cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་བརྒྱད་པ།

གླེགས་བམ། ས༽

རྨོག་སྟོན་རྡོ་རྗེ་དཔལ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

མདོ་དབང་ཁམས་ལུགས་སུ་གྲགས་པ་སྦྲང་རྩིའི་ཆུ་རྒྱུན་པོད་དང་པོ་མདོ་དབང་གི་དཔེ་ཐོ། རྨོག་སྟོན་རྡོ་རྗེ་དཔལ།

མདོ་དབང་གི་དཔེ་ཐོ། མདོ་དབང་གི་དཔེ་ཐོ་ལ། ཉེར་མཁོ་རྣམས། མདོ་སྒྱུ་སེམས་གསུམ་གྱི་དབང་གི་ས་བཅད། དབང་དོན་སྦྲང་རྩིའི་ཆུ་རྒྱུན། བུམ་བསྐྱེད། བླ་མ་བརྒྱུད་པའི་གསོལ་འདེབས། ཡང་བླ་མ་བརྒྱུད་པའི་གསོལ་འདེབས། ལྷ་མིའི་ཐེམ་སྐས། ཉན་ཐོས་དབང་གི་ཐེམ་སྐས། །རང་སངས་རྒྱས་ཀྱི་དབང་གི་ཐེམ་སྐས། །བྱང་ཆུབ་སེམས་དཔའི་དབང་གི་ཐེམ་སྐས། །ཀྲྀ་ཡའི་དབང་གི་ཐེ མ་སྐས། །ཡོ་གའི་དབང་གི་ཐེམ་སྐས། །སྒྱུ་འཕྲུལ་ཞི་བའི་དབང་གི་ཆོ་ག །སྒྱུ་འཕྲུལ་ཁྲོ་བོའི་དབང་གི་ཆོ་ག །འདུས་པ་མདོའི་དབང་ཆོག །མདོ་དབང་གི་ཁྲོ་བོའི་མངོན་རྟོགས། སེམས་སྡེ་བཅོ་བརྒྱད་ཀྱི་དབང་གི་ཆོ་ག །དངོས་གྲུབ་བླངས་པའི་ཆོ་ག་རྣམས་བཞུགས།། །།

མདོ་དབང་ལས་ཉེར་མཁོ།

མདོ་དབང་ལས། ཉེར་མཁོ་རྣམས་བཞུགས་སོ། །ལྕེ་ལ་བདུད་རྩི་བཞག་སྟེ་སློབ་དཔོན་གྱིས། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དང་རྡོ་རྗེ་འཛིན། །དེ་བཞིན་བསྒྲུབ་པའི་རྣལ་འབྱོར་པས། །དེ་དག་ལ་ནི་སྙིང་རིང་ན། །རྡོ་རྗེ་ཡཀྴ་གནོད་སྦྱིན་གྱིས། །ཁྱོད་ཀྱི་སྙིང་ལ་བཞོས་ཏེ་འཐུང་། །སྙིང་ལ་ཡང་དག་གནས་པའོ། །འདི་ནི་སེམས་ཅན་དམྱལ་བའི་ཆུ། །ཨི་དན་ཏི་ན་ར་ཀན །ས་མ་ཡཀྴ་ཧཱུཾ། །ཞེས་མནའ་དགག་ཅིང་དམ་སྒྲག་གོ །ཚིགས་སུ་བཅད་པ་དེ་ཉིད་ཀྱི་དོན་ཡང་བཤད། །དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེ་དག་བྱིན་གྱིས་རླབས་ནས་ཀྱང་། །རྡོ་རྗེ་སྐུ་ཡི་དངོས་གྲུབ་རྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ་ཧཾ། ལན་གསུམ་མོ། །བདུན་པ་དམ་ཚིག་སྦྱིན་པ་ནི། སློབ་བུ་རྣམས་ཀྱིས། ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཉེས་པར་མཛོད། །ཨ་ལ་ལ་སྟེ་དམ་ཚིག་བསྐོངས། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །མི་ཕྱེད་རྡོ་རྗེའི་སྐུ་རང་བཞིན། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེའི་སྐུ་རུ་མཛད་དུ་གསོལ། །ཞེས་གསོལ་བ་གདབ། དབང་ཕྱུག་གི་བནྡྷར་བདུད་རྩི་ཅུང་ཟད་བླུགས་ལ། ༀ་ཨཱཿཧཱུཾ་ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིག་འབྲུ་གསུམ་གསལ་བར་བསྒོམས་ལ། ༀ་བཛྲ་ཨ་མྲི་ཏ་ཧཱུཾ་ཧྲི་ཐ། །ཞེས་པའི་སྔགས་ལན་གསུམ་གྱིས་བདུད་རྩིར་ཆུར་བྱིན་གྱིས་རླབས་ནས། དབང་ཕྱུག་གི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པའི་སྲིན་ལག་གི་བདུད་རྩི་བླངས་ལ། སློབ་མ་རྣམས་ཀྱི་དཔྲལ་བར་ༀ་ཞེས་བརྗོད་ཅིང་། ཐིག་ལེ་བྱས་ལ་ཨཱོཾ་དཀར་པོ་བསམ། དེ་ལས་འོད་དཀར་པོ་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་སྐུའི་བྱིན་རླབས་བསྡུས་ནས། དཔྲལ་བའི་ༀ་ལ་ཐིམ་པར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་བྱིན་གྱིས་རླབས་པས། སློབ་བུས་དམ་ཚིག་ཐོབ་པར་བསམ། དེ་བཞིན་དུ་དཔལ་རྡོ་རྗེ་གསུང་འཆང་བ། །མི་ཕྱེད་རྡོ་རྗེ་གསུང་རང་བཞིན། །དེང་བདག་བྱིན་གྱིས་རླབས་ནས་ནི། །རྡོ་རྗེའི་གསུང་དུ་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། སློབ་བུའི་མགྲིན་པར་ཐིག་ལེ་བྱས་པའི་ཨཱའི་འཕྲོ་འདུ་དང་། ཝ་ཀ་བཛྲའི་སྔགས་ཀྱི་གསུང་གི་དམ་ཚིག་ཐོབ་པར་བསམ། ཡང་དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །མི་ཕྱེད་རྡོ་རྗེའི་ཐུགས་རང་བཞིན། །དེང་བདག་བྱིན་གྱིས་རླབས་ནས་ནི། །རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སློབ་བུའི་སྙིང་ཁར་ཐིག་ལེ་བྱས་པ། ཧཱུཾ་འཕྲོ་དང་ཙིཏྟ་བཛྲའི་སྔགས་ཀྱི་ཐུགས་ཀྱི་དམ་ཚིག་ཐོབ་པར་བསམ། བརྒྱད་པ་དམ་ཚིག་དབབ་པ་ནི། དབང་ཕྱུག་གི་སློབ་བུའི་སྙིང་ཁར་རྡོ་རྗེ་བཞག་ལ། སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པའི། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟག་གནས་ཤིང་། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་བགོའོ། །དགུ་པ་ཆུ་ནན་བྱ་བ་ནི། །ཙན་དན་དཀར་དམར་སྦྱར་བའི་ཆུ་ལ། །ཆོ་ག་གསུམ་གྱིས་རྡོ་རྗེ་སེམས་དཔར་བསྐྱེད་ཅིང་། །ཡེ་ཤེས་པ་བཅུག་པས་བདུད་རྩིར་ཞུ་བར་བསམ་ལ། ཐོག་མར་སྐྱོན་གྱི་སྒོ་ནས་ཆུ་ནན་བྱ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། རྡོ་རྗེའི་ཆུ་ནི་འཐུང་བར་གྱིས། བཛྲ་ཡཀྵ་ཧཱུཾ། ཞེས་བརྗོད་ཅིང་། རྡོ་རྗེས་ཆུ་བླངས་ལ། སློབ་བུའི་ལྕེ་ལ་ལན་གསུམ་བཞག་གོ། །ཡོན་ཏན་གྱི་སྒོ་ནས་ནན་ཏན་བྱ་བ་ནི། འདི་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་དག་བསྲུང་བར་གྱིས། །དམ་ཚིག་བསྲུངས་ན་དངོས་གྲུབ་པས། །རྡོ་རྗེ་བདུད་རྩི་ཆུ་འཐུང་ཞིག །ༀ་བཛྲ་ཨུཥྛ་ཀ་ཏྲ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་རྡོ་རྗེས་ཆུ་བླངས་ལ་ལན་གསུམ་སློབ་བུའི་ལྕེ་ལ་བཞག་གོ །སློབ་བུ་ཀུན་ལ་ཆུ་ནན་ཟིན་རྗེས། ཐོག་དུ་འདི་སྐད་བརྗོད་དོ། །དེ་ལྟར་བདུད་རྩིའི་ཆུ་དེ་ལྕེ་ལ་བཞག་ཀྱང་། བབས་པ་སྙིང་གི་དཀྱིལ་དུ་བབས་ནས། གལ་ཏེ་དམ་ཚིག་མ་བསྲུངས་ན། ཆུ་དེ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ། ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ནས། སྙིང་ཁྲག་ཞོ་བཞིན་འཛིན་པས། ཚེ་ཐུང་ཞིང་ནད་མང་བ་དང་། ཚེ་ཕྱི་མ་དམྱལ་བའི་སྡུག་བསྔལ་གྱི་ཉམས་ཐག་པར་འགྱུར་རོ། །དམ་ཚིག་བསྲུངས་ན་ཆུ་དེ་རྡོ་རྗེ་སེམས་དཔར་གྱུར་ནས། དེས་རྟག་ཏུ་བྱིན་གྱིས་རློབས་ཅིང་། ཚེ་འདིར་ཡང་། དགེ་དགུ་དང་། སྨོན་བརྒྱད་དུ་གྱུར་ནས། ནད་བཞི་བརྒྱ་རྩ་བཞི་དང་གདོན་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་པ་དང་། ཕྱི་མར་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས། སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སུ་འདྲེན་པའི་དེད་དཔོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །བཅུ་པ་དམ་བསྒྲགས་པ་ནི། དབང་ཕྱུག་གི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པ་སློབ་བུ་རྣམས་ཀྱི་སྤྱི་བོར་བཞག་ལ། ཐབས་དང་ཤེས་རབ་སེམས་ཉིད་ཀྱི། །རྟག་ཏུ་གོས་པ་མེད་བགྱིས་ལ། །འདོད་པ་ལྔའི་ཡོན་ཏན་སྤྱོད། །གཞན་ཡང་སྟོང་ཁམས་ཐམས་ཅད་ན། ཤེས་རབ་དབྱིངས་དང་འདོད་ཡོན་གཞན། །རབ་འབྲིང་ཐ་མས་ཐམས་ཅད་སྤྱོད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་ཞིག་དམ་མ་གནོད། །བརྟུལ་ཤུགས་ཅན་གྱི་དེ་གྲོངས་ལ། །ཁྲག་ཆེན་སྙིང་ལ་བསྟུང་བར་བགྱིས། །འདི་ལ་མི་བྱ་ཅུང་ཟད་མེད། །སེམས་ཉིད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལ་ཀུན་སྤྱོད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །བྱ་དང་མི་བྱ་ཅུང་ཟད་མེད། །ཅེས་བརྗོད་དོ། །སྤྱི་དོན་གཉིས་པ་དབང་སློབ་བུ་ལ་བསྐུར་བ་ལ་གསུམ་ཏེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི། སློབ་བུ་རྣམས་ཀྱིས་དབང་ཕྱུག་དང་། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བཙལ་ནས། གུས་པའི་ཚུལ་གྱིས། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བར་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་རྩལ་བར་མཛོད། ཅེས་གསོལ་བ་གདབ་པར་བྱའོ། །དབང་ཕྱུག་གིས། སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །དབང་བསྐུར་སྣང་བ་ཆེན་པོ་སྦྱིན། །ཞེས་གནང་བ་བྱིན་ལ། སྤོས་དང་རོལ་མོ་དང་བཅས་པས། །ཀུན་གྱིས་དཀྱིལ་འཁོར་ལ་བསྐོར་ཞིང་། །དཀྱིལ་འཁོར་ཀྱི་ལྷ་ཚོགས་ལ་ཕྱོགས་བཅུ་དུས་བཞིས་བསྟོད་ནས། །བེ་ཀ་ཀྲ་མ་ཡཾ་གྱི་སྔགས་དང་། ཕྱག་རྒྱས་གཞལ་ཡས་ལྷ་དང་བཅས་པ་མདུན་ནམ་མཁར་བཏེགས་ལ། དབང་ཕྱུག་གི་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་གདབ་པར་བྱ་ཏེ། །ཧོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་རྡོ་རྗེ་ཆེ་གེ་མོ་ལ་སོགས་པའི་སློབ་བུ་འདི་རྣམས་ལ་ལྷ་མིའི་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། །བྱིན་གྱིས་བརླབ་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ལྷ་དང་མི་ཡི་དཀྱིལ་འཁོར་དུ། རྡོ་རྗེ་ཤུགས་ཀྱིས་བསྒྲལ་ནས་ཀྱང་། བྱིན་རླབས་དམ་པ་ནོད་པར་བྱའོ། །ཞེས་བརྗོད། པོ་ཏི་གཏད་ལ། བསྒྲག་ཚིག་ནི། ཏྲཾ། གསང་བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལ་གཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །ཞེས་བརྗོད་ནས། བསྐུར་གནས་སློབ་བུའི་ལག་གཏད་ནས། བསྟིམ་གནས་སྒྲ་རེག་བྱེད། ཉན་ཤེས་ཀྱི་ཐིག་ལེ་ལ་བསྟིམས་པས། སྔོན་ཆད་བཀའ་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་ཉན་མི་ནུས་པའི་སྒྲིབ་པ་དག་ནས། ད་ཕྱིན་ཆད་ཉན་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ། རིགས་ཀྱི་བུ་འདི་རྣམས་ལ་ཉན་པའི་དབང་བསྐུར་བས། དེ་བཞིན་གཤེགས་པའི་བཀའ་ཕྱི་ནང་ཐམས་ཅད་ལ་ཐོགས་པ་མེད་པར་ཉན་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་བསྒོམ་དབང་ལ་བསམ་རྒྱུ་ནི། དབང་ཕྱུག་གི་ཐུགས་ཀ་ནས་བྷྲུཾ྄་ཆད་དེ། སློབ་བུ་རྣམས་ཀྱི་སྙིང་གི་འདོམ་རྩར་འཕྲོས་པ་ལས་གཞལ་ཡས་ཁང་དབུས་འཁོར་ལོ་རྩིབས་བཞི། གྲུ་ཆད་སྒོ་འདོག་ཅན། ཡང་དབང་ཕྱུག་གི་ཐུགས་ཀ་ནས་ཨཾ་ཟུང་ལྔ་དང་། ཧཱུཾ་ཛ། ཧཱུཾ་ཧཱུཾ་ཧཱུཾ་བཾ་ཧཱུཾ་ཧོ་བཅུ་འཕྲོས་པ་འོད་དུ་ཞུ་བ་ལས། ཕྱག་མཚན་བཅུ་དེ་འོད་དུ་ཞུ་བ་ལས། རང་རང་གི་གདན་ལ། དབུས་སུ་རྣམ་སྣང་ཡབ་ཡུམ། ཤར། ལྷོ། ནུབ། བྱང་རྣམས་ཀྱི་རྩིབས་བཞིར། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ་ཡབ་ཡུམ། །སྒོ་བཞིར་སྒོ་བ་ཡབ་ཡུམ་བཞི་སྒོམ། དེ་ལ་དབང་བསྐུར། བྱིན་གྱིས་རླབས། སྙན་གསན་དབབ། སྤྱན་དྲངས། བཞུགས་སུ་གསོལ། མཆོད་བསྟོད་འོད་དུ་ཞུ་བ་ལས། །སློབ་བུ་རྣམ་སྣང་དུ་བསྐྱེད་ལ། བསྒྲག་ཚིག་ནི། ༀ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། ཞེས་བརྗོད་ཅིང་། བསྐུར་གནས་ནི། ལག་པར་འཕྲེང་བ་གཏད་ལ། བསྟིམ་གནས་ནི་སྙིང་ཁར། བསྟིམ་པ་དང་། སྔོན་ཆད་ལྷ་དང་མི་རྟོག་དབྱེར་མེད་བསྒོམ་མི་ནུས་པའི་སྒྲིབ་པ་དག་ནས། ད་བསྒོམ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ་ནི། བསྒོམ་པའི་དབང་བསྐུར་བས། ལྷ་དང་མི་རྟོག་པ་ཐམས་ཅད་ལ་ཐོགས་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་ཕྲིན་ལས་ཀྱི་དབང་ལ་བསམ་རྒྱུ་ནི། དབང་ཕྱུག་གི་ཐུགས་ཀ་ནས་བྷྲུཾ་ལྗང་ཁུ་སློབ་བུའི་ལག་པ་གཉིས་སུ་འཕྲོས། དམིགས་པ་གཞུང་བཞིན་བསྒོམ་ལ། བསྒྲག་ཚིག་ནི། ༀ། ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཁྱོད་ཀྱིས་བྱོས། །ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོངས་པ་བྱེད་པ་ཡིན། །ཞེས་སོ། །བསྐུར་གནས་ནི་ལག་པར་རྒྱ་གྲམ་གཏད་ལ། བསྟིམ་གནས་ནི་ལག་པ་གཉིས་ཀྱི་འདོམ་རྩའི་བསྐྱོད་བྱེད་ཀྱི་ཐིག་ལེ་ལ་བསྟིམ་ནས། སྔོན་ཆད་ཕྲིན་ལས་བཞིས་དབང་དུ་འདུལ་མི་ནུས་པའི་སྒྲིབ་པ་དག་ནས། ད་འདུལ་ནུས་པའི་ནུས་པ་དངོས་སུ་སྐྱེས་བར་བསྒོམ་ལ། བདེན་པ། ཕྲིན་ལས་བཞིས་དབང་བསྐུར་བས། ཕྲིན་ལས་རྣམ་པ་བཞིས་སྲིད་པ་གསུམ་གྱི་སེམས་ཅན་མ་ལུས་པའི་དོན་ཇི་ལྟར་འདུལ་བ་བཞིན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་འཆད་དབང་ལ་བསམ་རྒྱུ་ནི། །གཞུང་བཞིན་ལ། བསྒྲག་ཚིག་ནི། ༀ་གྱི་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམ་པ་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །འཐུང་པར་གསང་བསྒྲག་གཞན་དུ་མིན། །ཞེས་སོ། །བསྐུར་གནས་ལག་པ་སྟེ། འཁོར་ལོ། དུང་། ཕྱག་ཤིང་གསུམ་ལ་འཁོར་ལོ་གདན་དུ་བྱས་ལ། ལག་པ་གཡས་སུ་དུང་། གཡོན་དུ་ཕྱག་ཤིང་གཏད་ལ། བསྟིམ་གནས་ནི་ལྕེ་ལ་གནས་པ་སྨྲ་བྱེད་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམ་ཞིང་། སྔོན་ཆད་སེམས་ཅན་གྱི་ཤེས་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་མི་ནུས་པའི་སྒྲིབ་པ་དག་ནས། ད་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་ནུས་པའི་ནུས། ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ནི། བསྒྲག་ཚིག་ནི། ༀ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱིས་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །བསྐུར་གནས་ནི་ལག་གཡོན་དུ། དབང་ཕྱུག་གི་རྡོ་རྗེ་དང་དྲིལ་བུ་སྣོལ་ལ་གཏད་དེ་སྙིང་ཁར་སྣོལ་དུ་བཅུག་ལ། བསྟིམ་གནས་ནི་ཡན་ལག་ལྔའི་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམ་པས། སྔོན་ཆད་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་། དབང་བསྐུར་བ་ལ་སོགས་པ་གཞན་དོན་བྱ་བར་མི་ནུས་པའི་སྒྲིབ་པ་དག་ནས། ད་དབང་ཕྱུག་ཆེན་པོར་འགྱུར་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྤྱོད་ཅིང་བསྒྲུབ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམ། བདེན་པ་ནི་རིགས་ཀྱི་བུ། འདི་རྣམས་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བས། སློབ་མ་དཀྱིལ་འཁོར་དུ་བཞུགས་ཅིང་དབང་བསྐུར་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་དག་ནི་ནང་ནུས་པའི་དབང་གི་ལས་ཀྱི་རིམ་པ་ཏེ། ནང་ལུས་ཀྱི་དཀྱིལ་འཁོར་དུ་བསྐུར་བའོ། །དེ་ཡང་ཉན་དབང་དང་། བསྒོམ་དབང་ཐོབ་པས། བདག་དོན་ནུས་ཕྲིན་ལས་ཀྱི་དབང་དང་འཆད་དབང་ཐོབ་བས་གཞན་དོན་ནུས། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཐོབ་པས། བདག་གཞན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་ནུས་པའི་ཕྱིར། ནུས་པའི་དབང་ཞེས་ཐ་སྙད་དུ་བྱའོ། །ནང་ནུས་པའི་དབང་ལྔ་པ་རྣམས་ལ་བསྡུས་པའོ། །སྤྲོ་ན་ཚིག་བཅད་དང་། སྔགས་ཙམ་གྱི་ཆོག་གོ། །པོ་ཏི། འཕྲེང་བ། རྡོ་རྗེ་རྒྱ་གྲམ། འཁོར་ལོ་དུང་ཆགས་ཤིང་། རྡོ་རྗེ་དྲིལ་བུ།

མདོ་སྒྱུ་སེམས་གསུམ་གྱི་དབང་གི་ས་བཅད།

མདོ་སྒྱུ་སེམས་གསུམ་གྱི་དབང་གི་ས་བཅད་བཞུགས་སོ། །འཁོར་འདས་ཡོངས་ལ་ཁྱབ་པ་ཆོས་ཀྱི་སྐུ། །ཐུགས་རྗེ་འགགས་པ་མེད་པ་གཟུགས་ཀྱི་སྐུ། །བདག་གཞན་དོན་གཉིས་ཡོངས་སུ་རྫོགས་པའི་སྐུ། །དཔལ་ལྡན་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་མདོ་སྒྱུ་སེམས་ཀྱིས་དབང་ལ་ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ཀླད་ཀྱི་དོན་ལ་གསུམ་སྟེ། །ཚིག་བཞིས་མཚན་བསྟན་པ་དང་། བླ་མ། དཀོན་མཆོག་གསུམ། ཡི་དམ་མཁའ་འགྲོ། ཆོས་སྐྱོང་རྣམས་ལ་ཚིག་བཅད་རེ་རེས་མཆོད་པར་བརྗོད་པ་དང་། ཚིགས་བཅད་བཞིས་འགག་བསྡུས་ཏེ་བཤད་པ་དམ་བཅའ་བའོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། ཡིད་ཆེས་ཞིང་ཁུངས་བཙུན་པར་བྱ་བའི་ཕྱིར་བླ་མ་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་བྱུང་བའི་གདམས་ངག་དངོས་དང་། རྩིས་ཆེ་བས་གཏད་རྒྱ་བསྟན་པའོ། །དང་པོ་ལ་གསུམ། རྒྱུད་མ་ཧ་ཡོ་གའི་བརྒྱུད་པ་དང་། ལུང་ཨ་ནུ་ཡོ་གའི་བརྒྱུད་པ་དང་། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་པའོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་ལ་གཉིས་ཏེ། སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པའོ། །དང་པོ་ལ་གཉིས་སྟེ། སྒྲུབ་པ་དང་། དབང་ངོ་། དང་པོ་སྒྲུབ་པ་ལ་གཉིས་སྟེ། ཕུན་སུམ་ཚོགས་པ་དྲུག་གིས་གཞི་གཟུང་བ་དང་། བསྙེན་སྒྲུབ་བཞིས་གཞུང་བསྲང་པ་དང་གཉིས་སོ། །དང་པོ་ལ། སྟོན་པ། གནས། འཁོར། ཡོ་བྱད། དུས། སྒྲུབ་པ་པོ། ཕུན་སུམ་ཚོགས་པ་དང་དྲུག་གོ །གཉིས་པ་བསྙེན་སྒྲུབ་ལ་བཞི་སྟེ། བསྙེན་པ། ཉེ་བསྙེན། སྒྲུབ་པ། བསྒྲུབ་ཆེན་ནོ། གཉིས་པ་དབང་ལ་གསུམ་སྟེ། ནུབ་དང་པོ་ས་ཆོག །ནུབ་གཉིས་པ་སྟ་གོན། ནུབ་གསུམ་པ་དངོས་གཞིའོ། །དང་པོ་ལ་བརྒྱད་སྟེ། ས་གཞི་སྤྱི་མཚན་དུ་བརྟག་པ་དང་། རང་མཚན་བརྟགས་པ་དང་། ས་བསླང་བ་དང་། དབང་དུ་བྱ་བ་དང་། སྦྱངས་བ་དང་། བྱིན་གྱིས་བརླབས་པ་དང་། བསྲུང་བ་དང་། གཟུང་བའོ། །དང་པོ་ལ་གཉིས་སྟེ། ནམ་མཁའ་བརྟགས་པ་དང་། གནས་ཀྱི་རི་བརྟག་པ་དང་། གཉིས་པ་རང་མཚན་དུ་བརྟགས་པ་ལ་གཉིས་ཏེ། ངན་པ་དང་། བཟང་བའོ། །གསུམ་པ་ས་བསླང་བ་ལ་གཉིས་སྟེ། །མངོན་པ་མི་ལ་སློང་བ་དང་། །མི་མངོན་པ་མི་མ་ཡིན་ལ་སླང་བའོ། །མི་མངོན་པ་ལ་སླང་བ་ལ་གཉིས་ཏེ། །བདེ་བར་གཤེགས་པ་ལ་སླང་བ་དང་། སའི་ལྷ་མོ་ལ་སླང་བའོ། །བཞི་པ་དབང་དུ་བྱ་བ་ཕུར་བུ་གདབ་པའོ། །ལྔ་པ་སྦྱངས་པ་ལ་བཞི་སྟེ། །ལས་དང་བྱ་བས་སྦྱོང་བ་དང་། མེས་སྦྱང་བ་དང་། སྔགས་དང་ཕྱག་རྒྱས་སྦྱང་བ་དང་། །ཏིང་ངེ་འཛིན་གྱིས་སྦྱང་བའོ། །ཏིང་འཛིན་གྱིས་སྦྱང་བ་ལ་གཉིས་ཏེ། མཚན་མ་མེད་པ་དང་། མཚན་མ་དང་བཅས་པའོ། །དྲུག་པ་བྱིན་གྱིས་བརླབས་པ་གར་ཆམས་སོ། །བདུན་པ་བསྲུང་བ་ལ་གསུམ་སྟེ། །ཕྱི་མཚམས་དང་ནང་མཚམས་དང་། གསང་མཚམས་སོ། །དང་པོ་ལ་གསུམ་སྟེ། རྒྱལ་ཆེན་ཕྱོགས་སྐྱོང་གིས་ཕྱིའི་ཕྱི་མཚམས་བཅད་པ་དང་། ཕྱིའི་ནང་མཚམས་དམ་སྲི་བརྡུང་ཞིང་མནན་པ་བྱ་བ་དང་། ཕྱིའི་གསང་མཚམས་སྒོ་བྱང་གདགས་པའོ། །གཉིས་པ་ནང་མཚམས་ལ་གསུམ་སྟེ། ནང་གི་ཕྱི་མཚམས་ཁྲོ་བཅུའི་ཕུར་པ་བགེགས་ལ་གདབ་པ་དང་། ནང་གི་ནང་མཚམས་མཚོན་ཆ་འཆོལ་བས་མཚོན་ཆའི་གུར་ཕུབ་པ་དང་། ནང་གི་གསང་མཚམས་ཁྲོ་བཅུའི་སྟང་སྟབས་ཀྱིས་བགེགས་རིགས་ཟིལ་གྱིས་མནན་པའོ། །གསུམ་པ་གསང་བའི་མཚམས་ལ་གསུམ་ཏེ། གསང་བའི་ཕྱི་མཚམས་བདུད་རྩི་འཁྱིལ་བ་དང་། མི་གཡོ་བས་དམ་སྲིའི་བར་ཆད་ཚར་བཅད་པ་དང་། གསང་བའི་ནང་མཚམས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱིས་ཡེ་ཤེས་སུ་བསྒོམས་པ་དང་། གསང་བའི་གསང་མཚམས། གསང་བའི་དམ་སྲི་བདུད་རྩིའི་བསང་གཏོར་གྱིས་རྡུལ་ཕྲན་བཞིན་བརླག་པར་བྱེད་པའོ། །བརྒྱད་པ་གཟུང་བ་ལ་བཞི་སྟེ། ཆ་རྐྱེན་བསྡུ་བ་དང་། སློབ་མ་རྣམས་ལ་གླེང་གཞི་བཤད་པ་དང་།།བགེགས་བརྒྱད་བཤད་པ་དང་། ཐུགས་དམ་བསྐང་བ འོ། །དང་པོ་མཆོད་པའི་ཆ་རྐྱེན་དང་། དཀྱིལ་འཁོར་གྱི་ཆ་རྐྱེན་ནོ། །གཉིས་པ་གླེང་གཞི་བཤད་པ་ལ་གཉིས་སྟེ། །སློབ་མ་བསྲེ་བའི་ཆོ་ག་དང་གླེང་གཞི་དང་། །སྔོན་འགྲོའི་དབང་ཐུན་མོང་དུ་བསྟན་པའོ། །དང་པོ་ལ་གཉིས་སྟེ། དམ་མ་འདྲེས་པ་རྣམས་བསྲེ་བ་དང་། འདྲེས་པ་རྣམས་མནན་པའོ། །འདྲེས་པ་མནན་པ་ལ་གསུམ། མནན་པ་དངོས་དང་། བླ་མ་ལ་གཏང་རག་བཏང་བ་དང་། །རྡོ་རྗེ་ཐེག་པའི་གྲལ་དུ་བཞུགས་པའོ། །གསུམ་པ་གེགས་བརྒྱད་བཤད་པ་ནི། །མཚན་ཉིད་ལ་རྣམ་རྟོག་བྱུང་ཚུལ་ལོ། །བཞི་པ་ཐུགས་དམ་བསྐང་བ་ཕྱི་ནང་གཉིས་སོ། །སྤྱི་དོན་གཉིས་པ་སྟ་གོན་ལ་གཉིས་སྟེ། བཅའ་བཀོད་ཀྱི་རིམ་པ་དང་། །ཆོ་ག་ལ་འཇུག་པའི་རིམ་པའོ། །ཆོ་ག་ལ་འཇུག་པའི་རིམ་པ་ལ་བཅུ་གཅིག་ཏེ། སློབ་དཔོན་སྟ་གོན་དང་། །དཀྱིལ་འཁོར་སྟ་གོན་དང་། །བུམ་པ་སྟ་གོན་དང་། །ཀ་པ་ལ་སྟ་གོན་དང་། རྡོ་རྗེ་དྲིལ་བུ་ལ་སོགས་སྟ་གོན་དང་། ཐིག་སྟ་གོན་དང་། ཚོན་སྟ་གོན། དབང་རྫས་སྟ་གོན་དང་། །ཡོ་བྱད་སྟ་གོན་དང་། །སློབ་མ་སྟ་གོན་དང་། །སྦྱིན་བསྲེག་སྟ་གོན་ནོ། །སྤྱི་དོན་གསུམ་པ་དངོས་གཞི་ལ་བཞི་སྟེ། །ཕྱི་དབང་གི་ཆུ་བོ་དང་། །ནང་དབང་གི་ཆུ་བོ་དང་། །བསྒྲུབ་དབང་གི་ཆུ་བོ་དང་། མན་ངག་གི་ཆུ་བོའོ། །དང་པོ་ལ། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོ་བྱ། ཅེས་གསུངས་པས། དྲུག་སྟེ། ལྷ་མིའི་དབང་དང་། ཉན་ཐོས་ཀྱི་དབང་དང་། རང་སངས་རྒྱས་ཀྱི་དབང་དང་། །བྱང་ཆུབ་སེམས་དཔའི་དབང་དང་། །བྱ་བ་རྒྱུད་ཀྱི་དབང་དང་། །རྣལ་འབྱོར་རྒྱུད་ཀྱི་དབང་ངོ་། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། །འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ལ་ནི་ཚངས་ཐིག་དང་། ཚོན་དང་། བྲི་བའི་རྣམ་པ་དང་། རབ་གནས་སྦྱིན་བསྲེག་ཅེས་གསུངས་པ་དང་། གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་འཇུག་པ་དང་། ཡོན་ཏན་རྣམ་བཅུ་རྒྱས་ཤེས་བྱ། ཞེས་པས་གཉིས་ཏེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་པ་དང་། དབང་ལེན་པའོ། །དང་པོ་ལ། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། ཞེས་པས་གཉིས་ཏེ། འཇུག་པ་དང་བཟོད་པར་གསོལ་བའོ། །

མདོ་སྒྱུ་སེམས་གསུམ་གྱི་དབང་དོན་སྦྲང་རྩིའི་ཆུ་རྒྱུན།

༅། །མདོ་སྒྱུ་སེམས་གསུམ་གྱི་དབང་དོན། སྦྲང་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི་སིདྡྷི་ཧཱུཾ། མདོ་སྒྱུ་སེམས་གསུམ་དབང་དོན་ལ། །རིམ་དགུ་ཐེག་པའི་དབང་བཞུགས་སྟེ། །དེའི་རྫས་དབང་ལྷ་དབང་གི། །ཙཀ་ལིའི་རིམ་པ་བདག་གིས་བཤད། །ཕྱི་ནང་མཚམས་གཅོད་ཙཀ་ལི་ལ། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །སྒོ་བྱང་གཅིག་དང་ཁྲོ་བོ་བཅུ། །དྲིལ་བས་ཉི་ཤུ་རྩ་ལྔ་བཞུགས། །ཕྱི་དབང་བཅུ་དྲུག་ཅེས་བྱ་བ། །དབང་བསྐུར་རྫས་ཀྱི་མངའ་གསོལ་ལ། །ཕྱག་རྒྱ་གསང་བ་བུམ་པ་དང་། །ཕྲེང་བ་ཅོད་པཎ་ཐུར་མ་དང་། མེ་ལོང་འཁོར་ལོ་དུང་རྒྱ་གྲམ། །རིན་ཆེན་སྣ་བདུན་རལ་གྲི་དང་། །སེང་གེ་ཉི་ཟླ་མདའ་གཞུ་དང་། །བཀྲ་ཤིས་རྫས་བརྒྱད་ལ་སོགས་པའི། །ཙཀ་ལི་ཉི་ཤུ་རྩ་དགུ་དང་། །བསྐུར་ཐབས་བཅོ་ལྔ་ཞེས་པ་འདི་མདོ་དབང་གི་བསྒྲུབ་དབང་ལ་འདུག་ལ། །དབུ་རྒྱན་ཅོད་པན་བྷན་དྷ་དང་། །བྱང་སེམས་དྲི་ཆེན་ཤ་ཆེན་དང་། །རཀྟ་དྲི་ཆུ་བདུད་རྩི་དང་། །རྡོར་དྲིལ་ཕུར་བུ་ཉུངས་དཀར་དང་། །འཕྲེང་བ་མར་མེ་རྔ་ཆུང་དང་། །དབང་ཚིག་མ་གཏོགས་ཙཀ་ལི་མེད། །དྲིལ་བས་རེ་དགུ་སྔོན་འགྲོའི་ཆོས། །དངོས་གཞི་ཕྱི་དབང་ཆུ་བོ་དང་། །ནང་དབང་བསྒྲུབ་དབང་མན་ངག་སྟེ། །ཆུ་བོ་ཆེན་པོ་བཞི་འདུས་དང་། །ཞར་འབྱུང་ཚེ་ཡི་ཆོ་གའོ། །དང་པོ་ཕྱི་དབང་ཆུ་བོ་དང་། །ཐེག་པ་དྲུག་གི་དང་པོ་ལ། །ལྷ་མི་ཐེག་པའི་ཕྱི་ཕན་པའི་དབང་ལ། །རིགས་ལྔའི་སྐུ་སྙིང་པོ་ལྔ་དང་རྫས་དབང་བུམ་པ་དབུ་རྒྱན་ཅོད་པན་འཕྲེང་བ་གོ་ཆ་རྒྱན་གདུགས་བཟའ་བཏུང་བརྒྱད། །བཅུ་གསུམ་འོག་མ་ལྔ་པོ་འདིར་ལེན་དགོས་ཐེག་དྲུག་ཀུན་ལ་འདྲ། །ཕྱག་རྒྱ་ལྷ་དབང་སོ་སོ་ལས། །འདི་ལ་རྣམ་སྣང་ཐུབ་པ་དང་། །སྣང་མཐའ་སྨན་ལྷ་རྒྱལ་ཆེན་བཞི། །བརྒྱ་བྱིན་ཚངས་པ་ཁྱབ་འཇུག་དང་། །དབང་ཕྱུག་ལ་སོགས་བཞི་པོ་ཡིས། །བཙུན་མོ་མངག་གཞུག་ཕོ་ཉ་སྟེ། །དྲིལ་བས་ལྷ་ནི་ཉེར་བཞི་དང་། །རྒྱ་ཡིག་ལྔ་བཅུ་བོད་ཡིག་ནི། །སུམ་ཅུ་ཡིག་མགོ་བཅས་པ་སྟེ། །དྲིལ་བས་བརྒྱ་དང་བཅོ་བརྒྱད་བཞུགས། །ནང་ནུས་པའི་དབང་ལ་ཙཀ་ལི་པོ་ཏི་འོག་མ་ལྔ་པོ་ལ་ལེན་དགོས ལྔ། །འདི་ཡང་ཐེག་པ་དྲུག་ཀུན་ལ་འདྲེ། །བརྒྱ་དང་ཉེར་གསུམ་ལྷ་མིའི་དབང་གྲུབ་པོ་ལ། གཉིས་པ་ཉན་ཐོས་ཐེག་པ་ལ། །ཕྱག་རྒྱ་ལྷ་དབང་ཐུབ་པ་དང་། །འཁོར་རྣམ་བཞི་དང་ཉན་ཐོས་བཅུ་དྲུག་སྟེ། ཀུན་དྲིལ་སོ་དགུས་ཀུན་དྲིལ་ཉན་ཐོས་དབང་དེ་གྲུབ། །གསུམ་པ་ཕྱག་རྒྱ་ལ་རང་རྒྱལ་ཐེག་པ་ལ། །ཤཱཀ་ཐུབ་རང་རྒྱལ་བཅུ་གཉིས་དང་། །ཐུབ་པ་རྟེན་འབྲེལ་བཅུ་གཉིས་༢༦་སྟེ། །ཞེ་བཞིས་རང་རྒྱལ་དབང་དེ་གྲུབ། །བཞི་པ་བྱང་སེམས་ཐེག་པ་ལ། །ཕྱག་རྒྱ་ཐུབ་པ་ཡུམ་ཆེན་དངཟིགས། །ཕྱོགས་བཅུའི་སངས་རྒྱས་བཅུ་དང་ནི། །བཀྲ་ཤིས་དབང་ནི་ཉི་ཤུ་གཅིག་མ་ཚང་སྟེ། །ང་གསུམ་བྱང་སེམས་དབང་དེ་གྲུབ། །ལྔ་པ་ཀྲྀ་ཡའི་ཐེག་པ་ལ། །རྣམ་འཇོམས་འཇམ་དབྱངས་སྤྱན་རས་གཟིགས། །གཏུམ་པོ་ལྷ་བཞི་ཡུལ་བཞི་ལ་ཙཀ་ལི་གཅིག་གཅིག །ཁྲོ་བཅུ་མཆོད་པའི་ལྷ་མོ་བརྒྱད་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་མ་བཞི་དང་བཅསཔ་ལྷ་ངོ་བརྟན་པ་ལ་བཤད་ཀྱང་དབང་ཙམ་མི་བཞུགས་བཀྲ་ཤིས་ཉེར་དྲུག་གོ༤༤། །རེ་གཉིས་ཀྲྀ་ཡའི་དབང་དེ་གྲུབ། །དྲུག་པ་ཡོ་གའི་ཐེག་པ་ལ། །རྣམ་པར་སྣང་མཛད་ཡུམ་བཞིས་བསྐོར། །མི་བསྐྱོད་ལ་སོགས་རིགས་བཞི་ལ། །སོ་སོའི་སེམས་དཔའ་བཞི་བཞིས་བསྐོར། ། ཕྱི་ནང་ལྷ་མོ་སྒེགས་སོགས་བརྒྱད། །སྒོ་མ་བཞི་དང་སྐལ་བཟང་སྟོང་ལ་བཞི་མ་ཚང་བ་བཤད་ཀྱང་ཙཀ་ལི་མི་བཞུགས་བཀྲ་ཤིས་ཀྱི། ། དབང་ནི་དྲུག་ཅུ་རྩ་གཉིས་སོ། བརྒྱ་དང་གཉིས། །བརྒྱ་དང་བཅུ་དགུས་གྲུབ། གཉིས་པ་ནང་དབང་ཆུ་བོ་ལ། །ཐེག་པ་དགུ་ཡིས་བདུན་པ་སྟེ། །མ་ཧཱ་ཡོ་གའི་ཐེག་པ་ལ། །སྒྱུ་འཕྲུལ་དང་ཞི་ཁྲོ་གཉིས་ཡིན་ཏེ། །དང་པོ་ཞི་བའི་མངའ་གསོལ་ལ། །དྲུག་བཅུ་རེ་བརྒྱད་དག་དང་ནི། །ཕྱི་ཕན་པའི་དབང་ལ་རྫས་དབང་བཅུ་གསུམ་དང་། །ཞི་བའི་དཀྱིལ་་འཁོར་བསྡུས་པ་ཡིས། །ཕྱག་རྒྱ་ལྷ་དབང་རིགས་ལྔ་ནི། །ཡབ་ཡུམ་བཅུ་དང་ཁྲོ་བོ་བརྒྱད་དང་། །ཞི་བ་དཀྱིལ་འཁོར་འབྲིང་པོ་ལ། །རིགས་ལྔ་ཡབ་ཡུམ་བཅུ་དང་ནི། །སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། །སྒོ་བ་ཡབ་ཡུམ་བརྒྱད་དང་ནི། ཀུན་བཟང་ཡབ་ཡུམ་ཐུབ་པ་དྲུག༦༣། ཞི་བ་དཀྱིལ་འཁོར་རྒྱས་པ་ལ། །ཀུན་བཟང་ཡབ་ཡུམ་རིགས་ལྔ་ནི། །ཡབ་ཡུམ་བཅུ་ལ་སོ་སོ་ཡི། །རིགས་ཆུང་བརྒྱད་བརྒྱད་དག་གིས་བསྐོར༥༢། །དེ་སྟེངས་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། །ཐུབ་པ་དྲུག་དང་ཁྲོ་བོ་བརྒྱད་ཡབ་ཡུམ་དྲིལ༣༢། །དཀྱིལ་འཁོར་འབྲིང་པོ་དག་ནས་ལེན། །ཞི་བ་ཚོམ་བུ་གཅིག་པ་ལ། །དཀྱིལ་འཁོར་རྒྱས་པའི་མི་བསྐྱོད་ཡབ་ཡུམ་ལ། །རིགས་ཆུང་ཡབ་ཡུམ་བརྒྱད་ཀྱིས་བསྐོར། །ཁྲོ་བོ་ཡབ་ཡུམ་དང་བརྒྱད་བཅས་སླངས་༡༨པོ། །ཞི་བ་ཚོམ་བུ་གསུམ་པ་ལ། །མི་བསྐྱོད་རྣམ་སྣང་སྣང་མཐའ་སྟེ། །ཡབ་ཡུམ་རིགས་ཆུང་བརྒྱད་བརྒྱད་བཅས། །དཀྱིལ་འཁོར་རྒྱས་པའི་ལྷ་དེ་ལྔ་བཅུ་བླངས། །ཁྲོ་བོ་བཅུ་དྲུག་འོག་ཚོམ་བུ་ལྔ་ནས་བླངས་འཇུག །ཞི་བ་ཚོམ་བུ་ལྔ་པ་ལ། །ཁྲོ་བོ་ཡབ་ཡུམ་ཉི་ཤུའི་སྟེངས། །རིགས་ལྔ་ཡབ་ཡུམ་རིགས་ཆུང་བཅས། །དཀྱིལ་འཁོར་རྒྱས་པའི་ལྷ་ཚོགས་ལྔ་བཅུ་བླངས། །ནུས་པའི་དབང་ལ་ཙཀ་ལི་ལྔ། །སུམ་བརྒྱ་རེ་གཉིས་ཞི་བ་གྲུབ། །གཉིས་པ་ཁྲོ་བོའི་མངའ་གསོལ་ལ། །དྲུག་བཅུ་རེ་བརྒྱད་དྲུག་མ་ཚང་དག་དང་ནི། །ཁྲོ་བོའི་དཀྱིལ་འཁོར་བསྡུས་པ་ཡི། །ཕྱག་རྒྱ་ལྷ་དབང་ང་བརྒྱད་ལ། །ཁྲག་འཐུང་རིགས་ལྔ་ཡབ་ཡུམ་བཅུ། །གནས་ཀྱི་མ་བརྒྱད་འཕྲ་མེན་བརྒྱད། །སྒོ་མ་བཞི་དང་དབང་ཕྱུག་ནི། །ཉི་ཤུ་རྩ་བརྒྱད་དག་གིས་གྲུབ། །ཁྲོ་བོའི་དཀྱིལ་འཁོར་འབྲིང་པོ་ལ། །ཁྲོ་བཅུའི་སྟེངས་སུ་གོང་གི་ང་བརྒྱད་བླངས་༦༤། །ཁྲོ་བོའི་དཀྱིལ་འཁོར་རྒྱས་པ་ལ། །ཁྲག་འཐུང་རིགས་ལྔ་ཡབ་ཡུམ་བཅུ། །སོ་སོའི་རིགས་ཆུང་ཡབ་ཡུམ་བརྒྱད་བརྒྱད་དང་། །ཀ་རི་མ་བརྒྱད་སེང་ཧ་བརྒྱད། སྒོ་མ་བཞི་དང་དབང་མོ་ནི། །ཉེར་བརྒྱད་ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ། བརྒྱ་དང་བཅོ་བརྒྱད་ཡིན་པར་འདུག །ཁྲོ་བོ་ཚོམ་བུ་གཅིག་པ་ལ། །བཛྲ་ཧེ་རུ་ཡབ་ཡུམ་གཉིས། །རིགས་ཆུང་ཡབ་ཡུམ་བརྒྱད་ཀྱིས་བསྐོར། །ལྷ་མོ་ཉི་ཤུ་དབང་མོར་བཅས། །ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ། །དྲིལ་བས་བདུན་བཅུ་དོན་བརྒྱད་དོ། །ཁྲོ་བོ་ཚོམ་བུ་གསུམ་པ་ལ། །དབུས་དང་ཤར་ནུབ་ཁྲག་འཐུང་ནི། །ཡབ་ཡུམ་བཅུ་བཅུ་སུམ་ཅུ་དང་། །གནས་ཡུལ་སྒོ་མ་ཉི་ཤུ་དང་། །དབང་མོ་ཉེར་བརྒྱད་ཁྲོ་བོར་ཡབ་ཡུམ་ཉི་ཤུ་བཅས། །དགུ་བཅུ་གོ་བརྒྱད་ལྷ་དབང་ཡིན། །ཁྲོ་བོ་ཚོམ་བུ་ལྔ་པ་ལ། །ཁྲག་འཐུང་རིགས་ལྔ་ལྔ་འཁོར་བཅས་བཅུ་དང་། །ལྷ་མོ་ཉི་ཤུ་དབང་མོ་དང་། །ཁྲོ་བོ་ཉི་ཤུ་བཅས་པས་བརྒྱ་དང་བརྒྱད་གྲུབ། །ཚོམ་བུ་ལྔ་གསུམ་གཅིག་པ་དང་། །དཀྱིལ་འཁོར་རྒྱས་པ་དང་བཞི་པོའི་ཙཀ་ལི་མི་བཞུགས་གཞན་དུ་ལྟོས། །རྫས་དབང་ཉེར་བརྒྱད་དང་བཅས་གྲུབ་ཕན་དབང་། །ནུས་པའི་དབང་ལ་ཙཀ་ལི་དྲུག །དྲུག་བརྒྱ་བཞི་བཅུས་ཁྲོ་བོ་གྲུབ། །གསུམ་པ་སྒྲུབ་དབང་ཆུ་བོ་ལ། །ཐེག་པ་དགུ་ཡིས་བརྒྱད་པ་སྟེ། །ཨ་ནུ་ཡོ་གའི་ཐེག་པ་ལ། །ཕྱི་ཕན་པའི་དབང་ལྷ་དབང་ཞི་བ་ཞེ་གཉིས་དང་། རྫས་དབང་སུམ་ཅུ་སོ་གཉིས་སོ། ། ནང་པའི་ནུས་དབང་རྫས་དབང་བཅུ་བདུན་དང་། །ཕྱག་རྒྱ་ལྷ་དབང་བཤད་པ་ནི། །ཁྲོ་བོ་ཡབ་ཡུམ་ཉི་ཤུ་དང་། །ཀེ་རི་བརྒྱད་དང་སིང་ཧ་བརྒྱད། །སྤོར་མ་བརྒྱད་དང་གསང་ཡུམ་བཞི། །དབང་ཕྱུག་ཉེར་མགོ་བརྙན་ཡོད་མེད་བརྒྱད་ཚན་གཉིས་དང་། །མཁའ་འགྲོ་སོ་གཉིས་མ་བདུན་དང་། །སྲིན་མོ་བཞི་དང་གིང་བཅོ་བརྒྱད། །ཁྲོ་བོ་ཁྲོ་མོ་དྲུག་བཅུ་དང་། ཕོ་ཉ་དྲུག་བཅུ་ཚན་བཞི་དང་། །མ་མོ་དྲུག་བཅུ་ཐམ་གཉིས་མ་ཚང་པ་དང་། །རིག་འཛིན་བརྒྱད་དང་གོ་གསུམ་སྟེ། དྲིལ་བས་བདུན་བརྒྱ་ཉེར་གཉིས་སོ། །མཐའ་རྟེན་རྫས་དབང་བཅུ་པའོ། །སྒྲུབ་དབང་རྫས་དབང་སོ་གཉིས་སྟེ། །བརྒྱད་བརྒྱ་ང་ལྔས་ཨ་ནུ་གྲུབ། །བཞི་པ་མན་ངག་ཆུ་བོ་ལ། །ཐེག་པ་དགུ་པོ་ཨ་ཏིའི་ཐེག །རིག་འཛིན་བཅོ་བརྒྱད་ཙཀ་ལི་བཞུགས། །རྗེས་ནི་སྒྲུབ་ཆེན་ཚེ་ཆོག་ལ། །བུམ་དབང་ཙཀ་ལི་ཉེར་དགུ་དང་། །གསང་དབང་དག་ལ་ཙཀ་ལི་ལྔ། །ཤེས་རབ་ཡེ་ཤེས་ཉེར་བཞི་ཡོད། །ལྔ་བཅུ་ལྔ་བརྒྱད་ཚེ་དབང་གྲུབ། །ཡབ་ཡུམ་སོ་སོར་རྩིས་པ་དང་། །ཞི་ཁྲོའི་མངའ་གསོལ་ལ་སོགས་དང་། །གོང་འོག་འདབས་བསྐོར་དགོས་པ་རྣམས་དང་ཟུར་འགེབས་མ་ཚངས་བ་རྣམས་ཀྱིས། །མཚམས་གཅོད་ཙཀ་ལི་ལ་སོགས་ཞིབ་དུ་རྩིས། །ཡོངས་དྲིལ་ལྷ་ཡིས་ཙཀ་ལི་ལ། །སྟོང་དང་དགུ་བརྒྱ་བརྒྱ་བཅུ་བཞུགས། །རྫས་དབང་སུམ་བརྒྱ་བདུན་བཅུ་བཞུགས། །ཡི་གེའི་དབང་ནི་དགུ་བཅུ་བཞུགས། །དེ་ནི་དབང་གི་ཆོ་ག་རུ། ། བཤད་ཚད་རྩིས་ཏེ་ཀུན་དྲིལ་ནི། །ཉིས་སྟོང་བཞི་བརྒྱ་བཞི་ཅུ་བཞུགས། །མ་ཚང་གོང་གི་མཆན་དུ་གསལ། །ཙཀ་ལི་དངོས་སུ་བཞུགས་པ་ལ། །སྟོང་དང་བདུན་བརྒྱ་ཉེར་བདུན་བཞུགས། །ཙཀ་ལི་གྲངས་སུ་བཅད་པ་དེ། །མདོ་སྒྱུ་སེམས་གསུམ་དབང་རིམ་ཀྱིས། །ས་བཅད་དོན་བསྡུས་གནས་ཀྱི་འགགས། །བདུད་རྩི་ཐིག་པ་ཁྱད་པར་ཆོས། ཚུལ་ཁྲིམས་རྒྱལ་མཚན་དཔལ་བཟང་།ཤཱི་ལ་དྷྭ་ཛ་ཤཱི་བྷ་དྲའི་ཨུ་པ་དེ་ཤའོ། །མདོ་དབང་གི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར། །དཔལ་ཧེ་རུ་ཀ་འདས་པའི་རྒྱུད་ཆེན་པོ་ལས། གནས་ཀྱི་ལྷ་མོ་བརྒྱད་ལ་འཁྱམས་གཅིག །ཕྲ་མེན་བརྒྱ་དང་གཉིས། སྒོ་བཞིར་སྒོ་མ་བཞི། འབར་མ་བརྒྱད། སྒོ་མ་བཞི་དང་གསུམ། དབང་མོ་ཉེར་བརྒྱད་དང་བཞི། མཁའ་འགྲོ་སོ་གཉིས་དང་ལྔ། །མ་བདུན་སྲིང་བཞི་དང་དྲུག །གིང་བཅོ་བརྒྱད་དང་བདུན། ཕྱོགས་བཞིའི་ཕོ་ཉ་དྲུག་བཅུ་ཚན་བཞི་དང་བརྒྱད། སྟེང་འོག་གི་དྲུག་བཅུ་ཕྲག་གཉིས། ཤར་ནུབ་ཀྱི་འཁྱམས་ཟེར་པ་འདུག་པ་ལ་འཁྱམས་གཉིས་དང་ཁྱམས་བཅུ། སྒོ་བཞིར་སྒོ་མ་བཞི། ཕྱི་རོལ་འཁོར་ཡུག་ལ་རིགས་འཛིན་བྱེ་བ་ས་ཡ་བཀོད་གསུངས་སོ། །མངྒ་ལཾ་བྷ་ཝནྟུ། ཤུབྷཾ། དྷ་ཐིཾཿ

