད་ན་མ་སྐྱེས་རྣམ་དག་ཆོས་ཀྱི་སྐུ། །ཆོས་ཉིད་བྱང་ཆུབ་སེམས་སུ་དབྱེར་མེད་ཀྱང་། །སྲིད་པ་སྲོག་གིས་བསྡུས་པའི་འཇིག་རྟེན་པ། །ལོག་རྟོག་དངོས་པོར་གོལ་བའི་དབང་གིས་ནི། །སྡུག་བསྔལ་བརྒྱད་ཁྲི་བཞི་སྟོང་རང་ལས་བྱུང་། །སྡུག་བསྔལ་བརྒྱད་དང་གསུམ་གྱི་འགྲོ་བ་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱིས་མི་འདུལ་ཏེ། །གསང་སྔགས་གསང་ཆེན་ངེས་པའི་དུས་ལ་བབ། །ན་མོ་ཧཱུཾ། ཧཱུཾ། སྲིད་གསུམ་ཕྱི་ནང་སྣོད་བཅུད་ཐམས་ཅད་ནས། །སྙིགས་མ་ལྔ་དང་སྐྱེ་འགྲོ་མ་ལུས་ཀུན། །ཐམས་ཅད་སངས་རྒྱས་ཉིད་ཀྱི་རང་བཞིན་ལས། །ཐབས་ལ་མཁས་པས་འདི་ལྟར་བརྟག་ཤིང་བསྒོམ། །རྩ་བར། ཞི་ཁྲོའི་མཚམས་བཅད་ཐུན་མོང་དུ་བྱས་ལ་ཞེས་གསུངས་པའི་དོན་གོང་དུ་ཞི་ཁྲོའི་གཞུང་བསྲང་བའི་སྔོན་འགྲོའི་སྐབས་ཀྱི་མཚམས་གཅོད། གཉིས་པ་མཚམས་བཅད་པ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་ཞེས་སོགས་ནས། ར་བ་གསུམ་རིམ་ནམ་མཁའི་མཐའ་ཀླས་པ་གང་བས་མཚམས་བཅད་པར་གྱུར། ཞེས་པའི་བར་འདིར་ལེན་ཅིང་མཚམས་གཅོད་ཀྱི་དོན་ལུང་གིས་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། སྟེང་འོག་ཕྱོགས་མཚམས་དངོས་པོ་ཅིར་སྣང་ཡང་། །ཁྲོ་བཅུ་ཡབ་ཡུམ་སྒོམ་པའི་བྱིན་རླབས་ཀྱིས། །ཕྱོགས་བཅུར་གནས་པའི་བགེགས་རྣམས་ཀུན་བསལ་ནས། །བར་ཆད་མེད་ཅིང་དངོས་གྲུབ་ཐོབ་པར་ཤོག །རྩ་བར། ཡེ་ཤེས་སྐུ་མཆོག་དང་བཤགས་པ་བྱ་ཞེས་གསུངས་པས་གོང་གི་འཕྲོས་བཛྲ་ས་མཱ་ཛཿས་བཤགས་ཡུལ་སྤྱན་དྲང་བ་དང་། ཡེ་ཤེས་སྐུ་མཆོག་དང་། ཧཱུཾ། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ཟློག་དོན་དུ་རྒྱལ་བའི་དམ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཞེས་བཤགས་པ་དང་། སྤྲོ་ན་གོང་གི་འཕྲོས། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །ཞེས་སོགས་ཀྱི་དམ་བཅའ་ཡང་བླངས་ཏེ་དེའི་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཧཱུཾ། སྒྲིབ་པ་རྣམ་གཉིས་དངོས་པོ་ཅིར༴ ཡིད་ཀྱིས་མངོན་དུ་བཤགས་པའི་བྱིན་རླབས་ཀྱིས། །སྒྲིབ་པ་ཡེ་ནས་དག་པའི་དོན་རྟོགས་ནས། །སེམས་ཉིད་རང་བཞིན་མེད་པའི་དོན་རྟོགས་ཤོག །རྩ་བར། ཞི་ཁྲོའི་བྱིན་དབབ་ལ། ཞེས་གསུངས་པས། གོང་གི་འཕྲོས། ༀ་ཨཱཿཧཱུཾ་ཨ་ལ་ལ་ཧོཿ ཞེས་སོགས་དང་། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཅེས་སོགས་བྱ། དེའི་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཧཱུཾ། མཐུ་དང་བྲལ་བའི་སྡུག་བསྔལ་ཅིར༴ བདེ་གཤེགས་བྱིན་རླབས་གསལ་བར་རྫོགས་པའི་མཐུས། །རྒྱལ་བའི་སྐུ་རུ་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་བྱིན་རླབས་མཐུ་ཉིད་ལྷུན་གྲུབ་ཤོག །རྩ་བར། ཞི་ཁྲོའི་བྱིན་རླབས་བྱས་ལ། ཞེས་གསུངས་པས། ཐོག་མར་བདུད་རྩི་བྱིན་བརླབ་ནི། གོང་གི་འཕྲོས་ཨ་མྲྀ་ཏས་བསང་བ་ནས། བདུད་རྩིའི་གསང་གཏོར་གསང་བ་བདུད་རྩིའི་མཚམས་ལས་མ་འདའ་བར་དེངས་ཤིག་གི་བར་དུ་བྱས་ཏེ། དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཧཱུཾ། བཞི་བརྒྱ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩིས་སྨན་མཆོག་བསྒྲུབས་ཤིང་མཆོད་པའི་མཐུས། །ཡུན་དུ་གླགས་ལྟའི་གནོད་པ་ཀུན་བསལ་ནས། །སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ་པ་ཤོག །གཏོར་མ་བྱིན་བརླབ་ཀྱང་གོང་གི་འཕྲོས། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀས་བསང་བ་ནས་བཟུང་གཏོར་མ་བྱིན་བརླབ་དང་། རཀྟ་ཡང་བྱིན་གྱིས་བརླབས་ཏེ་དོན་གསལ་བཏབ་པ་ནི། རྩ་བར། ན་མོ་ཧཱུཾ། ཧཱུཾ། བརྒྱད་ཁྲི་བཞི་སྟོང་དོན་རྣམས་ཅིར༴ ཚོགས་དང་གཏོར་མས་མཆོད་པའི་བྱིན་རླབས་ཀྱིས། །འཕྲལ་དུ་སྐབས་འཚོལ་གནོད་པ་ཀུན་བསལ་ནས། །འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་པར་ཤོག །གོང་གི་འཕྲོས་ཕྱི་མཆོད་བྱིན་བརླབ་བྱས་ཏེ། ནམ་མཁའ་དང་མཉམ་པར་བསམ་མོའི་བར་བྱ། དེའི་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཧཱུཾ། ཐུན་མོང་རྫས་ཀྱི་དངོས་པོ་ཅིར༴ མཆོད་པ་བྱིན་གྱིས་བརླབས་པའི་ནུས་མཐུ་ཡིས། །འདོད་པའི་ཡོན་ཏན་མངོན་དུ་རྫོགས་གྱུར་ནས། །དུས་གསུམ་བདེ་གཤེགས་མ་ལུས་མཆོད་པར་ཤོག །རྩ་བར། འདི་ནས་སོ་སོར་གྱེས་ཏེ། བླ་མས་རྒྱུད་ལུང་ཞི་བ་བྱ། ལས་སློབ་གཅིག་གིས་རྒྱུད་ལུང་ཁྲོ་བོ་བྱ། ཡང་ཞི་བའི་སེམས་བསྐྱེད་དང་ཏིང་ངེ་འཛིན་གསུམ་བྱས་ལ། ཞེས་འབྱུང་ཡང་ཕྱག་བཞེས་སུ་བླ་མ་རང་གིས་ཞི་ཁྲོ་གཉིས་ཀ་མཛད་དེ། ཞི་བ་རིན་ཆེན་དྲྭ་བའི་ལས་གཞུང་གི་ཐོག་མ་ཀུན་རྫོབ་སེམས་བསྐྱེད་ཀྱི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཞེས་པ་ནས། དེ་ཕྱིར་དངོས་པོ་དངོས་མེད་པའོ། །ཞེས་པའི་བར་བྱས་ཏེ། དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཧཱུཾ། གནམ་ས་དངོས་པོ་རི་བྲག་ཅིར༴ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ་པའི་མཐུས། །ཆོས་ཉིད་སྟོང་པ་ཉིད་དུ་རྟོགས་ནས་ཀྱང་། །སྤྲོས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཀུན་སྣང་ནི་གོང་གི་འཕྲོས། དེ་བཞིན་ཉིད་ནི་སྤྲོས་མེད་དེ། །ཞེས་པ་ནས། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་པའི་བར་བརྗོད་དེ། དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཧཱུཾ། མ་རྟོགས་སེམས་ཅན་སྡུག་བསྔལ་ཅིར༴ ཀུན་ཏུ་སྣང་བའི་ཏིང་འཛིན་བསྒོམས་པའི་མཐུས། །ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པ ར་ལྷུན་གྱིས་གྲུབ༴ རྒྱུའི་ཏིང་འཛིན་ནི། གོང་གི་འཕྲོས། དངོས་པོ་མེད་ལ་དངོས་པོའི་སྤྲིན། །ཞེས་པ་ནས། བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་པའི་བར་བརྗོད་དེ། དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཧཱུཾ། མ་རིག་སེམས་ཀྱི་དངོས་པོར་ཅིར༴ རྒྱུ་ཡི་ཏིང་འཛིན་རྩེ་གཅིག་བསྒོམས་པའི་མཐུས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན༴ རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ༴ རྩ་བར། ཞི་བའི་འབྱུང་རིམ་གཞལ་ཡས་ཁང་བསྐྱེད་པ་ཡན་བྱས་ལ། ཞེས་གསུངས་པའི་དོན། ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བདག་མདུན་ལྷན་ཅིག་ཏུ་བསྒོམ་ཞིང་གོང་གི་འཕྲོས། དེ་ལས་རྒྱལ་བའི་བཞུགས་གནས་རྟེན། །དབང་ཆེན་དཀྱིལ་འཁོར་རིམ་བཞིན་བསྒོམ། །ཞེས་ཚིག་རྐང་གཉིས་རང་མདུན་བསྐྱེད་ཀྱི་རྟེན་བསྐྱེད་པའི་སྐབས་ཀྱི་བདག་གི་ཐུགས་ཀ་ནས་ཞེས་པ་དོར་ལ། ཨེ། ཡཾ། བཾ། སུཾ། ལཾ། རཾ་རྣམས་ཆད། དཀྱིལ་འཁོར་གྱི་འོག་གཞི་བརྩེགས་མར་འཁོད་ཅེས་པ་ནས། སྒོ་བཞིར་བྲག་དང་ཉི་མའི་གདན་རྣམས་སུ་གྱུར། ཞེས་པའི་བརྗོད་ནས། རིན་ཆེན་དྲྭ་བའི། ཡེ་ཤེས་ཕྱོགས་བཞི་དབུས་བརྟག་ཏེ། །ཞེས་པ་ནས། ཉི་ཟླ་པདྨ་རིན་པོ་ཆེའི་བར་བརྗོད་ཅིང་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཧཱུཾ། སྣོད་ཀྱི་འཇིག་རྟེན་འ བྱུང་བ་ཅིར༴ གཞལ་ཡས་ཁང་ཆེན་བསྒོམས་པའི་བྱིན་རླབས་ཀྱིས། །ཆོས་ཉིད་མཐའ་དབུས་མེད་པའི་དོན༴ འོག་མིན་གནས་སུ་ལྷུན་གྱིས་གྲུབ༴ རྩ་བར། ཞི་བའི་ལྷ་ཚོགས་བསྐྱེད་ནས། ཞེས་གསུངས་པའི་དོན་གོང་གི་འཕྲོས་མདུན་བསྐྱེད་ཀྱི། གདན་དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཨ། དེའི་མདུན་དུ་ཋ་ཐ་ཞེས་པ་ནས། ཁྲོ་བོ་དང་ཁྲོ་མོའི་ཆས་ལྡན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་བར་དང་། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་པ་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པའི་བར་བརྗོད་ནས་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཧཱུཾ། ཕུང་པོ་ལྔ་དང་འབྱུང་བ་ཅིར༴ རིགས་ལྔ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཡབ་ཡུམ་གཉིས་སུ་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུཾ། དབང་པོ་ཡུལ་དུས་རྣམ་ཤེས་ཅིར༴ སེམས་དཔའ་སེམས་མ་བསྒོམས་པའི་བྱིན༴ ཐམས་ཅད་ལྷ་དང་ལྷ་མོའི་དོན༴ རྒྱལ་བའི་སྲས་སུ་ལྷུན་གྱིས་གྲུབ༴ ན་མོ་ཧཱུཾ། ཡན་ལག་བཞི་ཡི་དངོས་པོ་ཅིར༴ སྒོ་བ་ཡབ་ཡུམ་བསྒོམས་པའི་བྱིན༴ ཡབ་ཡུམ་འདུ་འབྲལ་མེད་པའི་དོན༴ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༴ ན་མོ་ཧཱུཾ། ཡིད་དང་ཆོས་ཀྱི་དངོས་པོ་ཅིར༴ ཀུན་བཟང་ཡབ་ཡུམ་བསྒོམས་པའི་བྱིན༴ དབྱིངས་དང་ཡེ་ཤེས་གཉིས་མེད་དོན༴ ཆོས་སྐུ་འགྱུར་མེད་ལྷུན་གྱིས་གྲུབ༴ ན་མོ་ཧཱུཾ། འགྲོ་བ་རིགས་དྲུག་དངོས་པོ་ཅིར༴ ཐུབ་པ་དྲུག་ཏུ་བསྒོམས་པའི་བྱིན༴ རོལ་པ་ཅིར་ཡང་སྣང་བའི་དོན༴ སངས་རྒྱས་མཛད་པ་ལྷུན་གྱིས་གྲུབ། །རྩ་བར། ཡང་ཞི་བའི་ལྷ་ལ་སྔགས་ཀྱི་དབུ་རྒྱན་བྱིན་རླབས་བྱས་ནས། ཞེས་འབྱུང་བའི་དོན་གོང་གི་འཕྲོས། ལག་གཉིས་རྡོ་རྗེ་ཕྱི་བསྡམས་ལས་ཞེས་པ་ནས་བཟུང་། མི་བསྐྱོད་པ་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་གྱི་བར་དང་། སངས་རྒྱས་ལྔ་ཡི་ཅོད་པན་ཅན། །ཞེས་པ་ནས། དབང་མཆོག་ཏུ་ནི་དབང་བསྐུར་རོ། །ཞེས་པའི་བར་བརྗོད་ན་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ལུས་ངག་ཡིད་གསུམ་དངོས་པོར་ཅིར༴ དབང་བསྐུར་བྱིན་གྱིས་བརླབས་པའི་བྱིན༴ ལས་དང་ཉོན་མོངས་མ་ལུས་ཀུན་བྱང་ནས། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ༴ རྩ་བར། དེ་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་ས་མཱ་ཛཿས་སྤྱན་དྲངས་ཞེས་གསུངས་པའི་དོན་གོང་གི་འཕྲོས། དང་པོ་སྙན་གསན་དབབ་པ་ནི་ཞེས་པ་ནས། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་གྱི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། སངས་རྒྱས་སེམས་ཅན་དངོས་པོ་ཅིར༴ བདེ་གཤེགས་སྤྱན་དྲངས་བསྟིམ་པའི་བྱིན༴ ཡེ་ནས་གཉིས་སུ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ༴ རྩ་བར། དེ་ནས་ལྷ་ཚོགས་མཆོད་ལ་ཞེས་གསུངས་པའི་དོན་གོང་གི་འཕྲོས་མཆོད་པ་བཅུ་བཞིའི་དང་པོ་ཕྱག་གི་མཆོད་པ་ནི། ཧཱུཾ། མ་སྐྱེས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །ཞེས་པ་ནས། སྒོ་བ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། བདག་དང་གཞན་དུ་དངོས་པོ་ཅིར༴ ཡེ་ནས་འདྲེས་པ་ཆེན་པོའི་བྱིན༴ གཉིས་འཛིན་གཅིག་ཏུ་གོ་བའི་དོན༴ གཉིས་སུ་མེད་པར་ལྷུན་གྱིས་གྲུབ༴ རྩ་བར། དེ་ནས་བདེ་གཤེགས་ཁྱེད་སོགས་བརྗོད་ནས་ཞེས་གསུངས་པའི་དོན་གོང་གི་འཕྲོས། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །ཞེས་པ་ནས། བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཅིར༴ དམ་བཅའ་རྣམ་གསུམ་བྱས་པའི་བྱིན༴ བསམ་པ་མཐའ་རུ་ཕྱིན་པའི་དོན༴ བདག་གཞན་གཉིས་ཀྱི་དོན་གཉིས་མཐར་ཕྱིན་ཤོག །རྩ་བར། དེ་ནས་སྒྱུ་འཕྲུལ་དྲྭ་བ་ཞེས་སོགས་བརྗོད་ནས། ཞེས་གསུངས་པའི་དོན་གོང་གི་འཕྲོས། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །ཞེས་པ་ནས། ཨ་ལ་ལ་ཏེ་དགྱེས་པར་མཛོད་ཀྱི་བར་ཕྱག་རྒྱ་གར་མཆོད་རྫོགས་པར་བྱས་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། གཟུང་འཛིན་རྣམ་རྟོག་དངོས་པོ་ཅིར༴ ཕྱག་རྒྱའི་མཆོད་པ་ཕུལ་བའི་བྱིན༴ ཕྱག་རྒྱ་རྣམ་བཞི་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ཤོག །རྩ་བར་ཡང་། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཞེས་སོགས་བརྗོད་དེ། ཞེས་གསུངས་པའི་དོན་གོང་གི་འཕྲོས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཞེས་པ་ནས་ཆུ་གཉིས་འཕུལ་བ་སྔགས་དང་བཅས་པའི་བར་བརྗོད་ནས་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཕྱི་ནང་གསང་བའི་དངོས་པོ་ཅིར༴ ཀུན་ཏུ་བཟང་པོའི་མཆོད་པ་ཕུལ་བ་ཡིས། །དངོས་པོ་ཐམས་ཅད་མཆོད་པར་གྱུར་ནས་ཀྱང་། །སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་ཤོག །རྩ་བར། ༀ་པ་ན་པེཾ་ཞེས་བརྗོད་ལ། ཞེས་གསུངས་པའི་དོན་གོང་གི་འཕྲོས། པ་ན་པེཾ་ཞེས་པ་ནས། ལྷ་མོ་བཞི་བསྣོལ་གྱི་མཆོད་པ། དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། བདག་གཞན་དངོས་པོ་ཁྱད་པར་ཅིར༴ མཆོད་པ་རྣམ་ལྔ་ཕུལ་བའི་བྱིན༴ ཐམས་ཅད་འགག་པ་མེད་པའི་དོན་རྟོགས་ནས། །འཁོར་གསུམ་མ་ལུས་ཡོངས་སུ་དག་པར་ཤོག །རྩ་བར། རང་བྱུང་གདོད་ནས་དག་པའི་ཞེས་སོགས་བརྗོད་ལ་ཞེས་གསུངས་པའི་དོན། རང་བྱུང་གདོད་ནས་ནས། དངོས་གྲུབ་བླང་བ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་གྱི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར༴ བདུད་རྩི་སྨན་མཆོད་ཕུལ་བའི་བྱིན༴ འཕྲལ་དུ་སྐབས་འཚོལ་དངོས་པོ་ཀུན་བསལ་ནས། །སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ་པར་ཤོག །རྩ་བར། ཡང་སུ་ར་ཏོ་པ་པོ་ཀ་མ་ལེ་ཞེས་བརྗོད་ལ་ཞེས་གསུངས་པའི་དོན་གཏོར་མ་ཕུལ་བ། ༀ་ཨཱཿཧཱུཾ་སུ་ར་ཧ། ཨུ་པ་བྷྱོཿ ཞེས་སོགས་ནས། གསང་ནན་འབུལ་བའི་ཨ་ལ་ལ་ཧོའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཅིར༴ དམ་རྫས་གཏོར་མས་མཆོད་པའི་བྱིན༴ ཡུན་དུ་གླགས་ལྟའི་གནོད་པ་ཀུན་བསལ་ནས། །འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ༴ རྩ་བར། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་སོགས་བརྗོད་ལ་ཞེས་གསུངས་པའི་དོན་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་འབུལ་ཚིག །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་པ་ནས། ཨ་ལ་ལ་སྟེ་མཆོད་པར་འབུལ། །ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། སེམས་ཀྱི་རྟོག་པའི་དངོས་པོར་ཅིར༴ དངོས་པོ་ཡོ་བྱད་ལྔ་རུ་གྲུབ་ནས་ཀྱང་། །རིག་པ་ཅིར་ཡང་སྣང་བའི་དོན་རྟོགས་ནས། །འདོད་པའི་ཡོན་ཏན་ལྷུན་གྱིས་གྲུབ་པར་ཤོག །རྩ་བར། རི་རབ་ཆེན་པོའི་གླིང་བཞི་ནས། ཞེས་སོགས་བརྗོད་ནས། ཞེས་གསུངས་པ་སྦྱོར་སྒྲོལ་གྱི་མཆོད་པ་ནི། རི་རབ་གླིང་བཞི་ནས། ཨཱཏྨ་ཀོ྅ཧཾ་གི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཆགས་སྡང་རྣམ་གཉིས་དངོས་པོ་ཅིར༴ ཏན་གན་རྣམ་གཉིས་མཆོད་པའི་བྱིན༴ སྤྱོད་ཡུལ་ཡོངས་སུ་དག་པའི་དོན༴ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ༴ འདོད་ཡོན་གྱི་མཆོད་པ་ནི། བཟའ་དང་བཅའ་དང་བཏུང་དང་བགོ། །ཞེས་པ་ནས། ཆོས་ཉིད་ལ་ནི་ཆོས་ཉིད་རོལ། །ཨ་ལ་ལ་ཧོའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཡུལ་དང་དབང་པོའི་དངོས་པོ་ཅིར༴ འདོད་ཡོན་ལྔ་ཡི་མཆོད་པ་ཕུལ་བའི་མཐུས། །ཡུལ་སེམས་གཉིས་སུ་མེད་པའི་དོན༴ སྤྱོད་ཡུལ་མ་ལུས་ཡོངས་སུ་དག་པར་ཤོག །རྩ་བར། དབང་པོའི་སྤྱོད་ཡུལ་ལ་སོགས་ཞེས་གསུངས་པའི་དོན་ནི། རོལ་མོ་སྒྲའི་མཆོད་པ་ཁོ་ན་ཡིན་འདུག་ཀྱང་། གསང་སྙིང་ལྟར་གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་ནས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོའི་བར་དང་། རོལ་མོ་སྒྲ་ཡི་མཆོད་པ་ནི། དབང་པོའི་སྤྱོད་ཡུལ་རང་བཞིན་དངོས་པོ་མེད། །ཅེས་པ་ནས། ཛཿཧཱུཾ་བཾ་ཧོཿ པྲ་ཏཱིཙྪ་ཧོཿའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཉོན་མོངས་སྡུག་བསྔལ་དངོས་པོ་ཅིར༴ གླུ་དང་རོལ་མོ་སྒྲ་སྙན་ཕུལ་བ་ཡིས། །ཐམས་ཅད་ཐེག་པ་ཆེན་པོའི་སྒྲར་གྱུར་ནས། །གསང་སྔགས་དོན་ཉིད་ཀུན་གྱི་རྟོགས་པར་ཤོག །ཧོཿ ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔ་རྒྱལ་བ་རྒྱ་མཚོའི་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། བདག་ཅག་རྣལ་འབྱོར་གྱི་མཆོད་པ་དམ་པ་རིག་པའི་ཁྱད་པར་ཕྱི་ནང་གསང་བ་གསུམ་སྦྱར་ཏེ། ཕུལ་བས་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་ཆེན་པོར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་མ ཐའ་ཡས་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག །བདག་གི་དམ་ཚིག་ཉམས་པ་སྐོངས་ཏེ་དངོས་གྲུབ་ཀྱི་སྣོད་དམ་པར་གྱུར་ཅིག །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །ཨ་ལ་ལ་ཧོཿ དམ་ཚིག་གང་འདོད་ཞུ། ཞེས་གསུངས་པ་ལྟར་ཡིད་ལ་གང་འདོད་ཀྱི་གསོལ་བ་གདབ་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཡིད་ལ་བསམ་པའི་དངོས་པོ་ཅིར༴ སྨོན་ལམ་སྔོན་དུ་བཏབ་པའི་བྱིན༴ ཡིད་ལ་ཅི་བསམ་ལྷུན་གྲུབ་དོན༴ འགྲོ་དོན་མ་ལུས་ལྷུན་གྱིས་གྲུབ༴ རྩ་བར། དེ་ནས་ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་བྱས་ལ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཞེས་པ་ནས། ཨཱ་ལི་ཀཱ་ལི་ཡན་ཆད་དང་། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླས་ལ་ཕྱོགས་བཅུ་དུས་བཞིས་བསྟོད་ལ། ཞེས་འབྱུང་བ་བྷྲཱུཾ་བི་ཤྭ་སོགས་བརྗོད་པ་འཛབ་ཁང་དབྱེ་བ་ལ་དགོངས་པས་གོང་ལྟར་འཛབ་ཁང་དབྱེ་བར་བྱ་བའམ་ཡང་ན་ༀ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་དྷ་མུ་ན་ཡེ་སྭཱ་ཧཱ་དང་། གུ་ཧྱ་ཛྙཱ་ན་ཅི་མང་བཟླས་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། རྡུལ་བྲལ་རྩོལ་པའི་སྡུག་བསྔལ་ཅིར༴ བསྙེན་སྒྲུབ་རྣམ་བཞིའི་འཛབ་བསྙེན་བྱས་པའི་མཐུས། །ཐམས་ཅད་ཀུན་ཏུ་བཟང་པོའི་དོན༴ དངོས་གྲུབ་རྣམ་གསུམ་ལྷུན་གྱིས༴ ཅེས་ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་བྱས་ལ། བོ་དྷི་ཙིཏྟའི་འཛབ་བྱའོ། །ཞེས་གསུངས་པས་སླར་ཡང་བོདྷི་ཙིཏྟ་བཟླའོ། །རྩ་བར། སྔོན་འགྲོ་ཞི་ཁྲོ་ཐུན་མོང་ཚར་ནས་ཏིང་འཛིན་རྣམ་གསུམ་ཞི་བ་དང་མཐུན། འབྱུང་བ་རིམ་བརྩེགས་ལུང་གི་གསལ་འདེབས་གོང་དང་འདྲ། གཏུམ་པ་དོམ་ཞེས་བརྗོད་ལ། ཞེས་གསུངས་པའི་དོན་ནི་ཏིང་འཛིན་གསུམ་དང་འབྱུང་རིམ་རྣམས་དག་སྦྱོར་གོང་དང་མཚུངས་པ་འདིར་ལེན་པ་ལ་དགོངས་ཀྱང་ཉིས་བལྡབས་ལས་དགོས་དོན་ལྷག་པོ་མེད་ཅིང་། གཏུམ་པ་དོམ་གྱི་སྦར་བས་ནི། །ཞེས་པ་ཡན་ཆད་ཁྲོ་བོ་དམ་པ་རྒྱན་ལྟར་བྱ་བར་གསུངས་པ་ཡང་སྤྲོ་ན། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །ཞེས་པ་ནས། གཏུམ་པ་དོམ་གྱི་སྦར་བ་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ཞེས་པའི་བར་བརྗོད། མི་སྤྲོ་ན་མདུན་བསྐྱེད་སྐབས་ལྟར་བདག་གི་ཐུགས་ཀ་ནས་ཨེ་ཡཾ་ར་པཾ་ཀེཾ་རཾ་རྣམས་ཆད་དེ་ཞེས་པ་ནས། གཞན་རྣམས་ལ་རང་རང་གི་གདན་དུ་གྱུར། ཞེས་པའི་བར་གྱིས་བདག་མདུན་གྱི་ཁྲོ་བོའི་རྟེན་གཞལ་ཡས་ཁང་མེ་ལོང་དང་གཟུགས་བརྙན་བཞིན་གཅིག་ཆར་བསྐྱེད་ཅིང་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། དུར་ཁྲོད་རྫས་ཀྱི་དངོས་པོ་ཅིར༴ འབར་བའི་གཞལ་ཡས་བསྒོམས་པའི་བྱིན༴ རྫས་སུ་ལྟ་བའི་རྟོག་པ་ཀུན་བསལ་ནས། །གནས་མཆོག་རབ་འབྱམས་ལྷུན་གྱིས་གྲུབ༴ ན་མོ་ཧཱུཾ། འདོད་པ་ལྔ་ཡི་ཡོན་ཏན་ཅིར༴ ཚོགས་ཀྱི་མཆོད་པ་སྦྱར་བའི་བྱིན༴ མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོར་ལྷུན་གྱིས༴ རྩ་བར། ཧཱུཾ་དེ་བབས་པ་ལས་དུར་ཁྲོད་ཆས་བརྒྱད་སྐལ་པའི་ཀློང་ནས་བཞུགས་པ་ཡན་བརྗོད། ཅེས་གསུངས་པའི་དོན་གོང་གི་འཕྲོས། ཁྲོ་བོའི་མདུན་བསྐྱེད་སྐབས་ཀྱི་ༀ་ཨ་ཀྲ་མ་ཧཱ་ཞེས་སོགས་གཙོ་བོ་ཆེ་མཆོག་བསྐྱེད་པ་ནས། རྒྱུད་ལུང་གི་ཁྲོ་བོ་དགུ་བསྐྱེད་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། རུ་ཏྲ་རྣམ་གསུམ་དངོས་པོ་ཅིར༴ ཧེ་རུ་དགུ་རུ་བསྒོམས་པའི་བྱིན༴ བདུད་དང་སྲིན་པོའི་བར་ཆད་ཀུན་བྲལ་ནས། །ཡེ་ཤེས་དགུ་རུ་ལྷུན་གྱིས་གྲུབ༴ ན་མོ་ཧཱུཾ། ཁམས་གསུམ་ས་དགུའི་དངོས་པོ་ཅིར༴ ཡུམ་ཆེན་དགུ་རུ་བསྒོམས་པའི་བྱིན༴ མ་བདུན་སྲིང་མོའི་བར་ཆད་ཀུན་བསལ་ནས། །ཐིག་ལེ་དགུ་རུ་ལྷུན་གྱིས་གྲུབ༴ རྩ་བར། ཡང་དཀྱིལ་འཁོར་གོང་རས་བཞི་ལ་ཕྲ་མེན་གནས་མ་བརྒྱད་ཀྱི་སྔགས་བརྗོད་ལ་བསྒོམ། ཞེས་གསུངས་པའི་དོན་ནི། ༀ་བཛྲ་ག་རཱི་ཧ། ཤར་གྱི་གློ་འབུར་ལ་ག་རཱི་དཀར་མོ་ཞེས་པ་ནས། མགོ་ལུས་ཕྲལ་བའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། རྣམ་ཤེས་བརྒྱད་ཀྱི་དངོས་པོ་ཅིར༴ ཀ་རཱི་བརྒྱད་དུ་བསྒོམས་པའི་བྱིན༴ ཡུལ་ལ་མངོན་པར་རྟོག་པ་ཀུན་བཅོམ་ནས། །རྣམ་པར་རྟོག་པའི་འདུ་ཤེས་མེད་པར་ཤོག །རྩ་བར། ལྷ་སྣམ་དང་པོའི་ཕྱོགས་བཞི་མཚམས་བཞིར་ཕྲ་མེན་གྱི་སྔགས་བརྗོད་ལ། ཞེས་གསུངས་པའི་དོན་གོང་གི་འཕྲོས། ༀ་བཛྲ་སིངྷ་མུ་ཁཱི་ཧེ། ཁྱམས་དང་པོའི་ལྷ་སྣམ་གྱི་ཤར་དུ་ཞེས་པ་ནས། འུག་པའི་མགོ་ཅན་རྡོ་རྗེའི་དབྱུག་པ་འཛིན་པ། ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། དུར་ཁྲོད་བརྒྱད་གྱི་དངོས་པོ་ཅིར༴ ཕྲ་མེན་བརྒྱད་དུ་བསྒོམས་པའི་བྱིན༴ མཚན་མར་སྣང་བའི་དངོས་པོ་ཀུན་བྲལ་ནས། །རྣམ་པར་རྟོག་པའི་བག་ཆགས་མེད་པར་ཤོག །རྩ་བར། དེའི་སྒོ་བཞི་རུ་སྒོ་མ་བཞིའི་སྔགས་བརྗོད་ལ། ཞེས་གསུངས་པའི་དོན་གོང་གི་འཕྲོས། ༀ་བཛྲ་ཨཱརྻ་ཏེ་ཛཿཏེ་ང་ཛཿ ཤར་སྒོ་རྟ་གདོང་ཞེས་པ་ནས། རྒྱན་ཆ་ལུགས་གོང་དང་མཐུན་པའོ། །ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཆུ་བོ་བཞི་པོའི་དངོས་པོ་ཅིར༴ སྒོ་མ་བཞི་རུ་བསྒོམས་པའི་བྱིན༴ ཚད་མེ་བཞི་རུ་རྫོགས་པའི་དོན་རྟོགས་ནས། །ཕྲིན་ལས་རྣམ་བཞི་འདུ་འབྲལ་མེད་པར་ཤོག །རྩ་བར། ལྷ་སྣམ་གཉིས་པའི་ཕྱོགས་མཚམས་བཞིར་སྤོར་མའི་སྔགས་བརྗོད་ལ་སྤོར་མ་ཞལ་གཅིག་ཕྱག་གཉིས་སྤྱན་དང་བཅས་པ་ཞེས་གསུངས་པའི་དོན་གོང་གི་འཕྲོས། དཀྱིལ་འཁོར་གཉིས་པའི་ཁྱམས་ལ་ཞེས་པ་ནས། དྲིལ་བུ་བསྣམས་པའོ། །ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཕྱོགས་མཚམས་བརྒྱད་ཀྱི་དངོས་པོ་ཅིར༴ སྤོར་མ་བརྒྱད་དུ་བསྒོམས་པའི་བྱིན༴ སྣང་སྲིད་སྡེ་བརྒྱད་བར་ཆད་ཀུན་བསལ་ནས། །འཇིག་རྟེན་བར་ཆད་གང་ཡང་མེད་པར་ཤོག །ན་མོ་ཧཱུཾ། འབྱུང་བ་བཞི་ཡི་དངོས་པོ་ཅིར༴ གསང་བའི་ཡུམ་བཞི་བསྒོམས་པའི་བྱིན༴ ཆོས་ཉིད་དྭངས་སྙིགས་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །རྩ་བར། བྷྱོ་ལས་དབང་ཕྱུག་མའི་སྔགས་བརྗོད་ལ། །ཞེས་གསུངས་པའི་དོན་གོང་གི་འཕྲོས། དཀྱིལ་འཁོར་གསུམ་པའི་ཁྱམས་ལ་ཞེས་པ་ནས། ཁྲག་འཐུང་རྩ་བའི་དཀྱིལ་འཁོར་རོ། །ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། སྒལ་ཚིགས་རྣམས་ཀྱི་དངོས་པོ་ཅིར༴ དབང་ཕྱུག་ཉེར་བརྒྱད་བསྒོམས་པའི་བྱིན༴ རྣམ་པར་རྟོག་པའི་བར་ཆད་ཀུན་བསལ་ནས། །བར་ཆད་རྐྱེན་གྱི་སྡུག་བསྔལ་མེད་པ་ཤོག །རྩ་བར། ལྷ་སྣམ་བཞི་པར་མཁའ་འགྲོ་སུམ་ཅུ་སོ་གཉིས་རང་རང་གི་སྐུ་མདོག་ཕྱག་མཚན་དང་བཅས་པ་བསྐྱེད་ལ། ཞེས་གསུངས་པའི་དོན་གོང་གི་འཕྲོས། དཀྱིལ་འཁོར་བཞི་པའི་ཁྱམས་ལ་ཞེས་པ་ནས། ཕྱག་མཚན་མེད་པ་རྣམས་ཐོད་ཁྲག་འཛིན་པའོ། །ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། སོ་དང་རུས་པའི་དངོས་པོ་ཅིར༴ མཁའ་འགྲོ་སོ་གཉིས་བསྒོམས་པའི༴ བར་དུ་གཅོད་པ་མ་ལུས་ཀུན་བསལ་ནས། །སྒྲུབ་པའི་བར་དུ་གཅོད་པ་མེད་པར་ཤོག །རྩ་བར། ལྷ་སྣམ་ལྔ་པར་མ་བདུན་སྲིང་བཞིའི་སྔགས་བརྗོད་པས་ཞལ་གཅིག་ཕྱག་གཉིས་པར་བསྐྱེད། ཅེས་གསུངས་པའི་དོན་གོང་གི་འཕྲོས། དཀྱིལ་འཁོར་ལྔ་པའི་ཁྱམས་ལ་ཞེས་པ་ནས། ཐོར་ཚུགས་ཅན་ཧོར་ལྷྭམ་གྱོན་པའོ། །ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཤ་ཁྲག་རྩ་ཡི་དངོས་པོ་ཅིར༴ མ་དང་སྲིང་མོ་བསྒོམས་པའི་བྱིན༴ ཚེ་སྲོག་གནོད་པའི་བར་ཆད་ཀུན་བསལ་ནས། ཉིན་མཚན་རྟག་ཏུ་ཐམས་ཅད་སྐྱོབ་པར་ཤོག །རྩ་བར། ལྷ་རྣམས་དྲུག་པར་གིང་བཅོ་བརྒྱད་ཀྱི་སྔགས་བརྗོད་ལ་ཞལ་གཅིག་ཕྱག་གཉིས་པ་བསྐྱེད། ཅེས་གསུངས་པའི་དོན་གོང་གི་འཕྲོས། དཀྱིལ་འཁོར་དྲུག་པའི་ཁྱམས་ལ་ཞེས་པ་ནས། མཁའ་འགྲོ་ལས་ཀྱི་དཀྱིལ་འཁོར་རོ། །ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར་ན་མོ་ཧཱུཾ། ལྷུ་ཚིགས་བཅོ་བརྒྱད་དངོས་པོ་ཅིར༴ གིང་ཆེན་བཅོ་བརྒྱད་བསྒོམས་པའི་བྱིན༴ བསྒྲལ་བའི་ཞིང་བཅུ་མ་ལུས་ཀུན་བསྒྲལ་ནས། །སངས་རྒྱས་ཞིང་ཁམས་མ་ལུས་དག་པར་ཤོག །རྩ་བར། ལྷ་སྣམ་བདུན་པར་ཀྲོ་དྷ་ཀྲོ་དྷི་ལ་ཁྲོ་བོ་དྲུག་ཅུ་ཞལ་གཅིག་ཕྱག་གཉིས་སོ། །ཞེས་གསུངས་པའི་དོན་གོང་གི་འཕྲོས། ལྷ་སྣམ་བདུན་པར་ཞེས་པ་ནས། འདི་ནི་ཁྲོ་བོ་རོལ་པའི་དཀྱིལ་འཁོར་རོ། །ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། རུས་མགོ་ཚིགས་མགོའི་དངོས་པོ་ཅིར༴ ཁྲོ་བོ་དྲུག་ཅུ་བསྒོམས་པའི་བྱིན༴ ཁམས་གསུམ་གདུག་བ་མ་ལུས་ཀུན་བསྒྲལ་ནས། །སངས་རྒྱས་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །རྩ་བར། ལྷ་སྣམ་བརྒྱད་པར་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཞལ་གཅིག་ཕྱག་གཉིས་ཕྱག་མཚན་དང་བཅས་པ་བསྐྱེད་ལ། ཞེས་གསུངས་པའི་དོན་གོང་གི་འཕྲོས། དཀྱིལ་འཁོར་བརྒྱད་པའི་ཁྱམས་ལ་ཞེས་པ་ནས། ཁྱམས་འདི་ནི་མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་རོ། །ཞེས་པའི་བར་དང་། ཁྱམས་དགུ་པའི་མ་མོ་དྲུག་ཅུ་ཡང་ཞོར་ལ་བསྐྱེད་དགོས་པས་གོང་གི་འཕྲོས། དཀྱིལ་འཁོར་དགུ་པའི་ཁྱམས་ལ་ཞེས་པ་ནས། ཁྱམས་འདི་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། རྩ་བྲན་མང་པོའི་དངོས་པོ་ཅིར༴ ཕོ་ཉ་སུམ་བརྒྱ་དྲུག་ཅུ་བསྒོམས་པའི་མཐུས། དམ་ཚིག་ཉམས་དང་དགྲ་བགེགས་ཀུན་བསྒྲལ་ནས། །གནོད་པའི་བར་ཆད་ཅི་ཡང་མེད་པར་ཤོག །རྩ་བར། ལྷ་སྣམ་དགུ་པར་རིག་འཛིན་གྱི་སྔགས་བརྗོད་ལ། ཞེས་གསུངས་པའི་དོན་གོང་འཕྲོས། དཀྱིལ་འཁོར་བཅུ་པའི་ཁྱམས་ལ་ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོའི་བར་དང་། དཀྱིལ་འཁོར་བཅུ་གཅིག་པའི་ཁྱམས་ལ་རིག་འཛིན་བླ་མ་ཞེས་པ་ནས། མངོན་སུམ་དུ་བཞུགས་པར་གྱུར། ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། སྐྲ་དང་བ་སྤུའི་རྟོག་པ་ཅིར༴ རིག་འཛིན་ཁྲོ་ཚོགས་ཡང་སྤྲུལ་བསྒོམས་པའི་མཐུས། །སྐྲ་རྩེ་བ་སྤུ་ཐིག་ལེས་ཁྱབ་གྱུར་ཏེ། །སྤྲུལ་པ་འཕྲོ་ཞིང་རྟོག་པ་གར་སྐྱེས་པ། །དེར་ཕུང་རང་བྱུང་དཀྱིལ་འཁོར་ཐོབ་པར་ཤོག །རྩ་བར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ༀ་ཨཱཿཧཱུཾ་སྭཱ་ཧཱས་དབང་བསྐུར། ཧེ་རུ་ཀ་ལྔས་དབུ་བརྒྱན་པར་བསམ་ལ། བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཛཿཧཱུཾ་བཾ་ཧོཿས་སྤྱན་འདྲེན་ལ། ཞེས་གསུངས་པའི་དོན་གོང་གི་འཕྲོས། ལག་གཉིས་རྡོ་རྗེ་ཕྱི་བསྡམས་ལས་ཞེས་པ་ནས། མི་བསྐྱོད་པ་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་གྱི་བར་དབང་བསྐུར་བྱིན་རླབས་བྱས་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ལུས་ངག་ཡིད་གསུམ་དངོས་པོ་ཅིར༴ དབང་བསྐུར་བྱིན་གྱིས་བརླབས་པའི་བྱིན་རླབས་ཀྱིས། །ལས་དང་ཉོན་མོངས་མ་ལུས་ཀུན་བྱང་ནས། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ཡང་གོང་གི་འཕྲོས། སྙན་གསན་དབབ་པ་ནི་ཞེས་པ་ནས། བྷུ་ཏ་ཀྵེ་ཏྲི་པྲ་ཏི་ཏཾ་པ་ཀ་ཡ་ཧཱུཾ་ཕཊ། ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། སངས་རྒྱས་སེམས་ཅན་དངོས་པོ་ཅིར༴ བདེ་གཤེགས་སྤྱན་དྲངས་བསྟིམ་པའི་བྱིན༴ ཡེ་ནས་གཉིས་སུ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ༴ ཡང་གོང་གི་འཕྲོས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་པ་ནས། ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། བདག་དང་གཞན་དུ་དངོས་པོ་ཅིར༴ ཡེ་ནས་འདྲེས་པ་ཆེན་པོའི་བྱིན༴ གཉིས་འཛིན་གཅིག་ཏུ་གོ་བའི་དོན༴ གཉིས་སུ་མེད་པར་ལྷུན་གྱིས་གྲུབ༴ ཡང་གོང་གི་འཕྲོས། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །ཞེས་པ་ནས། བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཅིར༴ དམ་བཅའ་རྣམ་གསུམ་བྱས་པའི་བྱིན༴ བསམ་པ་མཐའ་རུ་ཕྱིན་པའི་དོན༴ བདག་གཞན་གཉིས་ཀྱི་དོན་གཉིས་མཐར་ཕྱིན་ཤོག །ཡང་གོང་གི་འཕྲོས། གཉིས་པ་ཕྱག་རྒྱའི་མཆོད་པ་ནི། ཞེས་པ་ནས། དབང་མོ་ཉེར་བརྒྱད་ཀྱི་མཐར། མཆོད་བཞེས་དམ་སྐོང་མཐུ་དབང་དངོས་གྲུབ་སྩོལ། །ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། གཟུང་འཛིན་རྣམ་རྟོག་དངོས་པོ་ཅིར༴ ཕྱག་རྒྱའི་མཆོད་པ་ཕུལ་བའི་བྱིན༴ ཕྱག་རྒྱ་རྣམ་བཞི་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ཤོག །ཡང་གོང་གི་འཕྲོས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཞེས་པས་ནས། ཆུ་གཉིས་འབུལ་བའི་སྔགས་སོགས་ཚང་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཕྱི་ནང་གསང་བའི་དངོས་པོ་ཅིར༴ ཀུན་ཏུ་བཟང་པོའི་མཆོད་པ་ཕུལ་བ་ཡིན། །དངོས་པོ་ཐམས་ཅད་མཆོད་པར་གྱུར་ནས་ཀྱང་། །སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་ཤོག །ཡང་གོང་གི་འཕྲོས། ༀ་པ་ན་པེཾ་ཞེས་སོགས་ལྷ་མོ་བཞི་བསྣོལ་གྱི་མཆོད་པ། ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། བདག་གཞན་དངོས་པོ་ཁྱད་པར་ཅིར༴ མཆོད་པ་རྣམ་ལྔ་ཕུལ་བའི་བྱིན༴ ཐམས་ཅད་འགག་པ་མེད་པའི་དོན་རྟོགས་ནས། །འཁོར་གསུམ་མ་ལུས་ཡོངས་སུ་དག༴ རྩ་བར། སྨན་མཆོད་བྱའོ། །ཞེས་གསུངས་པ་གོང་གི་འཕྲོས། ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག །ཅེས་པ་ནས། གདོད་མོ་རོ་ལངས་འཇིག་རྟེན་མ་ཚོགས་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ དེ་ནས་དཀྱུས་ལ་ཞུགས་ཏེ། རྩ་བར། སྲིན་མོའི་ཆ་ལུགས་ཤིན་ཏུ་འཇིགས་པར་སྟོན། །ཕྱོགས་མཚམས་འཛིན་པའི་སྤོར་མ་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ དཔལ་ཆེན་སྐུ་ལ་འདུ་འབྲལ་མེད་པ་ཡིས། །ཡེ་ཤེས་ཐུགས་ཀྱི་དགྱེས་སྡེ་རྣམ་བཞི་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ འབར་བའི་དཀྱིལ་འཁོར་ཆེན་པོའི་མཐའ་བསྲུང་པའི། །དམ་ཅན་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ ཁམས་གསུམ་གདུག་པ་མ་ལུས་འདུལ་མཛད་པ། །ཁྲོ་བོ་ཁྲོ་མོ་རོལ་པའི་ཚོགས་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ ཕྲིན་ལས་མ་ལུས་མྱུར་དུ་འགྲུབ་བྱེེད་པའི། །རྡོ་རྗེ་མཁའ་འགྲོ་སུམ་ཅུ་རྩ་གཉིས་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ ཞིང་བཅུ་མ་ལུས་གནས་ནས་འདྲེན་བྱེད་པའི། །རྡོ་རྗེ་ཀ་ཏར་གིང་ཆེན་བཅོ་བརྒྱད་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ ཡེ་ཤེས་རོལ་པའི་ཕྱག་རྒྱ་ཅིར་སྣང་བའི། །མགྱོགས་མ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ ཕྱི་འཁོར་བསྲུང་ཞིང་ནང་འཁོར་སྐྱོང་མཛད་པ། །དམ་ཅན་རྒྱ་མཚོ་མ་མོའི་ཚོགས་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ རྡོ་རྗེ་གྲལ་འཆང་རིམ་པར་སྟོན་མཛད་པའི། །རྣལ་འབྱོར་དབང་ཕྱུག་རིག་འཛིན་ཚོགས་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ ༀ༴ ཡང་གོང་གི་འཕྲོས། དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི། །ཞེས་པ་ནས། བདུད་རྩི་དངོས་གྲུབ་བླང་བ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ། ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར༴ བདུད་རྩི་སྨན་གྱིས་མཆོད་པའི་བྱིན༴ འཕྲལ་དུ་སྐབས་འཚོལ་གནོད་པ་ཀུན་བསལ་ནས། །སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ་པར་ཤོག །རྩ་བར། ཁྱད་པར་སྒྲུབ་པ་ཆེན་པོ་ནས། པཉྩ་ཨ་མྲྀ་ཏ་ཁཱ་ཧིའི་བར་བརྗོད་ལ་ཞེས་གསུངས་པའི་དོན་ཚིག་མ་གཅིག་ཀྱང་གོང་འཕྲོས། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ་ཞེས་པ་ནས། པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། སྟོང་ཕྲག་བརྒྱད་ཅུ་བགེགས་རྣམས་ཅིར༴ དམ་རྫས་གཏོར་མ་འབུལ་བའི་བྱིན༴ ཡུན་དུ་གླགས་ལྟའི་གནོད་པ་ཀུན་ཞི་ནས། །འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ༴ རྩ་བར། ཡང་བདག་གི་ཐུགས་ཀ་ནས་རཾ་ལ་མེ་འཕྲོས་ཞེས་པ་ནས། མཆོད་པ་ཡན་ཆད་བརྗོད་ལ་ཞེས་གསུངས་པའི་དོན་ཡང་གོང་གི་འཕྲོས། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །ཞེས་པ་ནས། བཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་གི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཆགས་སྡང་རྣམ་གཉིས་དངོས་པོ་ཅིར༴ ཏན་གན་རྣམ་གཉིས་མཆོད་པའི་བྱིན༴ སྤྱོད་ཡུལ་ཡོངས་སུ་དག་པའི་དོན༴ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཡང་གོང་གི་འཕྲོས། མཉམ་པའི་སྒྲུབ་རྫས་ཆེན་པོ་འདི། །ཞེས་པ་ནས། ཤྲཱི་བན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཡུལ་དང་དབང་པོའི་དངོས་པོ་ཅིར༴ འདོད་ཡོན་ལྔ་ཡི་མཆོད་པ་ཕུལ་པའི་མཐུས། །ཡུལ་སེམས་གཉིས་སུ་མེད་པའི་དོན༴ སྤྱོད་ཡུལ་མ་ལུས་ཡོངས་སུ་དག་པར་ཤོག །ཡང་གོང་གི་འཕྲོས། རཀྟ་ཚར་གསུམ་གྱིས་མཆོད་པ་ནི། ཧེ་རུ་ཀ་ཡི་གནས་བཅུ་དང་། །ཞེས་པ་ནས། ཧཱུཾ་བྷྱོའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཆགས་སྡང་རྣམ་གཉིས་དངོས་པོ་ཅིར༴ ཁམས་གསུམ་ཁྲག་གི་རྒྱ་མཚོ་ཕུལ་བའི་མཐུས། །ཉོན་མོངས་སེམས་སུ་གསལ་བའི་དོན༴ སེམས་ཉིད་དབྱེ་བ་མེད་པའི་དོན་རྟོགས་ཤོག །རྩ་བར། ཕྱི་སྣོད་བྷནྡྷ་ཞེས་སོགས་དང་། སྐལ་བཟང་རྨད་བྱུང་ཞེས་སོགས་གསུངས་པའི་དོན་གོང་གི་འཕྲོས། སྒེག་པ་དཔའ་པ་འཇིགས་སུ་རུང་བ་དང་། །ཞེས་པ་ནས། བཛྲ་པྲ་ཏཱིཙྪ་ཧོཿའི་བར་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཞེན་ཅིང་ཆགས་པའི་དངོས་པོ་ཅིར༴ ཁམས་གསུམ་ཁྲག་གི་རྒྱ་མཚོས་མཆོད་པའི་མཐུས། །དུག་ལྔ་མ་ལུས་རྩད་ནས་དག་གྱུར་ནས། །གཉིས་མེད་མཆོད་པ་ལྷུན་གྱིས་གྲུབ༴ ན་མོ་ཧཱུཾ། ཉོན་མོངས་སྡུག་བསྔལ་དངོས་པོ་ཅིར༴ གླུ་དང་རོལ་མོ་སྒྲ་སྙན་ཕུལ་བ་ཡིས། །ཐམས་ཅད་ཐེག་པ་ཆེན་པོའི་སྒྲར་གྱུར་ནས། །གསང་སྔགས་དོན་ཉིད་ཀུན་གྱིས་རྟོགས༴ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་མཆོག་ཧེ་རུ་ཀ་ལ་སོགས་པ་ཧེ་རུ་ཀ་དགུ་ཀློང་འབར་བའི་འཁོར་ཁྲོ་བོ་ཁྲོ་མོ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་གསན་ཅིང་བདག་ལ་དགོངས་སུ་གསོལ། བདག་ཅག་རྣལ་འབྱོར་གྱི་མཆོད་པ་དམ་པ་རིག་པའི་ཁྱད་པར་ཕྱི་ནང་གསང་བ་གསུམ་དུ་ཕུལ་བས་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་ཆེན་པོས་ཁྱབ་པར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག །བདག་གི་དམ་ཚིག་ཉམས་པ་ཐམས་ཅད་སྐོང་ནས་དངོས་གྲུབ་ཀྱི་སྣོད་དུ་གྱུར་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་མངོན་པར་རྫོགས་པས་སངས་རྒྱས་ནས་འཁོར་བ་ཀར་དག་པར་གྱུར་ཅིག །ཨ་ལ་ལ་ཧོཿ དམ་ཚིག་ཞུ་ཞེས་གསུངས་པའི་དོན་རང་གང་འདོད་ཀྱི་་གསོལ་བ་གདབ་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ཡིད་ལ་བསམ་པའི་དངོས་པོ་ཅིར༴ སྨོན་ལམ་སྔོན་དུ་བཏབ་པའི་བྱིན༴ ཡིད་ལ་ཅི་བསམ་ལྷུན་གྲུབ་དོན༴ འགྲོ་དོན་མ་ལུས་ལྷུན་གྱིས་གྲུབ༴ ཁམས་གསུམ་ལྷ་ཡི་དཀྱིལ་འཁོར་དུ་བསམས་ལ་འཛབ་བྱའོ། །ཁྲོ་བོ་ལ་ལྷ་མང་ཉུང་ངེས་པ་མེད་པས་གང་མོས་བྱའོ། །ཞེས་གསུངས་པའི་དོན་སྤྲོ་ན་ཁྲོ་བོའི་འཛབ་ཁང་དབྱེ་བའི་དོན་ལྟར་ལྷ་སོ་སོའི་འཛབ་བཟླ། བསྡུ་ན་རྩ་བར། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླས་སོ། །དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། རྒྱུ་འབྲས་རྩོལ་བའི་སྡུག་བསྔལ་ཅིར༴ བསྙེན་སྒྲུབ་རྣམ་བཞིའི་འཛབ་བསྙེན་བྱས་པའི་མཐུས། །ཐམས་ཅད་ཀུན་དུ་བཟང་པོའི་དོན༴ དངོས་གྲུབ་རྣམ་གསུམ་ལྷུན་གྱིས་གྲུབ༴ དེ་ནས་ཚོགས་བྱ་བ་ནི། ཞི་ཁྲོ་གཉིས་ལ་ཚོགས་འཁོར་སོ་སོར་བཤམས་ཏེ། ཐོག་མར་ཞི་བའི་ཚོགས་བསང་བ། ༀ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དྲ་བྱཾ་ཞེས་སོགས་ནས་བཟུང་། བདུད་རྩི་གསང་ནན་འབུལ་བའི་མཐར། ཛཿཧཱུཾ་བཾ་ཧོཿ ༀ་པྲ་ཏཱིཙྪ། ཞེས་པའི་བར་དང་ཚོགས་ལ་རོལ་པའང་བྱ། དེ་བཞིན་དུ་ཁྲོ་བོའི་ཚོགས་གསང་བ། ༀ་ཧྲཱིཿབི་ཤྭ་བི་ཤུདྡྷེ་ཞེས་སོགས་ནས། ཚོགས་ཐ་མའི་མཚན་མ་སྟོན་ཅིག་གི་བར་བྱས་ལ་ཞི་ཁྲོ་གཉིས་ཀྱི་ཚོགས་ཐོག་མཐའ་བར་གསུམ་བགྱིས་པའི་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། འདོད་ཡོན་ལྔ་ཡི་དངོས་པོ་ཅིར༴ ཚོགས་ཀྱི་མཆོད་པ་བྱས་པའི་བྱིན་རླབས་ཀྱིས། །མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས་པར་ཤོག །རྩ་བར། དེ་ནས་ཞི་བའི་ལྷག་མ་དང་ཁྲོ་བོའི་ལྷག་མ་བྱས་ལ་ཞེས་གསུངས་པ་སྔ་འགྱུར་ཕྱོགས་ཕལ་ཆེར་ལྷག་མ་སྒྲུབ་པ་ཐོན་ཁར་མ་གཏོགས་མི་མཛད་ཀྱང་། བཀའ་མ་ལ་གཏོང་སྲོལ་ཀྱང་འདུག་པས་ལྷག་མ་ཞི་ཁྲོ་གཉིས་སོ་སོའི་ལུགས་སམ་ཡང་ན་འོག་ཏུ་འབྱུང་བ་བཞིན་བཏང་ཀྱང་ཆོག་ལ། མི་གཏོང་ན་གཙང་ལྷག་དང་བཙོག་ལྷག་བསྲེས་པ་ལ་བདུད་རྩི་བྲན་ཏེ་བཞག་ལ་ཕྱིར་མི་གཏོང་ཞིང་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། ལོ་ཟུར་ཟླ་སྐེག་གནོད་པ་ཅིར༴ མཁའ་འགྲོ་དབང་ཕྱུག་ལྷག་མ་ཕུད་ཀྱིས་མཆོད་པ་ཡིས། །མོ་ངན་རྨི་ལམ་ངན་པ་ཀུན་བསལ་ནས། །བར་ཆད་རྐྱེན་གྱི་སྡུག་བསྔལ་མེད་པར་ཤོག །རྩ་བར། བརྟན་སྐྱོང་བྱས་ལ་ཞེས་གསུངས་པ་སྔ་འགྱུར་སྤྱི་ལུགས་ལྟར་བརྟན་མ་བསྐྱང་ཞིང་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། འཇིག་རྟེན་སྲིན་མོ་འགྲོ་དྲུག་ཅིར༴ གཏོར་མ་ཕྲི་བསྐོལ་མེད་པར་བསྔོས་པ་ཡིས། །འཇིག་རྟེན་སྲིན་མོ་འགྲོ་དྲུག་ཀུན་ཚིམ་ནས། །ཞིང་བཅུ་སྒྲོལ་ཞིང་འགྲོ་དོན་རྫོགས་པར་ཤོག །རྩ་བར། ཞི་ཁྲོ་རྣམ་གཉིས་ཀྱི་རྗེས་མཆོད་བྱས་ལ་བསྡུས། །ཞེས་གསུངས་པའི་དོན། དཀྱིལ་འཁོར་གཉིས་ཀར་ཐུན་མོང་དུ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཞེས་སོགས་ཀྱི་སྒོ་ནས་ཀུན་བཟང་ཞབས་བསིལ་དང་། ༀ་པ་ན་པེཾ་སོགས་ལྷ་མོ་བཞི་བསྣོལ་གྱིས་མཆོད། ཞི་བ་ལ། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་པ་ནས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོའི་བར་དང་། ཁྲོ་བོ་ལ། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ཆེན་འབར། །ཞེས་པ་ནས། རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿའི་བར་གྱིས་བསྟོད། ཡིག་བརྒྱ་ཚར་གསུམ་གྱིས་ལྷག་ཆད་བཀང་ལ། མདུན་བསྐྱེད་དཀྱིལ་འཁོར་མ་བསྡུས་ཀྱི་བར་དུ་བརྟན་པར་བཞུགས་གསོལ་བྱ་བའི་ཕྱིར། ༀ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་བྱ་ཞིང་སུ་པྲ་ཏིཥྛས་མེ་ཏོག་གཏོར། བདག་བསྐྱེད་དུ་སྣང་པ་དེ་ཉིད་ཀ་དག་གི་ཀློང་དུ་མི་དམིགས་པར་བཞག་ལ། སླར་ཡང་རང་ཐུན་མཚམས་ཀྱི་ལྷ་རྡོ་རྗེ་སེམས་དཔའི་རྣམ་པར་བལྟས་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། གཟུང་འཛིན་རྣམ་གཉིས་དངོས་པོར་ཅིར༴ ལྷ་དང་གཞལ་ཡས་བསྡུས་པའི་བྱིན༴ རྟག་ཆད་གཉིས་སུ་འཛིན་པའི་མཐའ་བྲལ་ནས། །སྣང་སྲིད་ཆོས་ཀྱི་སྐུ་རུ་རྟོགས༴ རྩ་བར། དེ་ནས་ཞི་ཁྲོ་སོ་སོའི་ལུས་གནས་གོ་བགོ་ལུས་བསྲུང་བྱས་ནས་ཞེས་གསུངས་པའི་དོན། སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་བཞེད་པ་ལྟར་རང་ཐུན་མཚམས་ཀྱི་རྡོ་རྗེ་སེམས་དཔར་གསལ་བའི་སྤྱི་བོར་ཟླ་བ་ལ་གནས་པའི་ཧཾ་དེ་ལས་འཕྲོས་འདུས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པར་བསམ། ཨ་ཙནྡྲ་མཎྜ་ལ་ཧཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། རྡོ་རྗེ་ཕྱི་བསྡོམས་ཀྱི་སོར་མོ་བསྣོལ། མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་། མཐིལ་གཉིས་ཕྱེ་བ་རྡོ་རྗེ་གོ་ཆའི་ཕྱག་རྒྱ་དཔྲལ་བར་གཏུགས་ལ། བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ། ཞེས་གོ་བགོས། ལུས་བསྲུང་ནི་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་མི་འཆི་ཐལ་སྦྱོར་ཏེ་གཉིས་ཀྱིས་གསང་གནས་སུ་བཞེངས། ལྟེ་བ་དང་བཅུ་དྲུག་མདོར་བཅིངས། སྙིང་ག་དང་ཚིགས་པ་བདུན་པར་བཅིངས། མགྲིན་པར་བཞེངས། དཔྲལ་བ་དང་ལྟག་ཁུང་དུ་འཆིང་བའི་ཚུལ། སྤྱི་བོར་བཞེངས་པའི་ཚུལ་གྱིས་བསྲུང་བར་བསམ་ལ་ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་གཉིས་གནས་སོ་སོར་བསྣོལ་པ་རྡོ་རྗེ་བསྲུང་བའི་རྒྱས། ༀ་ཏྲུཾ་ལན་དྲུག་གིས་བསྲུངས་། དར་དཀར་པོས་གནས་དགུར་མདུད་པར་བསམ་ལ་ལག་གཉིས་སྤྱི་བོར་རྩེ་སྤྲད་པ་གཤམ་བརྡབ་སྟེ་བཛྲ་ཏུ་ཥྱ་ཧོཿ རཏྣ་མུ་ཀ་ཊ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཨཱརྻ་ལཾ་བོ་དྷ་ར་བཛྲ་དྲཱྀ་ཤྱ་ཧོཿ ཞེས་བརྗོད་ལ་དོན་གསལ་གདབ་པ་ནི། རྩ་བར། ན་མོ་ཧཱུཾ། རྣམ་རྟོག་ཆོས་ཀྱི་དངོས་པོར་ཅིར༴ སྤྱོད་ལམ་རྒྱུན་གྱི་ཏིང་འཛིན་བྱིན་རླབས་པས། །བདག་ཉིད་ཡི་དམ་ལྷ་རུ་གྱུར་ནས་ཀྱང་། །འགྲོ་དོན་མ་ལུས་རྫོགས་པར་བྱེད་པར་ཤོག །ན་མོ་ཧཱུཾ། ཞེས་བརྗོད། དེས་ལུང་གི་ལས་བྱང་གྲུབ། ལུང་གི་ཞི་ཁྲོའི་ལས་བྱང་འདི་ལ་ཁམས་ལུགས་སུ་གླེགས་བམ་དང་པོར་ལྷ་སྟ་གོན་གྱི་ཚེ་བདག་མདུན་བུམ་གསུམ་ག་ལ་ཚར་གསུམ་བལྡབས་འདུག་པ་བསྒོམ་བདེ་རྒྱུ་མེད་པའི་ཁར་མགོ་ཉོག་སུམ་བརྩེགས་ཞེས་པ་སྒྲ་ཇི་བཞིན་པར་སྣང་། གླེགས་བམ་གསུམ་པར་ཨ་ནུ་ཡོ་ག་དངོས་བསྟན་གྱི་ཚེ་ལེགས་པར་བཤད་པ་འདི་ལྟར་ཡང་སྣང་སྟེ། མཚམས་གཅོད་ཀྱི་སྐབས་བདག་ལུས་ཀྱི་ཕྱོགས་མཚམས་སྟེང་འོག་ཏུ་ཁྲོ་བོ་བཅུ་གསལ་འདེབས་པ་དང་། ཞི་བའི་ལུང་གི་དུས་སྤྱི་བོའི་གནས་ལྔར་རིགས་ལྔ་ཡབ་ཡུམ་བཅུ། མིག་ལ་ས་སྙིང་ཡབ་ཡུམ། རྣ་གཡས་ནམ་སྙིང་ཡབ་ཡུམ། ལྕེ་གཡས་སྤྱན་རས་གཟིགས་ཡབ་ཡུམ། མིག་གཡོན་བྱམས་པ་ཡབ་ཡུམ། རྣ་བ་གཡོན་སྒྲིབ་སེལ་ཡབ་ཡུམ། སྣ་གཡོན་ཀུན་བཟང་ཡབ་ཡུམ། ལྕེ་གཡོན་འཇམ་དཔལ་ཡབ་ཡུམ། ཕྲག་གོང་གཡས་གཡོན་དུང་ཀེ་མདུན་རྒྱབ་ལ་སྒོ་བ་ཡབ་ཡུམ། དཔྲལ་བ། ལྕེ་སྟེང་། ལྟེ་བ། གསང་བ། ཞབས་མཐིལ་གཉིས་རྣམས་ལ་ཐུབ་དྲུག །དེ་བཞིན་དུ་ཁྲོ་བོའི་སྐབས་ཀྱང་བདག་ལུས་དུར་ཁྲོད་ཀྱི་གཞལ་ཡས་ཁང་ལྷུན་གྲུབ། ལུས་ཉིད་ཆེ་མཆོག །དོན་སྙིང་ལྔ། སྙེ་མ། ལོང་ཁ། རྒྱུ་མ་རྣམ་ལ་རྒྱུད་ལུང་གི་ཧེ་རུ་ཀ་དགུ། ལུས་ཀྱི་གཡོན་གྱི་ཆར་དེ་དག་གི་ཡུམ་དགུ། གཡས་ཀྱི་རྩིབ་མ་བརྒྱད་ལ་མ་མོ་བརྒྱད། གཡོན་རྩིབ་བརྒྱད་ལ་ཕྲ་མེན་བརྒྱད། མདུན་རྒྱབ་ཕྱོགས་མཚམས་རྣམས་སུ་སྤོར་མ་བརྒྱད། སྒལ་ཚིགས་ཉེར་བརྒྱད་ལ་དབང་མོ་ཉེར་བརྒྱད། ཡན་ལག་བཞི་ལ་སྒོ་མ་བཞི། སོ་སུམ་ཅུ་རྩ་གཉིས་ལ་མཁའ་འགྲོ་སོ་གཉིས། གཟུགས་དྲུག་མགོ་དང་བདུན་ལ་མ་མོ་བདུན། ནེའུ་བསེག་ལ་སྲིང་མོ་བཞི། ལྡེའུ་རྩིབས་བཅོ་བརྒྱད་ལ་གིང་བཅོ་བརྒྱད། རུས་མགོ་དྲུག་ཅུ་ལ་ཁྲོ་བོ་དྲུག་ཅུ། རྩ་སུམ་བརྒྱད་དྲུག་ཅུ་ལ་ཕོ་ཉ་སུམ་བརྒྱད་དྲུག་ཅུ། སྐྲ་བཞི་ཁྲི་བཞི་འབུམ་དང་བ་སྤུ་བྱེ་བ་བཞི་ཁྲི་བཞི་འབུམ་གྱི་སྤྲུལ་པའི་ཕོ་ཉ་རྣམས་ཡིན་པར་གསུངས་པ། སྤྱིར་རྒྱུད་མ་ཧཱ་ཡོ་ག་ལ་ཕྱི་དཀྱིལ་དང་། ལུང་ཨ་ནུ་ཡོ་ག་ལ་ལུས་དཀྱིལ་བཤད་པས་ཤིན་དུ་འཐད་པར་མངོན་ཞིང་། ལུང་གི་ལས་བྱང་འདི་རྣལ་འབྱོར་པ་རྒན་པོ་རྣམས་ཀྱི་དོན་ཆེད་དུ་ལྟ་བ་ཆེ་བ་དང་རྟོགས་པ་གསལ་བ་དང་། སྒོམ་བདེ་བ་དང་། སྒྲུབ་ཐག་ཉེ་བ་དང་། འབྲས་བུ་མཐར་ཕྱིན་པར་བྱ་བའི་ཕྱིར་རྒྱུད་ལས་ལུང་དུ་བསྒྱུར་ཞེས་དང་། ལུས་ལ་ལྷ་བཀོད་དེ་ཡིད་ཀྱིས་གསལ་བཏབ་ནས། ན་མོ་ཧཱུཾ་གིས་གཟི་བྱིན་བསྐྱེད་ཅེས་གསུངས་པའི་དོན་ཡིན་པས་རྒྱུད་ལུང་མན་ངག་ལ་ཤིན་ཏུ་འདྲིས་པའི་རྣལ་འབྱོར་པ་རྒན་པོ་རྣམས་ཀྱི་རྒྱུད་ལྟར་མངོན་པར་རྟོགས་པ་ངེས་པས། ཕྱི་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་རག་མ་ལུས་པར་ནང་ཟབ་མོ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གྱི་ཡིད་ཀྱིས་གསལ་གདབ་ཅིང་དོན་གཉིས་མེད་ཨ་ཏི་ཡོ་གའི་རོལ་པར་ཐག་བཅད་དེ། ཚིག་རྗེས་དོན་དྲན་གྱི་ཚུལ་དུ་གསལ་བཏབ་པས་རྒྱུད་ལུང་མན་ངག་གི་མདོ་དོན་གཅིག་ཏུ་འདྲིལ་བའི་ཉམས་ལེན་བཟང་པོ་ཞིག་འབྱུང་ལ། རྒྱུད་ལྟར་མངོན་རྟོགས་གསལ་མི་ཐེབས་པ་རྣམས་ཀྱིས་ལུང་གི་ཕྲིན་ལས་ཉམས་སུ་ལེན་མི་ཤེས་པས། དེ་ལྟར་ན་ཟུར་ལུགས་སུ་གོང་ལྟར་མཛད་སྲོལ་འདུག་པ་ཤིན་ཏུ་ལེགས་པས། འདི་ལྟ་བུའི་གོ་དོན་རྣམས་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་སྟེ་གོང་ལྟར་ཉམས་སུ་བླང་ངོ་། །འདི་ནི་རབ་གནས་ཀྱི་སྔོན་དུ་ལས་གཞུང་བསྲང་བའི་དོད་ཡིན་ནོ། །དེ་ལྟར་བདག་མདུན་གྱི་སྒྲུབ་མཆོད་ལུང་གི་ཕྲིན་ལས་རྒྱུད་དང་སྦྱར་བ་གྲུབ་ནས། རྩ་བར་སྐབས་འདིར་ལྷག་མ་གཏོང་བ་འདུག་ཀྱང་ལྷག་མའི་རྒྱུ་མཚན་གོང་དུ་སྨོས་ཟིན་པ་ལྟར། སྐབས་འདིར་བུམ་བསྐྱེད་གསུངས་པ་རབ་གནས་ཀྱི་ལྷ་ལ་དབང་བསྐུར་བའི་བུ མ་པ་ཡིན་ཏེ། རྩ་བར། དེ་ནས་བུམ་པ་བསྐྱེད་པ་ནི། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་དྷ་རྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨེ་ཡཾ་བཾ་སུཾ་ལཾ་རཾ་སྥ་ར། སཾ། ཨེ་ཨ་ཀ་ཤ་མཎྜ་ལ། ཡཾ་བ་ཡུ་ཏ་མཎྜ་ལ། བཾ་ཨ་མྲྀ་ཏ་ཀུཎྜ་ལི་མཎྜ་ལ། སུཾ་སཔྟ་མཎྜ་ལ། ལཾ་རཏྣ་པྲ་བྷཱ་ཝ་མཎྜ་ལ། རཾ་བཛྲ་ཛྭ་ལ་མཎྜ་ལ། བྷྲཱུཾ་སྥ་ར། སཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ། དུ་ཏི་རཏྣ་སཱུརྱ་ཙནྡྲ་པདྨ་མཎྜ་ལ། ཧཱུཾ་ༀ་ཏྲཾ་ཧྲཱིཿཨཱཿ སྤྲོ་བསྡུ། བཛྲ་ཙཀྲ་རཏྣ་པདྨ་ཁཏྒ་གྷཎྜེ་སྥ་ར། སཾ། ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི། ༀ་ཛཱི་ན་ཛིཀ྄ །ལཾ་དྭ་ཥ་ར་ཏི། སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་རཱ་ཏི། ཨཱཾཿཨ་རོ་ལིཀ྄ །པྱཱཾ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ར་ཏི། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཧཱུཾ་ༀ་སྭཱ་ཨཱཾཿཧཱ། ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་ཨཱ་དཪྴ་ས་མནྟ་པྲ་དྱ་བེཀྵ་ཀྲོ་ཏྱ་ནུཥྛ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་ཨཱཿཧཱུཾ་སྭཱ་ཧཱ། སྤྲོ་བསྡུ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་ནུ་རཱ་ག་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་བུམ་རྫས་ཚང་བ་བླུག །ཁ་རྒྱན་མགུལ་ཆིངས་གཟུངས་ཐག་ཅན་དུ་དབང་བསྐུར། བརླབ། དྲང་། བསྟིམ། བརྟན། ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿས་ཕྱག་རྒྱ། འདི་ནི་རྒྱལ་བས་མཆོད། སྨན་མཆོད། སྔགས་ཀྱིས་སངས་རྒྱས་བཞི་བཅུ་རྩ་གཉིས་ལ་དབུལ། བ་ལིནྟས་གཏོར་མ། ལྷག་པ་ཏིང་ངེ་འཛིན་དང་། སྦྱོར་སྒྲོལ། འདོད་ཡོན། གླུ་ཡེ་ཤེས་དང་། རྒྱ་མཚོ་ལྔའི་སྨོན་ལམ་བཏབ་ལ་བུམ་པ་ནུབ་ཏུ་དགོད། ཅེས་གསུངས་པའི་དོན་བུམ་པ་རྫས་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་བཅས་པ་སློབ་དཔོན་གྱི་མདུན་དུ་བཤམས་ལ། སློབ་དཔོན་ཀུན་ཏུ་བཟང་པོའི་ང་རྒྱལ་ལ་གནས་པས། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་དྷརྨ་དྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྟོང་པར་སྦྱང་། སྟོང་པའི་ངང་ལས། ཨེ་ཡཾ་བཾ་སུཾ་ལཾ་རཾ་རྣམས་བུམ་པའི་འོག་ཏུ་གནས་པ་ལས། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨེ་ཨ་ཀ་ཤ་མཎྜ་ལ། ཡཾ་བ་ཡུ་ཏ་མཎྜ་ལ། བཾ་ཨ་མྲྀ་ཏ་ཀུཎྜ་ལི་མཎྜ་ལ། སུཾ་སཔྟ་མཎྜ་ལ། ལཾ་རཏྣ་པྲ་བྷཱ་ཝ་མཎྜ་ལ། རཾ་བཛྲ་ཛྭ་ལ་མཎྜ་ལ། ཞེས་འབྱུང་རིམ་གྱི་སྟེང་དུ་བྷྲཱུཾ་སྥ་ར༴ སཾ་ཧ༴ བུམ་པ་ཟླུམ་པོ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་དུ་ཏི་རཏྣ་སཱུརྱ་ཙནྡྲ་པདྨ་མཎྜ་ལ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་འཁོར་ལོ་རྩིབས་བཞིའི་ལྟེ་བ་དང་རྩིབས་བཞིར་སེངྒེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་གིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཉི་ཟླའི་གདན་ལྔར་གྱུར། གདན་ལྔའི་སྟེང་དུ་ཧཱུཾ་ༀ་ཏྲཱཾ་ཧྲཱིཿཨཱཿ ས་བོན་ལྔར་གྱུར། སྥ་ར༴ སཾ་ཧ༴ བཛྲ་ཙཀྲ་རཏྣ་པདྨ་ཁཏྒ་གྷཎྜེ། དབུས་སུ་རྡོ་རྗེ་དང་དྲིལ་བུ། ཤར་དུ་འཁོར་ལོ་དང་དྲིལ་བུ། ལྷོར་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་པདྨ་དང་དྲིལ་བུ། བྱང་དུ་རལ་གྲི་དང་དྲིལ་བུ་ཏེ་ཕྱག་མཚན་ལྔར་གྱུར། སྥ་ར༴ སཾ་ཧ༴ ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷ་ཏྭི་ཤྭ་རཱི། དབུས་སུ་མི་བསྐྱོད་རྡོ་རྗེ་སེམས་དཔའ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པ་ལ་ཡུམ་དབྱིངས་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་དང་གཡོན་རྡོ་རྗེ་འཛིན་པས་འཁྲིལ་བའོ། །ༀ་ཛཱི་ན་ཛིཀ྄ །ལཾ་དྭ་ཥ་ར་ཏི། ཤར་དུ་རྣམ་སྣང་དཀར་པོ་གཡས་འཁོར་ལོ་དང་གཡོན་དྲིལ་བུ་འཛིན་པ་ཡུམ་སྤྱན་མ་དཀར་མོ་དྲིལ་བུ་འཁོར་ལོ་འཛིན་པས་འཁྱུད་པའོ། །སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་རཱ་ཏི། ལྷོར་རིན་འབྱུང་ཡབ་ཡུམ་གཉིས་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའོ། །ཨཱཾཿཨ་རོ་ལིཀ྄ །པྱཱཾ་རཱ་ག་ར་ཏི། ནུབ་ཏུ་སྣང་བ་མཐའ་ཡས་ཡབ་ཡུམ་གཉིས་ཀ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའོ། །ཧཱ་པྲ་ཛྙཱ་དྷྀཀ྄ །ཏཱཾ་བཛྲ་ར་ཏི། བྱང་དུ་དོན་གྲུབ་ཡབ་ཡུམ་གཉིས་ཀ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པའོ། །བུམ་ནང་གི་རིགས་ལྔའི་ལྷ་ལ་དབང་བསྐུར་བ་དང་བྱིན་གྱིས་བརླབས་པའི་དམིགས་པ་དང་བཅས་ཏེ་གོང་བཞིན་ཕྱག་རྒྱ་བཅས་ཏེ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཨཱ་྄དཪྴ། ས་མ་ཏཱ། པྲ་ཏྱཱ་བེཀྵ་ཎ། ཀྲི་ཏྱ་ནུཥྛ་ན། ཀཱ་ཡ་བཛྲ། ཝཱ་ཀ་བཛྲ། ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཡེ་ཤེས་ལྔས་དབང་བསྐུར་ཞིང་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་བོ། །ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་སྙན་བསྣན་ཏེ། ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲཱི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས། ༀ་བཛྲ་ཨཾ་ཀུ་ཤ་ཛ། ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གྷཎྜེ་ཧོཿ ཞེས་བུམ་པའི་དམ་ཚིག་པ་རྣམས་ལ་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲས་བརྟན་པར་བྱས། ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿས་ཕྱག་བྱ། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱི་མཆོད་པ་འདི་ལྟར། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ༀ་པ་ན་པེཾ༴ ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ༀ་པ་ན་པེཾ༴ ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ༀ་པ་ན་པེཾ༴ ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ཞེས་མཆོད། བདུད་རྩི་ཕུལ་ལ། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ༀ་བོ་དྷི་ཙིཏྟ༴ ༀ་ཨཱཿཧཱུཾ། སུ་ར་ཧ། ཨུ་པ་བྷྱོཿ ཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ ༀ་པ་ན་པེཾ༴ ༀ་ཨཱཿཧཱུཾ། ཞེས་གཏོར་མ་འབུལ། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་པ་ནས། ཨ་ལ་ལ་སྟེ་མཆོད་པར་འབུལ། །ཞེས་ལྷག་པ་ཏིང་ངེ་འཛིན་དང་། ༀ། རི་རབ་ཆེན་པོའི་གླིང་བཞི་ལ། །ཞེས་སོགས་སྒྲོལ་བ་དང་། ཐབས་དང་ཤེས་རབ་གཉིས་མེད་པར། །ཞེས་སོགས་སྦྱོར་མཆོད་དང་། བཟའ་དང་བཅའ་དང་བཏུང་དང་བགོ། །ཞེས་སོགས་འདོད་ཡོན་དང་། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་གླུ་ཡེ་ཤེས་ཀྱི་མཆོད་པ་རྣམས་ཕུལ། རྒྱ་མཚོ་ལྔའི་སྨོན་ལམ་གདབ་པ་ནི། ཧོཿ རྒྱལ་བ་རྒྱ་མཚོ་དགོངས་སུ་གསོལ། །མཆོད་པ་རྒྱ་མཚོ་བཞེས་སུ་གསོལ། །ཉམས་ཆག་རྒྱ་མཚོ་བསྐང་དུ་གསོལ། །དངོས་གྲུབ་རྒྱ་མཚོ་སྩལ་དུ་གསོལ། །ཕྲིན་ལས་རྒྱ་མཚོ་སྒྲུབ་ཏུ་གསོལ། །གཟུངས་ཐག་བླངས་ཏེ། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷ་ཏུ་ཨ། ཞེས་ཅི་འགྲུབ་བཟླས་མཐར་བཞི་བསྣོལ་གྱིས་མཆོད། ཕྱོགས་བཅུ་དུས་བཞིས་བསྟོད། ཡིག་བརྒྱས་ལྷག་ཆད་བསྐང་སྟེ་ལྷ་རྣམས་མི་ཞུ་བར་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བཀོད་དོ། །རྩ་བར། དེ་ནས་ཆུ་བདུན་ཚན་གཉིས་བརྟག་པ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཞེས་འབྱུང་བས་བརྟག་པ་གསུམ་ནི། ༀ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ། ཞེས་ལན་གསུམ་དང་། སྤྱི་ལྟར་ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་བཅས་ཏེ། ཞི་ཁྲོའི་ཆུ་བདུན་ཚན་གཉིས་ཀྱི་མ་དག་པ་སྦྱངས། དེ་དག་ཀྱང་རྣམ་པ་སོ་སོའི་བྱེད་ལས་དང་ལྡན་པར་བསམ་ལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་དང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་ཆེར་སྤེལ། ངོ་བོ་བདུད་རྩིའི་ཁྲུས་ཆས་ཀྱི་རང་བཞིན་དུ་གྱུར་པ་བསམ་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ལན་གསུམ་དང་། བདུད་རྩིའི་ཐལ་སྦྱོར་གྱི་ཕྱག་རྒྱས་བདུད་རྩིར་བསྒྱུར་ཞིང་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་གྱི་བྱང་དུ་དགོད་པར་གསུངས་ཀྱང་ཤར་དེ་ཉིད་དུ་བཞག་པ་ཁྲུས་ཀྱི་ཚེ་ཕྱག་ལེན་བདེའོ། །རྩ་བར། དེ་ནས་རྒྱལ་ཐེབས་ཀྱི་རྩ་བ་ལས་ཀྱི་ཞི་ཁྲོའི་གཞུང་བསྲང་། ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་ཡེ་ཤེས་ལྔས་དབང་བསྐུར། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས། འདོད་པའི་དོན་ལ་གསོལ་བ་གདབ་པ་ཡན་ཆད་བྱ། རྒྱས་པའི་སྦྱིན་སྲེག་བྱ། ཚོགས་དབུལ་ལོ། །སྔོན་འགྲོའི་ཆོ་གའོ། །ཞེས་གསུངས་པའི་དོན་རྒྱས་པའི་སྦྱིན་སྲེག་དང་འབྲེལ་ནས་སླར་ཡང་ལས་གཞུང་བསྲང་དགོས་ཀྱང་ཧ་ཅང་སྤྲོས་པས་དུབ་པར་སྣང་བས་རེ་ཞིག་བཞག་གོ། །དེས་རབ་གནས་ལ་སྤྱི་དོན་བརྒྱད་ཀྱིས་བསྟན་པའི་དང་པོ་སྔོན་འགྲོ་བསྟན་ཟིན་ཏོ། །རབ་གནས་ཀྱི་སྤྱི་དོན་གཉིས་པ་ནི་རྩ་བར། གཉིས་པ་ཏེང་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། རང་རྡོ་རྗེ་གཞོན་ནུར་བསྐྱེད་ལ། ཞེས་གསུངས་པའི་དོན་རང་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པར་བལྟས་ལ། མ་སཱུརྱ་མཎྜ་ལ། ཞེས་པས་ཕྱོགས་བཅུར་ཉི་མའི་གདན། སྒྲུབ་ཁང་གི་ཁྲོ་མཚམས་ཀྱི་ཕུར་པ་གདབ་པའི་སར། སུམྦྷ་ལན་བཅུས་ཕྱོགས་སྐྱོང་བཅུ་བཀུག་ཏེ་བསྒྱེལ་བའི་གདན་ལ་རང་གི་ཐུགས་ཀ་ནས་ཧཱུཾ་བཅུས་ཁྲོ་བོ་བཅུ་བསྐྱེད་ལ་བསྐུལ་བ་ནི། ཧཱུཾ། དབང་མཆོག་བསྒྲུབ་པའི་དཀྱིལ་འཁོར་དུ། །ང་ནི་དཀྱིལ་འཁོར་ལས་བྱེད་ཀྱིས། །ཕྱོགས་སྐྱོང་བཅུ་པོ་མནན་པ་དང་། །འཁོར་གྱི་གདོན་ཚོགས་མ་ལུས་ཀུན། །དུས་གསུམ་སངས་རྒྱས་བཀའ་བྱུང་གིས། །འདི་རུ་མ་འདུག་གཞན་དུ་དེངས། །ༀ་བཛྲ་ཀྲོ་དྷི་ཤྲཱི་ཧེ་རུ་ཀ་ཧཱུཾ། ཨ་ཨེ་ཨ་ཧཱུཾ་ཕཊ། རང་རྡོ་རྗེ་གཞོན་ནུར་གསལ་བས་ཁྲོ་བོ་བཅུ་སྤྲོས་ཟིན་ནས་གནས་འགྱུར་ཏེ་བཛྲ་ཧེ་རུ་ཀར་བསྐྱེད་ལ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཅེས་ཁྲོ་བོ་བཅུའི་སྔགས་བརྗོད་ལ་ཕུར་པ་ཕྱོགས་བཅུར་གདབ་བོ། །ཞེས་འབྱུང་ཡང་ཕུར་གདབ་གོང་དུ་གྲུབ་པས་ཕུར་པ་དང་། ལྷ་དེ་རྣམས་གཉིས་སུ་མེད་པར་བསམ་མོ། །རྩ་བར། དེ་ནས་གསང་བའི་དྲིས་སྦྱང་། བདག་ཉིད་ཀུན་བཟང་ཡབ་ཡུམ་སྦྱོར་བའི་མཁའ་ནས་རྡོ་རྗེ་སེམས་དཔའ་མདུན་དུ་ཕྱུངས་ལ། རྡོར་སེམས་ཀྱི་ཐུགས་ཀའི་ཧཱུཾ་ལས་རཾ་ཡཾ་ཁཾ་གིས་དཀྱིལ་འཁོར་གྱི་དངོས་མཚན་སྦྱངས་ལ། ཞེས་གསུངས་པའི་དོན་དཀྱིལ་འཁོར་གྱི་ལྷ་ལ་རབ་ཏུ་གནས་པའི་ཕྱིར། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ་ལས་བདག་ཉིད་གཞིའི་ཀུན་ཏུ་བཟང་པོ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ། བར་པ་གཉིས་རྡོ་རྗེ་དང་དྲིལ་བུ། ཐ་མ་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཡུམ་ཀུན་ཏུ་བཟང་མོ་སྔོན་མོ་དང་མཉམ་པར་སྦྱོར་བ་མཚན་དཔེས་སྤྲས་ལ། དར་དང་རིན་པོ་ཆེའི་རྒྱན་ཅན་སེང་ཁྲི་པད་ཟླར་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ལས་ཀྱི་ལྷ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞིག་མདུན་དུ་འཕྲོས། རྡོར་སེམས་དེའི་ཐུགས་ཀའི་ཧཱུཾ་ལས་མེ་རླུང་ཆུ་གསུམ་གྱི་ས་བོན་རཾ་ཡཾ་ཁཾ་འཕྲོས་པ་ལས་མེ་རླུང་ཆུ་གསུམ་བྱུང་སྟེ་དཀྱིལ་འཁོར་གྱི་མཚན་མར་འཛིན་པའི་དངོས་པོ་རྣམས་མེས་བསྲེགས། རླུང་གིས་གཏོར། ཆུས་བཀྲུས་པར་བསམ་ལ་ལག་གཉིས་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་གི་ཕྲེང་བ་བཟུང་སྟེ་སྨོན་ལམ་གདབ་པ་ནི། རྩ་བར། ན་མོ། མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་ཕྱག་རྒྱའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་གསན་ཅིང་དགོངས་སུ་གསོལ། ད་ལྟར་ཡང་བདག་ཅག་གིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་ལྷ་ཚོགས་རྣམས་ལ་རབ་ཏུ་གནས་པའི་ཕྲིན་ལས་བགྱི་བར་འཚལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། རབ་གནས་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་མཛད་དུ་གསོལ། ཞེས་པས་ཕྲེང་བ་དཀྱིལ་འཁོར་དུ་དོར། ཞེས་གསུངས་པའི་དོན་མེ་ཏོག་དཀྱིལ་འཁོར་དུ་དོར། དཀྱིལ་འཁོར་པ་རྣམས་ཀྱིས་སླར་ཡང་མེ་ཏོག་དེ་རང་གི་མགོ་བོར་བཅིངས་པར་བསམ་སྟེ། རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དམ་ཚིག་རྡོ་རྗེའི་ཕྱག་རྒྱས་བླངས་ཏེ་མགོ་བོར་བཅིང་ངོ་། །འདི་ནི་བདག་འཇུག་གི་དོན་ནོ། །དེ་ནས་དཀྱིལ་འཁོར་ལྷ་རྣམས་རྟེན་བསྐྱེད་བྱ་བའི་དོད་ལྟ་བུའི་སྔོན་དུ་མི་དམིགས་པར་སྦྱང་བ་ནི། རྩ་བར། ཐལ་མོ་ཁོང་སྟོང་དུ་སྦྱར། ཤཱུ་ནྱ་ཏཱ་བདུན་བརྗོད་པས། གཟུགས་བརྙན་གྱི་དཀྱིལ་འཁོར་ཆོས་ཉིད་རྣམ་པར་དག་པའི་ཀློང་། སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་བསྒོམ་ཞེས་འབྱུང་བ་ལྟར་བྱ། རྩ་བར། ཡང་རྡོར་སེམས་ཀྱི་ཐུགས་ཀ་ནས་འབྱུང་བ་རིམ་བརྩེགས་ལ་བྷྲཱུཾ་སྨུག་ནག་ལས་འདུས་པ་ཆེན་པོའི་དཀྱིལ་འཁོར་བསྐྱེད། ཡང་ཐུགས་ཀ་ནས་ཧཱུཾ་བཅོ་བརྒྱད་ཕྱུང་ལ་ཧེ་རུ་ཀ་དགུ། ཧ་བརྒྱད་ལས་ག་རཱི་བརྒྱད། ཧེེ་བརྒྱད་ལས་སིདྷ་བརྒྱད། ཕཊ་བཞི་ལས་སྒོ་མ་བཞི། ཨ་བརྒྱད་ལས་སྤོར་མ་བརྒྱད། ཛཿཧཱུཾ་བཾ་ཧོཿལས་གསང་ཡུམ་བཞི། བྷྱོ་ཉེར་བརྒྱད་ལས་དབང་ཕྱུག་ཉེར་བརྒྱད་དེ་ཁྲག་འཐུང་རྩ་བའི་དཀྱིལ་འཁོར་བསྐྱེད། ཨེ་སོ་གཉིས་ལས་ཕྲིན་ལས་མྱུར་མགྱོགས་ཀྱི་དཀྱིལ་འཁོར་བསྐྱེད། ཧཱུཾ་དྲུག་ཅུ་ལས་ཁྲོ་བོ་རོལ་པའི་དཀྱིལ་འཁོར། ཛཿཧཱུཾ་བཾ་ཧོཿདྲུག་ཅུ་ལས་མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་བསྐྱེད། མ་དྲུག་ཅུ་ལས་དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར། ཛཿབཅོ་བརྒྱད་ལས་སྒྲོལ་བ་གིང་གི་དཀྱིལ་འཁོར། བྷྱོ་བཅུ་གཅིས་ལས་མ་བདུན་སྲིང་བཞི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་དེ། དེའི་སྟེང་དུ་ཡང་རྡོར་སེམས་ཀྱི་ཐུགས་ཀ་ནས་ཞི་བའི་དཀྱིལ་འཁོར་བསྐྱེད་དེ། ཞེས་གསུངས་པའི་དོན་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བདག་བློ་སྦྱང་ཕྱིར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད་པ་ནི། གོང་གི་མདུན་བསྐྱེད་སྐབས་ལྟར་ཐོག་མར་ཁྲོ་བོ་བསྐྱེད་དེ། བདག་གི་ཐུགས་ཀ་ནས་ཨེ་ཡཾ་རཾ་བཾ་ཀེཾ་རཾ་རྣམས་ཆད་དེ་དཀྱིལ་འཁོར་གྱི་འོག་གཞི་བརྩེགས་མར་འཁོད། ཅེས་འབྱུང་རིམ་བསྐྱེད་བ་ནས་བཟུང་། རྟེན་གཞལ་ཡས་ཁང་བཅུ་གཅིག་སྦྲག་ཡོངས་སུ་རྫོགས་པ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཚང་བར་བསྐྱེད་དེ། དཀྱིལ་འཁོར་བཅུ་གཅིག་པའི་ལྷ་བསྐྱེད་པའི་མཇུག་རིག་འཛིན་བླ་མའི་ཚོགས་ཐམས་ཅད་ཀྱང་ཞལ་ལམ་མེར་མངོན་སུམ་དུ་བཞུགས་པར་གྱུར། ཞེས་པའི་བར་ཚང་བར་གྱེར་སྒོམ་མདུན་བསྐྱེད་ཀྱི་ཚུལ་དུ་གསལ་བཏབ། དེ་ནས་ཞི་བའི་དཀྱིལ་འཁོར་བསྐྱེད་པ་ནི། གོང་གི་མདུན་བསྐྱེད་སྐབས་བཞིན། བདག་གི་ཐུགས་ཀ་ནས་ཨེ་ཡཾ་བཾ་སུཾ་ལཾ་རཾ་རྣམས་ཆད་དེ་དཀྱིལ་འཁོར་གྱི་འོག་གཞིར་བརྩེགས་མར་འཁོད་ཅེས་པ་ནས་མཐར་སྒོ་བ་ཡབ་ཡུམ་བརྒྱད་ཁྲོ་བོ་དང་ཁྲོ་མོའི་ཆས་ལྡན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་ཚང་བར་བརྗོད་ཅིང་ཁྲོ་བོའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རེག་ལ་མ་འབྱར་བ་མེ་རི་འདབ་འདྲེས་ཙམ་དུ་གསལ་བཏབ། རྩ་བར། ཞི་ཁྲོ་གཉིས་ཀ་ལ་དུས་གཅིག་ཏུ་དབང་བསྐུར་ལ་ཞེས་གསུངས་པས་གོང་དུ་བསྒྲུབས་མ་ཐག་པའི་རབ་གནས་ཀྱི་དབང་བུམ་ནུབ་ཏུ་བཀོད་པ་དེ། བླ་མས་ཀུན་ཏུ་བཟང་པོའི་ང་རྒྱལ་གྱིས་བཟུང་སྟེ། དཀྱིལ་འཁོར་པ་དེ་རྣམས་ལ་དབང་བསྐུར་བར་མོས་ཏེ། རྩ་བར། ༀ། རིན་ཆེན་བུམ་པས་དབང་བསྐུར་ནས། །དབང་ཆེན་རྡོ་རྗེའི་སྐུར་བསྒོམས་ཏེ། །ཡེ་ཤེས་ལྔ་ཡི་རང་བཞིན་གྱིས། །དབང་བསྐུར་ཆོས་དབྱིངས་གསལ་བར་ཤོག །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ༴ ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ༴ ༀ་མ་ཧཱ་པྲ་ཏྱ་བཀྵེ་ཎ་ཛྙཱ་ན་བཛྲ༴ ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ༴ ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་དག་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། འདུས་པ་ཆེན་པོའི་ལྷ་རྣམས་ལ་ཡེ་ཤེས་ལྔས་དབང་བསྐུར་བས་རྣམ་ཤེས་བརྒྱད་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་ནས་ཕྱོགས་བཅུའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དང་། ཡོན་གྱི་བདག་པོ་དང་སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས་བུམ་ནང་གི་རིགས་ལྔའི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་ཆུ་རྒྱུན་གྱིས་དཀྱིལ་འཁོར་པ་རྣམས་ལ་དབང་བསྐུར། སྐུ་གང་དྲི་མ་དག །ཆུ་ཞབས་གྱེན་དུ་འཁྱིལ་བ་ལས་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་དེ་རྣམས་ཀྱི་སྤྱི་གཙུག་ཏུ་མི་བསྐྱོད་པ་མཐིང་ཁ། དཔྲལ་བར་རྣམ་སྣང་དཀར་པོ། རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སེར་པོ། ལྟག་པར་སྣང་བ་མཐའ་ཡས་དམར་པོ། རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པ་ལྗང་གུ་རྣམས་ཀྱིས་དབུ་བརྒྱན་པར་བསམ་མོ། །དབང་བུམ་གྱི་ལྷ་རྣམས་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཆུར་བསམ་སྟེ་རང་གཞན་གྱིས་ལོངས་སྤྱད་དོ། །དབང་བུམ་འདི་གཞན་དུ་མི་དགོས་སོ། །རྩ་བར་གསལ་བར་མ་བྱུང་ཡང་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་རིགས་པར་སྣང་སྟེ། རྡོ་རྗེའི་ཕྱག་རྒྱས་དཀྱིལ་འཁོར་གྱི་ལྷའི་གནས་གསུམ་དུ་གཏུག་ཚུལ་བྱས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ལྷ་རྣམས་ཀྱི་སྤྱི་བོའི་ༀ་དཀར་པོ་ལས་འོད་ཟེར་འཕྲོས། སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས་ཏེ་ༀ་ལ་ཐིམ་པས་སངས་རྒྱས་རྣམས་ཀྱི་སྐུའི་རང་བཞིན་ༀ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ༴ མགྲིན་པར་པདྨ་ལ་གནས་པའི་ཨཱཿདམར་པོ་ལས༴ སངས་རྒྱས་རྣམས་ཀྱི་ཐུགས༴ གསུང་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས། ཨཱཿལ་ཐིམ་པས་སངས་རྒྱས་རྣམས་ཀྱི་གསུ ང་གི་རང་བཞིན་ཨཱཿལས་སྣང་མཐའ་དམར་པོ་པདྨ་དང་དྲིལ་བུ་འཛིན་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ༴ ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ་ལས༴ སངས་རྒྱས་རྣམས་ཀྱི་ཐུགས༴ ཐུགས་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས། ཧཱུཾ་ལ་ཐིམ་པས་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་རང་བཞིན་ཧཱུཾ་ལས་མི་བསྐྱོད་པ་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། རྩ་བར། ཞེས་པ་ཡན་ཆད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པའོ། །ཞེས་གསུངས། སྤྱི་དོན་གསུམ་པ་ནི། རྩ་བར། དེ་ནས་གསུམ་པ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ནི། སྤོས་ཆེན་པོའི་དུད་པ། རོལ་མོའི་སྒྲ་བྱས་ནས་ཞེས་གསུངས་པས། རོལ་མོ་སྣ་ཚོགས་དབྱངས་དང་བཅས་པ་དང་། སྤོས་བཏུལ་ཞིང་གཡབ་དར་དང་བཅས་ཏེ་བསྒོམས་པ་དང་འདྲ་བའི་ལྷ་ཚོགས་ནམ་མཁའི་ཁམས་གང་བར་བྱོན་པར་བསམ་ལ། རྩ་བར། ༀ། ཆོས་སྐུ་རིག་པ་རང་སྣང་བའི། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་། །ཁམས་གསུམ་མ་ལུས་བརྡལ་བའི་ཕྱིར། །ཁྲག་འཐུང་དཀྱིལ་འཁོར་དངོས་དང་བཅས། །རྡོ་རྗེ་འཆང་གྲལ་རིམ་བགྲོད་པའི། །རྣལ་འབྱོར་ཆེན་པོ་རིག་འཛིན་རྣམས། །སྨོན་ལམ་དམ་ཚིག་ལུགས་བཞིན་དུ། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ༀ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །སྤྲིན་ཕུང་བཞིན་དུ་གཤེགས་སུ་གསོལ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །གཞལ་ཡས་ཆེན་པོའི་གནས་མཆོག་ནས། །རྒྱལ་བ་འཁོར་བཅས་མ་ལུས་ཀུན། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ནས། །རྒྱལ་བ་གར་བཞུགས་འཁོར་དང་བཅས། །རྡོ་རྗེ་དམ་ཅན་ཇི་སྙེད་པ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །རྒྱལ་བའི་ཐུགས་དམ་བསྐང་བ་དང་། །འཁོར་བ་ཡོངས་སུ་སྦྱོང་བའི་ཕྱིར། །འདུས་པ་ཆེན་པོའི་དཀྱིལ་འཁོར་འདིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་སྙན་གསན་དབབ་ཏེ་ནམ་མཁར་བྱོན་པ་རྣམས་མདུན་བསྐྱེད་ལ་བསྟིམ་པ་ནི་སོ་སོའི་ཕྱག་རྒྱ་དང་བཅས་ཏེ། རྩ་བར། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ༀ་ཨེ་ཧྱེ་ཧི་བྷ་ག་ཝ ན་མ་ཧཱ་ཀཱ་རུ་ཎི་ཀ྄་དྲཱྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། རྩ་བར། སེམས་ཅན་དོན་ཕྱིར་དང་། ཀཱ་ཡ་ཝཱ་ཀས་བརྟན་པར་བཞུགས་སུ་གསོལ་ནས། ཞེས་འབྱུང་བའི་དོན། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ནས། །ཡེ་ཤེས་ཐུགས་རྗེ་བདག་ལ་དགོངས་ན ས་ཀྱང་། །མི་དམིགས་དོན་ཕྱིར་དངོས་གྲུབ་མཆོག་གི་རྣམས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མུ་དྲ་མ་ཏྲཾ་པྲ་བྷན་ཙཀྲ་ཧཱུཾ་ཕཊ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་བརྟན་པ་བཞུགས་སུ་གསོལ། སྐབས་འདིར་གླན་སྟོན་བསོད་ནམས་མགོན་པོས། ཏིང་ངེ་འཛིན་འོག་མ་ནི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་བྱོན་ནས་ཕོ་བྲང་གི་ཙཀླི་དཀྱིལ་འཁོར་དང་བཅས་པ་ལ་ཐིམ་པས། ཕོ་བྲང་གི་ལྷ་ཚོགས་རྣམས་འགྲོ་བའི་དོན་མཛད་པའི་གཟི་བྱིན་དང་ལྡན་པར་བསམ། དེ་ནས་བཛྲ་སཏྭ་ཧཱུཾ། ཞེས་བརྗོད་པས། མདུན་གྱི་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པས། རང་ཉིད་ཀྱང་དཀྱིལ་འཁོར་གྱི་ལྷ་ཚོགས་དེ་དག་ལ་མངའ་གསོལ་བའི་གཟི་བྱིན་དང་ལྡན་པར་བསམ། ཞེས་གསུངས་པ་ཟབ་གནད་དུ་འདུག་པས་དེ་བཞིན་དུ་བྱ། རྩ་བར་ཡང་། བཛྲ་སཏྭ་ཧཱུཾ། ཞེས་པས་རྡོ་རྗེ་སེམས་དཔའ་རང་ལ་བསྟིམ་པས། དཀྱིལ་འཁོར་ལ་མངའ་གསོལ་བའི་གཟི་བརྗིད་དང་ལྡན་པར་བསམ་མོ། །ཞེས་གསུངས་པ་ལྟར་ལས་ཀྱི་ལྷ་ར ང་ལ་བསྡུའོ། །དེ་ནས་ཁྲུས་རྣམས་ཀྱི་ཐོག་མར་མེ་ལོང་དབུལ་ཞིང་། རྩ་བར། དེ་ནས་མེ་ལོང་དབུལ་བ་ནི། ཧཱུཾ། མེ་ལོང་དག་ལ་གཟུགས་བརྙན་སྣང་བ་ལྟར། །ཆོས་རྣམས་རང་བཞིན་གདོད་ནས་དག་པ་ལ། །ཆེ་བའི་ཡོན་ཏན་མང་པོ་འབྱུང་འགྱུར་ཞིང་། །རྣམ་པར་བྱང་བའི་ཆོས་ཉིད་གསལ་བར་ཤོག །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་དག་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པའི་སྐུ་ལ་མེ་ལོང་ཕུལ་བས་ཀུན་གཞི་བག་ཆགས་ཀྱི་གཡའ་དང་བྲལ་ནས་ཆོས་སྐུ་བརྗོད་དུ་མེད་པ འི་དོན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་འཁར་བའི་ཁྲུས་བུམ་གྱི་ཆུས་གང་བཞིན་དུ་ཁྲུས་བྱའོ། །སྤྱི་དོན་བཞི་པ་དབང་པོ་སྐྱོན་བསལ་གྱི་ཆོས་བདུན་བྱ་བ་ལ། ཞི་ཁྲོ་གཉིས་ཀྱི་ཐོག་མར་ཞི་བ་ནི། རྩ་བར། དེ་ནས་དབང་པོའི་སྐྱོན་བསལ་གྱི་ཆོས་བདུན་བྱ་བ་ནི། ཞི་བའི་རིན་པོ་ཆེའི་གསེར་གྱི་ཐུར་མ་ཐོགས་ལ། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་ཐུར་མ་ཡིས། །སྤྱན་གྱིས་དབང་པོའི་སྐྱོན་བསལ་ན། །སྤྱན་ལྔ་ཡོངས་སུ་རྫོགས་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པའི་སྐུ་ལ་རིན་པོ་ཆེའི་ཐུར་མས་སྤྱན་ཕྱེ་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དམ་པ་བདག་དང་༴ སྙན་འདྲུད་ཐོགས་ལ། ཁྱད་པར་རྒྱུ་ལས༴ རིན་པོ་ཆེ་ཡི་ཐུར་མ་ཡིས། །དབང་པོ་སྙན་གྱི་སྐྱོན༴ སྙན་ལྔ་ཡོངས་སུ་རྫོགས༴ ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པའི་སྐུ་ལ་རིན་པོ་ཆེའི་སྙན་སེལ་གྱི་སྙན་བསལ་བས། སངས་རྒྱས་ཀྱི་སྙན་ཡོངས་སུ་གསན་པ་མ་འགགས་པ་བདག་དང་༴ རྨང་གཟེར་ཐོགས་ལ། ཁྱད་པར་རྒྱུ་ལས༴ རིན་པོ་ཆེ་ཡི་རྨང་གཟེར་གྱིས། །ཤངས་ཀྱི་དབང་པོ་སྐྱོན༴ སེམས་ཀྱི་རྣམ་གྲངས་ཤེས༴ ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་རིན་པོ་ཆེའི་རྨང་གཟེར་གྱིས་ཤངས་ཀྱི་སྤུ་གཏོགས་པས་གཞན་སེམས་ཀྱི་རྣམ་གྲངས་ཤེས་པའི་དོན་བདག་དང་༴ ལྗགས་བཞར་ཐོགས་ལ། ཁྱད་པར་རྒྱུ་ལས༴ རིན་པོ་ཆེ་ཡི་ལྗངས་བཞར་གྱིས། །ལྗགས་ཀྱི་དབང་པོའི་སྐྱོན༴ གསུང་རབ་མ་ལུས་འཆད༴ ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་རིན་པོ་ཆེའི་ལྗགས་བཞར་གྱིས་དྲི་མ་བསལ་བས་གསུང་རབ་མ་ལུས་པ་འཆད་པའི་དོན་བདག་དང་༴ ཚེམས་ཤིང་ཐོགས་ལ། ཁྱད་པར་རྒྱུ་ལས༴ རིན་པོ་ཆེ་ཡི་ཚེམས་ཤིང་གིས། །ཚེམས་ཀྱི་དྲི་མ་བསལ་བ་ཡིས། །མཉམ་པར་བཞག་པ་ཐོབ༴ ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་རིན་པོ་ཆེའི་ཚེམས་ཤིང་གིས་ཚེམས་ཀྱི་དྲི་མ་བསལ་བས་ཤིན་ཏུ་མཉམ་པའི་དོན་བདག་དང་༴ སོ་མང་ཐོགས་ལ། ཁྱད་པར་གྱུར་ལས༴ རིན་ཆེན་དུང་གི་སོ་མང་གིས། །དབུ་སྐྲའི་དྲི་མའི་སྐྱོན༴ མཚན་ཉིད་མ་འདྲེས་མཁྱེན༴ ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་དུང་གི་སོ་མང་གིས་དབུ་སྐྲ་བཤད་པས་ཐབས་ཤེས་མ་འདྲེས་པས་འགྲོ་བའི་དོན་བྱེད་པ་བདག་དང་༴ ཆན་པའམ་སྤུ་གྲི་ཐོགས་ལ། ཁྱད་པར་རྒྱུད་ལས༴ རིན་པོ་ཆེ་ཡི་སྤུ་གྲི་ཡིས། །དབུ་ཡི་སྐྲ་རྣམས་སྐྱོན༴ ཉོན་མོངས་རྩད་ནས་གཅོད༴ ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་སྤུ་གྲིས་སྤྲུལ་སྐུའི་དབུ་སྐྲ་བཞར་བས་དུག་གསུམ་རྩད་ནས་བཅད་ཏེ་ཉོན་མོངས་པའི་ཟུག་རྔུ་དང་བྲལ་པ་བདག་དང་༴ དོན་ལྔ་པ་དངོས་པོ་སྐྱོན་སྦྱང་གི་ཆོས་དགུ་ལ། མེ་ལོང་གོང་ལྟར་དབུལ། ཞེས་གསུངས་པས། སྤྱི་དོན་ལྔ་པ་དངོས་པོ་སྐྱོན་སྦྱང་གི་ཆོས་དགུ་ལ་ཞི་ཁྲོ་གཉིས་ཀྱི་དང་པོ་ཞི་བ་ལ་མེ་ལོང་ཕུལ་ཏེ། ཧཱུཾ། མེ་ལོང་དག་ལ་གཟུགས་བརྙན་སྣང་བ་ལྟར། །ཆོས་རྣམས་རང་བཞིན་གདོད་ནས་དག་པ་ལས། །ཆེ་བའི་ཡོན་མང་པོ་འབྱུང་འགྱུར་ཞིང་། །རྣམ་པར་བྱང་བའི་ཆོས་ཉིད་གསལ་བར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པའི་སྐུ་ལ་མེ་ལོང་ཕུལ་བས། ཀུན་གཞི་བག་ཆགས་ཀྱི་གཡའ་དང་བྲལ་ནས་ཆོས་སྐུ་བརྗོད་དུ་མེད་པའི་དོན་བདག་དང་༴ ཅེས་བརྗོད་ལ་འཁར་བའི་ཁྲུས་བུམ་གྱི་ཆུས་ཁྲུས་གསོལ་ལོ། །རྩ་བར། ཆུ་བདུན་ཚན་གཉིས་ཀྱི་དང་པོ་ཆུ་གཙང་ཐོགས་ལ། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །རྒྱལ་བའི་སྐུ་ལ་ཆུ་གཙང་ཁྲུས་གསོལ་བས། །ལས་དང་ཉོན་མོངས་བག་ཆགས་དག་པར་ཤོག །ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་ཆུ་གཙང་གིས་སྐུ་ཁྲུས་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་དྲི་མ་དག་པར་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། སྦྲུལ་ཆབ་སྟེ་བུལ་ཆུ་ཐོགས་ལ། རྒྱལ་བའི་སྐུ་ལ་རབ་རིབ་མི༴ སེམས་ཅན་མ་རིག་མུན་པ་བསལ༴ རྒྱལ་བའི་སྐུ་ལ་སྦྲུལ་ཆབ་འདི་གསོལ་བས། །རྨོངས་པའི་རབ་རིབ་མ་ལུས་དག༴ ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་སྦྲུལ་ཆབ་ཀྱིས་ཁྲུས་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཤེས་བྱའི་དྲི་མ་དག་པར་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ༴ འདག་ཆལ་ཏེ་སུག་ཆུ་ཐོགས་ལ། རྒྱལ་བའི་སྐུ་ལ་དྲི་མ་མི༴ སེམས་ཅན་སྡུག་བསྔལ་དྲི་མ་བསལ༴ རྒྱལ་བའི་སྐུ་ལ་འདག་ཆལ་ཁྲུས་གསོལ་བས། །ཚུལ་ཁྲིམས་མངོན་པར་བྱང་ཆུབ་སྐུ་ཐོབ་ཤོག །ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་འདག་ཆལ་གྱི་ཁྲུས་གསོལ་བས་ཚུལ་ཁྲིམས་ཀྱི་ཆུ་བོ་མངོན་པར་བྱང་ཆུབ་པའི་སྐུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ༴ འབྲུ་ཆབ་ཐོགས་ལ། རྒྱལ་བའི་སྐུ་ལ་བསྙེལ་བ་མི༴ སེམས་ཅན་མུ་གེའི་སྡུག་བསྔལ་བསལ༴ རྒྱལ་བའི་སྐུ་ལ་འབྲུ་ཆབ་འདི་གསོལ་བས། །ཏིང་འཛིན་ཕུང་པོ་ཆོས་སྐུ་དག་པར་ཤོག །ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་འབྲུ་ཆབ་ཀྱི་ཁྲུས་གསོལ་བས་ཏིང་ངེ་འཛིན་གྱི་ཕུང་པོ་དང་ཆོས་ཀྱི་སྐུ་བདག་དང་༴ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ༴ སྤོས་ཆབ་ཐོགས་ལ། ཕྲིན་ལས་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལས། །སྤོས་ཆེན་དྲི་ཡི་སྐུ་ཁྲུས་འདི་གསོལ་བས། །དྲི་མཆོག་སྟོང་གསུམ་ཀུན་ཏུ་འབྱུང་བ་དང་། །ཤེས་རབ་ཕུང་པོ་སྤྲུལ་སྐུ་ཐོབ་པར་ཤོག །ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་སྤོས་ཆབ་ཀྱིས་སྐུ་ཁྲུས་གསོལ་བས་ཤེས་རབ་ཀྱི་ཕུང་པོ་དང་། སྤྲུལ་པའི་སྐུ་བདག་དང་༴ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ༴ སྨན་ཆབ་ཐོགས་ལ། རྡོ་རྗེའི་སྐུ་མཆོག་ནམ་མཁའི་རང་བཞིན་ལ། །དྲི་མེད་སྨན་ཆབ་སྐུ་ཁྲུས་འདི་གསོལ་བས། །ཉོན་མོངས་སྡུག་བསྔལ་ནད་འཇོམས་རྒྱལ་པོ་ཡིས། །རྣམ་གྲོལ་ཕུང་པོ་རྡོ་རྗེའི་སྐུ་ཐོབ་ཤོག །ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་སྨན་ཆབ་བྲམ་ཟེའི་སྐུ་ཁྲུས་གསོལ་བས་རྣམ་པར་གྲོལ་བའི་ཕུང་པོ་དང་རྡོ་རྗེའི་སྐུ་བདག་དང་༴ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ༴ རིན་པོ་ཆེའི་ཆབ་ཐོགས་ལ། ཆོས་རྣམས་ཡོངས་སུ་རྫོགས་པའི་སྐུ་མཆོག་ལ། །རིན་ཆེན་ཆབ་ཀྱི་སྐུ་ཁྲུས་འདི་གསོལ་བས། །ཡིད་བཞིན་ནོར་ལྟར་མ་ལུས་རེ་སྐོང་བའི། །ཡེ་ཤེས་ཕུང་པོ་ལོངས་སྤྱོད་རྫོགས་པར་ཤོག །ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་རིན་པོ་ཆེའི་ཆབ་ཀྱིས་སྐུ་ཁྲུས་གསོལ་བས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། ལོངས་སྤྱོད་རྫོགས་པའི་སྐུ་བདག་དང་༴ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ༴ དེ་དག་ནི་ཆུ་བདུན་གྱི་སྐུ་ཁྲུས་སོ། །སྐུ་ཕྱི་བ་ནི། རས་དཀར་གྱི་སྐུ་ཕྱི་ཐོགས་ལ། ཧཱུཾ། ཐུགས་རྗེ་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། །སྲི་ཞུ་གུས་ཕྱིར་རས་ཀྱིས་སྐུ་ཕྱིས་པས། །ལས་དང་ཉོན་མོངས་བག་ཆགས་ཀུན་བྱང་ནས། །སྤྱོད་ལམ་རྣམ་པར་དག་པའི་སྐུ་ཐོབ་ཤོག །ན་མོ། ཕྱོགས་བཅུ༴ བདེ་བར་གཤེགས་པ་ལ་རས་ཁ་ཚར་མ་ཉམས་པས་སྐུ་ཕྱིས་པས་གཟུང་འཛིན་ལས་བྱུང་བའི་དྲི་མ་ཐམས་ཅད་དང་བྲལ་ནས་སྤྱོད་ལམ་རྣམ་པར་དག་པའི་སྒོ་བདག་དང་༴ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ༴ སྤྱི་དོན་བཞི་པའི་གཉིས་པ་ཁྲོ་བོའི་དབང་པོ་སྐྱོན་བསལ་གྱི་ཆོས་བདུན་བྱ་བ་ནི། རྩ་བར། དེ་ནས་ཁྲོ་བོའི་དབང་པོ་སྐྱོན་བསལ་གྱི་ཆོས་བདུན་བྱ་བ་ནི། ཐུར་མ་ཐོགས་ཏེ། ཧཱུཾ། ཁྲག་འཐུང་སྤྱན་ལ་སྒྲིབ་པ་མི་མངའ་ཡང་། །རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ་བའི་ཕྱིར། །གསེར་གྱི་ཐུར་མས་སྤྱན་གྱི་སྐྱོན་བསལ་ནས། །སྲིད་གསུམ་ཡེ་ཤེས་སྤྱན་དུ་གསལ་གྱུར་ཅིག །ༀ་བཛྲ་ཙཀྵུ་ས་མནྟ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་དག་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་སྤྱན་གྱི་ཉེས་པ་བསལ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སྙན་འབྲུད་ཐོགས་ལ། ཧཱུཾ། ཁྲག་འཐུང་སྙན་ལ་འགག་པ་མི༴ རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ༴ གསེར་གྱི་ཐུར་མས་སྙན་གྱི་སྐྱོན༴ ཁམས་གསུམ་སྒྲ་རྣམས་དུས་གཅིག་གསལ༴ ༀ་སྲོག་སྲུཾ་པྲ་བེ་ཤ་ག་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་སྙན་གྱི་ཉེས་པ་བསལ་བས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་སྒྲ་ཆེན་པོ་ཐོས་ནས་ཤེས་རྒྱུད་གྲོལ་བ་བདག་དང་༴ རྨང་གཟེར་ཐོགས་ལ། ཁྲག་འཐུང་ཤངས་ལ་ཉེས་སྐྱོན་མི༴ རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ༴ གསེར་གྱི་རྨང་གཟེར་ཤངས་ཀྱི་ཉེས༴ ཁམས་གསུམ་དྲི་རྣམས་དུས་གཅིག་བསལ༴ ༀ་པྲི་ཡཾ་སྲུང་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་ལ་རྨང་གཟེར་གྱིས་ཤངས་ཀྱི་སྤུ་བཏོགས་པ་དུག་ལྔ་ཡེ་ཤེས་སུ་གྲོལ་ནས་ཆོས་ཀྱི་དྲི་བདག་དང་༴ ལྗགས་བཞར་ཐོགས་ལ། ཁྲག་འཐུང་ལྗགས་ལ་ཉེས་པ་མི༴ རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ༴ གསེར་གྱི་ལྗགས་བཞར་ལྗགས་ཀྱི་སྐྱོན༴ ཁམས་གསུམ་སེམས་ཅན་ཆོས་ཀྱི་རོ་ཚོར་ཤོག །ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་ལྗགས་ཀྱི་ཉེས་པ་བསལ་བས་ཆོས་ཉིད་ཀྱི་རོ་ཚོར་ཏེ་རང་སར་གྲོལ་བ་བདག་དང་༴ རུས་པའི་ཚེམས་ཤིང་ཐོགས་ལ། ཁྲག་འཐུང་ཚེམས་ལ་ཉོན་མོངས་མི༴ རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ༴ རུས་པའི་ཐུར་ལ་ཚེམས་ཀྱི་ཉེས༴ འཁོར་བའི་དུག་གསུམ་རྩད་ནས་ཆོད་གྱུར་ཅིག །ༀ་བཛྲ་དནྟ་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཚེམས་ཀྱི་ཉེས་སྐྱོན་བསལ་བས་དུག་གསུམ་རྩད་ནས་ཆོད་པ་བདག་དང་༴ དུང་གི་སོ་མང་ཐོགས་ལ། ཁྲག་འཐུང་སྐྲ་ལ་ཉེས་པ་མི༴ རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ༴ དུང་གི་སོ་མང་དག་གིས་དབུ་བཤད་པས། །སྲིད་གསུམ་ལོངས་སྤྱོད་རྫོགས་སྐུ་ཐོབ་པར་ཤོག །ༀ་མ་ནུ་སཾ་སོ་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་དབུ་སྐྲ་བཤད་པས་ཐབས་མ་འདྲེས་པས་འགྲོ་བའི་དོན་བྱེད་པ་བདག་དང་༴ ཆན་པ་ཐོགས་ལ། ཁྲག་འཐུང་སྐུ་ལ་ཉེས་སྐྱོན་མི༴ རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ༴ གསེར་གྱི་ཆན་པས་ཞལ་གྱི་སྤུ་བྲེགས་པས། །སྤྲུལ་པ་སྐུ་ཡི་དབང་པོ་ཐོབ་གྱུར་ཅིག །ༀ་ནིརྨ་ཀཱ་ཡ་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཞལ་གྱི་སྤུ་བྲེགས་པས་བག་ཆགས་རྩད་ནས་ཆོད་དེ་རང་བྱུང་ཡེ་ཤེས་བདག་དང་༴ དེ་དག་དབང་པོ་སྐྱོན་བསལ་ལོ། །སྤྱི་དོན་ལྔ་པའི་གཉིས་པ་ཁྲོ་བོའི་དངོས་པོ་སྐྱོན་སྦྱོང་གི་ཆོས་དགུ་བྱ་བ་ནི། རྩ་བར། དངོས་པོ་སྐྱོན་སྦྱང་ལ་ཆུ་བདུན་གྱི་ཁྲུས་ལས་ཞེས་གསུངས་ཀྱང་ཆོས་དགུ་ནི། མེ་ལོང་དབུལ་ཞིང་ཁྲུས་བྱ་བ། ཆུ་བདུན་གྱིས་ཁྲུས་བྱ་བ། སྐུ་ཕྱི་སྟེ་དགུ་ལས། མེ་ལོང་དབུལ་པ་ནི། འཁར་བའི་ཁྲུས་བུམ་གྱི་ཆུས་མེ་ལོང་གི་ངོས་ལ་ཁྲུས་བྱ་ཞིང་། ཧཱུཾ། མེ་ལོང་དག་ལས་གཟུགས་བརྙན་སྣང་བ་ལྟར། །ཆོས་རྣམས་རང་བཞིན་གདོད་ནས་དག་པ་ལ། །ཆེ་བའི་ཡོན་ཏན་མང་པོ་འབྱུང་འགྱུར་ཞིང་། །རྣམ་པར་བྱང་བའི་ཆོས་ཉིད་གསལ་བར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་འཇིགས་བྱེད་ཆེན་པོའི་སྐུ་ལ་མེ་ལོང་ཕུལ་བས་སྐུ་གཞི་བག་ཆགས་ཀྱི་གཡའ་དང་བྲལ་ནས་ཆོས་སྐུ་བརྗོད་དུ་མེད་པའི་དོན་བདག་དང་༴ རྩ་བར། དང་པོ་ཞུན་ཆེན་ཡི་ཆུ་ཐོགས་ལ། ཧཱུཾ། དོན་དམ་བཅུད་ཀྱི་ཐིག་ལེ་ཆེན་པོ་འདིས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་པས། །ལྷན་ཅིག་སྐྱེས་པའི་དྲི་མ་ཀུན་དག་ནས། །བྱང་ཆུབ་སེམས་ཀྱི་བརླན་དང་ལྡན་པར་ཤོག །ༀ་བོ་དྷི་ཙིཏྟ་ཛྙཱ་ན་བི་ཤུདྡྷེ་ཧཱུཾ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་འཇིགས་བྱེད་ཆེན་པོའི་སྐུ་ལ་ཞུན་ཆེན་གྱི་ཁྲུས་གསོལ་བས། ལྷན་སྐྱེས་ཀྱི་དྲི་མ་དག་ནས་བདེ་ཆེན་བྱང་ཆུབ་ཀྱི་སེམས་བདག་དང་༴ ཐལ་ཆེན་གྱི་ཆུ་ཐོགས་ལ། ཧཱུཾ། ལྷག་པའི་ཐལ་བས་ཕྲིན་ལས་རྫོགས་པའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས༴ བདག་གཞན་གཉིས་འཛིན་དྲི་མ་ཀུན་སྤངས་ནས། །གཉིས་སུ་མེད་པའི་དོན་དང་ལྡན༴ ༀ་བཛྲ་བི་ས་སྨི་ཏི་ཛྙཱ་ན་བི་ཤུདྡྷེ་ཧཱུཾ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་འཇིགས་བྱེད་ཆེན་པོའི་སྐུ་ལ་ཐལ་ཆེན་གྱི་ཆུས་ཁྲུས་གསོལ་བས། ཀུན་བཏགས་ཀྱི་དྲི་མ་བསལ་ནས་གཉིས་མེད་ཀྱི་དོན་བདག་དང་༴ བྱང་ཆུབ་སེམས་ཀྱི་ཆུ་ཐོགས་ལ། ཧཱུཾ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །དཀར་ལ་དག་པ་གཉིས་མེད་ཡེ་ཤེས་ཆུ། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས༴ རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ༴ ༀ་བཛྲ་བོ་དྷི་ཙིཏྟ་ཛྙཱ་ན་བི་ཤུདྡྷེ་ཧཱུཾ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཇིགས་བྱེད་ཆེན་པོའི་སྐུ་ལ་བྱང་ཆུབ་སེམས་ཀྱི་ཆུས་ཁྲུས་གསོལ་བས། རྡོ་རྗེ་རིགས་ཀྱི་དངོས་གྲུབ་དང་མེ་ལོང་ལྟ་བུའི་ཡེ་ཤེས་བདག་དང་༴ དྲི་ཆེན་གྱི་ཆུ་ཐོགས་ལ། ཧཱུཾ། དྲི་ཆེན་གསང་བའི་རྫས་ཆེན་དམ་རྫས་མཆོག །སྐྱེ་ཤི་མེད་པ་ཡེ་ཤེས་རྡོ་རྗེའི་ཆུ། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས༴ དེ་བཞིན་རིགས་ཀྱི་དངོས་གྲུབ་ཐོབ༴ ༀ་བཛྲ་ཨཱ་ཡུཿཛྙཱ་ན་བི་ཤུདྡྷེ་ཧཱུཾ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་འཇིགས་བྱེད་ཆེན་པོའི་སྐུ་ལ་དྲི་ཆེན་གྱི་ཆུས་ཁྲུས་གསོལ་བས། དེ་བཞིན་གཤེགས་པའི་དངོས་གྲུབ་དང་ཡོད་མེད་ལས་འདས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་བདག་དང་༴ མཱཾ་སའི་ཆུ་ཐོགས་ལ། ཧཱུཾ། ཁམས་གསུམ་རྒྱུད་དྲུག་འཁོར་བའི་སེམས་ཅན་རྣམས། །དུག་གསུམ་བསྒྲལ་བ་ཤ་ཆེན་བཅུད་ཀྱི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས༴ རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ༴ ༀ་བཛྲ་མ་ཧཱ་མཱཾ་ས་བི་ཤུདྡྷེ་ཧཱུཾ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཇིགས་བྱེད་ཆེན་པོའི་སྐུ་ལ་ཤ་ཆེན་གྱི་ཆུས་ཁྲུས་གསོལ་བས། རིན་ཆེན་རིགས་ཀྱི་དངོས་གྲུབ་དང་མཉམ་ཉིད་ཡེ་ཤེས་བདག་དང་༴ པདྨ་རཀྟའི་ཆུ་ཐོགས་ལ། ཧཱུཾ། པདྨ་རཀྟ་གསང་བ་དབང་གི་རྫས། །ཆགས་པར་བྱེད་པ་དམར་ལ་དྭངས་པའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས༴ པདྨ་རིགས་ཀྱི་དངོས་གྲུབ་ཐོབ༴ ༀ་པདྨ་རཀྟ་ཏི་ལ་ཀ་བི་ཤུདྡྷེ་ཧཱུཾ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཇིགས་བྱེད་ཆེན་པོའི་སྐུ་ལ་པདྨ་རཀྟས་ཁྲུས་གསོལ་བས། པདྨ་རིགས་ཀྱི་དངོས་གྲུབ་དང་སོ་སོར་རྟོག་པའི་ཡེ་ཤེས་བདག་དང་༴ དྲི་ཆུ་ཐོགས་ལ། ཧཱུཾ། དྲི་ཆུ་ཀུན་གྱི་སོས་བྱེད་ལས་ཡི་རིགས། །ཐམས་ཅད་དག་བྱེད་བདུད་རྩི་ཆེན་པོའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས༴ ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ༴ ༀ་བཛྲ་མ་ཧཱ་མ་མ་ཀུ་ཀུ་ཛྙཱ་ན་བི་ཤུདྡྷེ་ཧཱུཾ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཇིགས་བྱེད་ཆེན་པོའི་སྐུ་ལ་དྲི་ཆུའི་ཁྲུས་གསོལ་བས། ལས་ཀྱི་རིགས་ཀྱི་དངོས་གྲུབ་དང་བྱ་བ་གྲུབ་པའི་ཡེ་ཤེས་བདག་དང་༴ དེ་ནས་རོ་རས་ཀྱིས་སྐུ་ཕྱི་བ་ནི། རོ་རས་ཀྱི་སྐུ་ཕྱི་ཐོགས་ལ། ཧཱུཾ། ཐུགས་རྗེ་ལྷུན་རྫོགས་ཁྲག་འཐུང་དཀྱིལ་འཁོར་ལ། །དུར་ཁྲོད་ཆེན་པོའི་རས་ཀྱིས་སྐུ་ཕྱི་པས། །ཤེས་བྱའི་ལས་དང་ཉོན་མོངས་སྒྲིབ་བྱང་ནས། །སྤྱོད་ལམ་རྣམ་པར་དག་པའི་སྐུ་ཐོབ་ཤོག །ༀ་བཛྲ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བི་ཤུདྡྷེ་ཧཱུཾ། ན་མོ། ཕྱོགས་བཅུ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཇིགས་བྱེད་ཆེན་པོའི་སྐུ་ལ་རོ་རས་ཀྱིས་ཕྱིས་བས་ཤེས་བྱའི་སྒྲིབ་པ་དག་ནས་སྤྱོད་ལམ་རྣམ་པར་དག་པ་བདག་དང་༴ དེ་དག་གིས་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་དངོས་པོའི་སྐྱོན་སྦྱོང་ངོ་། །སྤྱི་དོན་དྲུག་པ་མངའ་དབུལ་ནི། རྩ་བར། དོན་དྲུག་པ་ཆེ་བའི་ཡོན་ཏན་དང་། རྒྱན་ཆའི་མངའ་གསོལ་བ་དང་། སྤྱི་དོན་བདུན་པ་ཕྱི་ནང་གསང་གསུམ་གྱི་མཆོད་པ་དབུལ་བ་དྲིལ་བ་ལ་དོན་བཞི་སྟེ། དང་པོ་གཟུགས་བྱེ་བྲག་ཏུ་མངའ་གསོལ་བ་དང་། གཉིས་པ་མཛེས་པ་རྒྱན་དུ་མངའ་གསོལ་བ་དང་། གསུམ་པ་ཆེ་བའི་ཡོན་ཏན་ཕུན་ཚོགས་སུ་མངའ་གསོལ་བ་དང་། བཞི་པ་མཉེས་མཆོད་བཞེས་པར་མངའ་གསོལ་བའོ། །དང་པོ་གཟུགས་བྱེ་བྲག་ཏུ་མངའ་གསོལ་བ་ལ། དབུ། ཕྱག །ཞབས། དབུ་སྐྲ། སྨིན་མ། སྤྱན། ལྗགས། ཚེམས། སྐུ་མདོག །ཕྱག་མཚན་ནོ། །དང་པོ་དབུ་ལ། ༀ་ཨཱཿཧཱུཾ་གསུམ་གྱི་འཕྲོ་འདུ་ལས། ༀ་ཨཱཿཧཱུཾ་ལས་འོད་ཟེར་འཕྲོ། བདེ་བར་གཤེགས་པའི་བྱིན་རླབས་ཚུར་འདུས་པ་ལས། ཞི་བ་དང་ཁྲོ་བོ་རང་རང་གི་སྤྱོད་ཡུལ་དང་འཚམས་པའི་དབུ་གསུམ་གྱི་རྣམ་པར་གྱུར་ཅེས་དབུ་གསུམ་གྱི་གཟུགས་བརྙན་ཐོགས་ཏེ་འབུལ་བའི་ཚུལ་བྱ་ཞིང་། རྩ་བར། ཧཱུཾ། ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་དབུ་ཡིས་མངའ་གསོལ་བས། །རྣམ་པར་ཐར་པའི་དབུ་གསུམ་ཐོབ་ན་ནི། །ཁམས་གསུམ་ཡོངས་སུ་དག་པར་མཛད་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་དག་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པའི་སྐུ་ལ་དབུ་གསུམ་གྱིས་མངའ་གསོལ་བས། ཁམས་གསུམ་དབང་དུ་སྒྱུར་ཞིང་རྣམ་པར་ཐར་པ་དབུ་གསུམ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཕྱག་ལ། ༀ་ཨཱཿཧཱུཾ་སྭཱ་ཧཱ་སྟེ་འབྲུ་ལྔའི་འཕྲོ་འདུ་ལས་བསྐྱེད་ཚུལ་གོང་ལྟར་ཞི་ཁྲོའི་ཕྱག་དྲུག་གི་གཟུགས་བརྙན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ཕྱག་གིས་མངའ༴ ཡེ་ཤེས་དྲུག་གིས་འགྲོ་བའི་དོན་མཛད་ནས། །ཁམས་གསུམ་འགྲོ་དྲུག་རྩད་ནས་གཅོད་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་ཕྱག་གིས་མངའ་གསོལ་བས། ཡེ་ཤེས་དྲུག་གི་དོན་རྟོགས་པ་བདག་དང་༴ ཛཿབཞིའི་འཕྲོ་འདུ་ལས་ཞི་ཁྲོའི་ཞབས་བཞིའི་གཟུགས་བརྙན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ཞབས་ཀྱིས༴ རྫུ་འཕྲུལ་རྐང་བཞིས་འགྲོ་དོན་མཐར་ཕྱིན་ནས། །བདུད་བཞི་མ་ལུས་ཟིལ་གྱིས་གནོན་གྱུར་ཅིག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་ཞབས་ཀྱིས་མངའ་གསོལ་བས། རྫུ་འཕྲུལ་རྐང་པ་བཞིས་བདུད་བཞི་ཟིལ་གྱིས་གནོན་པ་བདག་དང་༴ དབུ་སྐྲ་ཛཿའི་འཕྲོ་འདུ་ལས་ཞི་ཁྲོའི་དབུ་སྐྲའི་གཟུགས་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་དབུ་ལ་སྐྲ་ཡིས༴ ཁྱབ་པ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས། །ལྟ་བ་མཐར་མི་ལྟུང་དང་ལྡན་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་དབུ་སྐྲ་ལྕང་ལོ་ལ་མཐོན་མཐིང་གིས་མངའ་གསོལ་བས། ཁྱབ་བྱེད་ཐུགས་རྗེའི་ཕྲིན་ལས་དང་མཐའ་བྲལ་གྱི་ལྟ་བ་བདག་དང་༴ སྨིན་མ་ལ་རའི་འཕྲོ་འདུ་ལས་ཞི་ཁྲོའི་སྨིན་མའི་གཟུགས་བརྙན་ཐོགས་ཏེ། ལྷག་པ་གཟུགས་བརྙན་དཀྱིལ༴ བདེ་གཤེགས་སྐུ་ལ་སྨིན་མའི༴ ཐབས་ཆེན་གཡང་གཞི་མཁས་པའི་བྱིན་རླབས་ཀྱིས། །གདུལ་བྱའི་འགྲོ་བ་ཆུད་མི་གསོན་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་སྨིན་མས་མངའ་གསོལ་བས། ཐབས་མཁས་ཆེ་མང་གི་གདུལ་བྱ་འདྲེན་པ་བདག་དང་༴ སྤྱན་ལ་ཨ་ཧྲིའི་འཕྲོ་འདུ་ལས་ཞི་ཁྲོའི་སྤྱན་གྱི་གཟུགས་བརྙན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་སྤྱན་གྱིས༴ སྤྱན་ལྔ་མ་ལུས་ཡོངས་སུ་རྫོགས་ནས་ནི། །རྨོངས་པའི་རབ་རིབ་ཐམས་ཅད་དག་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་སྤྱན་གྱིས་མངའ་གསོལ་བས། ཐམས་ཅད་དུ་གསལ་ཞིང་རིག་པ་མ་འགགས་པར་མཐོང་བར་བདག་དང་༴ ལྗགས་ལ་ཨའི་འཕྲོ་འདུ་ལས་ཞི་ཁྲོའི་ལྗགས་ཀྱི་གཟུགས་བརྙན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ལྗགས་ཀྱིས༴ སྒྲ་སྐད་བསམ་གྱིས་མི་ཁྱབ་བྱེ་བྲག་གིས། །གདུལ་བྱའི་སེམས་ཅན་ཐམས་ཅད་སྨིན་གྲོལ་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་ཁྱབ་བྱེད་ལྗགས་ཀྱི་མངའ་གསོལ་བས། སྒྲའི་བྱེ་བྲག་སྣ་ཚོགས་པས་གདུལ་བྱ་ཐམས་ཅད་དུས་གཅིག་ལ་སྨིན་པར་མཛད་པ་བདག་དང་༴ ཚེམས་མཆེ་བ་ལ་ཀྵའི་འཕྲོ་འདུ་ལས་ཞི་ཁྲོའི་ཚེམས་མཆེ་བའི་གཟུགས་བརྙན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་མཆེ་བས༴ སྐྱེ་ཤི་སྡུག་བསྔལ་རྩད་ནས་གཅོད་མཛད་ཅིང་། །སྒྲིབ་པ་མ་ལུས་ཐམས་ཅད་ཟད་བྱེད་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་ཚེམས་མཆེ་བས་མངའ་གསོལ་བས། སྐྱེ་ཤི་རྩད་ནས་གཅོད་སྒྲིབ་པ་མ་ལུས་དག་པ་བདག་དང་༴ སྐུ་མདོག་ལ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ༀ་ཨཱཿཧཱུཾ་སྭཱ་ཧཱའི་འཕྲོ་འདུ་ལས་ཞི་ཁྲོ་སྐུ་མདོག་གི་གཟུགས་བརྙན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་སྐུ་མདོག་རྒྱན་གསོལ་བས། །མི་འགྱུར་ཆོས་ཉིད་སྐྱོན་གྱིས་མ་གོས་དང་། །ཆེ་བའི་ཡོན་ཏན་སྤྱོད་ཅིང་མ་འགགས་པ། །སྣ་ཚོགས་རོལ་པའི་རྒྱན་དུ་ཤར་ནས་ནི། །ཕྲིན་ལས་ལྔ་པོ་ཡོངས་སུ་རྫོགས་གྱུར་ཅིག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པའི་སྐུ་ལ་སྐུ་མདོག་གིས་མངའ་གསོལ་བས། མི་འགྱུར་བའི་ཆོས་དེ་སྐྱོན་གྱིས་མ་གོས་པར་སྤྱོད་ཅིང་། སྣ་ཚོགས་རོལ་པས་ཕྲིན་ལས་ལྔ་ཡོངས་སུ་རྫོགས་པ་བདག་དང་༴ ཕྱག་མཚན་ལ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་འཕྲོ་འདུ་ལས་ཞི་ཁྲོའི་ཕྱག་མཚན་རྣམ་པ་དྲུག་གི་གཟུགས་བརྙན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ཕྱག་མཚན་དྲུག་ཕུལ་བས། །ཡེ་ཤེས་དྲུག་གི་འགྲོ་དོན་ཡོངས་རྫོགས་ནས། །ཕྲིན་ལས་ཆེན་པོས་བསམ་པ་མཐར་ཕྱིན་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་ཕྱག་མཚན་དྲུག་གིས་མངའ་གསོལ་བས། ཡེ་ཤེས་སུ་དྲུག་རྫོགས་ཏེ་ཕྲིན་ལས་མཐར་ཕྱིན་པ་བདག་དང་༴ བཅུ་པོ་གཟུགས་བརྙན་གྱི་བྱེ་བྲག་གོ། །གཉིས་པ་མཛེས་པ་རྒྱན་ལ། དབུ་རྒྱན་ལ། ཧཱུཾ་ༀ་སྭཱཾ་ཨཱཾཿཧཱའི་འཕྲོ་འདུ་ལ་རིན་པོ་ཆེ་ལས་གྲུབ་པའི་རིགས་ལྔའི་དབུ་རྒྱན་གྱི་རྣམ་པར་གྱུར་པ་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་དབུ་རྒྱན་མངའ་གསོལ་བས། །སེམས་རྒྱུད་རྣམ་ཤེས་ཚོགས་བརྒྱད་གནས་དག་ནས། །ཡེ་ཤེས་ལྔ་ཡི་འགྲོ་དོན་མཐར་ཕྱིན་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་རིན་པོ་ཆེའི་དབུ་རྒྱན་གྱིས་མངའ་གསོལ་བས། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་ནས་ཡེ་ཤེས་ལྔ་བདག་དང་༴ ཅོད་པན་ལ། ཧཱུཾ་ཧྲིའི་འཕྲོ་འདུས་ལ་གོང་བཞིན་བསམ་ལ་ཅོད་པན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ཅོད་པན་མངའ༴ ཁམས་གསུམ་གདུག་པ་མ་ལུས་ཀུན་འདུས་ཞིང་། །སྲིད་གསུམ་ཆོས་ཀྱི་རྒྱལ་པོ་བྱེད་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་ཅོད་པན་གྱིས་མངའ་གསོལ་བས། ཁམས་གསུམ་གྱི་གདུག་པ་མ་ལུས་པ་འདྲེན་ཞིང་སྲིད་གསུམ་ཆོས་ཀྱི་རྒྱལ་པོ་བདག་དང་༴ སྙན་ཆ་མགུར་ཆུ་ལ། ཧོའི་འཕྲོ་འདུས་ལས་སྙན་ཆ་དང་མགུར་ཆུ་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་རིན་ཆེན་སྙན་ཆ་དང་། །མགུར་ཆུ་ལ་སོགས་རྒྱན་གྱིས་མངའ༴ རྫུ་འཕྲུལ་སྙན་གྱི་མ་གཡོས་གསན་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་བདེ་བར་གཤེགས་པ་ལ་རིན་ཆེན་སྙན་ཆ་མགུར་ཆུས་མངའ་གསོལ་བས། རྫུ་འཕྲུལ་གྱི་སྙན་གྱིས་རང་རིག་པ་ལས་མ་གཡོས་པ་བདག་དང་༴ དོ་ཤལ་ལ། ཏྲཾ་གི་འཕྲོ་འདུ་ལས་དོ་ཤལ་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་དོ་ཤལ་ཞལ་མངའ༴ དོན་རྣམས་ཐམས་ཅད་རིག་པར་རྟོགས་ནས་ནི། །མི་བརྗེད་གཟུངས་དང་རྟག་ཏུ་ལྡན་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་རིན་པོ་ཆེའི་དོ་ཤལ་གྱིས་མངའ༴ དོན་ཐམས་ཅད་མ་ལུས་པར་རིག་ཅིང་མི་བརྗེད་པའི་གཟུངས་བདག་དང་༴ སེ་མོ་དོ་ལ། ཏྲཾ་གི་འཕྲོ་འདུ་ལས་སེ་མོ་དོ་སྟེ་དོ་ཤལ་ཕྱེད་པ་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་སེ་མོ་དོ་ཡིས་ནི། །མངའ་གསོལ་ཕུལ་བས་མི་བརྗེད་གཟུངས་ཀྱི་སྒོ། །འབུམ་ཕྲག་རྫོགས་ནས་བརྒྱ་ཕྲག་འཕྲད་གྱུར་ཅིག །ན་མོ། །ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་སེ་མོ་དོ་ཡིས་མངའ་གསོལ་བས། གཟུངས་ཀྱི་སྒོ་འབུམ་ཕྲག་རྫོགས་ཤིང་བརྒྱ་ཕྲག་འཕྲད་པ་བདག་དང་༴ དཔུང་རྒྱན་ལ། སའི་འཕྲོ་འདུ་ལས་དཔུང་རྒྱན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་དཔུང་རྒྱན་མངའ༴ མི་འཇིགས་བཞི་ཡི་ཏིང་འཛིན་ཐོབ་ནས་ནི། །རེ་དོགས་ཀུན་གྱི་མཐའ་དང་བྲལ་གྱུར་ཅིག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་དཔུང་རྒྱན་གྱིས་མངའ་གསོལ་བས། མི་འཇིགས་པ་བཞིའི་ཏིང་ངེ་འཛིན་གྱི་རེ་དོགས་ཐམས་ཅད་ཀྱི་མཐའ་དང་བྲལ་བ་བདག་དང་༴ ཕྱག་ཞབས་ཀྱི་གདུ་བུ་ལ། སའི་འཕྲོ་འདུ་ལས་ཕྱག་ཞབས་ཀྱི་གདུ་བུ་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་གདུ་བུས་མངའ༴ ཚུལ་ཁྲིམས་རྣམ་དག་སྟོབས་བཅུ་ལྷུན་གྲུབ་ནས། །མཚན་མ་ཐམས་ཅད་ལྷུན་གྱིས་གྲུབ་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་རིན་པོ་ཆེའི་གདུ་བུས་མངའ་གསོལ་བས། ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་བཅུ་ལྷུན་གྱིས་གྲུབ་ནས། མཚན་མ་ཐམས་ཅད་ཟིལ་གྱི་གནོན་པ་བདག་དང་༴ གདན་ཁྲི་ལ། སེམས་ཅན་ཆེན་པོ་ལྔའི་གདན་ཁྲི། སུའི་སྤྲོ་བསྡུ་ལས་ཞི་བ་ལ་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་གི། ཁྲོ་བོ་ལ་ཁྱུ་མཆོག་མ་ཧེ་གཟིག་སྟག་དོམ་ལྔའི་གདན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་སེམས་ཅན་ལྔ་ཡི་ནི། །གདན་ཁྲི་བརྗིད་བག་ལྡན་པས་མངའ༴ ཆེ་བའི་ཡོན་ཏན་ལྔ་པོ་ལྷུན་གྲུབ་ནས། །ཀུན་གྱིས་བཀུར་ནས་སངས་རྒྱས་སར་འགོད་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་སེམས་ཅན་ཆེན་པོ་ལྔའི་གདན་ཁྲིས་མངའ་གསོལ་བས་ཆེ་བའི་ཡོན་ཏན་ལྔ་ལྷུན་གྱིས་གྲུབ་ནས་སངས་རྒྱས་ཀྱི་གོ་འཕང་བདག་དང་༴ ཉི་ཟླ་པདྨའི་གདན་ལ། ཨ་མ་པའི་འཕྲོ་འདུ་ལས་ཉི་ཟླའི་པདྨའི་གདན་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ཉི་ཟླ་པདྨ་ཡི། །གདན་ཁྲིས་མངའ་གསོལ་མཛད་པའི་བྱིན་རླབས་ཀྱིས། །ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་ཉི་ཟླ་པདྨའི་གདན་གྱིས་མངའ་གསོལ་བས། ཐུགས་རྗེེ་ཆེན་པོས་ཀུན་ལ་ཁྱབ་ཅིང་ཤེས་རབ་ཆེན་པོས་ལྟ་ངན་སེལ་བས་གང་ལའང་སྤྱོད་ཅིང་མ་ཆགས་པ་བདག་དང་༴ རིན་པོ་ཆེའི་ཁྲི་རྐང་ལ། ཏྲཾ་གི་འཕྲོ་འདུ་ལས་རིན་པོ་ཆེའི་ཁྲི་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་རིན་ཆེན་ཁྲི་རྐང་གི། །གདན་ཁྲིས་མངའ་གསོལ་བྱས་པའི་བྱིན་རླབས་ཀྱིས། །འགྲོ་བའི་རེ་འདོད་ཡིད་བཞིན་སྐོང་གྱུར་ཅིག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་རིན་པོ་ཆེའི་ཁྲི་རྐང་གིས་མངའ་གསོལ་བས། འགྲོ་བ་མ་ལུས་པའི་རེ་བ་ཡིད་བཞིན་དུ་སྐོང་བ་བདག་དང་༴ འོད་ཟེར་ལ། རའི་འཕྲོ་འདུ་ལས་འོད་ཟེར་སྣ་ལྔའི་རྣམ་པར་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་འོད་ཟེར་མངའ༴ བསམ་མི་ཁྱབ་ཀྱི་ཡེ་ཤེས་རང་གསལ་ནས། །སྤྲོས་པའི་མཐའ་རྣམས་ཡོངས་སུ་གསལ་གྱུར་ཅིག །ན་མོ། ཕྱོགས་བཅུ། འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་འོད་ཟེར་གྱིས་མངའ་གསོལ་བས། ཆོས་ཐམས་ཅད་བསམ་མི་ཁྱབ་ཀྱི་ཡེ་ཤེས་རང་གསལ་ཞིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་པ་རྟོགས་པ་བདག་དང་༴ སྟོད་གཡོགས་ལ། སའི་འཕྲོ་འདུ་ལས་དར་གྱི་སྟོད་གཡོགས་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ན་བཟའ་སྟོད་གཡོགས་ཀྱིས། །མངའ་གསོལ་བྱས་པས་གདུལ་བྱའི་འགྲོ་བ་ཀུན། །ཡོངས་སུ་སྨིན་ནས་ཐམས་ཅད་སྐྱོབ་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་སྟོད་གཡོགས་ཀྱི་མངའ་གསོལ་བས་གདུལ་བྱ་ཡོངས་སུ་སྐྱོབ་པ་བདག་དང་༴ ཤམ་ཐབས་ལ། སའི་འཕྲོ་འདུ་ལས་དར་གྱི་སྨད་དཀྲིས་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ཤམ་ཐབས་མངའ་གསོལ་བས། །སྤྱོད་ལམ་རྣམ་པར་དག་པའི་སྒོ་རྫོགས་ནས། །མཛད་པ་མཐར་མི་འགག་པ་ཐོབ་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་ཤམ་ཐབས་ཀྱིས་མངའ་གསོལ་བས། གདུལ་བྱ་ཡོངས་སུ་རྫོགས་པ་བདག་དང་༴ གསང་ཕོད་ལ། སའི་འཕྲོ་འདུ་ལས་གསང་ཕོད་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་གསང་ཕོད་མངའ༴ གདུལ་བྱའི་རེ་བ་ཡིད་བཞིན་སྐོང་ནས་ནི། །ཡོན་ཏན་མཛད་པ་ཅི་ཡང་འཆར་བར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་གསང་ཕོད་ཀྱིས་མངའ་གསོལ་བས། གདུལ་བྱ་མ་ལུས་པའི་རེ་བ་ཡིད་བཞིན་དུ་སྐོང་ཞིང་ཡོན་ཏན་མཛད་པ་ཅིར་ཡང་འཆར་བ་བདག་དང་༴ ཟི་ལྡིར་ལ། སའི་འཕྲོ་འདུ་ལས་སྟོད་གཡོགས་ཟི་ལྡིར་གྱི་རྡོ་རྗེའི་གོང་བ་ཐོགས་ཏེ་དབུལཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ཟི་ལྡིར་མངའ༴ སངས་རྒྱས་དགོངས་པ་མ་ལུས་ཐུགས་ཆུད་ནས། །ཐུགས་ཀྱི་མཛད་པ་མཐར་མི་འགོག་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་ཟི་ལྡིར་གྱིས་མངའ་གསོལ་བས། སངས་རྒྱས་མ་ལུས་པའི་དགོངས་པ་ཐུགས་སུ་ཆུད་ནས་ཐུགས་ཀྱི་མཛད་པ་ལ་ལོངས་སྤྱོད་པ་བདག་དང་༴ ཕྱག་རྒྱ་གར་གྱི་ཕུ་དུང་ལ། སའི་འཕྲོ་འདུ་ལས་ཞི་བའི་གར་གོས་ཐོགས་ཏེ་དབུལ་ཞིང་། ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ཕྱག་རྒྱ་གར་ཕུལ་བས། །སྣ་ཚོགས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །ཕྲིན་ལས་ཐོགས་མེད་ཀུན་ལ་སྤྱོད་པར་ཤོག །ན་མོ། ཕྱོགས་བཅུ༴ འདུས་པ་ཆེན་པོའི་ལྷ་བདེ་བར་གཤེགས་པ་ལ་ཕྱག་རྒྱ་གར་གྱིས་མངའ་གསོལ་བས། སྣ་ཚོགས་ཕྲིན་ལས་ལྷུན་གྱིས་གྲུབ་པ་བདག་དང་མཐའ༴ གསུམ་པ་ཆེ་བའི་ལོངས་སྤྱོད་ཕུན་ཚོགས་ཀྱི་མངའ་གསོལ་ལ། གདུགས་ལ། སའི་འཕྲོ་འདུ་ལས་རིན་པོ་ཆེའི་གདུགས་སུ་གྱུར་པར་བསམ་ལ་གདུགས་ཐོགས་ཏེ་དབུལ་ཞིང་། ཧཱུཾ། གཟི་བརྗིད་ཤིན་ཏུ་ཁྱད་པར་འཕགས་པ་ཡི། །བདེ་གཤེགས་སྐུ་ལ་རིན་ཆེན་གདུགས་ཕུལ་བས། །ལོག་པར་ལྟ་བ་མཐའ་དག་ཡོངས་སྤངས་ནས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ་པར་ཤོག །ན་མོ། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་གི་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་རིན་པོ་ཆེའི་གདུགས་ཀྱིས་མངའ་གསོལ་བས། ཐུགས་རྗེ་ཆེན་པོས་གདུལ་བྱ་ཡོངས་སུ་སྐྱོབ་ཅིང་ཚ་བའི་གདུང་བ་སེལ་བ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །རྒྱལ་མཚན་ལ། ཧཱུཾ་གི་སྤྲོ་བསྡུ་ལས་རྒྱལ་མཚན་ཐོགས་ཏེ་དབུལ་ཞིང་། ཧཱུཾ། གཟི་བརྗིད་ཤིན་ཏུ་ཁྱད་པར༴ བདེ་གཤེགས་སྐུ་ལ་རྒྱལ་མཚན་འདི་ཕུལ་བས། །ལོག་པར་ལྟ་བ་མཐའ་དག་ཡོངས༴ འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ༴ ན་མོ། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རྒྱལ་མཚན་གྱིས་མངའ་གསོལ་བས། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ཅིང་། མཚན་མར་ལྟ་བ་ཟིལ་གྱིས་གནོན་པ་བདག་དང་༴ བླ་བྲེ་ལ། སའི་འཕྲོ་འདུ་ལས་བླ་བྲེ་ཐོགས་ཏེ་དབུལ་ཞིང་། ཧཱུཾ། གཟི་བརྗིད་ཤིན་ཏུ་ཁྱད་པར༴ བདེ་གཤེགས་སྐུ་ལ་བླ་བྲེ་འདི༴ ལོག་པར་ལྟ་བ་མཐའ་དག་ཡོངས༴ འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ༴ ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བླ་བྲེས་མངའ་གསོལ་བས། ཆོས་ཉིད་བརྡལ་བ་ཆེན་པོ་བདག་དང་༴ ཡོལ་བ་ལ། ཧཱུཾ་གི་སྤྲོ་བསྡུས་ལས་ཡོལ་བ་ཐོགས་ཏེ་དབུལ་ཞིང་། ཧཱུཾ། གཟི་བརྗིད་ཤིན་ཏུ་ཁྱད་པར༴ བདེ་གཤེགས་སྐུ་ལ་ཡོལ་བ་འདི༴ ལོག་པར་ལྟ་བ་མཐའ་དག་ཡོངས༴ འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ༴ ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱིས་དཀྱིལ་འཁོར་ལ་ཡོལ་བས་མངའ་གསོལ་བས། སེམས་ཉིད་ཡོངས་སུ་ང་རྒྱལ་དང་བྲལ་ནས་ཐམས་ཅད་བདག་ཉིད་ཆེན་པོར་སྐྱོབ་པ་བདག་དང་༴ འཕན་ལ། ཏཾ་གྱི་སྤྲོ་བསྡུ་ལས་འཕན་ཐོགས་ཏེ་འབུལ་ཞིང་། ཧཱུཾ། གཟི་བརྗིད་ཤིན་ཏུ་ཁྱད་པར༴ བདེ་གཤེགས་སྐུ་ལ་འཕན་ཆེན་འདི༴ ལོག་པར་ལྟ་བ་མཐའ་དག་ཡོངས༴ འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ་པར༴ ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་འཕན་ཆེན་པོས་མངའ་གསོལ་བས། ཐམས་ཅད་བདག་ཉིད་ཆེན་པོར་རྟོགས་པས་ཐོགས་པ་མེད་པའི་ཤེས་རབ་བདག་དང་༴ མཎྜལ་ལ། སའི་སྤྲོ་བསྡུ་ལས་གླིང་བཞི་རི་རབ་ཀྱི་མཎྜལ་ཐོགས་ཤིང་དབུལ་ཏེ། ཧཱུཾ། འབྲས་བུ་མཐའ་ཡས་ཀུན་ལ་མངའ་བརྙེས་པས། །བདེ་གཤེགས་སྐུ་ལ་མཎྜལ་འདི༴ འཕགས་པའི་ནོར་གྱི་དབུལ་བ་ཀུན་བྲལ་ནས། །ཏིང་འཛིན་འབུམ་ཕྲག་ཡོངས་སུ་རྫོགས་པ་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གླིང་བཞིའི་མཎྜལ་རིན་པོ་ཆེས་སྤྲས་པ་ཕུལ་བས་འཕགས་པའི་ནོར་བདུན་དང་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལ་མངའ་བརྙེས་པ་བདག་དང་༴ ཡུལ་མཁར་ལ། སའི་སྤྲོ་བསྡུ་ལས་ཡུལ་མཁར་གྱི་རྣམ་པ་ཐོགས་ཏེ་དབུལ་ཞིང་། ཧཱུཾ། འབྲས་བུ་མཐའ་ཡས་ཀུན་ལ་མངའ་བརྙེས་པ། །བདེ་གཤེགས་སྐུ་ལ་ཡུལ་མཁར་འདི༴ ཡུལ་སྣང་འཛིན་པའི་འཆིང་བ་ཀུན་བྲལ་ནས། །འཕགས་པའི་ཞིང་ཁམས་རྣམ་དག་ཐོབ་པར་ཤོག །ན་མོ། ཕྱོགས་བཅུ༴ རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཡུལ་མཁར་ཕུལ་བས། གཞལ་ཡས་ཁང་ཆེན་པོ་ལ་དབང་སྒྱུར་བ་བདག་དང་༴ བྲན་ཕོ་མོ་ལ། ཧྲཱིཿའི་འཕྲོ་འདུ་ལས་བྲན་ཕོ་དང་བྲན་མོའི་གཟུགས་བརྙན་ཐོགས་ཏེ་དབུལ་ཞིང་། ཧཱུཾ། གཟི་བརྗིད་ཤིན་ཏུ་ཁྱད་པར་འཕགས་པ་ཡི། །བདེ་གཤེགས་སྐུ་ལ་ཕོ་མོའི་བྲན་ཕུལ་བས། །ལོག་པར་ལྟ་བ་མཐའ་དག་ཡོངས་སྤངས་ནས། འཁོར་རྣམས་ཡོངས་སྨིན་ཚོགས་ལ་དབང་བྱེད་ཤོག །ན་མོ། ཕྱོགས་བཅུ༴ རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བྲན་ཕོ་མོ་ཕུལ་བས། འཁོར་ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ལ་དབང་སྒྱུར་བ་བདག་དང་༴ བུ་ཕོ་མོ་ལ། ཧྲཱིཿའི་འཕྲོ་འདུ་ལས་བུ་ཕོ་དང་བུ་མོའི་གཟུགས་བརྙན་ཐོགས་ཏེ་དབུལ་ཞིང་། ཧཱུཾ། གཟི་བརྗིད་ཤིན་ཏུ་ཁྱད་པར༴ བདེ་གཤེགས་སྐུ་ལ་ལྕམ་སྲིང་འདི༴ ལོག་པར་ལྟ་བ་མཐའ་དག་ཡོངས༴ སྤྲུལ་པའི་གདུལ་བྱ་དོན་ལ་དབང་བྱེད་ཤོག །ན་མོ། ཕྱོགས་བཅུ༴ རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བུ་དང་བུ་མོ་ཕུལ་བས། ཐབས་ལ་མཁས་པའི་སྤྲུལ་པ་མང་པོས་གདུལ་བྱ་ཁ་ལོ་བསྒྱུར་བ་བདག་དང་༴ གཟུངས་མ་ལ། ཧྲཱིཿའི་འཕྲོ་འདུ་ལས་གཟུངས་མའི་སྣང་བརྙན་ཐོགས་ཏེ་དབུལ་ཞིང་། ཧཱུཾ། གཟི་བརྗིད་ཤིན་ཏུ་ཁྱད་པར༴ བདེ་གཤེགས་སྐུ་ལ་གཟུངས་མ་འདི༴ ལོག་པར་ལྟ་བ་མཐའ་དག་ཡོངས༴ གསང་སྤྱོད་ཡོངས་སུ་དག་པ་ཐོབ་པར་ཤོག །ན་མོ། ཕྱོགས་བཅུ༴ རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རིག་མ་ཕུལ་བས་གང་སྤྱོད་ཡོངས་སུ་དག་པ་སྙོམས་པ ར་འཇུག་པ་བདག་དང་༴ བཞི་པ་མཉེས་མཆོད་ཕུལ་བར་མངའ་གསོལ་བ་ལ་གསུམ་ལས། མ་སྐྱེས་རྡོ་རྗེ་དང་། བདག་མེད་ཕྱོགས་བྲལ་ཀྱིས་ནང་གི་ཕྱག་འཚལ། ཞེས་གསུངས་པའི་ཞི་ཕྱག་རིན་ཆེན་དྲྭ་བ་ལས་བྱུང་བ་འདི་ལྟར། ཧཱུཾ། མ་སྐྱེས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེ་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ༴ དམིགས་མེད་ཆོས་ཀྱི་སྐུ་ལ༴ ལོངས་སྤྱོད་རྫོགས་པའི་སྐུ་ལ༴ ཅིར་ཡང་སྤྲུལ་པའི་སྐུ་ལ༴ ཁམས་གསུམ་ཞིང་དུ་སྦྱོར་ལ༴ མཛེས་པའི་སྐུ་མཆོག་སེམས་ཅན་སྒྲོལ་ལ་མཁས། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །ཤེས་རབ་ཐབས་ཀྱི་གཙོ་ལ་མཉེས་མཛད་མ། །རིགས་ཀྱི་ཡུམ་ཆེན་ལྔ་ལ༴ ཐབས་མཁས་ཐུགས་རྗེ་ཡེ་ཤེས་སྤྲུལ་པ་ཡི། །རང་རྒྱུད་རྣལ་འབྱོར་དག་པས་གྲུབ་པ་བརྙེས། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །སེམས་དཔའ་སེམས་མ་རྣམས་ལ༴ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པའི། །རྟོགས་པར་བྱ་བའི་ཡུལ་ནི་ཆོས་བཟང་མོ། །དེ་ཉིད་དོན་རིག་བྱེད་པ་རྡོ་རྗེ་ཡིད། །ཀུན་བཟང་ཡབ་ཡུམ་གཉིས་ལ༴ རྫོགས་པ་ཆེན་པོའི་ངང་ལས་མ་གཡོས་ཀྱང་། །རྟོག་པས་རྒྱུད་དྲུག་སོ་སོར་འཁོར་བ་ལས། །ཐབས་མཁས་ཐུགས་རྗེ་ཅིས་འདུལ་དེར་སྟོན་པའི། །ཐུབ་པ་ཆེན་པོ་དྲུག་ལ༴ བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱིས། །ཉོན་མོངས་ལོག་པར་ལྟ་བའི་དགྲ་རྣམས་འཇོམས། །གཤིན་རྗེ་གཤེད་པོ་ལ་སོགས་ཁྲོ་རྒྱལ་བཞི། །སྒོ་བ་ཡབ་ཡུམ་རྣམས་ལ༴ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཁྲོ་ཕྱག་དམ་པ་རྒྱན་ལས་འབྱུང་བ་འདི་ལྟར། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ཕྱག་འཚལ་ལོ། །སྲིད་གསུམ་འཇོམས་པའི་ལྷ་ལ༴ མཉམ་ཉིད་ངང་གིས་ཁྲོ་ལ༴ ཁྲོ་བོ་ལོངས་སྤྱོད་མཛད་ལ༴ རྡོ་རྗེ་འདུ་འཕྲོ་ཁྲོ་ལ༴ མི་གནས་མི་དམིགས་ཆོས་སྐུར་དག་པ་ལ། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྟོན་པ། །ཐུགས་རྗེ་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །བཅོམ་ལྡན་ཁྲོ་རྒྱལ་སྐུ་ལ༴ ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་ནས། །ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ༴ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་རྒུར་བསྒྱུར་བའི་གཟུགས་ཅན་འཕྲུལ་པོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ༴ ཨ་ཏི་པུ་ཧོཿ པྲ་ཏཱིཙྩ་ཧོཿ བྱེ་བྲག་གི་ཕྱག་འཚལ་བ་ནི། རྩ་བར། ཆོས་སྐུ་མུ་མཐའ་དཔག་མེད་རིགས། །ཐབས་མཁས་ཕྱག་རྒྱ་རྒྱུ་འབྲས་རྫོགས། །རང་བྱུང་རོལ་པ་རང་སྣང་བའི། །རང་བཞིན་སྐུ་ལ་ཕྱག་འཚལ་ལོ། །ཧཱུཾ། ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་ཕྱག་གི་མཆོད་འབུལ་བས། །ལྷ་དང་བདག་ཉིད་གཉིས་སུ་མེད་པ་ཡི། །དོན་ལ་འབྱམས་པའི་འབྲས་བུ་ཐོབ་པར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གུས་པའི་ཕྱག་ཕུལ་བས། དཀྱིལ་འཁོར་གྱི་ལྷ་དང་གཉིས་མེད་དུ་མཇལ་བ་བདག་དང་༴ ཕྱག་རྒྱ་ལ། ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི། ཧཱུཾ་ཧཱུཾ་ཏྲཾ་ཏྲཾ། ཧཱུཾ་ཨཱ་ༀ། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ། བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷི་ཤྭ་རཱི། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། འདི་ནི་རྒྱལ་བ་དང་། ཞེས་གསུངས་པ། འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར། །ཕྱག་རྒྱའི་མཆོད་པ་དམ་པ་ཡིན། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཧཱུཾ། ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་ཕྱག་རྒྱའི་གར་ཕུལ་བས། །མི་འདའ་དམ་ཚིག་ཕྲིན་ལས་རོལ་པ་ཡིས། །ཕྱག་རྒྱ་བཞི་དོན་ཡོངས་སུ་མི་འདའ་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་ལ་ཕྱག་རྒྱའི་མཆོད་པ་ཕུལ་བས། མི་འདའ་བའི་དམ་ཚིག་གི་སྒོ་ནས་ཕྱག་རྒྱ་བདག་དང་༴ སྣང་སྲིད་ཀུན་བཟང་དང་ཞེས་གསུངས་པ། ཧཱུཾ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མ ཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ནམ་མཁའ་མཛོད་དང་། ཞེས་གསུངས་པ། ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། རྩ་བར། ཧཱུཾ། ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །རྒྱལ་ལ་སྣང་སྲིད་མཆོད་པར་ཕུལ་བ་ཡིས། །སྤྱོད་ཡུལ་ཡོངས་དག་ལྷ་དང་དབྱེར་མེད་པ། །དོན་རྟོགས་ཀུན་ནས་ཀུན་བཟང་ཐོབ་པར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་སྤྱོད་ཡུལ་ཡོངས་སུ་དག་པ་སྣང་སྲིད་ཀྱི་མཆོད་པ་ཕུལ་བས། དཀྱིལ་འཁོར་ཀུན་ཏུ་དབྱེར་མེད་ཀུན་ཏུ་བཟང་པོ་བདག་དང་༴ ཡང་དག་དོན་དུ་དང་། ཨཱ་ཧ་ར་དང་། ཞེས་གསུངས་པའི་དོན། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཟུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བི་དྱཱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། རྩ་བར། ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །རང་བཞིན་སྤྲོས་བྲལ་ཆོས་སུ་རྣམ་དག་ཀྱང་། །སྲི་ཞུ་གུས་པས་ཨརྒྷ་འདི་ཕུལ་བས། །ཕྱི་ནང་བྱང་ཆུབ་སེམས་སུ་རྣམ་དག་ཅིང་། །བསོད་ནམས་མི་ཟད་གཏེར་གྱི་ཕུལ་གྱུར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ལ་ཨརྒྷའི་མཆོད་པ་ཕུལ་བས། སྤྱོད་ལམ་གྱི་སྒོ་ཡོངས་སུ་དག་ནས་བསོད་ནམས་མི་ཟད་པའི་གཏེར་བདག་དང་༴ དཀྱིལ་འཁོར་ཤར་གྱི་རབ་གནས་ཀྱི་མཆོད་པའི་ཡོ་བྱད་སྤོས་དང་མར་མེ་སོགས་སྤར་ལ། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། རྩ་བར། མཆོག་ཏུ་རྣམ་པར་དག་པའི་སྐུ་མངའ་བའི། །བདེ་གཤེགས་སྐུ་ལ་བདུག་སྤོས་འདི༴ དམ་ཚིག་སྡོམ་པའི་ཉེས་པ་ཀུན་བྲལ་ནས། །ཡེ་ཤེས་ཐུགས་རྗེས་མ་ལུས་འཛིན་པར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སྤོས་ཕུལ་བས། ཐེག་པ་སོ་སོའི་དམ་ཚིག་སྡོམ་པའི་ཉེས་ལྟུང་ལས་གྲོལ་ཏེ་ཐུགས་རྗེ་ངང་གིས་ཕྱོགས་བཅུར་འགྲོ་བ་ལ་འཛིན་པ་བདག་དང་༴ ༀ་པ་ན་པེཾ༴ ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། རྩ་བར། ཡོན་ཏན་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། །རིན་ཆེན་མཛེས་པའི་མེ་ཏོག་འདི༴ ལོག་ལྟའི་ཉོན་མོངས་ཐ་བ་ཀུན་བྲལ་ནས། །ལྟ་བས་མི་ངོམ་མཆོག་གི་སྐུ་ཐོབ་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མེ་ཏོག་ཕུལ་བས། ལོག་ལྟ་ཉོན་མོངས་ཀྱི་ཐབས་བྲལ་ཏེ། བསོད་ནམས་ཡེ་ཤེས་ཀྱི་སྐུ་བདག་དང་༴ ༀ་པ་ན་པེཾ༴ ཤྲཱི་བཛྲ་རཱ་ག་ཨཱ་ལོ་གེ་ཧྲཱིཿ རྩ་བར། ཐམས་ཅད་མཁྱེན་པའི་སྐུ་གཟུགས་སངས་རྒྱས་ལ། །མུན་པ་སེལ་བྱེད་མར་མེ་འདི༴ མ་རིག་འཐིབས་པོའི་མུན་པ་ཀུན་བྲལ་ནས། །སྤྱན་ལྔ་ཡོངས་སུ་དག་པ་ཐོབ་པར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མར་མེ་ཕུལ་བས། ལྷན་ཅིག་སྐྱེས་པའི་མ་རིག་པའི་མུན་པ་རབ་ཏུ་བསལ་ཏེ། སངས་རྒྱས་ཀྱི་སྤྱན་ལྔ་བདག་དང་༴ ༀ་པ་ན་པེཾ༴ ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། རྩ་བར། སྙིགས་མ་ལྔ་ཉིད་འབྲས་བུ་ཡོངས་རྫོགས་པའི། །བདེ་གཤེགས་སྐུ་ལ་དྲི་ཆབ་འདི༴ ཉོན་མོངས་གདུང་བའི་ཟུག་རྔུ་ཀུན་བྲལ་ཏེ། །འོད་ཟེར་མཐའ་ཡས་འགྱེད་པའི་སྐུ་ཐོབ་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དྲི་ཆབ་ཕུལ་བས། ཉོན་མོངས་པའི་ཟུག་རྔུ་ཞི་ནས་འོད་ཟེར་མཐའ་ཡས་འགྱེད་པའི་སྐུ་བདག་དང་༴ རྩ་བར། ནང་གི་ཞི་ཁྲོའི་སྔགས་ཚང་བ་དང་། ཞེས་གསུངས་པའི་དོན། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཿ ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི། ༀ་ཛཱི་ན་ཛིཀ྄ །ལཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི། ཨཱཾཿཨ་རོ་ལིཀ྄ །པྱཱཾ་ར་ག་ཏི། ཧཱ་པྲཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ར་ཏི། ཀྵིཾ་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ཏྲཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལྱེ་ས་མ་ཡ་ཧོཿ ཧྲཱིཿཧ་ཧཱུཾ་པདྨ་པ་ད་མ། ཧྲཱིཿགཱི་ཏི་ར་ཧོ་ཧཾ། ཛྲིཾ་ཀུ་རུ་པནྣ་ཧྲཱིཿ ཨ་ནཱིརྟྱ་རཱ་ག་ཡ་མི། མཻ་དྷ་ར་ཎི་སྭཱ་ཧཱ། ཛཿདྷུ་པེ་པྲ་བེ་ཤ །ཐླྷིཾ་ནིསྶ་རཾ་བ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་ཁི་ནཱི། མུཾ་ཤྲཱི་ཨ་རཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ༀ་མུ་ནེ་པྲཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཧཱུཾ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཧཱུཾ་པདྨཱནྟ་ཀྲིཏ་ཕཊ། ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རཏྣ་ཤྲཱི་ཧེ་ཀུར་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རཀྵ་ཤྲཱི་ཧེ་རུ་ཀ་ཧཱུཾ་རཀྵ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་ས་ནུ་ཤྲཱི་ཧེ་རུ་ཀ་ཧཱུཾ་ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ་ཧཱུཾ་གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་ཡཀྴ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཡཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ། བཛྲ་ཀ་རཱི་ཧ། བཛྲ་ཙ་རཱི་ཧ། བཛྲ་པྲ་མོ་ཧཱེ་ཧཱ། བཛྲ་བེཏྟ་ལི་ཧ། བཛྲ་པུཀྐ་སི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨེ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། བཛྲ་སིངྷ་མུ་ཁཱ་ཧེ། བཛྲ་བྱཱ་གྷྲྀ་མུ་ཁཱ་ཧེ། བཛྲ་སྲིངྒ་ལ་མུ་ཁཱ་ཧེ། བཛྲ་ཤྭ་ན་མུ་ཁཱ་ཧེ། བཛྲ་གྲྀ་ཌྷ་མུ་ཧེ། བཛྲ་ཀངྐ་མུ་ཁཱ་ཧེ། བཛྲ་ཀཱ་ཀ་མུ་ཁཱ་ཧེ། བཛྲ་ཨུ་ལུ་ཀ་མུ་ཁཱ་ཧེ། བཛྲ་ཨརྱ་ཏེ་ཛཿཏེ་ང་ཛཿ བཛྲ་ཨ་མུ་ཁཱ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷསྨི་བ་ལ་ཡ་བ་ཏོ་ཧོཿ བཛྲ་ཨ་པྲ་ཏི་ཧ་ཨཱརྱ་ནི་ཙ་ཏུ་ར་ཏ་ར་ཕཊ། ཨ་རགྨོ་ཧཱུཾ། ༀ་ཤྲཱི་བཛྲ་མུདྒ་ར་མུ་ཁ་ཤྭ་ར་ཡ་ན་མཿ ཨ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡཱ་ན་མཿ ༀ་ཤྲཱི་བཛྲ་ཁ་ཊྭཾ་ག་པྲ་ཛྭ་ལ་ཡ་ཡཱ་ན་མཿ ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡཱ་ན་མཿ མ་ནུ་རཀྴ་སཱི་བྷྱོ། བྲ་ཧྨ་ནི་བྷྱོ། ར་ཏྲི་མ་བྷྱོ། བེཥྞ་བེ་བྷྱོཿ ཀུ་མཱ་རཱི་བྷྱོ། ཨིནྡྲ་མ་བྷྱོ། བཛྲ་བིདྒ་ལཾ་བྷྱོ། ཨ་མྲྀ་ཏ་བྷྱོ། ས་མྱ་མ་བྷྱོ། དྷ་ན་དཾ་བྷྱོ། རཀྴ་སཱི་བྷྱོ། བཀྴ་སཱི་བྷྱོ། བཛྲ་ར་ཏི་ཏཾ་བྷྱོ། བཛྲ་རུ་དྷི་ར་མཏྟཱ་བྷྱོ། བཛྲ་ཨེ་ཀ་ཙ་ར་མ་བྷྱོ། མ་ནོ་ཧ་རཾ་བྷྱོ། བཛྲ་སིདྡྷ་ཀཾ་བྷྱོ། བཛྲ་བ་ཡ་བེ་བྷྱོ། བཛྲ་མ་ཧཱ་མཱ་ར་ན་བྷྱོ། བཛྲ་ཨགྣེ་ཡེ་བྷྱོ། བཛྲ་བཱ་ར་ཧི་བྷྱོ། བཛྲ་ཙ་མུཎྜི་བྷྱོ། བཛྲ་སུ་ཏ་ནཾ་བྷྱོ། བཛྲ་ཝ་རུ་ཎི་བྷྱོ། མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀ་ལི་བྷྱོ། བཛྲ་བུཾ་པ་ཀ་ལ་མ་བྷྱོ། བཛྲ་ལཾ་བོ་དྷ་ར་བྷྱོ། ༀ་ཨེ་ཨཱ་ར་ལི་ཧཱུཾ། མ་མ་དྷ་ཏུ་ཧཱུཾ྄། གིངྒ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཀྲོ་དྷ་ཀྲོ་དྷི་ཧཱུཾ། བྷ་ན་བྷ་ན་ཨངྐུ་ཤ་ཛཿ ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། གརྫ་གརྫ་སྥོ་ཊ་བཾ། པ་ཙ་པ་ཙ་གྷཎྜེ་ཧོཿ མ་མ་ཤྭ་ར་ཧཱུཾ། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུཾ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྩ་བར། ཡེ་ཤེས་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི། །རྒྱལ་བའི་སྐུ་ལ་བདུད་རྩི་ལྔ་ཕུལ་བས། །དུག་ལྔ་གདོད་ནས་ཡེ་ཤེས་ལྔ་དག་པའི། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ན་མོ། ཕྱོོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བདུད་རྩི་སྨན་གྱི་མཆོད་པ་ཕུལ་བས། དུག་ལྔ་མ་སྤངས་ཡེ་ཤེས་ལྔར་དག་ནས་སྐུ་ལྔ་བདག་དང་༴ ༀ་ཨཱཿཧཱུཾ་གི་འཕྲོ་འདུ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོར་བསམ་ལ། ༀ་ཨཱཿཧཱུཾ། སུ་ར་ཧ། ཨུ་པ་བྷྱོཿ ཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། བར་འདིར་སྔར་བཞིན་ཞི་ཁྲོའི་མཚན་སྔགས་མཐར། མ་ཧཱ་ཱབ་ལིནྟ་ཁ་རཾ་ཁཱ་ཧི། ཞེས་བཏགས་ལ་དབུལ་ཏེ། རྩ་བར། ཧཱུཾ། ཆོས་རྣམས་ལོངས་སྤྱོད་ཡོངས་སུ་དག་པ་ཡིས། །བདེ་གཤེགས་སྐུ་ལ་གཏོར་མ་འདི་ཕུལ་བས། །རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། །གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་ལ་གཏོར་མ་ཕུལ་བས། དངོས་པོ་རྫས་ཀྱི་གདུང་བ་ཡེ་ཤེས་སུ་གྲོལ་ནས། དམ་རྫས་གསང་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་བདག་དང་༴ ནང་གི་ཏིང་ངེ་འཛིན་དང་། ཞེས་གསུངས་པ། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་ཚོགས་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཨ་ལ་ལ་སྟེ་མཆོད་པར་འབུལ། །རྩ་བར། བདེ་གཤེགས་སྐུ་ལ་ཏིང་འཛིན་མཆོད་ཕུལ་བས། །ཕྱི་ནང་གསང་དོན་མ་ལུས་ཀུན་རྫོགས་ཏེ། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ནས། །འབྲས་བུ་མཐའ་ཡས་ཀུན་ལ་ལོངས་སྤྱོད་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ཕུལ་བས། རྒྱལ་བའི་སྐུ་གསུང་ཐུགས་མཉེས་པ་བདག་དང་༴ བསྒྲལ་མཆོད་ནི། ༀ། རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཡེ་ཤེས་མེ་ཆེན་བསྒོམ་བྱ་སྟེ། །ཐམས་ཅད་མ་ལུས་བསྲེག་པར་བྱ། །སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །རྩ་བར། ཡེ་ཤེས་སྤྱོད་ཡུལ་ཡོངས་སུ་དག་པ་ཡི། །བདེ་གཤེགས་སྐུ་ལ་ཏ་ན་འདི་ཕུལ་བས། །ཁམས་གསུམ་དུག་གསུམ་རྩད་ནས་བཅད་གྱུར་ཏེ། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཐོབ་པར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སྒྲོལ་བའི་མཆོད་པ་ཕུལ་བས། དུག་གསུམ་རྩད་ནས་ཆོད་ཅིང་སྐུ་གསུམ་ལྷུན་གྲུབ་བདག་དང་༴ སྦྱོར་མཆོད་ནི། ཐབས་དང་ཤེས་རབ་གཉིས་མེད་པར། །པདྨོ་ལ་ནི་རྡོ་རྗེ་ཞུགས། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱའོ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧཾ། ཛཿཧཱུཾ་བཾ་ཧོཿ ཧཱུཾ་ཧཱུཾ་ཧཱུཾ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རྩ་བར། ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ཡི། །བདེ་གཤེགས་སྐུ་ལ་ག་ན་འདི་ཕུལ་བས། །སྣོད་བཅུད་བྱང་ཆུབ་སེམས་སུ་རྣམ་དག་སྟེ། །མཐའ་ཡས་སྙོམས་པར་འཇུག་པ་ཐོབ་པར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ལ་སྦྱོར་བའི་མཆོད་པ་ཕུལ་བས། ཐབས་ཤེས་ཀྱི་སྤྱོད་པས་སྣོད་བཅུད་ཐེག་པ་ཆེན་པོའི་དབྱིངས་སུ་དག་སྟེ། བསམ་ཡས་ལྷུན་གྱིས་གྲུབ་ཏིང་ངེ་འཛིན་བདག་དང་༴ དཀྱིིལ་འཁོར་གྱི་ལྷོར་རྒྱས་པའི་སྦྱིན་སྲེག་གི་དོད་དུ་བཟའ་བཏུང་སྣ་ཚོགས་བཤམ་པ་རྣམས་ལ་དམིགས་ཏེ། བཟའ་དང་བཏུང་དང་བཅའ་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ནི་ཆོས་ཉིད་རོལ། །ཨ་ལ་ལ་ཧོཿ རྩ་བར། བདག་དང་མཐའ་ཡས་འབྲལ་བ་མེད་པ་ཡི། །རྒྱལ་བའི་སྐུ་ལ་འདོད་ཡོན་ལྔ་ཕུལ་བས། །མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོའི་དོན་རྣམས་རྫོོགས་པ་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འདོད་ཡོན་གྱི་མཆོད་པ་ཕུལ་བས། མཐར་འཛིན་གྱི་ཞེན་པ་ཐམས་ཅད་བྲལ་ནས་བདེ་བ་ཆེན་པོ་བདག་དང་༴ རཀྟ་དབུལ་བ་ནི། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་པར་ནི་བསྣམས་སུ་གསོལ། །ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་བ་དང་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་ཟ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བར་ཆགས་པ་ཡི། །དམར་ཆེན་པོ་ཡི་ཨརྒྷཾ་ལ། །དམར་གྱི་དེ་ནི་རྒྱ་མཚོར་བསྐྱིལ། །འཁོར་གྱི་མཁའ་འགྲོ་རྣམས་དང་རོལ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་ས་མ་ཡ། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། རྩ་བར། ཧཱུཾ། འཁོར་བའི་རྩ་བ་འདོད་ཆགས་ཞེ་སྡང་དང་། །གཏི་མུག་མ་སྤངས་རང་སར་གྲོལ་བ་ཡི། །ཁམས་གསུམ་བག་ཆགས་གཏིང་ནས་ཟད་གྱུར་ཏེ། །སྤྲུལ་པའི་སྐུ་ཡིས་འགྲོ་བ་སྒྲོལ་བར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རཀྟ་ཚར་གསུམ་ཕུལ་བས། རྒྱལ་བའི་ཐུགས་རྗེས་ཁམས་གསུམ་གྱི་དུག་ཐམས་ཅད་མ་སྤངས་པར་རང་སར་གྲོལ་བ་བདག་དང་༴ ཞི་བའི་གླུ་ཡེ་ཤེས་དང་། ཁྲོ་བོའི་སྒེག་པ་དཔའ་བ་དང་། ཞེས་གསུངས་པ། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་དང་། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །ཞེས་སོགས་ཀྱིས་བསྟོད་ལ། རྩ་བར། རང་བཞིན་རྣམ་དག་བདེ་གཤེགས་སྐུ་གཟུགས་ལ། །གླུ་དབྱངས་སྙན་པའི་མཆོད་པ་འདི་ཕུལ་བས། །ཆོས་རྣམས་སྐྱེ་འགག་མེད་པའི་ངོ་བོ་ལ། །འགྲོ་བ་ཀུན་གྱི་སྤྱོད་ཡུལ་ཐོབ་པར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་བ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གླུའི་མཆོད་པ་ཕུལ་བས། ཡོན་ཏན་གྱིས་མངོན་པར་མཐོ་བས་ཀུན་གྱིས་བཀུར་བའི་གནས་སུ་གྱུར་པ་བདག་དང་༴ སྐུ་མཆོག་ཕྱག་རྒྱ་ཆེན་པོར་གསལ་བ་དང་། །གསུང་མཆོག་སྔགས་ཀྱི་རང་སྒྲར་གསལ་བ་དང་། །ཐུགས་མཆོག་ཆོས་ཉིད་ངང་དུ་གསལ་བ་ཡི། །ཡོན་ཏན་རིན་ཆེན་བདག་གཞན་རེ་འདོད་སྐོང་། །ཕྲིན་ལས་རྣམ་ལྔས་དུག་ལྔ་རང་སར་གྲོལ། །ལྷག་པའི་འབྲས་བུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་ལ་བསྟོད་པའི་མཆོད་པ་ཕུལ་བས། ཆེ་བའི་ཡོན་ཏན་མཐའ་དག་ཐོབ་ནས་འགྲོ་བའི་བཀུར་གནས་བདག་དང་༴ ཕྱག་རྒྱ་གར་མཆོད་ནི། ཧཱུཾ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་བསྒྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བའི། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །རྩ་བར། ན་མོ་ཧཱུཾ། རང་བཞིན་རྣམ་དག་རྒྱལ་བའི་སྐུ་གཟུགས་ལ། །ཕྱག་རྒྱ་གར་གྱི་མཆོད་པ་འདི་ཕུལ་བས། །བསྒུལ་བསྐྱོད་རོལ་པ་ཆེན་པོའི་ཕྲིན་ལས་ཀྱིས། །རྫུ་འཕྲུལ་ཐབས་ཀྱིས་འགྲོ་བའི་དོན་བྱེད་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་ལ་གར་ཡེ་ཤེས་ཀྱི་མཆོད་པ་ཕུལ་བས། ཐབས་མཁས་རྫུ་འཕྲུལ་གྱི་རྫས་ཐམས་ཅད་ལྷུན་གྱིས་གྲུབ་པ་བདག་དང་༴ རོལ་མོའི་མཆོད་པ་འབུལ་བ་ནི། རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བའི། །བཅོམ་ལྡན་བདེ་གཤེགས་ཡེ་ཤེས་དཀྱིལ་འཁོར་དབྱིངས། །ཁྲོ་བོའི་ཚོགས་ཆེན་མ་ལུས་ཐམས་ཅད་དང་། །དུས་གསུམ་བདེ་བར་གཤེགས་པ་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་དང་བཅས། །ཕྱག་བརྙན་གཏུམ་ཆེན་རྔམ་པའི་ཚོགས་ལ་སོགས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས། །རྣལ་འབྱོར་དམ་ཚིག་བདག་ཅག་རྣམས་ཀྱིས་འཚལ། །དགྱེས་པའི་དུས་ཀྱི་མཆོད་པར་སྦྱར་བའི་འདི། །བཞེས་ཏེ་ཨ་ལ་ལ་སྟེ་དགྱེས་པར་མཛོད། །ༀ་བཛྲ་ཨེ་ས་ཧཱུཾ། པེ་ས་ཧཱུཾ། ས་མ་ཡ་བཀྵ་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ བཛྲ་པྲ་ཏཱིཙྪ་ཧོཿ རྩ་བར། ན་མོ་ཧཱུཾ། ཡེ་ཤེས་སྤྱོད་ཡུལ་ཡོངས་སུ་དག་པ་ཡི། །བདེ་གཤེགས་སྐུ་ལ་རོལ་མོའི་སྒྲ་ཕུལ་བས། །བདག་དང་འགྲོ་བ་སེམས་ཅན་མ་ལུས་ཀུན། །སྐྱེ་འགག་མེད་པའི་དོན་དང་འཕྲད་པར་ཤོག །ན་མོ། ཕྱོགས་བཅུ༴ རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་ལ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ཕུལ་བས། སྒྲའི་བྱེ་བྲག་སྣ་ཚོགས་དོན་མཐུན་དུ་བརྡ་འཕྲོད་ཅིང་སྐྱེ་འགག་མེད་པར་བདག་དང་༴ ཞི་ཁྲོ་ལ་ཚོགས་མཆོད་སོ་སོར་དབུལ། ཞེས་གསུངས་པའི་དོན་ནི། དཀྱིལ་འཁོར་གྱི་བྱང་དུ་བཤམས་པའི་ཚོགས་ཀྱི་འཁོར་ལོ་རྣམས་ཆ་གཉིས་སུ་ཕྱེ་སྟེ་ཐོག་མར་ཞི་བའི་ཚོགས་ཀྱི་འཁོར་ལོ་བསང་སྦྱང་བྱིན་གྱིས་རློབ་པ་ནས། ཚོགས་ཐོག་མཐའ་བར་གསུམ་ཚང་བར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་དམིགས་ཏེ་བྱ། དེ་རྗེས་ཁྲོ་བོའི་ཚོགས་འཁོར་བསང་སྦྱང་བྱིན་གྱིས་བརླབ་པ་ནས་བཟུང་། ཐོག་མཐའ་བར་གསུམ་ཚོགས་ལ་རོལ་པའི་བར་བྱས་ལ། རྩ་བར། ན་མོ་ཧཱུཾ། ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ཡི། །བདེ་གཤེགས་སྐུ་ལ་ཚོགས་མཆོད་འདི་ཕུལ་བས། །རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། །གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །ན་མོ། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་གིས་རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་ཕུལ་བས་ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་པའི་དོན་བདག་དང་༴ དེ་ནས་བསྟོད་པ་ནི། ཨེ་མ་ཧོཿ མི་འཇིགས་ཁྲི་ལ་མཐིང་ཁ་རྡོ་རྗེ་བསྣམས། །ཞེ་སྡང་རྣམ་དག་རྒྱལ་བ་བཛྲ་དྷྲྀཀ྄ །སྟོང་ཉིད་ཡེ་ཤེས་མཐར་ཕྱིན་ཆོས་ཀྱི་སྐུ། །མངོན་སྤྱོད་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད། །སྟོབས་ལྡན་ཁྲི་ལ་དུང་མདོག་འཁོར་ལོ་བསྣམས། །གཏི་མུག་རྣམ་དག་རྒྱལ་བ་ཛཱི་ན་ཛིཀ྄ །ཆོས་དབྱིངས་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ། །ཐུགས་རྗེ་ཞི་བའི་དཔལ་ལ༴ རྫུ་འཕྲུལ་ཁྲི་ལ་གསེར་མདོག་ནོར་བུ་བསྣམས། །ང་རྒྱལ་རྣམ་དག་རྒྱལ་བ་རཏྣ་དྷྲྀཀ྄ །མཉམ་ཉིད་ཡེ་ཤེས་མཐར་ཕྱིན་རྡོ་རྗེའི་སྐུ། །ཡོན་ཏན་རྒྱས་པའི་དཔལ་ལ༴ མདངས་ལྡན་ཁྲི་ལ་ལེ་བརྒན་པདྨ་བསྣམས། །འདོད་ཆགས་རྣམ་དག་རྒྱལ་བ་ཨཱ་རོ་ལིཀ྄ །སོར་རྟོག་ཡེ་ཤེས་མཐར་ཕྱིན་བྱང་ཆུབ་སྐུ། །དབང་སྒྱུར་ཐུགས་རྗེའི་དཔལ་ལ༴ ཐོགས་མེད་ཁྲི་ལ་ལྗང་གུ་རྒྱ་གྲམ་བསྣམས། །ཕྲག་དོག་རྣམ་དག་རྒྱལ་བ་པྲཛྙཱ་དྷྲྀཀ྄ །ནན་ཏན་ཡེ་ཤེས་མཐར་ཕྱིན་སྤྲུལ་པའི་སྐུ། །ལས་རབ་གྲུབ་པའི་དཔལ་ལ༴ དེ་ནས་ཀུན་གྱི་ཕྱག་ཏུ་མེ་ཏོག་ཐོགས་ཏེ་བསྐོར་བ་བྱེད་ཅིང་། དུས་ཀྱི་འཁྲུག་པ་ཞི་བར་གྱུར་ཅིག །མཚོན་གྱི་བསྐལ་པ་ཞི་བར༴ མི་ནད་ཕྱུགས་ནད་རྒྱུན་ཆད་པར༴ ཆར་ཆུ་དུས་སུ་འབབ་པར༴ ལོ་ཕྱུགས་རྟག་ཏུ་ལེགས་པར༴ སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར༴ བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག་བྱའོ། །དེ་དག་ནི་རབ་གནས་ཀྱི་ཆོ་ག་བསྙེན་སྒྲུབ་བཞི་ལས་ཉེ་བསྙེན་ཞག་དྲུག་པ་ཡན་ཆད་ཀྱི་ཆོ་གའོ། །ཞེས་གསུངས་ཀྱང་ཞག་གྲངས་སྐབས་དང་བསྟུན་པས་ཆོག་གོ། ༈ །རྩ་བར། སྤྱི་དོན་གསུམ་པ་དཀྱིལ་འཁོར་སྒྲུབ་ཞག་གི་ཆོ་ག་ལ། བདུན་པ། བརྒྱད་པ། དགུ་པའི་ཁྲིགས་བསྟན་ཏེ། དགོང་མོ་ཆ་གསུམ་བཏང་། ཐོ་གསོ། ཞལ་ཟས་རོལ་མོ་རྩ་བ་དང་ཡན་ལག་གི་མཆོད་པ་སོ་མ་བཤམ། ཚུལ་ཕྱག་བྱ། དེ་ནས། གདོད་ནས་མ་སྐྱེས་དང་། སྲིད་པ་ཕྱི་ནང་སྣོད་བཅུད་ཅེས་སྲུང་བའི་འཁོར་ལོས་མཚམས་བཅད། སྟེང་འོག་ཕྱོགས་མཚམས་ཀྱིས་གསལ་གདབ། བཤགས་པ་བྱས་ལ། སྒྲིབ་པ་རྣམ་གཉིས་ཀྱིས་གསལ་བཏབ། དམ་བཅའ། བྱིན་དབབ། རྫས་བྱིན་གྱིས་བརླབས་ལ། མཐུ་དང་བྲལ་ཅེས་པས་གསལ་གདབ། མ་ཏྲཾ་མནན་ཞིང་གསང་མཚམས་བཅད། ཁྲོ་བོ་བཅུའི་སྟངས་སྟབས་ཀྱིས་དམ་སྲི་བརྡུང་། རྟགས་གདབ། ཅེས་གསུངས་པའི་དོན། དེ་ནས་མཚམས་གཅོད་ནི། ལུང་གི་ཕྲིན་ལས་ལྟར། ཕྱོགས་མཚམས་སྟེང་འོག་གི་མཚམས་སྲུང་ཁྲོ་བོ་རྣམས་དང་། རང་ལུས་ཀྱི་སྟེང་འོག་ཕྱོགས་མཚམས་སུ་ཁྲོ་བོ་བཅུ་རྣམས་ཕྱོགས་སྐྱོང་བཅུའི་གདན་ལ་གསལ་བཏབ་སྟེ། ལུང་གི་ཕྲིན་ལས་ཀྱིས། ཧཱུཾ། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་སྐུ། །ཆོས་ཉིད་བྱང་ཆུབ་སེམས་སུ་དབྱེར་མེད་ཀྱང་། །སྲིད་པ་སྲོག་གིས་བསྡུས་པའི་འཇིག་རྟེན་པ། །ལོག་རྟོག་དངོས་པོ་གསལ་བའི་དབང་གིས་ན། །སྡུག་བསྔལ་བརྒྱད་ཁྲི་བཞི་སྟོང་རང་ལས་བྱུང་། །སྡུག་བསྔལ་བརྒྱད་དང་གསུམ་གྱི་འགྲོ་བ་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱིས་མི་འདུལ་ཏེ། །གསང་སྔགས་གསང་ཆེན་ངེས་པའི་དུས་ལ་བབ། །ན་མོ་ཧཱུཾ། སྲིད་གསུམ་ཕྱི་ནང་སྣོད་བཅུད་ཐམས་ཅད་ནས། །སྙིགས་མ་ལྔ་དང་སྐྱེ་འགྲོ་མ་ལུས་ཀུན། །ཐམས་ཅད་སངས་རྒྱས་ཉིད་ཀྱི་རང་བཞིན་ལ། །ཐབས་ལ་མཁས་པས་འདི་ལྟར་བརྟག་ཤིང་བསྒོམ། །ཞེས་བརྗོད་ལ་བར་འདིར་གོང་དུ་བཤད་པ་ལྟར། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་ཞེས་སོགས་ནས། ར་བ་གསུམ་རིམ་ནམ་མཁའི་མཐའ་ཀླས་པས་གང་བས་མཚམས་བཅད་པར་གྱུར། ཞེས་པའི་བར་བྱ། ཡང་ལུང་གི་ཕྲིན་ལས་ཀྱིས། ན་མོ་ཧཱུཾ། སྟེང་འོག་ཕྱོགས་མཚམས་དངོས་པོ་ཅིར༴ ཁྲོ་བཅུ་ཡབ་ཡུམ་བསྒོམས་པའི་བྱིན༴ ཕྱོགས་བཅུར་གནས་པའི་བགེགས་རྣམས་ཀུན་བསལ་ནས། །བར་གཅོད་མེད་ཅིང་དངོས་གྲུབ་ཐོབ་པར་ཤོག །ཅེས་པ་དོན་གསལ་གདབ་བོ། །བཤགས་པ་ནི། ཧཱུཾ། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་ཏེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ཟློག་དོན་དུ་རྒྱལ་བའི་དམ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །དོན་གསལ་གདབ་པ་ནི་ལུང་གི་ཕྲིན་ལས་ལྟར། ན་མོ་ཧཱུཾ། སྒྲིབ་པ་རྣམ་གཉིས་དངོས་པོ་ཅིར༴ ཡིད་ཀྱིས་སྔོན་དུ་བཤགས་པའི་བྱིན༴ སྒྲིབ་པ་ཡེ་ནས་དག་པའི་དོན་རྟོགས་ནས། །སེམས་ཉིད་རང་བཞིན་མེད་པའི་དོན་རྟོགས་ཤོག །དམ་བཅའ་ནི། སྤྲོ་ན། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །ཞེས་སོགས་བྱ། བསྡུ་ན། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་སྐུ་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །ཞེས་དམ་བཅའ། བྱིན་དབབ་ནི། སྤོས་དང་རོལ་མོར་བཅས་ཏེ། ༀ་ཨཱཿཧཱུཾ། ཨ་ལ་ལ་ཧོཿ བྷ་ག་ཝན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས༴ མཐུ་རྩལ་དབྱུང་བའི་དུས༴ བྱིན་གྱིས་བརླབ་པའི་དུས༴ དབང་མཆོག་སྐུར་བའི་དུས༴ དངོས་གྲུབ་སྩོལ་བའི་དུས༴ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ༴ དབང་ཆེན་དབང་བསྐུར་བཅོམ༴ དངོས་གྲུབ་མཆོག་སྩོལ་བཅོམ༴ བདག་ཅག་ལས་འབྲས་མཆིས་པར་མཛོད། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱིན་དབབ་ལ། ལུང་གི་ཕྲིན་ལས་ལྟར། ན་མོ་ཧཱུཾ། མཐུ་དང་བྲལ་བའི་སྡུག་བསྔལ་ཅིར༴ བདེ་གཤེགས་བྱིན་རླབས་གསལ་བར་རྫོགས་པའི་མཐུས། །རྒྱལ་བའི་སྐུ་རུ་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་བྱིན་རླབས་མཐུ་ཉིད་ལྷུན་གྲུབ་ཤོག །ཅེས་གསལ་གདབ་བོ། །རྩ་བར། མ་ཏྲཾ་མནན་ཞིང་གསང་མཚམས་བཅད། ཁྲོ་བོ་བཅུའི་སྟངས་སྟབས་ཀྱིས་དམ་སྲི་བརྡུང་། ཞེས་གསུངས་ཀྱང་། དེ་དག་སྔོན་འགྲོའི་སྐབས་སུ་རྒྱས་པར་གྲུབ་པས་འདིར་མི་དགོས་ཤིང་། རྟགས་གདབ་པ་ནི། སྒྲུབ་ཆེན་གྱི་དུས་འདིར་གོང་དུ་རྒྱུ་མཚན་སྨོས་པ་ལྟར་བཀའ་གཏེར་ཐམས་ཅད་ལ་ནང་རེ་བཞིན་རྟགས་གདབ་སྲོལ་འདུག་པས། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ་རྣམས་ཀྱི་རྟགས་སྒྲུབ་མཆེད་དཔོན་སློབ་ཀུན་འདེབས་ཤིང་གདབ་ཚིག་ནི། རྩ་བར། ཧཱུཾ། ཆོས་རྣམས་ཡེ་ནས་གཉིས་སུ་མེད་པ་ཡི། །བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར། །ཞག་གི་ཟོ་རིས་མཚན་པ་ནི། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །སངས་རྒྱས་ཀུན་དང་གཅིག་པའི་ཕྱིར། །འདི་ཡང་སྔོན་གྱི་དམ་ཚིག་ལགས། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །ༀ་མ་ཧཱ་སྨྲྀ་ཏི་མཎྜ་ལ་ཧཱུཾ། ཆོས་རྣམས་ཡེ་ནས་གཉིས་སུ༴ བྱང་ཆུབ་སེམས་སུ༴ ཐལ་ཆེན་ཚོམ་བུས༴ ཧེ་རུ་ཀ་ཡི༴ དུར་ཁྲོད་ཆེན་པོའི༴ གིང་ཆེན་ཀུན་དང་༴ འདི་ཡང་སྔོན་གྱི༴ འདི་ཡང་རྟགས་ཀྱི༴ ༀ་མ་ཧཱ་ཀེཾ་ནི་རི་ཏི་ཛྭ་ལ་མཎྜ་ལ་ཧཱུཾ། ཆོས་རྣམས་ཡེ་ནས་གཉིས༴ བྱང་ཆུབ་སེམས་སུ༴ རཀྟའི་ཐིག་ལེས༴ ཧེ་རུ་ཀ་ཡི༴ དུར་ཁྲོད་ཆེན་པོའི༴ མཁའ་འགྲོ་ཀུན་དང་༴ འདི་ཡང་སྔོན་གྱི༴ འདི་ཡང་རྟགས༴ ༀ་མ་ཧཱ་རཀྟ་ཏི་ལ་ཀ་མཎྜ་ལ་ཧཱུཾ། རྩ་བར། མཆོད་པ་བྱིན་གྱིས་བརླབ་ལ། ཐུན་མོང་རྫས་ཀྱིས་ཞེས་པས་གསལ་བཏབ། ཅེས་གསུངས་པས་གོང་དུ་བཤད་པ་ལྟར། རྩ་བ་དང་ཡན་ལག་གི་མཆོད་པ་བྱིན་གྱིས་བརླབ་པ་ལས། བདུད་རྩི་བྱིན་གྱིས་བརླབ་པ་ནི། ༀ་ཨམྲྀ་ཏ་ཀུཎྜ་ལི་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བསང་བ་ནས་བཟུང་། བདུད་རྩི། གཏོར་མ། རཀྟ། ཕྱི་མཆོད་རྣམས་བྱིན་གྱིས་བརླབས་ཏེ། ཉེར་སྤྱོད་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་བསམ་མོ། །ཞེས་པའི་བར་བརྗོད་ལ། ལུང་གི་ཕྲིན་ལས་བཞིན། ན་མོ་ཧཱུཾ། ཐུན་མོང་རྫས་ཀྱི་དངོས་པོ་ཅིར༴ མཆོད་པ་བྱིན་གྱིས་བརླབས་པའི་ནུས་མཐུ་ཡིས། །འདོད་པའི་ཡོན་ཏན་མངོན་དུ་རྫོགས་གྱུར་ནས། །དུས་གསུམ་བདེ་གཤེགས་མ་ལུས་མཆོད་པར་ཤོག །ཅེས་དོན་གསལ་གདབ་བོ། །རྩ་བར། ལས་མཁན་གྱིས་ཞི་ཁྲོ་རྒྱུད་ལྟར་བསྐྱེད་ལ་ལུང་གི་གསལ་གདབ་གཞུང་གི་སྐབས་སུ། ལྷ་ཀུན་བཟང་ཡབ་ཡུམ་གྱིས་གཙོ་བྱས་ལ་འདོད་དོན་གསོལ་གདབ་ཡན་བྱ། ཞེས་གསུངས་པའི་དོན། རབ་གནས་ཀྱི་སྔོན་འགྲོའི་གཞུང་སྲོང་སྐབས་སུ་ལུང་གི་ཕྲིན་ལས་དང་ཞི་བའི་ལས་བྱང་སྤེལ་བའི་ཆོག་ཁྲིགས་སྐབས་ལྟར། ཞི་བའི་ལས་བྱང་གི་ཐོག་མར་ཀུན་རྫོབ་སེམས་བསྐྱེེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཞེས་སོགས་དང་། ལུང་གི་ཕྲིན་ལས་ཀྱི། གནས་ས་རི་བྲག་དངོས་པོ་ཅིར་སྣང་ཡང་། །ཞེས་སོགས་ཀྱིས་གསལ་འདེབས་བྱ་བས་མཚོན་ཏེ། འདོད་དོན་གསོལ་འདེབས་ཀྱི་གསལ་འདབ་ལུང་གི་ཕྲིན་ལས་ཀྱི། ཡིད་ལ་བསམ་པའི་དངོས་པོ་ཅིར་སྣང་ཡང་། །ཞེས་སོགས་ནས། འགྲོ་དོན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའི་བར་གོང་བཞིན་རྒྱུད་མ་ཧཱ་ལྟར་བསྐྱེད་ཅིང་། དོན་གསལ་འདེབས་ལུང་ཨ་ནུ་ལྟར་བྱ། བདག་མདུན་གཉིས་སྔ་མ་ལྟར་མེ་ལོང་གི་གཟུགས་བརྙན་བཞིན་གསལ་འདེབས་པའམ། ཡང་ན་མདུན་བསྐྱེད་ནི་དཀྱིལ་འཁོར་ལ་དམིགས་པ་གཞིར་བཅས། བདག་བསྐྱེད་ལུས་དཀྱིལ་གོང་དུ་སྨོས་པ་བཞིན་བསྒོམས་ཀྱང་ཆོག་པ་གང་བདེ་བྱའོ། །རྩ་བར། དེ་ནས་འཛབ་ཁང་ཕྱེ་ལ་ལྷའི་གཙོ་བོ་ཀུན་བཟང་ལ། རིག་པ་གསུང་གི་བྱིན་རླབས་སོགས་ཀྱི་འཛབ་བྱ། ཆོས་སྐུ་ནམ་མཁའི་བསྟོད་པ་དང་། སེམས་དཔའ་དང་སྒོ་བ་ཐུབ་པ་ཡན་ཆད་ཀྱི་བསྟོད་པ་བྱ། ཞེས་གསུངས་པའི་དོན། གོང་གི་འཛབ་ཁང་དབྱེ་བའི་ཆོ་ག་ཡང་འདིར་བླངས་ཏེ། འཛབ་དངོས་ལ་གསུམ་སྟེ། ལྷ་བསྐུལ་བ། རྟོག་པའི་གནས་གསལ་གདབ་ཅིང་འཛབ་བྱ་བ། བསྟོད་པ་གསུམ་ལས། ཞེས་སོགས་ས་བཅད་དང་དམིགས་པའི་འཕྲོ་འདུ་བྱ་ཚུལ། ཧཱུཾ། རིག་པ་གསུང་གི་བྱིན་རླབས་ཀྱིས། །ལྗགས་ཀྱི་རྩེ་ལ་བཀྲམ་ནས་ནི། །དུ་མ་ཉིད་དུ་སོ་སོར་གོ། །ཞེས་སོགས་ཀུན་བཟང་ཡབ་ཡུམ་ནས་བཟུང་། རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །ཞེས་སྒོ་མ་དྲིལ་བུ་མའི་བསྟོད་པའི་བར་དུ་སྒྲ་ཇི་བཞིན་པར་བྱའོ། །དེ་ལྟར་ཞི་བའི་སྒྲུབ་མཆོད་གྲུབ་ནས་ཁྲོ་བོའི་ཆོ་ག་བྱ་བ་ནི། ཆོག་ཁྲིགས་ཆུང་ཟད་མི་འདྲ་བར་བཤད་འདུག་པས། མཚམས་གཅོད་ནི། རྩ་བར། དེ་ནས་ཆེ་མཆོག་གི་ཞལ་བྱང་བྱ་སྟེ། ཧཱུཾ། རང་བྱུང་ཁྲོ་བོ་ཆེན་པོ་བཅུ། །བགེགས་རྣམས་ཐམས་ཅད་གཟིར་བའི་ཕྱིར། །ཕྱོགས་མཚམས་ཕུར་པས་བཏབ་ནས་ནི། །སྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་བི་ཛཱ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བནྡྷ་བནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པཱ་ར་ཛཱི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ྄་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛཱ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུཾ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ། ཅེས་མཚམས་ཀྱི་ཁྲོད་བཅུ་གསལ་བཏབ་ལ། སུམྦྷས་གཟིར་མནན་བཅད་དོ། །བཤགས་པ་ནི། དང་པོ་བྱང་ཆུབ་མཆོག་དང་ཞེས་གསུངས་པའི་དོན་དྲི་མེད་བཤགས་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་ལས་འབྱུང་བ་འདི་ལྟར། དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས། །རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་། །གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས། །དམ་བཅས་བཀའ་ལས་འདའ་བར་མི་བགྱིད་དེ། །ལས་དང་སྐལ་བས་དམྱལ་པར་སྐྱེ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ། །རྡོ་རྗེ་སློབ་དཔོན་སྟོན་པ འི་སྒྲོན་མེ་ལ། །སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་། །དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ། །ངན་སེམས་ལོག་པར་ལྟ་བ་ལ་སོགས་པ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་། །སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་། །དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པ་དུ། །བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ། །བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས། །གསུང་གི་དམ་ཚི་ཉམས་པ༴ རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས། །སྙན་ཁུང་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག །ཐུགས་ཀྱི་མན་ངག་བྱིན་པས་དམ་ཚིག་འདྲེས། །གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས། །ཐུགས་ཀྱི་དམ་ཚིག་ཉམས་པ༴ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ། །ཡན་ལག་དམ་ཚིག་ཉམས་པ༴ ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ། །བསྙེན་སྒྲུབ་དམ་ཚིག་ཉམས་པ༴ ལུང་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས། །སྐུ་གསུང་ཐུགས་ཀྱི་དམ་ཚིག༴ རྩ་བར། དང་པོ་སྐྱེ་བ་ཐོག་མ་མེད་པ་ནས། །རྣམ་པར་སྨིན་པའི་ལུས་འདི་ཡན་ཆད་དུ། །མི་དགེ་ལས་ཀྱིས་འགྲོ་བའི་རྒྱུ་བསགས་པ། །བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །དམ་བཅའ༴ བྱིན་དབབ། ཞེས་གསུང་པའི་དོན། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །ཞེས་དམ་བཅའ། བྱིན་དབབ་ནི། སྤོས་དང་རོལ་མོར་བཅས་ཏེ། ཧཱུཾ། དུས་གསུམ་སངས་རྒྱས་འཁོར་དང་བཅས། །རང་བཞིན་གནས་ནས་སྐུ་བསྐྱོད་དེ། །མཁྱེན་པའི་གནས་མཆོག་འདིར་གཤེགས་ལ། །བརྩེ་བས་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་སོ། །རྩ་བར། བདུད་རྩི་འཐུང་། ཞེས་པ་སྐབས་འདིར་བདུད་རྩི་བྱིན་གྱིས་བརླབ་པ་ནི། བདུད་རྩི་ཁ་གསོས་ལ། ༀ་ཨ་མྲྀ་ཏ་ཀུཎྜ་ལི་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ་ཀྱིས་བསང་བ་ནས་བཟུང་། བྱིན་གྱིས་བརླབས་པ་སྔ་མ་ལྟར་བྱས་ཏེ་མཐར། སྐུ་གསུང་ཐུགས་སྲ་ཞིང་མཁྲེགས་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག །ཅེས་པའི་བར་བརྗོད་མཐར། ཨ་ཧོ་སུ་ཁ་དྷརྨཱ་ཀཱ་ཡ་ༀ་ཨཱཿཧཱུཾ། སིདྡྷི་ཧྲཱིཿ ཞེས་ཅུང་ཟད་མྱང་། བསང་གཏོར་བྱ་བ་ནི། ཚིག་དང་བསྟུན་ཏེ་གཏོར་ཞིང་། རྩ་བར། ཧཱུཾ། བདུད་རྩི་རང་བྱུང་ཆེན་པོ་འདིས། །ཡེ་ཤེས་ལྷ་ལ་གཏོར་བྱས་པས། །བདག་དང་གཉིས་སུ་མེད་པར་འགྲུབ། །དམ་ཅན་མཆེད་ལ་གཏོར་བྱས་པས། །ཐུགས་དམ་གཉན་པོ་སྐོང་བར་གྱུར། །རྣལ་འབྱོར་པ་ལ་གཏོར་བྱས་པས། །རྟོག་སྒྲིབ་བག་ཆགས་བྱང་བར་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་པོ་ཚིམ་པར་འགྱུར། །བྷ་གར་ཇི་བཞིན་བཞག་པ་ན། །བྱང་ཆུབ་དེ་ཉིད་ལྟུང་གནས་མེད། །བྱང་ཆུབ་སེམས་ནི་ཀུན་ཏུ་དྲག །ཐིག་ལེ་ཆོས་སྐུ་ཁྱབ་པའི་ཕྱིར། །ཡེ་ནས་དབྱེར་མེད་བྱ་མི་དགོས། །དཀྱིལ་དུ་གྱུར་ནས་མཉམ་གནས་པའོ། །ཞེས་བརྗོད་དོ། །ཁམས་ལུགས་སུ་སྐབས་འདིར་གཏོར་མ་དང་རཀྟ་ལ་དེ་བྱིན་རླབས་བྱ་བར་གསུངས་པ་འབྲེལ་ཆགས་སུ་སྣང་བས་གོང་གི་བདུད་རྩི་བྱིན་རླབས་ཀྱི་འཕྲོས་ལྟར་བྱའོ། །ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི། སྤྲོ་ན། གོང་གི་མདུན་བསྐྱེད་ལྟར། ཨེ་ཡཾ་ར་བཾ་ཀེཾ་རཾ་རྣམས་ཆད་དེ། དཀྱིལ་འཁོར་གྱི་འོག་གཞིར་བརྩེགས་མར་འཁོད། ཅེས་བྱུང་རིམ་ནས་གཞལ་ཡས་ཁང་དང་ལྷ་ཚོགས་རྣམས་ཚང་བར་བསྐྱེད་དེ། མཐར་དཀྱིལ་འཁོར་བཅུ་གཅིག་པའི་ཁྱམས་ཀྱི་ལྷ་བསྐྱེད་པ་རིག་འཛིན་བླ་མའི་ཚོགས་ཐམས་ཅད་ཀྱང་ཞལ་ལམ་མེར་མངོན་སུམ་དུ་བཞུགས་པར་གྱུར་གྱི་བར་ཚང་བར་བརྗོད། བསྡུ་ན་གཞུང་འདི་བཞིན་བརྗོད་པའི་རྐྱེན་གྱིས་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རྣམས་ལམ་གྱིས་གསལ་ཞིང་། བདག་བསྐྱེད་ཀྱང་མེ་ལོང་དང་གཟུགས་བརྙན་བཞིན་དུ་ཅིག་ཅར་གསལ་འདེབས་པའམ། ཨ་ནུ་ལྟར་ལུས་དཀྱིལ་སྒོམ་པ་གང་བདེ་བྱའོ། །རྒྱས་བསྡུས་གང་བྱེད་ཀྱང་རྩ་ཚིག་འདི་མེད་དུ་མི་རུང་བས། རྩ་བར། རྒྱུ་ཡི་ཏིང་འཛིན་འབྲས་བུ་ལས། །དེ་ཉིད་བྱང་ཆུབ་སེམས་སུ་གྱུར། །འབྱུང་ལྔ་ཡུམ་གྱི་དཀྱིལ་འཁོར་དང་། །བྱང་ཆུབ་སེམས་དཔའ་རིམ་བཞིན་བསྐྱེད། །ཨེ། ཀུན་ཏུ་བཟང་མོ་ནམ་མཁའི་མཁའ་ཀློང་དུ། །དམ་ཚིག་སྒྲོལ་མ་རླུང་གི་རྒྱ་གྲམ་གཏམས། །མཱ་མ་ཀཱི་ནི་རཀྟའི་རྒྱ་མཚོར་འཁྲུག །སངས་རྒྱས་སྤྱན་མ་ཀེཾ་རུས་རི་རབ་སྟེང་། །ན་བཟའ་དཀར་མོ་ཀུན་ཏུ་དྲོད་འབེབས་མ། །འབྱུང་ལྔ་ཡུམ་ལྔ་མཐའ་ཡས་ལྷུན་གྱིས་བརྟན། །བྷྲཱུཾ་ལས་བསྐྱེད་པའི་གཞལ་ཡས་ཁང་། །ནམ་མཁའི་དབྱིངས་དང་མཉམ་པ་ཡི། །ཚུལ་བཞིན་བྱིན་གྱིས་བརླབས་ནས་སུ། །གཞལ་ཡས་ཁང་པས་གྱུར་པར་བསྒོམ། །ཞེས་རྟེན་གཞལ་ཡས་ཁང་དང་། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ༀ་ཧཱུཾ་སྭཱ་ཨཱཿཧཱ། བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། ཨ་ཙནྡྲ་མཎྜ་ལ། བྷྲཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། མ་སཱུརྻ་མཎྜ་ལ་ཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཅེས་དང་། གཞན་ཡང་ཁྲོ་བོའི་དཀྱིལ་འཁོར་གྱི་སྔགས་རྣམས་ཚང་བར་བརྗོད་པས་བརྟེན་པ་ལྷ་གསལ་གདབ་བོ། །དབང་བསྐུར་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཡང་སྤྲོ་ན་གོང་ལྟར་རྒྱས་པར་བྱ། བསྡུ་ན། རྩ་བར། ༀ་མ་ཧཱ་ཤཱུ་ཱུནྱ་ཏཱ་ཨཱ་དཪྴ་ས་མ་ཏཱ་པྲ་ཏྱ་བེཀྵ་ཎ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་པ་ཙམ་གྱིས་དོན་དྲན་པར་བྱས་ཏེ་བྱིན་གྱིས་བརླབ་བོ། །རྩ་བར་གསལ་བར་མ་བྱུང་ཡང་མེད་དུ་མི་རུང་བའི་ཕྱིར། གོང་གི་ཁྲོ་བོའི་མདུན་བསྐྱེད་ཀྱི་སྐབས་ལྟར། བདག་མདུན་བུམ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དྭངས་མའི་སྲོག་ཧཱུཾ་མཐིང་ཁ་ཡེ་ཤེས་ལྔའི་རང་བཞིན་ཅན་ལས་འོད་ཟེར་གྱི་ཕྲེང་བ་ཕྱོགས་བཅུར་འབར་ཞིང་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རང་བཞིན་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ཅན་དུ་གྱུར་ཏེ་འགྲོ་བའི་དོན་ལ་ཆས་པར་གྱུར། ས་ལ་སོགས་ལས་ཕྱག་རྒྱ་བྱས། །ཞེས་པ་ནས་བཟུང་སྙན་གསན་སྤྱན་དྲངས་བསྟིམ་བརྟན་པ། བྷཱུ་ཏ་ཀྵེ་ཏྲི་པྲ་ཏྲི་ཏཱཾ་པ་ཀ་ལ་ཧཱུཾ་ཕཊ་ཀྱི་བར་དུ་བྱ། དེ་ནས་བཞུགས་སུ་གསོལ་ཞིང་ཕྱག་འཚལ་བ་དང་། རྟགས་བསྟོད་ཀྱི་ལྷ་གསལ་གདབ་པ་སོགས་ཐུན་མོང་ནི། རྩ་བར། ཨེ་མ་ཧོ་ཆེ་མཆོག་ཧེ་རུ་ཀ །ཉི་ཤུ་རྩ་གཅིག་དབུ་ནི་རྣམ་པ་ལྷུན་གྱིས་གྲུབ། །སྒྲིབ་སྦྱོང་ཡེ་ཤེས་དབུ་ནི་ཁྲོ་ཆེན་སྟོབས་པོ་ཆེ། །དང་པོ་རབ་ཏུ་དགའ་བའི་ས་མནན་པའོ། །སྐྱོན་མེད་ཡེ་ཤེས་དབུ་ནི་ཁམས་གསུམ་རྒྱལ། །གཉིས་པ་དྲི་མ་མེད་པའི་ས༴ བདུད་འཇོམས་ཡེ་ཤེས་དབུ་ནི་བདུད་རྩི་འཁྱིལ། །གསུམ་པ་འོད་འཕྲོ་བ་ཡི་ས༴ རྟོག་འཇོམས་ཡེ་ཤེས་དབུ་ནི་འདོད་པའི་རྒྱལ། །བཞི་པ་འོད་བྱེད་པ་ཡི་ས༴ གཟིར་མནན་ཡེ་ཤེས་དབུ་ནི་རྟ་མཆོག་དཔལ། །ལྔ་པ་སྦྱང་དཀའ་བ་ཡི་ས༴ རྣམ་དག་ཡེ་ཤེས་དབུ་ནི་མི་གཡོ་མགོན། །དྲུག་པ་མངོན་དུ་གྱུར་པའི་ས༴ ཐབས་མཁས་ཡེ་ཤེས་དབུ་ནི་གཤིན་རྗེ་གཤེད། །བདུན་པ་རིང་དུ་སོང་བའི་ས༴ སྟོབས་ལྡན་ཡེ་ཤེས་དབུ་ནི་དབྱུག་སྔོན་ཅན། །བརྒྱད་པ་མི་གཡོ་བ་ཡི་ས༴ མཁྱེན་ལྡན་ཡེ་ཤེས་དབུ་ནི་རྣམ་པར་རྒྱལ། །དགུ་པ་ལེགས་པའི་བློ་གྲོས་ས༴ བརྗིད་གནོན་ཡེ་ཤེས་དབུ་ནི་ཧཱུཾ་ཀཱ་ར། །བཅུ་པ་ཆོས་ཀྱི་སྤྲིན་གྱི་ས༴ མངོན་ཤེས་ཡེ་ཤེས་དབུ་ནི་ཡཀྴ་ཧེ་རུ་ཀ །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས༴ ཀུན་མཁྱེན་ཡེ་ཤེས་དབུ་ནི་གུ་ཧྱ་ཧེ་རུ་ཀ །བཅུ་གཉིས་རྡོ་རྗེ་འཛིན་པའི་ས༴ བྱམས་མགོན་ཡེ་ཤེས་དབུ་ནི་ས་ནུ་ཧེ་རུ་ཀ །བཅུ་གསུམ་རྡོ་རྗེ་འཆང་གི་ས༴ རྔམ་བརྗིད་ཡེ་ཤེས་དབུ་ནི་རཀྴ་ཧེ་རུ་ཀ །བཅུ་བཞི་སྟུག་པོ་བཀོད་པའི་ས༴ སྤྲུལ་པའི་ཡེ་ཤེས་དབུ་ནི་ཀརྨ་ཧེ་རུ་ཀ །བཅོ་ལྔ་པདྨ་ཅན་གྱི་ས༴ ཆགས་མེད་ཡེ་ཤེས་དབུ་ནི་པདྨ་ཧེ་རུ་ཀ །བཅུ་དྲུག་འཁོར་ལོ་ཚོགས་ཆེན་ས༴ ཡིད་བཞིན་ཡེ་ཤེས་དབུ་ནི་རཏྣ་ཧེ་རུ་ཀ །བཅུ་བདུན་དེ་བ་ཀོ་ཤའི་ས༴ འབར་འཕྲོ་ཡེ་ཤེས་དབུ་ནི་བུདྡྷ་ཧེ་རུ་ཀ །བཅོ་བརྒྱད་ཀུན་བཟང་དབྱེ་བ་མེད་པའི་ས༴ སྟོབས་ལྡན་ཡེ་ཤེས་དབུ་ནི་བཛྲ་ཧེ་རུ་ཀ །བཅུ་དགུ་རྫོགས་པ་བླ་མའི་ས༴ ཁྱབ་གདལ་དབུ་ནི་ཆེ་མཆོག་ཉིད་ཀྱི་དབུ། །ཉི་ཤུ་སྲིད་གསུམ་ངང་རྫོགས་ས༴ བྱང་ཆུབ་ཡེ་ཤེས་དབུ་ནི་རྟ་སྐད་ནམ་མཁར་སྒྲོག །རྩ་གཅིག་ཡེ་ཤེས་བླ་མའི་ས༴ གཡས་ཀྱི་དབུ་བདུན་ཞལ་གདངས་མཆེ་གཙིགས་པས། །འཁོར་བའི་སྐྱེ་ཤི་རྩད་ནས་གཅོད་པར་མཛད། །གཡོན་གྱི་དབུ་བདུན་ཞལ་གདངས་མཆེ་གཙིགས་པས། །འཁོར་བའི་ཉོན་མོངས་སྡུག་བསྔལ་ཟད་པར་བྱེད། །དབུས་ཀྱི་དབུ་བདུན་ཞལ་གདངས་མཆེ་གཙིགས་པས། །ཆོས་ཉིད་ཀློང་དུ་ཐམས་ཅད་རྔུབ་པར་བྱེད། །གཡས་ཀྱི་སྤྱན་ཟློག་ཉི་ཤུ་རྩ་གཅིག་གིས། །བདུད་དང་བགེགས་རིགས་ཐམས་ཅད་ཐལ་བར་ཟློག །གཡོན་གྱི་སྤྱན་ཟློག་ཉི་ཤུ་རྩ་གཅིག་གིས། །ངན་སོང་འཁོར་བའི་སྡུག་བསྔལ་ཕྱགས་མས་འདེབས། །དབུས་ཀྱི་སྤྱན་ཟློག་ཉི་ཤུ་རྩ་གཅིག་གིས། །མི་འགྱུར་ཆོས་ཀྱི་དབྱིངས་སུ་ཅེ་རེ་གཟིགས། །མཆེ་བ་དཀར་པོ་ཟངས་ཡག་གཙིགས་པ་ཡིས། །འཁོར་བའི་བག་ཆགས་སྐྱེ་ཤི་རྩད་ནས་གཅོད། །རལ་པ་དམར་པོ་གྱེན་དུ་བརྫེས་པ་ཡིས། །ཆོས་དབྱིངས་ཡེ་ཤེས་མཐར་ཐུག་འགྲན་ཟླ་མེད། །བཞི་བཅུ་རྩ་གཉིས་ཕྱག་ནི་མངོན་སངས་རྒྱས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དང་པོ་ན། །ཀུན་ཏུ་བཟང་པོ་མཉམ་པའི་ཕྱག་རྒྱ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དང་པོ་ན། །ཀུན་ཏུ་བཟང་མོ་ཐལ་མོ་མཉམ་སྦྱོར་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་གཉིས་པ་ན། །རྣམ་པར་སྣང་མཛད་གསེར་གྱི་འཁོར་ལོ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་གཉིས་པ་ན། །སངས་རྒྱས་སྤྱན་མ་གསེར་གྱི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་གསུམ་པ་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེ་རྩེ་ལྔ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་གསུམ་པ་ན། །རྡོ་རྗེ་དབྱིངས་ཕྱུག་ཤེལ་གྱི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཞི་པ་ན། །རིན་ཆེན་འབྱུང་ལྡན་རིན་ཆེན་ཟུར་བརྒྱད་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཞི་པ་ན། །མཱ་མ་ཀཱི་ན་གཡུ་ཡི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ལྔ་པ་ན། །སྣང་བ་མཐའ་ཡས་པདྨ་འདབ་བརྒྱད་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ལྔ་པ་ན། །ན་བཟའ་དཀར་པོ་བྱུ་རུའི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དྲུག་པ་ན། །དོན་ཡོད་གྲུབ་པ་རྡོ་རྗེ་རྒྱ་གྲམ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དྲུག་པ་ན། །དམ་ཚིག་སྒྲོལ་མ་མཐིང་གི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བདུན་པ་ན། །ས་ཡི་སྙིང་པོ་རིན་ཆེན་མྱུ་གུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བདུན་པ་ན། །ལཱ་སྱེ་དཀར་མོ་མེ་ལོང་རྒྱ་གྲམ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དགུ་པ་ན། །ནམ་མཁའི་སྙིང་པོ་གཅོད་བྱེད་རལ་གྲི་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བརྒྱད་པ་ན། །མཱ་ལེ་སྔོན་མོ་རིན་ཆེན་ཕྲེང་བ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དགུ་པ་ན། །སྤྱན་རས་གཟིགས་དབང་པདྨ་དཀར་པོ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དགུ་པ་ན། །གཱི་རྟི་དམར་པོ་ལྕགས་སྒྲོག་པི་ཝང་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་པ་ན། །ཕྱག་ན་རྡོ་རྗེ་རྡོ་རྗེ་རྩེ་ལྔ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་པ་ན། །ནཱི་རྟི་ལྗང་གུ་དར་གྱི་ཅོད་པན་བསྣམས། །ཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གཅིག་པས། །མགོན་པོ་བྱམས་པ་ཀླུ་ཤིང་གྷུནྡྷེ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གཅིག་པས། །ལྷ་མོ་དྷཱུ་བེ་མ་ནི་བདུག་སྤོས་བསྣམས། །ཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གཉིས་པས། །སྒྲིབ་པ་རྣམ་སེལ་གསུང་རབ་པོ་ཏི་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གཉིས་པས། །ལྷ་མོ་པུཥྤེ་མ་ནི་མེ་ཏོག་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གསུམ་ན། །ཀུན་ཏུ་བཟང་པོ་རིན་ཆེན་སྙེ་མ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གསུམ་ན། །ལྷ་མོ་ཨཱ་ལོ་ཀེ་ནི་མར་མེ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བཞི་པས། །འཇམ་དཔལ་གཞོན་ནུ་མེ་ཏོག་ཨུཏྤལ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་བཞི་པས། །ལྷ་མོ་གནྡྷེ་མ་ནི་དྲི་ཆབ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅོ་ལྔ་པས། །གཤིན་རྗེ་གཤེད་པོ་ཐོད་དབྱུགས་གདེངས་པ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅོ་ལྔ་པས། །འགུགས་བྱེད་རྟ་གདོང་མ་ནི་ལྕགས་ཀྱུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་དྲུག་པས། །བགེགས་རྣམས་མཐར་བྱེད་རྡོ་རྗེ་རྩེ་ལྔ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་དྲུག་པས། །ཆིངས་བྱེད་གཞགས་པ་མ་ནི་ཞགས་པ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བདུན་ན། །པདྨ་མཐར་བྱེད་ཐོད་པ་སྦྲུལ་དཀྲིས་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་བདུན་པས། །སྡོམ་བྱེད་ཉི་ཟླ་མ་ནི་ལྕགས་སྒྲོག་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅོ་བརྒྱད་པས། །ཤེས་རབ་མཐར་བྱེད་རྡོ་རྗེ་རྩེ་ལྔ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅོ་བརྒྱད་པས། །ཐལ་བྱེད་དྲིལ་བུ་མ་ནི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་དགུ་པས། །ལྷ་དབང་བརྒྱ་བྱིན་སྒྲ་སྙན་པི་ཝང་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་དགུ་པས། །ལྷ་མིན་ཐག་བཟང་རིས་ནི་གོ་ཆ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ཉི་ཤུ་པས། །ཤཱཀྱ་ཐུབ་པ་བསེག་ཤང་པར་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ཉི་ཤུ་པས། །པཪྞ་ཤ་བ་རི་ནི་པོ་ཏི་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱིི་ཉེར་གཅིག་པས། །ཁ་འབར་མ་ནི་རིན་ཆེན་སྒྲོམ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ཐ་མ་ན། །ཨ་ཝ་གླང་མགོ་མེ་ཆུ་གྲང་དྲོ་བསྣམས། །ཞབས་བརྒྱད་བགྲད་པས་ཁྲོ་མོའི་དབུ་བརྒྱད་བརྫིས། །ཞབས་བརྒྱད་གཡས་ཀྱི་དང་པོ་བགྲད་པ་ཡི། །ཐིག་ལེ་ཆེན་པོ་ཏིང་འཛིན་ཆེན་པོ་དང་། །ཡངས་པ་མེད་པར་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡས་ཀྱི་གཉིས་པ༴ བདེ་བ་ཆེན་པོའི་ཏིང་འཛིན་ཆེན་པོ་དང་། །ཀློང་དུ་གྱུར་པའི་ཆོས་ཀྱི༴ ཞབས་བརྒྱད་གཡས་ཀྱི་གསུམ་པ༴ རྡོ་རྗེ་ལྟ་བུའི་ཏིང་འཛིན་ཆེན་པོ་དང་། །སྐྱེ་ཤི་མེད་པ་ཆོས་ཀྱི༴ ཞབས་བརྒྱད་གཡས་ཀྱི་ཐ་མ༴ ཐམས་ཅད་འབྱུང་གནས་ཏིང་འཛིན་ཆེན་པོ་དང་། །ཟག་པ་མེད་པའི་ཆོས་ཀྱི༴ ཞབས་བརྒྱད་གཡོན་གྱི་དང་པོ༴ ཆགས་པ་མེད་པའི་ཏིང་འཛིན་ཆེན་པོ་དང་། །ཡེ་ནས་དག་པའི་ཆོས་ཀྱི༴ ཞབས་བརྒྱད་གཡོན་གྱི་གཉིས་པ༴ འདའ་བར་དཀའ་བའི་ཏིང་འཛིན་ཆེན་པོ་དང་། །མཐོང་བ་མེད་པའི་ཆོས་ཀྱི༴ ཞབས་བརྒྱད་གཡོན་གྱིི་གསུམ་པ༴ དམིགས་སུ་མེད་པའི་ཏིང་འཛིན་ཆེན་པོ་དང་། །རང་བཞིན་མེད་པའི་ཆོས་ཀྱི༴ ཞབས་བརྒྱད་གཡོན་གྱི་ཐ་མ༴ སྐྱེ་ཤི་མེད་པའི་ཏིང་འཛིན་ཆེན་པོ་དང་། །འདུ་འབྲལ་མེད་པའི་ཆོས་ཀྱི༴ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ་ནི། །སྲིད་པ་གསུམ་ལས་རྣམ་པར་རྒྱལ་བའི་རྟགས། །རྟ་མགོ་ལྗང་ནག་རྟ་སྐད་སྒྲོག་པ་ནི། །སྣང་སྲིད་ཐམས་ཅད་དབང་དུ་སྡུད་པའི་རྟགས། །སྨིན་མ་ཁྲོ་གཉེར་གློག་ལྟར་འགྱུ་བ་ནི། །མ་རིག་རྨོངས་པའི་མུན་པ་སེལ་བའི་རྟགས། །ཚངས་པའི་གཡང་གཞི་ན་བཟའ་གསོལ་བ་ནི། །ལོངས་སྤྱོད་རྫོགས་སྐུ་མངོན་དུ་བསྟན་པའི་རྟགས། །སྐུ་མདོག་མཐིང་ནག་འཇིགས་པར་བསྟན་པ་ནི། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་རྟགས། །སྐུ་སྨད་སྟག་གི་ཤམ་ཐབས་བསྣམས་པ་ནི། །སྤྲུལ་པའི་སྐུ་ཡིས་ཅིར་ཡང་དོན་མཛད་རྟགས། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ་བ་ནི། །ཐེག་པ་རིམ་དགུས་འགྲོ་དོན་མཛད་པའི་རྟགས། །ཞིང་ཆེན་གཡང་གཞི་སྐུ་ལ་གསོལ་བ་ནི། །ཐུགས་རྗེ་ཚད་མེད་བཞི་དང་ལྡན་པའི་རྟགས། །ཐོད་པ་སྐམ་པོས་དབུ་ལ་བརྒྱན་པ་ནི། །དུས་གསུམ་རྒྱལ་བས་བསྙེན་བཀུར་མཛད་པའི་རྟགས། །སྦྲུལ་ནག་སྟོང་གི་གདེངས་ཀས་བརྒྱན་པ་ནི། །ཀླུ་རྒྱལ་རིགས་བཞི་དབང་དུ་སྡུད་པའི་རྟགས། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན་པ་ནི། །མ་མོ་མཁའ་འགྲོ་དབང་དུ་འདུས་པའི་རྟགས། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ་བའི་རྒྱན། །རྡོ་རྗེ་གཤོག་པ་མཁའ་ལྟར་གདེངས་པ་ནི། །སྟོང་གསུམ་འཇིག་རྟེན་ཟིལ་གྱིས་གནོན་པའི་རྟགས། །འབར་བ་ཆེན་པོའི་གར་དགུས་འགྱིང་བ་ནི། །ཆེ་བཙན་དཔེ་བྱད་ཀུན་ལས་རྒྱལ་བའི་རྟགས། །ཁྲོ་རྒྱལ་ཆེ་མཆོག་འབར་བའི་ཞབས་འོག་ནས། །ཤིན་ཏུ་རྔམ་པའི་ཁྲོ་མོ་གནམ་ཞལ་མ། །སྐུ་མདོག་དུད་ཁ་སྣ་ཚོགས་ཅིར་ཡང་སྟོན། །དབུ་དགུ་ཕྱག་ནི་བཅོ་བརྒྱད་ཞབས་བཞི་བགྲད། །རྣམ་ཐར་དབུ་བརྒྱད་གྱེན་དུ་བྱུང་བ་ནི། །གསང་བའི་ཐུགས་རྗེ་ཐབས་དང་ཤེས་རབ་ལྡན། །བྱང་ཆུབ་སེམས་ནི་བདུད་རྩི་ག་འུར་བསྐྱིལ། །འཇམ་དཔལ་གཞོན་ནུ་བདུད་རྩིའི་ཕོ་བྲང་བསྣམས། །རྟ་མགྲིན་ཡབ་ཡུམ་བདུད་རྩིའི་ཕོ་བྲང་བསྐྱིལ། །སྟོང་པ་བཅོ་བརྒྱད་ཕྱག་ནི་མྱ་ངན་འདས། །བཅོ་བརྒྱད་ཕྱག་གི་གཡས་གཡོན་དང་པོ་གཉིས། །བནྡྷ་རཀྟས་བཀང་བ་རྡོ་རྗེས་དཀྲུག །བཅོ་བརྒྱད་ཕྱག་ནི་གཡས་ཀྱི་གཉིས་པ་ན། །ག་རཱི་བྷན་དམར་ཞིང་གི་དབྱུང་ཏོ་འཕྱར། །བཅོ་བརྒྱད་ཕྱག་ནི་གཡོན་གྱི་གཉིས་པ་ན། །སིདྷ་ཁ་རོ་སེང་གེའི་མགོ་བོ་ཅན། །བཅོ་བརྒྱད་ཕྱག་ནི་གཡས་ཀྱི་གསུམ་པ་ན། །ཙ་རཱི་སེར་མོ་མདའ་གཞུ་འགེངས་པ་བསྣམས། །བཅོ་བརྒྱད་ཕྱག་ནི་གཡོན་གྱི་གསུམ་པ་ན། །བྱཱ་གྷྲྀ་གནན་ལྟག་སྟག་གི་མགོ་བོ་ཅན། །བཅོ་བརྒྱད་ཕྱག་ནི་གཡས་ཀྱི་བཞི་པ་ན། །པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་འཕྱར། །བཅོ་བརྒྱད་ཕྱག་ནི་གཡོན་གྱི་བཞི་པ་ན། །སྲི་ལ་བྱིས་ལྡག་ཝ་ཡི་མགོ་བོ་ཅན། །བཅོ་བརྒྱད་ཕྱག་ནི་གཡས་ཀྱི་ལྔ་པ་ན། །བཻཏྟ་བྱིས་ཟ་རྡོ་རྗེ་རྩེ་དགུ་འཕྱར། །བཅོ་བརྒྱད་ཕྱག་ནི་གཡོན་གྱི་ལྔ་པ་ན། །ཤྭ་ན་འདྲལ་ལྟ་སྤྱང་ཀིའི་མགོ་བོ་ཅན། །བཅོ་བརྒྱད་ཕྱག་ནི་གཡས་ཀྱི་དྲུག་པ་ན། །པུཀྐ་དམར་སེར་བྱིས་རྒྱུ་འདྲེན་བྱེད་མ། །བཅོ་བརྒྱད་ཕྱག་ནི་གཡོན་གྱི་དྲུག་པ་ན། །གྲྀ་ཌྷ་མགྲིན་དམར་བྱ་རྒོད་མགོ་བོ་ཅན། །བཅོ་བརྒྱད་ཕྱག་ནི་གཡས་ཀྱི་བདུན་པ་ན། །གྷ་སྨ་དུང་དམར་རྡོ་རྗེ་དུང་ཁྲག་འཐུང་། །བཅོ་བརྒྱད་ཕྱག་ནི་གཡོན་གྱི་བདུན་པ་ན། །ཀངྐ་རྐང་ཕྲག་དུར་བྱའི་མགོ་བོ་ཅན། །བཅོ་བརྒྱད་ཕྱག་ནི་གཡས་ཀྱི་བརྒྱད་པ་ན། །སྨེ་ཤ་མཐིང་ནག་བྱིས་སྙིང་ཟ་བ་མོ། །བཅོ་བརྒྱད་ཕྱག་ནི་གཡོན་གྱི་བརྒྱད་པ་ན། །ཀཱ་ཀ་ཁ་རོག་བྱ་རོག་མགོ་བོ་ཅན། །བཅོ་བརྒྱད་ཕྱག་ནི་གཡས་ཀྱི་ཐ་མ་ན། །ཙཎྜ་སེར་སྐྱ་མཆོག་ལུས་འདྲལ་བ་རྣམས། །བཅོ་བརྒྱད་ཕྱག་ནི་གཡོན་གྱི་ཐ་མ་ན། །ཧུ་ལུ་ལྕགས་ཀྱུ་འུག་པའི་མགོ་ཅན་བསྣམས། །ཞབས་བཞི་བགྲད་པས་རིགས་བཞིའི་དབུ་རྣམས་བརྫིས། །ཞབས་བཞི་གཡས་ཀྱི་དང་པོ་བགྲད་པ་ཡིས། །ཀློང་དུ་གྱུར་པའི་གསང་བའི་བྷ་ག་དང་། །བདེ་བ་ཆེན་པོ་བྱང་ཆུབ་སེམས་སུ་སྦྱོར། །ཞབས་བཞི་གཡོན་གྱི་དང་པོ༴ ཟག་སྟོང་མེད་པ་གསང་བའི༴ ཐམས་ཅད་འབྱུང་བའི་བྱང་ཆུབ༴ ཞབས་བཞི་གཡས་ཀྱི་གཉིས་པ༴ འདུ་འབྲལ་མེད་བ་གསང་བའི༴ སྐྱེ་ཤི་མེད་པའི་བྱང་ཆུབ༴ ཞབས་བཞི་གཡོན་གྱི་གཉིས་པ༴ གདོད་ནས་དག་པ་གསང་བའི༴ རྡོ་རྗེ་ལྟ་བུའི་བྱང་ཆུབ༴ ཁྲོ་མོ་གནམ་ཞལ་འབར་བའི་ཞབས་འོག་ན། །སྐུ་གདུང་འབར་བའི་དཔལ་ཆེན་ཡབ་ཡུམ་བཅུ ། །སྔོ་ནག་སྨུག་ནག་སེར་ནག་དམར་ནག་དང་། །ལྗང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །རྡོ་རྗེ་འཁོར་ཡུག་དུང་ཆེན་གང་བ་དང་། །རལ་གྲི་ཐོང་གཤོལ་དགྲ་སྟྭ་སྣ་ཚོགས་བསྣམས། །སྦྲུལ་དང་ཐོད་རློན་གླང་ཆེན་ཀོ་རློན་དང་། །ཞིང་ཆེན་གཡང་གཞི་སྟག་གི་ཤམ་ཐབས་དང་། །ཁྲག་དང་ཞག་དང་རཀྟའི་ཐིག་ལེས་བརྒྱན། །བསྐལ་པའི་མེ་རི་འབར་བའི་ཀློང་ན་བཞུགས། །གནས་ཡུལ་ཁྲོ་མོ་བཅུ་དྲུག་བརྗིད་པས་བཞུགས། །ཕྱག་རྒྱ་ཁྲོ་མོ་བཞི་ནི་སྒོ་བཞི་བསྲུངས། །དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ནི། །རང་རང་སྟན་དང་ལག་ཆ་སྣ་ཚོགས་དང་། །ཅི་བགྱི་ཞེས་གསོལ་ནས་ནི་ཆས་ཏེ་གནས། །དེ་ལྟར་རྩ་བའི་དཀྱིལ་འཁོར་གསལ་བཀོད་ནས། །སྣང་སྲིད་ཐམས་ཅད་འབར་བའི་དཀྱིལ་འཁོར་གསལ། །ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་སངས་རྒྱས་ནས། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བཞུགས་སུ་གསོལ། །སྐད་ཅིག་གཅིག་ལ་བདེ་གཤེགས་སྐུར་སྟོན་མ། །བྱིན་རླབས་མཆོག་དང་ལྡན་པར་མཛད་དུ་གསོལ། །ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་ཀྱང་། །སྐུ་དང་ཡེ་ཤེས་དཀྱིལ་འཁོར་རང་སྣང་བ། །སྣང་སྲིད་ཐམས་ཅད་ཡབ་ཡུམ་སྐུ་ལ་རྫོགས། །ཆེ་མཆོག་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཁམས་གསུམ་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ། །འགྲོ་དྲུག་སེམས་ཅན་ཀུན་གྱི་སྒྲིབ་སྦྱོང་བ། །བདུད་རྩི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །དུག་ལྔ་འབར་བའི་སྐུ་ལྔར་སྦྱོར། །ལེན་པ་མེད་ཅིང་གཏོང་བ་མེད། །རིག་ལྔ་དཔལ་ཆེན་ཡབ་ཡུམ་བཅུ། །སྐུ་གདུང་འབར་བ་ཁྱོད་ཕྱག་འཚལ། །ཆུ་ཟླ་ལྟ་བུར་རྙོག་བྲལ་ཞིང་། །ཐམས་ཅད་རྟོག་པ་ཡོངས་ཀྱིས་སྤངས། །ཀ་རཱི་སིངྷ་སྒོ་མའི་ཚོགས། །བདུད་རྩི་སྦྱོར་ལ་ཕྱག་འཚལ་ལོ། །བདག་ཏུ་འཛིན་མེད་རྣམ་པར་དག །བདུད་དང་ངན་སོང་གསུམ་ལས་ཐར། །དབང་ཕྱུག་མ་དང་གིང་གི་ཚོགས། །བདུད་ཀྱི་བདུད་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ མ་ཧཱ་པུ་རུ་ཤ་ཡ་ཧོཿ བདེ་བར་གཤེགས་པས་དམ་བཅའ། ཀུན་བཟང་གིས་མཆོད་པ་ཕུལ། པཱུ་ཙ་ལྔ་གཞུང་ལྟར་དབུལ། ཞེས་གསུངས་པའི་དོན་ནི། ཁྲོ་བོའི་ཆོ་གའི་སྐབས་ལྟར། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །ཞེས་པ་ནས། བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་པའི་བར་དང་། ཀུན་ཏུ་བཟང་པོའི་མཆོད་པ་ནི། བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །ཞེས་པ་ནས་བཟུང་། ཆུ་གཉིས་དང་ལྷ་མོ་བཞི་བསྣོལ་གྱི་མཆོད་པ་ཡང་དཀྱུས་བཞིན་ལ། དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ་གྱི་བར་རོ། །བདུད་རྩི་འབུལ་བ་ནི། རྩ་བར། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །གཉིས་མེད་བདེ་ཆེན་ལས་བྱུང་བ། །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །མེ་ཏོག་པདྨ་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་བདུད་རྩི་མཆོག །ག་བུར་ཤེལ་གྱི་པོག་ཕོར་དྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །ཡོན་ཏན་འབུམ་ཕྲག་ཡངས་པའི་བཅུད། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་ཐབས་མཆོག་སྟེ། །ཐམས་ཅད་བདུད་རྩི་རྣལ་འབྱོར་ཆེ། །མ་ལུས་འདུས་པའི་ཐིག་ལེ་ཆེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱར་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྒྱལ་བ་རྒྱ་མཚོ་ཐམས་ཅད་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །ཡེ་སངས་རྒྱས་པའི་ཆེ་མཆོག་ཧེ་རུ་ཀ །སྐུ་དང་ཡེ་ཤེས་དཀྱིལ་འཁོར་ཉིད་ལ་རྫོགས། །རྣམ་དག༴ ཐུགས་རྗེ༴ སྒྱུ་འཕྲུལ་དཀྱིལ་འཁོར་ཡེ་ཤེས་རང་སྣང་བའི། །བཞི་བཅུ་རྩ་གཉིས་སངས་རྒྱས་རང་སྣང་ལ། །རྣམ་དག༴ ཐུགས་རྗེ༴ འཇམ་དཔལ་གཞོན་ནུ་རྟ་མགྲིན་ཡབ་ཡུམ་དང་། །བདུད་རྩི་སྲིད་འཛིན་ཡབ་ཡུམ་མངའ་བདག་ལྷ་ཚོགས་ལ། །རྣམ་དག༴ ཐུགས་རྗེ༴ ཁྲོ་མོ་གནམ་ཞལ་ཀ་སེང་བཅུ་དྲུག་དང་། །ཡུམ་ཆེན་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ལ། །རྣམ་དག༴ ཐུགས་རྗེ༴ ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །སྐུ་གདུང་འབར་བའི་དཀྱིལ་འཁོར་ལྷ་ཚོགས་ལ། །རྣམ་དག༴ ཐུགས་རྗེ༴ སྒོ་མ་དབང་ཕྱུག་དམ་ཅན་གིང་གི་ཚོགས། །དབང་ཆེན་དཀྱིལ་འཁོར་ཀུན་འདུས་འཁོར་བཅས་ལ། །རྣམ་དག༴ ཐུགས་རྗེ༴ བསྲུང་དང་བསྐྲད་དང་གསད་ཀྱི་ལས་མཛད་པ། །རང་བྱུང་བདུད་འདུལ་ཁྲོ་བོ་བཅུ་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ དམ་ཚིག་དབང་དང་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་རྡོ་རྗེ་སློབ་དཔོན་ལ། །རྣམ་དག༴ ཐུགས་རྗེ༴ ཁ་སྐོང་སྒྱུ་འཕྲུལ་ལས་འདི་ལྟར། ཤེས་པའི་ཁྱད་པར་རིམ་པས་དབང་བསྐུར་བའི། །རྒྱལ་ཐེབས་ལ་སོགས་ཀརྨ་གིང་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ འཇིག་རྟེན་འདི་དང་ཕྱི་མ་ཐམས་ཅད་དུ ། །དམ་ཚིག་ཟུང་གིས་འབྲེལ་བའི་མཆེད་ལྕམ་ལ། །རྣམ་དག༴ ཐུགས་རྗེ༴ དམ་ལ་གནས་ཤིང་རིག་འཛིན་སྒྲུབ་པ་པོ། །ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་ལ། །རྣམ་དག༴ ཐུགས་རྗེ༴ ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །ལུས་སྲོག་བསྐྱེད་པའི་དུས་གསུམ་ཕ་མ་ལ། །རྣམ་དག༴ ཐུགས་རྗེ༴ བདུད་རྩིའི་དངོས་གྲུབ་བླང་བ་ནི། རྩ་བར། ཐུགས་ཀྱི་དངོས་གྲུབ་དམ་པ་ནི། །དངོས་པོ་མེད་པས་དངོས་གྲུབ་བླང་། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་ལས། །ཅི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཨ་ཧོ་སུ་ཀ་དྷརྨཱ་ཀཱ་ཡ་ༀ་ཨཱཿཧཱུཾ་སིདྡྷི་ཧྲཱིཿ ཞེས་ལན་གསུམ་གྱིས་མྱང་ངོ་། །ༀ་ཨཱཿཧཱུཾ་སུ་ར་ཧ། ཨུ་པ་བྷྱོཿ ཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། མ་ཧཱ་བ་ལིནྟ་ཁཱ་ཧིས་གཏོར་མ་ཕུལ། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་ནི། །ཡེ་ཤེས་ལྔ་ཡི༴ འདོད་པའི༴ དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་བདུད་རྩི་ཕུལ་ལ་བསྒྲལ་མཆོད་ནི། རྩ་བར། ཡེ་ནས་རྒྱུ་ཉིད་དག་པ་ལ། །ང་དང་བདག་ཏུ་རྟོག་པ་ཡིས། །ཁམས་གསུམ་འཁོར་བའི་རྒྱུ་རུ་འགྱུར། །ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང་། །ཨ་ཙ་ལ་ས་མ་ཡ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྦྱོར་བའི་མཆོད་པ་ནི། རྩ་བར། ལུས་ཀུན་ཡོངས་སུ་འཁྱུད་པ་ཡིས། །རྡོ་རྗེ་པདྨར་ལྡན་བྱས་པས། །རང་བྱུང་རྣམས་ཀྱི་བདེ་མཆོག་སེམས། །ཕུལ་བས་མྱུར་དུ་འགྲུབ་པ་ཡིན། །རཱ་ག་པཱུ་ཛ་ཧོཿ རཀྟ་ཚར་གསུམ་འབུལ་བ་ནི། རྩ་བར། རྒྱུད་དྲུག་འཁོར་བ་སྟོངས་པར་བསྒྲལ་སླད་དུ། །དུག་གསུམ་རྩད་བཅད་ཤ་ཁྲག་རུས་པའི་ཚོགས། །གཟུང་འཛིན་རྣམ་རྟོག་ཀུན་དང་བྲལ་བ་ཡི། །མཉམ་པ་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཛྭ་ལ་ཁཱ་ཧི། གར་དང་རོལ་མོ་གླུ་ཡེ་ཤེས་ཀྱི་མཆོད་པ་ནི། རྩ་བར། ལྷ་མོ་རོལ་མོ་བྲོ་གར་གླུ་ཡི་ཚིག །མཛེས་ལྡན་སྒྱུ་མའི་གར་དང་ཚངས་པའི་དབྱངས། །རྒྱལ་བའི་དཀྱིལ་འཁོར་རྣམས་ལ་འབུལ་ལགས་ན། །ཀུན་ཏུ་བཟང་པོའི་མཆོད་པར་བཞེས་སུ་གསོལ། །མ་ཧཱ་པཱུ་ཛ་ཧོཿ འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། རྩ་བར། ཧོཿ སྤྲོས་པ་མེད་པའི་དབྱིངས་རྣམ་པར་དག་པའི་ངང་ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བྱུང་རང་སྣང་གི་དཀྱིལ་འཁོར་ཆེན་པོ་བཅོམ་ལྡན་འདས་ཁྲོ་བོ་ཐམས་ཅད་ཀྱི་ཆེ་བའི་མཆོག་ཆེ་མཆོག་ཧེ་རུ་ཀ་དང་། ཁྲོ་མོ་གནམ་ཞལ་མ་དང་། སྐུ་གདུང་འབར་བའི་དཀྱིལ་འཁོར་ལ་སོགས་པ་རྣམས་མཁྱེན་པས་བྱིན་རླབས་དམ་པ་མཛད་དུ་གསོལ། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་སྤྲུལ་པའི་སྐུ་ཕྱག་ན་བཞུགས་པའི་སངས་རྒྱས་བཞི་བཅུ་རྩ་གཉིས། དཀྱིལ་འཁོར་གྱི་ལྷ་མོ་ཉི་ཤུ་དང་བཅས་པ་མཁྱེན་པའི་བྱིན་རླབས་དམ་པ་མཛད་དུ་གསོལ། དབང་མོ་གིང་དང་བཅས་པ་ཡེ་ཤེས་དང་ལས་ལས་གྲུབ་པ་བསམ་གྱིས་མི་ཁྱབ་པ་རྣམས་མཁྱེན་པས་བྱིན་རླབས་དམ་པ་མཛད་དུ་གསོལ། ཧོཿ རྣལ་འབྱོར་གྱི་མཆོད་པ་ལོངས་སྤྱོད་རྫོགས་པའི་ཚུལ་དུ་སྦྱར་བའི་ཆོས་ཉིད་ལས་ཆོས་ཉིད་འབྱུང་བ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ལ་ཕུད་དང་གཙང་མ་སྤགས་ཏེ་ཕུལ་བས། ཡེ་ཤེས་ལ་ཡེ་ཤེས་རོལ། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས་བཞེས་ཤིང་ལོངས་སྤྱད་དུ་གསོལ། བཤགས་པ་བྱ། ཞེས་གསུངས་པས་ཡེ་ཤེས་སྐུ་མཆོག་གི་བཤགས་པ་བྱ། འཛབ་བྱ་བ་ནི། རྩ་བར། ༀ། རྫོགས་པའི་ཡེ་ཤེས་རྨད་པོ་ཆེ། །ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་། །ཤར་གྱི་ཕྱོགས་སུ་ཁ་བལྟས་ནས། །འདས་པའི་སངས་རྒྱས་སྤྱན་འདྲེན་གྱི། །མཆོད་ཁང་ཡིད་བཞིན་རིན་པོ་ཆེ། །རུ་ལུ་འབྲུ་བརྒྱད་ཡེ་ཤེས་འཕྲོ། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །སླར་འདུས་པས་ནི་དངོས་གྲུབ་སྩོལ། །འདི་ཡང་བསྙེན་པའི་མཆོག་ཡིན་ཏེ། །ནམ་ཡང་ཉམས་པའི་དུས་མཐའ་མེད། །དུག་གསུམ་དབྱིངས་སུ་སྦྱོང་བར་མཛད། །ཅེས་པས་བསྟོད་ལ། དཀྱིལ་འཁོར་གང་བྱེད་ཀྱི་འཛབ་བཟླས་ཞེས་གསུངས་པས། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་དང་། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་པ་ཅི་མང་བཟླས་སོ། །བར་འདིར་ལེགས་ལྡན་དང་དམ་ཅན་སོགས་ཆོས་སྲུང་རྣམས་ཀྱི་བསྐང་གསོ་བྱ། རྩ་བར། དེ་ནས་ཚོགས་བྱིན་གྱིས་བརླབ། དམིགས་མེད་ཀྱིས་སྤྱན་དྲངས་ལ། ཞེས་གསུངས་པའི་དོན་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བཤམས་ལ། བསང་ཆུ་འཐོར་ཞིང་། ༀ་ཧྲཱི་བི་ཤུདྡྷེ་ཨ་མྲྀ་ཏ་ཧཱུཾ་ཕཊ། དྷརྨ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་བཛྲ་ཡཀྵ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས་སྦྱངས་ནས། ༀ་པདྨ་བ་ལིནྟ་བི་ཤྭ་ཙཀྲ་བྷྲཱུཾ། མ་སཱུརྻ་མཎྜ་ལ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། པཾ་པདྨ་མཎྜ་ལ་སྥ་ར༴ སཾ་ཧ༴ ཨ་ཙནྡྲ་མཎྜ་ལ་སྥ་ར༴ སཾ་ཧ༴ ཚོགས་ཀྱི་སྣོད་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཚོགས་ཀྱི་ཡོ་བྱད་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་འདོད་པའི་ཡོན་ཏན་ལྔའི་རྣམ་པ་མ་ཚང་བ་མེད་པ་བདུད་རྩིའི་རོལ་པ་བསམ་གྱིས་མི་ཁྱབ་པའི་བཟའ་བཏུང་གི་དངོས་པོར་གྱུར། བདུད་རྩི་བྲན་ཏེ། ༀ་བ་ལིནྟ་ཏེ་ཛྭ་བ་ལིནྟ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུཾ། དམིགས་མེད་མཁའ་ལྟར་དག་པས་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་ཨེ་ཧྱི་ཧི་ཨ་ན་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿ ཞེས་སྤྱན་དྲངས་ཏེ། ཚོགས་ཀྱི་མཆོད་པ་འབུལ་བ་ནི། ཚོགས་མཆོད་འདོད་ཡོན་གྱི་ལྷ་མོ་ནམ་མཁའ་གང་བ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་དབང་པོའི་ལྔའི་སྤྱོད་ཡུལ་དུ་ཐིམ་པར་བསམ་ལ། རྩ་བར། གཟུགས་ནི་ལག་གཉིས་མེ་ལོང་བསྣམས། །གཟུགས་མཛེས་ཀུན་ནས་ཕྱོགས་བཅུར་སྤྲོས། །ཤིན་ཏུ་སྒེག་བས་གཟི་བརྗིད་བར། །གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། །སྒྲ་ནི་ལག་གཉིས་པི་ཝང་བསྣམས། །སྒྲ་སྙན་ཡིད་དུ་འོང་བའི་སྒྲ། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྒྲ་ཡི་ལྷ་མོ་སྙན་ལ་ཐིམ། །དྲི་ནི་ལག་གཉིས་སྤོས་བསྣམས་ཏེ། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་འཕྲོ། །ཀུན་ཏུ་ཚིམ་བྱེད་དྲི་བསུང་འབར། །དྲི་ཡི་ལྷ་མོ་ཤངས་ལ་ཐིམ། །རོ་ནི་ལག་གཉིས་རིན་ཅེན་གཞོང་། །རོ་མཆོག་བརྒྱད་ལྡན་སྣ་ཚོགས་རོལ། །ཀུན་འདུས་ལུས་སེམས་བརྟས་བྱེད་པའི། །རོ་ཡི་ལྷ་མོ་ལྗགས་ལ་ཐིམ། །རེག་ཉིད་ལག་ནས་གཡོན་འཁྱུད་ལ། །ཐུགས་ཀ་དག་ཏུ་ཡོངས་སུ་སྦྱོར། །ཀུན་ཏུ་སྦྱོར་བས་བདེ་བ་ཆེ། །རེག་གི་ལྷ་མོ་སྐུ་ལ་ཐིམ། །དེ་ནས་ཚོགས་གསུམ་དུ་བཅད་དེ་སྤྲོས་ལ། དང་པོ་མཆོད་པ་འབུལ་བ་ནི། ཧཱུཾ། རྡོ་རྗེ་ཚོགས་དང་མོ་ཀྵའི་ཚོགས་ལ་སོགས། །སྨིན་མ་ཨ་འབྲས་རྒུན་འབྲུམ་པ་ན་པེཾ། །ན་རི་གེ་སར་ཨ་ཏི་ཀ་ལ་སོགས། །དེ་ཡི་ཚིམ་བྱེད་སྣ་ཚོགས་རྣམས་དང་ནི། །ཟླ་རྫོགས་ལ་སོགས་ཡང་དག་ལྡན་པ་ཡི། །དམ་རྫས་བདུད་རྩིའི་མཆོག་ཏུ་སྦྱར་བ་འདི། །བསྣམས་ཤིང་རོལ་ཏེ་དགྱེས་པར་དགོངས་ནས་ཀྱང་། །དབང་དང་དངོས་གྲུབ་བདག་ལ་སྩལ་དུ་གསོལ། །བར་བ་བཤགས་པ་འབུལ་བ་ནི། ཧཱུཾ། མ་རིག་འཁྲུལ་པས་གནོང་ཞིང་འགྱོད་པ་ནི། །སྙོམས་ལས་དབང་གིས་ཡི་དམ་ལྷ་སྤངས་ཤིང་། །སླུ་བྱེད་རྐྱེན་གྱིས་སློབ་དཔོན་སྙིང་ནས་དམད། །ང་རྒྱལ་དྲེགས་པས་མཆེད་དང་ལྕམ་དྲལ་དཀྲུགས། །ལྕམ་ལ་ཕྱར་བས་གསང་ཚིག་གཞན་ལ་སྤེལ། །སེར་སྣས་བཅིངས་པས་མཆོད་པ་ལོ་ཟླར་འགྱངས། །ཁྲེལ་འཛེམ་སྤགས་པས་ཆེ་བའི་ཡོན་ཏན་དམད། །དྲག་ཤུལ་ཆུང་བས་ལོག་འདྲེན་ཚར་མ་ཆོད། །དཔའ་བརྟན་ཆུང་བས་ཕྲིན་ལས་ཟབ་མོར་དངངས། །མཚན་ངན་དྲི་མས་གསང་བའི་པཱུ་ཛ་ཆག །རྔམས་པས་ཐུག་ཐུབ་ཕུད་དང་ལྷག་མ་ཉམས། །མཐོང་བསེན་རྔན་ཆགས་བླང་དོར་གཉིས་སུ་གྱུར། །བཀའ་ཆད་རྣམ་གྲངས་གྱུར་པ་ཅི་མཆིས་པ། །བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་ཅག་མཆོད་པ་ཆགས་དང་དམ་ཚིགས་ཉམས། །མཆོད་པ་ཆག་པ་ལོངས་སྤྱོད་ཚོགས་ཀྱིས་བསྐང་། །རྩ་བ་ཡན་ལག་ཉམས་འཁྲུལ་ཅི་མཆིས་པ། །ཐམས་ཅད་ཚོགས་འདིས་ཉམས་ཆག་སྐོངས་གྱུར་ཅིག །ཐ་མ་སྟོབ་པ་ནི། ཁྲོ་བོའི་ཚོགས་ཐ་མ་ལྟར་ལིང་ག་བཤམས་ཏེ། རང་དཔལ་ཆེན་པོའི་ང་རྒྱལ་གསལ་ཏེ། ཨེ་རཾ་ཛྭ་ལ་རཾ། ཞེས་སོགས་ནས། ཧཱུཾ། བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ། །ཞེས་སོགས་ཀྱིས་ཁྲོ་བོ་ལ་བསྟོད་ཅིང་། སྔགས་ཀྱིས་འབུལ་བའི་བར་རྣམས་སྔ་མ་ལྟར་རོ། །སླར་ཡང་ཚོགས་ལ་བརྟེན་ནས་བཤགས་པ་དང་གསོལ་བ་གདབ་པའི་སླད་དུ། རྩ་བར། ཧཱུཾ། རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །རྒྱལ་བ་ཞི་ཁྲོའི་རྗེས་འབྲངས་མཁའ་འགྲོའི་ཚོགས། །མཆོད་སྤྲིན་བླ་མེད་ནམ་མཁའི་མཐའ་ཀླས་པ། །ཕུལ་བ་འདི་བཞེས་བདག་ལ་སྐྱབས་མཛོད་ཅིག །དུས་ངན་ཐ་མར་སྐྱེས་པའི་རྣལ་འབྱོར་པ། །རང་རིག་མངོན་ཤེས་མཐུ་དང་མི་ལྡན་པས། །སྣོད་དང་སྐལ་པར་མི་ལྡན་སློབ་མ་བཙུད། །མི་འཚམས་པ་ལ་དབང་བསྐུར་གསང་བ་བཤད། །གསང་སྔགས་བཅོས་གྱིན་ངན་པའི་རྒྱུ་བསགས་པ། །རྗེས་སུ་འབྲངས་པ་ཁྱེད་ལ་བཟོད་པར་གསོལ། །ཁྱེད་ནི་རང་རིག་མངོན་ཤེས་མཐུ་དང་ལྡན། །འགྲོ་བའི་སྐྱབས་མཆོག་ཅི་ཕྱིར་བསྐུལ་བ་བཞིན། །ཐུགས་རྗེ་བྱམས་མགོན་ལྡན་པའི་གྲོགས་མཛོད་ཅིག །དད་པས་རང་ཉིད་འཕགས་མཆོག་ཁྱེད་ལ་མོས། །རྣལ་འབྱོར་སྐུ་གསུམ་མ་ཐོབ་བར་དུ་ནི། །ལུས་དང་གྲིབ་མ་བཞིན་དུ་འགྲོགས་བྱ་ཞིང་། །རྣམ་ལྔ་མཆོད་པ་དམ་པ་འདི་བཞེས་ལ། །བདག་གི་བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །དེ་ནས་བརྟན་མ་བསྐྱང་ངོ་། །ཞེས་གསུངས་པ་གཞུང་འདི་ག་ནས་འབྱུང་བ་ལྟར་རམ། ཡང་ན་སྔ་འགྱུར་སྤྱི་ལྟར་རོ། །རྩ་བར། དེ་ནས་ཁྲོ་བོའི་འཛབ་ཁང་ཕྱེ་ལ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་ཧཱུཾ་དང་། རྡོ་རྗེ་སེམས་དཔའ་གནས་འགྱུར་བ་སོགས་ཀྱི་རིགས་ལྔའི་འཛབ་བྱ། དེ་ནས་དབང་མཆོག་གི་བྱ། དེ་ནས་ལུང་གི་ཧེ་རུ་ཀ་བཞིའི་བྱ། རུ་ལུ་བཟླས། དེ་ནས་རིག་འཛིན་གྱི་བྱ། ཞེས་གསུངས་པའི་དོན་གོང་དུ་ཁྲོ་བོའི་འཛབ་ཁང་དབྱེ་བ་ལྟར། ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ་ཛཿ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ། ཚོགས་ཆེན་འདུས་པའི་དབང་གི་དཀྱིལ་འཁོར་གྱི། །འཁོར་ལོ་འབར་བ་དབུས་ཀྱི་ལྟེ་བ་ལ། །བཅོམ་ལྡན་ཆེ་མཆོག་དཔལ་ཆེན་ཧེ་རུ་ཀ །ཞེས་སོགས་གཙོ་བོ་དང་། རྩ་བར། ཆེ་མཆོག་ལ་གོང་དུ་སོང་བའི་དབང་དུ་བྱས་ཏེ། བཛྲ་ཧེ་རུ་ཀ་ནས་བཟུང་བྱེད་པར་གསུངས་ཀྱང་། ལྷག་པའི་སྐྱོན་མེད་པས་འདི་བཞིན་བྱ་བ་ལེགས་པས། དེ་བཞིན་དུ། བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་སྐུ་གདུག་པ་འདུལ། །ཞེས་དབང་མཆོག་དང་། ཧཱུཾ། དབང་གིས་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་འབར་བའི་ལྟེ་དབུས་ན། །དྲེགས་པ་བསྣོལ་བའི་གདན་སྟེང་དུ། །རྡོ་རྗེ་མི་བསྐྱོད་གནས་གྱུར་པ། །ཞེས་སོགས་བཛྲ་ཧེ་རུ་ཀ་ནས་བཟུང་། ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་སྤེལ་ཞིང་བཟླས་སོ། །ཞེས་རིག་འཛིན་བླ་མའི་འཛབ་ཀྱི་བར་དུ་དཀྱུས་བཞིན་བྱའོ། །རྩ་བར། དེ་ནས་གསལ་བཏབ་ལ་ཕྱོོགས་བཅུ་དུས་བཞི་དང་། གཏུམ་ཆེན་གྱིས་བསྟོད། ཅེས་གསུངས་པ་ཞི་ཁྲོའི་དཀྱིལ་འཁོར་གསལ་བཏབ་སྟེ། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་ནས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོའི་བར་གྱིས་ཞི་བ་དང་། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ཆེན་འབར། །ཞེས་སོགས་ནས། རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོའི་བར་གྱིས་ཁྲོ་བོ་ལ་བསྟོད་དོ། །རྩ་བར། ཚོགས་ཀྱི་མཆོད་པ་དབུལ། ཚོགས་འཁོར་བྱ། ལུང་གསལ་གདབ་སྟེ་ནུབ་མོའི་ཆོ་ག་བྱའོ། །ཞེས་གསུངས་པ་ཚོགས་སོང་མ་ཐག་ཡིན་པས་བྱ་མི་དགོས། ལུང་གི་ཕྲིན་ལས་གསལ་གདབ་སྟེ་མི་ཉལ་བར་འཛབ་བྱ་བའི་དོན་ཡིན་ནོ། །རྩ་བར། ནམ་ལངས་མ་ཐག་ལུང་གི་ལྷག་མ་བཏང་། ཞེས་གསུངས་པ་ལྷག་མའི་རྒྱུ་མཚན་གོང་དུ་སོང་བ་ལྟར་མ་བྱས་ཀྱང་ཁྱབ་ལ། བྱ་བར་འདོད་ཀྱང་མི་འགལ་ཏེ། གླན་སྟོན་བསོད་ནམས་མགོན་པོས། ལྷག་མ་བཏང་ལ་གཏོར་མ་ཀེ་ཚང་དུ་བསག་གོ། །ཅེས་གསུངས་པའི་ཕྱིར་ཚོགས་ལྷག་གི་ཆོ་ག་བྱ་ཞིང་ལྷག་ག ཏོར་ཕྱིར་མི་བསྐྱལ་བར་ནང་དུ་བསག་པ་ལ་དགོངས་པ་ཡིན་པས་ཤིན་ཏུ་འཐད་པར་སྣང་བས་དེ་བཞིན་བྱ་ཞིང་ཆོ་ག་འོག་ནས་འབྱུང་བ་ལྟར་རོ། །རྩ་བར། དེ་ནས་སྔ་དྲོ་ཆོ་ག་འབྲིང་པོ་བྱས་ལ་ཕྱག་འཚལ། མཚམས་བཅད། གསལ་གདབ། བཤགས་པ་བྱ། དམ་བཅའ། བྱིན་དབབ། རྟག་གདབ། མཆོད་པ་བྱིན་གྱིས་བརླབ། ཞི་ཁྲོ་རྒྱུད་ལྟར་བསྐྱེད། ལུང་གིས་གསལ་གདབ། འཛབ་རིགས་ལྔ་ཡན་བྱ། བོ་དྷི་ཙིཏྟ་བཟླས། ཕྱོགས་བཅུ་དུས་བཞིས་བསྟོད། ཁྲོ་བོ་ལ་རུ་ལུ་བཟླས། ཡང་ན་ཁམས་གསུམ་ལྷར་གསལ་གདབ་ལ། གསང་བ་ཐུགས་ཀྱི་སྙིང་པོ་ནུས་ཚད་བཟླས། བླ་མ་གཟུངས་ཐག་བཟུང་ལ་གུ་ཧྱ་དང་རུ་ལུ་བཟླས། ཀུན་གྱིས་འཛབ་བསྐོར་བྱ། གསལ་གདབ་ཚོགས་དབུལ། འབྲིང་པོ་ལས་ཁྲིགས་སོ། །ཞེས་གསུངས་པའི་དོན་ཉིན་མོའི་ཆོ་ག་བཤད་པས། སྔར་བཞིན་རྩ་བ་དང་ཡན་ལག་གི་མཆོད་པ་ཚོགས་ཀྱི་འཁོར་ལོ་དང་བཅས་པ་ཞལ་ཟས་དང་མར་མེ་བརྒྱ་ཕྲེང་སོགས་བཤམ། ཕྱག་འབྲིང་པོའམ་བསྡུས་པ་གང་རིགས་བྱ། མཚམས་གཅོད་ལས་གཞུང་ལྟར་བྱ་ཞིང་། ལུང་གི་ཕྲིན་ལས་ཀྱིས་གསལ་གདབ། ཡེ་ཤེས་སྐུ་མཆོག་དང་། ཡེ་ནས་མཉམ་ཉིད་ཀྱིས་བཤགས། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །ཞེས་སོགས་དང་། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །ཞེས་སོགས་ཀྱིས་དམ་བཅའ། བྱིན་འབེབས་འཕགས་མཆོག་ཐུགས་རྗེའམ་གོང་དུ་བཤད་པ་བཞིན། ཧཱུཾ། ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་འདིར། །ཞེས་སོགས་རྒྱས་པར་བྱ། ཁྲག་ཞག་ཐལ་བའི་མཚན་མ་གསུམ་གྱིས་རྟགས་གདབ། མཆོད་པ་བྱིན་བརླབ་ཀྱང་ལས་གཞུང་ཇི་བཞིན་པར་བྱ། ཞི་ཁྲོའི་ལས་བྱང་དང་ལུང་གི་ཕྲིན་ལས་སྤེལ་བ་ཡང་སྔ་མ་ལྟར་རྒྱས་པར་བྱ་ཞིང་། ཞི་བའི་ཚོགས་ཀྱི་སྔོན་དུ་ཞི་བའི་འཛབ་ཁང་དབྱེ་བ་དཀྱུས་བཞིན་བྱ། ཁྲོ་བོའི་ཚོགས་ཀྱི་སྔོན་དུ་ཁྲོ་བའི་འཛབ་ཁང་དབྱེ་བ་ཡང་དཀྱུས་བཞིན་བྱ། དྲིལ་འཛབ་དཔོན་སློབ་ཐམས་ཅད་ཀྱིས་གུ་ཧྱ་ཛྙ་ན་དང་། རུ་ལུ་བྱ་ཞིང་། འཛབ་དབྱངས་འཛབ་བསྐོར་དང་བཅས་ཏེ་བྱའོ། །ལུང་གི་ཕྲིན་ལས་ཀྱི། རྡུལ་བྲལ་རྩོལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བསྙེན་གྲུབ་རྣམ་བཞིའི་འཛབ་བསྙེན་བྱས་པའི་མཐུས། །ཞེས་སོགས་ཀྱིས་གསལ་གདབ། སྤྲོ་ན་ཞི་ཁྲོ་གཉིས་ཀའི་ཚོགས་བྱ་དགོས་ཀྱང། སྤྲོས་པས་དུབ་ན་སྔ་དྲོའི་ཆོ་ག་འདིར་ཞི་བའི་ཚོགས་ཕུལ་ན་ལེགས་སམ་སྙམ་ཞིང་། ཀུན་གྱིས་གུ་ཧྱ་དང་། རུ་ལུའི་འཛབ་ལ་བརྩོན་པར་བྱའོ། །སྔ་དྲོའི་ཆོ་གའོ། །རྩ་བར། གུང་དང་དགོང་མོ་ཁྲོ་བོ་བཅུས་མཚམས་བཅད། ཡེ་ནས་མཉམ་ཉིད་ཀྱིས་བཤགས། དམ་བཅའ། བྱིན་དབབ། མཆོད་པ་བྱིན་རླབས། ཞི་ཁྲོའི་ལྷ་སྔགས་ཀྱིས་གསལ་གདབ། ཀུན་བཟང་ནས་མཆོད་པ་ལྔ་དབུལ། སྔགས་ཚན་བསྡུས་པས་ཞི་ཁྲོ་ལ་བདུད་རྩི། གཏོར་མ། སྦྱོར་སྒྲོལ། ཏིང་འཛིན་དབུལ། ཁྲོ་བོ་ལ་སྔགས་ཀྱིས་རང་རཀྟ་དབུལ། ༀ་བཛྲ་ཨེ་ས་ཧཱུཾ་དང་རྒྱ་མཚོ་ལྔ་བྱ། འདོད་དོན་ལ་གསལ་བ་གདབ། བོ་དྷི་ཙིཏྟ་དང་རུ་ལུའི་འཛབ་བྱ། བསྟོད། དེ་དག་དཀྱིལ་འཁོར་ཞག་གི་ཆོ་ག་ཏེ། སྒྲུབ་པ་ཞག་གྲངས་སུ་བྱེད་ཀྱང་དེ་ལྟར་བྱའོ། །ཞེས་གསུངས་པའི་དོན་རྩ་བ་དང་ཡན་ལག་གི་མཆོད་པ་ཚོགས་ཀྱི་འཁོར་ལོ་རྣམས་ལྔར་ལྟར་བཤམ། རབ་གནས་ཀྱི་རང་བཞིན་དཀྱིལ་འཁོར་བསྐྱེད་པའི་སྐབས་ལྟར། ཧཱུཾ། དབང་མཆོག་སྒྲུབ་པའི་དཀྱིལ་འཁོར་དུ། །ཞེས་པ་ནས་ཁྲོ་བོ་བཅུའི་སྔགས་ཀྱི་བར་བརྗོད་ལ་ཁྲོ་མཚམས་གསལ་གདབ། ཧཱུཾ། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལ། །ཞེས་སོགས་ཀྱིས་བཤགས། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །ཞེས་སོགས་ཀྱིས་དམ་བཅའ། འཕགས་མཆོག་ཐུགས་རྗེས་བྱིན་དབབ། སྨན་གཏོར་རཀྟ་ཉེར་སྤྱོད་རྣམས་ལས་གཞུང་ལྟར་བྱིན་གྱིས་བརླབ། ཞི་ཁྲོའི་དཀྱིལ་འཁོར་གཉིས་སྔགས་ཀྱིས་གསལ་གདབ་པ་ནི་ཐོག་མར་ཞི་བ་ལ། ཨེ་ཡཾ་བཾ་སུཾ་ལཾ་རཾ་བྷྲཱུཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་སཱུརྻ་ཙནྡྲ་རཏྣ་པདྨ་མཎྜ་ལ་བྷྲཱུཾ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཞེས་སོགས་ནས། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛ་ལ་ནཱི་ཧཱུཾ་ཕཊ། ཞེས་པའི་བར་གྱིས་ཞི་བ་རྣམས་དང་། ཁྲོ་བོའི་དཀྱིལ་འཁོར་ལ་དམིགས་ཏེ། ཨེ་ཡཾ་རཾ་བཾ་ཀེཾ་རཾ་བྷྲཱུཾ། བྷྲ྄ཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་སཱུརྻ་ཙནྡྲ་པདྨ་ཨེ་ཀ་མཎྜ་ལ་དེ་ཝ་ཏི་ར་ནན། དུ་ཏི་ཙཀྲ་ནན། རུ་ཏྲ་ཀྲོ་དྷི་ཏི་ར་བཾ། ༀ་ཨ་ཀྲ་མ་ཧཱ་ཞེས་སོགས་ནས། ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུཾ། ཞེས་པའི་བར་གྱིས་སྔགས་རྣམས་ཀྱིས་གསལ་བཏབ། འདི་ནི་སྔགས་ཀྱི་ཕྲིན་ལས་ལྟ་བུའི་དོན་ཡིན་པས། ཞི་ཁྲོ་ཐུན་མོང་དང་། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨ་དཪྴ། ས་མ་ཏཱ། པྲ་ཏྱཱ་བེཀྵ་ཎ། ཀྲྀ་ཏྱཱ་ནུཥྛ་ན། ཞེས་སོགས་སྦྱར་བས་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ། དེ་བཞིན་དུ་ཝཱ་ཀ་བཛྲ། ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་སྙན་གསན་དབབ། ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་དྲཱྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨེ་ཧྱེ་ཧི་ཨ་ན་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས། ༀ་བཛྲ་ཨངྐུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གྷཎྜེ་ཧོཿ ཞེས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་གྱིས་བརྟན་པར་བྱ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཞེས་སོགས་ཀུན་བཟང་དང་། ཆུ་གཉིས་བཞི་བསྣོལ་གྱིས་ཐུན་མོང་དུ་མཆོད། སྔར་ལྟར་རང་སྔགས་སམ་བསྡུ་ན་ཞི་བ་ལ་བོ་དྷི་ཙིཏྟ་དང་། ཁྲོ་བོ་ལ་རུ་ལུའི་མཐར། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིས་བདུད་རྩི་ཕུལ། དེ་བཞིན་དུ་སྔགས་རྒྱས་བསྡུས་གང་རུང་གི་མཐར། མ་ཧཱ་བ་ལིནྟ་ཁཱ་ཧིས་གཏོར་མ་འབུལ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿ ཧཱུཾ྄་ཧཱུཾ་ཧཱུཾ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྦྱོར་སྒྲོལ་དང་། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ཞེས་སོགས་ནས། ཨ་ལ་ལ་སྟེ་མཆོད་པར་འབུལ། །ཞེས་པ་ཡན་གྱི་ཏིང་ངེ་འཛིན་གྱི་མཆོད་པ་འབུལ། ཛཿཧཱུཾ་བཾ་ཧོཿཤྲཱི་ཧེ་རུ་ཀ་བཛྲ་ས་མ་ཡ། མ་ཧཱ་ས་མ་ཡ། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཞེས་རཀྟ་ཕུལ། ༀ་བཛྲ་ཨེ་ས་ཧཱུཾ། པེ་ས་ཧཱུཾ། ས་མ་ཡ་བགྴ་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ྄་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ བཛྲ་པྲ་ཏཱིཙྪ་ཧོཿ ཧོཿརྒྱལ་བ་རྒྱ་མཚོ་དགོངས་སུ་གསོལ། །མཆོད་པ་རྒྱ་མཚོ་བཞེས་སུ་གསོལ། །ཉམས་ཆག་རྒྱ་མ ཚོ་བསྐང་དུ་གསོལ། །དངོས་གྲུབ་རྒྱ་མཚོ་སྩལ་དུ་གསོལ། །ཕྲིན་ལས་རྒྱ་མཚོ་བསྒྲུབ་ཏུ་གསོལ། །འདོད་དོན་གསོལ་གདབ། རྒྱས་བསྡུས་གང་འོས་གོང་དུ་བཤད་པ་རྣམས་ལས་རིག་པས་དཔགས་ཏེ་བྱ། ཞི་བ་ལ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་ཧཱུཾ྄། ཞེས་དང་། ཁྲོ་བོ་ལ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླ། ནུབ་མོ་ཆོས་སྲུང་མཆོད། ཞི་ཁྲོ་གཉིས་ཀར་རམ་ཁྲོ་བོའི་ཚོགས་འཁོར་བྱིན་རླབས་ནས་རོལ་པའི་བར་དུ་བྱ། འཛབ་སྐོར་སོགས་རྒྱུན་སྤྱོད་བྱའོ། ༈ །བཞི་པ་སྒྲུབ་པ་ཆེན་པོ་ནི། ཞག་བཅུ་གཅིག་གི་དབང་དུ་བྱས་ན། བཅུར་འགྲོ་བའི་དགོང་མོ་ཕྲིན་ལས་ཐུང་བ་དང་སྦྲེལ་བ་དབང་གི་སྦྱིན་སྲེག་བྱ། ཞེས་གསུངས་པའི་དོན་འདི་ལྟ་བུ་ནི་ཆོག་ཁྲིགས་ལྟར་སྒྲུབ་ཞག་བདུན་ལྔ་གསུམ་གཅིག་སོགས་ཅི་འགྲུབ་བྱས་པའི་ཐ་མའི་ནུབ་སྔགས་ཀྱི་ཕྲིན་ལས་འདི་བཞིན་ནམ། ཞི་ཐུང་ཁྲོ་ཐུང་གཞུང་བསྲང་སྟེ་དབང་གི་སྦྱིན་སྲེག་བྱ་བར་གསུངས་ཀྱང་། ཟུར་ལུགས་འདིར་སྦྱིན་སྲེག་བྱ་གསུངས་པ་ཙམ་ལས་ཆོ་ག་མི་སྣང་བས་སྤྲོ་ན་རབ་གནས་དུས་ཀྱི་རྒྱས་པའི་སྦྱིན་སྲེག་སྐབས་དང་། འདིའི་དབང་གི་སྦྱིན་སྲེག་སོགས་ཁམས་ལུགས་ལྟ་བུའི་ཆོ་ག་ཟུར་ནས་བླང་ངོ་། །རྩ་བར། ཚར་བ་དང་དཀྱིལ་འཁོར་གྱི་ཐ་མར་ཕྱེས་རྡོ་རྗེ་རྒྱ་གྲམ་བྲིས། དངོས་གྲུབ་ཀྱི་ཞལ་ཟས་དང་ཤ་མར་ཁུར་བ་སོགས་མཆེད་ལྕམ་དུ་ཡོད་ཀྱི་གྲངས་ལས་ལྔ་འགྱུར་གྱིས་ལྷག་པ་བྱས་ལ་མཐའ་མར་དགོད། ཅེས་གསུངས་པ་དངོས་གྲུབ་བླང་བའི་རྫས་ཡིན་པས་ད་ལྟ་བཤམ་མི་དགོས། རྩ་བར་ཤར་དུ་དཔལ་བཤོས། ནུབ་ཏུ་དབང་བཤོས། རྡོ་རྗེ་ཚེ། ཟླ་གམ་ལ་བཀྲ་ཤིས་ཀྱི་བྱ་ཁ་སྤྲོད། གསོལ་བྱང་བདུད་རྩི་རློན་སྦྱོར་ཛ་གད་ཀྱི་གང་བ་ཁུར་བས་བཀབ་པ་བཤམ་མོ། །ཞེས་གསུངས་པའི་དོན་ནི་དཔལ་བཤོས་དང་རྡོ་རྗེའི་ཚེ་ཆེ་མཆོག་གླང་པོའི་དཀྱིལ་འཁོར་རྣམས་གོང་དུ་བཤམས་ཟིན་ལ། གསོལ་བྱང་བདུད་རྩིའི་སྣོད་ཀྱི་གདན་ནི་འོག་ཏུ་གསང་དབང་གི་དུས་སུ་བཤད་པ་དང་བདུད་རྩིའི་དཀྱིལ་འཁོར་བསྒྲུབ་ཚུལ་གྱི་སྐབས་སུ་བཤད་པ་ལྟར་སྨན་ལྔ། འབྲུ་ལྔ། སྤོས་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ། བདུད་རྩི་ལྔའི་ལྡེ་གུ་སྙོམས་པར་བྱུགས་པའི་སྟེང་རྡུལ་ཚོན་ནམ་ཆུ་ཚོན་གྱིས་འཁོར་ལོ་སེར་པོ་རྩིབས་བཞི་མུ་ཁྱུད་ཅན་ལྟེ་བ་མཐིང་ཁ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེས་མཚན་པ་བྲིས་པ་ལ་ཞི་བ་ཞེ་གཉིས་ཀྱི་མཚན་མ་བྱང་སེམས་ཀྱི་ཐིག་ལེ་བཀོད། དེའི་སྟེང་ཐོད་པ་མཚན་ལྡན་དུ་བྱང་སེམས་འོ་མ་བུ་རམ་སྦྱར་བ་ཛ་གད་བཟང་པོ་དང་བསྲེས་ཏེ་བཀང་བ་ཁུར་བས་ཁ་བཅད་པར་གསུངས་ཀྱང་། དར་མཐིང་དམར་རམ་མེ་ལོང་གིས་ཁ་བཅད་པ་ལྡིང་ཁྲིའི་སྟེང་ཤར་རམ་གང་བདེར་བཞག་གོ། །རྩ་བར། དེའི་ནུབ་མོ་སྔོན་འགྲོ་སྒྲུབ་པའི་ཕྲིན་ལས་རྒྱས་པར་བྱ། །ཞེས་གསུངས་པ་སང་ཉིན་ནས་ཚོགས་ཆེན་འདུས་པའི་དབང་གི་ཕྲིན་ལས་ལ་འཇུག་པའི་དབང་དུ་བྱས་པ་ཡིན་པས། གཞུང་བཞིན་ནུབ་མོའམ་ཡང་ན་ནངས་པར་ཐོ་རེངས་ཀྱི་ཆ་ལ་སྔར་བཞིན་རྩ་བ་དང་ཡན་ལག་གི་མཆོད་གཏོར་ཚོགས་ཀྱི་འཁོར་ལོ་ལྷ་བཤོས་དང་མར་མེ་བརྒྱ་ཕྲེང་སོགས་ཀྱང་སྤྲོ་ན་བཤམ་སྟེ་སྔོན་འགྲོ་ཚུལ་ཕྱག་དང་གྲལ་ཕྱག་བྱ་བ་ནས་བཟུང་། མཚམས་གཅོད་ཀྱི་བར་ཤིན་ཏུ་རྒྱས་པ་དང་། བཤགས་པ་དམ་བཅའ་བྱིན་དབབ། རྟགས་གདབ། སྨན་གཏོར་རཀྟ་མཆོད་པ་བྱིན་བརླབ་སོགས་ཀྱང་རྒྱས་པར་རྒྱུད་ལུང་བསྡེབས་ཏེ་བྱས། མཆོད་པ་བྱིན་བརླབ་ཀྱི་མཇུག་ཏུ་བྱེ་བྲག་གི་དབང་རྫས་རྣམས་བྱིན་གྱིས་བརླབ་པ་ནི། རྩ་བར། མཆོད་པ་བྱིན་བརླབ་དུས་ཀྱི་དཔལ་བཤོས་ལ་བདག་གི་ཐུགས་ཀ་ནས་ཧཱུཾ་དཀར་པོ་འཕྲོ་འདུས་འོད་དུ་ཞུ་བ་ལས་དཔལ་བཤོས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་ངོ་བོ་ལོངས་སྤྱོད་སྣ་ཚོགས་འབྱུང་བར་བསམ་མོ། །དབང་བཤོས་ཐུགས་ཀའི་ཏྲཾ་འཕྲོ་འདུ་ལས་ཏྲཾ་རཏྣ་ཏྲཻ་ལོ་ཀྱ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ་གིས་རིན་པོ་ཆེའི་མཆོད་སྡོང་ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་འབྱུང་བར་བསམ་མོ། །ཞེས་གསུངས་པ་ལྟར་བྱའོ། །རྩ་བར། འབྲང་རྒྱས་དང་ཚེ་ལྕམ་ལུགས་ལྟར་བྱིན་གྱིས་བརླབ་བོ། །ཞེས་གསུངས་པ་འོག་ཏུ་ཚེ་དབང་རྒྱས་པར་ཡོད་པས་དེའི་དུས་སུ་བསྒྲུབ་པས་འཐུས་སོ། །རྩ་བར། གསོལ་བྱང་ལ་ཐུགས་ཀའི་ཧཱུཾ་འཕྲོ་འདུ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་སཱུརྻ་ཙནྡྲ་རཏྣ་པདྨ་མཎྜ་ལ། ཞེས་པ་འཁོར་ལོ་རྩིབས་གཞི་མུ་ཁྱུད་ཅན་དུ་དཔལ་ཆེན་པོ་ཆེ་མཆོག་དབུ་ཉེར་གཅིག །ཕྱག་ཞེ་གཉིས་པ་གནམ་ཞལ་མ་དང་ཁྲོ་མཁར་གྱི་ཚུལ་དུ་བཞུགས་པ་ལ་ཀ་རཱི་བརྒྱད་ཀྱིས་བསྐོར་བ་ལམ་གྱིས་བསྐྱེད་ལ། ༀ་ཨཱཿཧཱུཾ་ལས་དཀྱིལ་འཁོར་ལྷའི་འོད་ཟེར་ཐམས་ཅད་འདུས་པས་སྐུ་གསུང་ཐུགས་ཀྱི་ངོ་བོ་འབྲུ་གསུམ་དུ་བསམ་མོ། །དེ་ནི་ཆེ་མཆོག་གླང་པོའི་དཀྱིལ་འཁོར་རོ། །དེ་ནས་གཞུང་བསྲང་། འཛབ་བྱ། ཚོགས་སྐོངས་སོ། །ཞེས་གསུངས་པ་ཐོག་མར་ཞི་བའི་ལས་བྱང་རྒྱུད་ལུང་གཉིས་བསྡེབས་ཏེ་བྱ། འཛབ་ཁང་ཕྱེ་ལ་སྒོས་འཛབ་བྱ། ཚོགས་དབུལ། དེ་ནས་ཁྲོ་བོའི་ལས་གཞུང་ཡང་རྒྱུད་ལུང་གཉིས་བསྡེབས་ཏེ་བསྲང་། འཛབ་ཁང་ཕྱེ་ལ་སྒོས་འཛབ་བྱ། སྤྱི་འཛབ་ཏུ་གུ་ཧྱ་ཛྙཱ་ན་དང་། རུ་ལུའི་འཛབ་གང་མང་བཟླ། ཆོས་སྲུང་མཆོད་བསྐང་བྱ། ཁྲོ་བོའི་ཚོགས་དབུལ། ཞི་ཁྲོ་གཉིས་ཐུན་མོང་གི་སྐོངས་བཤགས་ནི་སྟོད་སྨད་ཀུན་དང་། གཞན་ལ་ཡང་མཁོ་ཆེ་བས་ཁོ་བོའི་ཡོངས་འཛིན་སྨན་ལུང་པ་ཆེན་པོའི་ཕྱག་བཞེས་ལས་འབྱུང་བ་བཞིན་འདི་ལྟར། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསྐལ་པ་དུས་ཀྱི་ཐ་མ་ལ། ཉམས་ཆག་མང་བས་བསྐང་བ་སྟེ་ཚོགས་བཤམ། འཆམ་བྱ། དྲི་ཡིས་བསང་། བྱིན་གྱིས་བརླབ་པ་བྱ། མཆེད་ལྕམ་ཀུན་བྱིན་བརླབ་བྱ། ཡེ་ཤེས་ལྷ་སྤྱན་དྲངས། བླ་མེད་ཅེས་སྤྱིར་འབུལ། ཚོགས་བཏེགས་ལ་འཆམ་ཞིང་། ན་མོ་ཧཱུཾ། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས༴ གསལ་བ་ཤེས་རབ༴ སྡུག་བསྔལ་ཆོས་ཉིད༴ ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་། །ཆོས་ཀྱི་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །མདངས་གསལ་འབར་བའི་བྷཉྫ་རུ། །ཡེ་ཤེས་དྲི་མེད་བདུད་རྩིས་བཀང་། །ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས༴ བླ་མ་ཡི་དམ་མཁའ་འགྲོའི༴ ཉམས་ཆག་ཐམས་ཅད༴ མཆོག་གི་འོད་གསལ་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང་། །སྤྲུལ་པ་སྐུ་ཡི་ལྷ་ཚོགས༴ བླ་མ་ཡི་དམ་མཁའ་འགྲོའི༴ ཉམས་ཆག་ཐམས་ཅད༴ ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང་། །བདེ་གཤེགས་ཞི་བའི་ལྷ་ཚོགས༴ བླ་མ་ཡིད་དམ་མཁའ་འགྲོའི༴ ཉམས་ཆག་ཐམས་ཅད༴ ཡེ་ཤེས་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང་། །བདེ་གཤེགས་ཁྲོ་བོའི་ལྷ་ཚོགས༴ བླ་མ་ཡི་དམ་མཁའ་འགྲོའི། །ཉམས་ཆག་ཐམས་ཅད༴ ཨ་ཝ་དྷུ་ཏིའི་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང་། །འཇམ་དཔལ་སྐུ་ཡི་ལྷ་ཚོགས༴ བླ་མ་ཡི་དམ་མཁའ་འགྲོའི༴ ཉམས་ཆག་ཐམས་ཅད༴ རོ་མ་རྐྱང་མའི༴ ཆོས་ཉིད་བརླན་གྱི༴ པདྨ་གསུང་གི་ལྷ་ཚོགས། །བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ མི་ཤིགས་ཐིག་ལེའི༴ བརྡལ་བ་ཆོས་ཉིད༴ ཡང་དག་ཐུགས་ཀྱི་ལྷ་ཚོགས༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ དྭངས་མ་ལྔ་ཡི༴ ཆོས་ཉིད་འོད་གསལ༴ བདུད་རྩི་ཡོན་ཏན་ལྷ་ཚོགས༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ རླུང་རྩ་སྟོང་གི༴ ཆོས་ཉིད་སྟོང་གསལ༴ ཕྲིན་ལས་ཕུར་བའི་ལྷ་ཚོགས༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ལུས་རྣམས་གསང་བ་དབང་པོའི༴ བདེ་བ་ཐིག་ལེ་དཀར་དམར༴ རྦོད་གཏོང་མ་མོའི་ལྷ་ཚོགས༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ལྟོ་རྒྱབ་ཉི་ཟླ་གའུའི༴ འཆི་མེད་ཨ་ཡུ་དམར་པོའི༴ རིག་འཛིན་སློབ་དཔོན་ལྷ་ཚོགས༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ བདག་མེད་སྙིང་རྗེེ་ཆེན་པོའི༴ རུ་ཏྲ་ཞིང་བཅུ་བསྒྲལ་བའི༴ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ དམ་གཙང་ཏིང་འཛིན་གསལ་བའི༴ བསྙེན་སྒྲུབ་གཏོར་ཚོགས་ཆེན་པོའི༴ དམོད་པ་དྲག་སྔགས་ལྷ་ཚོགས༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ཧཱུཾ། མ་བཅོས་རང་བྱུང་ཆེན་པོའི་རྫས། །གདོད་ནས་དག་པ་གཙང་རྨེ་བྲལ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །རིགས་ལྔ་རྒྱལ་བ་སྒྲུབ་པའི་རྫས། །དམ་ཚིག་སྐོང་བའི་སྨན་ཆེན་འདི། །འོག་མིན་བརྡལ་ཁྱབ་ཆེན་པོ་ན། །རང་བཞིན་བཞུགས་པའི་སངས་རྒྱས་རྣམས། །ཡེ་ཤེས་ལྔ་ཡི་འོད་ཀྱི་མདངས་། །ཀུན་བཟང་མཆོད་པའི་སྤྲིན་གྱིས་བསྐང་། །ཐུགས་ཀྱི་དགོངས་པ་རྫོགས་པ་དང་། །ཐུགས་རྗེའི་སྤྲུལ་པས་རིགས་དྲུག་སྒྲོལ། །ཐོག་མའི་མགོན་པོ་འོད་མི་འགྱུར་། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །རང་ལ་ཡེ་ཤེས་ཤར་བའི་སྐུ། །ཞི་ཁྲོ་རབ་འབྱམས༴ འགྲོ་བ་འདྲེན་པ་ཐམས་ཅད་ཀྱི། །སྐུ་དང་ཞིང་ཁམས་མཆོད་པས་བསྐང་། །ཐུགས་ཀྱི་དགོངས་པ་རྫོགས་གྱུར་ཅིག །དམ་ཚིག་ཉམས་ཆག་བྱང་གྱུར་ཅིག །བདུད་རྩི་སྨན་གྱི་མཆོད་པ་ལ་བརྟེན་ནས་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས། དགྱེས་མ་མཁའ་འགྲོ་བཀའ་སྲུང་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུན་མ་བསྐང་བ་ཐམས་ཅད་སྐོང་བར་གྱུར་ཅིག །དེ་ལྟར་ཐུགས་དམ་བསྐང་པ་ལ་བརྟེན་ནས་བདག་སོགས། གཤིན་དོན་ཡིན་ན་དམིགས་ཡུལ་གྱིས་གཙོ་བྱས་ཞེས་དང་། གལ་ཏེ་སྦྱིན་བདག་ཡིན་ན་སྦྱིན་པའི་བདག་པོས་གཙོ་བྱས་ཞེས་འདོན་པ་བསྒྱུར། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུཾ། བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་སྐྱུས་སྦྲན། །སྒྲོན་མ་མིག་གི་ཛ་གད་གསལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་ཡིན། །བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད༴ ཉི་ཟླ་གའུའི་གཏོར༴ ཙིཏྟ་འབར་བའི་དཔལ༴ པདྨ་འདབ་བརྒྱད་མཐེབ༴ རྣམ་ཤེས་ཚོགས་བརྒྱད་ཛ༴ རྩ་ཆེན་བཞི་ཡི་རཀྟས༴ འདི་ཡང་རང་བྱུང་གཏོར༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ བརྡལ་ཁྱབ་པགས་པའི་གཏོར༴ རུས་པ་རང་གསལ་དཔལ༴ རང་ཤ་ལྔ་ཡི་མཐེབ༴ བཀྲག་དང་མདངས་ཀྱི་ཛ༴ ཁྲག་དང་ཆུ་སེར་རཀྟས༴ འདི་ཡང་རང་བྱུང་གཏོར༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ཁོག་པ་སྟོང་ཡངས་གཏོར༴ མཆིན་པ་རང་གསལ་དཔལ༴ གློ་མཚེར་མཁལ་མའི་མཐེབ༴ གུ་ཧྱ་ནང་རོལ་ཛ༴ རང་སྣང་མཁྲིས་པའི་རཀྟས༴ འདི་ཡང་རང་བྱུང་གཏོར༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ཧཱུཾ། ཁམས་གསུམ་གསོ་བ་ཟས་ཀྱི་རྒྱུ། །འབྲུ་དང་ཤིང་ཏོག་རོ་དྲུག་ཟས། །ཞིང་བཅུ་བསྒྲལ་བ་ཕུང་པོའི་ཤ །ཛ་གད་དཔའ་བོ་འབྲུ་ཡི་བཅུད། །ཞལ་ཟས་འདོད་ཡོན་སྣ་ཚོགས་སུ། །མོས་པས་བསམ་སྟེ་མཆོད་པ་འབུལ། །ཆོས་ཀྱི་དབྱིངས་སུ་མོས་པས་འབུལ། །ཞི་བའི་ལྷ་ལ་མཛེས་པར་འབུལ། །ཁྲོ་བོའི་ལྷ་ལ་བརྗིད་པར་འབུལ། །བླ་མ་རྣམས་ལ་མཉེས་པར་འབུལ། །མཁའ་འགྲོ་རྣམས་ལ་དགྱེས་པར་འབུལ། །བཀའ་སྲུང་རྣམས་ལ་ཚིམ་པར་འབུལ། །དམ་ཚིག་བསྐང་བའི་རྟེན་དུ་འབུལ། །དམ་ཚིག་སྐོངས་ལ་དབང་དང་དངོས་གྲུབ་སྩོལ། །བ་ལིན་གཏོར་མའི་མཆོད་པ་ལ་བརྟེན་ནས། བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས། དགྱེས་མ་སོགས། ཧཱུཾ། སྤྱི་བོ་བདེ་ཆེན་འཁོར་ལོའི་བྷཉྫ་རུ། །སྣ་ཚོགས་རྩ་ཡི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་ཡིན། །བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ མགྲིན་པ་ལོངས་སྤྱོད་འཁོར་ལོའི༴ སྣ་ཚོགས་ཡིད་ཀྱི་རཀྟས་བཀང་། །འདི་ཡང་རང་བྱུང་༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ སྙིང་ཁ་ཆོས་ཀྱི་འཁོར་ལོའི༴ བསམ་པ་བློ་ཡི་རཀྟས་བཀང་། །འདི་ཡང་རང་བྱུང་༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ལྟེ་བ་སྤྲུལ་བ་འཁོར་ལོའི༴ ཉོན་མོངས་རྩ་ཡི་རཀྟས་བཀང་། །འདི་ཡང་རང་བྱུང་༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ གསང་བ་དབང་པོའི༴ བདེ་བ་ཐིག་ལེའི་རཀྟས་བཀང་། །འདི་ཡང་རང་བྱུང་༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ཧཱུཾ། ཆོས་ཉིད་བརླན་གྱི་ཡེ་ཤེས་ཆུ། །ཐུགས་རྗེ་ཆགས་པ་ཁ་དོག་དམར། །སྲིད་པ་བསྐྱེད་པ་རྒྱུ་ཡི་ཁྲག །པདྨ་རཀྟ་རང་བྱུང་ཁྲག །ཞིང་བཅུ་བསྒྲལ་བ་སྲོག་གི་ཁྲག །རྩི་ཤིང་དམར་པོ་འབྱུང་བའི་ཁྲག །ཐམས་ཅད་དག་པ་དབང་གི་རྫས། །མ་དག་ཁམས་གསུམ་འཁོར་བའི་རྒྱུ། །ཧེ་རུ་ཀ་ཡི་དགོངས་པ་ཡིས། །སྲིད་གསུམ་འཁོར་བའི་བག་ཆགས་རྣམས། །མཆོད་པའི་རྫས་སུ་བྱིན་བརླབས་ཏེ། །ཡུམ་ཆེན་ཀུན་ཏུ་བཟང་མོ་ལ། །ཡེ་ཤེས་འབར་བའི་དོན་ཕྱིར་འབུལ། །ཁྲག་འཐུང་ཁྲོ་བོའི་ཚོགས་རྣམས་ལ། །ཐུགས་རྗེ་བསྐུལ་བའི་མཆོད་པར་འབུལ། །མ་མོ་མཁའ་འགྲོའི་ཚོགས་རྣམས་ལ། །དམ་ཚིག་གསོ་བའི་རྫས་སུ་འབུལ། །དམ་ཚིག་སྐོངས་ལ་དངོས་གྲུབ་སྩོལ། །ཧོཿ རཀྟ་དམར་གྱི་མཆོད་པ་ལ་བརྟེན་ནས། །བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས། དགྱེས་མ་སོགས། ཧཱུཾ། བརྡལ་ཁྱབ་པགས་པའི་ཀོང་བུ་རུ། །ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་ཁྲག་རུས་པའི་སྡོང་བུ་ལ། །རང་གསལ་བཀྲ་མདངས་ཞུན་མེ་འབར། །འདི་ཡང་རང་བྱུང་སྒྲོན་མེ་ཡིན། །བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ བྷཉྫ་འབར་བའི་ཀོང་༴ གོ་རོ་ཙ་ནའི་མར༴ གསལ་བྱེད་རྩ་ཡི་སྡོང་༴ དབང་པོ་ལྔ་ཡི་ཞུན༴ འདི་ཡང་རང་བྱུང་སྒྲོན༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ཙིཏྟ་འབར་བའི་ཀོང་༴ སྙིང་ཚིལ་དཀར་དམར་མར༴ པདྨ་འདབ་བརྒྱད་སྡོང་༴ རྣམ་ཤེས་ཚོགས་བརྒྱད་ཞུན༴ འདི་ཡང་རང་བྱུང་སྒྲོན༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ དྭངས་མ་ལྔ་ཡི་ཀོང་༴ སྒྲིབ་མེད་འོད་ལྔའི་མར༴ དོན་སྙིང་ལྔ་ཡི་སྡོང་༴ འགྱུ་བྱེད་རྩལ་གྱི་ཞུན༴ འདི་ཡང་རང་བྱུང་སྒྲོན༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ཨ་ཝ་དྷཱུ་ཏིའི་ཀོང་༴ རང་གསལ་འོད་ཀྱི་མར༴ འཁོར་ལོ་བདུན་བརྩེགས་སྡོང་༴ བྱང་ཆུབ་སེམས་ཀྱི་ཞུན༴ འདི་ཡང་རང་བྱུང་སྒྲོན༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ མི་ཤིགས་ཐིག་ལེའི་ཀོང་༴ སྐྱེ་མེད་ཡེ་ཤེས་མར༴ རྩ་ཕྲན་བཅུ་ཡི་སྡོང་༴ རིག་པ་རང་བྱུང་ཞུན༴ འདི་ཡང་རང་བྱུང་སྒྲོན༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ཡེ་ཤེས་རྩ་ལྔའི་ཀོང་༴ ཨ་དཀར་རྩ་ཡི་མར༴ ཡེ་ཤེས་འོད་ཟེར་སྡོང་༴ ཤེས་རབ་འབྲུ་ལྔའི་ཞུན༴ འདི་ཡང་རང་བྱུང་སྒྲོན༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ མཆོག་གི་འོད་གསལ་ཀོང་༴ མདངས་གསལ་འོད་ཀྱི་མར༴ ཐིག་ལེ་འབར་བའི་སྡོང་༴ ཡེ་ཤེས་ལྔ་ཡི་ཞུན༴ འདི་ཡང་རང་བྱུང་སྒྲོན༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ཀུན་གཞི་ཀློང་ཡངས་ཀོང་༴ ཆོས་ཀྱི་དབྱིངས་ཀྱི་མར༴ བྱང་ཆུབ་སེམས་ཀྱི་སྡོང་དང་༴ སྐུ་ལྔ་ལྷུན་གྲུབ་ཞུན༴ འདི་ཡང་རང་བྱུང་སྒྲོན༴ བླ་མ་ཡི་དམ༴ ཉམས་ཆག་ཐམས་ཅད༴ ཧཱུཾ། རྫས་ཀྱི་ཀོང་བུ་བརྒྱ་རྩ་རུ། །གཙང་མའི་སྡོང་བུ་བརྒྱ་རྩ་བཙུགས། །འབྱུང་བའི་བཅུད་མར་ཞུན་གྱིས་བཀང་། །གསལ་བའི་མར་མེ་བརྒྱ་སྤར་ནས། །དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར། །མོས་པས་རྒྱལ་བ་རྣམས་ལ་འབུལ། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡེ་ཤེས་འོད་ལྔ་བཀྲག་དང་ལྡན། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྙིང་ཁ་ཆོས་ཀྱི་ཕོ་བྲང་ནས། །ཡེ་ཤེས་ས་བོན་ཐིག་ལེར་གསལ། །རང་བྱུང་ཞི་བའི་ཐུགས༴ ཀླད་པ་དུང་ཁང་གཞལ་ཡས་ནས། །རང་གསལ་དྲོད་ཀྱི་འོད་ཟེར་འབར། །རང་བྱུང་ཁྲོ་བོའི་ཐུགས༴ མོས་གུས་དད་པའི་སྣང་བ་ལ། །རིག་པ་རང་བྱུང་འགག་མེད་གསལ། །རྡོ་རྗེ་སློབ་དཔོན་ཐུགས༴ རྩ་རླུང་ཐིག་ལེའི་དྭངས་མ་ལ། །ཤེས་པ་རང་བྱུང་ས་ལེར་གནས། །མ་མོ་མཁའ་འགྲོའི་ཐུགས༴ འཇིག་རྟེན་སྲིད་པ་ཡངས་པ་ལ། །གཟའ་སྐར་འོད་ཀྱི་ཐིག་ལེར་གསལ། །ཕྱི་ཡི་དམ་ཅན་ཐུགས༴ དམ་ཚིག་ཉམས་ཆག་ཐམས་ཅད་ཀུན། །ཐུགས་དམ་དབང་གིས་དག་པར་མཛོད། །ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་བཾ་ལཾ་རཾ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ་སྭཱ་ཧཱ། ཞེས་ཞི་བྱེད་ཁྲུས་བདུན་གྱི་རིག་པ་ལན་བདུན་བཟླས། སྐབས་འདིར་ཁྱབ་བདག་སྨན་ལུང་པ་ཆེན་པོས། འདི་ནི་སྒྱུ་འཕྲུལ་གྱི་ཆོས་སྐོར་དུ་གཏོགས་ཀྱང་། དངོས་པོ་ཆོས་ཉིད། སྣང་བ་ཡེ་ཤེས་སོགས་ནས་ཉེ་བར་བརྩམས་ཏེ་མཆོག་གི་འོད་གསལ་མི་ཤིགས་པའི་ཐིག་ལེ། རིག་པ་རང་བྱུང་སོགས་རྫོགས་ཆེན་ལྷུན་གྲུབ་ཆེན་པོའི་ངེས་པ་གསལ་པོར་སྟོན་ཕྱིར་རྣལ་འབྱོར་པས་མཉམ་གཞག་གི་ངང་ནས་མ་ཡེངས་པར་བརྗོད་ན་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། ཚིག་འབྲུ་རེ་ལ་བརྟགས་ཀྱང་ཆོས་གཞན་ཐམས་ཅད་ཕྱི་ཤུན་ནམ། སྦུན་པ་ལྟ་བུར་འགྲོ་བ་ཙམ་ཡིན་པས་མོས་གུས་དང་སྤྲོ་བ་བསྐྱེད་དེ་བརྩོན་པར་བྱ་རིགས་སོ་ཞེས་གསུང་ངོ་། །ཧཱུཾ། སྐུ་ཡི་དམ་ཚིག་གསོ་བའི་ཕྱིར། །རྡོ་རྗེ་སློབ་དཔོན་བརྒྱུད་པར་བཅས། །རྡོ་རྗེ་མཆེད་ལྕམ་ཐུགས་དམ་བསྐང་། །གསུང་གི་དམ་ཚིག་གསོ་བའི་ཕྱིར། །ཡི་དམ་ལྷ་ཚོགས་ཐུགས༴ ཐུགས་ཀྱི་དམ་ཚིག་གསོ་བའི་ཕྱིར། །དགྱེས་མ་མཁའ་འགྲོའི་ཐུགས༴ ཧཱུཾ། མི་སྤང་བ་ཡི་དམ་ཚིག་རྣམས། །ཉམས་པ་གསོ་བར་བྱ་བའི་ཕྱིར། །གཉིས་སུ་མེད་པས་ཐུགས༴ དང་དུ་བླང་བའི་དམ་ཚིག་རྣམས། །ཉམས་པ་གསོ་བར་བྱ་བའི་ཕྱིར། །དམ་རྫས་ལྔ་ཡིས་ཐུགས༴ སྤྱད་པར་བྱ་བའི་དམ་ཚིག་རྣམས། །ཉམས་པ་གསོ་བར༴ སྦྱོར་དང་སྒྲོལ་བས༴ ཤེས་པར་བྱ་བའི་དམ་ཚིག་རྣམས། །ཉམས་པ་གསོ་བར༴ ཕུང་པོ་ཞི་ཁྲོར་གྲོལ་འདིས་བསྐང་། །བསྒྲུབ་པར་བྱ་བའི་དམ་ཚིག་རྣམས། །ཉམས་པ་གསོ་བར༴ རིགས་ལྔས་དག་པས༴ གནས་དང་གནས་གྱུར་བསྐང་བ་ནི། །ཧཱུཾ། རྣམ་ཤེས་ཕུང་པོ་གནས་དག་པ། །རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་བ། །གཟུགས་ཀྱི་ཕུང་པོ་གནས༴ རྣམ་པར་སྣང་མཛད་ཐུགས༴ ཚོར་བའི་ཕུང་པོ་གནས༴ རིན་ཆེན་འབྱུང་ལྡན་ཐུགས༴ འདུ་ཤེས་ཕུང་པོ་གནས༴ སྣང་བ་མཐའ་ཡས་ཐུགས༴ འདུ་བྱེད་ཕུང་པོ་གནས༴ དོན་ཡོད་གྲུབ་པའི་ཐུགས༴ ནམ་མཁའི་ངོ་བོ་གནས༴ ཀུན་ཏུ་བཟང་མོའི་ཐུགས༴ ས་ཡི་ངོ་བོ་གནས༴ སངས་རྒྱས་སྤྱན་མའི་ཐུགས༴ ཆུ་ཡི་ངོ་བོ་གནས༴ མཱ་མ་ཀཱི་ཡི་ཐུགས༴ མེ་ཡི་ངོ་བོ་གནས༴ ན་བཟའ་དཀར་མོའི་ཐུགས༴ རླུང་གི་ངོ་བོ་གནས༴ དམ་ཚིག་སྒྲོལ་མའི་ཐུགས༴ མིག་གི་རྣམ་ཤེས་གནས༴ ས་ཡི་སྙིང་པོའི་ཐུགས༴ རྣ་བའི་རྣམ་ཤེས་གནས༴ ནམ་མཁའི་སྙིང་པོའི་ཐུགས༴ སྣ་ཡི་རྣམ་ཤེས་གནས༴ སྤྱན་རས་གཟིགས་ཀྱི་ཐུགས༴ ལྕེ་ཡི་རྣམ་ཤེས་གནས༴ ཕྱག་ན་རྡོ་རྗེའི་ཐུགས༴ མིག་གི་དབང་པོ་གནས༴ བྱམས་པ་མགོན་པོའི་ཐུགས༴ རྣ་བའི་དབང་པོ་གནས༴ སྒྲིབ་པ་རྣམ་སེལ་ཐུགས༴ སྣ་ཡི་དབང་པོ་གནས༴ ཀུན་ཏུ་བཟང་པོའི་ཐུགས༴ ལྕེ་ཡི་དབང་པོ་གནས༴ འཇམ་དཔལ་གཞོན་ནུའི༴ གཟུགས་སུ་སྣང་བ་གནས༴ རྡོ་རྗེ་སྒེག་མོའི༴ སྒྲ་རུ་གྲགས་པ་གནས༴ རྡོ་རྗེ་ཕྲེང་བ་མ་ཡི༴ དྲི་རུ་སྣོམ་པ་གནས༴ རྡོ་རྗེ་གླུ་དབྱངས་མ་ཡི༴ རོ་རུ་བྲོ་བ་གནས༴ རྡོ་རྗེ་གར་བསྒྱུར་མ་ཡི༴ འདས་དུས་རྟོག་པ་གནས༴ ལྷ་མོ་དྷཱུ་པེ་མ་ཡི༴ ད་ལྟར་རྟོག་པ་གནས༴ ལྷ་མོ་པུཥྤེ་མ་ཡི༴ མ་འོངས་རྟོག་པ་གནས༴ ལྷ་མོ་ཨཱ་ལོ་ཀེ་མའི༴ འབྱུང་བར་མ་ངེས་གནས༴ ལྷ་མོ་གནྡྷེ་མའི༴ ལུས་ཀྱི་རྣམ་ཤེས་གནས༴ གཤིན་རྗེ་གཤེད་པོའི༴ ལུས་ཀྱི་དབང་པོ་གནས༴ སྟོབས་པོ་ཆེ་ཡི༴ ལུས་ཀྱི་རེག་ཡུལ་གནས༴ རྟ་མགྲིན་རྒྱལ་པོའི༴ ལུས་ཀྱི་རེག་ཤེས་གནས༴ བདུད་རྩི་འཁྱིལ་བའི༴ རྟག་པར་ལྟ་བ་གནས༴ ལྕགས་ཀྱུ་མ་ཡི༴ ཆད་པར་ལྟ་བ་གནས༴ ཞགས་པ་མ་ཡི༴ བདག་ཏུ་ལྟ་བ་གནས༴ ལྕགས་སྒྲོག་མ་ཡི༴ མཚན་མར་ལྟ་བ་གནས༴ དྲིལ་བུ་མ་ཡི༴ ཡིད་ཀྱི་རྣམ་ཤེས་གནས༴ རྒྱས་བ་ཀུན་བཟང་༴ ཆོས་ཁམས་སྣ་ཚོགས་གནས༴ ཀུན་ཏུ་བཟང་མོའི༴ ཉོན་མོངས་ང་རྒྱལ་གནས༴ ལྷ་ཡི་ཐུབ་པའི༴ ཉོན་མོངས་ཕྲག་དོག་གནས༴ ལྷ་མིན་ཐུབ་པའི༴ ཉོན་མོངས་འདོད་ཆགས་གནས༴ མི་ཡི་ཐུབ་པའི༴ ཉོན་མོངས་གཏི་མུག་གནས༴ བྱོལ་སོང་ཐུབ་པའི༴ ཉོན་མོངས་སེར་སྣ་གནས༴ ཡི་དྭགས་ཐུབ་པའི༴ ཉོན་མོངས་ཞེ་སྡང་གནས༴ དམྱལ་བའི་ཐུབ་པའི༴ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཧཱུཾ། རྣམ་ཤེས་ཞེ་སྡང་གནས་གྱུར་པའི། །བཛྲ་ཧེ་རུ་ཀའི་ཐུགས་དམ་བསྐང་། །གཟུགས་ཕུང་གཏི་མུག་གནས༴ བུདྡྷཱ་ཧེ་རུ་ཀའི༴ ཚོར་བ་ང་རྒྱལ་གནས༴ རཏྣ་ཧེ་རུ་ཀའི༴ འདུ་ཤེས་འདོད་ཆགས་གནས༴ པདྨ་ཧེ་རུ་ཀའི༴ འདུ་བྱེད་ཕྲག་དོག་གནས༴ ཀརྨ་ཧེ་རུ་ཀའི༴ ནམ་མཁའི་བཀྲག་མདངས་གནས༴ བཛྲ་ཀྲོ་དྷིའི༴ ས་ཁམས་ཤ་རུས་གནས༴ བུདྡྷ་ཀྲོ་དྷིའི༴ ཆུ་ཁམས་ཁྲག་ཆེན་གནས༴ རཏྣ་ཀྲོ་དྷིའི༴ མེ་ཁམས་དྲོད་ཆེན་གནས༴ པདྨ་ཀྲོ་དྷིའི༴ རླུང་ཁམས་དབུགས་ཆེན་གནས༴ ཀརྨ་ཀྲོ་དྷིའི༴ ཀུན་གཞིའི་རྣམ་ཤེས་གནས༴ ཀ་རཱི་མ་ཡི༴ ཡིད་ཀྱི་རྣམ་ཤེས་གནས༴ ཙ་རཱི་མ་ཡི༴ ཉོན་ཡིད་རྣམ་ཤེས་གནས༴ པྲ་མོ་ཧཱ་ཡི༴ ལུས་ཀྱི་རྣམ་ཤེས་གནས༴ བེཏྟ་ལཱི་ཡི༴ མིག་གི་རྣམ་གནས༴ པུཀྐ་སཱི་ཡི༴ རྣ་བའི་རྣམ་ཤེས༴ གྷསྨ་རཱི་ཡི༴ སྣ་ཡི་རྣམ་ཤེས་གནས༴ སྨེ་ཤ་ནི་ཡི༴ ལྕེ་ཡི་རྣམ་ཤེས་གནས༴ ཙཎྜ་ལཱི་ཡི༴ དོན་དམ་སེམས་ཉིད་གནས༴ སིང་ཧ་མ་ཡི༴ ཆོས་ཀྱི་ཁམས་ཆེན༴ བྱཱ་གྲྀ་མ་ཡི༴ བག་ཆགས་འཐུག་པོ༴ སྲི་ལ་མ་ཡི༴ རེག་བྱའི་ངོ་བོ་གནས༴ ཤྭ་ན་མ་ཡི༴ གཟུགས་ཀྱི་ངོ་བོ་གནས༴ གྲྀ་ཌྷ་མ་ཡི༴ སྒྲ་གྲགས་ངོ་བོ་གནས༴ ཀཾ་ཀ་མ་ཡི༴ དྲི་སྣོམ་ངོ་བོ༴ ཀཱ་ཀ་མ་ཡི༴ རོ་ཡི་ངོ་བོ་གནས༴ ཨུ་ལུ་མ་ཡི༴ རྟག་པར་འཛིན་པ་གནས༴ རྟ་གདོང་ལྕགས་ཀྱི་མ་ཡི༴ ཆད་པར་འཛིན་པ་གནས༴ ཕག་གདོང་ཞགས་པ་མ་ཡི༴ བདག་ཏུ་འཛིན་པ་གནས༴ སེང་གདོང་ལྕགས་སྒྲོགས་ཡི༴ མཚན་མར་འཛིན་པ་གནས༴ སྤྱང་གདོང་དྲིལ་བུ་མ་ཡི༴ སྒལ་ཚིགས་ཉི་ཤུ་རྩ་བརྒྱད་གནས༴ དབང་ཕྱུག་ཉི་ཤུ་རྩ་བརྒྱད༴ རྩ་ཉོན་ཡིད་ཆོས་གནས༴ སྤོར་མ་བརྒྱད་ཀྱི༴ མི་དགེ་བཅུ་པོ་གནས༴ ཁྲོ་བོ་བཅུ་ཡི༴ ཕ་རོལ་ཕྱིན་བཅུ་གནས༴ ཁྲོ་མོ་བཅུ་ཡི༴ རྟོག་ཚོགས་ཆོས་དབྱིངས་གནས༴ མཁའ་འགྲོ་གིང་དང་མ་མོའི་ཚོགས། །དམ་ཅན་རྒྱ་མཚོའི༴ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཧཱུཾ། ཁྲོ་བོ་ཀུན་གྱི་རྗེ་བཙན་མཆོག༴ ཆེ་མཆོག་ལྷ་ཚོགས་ཐུགས་དམ་བསྐང་། །མཉམ་ཉིད་དབྱིངས་ལས་མ་གཡོས་ཀྱང་། །ཁྲག་འཐུང་ལྷ་ཚོགས༴ དྲག་པོས་གདུག་པ་ཚར་བཅད་ཕྱིར། །གཤིན་རྗེའི་ལྷ་ཚོགས༴ ཁམས་གསུམ་དབང་དུ་སྡུད་པའི་དཀྱིལ་འཁོར་ནས། །དྲེགས་པ་མ་ལུས་དབང་དུ་བསྡུས་པའི་ཕྱིར་། །རྟ་མགྲིན་དབང་གི་ལྷ་ཚོགས༴ དམ་སྲི་གདུག་པ་འདུལ་བའི་ཕྱིར། །ཕུར་པའི་ལྷ་ཚོགས༴ དུས་མིན་འཆི་བ་བཟློག་པའི་ཕྱིར་། །མ་མོའི་ལྷ་ཚོགས༴ རྡོ་རྗེ་སློབ་དཔོན་མཆོད་པའི་ཕྱིར། །རིག་འཛིན་གཉན་གྱི་ལྷ་ཚོགས༴ འགྲོ་བའི་ལྷ་རྣམས་མཆོད་པའི་ཕྱིར། །འཇིག་རྟེན་དྲེགས་པའི༴ ཞིང་བཅུ་གདུག་པ་བསྒྲལ་བའི་ཕྱིར། །དྲག་སྔགས་ལྷ་ཚོགས༴ ཕྱི་རིམ་ལྕགས་རི་ནག་པོ་ལ། །དཔལ་གྱི་བཀའ་སྡོད་ཅི་བགྱིའི་ཚོགས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །ཧཱུཾ། བསྐང་བ་མེད་དེ་ཁམས་གསུམ་ཡེ་ནས་བསྐང་། །སྒྲོལ་བ་མེད་དེ་དུག་གསུམ་ཡེ་ནས་སྒྲོལ། །སྦྱོར་བ་མེད་དེ་སྲིད་གསུམ་ཡེ་ནས་སྦྱོར་། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་དམ་རྫས་ནི། །རྒྱུ་མཆོག་ཆེན་པོ་རྣམ་ལྔ་དང་། །མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་། །རང་བྱུང་དམ་རྫས་བདུད་རྩི་དང་། །རྨད་དུ་བྱུང་བའི་གཏོར་མ་དང་། །རཀྟ་དམར་གྱི་དགྱེས་མཆོད་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་དང་། །རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་། །སྣང་གསལ་འདི་ཡི་མདངས་ཀྱིས་བསྐང་། །ཙ་ར་འདི་ཡི་མདངས་ཀྱིས་བསྐང་། །མཁའ་ལྡིང་འདི་ཡི་མདངས་ཀྱིས་བསྐང་། །ཤེལ་གོང་འདི་ཡི་མདངས་ཀྱིས་བསྐང་། །འདིར་ལྟར་བསྐང་བསྐང་གསོས་གསོས་པས། །ཐུགས་དམ་གཉན་པོ་དེས་སྐོངས་ལ། །ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག །བདག་གི་གཡར་དམ་གསོས་གྱུར་ཅིག །གཡར་དམ་སྐོངས་ལ་རྐྱེན་དབང་བཟློག །ཧཱུཾ། མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད། །བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་། །སྦྱར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱར། །བསྒྲལ་དུ་མེད་དུ་མཉམ་ཉིད་དབྱིངས་སུ་བསྒྲལ། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོས་ཐུགས་དམ་བསྐང་། །གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི། །རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་། །ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་། །པདྨ་མཱཾ་སར་སྦྱར་བའི་རཀྟ་དང་། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང་། །རྣམ་རྟོག་རྒྱུ་བསྒྲལ་བམ་ཆེན་རྫས་མཆོག་དང་། །ཚོགས་ཀྱི་ཞལ་ཟས་ལོངས་སྤྱོད་སྣ་ཚོགས་དང་། །སྤྱན་གཟིགས་དཀོར་ཆ་མཐུན་པའི་དམ་རྫས་བཅས། །མཆོད་པའི་བྱེ་བྲག་བསམ་ཡས་དཔག་མེད་ཀྱིས། །རྒྱས་པར་སྤྲོ་ན། ཆོས་སྐུ་ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །ཞེས་པ་ནས། དྲིན་ཅན་རྩ་བའི་བླ་མའི་ཐུགས་དམ་བསྐང་། །ཞེས་སོགས་ཀྱི་བར་རིག་པས་དཔྱད་ལ་བྱ། བསྡུ་ན། སྔ་རབས་གཤེགས་པའི་རྡོ་རྗེ་སློབ་དཔོན་དང་། །ད་ལྟ་བཞུགས་པའི་རྡོ་རྗེ་སློབ་དཔོན་དང་། །སླད་ནས་འབྱོན་པའི་རྡོ་རྗེ་སློབ་དཔོན་དང་། །དུས་གསུམ་རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་། །སྔ་རབས་གཤེགས་པའི་རྡོ་རྗེ་མཆེད་ལྕམ་དང་། །ད་ལྟ་བཞུགས་པའི་རྡོ་རྗེ་མཆེད་ལྕམ་དང་། །སླད་ནས་འབྱོན་པའི་རྡོ་རྗེ་མཆེད་ལྕམ་དང་། །དུས་གསུམ་རྡོ་རྗེ་མཆེད་ལྕམ་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ། །མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད། །སོགས་གོང་དང་འདྲའོ། །མཆོད་པའི་བྱེ་བྲག་བསམ་ཡས་དཔག་མེད་ཀྱིས། །རྒྱལ་བ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སངས་རྒྱས་བཞི་བཅུ་རྩ་གཉིས་ཐུགས་དམ་བསྐང་། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད༴ འཆི་མེད་ཚེ་ཡི་ལྷ་ཚོགས༴ དངོས་གྲུབ་བམ་གྱི་ལྷ་ཚོགས༴ འདུས་པ་མདོ་ཡི་ལྷ་ཚོགས༴ ལྔ་བརྒྱ་བརྒྱད་ཅུ་རྩ་བཞིའི༴ འཇམ་དཔལ་སྐུ་ཡི་ལྷ་ཚོགས༴ པདྨ་གསུང་གི་ལྷ་ཚོགས༴ ཡང་དག་ཐུགས་ཀྱི་ལྷ་ཚོགས༴ བདུད་རྩི་ཡོན་ཏན་ལྷ་ཚོགས༴ ཕུར་པ་ཕྲིན་ལས་ལྷ་ཚོགས༴ མ་མོ་རྦོོད་གཏོང་ལྷ་ཚོགས༴ རིག་འཛིན་སློབ་དཔོན་ལྷ་ཚོགས༴ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༴ དམོད་པ་དྲག་སྔགས་ལྷ་ཚོགས༴ བཀའ་བརྒྱད་སྒྲུབ་པའི་ལྷ་ཚོགས༴ བདུན་བརྒྱ་ཉི་ཤུ་རྩ་ལྔའི༴ བཀའ་བརྒྱད་སྒྲུབ་པའི་དམ་ཅན༴ ཐེག་པ་དགུ་ཡི་ལྷ་ཚོགས༴ རྒྱུད་སྡེ་བཞི་ཡི་ལྷ་ཚོགས༴ བཅོམ་ལྡན་བདེ་དགྱེས་གསང་གསུམ༴ དཔལ་ཆེན་དུས་ཀྱི་འཁོར་ལོའི༴ ཡི་དམ་རྡོ་རྗེ་ཕག་མོའི༴ ཡེ་ཤེས་མཁའ་འགྲོ་སྡེ་ལྔའི༴ དུར་ཁྲོད་མཁའ་འགྲོ་སྡེ་བརྒྱད༴ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཧཱུཾ། མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད། །བསྐང་དུ་མེད་དེ་སོགས་གོང་བཞིན ། །དབྱིངས་ཀྱི་ཡུམ་ཆེན་དྲུག་གི་ཐུགས་དམ་བསྐང་། །ཡེ་ཤེས་རྗེ་མོ་བཅུ་བཞིའི༴ དམན་མོ་ལྔ་བཅུ་རྩ་བརྒྱད༴ བདག་ཉིད་ཆེན་མོ་བཞི་ཡི༴ ཤྭ་ན་མུ་ཁ་བཞི་ཡི༴ བསེ་ཡི་ལྷ་མོ་བཞི་ཡི༴ རྒྱལ་མོ་ཆེན་མོ་བཞི་ཡི༴ བློན་མོ་ཆེན་མོ་བཞི་ཡི༴ བདུད་མོ་ཆེན་མོ་བཞི་ཡི༴ དགེ་བསྙེན་ཉི་ཤུ་རྩ་གཅིག༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ཡེ་ཤེས་མགོན་པོ་འབར་མའི༴ ལྷ་ཆེན་མ་ཧཱ་ཀཱ་ལའི༴ དཔལ་ལྡན་མདོ་ཡི་མགོན་པོའི༴ གཏེར་བདག་མ་ནིང་ནག་པོའི༴ དཔལ་ལྡན་ལྷ་མོ་དཔོན་གཡོག༴ སྔགས་སྲུང་ཨེ་ཀ་ཛཱ་ཊིའི༴ སྨུག་ནག་ཁྲོས་མ་རྒྱལ་མོའི༴ ཉི་ཟླ་རླུང་གཤོག་ཅན་གྱི༴ དུར་ཁྲོོད་མ་མོ་གསུམ་གྱི༴ སྐྱེས་བུ་ཞྭ་ཡི་མགོན་པོའི༴ གནོད་སྦྱིན་རྡོ་རྗེ་བདུད་འདུལ༴ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི༴ དྲེགས་པའི་སྡེ་དཔོན་སུམ་ཅུའི༴ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །སྐོང་གྱུར་དབང་དང་དངོས་གྲུབ་སྩོལ། །ཧཱུཾ། མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད། །བསྐང་དུ་མེད་དེ་སོགས་གོང་བཞིན། །དམ་ཅན་རྒྱ་མཚོ་རྣམས་ཀྱི༴ དམ་ཅན་དཀར་མོ་འབུམ་གྱི༴ དམ་ཅན་སེར་མོ་འབུམ་གྱི༴ དམ་ཅན་སྨུག་མོ་འབུམ་གྱི༴ དམ་ཅན་ནག་མོ་འབུམ་གྱི༴ དམ་ཅན་སྔོན་མོ་འབུམ་གྱི༴ བཀའ་བདག་བཀའ་སྲུང་རྣམས་ཀྱི༴ གཏེར་བདག་གཏེར་སྲུང་རྣམས་ཀྱི༴ ཕ་མེས་རྒྱུད་ཀྱི་སྲུང་མའི༴ སློབ་དཔོན་རྒྱུད་ཀྱི་སྲུང་མའི༴ དམ་ཆོས་རྒྱུད་ཀྱི་སྲུང་མའི༴ དབེན་གནས་གཉན་གྱི་སྲུང་མའི༴ གནས་མཆོག་འདི་ཡི་སྲུང་མའི༴ སྔགས་འཆང་བདག་གི་སྲུང་མའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད། །ཚེ་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛོད། །ཁམས་གསུམ་སྲིད་གསུམ་ཐམས་ཅད་དབང་དུ་སྡུས། །དགྲ་བགེགས་གདུག་པའི་ཚོགས་རྣམས་ཚར་ཆོད་ལ། །མི་མཐུན་གནོད་པའི་རྐྱེན་དབང་བཟློག་ཏུ་གསོལ། །སྒྱུ་འཕྲུལ་སྐོང་བཤགས་ཀྱི་རིམ་པའོ། །དེ་ནས་ཚོགས་ལ་རོལ་ཞིང་ལྷག་མའི་ཆོ་ག་བྱས་ཏེ་ལྷག་གཏོར་བསག །རྩ་བར། རོལ་ནས་སློབ་མ་ཕྱིར་ཁྲུས་བྱ། རྒྱལ་ཐེབས་ཀྱིས་ཁྲི་བརྩིག །ཅེས་གསུངས་པ་སློབ་མའི་ཁྲུས་ནི་འོག་ཏུ་འབྱུང་། ཁྲི་ནི་བཤམས་བཞིན་པ་ཡིན་ནོ། །རྩ་བར། སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཕྱིར། ཁྲུས་བྱ། གོས་གསར་པ་གྱོན་ལ་ཤར་སྒོར་འདུག་སྟེ། མེ་ཏོག་ཐོགས་ལ། ཡེ་ཤེས་རྒྱལ་པོས་གསོལ་བ་བཏབ་ལ་མེ་ཏོག་དོར། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ༀ། སོགས་ཀྱིས་དངོས་གྲུབ་བསྐུལ། ཞེས་གསུངས་པའི་དོན་བླ་མས་ཁྲུས་བྱ། གོས་གསར་པ་གྱོན་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་རྡོ་རྗེའི་ཕྱག་རྒྱས་མེ་ཏོག་བཟུང་ལ་དཀྱིལ་འཁོར་ཕྱོགས་སུ་བཏུད་ཏེ། ༀ་བཛྲ་ས་མ་ཡ་ༀ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ༀ། ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿ ཞེས་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་ལ་དམིགས་པ་ནི། རྩ་བར། དེ་ནས་རང་གི་སྒོ་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། དཀྱིལ་འཁོར་ལྷའི་སྐུ་གསུང་ཐུགས་ལ་ཕོག །ཐམས་ཅད་མཆོད་པ་ཆེན་པོས་མཉེས། དཀྱིལ་འཁོར་གྱི་སྟེང་ན་གང་མོས་ཀྱི་བླ་མ་བཞུགས་པ་དེ་ལྷག་པར་མཉེས་པར་བསམ་ནས་ཐལ་མོ་སྦྱར་ཏེ། ཞེས་གསུངས་པས་དཀྱིལ་འཁོར་གྱི་སྟེང་ན་རང་ལ་མདོ་སྒྱུ་སེམས་གསུམ་གྱི་དཀྱིལ་འཁོར་ཆེན་པོར་སྨིན་པར་མཛད་པ་པོ་ཁོ་བོའི་དཔེར་མཚོན་ན་རིགས་བརྒྱའི་ཁྱབ་བདག་སྨན་ལུང་པ་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བསྡུའི་བྱེད་པོ་རིགས་ཀྱི་བདག་པོར་གསལ་བཏབ་པ་དེ་ཉིད་བདག་ལ་ལྷག་པར་མཉེས་པར་བསམ་ལ་གུས་པ་ཆེན་པོས་གསོལ་བ་གདབ་པ་ནི། རྩ་བར། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྩ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། ལྷ་མཁའ་འགྲོ་རིག་པ་འཛིན་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་དང་། སློབ་མ་འདི་རྣམས་འཁོར་བ་ལས་ཡོངས་སུ་བསྒྲལ་པའི་སླད་དུ་འདུས་པ་ཆེན་པོའི་དབང་བསྐུར་བར་འཚལ་གྱིས་བདག་ངག་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བྱས་པ་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་རྟོག་པ་རང་རྒྱུད་པ་དག །ལྷ་རྣམས་དང་རང་བཞིན་གཉིས་སུ་མེད་པར་བསམ། དེ་ནས་ལྷ་རྣམས་ཀྱིས་ཞལ་འཛུམ་པ་དང་བཅས་པ། རིགས་ཀྱི་བུ་ཕྲིན་ལས་ཅི་དགའ་བར་སྤྱོད་ཅིག །ཅེས་གནང་བ་ཐོབ་པར་བསམ། དེ་ནས་ལྷ་ལ་དབང་རྣམས་རང་གིས་བླངས་ཏེ་ཞུས་པས་རང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བརྗིད་དང་ལྡན་པར་བསམ་ལ་དབང་ཁྲིའི་སྟེང་དུ་འཛེག་གོ། །དེ་ནི་སློབ་དཔོན་གྱི་བདག་འཇུག་གོ། །ཞེས་གསུངས་པས་སྤྲོ་ན་དེ་བཞིན་ཀྱི་རྗེས་སུ་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་བདག་འཇུག་རྒྱས་པར་བླང་དགོས་ཏེ། རྩ་བར། དེ་ནས་ལྷ་ལ་དབང་རྣམས་རང་གི་བླངས་ཏེ་ཞུས་པས། ཞེས་གསུངས་པའི་ཕྱིར་དང་། མངའ་རིས་པཎ་ཆེན་སྐུ་མཆེད་ཀྱང་ནན་ཏན་དུ་མཛད་པའི་ཕྱིར་རོ། །བསྡུ་ན་རིག་པའི་མེ་ཏོག་དོར་པ་ཙམ་གྱིས་ཀྱང་འགྲུབ་ཅེས་ཡོངས་འཛིན་བློ་མཆོག་རྡོ་རྗེ་གསུངས་པ་བཞིན་དོན་ལ་གནས་སོ། །དེ་དག་གིས་ཚོགས་ཆེན་འདུས་པའི་དངོས་གཞི་སྒྲུབ་མཆོད་ཀྱི་ཆོ་གའི་ཁྲིགས་རྣམས་ལེགས་པར་བསྟན་ཟིན་ཏོ།། །།