སྒྲུབ་དབང་ལས་མདོ་དབང་གི་བུམ་བསྐྱེད།

སྒྲུབ་དབང་ལས། མདོ་དབང་གི་བུམ་བསྐྱེད་བཞུགས་སོ། །གཉིས་པ་བུམ་བསྐྱེད་ལ་གཉིས་ཏེ། །ཞི་བའི་བུམ་བསྐྱེད་དང་། །ཁྲོ་བོའི་བུམ་བསྐྱེད་དོ། །དང་པོ་ནི་གོང་སྟ་གོན་གྱི་སྐབས་སུ་བཤད་པའི་ཞི་བའི་བུམ་བསྐྱེད་འདིར་བླངས་ལ་ཞི་བའི་བུམ་པ་ལེགས་པར་གྲུབ་བོ། །གཉིས་པ་ཁྲོ་བོའི་བུམ་བསྐྱེད་ནི། །ཆེ་མཆོག་གི་ལྷ་ཚོགས་བསྐྱེད་དེ། །དང་པོ་མཚམས་སྤྱོད་ནི། །ཧཱུཾ་རང་བྱུང་ཁྲོ་བོ་ཆེན་པོ་བཅུ། །བགེགས་རྣམས་ཐམས་ཅད་གཟིར་བའི་ཕྱིར། །ཕྱོགས་མཚམས་ཕུར་པ་བཏབ་པ་ནི། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །གརྫ་གརྫ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། འདྲེའོ། ད་ཧ་ད་ཧ། པ་ཙ་པ་ཙ། བན་དྷ་བན་དྷ། ཧུ་ལུ་ཧུ་ལུ། ཏིས་ཏ་ཏིས་ཏ། ཚིནྡྷ་ཚིནྡྷ། བིན་དྷ་བིན་དྷ། སྤོ་ཏ་སྤོ་ཏ་ཧཱུཾ་ཕཊ། སུཾ་བྷས་ནི་གཟིར་མནན་གཅད་དོ། །དེ་ནས་གཤགས་པ་བྱ་བ་ནི། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཞེས་པའི་འཇུག་ལ། །དང་པོ་སྐྱེ་བ་ཐོག་མཐའ་མེད་པ་ནས། །རྣམ་པར་སྨིན་པའི་ལུས་འདི་ཡན་ཆོད་དུ། །མི་དགེ་ལས་ཀྱི་འཁོར་བའི་རྒྱུ་བསགས་པས། །བྱང་ཞིང་དག་པར་བྱིན་གྱིས་རླབ་ཏུ་གསོལ། །དམ་བཅའ། བྱིན་དབབ། བདུད་རྩི་བརླབས་པ་མཐུན། གསང་གཏོར་བྱ། ཧཱུཾ་བདུད་རྩི་རང་འབྱུང་ཆེན་པོ་འདི། །ཡེ་ཤེས་ལྷ་ལ་གཏོར་བྱས་པས། །བདག་ཀྱང་གཉིས་སུ་མེད་པར་འགྲུབ། །དམ་ཅན་ཚོགས་ལ་གཏོར་བྱས་འདྲེ། །ཐུགས་དམ་གཉན་པོ་བསྐང་པར་འགྱུར། །རྣལ་འབྱོར་པ་ལ། །རྟོག་སྒྲིབ་བག་ཆགས་བྱང་བར་འགྱུར། །མི་མཐུན་པའི་ཕྱོགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་པོ་ཚིག་པར་འགྱུར། །མཆོད་པའི་རྫས་ལ། ཐམས་ཅད་བདུད་རྩི་ཉིད་དུ་འགྱུར། སྔགས་བརྗོད་ཅིང་གཏོར་རོ། །གཏོར་མ་བརླབ་པ་མཐུན། །རཀྟ་ཡང་བརླབ་པོ། ཧཱུཾ་ཨེ་མ་ཀུན་ཏུ་བཟང་པོ་ནི་དེ་བཞིན་ཉིད་ཀྱི་ཏིང་འཛིན་དུ། ངེས་འབྱུང་ཆོས་སྐུ་ཆེན་པོ་ལ། །བདག་གིར་ཇི་བཞིན་བཞག་པས་ནས། །བྱང་ཆུབ་དེ་ཉིད་ལྟུངས་ནས་མེད། །བྱང་ཆུ བ་ཀུན་ཏུ་སྣང་བའི་སེམས་ནི་ཀུན་ཏུ་དག །ཐིག་ལེ་ཆོས་སྐུ་ཁྱབ་པའི་ཕྱིར། །ཡེ་ནས་དབྱེར་མེད་བྱར་མི་དགོས། །དབྱིངས་སུ་གྱུར་ནས་མཉམ་གནས་པའོ། །རྒྱུའི་རྒྱུའི་ཏིང་ངེ་འཛིན་ནི། བྷྲུཾ་བྷི་ཤ་བི་ཤུདྷེ་བཛྲ་ཛྙ་ན་ཙཀྲ་སུརྱ་ཙནྟྲ་མཎྚལ་མ་ཧོ་དི་བ་ནན། ཨུ་མ་དེ་བ་ནན།ཏིང་འཛིན་འབྲས་བུ་ལས། དེ་ཉིད་བྱང་ཆུབ་སེམས་སུ་འགྱུར། །འབྱུང་ལྔ་ཡུམ་གྱི་དཀྱིལ་འཁོར་དང་། །བྱང་ཆུབ་སེམས་ལས་རིམ་བཞིན་བསྐྱེད། །ཨ་ཀུན་ཏུ་བཟང་མོ་ནམ་མཁའི་ཀློང་། །གདན་དབང་ཆེན་གྱིས་བརྒྱན། ཨེ་ལས་ནི་མཎྚལ་ལ་ཧཾ་ཀརྨ་རཀྴ་ཧི། ར་རཀྟ་མཎྚལ། ཀེའི་ནི་རི་ཏི་མཎྚལ། རི་ཛྙ་ན་བཛྲ་ཛྭ་ལ་མཎྚལ་ལ་རམ། །དམ་ཚིག་སྒྲོལ་མ་རླུང་གི་རྒྱ་གྲམ་བལྟམས། །མ་མ་ཀི་ནི་རཀྟའི་རྒྱ་མཚོར་འཁྲུགས། །སངས་རྒྱས་སྤྱན་ནི་ཀེང་རུས་རི་རབ་སྟེང་། །ན་བཟའ་དཀར་མོ་ཀུན་ལ་དྲོད་འབེབས་མ། །འབྱུང་ལྔ་ཡུམ་ལྔ་མཐའ་ཡས་ལྷུན་གྱིས་རྟེན། །དུར་རི་ཙཎྚ་ནན་དེ་པ་རི་ནན་བྷྲུཾ་ལས་བསྐྱེད་པ་གཞལ་ཡས་ཁང་། །ནམ་མཁའི་དབྱིངས་དང་མཉམ་པ་ཡིས། །ཚུལ་བཞིན་བྱིན་གྱིས་བརླབས་ནས་སུ། །གཞལ་ཡས་གསལ་བར་གྱུར་པར་བྷཻ།ཾ །ཧཱུཾ་ཧཱུཾ་བྷི་ཤ་བཛྲ་ཀྲོ་ཏ་ཛ་ལ་མ་ཊ་ཕཊ་ཧ་ལ་ཧ་ལ་ཧཱུཾ་ཕཊ། །ༀ་ཧཾ་པ་ཨཾ་ཧ། །བུདྡྷ་ཤྲི་ཧེ་རུ་ཀ་བུདྡྷ། ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། །འདྲེ། ཨ་ཙཎྚ་མ་ཊ་ལ། བྷྲུཾ་པ་ར་ན་ཕཊ། སཾ་ཧ་ར་ན་ཧཱུཾ། ཨ་ཀྲ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ། མཾ་སུརྱ་མཎྚ་ལ། ཨ་ཀྲ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ༀ་མ་ཧཱ་མུ་ཏྲ་ཧྲི་ཤ་པྲ་ཏ་པེ་ཤྲ་ཀྲི་ཏ་ཨ་ནུ་ཏ་ན་ཛྙ་ན་བཛྲ་སརྦ་བ་ཨད་མ་ཀོ་ཧཾ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བ་ག་ཙིཏྟ་ཏིས་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། །དེ་ནས་བྱིན་གྱིས་རླབས་སོ། ཨེ་མ་ཧོ་དབུའི་ཡོན་ཏན། ཆེ་མཆོག་ཧེ་རུ་ཀ །ཉི་ཤུ་རྩ་གཅིག་དབུ་ནི་ས་རྣམས་ལྷུན་གྱིས་གྲུབ། །སྒྲིབ་སྦྱོངས་ཡེ་ཤེས་དབུ་ནི་ཁྲོ་ཆེན་སྟོབས་པོ་ཆེ། །དང་པོ་རབ་དུ་དགའ་བའི་ས་མནན་པའོ། །སྐྱོན་སེལ་ཡེ་ཤེས་དབུ་ནི་ཁྲོ་ཆེན་ཁམས་གསུམ་རྒྱལ། །གཉིས་པ་དྲི་མ་མེད་པའི་ས་མནན་པའོ། །བདུད་འཇོམས་ཡེ་ཤེས་དབུ་ནི་ཁྲོ་ཆེན་བདུད་རྩི་འཁྱིལ། །གསུམ་པ་འོ ད་འཕྲོས་པའི་ས་མནན་པའོ། །རྟོག་འཇོམས་ཡེ་ཤེས་དབུ་ནི་ཁྲོ་ཆེན་འདོད་པའི་རྒྱལ། །བཞི་པ་འོད་བྱེད་པའི་ས་མནན་པའོ། གཟིར་མནན་ཡེ་ཤེས་དབུ་ནི་ཁྲོ་ཆེན་རྟ་མཆོག་དཔལ། །ལྔ་པ་སྦྱངས་དཀའ་བའི་ས་མནན་པའོ། །རྣམ་དག་ཡེ་ཤེས་དབུ་ནི་ཁྲོ་ཆེན་མི་གཡོ་མགོན། །དྲུག་པ་མངོན་དུ་གྱུར་པའི་ས་མནན་པའོ། །ཐབས་མཁས་ཡེ་ཤེས་དབུ་ནི་ཁྲོ་ཆེན་གཤིན་རྗེ་གཤེད། །བདུན་པ་རིང་དུ་གྱུར་པའི་ས་མནན་པའོ། །སྟོབས་ལྡན་ཡེ་ཤེས་དབུ་ནི་ཁྲོ་ཆེན་དབྱུག་སྔོན་ཅན། །བརྒྱད་པ་མི་གཡོ་བའི་ས་མནན་པའོ། །མཁྱེན་ལྡན་ཡེ་ཤེས་དབུ་ནི་ཁྲོ་ཆེན་རྣམ་པར་རྒྱལ། །དགུ་པ་ལེགས་པའི་བློ་གྲོས་ས་མནན་པའོ། །བརྗིད་གནོན་ཡེ་ཤེས་དབུ་ནི་ཁྲོ་ཆེན་ཧཱུཾ་ཀ་ར། །བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་མནན་པའོ། །མངོན་ཤེས་དབུ་ནི་ཡག་ཤ་ཧེ་རུ་ཀ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་མནན་པའོ། །ཀུན་མཁྱེན་ཡེ་ཤེས་དབུ་ནི་འགུ་ཡ་ཧེ་རུ་ཀ །བཅུ་གཉིས་ལེགས་པའི་བློ་གྲོས་ས་མནན་པའོ། །བྱམས་མགོན་ཡེ་ཤེས་དབུ་ནི་ས་ནུ་ཧེ་རུ་ཀ། །བཅུ་གསུམ་རྡོ་རྗེ་འཆང་གི་ས་མནན་པའོ། །རྔམ་བརྗིད་ཡེ་ཤེས་དབུ་ནི་རཀྴ་ཧེ་རུ་ཀ། །བཅུ་གཅིག་སྟུག་པོ་བཀོད་པའི་ས་མནན་པའོ། །སྤྲུལ་པ་ཡེ་ཤེས་དབུ་ནི་ཀརྨ་ཧེ་རུ་ཀ། །བཅོ་ལྔ་པདྨ་ཅན་གྱིས་ས་མནན་པའོ། །ཆགས་མེད་ཡེ་ཤེས་དབུ་ནི་པདྨ་ཧེ་རུ་ཀ། །བཅུ་དྲུག་པ་འཁོར་ལོ་ཚོགས་ཆེན་ས་མནན་པའོ། །ཡིད་བཞིན་དབུ་ནི་རཏྣ་ཧེ་རུ་ཀ། །བཅུ་བདུན་དེ་བ་ཀོ་ཤིའི་ས་མནན་པའོ། །འབར་འཕྲོ་ཡེ་ཤེས་དབུ་ནི་བུདྡྷ་ཧེ་རུ་ཀ། །བཅོ་བརྒྱད་ཀུན་བཟང་དབྱེ་བ་མེད་པའི་ས་མནན་པའོ། །སྟོབས་ལྡན་ཡེ་ཤེས་དབུ་ནི་བཛྲ་ཧེ་རུ་ཀ། །བཅུ་དགུ་རྫོགས་པ་བླ་མའི་ས་མནན་པའོ། །ཁྱབ་བརྡལ་དབུ་ནི་ཆེ་མཆོག་ཉིད་ཀྱི་དབུ། །ཉི་ཤུ་སྲིད་གསུམ་ངང་དུ་རྫོགས་པའི་ས་མནན་པའོ། །འུབ་ཆུབ་ཡེ་ཤེས་དབུ་ནི་རྟ་སྐད་ནམ་མཁར་འཚེར། །རྩ་གཅིག་ཡེ་ཤེས་བླ་མའི་ས་མནན་པའོ། །གཡས་ཀྱི་དབུ་བདུན་ཞལ་གདངས་མཆེ་བ་གཙིགས་པས། ཞལ་གྱིས་ཡོན་ཏན་འཁོར་བའི་སྐྱེ་ཤི་རྩད་ནས་གཅོད་པར་མཛད། གཡོན་གྱིས་དབུ་བདུན་ཞལ་གདངས་མཆེ་གཙིགས་པས། །འཁོར་བའི་ཉོན་མོངས་དུ་ཁ་ཟད་པར་བྱེད། །དབུས་ཀྱི་དབུ་བདུ ན་འདྲེ། །ཆོས་ཉིད་ཀློང་དུ་ཐམས་ཅད་རྔུབ་པར་མཛད། །གཡས་ཀྱི་སྤྱན་བཟློག་ཉི་ཤུ་རྩ་གཅིག་གིས། །བདུད་དང་བགེགས་རིགས་ཐམས་ཅད་ཐལ་བར་རློག །གཡོན་གྱིས་སྤྱན་འདྲེ། །ངན་སོང་འཁོར་བའི་དུ་ཁ་ཆག་མས་འདེབས། །དབུས་ཀྱི་སྤྱན༴ མི་འགྱུར་ཆོས་ཀྱི་དབྱིངས་སུ་ཡེ་རེ་གཟིགས། །མཆེ་བ་དཀར་པོ་ཟངས་ཡག་གཙིགས་པ་ཡིས། །འཁོར་བའི་ཆགས་སྡང་སྐྱེ་ཤི་རྩད་ནས་གཅོད། །རལ་བ་དམར་པོ་གྱེན་དུ་བརྫེས་པ་ཡིས། །ཆོས་དབྱིངས་ཡེ་ཤེས་མཐར་ཐུག་འགྲན་ཟླ་མེད། །བཞི་བཅུ་རྩ་གཉིས་ཕྱག་རྒྱའི་ཡོན་ཏན་ཕྱག་མཚན་གསལ་གདབ་ནི་མངོན་སངས་རྒྱས། བཞི་བཅུ་རྩ་གཉིས་གཡས་ཀྱི་དང་པོ་ན། ཀུན་ཏུ་བཟང་པོ་མཉམ་པའི་ཀུན་ཏུ་བཟང་པོ་ཡབ་ཡུམ་གསལ་གདབ་ཕྱག་རྒྱ་བསྣམས། བཞི་བཅུ་རྩ་གཉིས་གཡོན་རེ་མོས་བསྣམས་པ་འདྲེའོ། གཡས་ཀྱི་གཉིས་པ་ན། རྣམ་པར་རིགས་ལྔ་ཡབ་ཡུམ་གསལ་གདབ་སྣང་མཛད་གསེར་གྱི་འཁོར་ལོ་བསྣམས་པ། གཡོན་གཉིས་ནས་སངས་རྒྱས་སྤྱན་མ་གསེར་གྱི་དྲིལ་བུ། གཡས་གསུམ་པ་ན། རྡོ་རྗེ་སེམས་དཔའ་རྡོ་རྗེ་རྩེ་ལྔ་པ། གཡོན་གསུམ་པ་ན། །རྡོ་རྗེ་དབྱིངས་ཕྱུག་མ་ཤེལ་གྱི་དྲིལ་བུ། གཡས་བཞི་པ་ན། རིན་ཆེན་འབྱུང་ལྡན། རིན་ཆེན་ཟུར་བརྒྱད། གཡོན་བཞི་པ་ན། མ་མ་ཀི་ནི་གཡུའི་རིལ་བུ། གཡས་ལྔ་པ་ན། སྣང་བ་མཐའ་ཡས་པདྨ་འདབ་མ་བརྒྱད་བསྣམས་པ། གཡོན་གྱི་ལྔ་པ་ན། ན་བཟའ་དཀར་མོ། བྱི་རུའི་དྲིལ་བུ། གཡས་དྲུག་པ་ན། དོན་ཡོད་གྲུབ་པ་རྡོ་རྗེ་རྒྱ་གྲམ། གཡོན་དྲུག་པ་ན། དམ་ཚིག་སྒྲོལ་མ་མཐིང་ག་དྲིལ་བུ། གཡས་བདུན་པ་ན། སའི་སྙིང་པོ་རིན་ཆེན་མྱུ་གུ་སེམས་དཔའ་སེམས་མ། གཡོན་གྱི་བདུན་པ་ན། ལ་སེ་དཀར་མོ་མེ་ལོང་རྒྱ་གྲམ། གཡས་བརྒྱད་པ་ན། ནམ་མཁའ་སྙིང་པོ་གཅོད་བྱེད་རལ་གྲི། གཡོན་བརྒྱད་པ་ན། མ་ལེ་སྔོན་མོ་རིན་ཆེན་ཕྲེང་བ། གཡས་དགུ་པ་ན། སྤྱན་རས་གཟིགས་དབང་པད་མ་ཆགས་མེད། གཡོན་དགུ་པ་ན། གྷིར་ཏི་དམར་མོ་སྒྲ་དབྱངས་པི་ཝང་བསྣམས་པ། གཡས་བཅུ་པ་ན། ཕྱག་ན་རྡོ་རྗེ་རྩེ་ལྔ་པ། གཡོན་བཅུ་པ་ན། ནིཏྟི་ལྗང་ཁུ་གར་གྱི་ཅོད་པཎ། གཡས་བཅུ་གཅིག་པ་ན། བྱམས་པ་མེ་ཏྲི་ཀླུ་ཤིང་གྷུ་ཧེ་བསྣམས་པ། གཡོན་བཅུ་གཅིག་པ་ན། ལྷ་མོ་དྷུ་པེ་མ་ནི་སྤོས་མེད། གཡས་བཅུ་གཉིས་ན། སྒྲིབ་པ་སེལ་བ་སྦོས་ཀྱི་གླེག་བམ། གཡོན་བཅུ་གཉིས་ན། ལྷ་མོ་པུས་པེ་མ་ནི་མེ་ཏོག་བསྣམས་པ། གཡས་བཅུ་གསུམ་པ། ཀུན་ཏུ་བཟང་པོ་རིན་ཆེན་སྙེ་མ། གཡོན་བཅུ་གསུམ། ལྷ་མོ་ཨ་ལོ་ཀེ་ནི་མར་མེ། གཡས་པ་བཅུ་བཞི་འཇམ་དཔལ་གཞོན་ནུ་མེ་ཏོག་ཨུད་པ་ལ། གཡོན་གྱི་བཅུ་བཞི་ན། ལྷ་མོ་གྷན་དྷེ་མ་ནི་དྲི་ཆབ། གཡས་ཀྱི་བཅོ་ལྔ་པ། ཡ་མན་སྒོ་བ་ཡབ་ཡུམ་གསལ་ཏ་ཏྲིད་ཐོད་པ་ཁ་གདངས་བསྣམས། གཡོན་གྱི་བཅོ་ལྔ་ན་འགུགས་བྱེད་གདོང་མོ་ནི་ལྕགས་ཀྱུ་བསྣམས། གཡས་ཀྱི་བཅུ་དྲུག །བིག་ནན་པྲཛྙ་ཏ་ཀྲིད་རྡོ་རྗེ་རྩེ་ལྔ། གཡོན་པ་བཅུ་དྲུག །འཆིང་བྱེད་ཞགས་པ་མ་ནི། ཞགས་པ། གཡས་ཀྱི་བཅུ་བདུན། པདྨ་ཏ་ཀྲིཏ་ཐོད་པ་སྦྲུལ་དཀྲིས་པ། གཡོན་པ་བཅུ་བདུན། སྡོམ་བྱེད་ཉི་ཟླ་མ་ནི་ལྕགས་སྒྲོགས། གཡས་བཅོ་བརྒྱད། པྲ ཛྙཱ་བིག་ནན་ཏ་ཀྲིད་རྡོ་རྗེ་རྒྱ་གྲམ། གཡོན་པ་བཅོ་བརྒྱད་ཐལ་བྱེད་དྲིལ་བུ་མ། །དྲིལ་བུ་མ་གཡས་ཀྱི་བཅུ་དགུ། །ལྷ་དབང་རྒྱ་བྱིན་སྒྲ་བརྙན་པི་ཝཾ། ལྷ་མིན་ཐགས་བཟངས་རིས་ནི་གོ་ཆ་གཡས་ཀྱི་ཉི་ཤུ། ཤཱཀྱ་ཐུབ་པ་བསེག་ཤང་པར་བུ། གཡོན་གྱི་ཉི་ཤུ་ནི། པརྞ་ཤ་བ་རི་ནི། ཆོས་འཆད་པོ་ཏི། གཡས་ཀྱི་རྩ་གཅིག་ན། ཁ་འབར་ནི་རིན་ཆེན་སྒྲོམ་བུ། བཞི་བཅུ་རྩ་གཉིས་གཡོན་གྱི་ཐ་མ་ན། །གླང་པོ་ཅན་ནི་མེ་ཆུ་བསིལ་བསོད་སྣམས། །ཏིང་འཛིན་ཞབས་བརྒྱད་བསྒྲད་བས་ཁྲོ་མོའི་དབུ་བརྒྱད་བརྫིས། །ཞབས་བརྒྱད་གཡས་ཀྱི་དང་པོ་བསྒྲད་པ་ཡིས། །ཐིག་ལེ་ཆེན་པོའི་ཏིང་འཛིན་ཆེན་པོ་དང་། །སྤང་བྲལ་མེད་པར་ཆོས་ཀྱི་དབྱིངས་སུ་སྦྱོར། ཞབས་གཡས་ཀྱི་གཉིས་པ། བདེ་བ་ཆེན་པོའི་ཏིང་འཛིན་འདྲེ། ཀློང་དུ་གྱུར་པའི་ཆོས་ཀྱི་དབྱིངས། འདྲེ། གཡས་ཀྱི་གསུམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། སྐྱེ་ཤི་མེད་པའི་ཆོས་ཀྱི་དབྱིངས། གཡས་ཐ་མ་ཐམས་ཅད་འབྱུང་གནས་ཏིང་ངེ་འཛིན། ཟད་པ་མེད་པ་ཆོས་ཀྱི་དབྱིངས། ཞབས་བརྒྱད་གཡོན་གྱི་དང་པོ་བསྒྲད་པ་ཡིས། ཆགས་པ་མེད་པའི་ཏིང་ངེ་འཛིན། ཡེ་ནས་དག་པའི་ཆོས་ཀྱི་དབྱིངས། གཡོན་གྱི་གཉིས་པ་འདའ་བར་དཀའ་བའི་ཏིང་ངེ་འཛིན། མཐོང་བ་མེད་པའི་གཡོན་གྱི་གསུམ་པ། དམིགས་སུ་མེད་པའི་ཏིང་ངེ་འཛིན་ཆེན་པོ་དང་། རང་བཞིན་མེད་པའི་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡོན་གྱི་ཐ་མ་བསྒྲད་པ་ཡིས། །སྐྱེ་ཤི་མེད་པའི་ཏིང་འཛིན་ཆེན་པོ་དང་། །འདུ་འབྲལ་མེད་པའི་ཆོས་ཀྱི་དབྱིངས་སུ་སྦྱོར། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ་འདི། །སྲིད་པ་གསུམ་ལས་རྒྱལ་བ་ཡི་བརྒྱན། །རྟ་མགོ་ལྗང་ཁུ་རྟ་སྐད་སྒྲོག་པ་ནི། །སྣང་སྲིད་ཐམས་ཅད་དབང་དུ་བསྡུད་པའི་རྟགས། །སྨིན་མཚམས་ཁྲོ་གཉེར་གློག་ལྟར་འགྱུ་བ་ནི། །མ་རིག་རྨོངས་པའི་མུན་པ་སེལ་བའི་རྟགས། ཚངས་པའི་གཡང་གཞི་ན་བཟའ་གསོལ་བ་ནི། །ལོངས་སྤྱོད་རྫོགས་སྐུ་མངོན་དུ་བསྟན་པའི་རྟགས། །སྐུ་མདོག་མཐིང་ནག་འཇིགས་པར་བསྟན་པ་ནི། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་རྟགས། །སྐུ་སྨད་སྟག་གི་ཤམ་ཐབས་བསྣམས་པ་ནི། །སྤྲུལ་པ་སྐུ་ཡི་ཅིར་ཡང་སྟོན་མཛད་རྟགས། སྐུ་སྟོད་གླང་ཆེན་ཀོ་རློན་གསོལ་བ་ནི། ཐེག་པ་རིམ་དགུ་འགྲོ་དོན་མཛད་པའི་རྟགས། ཞིང་ཆེན་གཡང་གཞི་སྐུ་ལ་གསོལ་བ་ནི། ཐུགས་རྗེ་ཚད་མེད་བཞི་དང་ལྡན་པའི་རྟགས། ཐོད་པ་སྐམ་པོ་སྐུ་ལ་བརྒྱན་པ་ནི། དུས་གསུམ་སངས་རྒྱས་བསྙེན་བཀུར་མཛད་པའི་རྟགས། སྦྲུལ་ནག་སྟོང་གིས་གདེང་གས་བརྒྱན་པ་ནི། ཀླུ་རྒྱལ་རིགས་བཞི་དབང་དུ་འདུས་པའི་རྟགས། ཁྲག་དང་ཞག་གིས་ཐིག་ལེས་བརྒྱན་པ་ནི། མ་མོ་མཁའ་འགྲོ་དབང་དུ་འདུས་པའི་རྟགས། བསྐལ་པ་མེ་ལྟར་འབར་བའི་ཀློང་ནས་ནི། ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བས་བརྒྱན། རྡོ་རྗེ་གཤོག་པ་ནམ་མཁར་གདེངས་པ་ནི། སྟོང་གསུམ་འཇིག་རྟེན་ཟིལ་གྱིས་གནོན་པའི་རྟགས། འབར་བ་ཆེན་པོའི་གར་དགུས་འགྱིང་བ་ནི། ཆེ་བཙན་དཔེ་བྱད་ཀུན་ལ་རྒྱལ་བའི་རྟགས། ཁྲོ་རྒྱལ་ཆེ་མཆོག་འབར་བའི་ཞབས་འོག་ནས། ཤིན་ཏུ་རྔམས་པའི་ཁྲོ་མོ་རྣམ་ཞལ་མ། སྐུ་མདོག་དུ་ཁ་སྣ་ཚོགས་ཅིར་ཡང་སྟོན། དབུ་དགུ་ཕྱག་ནི་བཅོ་བརྒྱད་ཞབས་བཞི་བསྒྲད། རྣམ་ཐར་དབུ་བརྒྱད་གྱེན་དུ་བྱུང་བ་ནི། གསང་བའི་ཐུགས་རྗེ་ཐབས་དང་ཤེས་རབ་ལྡན། བྱང་ཆུབ་སེམས་ནི་བདུད་རྩི་ག་བུར་དཀྱིལ། འཇམ་དཔལ་གཞོན་ནུའི་བདུད་རྩི་ཕོ་བྲང་དཀྱིལ། རྟ་མགྲིན་ཡབ་ཡུམ་བདུད་རྩི་ཕོ་བྲང་དཀྱིལ། སྟོང་པ་བཅོ་བརྒྱད་ཕྱག་གིས་མྱ་ངན་འདས། བཅོ་བརྒྱད་ཕྱག་ནི་གཡས་གཡོན་དང་པོ་གཉིས། བནྡྷ་རཀྟས་བཀང་བ་རྡོ་རྗེ་འཁྲུག །བཅོ་བརྒྱད་ཕྱག་ནི་གཡས་ཀྱི་དང་འོག་ན། ཀེ་རི་བན་ཁྲོ་མོ་བརྒྱད་གསལ་དམར་ཞིང་གི་དབྱུག་ཐོ་འཕྱར། གཡོན་གྱི་དང་འོག་ན། སིང་ཧ་སིང་ཧ་བརྒྱད་གསལ་ཁ་རོ་སེང་གེའི་མགོ་ཅན། གཡས་ཀྱི་གསུམ་པ་ན། ཙིའུ་རི་སེར་མོ་མདའ་གཞུ་བསྣམས་པ། གཡོན་གསུམ་པ་ན། བྱ་ཀྲི་གནས་སྟག་སྟག་གི་མགོ་ཅན། གཡས་བཞི་ན། སྦྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་འཆར། གཡོན་པ་བཞི་པ། སྲི་ལ་བྱི་འདག་ཝའི་མགོ་ཅན། གཡས་ལྔ་པ། སེ་བྱི་ཟ་རྡོ་རྗེ་རྩེ་དགུར་ཕྱར། གཡོན་ལྔ་པ། ཤོ་ན་དགྲ་སྟ་སྦྱང་ཀུའི་མགོ་ཅན། གཡས་དྲུག་པ། པུཀྐ་དམར་སེར་བྱི་རྒྱུ་འདྲེན་པ། གཡོན་དྲུག་པ། ཀྲི་ཏ་འགྲིན་དམར་བྱ་རྒོད་མགོ། གཡས་བདུན་པ། ཀརྨ་དུང་དམར་རྡོ་རྗེ་དུང་ཁྲག་འཐུང་། གཡོན་བདུན་པ། ཀང་ཀ་ཀང་ཕྲག་དུར་བྱའི་མགོ་ཅན། གཡས་བརྒྱད་པ། སྨེ་ཤ་འཐིང་ནག་བྱི་སྙིང་ཟ་བ། གཡོན་བརྒྱད་པ། ཁ་ཁ་ཁ་རོ་བྱ་རོག་མགོ་ཅན། བཅོ་བརྒྱད་ཕྱག་ནི་གཡས་ཀྱི་ཐ་མ་ན། ཙནྡྲ་སེར་སྐྱ་ཆོག་ལུས་འབྲེལ་བ་བསྣམས་པ། བཅོ་བརྒྱད་ཕྱག་ནི་གཡོན་གྱི་ཐ་མ་ན། ཧུ་ལུ་ལྕགས་ཀྱུ་འུག་པའི་མགོ་ཅན་བསྣམས། ཏིང་འཛིན་ཞབས་བཞི་བསྒྲད་པས་རིག་བཞི་དབུ་ནས་རྫིས། ཞབས་བཞི་གཡས་ཀྱི་དང་པོ་བསྒྲད་པ་ཡིས། ཀློང་དུ་གྱུར་པའི་གསང་བ་བྷ་ག་དང་། བདེ་བ་ཆེན་པོའི་བྱང་ཆུབ་སེམས་སུ་སྦྱོར། གཡོན་དང་པོ་བསྒྲད་པ་ཡིས། ཟད་སྟོང་མེད་པ་གསང་བའི་བྷ་ག་ཡི། ཐམས་ཅད་འབྱུང་བའི་བྱང་ཆུབ་སེམས་སུ་སྦྱོར། གཡས་ཀྱི་ཐ་མ་བསྒྲད་པ་ཡིས། འདུ་འབྲལ་མེད་པ་གསང་བའི་བ་ག་དང་། སྐྱེ་ཤི་མེད་པའི་བྱང་ཆུབ་སེམས་སུ་སྦྱོར། ཞབས་བཞི་གཡོན་གྱི་ཐ་མ་བསྒྲད་པ་ཡིས། གདོད་ནས་དག་པ་གསང་བའི་བ་ག་དང་། རྡོ་རྗེ་ལྟ་བུའི་བྱང་ཆུབ་སེམས་སུ་སྦྱོར། ཁྲོ་མོ་རྣམ་ཞལ་འབར་མའི་ཞབས་འོག་ནས། སྐུ་གདུང་འབར་བའི་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་བཅུ་ལ་སོགས་པ་དཔལ་ཆེན་ཡབ་ཡུམ་བཅུ། སྔོ་ནག་སྨུག་ནག་དམར་ནག་དང་། ལྗང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། རྡོ་རྗེ་འཁོར་ཡུག་དུང་ཆོས་གསང་བ་དང་། རལ་གྲི་ཐོང་གཤོལ་དགྲ་སྟ་སྣ་ཚོགས་བསྣམས། སྦྲུལ་དང་ཐོད་རློན་གླང་ཆེན་ཀོ་རློན་དང་། ཞིང་ཆེན་གཡང་གཞི་སྟག་གི་ཤམ་ཐབས་དང་། ཁྲག་དང་ཞགས་དང་རཀྟའི་ཐིག་ལེས་བརྒྱན། སྐལ་པ་མེ་རི་འབར་བའི་ཀློང་ན་བཞུགས། གནས་ཡུལ་ཁྲོ་མོ་བཅུ་དྲུག་བརྗིད་པའི་མདངས་ཀྱི་བཞུགས། ཕྱག་རྒྱ་ཁྲོ་མོ་བཞི་ནི་སྒོ་བཞི་ཐུབ་པར་བཞུགས། དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ནི། རང་རང་བསྟན་དང་ལག་ཆ་སྣ་ཚོགས་དང་། ཅི་བགྱིས་ཞེས་ནས་ཆས་དེ་གནས། དེ་ལྟར་དཀྱིལ་འཁོར་གསལ་བཀོད་པས། སྣང་སྲིད་ཐམས་ཅད་འབར་བའི་དཀྱིལ་འཁོར་གསལ། ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་རྒྱས་ནས། འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བཞུགས་སོ་འཚལ། སྐད་ཅིག་གཅིག་ལ་བདེ་གཤེགས་སྐུར་སྟོན་མ། བྱིན་རླབས་མཆོག་དང་ལྡན་པར་མཛད་དུ་གསོལ། ཕྱག་རྒྱ་བཞིས་བཛྲ་ཨ་ཀུ་ཤ་ལ་སོགས་པ་གསལ་བསྟིམ། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་ཀྱང་། སྐུ་དང་ཡེ་ཤེས་དཀྱིལ་འཁོར་རང་སྣང་བ། །སྣང་སྲིད་ཐམས་ཅད་ཡབ་ཡུམ་སྐུ་ལ་སོགས། ཆེ་མཆོག་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཁམས་གསུམ་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ། །འགྲོ་བ་དྲུག་པོ་ཀུན་གྱིས་སྒྲིབ་སྦྱོང་བ། །བདུད་རྩི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །དུག་ལྔ་འབར་བ་སྐུ་ལྔར་སྦྱོར། །ལེན་པ་མེད་ཅིང་སྟོང་བ་མེད། །རིགས་ལྔ་དཔལ་ཆེན་ཡབ་ཡུམ་བཅུ། །སྐུ་གདུང་འབར་བ་ཁྱོད་ལ་ཕྱག་འཚལ་ལོ། །ཆུ་ཟླ་ལྟ་བུར་རྟོག་བྲལ་ཞིང་། །ཐམས་ཅད་རྟོག་པའི་ཡོངས་ཀྱིས་སྤངས། །ཀེའུ་རི་སིང་ཧ་སྒོ་མའི་ཚོགས། །བདུད་རྩི་སྦྱོར་ལ་ཕྱག་འཚལ་ལོ། །བདག་ཏུ་འཛིན་མེད་རྣམ་པར་དག །བདུད་དང་ངན་སོང་གསུམ་ལས་ཐར། །དབང་ཕྱུག་ཆ་དང་གིང་གི་ཚོགས། །བདུད་རྩི་བདུད་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཨ་ཏི་པུ་ཧོ། མ་ཧཱ་པུ་རུ་ཧོ། བདེ་བར་གཤེགས་པ་དམ་བཅའ། །ཀུན་བཟང་ཀྱི་པུ་ཙ་དབུལ། །པུ་ཙ་ལྔ་ལྷ་མོ་བཞི་འབུལ་དབུལ། །གཞུང་དང་མཐུན། །ཧཱུཾ་རང་བྱུང་སྨན་མཆོག་ཆེ་བའི་ཡོན་ཏན་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །གཉིད་དེ་བདེ་ཆེན་ལས་བྱུང་བ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་མཆུ་དེ་བདུད་རྩི་མཆོག །ག་བུར་ཤེལ་གྱིས་སྤོས་ཕོར་དྲི། །རིན་ཆེན་མེ་ཏོག་འབར་བའི་ཚོགས། །ཡོན་ཏན་འབུམ་ཕྲག་ཡང་པའི་བཅུད། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་གྲོལ་བ། །དུག་ལྔ་སེལ་བའི་ཐབས་མཆོག་སྟེ། །ཐམས་ཅད་བདུད་རྩི་རྣལ་འབྱོར་ཆེ། །མ་ལུས་བསྡུས་པའི་ཐིག་ལེ་ཆེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །གཅིག་ཏུ་དཔའ་བོ་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱོར་ན། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྒྱལ་བ་རྒྱ་མཚོ་ཐམས་ཅད་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་རྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཡང་སངས་རྒྱས་པའི་ཆེ་མཆོག་ཧེ་རུ་ཀ །སྐུ་དང་ཡེ་ཤེས་དལ་ཉིད་ལ་རྫོགས། །རྣམ་དག་འདྲེ། །སྒྱུ་འཕྲུལ་དཀྱིལ་འཁོར་ཡེ་ཤེས་སྣང་བ་ཡིས། །བཞི་བཅུ་རྩ་གཉིས་སངས་རྒྱས་རང་སྣང་བ། །རྣམ་དག་འདྲེ། འཇམ་དཔལ་གཞོན་ནུ་རྟ་མགྲིན་ཡབ་ཡུམ་དང་། །བདུད་རྩི་སྲིད་འཛིན་མངའ་བདག་ལ༴ །སྨན་ཆད་སྔོ། །རྣམ་དག་འདྲེ། ཁྲོ་མོ་རྣམ་ཞལ་ཀེའུ་སེང་བཅུ་དྲུག་དང་། །ཡུམ་ཆེན་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ལ། །རྣམ་དག་འདྲེ། ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ལ། །སྐུ་གསུང་འབར་བའི་དཀྱིལ་འཁོར་ཡབ་ཡུམ་ལ། །སྒོ་མ་དབང་ཕྱུག་དམ་ཅན་གིང་གི་ཚོགས། །དབང་ཆེན་དཀྱིལ་འཁོར་ཀུན་འདུས་འཁོར་བཅས་ལ། །རྣམ་དག་འདྲེ། བསྲུང་དང་བསྐྲད་དང་མཚམས་ཀྱི་ལས་མཛད་མ། །རང་བྱུང་བདུད་འདུལ་ཁྲོ་བོ་བཅུ་རྣམས་ལ། །རྣམ་དག་འདྲེ། རྡོ་རྗེ་སློབ་དཔོན་མན་ཆད་མཐུན། །ཐུགས་ཀྱི་སིད་དྷི་སིདྷི་བླངས་པ་སྩོལ་བ་འདི། །དངོས་པོ་མེད་ལ་དངོས་གྲུབ་བླངས། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་ལས། །དེ་ལྟར་དམིགས་པ་བཞིན་དུ་འགྲུབ། ཨ་ལན་གསུམ་ཧོ་པུ་ཀ། དར་མ་ཀ་ཡ། ༀ་ཨཱཿཧཱུཾ། སིད་དྷི་ཧྲི། བར་འདིར་ཛ་ཧཱུཾ་བཾ་ཧོ་སུ་ར་ཏོས་བླ་མེད་བདུད་རྩི་དབུལ་གཏོར་མ་དབུལ། །ཡེ་ནས་གཏོར་མ་འདོད་ཡོན་གྱི་གཏོར་མ་པུ་ཙ་རྒྱུ་ཉིད་དག་པ་ལ། །ང་དང་བདག་ཏུ་རྟོག་པ་ཡིས། །ཁམས་གསུམ་འཁོར་བའི་རྒྱུ་རུ་གྱུར། །ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང་། །ཨ་ཙ་ལ་ས་མ་ཡ། དྷརྨ་དར་དུ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ལུས་ཀུན་ཡོངས་སུ་འཁྱུད་པ་ཡིས། །རྡོ་རྗེ་པདྨ་ལྷན་བྱས་པས། །རང་བྱུང་རྣམས་ཀྱི་བདེ་མཆོག་སེམས། །ཕུལ་བས་མྱུར་དུ་འགྲུབ་པ་ཡིན། །ར་ག་པུ་ཙ་ཧོ། རྒྱུ་དྲུག་འཁོར་བ་སྟོང་པར་བསྒྲལ་སླད་དུ། །དུས་གསུམ་རྩད་གཅད་ཤ་ཁྲག་རུས་པའི་ཚོགས། །གཟུང་འཛིན་རྣམ་རྟོག་ཀུན་དང་བྲལ་བ་ཡིས། །མཉམ་པ་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །མ་ཧཱ་མ་ས་ཁ་ཧི། མ་ཧཱ་རཀྟ་ཁ་ཧི། །མ་ཧཱ་ཀེཾ་ནི་རི་ཏི་ཛ་ལ་ཁ་ཧི། །ལྷ་མོ་རོལ་མོ་ཀུངས་པུཙ་གྲོ་གར་གླུའི་ཚིག །མཛེས་ལྡན་སྒྱུ་མའི་གར་དང་ཚངས་པའི་དབྱངས། །རྒྱལ་བའི་དཀྱིལ་འཁོར་རྣམས་ལ་འབུལ་ལགས་ན། །ཀུན་ཏུ་བཟང་པོའི་མཆོད་པར་བཞེས་སུ་གསོལ། མ་ཧཱ་པུ་ཙ་ཧོ། ཧོ་སྤྲོས་པ་སྨོན་ལམ་གདབ་པའི་དོན་ལ་དགོངས་སུ་གསོལ་མེད་པའི་དབྱིངས། རྣམ་པ་དག་པའི་ངང་། ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བྱུང་། རང་སྣང་གི་དཀྱིལ་འཁོར་ཆེན་པོ། བཅོམ་ལྡན་ཁྲོ་བོ་ཐམས་ཅད་ཀྱི་ཆེ་བའི་མཆོག །ཆེ་མཆོག་ཧེ་རུ་ཀ་ལ། ཁྲོ་མོ་རྣམ་ཞལ་མ་དང་། སྐུ་གདུང་འབར་བའི་དཀྱིལ་འཁོར་ལ་སོགས་རྣམས། །མཁྱེན་པ་དང་བྱིན་རླབས་དམ་པ་མཛད་དུ་གསོལ། ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་ལས་སྤྲུལ་པའི་སྐུ། ཕྱག་ན་བཞུགས་པ་སངས་རྒྱས་བཞི་བཅུ་རྩ་གཉིས། དལ་གྱི་ལྷ་མོ་ཉི་ཤུ་དང་བཅས་པ། ཡེ་ཤེས་དང་ལས་ལ་གྲུབ་པའི། བསམ་གྱིས་མི་ཁྱབ་པ་རྣམས་མཁྱེན་པ་དང་། ཧོ་རྣལ་འབྱོར་གྱི་མཆོད་པ་ལོངས་སྤྱོད་རྫོགས་པའི་ཚུལ་སྦྱར་བའི། ཆོས་ཉིད་ལ་ཆོས་ཉིད་བྱུང་སྟེེ། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས། བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ལ། དབང་མི་འཚལ་བའི་སླད་དུ་ཕུད་དང་གཙང་མར་སྦགས་ཏེ། ཕུལ་བས་ཡེ་ཤེས་ལ་ཡེ་ཤེས་རོལ། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས་བཞེས་ཤིང་ལོངས་སྤྱད་དུ་གསོལ་ལོ། །བཤགས་པ་བསྐྱེད་རྫོགས་དང་མན་ཆད་མཐུན། །མཁྱེན་པ་བསྐྱེད་རྫོགས་དང་མཐུན་གསོལ་བ་འཛབ་བསྙེན་གྱི་དགོངས་པ་བསྟན་པའོ། །ༀ་རྫོགས་པའི་དཀྱིལ་འཁོར་སྨད་པོ་ཆེ། །ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་། །ཤར་གྱིས་ཕྱོགས་སུ་ཁ་བལྟས་ན། །འདས་པའི་བུདྡྷ་སྤྱན་ཡང་འདྲེན། །མཆོད་གང་ཡིད་བཞིན་རིན་པོ་ཆེ། །རུ་ལུ་འབྲུ་བརྒྱད་ཡེ་ཤེས་འཕྲེང་། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །སླར་འ དུས་པས་ནི་དངོས་གྲུབ་གསོལ། །འདི་ཡང་བསྙེན་པོའི་མཆོག་ཡིན་སྟེ། །ནམ་ཡང་ཉམས་པའི་དུས་མཐའ་མེད། །དུས་གསུམ་དབྱིངས་སུ་སྤྱོར་བར་མཛད། །ཞེས་བསྟོད་དོ། །བཟླས་པ་རྫོགས་པ་དང་། པུ་ཙ་བྱིན་གྱིས་བརླབས་ཚོགས་ཀྱི་བྱིན་རླབས་པ་མཐུན་། མཆོད་པ་དཀྱིལ་འཁོར་སྤྱིར་བསྟན་པ། །སྤྱན་འདྲེན་བསྐྱེད་སྤྱན་མིག་མེད་དམ་དབང་ཕྱུག་ཆེན་པོས་དྲངས། །གཟུགས་ནི་གཟུགས་ཀྱི་ལྷ་མོ་ཆུང་སྤྱན་ལ་ཐིམ། ལག་གཉིས་མེ་ལོང་བསྣམས། གཟུགས་མཛེས་སྤྲོས་པས་ཕྱོགས་བཅུར་སྤྲོས། །ཤིན་ཏུ་སྒེགས་པས་གཟི་བརྗིད་འབར། །སྒྲའི་ལྷ་མོ་སྙན་ལ་ཐིམ། །དྲི་ནི་ལག་གཉིས་སྤོས་ཆེན་བསྣམས། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་འཕྲོས། ཀུན་ཏུ་ཚིམ་བྱེད་དྲི་བསུང་འབར། །དྲིའི་ལྷ་མོ་ཤངས་ལ་ཐིམ། རོ་ནི་ལག་གཉིས་རིན་ཆེན་གཞོང་། །ཀུན་ཏུ་སྦྱོར་བས་བདེ་བ་སྟེ། །རེག་བྱའི་ལྷ་མོ་སྐུ་ལ་ཐིམ། །དེ་ནས་ཚོགས་གསུམ་དུ་གཅད་དེ། དང་པོ་མཆོད་པ་བསྟོད་པ་འབུལ་སྟེ། ཧཱུཾ་རྡོ་རྗེ་ཚེ་དང་མགོ་ཤའི་ཚོགས་ལ་སོགས། །སྨིན་པ་ཨ་འབྲས་རྒུན་འབྲུམ་པ་ན་སེ། །ན་རི་གེ་སར་ཨ་རི་ཀ་ལ་སོགས། །ཚེའི་ཚིམ་བྱེད་སྣ་ཚོགས་རྣམས་དང་ནི། །ཟླ་རྫོགས་ལ་སོགས་ཡང་དག་ལྡན་པ་ཡིས། །བདུད་རྩིའི་མཆོག་དུ་སྦྱར་བ་ཡིས། །རྣམ་ཤིང་རོལ་སྟེ་དགྱེས་པར་དགོངས་ནས་ཀྱང་། །དབང་དང་སི་ཏི་བདག་ལ་གསལ་དུ་གསོལ། །བར་པ་བཤགས་པ་བྱ་བ་ནི། །ཧཱུཾ་མ་རིག་འཁྲུལ་པས་སྣང་ཞིང་འགྱོད་པ་ནི། །སྙོམ་ལས་དབང་གིས་ཡི་དམ་ལྷ་བསངས་ཤིང་། བསླུ་བྱེད་རྐྱེན་གྱིས་སློབ་དཔོན་སྙིང་ནས་སྨད། །ང་རྒྱལ་དྲེགས་པས་མཆེད་དང་ལྕམ་དྲལ་དཀྲུགས། །ལྕམ་ལ་འཕྱར་བས་གསང་ཚིག་གཞན་ལ་སྤེལ། །སེར་སྣས་བཅིངས་པས་མཆོད་པ་ལོ་ཟླར་འགྱངས། །ཁྲེལ་མཛེམ་སྤངས་པ་ཆེན་བའི་སྟོ་ན་སྨད། །དྲག་ཤུལ་ཆུང་པས་ལོག་འདྲེ་ཚར་མ་ཆོད། །དཔལ་བརྟན་ཆུང་པས་ཕྲིན་ལས་ཟབ་མོས་སྔངས། །མཚན་ངན་དྲི་མས་གསང་བའི་པུ་ཙ་ཆག །རྔམ་པས་ཐུག་ཐུབ་ཕུད་དང་ལྷག་མ་ཉམས། །མཐོང་བསེན་བརྔན་ཆར་བླང་དོར་གཉིས་སུ་གྱུར། །བཀའ་ཆད་རྣམ་གྲངས་གྱུར་པ་ཅི་མཆིས་པ། །བྱང་ཞིང་དག་པར་བྱིན་གྱིས་བརླབ་དུ་གསོལ། །བདག་ཅག་མཆོད་པ་ཆག་དང་མ་ཆག་སྟེ། །ཆག་པར་མཆིས་ན་ལོངས་སྤྱོད་ཚོགས་ཀྱི་བསྐང་། །དམ་ཚིག་ཉམས་དང་མ་ཉམས་སྟེ། །འདྲེ། རྩ་བ་ཡན་ལག་འགལ་བ་འཁྲུལ་བར་གྱུར་པ་ཅི་མཆིས་པ། །ཐམས་ཅད་ཚོགས་འདི་ལ་རྟེན་ནས་སྐོངས་པར་གྱུར་ཅིག །ཐ་མ་བཏབ་པ་མཐུན། །བཤགས། རྡོ་རྗེ་དམ་བཅས་མ་ལུས་དགོངས་སུ་གསོལ། །རྒྱལ་བ་ཞི་ཁྲོའི་རྗེས་འབྲངས་མཁའ་འགྲོའི་ཚོགས། །མཆོད་སྤྲིན་བླ་མེད་ནམ་མཁའི་མཐས་བསླུབས་པ། །ཕུལ་བ་འདི་བཞེས་བདག་ལ་སྐྱབས་མཛོད་ཅིག །དུས་ངན་ཐ་མར་སྐྱེ་བའི་རྣལ་འབྱོར་པ། །རང་རིག་མངོན་ཤེས་མཐུ་དང་མི་ལྡན་པས། །སྣོད་དང་སྐལ་བ་མི་ལྡན་སློབ་མ་བཙུད། །མི་འཚལ་བ་ལ་དབང་བསྐུར་གསང་བ་བཤད། །གསང་སྔགས་བཅོས་སྐྱིན་ངན་པའི་རྒྱུ་བསག་པ། །རྗེས་སུ་འ བྲང་པ་ཁྱེད་ལ་བཟོད་པར་གསོལ། །ཁྱེད་ནི་རང་རིག་མངོན་ཤེས་མཐུ་དང་ལྡན། །འགྲོ་བའི་སྐྱབས་མགོན་ཅི་ཕྱིར་བསྐུལ་བ་བཞེས། །ཐུགས་རྗེ་བྱམས་མགོན་ལྡན་པའིགྲོགས་མཛོད་ཅིག །དད་པས་རང་གི་འཕགས་མཆོད་ཁྱེད་ལ་མོས། །རྣལ་འབྱོར་སྐུ་གསུམ་མ་ཐོབ་བར་དུ་ནི། །ལུས་དང་གྲིབ་མ་བཞིན་དུ་འགྲོགས་བྱ་ཞིང་། །རྣམ་ལྔ་མཆོད་པ་དམ་པ་འདི་བཞེས་ལ། །བདག་གིས་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དེ་ནས་བརྟན་མ་བསྐྱང་ངོ་། །བདུད་རྩི་བདེ་བ་ཆེན་པོའི་ཞལ་བྱང་རྫོགས་སོ། ༈ གསུམ་པ་མདུན་བསྐྱེད་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོང་པ། ཆོས་ཉིད་དེ་ཡིད་ཀྱི་ཤེས་པས་མངོན་སུམ་དུ་མཐོང་དེ། རྟོགས་པའི་དོན་ལ་མ་ཡེངས་པར་རྩེ་གཅིག་དུ་གནས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཤེས་བྱ་དངོས་པོས་བསྡུས་པའི་ཆོས། །ཐམས་ཅད་སྒྱུ་མ་ལྟ་བུར་ཡིད་ཀྱི་ཤེས་པ་མངོན་སུམ་དུ་མཐོང་སྟེ། རྟོགས་པའི་དོན་ལ་མ་ཡེངས་པར་རྩེ་གཅིག་ཏུ་གནས་པ་ཀུན་ཏུ་སྣང་། །སྟོང་པ་དོན་དམ་དང་། །ཀུན་རྫོབ་སྒྱུ་མ་གཉིས་དབྱེར་མེད་པའི་ངོ་བོ་ལ་སོགས་མངོན་གསུམ་དུ་མཐོང་བའི་དོན་ལ་མ་ཡེངས་པ་རྒྱུའི་ཏིང་ངེ་འཛིན། རྒྱལ་བ་བཞི་བ་བཞི་བཅུ་རྩ་གཉིས་ལ་སོགས་ཀྱི་སྐུ་སྣང་ཞིང་སྟོང་། །སྟོང་ཞིང་གསལ་བ་མངོན་གསུམ་དུ་མཐོང་བའི་དོན་སྒོམ་པ་ཕྱག་རྒྱ་སྤྲོས་བྱས་ཏེ། །རིམ་པ་ལྟར་རིམ་ཀྱིས་སྒོམ་པ་ནི། །རྒྱུད་མ་ཧཱ་ཡོ་གའི་དགོངས་པ་ཡིན། །ཏིང་ངེ་འཛིན་བཞི་ཅིག་ཆར་དུ་སྒོམ་པ། །ལུང་ཨ་ནུ་ཡོ་གའི་དགོངས་པ་ཡིན་སྟེ། །བཞི་པོ་རིམ་གྱི་མི་བསྐྱེད་དེ། །དངས་པའི་མཚོ་ལ་གཟའ་སྐར་བཞིན། །ཞེས་དང་། །སེམས་སྒོམ་རྣམ་གསུམ་དུས་གཅིག་ལ་རྫོགས་སོ། །དེ་ནི་དེ་བཞིན་ཉིད་ཀྱི་ངང་། །དེ་ནི་རྒྱུའི་རིམ་པ་ལྡན། །ཞེས་གསུངས་པས། །མདོའི་དབང་གི་སྐབས་འ དིར་རིམ་གྱིས་མི་བསྐྱེད་པ་ཅིག་ཆར་དུ་བསྐྱེད་དོ། །དེ་ཡང་ཐོག་མར་གཞལ་ཡས་ཁང་བསྐྱེད་པ་ནི། །ཨེ་ལས་ཆོས་འབྱུང་གྲུ་གསུམ་ཁ་དོག་མཐིང་ནག་རྒྱ་ཁྱོན་ཚད་དཔག་དུ་མེད་པ། །ཡཾ་ལས་རླུང་གི་དཀྱིལ་འཁོར་སྲ་ཞིང་མཁྲེགས་པ་ཁ་དོག་དུད་ཁ་དབྱིབས་ཟླ་གམ། །བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། །ལཾ་ལས་གསེར་གྱི་ས་གཞི་ཟླུམ་པོ། །སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ། །གསེར་གྱི་རི་བདུན། །རོལ་པའི་མཚོ་བདུན། །གླིང་བཞི་གླིང་ཕྲན་བརྒྱད། །ཕྱིའི་མཚོ་ཆེན་ནོ། །མཐའ་ལྕགས་རི་དང་བཅས་པ། །རཾ་ལས་མེའི་འོད་ཟེར་ཕྱེད་མར་སྤྲོས་འབྱུང་པ་རྣམས་ཆ་སྙོམས། །འོག་རླུང་དང་འདྲེས། །མེ་རླུང་འབར་བའི་རི་རབ་ཀྱི་སྟེང་དུ་མེའི་གུར་ཁང་ཟླུམ་པོ། །ཧཱུཾ་ལས་མེའི་ནང་དུ། །རྡོ་རྗེའི་གུར་ཁང་མཐིང་ནག །འོག་རྡོ་རྗེའི་ས་གཞིའི་སྟེང་དུ། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ། །ཤར་གྱི་ར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། །ལྟེ་བ་མཐིང་ནག །ལེབ་མོ་གྲུ་བཞི། ཟུར་ལ་བང་རིམ་བཞི་བཞི་དང་ལྡན་པ། །བྷྲུཾ་ལས། བྷྲུཾ་བྷྱི་ཤ་བྷྱི་ཤུ་དྷེ། །བྷྲུཾ་འོད་དུ་ཞུ་བ་ལས། །རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་སྟེ། ནང་ནས་སྔོན་པོ། །དཀར་པོ། དམར་པོ། སེར་པོ། ལྗང་ཁུའི་རྩིགས་པ། མིག་མངས་དང་། རྩེ་མོ་ཕྱིར་ངམ་པ། །རྩིག་པའི་ཕྱི་ངོས་ལ། །འཁོར་ལོ་དཀར་པོ། །རིན་ཆེན་སེར་པོ། པདྨ་དམར་པོ། རལ་གྲི་ལྗང་ཁུས་བརྒྱན་པ་རྩེ་གཅིག་ཕྱིར་ངམ་པའི་ལྡིང་དུ། །རིན་པོ་ཆེའི་ཕ་གུ་སེར་པོ་གཉིས་སྣ་གཅིག་ནོན་དུ་ཡོད་པ། །ཕ་གུའི་ནང་ངོས་ལ་འདོད་སྣམ་དམར་པོ། །ལེབ་མོའི་སྟེང་ནས། རིན་པོ་ཆེའི་ཀ་ཐུང་བཅུ་དྲུག་དང་བྲག་རྩེ་བྲེས་པ། །ཀ་ཐུང་བཅུ་དྲུག་གི་ཕྲག་དུ། །མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོག་པ། །ཀ་ཐུང་གི་ཁ་ལ། །མཛེས་གདུང་དམར་པོ་གྲུ་བཞིར་ཕྲེས་པའི་ཕྱི་ངོས་ལ། །ཤར་བུ་དཀར་པོ་བསྒྲིགས་པ། །ལྷ་རྣམས་ཀྱི་ནང་ཟུར་ཕྱོགས་རེ་གཉིས་གཉིས་སྟེ་བརྒྱད་དུ་ཀ་གདན་ཀ་གཞུ་དང་བཅས་པའི། །རྡོ་རྗེ་ཀ་བ་བརྒྱད་གཙུགས་པའི་སྟེང་དུ། །རྡོ་རྗེ་གདུང་མ་བཞི་ཟུར་དུ་བྲེས་པ། །དེའི་སྟེང་ན་མཛེས་གདུང་གི་ཐོག་ཏུ་བྲེས་པའི་སྣ་ཙི་པ་ཏྲའི་ཁ་ནས་མུ་ཏིག་དཀར་དམར་གྱི་དྲྭ་བ་དང་། །དྲ་བ་ཕྱེད་པས་བརྒྱན་པ། དྲྭ་བ་ལ་དྲིལ་བུ་དང་དྲིལ་བུ་ཆེན་པོའི་སྒྲ་འཁྲོལ་བ། །དེ་ལ་རྔ་ཡབ་དང་རྔ་ཡབ་ཆེན་པོའི་བསིལ་ཡབ་འཕྱོ་བ། །དྲྭ་བའི་ནང་དུ་ཉི་མ་རངས་པ་དང་། །ཟླ་བ་ཕྱེ་པའི་དཀར་ཁུང་ལྡིང་བ། །ཕྱིས་ཐུད་ཉེར་བརྒྱད་དང་བཅས་པའི་སྟེང་དུ། །རིན་པོ་ཆེའི་དྲལ་བྲབས། །ས་ཚགས་ནག་ལེབ་དང་བཅས་པའི་སྟེང་དུ། །རྡོ་རྗེ་མཐིང་ནག་གི་མོ་གྱོ་རིང་ཡུག་དུ་སོང་བའི་རྩེ་མོ་ཕྱེད་པ་མར་འཆང་པ། །ཕོ་གྱོ་རིང་ཡུག་དུ་སོང་བའི་རྩེ་མོ་མཆོད་རྟེན་ཡར་བསྒྲིགས་པ། །མཆོད་རྟེན་གྱི་ནང་ཕྱོགས་མཚམས་བརྒྱད་དུ། །གདུགས་བརྒྱད། །ཕན་བརྒྱད་པ། །བ་དན་བརྒྱད་རེ་ཡོད་པ། །དེ་རྣམས་ཀྱི་ལྷ་རྣམས་ཀབ་པའོ། །དེའི་སྟེང་དུ་ཕྱི་ཀ་གདུང་གི་ཁ་ལ་མཛེས་གདུང་གྲུ་བཞིར་བྲེས་པ། །ནང་བད་ཁར་རྩིགས་པ་གྲུ་བཞི་སྟེང་དུ། །གདུང་ཟླུམ་བྲེས་པ། །གདུང་ཟླུམ་གྱི་སྟེང་ནས་མཛེས་གདུང་གི་ཐོག་ཏུ། །ཕྱམ་ཉི་ཤུ་རྩ་བཞི་བྲེས་པའི་ཁ་ལ་དྲ་བ་ལ་སོགས་དང་། རྡོ་རྗེའི་མོ་གྱོ་སོག་གི་གྲུ་ཆད་བཞིར་ཀབ་པའོ། དེའི་སྟེང་དུ་ཕྱི་ཀ་ཐུང་གི་ཁ་ལ་མཛེས་གདུང་གྲུ་བཞིར་བྲེས་པ། །ནང་བད་ཁར་རྩིགས་པ་ཟླུམ་པོའི་ཀ་ཐུང་གྲུ་བཞིར་བྲེས་པ། །དེའི་ཐོག་ཏུ་ཕྱམས་ཉི་ཤུ་བྲེས་པའི་ཁ་ལ་དྲྭ་བ་ལ་སོགས་དང་། མོ་གྱོ་སོགས་ཀྱིས་རྩིབས་མཆན་བཞི་ཀབ་པའོ། །དེའི་སྟེང་དུ་ཕྱི་ཀ་ཐུང་གི་ཁ་ལ། མཛེས་གདུང་གྲུ་བཞི་བྲེས་པ། ནང་བད་དཀར་རྩིགས་པ་གྲུ་བཞི་སྟེང་དུ། །གདུང་མ་ཟླུམ་པོར་བྲེས་པ། །དེའི་སྟེང་ཕྱམས་བཅུ་དྲུག་བྲེས་པའི་ཁ་ལ། །དྲྭ་བ་ལ་སོགས་དང་། །རྡོ་རྗེ་མཐིང་ནག་གི་མོ་གྱོ་ལ་སོགས་ཀྱིས་རྩིབས་བཞི་གབ་པའོ། །དེའི་སྟེང་དུ་བུམ་གདན་གྲུ་བཞི། །བུམ་པ་ཟླུམ་པོ། བྲེ་དང་བྲེ་སྐེ་གྲུ་བཞི། །ཆོས་འཁོར་དང་གདུགས་ཟླུམ་པོ། །དར་འཕྱངས། ཉི་ཟླ། རྡོ་རྗེ་ཏོག་དང་བཅས་པའོ། །སྒོ་རེ་བཞི། རིན་པོ་ཆེ་ཟུར་བཞི་ལ་བྱས་པ། །རིན་པོ་ཆེའི་སྒོ་ལེབ། །རྡོ་རྗེའི་གདན། །བུ་དང་བཅས་པ། །སྒོ་ཐོག་དུ་བཅུ་གཅིག་རྡོ་རྗེའི་དྲ་མིག །སྒོ་ཁང་ནང་གི་རྒྱབ་དགུ་དང་བཅས་པའོ། །སྒོ་ཐེབ་ཀྱི་ཕྱི་རྒྱབ་ཏུ། ལྟེ་བ་རྟ་བབ་བང་རིམ་བཞི་བཞི་དང་བཅས་པ་སྒོ་ཁང་གི་ཕྱི་ཟུར་བཞི་ནས་ཀ་བ་ཀ་རྒྱན། ཀ་གདན་ག་གཞུ་ཐམས་ཅད་རིན་པོ་ཆེ་ལས་བྱས་པ། བཞི་བཞིའི་ཁ་ལ། གླང་གུར་དང་བཅས་པའི་རྟ་བབས་བང་རིམ་བཞི་བཞི་པདྨ་དང་བཅས་པ་ལ། ཕྱི་རྒྱས་དགུས་མཛེས་པ། །དེའི་སྟེང་དུ་ཡུ་བ་ཆོས་འཁོར་བཅུ་གསུམ་དང་བཅས་པའི་གདུགས། །རིན་པོ་ཆེའི་ཏོག་ཆོས་འཁོར་གཡས་གཡོན་དུ་རི་དྭགས་གཉིས་གཉིས་དང་བཅས་པའོ། །ལྟེ་བའི་ཤིང་དཔག་བསམ་གྱི་ཤིང་ལ་རིན་པོ་ཆེ་ཚང་ཚིང་གིས་བྲེས་པ། །དེ་དག་གི་བར་བར་དུ་རིན་པོ་ཆེའི་ཕ་འོང་དང་། །ཁྲུས་ཀྱི་རྫིང་བུ། །གསེར་གྱི་ས་གཞིའི་སྟེང་དུ་ནེའུ་སིང་སྔོན་པོ་ཡི་ཐང་། །མེ་ཏོག་ལྡོམ་རྫིངས་དཀར་པོའི་ཚལ་དང་བཅས་པའོ། །གཞལ་ཡས་ཁང་དེའི་ནང་གི་དབུས། །འཁོར་ལོའི་ལྟེ་བ་ཟླུམ་པོ་མཐིང་ཁ། །རྩིབས་བཞི་སེར་པོ། །རྩིབས་མཆན་སྔོ་བ། །དེའི་ཕྱིར་རོལ་མུ་ཁྱུད་རྡོ་རྗེའི་ར་བ། །གྲུ་ཆད་བཞི། །གློ་འབུར་བཞི། །ལྷ་སྣམ་སྒོ་དང་བཅས་པའོ། །དབུས་སུ་རིན་པོ་ཆེའི་ཁྲི་དང་གཅིག །དེ་སེང་གེ་བརྒྱད་ཀྱིས་སྟེགས་པ་དང་གཉིས། །རིན་པོ་ཆེ་དྲ་བས་ཁྲི་ཁེབ་བྱས་པ་དང་གསུམ། །དེའི་སྟེང་དུ་པདྨ་དང་བཞི། །ཉི་མ་དང་ལྔ། །ཟླ་བ་དང་དྲུག །རྩེགས་པའི་གདན། །ཤར་རྩིབས་ལ། །གླང་པོ་ཆེ་ལ་སོགས་པའི་གདན་དྲུག་རྩེགས། །ལྷོའི་རྩིབས་ལ། །རྟ་ལ་སོགས་པའི་གདན་དྲུག་རྩེགས། །ནུབ་རྩིབས་ལ་རྨ་བྱ་ལ་སོགས་པའི་གདན་དྲུག་རྩེགས། །བྱང་རྩིབས་ལ་ཤང་ཤང་ལ་སོགས་པའི་གདན་དྲུག་རྩེགས། །རྩིབས་མཆན་བཞི། །གྲུ་ཆད་བཞི་དང་བརྒྱད་ལ། རིན་པོ་ཆེའི་ཁྲི། པད་ཉི་ཟླ་བཞི་བརྩེགས་ལྷ་རྣམས་ལ་པད་ཟླ་དྲུག །སྒོ་བཞི་བདུད་བཞི་སྟེང་ན་ཉི་བཞིའོ། །དེ་ནི་རྟེན་གཞལ་ཡས་ཁང་ངོ་། །བརྟེན་པ་ལྷ་བསྐྱེད་པ་ནི། །དབུས་ཀྱི་གདན་གྱི་སྟེང་དུ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཞེས། ཀུན་ཏུ་བཟང་པོ་མཐིང་ཁ། །ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར། །གཡོན་དམར། །ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་གདེངས་པ། །གཉིས་པ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཐུགས་ཀར་འཛིན་པ། །ཐ་མ་གཉིས་མཉམ་བཞག་མཛད་པ། །ཞབས་གཉིས་རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་པ། །ཨ་ཨ་ཨ། བཛྲ་བ་ཏྲ་ས་མ་ཡ་ཨ། །ཞེས་ཡུམ་ཀུན་ཏུ་བཟང་མོ་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཐལ་མོ་སྦྱར་བ། །ཞབས་དཀྱིལ་དཀྲུང་ཅན་དར་དང་རིན་པོ་ཆེ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། །ཧཱུཾ་བཛྲ་དྷྲིག྄་མུཾ་དྷ་དུ་ཤྭ་རི། ཀུན་བཟང་ཡབ་ཡུམ་གྱི་མདུན་དུ། །མི་བསྐྱོད་པ་མཐིང་ཁ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར། །གཡོན་དམར། །ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་དུ་ཐུགས་ཀར་བསྣོལ་བ། །གཡས་འོག་མ་གཉིས་འཁོར་ལོ་རིན་ཆེན། །གཡོན་འོག་མ་གཉིས་པདྨ་དང་རལ་གྲི། །ཤར་དུ་ༀ་ཛི་ན་ཛིག྄ །ལཾ་ཏེ་ཤྭ་ར་སྟེ། རྣམ་པར་སྣང་མཛད་ཡབ་ཡུམ་དཀར་པོ། །ཡབ་ཞལ་གསུམ་ཕྱག་དྲུག །གཡས་མཐིང་། །གཡོན་དམར། །ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ། །གཡས་འོག་མ་གཉིས་རྡོ་རྗེ་དང་རིན་ཆེན། །གཡོན་འོག་མ་གཉིས་པད་དཀར་དང་རལ་གྲི། ལྷོར། །སྭ་རཏྣ་དྷྲིག྄ །མཾ་མོ་ཧ་ར་ཏི། རིན་ཆེན་འབྱུང་གནས་སེར་པོ་ཞལ་གསུམ་ཕྱག་དྲུག །གཡས་དཀར་གཡོན་དམར། །ཕྱག་དང་པོ་གཉིས་རིན་ཆེན་དང་དྲིལ་བུ། །གཡས་འོག་མ་གཉིས་རྡོ་རྗེ་འཁོར་ལོ། །གཡོན་འོག་མ་གཉིས་པདྨ་དང་རལ་གྲིའོ། །ཨཾ་ཨ་རོ་ལིག྄ །པྱཾ་རཱ་ག་ར་ཏི། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། །ཞལ་གསུམ་ཕྱག་དྲུག་ཞལ་གཡས་དཀར་གཡོན་མཐིང། ཕྱག་དང་པོ་གཉིས་ཀྱིས་པདྨ་དང་དྲིལ་བུ། གཡས་འོག་མ་གཉིས་རྡོ་རྗེ་དང་འཁོར་ལོ། །གཡོན་འོག་མ་གཉིས་ན་རལ་གྲི་ཧ་པྲཛྙཱ་དྷྲྀཀ། ཏཾ་བཛྲ་ར་ཏི། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ། ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་གཡོན་དམར། ཕྱག་དང་པོ་གཉིས་རལ་གྲི་དང་དྲིལ་བུ། །གཡས་འོག་མ་གཉིས་རྡོ་རྗེ་དང་འཁོར་ལོ། །གཡོན་འོག་མ་གཉིས་རིན་པོ་ཆེ་དང་པདྨ། །དེ་ལྟར་ལྔ་པོ་ཀུན་ཞབས་རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་པ། །དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ། ཡུམ་ཐམས་ཅད་སྐུ་མདོག་ཡབ་དང་འ དྲ་བ། །ཞལ་གཅིག་ཕྱག་གཉིས། །གཡས་པས་ཡབ་ལ་འཁྱུད་ཅིང་། །གཡོན་པས་དྲིལ་བུ་ཡབ་ཀྱི་སྙན་ཆར་འཁྲོལ་བ། །ཞབས་པདྨའི་དཀྱིལ་དཀྲུང་གིས་བཞུགས་པའོ། །ཀྴི་ཧི་ར་ཙ་ཡ། ཧཱུཾ་ལ་སེ་ས་མ་ཡ་སྟྭཾ། །ཤར་ལྷོའི་རྩིབས་མཆན་ལ། །ས་སྙིང་དཀར་པོ་ཞལ་གཅིག་ཕྱག་གཉིས། །གཡས་པ་རིན་པོ་ཆེའི་མྱུ་གུ། །གཡོན་སྐུར་རྟེན་པ། །ལ་སེ་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། །ཏྲཾ་ཨ་དཀར་པ་ས་ཡ། ཏྲཾ་མ་ལེ་ས་མ་ཡ་སྟྭཾ། ལྷོ་ནུབ་ཏུ་ནམ་མཁའི་སྙིང་པོ་སེར་པོ་གཡས་རལ་གྲི། །ཡུམ་ཕྲེང་བ་མ་སེར་མོ་གཡོན་དྲིལ་བུ། །ཧྲི་ཧ་ཧཱུཾ་པདྨ་བ་ཏ་ལ། །ཧྲི་གཏྟི་ར་ཀ་ཧཾ། ནུབ་བྱང་དུ་སྤྱན་རས་གཟིགས་དམར་པོ་པདྨ་འཛིན་པ། །གིརྟི་དམར་མོ་པི་ཝང་ཅན། །ཛཾ་ཀུ་རུ་པ་ན་ཧྲིཿ ཨ་ནིར་ཏི་ར་ག་ཡ་མི། །བྱང་ཤར་དུ་ཕྱག་ན་རྡོ་རྗེ་ལྗང་ཁུ་གཡས་རྡོ་རྗེ། །གིརྟི་ལྗང་ཁུ་རྡོ་རྗེ་དྲིལ་བུ་ཅན། །མེ་ད་རི་ནི་སྭཱ་ཧཱ། ཛ་དུ་པ་པྲ་བེ་ཤ །ཤར་ལྷོའི་གྲུ་ཆད་ལ། །བྱམས་པ་སེར་པོ་ཀླུ་ཤིང་བུམ་པ། །བདུག་མ་དཀར་མོ་སྤོས་ཁང་བསྣམས་པ། །ཐིཾ་ཧ་ས་རི་པ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ་ཡ་ཛ། །ལྷོ་ནུབ་དུ་སྒྲིབ་སེལ་སེར་པོ་པོ་ཏི་བསྣམ་པ། །མེ་ཏོག་མ་སེར་མོ་མེ་ཏོག་བསྣམས་པ། །ཧཱུཾ་ས་ར་ཙ་ཡ་སྭཱ་ཧཱ། །བཾ་ཏི་བ་སུ་ཀི་ནི། ནུབ་བྱང་གི་གྲུ་ཆད་ལ། །ཀུན་བཟང་དམར་ལྗང་རིན་ཆེན་སྙེ་མ་འཛིན་པ། །མར་མེ་མ་ལྗང་ཁུ་མར་མེ་འཛིན་པ། །མུཾ་གཉིས་ཨ་རཾ་བ་ཡ་སྭཱཧཱ། །ཧོ་གྷནྡྷེ་ཙིཏྟ། བྱང་ཤར་གྱི་གྲུ་ཆད་ལ། །འཇམ་དཔལ་དཀར་ལྗང་ཨུཏྤལ་བསྣམས་པ། །དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཆོས་ཐོགས་པ། །སེམས་དཔའ་ཡབ་ཡུམ་དེ་རྣམས་ནི། །དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་གྱིས་བརྒྱན་པ། །ཡབ་རྣམས་ནི་ཡུམ་ལ་འཁྱུད་པ། །ཡུམ་རྣམས་ནི་ཡབ་ལ་འཁྱུད་པ། །ཡབ་རྣམས་སེམས་དཔའི་དཀྱིལ་དཀྲུང་ཏེ་ཞབས་གཡས་པ་ཅུང་ཟད་གདན་ལ་འབབ། །ཡུམ་རྣམས་ཡབ་ཀྱི་སྐེད་ལ་འཁྲི ལ་བའོ། །ༀ་མུ་ནེ་ཏྲེཾ་སྭཱ་ཧཱ། ལྷ་སྣམས་ལ། ལྷའི་ཐུབ་པ་དཀར་པོ་པི་ཝཾ་བསྣམས་པ། །ༀ་མུ་ནེ་ཏྲུཾ་སྭཱ་ཧཱ། ལྷ་མིན་ཐུབ་པ་མཐིང་ཁ་རལ་གྲི་བསྣམས་པ། །ༀ་མུ་ནེ་ཏྲུཾ་སྭཱཧཱ། མིའི་ཐུབ་པ་སེར་པོ་པར་སྲེགས་བསྣམས་པ། །ༀ་མུ་ནེ་ཀྲུཾ་སྭཱ་ཧཱ། བྱོལ་སོང་ཐུབ་པ་སེར་པོ་པུ་ཏི་བསྣམས་བ། །ༀ་མུ་ནེ་བྲཾ་སྭཱ་ཧཱ། ཡི་དྭགས་ཐུབ་པ་ལྗང་ཁུ་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ། །ༀ་མུ་ནེ་ཡེ་སྭཱ་ཧཱ། དམྱལ་བའི་ཐུབ་པ་མཐིང་ཁ་མེ་ཆུ་བསྣམས་པ། །ཐུབ་པ་དེ་རྣམས་དགེ་སློང་གི་ཆ་བྱད་ཅན་བཞེངས་ནས་གནས་པའོ། །ༀ་ཡ་མན་ཏ་ཀྲིཏ་ཕཊ། བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཤར་སྒོར་ཁྲོ་བོ་གཤིན་རྗེ་གཤེད་པོ་ཪྣྲི་མགོ་སྨུག་ནག །རོ་ལངས་མ་སྨུག་ནག་ལྕགས་ཀྱུ་ཐོགས་པ། །ༀ་པྲཛྙ་ཏ་ཀྲི་ཏ་ཧཱུཾ་ཕཊ། ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ལྷོ་སྒོར་ཁྲོ་བོ་གཞན་གྱིས་མི་ཐུབ་པ་སེར་པོ་རྡོ་རྗེ་བསྣམས་པ། ཡུམ་མི་ཕམ་མ་ཞགས་པ་བསྣམས་པ། །ༀ་པདྨ་ཏ་ཀྲི་ཏ་ཧཱུཾ་ཕཊ། ༀ་པདྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ནུབ་སྒོར་རྟ་མགྲིན་དམར་པོར་ཐོད་སྦྲུལ། །ཡུམ་ཁྲོ་གཉེར་མ་ལྕགས་སྒྲོགས། །ༀ་ཨ་བིག་ནན་ཏཀྲི་ཏ་ཧཱུཾ་ཕཊ། །ༀ་ཀར་མ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། བྱང་སྒོར་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་བསྣམས་པ། །རལ་གཅིག་མ་ལྗང་ནག་དྲིལ་བུ་བསྣམས་པ། །ཁྲོ་བོ་ཡབ་ཡུམ་དེ་རྣམས་དབུ་སྐྲ་དམར་སེར་དཔལ་ཆས་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། །མེ་དཔུང་ནང་ན་བཞུགས་པའོ། །དེ་ལྟར་བསྐྱེད་པའི་ལྷ་ཞེ་གཉིས་པོ་དེ་ལ། །དབང་བསྐུར་བྱིན་གྱིས་རླབས་སྙན་གསན་དབབ། །སྤྱན་འདྲེན། བཞུགས་སུ་གསོལ། ཕྱག་འཚལ་མཆོད་པ་འབུལ། །བསྟོད་པ་བྱེད་པ་ནི། །འཛབ་ཁང་དབྱེ་བའོ། །དེ་ནས་འཛབ་འབུལ་བ་ལ་གསུམ་སྟེ། ལྷ་བསྐུལ་བ་དང་། རྟོག་པའི་གནས་གསལ་གདབ་ཅིང་འཛབ་བྱ་བ་དང་། བསྟོད་པ་བྱ་བའོ། །དང་པོ་ལྷ་བསྐུལ་བ་ནི། ཀུན་བཟང་ཡབ་ཡུམ་ཀྱི་སྔགས་བརྗོད་པས་གསལ་བར་བྱས་ལ། །རང་གི་སྙིང་ཁ་ནས་འོད་ཟེར་གཙོ་བོའི་ཐུགས་ཁར་སྤྲོས་པས། །གཙོ་བོ་ཀུན་བཟང་ཡབ་ཡུམ་ལ་ཕོག་པས། །རྒྱུད་མཉེས་གཙོ་བོའི་ཐུགས་ཀ་འོད་ཟེར་འཕྲོས་པས་རང་ལ་ཕོག །རང་གི་སྣོད་ངན་པའི་བག་ཆགས་དང་དྲི་མ་ཀུན་དག །དབུས་ཀྱི་ཀུན་བཟང་ཞལ་འཛུམ་པ་དང་བཅས་ནས། བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྟེར་པར་བསམ་ལ། །ཧཱུཾ་རིག་པ་གསུང་གི་བྱིན་རླབས་ཀྱིས། །ལྗགས་ཀྱི་རྩེ་ལ་བཀྲམ་ནས་ནི། །དུ་མ་ཉིད་དུ་སོ་སོར་གོ། །འཁོར་ལོར་འབར་བའི་ལྟེ་དབུས་ནས། །སེང་ཆེན་བསྣོལ་བའི་ཁྲི་སྟེངས་ནས། །རིན་ཆེན་ཉི་ཟླ་པད་སྟེང་ན། །ཨེ་མ་ཀུན་བཟང་རྡོ་རྗེ་ཡིད། །རིག་པ་ཚུལ་སྣང་སངས་རྒྱས་པས། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །དང་པོ་བྱང་ཆུབ་མཆོག་གི་རྒྱ། །བར་པ་རྡོ་རྗེ་དྲིལ་བུ་འཛིན། །ཐ་མ་མཉམ་བཞག་ཡེ་ཤེས་འཕྲོ། ། ཡུམ་གྱི་དམ་པར་མཚན་གསོལ་བ། །ཕྱིའི་ཡུལ་ལ་སངས་རྒྱས་པ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས། །ཐབས་དང་ཤེས་རབ་འབྲེལ་བའི་ཡབ་ཡུམ། །བྱ་བ་མོ་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱིས། །ཡི་དམ་ལྷ་ལ་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །གཉིས་པ་རྟོག་པའི་གནས་གསལ་གདབ་ཅིང་འཛབ་བྱ་བ་ནི། ཧཱུཾ་ཡིད་ཆོས་རང་རིག་མ་སྐྱེས་སམ། །ཀུན་བཟང་ཡབ་ཡུམ་རང་བཞིན་ནི། །ཏིང་འཛིན་བྱེད་པོར་དབང་བསྐུར་ནས། །མ་ལུས་ཀུན་གྱིས་བྱེད་པར་ཤོག །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཨ་ཨ་ཨ་བཛྲ་བྷད་ཏྲས་མན་ཏ་ཨཱ། གསུམ་པ་བསྟོད་པ་ནི། ཧཱུཾ་བྱང་ཆུབ་སེམས་མཆོག་ཡེ་ཤེས་རྡོ་རྗེའི་ཐུགས། །སྲིད་གསུམ་དབང་བསྡུ་ཐམས་ཅད་མཁྱེན་པའི་དཔལ། །བསྙེལ་བ་མི་མངའ་འགྲོ་བའི་སྐྱབས་མཛད་པ། །ཀུན་བཟང་རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །ཧཱུཾ་གདོད་ནས་མ་བྱུང་ཡེ་ཤེས་ཆོས་ཀྱི་དབྱིངས། །མི་སྐྱེ་མི་འགགས་དངོས་པོ་འཛིན་དང་བྲལ། །འབྱུང་བྱེད་ཐམས་ཅད་སྐྱེད་པས་ཡུམ་གྱིས་ཚུལ། །བཟང་མོ་བྱ་བ་མོ་ལ་ཕྱག་འཚལ་ལོ། །མི་བསྐྱོད་པ་གསུམ་གྱི་ལྷ་བསྐུལ་བ་ནི། །དབུས་ཀུན་བཟང་ཡབ་ཡུམ་གྱི་མདུན་དུ་སྔགས་ཀྱི་མི་བསྐྱོད་པ་ཡབ་ཡུམ་བསྐྱེད་པ་ལ། །ཏིང་ངེ་འཛིན་གྱི་སྤྲོ་བསྡུ་དང་། །རིག་པ་གསུང་གི་བྱིན་རླབས་ཀྱིས། །ལྗགས་ཀྱི་རྩེ་ལ་བཀྲམ་ནས་ནི། །འཁོར་ལོ་འབར་བའི་ལྟེ་དབུས་ན། །སེང་ཆེན་བསྣོལ་བའི་ཁྲི་སྟེངས་ན། །རིན་ཆེན་ཉི་ཟླ་པད་སྟེངས་ན །སྟོན་པ་རྡོ་རྗེ་སེམས་དཔའ་གཙོ། །སྐུ་མདོག་མཐིང་ཁ་འོད་དུ་འབར། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །གཡས་དཀར་གཡོན་དམར་དབུས་འཐིང་ཞལ། །གཡས་པ་གསུམ་ན་བསྣམས་པ་ནི། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །གཡོན་པ་གསུམ་ན་བསྣམས་པ་ནི། །དྲིལ་བུ་པདྨ་རལ་གྲི་འབར། །ཡུམ་གྱི་དམ་པར་མཚན་གསོལ་བ། །ཀུན་ཏུ་བཟང་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །གཉིས་པ་རྟོག་འཛབ་ནི། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པར། མི་བསྐྱོད་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཧཱུཾ་བཛྲ་དྷྲིག྄ །མུཾ་དྷ་རུ་ཤྭ་རི། གསུམ་པ་བསྟོད་པ་ནི། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་སྟོང་པ་ཉིད་ཀྱི་ཚུལ་འཛིན་ཅིང་། ཡོན་ཏན་ཡེ་ཤེས་ལྔ་ལྡན་ཐུགས་ཆུད་པའི། །རྒྱལ་མཆོག་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་དབྱིངས་སུ་གཅིག་པ་ལ། །རྡོ་རྗེ་དབྱིངས་ཕྱུག་ཡུམ་གྱིས་ཚུལ་འཛིན་ཅིང་། །ཡོན་ཏན་རྣམ་རྟོག་མི་ཡི་ཆ་འཛིན་མ། །རྒྱལ་ཡུམ་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །གསུམ་གྱི་དང་པོ་བསྐུལ་བ་ནི། ཤར་རྩིབས་ལ་རྣམ་སྣང་ཡབ་ཡུམ་སྔགས་ཀྱིས་བསྐྱེད་ལ་སྤྲོ་བསྡུ་དང་། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གླང་ཆེན་བསྣོལ་བའི་ཁྲི་སྟེངས་ན། །རིན་ཆེན་ཉི་ཟླ་པདྨའི་གདན། །བཅོམ་ལྡན་རྣམ་པར་སྣང་མཛད་གཙོ། །སྐུ་མདོག་དཀར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །གཡས་སྔོ་གཡོན་དམར་དབུས་དཀར་ཞལ། །གཡས་པ་གསུམ་ན་བསྣམ་པ་ཡིས། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །གཡོན་པ་གསུམ་ན་བསྣམས་པ་ཡིས། །དྲིལ་བུ་པདྨ་རྒྱ་གྲམ་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །སངས་རྒྱས་སྤྱན་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །གཉིས་པ་རྟོག་པའི་འཛབ་ནི། །གཟུགས་ཕུང་པ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །སྣང་མཛད་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སྐུ་རུ་བུམ་པར་གསལ། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ༀ་ཛི་ན་ཛཱིག །ལཾ་ཏེ་ཤྭ་ར་ཏི། །གསུམ་པ་བསྟོད་པ་ནི། །ཧཱུཾ་ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་མེ་ལོང་ལྟ་བུའི་ཚུལ་འཛིན་ཅིང་། །ཡོན་ཏན་ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །རྒྱལ་མཆོག་རྣམ་སྣང་མཛད་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་དབྱིངས་སུ་གཅིག་པ་ལ། །དེ་བཞིན་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་ཡོད་མེད་སྟོང་པའི་ཆ་འཛིན་པ། །རྒྱལ་ཡུམ་སངས་རྒྱས་སྤྱན་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་འཁོར་ལོའི་རྩིབས་ལ། །རིན་འབྱུང་ཡབ་ཡུམ་སྔགས་ཀྱིས་བསྐྱེད་ལ་སྤྲོ་བསྡུ་ནི། དང་པོ་བསྐུལ་བ་ནི། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །རྟ་མཆོག་བསྣོལ་བའི་ཁྲི་སྟེང་ན། །རིན་ཆེན་ཉི་ཟླ་པདྨའི་གདན། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གཙོ། །སྐུ་མདོག་སེར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ །གཡས་དཀར་གཡོན་དམར་དབུས་སེར་ཞལ། །གཡས་པ་གསུམ་ན་བསྣམས་པ་ནི། །རིན་ཆེན་རྡོ་རྗེ་འཁོར་ལོ་གཡས། །གཡོན་པ་གསུམ་ན་བསྣམས་པ་ནི། །དྲིལ་བུ་པདྨ་རྒྱ་གྲམ་མོ། །ཡུམ་གྱིས་དམ་པར་མཚན་གསོལ་བ། །མ་མ་ཀི་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །གཉིས་པ་རྟོག་འཛབ་ནི། ཚོར་བ་ཆུའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །འབྱུང་ལྡན་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཡོན་ཏན་དབང་བསྐུར་ན། །དངོས་གྲུབ་ལས་རྣམས་འགྲུབ་པར་ཤོག །སྭ་རཏྣ་དྷྲིག྄། །མཾ་མོ་ཧ་ར་ཏི། །གསུམ་པ་བསྟོད་པ་ནི། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་མཉམ་པ་ཉིད་ཀྱི་ཚུལ་འཛིན་ཅིང་། །ཡོན་ཏན་ཡིད་བཞིན་རེ་བ་བསྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་འབྱུང་ལྡན་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་དབྱིངས་སུ་གཅིག་པ་ལ། །རིན་ཆེན་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་ང་དང་བདག་མེད་ཆ་འཛིན་མ། །རྒྱལ་ཡུམ་མ་མ་ཀི་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་འཁོར་ལོའི་རྩིབས་ལ། །མཐའ་ཡས་ཡབ་ཡུམ་སྔགས་ཀྱི་བསྐྱེད་ལ། །ཏིང་ངེ་འཛིན་དང་བཅས་པས་བསྐུལ་བ་ནི། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྨ་བྱ་བརྒྱད་ཀྱི་ཁྲི་སྟེང་ན། །རིན་ཆེན་ཉི་ཟླ་པདྨའི་སྟེང་། །བཅོམ་ལྡན་སྣང་བ་མཐའ་ཡས་ནི། །སྐུ་མདོག་དམར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །གཡས་པ་གསུམ་ན་བསྣམས་པ་ནི། །པདྨ་རྡོ་རྗེ་འཁོར་ལོ་གཡས། །གཡོན་པ་གསུམ་ན་བསྣམས་པ་ནི། །དྲིལ་བུ་རིན་ཆེན་རྒྱ་གྲམ་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །ན་བཟའ་དཀར་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རྟོག་འཛབ་ནི། །འདུ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པར། །མཐའ་ཡས་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་གསུམ་དུ་དབང་བསྐུར་ན། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ༀ་ཨ་རོ་ལིཀ྄། པྱཾ་ར་ག་ར་ཏི། །གསུམ་པ་བསྟོད་པ་ནི། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུས་སོ་སོར་རྟོག་པའི་ཚུལ་འཛིན་ཅིང་། །ཡོན་ཏན་མཐའ་གཉིས་སྐྱོན་གྱིས་མ་གོས་པའི། །རྒྱལ་མཆོག་སྣང་བ་མཐའ་ཡས་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་དབྱིངས་སུ་གཅིག་པ་ལས། །པདྨ་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་ཅི་དང་རང་གི་ཚུལ་འཛིན་མ། །རྒྱལ་ཡུམ་ན་བཟའ་དཀར་ལ་ཕྱག་འཚལ་ལོ། །དེ་ནས་བྱང་རྩིབས་ལ། དོན་གྲུབ་ཡབ་ཡུམ་སྔགས་ཀྱིས་བསྐྱེད་ཅིང་། །ཏིང་ངེ་འཛིན་དང་བཅས་པས་བསྐུལ་བ་ནི། །ཧཱུཾ་བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། ཤང་ཤང་བསྣོལ་བའི་ཁྲི་སྟེང་ན། །རིན་ཆེན་ཉི་ཟླ་པདྨའི་སྟེངས་ན། །བཅོན་ལྡན་དོན་ཡོད་གྲུབ་པ་ནི། །སྐུ་མདོག་ལྗང་ཁུ་འོད་ཟེར་འབར། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། གཡས་སྔོ་གཡོན་དམར་དབུས་ལྗང་ཞལ། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་རིན་ཆེན་པདྨ་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །དམ་ཚིག་སྒྲོལ་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ཡིན་གྱི། །ཡི་དམ་ལྷ་ལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །གཉིས་པ་རྟོག་འཛབ་ནི། །འདུ་བྱེད་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །དོན་འགྲུབ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཕྲིན་ལས་དབང་བསྐུར་ན། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ཧ་པྲཛྙ་དྷྲིག྄ །ཏཾ་བཛྲ་ར་ཏི། གསུམ་པ་བསྟོད་པ་ནི། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་བྱ་བ་གྲུབ་པའི་ཚུལ་འཛིན་ཅིང་། །ཡོན་ཏན་ཕྲིན་ལས་སྣ་ཚོགས་སྟོན་མཛད་པའི། །རྒྱལ་མཆོག་དོན་ཡོད་གྲུབ་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་དབྱིངས་སུ་གཅིག་པ་ལ། །ལས་ཀྱི་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་བདག་གཞན་དོན་འགྲུབ་ཆ་འཛིན་མ། །རྒྱལ་ཡུམ་དམ་ཚིག་སྒྲོལ་ལ་ཕྱག་འཚལ་ལོ། །དེ་ནས་སེམས་དཔའ་ཡབ་ཡུམ་གྱི་འཛབ་ལ། ཤར་ལྷོའི་གོང་རས་ལ། ས་སྙིང་ཡབ་ཡུམ་སྔགས་ཀྱི་བསྐྱེད་ལ། ཏིང་འཛིན་བསྐུལ་བ་ནི། །ཧཱུཾ་ཤར་ལྷོ་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི་གདན་སྟེངས་ན། །བྱང་ཆུབ་སའི་སྙིང་པོ་དང་། །ཡུམ་ཆེན་ལ་སེ་སྒེག་མོ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །རྟོག་འཛབ་ནི། །མི་གཟུགས་སེམས་ཕྱིར་མ་སྐྱེས་པ། །ས་སྙིང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔའ་དབང་བསྐུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵི་ཧི་ར་ཙ་ཡ། ཧཱུཾ་ལ་སེ་ས་མ་ཡ་སྟྭཾ། གསུམ་པ་བསྟོད་པ་ནི། ཧཱུཾ་མེ་ལོང་ལྟ་བུའི་ཡེ་ཤེས་ཁྱད་པར་ལ། །མཚན་དཔེར་ལྡན་པ་སེམས་དཔའི་སྐུར་སྟོན་ཞིང་། །ཡོན་ཏན་ཆེ་བའི་ཡོན་ཏན་བསྐྱེད་མཛད་པ། །རྒྱལ་སྲས་ས་སྙིང་སྐུ་ལ་ཕྱག་འཚལ་ལོ། གཉིས་མེད་ཆོས་ཀྱི་དབྱིངས་གྱི་ཁྱད་པར་ལ། །མཚན་དཔེར་སྟོན་པ་ལྷ་མོའི་སྐུར་སྟོན་ཅིང་། །ཡོན་ཏན་རྣམ་རྟོག་ཟིལ་གྱིས་མནོན་མཛད་མ། །ལ་སེ་དཀར་མོའི་སྐུ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་ཀྱི་གོང་རས་ལ། །ནམ་མཁའི་སྙིང་པོ་ཡབ་ཡུམ་སྔགས་ཀྱི་བསྐྱེད་ལ། །ཏིང་འཛིན་དང་བཅས་བསྐུལ་བ་ནི། ཧཱུཾ། །ལྷོ་ནུབ་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི་གདན་སྟེངས་ན། །བྱང་ཆུབ་སེམས་དཔའ་ནམ་མཁའ་སྙིང་པོ་དང་། །ཡུམ་ཆེན་ལྷ་མོ་མ་ལེ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །རྟོག་འཛབ་ནི། །སྣ་དྲི་སེམས་ཕྱིར་མ་སྐྱེས་པ། །ནམ་སྙིང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་ན། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ཏྲཾ་ཨ་གར་པ་ཡ། ཏྲཾ་མ་ལེ་ས་མ་ཡ་སྟྭཾ། བསྟོད་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱ ད་པར་ལ། །མཚན་དཔེར་ལྡན་པ་སེམས་དཔའི་སྐུར་སྟོན་ཞིང་། །ཡོན་ཏན་རྣམ་རྟོག་དྲ་བ་གཅོད་མཛད་བ། །རྒྱལ་སྲས་ནམ་སྙིང་སྐུ་ལ་ཕྱག་འཚལ་ལོ། །གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་ཁྱད་པར་ལས། །མཚན་དཔེར་ལྡན་པ་ལྷ་མོའི་སྐུར་སྟོན་ཞིང་། །ཡོན་ཏན་འཁོར་བ་ཟིལ་གྱི་མནོན་མཛད་པ། །མ་ལེ་འཕྲེང་བ་མ་ལ་ཕྱག་འཚལ་ལོ། །ནུབ་ཀྱི་གོང་རས་ལ། །སྤྱན་རས་གཟིགས་ཡབ་ཡུམ་སྔགས་ཀྱི་བསྐྱེད། ཏིང་འཛིན་དང་བཅས་པས་བསྐུལ་བ་ནི། ཧཱུཾ། ནུབ་བྱང་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི་གདན་སྟེངས་ན། །བྱང་ཆུབ་སྤྱན་རས་གཟིགས་དབང་དང་། །ཡུམ་ཆེན་ལྷ་མོ་གིཏྟི་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །རྟོག་འཛབ་ནི། །ལྕེ་རོ་སེམས་ཕྱིར་མ་སྐྱེས་པས། །སྤྱན་རས་གཟིགས་དང་ཡབ་ཡུམ་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧྲི་ཧ་ཧཱུཾ་པདྨ་བ་ཏ་མ། ཧྲི་གིརྟི་ར་ཧོ་ཧཾ། བསྟོད་པ་ནི། ཧཱུཾ་སོ་སོར་རྟོག པའི་ཡེ་ཤེས་ཁྱད་པར་ལས། །མཚན་དཔེར་ལྡན་པ་སེམས་དཔའི་སྐུར་སྟོན་ཅིང་། །ཡོན་ཏན་མཐའི་དྲི་མས་མ་གོས་པས། །རྒྱལ་སྲས་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་ཁྱད་པར་ལས། མཚན་དཔེར་ལྡན་པ་ལྷ་མོའི་སྐུར་སྟོན་པ། །ཡོན་ཏན་གཉིས་མེད་དོན་ཀྱི་ཚིམས་མཛད་མ། །གིརྟི་གླུ་དབྱངས་མ་ལ་ཕྱག་འཚལ་ལོ། བྱང་ཤར་གྱི་གོང་རས་ལ་ཕྱག་རྡོར་ཡབ་ཡུམ་སྔགས་ཀྱི་བསྐྱེད། ཏིང་ངེ་འཛིན་དང་བཅས་བསྐུལ་བ་ནི། ཧཱུཾ་བྱང་ཤར་འཁོར་ལོའི་གོང་རས་ལ། །ཉི་མ་པདྨའི་གདན་སྟེངས་ན། །བྱང་ཆུབ་ཕྱག་ན་རྡོ་རྗེ་དང་། །ཡུམ་ཆེན་ལྷ་མོ་ནིར་ཏི་གཉིས། གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །རྟོག་འཛབ་ནི། །རྣ་སྒྲ་སེམས་ཕྱིར་མ་སྐྱེས་པ། །ཕྱག་རྡོར་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་དམ་པར་དབང་བསྐུར་ན། །དངོས་གྲུབ་ལས་རྣམས་འགྲུབ་པར་ཤོག །ཛིཾ་ཀུ་རུ་བ་ན་ཧྲཱི། ཨ་ནིརྟི་ར་ག་ཡ་མི། །བསྟོད་པ་ནི། ཧཱུཾ་བྱ་བ་གྲུབ་པའི་ཡེ་ཤེས་ཁྱད་པར་ལས། །མཚན་དཔེར་བསྟན་པ་སེམས་དཔའི་སྐུར་སྟོན་ཅིང་། །ཡོན་ཏན་རྣམ་དག་མ་ལུས་འཇོམས་མཛད་པ། །རྒྱལ་སྲས་ཕྱག་རྡོར་སྐུ་ལ་ཕྱག་འཚལ་ལོ། །ཧཱུཾ་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་ཁྱད་པར་ལ། །མཚན་དཔེར་ལྡན་པ་ལྷ་མོའི་སྐུར་སྟོན་ཅིང་། །ཡོན་ཏན་འཕྲིན་ལས་སྣ་ཚོགས་རྫོགས་མཛད་མ། །ནིརྟི་གར་བསྒྱུར་མ་ལ་ཕྱག་འཚལ་ལོ། །དེ་ནས་ཕྱིའི་སེམས་དཔའི་འཛབ་ནི། །ཤར་ལྷོའི་གྲུ་ཆད་ལ། །བྱམས་པ་ཡབ་ཡུམ་སྔགས་ཀྱིས་བསྐྱེད། །ཏིང་འཛིན་སེམས་དཔའ་དང་བཅས་བསྐུལ་བ་ནི། །དཀྱིལ་འཁོར་ཤར་ལྷོའི་གྲུ་ཆད་ལ། ཉི་ཟླ་པད་མའི་གདན་སྟེངས་ན། །བྱང་ཆུབ་སེམས་དཔའ་མི་ཏྲི་དང་། །ཡུམ་ཆེན་ལྷ་མོ་དྷུ་པེ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །རྟོག་འཛབ་ནི། །མིག་དབང་འདས་དུས་མ་སྐྱེས་པས། །བྱམས་པ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་ན། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མེ་ད་རི་ནི་སྭཱ་ཧཱ། ཛ་དུ་པེ་པྲ་བེ་ཤ་ཡ། བསྟོད་པ་ནི། ཧཱུཾ་ཡེ་ཤེས་རང་རིག་ཐུགས་ཀྱི་ཁྱད་པར་ལ། །མཚན་དཔེར་ལྡན་པ་སེམས་དཔའི་སྐུར་སྟོན་ཅིང་། །ཡོན་ཏན་རྒྱལ་བའི་ཡོན་ཏན་རྒྱས་མཛད་པ། །རྒྱལ་སྲས་བྱམས་པའི་སྐུ་ལ་ཕྱག་འཚལ་ལོ། །ཧཱུཾ་སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལ། །མཚན་དཔེར་ལྡན་པ་ལྷ་མོ་སྐུར་སྟོན་ཅིང་། །ཡོན་ཏན་སྐྱེ་མེད་དོན་ཉིད་སྟོན་མཛད་པ། །ལྷ་མོ་དྷུ་པེ་མ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་གྱི་གྲུ་ཆད་ལ། སྒྲིབ་སེལ་ཡབ་ཡུམ་སྔགས་ཀྱིས་བསྐྱེད། ཏིང་འཛིན་དང་བསྐུལ་བ་ནི། ཧཱུཾ། དཀྱིལ་འཁོར་ལྷོ་ནུབ་གྲུ་ཆད་ལ། །ཉི་ཟླ་པད་མའི་གདན་སྟེངས་ན། །བྱང་ཆུབ་སྒྲིབ་པ་རྣམ་སེལ་དང་། །ཡུམ་ཆེན་ལྷ་མོ་པུཥྤེ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་ཉོན་བག་ཆགས་སྦྱོང་དུ་གསོལ། །རྟོག་འཛབ་ནི། རྣ་དབང་ད་ལྟ་མ་སྐྱེས་སེམས། །སྒྲིབ་སེལ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔའ་དབང་བསྐུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཐིཾ་པ་རཾ་ས་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་ཤེ་ཤ་ཕཊ། བསྟོད་པ་ནི། ཧཱུཾ། ཡེ་ཤེས་རིག་པ་ཐུགས་ཀྱི་བྱིན་བརླབ་ལ། །མཚན་དཔེར་ལྡན་པ་སེམས་དཔའི་སྐུར་སྟོན་ཞིང་། །ཡོན་ཏན་སྐྱེ་མེད་ཆོས་སྐུར་སྟོན་མཛད་པ། །རྒྱལ་སྲས་སྒྲིབ་སེལ་སྐུ་ལ་ཕྱག་འཚལ་ལོ། །ཧཱུཾ། སྐྱེ་མེད་ཆོས་ཀྱིས་དབྱིངས་ཀྱི་ཁྱད་པར་ལས། །མཚན་དཔེ་ལྡན་པས་ལྷ་མོའི་སྐུར་སྟོན་པ། །ཡོན་ཏན་རིག་པ་ཉིད་ལ་འཆར་མཛད་མ། །ལྷ་མོ་པུཥྤེ་མ་ལ་ཕྱག་འཚལ་ལོ། །ནུབ་བྱང་མཚམས་ཀྱི་གྲུ་ཆད་ལ། ཀུན་བཟང་ཡ བ་ཡུམ་སྔགས་ཀྱི་བསྐྱེད་ལ། ཏིང་འཛིན་དང་བསྐུལ་བ་ནི། ཧཱུཾ་དཀྱིལ་འཁོར་ནུབ་བྱང་གྲུ་ཆད་ལ། །ཉི་ཟླ་པདྨའི་གདན་སྟེངས་ན། །བྱང་ཆུབ་ཀུན་ཏུ་བཟང་པོ་དང་། །ཡུམ་ཆེན་ལྷ་མོ་ཨ་ལོ་གཉིས། །གཉིས་མེད་རོལ་པའི་ཁྱད་པར་ལས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །རྟོག་འཛབ་ནི། །རྣ་དབང་མ་འོངས་མ་སྐྱེས་སེམས། །ཀུན་བཟང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔའ་དབང་བསྐུར་ན། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧཱུཾ་སྭ་ར་ཙ་ཡ། པཾ་ཏི་བ་སུ་ཀི་ནི། བསྟོད་པ་ནི། ཧཱུཾ་ཡེ་ཤེས་རིག་པ་ཐུགས་ཀྱི་བྱིན་རླབས་ལས། །མཚན་དཔེར་ལྡན་པ་སེམས་དཔའི་སྐུར་སྟོན་པ། །ཡོན་ཏན་རིག་པ་འབྲས་བུའི་ཆོས་རྣམས་རྫོགས། །རྒྱལ་སྲས་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་ཁྱད་པར་ལ། །མཚན་དཔེར་ལྡན་པ་ལྷ་མོའི་སྐུར་སྟོན་ཅིང་། །ཡོན་ཏན་རིག་པ་ཉིད་ལ་གསལ་མཛད་མ། །ལྷ་མོ་ཨ་ལོ་ཀེ་ལ་ཕྱག་འཚལ་ལོ། །བྱང་ཤར་གྱི་གྲུ་ཆད་ལ། འཇམ་དཔལ་ཡབ་ཡུམ་སྔགས་ཀྱིས་བསྐྱེད་ལ། །ཏིང་འཛིན་དང་བསྐུལ་བ་ནི། །ཧཱུཾ་དཀྱིལ་འཁོར་བྱང་ཤར་གྲུ་ཆད་ལ། ཉི་ཟླ་པདྨའི་གདན་སྟེངས་ན། །བྱང་ཆུབ་འཇམ་དཔལ་གཞོན་ནུ་དང་། །ཡུམ་ཆེན་ལྷ་མོ་གྷནྡྷེ་གཉིས། །གཉིས་མེད་རོལ་པའི་ཁྱད་པར་ལས། །ལས་ཉོན་བག་ཆགས་སྦྱོང་དུ་གསོལ། །རྟོག་འཛབ་ནི། །ལྕེ་དབང་མ་ངེས་མ་སྐྱེས་སེམས། འཇམ་དཔལ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔའ་དབང་བསྐུར་ན། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མུཾ་ཤྲི་ཨ་ར་ཡ་ག་ཡ། །ཧོ་གྷནྡྷེ་ཙིཏྟ་ཧོ། བསྟོད་པ་ནི། ཧཱུཾ་ཡེ་ཤེས་རིག་པ་ཐུགས་ཀྱི་བྱིན་རླབས་ལས། །མཚན་དཔེར་ལྡན་པ་སེམས་དཔའི་སྐུར་སྟོན་པ། །ཡོན་ཏན་འཁོར་བའི་མཚན་ཉིད་རྟོགས་མཛད་པ། །རྒྱས་སྲས་འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ། །ཧཱུཾ་སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་ཁྱད་པར་ལས། །མཚན་དཔེར་ལྡན་པ་ལྷ་མོའི་སྐུར་སྟོན་པ། །ཡོན་ཏན་མཐའི་སྐྱོན་རྣམས་དག་མཛད་མ། །ལྷ་མོ་གྷནྡྷེ་མ་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་སྣམས་ལ་ཐུབ་པ་དྲུག །སྒྱུ་འཕྲུལ་བླ་མ་ནས། བཤད་པ་བཞིན་སྔགས་ཀྱིས་བསྐྱེད་ལ། ཏིང་འཛིན་དང་བསྐུལ་བ་ནི། ཧཱུཾ་གཞལ་ཡས་སྣམ་བུའི་ཤར་ལྷོ་ནས། །རྣམ་དག་པདྨའི་གདན་སྟེངས་ན། །ཐུབ་ཆེན་བརྒྱ་བྱིན་པི་ཝང་བསྣམས། །སྐུ་མདོག་དཀར་པོ་ལྷ་རྣམས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འཆི་འཕོའི་སྡུག་བསྔལ་སྦྱང་དུ་གསོལ། །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། རྟོག་འཛབ་ནི། །ཉོན་མོངས་དྲེགས་པ་མ་སྐྱེས་པ། །ལྷའི་ཐུབ་པའི་རང་བཞིན་ལ། །ཏིང་འཛིན་ཐུབ་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། །བསྟོད་པ་ནི། ཧཱུཾ་མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །ང་རྒྱལ་མཇོམས་ཕྱིར་ལྷའི་ཐུབ་པར་སྤྲུལ། །ཐུགས་རྗེས་ལྟུང་བའི་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ལྷའི་ཐུབ་ལ་ཕྱག་འཚལ་ལོ། །བྱང་དུ་ལྷ་མིན་གྱི་ཐུབ་པ་སྔགས་ཀྱིས་བསྐྱེད་ལ། །ཏིང་ངེ་འཛིན་དང་བསྐུལ་བ་ནི། ཧཱུཾ་གཞལ་ཡས་སྣམ་བུའི་བྱང་ཕྱོགས་ན། །རྣམ་དག་པདྨའི་གདན་སྟེངས་ན། །ཐུབ་པ་ཐགས་བཟང་གོ་ཆ་འཛིན། །སྐུ་མདོག་མཐིང་ཁ་ལྷ་མིན་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འཐབ་བརྩོད་སྡུག་བསྔལ་སྦྱང་དུ་གསོལ། །རྟོག་འཛབ་ནི། །ཉོན་མོངས་ཁོང་ཁྲོ་མ་སྐྱེས་སེམས། །ལྷ་མིན་ཐུབ་པའི་རང་བཞིན་ལ། །ཏིང་འཛིན་ཐུབ་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་འདྲེན་པར་ཤོག །ༀ་མུ་ནེ་ཧཱུཾ་སྲུཾ་སྭཱ་ཧཱ། བསྟོད་པ་ནི། ཧཱུཾ་མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །ཕྲག་དོག་འདུལ་ཕྱིར་ལྷ་མིན་ཐུབ་པར་སྤྲུལ། །ཐུགས་རྗེས་ཁོང་ཁྲོའི་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ལྷ་མིན་ཐུབ་ལ་ཕྱག་འཚལ་ལོ། །ལྷོར་མིའི་ཐུབ་པ་སྔགས་ཀྱིས་བསྐྱེད་ལ། ཏིང་འཛིན་དང་བསྐུལ་བ་ནི། ཧཱུཾ་གཞལ་ཡས་སྣམ་བུའི་ལྷོ་ཕྱོགས་ན། །རྣམ་དག་པདྨའི་གདན་སྟེངས་ན། །ཐུབ་པ་བཅོམ་ལྡན་ཤཀྱ་ཐུབ། །སྲེག་ཤང་པར་བུའི་ཚུལ་འཛིན་ཅིང་། །སྐུ་མདོག་སེར་པོ་མི་རྣམས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འགྱུར་བའི་སྡུག་བསྔལ་སྦྱང་དུ་གསོལ། །རྟོག་འཛབ་ནི། །ཉོན་མོངས་འདོད་ཆགས་མ་སྐྱེས་སེམས། །མིའི་ཐུབ་པའི་རང་བཞིན་ལ། ཏིང་འཛིན་ཐུབ་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་འདྲེན་པར་ཤོག །ༀ་མུ་ནེ་བསྲུང་སྭཱ་ཧཱ། །བསྟོད་པ་ནི། ཧཱུཾ་མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །འདོད་ཆགས་འཇོམས་ཕྱིར་མིའི་ཐུབ་པར་སྤྲུལ། །ཐུགས་རྗེས་བྲེལ་འཕོངས་བསྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་མིའི་ཐུབ་ལ་ཕྱག་འཚལ་ལོ། །ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་སྔགས་ཀྱིས་བསྐྱེད། ཏིང་འཛིན་དང་བསྐུལ་བ་ནི། ཧཱུཾ་གཞལ་ཡས་སྣམ་བུའི་ནུབ་བྱང་ནས། །རྣམ་དག་པདྨའི་གདན་སྟེངས་ན། །ཐུབ་པ་རབ་བརྟན་པོ་ཏི་འཛིན། །སྐུ་མདོག་སེར་ནག་བྱོལ་སོང་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བཀོལ་སྤྱོད་སྡུག་བསྔལ་སྦྱང་དུ་གསོལ། །རྟོག་འཛབ་ནི། །ཉོན་མོངས་གཏི་མུག་མ་སྐྱེས་སེམས། །བྱོལ་སོང་ཐུབ་པའི་རང་བཞིན་ལ། །ཏིང་འཛིན་ཐུབ་པར་དབང་བསྐུར་ན། །གདུལ་བྱ་མ་ལུས་འདྲེན་པར་ཤོག །ༀ་མུ་ནེ་བྲཾ་སྭཱ་ཧཱ། བསྟོད་པ་ནི། མཉམ་ཉིད་གཏི་མུག་འདུལ་ཕྱིར་བྱོལ་སོང་ཐུབ་པར་སྦྲུལ། །ཐུགས་རྗེས་གླེན་ལྐུག་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་བྱོལ་སོང་ཐུབ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་དུ་ཡི་དྭགས་ཀྱི་ཐུབ་པ་སྔགས་ཀྱི་བསྐྱེད་ལ། །ཏིང་འཛིན་དང་བསྐུལ་བ་ནི། །ཧཱུཾ་གཞལ་ཡས་སྣམ་བུའི་ལྷོ་ནུབ་ན། །རྣམ་དག་པདྨའི་གདན་སྟེངས་ན། །ཐུབ་པ་ཁ་འབར་སྒྲོམ་བུ་འཛིན། །སྐུ་མདོག་དམར་ནག་ཡི་དྭགས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བཀྲེས་སྐོམ་སྡུག་བསྔལ་སྦྱང་དུ་གསོལ། །རྟོག་འཛབ་ནི། །ཉོན་མོངས་སེར་སྣ་མ་སྐྱེས་པ། །ཡི་དྭགས་ཐུབ་པའི་རང་བཞིན་ལ། །ཏིང་འཛིན་ཐུབ་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་འདྲེན་པར་ཤོག །ༀ་མུ་ནེ་ཀྵཾ་སྭཱ་ཧཱ། བསྟོད་པ་ནི། ཧཱུཾ་མཉམ་ཉིད་སེར་སྣ་འཇོམས་ཕྱིར་ཡི་དྭགས་ཐུབ་པར་སྤྲུལ། །ཐུགས་རྗེས་བཀྲེས་སྐོམ་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ཡི་དྭགས་ཐུབ་ལ་ཕྱག་འཚལ་ལོ། །བྱང་ཤར་དུ་དམྱལ་བའི་ཐུབ་པ་སྔགས་ཀྱིས་བསྐྱེད་ལ། ཏིང་འཛིན་དང་བསྐུལ་བ་ནི། ཧཱུཾ་གཞལ་ཡས་སྣམ་བུའི་བྱང་ཤར་ན། །རྣམ་དག་པདྨའི་གདན་སྟེངས་ན། །ཐུབ་པ་གཤིན་རྗེ་ཆོས་ཀྱི་རྒྱལ། །སྐུ་མདོག་དུད་ཁ་དམྱལ་བ་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཚ་གྲང་སྡུག་བསྔལ་སྦྱང་དུ་གསོལ། །རྟོག་འཛབ་ནི། །ཉོན་མོངས་ཞེ་སྡང་མ་སྐྱེས་པ། །དམྱལ་བའི་ཐུབ་པའི་རང་བཞིན་ལ། །ཏིང་འཛིན་ཐུབ་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནི་ཡེ་སྭཱ་ཧཱ། བསྟོད་པ་ནི། མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །ཞེ་སྡང་འཇོམས་ཕྱིར་དམྱལ་བའི་ཐུབ་པར་སྤྲུལ། །ཐུགས་རྗེས་ཚ་གྲང་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་དམྱལ་བའི་ཐུབ་ལ་ཕྱག་འཚལ་ལོ། །དེ་ནས་ཤར་སྒོར་གཤིན་རྗེ་ཡབ་ཡུམ་གྱི་སྔགས་བསྐྱེད་ལ། ཏིང་འཛིན་དང་བསྐུལ་བ་ནི། ཧཱུཾ་གཞལ་ཡས་ཤར་གྱི་སྒོ་ཁྱུད་ལ། །རྡོ་རྗེ་བྲག་གི་ཁྲི་སྟེངས་ན། །ཉི་མ་གསལ་བའི་གདན་སྟེངས་ན། །འཇོམས་བྱེད་ཁྲོ་རྒྱལ་གཤིན་རྗེ་གཤེད། །འགུགས་པའི་ལྷ་མོ་ལྕགས་ཀྱུ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ཤར་ཕྱོགས་དྲི་ཟའི་གདོན་རྣམས་འདུལ་དུ་གསོལ། །རྟོག་འཛབ་ནི། །རིག་སྐྱེས་རྟོག་པ་མ་སྐྱེས་པ། །གཤིན་རྗེ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་འཇོམས་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུཾ་ཡ་མན་ཏ་ཀྲི་ཏ་ཧཱུཾ། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛཿ ལ་ནི་ཧཱུཾ་ཕཊ། བསྟོད་པ་ནི། ཧཱུཾ་མེ་ལོང་ཡེ་ཤེས་བྱིན་རླབས་དང་། །དྲི་འདུལ་ཞི་ཁྲོའི་སྐུར་སྟོན་པ། །ཐབས་ཀྱིས་ལྷ་བུའི་བདུད་འཇོམས་པ། །ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གཉིས་མེད་ཆོས་ཀྱིས་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཞིང་ཁྲོ་མོར་སྐུར་སྟོན་ཅིང་། །ཐབས་ཀྱིས་འཁོར་བའི་གནས་ནས་འདྲེན་མཛད་པ། །རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །ལྷོ་སྒོར་སྟོབས་པོ་ཆེ་ཡབ་ཡུམ་སྔགས་ཀྱིས་བསྐྱེད་ལ། །ཏིང་འཛིན་དང་བསྐུལ་བ་ནི། ཧཱུཾ་གཞལ་ཡས་ལྷོའི་སྒོ་ཁྱུད་ལ། །ཉི་ཟླ་བྲག་གི་ཁྲི་སྟེངས་ན། །འཇོམས་པའི་ཁྲོ་རྒྱལ་སྟོབས་ཆེན་དང་། །འཆིང་པའི་ལྷ་མོ་ཞགས་པ་མ། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ལྷོ་ཕྱོགས་གཤིན་རྗེའི་ག དོན་རྣམས་འདུལ་དུ་གསོལ། །རྟོག་འཛབ་ནི། །རེག་བྱ་ཆད་པ་མ་སྐྱེས་པ། །སྟོབས་ཆེན་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་འཇོམས་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུཾ་བིག་ནན་ཏ་ཀྲིཏ་ཧཱུཾ་ཕཊ། ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཧཱུཾ། མཉམ་པ་ཉིད་ཀྱི་ཡེ་ཤེས་བྱིན་རླབས་ལས། །གཤིན་རྗེ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་ཞིང་། །ཐབས་ཀྱི་འཆི་བདག་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་ཁྲོ་མོར་སྐུར་སྟོན་ཞིང་། །ཐབས་ཀྱིས་བླ་མེད་གནས་སུ་འདྲེན་མཛད་ཅིང་། རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །ནུབ་སྒོར་རྟ་མགྲིན་ཡབ་ཡུམ་བསྔགས་ཀྱིས་བསྐྱེད་ལ། ཏིང་འཛིན་བསྐུལ་བ་ནི། ཧཱུཾ། གཞལ་ཡས་ནུབ་ཀྱི་སྒོ་ཁྱུད་ལ། རྡོ་རྗེ་བྲག་གི་ཁྲི་སྟེངས་ན། ཉི་མ་གསལ་བའི་གདན་སྟེངས་ན། །འཇོམས་པའི་ཁྲོ་རྒྱལ་རྟ་མགྲིན་དང་། །སྡོམ་བྱེད་ལྷ་མོ་ལྕགས་སྒྲོགས་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱི། །ནུབ་ཕྱོགས་ཀླུ་ཡི་གདོན་རྣམས་འདུལ་དུ་གསོལ། །རྟོག་འཛབ་ནི། ཧཱུཾ། རེག་བྱེད་དག་ནི་མ་སྐྱེས་པ། །རྟ་མགྲིན་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་འཇོམས་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུཾ་པདྨ་ཏ་ཀྲི་ཏ་ཧཱུཾ་ཕཊ། ༀ་པདྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། བསྟོད་པ་ནི། ཧཱུཾ་སོ་སོར་རྟོག་པའི་ཡེ་ཤེས་བྱིན་རླབས་ལས། །ཀླུ་ཆེན་འདུལ་ཕྱིར་ཁྲོ་བོ་སྐུར་སྟོན་ཅིང་། །ཐབས་ཀྱི་ཕུང་པོའི་བདུད་རྣམས་འཇོམས་མཛད་པའི། །ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཧཱུཾ་གཉིས་མེད་རོལ་པའི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་རྟ་མགྲིན་རྒྱལ་པོར་སྦྲུལ། །ཐབས་ཀྱིས་ཉོན་མོངས་གནས་ནས་འདྲེན་མཛད་པ། །ཉི་ཟླ་ལྕགས་སྒྲོགས་མ་ལ་ཕྱག་འཚལ་ལོ། །བྱང་གི་སྒོར་བདུད་རྩི་འཁྱིལ་པ་ཡབ་ཡུམ་སྔགས་ཀྱིས་བསྐྱེད་ལ། །ཏིང་འཛིན་གྱི་སྤྲོ་བསྡུ་དང་། །བསྐུལ་བ་ནི། ཧཱུཾ་གཞལ་ཡས་བྱང་གི་སྒོ་ཁྱུད་ལ། །རྡོ་རྗེ་བྲག་གི་ཁྲི་སྟེངས་ན། །ཉི་ཟླ་གསལ་བའི་གདན་སྟེངས་ན། །འཇོམས་པའི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །འབེབས་པའི་ལྷ་མོ་དྲིལ་བུ་ལ། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་འདུལ་དུ་གསོལ། །རྟོག་འཛབ་ནི། །རེག་འདུས་བདག་ལྟ་མ་སྐྱེས་པ། །བདུད་རྩི་འཁྱིལ་པ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་འཇོམས་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུཾ་པྲ་ཛྙཱ་ཏ་ཀྲིཏ་ཧཱུཾ་ཕཊ། །ༀ་ཀར་མ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཅི་རིགས་པར་དྲང་། །གསུམ་པ་བསྟོད་པ་ནི། ཧཱུཾ་བྱ་བ་གྲུབ་པའི་ཡེ་ཤེས་བྱིན་རླབས་ལས། །གནོད་སྦྱིན་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །ཐབས་ཀྱིས་ཉོན་མོངས་བདུད་རྣམས་འདུལ་མཛད་པ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་མྱོས་བྱེད་མ་རུ་སྤྲུལ། །ཐབས་ཀྱིས་འགྲོ་བ་མ་ལུས་དོན་མཛད་མ། །རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །དེ་ནས། ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷ་རྨ་དྷ་དུ་ཨ། །ཞེས་ཕྱིར་སྤྲོས་གསེར་གྱི་ས་གཞི་བརྗོད་ནས། །བྷོ་དྷི་ཙིཏྟ་བཟླས། །དེ་ནས་ཆུ་བོ་དུས་བཞི་བསྟོད། །ཡེ་ནས་མཉམ་ཉིད་ཀྱི་བཤགས་ཡེ་ཤེས་རྒྱལ་པོའི་ལྔ་ཚིག་གིས་དངོས་གྲུབ་བསྐུལ་ལ། །ཚོགས་འབུལ་ཞིང་རོལ། །ཚོགས་ཆེན་འདུས་པ་ཞི་བའི་མངོན་རྟོགས་སོ་ཧ།། ཨཐྎ །།ཞུས་དག །

བླ་མ་བརྒྱུད་པའི་གསོལ་འདེབས་ཚིག་སྡེབས་མ།

༅། །བླ་མ་བརྒྱུད་པའི་གསོལ་འདེབས་ཚིག་སྡེབས་མ་ལགས་སོ། །ཨེ་མ་ཧོ། །སྐུ་ལྔའི་བདག་ཉིད་རྒྱལ་བ་ཀུན་ཏུ་བཟང་། །འཆད་པའི་སྐྱེས་བུ་རྒྱལ་ཚབ་རིགས་མཆོག་ལྔ། །ཁམས་དང་སྐྱེ་མཆེད་དག་པ་རིགས་གསུམ་མགོན། །སྐུ་གསུམ་དབྱེར་མེད་གསུམ་ལ་གསོལ་བ་འདེབས། །རིག་འཛིན་རྩལ་འཆང་རྣམས་ཀྱིས་བྱིན་གྱིས་རློབས། །རིག་འཛིན་གཙོ་བོ་ལྷ་དབང་བརྒྱ་བྱིན་དང་། །དུག་འཇོམས་བདུད་རྩིར་ལྡན་པའི་ཀླུ་རྒྱལ་འཇོག །དགོས་འདོད་རེ་སྐོང་གནོད་སྦྱིན་སྐར་མདའ་གདོང་། །རྒྱལ་བའི་བཀའ་རྣམས་སྡུད་མཛད་ལང་ཀའི་བདག །སྐལ་བར་ལྡན་པའི་དགེ་བསྙེན་ལི་ཙ་བྱི། །རིགས་ཅན་དྲ་མ་ལྔ་ལ་གསོལ་བ་འདེབས། །རིག་འཛིན་རྩལ་འཆང་རྣམས་ཀྱི་བྱིན་གྱིས་རློབས། །རྡོ་རྗེ་ཐེག་པ འི་བཀའ་བབས་རྒྱལ་པོ་ཛ། །གླེགས་བམ་དབང་ཐོབ་ཨིནྟྲ་བོ་ཏི་དང་། །བདེ་ཆེན་རོལ་པ་ཀུ་ཀུ་ར་ཛའི་ཞབས། །གསང་བའི་མཛོད་འཛིན་གསུམ་ལ༴ །རིག་འཛིན་རྩལ་འཆང་རྣམས་ཀྱི་བྱིན་གྱིས་རློབས། །འབྱུང་བཞི་དབང་ཐོབ་རོ་ལངས་དྷེ་ཝ་དང་། །ཡི་དམ་ལྷ་དང་མཉམ་སྦྱོར་པྲ་ཆེན་ཧ། །གང་འདུལ་སྤྲུལ་པ་ཤཀྱ་སེང་གེའི་ཞབས། །སྤྲུལ་པའི་སྐྱེ་མཆོག་གསུམ་ལ་གསོལ༴ །རིག་འཛིན་རྩལ༴ རྟུལ་ཞུགས་དབང་ཕྱུག་དྷ་ན་རཀྵི་ཏ། །རྣལ་འབྱོར་དབང་ཕྱུག་སྠི་ར་མ་ཏི་དང་། །གྲུབ་པའི་དབང་ཕྱུག་བ དེ་བ་གསལ་མཛད་ཞབས། །རིག་འཛིན་དབང་ཕྱུག་གསུམ་ལ༴ རིག་འཛིན་རྩལ༴ མཁས་གྲུབ་རིག་འཛིན་དྷརྨ་བོ་དྷི་དང་། །གནས་ལྔ་རིག་པའི་པན་ཆེན་ཆེ་བཙན་སྐྱེས། །ས་གསུམ་མཚུངས་མེད་སངས་རྒྱས་ཡེ་ཤེས་ཞབས། །ལོ་པན་སྐྱེས་མཆོག་གསུམ་ལ་གསོལ་བ་འདེབས། །རིག་འཛིན་རྩལ༴ མཐུ་སྟོབས་མངའ་བདག་ཡོན་ཏན་རྒྱ་མཚོ་དང་། །བདུད་རྩི་བཅུད་འཛིན་ལེགས་པའི་སྒྲོན་མ་བསྲུ། །དངོས་གྲུབ་མཆོག་བརྙེེས་བསོད་ནམས་ཤཱཀྱའི་ཞབས། །གདམས་པའི་བཅུད་འཛིན་གསུམ་ལ༴ རིག་འཛིན་རྩལ༴ ཧེ་རུ་ཀ་པ་བདེ་གཤེགས་ཟུར་པོ་ཆེ། །ལྟ་སྒོམ་རྩེ་མོ་རྒྱལ་བ་ཟུར་ཆུང་པ། །ཀ་བཞིའི་མཆོག་གྱུར་གླན་སྟོན་ཤཱཀྱ་བཟང་། །བསྟན་པའི་སྒྲོན་མེ་གསུམ་ལ༴ རིག་འཛིན་རྩལ༴ བསྟན་པའི་གཙོ་བོ་གསང་བདག་སྒྲོ་ཕུག་པ། །འགྲོ་བའི་དཔལ་མགོན་ལྷ་རྗེ་འགར་སྟོན་ཟུང་ངེ་དང་། །མཁས་པའི་གཙུག་རྒྱན་གྲོགས་སྟོན་རྡོ་རྗེ་རྒྱལ། །གསང་སྔགས་སྡོང་པོ་གླན་སྟོན་རྡོ་རྗེ་འོད། །སྟོན་པའི་ཞལ་རྐྱེན་གསུམ་ལ༴ རིག་འཛིན་རྩལ༴ གཞན་གྱི་མདོ་དབང་བརྒྱུད་པ་ནང་འདི་གསུམ་མི་བཞུགས་མཁྱེན་བརྩེའི་ནུས་ལྡན་འགོས་སྟོན་རིན་པོ་ཆེ། །དགོས་འདོད་ཀུན་འབྱུང་འགོས་སྟོན་ནོར་བུ་འཛིན། །སྒྲུབ་པ་མངའ་མཉེས་སྒྲོ་སྟོན་བསོད་ནམས་གྲགས། །འགྲོ་བའི་མགོན་འགྱུར་གསུམ་ལ༴ རིག་འཛིན་རྩལ༴ གདམས་པའི་བཀའ་བབས་གླན་སྟོན་བརྩོན་འགྲུས་སེང་། །བྱིན་བརླབས་རྒྱུད་འཛིན་གླན་སྟོན་བསོད་ནམས་རྒྱལ། །བློ་གྲོས་ངེས་ལྡན་གླན་སྟོན་ཆོས་སེང་ཞབས། །ཀུན་གྱི་གཤིན་རྗེ་གསུམ་ལ༴ རིག་འཛིན་རྩལ༴ འགྲོ་བའི་སྡུག་བསྔལ་སེལ་མཛད་ལྷ་རྗེ་འབུམ། །ཐུགས་རྗེའི་མངའ་བདག་གླན་སྟོན་སངས་རྒྱས་དཔལ། །དོན་གཉིས་མཐར་ཕྱིན་གླན་སྟོན་བསོད་ནམས་མགོན། །རྒྱལ་བའི་གདུང་འཛིན་གསུམ་ལ༴ རིག་འཛིན་རྩལ་འཆང་རྣམས་ཀྱི་བྱིན་གྱིས་རློབས། །རྒྱལ་བས་ལུང་བསྟན་ཟུར་དབང་བྱམས་པ་སེང་། །མཁས་པའི་མཆོག་གྱུར་བསམ་འགྲུབ་རྡོ་རྗེ་དང་། །མཁྱེན་ཉིད་མངོན་གྱུར་ཟུར་དབང་ཤཱཀྱ་འབྱུང་། །ཀུན་མཁྱེན་ལུང་ཐོབ་གསུམ་ལ༴ རིག་འཛིན་རྩལ༴ འཕགས་མའི་རྣམ་སྤྲུལ་དཔལ་གྱི་ཡེ་ཤེས་དང་། །མཁའ་སྤྱོད་བཙུན་མོ་མ་ཅིག་རིན་ཆེན་ཟུར། །ཡེ་ཤེས་མཁའ་འགྲོོ་ཟུར་མོ་དགེ་འདུན་འབུམ། །རྒྱལ་བའི་ཡུམ་གྱུར་གསུམ་ལ༴ རིག་རྩལ༴ འགྲོ་དོན་ལྷུན་གྲུབ་ཟུར་དབང་བཤེས་གཉེན་དང་། །མཁས་ཤིང་གྲུབ་པའི་བྲ་བོ་ཆོས་འབུམ་པ། །སྐུ་གསུམ་མངོན་གྱུར་དཀོན་མཆོག་བཟང་པོའི་ཞབས། །རྙིང་མའི་འགྲོ་མགོན་གསུམ་ལ༴ རིག་འཛིན་རྩལ་འཆང་༴ མདོ་སྒྱུ་སེམས་ཀྱི་བདག་པོ་ཀཿཐོག་པ། །དགོངས་དོན་མཐར་ཕྱིན་རྡོ་རྗེ་རྣམ་པར་རྒྱལ། །བསླབ་གསུམ་རྣམ་དག་དཔལ་འབྱོར་རྒྱལ་མཚན་ཞབས། །ཀུན་གྱིས་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །རིག་འཛིན་རྩལ༴ རྒྱལ་བའི་འཕྲིན་ལས་སྣ་ཚོགས་རང་གྲོལ་དང་། །འདིར་བདག་རང་འཇུག་པ་ལགས་སོ། །ཆུ་བོ་བཞི་རྫོགས་རྩ་བའི་བླ་མའི་ཞབས། །བཀའ་དྲིན་མཉམ་མེད་རྣམས་ལ༴ རིག་འཛིན་རྩལ༴ བདེ་ཆེན་དབྱིངས་ནས་སྤྲུལ་པའི་སྐུར་བསྟན་ནས། །བསླབ་གསུམ་རྒྱན་གྱི་རབ་མཛེས་བརྗིད་པའི་སྐུ། །རྒྱལ་བའི་འཕྲིན་ལས་འགྲོ་བའི་དོན་མཛད་པའི། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ༴ རིག་འཛིན་རྩལ༴ མདོ་དབང་བརྒྱུད་པའི་རིག་འཛིན་རྩལ་འཆང་རྣམས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབས་ནས་ཀྱང་། །བདག་གཞན་མ་ལུས་སྨིན་གྲོལ་འགོད་པར་ཤོག །བླ་མ་སྐུ་ཁམས་བཟང་བར་གསོལ༴ །མཆོག་ཏུ་སྐུ་རིང་བར༴ །འཕྲིན་ལས་དར་ཞིང་རྒྱས་པར༴། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །སྐྱབས་གནས་དཀོན་མཆོག་གསམ་གྱི་བྱིན་རླབས་དང་། །དཀར་ཕྱོགས་བདེ་བའི་མཐུ་དང་ནུས་པ་ཡིས། རྒྱལ་བའི་བསྟན་འཛིན་སྣ་ཚོགས་རང་གྲོལ་གྱི། །སྐུ་ཚེ་བསྟན་ཞིང་འཕྲིན་ལས་རྒྱས་གྱུར་ཅིག །

དང་པོ་ཕྱི་དབང་གི་ཆུ་བོ་ལས་ལྷ་མིའི་ཐེག་པའི་ཐེམ་སྐས།

༅། དང་པོ་ཕྱི་དབང་གི་ཆུ་བོ་ལས། །ལྷ་མིའི་ཐེག་པའི་ཐེམ་སྐས་བཞུགས་སོ། །ༀ་སྭ་སྟི་སྭི་དྷཾ། །སྒྱུ་འཕྲུལ་དབང་དོན་རིན་ཆེན་སྐས་ཀའི་གདང་། །མདོ་ཡི་དབང་དོན་ཁང་བཟང་ཡང་ཐོག་རྒྱས། །རྫོགས་ཆེན་དབང་དོན་མཁའ་ལ་ཉི་འོད་གསལ། །འདུས་པའི་དབང་དོན་འདུས་པའི་པད་ཚལ་རྒྱས། ཞེས་བྱ་དེ་ནི་མཚན་དོན་བསྟན་པའོ། །བརྒྱུད་པའི་བླ་མ་བྱིན་རླབས་ལྡན་པ་དང་། །རྩ་བའི་བླ་མ་བཀའ་དྲིན་ཆེན་པོ་སྟེ །སྐྱབས་གནས་དམ་པ་བླ་མ་དཀོན་མཆོག་ལ། །རང་སྣང་དང་བས་མི་ཕྱེད་ཕྱག་འཚལ་ལོ། །སྐུ་ལྔ་ལྷུན་གྲུབ་རྒྱལ་བ་རྒྱ་མཚོ་དང་། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་ལ་སོགས། །མཁྱེན་དང་བརྩེ་དང་མཛད་པའི་འཕྲིན་ལས་ཏེ། །སྐྱབས་གནས་དམ་པ་སངས་རྒྱས་དཀོན་མཆོག་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །གསུང་ལྔ་ལྷུན་གྲུབ་དམ་ཆོས་རྒྱ་མཚོ་དང་། །བསམ་མེད་གཉིས་མེད་རྟོག་མེད་འགོག་པའི་བདེན། །དག་དང་གསལ་དང་གཉེན་པོ་ལམ་གྱི་བདེན། །བཀའ་དང་བསྟན་བཅོས་ལུང་སྟེ་དམ་ཆོས་ལ། །ཚིག་དོན་ཐུགས་ཆུད་ངང་ནས་བསྒྲུབ་ཕྱག་འཚལ། །ཐུགས་ལྔ་ལྷུན་གྲུབ་རྒྱལ་སྲས་རིག་འཛིན་དང་། །ཇི་བཞིན་ཇི་སྙེད་ནང་གི་རིག་པ་དང་། །ཡེ་ཤེས་གཟིགས་པ་དག་པ་གྲོལ་བ་དང་། །འཕགས་ཚོགས་དགེ་འདུན་དཀོན་མཆོག་ཐམས་ཅད་ལ། །དག་སྣང་མོས་གུས་ངང་ནས་ཕྱག་འཚལ་ལོ། །ཤུགས་བྱུང་ལྷ་མི་ཉན་རང་བྱང་ཆུབ་སེམས། །དངོས་བསྟན་བྱ་སྤྱོད་རྣལ་འབྱོར་ཡོ་གའི་ལྷ། །ནང་པ་བསྐྱེད་པ་མ་ཧཱ་ཡོ་ག་དང་། །ཨ་ནུ་ཡོ་ག་ཨ་ཏི་ཡོ་ག་ཡི། །ཡི་དམ་རྒྱུད་སྡེ་དྲུག་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་ལ་སོགས་རིགས་ལྔའི་ཡུམ། །མ་ལྟར་བྱམས་ཤིང་བསྲིང་ལྟར་བརྩེ་བ་དང་། །གཟུངས་ལྟར་གདུང་ཞིང་བྲན་ལྟར་མྱུར་བ་ཡི། །མ་རྒྱུད་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་ལེགས་ལྡན་རྒྱུད་མགོན་དང་། །རྒྱལ་ཆེན་རྣམ་སྲས་དམ་ཅན་མགར་བ་སོགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཆོས་སྐྱོང་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ནི་མཆོད་པར་བརྗོད་པའི་རིམ་པའོ། །རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ནས། །དྲིན་ཅན་རྩ་བའི་བླ་མ་ཡན་ཆད་དུ། །བུམ་པ་གཅིག་ནས་ག ཅིག་བྱོ་ལྟ་བུ་སྟེ། །བླ་མ་རིམ་པའི་གསུང་བཞིན་བརྩམ་པར་བྱ། །ལྷ་མི་ལ་སོགས་ཐེག་པ་དྲུག་པོ་དང་། །མ་ཧཱ་ཡོ་ག་ནང་དབང་ཆུ་བོ་དང་། །ཨ་ནུ་ཡོ་ག་བསྒྲུབས་དབང་ཆུ་བོ་དང་། །རྫོགས་པ་ཨ་ཏི་གསང་དབང་མན་ངག་རྣམས། །གསལ་ལ་མ་འདྲེས་ཡོངས་རྫོགས་བྲི་བར་བྱ། །ཕུན་སུམ་ཚོགས་པ་ལྔ་ཡི་གཞི་གཟུང་ལ། །ས་ཆོག་ནས་གཟུང་དཀྱིལ་འཁོར་ལས་རིམ་བསྙེན། །བསྒྲུབ་ཚད་ཞག་གྲངས་ཕྱེད་ནི་ཉེ་བསྙེན་ནོ། ཕྱེད་ནི་བསྒྲུབས་པ་ཐ་མ་དངོས་གྲུབ་ལེན། །བསྒྲུབ་པ་ཆེན་པོའི་དགོས་དོན་དམ་པ་སྟེ། །བསྙེན་བསྒྲུབ་ཚུལ་བཞིན་ལེགས་པར་བཤད་པར་བྱ། །དེ་ནི་བཤད་པར་དམ་བཅའ་བའི་རིམ་པའོ། །སྙན་ངགས་སྡེབས་སྦྱོར་རིམ་པ་འདིར་མ་སྨོས། །དེས་ཀླད་ཀྱི་དོན་དེ་སོང་ནས་གཞུང་གི་དོན། །མདོ་སྒྱུ་སེམས་གསུམ་གྱི་དབང་དོན་སྦྲང་རྩིའི་ཆུ་རྒྱུན་ཞེས་བྱ་བ་ཉམས་སུ་ལེན་པ་ལ་སྤྱི་དོན་གསུམ་སྟེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་བླ་མ་བརྒྱུད་པའི་ལོ་རྒྱུས་བསྟན་པ་དང་། དེ་ལས་བྱུང་བའི་གདམས་ངག་དངོས་དང་། རྩིས་ཆེ་བས་གཏད་རྒྱ་བསྟན་པའོ། །དང་པོ་ལ་གསུམ་སྟེ་རྒྱུད་མ་ཧཱ་ཡོ་གའི་བརྒྱུད་པའི་རིམ་པ་དང་། །ལུང་ཨ་ནུ་ཡོ་གའི་བརྒྱུད་པའི་རིམ་པ་དང་། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་པའི་རིམ་པའོ། །དང་པོ་ནི། སྒྱུ་འཕྲུལ་ཞི་ཁྲོའི་དབང་ལ། །ཞི་བའི་དཀྱིལ་འཁོར་བསྡུས་པ། འབྲིང་པོ། རྒྱས་པ། །ཚོམས་བུ་གཅིག་པ། །ཚོམ་བུ་གསུམ་པ། ཚོམ་བུ་ལྔ་པ་སྟེ་དྲུག །ཁྲོ་བོ་ལའང་དེ་བཞིན་དུ་དྲུག་སྟེ་བཅུ་གཉིས་ཀྱི་དབང་ཐོབ་པའི་བརྒྱུད་པ་ལ། །དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ནི། རྒྱལ་བ་ཀུན་ཏུ་བཟང་པོས། རྒྱལ་ཚབ་རིགས་ལྔ། རྒྱལ་སྲས་སེམས་དཔའ། འཇོམས་བྱེད་ཁྲོ་བོའི་འཁོར་དང་བཅས་པ་ལ་དགོངས་ཏེ་བརྒྱུད། གཉིས་པ་རིག་འཛིན་རིག་པའི་བརྒྱུད་པ་ནི། གསང་བདག་ཕྱག་ན་རྡོ་རྗེས། དམ་པའི་རིགས་ཅན་དྲ་མ་ལྔ་ལ་རིག་པ་ནས་རིག་པར་བརྒྱུད། གསུམ་པ་གང་ཟག་སྙན་བརྒྱུད་ནི། གསང་བདག་ཀུ་ཀུ་རཱ་ཛཱ། རྒྱལ་པོ་ཛ། སིང་ཧ་རཱ་ཛ། སྲིང་མོ་གོ་པ་ལཱི། ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛཱ། རོ་ལངས་བདེ་པའི་དངོས་གྲུབ། རྡོ་རྗེ་བཞད་པ། ཟ་ཧོར་གྱི་རྒྱལ་པོ་པྲ་ཧ་སྟི། སློབ་དཔོན་སངས་རྒྱས་གསང་བ། བི་མ་ལ་མི་ཊ། རྨ་རིན་ཆེན་མཆོག །མཁས་པ་གཙུག་གྱེ་རྣམ་གཉིས། ཞང་རྒྱལ་བའི་ཡོན་ཏན། གསྣུབས་སངས་རྒྱས་ཡེ་ཤེས། ཁུ་ལུང་ཡོན་ཏན་རྒྱ་མཚོ་ཡབ་སྲས། མྱང་ཤེས་རབ་མཆོག །མྱང་ཡེ་ཤེས་འབྱུང་གནས། །ཟུར་པོ་ཆེ་ཤཱཀ་འབྱུང་། ཟུར་ཆུང་ཤེས་རབ་གྲགས། གླན་ཤཱཀྱ་བྱང་ཆུབ། གསང་བདག་ལྷ་རྗེ་སྒྲོ་ཕུག་པའང་ཟེར་ཤཱཀྱ་སེང་གེ། རྩད་ཚ་ཤཱཀ་རྡོར། ཙངས་སྟོན་ཤཱཀ་འབྱུང་། གླན་སྟོན་རྡོ་རྗེ་འོད་པོ། གླན་བསོད་ནམས་རྒྱལ་མཚན། །དཔལ་ལྡན་ཆོས་ཀྱི་སེང་གེ །གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། །འབྲོ་བན་བསམ་གྲུབ་རྡོ་རྗེ། །ཟུར་ཤཱཀྱ་འབྱུང་གནས། །ཟུར་མོ་དགེ་འདུན་འབུམ། །ཟུར་ཤཱཀྱ་བཤེས་གཉེན། མཁས་གྲུབ་ཆོས་འབུམ་པ། དེས་རྩ་བའི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་དཀོན་མཆོག་བཟང་པོ་ལ་གནང་། དེས་དགེ་སློང་རྡོ་རྗེ་འཛིན་པ་སྦྲ་རྨོག་སྟོན་རྡོ་རྗེ་རིན་ཆེན་དཔལ་བཟང་པོ་ལ་གནང་། རྗེ་རྡོ་རྗེ་རྣམ་རྒྱལ། །མཁས་གྲུབ་དཔལ་འབྱོར་རྒྱལ་མཚན། །དེས་བདག་སྣ་ཚོགས་རང་གྲོལ་ལ་དགྱེས་བཞིན་གནང་སྦྱིན་བཟང་པོ་དང་བཅས་ནས་དབང་བཀའ། བསྒྲུབས་བཀའ། བཤད་བཀའ། མན་ངག་གི་བཀའ། །རྒྱུད་ཀྱི་བཀའ་དང་བཅས་པ་རྣམས་ལེགས་པར་གནང་། །གཉིས་པ་ལུང་ཨ་ནུ་ཡོ་གའི་བརྒྱུད་པ་ནི། སྐུ་ལྔའི་བདག་ཉིད་ཀུན་ཏུ་བཟང་པོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། རྒྱལ་པོ་ཛ། སྲས་ཨིནྟྲ་བྷུ་ཏི། ཁྱིའི་རྒྱལ་པོ་ཀུ་ཀུ་ར་ཛཱ། རོ་ལངས་བདེ་བ། །རྒྱལ་པོ་པྲ་ཧ་སྟི། ཤཱཀྱ་སེང་གེ །དྷ་ན་རཀྵི་ཏ། སྠིར་མ་ཏི། བདེ་བ་གསལ་མཛད། དྷརྨཱ་བོ་དྷི་དང་། ལོ་ཙ་བ་ཆེ་བཙན་སྐྱེས་ཀྱིས། སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། སྣུབས་ཡོན་ཏན་རྒྱ་མཚོ། སྲས་ཡེ་ཤེས་རྒྱ་མཚོ། རྒྱ་བློ་གྲོས་བྱང་ཆུབ། ཐོ་གར་ནམ་མཁའ། དེས་ཟུར་པོ་ཆེ། ཟུར་ཆུང་ཤེས་རབ་གྲགས། ཡང་ཁྱེང་བླ་མ་སྒྲོ་ཕུག་པ། དེ་ལས་བརྒྱུད་པའང་ཡོད། །ཟུང་ཆུང་བས་གླན་ཤཱཀྱ་བཟང་པོ་ལ། ཤངས་པ་ལྷ་རྗེ་མགར། སྲོག་སྟོན་རྡོ་རྗེ་རྒྱལ་མཚན། གླན་རྡོ་རྗེ་འོད། གླན་བརྩོན་འགྲུས་སེང་གེ །གླན་བསོད་ནམས་རྒྱལ་པོ། ལྷ་རྗེ་ལྷ་འབུམ། གླན་སྟོན་ཆོས་ཀྱི་སེང་གེ། །གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། །འབྲོང་བསམ་གྲུབ་རྡོ་རྗེ། ཟུར་ཤཱཀྱ་འབྱུང་གནས། །ཟུར་མོ་དགེ་འདུན་འབུམ། །ཟུར་ཤཱཀྱ་བཤེས་གཉེན། མཁས་གྲུབ་ཆོས་འབུམ་པ། དེས་རྩ་བའི་བླ་མ་དཀོན་མཆོག་བཟང་པོ་ལ། རྡོ་རྗེ་རིན་ཆེན་དཔལ་བཟང་པོ་ལ། དབང་བཀའ། བསྒྲུབ་བཀའ། བཤད་བཀའ། མན་ངག་གི་བཀའ། རྒྱུད་ཀྱི་བཀའ་དང་བཅས་པ་རྣམས་དགྱེས་བཞིན་དུ་གནང་། དེས་གྲྭ་དར་ལུང་དུ་བཞུགས་པ་ཆོས་རྗེ་རྡོ་རྗེ་རྣམ་རྒྱལ་བ་ལ་གནང་། དེ་ཉིད་ཀྱིས་གྲྭ་བྱམས་སྡིངས་པ་ཆོས་རྗེ་དཔལ་འབྱོར་རྒྱལ་མཚན་པ་ལ་གནང་། དེས་བདག་དོན་གྲུབ་ལེགས་པ་དཔལ་འབར་མཆེད་ལྕམ་དང་བཅས་པ་ལ་དགྱེས་པ་ཆེན་པོ་དང་བཅས་ཏེ་གནང་བ་ལགས་སོ། །གསུམ་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་པའི་རིམ་པ་ནི། ཀུན་བཟང་རིགས་ལྔ། ཕྱག་རྡོར། དགའ་རབ་རྡོ་རྗེ། མཁས་པ་ཉི་ཤུ་རྩ་ཅིག །བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། མཁས་པ་ཡེ་ཤེས་གཞོན་ནུ། །སོག་པོ་དཔལ་གྱི་ཡེ་ཤེས། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཆུང་ཡོན་ཏན་ཡབ་སྲས། མཁས་པ་མྱང་ཆེན་ཤེར་མཆོག །མྱང་ཡེ་ཤེས་འབྱུང་གནས། །ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲག་པ། སྐྱོ་སྟོན་ཤཱཀྱ་ཡེ་ཤེས། གསང་བདག་མདའ་ཚ་ཧོར་པོ། འགྲོ་མགོན་དམ་པ་ཤཱཀྱ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། བླ་མ་ཐང་སྟོན་འབུམ་མེ། ཆོས་རྗེ་བླ་སྐྱབས་རྡོ་རྗེ། །དྲིན་ཆེན་མཁས་གྲུབ་ཆེན་པོ་མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་ཅིག་དྲིན་ཆེན་ཟུར་མོ། ཟུར་མོ་དགེ་འདུན་འབུམ། ཟུར་སྟོན་ཤཱཀྱ་བཤེས་གཉེན། བླ་མ་བྲའོ་ཆོས་འབུམ། བཤེས་གཉེན་དཀོན་མཆོག་བཟང་པོ། དེས་རྡོ་རྗེ་བཟང་པོ་ལ་དབང་བཀའ། བསྒྲུབ་བཀའ། བཤད་བཀའ། མན་ངག་གི་བཀའ། རྒྱུད་ཀྱི་བཀའ་དང་བཅས་པ་རྣམས་དགྱེས་བཞིན་དུ་གནང་། དེས་དགེ་སློང་རྡོ་རྗེ་རྣམ་རྒྱལ་བ་ལ་གནང་། དེས་བྱམས་སྡིངས་པ་དཔལ་འབྱོར་རྒྱལ་མཚན་པ་ལ་གནང་། དེས་བདག་དོན་གྲུབ་ལེགས་པ་དཔལ་འབར་ལའོ། །དེ་ནི་མདོར་བསྡུས་པའི་བརྒྱུད་རིམ་ཡིན། །རྒྱས་པར་ནི། མདོ་སྒྱུ་སེམས་གསུམ་གྱི་ལོ་རྒྱུས་ཆེན་མོ་རྣམས་སུ་ཤེས་པར་བྱའོ། །གཉིས་པ་དེ་ལས་བྱུང་བའི་གདམས་ངག་ལ་གཉིས་ཏེ། སྨིན་བྱེད་ཀྱི་དབང་བསྐུར་བ་དང་། གྲོལ་བྱེད་གདམས་པའོ། །དང་པོ་ལ་གཉིས་ཏེ། བསྒྲུབ་པ་དང་དབང་ངོ་། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་དྲུག་གིས་བསྒྲུབ་པའི་གཞི་གཟུང་བ་དང་བསྙེན་བསྒྲུབ་གཞི་བསྒྲུབ་པའི་གཞུང་བསྲང་བའོ། །དང་པོ་ལ་དྲུག་སྟེ། སྟོན་པ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུ་ཚོགས། འཁོར། ཡོ་བྱད། དུས། སྒྲུབ་པ་པོ་ཕུན་སུམ་ཚོགས་པའོ། །དང་པོ་ནི། སྟོན་པ་རྡོ་རྗེ་རྒྱལ་པོ་སྟེ། དེའི་མཚན་ཉིད་ཀྱང་། གསང་བ་འདུས་པའི་རྒྱུད་ལས། སློབ་དཔོན་མཚན་ཉིད་བརྟགས་པ་ནི། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །ཅེས་པ་ལ་སོགས་པ་དང་། ཡང་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ་ལས། དེ་དང་མཚུངས་པ་ལྡན་པ་དང་། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། ཞེས་པ་ལ་སོགས་པ་གསུངས་པ་དང་། སྒྱུ་འཕྲུལ་ལས་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་ཚད་བརྒྱད་འཆང་བ། ཞེས་པ་ལ་སོགས་པ་གསུངས་སོ། །རྡོ་རྗེ་རྒྱལ་ཐེབ་ནི། སློབ་དཔོན་ཉིད་དང་དགོངས་པ་ཁྱད་པར་མེད་པའོ། །གཟུངས་མ་ནི། དྲི་མེད་གསང་སྒྲོན་ནམ། །གཞུང་ཀུན་ནས་བཤད་པའི་ལས་བཞི་པོ་གང་དུ་དགོས་པའི་སྐབས་ཀྱི་མཚན་ཉིད་དང་ལྡན་པའོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། གཞུང་དང་མཐུན་པ་སྟེ། ལས་རིམ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། ས་དང་བར་སྣང་ཤིས་པ་དང་། ལོ་རྒྱུས་རྣམ་གཉིས་ལྡན་པ་དང་། ཡིད་འོང་ས་རྩལ་རྒྱས་པར་བྱ། ཞེས་པ་དང་། ཡང་བསྒྲུབ་ཐབས་ལས། ཟུར་བརྒྱད་ལ་སོགས་རྩེ་མངས་དང་། ཞེས་པ་ལ་སོགས་པ་གསུངས་པས། ནམ་མཁའ་བརྟག་པ་དང་། གནས་ཀྱི་གཞི་བརྟགས་པ་དང་། མཚམས་ཀྱི་དགྲ་བརྟགས་པ་དང་། གནས་ཀྱི་རིའམ་ཕྱོགས་བརྟགས་པའོ། །དེ་ཡང་གཙུག་ལག་གི་ལྷ་གཞི་ཡོད་ཅིང་། ལྷ་ཆོས་མི་ཆོས་ཀྱི་བཀྲ་ཤིས་པའི་གནས་བཙལ། ངན་པ་དོར་ལ། བཟང་པོ་བླངས་ཏེ། དེ་ཡང་ཁྱད་པར་དུ་ཞབས་ཀྱིས་བཅག་པས་བྱིན་ཆེ་བའི་གནས་དང་། གྲུབ་པ་ཐོབ་པ་བཀྲ་ཤིས་པའི་གནས་དང་། བར་ཆད་གསུམ་མེད་པའམ། ཡིད་དུ་འཐད་ཅིང་རྣལ་འབྱོར་པ་གཙོ་འཁོར་དང་བཅས་པ་ཉམས་དགའ་བའི་གནས་སུ་སྒྲུབ་པ་པོ་རྣམས་འདུས་ལ། དེར་ཁང་པ་གསུམ་རིམ་དུ་བྱས་ཏེ། དེ་ཉིད་དུ་སྟེང་བརྒྱན་དང་། །ལོགས་བརྒྱན་ལ་སོགས་པའམ། གཞན་ཡང་མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་གཏིབས་པར་བྱའོ། །དེ་ཡང་ལམ་རིམ་ལས། འཁོར་ཁང་ཕྱི་ནང་བར་ལྡན་པ། །རིན་ཆེན་བྱུག་པས་བསྲུངས་བ་དང་། རིན་ཆེན་སྤྲས་པའི་གཞལ་ཡས་ཁང་། ཞེས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། རྒྱུད་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། ཞེས་པ་ལ་སོགས་པ་གསུངས་པས་སྐྱོན་དྲུག་སྤངས་ཤིང་ཡོན་ཏན་དྲུག་དང་ལྡན་པའི་འཁོར་ཀརྨཱ་ལས་མཁན་སྐད་ཀྱི་གདངས་ཆེ་ཞིང་། ལས་ཀྱི་འཁྲིགས་ལ་མཁས་པ་དང་། རྡོ་རྗེ་སྤྱན་མ་དང་། རྡོ་རྗེ་བྱ་རོག་དང་། དགྱེས་པ་བསྐོང་པ། ཐུགས་དང་འཐད་པ། རྡུལ་ཕྱག་སྐྱེས་བུ་ལ་སོགས་པའོ། །དེ་ཡང་། བསྒྲུབ་དང་བསྒོམ་ལ་དགའ་བ་དང་། ཞེས་སོ། །བཞི་པ་ཡོ་བྱད་ཕུན་སུམ་ཚོགས་པ་ནི། ཡོ་བྱད་དཀའ་བ་ཀུན་བསྡུས་ནས། ཞེས་པས། བཀོད་པ་སྐུའི་རྟེན་ཙཀྐ་ལི་ཕྱི་ནང་གི་དང་། ལུགས་སྐུ་དང་ཐོད་པ་ལ་སོགས་པའོ། །བྲིས་པ་གསུང་གི་རྟེན་ཡི་གེ་དང་། ཐུགས་ཀྱི་རྟེན་ཕྱག་མཚན་རྡོ་རྗེ་འཁོར་ལོ་ལ་སོགས་པའོ། །གཞན་ཡང་རྔ་དང་། དྲིལ་བུ་དང་། ཕུར་བུ་དང་། དུང་དང་། ཆ་ལང་ལ་སོགས་པའོ། །དེ་དག་ནི་སྒྲུབ་པ་རྫས་ཀྱི་ཡོ་བྱད་དོ། །འཚོ་བ་ཟས་ཀྱི་ཡོ་བྱད་ཤ་མར་ལ་སོགས་ཀུན། ཞག་གྲངས་ཀྱི་ལྷག་ཐང་དུ་བཤམས་པ་དང་། མཉེས་པའི་ལྷའི་ཡོ་བྱད་ནི། ཁྱད་པར་གྱི་གསུམ་དང་། ཐུན་མོང་གི་ལྔ་ལ་སོགས་པའོ། །རྐྱེན་བཟློག་དགོས་པའི་ཡོ་བྱད་ནི། དགྲའི་རྐྱེན་བཟློག་པའི་གོ་མཚོན་དང་། བགེགས་བཟློག་པའི་ཕུར་བུ་དང་། ཡུངས་ཀར་དང་། གུ་གུལ་ལ་སོགས་པ་དང་། ནད་བཟློག་པའི་སྨན་པ་སྨན་དང་བཅས་པའོ། །དེ་རྣམས་ལའང་ཐ་མལ་གྱི་རྫས་ཀྱི་རྣམ་པར་སྐད་ཅིག་ཀྱང་མི་ལྟ་བར་དངོས་གྲུབ་ཆེན་པོའི་ཡོ་བྱད་དུ་ལྟའོ། །ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། དལ་དུང་ཡོ་བྱད་མཆོད་པའི་རྫས། ཞེས་པ་ལ་སོགས་པ་གསུངས་སོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། བསྒྲུབ་པ་ཟུག་པའི་དུས་དང་། དབང་བསྐུར་བའི་དུས་དང་། སྨིན་པར་ཐོབ་པ་དབང་དུ་བསྒྲུབ་པའི་དུས་སོ། །དེ་དག་ཀྱང་གོང་མ་རྣམས་འཛོམ་པའི་དུས་སྟེ། དང་པོ་རྔམ་གློག་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། ཞེས་པའི་དོན་ནོ། །གཉིས་པ་ནི། བསྙེན་པ་རྫོགས་ནས་ལྷག་པའི་སེམས་སྐྱེས་པའི་དུས་སུ་དབང་བསྐུར་བ་ཡིན་སྟེ། ངེས་འབྱེད་ལས། དང་པོ་སེམས་བསྐྱེད་འཇུག་དུས་སུ། །རྫས་ཀྱི་དབང་བཅུ་རྫོགས་པར་སྦྱིན། ཞེས་སོ། །གསུམ་པ་ནི་རྒྱུད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་པ་ལ་སོགས་པའོ། །དྲུག་པ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ནི། སྟོན་པ་དང་འཁོར་གཉིས་ལ་ངོས་གཟུང་ངོ་། གཉིས་པ་བསྙེན་བསྒྲུབ་ལ། རྒྱུད་ལས། བསྙེན་པ་དང་ནི་ཉེ་བསྙེན་པོ། སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། ཞེས་གསུངས་པས། བཞི་སྟེ། བསྙེན་པ་དང་ཉེ་བསྙེན་དང་། སྒྲུབ་པ་དང་ནི། སྒྲུབ་པ་ཆེན་པོའོ། །དང་པོ་ནི། སྨིན་པའི་དབང་དུ་ནང་རྒྱུད་ལུང་མན་ངག་གི་ལྟ་བ་རྟོགས། དེ་བཞིན་ཉིད། ཀུན་ཏུ་སྣང་། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། མཐར་ཕྱིན་པ་བསྙེན་པ། དེ་ནས་བསྒྲུབ་པའི་ཞག་གྲངས་ཀྱི་ཕྱེད་ཚུན་ཆད་ཉེ་བསྙེན། ཕྱེད་ཕན་ཆད་བསྒྲུབ་པ། ནུབ་ཐ་མ་དངོས་གྲུབ་ལེན་པ་བསྒྲུབ་པ་ཆེན་པོ་སྟེ་ཟག་མེད་ཀྱི་རིག་འཛིན་ཐོབ་པའོ། ཆོ་གའི་དབང་དུ ། ནུབ་དང་པོ་ས་ཆོག །ནུབ་གཉིས་པ་སྟ་གོན་ལེགས་པར་ཚར་ནས་དཀྱིལ་འཁོར་བྲི། ལྷ་དགོད། རྫས་དགོད་ཚར་ནས། བདག་བསྐྱེད། བུམ་བསྐྱེད། མདུན་བསྐྱེད། བསྙེན་པ་ཡན་ཆད་དོ། །གཉིས་པ་ཉེ་བསྙེན་ནི། སྒྲུབ་པ་ཇི་ཙམ་བྱེད་ཀྱི་ཕྱེད་ཚུན་ཆད་དོ། །གསུམ་པ་བསྒྲུབ་པ་ནི། བསྒྲུབ་པ་ཇི་ཙམ་བྱེད་ཀྱི་ཞག་གྲངས་ཕྱེད་ཕན་ཆད་དོ། །བཞི་པ་བསྒྲུབ་པ་ཆེན་པོ་ནི། ནུབ་ཐ་མ་དངོས་གྲུབ་ལེན་པའི་ཆོ་གའོ། །འདི་དག་གི་ཆོག་འགྲིག་ནི་བསྒྲུབ་གཞུང་དུ་ཤེས་པར་བྱའོ། །གཉིས་པ་དབང་ལ། ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། ཚོན་དང་བྲི་བའི་རྣམ་པ་དང་། རབ་གནས་སྦྱིན་བསྲེག་འཇུག་པ་དང་། ཡོན་ཏན་རྣམ་བཅུ་རྒྱས་ཞེས་བྱ། ཞེས་དང་། ལས་ཐོ་ལས། དང་པོ་ས་གཞི་ཡོངས་སུ་གཟུང་། གཉིས་པ་སྟ་གོན་ལ་གནས་ཏེ། ནུབ་གསུམ་པ་ལ་འཇུག་པར་བྱ། ཞེས་དང་། སྒྱུ་དྲ་བའི་ལེའུ་གཉིས་པ་ལས། དང་པོ་ས་གཞི་ཡོངས་སུ་གཟུང་། གཉིས་པ་སྟ་གོན་གནས་པ་སྟེ། ནུབ་གསུམ་པ་ནི་འཇུག་པ་ཡིན། ཞེས་གསུངས་པས། གསུམ་སྟེ་ནུབ་དང་པོ་ས་ཆོག་དང་། ནུབ་གཉིས་པ་སྟ་གོན་དང་། ནུབ་གསུམ་པ་དངོས་གཞིའོ། །དང་པོ་ལ། རྡོ་རྗེ་ལས་རིམ་ལས། གཞི་དང་རང་མཚན་བླང་དབང་དང་། སྦྱང་བྱིན་བསྲུངས་དང་བཟུང་བ་ནི། དང་པོ་ཉིང་ལག་ཉིད་དུ་བཤད། ཞེས་གསུངས་པས་བརྒྱད་དེ། ས་གཞི་སྤྱི་མཚན་དུ་བརྟག་པ་དང་། ས་གཞི་རང་མཚན་དུ་བརྟགས་པ་དང་། ས་སླང་བ་དང་། ས་དབང་དུ་བྱ་བ་དང་། ས་སྦྱང་བ་དང་། ས་བྱིན་གྱིས་རླབས་པ་དང་། ས་བསྲུངས་པ་དང་། ས་བཟུང་བའོ། །དང་པོ་ལ་གཉིས་སྟེ། ནམ་མཁའ་བརྟག་པ་དང་། གནས་ཀྱི་རི་བརྟག་པའོ། །དང་པོ་ནི། རྡོ་རྗེ་ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། ཆུ་བོ་བཞིན་དུ་མ་བོ་ཞིང་། མཉམ་ཞིང་འོ་ཁའི་ཆུ་ལྟར་དངས། ཉི་མ་ཤིན་ཏུ་གནས་པ་ནི། ནམ་མཁའི་མཚན་ཉིད་ཤེས་པར་བྱ། །ཞེས་གསུངས་པའི་དོན་ནོ། །གཉིས་པ་གནས་ཀྱི་རི་བརྟག་པ་ནི། ལས་རིམ་ལས། མཐོ་དང་འདུད་པ་ནུབ་བྱང་ཡིན། ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །མཐོ་སྒྲོས་གྲོགས་འོད་ཆུ་སྣ་ཚོགས། དཀྱིལ་འཁོར་དབང་དྲག་མཚམས་བརྟགས་བྱ། །ལྷུན་སྡུག་རི་བོ་ནག་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་གནག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤིས་པའང་མཆོག་ཏུ་གསུངས། །བདག་ཉིད་བརྟགས་ཤིང་ཉམས་དགའ་དང་། །བསམ་གཏན་དགྲ་ལས་རིང་གྱུར་པ། །རང་ཁྱིམ་ལ་སོགས་དེ་བཞིན་ཏེ། །ནན་ཏན་ནུས་མཐུ་ལྡན་ཕྱིིར་ཡིན། །མཚན་ཉིད་སྦྱོང་བ་ཕྱོགས་གསུམ་སྟེ། །ཞེས་པའི་དོན་ནོ། །གཉིས་པ་རང་མཚན་དུ་བརྟག་པ་ལ་གཉིས་ཏེ། ངན་པ་དང་བཟང་བའོ། །དང་པོ་ནི། ལས་རིམ་ལས། ཐང་ག་སོག་ལེ་ལྟ་བུ་དང་། རྨ་དང་བོ་བའི་མཚན་ཉིད་དང་། །ཚ་རྒོད་ཟུག་རྡོ་རུས་སྦལ་དང་། །གྲམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོ་རུས་པ་གསེག་ལ་སོགས། །ནྱ་གྲོ་དྷ་དང་པཱ་ལ་ཤ། །ཨུ་དུཾ་ཝ་ར་ཨ་ཤྭ་རྠ། །ཨ་ཛུ་ན་ལ་སོགས་པའི་ཚུལ། །འདོད་པ་མ་ཡིན་སྦྱོང་སྤོ་བྱ། །ཞེས་པའི་དོན་ནོ། །གཉིས་པ་བཟང་བ་ནི། བཀྲ་ཤིས་རྩ་དང་མེ་ཏོག་ཤིང་། །སྣག་དང་ཁ་དོག་ལྡན་པ་དང་། །རྩིགས་མ་རྒྱུས་པར་རབ་ཉུང་ཞིང་། །ལྷག་པར་བསྒྱུར་བ་མཆོག་ཏུ་གསུངས། །ཞེས་པའི་དོན་ནོ། །གསུམ་པ་ས་སླང་བ་ལ་གཉིས་ཏེ། མངོན་པ་མི་ལ་སླང་བ་དང་། མི་མངོན་པ་མི་མ་ཡིན་ལ་སླང་བའོ། །དང་པོ་ནི། ཡུལ་དེའི་རྒྱལ་པོའམ། བློན་པོ་ལ་སོགས་པ་ས་དེའི་བདག་པོ་ལ་རིན་ནམ། ཞུ་བ་ཕུལ་ལ་སླངས་ཤིང་། རང་དབང་པར་བྱའོ། །གཉིས་པ་མི་མངོན་པ་ལ་སླང་བ་ལ་གཉིས་ཏེ། །བདེ་བར་གཤེགས་པ་ལ་བླང་བ་དང་། སའི་ལྷ་མོ་ལ་སླང་བའོ། །དང་པོ་ནི། གནས་དེར་མཎྜལ་ལ། ག་བུར་དང་ཙན་དན་གྱི་ཆུས་ཆག་ཆག་བཏབ་སྟེ། དེའི་སྟེང་དུ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ཚོམ་བུའམ། །ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ཀྱི་ཚོམ་བུའམ། །དེ་གཉིས་སྒྲགས་པའི་ནས་ཚོམས་སམ། །མཎྜལ་ལ་ཚོམ་བུ་ཉེར་གཅིག་པ་གང་རུང་བཀོད། །དེའི་ཕྱི་རོལ་བྱང་ཤར་གྱི་མཚམས་སུ་མཚམས་འཛིན་གྱི་མེ་ཏོག་ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་དུ་བདུག་སྤོས། ནུབ་དུ་སྣང་གསལ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས་རྣམས་བཤམ་མོ། །དེའི་ཕྱི་རོལ་ཤར་ལྷོ་མཚམས་སུ་བླ་མའི་གཏོར་མ། བྱང་ཤར་དུ་ཡི་དམ་ཀྱི་གཏོར་མ། ནུབ་བྱང་དུ་མཁའ་འགྲོའི་གཏོར་མ། ལྷོ་ནུབ་ཏུ་ཆོས་སྐྱོང་གི་གཏོར་མ་རྣམས་བཤམ་མོ། །ཤར་དུ་གསང་ཆུ། སྨན། རྒྱུན་གཏོར། རཀྟ་རྣམས་གཞན་ཡང་བརྟེན་ཆ་དང་། མཆོད་པ་ཅི་འབྱོར་བ་རྣམས་བཤམས་ལ། གཏོར་མ་ཆུ་དང་ཆང་གིས་བྲན་ནོ། །དེ་ནས་དཔོན་སློབ་རྣམས་ཆས་གོས་དཀར་པོ་དང་ལྡན་པས་སྟན་བདེ་བ་ལ་འདུག་ལ། ཞི་བའི་ལས་བྱང་བསྙེན་པ་ཚོགས་མཆོད་ཡན་ཆད་དམ། ཁྲོ་བོའི་ལས་བྱང་། ཡང་ན་རྣལ་འབྱོར་མཆོད་ལུགས་གཞུང་བསྲང་ངོ་། །དེ་ནས། ཨཱོཾ་སུ་ཝཪྞ་བྷུ་མ་མཎྜ་ལ་ཧཱུཾ། ཞེས་བརྗོད་པས་ས་གཞི་ཉིད་གསེར་གྱི་ས་གཞིར་བསམ་མོ། །གཉིས་པ་སའི་ལྷ་མོ་ལ་བླང་བ་ནི། ས་སྟེགས་དྲིས་བྱུགས་ལ། སའི་ལྷ་མོའི་མེ་ཏོག་གི་ཚོམ་བུ་གཅིག་བཀོད། དེའི་མཐར་མཆོད་པ་སྣ་ལྔ་ལ་སོགས་པ་དང་། དཀར་གཏོར་གཉིས་དང་། གསེར་སྐྱེམས་ལ་སོགས་བཤམ་པ་ལ། སློབ་དཔོན་ཆས་སུ་ཞུགས་ཏེ། རྣམ་པར་མི་རྟོག་པའི་ཁྱད་པར་ལས། ༀ་བིག་ནན་ཏ་གྲིད་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊཿ ཅེས་བརྗོད་ཅིང་། སྐད་ཅིག་དྲན་རྫོགས་སུ་བདུད་རྩི་འཁྱིལ་པ་ལྗང་ཁུ་གཡས་སྣ་ཚོགས་རྡོ་རྗེ་རྩེ་ལྔ་པ་འཕྱར་བ། གཡོན་དྲིལ་བུ་དཀུར་བརྟེན་པ། ཁྲོ་བོའི་བརྒྱན་དང་ལྡན་ཞིང་། ཡུམ་གཡས་པ་ཡབ་ལ་འཁྱུད་པ། གཡོན་དྲིལ་བུ་དཀུར་བརྟེན་པ་བསྐྱེད་དོ། །ཕྱི་གཏོར་ཆུང་གཅིག་དང་། གསེར་སྐྱེམས་རྟགས་པ་བཞི། དཀར་གཏོར་དང་པོ་དང་། གསེར་སྐྱེམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ་ཅིང་། བདག་བདུད་རྩི་འཁྱིལ་པར་གསལ་བའི་ཐུགས་ཀ་ནས། ལམ་སེར་པོ་ལག་པའི་སྟེང་དུ་འཕྲོས་པས། ལམ་ལས་སྐྱེས་པའི་སའི་ལྷ་མོ་སངས་རྒྱས་སྤྱན་མ་གསེར་གཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་མ། ཕག་གི་ཁྲི་ལ་བཞུགས་པ། ཕྱག་གཡས་པ་གསེར་གྱི་བུམ་པ་རིན་པོ་ཆེས་གང་བ་བསྣམས་པ། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། འཇའ་ཚོན་སྣ་ལྔའི་འོད་དང་ལྡན་པར་བསྒོོམ། །དེ་ལ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཡེ་ཤེས་ལྔ་ཡིས་དབང་བསྐུར། རྣམ་སྣང་གིས་གཙོ་བྱས་པའི་དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན། ༀ་ཨཱཿཧཱུཾ་ཞེས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །དེ་ནས་སེ་གོལ་གདབ་ཅིང་། བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་བརྗོད་པས། སའི་ལྷ་མོ་ཡེ་ཤེས་པ་སྙན་གསན་ཕབ་ནས། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ། དོན་དམ་གསེར་གྱི་ས་ལ་མངའ་མཛད་པའི། །རིན་ཆེན་མཛེས་པའི་ཕོ་བྲང་ཡིད་འོང་གདལ། ཉི་ཟླ་སྐར་མ་དག་གིས་རབ་བརྒྱན་ཏེ། །ཡིད་དུ་འོང་བའི་ཕོ་བྲང་དབུས་ན་བཞུགས། །མི་རྟོག་དབུས་ཀྱི་ས་ལ་མངའ་མཛད་དེ། །དབུས་ཀྱི་ས་བདག་ལྷ་མོ་སངས་རྒྱས་སྤྱན། །སྐུ་མདོག་གཙ ོམ་རིན་ཆེན་གསེར་གྱི་མདོག །ཕྱག་གཡས་རིན་ཆེན་གསེར་གྱི་བུམ་པ་བསྣམས། །ཕྱག་གཡོན་མཆོག་སྦྱིན་ཕྱག་རྒྱ་སྟོན་མཛད་པ། །འགྲོ་བ་ཀུན་གྱི་མགོན་དང་སྐྱབས་མཛད་པའི། །དབུས་ཀྱི་ལྷ་མོ་འཁོར་དང་བཅས་པ་རྣམས། བདུད་རྩི་མཆོད་སྦྱིན་འགྲོན་དུ་སྤྱན་འདྲེན་ན། །བྱམས་དང་བརྩེ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧི་བ་སུ་དྷ་རི་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོ། །ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་ལག་པ་གཉིས་མཐེའུ་ཆུང་སྦྲེལ་བའི་ཕྱག་རྒྱས། སའི་ལྷ་མོ་ཡེ་ཤེས་པ་རང་བཞིན་གྱི་གནས་ནས་བྱོན་པར་བསམས་ལ། ཛ་ཧཱུཾ་བཾ་ཧོཿ ཞེས་པའི་སྔགས་བརྗོད་ཅིང་། དགུགས་གཞུག་ཅིང་བསྟིམས་པའི་ཕྱག་རྒྱས་སའི་ལྷ་མོ་དམ་ཚིག་པ་དང་གཅིག་ཏུ་གྱུར་ནས། །ཀུན་བཟང་ནི་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀྱི། །སྤྱོད་པ་རྒྱ་མཚོ་རྨད་བྱུང་ཀུན། །ཀུན་བཟང་མཆོད་སྦྲིན་མཆོག་ཏུ་རོལ། །ༀ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ། སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞབས་བསིལ་ནི། ཡང་དག་ཉིད་དུ་དག་མོད་ཀྱང་། །འཇིག་རྟེན་སྲིད་ཞུའི་ཚུལ་གྱིས་ནི། །ཕྱག་དང་ཞབས་ནི་བསིལ་མཛོད་ལ། །འདི་ཉིད་དུ་ནི་བཞུགས་དུ་གསོལ། །བཞི་བསྣོལ་ནི་གང་གིས། ཕྱི་ནང་བརྟག་ཅིང་ཨཱོཾ་བཛྲ་ལཱ་ཱསྱ་ཧཱུཾ། ༀ་བཛྲ་མཱ་ལེ་ཏྲཾ། ༀ་བཛྲ་གིརྟི་ཧྲི༔ ༀ་བཛྲ་ནིཪྟི་ཨཱཿ ཕྱིའོ། ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་པུཥྤེ་ཏྲཾ། ༀ་བཛྲ་ཨ་ལོ་ཀེ་ཧྲཱི༔ ༀ་བཛྲ་གནྡྷེ་ཨ༔ ཧཱུཾ། ནགས་ཚལ་བཅུད་ནི་ཡིད་ཁར་འོང་། །དྲི་ཞིམ་རྒྱས་པ་ལྷ་ཡི་རྫས། །ས་ཡི་ལྷ་མོ་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་བཛྲ་དྷུ་པེ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །ས་ཡི་ལྷ་མོ་འཁོར་བཅས་ལ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་ཀུན་ཏུ་དགྱེས་པར་མཛོད། །ༀ་བཛྲ་པུཥྤེ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། སྡུག་བསྔལ་འཇོམས་ཤིང་བཀྲ་ཤིས་པའི། །དགེ་ཞིང་མུན་སེལ་མར་མེ་འདི། །ས་ཡི་ལྷ་མོ་འཁོར་བཅས་ལ། བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ནས་ཀུན་ཏུ་དགྱེས་པར་མཛོད། །ༀ་བཛྲ་ཨ་ལོ་ཀེ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ན་ས་མ་ཡེ་ཧཱུཾ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་དྲི་ཆབ་འདི། །ས་ཡི་ལྷ་མོ་འཁོར་བཅས་ལ། །བདག་གིས༴ བཞེས་ནས་བདག༴ ༀ་བཛྲ་གནྡྷེ་པཱུ་ཙ་མེ༴ །སྨན་རྣམས་བཅུད་ལྡན་ཡིད་ཁར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །ས་ཡི་ལྷ་མོ༴ བདག་གིས༴ ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨཱོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བ་ིད་ར་པཱུ་ཙི་ཏེ་སྭཱ་ཧཱ་བཱ་ལིང་ཏ་ཁཱ་ཧི། རོལ་མོའི་སྒྲ་སྒྲགས་ཅིང་། །འོག་ཕྱོགས་ས་ཡི་ལྷ་མོ་བརྟན་མ་འབར། །སྐུ་གསེར་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་འོད་ལྡན་ཕག་གི་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །ན་མོ། སའི་ལྷ་མོ་བརྟན་མ་འཁོར་དང་བཅས་པ་རྣམས་ལ་འཕྲིན་ལས་གསོལ་བ་ནི། སྔོན་དམ་བཅས་པའི་འཕྲིན་ལས་ཀྱིས་ས་གཞི་དགེ་ཞིང་བཀྲ་ཤིས་པར་བྱིན་གྱིས་རླབས་ཏུ་གསོལ། ཕྱོགས་སྐྱོང་བའི་འཕྲིན་ལས་ཀྱིས་འོག་གི་ཕྱོགས་སྲུངས་དུ་གསོལ། །རིགས་འདུལ་བའི་འཕྲིན་ལས་ཀྱིས་ས་བདག་གི་གདོན་འཁོར་དང་བཅས་པ་བཟློག་ཏུ་གསོལ་ལོ། །ༀ་བྲི་ཐི་ཝེ་སྭཱ་ཧཱ། ཞེས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་སྔགས་ཀྱི་འོད་ཟེར་གྱིས་སའི་ཉེས་སྐྱོན་སྦྱངས་ནས། དངོས་གྲུབ་ཀྱི་ས་གཞིར་གྱུར་པར་བསམ་མོ། །དེ་ནས་འཁོར་གྱི་ས་བདག་སྤྱན་དྲང་ཞིང་མཆོད་པ་ནི༴ །འཛམ་གླིང་སྤྱིར་གནས་མཐུ་ཆེན་དབང་བསྒྱུར་བའི། །ནམ་ཟླ་དུས་འཛིན་དབྱར་དགུན་སྟོན་དཔྱིད་ལ། །རྫུ་འཕྲུལ་སྣ་ཚོགས་སྟོན་དཔྱིད་ཀུན་ལ་འཚེ། །ས་བདག་གཙང་ཀུན་ཙང་ཚང་འཁོར་བཅས་དང་། །ས་བདག་ཧོང་པན་དང་ནི་ཐེ་སེ་དང་། །བེ་སྣ་ལག་ཆེན་ས་བདག་གཉན་ཚོགས་རྣམས། །མཆོད་སྦྱིན་གཏོར་མའི་འགྲོན་དུ་སྤྱན་འདྲེན་ན། །བྱམས་ཐུགས་བརྩེ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཡུལ་རིས་འདི་ཡིས་ས་ལ་མངའ་མཛད་པའི། །གངས་རི་གཡའ་རི་བྲག་རི་སྤངས་རི་དང་། །བྱེ་རི་ལ་གནས་ས་བདག་འཁོར་དང་བཅས། །ཀླུ་ཆུ་ཀླུ་རྒྱུན་རྒྱ་མཚོ་ཆུ་བྲན་དང་། །ཆུ་མིག་རྫིང་དང་ཁྲོན་པར་གནས་ལ་སོགས། །ས་གཞི་འདི་ན་གནས་པ་འཁོར་དང་བཅས། །རིགས་དང་ཁ་དོག་མི་མཐུན་བཞུགས་སོ་འཚལ། །མཆོད་སྦྱིན་གཏོར་མའི་མགྲོན་དུ་སྤྱན་འདྲེན་ན། །བདེ་གཤེགས་བཀའ་ཡི་གནས་འདིར་གཤེགས་སུ་གསོལ། །ཞེས་བརྗོད་ཅིང་། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། །ན་ག་ཏྲི་ཡམ་ཨཾ་གུ་ཤ་ཛ་ཛཿ ཞེས་གཏོར་མའི་འགྲོན་སྤྱན་དྲངས་ནས། གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། བསྔོ་བ་ནི། རྒྱས་པར་བ ཤམས་པའི་མཆོད་སྤྱིན་གཏོར་མ་ལ། གསེར་དངུལ་ལ་སོགས་རིན་ཆེན་སྣ་ལྔས་བརྒྱན། །ས་བདག་འཁོར་དང་བཅས་ལ་མཆོད་པར་འབུལ། །ནོར་དབྱིག་སྲང་མང་གྲངས་སུ་བཞེས་སུ་གསོལ། །རིན་ཆེན་འབྲུ་སྣ་མ་ལུས་ཟས་ཀྱི་མཆོག །རས་རུས་ལྷུ་ཚིགས་ཉམས་ཆགས་བསྐང་སླད་དུ། །ཆགས་མེད་སྟོང་ལྡན་སེམས་ཀྱིས་འབུལ་ལགས་ན། །བཞེས་ནས་ལྷུ་ཚིགས་སླུད་ནི་སོབས་པར་མཛོད། །བུ་རམ་སྦྲང་རྩི་ཀ་ར་འོ་མ་མར། །དུག་གསུམ་སེམས་ལ་ཞུགས་པའི་ནད་རྣམས་ལ། །ཁྲོ་གཏུམ་དྲག་པོའི་སྡུག་བསྔལ་བསལ་སླད་དུ། །ཞི་དུལ་མཉེས་དེས་མཆོད་པར་བཞེས་སུ་གསོལ། །ན་ག་གེ་སར་ལ་སོགས་སྨན་སྣ་བརྒྱད། །ཆགས་ཉམས་ནད་འགྲམས་གདུག་པ་གསལ་བ་དང་། །ས་བདག་སྐུ་ཡི་སྙུང་རྐྱེན་སྦྱང་པའི་ཕྱིར། །དཀའ་ཞིང་དཀོན་པའི་ཡུལ་ནས་བཙལ་བསགས་ཏེ། །དབང་ཆེན་ས་བདག་འཁོར་དང་བཅས་པ་ལ། །ཉེས་སྐྱོན་གོད་སོབས་དོན་དུ་འབུལ་ལགས་ན། །ཡུན་དུ་སྐྱིད་ཅིང་དགེ་བའི་སེམས་ཉིད་ཀྱིས། །དམ་རྫས་བདུད་རྩི་གཏོར་མ་བཞེས་སུ་གསོལ། །དེ་ནས་གསེར་སྐྱེམས་བསྔོ་བ་ནི། ཧཱུཾ་ལྕགས་རི་དངུལ་རི་གསེར་གྱི་རི། །ཤེལ་རི་གངས་རི་ཁྱུད་འཁོར་ནས། །མི་ལ་ནོར་གྱི་དབྱིག་འབྱུང་ཞིང་། །ཆོས་ཟས་གནས་ལུགས་སྤྱོད་པ་ཡི། །མཐུ་ཆེན་ལྷ་ཡི་སྨན་ལ་སོགས། །ས་བདག་གཉན་པོ་འཁོར་བཅས་ལ། །ཀུན་སྦྱར་དྲི་ཡིས་སྦྱར་བའི་འབྲུ་ཡི་སྐྱེམས། །རིན་ཆེན་གསེར་གྱི་ས་ལེ་སྦྲམ་གྱིས་སྤྲས། །རྒྱུད་ནས་བཤད་པའི་ཤེལ་ལྔ་ལ་སོགས་འདི། །ས་བདག་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ཞེས་བརྗོད་ཅིང་། །ལག་པ་གཉིས་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་བཅས་ལ། །ༀ་ན་མཿསརྦ་ཏ་ཐ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ། སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བརྗོད་ཅིང་། །གསེར་སྐྱེམས་གཏོར་མ་སྦྲེངས་ལ། །འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས། །སོ་སོའི་རྒྱུད་ཚིམས་པར་བསམ། །གསེར་སྐྱེམས་ལྷག་མ་ས་ཕྱོགས་ཀུན་ཏུ་གཏོར་ཞིང་། ཡུལ་གྱི་གདོན་ཕྲ་མོ་རྣམས་དང་། གློ་བུར་དུ་ལྷགས་པའི་འགྲོན་རྣམས་ཚིམ་པར་བསམས་ལ། ལག་པ་གཉིས་ཐལ་མོ་སྦྱར་ནས་ངག་ཏུ། ན་མོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་དང་། བདག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱི་བསོད་ནམས་གྱིས་སྟོབས་དང་། སྔགས་དང་ཏིང་ངེ་འཛིན་གྱི་མཐུས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་བའི་གནས་ནི་འཛམ་བུའི་གླིང་དུ་སྤྱིར་གནས་པའི་ས་བདག་གི་ཚོགས་མ་ལུས་པ་རྣམས་དང་། ཡུལ་ཁམས་འདི་ན་གནས་པའི་ས་བདག་གཉན་གྱིས་ཚོགས་རྒྱལ་པོ་དང་། བློན་པོ་དང་། སྡེ་དཔོན་དང་། ཕོ་ཉ་དང་། བུ་སྨད་དང་། གཡོག་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ་མཆོད་དོ་འདོན་ཏོ། །དེ་དག་གི་སྤྱན་ལམ་དུ། ལོངས་སྤྱོད་ཀྱི་རྐྱེན། གནས་ཀྱི་ཁྱད་པར་དང་། །སྨན་གྱི་རྣམ་གྲངས་དང་། །ཞལ་ཟས་གྱི་བྱེ་བྲག་ཏུ་གྱུར་ཅིག །དེ་ལ་གནས་ཀྱི་ཁྱད་པར་ནི་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། མཐའ་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ་དེ་ན་བདུད་རྩིའི་ཆུ་རྒྱུན་དང་། །མེ་ཏོག་བརྩེགས་པའི་ལྡིང་ཁང་དང་། །རྩི་ཐོག་རྒྱས་པའི་ནེའུ་སེང་དང་། །ཙན་དན་གྱི་སྐྱེད་མོས་ཚལ་དང་། དར་ཚོན་སྣ་ལྔའི་ལམ་དང་། མངར་གྱི་ཆུ་རྒྱུན་དང་། མཐིང་གི་ཟོམ་པ་དང་། མཆོང་གི་བྲག་གུ་དང་། ཤེལ་ཀྱིས་སྟེགས་བུ་དང་། གསེར་གྱི་ས་གཞི་ལ་རིན་པོ་ཆེ་ཞུན་མའི་ཐིག་བཀྱེ་བ་དང་། གསེར་གྱིས་སྐུད་པས་མིག་མངས་རིས་སུ་བྲིས་པ་དང་། །རིན་པོ་ཆེ་བརྒྱད་ཀྱི་གཅལ་དུ་བཀྲམ་པ་ལ་སོགས་ཏེ། །རང་གཞན་གྱི་ཡིད་དང་མཐུན་པའི་གནས་སུ་གྱུར་ནས། །ཕོ་བྲང་གཞན་དུ་བསྐྱོད་པར་གྱུར་ཅིག །སྨན་གྱི་རྣམ་གྲངས་ནི། རྒྱ་མཚོ་ལྦུ་བ། ཆུ་སྲིན་སྡེར་མོ། དབང་པོ་ལག་པ་ལ་སོགས་པ་སྨན་སྣ་ཚོགས་ཀྱིས། ས་བདག་འོད་དང་གཟི་མདངས་སུ་ལྡན་པར་གྱུར་ཅིག །དེ་ནས་མཆོད་སྦྱིན་གཏོར་མ་འདི་བསྔོས་པས་ཆུད་མ་ཟོས་ཤིང་། དམིགས་པ་གཞན་དུ་མ་གྱུར་ཏེ། ས་བདག་རྣམས་དགྱེས་རབ་ཀྱི་མཆོག་མཉེས་རབ་ཀྱི་ཕུལ་དུ་ཕྱིན་པར་གྱུར་ཅིག །དེ་ལྟར་བསྔོས་བ ས་ས་བདག་འཁོར་དང་བཅས་པ་རྣམས་ཀྱིས་དབང་པོའི་སྤྱོད་ཡུལ་དུ། ཆོས་དང་ཟང་ཟིང་གི་སྦྱིན་པ་རྣམ་པ་གཉིས་པོ་ཆར་བཞིན་དུ་འབབ་པར་གྱུར་ཅིག །དེ་ལྟར་གྱུར་བས་ཟང་ཟིང་གི་སྦྱིན་པས་ནི་དབང་པོ་ཚིམ། ཆོས་ཀྱི་སྦྱིན་པས་ཤེས་པའི་རྒྱུད་གྲོལ་ནས། །ས་བདག་གི་གདུག་རྩུབ་ཀྱི་སེམས་ཞི་བ་ཆེན་པོར་གྱུར་ཏེ། བདག་ཅག་གི་བསྒྲུབ་པ་ཟབ་མོ་འདི་ལ་བགེགས་དང་བར་ཆད་ཀྱི་བསམ་སྦྱོར་སྐད་ཅིག་ཙམ་ཡང་མི་བྱེད་པར་གྱུར་ཅིག །ས་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོས། །མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་མདོ་སྒྱུ་སེམས་གསུམ་གྱི་ལག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་བས། ཞག་གྲངས་སམ་ཕོ་བྲང་གཞན་དུ་བསྐྱོད་ཅིག །འབྱུང་བོ་གང་དག་རི་རབ་སྟེངས་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་ཡུལ་ཁམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་བསིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནག་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །འཕྲེང་བ་དྲི་དང་བྱུག་པ་མེ་ཏོག་དང་། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །དེ་ནས་ལྷ་མོ་དགེ་བའི་དཔང་དུ་བཞག་པ་ནི། སྔོན་འདས་པའི་དུས་ན། བཅོམ་ལྡན་འདས་ཆེ་མཆོག་ཧེ་རུས་ཀས། སྒྲིབ་པ་གཉིས་སྦྱངས། ཚོགས་གཉིས་རྫོགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ས་འདིའི་སྟེང་དུ་སངས་རྒྱས་པ་ལྷ་མོ་ཁྱོད་ཀྱིས་མཁྱེན་ཏེ་དཔང་དུ་གྱུར། ད་ལྟ་བསྐལ་པ་བཟང་པོ་འདི་ཉིད་ལ། སྟོན་པ་ཤཱཀྱ་ཐུབ་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། སྲོད་ལ་བདུད་བྱེ་བ་དུང་ཕྱུར་དང་བཅས་པ་བརྟུལ་ནས། ཐོ་རངས་རྡོ་རྗེ་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་སའི་ལྷ་མོ་ཁྱོད་ཀྱིས་དཔང་པོ་མཛད་དེ་སངས་རྒྱས་པ་དེ་བཞིན་དུ། དེ་རིང་བདག་རྡོ་རྗེ་སློབ་དཔོན་ཆེན་པོས། །སློབ་མ་ཆེ་གེ་མོ་སྨིན་ཅིང་ཚོགས་གཉིས་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་འདིར་མདོ་སྒྱུ་སེམས་གསུམ་གྱིས་ལྷག་པ་གཟུགས་བརྙན་གྱིས་དཀྱིལ་འཁོར་བཞེངས་སུ་གསོལ་བས། སའི་ལྷ་མོས་དགེ་བའི་སྟོང་གྲོགས་དང་དཔང་པོ་མཛད་དུ་གསོལ། །ཞེས་བརྗོད་ཅིང་། ཁུར་ཚུར་ཁ་གན་ཀྱལ་དུ་བྱས་པའི་མཐེའུ་ཆུང་གཉིས་སྦྲེལ་ལ། འཛུབ་མོ་གཉིས་རྩེ་སྤྲད་པའི་ཕྱག་རྒྱས་འདེབས་པའི་ཚུལ་བྱ་ཞིང་། བྷེ་ཀ་ཏྲ་མ་ཡཾ་ཞེས་བརྗོད་པས། སའི་ལྷ་མོས་མདུན་གྱི་ནམ་མཁའ་བཏེགས་སྟེ་དཔང་པོར་བཞུགས་སོ། །དེ་ནས་སའི་བར་ཆད་བསལ་བར་བྱ་བའི་ཕྱིར། བགེགས་ལ་བཀའ་བསྒོ་བ་བྱ་བའི་དོན་དུ་ལག་པ་གཉིས་སེ་གོལ་གདབ་ཅིང་། བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་ལན་གསུམ་གྱིས། དཀྱིལ་འཁོར་གྱིས་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ནས། །བདག་བདུད་རྩི་འཁྱིལ་པར་གསལ་བ་དེ་ལ། ཧཱུཾ་བཞིས་བྱིན་བསྡུ་བར་བྱ་སྟེ། ཧཱུཾ་ཞེས་བརྗོད་པས། མདུན་གྱི་ནམ་མཁར་བཞུགས་པའི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུ། །ཡང་ཧཱུཾ་ཞེས་བརྗོད་པས་འོད་ཟེར་དེ་དག་ཐམས་ཅད་བདག་ལ་བསྡུ། ཡང་ཧཱུཾ་ཞེས་བརྗོད་པས། འོད་ཟེར་གྱིས་བདག་གིས་ལུས་ངག་ཡིད་གསུམ་གྱིས་སྡིག་སྒྲིབ་ཀྱི་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་དུ་སྦྱངས། ཡང་ཧཱུཾ་ཞེས་བརྗོད་པས་རང་གི་སེམས་ཉིད་དག་པའི་ངོ་བོ་ཡི་གེ་ཧཱུཾ་མཐིང་ག་གསལ་བའི་ངང་ལ། སྔགས་པ་གོ་རྗེས་པའི་ཚུལ་དུ། ཨཱོཾ་བཛྲ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ། ཞེས་བརྗོད་པས་སྐད་ཅིག་གིས་བདག་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་འཇིགས་པའི་ཆ་ལུགས་ཞལ་བསྒྲད་པ། མཆེ་བ་བརྩིགས་པ། སྤྱན་འབར་བ། ཕྱག་གཡས་རྡོ་རྗེ་རྩེ་དགུ་པ། གཡོན་དྲིལ་བུ་སྐུར་བརྟེན་པ་དེའི་རྐང་མཐིལ་དང་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་མཐིང་ནག་འབར་བ་རེ་བསམས་ལ། ས་བདག་རྣམས་ལ་བཀའ་བསྒོ་སྟེ། རྡོ་རྗེ་གསོར་ཞིང་། དྲིལ་བུ་དཀྲོལ་བའི་རྗེས་ལ། ན་མོ་དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། མདོ་སྒྱུ་སེམས་གསུམ་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པའི་བྱིན་བརླབས་ཀྱིས། བདག་རྡོ་རྗེ་སློབ་དཔོན་ཆེན་པོས་སློབ་མ་ཆེ་གེ་མོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་འདིར། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་མདོ་སྒྱུ་སེམས་གསུམ་གྱིས་དཀྱིལ་འཁོར་ཆེན་པོ་འབྱུང་བ་ཡིན་པས། ས་འདི་ལ་གནས་པའི་ས་བདག་ཕོ་མོ་དང་། ས་བདག་གི་འཁོར་ཕོ་མོ་དང་། ཀླུ་ཕོ་མོ་དང་། གཉན་ཕོ་མོ་དང་། རིགས་སྔགས་འཆང་རྒན་པོ་དང་། རྒན་མོ་དང་། དེ་ལ་སོགས་པའི་འཁོར་རིགས་ངན་དུ་གཏོགས་པ་ཐམས་ཅད། བདག་ཅག་གི་སྒྲུབ་པ་འདི་ལ་བགེགས་དང་བར་ཆད་མ་བྱེད་པར་སྒྲུབ་པ་འདི་མ་ཐོན་གྱི་བར་དུ། གནས་གཞན་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི། དཔལ་རྡོ་རྗེ་ཧཱུཾ་ཞེས་བྱ་བ་སྤྱན་རབ་ཏུ་འབར་བས། མགོ་བོ་ཚལ་པ་བརྒྱ་རུ་འགས་པ་འགྱུར་རོ། །ཞེས་བརྗོད་ཅིང་། རོལ་མོ་དང་བཅས་པས་གཏོར་མ་ཕྱིིར་སྐྱལ། རྐང་པ་རྡོ་རྗེ་འགྲོས་གྱིས་དབང་ལྡན་མཚམས་ནས་བརྩམས་ནས། ཆོས་འཁོར་གྱིས་བསྐོར་བས། ཐུགས་ཀ་དང་རྐང་མཐིལ་གྱིས་ཧཱུཾ་གིས་འོད་ཟེར་གྱིས་སྟེང་འོག་ཕྱོགས་མཚམས་རྡོ་རྗེ་གུར་དུ་གྱུར་པར་བསམ་ཞིང་། ལག་པ་གཡས་པ་རྡོ་རྗེ་བཀན་ཐབས་སུ་དཀུར་གཡས་སུ་བརྟེན་ཅིང་། །གཡོན་པ་རྐང་ཞབས་དང་བསྟུན་པའི་དྲིལ་བུ་འཁྲོལ་བཞིན་པས། རྡོ་རྗེ་རྒྱ་གྲམ་གྱི་འགྲོས་རེ་ཚར་བའི་རྗེས་སུ། ༀ་སཱུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྷྲྀཧྞ་པ་ཡ་གྷྲྀཧྞ་པ་ཡ་ཧཱུཾ། ཨ་ན་ཡ་ཧོ། བྷ་ག་ཝན། བིདྱ་རཱ་ཛ་ཡ་ཧཱུཾ་ཕཊ། ཞེས་བརྗོད་ཅིང་། རྡོ་རྗེའི་འགྲོས་ཀྱིས་ས་ཕྱོགས་ཀུན་འཁོར་བའི་རྗེས་སུ། ཡུངས་ཀར་ཁྲོ་མོའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པར་དམིགས་ནས། སླར་ཡང་སཱུམྦྷ་ནིའི་སྔགས་བརྗོད་ཅིང་། བགེགས་བསྐྲད། སྒྲ་རིང་པོ་དང་བཅས་པའི། ཧཱུཾ་ཞེས་བརྗོད་པས། ཁྲོ་བོ་དེ་དག་སླར་འདུས་ནས། སྟེང་འོག་ཕྱོགས་མཚམས་བསྲུང་བར་བསམ། རཾ་ཞེས་བརྗོད་པས། བདག་ཞེ་སྡང་རྡོ་རྗེ་དང་། ཁྲོ་བོ་རྣམས་ཀྱི་སྤྱན་རབ་ཏུ་འབར་བ་ལས། བསྐལ་པའ ི་མེ་ལྟ་བུ་བྱུང་ནས། མེའི་གུར་དུ་གྱུར་པར་བསམ་མོ། །དེ་ནས་སའི་དབུས་སུ་བརྗིད་བག་དང་ལྡན་པར་འདུག་ལ། དབང་ཕྱུག་བདག་ཞེ་སྡང་རྡོ་རྗེ་བསམ་གཏན་གྱིས། ལག་པ་གཡས་པའི་འཐེབ་ཆེན་དང་། འཐེབ་ཆུང་གིས་རྡོ་རྗེ་འཛིན་བཞིན་པའི་ཏྲི་ཤུ་ལའི་ཕྱག་རྒྱ་དང་ལྡན་པས། ངག་ཏུ། སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱིས། སྤྱོད་པའི་ཚུལ་དང་ཐམས་ཅད་ནི། ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཇི་ལྟར་ཆེ་མཆོག་རྡོ་རྗེ་ཡིས། །དཔུང་བཞི་བདུད་ཀྱི་སྡེ་བརྟུལ་ནས། །རྒྱལ་སྲིད་ཆོས་ཀྱི་དཔུང་གཙུགས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང་། །ངེས་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ༀ་རཏྣ་པ་ཤི་སིཏྡྷ་ཀུ་རུ་ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་ཏྲི་ཤུ་ལའི་ཕྱག་རྒྱ་ལན་གསུམ་ས་ལ་བསྣུན་པས། ནམ་མཁའ་ལ་དཔང་པོར་བཞུགས་པའི་སའི་ལྷ་མོ་འོད་དུ་ཞུ་ནས་འོད་ས་གཞི་ལ་ཐིམ་པས། ས་ཉིད་རྟགས་རིན་ཆེན་སྣ་ལྔའི་ཕྱེ་མ་དོན་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ་མོ། །བཞི་པ་དབང་དུ་བྱ་བ་ནི། ས་གཞི་དངོས་གྲུབ་ཅན་དེ་བར་ཆད་ཀྱི་དབང་དུ་མི་བཏང་པའི་ཕྱིར། ཞེ་སྡང་རྡོ་རྗེའི་ཐུགས་ཀའི་ཧཱུཾ་ལས། དབང་གི་ཁྲོ་བོ་སྐུ་མདོག་དམར་པོ། །སྟོད་ཞལ་གཅིག་ཕྱག་བཞི་པ། སྨད་ཕུར་པའི་དབལ་ཟླ་གམ་དུ་འདུག་པ། ཕྱག་གཡས་གཡོན་དང་པོ་གཉིས་པདྨ་དང་ཞགས་པ་བ སྣམས། ཐ་མ་གཉིས་དབང་གི་ཕུར་པ་འདྲིལ་ཅིང་། ངག་ཏུ་ༀ་པདྨ་ཀི་ལ་ཡ་ཛ་ཕཊཿ ཞེས་ཕྱུང་ནས། ཟངས་སམ་ཤིང་དམར་མོ་ལ་བྱས་པའི་ཕུར་པ་དབལ་ཟླ་གམ་ས་ལ་བསྟིམ་ནས། མདུན་དུ་སྣོད་གཙང་མའི་ནང་དུ་འབྲུའི་ཕུང་པོ་ལ་གཙུགས། ལག་པ་གཉིས་རྡོ་རྗེའི་ཕྱག་རྒྱས་ཕུར་པའི་སྤྱི་བོར་བཏུགས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་གྱིས་རླབས་པར་བསམས་ལ། ངག་ཏུ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། ཞེས་བརྗོད་དོ། །དེ་བཞིན་དུ་ཕུར་པས་མགྲིན་པར་བཏུགས་ལ། དེ་བཞི ན་གཤེགས་པ་ཐམས་ཅད་ཀྱིས་གསུང་གིས་བྱིན་གྱིས་རླབས་པར་བསམས་ལ། ངག་ཏུ། ༀ་སརྦ་ཏ་ཐཱ་ག་ཏ་ཝཱ་ག་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། ཞེས་དང་། དེ་བཞིན་དུ་ཕུར་པའི་ཐུགས་ཀར་གཏུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཙིཏྟ་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། བརྗོད། དེ་ནས་དབང་གི་ཕུར་པ་བྱིན་རླབས་དང་ལྡན་པ་དེ། བདག་ཞེ་སྡང་རྡོ་རྗེའི་བསམ་གཏན་གྱིས་ཕྱག་གཉིས་ཀྱིས་གྲིལ་ལ་ངག་ཏུ། ༀ་པདྨ་ཀི་ལི་ཀི་ལ་ཡ་སརྦ་པ་ཤམ་མ་ན་ཧོ། ཞེས་བརྗོད་ཅིང་། སའི་དབུས་སུ་བཏབ་པས། ས་གཞི་དངོས་གྲུབ་ཅན་དེ་བདག་གི་དབང་དུ་གྱུར་པས་ས་ཡང་བཀྲ་ཤིས་ཤིང་གཞན་གྱིས་བར་དུ་མི་གཅོད་པར་བསམས་ལ། ངག་ཏུ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །ལྔ་པ་ས་སྦྱོང་པ་ལ། སྦྱོང་པ་ལས་མེ་སྔགས་ཕྱག་རྒྱ། ཏིང་ངེ་འཛིན་གྱིས་དག་པར་འགྱུར། ཞེས་པས། བཞི་སྟེ། ལས་དང་བྱ་བས་སྦྱངས་བ་དང་། མེས་སྦྱང་བ་དང་། སྔགས་ཕྱག་རྒྱས་སྦྱང་བ་དང་། ཏིང་ངེ་འཛིན་གྱིས་སྦྱང་བའོ། །དང་པོ་ལས་དང་བྱ་བས་སྦྱང་བ་ནི། སྔར་དབང་གི་ཕུར་པ་ས་ལ་བཏབ་པ་དེ་བཏོན་ལ། ཕུར་པའི་ལྷ། བདག་ཞེ་སྡང་རྡོ་རྗེའི་ཐུགས་ཀར་བསྟིམ་ཞིང་། ཕུར་པ་དབེན་པར་བཞག་གོ། །དེ་ནས་ལྟོ་འཕྱེའི་ལྟོ་བ་ལས་ས་བརྐོས་ཏེ། བརྐོ་བའི་ཚད་ནི། དཀྱིལ་འཁོར་ཇི་ཙམ་རྩིགས་པའི་རྒྱ་དང་དཔང་གི་ཚད་དམ་ཡང་ན་ཟབས་སུ་ཆུའམ་རྡོ་ལ་ཐུག་པར་བརྐོ་བ་ཡང་གསུངས་སོ། །འདིའི་སྐབས་སུ་ས་བཟང་ངན་བརྟགས་པས། མི་ཤིས་པའི་མཚན་མ་སྣ་ཚོགས་པ་བྱུང་ན་གནས་གཞན་དུ་སྤོ་བའམ། ས་ངན་པ་ཙམ་ལ་ནི་ཞི་བའི་སྦྱིན་བསྲེག་གིས་སྦྱངས་པ ས་འདག་པར་གསུངས་སོ། །ས་བརྐོས་པའི་དབུས་སུ། རྫའི་བུམ་པ་ལོངས་མ་སྤྱད་པའི་ནང་དུ། རིན་པོ་ཆེ་ལྔ། སྨན་ལྔ། བདུད་རྩི་ལྔས་བཀང་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏྲཾ་ལས་བུམ་གཏེར་རིན་པོ་ཆེའི་མཆོད་སྡོང་དུ་བསམ་ལ། དགོས་འདོད་ཐམས་ཅད་འབྱུང་བར་མོས་པས། གཡམ་པས་ཁ་བཅད་ལ་བཞག་གོ། སའི་རོ་ལྔ་ལ་སོགས་པ་བསལ་ལ། ས་ཕུད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་། ས་བརྐོས་པའི་ནང་རྣམས་ལ་ཁྱབ་པར་གཏོར་རོ། །དེ་ནས་ལས་མཁན་རྣམས་ཀྱིས་དཀྱིལ་འཁོར་བརྩིགས་ཏེ། །སྔར་ཀྱི་རོ་ལྔ་བསལ་བའི་ས་རྣམས་དང་། །གཞན་ཡང་ས་བཟང་པོ་སྣ་ཚོགས་དང་། ཞིང་མུ་མ་ལ་སོགས་པའི་བཀྲ་ཤིས་པའི་ས་རྣམས་བསྲེས་ལ། དྲི་བཟང་པོའི་ཆུས་བྲན་ཞིང་། དཀྱིལ་འཁོར་གྱི་ཚད་ནི། འཆད་པར་འགྱུར་བའི་སྐབས་ཀྱི་རྒྱས་བསྡུས་གང་བྱེད་དུ་བརྩིགས་ལ། དེ་ཡང་མེ་ལོང་གི་ངོས་ལྟར་འཇམ་ཞིང་མཐས་པར་བྱ། བ་བྱུག་ལྔས་མཉམ་པར་བྱུག །དེ་ནས་གོ་མ་ཡེངས་ཉི་ཤུ་རྩ་ལྔ་བཏང་སྟེ། དེའི་དགོས་ཆེད་ནི། གཞན་སེལ་དང་། དོན་གཉེར་གཉིས་ལས། གཞན་སེལ་ཕུང་པོ་ལྔ་རང་དག་ནས། དོན་གཉེར་སྐུ་ལྔ་མ་བརྩལ་བར་ཐོབ་པར་བྱ་བའི་ཕྱིར། ནས། སྲན། གྲོ། འབྲས། ཏིལ་དཀར་ཏེ། འབྲུ་ལྔའི་ལྡེ་གུས་བྱུག །དེ་བཞིན་དུ་དབང་པོ་ལྔ་དག་ནས། འཕྲིན་ལས་ལྔ་ཐོབ་པར་བྱ་བའི་ཕྱིར། གུར་ཀུཾ། གླ་རྩི། ཙན་དན་དཀར་དམར། ག་བུར་དང་སྤོས་ལྔའི་ལྡེ་གུས་བྱུག །ཡུལ་ལྔ་གནས་དག་ནས། ཡོན་ཏན་ལྔ་ཐོབ་པར་བྱ་བའི་ཕྱིར། རིན་པོ་ཆེ་ལྔའི་དོད་ལ། བྱུ་རུ། མུ་ཏིག །མུ་མེན། སྦུར་ལེན། གཡུ་དང་ལྔའི་ལྡེ་གུས་བྱུག །རྣམ་ཤེས་ལྔ་དག་ནས། ཡེ་ཤེས་ལྔ་ཐོབ་པར་བྱ་བའི་ཕྱིར། ལན་ཚྭ། བུ་རམ། སྦྲང་རྩི། ཨ་འབྲས། མར་ཏེ་སྙིང་པོ་ལྔའི་ལྡེ་གུས་བྱུག །འདོད་ཡོན་ལྔ་རང་དག་ནས། གསུང་ལྔ་ཐོབ་པར་བྱ་བའི་ཕྱིར། ཀན་དྷ་ཀ་རི། སླེ་ཏྲེས། ཤུ་དག་དཀར་པོ། ཤུ་ཟུར། སྙིང་ཞོ་ཤ་སྟེ། སྨན་ལྔའི་ལྡེ་གུས་བྱུག །ཁམས་ལྔ་རང་དག་ནས། རིགས་ལྔ་ཐོབ་པར་བྱ་བའི་ཕྱིར། བྱང་སེམས་དཀར་དམར། དྲི་ཆེན། དྲི་ཆུ། ཤ་ཆེན་དང་བདུད་རྩིས་ལྔའི་ལྡེ་གུས་བྱུག །དེ་ལྟར་བ་བྱུག་དང་བཅས་པའི་གོ་མ་ཡེ་སུམ་ཅུ་སོ་ལྔ་རིམས་ཀྱིས་སམ། ཅིག་ཅར་དུ་བྱུག་པར་བྱའོ། །གཉིས་པ་མེས་སྦྱང་བ་ནི། སྔོན་དུ་ས་རང་གི་མཚན་ཉིད་བརྟག་པས། སའི་མཚན་ཉིད་བཟང་པོ་མ་རྙེད་པའམ། མཚན་བལྟས་ངན་ན། ཞི་བའི་སྦྱིན་བསྲེག་གཅིག་གམ་བདུན། བརྒྱ་ལ་སོགས་པས་དག་པར་གསུངས་པས། མཚན་བལྟས་དང་སྦྱར་ཏེ། ཆོ་ག་ནི་ཟུར་དུ་ཤེས་པར་བྱའོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། ངག་ཏུ། ༀ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ཁ་ཤར་དུ་ཕྱོགས་པས་དཀྱིལ་འཁོར་གྱི་དབུས་སུ་བཏུགས་པས། རྡོ་རྗེ་ལས་སྔགས་ཀྱིས་འོད་ཟེར་འཕྲོས་པས། སའི་ཉེས་སྐྱོན་དག་ནས། ཡེ་ཤེས་རང་རང་གི་ས་གཞིར་མོས་པར་བྱའོ། །བཞི་པ་ཏིང་ངེ་འཛིན་གྱི་སྦྱང་བ་ལ་གཉིས། དང་པོ་མཚན་མ་མེད་པ་སྟེ། ཆོས་ཐ མས་ཅད་རང་བཞིན་གྱིས་ཡེ་ནས་རྣམ་པར་དག་པ་ལྟར། དམིགས་པ་མེད་པའི་ཏིང་ངེ་འཛིན་བསྒོམ་ཞིང་། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ནས། ངག་ཏུ། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ། ཞེས་བརྗོད་པས། ས་དང་སར་འཛིན་གྱི་རྟོག་པ་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡེ་ཤེས་སུ་སྦྱང་ངོ་། །གཉིས་པ་མཚན་མ་དང་བཅས་པའི་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། སྒྲ་རིང་པོ་དང་བཅས་པའི་ཧཱུཾ་ཞེས་བརྗོད་པས། བདག་ཞེ་སྡང་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུཾ་གསལ་བཏབ། ཧཱུཾ་དེ་ལས་འོག་ཕྱོགས་སུ། ཨེ་ཡཾ་རཾ་བཾ་ལཾ་རྣམས་རིམ་པ་བཞིན་དུ་ངག་ཏུ འང་བརྗོད་ཅིང་། ཏིང་ངེ་འཛིན་གྱིས་ཀྱང་། ཡི་གེ་དེ་དག་རིམ་ཀྱིས་བརྩེགས་པར་བསྒོམས་ལ། སྤ་ར་ཎ་ཕཊ། ཅེས་བརྗོད་ཅིང་། ཡི་གེ་དེ་དག་གི་འོད་ཟེར་ཕྱོགས་བཅུ་མཐའ་ཡས་པར་འཕྲོས་པས། སེམས་ཅན་ཐམས་ཅད་གྱི་འབྱུང་བ་ལྔ་དང་། ངར་འཛིན་གྱི་རྟོག་པ་མཐའ་དག་སྦྱངས་ནས། སཾ་ཧ་ར་ཎ་ཧཱུཾ་ཞེས་བརྗོད་པས། སླར་འདུས་ཏེ་འོག་ཕྱོགས་སུ་ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཡངས་ཞིང་རྒྱ་ཆེ་བ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། དེའི་སྟེང་དུ་ལམ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་གསེར་གྱིས་མདོག་ཅན་དེ། ཡེ་ཤེས་རང་སྣང་གི་འབྱུང་བ་ལྔར་བསམས་ལ། དེའི་སྟེང་དུ་བདག་གི་ཐུགས་ཀའི་ཧཱུཾ་ལས་བྷྲུཾ་འཕྲོས་པར་བསམ་ཞིང་། ངག་ཏུ་བྷྲུཾ་ཞེས་བརྗོད་པས། བྷྲུཾ་དེ་དཀར་པོ་འབྱུང་པ་ལྔའི་དཀྱིལ་འཁོར་ལ་ཕོག་པས་ཐམས་ཅད་འོད་དུ་ཞུ་བར་བསམས། ངག་ཏུ། བྷྲུཾ་བི་ཤྭ་བི་ཤུད་དྷེ་ཛྙཱ་ན་བཛྲ་ཙཀྲ་ཞེས་བརྗོད་པས། འོད་ཕུང་དེ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་འཆད་པར་འགྱུར་བའི་ལྷག་པ་གཟུགས་བརྙན་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཇི་ལྟ་བར་གདན་དང་བཅས་པར་མོས་པར་བྱའོ། །དྲུག་པ་བྱིན་གྱིས་རླབས་པ་ནི། དཀྱིལ་འཁོར་ས་སྟེགས་ཀྱི་དབུས་སུ། བླ་མའི་ཁྲི་བཤམ། མཐའ་བསྐོར་དུ། མཆོད་ཡོན་ལ་སོགས་པའི་ཕྱི་མཆོད་དང་། སྨན་རཀ་གཏོར་གསུམ་ལ་སོགས་གོང་བཞིན་བཤམས། དེ་ནས་རྡོ་རྗེ་སློབ་དཔོན་རྒྱས་པའི་ལས་སུ་ཞུགས་ལ། ལག་པ་གཉིས་རྡོ་རྗེ་དྲིལ་བུ་དང་ལྡན་པས། དཀྱིལ་འཁོར་གཞལ་ཡས་ཁང་དུ་མོས་ལ། རྡོ་རྗེའི་འགྲོས་ཀྱིས་བསྐོར་བ་བྱས་ནས། ལྟེ་བའི་གདན་ཐོག་ཏུ་ཕྱིན་ལ། བདེ་བར་འདུག་ཅིང་ཞལ་ཤར་དུ་གཟིགས་ལ། ཡུལ་དང་བཅས་པའམ། མེད་ནའང་ཏིང་ངེ་འཛིན་གྱིས་བདག་མི་བསྐྱོད་པའམ། ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད། དེའི་སྦྱོར་མཚམས་ནས་བྱང་སེམས་འཕྲོས་པ་ལས་དཀྱིལ་འཁོར་གྱིས་ལྷ་རྣམས། ཡན་ལག་ལྷག་པའི་ལྷ་དང་བཅས་པ། རྫོགས་པ་བསྒོམ་ཞིང་། སྦྱོར་མཚམས་ནས་འཕྲོས་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་གྱིས་རྒྱུད་བསྐུལ་བར་བསྒོམ་ཞིང་། བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་པ་སེ་གོལ་དང་བཅས་པ་ལན་གསུམ་གྱིས་སྙན་གསན་དབབ། ཨེ་ཧྱ་ཧིའི་སྔགས་དང་། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས་ལན་གསུམ་གྱིས། མདུན་གྱིས་ནམ་མཁའ་ལ་ཡེ་ཤེས་པ་སྤྱན་དྲངས་ལ་ཕྱིའི་མཆོད་པ་ཀུན་བཟང་། །ཞབས་བསིལ་བཞི་བསྣོལ་དབུལ། །ནང་གི་མཆོད་པ་སྨན་རག་གཏོར་གསུམ། གསང་བའི་མཆོད་པ་ཏ་ན་སྦྱོར་སྒྲོལ་ག་ན་འབུལ་ལོ། །དེ་ནས་ཤར་ལ་སོགས་པའི་ཕྱོགས་བཞིར། དུང་ཅན་མ་ལ་སོགས་ཡུམ་བཞི་འམ། མེད་ན་བསྒོམ་པའང་རུང་སྟེ། སྤྱན་མ་ལ་སོགས་པའི་དམ་ཚིག་གིས་ཡུམ་བཞིར་བསྐྱེད་ལ། ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་བྱིན་གྱིས་རླབས། ཡེ་ཤེས་ཀྱི་ཡུམ་བཞི་ས་མན་ཛཿ སྙན་གསན་དབབ། ཨེ་ཧྱ་ཧིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས སྟིམ་མོ། །ཕྱོགས་ཀྱི་ཡུམ་བཞི་པོས་དཀྱིལ་འཁོར་གྱིས་བྱིན་རླབས་བསྐུལ་བའི་དོན་དུ། རིམ་གྱིས་སམ། ཡུམ་བཞི་ཀུན་གྱིས་དུས་གཅིག་ལའང་རུང་སྟེ། དབང་ཕྱུག་ཡབ་ཡུམ་ལ། ཀུན་བཟང་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀྱིས། །སྤྱོད་པ་རྒྱ་མཚོ་རྨད་བྱུང་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཧཱ། ཞབས་བསིལ། ཡང་དག་ཉིད་དུ་དག་མོད་ཀྱང་། །འཇིག་རྟེན་སྲིད་ཞུའི་ཚུལ་གྱིས་ནི། །ཕྱག་དང་ཞབས་ནི་བསིལ་མཛོད་ལ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་བཛྲ་བཞི་བསྣོལ་ལཱ་ཱསྱ་ཧཱུཾ། ༀ་བཛྲ་མཱ་ལེ་ཏྲཾ། ༀ་བཛྲ་གིརྟི་ཧྲཱི། ༀ་བཛྲ་ནིཏྟི་ཨ། ༀ་བཛྲ་དྷུ་པེ་ཧཱུཾ། ༀ་བཛྲ་པུཥྤེ་ཏྲཾ། ༀ་བཛྲ་ཨ་ལོ་ཀེ་ཧྲི། ༀ་བཛྲ་གནྡྷེ་ཨ། བརྗོད་ཅིང་། ཐལ་མོ་སྦྱར་བས། རྡོ་རྗེ་ལས་རིམ་ལྟར་ན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་ད བུས་མེད་པ་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཅེས་ཕྱོགས་བཞི་ཀ་ནས་ཞུ། མདོ་དབང་ལྟར་ན། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་དང་གྲོང་ཁྱེར་ཉིད། །དེ་རིང་ཤིས་པར་མཛད་དུ་གསོལ། །ཐམས་ཅད་བདག་ཉིད་དགོངས་སུ་གསོལ། །ཅེས་ཕྱོགས་བཞི་ནས་བརྗོད། རྒྱས་པ་བྱེད་ན། ཤར་ནས་ཞི་བའི་ཡེ་ཤེས་རང་སྣང་བའི། །བརྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སངས་རྒྱས་ཀུན་གྱིས་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བརྗོད། ལྷོ་ནས་ཀུན་བཟང་ཞབས་བསིལ་བཞི་བསྣོལ་དང་། ཡོན་ཏན་རིན་ཆེན་རྒྱས་པའི་གཙོ། མ་ལུས་ཀུན་གྱི་རེ་བ་བ སྐོངས། །སངས་རྒྱས་ཀུན་གྱིས་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བརྗོད། ནུབ་ནས། ཀུན་བཟང་ཞབས་བསིལ་བཞི་བསྣོལ་དང་། །རང་བཞིན་དག་པས་གོས་པ་མེད། །སངས་རྒྱས་ཀུན་གྱིས་གསུང་གི་མཆོག །འདོད་ཆགས་ཕ་རོལ་ཕྱིན་པས་བརྙེས། །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བརྗོད། བྱང་ནས། ཀུན་བཟང་ཞབས་བསིལ་བཞི་བསྣོལ་དང་། །བསམ་པ་ཐམས་ཅད་རབ་རྫོགས་པ། ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱིས་འཕྲིན་ལས་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ཅེས་བརྗོད་ཅིང་ལུང་གིས་བསྐུལ་ལོ། །དབང་ཕྱུག་གིས་མདུན་གྱི་ནམ་མཁར་གཟིགས་ནས། །རྡོ་རྗེ་དྲིལ་བུས་འཛུམ་པའི་མདངས་ཀྱིས་བསྐུལ་བ་ནི། །ཕྱོགས་བཅུ་མ་ལུས་དུས་གསུམ་གྱིས། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཆྒཻ་མོ་སོགས་དོན་གྱི་ཕྱིར། དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྣམས་ནི་བསྲུངས་བའི་ཕྱིར། །ས་འདི་ཤིས་པར་བྱིན་རླབས་པར། བདེ་བར་གཤེགས་པས་མ ཛད་དུ་གསོལ། །ཞེས་གསོལ་བ་བཏབ་ནས། །དབང་ཕྱུག་གདན་ལས་བཞེངས་ལ། །སྔར་བཞིན་ཧཱུཾ་བཞིས་བསྡུས་ལ། །ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས། །རྡོ་རྗེ་འཛིན་དང་ཉི་མ་དང་། །ཆོས་དང་རྟ་མཆོག་སྣང་མཛད་ཀྱང་། །བདག་ཉིད་ཆེན་པོ་ང་ཉིད་ཡིན། །ཐམས་ཅད་བཀའ་ལས་དེང་མ་འདའ། །ཞེས་བརྗོད་ཅིང་། རྡོ་རྗེའི་འགྲོས་ཀྱིས། ཤར་ཕྱོགས་སུ་ཕྱིན་པ་དང་། སྔར་གྱི་ཞུ་པ་པོ་གཉིས་གཡས་གཉིས་གཡོན་ཏེ། །སློབ་དཔོན་ལྔ་ལེགས་པར་བསྒྲིགས་ལ། གར་འཇུག །གར་ཚོལ། གར་བསྐོར་དང་། གཡས་བརྐྱང་གི་སྟངས་སྟབས་ལན་གསུམ་དང་། ༀ་བཛྲ་ཤྲི་ཧེ་རུ་ཀ་ཧཱུཾ། ལན་གསུམ་དང་སྤྲད། ༀ་སུཾ་བྷ་ནི་སུམྦྷ་ཧཱུཾ་བརྗོད། དེ་ནས་དཔོན་སློབ་ལྔ་པོ་རྡོ་རྗེ་རྩེ་གཅིག་པའི་འགྲོས་ཀྱིས་ལྷོར་ཕྱིན་པ་དང་། གར་འཇུག་ལ་སོགས་དང་། གཡོན་བརྐྱང་གི་སྟངས་སྟབས་ལན་གསུམ་དང་། ༀ་རཏྣ་ཤྲི་ཧེ་རུ་ཀ་ཧཱུཾ། གསུམ་དང་སྤྲད། ༀ་གྷྲིཧྣ་གྲྀཧྣ་ཧཱུཾ། བརྗོད། དེ་ནས་རྡོ་རྗེ་རྩེ་གསུམ་པའི་འགྲོས་ཀྱིས་ནུབ་ཏུ་ཕྱིན་པ་དང་། གར་འཇུག་སོགས་དང་། ཟླུམ་པོའི་སྟངས་སྟབས་ལན་གསུམ་དང་། ༀ་པདྨ་ཤྲི་ཧེ་རུ་ཀ་ཧཱུཾ། གསུམ་སྤྲད། ༀ་གྲྀཧྣ་པ་ཡ་གྲྀཧྣ་པ་ཡ་ཧཱུཾ། འགྱིང་འགྲོས་གྱིས་བྱང་དུ་ཕྱིན་པ་དང་། གར་འཇུག་སོགས་དང་། ས་གའི་སྟངས་སྟབས་ལན་གསུམ་དང་། ༀ་ཀརྨཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། གསུམ་སྤྲད། ༀ་ཨ་ན་ཡ་ཧོ་བྷ་ག་ཝན་བིདྱ་རཱ་ཛ་ཡ་ཧཱུཾ། བརྗོད། དེ་ནས་དགའ་བ་ཡོངས་སྦྱོར་གྱིས་འགྲོས་ཀྱིས་ཤར་དུ་ཕྱིན་པ་དང་། སྒེག་མོའི་འཇོལ་འགྲོས་ཀྱིས་དཀྱིལ་འཁོར་གྱི་མཐའ་བསྐོར། རྡོ་རྗེ་རྒྱ་གྲམ་འགྲོས་ཀྱིས་ཀྱང་། དཀྱིལ་འཁོར་གྱི་མཐའ་བསྐོར་རོ། །སུམྦྷ་ནིའི་འཆམས་བརྡུང་གིས་ཀྱང་དཀྱིལ་འཁོར་གྱི་མཐའ་བསྐོར་རོ། །དེ་ནས་མ་མོ་ཉི་ཤུའི་གར་ནི། ཤར་དུ། གཡས་ཞིང་དབྱུག་ནམ་མཁའ་ལ་འཕྱར་བ། གཡོན་བྷན་དྷ་ཐུགས་ཀར་བསྣམས་པའི་ཕྱག་རྒྱ་དང་། རྐང་པ་གཡས་བསྐུམ་གཡོན་བརྐྱང་གི་སྟངས་སྟབས་ཀྱིས། ༀ་བཛྲ་ག་རཱི་ཧ། བརྗོད། ལྷོར། མདའ་གཞུ་འགེངས་པའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་ཙ་རི་ཧཱཿ བརྗོད། ནུབ་ཏུ། གཡས་ཆུ་སྲིན་གྱི་རྒྱལ་མཚན་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པའི་ཕྱག་རྒྱ་སོགས། །ༀ་བཛྲ་པྲ་མོ་ཧཱ། བྱང་དུ། གཡས་རྡོ་རྗེ་ནམ་མཁའ་འཕྱར་ཞིང་། །གཡོན་ཞིང་ཟ་བའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་བེཏྟ་ལི་ཧ༔ ཤར་ལྷོར་ཕྱག་གཡོན་པས་ཞིང་བསྣམས་ཤིང་། །གཡས་པས་དེའི་རྒྱུ་མ་འདྲེན་པའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་པུཀྐ་སི་ཧ། ལྷོ་ནུབ། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་ཤིང་། །གཡས་རྡོ་རྗེ་དཀྲུག་པའི་ཕྱག་རྒྱ་སོགས་དང་། ཨཱོཾ་བཛྲ་གྷསྨ་རཱི་ཧཿ ནུབ་བྱང་། ཕྱག་གཉིས་ཀྱིས་ཞིང་བཟུང་ནས། །ཁས་སྙིང་ཟ་བའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་སྨེ་ཤཱ་ནཱི་ཧཱ༔ བྱང་ཤར། ཕྱག་གཡོན་པས་ཞིང་འཛིན་ཅིང་། གཡོན་པས་དེའི་མགོ་གཅོད་པའི་ཕྱག་རྒྱ་དང་། ཨཱོཾ་བཛྲ་ཙནྡྷ་ལཱི་ཧཱ༔ ཡང་ཤར་དུ། ཕྱག་གཡས་གཡོན་གཉིས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་ཐུགས་ཀར་བསྣོལ་བ་སོགས་དང་། ༀ་བཛྲ་སིངྷ་མུ་ཁཱ་ཧེ། ལྷོར། ཕྱག་གཡས་གཡོན་གཉིས་ཀྱིས། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་ཐུགས་ཁར་བསྣོལ་བའི་སོགས་ༀ་བཛྲ་བྱ་གྷྲྀ་མུ་ཁཱ་ཧེ། ནུབ་ཏུ། ཕྱག་གཡས་གཡོན་གཉིས་ཀྱི་ཞིང་གི་ལྤགས་པ་བསྣམས་ནས། ལྕེས་དེའི་ཆུ་སེར་འདག་པའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་ག་ལ་མུ་ཁཱ་ཧེ། བྱང་དུ། ཕྱག་གཉིས་ཀྱིས་ཞིང་གི་ཁོག་པ་ཕྲལ་ཏེ། ནང་གི་གློ་སྙིང་ལ་མིག་གིས་འབུར་ཚུགས་སུ་ལྟ་བའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་ཤྭ་ན་མུ་ཁཱ་ཧེ། ཤར་ལྷོར། ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་གྷྲྀཌྡྷ་མུ་ཁཱ་ཧེ། ལྷོ་ནུབ། ཕྱག་གཉིས་ཀྱིས་ཞིང་ཕྲག་པ་ལ་ཁུར་བའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་ཀཾ་ཀ་མུ་ཁཱ་ཧེ། ནུབ་བྱང་། གཡས་པས་གྲི་ནམ་མཁར་གཡོན་བྷན་དྷ་ཐུགས་ཀར་བསྣམས་པའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་ཁ་ཀ་མུ་ཁཱ་ཧེ། བྱང་ཤར། ཕྱག་གཡས་ལྕགས་ཀྱུ་ནམ་མཁར་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་ཧུ་ལུ་མུ་ཁཱ་ཧེ། ཤར་སྒོར། ཕྱག་གཡས་པས་ལྕགས་ཀྱུ་ནམ་མཁར་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པའི་ཕྱག་རྒྱ་སོགས་དང་། ༀ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛ། ལྷོ་སྒོར། ཕྱག་གཉིས་ཀྱིས་རྒྱུ་མའི་ཞགས་པ་འདྲེན་པའི་ཕྱག་རྒྱ་དང་། ༀ་བཛྲ་བ་ར་ཧ་མུ་ཁཱ་ཧེ། ནུབ་སྒོར། ཕྱག་གཉིས་ཀྱིས་ལྕགས་སྒྲོགས་འཛིན་པའི་ཕྱག་རྒྱ་དང་། ༀ་བཛྲ་ལོ་ཀེ་བཾ། བྱང་སྒོར་ཕྱག་གཡས་རྡོ་རྗེ་དང་། གཡོན་དྲིལ་བུ་བསྣམས་པའི་ཕྱག་རྒྱ་སོགས་པ་དང་། ༀ་བཛྲ་བྷསྨི་བ་ལ་ཡ་བ་ཏོ་ཧོ། །བརྗོད། གར་ཉི་ཤུ་པོ་འདི་ལ་ཚིགས་བཅད་གཉིས་རེ་འདུག་ཀྱང་། འཕྲལ་དུ་མ་གཟིགས་དེ་ལྟར་གར་འཆམས་ཀྱི་རིམ་པ་རྣམས་བྱས་པས། གཞལ་ཡས་ཁང་གི་ས་གཞི་དེ་མི་འགྱུར་ཞིང་བརྟན་པ་རྡོ་རྗེའི་རང་བཞིན་དུ་མོས་པར་བྱའོ། །བདུན་པ་ས་བསྲུངས་བ་ལ། རྡོ་རྗེ་ལས་རིམ་ལས། ཞེ་སྡང་རྡོ་རྗེའི་ཚུལ་བཟུང་ལ། འབར་བའི་སྤྱན་སོགས་བཤད་བཞིན་བྱ། ཞེས་གསུངས་པས། གསུམ་སྟེ། ཕྱི་མཚམས་དང་། ནང་མཚམས་དང་། གསང་མཚམས་སོ། །དང་པོ་ལ་གསུམ་སྟེ། རྒྱལ་ཆེན་ཕྱོགས་སྐྱོང་གིས་ཕྱིའི་ཕྱི་མཚམས་བཅད་པ་དང་། ཕྱིའི་ནང་མཚམས་དམ་སྲི་བརྡུངས་ལ་མནན་པ་བྱ་བ་དང་། ཕྱིའི་གསང་མཚམ་སྒོ་བྱང་གདགས་པའོ། །དང་པོ་ནི། གནས་ཁང་གི་ཕྱི་རོལ་དུ་སོང་ལ། ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞིའི་ཐོ་ཆེ་བ་བཞིའི་རྩེ་ལ་ཙ་ཀ་ལི་གཟུགས་པ་དང་། །ཕྱོགས་བཅུར་ཕྱོགས་སྐྱོང་བཅུའི་ཐོ་ཆུང་བ་བཅུ་བརྩིགས་ལ་ཕྱོགས་སྐྱོང་བཅུའི་ཙཀ་ལི་བཅུ་དཀར་རྩི་བཏང་ལ་གཟུགས། ཤར་གྱི་ཐོའི་རྩར་མཆོད་པ་སྣ་ལྔ་དང་། གསང་བའི་དྲི་ཆབ་དང་། གཏོར་མ་གསེར་སྐྱེམས་རྣམས་བཤམས་ལ། བདག་ཉིད་ཁ་ཤར་དུ་ཕྱོགས་པས། ༀ་ཧྲཱིཿ པདྨ་ཏ་ཀྲི ཏ་བཛྲ་ཀྲོ་དྷ་ཧྱ་གྷྲི་བ་ཧཱུཾ། ཞེས་རྟ་མགྲིན་དུ་ཁྲོང་གིས་བསྒོམས་ལ། ༀ་སྭ་བྷཱ་ཝ་བི་ཤུད་དྷེ་དྷརྨཱ་ཐཱ་བཛྲ་སིད་དྷི་ཧཱུཾ། ཞེས་དྲི་ཆབ་ཀྱི་ཐོ་བསང་། རཾ་ཡཾ་ཁཾ་དང་། ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ། །གིས་སྦྱངས། ཨ་ཙནྜ་མ ནྜ་ལ་ཧཱུཾ། ཞེས་ཟླ་བའི་གདན་བསམ། དེའི་སྟེང་དུ་ཧཱུཾ་དཀར་པོ་ཅིག་བསམ། ཨེ་པ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ་གིས་སྤྲོ་བསྡུ་བྱས་པས་འོད་དུ་ཞུ་བ་ལས་པི་ཝཾ་དུ་གྱུར། དེ་ཡང་པར་སང་གིས་འོད་དུ་ཞུ་བ་ལས། ཏི་ཏ་ར་ཛ་ཡེ་སྭཱ་ཧཱ༔ ཞེས་པས་ཡུལ་འཁོར་བསྲུང་སྐུ་མདོག་དཀར་པོ། ཕྱག་ན་དྲི་ཟའི་རྒྱུད་མངས་བསྣམས་པ། སྐུ་ལ་དུང་ཁྲབ་དང་དབུ་ལ་དུང་རྨོག་གསོལ་བ་བསྐྱེད་པ། ༀ་མ་ཧཱ་ཨ་ཏ་རི་ཤ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། མི་བསྐྱོད་པ་ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ་྅་ཧཾ། རྣམ་པར་སྣང་མཛད། ༀ་མ་ཧཱ་པྲ་ཏ་པྲ་བེ་ཤ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨདྨ་ཀོ་྅་ཧཾ། འོད་དཔག་མེད། ༀ་མ་ཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། རིན་ཆེན་འབྱུང་ལྡན། ༀ་མ་ཧཱ་ཀྲི་ཏ་ཨ་ནུ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། དོན་ཡོད་གྲུབ་པས་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། ༀ་སརྦཱ་ཏ་ཐཱ་ག་ཏ་ཝ་ཀཱ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ་྅་ཧཾ། ༀ་སརྦཱ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། ཞེས་པས་སྐུ་གསུང་ཐུགས་བྱིན་གྱིས་རླབས། །དེ་ནས་ཡེ་ཤེས་ཀྱི་རྒྱལ་པོ་སྙན་གསན་དབབ་པ་ནི། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་རྒྱལ་པོ་ཡུལ་འཁོར་བསྲུངས། བཙུན་མོ་སྲས་དང་ཡུལ་འཁོར་བཅས། འདིར་བྱོན་མཆོད་པ་དམ་པ་བཞེས། ཡཾ་ༀ་བཛྲ་ཨངྐུ་ཤ་ཡ། ཨ་ཀཪྵ་ཡ། སརྦ་དྷྲི་ཊ་ར་ཊ་ཡེ་གྷནྡྷ་ར་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛ༔ ཞེས་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ སྟིམ་དེ་ནས་མཆོད། ༀ་ཨ་ཧ་ར་ཨ་ཧ་ར་སརྦ་བི་ད་ར་པཱུ་ཛ་དེ། ན་མཿ ས་མནྟ་བུདྡྷ་ནན་ག་ག་ན་ས་མ་ཡེ་སྭཱ་ཧཱ། ཞེས་པས་ཨརྒཾ་དབུལ། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པར་ཆར་བཞིན་དུ་འབབ་པར་དམིགས་ལ། གཙང་ཞིང་གཙང་མར་སྐྱེས་པ་ཡིས། ལྷ་རྫས་བཟང་པོའི་མེ་ཏོག་འདི། བདག་གིས་དད་པས་འབུལ་ལགས་ཀྱིས། བཞེས་ནས་ཀུནཏུ་དགྱེ་པར་མཛོད་། ༀ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ནགས་ཚལ་བཅུད་ལྡན་ཡིད་ཁར་འོང་། དྲི་ཞིམ་རྒྱས་པར་ལྷ་ཡི་རྫས། བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་ཀུན་ཏུ་དགྱེས་པར་མཛོད། །ༀ་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྡུག་བསྔལ་འདྲེས་ཤིང་བཀྲ་ཤིས་པའི། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་གི་དད་པ༴ བཞེས་ནས་ཀུན་ཏུ་དགྱེས་བར་མཛོད། །ༀ་བཛྲ་ཨ་ལོ་ཀེ་པཱུ་ཛ་མེ༴ གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་དྲི་ཆབ་འདི། །བདག་གིས༴ བཞེས་ནས་ཀུན་ཏུ༴ ༀ་བཛྲ་གྷནྡྷེ་པཱུ་ཛ༴ སྨན་རྣམས་བཅུད་ལྡན་ཡིད་ཁར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ༀ་ཨ་ཧ་ར་ཨ་ཧ་ར་སརྦ་བི་ད་ར་པཱུ་ཛི་ཏེ་སྭཱ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད་པས་མཆོད་ནས། །རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ནས། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཆོས་སྐྱོངས་རྒྱལ་པོ་ཡུལ་འཁོར་བསྲུངས། །བཙུན་མོ་སྲས་དང་བློན་པོར་བཅས། །འཁོར་གཡོགས་བྱེ་བ་སྟོངས་ལྡན་པས། །བླ་མེད་མཆོད་པ་འདི་འབུལ་གྱིས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་རེ་བ་བསྒྲུབ་དུ་གསོལ། །ཞེས་པས་འཕྲིན་ལས་ལ་བསྐུལ། དམ་ཚིག་ཕྱག་རྒྱ་བཅས་ལ། ༀ་དྷྲི་ཊ་ར་ཊ་ར་ཡེ་སྭཱཧཱ། སྔོན་ལྕང་ལོ་ཚན་གྱི་ཕོ་བྲང་དུ། སྟོན་པ་ཞལ་བཞུགས་པའི་ཚེ་ཆོས་ཀྱི་བསྟན་ཚོགས་ཆེན་པོ་མཛད་པ་ལ་ཐུགས་དགོངས་ཏེ། མགོན་པོ་མི་འགྱུར་བའི་གདན་ལ་བཞུགས་ནས། ཕྱི་མཚམས་སྐྱོངས་བར་ཞལ་གྱིས་བཞེས་པ་དེ་བཞིན་དུ། བདག་གི་གསང་བསྒྲུབ་གཉན་པོ་འདི་མ་ཐོན་གྱི་བར་དུ། ཕྱིའི་དགྲ་བགེགས་ནང་དུ་མི་བཏང་ཞིང་། ནང་གི་དངོས་གྲུབ་ཕྱིར་མི་བཏང་བ་དང་། དངོས་གྲུབ་ཀྱི་སྡོང་གྲོགས་དང་། ཕྱི་མཚམས་བསྲུངས་བའི་འཕྲིན་ལས་སྔོན་ཀྱི་ཐུགས་དམ་ལས་མི་འདའ་བར་མཛད་དུ་གསོལ། ཞེས་བརྗོད་ལ་འཕྲིན་ལས་ནན་དུ་བཅོལ་ནས། ཀ་ཡ་ཝ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་ཇི་སྲིད་དུ་རང་གིས་བསམ་པ་མ་རྫོགས་བར་དུ་བརྟན་པར་བཞུགས་སུ་གསོལ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ཐོ་ལ་ཡང་། བསང་སྦྱང་བྱས་ལ། ཟླ་བའི་གདན་ལ་ཧཱུཾ་སེར་པོ་ཡོངས་སུ་གྱུར་པ་ལས་རལ་གྲི། དེ་འཕྲོས་འདུས་པས་སྐུ་རྫོགས་པར་བསྐྱེད་དེ། ༀ་བེ་རུ་ཏ་ཀ་ཡེ་སྭཱ་ཧཱ། ཞེས་པས་རྒྱལ་པོ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་རལ་གྲི་བསྣམས་པ་བསྐྱེད་ལ། ཨཱོཾ་མ་ཧཱ་ས་མནྟ་ཞེས་པ་ལ་སོགས་པ་ཐོག་མར་བྱས་པའི་སྔགས་ཚན་ལྔས་དབང་བསྐུར། ཀཱ་ཡ་བཛྲ་ལ་སོགས་པས་བྱིན་གྱིས་རླབས། དེ་ནས་སྙན་གསན་དབབ་པ་ལ་སོགས་གོང་མའི་འདྲེས་ཤེས་པར་བྱ་སྟེ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་རྒྱལ་པོ་འཕགས་སྐྱེས་པོ། །བཙུན་མོ་སྲས་དང་གཡོག་འཁོར་བཅས། །འདིར་བྱོན་མཆོད་པ་དམ་པ་བཞེས། ཡཾ་ༀ་བཛྲ་ཨཾ་གུ་ཤ་ཡ་ཨཪྵ་ཡ་སརྦ་བེ་རུ་ཏ་ཀ་ཡེ་གྷནྟ་ར་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ སྟིཾ། ཨཱོཾ་ཨ་ཧཱ་ར་ཎ་ཨ་ཧ་ར་ན་སརྦ་བི་ད་ར་པཱུ་ཛ་དེ་ན་མ་ས་མནྟ་བུདྡྷ་ནན་ག་ག་ན་ས་མ་ཡེ་སྭ་ཧཱ། ཞེས་པས། ཨརྒཾ་འབུལ། དེ་ནས་མེ་ཏོག་ལ་སོགས་གོང་གིས་འདྲེ། ཧཱུཾ་རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ནས། ཕོ་བྲང་ཆེན་པོ་བཻཌཱུརྱ། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཆོས་སྐྱོང་རྒྱལ་པོ་འཕགས་སྐྱེས་ནི། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་ལྡན་ལ། །བླ་མེད་མཆོད་པ་འདི་འབུལ་གྱིས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་བརྩེ་ཕྱིར་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་རེ་བ་བསྒྲུབ་དུ་གསོལ། །ཞེས་འཕྲིན་ལས་བསྐུལ། །དམ་ཚིག་གི་ཕྱག་རྒྱ་བསྟན་ལ། །ༀ་བཻ་རུ་ཏ་ཀ་ཡེ་སྭཱ་ཧཱ། །སྔོན་ལྕང་ལོ་ཅན་གྱི་ཕོ་བྲང་དུ། །སྟོན་པ་ཞལ་བཞུགས་པའི་ཚེ། །ཆོས་ཀྱི་བསྟན་ཚོགས་ཆེན་པོ་མཛད་པ་ཐུགས་ལ་དགོངས་ཏེ། མགོན་པོ་མི་འགྱུར་བའི་གདན་ལ་བཞུགས་ནས། །ཕྱི་མཚམས་སྐྱོང་བར་ཞལ་གྱིས་བཞེས་པ་བཞིན་དུ། །བདག་གི་གསང་སྒྲུབ་གཉེན་པོ་འདི་མ་ཐོན་གྱི་བར་དུ། །ཕྱིའི་དགྲ་བགེགས་ནང་དུ་མི་བཏང་ཞིང་། །ནང་གི་དངོས་གྲུབ་ཕྱིར་མི་བཏང་བ་དང་། དངོས་གྲུབ་ཀྱིས་སྡོང་གྲོགས་དང་། ཕྱི་མཚམས་བསྲུངས་པའི་ཕྲིན་ལས་སྔོན་གྱིས་ཐུགས་དམ་ལས་མི་འདའ་བར་མཛད་དུ་གསོལ། ཞེས་བརྗོད་ནས། འཕྲིན་ལས་ནན་ཏན་དུ་བཅོལ་ནས། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་ཇི་སྲིད་རང་གི་བསམ་པ་མ་རྫོགས་བར་དུ་བརྟན་པར་བཞུགས་སུ་གསོལ། དེ་བཞིན་དུ་ནུབ་ཕྱོགས་ཀྱི་ཐོ་བསང་སྦྱང་བྱས་ལ། ཟླ་བའི་གདན་ལ། ཧཱུཾ་དམར་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་མཆོད་རྟེན་དུ་གྱུར། དེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ༀ་བེ་རུ་བཀྵ་ཡེ་ཞེས་པས་རྒྱལ་པོ་སྤྱན་མི་བཟང་། སྐུ་མདོག་དམར་པོ་མཆོད་རྟེན་དང་སྦྲུལ་ཞགས་བསྣམས་པ་བསྐྱེད་ལ། ཨཱོཾ་པྲ་ཏ་བེ་ཤ་ཐོག་མར་སྦྱར་བའི་སྔགས་ཚན་ལྔས་དབང་བསྐུར། །སྐུ་གསུང་ཐུགས་བྱིན་གྱིས་བརླབས། །དེ་ནས་ཡེ་ཤེས་པ་སྙན་གསན་དབབ་སྟེ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་རྒྱལ་པོ་སྤྱན་མི་བཟང་། །བཙུན་མོ་སྲས་དང་གཡོག་འཁོར་བཅས། །འདིར་བྱོན་མཆོད་པ་དམ་པ་བཞེས། ཡཾ་ༀ་བཛྲ་ཨངྒུ་ཤ་ཡ་ཨ་ཀཪྵ་ཡ་སརྦ་བེ་རུ་པཀྵ་ཡེ་གནྡྷཪྤ་ཨ་དྷི་པ་ཏི་ཡེ་ཧཱུཾ་ཛ། ཞེས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོ་སྟིམ། ༀ་ཨ་ཧ་ར་ཎ་ཨ་ཧ་ར་ཎ་སརྦ་བི་ད་ར་པཱུ་ཛ་དེ་ན་མཿ ས་མནྟ་བུདྡྷ་ནན་ག་ག་ན་ས་མ་ཡེ་སྭཧཱ༔ ཞེས་པས་ཨརྒཾ་འབུལ། མེ་ཏོག་ལ་སོགས་གོང་གི་འདྲེ། །རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོའི་རྒྱ་མཚོའི་གླིང་། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཆོས་སྐྱོང་ཆེན་པོ་སྤྱན་མི་བཟང་། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་ལྡན་ལ། །བླ་མེད་མཆོད་པ་འདི་འབུལ་གྱི། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་བརྩེ་ཕྱིར་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་རེ་བ་བསྒྲུབ་དུ་གསོལ། ཞེས་འཕྲིན་ལས་བསྐུལ་དམ་ཚིག་གི་ཕྱག་རྒྱ་བསྟན་ལ། ༀ་བེ་རུ་བཀྵ་ཡེ་སྭཱ་ཧཱ༔ སྔོན་ལྕང་ལོ་ཅན་གྱི་ཕོ་བྲང་དུ། སྟོན་པ་ཞལ་བཞུགས་པའི་ཚེ། ཆོས་ཀྱི་བསྟ ན་ཚོགས་ཆེན་པོ་མཛད་པ་ལ་ཐུགས་དགོངས་ཏེ། མགོན་པོ་མི་འགྱུར་བའི་གདན་ལ་བཞུགས་ནས། ཕྱི་མཚམས་སྐྱོང་བར་ཞལ་གྱིས་བཞེས་པ་དེ་བཞིན་དུ་བདག་གི་གསང་བསྒྲུབ་གཉན་པོ་འདི་མ་ཐོན་ཀྱི་བར། ཕྱིའི་ད གྲ་བགེགས་ནང་དུ་མི་བཏང་ཞིང་། ནང་གི་དངོས་གྲུབ་ཕྱིར་མི་བཏང་བ་དང་། དངོས་གྲུབ་གྱིས་གཏོང་གྲོགས་དང་། ཕྱི་མཚམས་བསྲུངས་བའི་འཕྲིན་ལས་སྔོན་གྱི་ཐུགས་དམ་ལས་མི་འདའ་བར་མཛད་དུ་གསོལ། ཞེས་བརྗོད་ནས། འཕྲིན་ལས་ནན་ཏན་དུ་བཅོལ་ནས། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་ཇི་སྲིད་བདག་གི་བསམ་པ་མ་རྫོགས་བར་དུ་བརྟན་པར་བཞུགས་སུ་གསོལ། དེ་བཞིན་དུ་བྱང་ཕྱོོགས་ཀྱི་ཐོ་བསང་སྦྱང་བྱས་ལ། ཟླ་བའི་གདན་ལ་ཧཱུཾ་ལྗང་ཁུ་འཕྲོས་པས་རྒྱལ་མཚན་དུ་གྱུར། དེ་འཕྲོ་འདུས། ༀ་བཻ་ཤ་ཝ་ཎ་ཡེ་སྭཱ་ཧཱ། ཞེས་པས་རྒྱལ་པོ་རྣམ་ཐོས་སྲས་སྐུ་མདོག་དམར་སེར་རྒྱལ་མཚན་དང་ནེའུ་ལེ་འཛིན་པ་བསྐྱེད་ལ། ཀྲི་ཏ་ཨ་ནུ་ཏ། ཐོག་མར་བྱས་པའི་སྔགས་ཚན་ལྔས་དབང་བསྐུར། བྱིན་གྱིས་བརླབས། ཡེ་ཤེས་སྙན་གསན་དབབ་སྟེ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་རྒྱལ་པོ་རྣམ་ཐོས་སྲས། །བཙུན་མོ་སྲས་དང་གཡོག་འཁོར་བཅས། །འདིར་བྱོན་མཆོད་པ་དམ་པ་བཞེས། ཡཾ་ༀ་བཛྲ་ཨཾ་གུ་ཤ་ཡ་ཨ་ཀཪྵ་ཡ་སརྦ་བཻ་ཤྲ་མ་ཎ་ཡེ། གནྡྷརྦ། ཞེས་པ་ནས། མེ་ཏོག་ལ་སོགས་གོང་གིས་འདྲེ། །རི་རྒྱལ་ལྷུན་པོའི་བྱང་ཕྱོགས་སུ། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །ཟབ་ཅིང་རྒྱལ་ཆེན་གཟིགས་འཕགས་པོ། །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། ཞེས་སོགས་འདྲེ་འོ། །དམ་ཚིག་གི་ཕྱག་རྒྱ་བསྟན་ལ། ༀ་བཻ་ཤྲ་བ་ཎ་ཡེ་སྭཱ་ཧཱ། སྔོན་ལྕང་ལོ་ཅན་གྱི་ཕོ་བྲང་དུ། ཞེས་སོགས་རྫོགས་པར་བརྗོད། །དེ་ནས་ཕྱོགས་སྐྱོང་གི་སྟེང་། །ཕྱོགས་སྐྱོང་ཐོ་ཁང་ཐོག་གམ། ཤར་ཕྱོགས་བརྒྱ་བྱིན་གྱི་ཐོའི་མདུན་དུ་རྩིགས་པ་དང་། ཕྱོགས་མཚམས་བརྒྱད་ཀྱི་ཐོ་དང་། འོག་ཕྱོགས་ཀྱི་ཐོ་སྒོའི་ཕྱིའི། ནུབ་ཀྱི་ཀླུའི་ཐོའི་མདུན་དུ་རྩིགས་པ་རྣམས་བསང་སྦྱང་བྱས་ལ། ཕྱོགས་སྐྱོང་རང་རང་གནས་ནས་བྱོན་ནས་བཞུགས་པར་བསམ་ཞིང་། ཕྱོགས་སྐྱོང་བཅུར་སྒོམས་ལ། གོ་རིམ་བཞིན་གཏོར་མ་དང་མཆོད་པ་སྔགས་ཀྱིས་ཕུལ་ལ་འཕྲིན་ལས་བཅོལ་ཏེ། སྔོན་ལྕང་ལོ་ཅན་གྱི་ཕོ་བྲང་དུ་ཞེས་པ་ནས༔ བསྟན་པར་བཞུགས་སུ་གསོལ། ཞེས་པའི་བར་བརྗོད། གཉིས་པ་ཕྱིའི་ནང་མཚམས་དམ་སྲི་མནན་པ་ནི། ར་སོག་གམ་གྲོ་ཤོག་ལ། མཚལ་ལམ་བཙག་གིས་དམ་སྲིའི་གཟུགས་རིད་པ་སྐྲ་འཛིངས་པ། ལག་པས་སྐྲ་འ བལ་ཞིང་བྲང་བརྡུང་བ་བྲི། །ཡང་ར་སོག་ལ་བགེགས་ཀྱི་སྒོ་བྱང་། །དམ་སྲིའི་གཟུགས་ཅིག་བྲིས་ལ། དེ་གཉིས་དཔྲལ་བར་རུས། སྙིང་གར་མིང་། འདོམས་སུ་བསྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲིད་མཱ་ར་ཡ་ཕཊ། བྱ་བ་བྲི། ཐ་མ་ཛས་སྐོར། ལིང་ཀ་གཉིས་ཀ་ཐོད་པ་དུམ་བུ་དྲུག་པར་བཅུག་ནས་དགུག་འདྲེན་སྟབས་སུ་བྱས་པས་ཆོག །ལས་མཁན་རྣམས་དང་བཅས་པས། ཕུར་བུ་ལ་སོགས་པའི་ལག་ཆ་ཚང་བར་བྱས་ལ། ཨེ་རཾ་གྱིས་དྲག་པོའི་དཀྱིལ་བསྐྱེད། བ་ཧུས་སྔགས་ཀྱིས་ལྷ་ལས་ལ་གཟུད། ཕོ་ཉ་དྲུག་སྐོར་བཏང་ལ་སྤྲུལ་པར་སྤྲོ། བདེན་པ་བདར། དགུག །དབྱེ། བསྟིམ། བཅིང་། དེ་ལྟར་ལན་གསུམ་བྱ། དེ་ནས་ལག་སོར་དང་། ཕུར་པ་བྱིན་གྱིས་རླབས་ཏེ། མ་སཱུརྱ་མཎྜ་ལ་ཧཱུཾ་ༀ་སྭ་ཨཱཾ་ཧཱ། ཨ་ཙནྟྲ་མཎྜ་ལ་མུཾ་ལཾ་མཾ་པཾ་ཏཾ། བཛྲ་སུ་ར་ཏ་སྟཾ། བཛྲ་ཨཉྩ་ལི། བཛྲ་བནྡྷ་ཧཱུཾ། བཛྲ་ཀི་ལི་ཀཱི་ལ་ཡ་ཕཊ་ཛ༔ ཧ་ན་ཧ་ན་དིབ་ཏ་ཙཀྲ་ཧྲི། ཕུར་པ་ཏ་ར། བཛྲ་སྭ་ཏ་རཱ་ཛ་ཡཱ་ཧཱུཾ་ཕཊ༔ དེ་ནས་གྷ་ཏའི་སྔགས་ཀྱི་ཕུར་པ་གདབ་སྟེ། ཐེམ་པའི་ཕྱིར་དོང་གྲུ་གསུམ་བྲུས་ལ། དེར་གདབ་ཅིང་། ལིང་རོ་བྲུབ་ལ། རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་ཅིང་། དེའི་སྟེང་དུ་ལམ་བྲིས་ལ། གསེར་གྱིས་རི་རབ་ཀྱིས་མནན་པར་བསམ་ནས། སས་བསུབས་ལ་སྟེང་དུ་བྲོ་བྱས་སྟེ། བྲོ་ར་གྲུ་གསུམ་རྩེ་མོ་ལྷོར་བསྟན་པ་བཅས་ལ། མཐེའུ་ཆུང་སྦྲེལ། ཨེ་བྷྲུཾ་གྱིས་དྲག་པོའི་དཀྱིལ་འཁོར་བསྐྱེད་ལ། སུམྦྷ་ནིའི་སྔགས་བརྗོད་ཅིང་། དེའི་ང་རྒྱལ་དང་ལྡན་པས་འདི་བརྗོད་དོ། །ཧཱུཾ། ཁྲོ་རྒྱལ་ཆེན་པོ་སུམྦྷ་ནི། སུམྦྷ་ནི་ཡི་ང་རྒྱལ་གྱིས། རི་རབ་ཆེན་པོའི་རྐེད་ནས་བསྐོར། རྒྱ་མཚོ་ཆེན་པོའི་སྟེངས་ནས་སྐེམས། འདི་ལ་བྱང་ཆུབ་སེམས་བསྐྱེད་བཏང་བར་བྱ། བྱང་ཆུབ་སེམས་ནི་མ་སྐྱེས་བར། ནམ་ཡང་བཏང་བར་མི་བྱའོ། །ༀ་སཱུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲྀཧྞ་གྲིཧྞ་ཧཱུཾ། གྷྲྀཧྞ་པ་ཡ་གྲིཧྞ་པ་ཡ་ཧཱུཾ། ཨཱ་ཎ་ཡ་ཧོ། བྷ་ག་ཝན། བིདྱཱ་ར་ཛ་ཡ་ཧཱུཾ་ཕཊ། ཧཱོ་བཅོམ་ལྡན་འདས་སུམ་བྷ་ནི་དཀྱིལ་འཁོར་དང་བཅས་པ་རྣམས་ལ་འཕྲིན་ལས་སུ་བཅོལ་བ་ནི། འདིར་མདོ་སྒྱུ་སེམས་གསུམ་གྱི་དཀྱིལ་ཆེན་པོ་བཞེངས་སུ་གསོལ་བས། བར་དུ་གཅོད་པའི་ཡ་མ་དམ་སྲི་ལ་སོགས་པ། དགྲ་བགེགས་གདུག་པ་ཅན་ཐལ་བའི་རྡུལ་དུ་བརླག་པ་མཛད་དུ་གསོལ། མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། ཇི་སྲིད་བྱང་ཆུབ་ཀྱི་སེམས་མ་སྐྱེས་ཀྱི་བར་དུ་རི་རབ་ཀྱི་འོག་ཏུ་མནན་པ་བསམས་ལ། སུ་ཏྲི་ས་མཱ་ཡ་སྟྭཾ༔ ཞེས་བརྗོད་ཅིང་། དེ་ནི་སྟེང་དུ་ལྷའི་ཕོ་བྲང་བཏབ་ལ། ཧོ་ཁྲོ་བོ་ཆེན་པོ་འཁོར་དང་བཅས་པ་གསན་ཅིང་དགོངས་སུ་གསོལ། མདོ་སྒྱུ་སེམས་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར། སྒྲུབ་པ་པོ་བདག་ཅག་གི་བསམ་པ་ཡིད་བཞིན་དུ་མ་རྫོགས་ཀྱི་བར་དུ། སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་ཡ་མ་དམ་སྲི་ལ་སོགས་པ་གདུག་པའི་དགྲ་བགེགས་ཐམས་ཅད་འདུལ་ཞིང་བསྒྲལ་དུ་གསོལ་ལོ། །བསྒྲུབ་པའི་དངོས་གྲུབ་ཐམས་ཅད་ཀྱང་ཡིད་བཞིན་དུ་ཐོབ་པར་མཛད་དུ་གསོལ་ལོ། །གསུམ་པ་ཕྱིའི་གསང་མཚམས་ནི། སྒོ་བྱང་གདགས་པར་བྱ་སྟེ། བགེགས་ཀྱི་སྒོ་བྱང་ར་སོག་ལ་བྲིས་པའི་ལིང་ག་དེའི་སྙིང་ཁར་སེང་ལྡེང་གི་ཕུར་པ་དར་གྱི་ཅོད་པན་ཅན། གྷ་ཏའི་སྔགས་ཀྱིས་བཏབ་པ་དེ། གཤིན་རྗེའི་གནས་སུ་བསྐྲད་པར་བསམས་ལ། །དམ་སྲི་ལ་འདི་སྐད་ཅེས་བཀའ་བསྒོ་སྟེ། ཧཱུཾ། རང་བཞིན་དག་པའི་ངོ་བོ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །སྒྲིབ་པས་སེམས་ཅན་སྤངས་མ་བཏང་། །སེམས་ཀྱི་རྟོག་པས་བཅིངས་པའམ། །གཞི་སྟོང་ཅི་ལའང་བར་ཆད་བྱེད། །རང་གི་དམ་ཚིག་རང་ལ་འདའ། །འཛམ་བུ་གླིང་གི་ལྷོ་ཕྱོགས་ན། །འདི་ནས་དཔག་ཚད་བརྒྱད་ཁྲི་ན། གཤིན་རྗེའི་རྒྱལ་པོ་ཆོས་སྟོན་གྱི། །ཁྱོད་ཀྱི་ཆོས་བསྐལ་དེ་རུ་ཉོན། མ་འདའ་རང་རང་གནས་སུ་དེངས། །ས་མ་ཡ་ཀ་ཝ་ཙི་རཀྵ་རཀྵ་ཧཱུཾ་ཕཊ། ཅེས་བརྗོད་ལ། ཚིགས་ནས་ཇི་ལྟར་བྱུང་བ་བཞིན་བསམས་ལ། སྐེ་ལ་ཐག་པ་ནག་པོ་བརྟགས་ཤིང་། སྒོའི་མདུན་གྱི་གཤམ་དུ། སྤྱི་རྟིང་ལོག་ནས་ཡོངས་པར་བྱས་ནས་གདགས་སོ། །དེ་ནས་ཡེ་ཤེས་ལྷའི་སྒོ་བྱང་ཀྱང་ངམ། ལུག་གི་སོག་པ་གཡོན་པ་ལ། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་གཟུགས། །ཉི་ཟླའི་གདན་ལ་གྱད་གྱི་དོར་སྟབས་ཀྱིས་བཞུགས་ལ། སྐུ་མདོག་སྨུག་ནག་བེ་ཅོན་དང་འཁོར་ལོ་བསྣམས་པ། ཁྲོ་བོའི་ཆ་བྱད་ཅན་བྲིས་ལ། རཾ་ཡཾ་ཁཾ་དང་། ཤུ་ནྱ་ཏས་སྦྱངས། ཧཱུཾ་སྥ་རས་བསང་། བཛྲ་སྥ་རས་བསང་། ༀ་ཡ་མནྟ་ཀྲི་ཏ་ཧཱུཾ་ཕཊཿ ཅེས་པས་ཇི་ལྟར་བྲིས་པ་བཞིན་དམ་ཚིག་པ་བསྐྱེད། དབང་བསྐུར་བྱིན་བརླབས་བསྡུས་པ་བྱ། ས་མན་ཛ། ཡེ་ཤེས་ཀྱི་གཤིན་རྗེ་གཤེད་སྙན་གསན་དབབ། ཨྱེ་ཧྱ་ཧིས་སྤྱན་དྲངས། ཕྱག་རྒྱ་བཞིས་བསྟིམ།ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་ནས། སྒོ་གོང་གི་གཡོན་དངོས་སུ་བཏགས་ལ། ཧཱུཾ། སུམ་ཅུ་རྩ་གསུམ་ལྷ་ཡི་མདུན་ས་རུ། །བཅོམ་ལྡན་ཆོས་རྗེ་ལྷ་ཡིས་བཀའ་སྩལ་པ། །ལྷ་སྲིན་སྡེ་བརྒྱད་འབྱུང་པོའི་དཔོན་རྣམས་ཁྱེད། །བསྒྲུབ་པ་མཆོག་ལ་དེང་འདིར་ངེས་ཞུགས་ཀྱིས། །བླ་མེད་བྱང་ཆུབ་འབྲས་བུ་མ་ཐོབ་བར། །སྒོ་འདི་ཡན་ཆད་འདའ་བར་མ་བྱེད་ཅིག །ཧོ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ལ་འཕྲིན་ལས་སུ་བཅོལ་བ་ནི། བདག་ཅག་ལ་དངོས་གྲུབ་ཀྱི་སྡོང་གྲོགས་དང་། ཕྱི་མཚམས་བསྲུང་ཞིང་ནང་མཚམས་སྐྱོང་བ་དང་། ཁྱད་པར་དུ་དཀྱིལ་འཁོར་ཆེན་པོའི་དེའི་བྱ་བ་མ་ཐོན་གྱི་བར་དུ། ཕྱིའི་དགྲ་བགེགས་ནང་དུ་མི་བཏང་ཞིང་། ནང་གི་དངོས་གྲུབ་ཕྱིར་མི་བཏང་བ་དང་། ཡ་མ་དམ་སྲི་ལ་སོགས་བར་ཆད་ཐམས་ཅད་བསྲུངས་དུ་གསོལ། ཞེས་འཕྲིན་ལས་བཅོལ་ལོ། །སྤྲོས་པ་ལ་དགའ་ན། དཀྱིལ་འཁོར་མཐའ་མར་དམ་ཅན་གྱི་སྤྱི་མཚམས་བྱས་ལས་འདུལ་བ་ཡང་རུང་ངོ་། །གཉིས་པ་ནང་མཚམས་ལ་གསུམ་སྟེ། ནང་གི་ཕྱི་མཚམས་ཁྲོ་བོ་བཅུའི་ཕུར་པ་བགེགས་ལ་གདབ་པ་དང་། ནང་གི་ནང་མཚམས་མཚོན་ཆའི་གུར་ཕུབ་པ་དང་། ནང་གི་གསང་མཚམས་ཁྲོ་བོ་བཅུའི་སྟངས་སྟོབས་ཀྱི་བགེགས་རིགས་ཟིལ་གྱིས་མནན་པའོ། །དང་པོ་ནི། ལྕགས་སམ་ཤིང་ལས་བྱས་པའི་ཕུར་པ་དར་མཐིང་དམར་གྱི་ཅོད་པན་ཅན་བཅུ། དབལ་ལ། ཁྲག་ཆེན་ནམ། ཚིལ་ཆེན་གྱིས་བྱུགས། གུ་གུལ་གྱི་དུད་པས་བདུག་གོ། །རྣམ་པར་མི་རྟོག་པའི་ངང་ནས། ཧཱུཾ་ཞེས་བརྗོད་པས་རང་གི་རིག་པ་ཧཱུཾ་དུ་གྱུར་པ་དེ། པར་སང་གི་འཕྲོ་འདུ་རྡོ་རྗེ་གྱུར། དེ་འཕྲོས་འདུས་བཛྲ་དྷྲིག྄་ཅེས་བརྗོད་པས། ཞེ་སྡང་རྡོ་རྗེ་སྐུ་མདོག་སྔོན་ནག་ཞལ་གཡས་དཀར་གཡོན་དམར། དབུས་སྔོན་པོ། སྤྱན་གསུམ་ཕྱག་དྲུག་པ། གཡས་རྡོ་རྗེ། འཁོར་ལོ་རིན་པོ་ཆེ། གཡོན་དྲིལ་བུ། པདྨ། རལ་གྲི། ཞབས་རྡོ་རྗེའི་སྐྱིལ་དཀྲུང་། ཞལ་མཆེ་བ་ཅུང་ཟད་གཙིགས་པ། ཞི་མ་ཁྲོའི་ཆ་ལུགས་ཅན་དུ་བསམ། དེའི་ཐུགས་ཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་བསམ་མོ། །དེ་ནས་མ་ཞེས་བརྗོད་པས་མདུན་དུ་མ་དམར་པོ་ཅིག་བཏོན་ལ། མ་སུརྱ་མཎྜ་ལ་ཞེས་བརྗོད་པས། ཉི་མའི་དཀྱིལ་འཁོར་དུ་གྱུར། ཡང་ཐུགས་ཀ་ནས་ཧཱུཾ་སྔོན་པོ་ཅིག་མདུན་གྱི་ཉི་མའི་སྟེང་དུ་སྤྲོས་ནས། ༀ་ཤྲི་ཧཱུཾ་ཀ་ར་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཞེས་བརྗོད་པས། མདུན་དུ་ཁྲོ་ཆེན་ཧཱུཾ་ཀ་ར་སྔོན་པོ་ཞལ་གཅིག་ཕྱག་གཉིས་པར་བསྐྱེད་ལ། ༀ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྷྲིཧྞ་གྷྲིཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲིཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝན་བིདྱཱ་ར་ཛ་ཡ་ཧཱུཾ་ཕཊ། ཞེས་བརྗོད་པས། ཞེ་སྡང་རྡོ་རྗེའི་ཕྱག་མཚན། རྡོ་རྗེ་དྲིལ་བུ་དེ་ཧཱུཾ་ཀ་ར་ལ་གཏད་པས། ཐོ་བ་དང་ལྕགས་ཀྱུར་གྱུར་པར་བསམ། དེའི་ཐུགས་ཀ་ནས་མ་དང་ཉི་མའི་དཀྱིལ་འཁོར་དང་སླར་ཡང་ཧཱུཾ་སྤྲོས་ལ། ༀ་ཤྲཱི་ཌཱ་ཀི་རཱ་ཛ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ་ཅེས་བརྗོད་པས། ཊཱ་ཀི་རཱ་ཛ་དམར་ལྗང་ཞལ་གཅིག་ཕྱག་གཉིས་པ་བསྐྱེད་ལ། ཧཱུཾ་ཀ་རས་ཐོ་བ་དང་། ལྕག་ཀྱུ་ཊཱ་ཀི་རཱ་ཛ་ལ་གཏད་ལ། ༀ་སུམྦྷ་ནིའི་སྔགས་ཀྱིས་གདན་ཐིང་ཤིག་ཅེས་བསྒོ། དེའི་ཐུགས་ཀ་ནས་མ་བཅུ་ཕྱོགས་བཅུའི་ཧོམ་ཁུང་བཅུ་ནི་གནས་ཁང་གི་ཕྱི་རོལ་ལམ། །ནང་ཡང་རུང་བར་ཕྱོགས་མཚམས་བརྒྱད་དང་། །སྟེང་གི་ཧོམ་ཁུང་གི་ཤར་ངོས་སམ། ཡང་ན་ཤར་སྟོད་དུ་དགོད། །འོག་ཕྱོགས་ཀྱི་ཧོམ་ཁུང་ནུབ་ཀྱི་ཧོམ་ཁུང་གི་ནུབ་བམ། །ཡང་ན་ནུབ་སྨད་དུ་དགོད་དེ། །ཆེ་ཆུང་ནི་ཕུར་པ་རྣམས་དང་མཚམས་པའོ། །ངག་ཏུ་མ་སུརྱ་མཎྜལ་ཅེས་ལན་བཅུ་བརྗོད་པས། །ཉི་མའི་དཀྱིལ་འཁོར་བཅུར་གསལ་བར་བསྒོམས་ལ། །ཊཱ་ཀིས་རྡོ་རྗེ་འགྲོས་ཀྱིས་སུམྦྷ་ནིའི་སྔགས་ཀྱིས། །དྲི་ཟ་ཕོ་མོའི་སྙིང་ག་ནས་ལྕགས་ཀྱུས་བཟུང་། ཐོ་བས་ཉལ་ཉེས་སུ་བརྡུངས། ཤར་ཕྱོགས་ཀྱི་ཧོམ་ཁུང་ལ་གནས་པའི་ཉི་མའི་སྟེང་དུ་བྱི་ཆིངས་སུ་བསྣོལ་བར་ཞགས། དེ་བཞིན་དུ་ལྷོར་གཤིན་རྗེ་ཕོ་མོ། ནུབ་ཏུ་ཀླུ། བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་བདེན་བྲལ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན། སྟེང་ཚངས་པ། འོག་ཕྱོགས་སུ་ས་བདག་ཕོ་མོ་ཉི་མའི་སྟེང་དུ་བྱི་ཆིངས་སུ་བསྣོལ་ལོ། །དེ་ནས་ཐོ་བ་དང་ལྕགས་ཀྱུ་ཧཱུཾ་ཀ་ར་ལ་གཏད་ནས། །ཊ་ཀི་རཱ་ཛ་ཧཱུཾ་ཀ་རའི་ཐུགས་ཁར་ཐིམ། དེས་ཐོ་བ་དང་ལྕགས་ཀྱུ་ཞེ་སྡང་རྡོ་རྗེ་ལ་གཏད་ནས། །ཧཱུཾ་གདན་བཏིང་ལགས་སོ་བཅོམ་ལྡན་ཁྲོ་རྒྱལ་གཙོ། །ཞེ་སྡང་རྡོ་རྗེ་ཐུགས་ཀྱི་དཀྱི ལ་འཁོར་ནས། །ཁྲོ་པོའི་རྒྱལ་པོ་སྣམས་ཕྱུང་རོལ་པའི་སྐུ། ཉི་མའི་དཀྱིལ་འཁོར་གདན་ལ་ཡང་དག་བཞུགས་སུ་གསོལ། །ཞེས་གསོལ་བ་བཏབ་ནས། ཧཱུཾ་ཀ་ར་ཉིད་ཚངས་པ་ཕོ་མོའི་གདན་ལ་བཞུགས་པ་བསྒོམ་མོ། །དེ་ནས་ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས། ཧཱུཾ་དགུ་སྤྲོས་ལ། ཕྱོགས་མཚམས་བརྒྱད་དང་། འོག་གི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཕྱོགས་སྐྱོང་གི་གདན་ལ་དགོད་དོ། །ༀ་ཤྲཱི་ཡ་མན་ཏ་ཀྲིད་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། བཛྲ་ཅེས་བརྗོད་པས། ཤར་ཕྱོགས་ཉི་མ་དང་། དྲི་ཟའི་གདན་ལ་གནས་པའི། ཧཱུཾ་དེ་གཤིན་རྗེ་གཤེད་པོ་སྐུ་མདོག་སྨུག་ནག་ཞལ་གསུམ་ཕྱག་དྲུག་པ། སྐུ་སྨད་ཕུར་པའི་དབལ་ཅན་དུ་གྱུར། དེ་བཞིན་དུ་ལྷོར་ཨ་པ་ར་ཙིཏྟའི་སྔགས་ཀྱིས་དཔལ་ལྡན་སེར་ནག་བསྐྱེད། ནུབ་ཏུ་ཧ་ཡ་གྲྀ་ཝས་རྟ་མགྲིན་དམར་ནག །བྱང་དུ་ཨ་མྲྀ་ཏ་ཀུཎྜ་ལིས། བདུད་རྩི་འཁྱིལ་པ་ལྗང་ནག །ཤར་ལྷོར་ཨཱརྱ་ཨ་ཙ་ལས་མི་གཡོ་ལྗང་སེར། ལྷོ་ནུབ་ཏུ་ནི་ལ་དནྜས་དབྱུགས་པ་སྔོན་པོ་སྔོ་སྐྱ། ནུབ་བྱང་དུ་ཊ་ཀ་རཱ་ཛས་ཊ་ཀི་རཱ་ཛ་དམར་ལྗང་། བྱང་ཤར་དུ་མ་ཧཱ་བ་ལས་སྟོབས་ཆེན་དུད་ཀ། འོག་ཕྱོགས་སུ་ཉི་མ་དང་ས་བདག་གིས་གདན་ལ་ཀ་མ་ལ་ཀུཎྜ་ལིའི་སྔགས་ཀྱིས། པདྨ་འཁྱིལ་པ་མཐིང་ནག་བསྐྱེད་དེ། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ་སྐུ་སྨད་དུ་ཕུར་པ་ཟུར་གསུམ་དབལ་དང་བཅས་པ། དུར་ཁྲོད་ཆས་ཀྱིས་བརྒྱན་པ། རང་རྟགས་ཀྱི་ཕྱག་མཚན་བསྣམས་པ། །དུས་མཐའི་མེ་ལྟར་འབར་བར་བསྐྱེད་དོ། །དེ་ནས། ཁྲོ་བོའི་རྒྱལ་པོ་འདི་དག་གིས། བགེགས་རྣམས་བཀུག་ནས་རྣམ་པར་འཇིག །བློ་ལྡན་རབ་ཏུ་སྦྱོར་བ་ཡིས། །ཆོ་ག་བཞིན་དུ་ཕུར་པས་གདབ། །ཅེས་གསོལ་བ་བཏབ་པས། ཞེ་སྡང་རྡོ་རྗེས་ཧཱུཾ་ཀ་ར་ལ་གཟིགས་ཏེ། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏཱ་ཡ་སརྦ་དུཥྚན་མ་ར་ཡ་ཕཊ་ཕཊ། ཀི་ལི་ཀཱི་ལ་ཡཱ། སརྦ་པཱ་པཾ་ཧཱུཾ་ཕཊ། ཧཱུཾ་བཛྲ་ཀི་ལི་ཀི་ལ་ཡ། བཛྲ་དྷ་རོ་ཨ་ཛྙཱ་པ་ཡ་ཏི་ཀ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། ཐོ་བ་དང་ལྕགས་ཀྱུ་གཏད་ནས། ཁྱོད་ཀྱི་ཕུར་པ་རྣམས་ཕྱོགས་བཅུའི་བགེགས་ལ་ཐོབ་ཅིག །ཅེས་བཀའ་བསྒོས་པས། སླར་ཡང་ཧཱུཾ་ཀ་རས་བདུད་རྩི་འཁྱིལ་པ་ལ་གཟིགས་ཏེ། གྷ་ཏའི་སྔགས་བརྗོད་ཅིང་། ཐོ་བ་དང་ལྕགས་ཀྱུ་གཏད་ནས་ཁྱོད་བགེགས་མཐར་བྱེད་ཡིན་པས། བགེགས་ལ་ཁྱོད་ཀྱིས་ཕུར་པ་གདབ་པར་རིགས་སོ། །ཞེས་བཀའ་བསྒོ་བར་བསམ་ཞིང་། བདུད་རྩི་འཁྱིལ་པས་ཀྱང་ལག་སོར་དང་ཕུར་པ་བྱིན་གྱིས་རླབས་ནས། གྷ་ཏའི་སྔགས་བརྗོད་ལ། ༀ་ཤྲཱི་ཡ་མན་ཏ་ཀྲིད་བཛྲ་མ་ཧཱ་ཀཱི་ལ་ཡ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་ནས། དངོས་སུ་ལག་པ་གཡོན་པས་ཕུར་པ་བཟུངས། །གཡས་པས་ཕུར་པའི་མགོར་རྡོ་རྗེ་སྡིགས་ལ། །ཁྲོ་བོའི་སྐུ་སྨད་ལྕགས་ཀྱི་ཕུར་བ་ཟུར་གསུམ་པ། མགར་གྱི་སོལ་མལ་ནས་བཏོན་པ་ལྟ་བུ་དེས་དྲི་ཟ་ཕོ་མོ་ཐལ་གྱིས་ཕྱུང་ནས། འོག་གི་ཉི་མའི་དཀྱིལ་འཁོར་ལ་ཕུར་པའི་རྩེ་མོ་རེག་པར་བསམ་མོ། །དེ་བཞིན་ལྷོ་དང་། ནུབ་དང་། །ཤར་ལྷོ་ལ་སོགས་པའི་མཚམས་བཞི་དང་། །འོག་རྣམས་གོ་རིམ་བཞིན་གྷ་ཏའི་སྔགས་ལ། རང་རང་གི་སྔགས་བཏགས་ལ་ཕུར་པ་རང་རང་གི་ཕྱོགས་སྐྱོངས་རྣམས་ལ་བཏབ་པར་བསམ་མོ། །དེ་ནས་བདུད་རྩི་འཁྱིལ་བས་ཐོ་བ་དང་ལྕགས་ཀྱུ་ཧཱུཾ་ཆེན་ལ་གཏད་ནས་བདུད་རྩི་འཁྱིལ་པ་བྱང་གི་ཕྱོགས་སྐྱོང་གི་གདན་ལ་བཞུགས་པ་ལ། ཧཱུཾ་ཆེན་གྱིས་གྷ་ཏའི་སྔགས་ཀྱིས་རྗེས་ལ། ༀ་ཤྲཱི་བིག་ནན་ཏ་ཀྲིཏ་བཛྲ་མ་ཧཱ་ཀི་ལ་ཡ་ཀྲོ་དྷ་ཧཱུཾ་ཕཊཿ ཅེས་བརྗོད་པས་བྱང་གི་ཕུར་པ་བཏབ་ནས། ཐོ་བ་དང་ལྕགས་ཀྱུ་ཞེ་སྡང་རྡོ་རྗེའི་ཕྱག་ཏུ་གཏད་དེ་ཧཱུྃ་ཆེན་སྟེང་ཕྱོགས་ཚངས་པ་ཕོ་མོའི་གདན་ལ་བཞུགས་པར་བསམ་མོ། །དེ་ལ་ཞེ་སྡང་རྡོ་རྗེས་གྷ་ཏའི་སྔགས་ཀྱི་རྗེས་ལ། ༀ་ཤྲཱི་ཧཱུཾ་ཀ་ར་བཛྲ་མ་ཧཱ་ཀཱི་ལ་ཡ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བཏབ་པའི་རྗེས་སུ། ཕུར་པའི་རང་བཞིན་ཁྲོ་བོའི་རྒྱལ་པོ་རྣམས་ལ་ཆེད་དུ་བརྗོད་པའི་སྒོ་ནས་བསྟོད་པ་ནི། ཧཱུཾ། ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ། །ཁྲོ་བོའི་རྒྱལ་པོ་བདུད་ཆེན་རྣམས། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །ཡ་མཚན་ཆེ་བའི་དབུ་བརྒྱན་ཅན། །དབུ་སྐྲ་ཁམས་ནག་རལ་པ་ནི། །གྱེན་དུ་འཁྱིལ་བས་སྲིད་རྩེར་འབར། །སྤྱན་གསུམ་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་འབར་བ་རྩིགས། །རྐན་སྒྲ་རྟོགས་པས་ཁམས་གསུམ་འཁྲུག །བདུད་ཚོགས་རྣམས་ཀྱིས་ཞབས་ལ་བཏུགས། །མཛེས་པའི་ལྷ་མོ་མང་པོ་ཡིས། །སྙན་པའི་གླུ་དབྱངས་དུ་མས་བསྟོད། །བཅོམ་ལྡན་འདས་ཀྱི་སྤྲུལ་པ་སྟེ། །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །ཤར་ཕྱོགས་འབྱུང་པོ་ཐབས་ཀྱིས་འདུལ། །ལྷོ་ཕྱོགས་གཤིན་རྗེ་ཞབས་ཀྱིས་གནོན། །ནུབ་ཕྱོགས་ཀླུ་ཡི་གདོན་རྣམས་གཟིར། །བྱང་ཕྱོགས་གནོད་སྦྱིན་ཀུན་གྱི་བླ། །མཚམས་ཀྱི་བགེགས་རྣམས་ཞི་མཛད་པ། །ཡ་མཚན་ཆེ་ལ་ཕྱག་འཚལ་བསྟོད། །ཕྱོགས་མཚམས་ཕུར་པས་བཏབ་ནས་ཀྱང་། །སྟེང་འོག་ཡང་དག་བྱིན་གྱིས་བརླབས། །དེ་ནས་རཾ་ཞེས་བརྗོད་པས། ཁྲོ་བོ་རྣམས་ཀྱི་སྐུ་ལ་མེ་དཔུང་འབར་ཏེ། མེའི་གུར་དུ་གྱུར་པ་དང་། དེ་དག་གི་ནང་དུ་སྒྲུབ་པ་པོ། བག་ཡངས་སུ་སྤྱོད་པར་བསམ་མོ། །གཉིས་པ་ནང་གི་མཚམས་མཚོན་ཆ་འཆོལ་པས། མཚོན་ཆའི་གུར་ཕུབ་པ་ནི། དཔོན་སློབ་ཐམས་ཅད་ཀྱིས་ཕྱག་མཚན་དང་མཚོན་ཆ་སྣ་ཚོགས་ཐོགས་ལ། དཀྱིལ་འཁོར་གྱི་མཐའ་བསྐོར་ཞིང་། གུ་གུལ་གྱིས་དུད་པ་སྦྱར་ལ། ཚིག་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་དང་། སྔགས་དང་། ཕྱག་རྒྱ་དང་ལྡན་པས། ཁྲོ་བོའི་སྡང་མིག་གིས་མཚོན་ཆའི་གུར་དུ་བསམ་ཞིང་། ཧཱུཾ་ང་ཡི་དཀྱིལ་འཁོར་བསྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་པའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྲུངས། །སྟེང་ཡང་རྡོ་རྗེའི་བླ་རེས་སྟེ། །འོག་ཀྱང་རྡོ་རྗེའི་ས་གཞི་འོག །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ཡིས། །རྡོ་རྗེའི་མཚམས་ལས་མ་འདའ་ཅིག །བཛྲ་ཡཀྵ་ཀྲོ་དྷ་ཧཱུཾ་ཕཊ༔ བཛྲ་ཛྭ་ལ་རཾ། སྟེང་ཡང་འཁོར་ལོས་བླ་རེས་སྟེང་། །འོག་ཀྱང་འཁོར་ལོའི་ས་གཞི་འོག །ཕྱོགས་མཚམས་འཁོར་ལོས་གཏམས་པ་ཡིས། །འཁོར་ལོའི་མཚམས་ལས་མ་འདའ་ཅིག །ༀ་བཛྲ་ཛྙཱ་ན་ཙཀྲ་ཧཱུཾ་ཕཊཿ སྟེང་ཡང་རིན་ཆེན་བླ་རེས་སྟེང་། །འོག་ཀྱང་རིན་ཆེན་ས་གཞི་འོག །ཕྱོགས་འཚམས་རིན་ཆེན་གཏམས་པ་ཡི། །རིན་ཆེན་མཚམས་ལས་མ་འདའ་ཅིག །ༀ་བཛྲ་ཏིཀྵྞ་ཛྭ་ལ་ཧཱུཾ་ཕཊཿ སྟེང་ཡང་པདྨའི་བླ་རེས་སྟེང་། །འོག་ཀྱང་པདྨའི་ས་གཞི་འོག །ཕྱོགས་མཚམས་པདྨས་གཏམས་པ་ཡི། །པདྨའི་མཚམས་ལས་མ་འདའ་ཅིག །ༀ་བཛྲ་ཀ་ལ་རུ་པ་ཧཱུཾ་ཕཊ༔ སྟེང་ཡང་རལ་གྲིའི་བླ་རེས་སྟེང་། །འོག་ཀྱང་རལ་གྲིའི་ས་གཞིའི་འོག །ཕྱོགས་མཚམས་རལ་གྲིས་གཏམ་པ་ཡི། །རལ་གྲིའི་མཚམས་ལས་མ་འདའ་ཅིག །ༀ་བཛྲ་ཀརྨྨ་སྭ་ཏ་ཧ་ཧ་ཧཱུཾ་ཕཊ། ཅེས་མཚམས་བཅད་དོ། །གསུམ་པ་ནང་གི་གསང་མཚམས་ཁྲོ་བོ་བཅུ་གཅིག་གི་སྟངས་སྟབས་ནི། ཁྲོ་བོ་བཅུ་གཅིག་གང་གི་སྟངས་སྟབས་བྱས་པ་དེས། རང་རང་གི་སྤྲུལ་པས་སྟོང་གསུམ་དྲུག །བགེགས་བསྐྲད། སླར་ཁྲོ་བོའི་ཕྱོགས་གང་ཡིན་པ་གཏམས་ཏེ་བསྐལ་པའི་རླུང་གིས་ཀྱང་མ་ཐར་བར་བསམ་ལ། རྐང་པ་གཡོན་པས་འཆོང་ཞིང་གཡས་པ་འགྱིང་བ་དང་བཅས་པས་པད་བསྐོར་བྱའོ། །དེ་དག་གི་ཕྱག་རྒྱ་ནི། ལག་པ་ཐལ་སྦྱར་གྱེན་དུ་བསྟན། །རྐང་པ་མ ཐིལ་སྦྱར་ཐུར་དུ་གཟུགས། །ཚིགས་ཆེན་བཞི་ཡང་བཅག་པར་བྱ། །མགོ་ཡང་མཚན་མ་སྙིང་པོར་བརྟག །རྡོ་རྗེ་རྩེ་གཅིག་རྩེ་དགུ་དང་། བཅུ་གཅིག་ཏུ་ནི་བསྡམས་བསམས་ཏེ། །འདི་ནི་ཁྲག་འཐུང་ཆེན་པོའི་རྒྱ། ༀ་བཛྲ་ཤྲཱི་རི་ཧེ་རུ་ཀ་ཧཱུཾ་ཕཊ། ༀ་ཨཱཿཧཱུཾ་ཕཊ། ཅེས་སྟངས་སྟབས་བཅས་ལ། ༀ་རུ་ལུ་རུ་ལུ་ཧཱུཾ། ཞེས་བརྗོད་ཅིང་། གོམ་པའི་སྟོབས་ཀྱིས་འཆོང་ཞིང་གར་བྱའོ། །དེ་བཞིན་དུ་ཧཱུཾ་ཀ་ར་ལ་སོགས་པའི་ཁྲོ་བོ་བཅུ་ཀ་ལ་རང་རང་གི་སྟངས་སྟབས་བཅས་ལ་རང་རང་གི་སྔགས། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། གརྫ་གརྫ་ཧཱུཾ྄་ཕཊ། ཅེས་པ་ལ་སོགས་དང་ༀ་རུ་ལུ་རུ་ལུ་ཧཱུཾ་ཞེས་གོམ་སྟོབས་ཀྱིས་འཆོང་བ་རྣམས་ཀུན་ལ་འདྲེའོ། །ལག་པ་ཐལ་སྦྱར་སྤྱི་བོར་བཞག །རྐང་པ་ཕྲལ་ཏེ་བརྐྱང་བརྐྱང་བྱ། །ཧཱུཾ་ཀ་ར་ཡི་ཕྱག་རྒྱ་ཡིན། །རྐང་གཡོན་གཡས་པའི་བརླ་སྟེང་འཁྱུད། །ལག་གཉིས་ཐལ་མོ་སྡེབ་པ་ནི། །རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན། །མཐེའུ་ཆུང་མཐེ་བོའི་མཐིལ་དུ་མནན། །སོར་གསུམ་གདེངས་ཏེ་སྟབས་བྱེད་པ། །དབྱུག་པ་སྔོན་པོའི་ཕྱག་རྒྱ་ཡིན། །རྐང་གཡོན་བརྐྱང་ལ་ལག་པ་གཡོན། །དཀུར་བརྟེན་ལག་གཡས་ནམ་མཁར་ཕྱར། །འདི་ནི་གཤིན་རྗེ་གཤེད་ཀྱི་རྒྱ། །ལག་གཡས་གྲི་གུག་ཕྱར་འདྲ་ལ། །གཡོན་པས་འཛིན་པ་ལྟར་བྱེད་པ། །མི་གཡོ་མགོན་པོའི་ཕྱག་རྒྱ་ཡིན། །རྟ་གདོངས་ཕྱག་རྒྱ་བཅས་ནས་ནི། །སྤྱི་བོར་བཞག་ནས་འགྱིང་བའིཚུལ། །འདི་ནི་རྟ་མཆོག་དཔལ་གྱི་རྒྱ། །རྐང་པ་གཡོན་པ་ནམ་མཁར་ཕྱར། །ལག་གཡས་གདེངས་པའི་ཚུལ་བྱས་པ། །གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན། །ལག་པ་གཉིས་ཀྱིས་སྐུར་བརྟེན་པ། །རྐང་གཉིས་གཤིབས་ནས་གཡས་གཡོན་མཆོང་། །དེ་ནི་བདུད་རྩི་འཁྱིལ་བའི་རྒྱ། །ལག་པ་མཁྲིག་མ་ཐུགས་ཀར་བསྣོལ། །སྡིགས་མཛུབ་གཉིས་ནི་དཔུང་པར་བསྒྲེང་། །ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིན། །རྐང་པ་གོམ་སྟབས་གཡས་གཡོན་ན་མཆོང་། །ལག་པ་གཡས་གཡོན་ཐལ་མོ་སྡེབ། འདི་ནི་སྟོབས་པོ་ཆེ་ཡི་རྒྱ། །དེ་ལྟར་ཁྲོ་བོའི་སྟངས་སྟབས་ཀྱིས། །ཏིང་འཛིན་སྔགས་དང་ཕྱག་རྒྱར་བཅས། །དཀྱིལ་འཁོར་མཐའ་མ་བསྐོར་བ་ཡིས། །བགེགས་ཀྱི་ཚོགས་རྣམས་བརླག་པར་བྱེད། །གསུམ་པ་གསང་བའི་མཚམས་ལ་གསུམ་སྟེ། །གསང་བའི་ཕྱི་མཚམས་བདུད་རྩི་འཁྱིལ་པ་དང་། །མི་གཡོ་བས་དམ་སྲིའི་བར་ཆད་ཚར་བཅད་པ་དང་། གསང་བའི་ནང་མཚམས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སུ་བསྒོམ་པ་དང་། གསང་བའི་གསང་མཚམས་གསང་བའི་དམ་སྲི་བདུད་རྩིའི་བསང་གཏོར་གྱིས་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད་པའོ། །དང་པོ་ནི། ཀུན་གྱིས་ལངས་ལ་རྡོ་རྗེ་ཐུགས་ཀར་བཟུང་ལ་མི་རྟོག་པའི་ངང་ལས་ཐུགས་ཀར་ཧཱུཾ་བསམས་ཏེ་འཕྲོས་འདུས་པ་ལས། རྡོ་རྗེ་རྩེ་ལྔ་པ་ཅིག་དུ་གྱུར། དེ་ཡང་འཕྲོས་འདུས་པ་ལས། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཅེས་བརྗོད་པས། བདག་ཉིད་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་ཁུ་རྡོ་རྗེ་རྩེ་གསུམ་པ་ཐོགས་པ་གཅིག་བསྐྱེད་ལ། ཡང་དག་གསང་བ་ནས། རྣམ་འཇོམས་ཡང་སྙིང་ཡན་ཆད་བརྗོད་པས། རང་འདྲའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ནས་བགེགས་ཐམས་ཅད་བསྐྲད། ཧཱུཾ་ཞེས་བརྗོད་པས་ཁྲོ་བོའི་གུར་དུ་གྱུར། རཾ་ཞེས་བརྗོད་པས་དེ་ལས་མེ་འབར་ནས་མེའི་གུར་དུ་གྱུར་ཏེ། བསྐལ་པའི་རླུང་གིས་ཀྱང་མི་ཐར་བར་བསམ་མོ། །ཡང་མི་རྟོག་པའི་ངང་ལས་ༀ་བསམས་ལ་བཻ་རོ་ཙ་ན་ཨ་ཞེས་བརྗོད་པས་བདག་ཉིད་རྣམ་པར་སྣང་མཛད་དཀར་པོ་གཡས་སྔོ། །གཡོན་དམར་པོ་ཁྲོ་བོ། ཕྱག་གཡས་གཡོན་དང་པོ་གཉིས་འཁོར་ལོ། །གཡས་བར་པ་རྡོ་རྗེ། ཐ་མ་རིན་པོ་ཆེ། གཡོན་བར་པ་དྲིལ་བུ། ཐ་མ་རལ་གྲི་བསྣམས་པ། ཉི་ཟླ་པད་མའི་གདན་ལ་བཞུགས་པ། དེའི་ཐུགས་ཀ་ནས་མ་བཏོན་ལ། མ་སཱུརྱ་མཎྜ་ལ་ཞེས་ཉི་མ་བསམ། ཡང་ཐུགས་ཀའམ། དཔྲལ་བའི་དབྱིངས་ནས་ཧཱུཾ་ལྗང་གུ་གཅིག་ཕྱུང་ལ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་པས། མི་གཡོ་མགོན་པོ་སྐུ་མདོག་སྔོ་སྐྱ་གཡས་དཀར་གཡོན་དམར་བ། ཕྱག་གཡས་རྡོ་རྗེ་རལ་གྲི་མདའ། གཡོན་དགྲ་སྟ། ཞགས་པ། གཞུ་བསྣམས་པ་ཅིག །མདུན་ན་བཀའ་ནོད་ཅིང་། མེ་རབ་ཏུ་འབར་བ་ལ་གནས་པར་བསམས་ལ། ཧཱུཾ། མེ་ཡི་དཀྱིལ་འཁོར་ལ་གནས་སྣང་མཛད་ཀྱིས། ཞབས་དྲུང་དཔྲལ་དབྱེས་ནས་ཕྱུང་མི་གཡོ་བྲན། །བདུད་ལས་རྣམ་རྒྱལ་ཕྱག་དྲུག་མདའ་གཞུ་དང་། །རལ་གྲི་ཞགས་བསྣམས་རྡོ་རྗེའི་ཆར་འབེབས་པ། །ཁྲོ་བོ་གྲངས་ལས་འདས་པས་ནི་བསྐོར་ཏེ། །བགེགས་རྣམས་སྐྲགས་མཛད་ཧཱུཾ་གིས་སྒྲས་བཀང་ནས། །འཇིག་རྟེན་གསུམ་པོ་གང་བར་རྣམ་པར་འཇིགས། །ཐམས་ཅད་མ་ལུས་རྡུལ་དུ་རླག་པར་བྱོས། །ཕཊཿན་མཿས་མནྟ་བྷུ་ཏེ་ནན་ཨ་ཙ་ལ་ཙཎྜ་མ་ཧཱ་རོ་ཥ་ཎ་སྤོ་ཊ་ཡ་ཁཾ་ཁཾ་ཞེས་པའི་སྔགས་བརྗོོད་ནས། རལ་གྲིའི་ཕྱག་རྒྱས་གཡས་ནས་ཀླད་ལ་བསྐོར་བས་དགྲ་བགེགས་བསྐྲད། །གཡོན་ནས་བསྐོར་བའི་རལ་གྲིའི་གུར་དུ་གྱུར་པར་བསྒོམ་མོ། །གཉིས་པ་གསང་བའི་ནང་མཚམས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སུ་བསྒོམ་པ་ནི། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སུ་བསམ་ལ། ཧཱུཾ། མ་བཅོས་ཐིག་ལེ་ལྷུན་འཇམ་ནི། །འཁོར་འདས་ཆོས་རྣམས་མ་ལུས་ཀུན། །སེམས་ཉིད་བདེ་ཆེན་དག་པའི་ངང་། །བགེགས་ཞེས་བྱ་བའི་མིང་ཡང་མེད། །དེ་ལྟར་གསལ་བར་རབ་རྟོགས་པས། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ས་མ་ཡ་ཨི་ཐཾ། གསུམ་པ་གསང་བའི་གསང་མཚམས་གསང་བའི་དམ་སྲི་བདུད་རྩིའི་བསང་གཏོར་གྱིས་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད་པ་ནི། དེ་ནས་མ་ཏྲཾ་མནན་པ་སྟེ། བདག་ཉིད་བྱང་ཤར་དུ་ཕྱིན་ལ། བཛྲ་ཧེ་རུ་ཀ་ཧཱུཾ་ཞེས་བརྗོད་ནས། སྐད་ཅིག་གིས། ཧེ་རུ་ཀར་བསྐྱེད་ལ་ལྕགས་ཀྱའི་ཕྱག་རྒྱ་བཅས་ནས་ཁ་ར་ཏྲ་ཨངྒུ་ཤ་ཛཿཛཿཧཱུཾ་ཞེས་ལན་གསུམ་བརྗོད་པས། སྐད་ཅིག་གིས་མདུན་དུ་འོངས་པར་བསམས་ལ། ༀ་བཛྲ་གུ་ཧྱ་ཏྲི་ཤ་ས་མ་ཡ་སྟྭཾ། ཅེས་ལན་གསུམ་ཐོད་པའི་ཕྱག་རྒྱ་བསྟན་ནས། མ་ཏྲཾ་བྱ་བའི་དམ་པ་ནས་སྡོང་གྲོགས་མཛོད་ཅིག །ཅེས་པ་དང་། ༀ་བཛྲ་ཤྲཱི་ཧེ་རུ་ཀའི་སྔགས་བརྗོད་ནས། ཁ་སྟོང་ཁའི་ཕྱག་རྒྱ་བཅས་ནས་རྒྱབ་པས། སྡོང་གོག་འགྱེལ་བ་བཞིན། མགོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་བསྟན་ནས་གཡོན་གྱིས་གཡས་ནས་མནན་ནས། འགྱེལ་བར་བསམས་ལ། བདག་གི་ཞབས་གཡས་པའི་མཐེ་འོང་ཛའི་འཕྲོ་འདུས་ལྕགས་ཀྱུ་བསམས་ནས་རྐང་པ་གཡས་བཏེག་གི་བྱས་ལ། གནས་ཀྱི་སྒོ་ཅེས་པ་ནས། ཕྱེ་ཞིག་ཅེས་པ་ཡན་ཆད་བརྗོད། ཧཱུཾ་ཧཱུཾ་ཕཊ་ཕཊ་མ་ཏྲཾ་ཀ་རུ་ཏྲ་ཧཱུཾ་ཕཊཿ སརྦ་ཕྱེ་དང་ཙ་བྱ། ཕྱེ་དང་ཙ་བྱ། ཞེས་པས་རྐང་པ་ཕྲལ་བར་བསམ། དེ་ནས་རལ་གྲིའི་ཕྱག་རྒྱ་བཅས་ལ། ཀ་དར་ཁ་པྲ་བེ་ཤ་ཕཊ༔ ཅེས་བརྗོད་པས། ཁོག་པ་དྲལ་བར་བསམ། དེ་ནས་པྲི་ཧཱུཾ་ཞེས་བརྗོད་པས་ཁོའི་ཤེས་པ་ཧཱུཾ་དཀར་པོ་ཅིག་ཏུ་གྱུར་ནས། དེ་བདག་གི་ཐུགས་ཀར་ཐིམ་པས། ཐུགས་ཡེ་ཤེས་དབྱེར་མེད་པར་བསམ། དེ་ག་བྷྲུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་རཾ༔ ཞེས་བརྗོད་པས་ཁོག་པ་ཉིད་ཟླ་གམ། སྨུག་ནག་ཏུ་གྱུར་པ་ལས། བྷྲུཾ་ཁང་པྲ་བེ་ཤ་ཕཊ། ཅེས་པས་སྒོ་ཕྱེ་བར་བསམས་ནས། །ནང་དུ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་ནས་བྱིན་པར་བསམས། །ཧ་ཧ་ཧཾ་ཧཱུཾ་པ་ར་ཎ་སཾ་ཧ་ར་ཎ་ཧཱུཾ་ཕཊ། ཞེས་བརྗོད་པས། གཞལ་ཡས་ཁང་གི་སྒོ་བཅད་པར་བསམ་དེ་ཀའི་རྗེས་ལ་སྟེང་ཡང་རྡོ་རྗེའི་ཚིག་དབྱངས་དང་བཅས་པ་བརྗོད་ནས། ༀ་བཛྲ་ཡཀྵ་ཀྲོ་དྷ་ཧཱུཾ་ཕཊ་བཛྲ་བཛྲ་རཾ་ཡཾ་ཁཾ། ཞེས་ཕྱག་རྒྱས་བསྐོར་བས་སྟེང་འོག་རྡོ་རྗེའི་གུར་དུ་གྱུར་ནས། བསྐལ་པའི་རླུང་གིས་ཀྱང་མི་ཐར་བར་བསམས་ལ། ཁྲོ་བོ་བཅུའི་སྟངས་བྱ། དམ་སྲི་ཕུར་པ་བཞིན་ལས་མཁན་གྱིས་མནན། བརྒྱད་པ་ས་བཟུང་བ་ལ། ཆ་རྐྱེན་བསྡུ་ཞིང་སློབ་མ་རྣམས། །ནང་དུ་འདུས་ལ་གླེང་གཞི་བཤད། །འགག་བརྒྱད་བཤད་ལ་ཐུགས་དམ་བསྐང་། །འདི་དག་དབང་གི་སྔོན་འགྲོ་ཡིན། །ཅེས་གསུངས་པས་བཞི་སྟེ། ཆ་རྐྱེན་བསྡུ་བ་དང་། སློབ་མ་རྣམས་ལ་གླེང་གཞི་བཤད་པ་དང་། གགས་བརྒྱད་བཤད་པ་དང་ཐུགས་དམ་བསྐང་བའོ། །དང་པོ་ནི། །མཆོད་པའི་ཆ་རྐྱེན་ཕྱི་ནང་གསང་བའི་རྫས་ཁྱད་པར་ཅན་དང་། དཀྱིལ་འཁོར་གྱི་ཆ་རྐྱེན་ཡང་། མདའ་དང་། དར་དང་། རལ་གྲི་དང་། ཐུགས་རྗེའི་རྒྱུན་ཐག་ཕུར་བུ་དང་། འཕན་དང་། བླ་རེས། རྒྱལ་མཚན་དང་། དོ་ཤལ་རྫས་རྣམས་བསྡུས་ཏེ་སྤྱད། ཅེས་གསུངས་པས། དེ་རྣམས་གཞུང་ལས་ཇི་ལྟར་བྱུང་བ་བཞིན་བཤམ། དབང་གི་རྫས་ནི། བུམ་པ་ལྔ་དང་། ལས་ཀྱི་བུམ་པ་དང་། ཕྱི་ནང་གསང་བའི་རྫས་ཁྱད་པར་ཅན་རྣམས་ཚོགས་པར་བསག་ཅིང་བསྡུའོ། །གཉིས་པ་གླེང་གཞི་བཤད་པ་ལ་གཉིས་ཏེ། སློབ་མ་བསྲེ་བའི་ཆོ་ག་དང་། གླེང་གཞི་དང་། སྔོན་འགྲོའི་དབང་ཐུན་མོང་དུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དམ་མ་བསྲེས་པ་རྣམས་བསྲེ་བ་དང་། །འདྲེས་པ་རྣམས་བསྣན་པའོ། །དང་པོ་ནི། སློབ་དཔོན་དང་སློབ་མ་གཉིས་ཀས་སྒྲུབ་པ་པོ་རྣམས་ཀྱི་ཐུགས་ཀར་དམ་ཚིག་གིས་སེམས་དཔའ་རང་འདྲ་བ་ཚོན་གང་བ་གསལ་བར་བསྐྱེད་ལ། དབང་གི་རྒྱལ་ཐེབས་ཀྱིས་སྔར་གྱིས་བདུད་རྩི་བྱིན་གྱིས་རླབས་པ་དེ་བླངས་ཏེ་རྡོ་རྗེས་དཀྲུག་ཅིང་། རང་དང་རྣལ་འབྱོར་པ་རྣམས་ཀྱི་ལྕེ་ལ་ལན་གསུམ་བཞག་སྟེ། སློབ་དཔོན་གྱིས་ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དང་རྡོ་རྗེ་འཛིན། །དེ་བཞིན་བསྒྲུབ་པའི་རྣལ་འབྱོར་པས། དེ་དག་ལ་ནི་སྙིང་རིང་ན། རྡོ་རྗེ་ཡཀྵ་གནོད་སྦྱིན་གྱིས། །ཁྱོད་ཀྱི་སྙིང་ལ་གཞོས་ཏེ་འཐུང་། །སྙིང་ལ་ཡང་དག་གནས་པའོ། །འདི་ནི་སེམས་ཅན་དམྱལ་བའི་ཆུ། །ཨི་དན་ཏི་ན་ར་ཀན། ས་མ་ཡཀྵ་ཧཱུཾ། ཞེས་མནའ་དགག་ཅིང་དམ་བསྒྲག་གོ ། ཚིགས་སུ་བཅད་པ། དེ་ཉིད་ཀྱི་དོན་ཡང་བཤད་དོ། །གཉིས་པ་འདྲེས་པ་མནན་པ་ལ་གསུམ་སྟེ། དང་པོ་མནན་པ་དངོས་ནི། ཐོད་པའི་བདུད་རྩི་བླ་མས་དབུ་བྱས་པའི་རྣལ་འབྱོར་པ་རྣམས་ཀྱིས་བཏང་ཞིང་གཡོན་དུ་བསྐོར་ཏེ་མགྲིན་གཅིག་ཏུ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེ་དག་བྱིན་གྱིས་བ རླབས་ནས་ཀྱང་། །རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། ལན་གསུམ་མོ། །དེ་ནས་བཟུང་སྟེ་མཆེད་ལྕམ་དྲལ་རྣམས་དམ་ཉམས་སུ་མི་བཏུབ་པས་བསྒྲུབ་པ་པོ་རྣམས་ཀྱང་གྲོང་དང་། སྡེ་དང་། ཡུལ་དང་། ལུང་པ་མི་ག ཅིག་པ་ལ་མི་ཕྱེད་པའི་དད་པ་བརྟན་པོ་དང་ལྡན་པས། དམ་ཚིག་གཞུང་བཞིན་དུ་ཤེས་པར་བརླབ་སྟེ། བསྲངས་བ་ལ་འབད་དོ། །གཉིས་པ་བླ་མ་ལ་གཏང་རག་བཏང་བ་ནི། དཀྱིལ་འཁོར་དུ་བཅུག་པ་དེའི་མེ་ཏོག་ཅི་ལྟར་འབྱོར་བ་ཕུལ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང་། །དམ་ཚིག་འབྲེལ་བའི་མཆེད་དང་ལྕམ་དྲལ་གྱིས། །བསྒྲུབ་ཚོགས་རྣམ་གསུམ་གྱིས་བརླབས་པ་ནི། །བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་འབུལ། ལན་གསུམ་དུའོ། །གསུམ་པ་རྡོ་རྗེ་ཐེག་པའི་གྲལ་དུ་ཞུགས་པ་ནི། རང་རང་གི་སར་འདུག་སྟེ། ལྷག་པའི་ལྷར་གསལ་བར་བྱས་ལ། གཡས་གཡོན་གྱི་རྡོ་རྗེ་དྲིལ་བུ་བླངས་ཏེ་ལན་གསུམ་དུ་གསོར་ཞིང་། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། བསྙེན་བསྒྲུབ་རྣམ་བཞིས་བསྙེན་ཅིང་བསྒྲུབ་པ་དང་། །ཡི་དམ་ལྷ་ཡི་འཛའ་བསྙེན་དྲང་བའི་ཕྱིར། །དམ་ཚིག་རྡོ་རྗེ་དྲིལ་བུ་འཆང་བར་སྣང་། ཞེས་རྡོ་རྗེ་གསོར་ཞིང་། དྲིལ་བུ་དཀྲོལ་བར་བྱའོ། །གཉིས་པ་གླེང་བཞི་དང་སྔོན་འགྲོའི་དབང་ཐུན་མོང་དུ་བསྟན་པ་ནི། ཚོམས་བུ་དང་མཆོད་གཏོར་ཅི་རིགས་པ་བཤམ་ཞིང་། །ཡི་དམ་ལྷའི་བསྒོམ་བཟླས་ཅི་རིགས་པར་བྱས་ལ། །དལ་འབྱོར་རྙེད་དཀའ་ལ་སོགས་པའི་ཆོས་བཤད་དང་། །སྐྱབས་འགྲོ་དང་སེམས་བསྐྱེད་སྡོམ་པ་འབོག་གོ །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲའི་ནང་ནས། གླེང་གཞི་དང་། དབང་བཅུ་དྲུག་གི་གླེང་གཞི་དང་། དབང་གི་གོ་རིམ་ཉི་ཚེ་ཕྱུང་ནས་བཤད་པའོ། །འདོད་ཁམས་འདི་ན་བྲམ་ཟེ་དུང་གི་འཕྲེང་བ་གོན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ལ། སློབ་མ་རྒྱལ་པོའི་ཕྲུ་གུ་ཞིག་ཡོད་པས། བྲམ་ཟེས་སློབ་སྦྱོང་ལ་སོགས་པ་ཡོན་ཏན་མང་པོ་བསླབས་པ་ལས། རྒྱལ་བུ་ང་རྒྱལ་སྐྱེས་ཏེ་བསམས་པ། འདི་ན་ངའི་གོང་ན་སུ་ཡང་བཤེས་གཉེན་ཅན་མེད་དེ། གོང་དུ་མི་འཆོར་ན་བྲམ་ཟེ་འདི་གོང་དུ་མི་བཏང་སྙམ་སྟེ། བྲམ་ཟེ་བོས་ནས་དགུན་ཆང་མང་དུ་བླུད་དེ་གཟི་རུ་བཅུག་ནས་མྱོས་པ་དང་། མིག་ཁབ་ཀྱིས་རྩ བས། ལྕེ་ལྕགས་ཀྱུས་དྲངས་ཏེ་སྤུ་གྲིས་བཅད། ལུས་རུས་སྦལ་གྱི་ཁྲག་གིས་བྱུགས། བུད་མེད་མང་པོའི་ཞབས་མས་གྲིལ་ཞིང་མནན། སྒྱིད་པ་སྤུ་གྲིས་བྲེགས་ཏེ་བཞག་པ་དང་། བྲམ་ཟེ་དེ་མྱོས་པ་སངས་ནས། དྲུང་ན་སུ་འདུག་འབོད་པར་བསམས་པ་དང་། ལྕེ་མེད་པས་སྨྲ་མ་ཤེས། བུད་མེད་མང་པོའི་ཞབས་མས་བསྟུམས་ཤིང་། གྲིལ་བས་དྲན་པ་ཡང་ཆེར་ཉམས། ལྡང་པར་བསམས་པས། སྒྱིད་པས་ལྡང་མ་ནུས། སུ་འདུག་བལྟས་པས། མིག་གིས་མ་མཐོང་། ལུས་རུས་སྦལ་གྱི་ཁྲག་གིས་བྱུག་པས། །ཆུ་བུར་དང་ཀོམ་པོས་གང་བར་གྱུར་ཏེ། སྡུག་བསྔལ་ཞིང་ཉམས་ཐག་ནས་བྲམ་ཟེས་བསམས་པ། ཁ་སང་ཁོ་ན་འདི་འདྲ་བར་གྱུར་པ་ཚེ་རབས་སྔོན་གྱིས་ལས་ཀྱི་རྣམ་པར་སྨིན་པ་ཞིག་ཡིན་ནམ། འོན་ཏེ་གོང་དུ་ཤོར་དོག་པའི་ཕྲག་དོག་ཞིག་གིས་འདི་ལྟར་བྱས་སམ་སྙམ་ནས་ཡིད་ལ་བསམས་པ་དང་། རྒྱལ་བུ་སློབ་མས་གོང་དུ་ཤོར་གྱི་དོག་ནས་སྡུག་བསྔལ་རྣམ་པ་དེ་དག་བྱས་པར་བྲམ་ཟེས་མངོན་ཤེས་ཀྱིས་རིག་ནས་བྲམ་ཟེས་དམོད་པོ་བོར་བ། འོ །རྒྱལ་པོའི་ཕྲུ་གུ་ཁྱོད་ལ་ངས། ལོ་ཟླ་དེ་སྙེད་ཅིག་དུ་སློབ་སྦྱོང་བྱས་པས་ང་ལ་འདི་འདྲ་བའི་ལས་བྱེད་པ། ཁྱོད་ཀྱང་ཚེ་ལུས་འདི་ལ་ལུས་ལ་ཤ་ཟ་མོ་སྟོང་གིས་ཚང་འཆས་པར་གྱུར་ཅིག །མིག་ལོང་བར་ཤོག་ཤིག །ལྕེ་ལྐུགས་པར་ཤོག་ཅིག །རྐང་པས་འགྲོ་མི་ནུས་པར་ཤོག་ཅིག །ཚེ་འཕོས་ནས་ཀྱང་དམྱལ་བའི་གནས་སུ་ཡུན་རིང་དུ་སྐྱེས་ནས་ངན་སོང་གསུམ་གྱི་གནས་བརྒྱུད་པར་ཤོག་ཤིག །ཚེ་རབས་གྲངས་མེད་པར་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མི་མཐོང་ཞིང་། བྱང་ཆུབ་ཀྱི་མྱུ་གུ་གཏན་སྐམས་པར་གྱུར་ཅིག །ཅེས་དམོད་བོར་ཏེ་བྲམ་ཟེ་འདས་སོ། །དེ་ནས་རྒྱལ་བུ་དེ་རང་གི་ཉེས་བྱས་ཀྱི་རྣམ་སྨིན་དང་། །བྲམ་ཟེའི་དམོད་པ་བོར་བ་འདོམ་ནས། ཚེ་དེ་ཉིད་ལ་ལུས་ལ་ནད་རྣམ་པ་དྲུག་གིས་ཕྱི་ནང་དུ་ཐེབས་ཏེ། ཤ་ཟ་མོ་སྟོང་གི་ཚངས་འཆས་ནས་འཇིབ། མིག་ལོང་། ལྕེ་ལྐུགས་རྐང་པ་ཞ། ལག་པ་འཁུམས། ལུས་ཀྱང་འགུལ་མ་ནུས། །སེམས་བྱང་ཆུབ་མྱ་གུ་ཡང་སྔོ་སྐམས་སུ་སོང་ལ་ཐུག །དེ་ནས་ཚེ་འདས་ཤིང་འཕོས་ནས། །དམྱལ་བའི་ཁམས་བཅུ་དྲུག་ཁ་རྒྱུད་ནས། ངན་སོང་གསུམ་དུ་རྒྱུད་དེ་བསྐལ་པ་གྲངས་མེད་པའི་བར་དུ་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མཐོང་བའི་སྐབས་མེད་དོ། །དེ་ནས་འཕོས་ནས་སེམས་ཅན་གྱི་ནང་ན་ལུས་བསྲུལ་པོ་གཅེར་བུ་ཞེས་བྱ་བར་སྐྱེས་ནས་ཡང་། ལུས་ལ་ནད་རྣམ་པ་དྲུག་གིས་ཐེབས་ཏེ་སྡུག་བསྔལ་བ་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐུགས་རྗེའི་གཟིགས་ནས་དཔལ་ཕྱག་ན་རྡོ་རྗེ་ཐུགས་ཀ་ནས་ཕྱུང་། དེ་ནས་དཔལ་ཕྱག་ན་རྡོ་རྗེ་མདུན་དྲང་པོར་འདུག་སྟེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གྱི་ནང་ན་ལུས་བསྲུལ་པོ་གཅེར་བུ་པ་དུ་ཁ་སྣ་ཚོགས་ཀྱིས་ཉེན་པ་འདི་ལྟ་བུ་གདའ་བ། རྒྱུ་དང་རྐྱེན་ཇི་ལྟ་བུ་ཞེས་གསོལ་བ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ལུས་བསྲུལ་པོ་གཅེར་བུ་འདི་ནི་སྔོན་བསྐལ་པ་གྲངས་མེད་པའི་གོང་དུ་རྒྱལ་པོ་ཞིག་ཏུ་སྐྱེས་པ་ལ། སློབ་དཔོན་བྲམ་ཟེ་ཞིག་གི་ལུས་ལ་རྔན་སྣ་ཚོགས་བྱས་པའི་རྣམ་སྨིན་དང་། །བྲམ་ཟེའི་དམོད་པ་འདོམ་པའི་དབང་གིས། །དེ་ལྟར་བྱང་ཆུབ་ཀྱི་མྱུ་གུ་འདི་སྐམས་ལ་ཐུག ལུས་ཀྱི་རྒྱུ་ནི་ཤིན་ཏུ་ཉོན་མོངས་ཤིང་དུ་ཁ་དེ་ལས་འདས་ནས་དམྱལ་ཁམས་ཀྱི་ཁ་བརྒྱུད་དེ་ཐར་པའི་དུས་མེད་པར་གྱུར་ཏོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཉོན་མོངས་པའི་སེམས་ཅན་འདི་ཐུགས་རྗེས་གཟུང་དུ་གསོལ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་སོང་ལ། ཁྱོད་ཀྱིས་སེམས་ཅན་ཉམས་ཐགས་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱི་དབང་དམ་པ་ཐོབ་པར་བྱེད་པ་འདི་རྣམས་ཀྱིས་བསྲུངས་ལ། དུ་ཁའི་ནད་རྣམས་བསལ་བ་དང་། ངན་སོང་གསུམ་དམྱལ་ཁམས་སུ་སྐྱེ་བ་ལས་སླར་བཟློག་པར་བྱ་བ་དང་། མཐོ་རིས་གནས་སུ་སྐྱེ་བར་འགྱུར་བའི་ཐབས། དབང་འདི་དག་བསྐུར་བར་བྱ་བའི་ལས་འ དི་དག་བྱོས་ཤིག །ཅེས་བཀའ་སྩལ་པ་དང་། ལག་ན་རྡོ་རྗེ་རྗེས་སུ་ཡིད་རང་ནས་སླར་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དབང་ཐམས་ཅད་ཀྱི་རང་བཞིན་བཤད་དུ་གསོལ་ཞེས་ཞུས་པ་དང་། རྒྱལ་རིགས་བཙུན་པར་སྐྱེས་པའི་ཚེ། རྒྱལ་སྲིད་འབངས་ཀྱིས་ཕུལ་བའི་ཚེ། ཚིག་བཙན་ཡུལ་ལ་དབང་བསྒྱུར་བའི། །ས་བདག་རྒྱལ་པོར་གནས་པ་བཞིན། །བཅོམ་ལྡན་བྱང་ཆུབ་སྤྱོད་པའི་ཚེ། །བདེ་གཤེགས་ལྷ་ཀླུ་འཁོར་བཅས་པ། །དབང་བསྐུར་རྫས་ཀྱིས་མངའ་གསོལ་ནས། །དེ་ནས་བྱང་ཆུབ་མངོན་སངས་རྒྱས། །དེ་བཞིན་ཕྱག་རྒྱས་གནས་བསྲུངས་ཏེ། །གསང་དབང་བུམ་པས་སྡིག་པ་བཀྲུས། །འཕྲེང་བ་ཚུལ་ཁྲིམས་ཅོད་པན་དང་། །རྣམ་ལྔ་ཐུར་མས་བག་ཆགས་བསལ། །མེ་ལོང་འཁོར་ལོའི་སྟེང་བཙུགས་ཏེ། །ཆོས་དུང་རྡོ་རྗེ་རྒྱ་གྲམ་དང་། །རིན་ཆེན་སྣ་བདུན་དགོས་པ་བསྐོང་། །རལ་གྲི་ཤེས་རབ་སེང་གེ་སྒྲ། །ཉི་ཟླ་ཐབས་དང་ཤེས་རབ་དང་། །མདའ་གཞུ་ཞི་གནས་ལྷག་མཐོང་དང་། །འབྲས་བུ་བཀྲ་ཤིས་རྫས་བརྒྱད་བྱིན། །བདེན་པའི་བཀའ་བརྗོད་དམ་བདར་ནས། །ཏིང་འཛིན་ཚངས་པའི་གླུ་དབྱངས་དང་། །རྟེན་འབྲེལ་རྫས་རྣམས་ཚོགས་བྱས་ནས། །དབང་མཆོག་དེས་ནི་དབང་བསྐུར་རོ་ཞེས་འབྱུང་སྟེ། ཕྱག་རྒྱའི་དབང་དང་། གསང་བའི་དབང་དང་། བུམ་པའི་དབང་དང་། འཕྲེང་བའི་དབང་དང་། ཅོད་པན་གྱི་དབང་དང་། ཐུར་མའི་དབང་དང་། མེ་ལོང་གི་དབང་དང་། འཁོར་ལོའི་དབང་དང་། དུང་གི་དབང་དང་། རྡོ་རྗེ་རྒྱ་གྲམ་གྱི་དབང་དང་། རིན་ཆེན་སྣ་བདུན་གྱི་དབང་། རལ་གྲིའི༴ སེང་གེའི༴ །ཉི་ཟླའི་དབང་དང་། མདའ་གཞུའི༴ །བཀྲ་ཤིས་རྫས་བརྒྱད་ཀྱི་དབང་དང་བཅུ་དྲུག་གོ །དང་པོ་ནི་ཕྱག་རྒྱའི་དབང་ནི། དེ་ནས་ལག་ན་རྡོ་རྗེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་མྱུར་དུ་རྟོགས་པར་ཤོག །ༀ་བཛྲ་མུ་ཏྲ་ཨ་བྷི་ཥིཉྩ་ༀ། ༀ་བྷུདྡྷ་མུ་ཏྲ་ཨ་བྷི་ཥིཉྩ་ཧཱུཾ། ༀ་རཏྣ་མུ་ཏྲ་ཨ་བྷི་ཥིཉྩ་ཏྲཾ༔ ༀ་པདྨ་མུ་ཏྲ་ཨ་བྷི་ཥིཉྩ་ཧྲི། ༀ་ཀརྨཱ་མུ་ཏྲ་ཨ་བྷི་ཥིཉྩ་ཨཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པར་དག་པའི་ཕྱག་རྒྱས་བཅིངས་ཏེ། སེམས་ཅན་ལུས་སྲུལ་པོ་དེའི་གནས་ལྔར་ཐུག་ཅིང་ཀྲད་པས། ཤ་ཟ་མ་སྟོང་ཡོད་པ་བྱེར་རོ། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །སྐུ་གསུང་ཐུགས་དང་ལྡན་པ་དང་། །གསང་བ་གསང་ཆེན་གསང་མཆོག་གི །བདག་པོར་ཁྱོད་ལ་དབང་བསྐུར་རོ། །ༀ་བུདྡྷ་ཨ་བྷི་ཥིཉྩ་ཧཱུཾ། འདུ་འབྲལ་མེད་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །བྱང་ཆུབ་ཀྱི་མྱ་གུ་སྔོ་སྐམས་སུ་གྱུར་པ་དེ། །དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བྱིན་གྱིས་བརླབས་སོ། །རིན་ཆེན་སྣ་ཚོགས་རྒྱུ་ལས་བྱས། །ཁ་དོག་སྣ་དབྱིབས་དང་ལྡན་པ་ཡི། །ཤེས་རབ་ཡུམ་གྱི་བུམ་པ་སྟེ། །དབང་མཆོག་འདིས་ནི་དབང་བསྐུར་རོ། །ༀ་བུད་དྷ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བཛྲ༴ ༀ་རཏྣ་ཨ་བྷི༴ ༀ་པདྨ་ཨ་བྷི་ཥིཉྩ་ཧཱུཾ། ༀ་ཀརྨཱ་ཨ་བྷི་ཥིཉྩ་ཧཱུཾ། དེ་བཞིན་གཤེགས་པའི་ཐུགས་རྗེ་བྱིན་རླབས་པའི། །བདུད་རྩི་བུམ་པས་དབང་བསྐུར་བས། །ལུས་མི་བདེ་བ་རྣམས་བཀྲུས་ནས་དག་པར་གྱུར་ཏོ། །བྱང་ཆུབ་ཡན་ལག་མེ་ཏོག་འཐོར། །ཁམས་གསུམ་བཙུན་མོའི་བདག་པོ་སྟེ། །བདེ་གཤེགས་མཆོད་པ་ཐོབ་པ་དང་། །འགྲོ་དོན་བྱེད་པར་དབང་བསྐུར་རོ། །ༀ་རཏྣ་མ་ལྱ་ཏྲཾ་ཏྲཾ་ཏྲཾ། མེ་ཏོག་འཕྲེང་བས་དབང་བསྐུར་བས། ཚུལ་ཁྲིམས་ཀྱི་འཕྲེང་བ་ཞིག་རལ་ཡོངས་སུ་རྫོགས་ནས། ངན་སོང་གསུམ་དུ་ལྟུང་བ་ལས་བཟློག་པའི་དབང་ཐོབ་པར་གྱུར་ཏོ། །ཡེ་ཤེས་བདག་ཉིད་ཅོད་པན་འདིས། །ཀླུ་གདུག་གནོད་པས་མི་རྫི་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །དབང་མཆོག་དེས་ནི་དབང་བསྐུར་རོ། །ༀ་བཛྲ་པ་ཏ་ཨ་བྷི་ཡཾ་པ་ན་ཨ་བྷི་ཥིཉྩ་ཧྲཱི། ཅོད་པན་གྱིས་དབང་བསྐུར་བས། །ཁམས་གསུམ་ན་གནས་ཀྱང་། །སྦྱོར་བ་ངན་པའི་བག་ཆགས་དང་བྲལ་བར་གྱུར་ཏོ། །དེ་ནས་ཐུར་མ་ཐོགས་ཏེ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མིག་ནི་རབ་རིབ་བསལ་བ་བཞིན། །བུ་ཁྱོད་མ་རིག་ཐིབས་པ་ཡི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་ཐུར་མས་དབང་བསྐུར་བས། །མ་རིག་པའི་ལིང་ཐོག་ཐིབས་པོ་བྱང་ནས་བསལ་བར་གྱུར་ཏོ། །དེ་ནས་མེ་ལོང་བྱིན་ཏེ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལས་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པ་ཡི། །དོན་དམ་ཆོས་ཉིད་རྟོགས་པར་ཤོག །ཞེས་མེ་ལོང་གི་དབང་བསྐུར་བས། ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ལྟ་བུར་མཐོང་ངོ་། །དེ་ནས་འཁོར་ལོ་ཐོགས་ལ། འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗིད་པའི་གདན་གྱི་འབྲུ་བཀོད་ནས། །གཞན་དོན་འདི་ལ་ཕན་པའི་ཕྱིར། །རྒྱལ་བས་འཁོར་ལོ་བསྐོར་བར་ཤོག །ཅེས་འཁོར་ལོས་དབང་བསྐུར་བས། །རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཏེ། ཁམས་གསུམ་གྱི་གནས་ཐམས་ཅད་དུ་འགྲོ་ནུས་པར་གྱུར་ཏོ། །དེ་ནས་དུང་ཐོག་ལ། ཆོས་དུང་རྒྱས་པར་བུས་ནས་ནི། ལོ་གའི་སེམས་ཅན་སྐལ་ལྡན་ལ། །རྣ་གསལ་སྡིག་སྦྱངས་ཆོས་ཐོས་པའི། །སྐྱོབས་པ་མགོན་པོ་ཚངས་སྐད་སྒྲོག །ཞེས་དུང་གི་དབང་བསྐུར་བས། ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ནས་རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་སྟེ། དགོས་པའི་སེམས་ཅན་གཉིས་མེད་ལ། །གཙུག་ཏུ་རྒྱ་གྲམ་དབང་བསྐུར་བས། །རྡོ་རྗེ་འཛིན་པ་རྣམས་ཀྱིས་ཀྱང་། །དེ་ལ་བསྲུང་བ་ཉིད་དུ་འགྱུར། །ཞེས་རྒྱ་གྲམ་གྱིས་དབང་བསྐུར་བས་ཕྱོགས་བཅུ་ནས་སྔགས་འཆང་རྣམས་ཀྱིས་བསྲུངས་བར་གྱུར་ཏོ། །དེ་ནས་རིན་པོ་ཆེ་སྣ་བདུན་ནམ་མཁའ་ལ་བརྒྱུད་མར་བྱུང་སྟེ། །ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །སྡང་པའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ༀ། འཁོར་ལོ་རིན་པོ་ཆེའི་རྩིབས་སྟོང་དང་ལྡན་པ་ཞིག་ལག་ཏུ་བབས་པས། དེ་མ་ཐག་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་སྡོམས་པའི་མཐུ་དང་ལྡན་པར་གྱུར་ནས། །སངས་རྒྱས་ཀྱི་ས་ལ་ངེས་པར་ལུང་བསྟན་ཏོ། །ཡན་ལག་ཐམས་ཅད་ལེགས་སྐྱེས་པའི། །རབ་གནས་རི་འདྲ་གང་ཆེན་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཧ་སྟི་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་གླང་པོ་ཆེ་ཐལ་དཀར་འདུག་པ་ཡན་ལག་བདུན་དང་ལྡན་པ་ཞིག་མདུན་དུ་བབས་པས། སྣས་བླངས་ཏེ་སྟེང་དུ་བཞག་པས། འགྲོ་བ་རིགས་དྲུག་གི་མཐོང་ཐོས་པའི་གནས་སུ་ངེས་པར་འདེགས་ནུས་པའི་ཐབས་དང་ལྡན་པ་ཞིག་ཏུ་གྱུར་ཏོ། །ཐོ་རངས་དུས་སུ་ཕྱོགས་ཀུན་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་གྱུར་པའི། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པ་དབང་བསྐུར་རོ། །ༀ་ཏུ་རཾ་ག་ཨ་ཤོ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། རྟ་རིན་པོ་ཆེ་སྤྲིན་གྱི་ཤུགས་འཆང་གཙུག་ན་རིན་པོ་ཆེ་ཅན་ཞིག་ལག་ཏུ་བབས་པས། །མི་གནས་པའི་དབྱིངས་སུ་ཐོགས་པ་མེད་པར་གྱུར་ཏོ། །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། ནོར་བུ་རིན་པོ་ཆེ་འོད་འབར་གཅིག་སྤྱི་བོའི་གཙུག་ཏུ་བབས་པས། ཕྱི་ནང་ཐམས་ཅད་དུ་མུན་པ་སེལ་ཏེ། བསམ་པ་ཡིད་བཞིན་དུ་འབྱུང་བའི་ཡོན་ཏན་ལྡན་པར་གྱུར་ཏོ། །འགྲོ་དང་ལྡོག་དང་ཀུན་ཏུ་འོང་གྱུར་པ། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་དེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡིས། །དམག་དཔོན་རིན་ཆེན་དམ་པ་དབང་བསྐུར་རོ། །ༀ་ཁ་ག་རཏྣ་ཨ་བྷི་ཥིཉྩ་མཾ། །དམག་དཔོན་རིན་པོ་ཆེ་ལུས་ལ་འོད་འབར་བ། ཕྱག་ན་མཚོན་ཆ་ཐོགས་པ་འཇིགས་པ་ཞིག་དཔྲལ་བར་བབས་པས། ཕྱོགས་བཅུ་ཐམས་ཅད་ནས་བརྡོ་ཞིང་རྒོལ་བ་རྣམས་ཤིན་ཏུ་ཟིལ་གྱིས་ནོན་ཅིང་དཔའ་བཀོང་པར་གྱུར་ཏོ། །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་བ། ལྤགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། བཙུན་མོ་རིན་ཆེན་དམ་པ་དབང་བསྐུར་རོ༔ ༀ་ཝ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། བཙུན་མོ་རིན་ཆེན་འོད་འབར་བ་ཆགས་པའི་སྤྱན་གསུམ་དང་ལྡན་པ་ཞིག་ཡན་ལག་གཡོན་པར་བབས་པས། དེ་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་དུ་འབྲེལ་ཏེ། བདེན་པ་མ་ནོར་བའི་དོན་ལ་ཆགས་པ་མི་གཏོང་བ་བྱེད་པའི་གཟུགས་དང་ལྡན་པར་གྱུར་ཏོ། །གང་ཡང་རྒྱལ་བས་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་མ་ཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་ཡཾ། བློན་པོ་རིན་པོ་ཆེ་འོད་འབར་བས། ཤེས་པ་གསལ་བ། གཞན་གྱིས་ལྟར་མི་མངོན་པ་ཞིག་ལག་པ་གཡས་པར་བབས་པས། བློ་དང་བརྩོན་འགྲུས་སུ་ལྡན་ནས་བདེ་སྐྱིད་འཚམས་པ་བཀོད་པའི་བཤེས་གཉེན་དང་ལྡན་པར་གྱུར་ཏོ། །དེ་ནས་རིན་པོ་ཆེ་སྣ་བདུན་ལུས་ལ་རྫོགས་པར་བསམས་པས། ཕྱིར་མི་ལྡོག་པའི་འཁོར་ལོས་བསྒྱུར་བའི་མཆོག་སྤྲིན་ཕུང་ཞེས་བྱའོ། །དུག་གསུམ་གཅོད་པས་འཁོར་བ་སྟོང་། འཛིན་འཁྲུལ་དག་པས་རྒྱུད་བསྐུལ་ཞིང་། བག་ཆགས་མ་ལུས་ཀུན་དག་པའི། །ཤེས་རབ་རལ་གྲིས་དབང་བསྐུར་རོ། །ཁངྒ་ཨ་བྷི་ཥིཉྩ་ཧཱུཾ། ཡེ་ཤེས་རལ་གྲི་ལག་ཏུ་བྱིན་ནས་དབང་བསྐུར་བས། དུག་གསུམ་གཟུང་འཛིན་འཁྲུལ་པ་རྒྱུན་བཅད་དེ། བག་ཆགས་ཐམས་ཅད་བྱང་ཞིང་ཡང་དག་པའི་ཤེས་རབ་དང་ལྡན་པར་གྱུར་ཏོ། །བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བ་ཡི། །གཟུགས་ཅན་ཅིག་ནི་ལག་ཏུ་བྱིན་པ་ཡིས། །གསུང་རབ་རྒྱ་མཚོ་ཀུན་གྱིས་སྒྲ་སྒྲོགས་ཏེ། །ལོག་པའི་ཕྱོགས་ཀུན་ཟིལ་གྱིས་གནོན་པར་ཤོག །བཛྲ་སིང་ཧ་ཨ་བྷི་ཥིཉྩ་ཧཱུཾ། བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བའི། །གཟུགས་ཅན་ཅིག་ལག་ཏུ་བྱིན་ནས་དབང་བསྐུར་བས། །གསུང་རབ་རྒྱ་མཚོའི་སྒྲས་ལོག་པའི་ཕྱོགས་ཟིལ་གྱིས་མནན་ནས། སྐད་ཅིག་མ་གཅིག་གིས་སྟོང་སྤྱི་ཕུད་ཀྱི་སྟེང་དུ་མངོན་པར་སངས་རྒྱས་ཏེ། ལུས་སྲུལ་པོ་དེའི་མཚན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལེགས་སོ་ལེགས་སོ་ཞེས་བྱ་བས་བསྟོད་དོ། །སྟེང་ཕྱོགས་མངའ་མཛད་ཐུགས་རྗེས་ཉི་ལྟར་བདལ། །ཐུགས་རྗེ་མུན་སེལ་ཐུགས་རྗེ་ཟླ་བའི་འོད། །སྟོང་གསུམ་མུན་པ་ཀུན་ཏུ་གསལ་ནས་ནི། །སེམས་ཅན་ཀུན་གྱི་སྣང་བ་བསྐྱེད་པར་ཤོག །སཱུརྱ་ཙནྟ་ཨ་བྷི་ཥིཉྩ་ཧཱུཾ། ཉི་ཟླ་ཕྱག་ཏུ་གཏད་དེ་དབང་བསྐུར་བས། དེ་མ་ཐག་ཏུ་ཉི་མས་སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱིས་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་མཐའ་མེད་ཤར་བས། དྲོ་ཞིང་འཇམ་པར་གྱུར་ཏོ། །ཟླ་བས། སྟོང་གསུམ་གྱི་མུན་པ་རྣམས་དུས་གཅིག་ཏུ་གསལ་ནས། དུས་དང་རྣམ་པ་ཐམས་ཅད་དུ་བསིལ་ཞིང་སྣང་བར་གྱུར་ཏོ། །དེས་ཐམས་ཅད་མཁྱེན་པའི་གོ་འཕང་ཆེན་པོ་རྫོགས་པར་གྱུར་ཏོ། །ཐབས་ཀྱི་གཞུ་འདི་ཡེ་ཤེས་གསལ། །ཤེས་རབ་མདའ་ནི་དབྱིངས་སུ་མྱུར། །ཟུང་དུ་འབྲེལ་བས་ཡེ་ཤེས་གསལ། །དག་པའི་རྩེ་མོར་གནས་པར་ཤོག །དྷ་ན་ཤ་རོ་ཨ་བྷི་ཥིཉྩ་ཧཱུཾ། མདའ་གཞུ་ཕྱག་ཏུ་ཕུལ་ཏེ་དབང་བསྐུར་བས། ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་བའི་ཡེ་ཤེས་དག་པའི་རྩེ་མོ་ལ་གནས་པར་གྱུར་ཏོ། དེ་ནས་ཐམས་ཅད་ནས་ཐམས་ཅད་དུ་བཀྲ་ཤིས་པར་གྲུབ་པའི་རྫས་སུ་གསུངས་པ། ཏ་ཐཱ་རྣམས་དང་། བོ་དྷི་ས་ཏྭ་རྣམས་དང་། འོག་མིན་གྱི་ལྷ་དང་། འདོད་ཁམས་ཀྱི་ལྷ་དང་། ས་བདག་དང་། རིགས་ཀྱིས་བྲམ་ཟེ་དང་། གང་ཟག་དད་པས་བསམས་ཤིང་རིག་པའི་གླང་པོ་དང་། མཁྱེན་པའི་དཔལ་ལ་སོགས་ཏེ་ལེགས་པའི་སྦྱིན་གནས་སུ་བསྐྱེད་པའི་ཕྱིར། བཀྲ་ཤིས་ཀྱི་མངའ་གསོལ་ནས། འགྲོ་བ་གཞན་ལ་ཕན་པའི་དོན་དུ་ཚིགས་སུ་བཅད་པས་བསྟོད་པ། དེ་བཞིན་གཤེགས་པ་དགྱེས་པ་བསྐྱེད་བ་ཀྱེ། རྡོ་རྗེ་བདག་ཡོངས་གཏན་དུ་མ་བཏང་ཞིག །ཡུངས་ཀར་དངོས་གྲུབ་བགེགས་ཀྱི་སྦྱོར་བ་རྣམས་འཇོམས་དང་། ཞོ་ཡིས་རྒྱལ་བྱེད་ཏིང་འཛིན་བཅུད་ཀྱིས་འཚོ་བ་དང་། དུར་བས་དགེ་བའི་རྩ་བ་དཔག་མེད་ཚོགས་ལྡན་དང་། ལི་ཁྲིས་ལྷ་མོ་དབང་དུ་སྡུད་པ་དང་། མེ་ལོང་གིས་ནི་ཆོས་རྣམས་གཟུགས་བརྙན་ལྟ་བུར་མངོན་རྟོགས་དང་། དུང་གིས་ལོ་ག་གསུམ་དུ་གྲགས་པ་ཐོབ་པ་དང་། གི་ཝཾ་དུག་གསུམ་ཞི་བྱེད་ཆོས་སྲོག་འཚོ་བ་དང་། བིལ་བས་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་བརྗོད། ཡངས་ཀར་རྡོ་རྗེས་བགེགས་མཆོག་འདུལ། བགེགས་རྣམས་འཇོམས་པའི་མཐུ་སྟོབས་ལྡན། དགྲ་བགེགས་ཀུན་ལས་རྒྱལ་བ་ཡི། །བྱིན་བརླབས་ཆེན་པོའི་དབང་ཐོབ་ཤོག །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུབ་པའི་རྫས་གསུམ་བྱིན་གྱིས་རླབས། ཤིས་པའི་ཡངས་ཀར་ཕྱག་ཏུ་ཕུལ་བས། །བགེགས་ཀྱི་རིགས་སྟོང་ཕྲག་བརྒྱད་བཅུའི་རྟོག་པ་རྣམས་ཀྱི་བསམ་སྦྱོར་ངན་པ་ཀུན་གཅོད་པར་མཛད་དོ། །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པས་ཏེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཤིང་། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བར་ཤོག །བཅོམ་ལྡན་འདས་ལ་ཁྱིམ་བདག་བཟང་སྐྱོང་གིས་ཞོ་ཕྱག་ཏུ་ཕུལ་བས་ཀུན་གྱི་དབང་པོའི་བཅུད་ཡོངས་སུ་ཚིམ་པར་བྱེད་པ་འདོད་འཇོའི་བ་ཁྱད་པར་ཅན་དུ་བྱིན་གྱིས་རླབས་སོ། །དུར་བས་ཚེ་ནི་འཕེལ་བས་བྱེད་པ་སྟེ། །རྡོ་རྗེ་ཚེ་ནི་དབང་གྲུབ་པས། །སྐྱེ་ཤིའི་སྡུག་བསྔལ་རྒྱུན་བཅད་དེ། །དུར་བའི་བཀྲ་ཤིས་དེས་ནི་ཚེ་བརྟན་ཤོག །བཅོམ་ལྡན་འདས་ལ་བྲམ་ཟེ་ཀུན་དཱ་ལིས་རྩ་དུར་བ་ཕུལ་བས། དུར་བ་ལོ་འདབ་རྒྱས་ཤིང་འཕེལ་བ་བཞིན་དུ། སེམས་ཅན་ཐམས་ཅད་ལ་བསོད་ནམས་འཕེལ་བར་བྱིན་གྱིས་རླབས་སོ། །ལི་ཁྲི་དམར་བ་དབང་གི་རང་བཞིན་ཏེ། ཆོས་ཀུན་མ་ལུས་དབང་དུ་གྱུར་པ་ཡི། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པ། བཀྲ་ཤིས་དེས་ཀྱང་རབ་ཏུ་བརྟན་པར་ཤོག །བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས། ལི་ཁྲི་ཆགས་ཤིང་ཞེན་པ་བཞིན་དུ་ཐུགས་རྗེ་ཆེན་པོའི་དབང་གིས་ཉོན་མོངས་པའི་སེམས་ཅན་མི་གཏོང་བར་ཐུགས་དམ་དུ་བཞེས་སོ། །གི་ཝཾ་དུག་གསུམ་འཇོམས་པའི་སྨན་ཡིན་ཏེ། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཅིང་། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །བཅོམ་ལྡན་འདས་ལ་གླང་པོ་ཆེ་ས་བསྲུངས་གིས་བུས། གི་ཝཾ་ཕྱག་ཏུ་ཕུལ་བས། །བདུད་རྩི་སྨན་གྱི་མཆོག་ཏུ་གྱུར་ཏེ། །ནད་བཞི་བརྒྱ་རྩ་བཞིའི་གཉེན་པོར་བྱིན་གྱིས་བརླབས་སོ། །དུང་གི་ཆོས་ཀྱི་སྒྲ་ཆེན་སྒྲོག་པའི་ཚུལ། །ཡོན་ཏན་རྒྱ་མཚོ་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོ ག་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་ཚིགས་ལ་ལོངས་སྤྱོད་ཤོག །བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་གཡས་སུ་འཁྱིལ་བ་བཅུ་དྲུག་པ་ཅིག་ཕྱག་ཏུ་ཕུལ་བས། སུམ་ཅུ་རྩ་གསུམ་གྱི་གནས་ཡན་ཆད་ནས་ལོ་ག་སོ་སོའི་རིགས་སུ་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པས་ཆོས་སྒྲ་ཆེན་པོ་ཡོངས་སུ་རྫོགས་པར་མཛད་དོ། །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོའི་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་སྒྲིབ་པ་དག་གྱུར་ཅིག །བཅོམ་ལྡན་འདས་ལ་སའི་ལྷ་མོས་གཟུགས་བརྙན་བསྟན་ཅིང་མེ་ལོང་ཕུལ་བས། །མེ་ལོང་གཡའ་དག་པ་ལ་གཟུགས་ཀྱི་དངོས་པོ་སྣང་ལ། སྟོང་པ་ཤིན་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་འཕང་རྫོགས་པ་སྟོང་པ་སྣང་བར་མཛད་དོ། །བིལ་པ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ནི་འཇིག་རྟེན་འགྲུབ་པར་ཤོག །བཅོམ་ལྡན་འདས་ལ་ཤིང་གི་ལྷ་མོ་འོད་འཆང་གིས། ཤིང་བིལ་པ་ཕྱག་ཏུ་ཕུལ་བས། བིལ་པ་ཇི་ལྟར་སྨིན་པ་རྒྱས་པ་གང་བར་གྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་བདེ་བ་ཆེན་པོའི་དབྱིངས་སུ་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་རྒྱལ་པོའི་རྒྱུད་ལས། ཕྱི་དབང་བཅུ་དྲུག་གི་གླེང་གཞིའི་ལེའུ་སྟེ་ལྔ་པའོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་སྐད་ཅིག་ཡུད་ཙམ་ལ། ནམ་མཁའ་གང་ནས་གང་དུ་ཁྱབ་པ་ཐམས་ཅད་དུ་དབང་གི་དཀྱིལ་འཁོར་ཞི་ཁྲོའི་ལྷ་ལྔ་བརྒྱ་བརྒྱད་བཅུ་རྩ་གསུམ་གྱིས་གང་བར་མཛད་ནས། སྔར་སངས་རྒྱས་པ་མྱ་ངན་ལས་འདས། །ཆོས་ཀྱི་སྐུ་ལ་བཞུགས་པ་རྣམས། ཆོས་ཀྱི་སྐུ་ལས་གཟུགས་ཀྱིས་སྐུར་བཞེངས་ལ་འགྲོ་བའི་དོན་མཛོད་ཅིག་པར་དབང་བསྐུར་ཏེ། སངས་རྒྱས་ཀྱི་སྐུ་རེ་རེ་ལ་ཡང་ལྷ་ལྔ་བཅུ་རྩ་གསུམ་གྱིས་ཐམས་ཅད་ཀྱིས་ཡེ་ནས་སངས་རྒྱས་པར་དབང་ཐོབ། ད་ལྟ་བཞུགས་པ་དང་། སླད་ཀྱིས་འབྱོན་པ་དང་། ཐམས་ཅད་ཀྱིས་དེ་བཞིན་དུ་དབང་བསྐུར་རོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ངོ་མཚར་རྨད་དུ་གྱུར་ཏེ། ཨེ་མ་ཧོ༔ བཅོམ་ལྡན་འདས་ངོ་མཚར་རོ་སྙམ་ནས། མགྲིན་ཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཏ་ཐཱ་ཐམས་ཅད་ཀྱིས་ཞི་ཁྲོའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་དབང་དེ་བདག་ཅག་དང་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ལ་ལུང་བསྟན་དུ་གསོལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །འགྲོ་བའི་དོན་དུ་ཞུས་པ་ལེགས་སོ། །དབང་བསྐུར་རྒྱལ་པོའི་རྒྱུད་འདི་ཡང་བསྐུར་ཐབས་ཉི་ཤུ་རྩ་གཅིག་དང་། །འདྲེན་པའི་ལས་བྱང་བསྐུར་བ་དང་། །ལྟ་བ་ཡེ་འབྱམ་གྱི་དང་གསུམ་མོ། །དེ་ལ་བསྐུར་ཐབས་ནི་གོང་དུ་བསྟན་པ་བཞིན་ནོ། །འདྲེན་པའི་ལས་བྱང་ཆེན་པོས་བསྐུར་བ་ནི། དོན་གསུམ་སྟེ། ཕན་པ་ལྷའི་དབང་དང་། བྱིན་བརླབས་སློབ་དཔོན་གྱི་དབང་དང་། ཐོབ་པ་མིང་གི་དབང་ངོ་། །དེ་ལ་དང་པོ་ཕན་པ་ལྷའི་དབང་ནི། དཀྱིལ་འཁོར་གྱི་དབྱིབས་ཟླ་བ་ཚེས་བརྒྱད་པ་ལ་སྤྲོ་བསྡུ་བྱས་པ་དང་། ཚེས་བཅུ་དྲུག་བར་པའི་སྟེང་མཎྜལ་གྱིས་དབྱིབས་འདོམ་བཞི་ཁྲུ་བཞི་ཆ་གང་པ་རྩིགས། དེ་ནས་ཕྱོགས་བཞིར་མདའ་རོ་བཅལ་བར་བང་རིམ་ཅིག་རྩིགས། དེ་ནས་འདོམ་ཕྱེད་བཅལ་བར་བང་རིམ་གཅིག་རྩེགས། དེའི་སྟེང་དུ་བང་རིམ་གཅིག་རྩིགས་ཏེ། བང་རིམ་གསུམ་བརྩེགས་སུ་བྱའོ། །ཡང་དཀྱིལ་ན་མཐའ་རུ་ཐིག་སྐུད་དྲངས་ལ། གསུམ་ལྟབ་ཏུ་བྱས་ལ་བང་རིམ་གསུམ་པར་བྱའོ། །བང་རིམ་དང་པོའི་སྟེང་དུ་ཞི་བའི་ལྷ་ཞེ་གཉིས་བཀོད། བར་པ་ལ་ཁྲོ་བོའི་ལྷ་བདུན་ཅུ་རྩ་བརྒྱད་དགོད། ཐ་མར་ཕོ་ཉ་དང་། གིང་དང་། མ་མོ་དང་། སྲིང་མོ་དགོད། ཟླ་གམ་ཁ་སྤྲོད་ལ་དུས་གསུམ་གྱིས་རིག་འཛིན་སློབ་དཔོན་བཞུགས། ཕྱོགས་མཚམས་སྟེང་འོག་དང་། མཎྜལ་གྱི་རྩར་ཕུར་པའི་ལྷ་ཞེ་གཉིས་དགོད། ཟླ་གམ་དམར། གྲུ་བཞི་སེར། ཞི་ཁྲོ་གཞན་རྣམས་གཞུང་བཞིན་ནོ། །དེ་ནས་ཏིང་ངེ་འཛིན་གསུམ་བསྒོམ་སྟེ། གཞལ་ཡས་ཁང་དུ་གསུང་ཡིག་འབྲུ་གསུམ་ལས། ཐུགས་ཕྱག་མཚན། སྐུ་ཕྱག་རྒྱ་རྫོགས་པར་བསྐྱེད་ནས། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ལ་མཆོད་དེ། བསྙེན་བསྒྲུབ་ཚང་བ་དང་། སློབ་མ་དལ་དུ་དྲངས་ཏེ། ཕན་པ་ལྷའི་དབང་ཞི་ཁྲོ་གཉིས་ཀྱི་དབང་བསྐུར་བའི་འཕྲིན་ལས་ནི། སྐུ་ཕྱག་རྒྱ་ཆེན་པོར་བྲིས་པ་དང་། བསྒོམས་པ་དང་། རང་བཞིན་གཉིས་སུ་མེད་པས། ཞི་བའི་ལྷ་རྣམས་སྐུ་གསུང་ཐུགས་བྲིས་སྒོམ་བྱས་ཏེ། ཙཀྐ་ལིའི་རྒྱབ་ཡིག་ཀུན་འདུས་དང་། རྔམ་ཀློག་ནས་གསུངས་པ་བཞིན་ཀློག་ཅིང་དབང་བསྐུར་རོ། །སློབ་མའི་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ནས་དབང་བསྐུར་ལ་འདི་སྐད་དོ། །དེ་ནས་ཁྲོ་བོའི་དཀྱིལ་འཁོར་ཆེ་མཆོག་ཡབ་ཡུམ་ནས་རིམ་པར་བསྐུར་བ་ཡང་འདི་སྐད་དོ། །དེ་ནས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཐུགས་རྗེ་སྤྲུལ་པའི་འཁོར་རྣམས་ཀྱི་དབང་བསྐུར་བ་འདི་སྐད་དོ། །དེ་ནས་བྱིན་རླབས་སློབ་དཔོན་གྱི་དབང་ནི། །དུས་གསུམ་གྱི་རྡོ་རྗེ་སློབ་དཔོན་གྱིས་མཚན་དང་། །གསང་མཚན་དུ་བཅས་པས་དབང་བསྐུར་ཏེ། །དེ་ཡང་དམ་ཚིག་དབང་གི་སློབ་དཔོན་དང་། །ཤེས་རབ་བརྒྱུད་ཀྱིས་སློབ་དཔོན་དང་། གནང་བ་འབྲས་བུའི་སློབ་དཔོན་གྱི་རིམ་པས་བསྐུར་རོ། །ཐོབ་པ་མིང་གི་དབང་ནི། ཕལ་ཆེར་ལྷ་མང་པོ་བསྒོམ་མི་ནུས་པ་དང་། ལྷ་མང་པོ་ལ་མི་མོས་པ་ལ་མང་པོས་བསྐུར་ཀྱང་མི་ཐོབ་མི་ཆགས་པས་། འཚམས་པར་བསྐུར་བ་དང་། གང་དག་རྒྱ་ཆེར་བ་ཅིག་ལའང་། ཐོགས་པ་མེད་ཅིང་། གང་ཡང་མི་སྤོང་བ་ལ་མིང་གིས་ཐམས་ཅད་རྫོགས་པར་མི་བསྐུར་དུ་མི་རུང་བའི་ཕྱིར། འདི་དག་གི་གོ་རིམ་སློབ་དཔོན་གྱིས་ཤེས་པར་བྱས་ལ། སྣོད་ཀྱི་རིམ་པ་དང་སྦྱར་བ་ལས། བབ་བཅོལ་དང་། མཐོ་སེམས་དང་། ངོ་དཀར་བྱ་བ་ནི་མ་ཡིན་ནོ། ཏ་ཐཱ་ཐམས་ཅད་ཀྱི་སྤྱི་དབང་རྣམ་པར་སྣང་མཛད་ཀྱི་ཐིག་ལེ་དབང་བསྐུར་བ་རྒྱལ་པོའི་རྒྱུད་ལས། རྣལ་འབྱོར་ཆེན་པོ་རྣམས་ལ་འདྲེན་པའི་ལས་བྱང་ཆེན་པོས་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ། །དེ་ནས་རྣལ་འབྱོར་བ་བློ་རབ་འབྲིང་མེད་པར་ཡོངས་ལ་བསྐུར་བ་ནི་བསྐུར་ཐབས་བཅོ་ལྔ་སྟེ། དབུ་རྒྱན་གྱི་དབང་དང་། ཅོད་པན་གྱི་དབང་དང་། བྷན་དྷའི་དབང་དང་། བྱང་ཆུབ་སེམས་དང་། དྲི་ཆེན་དང་། ཤ་ཆེན་དང་། རཀྟ་དང་། དྲི་ཆུ་དང་། བདུད་རྩི་ར་ས་ཡ་ན་དང་། རྡོ་རྗེ་དྲིལ་བུ་དང་། ཕུར་བུ་དང་། ཡུངས་ཀར་དང་། འཕྲེང་བ་དང་། མར་མེ་དང་། རྔེའུ་ཆུང་ངོ་། །དེ་ལ་དབུ་རྒྱན་གྱི་དབང་བསྐུར་བ་ནི། དབུ་རྒྱན་ཐོད་པའི་གཞལ་ཡས་ཁང་ལྔར་གྱུར་པའི་ནང་དུ་ཧེ་ར་ཀ་ལྔ་བསམས་ལ་འདི་སྐད་དོ། །སངས་རྒྱས་ཀུན་གྱི་རཏྣ་ཆེ། དཔག་ཏུ་མེད་པར་འོད་དང་ལྡན། །རིགས་མཆོག་ཕྱག་རྒྱ་ལྔར་ལྡན་པས། ཁམས་གསུམ་བདག་པོར་དབང་བསྐུར་རོ། །ༀ་བཛྲ་རཏྣ་མུ་གུ་ཏྲ་ཏྲཾ་ཏྲཾ་ཏྲཾ། ཁྲོ་བོའི་དབུ་རྒྱན་གྱི་དབང་བསྐུར་བས། དྲེགས་པ་བདུད་དང་སྲིན་པོ་འདུལ་བའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག །ཅོད་པན་གྱི་དབང་བསྐུར་བ་ནི། སློབ་མ་དེ་འཁོར་དང་མྱ་ངན་ལས་འདས་པའི་ཆོས་ལ་མངའ་བརྙེས་ཤིང་གདུག་པ་ཅན་ཐམས་ཅད་འདུལ་བ་དང་། ཆོས་ཀྱི་རྒྱལ་པོ་བྱེད་པར་རྒྱལ་བ་ཚེ་དཔག་ཏུ་མེད་པར་བསྒོམས་ལ་འདི་སྐད་དོ། །ཅོད་པན་མི་འགྱུར་མངའ་བརྙེས་པའི། །ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་དབང་། །ཁམས་གསུམ་ཀུན་གྱིས་དབང་ཕྱུག་ཆེ། །ཆོས་ཀྱི་རྒྱལ་པོའི་དབང་བསྐུར་རོ། །དྷརྨྨ་ར་ཛ་ཡ་སྭཱ་ཧཱ། ཅོད་པན་གྱི་དབང་བསྐུར་བས། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་བརྙེས་ནས། །ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་གྱུར་ཅིག །བན་དྷས་དབང་བསྐུར་བ་ནི། སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་པར་བསྒོམས་ལ་འདི་སྐད་དོ། །མཚན་མའི་རྟོག་བྲལ་བྷནྡྷའི་རྫས། མཆོག་ནི་སྔོན་གྱི་སྐྱེས་མཆོག་སྒྲུབ་པའི་རྫས་ཡིན་ཏེ། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་པར་ཤོག །དྷརྨྨ་ར་ཀ་ཡ་ཤ་ར་སྭཱ་ཧཱ། བྷན་དྷས་དབང་བསྐུར་བས་སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་པར་གྱུར་ཅིག །བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། དཀར་ལ་དག་པ་གཉིས་མེད་བྱང་ཆུབ་སེམས། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། རྡོ་རྗེ་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །ཨ་ཏ་རི་ཤ་ཨཏྨ་ཀོ་྅་ཧོ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་ཏེ་རྡོ་རྗེ་རིགས་ཀྱི་སིདྡྷི་ཐོབ་པར་གྱུར་ཅིག །དྲི་ཆེན་གྱི་དབང་བསྐུར་བ་ནི། །དྲི་ཆེན་བདུད་རྩི་ཆེན་པོའི་རང་བཞིན་ཏེ། །རྣམ་རྟོག་དུག་སེལ་བདུད་རྩི་བདག་ཉིད་ཀྱིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །ཏ་ཐཱ་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །མ་ཧཱ་ཤུ་ནྱ་ཏ་ཨཏྨ་ཀོ་྅་ཧོ། །དྲི་ཆེན་གྱི་དབང་བསྐུར་བས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་ཏེ་ཏ་ཐཱའི་སིདྷི་ཐོབ་པར་གྱུར་ཅིག །མཾ་སའི་དབང་བསྐུར་བ་ནི། མ་རིག་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །གནས་ནས་སྒྲོལ་མཛད་རྫས་མཆོག་ཤ་ཆེན་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རཏྣ་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །ས་མནྟ་ཨཏྨ་ཀོ་྅་ཧོ། །ཤ་ཆེན་གྱི་དབང་བསྐུར་བས། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་ཏེ། །རཏྣ་རིགས་ཀྱི་སིདྡྷི་ཐོབ་པར་གྱུར་ཅིག །རཀྟ་དབང་བསྐུར་བ་ནི། གསང་བའི་དབང་གི་རྫས་མཆོག་རཀྟ་འདི། །ཆགས་མེད་བདེ་བར་སྤྱད་པས་དམར་ལ་དངས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །པདྨ་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །པྲ་ཏ་པྲ་བེ་ཤ་ཨཏྨ་ཀོ་྅་ཧོ། །རཀྟ་དབང་བསྐུར་བས། སོ་སོར་རྟོག་པའི་ཡེ་ཤེས་དང་ལྡན་ཏེ། །པདྨ་རིགས་ཀྱི་སིདྡྷི་ཐོབ་པར་གྱུར་ཅིག །དྲི་ཆུ་དབང་བསྐུར་བ་ནི། །རང་བྱུང་དག་པས་ལས་ཀྱི་རིགས་ཀྱི་རྫས། །ཕྱི་ནང་གསོས་གྱུར་བདུད་རྩིའི་རང་བཞིན་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །ལས་ཀྱི་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །ཀྲི་ཏ་ཨ་ནུ་ཏ་ཨཏྨ་ཀོ་྅་ཧཾ། །དྲི་ཆུས་དབང་བསྐུར་བས། བྱ་བ་ནན་ཏན་གྱི་ཡེ་ཤེས་དང་ལྡན་ཏེ། ལས་ཀྱི་རིགས་ཀྱི་སིདྡྷི་ཐོབ་པར་གྱུར་ཅིག །རྡོ་རྗེ་དྲིལ་བུ་དབང་བསྐུར་བ་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་པ། །ཐུགས་མཆོག་རྟོགས་པ་རིན་ཆེན་བརྒྱན། །རྡོ་རྗེ་དྲིལ་བུ་དབང་བསྐུར་བས། །ཐབས་དང་ཤེས་རབ་དབང་ཐོབ་ཤོག །བཛྲ་གྷནྜ་རི་ཤ་སྭཱ་ཧཱ། །རྡོ་རྗེ་དྲིལ་བུས་དབང་བསྐུར་བས། སྐུ་དང་ཡེ་ཤེས་སུ་ལྡན་པའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག །ཕུར་བུ་དབང་བསྐུར་བ་ནི། དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས། །མཐར་བྱེད་བགེགས་རྣམས་ཚར་གཅོད་མཚོན་ཆར་ལྡན། །རྡོ་རྗེ་ཀི་ལ་ཡ་ཡི་དབང་བསྐུར་བས། ལོག་འདྲེན་དགྲ་བགེགས་ཚོགས་རྣམས་འཇོམས་པར་ཤོག །བཛྲ་ཀི་ལི་ཀི་ལི་ཡ་ཨ་བྷི་ཤ་ཡ་སྭཱ་ཧཱ། ཕུར་བུ་དབང་བསྐུར་བས། ཡ་མ་དམ་སྲི་བར་ཆད་སྒྲོལ་བའི་དབང་ཐོབ་པར་གྱུར་ཅིག །བདུད་རྩི་ར་ས་ཡ་ན་དབང་བསྐུར་བ་ནི། །ཐམས་ཅད་སྨན་ཡིན་བདུད་རྩི་མཆོག །རྒྱལ་བ་ཀུན་གྱིས་བསྒྲུབ་པའི་ལམ། །ར་ས་ཡ་ནས་དབང་བསྐུར་བས། །བདུད་རྩི་བཅུད་དང་ཕྲད་པར་ཤོག །སརྦ་ཨ་མྲྀ་ཤ་རི་སྭཱ་ཧཱ། བདུད་རྩི་ཨ་མྲྀ་ཏའི་དབང་བསྐུར་བས། སྐྱེ་ཤི་མེད་པའི་དབང་ཐོབ་པར་གྱུར་ཅིག །འཕྲེང་བའི་དབང་ནི། འཕྲེང་བ་མྱ་ངན་འདས་པའི་ཆོས་ལ་སྤྱོད། །འགྲོ་ཀུན་ཡང་དག་ཆོས་ཀྱི་དོན་ལ་འཇུག །མེ་ཏོག་འཕྲེང་བ་ལ་སོགས་དབང་བསྐུར་བས། གཟུངས་དང་ཏིང་འཛིན་ལྡན་པའི་དབང་ཐོབ་ཤོག །རཏྣ་མ་ལ་ཨ་བྷི་ཥིཉྩ་སྭཱ་ཧཱ། མེ་ཏོག་འཕྲེང་བ་དབང་བསྐུར་བས། གཟུངས་དང་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཅིག །ཡུངས་ཀར་གྱི་དབང་བསྐུར་བ་ནི། ཡུངས་ཀར་རྒྱལ་པོའི་བྱིན་རླབས་ཀྱིས། བར་གཅོད་བགེགས་ཀྱི་ཚོགས་འཇོམས་གྲུབ་རྫས་ནི། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། བར་གཅོད་བགེགས་རྣམས་རྡུལ་དུ་བརླག་པར་ཤོག །ཤ་རི་རཾ་སྭ་ཧཱ། ཡུངས་དཀར་གྱི་དབང་བསྐུར་བས། སྤྲུལ་པ་འགྱེད་པ་དང་དགྲ་བགེགས་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །མར་མེ་གྱི་དབང་བསྐུར་བ་ནི། དཔལ་ཆེན་ཡབ་ཡུམ་གསང་བའི་ཐུགས་བསྡུས་པས། །སྐྱེ་མེད་དབྱིངས་ནས་ཡེ་ཤེས་མར་མེ་གསལ། །ཀུན་གཞི་གནས་གྱུར་སྤྱན་གྱི་ཡེ་ཤེས་འདི། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་རོ། །བཛྲ་ཛྙཱ་ན་ཨ་ལོ་ཀེ་ཤྭ་རི་སྭཱ་ཧཱ། མེ་མར་གྱི་དབང་བསྐུར་བས་དཔལ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་ལ་མ་སྐྱེས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། །མ་འགགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། །ཀུན་ལ་ཁྱབ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །མ་འདྲེས་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། །མཐར་ཕྱིན་པས་བྱ་བ་ནན་ཏན་གྱིས་ཡེ་ཤེས་དང་། །མ་གཡོས་པ་སྟོང་པ་ཆེན་པོའི་ཡེ་ཤེས་དང་། །ཀློང་དུ་གྱུར་པས་འདའ་ཀ་ཐུགས་ཀྱི་ཡེ་ཤེས་དང་། བདག་ཉིད་ཆེན་པོའི་ངང་དུ་གྱུར་པས་དབྱིངས་སུ་སྒྲོལ་བའི་ཡེ་ཤེས་དང་། བདེ་བ་ཆེན་པོ་ལ་གཉིས་སུ་མེད་པར་སྦྱངས་པའི་ཡེ་ཤེས་དང་། ཡེ་ཤེས་དགུ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །རྔ་ཆུང་གི་དབང་བསྐུར་བ་ནི། ཤེས་རབ་གསང་བའི་སྒྲ་སྒྲོགས་རྔ་མཆོག་འདི། །ཁམས་གསུམ་མ་ལུས་ཀུན་ལ་ཆོས་སྒྲ་སྒྲོགས། །ང་རྒྱལ་དྲག་ཤུལ་བདུད་ཚོགས་རྣམ་འཇོམས་པའི། །ཕྱག་མཚན་འདི་ཡི་དབང་མཆོག་ཐོབ་པར་ཤོག །པྲཛྙཱ་ཙ་མ་རཀྵ་ར་སྭཱ་ཧཱ། རྔ་ཆུང་གི་དབང་བསྐུར་བས། ཆོས་སྐུ་སྐྱེ་བ་མེད་པའི་སྒྲ་སྒྲོགས་པས། བདུད་དང་སྲིན་པོ་ཟིལ་གྱིས་མནན་ཏེ། མ་མོ་དང་ཌཱཀྐི་དབང་དུ་བསྡུད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཏ་ཐཱ་ཐམས་ཅད་ཀྱི་སྤྱི་དབང་། རྣམ་པར་སྣང་མཛད་ཐིག་ལེ་དབང་བསྐུར་བ་རྒྱལ་པོའི་རྒྱུད་ལས། འདྲེན་པའི་ལས་བྱང་ཆུང་ངུའི་ལེའུ་སྟེ་བདུན་པའོ། །དེ་ནས་རྣལ་འབྱོར་པས་མན་ངག་ངེས་པའི་དོན་ལ་མཁས་ཤིང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གྱུར་པ་རྣམས་ནི། རིགས་པའི་རྒྱལ་པོ་རང་དབང་དུ་གྱུར་པས་དབང་བསྐུར་ཀྱང་མི་དགོས། མ་བསྐུར་ཀྱང་རྫོགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་རྒྱལ་པོ་དེ་རྒྱུད་དུལ་ཕན་འདོགས། གསེར་འགྱུར་ནི་གསེར་དུ་མ་རྟགས་ཀྱང་གསེར་དུ་སྣང་ཞིང་། །གསེར་གཞན་པས་བརྒྱད་ཅུ་སྡེ་ཡིས་དཔགས་ལ། གསེར་སྲང་གཅིག་གིས་ཟངས་སྲང་སྟོང་ལ་རེག་ཀྱང་། གསེར་དུ་སྣང་བ་བཞིན། བདག་ཉིད་ཆེན་པོ་བྱང་ཆུབ་སེམས་ཀྱི་དབང་དུ་གྱུར་ན། དབང་མ་བསྐུར་ཀྱང་། ཐམས་ཅད་ཡེ་ནས་བྱང་ཆུབ་སེམས་ཀྱི་སངས་རྒྱས་སུ་དབང་བསྐུར་ཞིང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ལྷུན་གྱིས་གྲུབ་པས། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་དབྱེར་མེད་པར་མཛད། སངས་རྒྱས་དང་སེམས་ཅན་ཞེས་བྱ་བ་མེད་པར་དབང་བསྐུར་ན། ཡིད་བཞིན་གྱིས་ནོར་བུ་རིན་པོ་ཆེ་ལ་ཇི་ལྟར་དགོས་འདོད་འབྱུང་བ་དང་འདྲ་བར། ཡེ་ནས་ཡངས་པ་ཆེན་པོའི་ཀློང་ལ་གང་ཡང་མི་དོག་ཅིང་། ཀུན་ཏུ་བཟང་པོ་ལ་ཅི་ཡང་མི་རྟོག་པས། ལྟ་བ་ཡེ་འབྱམས་ཀྱི་དབང་བསྐུར་བའི་ཕྱིར་འདི་སྐད་གསུངས་སོ། །ཆོས་རྣམས་ཐམས་ཅད་ནམ་མཁའི་ཁམས། །དང་པོ་མཚན་མ་ཀུན་ལས་འདས། །ནམ་མཁའ་བཞིན་དུ་ཡེ་གནས་ལ། །དེ་ལ་མཁས་པས་བཅོས་སུ་མེད། །དེ་བཞིན་སེམས་ཀྱི་རྣམ་པ་ཀུན། །དེ་བཞིན་ཉིད་དུ་བཅོས་ལས་འདས། །འདི་ལྟར་ཡེ་ནས་ཡིན་རྟོགས་ན། །དབང་རྣམས་བསྐུར་ཡང་ཡོང་མི་དགོས། །སྟོང་གསུམ་མ་བཅོས་ཆོས་ཉིད་ཀློང་། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཁམས་གསུམ་ཕྱག་རྒྱའི་དཀྱིལ་འཁོར་རྫོགས། །དུག་གསུམ་བདུད་རྩི་བྱང་ཆུབ་སེམས། །ལུས་ངག་ཡིད་གསུམ་ཡེ་ཤེས་ལྷ། །ཐམས་ཅད་སྐྱོན་མེད་ཡོན་ཏན་དག །བདེ་བ་ཆེ་ལས་གཞན་མེད་པས། །དབང་རྣམས་ཐམས་ཅད་མ་བསྐུར་རྟོགས། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །རྒྱུ་དང་འབྲས་བུ་ལ་སོགས་པ། །གཉིས་སུ་མེད་པར་ཡེ་ཤེས་པས། །བྱང་ཆུབ་སེམས་སུ་དབང་བསྐུར་ཡིན། །མིང་དང་ཚིག་དང་ཡི་གེ་དང་། །ཐེག་པའི་བྱེ་བྲག་ཐམས་ཅད་ཀྱང་། །དོན་དམ་གཅིག་ཏུ་སུས་ཤེས་པ། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །ལས་དང་ལས་ཆེན་ལ་སོགས་པའི། །རྩོལ་བསྒྲུབ་བྱ་བ་ཅི་བྱས་ཀྱང་། །བྱང་ཆུབ་དོན་ལ་རྩལ་མེད་པས། །སངས་རྒྱས་རྣམས་ཀྱིས་མ་རྩལ་བཤད། །ཉོན་མོངས་ལས་དང་དུ་ཁ་དང་། །འཛིན་རྟོག་མཚན་མའི་ལས་རྣམས་ཀྱང་། །པདྨ་ཆུས་མི་ཆགས་པ་བཞིན། །བྱང་ཆུབ་སེམས་ལ་གོས་པ་མེད། །དབང་དང་དམ་ཚིག་ཐམས་ཅད་དང་། །དེ་བཞིན་འཕྲིན་ལས་བྱ་བ་ཀུན། །བྱས་ན་སྐྱོན་མེད་ལེགས་པའི་ལམ། །མ་བྱས་ན་ཡང་བྱང་ཆུབ་སེམས། །ཕྱི་ཉིད་ནང་ལ་ནང་ཉིད་ཕྱི། །སྣང་བ་ཐམས་ཅད་རང་རིག་འཆར། །བརྗོད་པས་ཚིག་དང་ཡི་གེ་མེད། །སྐྱེ་ཤིའི་འཕོ་འགྱུར་རྟོག་པ་རྣམས། །དེ་བཞིན་མ་བཅོས་བྱང་ཆུབ་སེམས། །མ་རྩལ་བཞག་པས་གདོད་ནས་དག །འགྱུར་བ་མེད་པས་ལྷུན་གྱིས་གྲུབ། །འདི་ནི་ལྟ་བ་ཡེ་འབྱམས་དབང་། །ཞེས་ཉིད་ལ་བརྗོད་དོ། །ཏ་ཐཱ་ཐམས་ཅད་ཀྱི་སྤྱི་དབང་། །རྣམ་པར་སྣང་མཛད་ཐིག་ལེ་དབང་བསྐུར་རྒྱལ་པོའི་རྒྱུད་ལས། ལྟ་བ་ཡེ་འབྱམས་ཀྱི་དབང་གི་ལེའུ་སྟེ་བརྒྱད་པའོ། །དེ་ནས་དམ་ཚིག་ཉམས་པ་མེད་པའི་དབང་ནི། ཐམས་ཅད་རང་གི་དབང་ཡིན་པར་ཤེས་ཤིང་། ཡེ་ནས་ཀུན་ཏུ་བཟང་པོར་སངས་རྒྱས་པ་ལ། ཕྱོགས་རིས་དང་ཆེ་ཆུང་སྒྲོ་བསྐུར་མེད་པར་ལུང་བསྟན་པར་རྟོགས་པ་ལས། དམ་ཚིག་ལ་ཡང་ཉམས་པ་མེད་ལ། དབང་ལ་ཡང་ཐོབ་པ་མེད་དོ། །སྤྱོད་པ་མ་སྤངས་ལྷུན་གྱིས་གྲུབ་པའི་དབང་ནི། ཅི་བྱས་ཅི་སྤྱད་འདྲེ་ལྡོག་སྤྱིར་གཙུག་གར་འདྲེས་ཀྱང་། །སྙིང་པོ་བྱང་ཆུབ་སེམས་ལས་མ་གཏོགས་པ་གང་དུ་ཡང་འགྱུར་བ་མེད་པས། ནམ་མཁའ་མཚན་གྱིས་མ་ཞེན་པ་བཞིན་དུ་སྤྱོད་པ་ཅི་སྤྱད་པ་སངས་རྒྱས་ཀྱི་མཛད་སྤྱོད་ལྷུན་གྱིས་གྲུབ་ལ་དབང་ཡང་ཐོབ་བོ། །བསྒྲུབ་པ་མཐར་ཕྱིན་པའི་དབང་ནི། སྐྱོན་དང་ཡོན་ཏན་བདེ་བ་དང་སྡུག་བསྔལ་གཉིས་མེད་པས། གཅིག་གིས་བརྒྱན་དུ་གཅིག་གྱུར་པས། ཅི་བྱས་པ་ཆུད་མི་ཟོས་པར་འཁོར་བ་ཉིད་མྱ་ངན་ལས་འདས་པ་ཆེན་པོར་ལྷུན་གྱིས་གྲུབ་པས། ཐེ་ཚོམ་མེད་པར་ཡིད་ཆེས་པས། བསྒྲུབ་པ་མཐར་མ་ཕྱིན་པ་ཡང་མེད་ལ། དབང་མ་ཐོབ་པ་ཡང་མེད་དོ། །འཕྲིན་ལས་བྱ་རྩོལ་མེད་པའི་དབང་ནི། ཡེ་ནས་སེམས་སངས་རྒྱས་མིན་ན་སོལ་བ་དང་འདྲ་ལ། ཡེ་ནས་སངས་རྒྱས་ཡིན་པས། གསེར་དང་འདྲ་བས། ཡིན་པའི་དོན་ལ་མ་ཡེངས་མ་ཆགས་པས། སངས་རྒྱས་ཉིད་ཡིན་པས་ཡིན་པའི་དོན་ལ་མ་ཡེངས་ཤིང་། སེམས་ལ་མཐའ་དབུས་དང་། སྐྱེ་འཆི་དང་། འཕོ་འགྱུར་མེད་པ་ཡིན་པས་དེ་ལ་མ་ཡེངས་ཤིག །འཛིན་རྟོག་གི་སྐྱོན་ཐམས་ཅད་མ་སྐྱེས་པའི་ཀློང་དུ་ཤེས་པས། འཁོར་བ་ཡང་མེད། སྡུག་བསྔལ་ཡང་སྟོང་། ཡོན་ཏན་ཡང་ཆེ་བས་མ་ཡེངས་ཤིག །དེས་ན་འཕྲིན་ལས་རྩོལ་དུ་མེད་ལ། །དབང་ཡང་མ་ཐོབ་པ་མེད་དོ། །དབང་ཡང་སངས་རྒྱས་ཀྱི་དབང་ངོ་། །ཡོད་ནི་རང་གི་སེམས་ལ་ཡོད། །ཐོབ་ནི་སློབ་དཔོན་ལ་དམ་ཚིག་མ་ཉམས་ན་སློབ་དཔོན་ལ་ཐོབ་བོ། །མཐར་ནི་མ་ཡེངས་ན་བྱིན་པར་འགྱུར་རོ། །འགྲུབ་ནི་ཅི་ཡང་མ་བཅོས་མ་སླད་པས་འགྲུབ་བོ། །དོན་ཐམས་ཅད་དགོངས་པ་ཉག་ཅིག་ཏུ་གཏུགས་སོ། །ཏ་ཐཱ་ཐམས་ཅད་ཀྱི་ཕྱི་དབང་། རྣམ་པར་སྣང་མཛད་ཐིག་ལེ་དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཡོངས་སུ་གྲུབ་པ་དབང་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཀུན་ཏུ་བཟང་པོའི་ཐུགས་ཀྱིས་ཀློང་ནས་བཀའ་སྩལ་པ། ཇི་ལྟར་བཀའ་མཐུན་ཡིད་བཅུག་ཀྱང་། །སྙིང་གི་སློབ་མར་མ་གྱུར་ཅིང་། །གསང་བའི་དོན་དང་མ་ལྡན་ན། །དབང་གི་དོན་འདི་མ་སྨྲ་ཅིག །མ་སྨྲས་ན་ནི་གཟི་ཆེ་ལ། །གསང་མི་ཐུབ་ལ་བསྟན་བྱས་ན། །དེས་ནི་གསང་སྔགས་ཟོང་དུ་འཚོང་། །སངས་རྒྱས་ཐམས་ཅད་སྐུ་བསླུས་སོ། །རྫོགས་པ་ཆེན་པོ་ལ་སྡིག་མེད་ཀྱང་། གསང་མི་ཐུབ་པའི་གང་ཟག་སྟེ། །སངས་རྒྱས་མ་ཡིན་བདུད་ཡིན་པས། །དེ་བསྟེན་སྡིག་པ་ནང་ནས་ཆེ། །ཁམས་གསུམ་སེམས་ཅན་བསད་པ་བས། །གསང་སྒྲོགས་སྡིག་པའི་ཆར་མི་ཕོད། །འདི་ལ་བསྟན་པ་རྣལ་འབྱོར་མིན། །ཉེས་བྱས་ཉམས་པ་བརྗོད་ལས་འདས། །ཇི་ལྟ་ཇི་སྙེད་གསང་ཞིང་གསུངས། །དེ་བཞིན་བསྟན་ཀྱང་ཉན་མི་བྱེད། །འདོད་པས་རྫས་སྐྱོན་ཕྱིར་ཁྲིད་པས། །སློབ་དཔོན་བཀའ་བཅོག་དམ་ཚིག་མེད། །ལོ་ག་འདི་ན་སྙིང་རྗེ་མེད། །དེ་འདྲ་སྣོད་མིན་གཞན་དུ་སྐྲོད། །སྔགས་ཀྱི་ཐེག་པ་ལ་སོགས་པ། །བསྐལ་པ་བརྒྱར་ཡང་མ་བསྙེན་ཅིག །གསང་མེད་གོལ་ཞིང་ཉམས་པ་མེད། །ཀུན་ཏུ་བཟང་པོའི་ལུང་ལ་མེད། །དེ་བས་རྣལ་འབྱོར་སྙིང་པོ་དེས། །གསང་བ་ལ་ནི་སྐྱོན་མེད་དོ། །དང་པོ་སློབ་དཔོན་ཕ་བཞིན་བྱོས། །བར་དུ་དབང་དང་དམ་ཚིག་ནོས། །ཐ་མར་མན་ངག་གཏེར་བཞིན་ཆོས། །རྣལ་འབྱོར་འདི་ནི་མཉེས་པའི་བཀའ། ཡང་གསང་ངེས་པའི་དོན་ཆེན་འདི། །གང་གིས་བཅངས་པ་སངས་རྒྱས་ཉིད། །ཀུན་ཏུ་བཟང་པོ་སྐྱོན་མེད་པས། །འགལ་ཞིང་གསོལ་བར་མ་གསུངས་སོ། །ཏ་ཐཱ་ཐམས་ཅད་ཀྱི་སྤྱི་དབང་། །རྣམ་པར་སྣང་མཛད་ཐིག་ལེ་དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཀུན་ཏུ་བཟང་པོ་ཐུགས་ཀྱི་གདམས་ངག་གི་ལེའུ་སྟེ་བཅུ་པའོ།། །།རྒྱུ་བདེ་བ་གསལ་མཛད་ཀྱིས་ཐེག་པ་འདུས་པའི་མདོ་དབང་ལ་དྲུག་གསུམ་བཅོ་བརྒྱད་དུ་སྡེབས་པ་ལས། དང་པོར་གདབ་པའི་དབང་ལེའུ་དྲུག་བསྐལ་པ་དུམ་བུའི་རྒྱུད་དུ་སྟོན་པའོ། །ཐེག་པ་འདུས་པའི་མདོ་དབང་རྫོགས་སོ། །དེ་དག་ནི་ཕྱི་དབང་ཆེན་པོའི་གླེང་གཞི་དང་། འདྲེན་པའི་ལས་བྱང་ཆེ་ལེ་དང་། །འདྲེན་པའི་ལས་བྱང་ཆུང་ལེ་དང་། །ཡོངས་སུ་གྲུབ་པའི་དབང་ལེ་དང་། །ལྟ་བ་ཡེ་འབྱམས་དབང་ལེ་དང་། །ཀུན་བཟང་ཐུགས་ཀྱི་གདམས་ངག་ལེ་དང་། རྣམ་པ་དྲུག་ཏུ་ལས་གཉེར་གཏད། །བར་དུ་དགོས་པའི་བསྒྲུབས་ཐབས་དྲུག །དབང་དོན་བསྡུས་དང་དབང་དོན་རྒྱས། །རྒྱ་ཆེར་བྱེད་དང་མན་ངག་གསང་། །ལས་ཐོ་རབ་གནས་བཤགས་པ་དང་། །གསང་སྔགས་བྱུང་ཚུལ་གླེང་གཞི་དང་། །དྲུག་གིས་བསྒྲུབ་པའི་དོན་རྣམ་བཤད། །རྒྱུན་དུ་དགོས་པའི་ལག་ལེན་དྲུག །སྦྱིན་བསྲེག་ལྷག་ཆོག་དཀྱིལ་འཁོར་ཐིག །ཕྱི་ནང་གཉིས་ཀྱི་ཙཀྐ་ལི། །རྒྱུད་ཁུངས་གཏད་རྒྱའི་གླེང་གཞི་དྲུག །དྲུག་གསུམ་བཅོ་བརྒྱད་ཡི་གེ་འདིས། །སངས་རྒྱས་ཡེ་ཤེས་བདག་གིས་བརྙེད། །སྣོད་ལྡན་རྣམས་དང་ཕྲད་པར་ཤོག །དེ་ནི། དབང་ཆོག་རིན་ཆེན་འཁོར་ལོ་ལས། །དང་པོ་བུམ་དབང་གླེང་གཞི་ནས། །ཡང་དག་བརྩམས་ཏེ་བདག་གིས་བཤད། ཅེས་པའི་དོན་ནོ། །ཡང་། དེ་ལྟར་དཔལ་ལྡན་འདུས་སོགས་པའི། །རྒྱུད་རྒྱལ་ཀུན་ལས་གྲགས་པ་རྣམས། །གླེང་གཞི་ཞེས་སུ་རྣམ་པར་བཤད། །ཅེས་གསུངས་པའི་དོན་ནི། སྟོན་པ་འདས་ནས་ལོ་ཉེེར་བརྒྱད་ལོན་པའི་དུས་སུ། རྒྱལ་པོ་ཛའི་ཁང་ཐོག་ཏུ་པོ་ཏི་དང་གླེགས་བམ་གྱི་ཆར་བབས་པའི་ལོ་རྒྱུས། །གསང་སྔགས་རྡོ་རྗེ་ཐེག་པ་ཇི་ལྟར་བྱུང་བའི་ཚུལ། །གདུལ་བྱ་ལ་གྲགས་ལུགས་ཀྱི་གླེང་གཞི་བཤད་པས། སྐལ་ལྡན་རྗེས་འཇུག་གིས་ཚོགས་རྣམས་ཡིད་ཆེས་ཏེ། དཀྱིལ་འཁོར་ཆེན་པོའི་འདིའི་དོན་ཇི་ལྟར་རྟོགས་པ་རྣམས་དང་འབྲེལ་བའོ། །ཡང་འཁོར་ལོས་བསྒྱུར་རྒྱལ་རྒྱུད་བྱུང་བའི། །སྤྱི་བོར་དབང་བསྐུར་གླེང་གཞི་ཡིན། རེ་རེ་ལ་ཡང་གླེང་གཞི་དག །རྒྱུད་རྣམས་ཀུན་ལས་རྒྱས་པར་བཤད། ཅེས་གསུངས་པས། གནས་ཕུན་སུམ་ཚོགས་པ་དང་། སྟོན་བཀའ་འཁོར་ཕུན་སུམ་ཚོགས་པ་དང་། ཡོ་བྱད་ཕུན་གསུམ་ཚོགས་པ་དང་། དུས་ཕུན་སུམ་ཚོགས་པ་དང་ལྔ་ནི་གོང་དུ་ཟུར་ཙམ་སོང་ངོ་། །གསུམ་པ་བགེགས་བརྒྱད་བཤད་པ་ནི། དཔེར་ན་ཆུ་རང་བཞིན་གྱིས་རྣམ་པར་དག་ཅིང་དངས་པ་ལ། གློ་བུར་གྱིས་བསྙོགས་མས་བསྙོགས་ནས། མི་གསལ་བའམ། འབྱུང་ཆེན་གཏོས་ཀྱི་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ལ། གློ་བུར་གྱིས་སྤྲིན་དང་ཁུ་རླངས་ཀྱིས་སྒྲིབས་ནས་མི་གསལ་བ་བཞིན། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་གསལ་བ་ལ། གློ་བུར་གྱི་རྣམ་པར་རྟོག་པའམ། བག་ཆགས་སྤྲིན་ལྟ་བུར་འབྱུང་ནས་སྒྲིབས་པ་ནི་འདི་ལྟ་སྟེ། སངས་རྒྱས་ཀུན་གྱི་དངོས་གྲུབ་དང་། །བྱིན་བརླབས་དབང་ཆོག་འབྱུང་བ་ནི། །དཔེར་ན་རྒྱ་མཚོ་དངས་པ་ལ། །ཉི་ཟླའི་གཟུགས་བརྙན་འབྱུང་བ་ཡང་། །སྙོག་མ་ཆུ་ཡི་གེགས་གྱུར་བཞིན། །བྱིན་རླབས་དབང་མཆོག་འབྱུང་བའི་གེགས། །རྣམ་པ་བརྒྱད་དུ་འབྱུང་བར་བཤད། །ཅེས་པས། དེ་ལ་དང་པོ་ནི། སྔོན་བྱུང་སྟོན་པ་སློབ་དཔོན་ལ། །བཀའ་གཅོག་བརྙས་པ་བྱེད་པ་ནི། དབང་དང་དངོས་གྲུབ་དམ་པའི་བགེགས། །ཅེས་བཤད་པས། །བླ་མ་ནི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དངོས་གྲུབ་འབྱུང་བའི་རྩ་བ་ལགས་པས། །བཀའ་གཅོག་པ་དང་བརྙས་པ་སྤངས་བར་བྱའོ། །བླ་མེད་རྡོ་རྗེ་འགྲོ་བའི་སྤུན། འཁུ་ལྡོག་གདུང་བའི་སེམས་མེད་ན། དབང་དང་དངོས་གྲུབ་བགེགས་གཉིས་པ། །ཞེས་པ་མཆེད་ལ་བརྩེ་བ་དང་གདུང་བའི་སེམས་ཆེར་བྱའོ། །བྱང་ཆུབ་ལམ་ལ་འདུ་འབྲལ་མེད་ཅིང་། ཐར་པར་འདྲེན་པའི་ལྷ་སྤོང་བ། དངོས་གྲུབ་འབྱུང་བའི་གེགས་གསུམ་པ། ཞེས་པས་དོན་དམ་བྱང་ཆུབ་སེམས་དང་། ཀུན་རྫོབ་བྱང་ཆུབ་སེམས་མ་སྤོང་ཞིག །དེའི་རྟགས་ཡི་དམ་ལྷ་དང་ནམ་ཡང་འབྲལ་བར་མ་བྱེད་ཅིག །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ལ། ཐག་པར་གཅོད་པ་བགེགས་བཞི་པ། ཞེས་པས་ཁམས་གསུམ་གྱིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་ཐག་པ་མ་བཅད་ཅིག །གསང་སྔགས་གསང་བའི་ལྟ་སྤྱོད་རྣམས། ཡོངས་ལ་བྱིན་པ་ལྔ་པའི་གེགས། ཅེས་པས། སྣོད་ཀྱིས་མ་སྨིན་པ་དང་། ཟབ་པས་མ་སྨིན་པ་དང་། ཆོས་ཀྱིས་མ་སྨིན་པ་ལ་སོགས་པ་སྣོད་དུ་མི་རུང་པའི། གང་ཟག་རྣམས་ལ་གསང་སྔགས་ཟབ་མོའི་དོན་མ་བསྟན་ཅིག །ཐར་ལམ་སྟོན་ལ་བདུད་མེད་ཅིང་། །སེར་སྣས་བཅིངས་པ་དྲུག་པའི་གེགས། ཅེས་པས། དབང་བསྐུར་བའི་བླ་མ་ལ་མོས་གུས་ཀྱིས་དབང་ཆགས་པའི་རྟེན། ཡོན་དབུལ་བ་ལ་སེར་སྣ་མ་བྱེད་ཅིག །གཟུ་ལུམ་དབང་མེད་ལས་ལ་སྤྱོད། །དངོས་གྲུབ་འབྱུང་བའི་གེགས་བདུན་པ། ཞེས་པས། བླ་མའི་བཀའ་མ་ཐོབ་ཅིང་དབང་མ་བསྐུར་བར། གསང་སྔགས་ཟབ་མོའི་དོན་ལ་གཟུ་ལུམ་དང་རས་ཆོད་མ་བྱེད་ཅིག །འདོད་པའི་ཁེ་གྲགས་ལྷུར་བྱེད་ཅིང་། །གསང་བའི་དམ་ཚིག་སྤོང་བ་ནི། །འདི་ནི་བརྒྱད་པའི་བགེགས་སུ་བསྟན། ཅེས་པས། འདོད་པ་དང་ཁེ་གྲགས་ལྷུར་མ་ལེན་པར། གསང་སྔགས་ཀྱི་དམ་ཚིག་རིན་པོ་ཆེ་གསེར་དང་འདྲ་བ་མ་སྤོངས་ཞིང་། །ཉམས་པ་འདི་དག་སུས་སྤོངས་བ། །དངོས་གྲུབ་དབང་གི་སྣོད་དུ་བཤད། །འདི་ལྟར་ཁྱེད་ཀྱི་རབ་བརྟན་ན། །བུ་ཁྱོད་ནང་པར་འདྲི་བྱེད་པ། །དཀྱིལ་འཁོར་དྲུང་དུ་ལེགས་པར་ཉོལ། །ཅེས་གདམས་པ་ཡིན་ནོ། །གེགས་བརྒྱད་བསལ་བར་བྱེད་པའི་པྲ་ཁྲིད། །སྙན་བརྒྱུད་ཡི་གེ་མེད་པའི་གདམས་པའོ། །བཞི་པ་ཐུགས་དམ་བསྐང་པ་ལ་གཉིས་ཏེ་དང་པོ། ཕྱི་འཇིག་རྟེན་པ་འཁོར་དང་བཅས་པའི་ཐུགས་དམ་བསྐངས་པ་ནི། དར་ཕྱར་རོལ་མོའི་སྒྲ་སྦྱར་ལ་བྱིན་གྱིས་བརླབས་ཏེ། གསེར་སྐྱེམས་རྒྱས་པར་བཏང་། ཁྱད་པར་དུ་གནས་པོ་གཞི་བདག་ལ། གསེར་སྐྱེམས་དང་གཏོར་མ་བྱིན་ལ་གནས་པོ་ཞུ། གཙང་རིགས་ཀྱི་མགོན་པོ་བདུན་བཅུ་རྩ་གཉིས་ལ་ཆ་གསུམ་བཏང་ལ། ཐུགས་དམ་བསྐངས་ལ། དེ་བཞིན་ཐོ་གཟུགས། །གཞན་གྱི་ལྷ་འདྲེ་ཐམས་ཅད་ལ་ཕུད་གཏོར་བྱིན་ལ་བསྒྲུབ་པ་ཆེན་པོ་འདི་དབུ་བཟུང་ནས། མཇུག་མ་ཐོན་གྱི་བར་ལ་བར་ཆད་ཀྱི་སྦྱོར་པ་ཞི་བར་གྱུར་ཅིག་པར་བཀའ་བསྒོ། ཁྱད་པར་དུ་མགོན་པོ་དང་ལྷ་མོ་ལ་གཏོང་གྲོགས་ཀྱིས་གཅིག་པར་བཀའ་བསྒོ། དཀོན་མཆོག་གསུམ་ལ་གསོལ་བ་དྲག་ཏུ་གདབ། གཉིས་པ་ནང་གི་ཐུགས་དམ་བསྐང་བ་ནི། ཆ་གསུམ་གྱིས་དྲི་ཆབ་ཁྱེར་ལ། ཚོགས་ལས་བྱ། མཆོད་པ། མདོས་ཀྱི་དཀྱིལ་འཁོར་བཞེངས་ལ་ཕྱི་ཆ་མཐུན་སྤྲུལ་པའི་མ་མོ་གཞུང་གཞིན་མཆོད་ལ་བར་ཆད་བསྲུངས་ཤིག་པར་ཐུགས་དམ་བསྐུལ། ནང་ཏིང་ངེ་འཛིན་གྱིས་བསྐྱེད་པའི་མ་མོ་ཡིག་འབྲུའི་སྒོ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་བསྟིམ་ལ་མཆོད་བསྟོད་འདོད་པའི་དོན་ལ་གསོལ་བ་གདབ། གསང་བ་ཐིག་ལེའི་མ་མོ་གསང་བའི་ཙནྟྲ་ལིའི་མན་ངག་གིས་རྩ་རླུང་གཅུན། རང་བཞིན་ལྷུན་གྱིས་གྲུབ་པའི་མ་མོ་མཁའ་ཀློང་གཉིས་མེད་དུ་ལ་ཟླའོ། །སྤྱི་དོན་གཉིས་པ་ནུབ་གཉིས་པ་སྟ་གོན་ལ། ལས་རིམ་ལས། ས་གཞི་མཉམ་དང་ཅེས་གསུངས་པས་གཉིས་ཏེ། བཀའ་བཀོད་ཀྱི་རིམ་པ་དང་། ཆོ་ག་ལ་འཇུག་པའི་རིམ་པའོ། །དང་པོ་ལ། ཚོམ་བུ་བཀོད་པ་ནི། དཀྱིལ་འཁོར་གྱི་དབུས་སུ་བ་བྱུང་ལྔ་དང་། འོག་མ་ཡེངས་སུམ་ཅུའི་ཆག་ཆག་གདབ། ལྷའི་བཞུགས་གནས་མི་འཆུག་པའི་ཕྱིར། ཐིག་ཅི་རིགས་པར་གདབ་ལ། མཁར་ཡོར་གྱི་ནང་དུ་ཕུད་ལ་ཨ་མྲྀ་ཏ་དང་། ཙནྡན་དཀར་དམར་དང་། ཛཱ་ཏི་དང་། ག་བུར་དང་། ཨ་ཀ་རུ་དང་། དུ་རུ་ཀ་དང་། བུ་རམ་རྣམས་བཏབ། སྙུག་མའི་མགོ་སྲིན་བལ་ལམ དར་དཀར་གྱིས་པིར་བྱས་ལ་དྲིའི་ནང་དུ་བཅུག་ཅིང་། ཐིག་ལེ་ལྷ་གཙོ་བོ་རྣམས་ཀྱི་བཞུགས་གནས་སུ་གྲུ་བཞི་བྱ། འཁོར་རྣམས་ཀྱི་བཞུགས་གནས་སུ་ཟླུམ་པོ། ཁྲོ་བོ་རྣམས་ཀྱི་བཞུགས་གནས་སུ་གྲུ་གསུམ་བྱས་ལ། ཐིག་ལེ་རྣམས་ཀྱི་ནང་དུ་ནས་ཀྱི་ཚོམ་བུ་རེ་རེ་བཀོད་དེ། དེ་ཡང་སཱུརྱ། ཙནྟྲ། པདྨ་མཎྜལ། ཅེས་གདན་བསམ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཙིཏྟ་ཧཱུཾ་ཨ་ཨ་ཨ། བཛྲ་བྷ་ཏྲ་ས་མནྟ་ཨ། དབུས་སུ་ཀུན་བཟུང་ཡབ་ཡུམ་གྱི་ཚོམ་བུ་བཀོད། ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། མ་ཏ་མ་ཧཱ་ཀྲོདྷ་ཤྭ་རི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཅེས་བརྗོད་ལ་དེའི་མདུན་དུ་བཀོད། དེའི་མདུན་དུ་སཱུརྱ། ཙནྟྲ། པདྨ། མཎྜལ། ཧཱུཾ་བཛྲ་དྷྲིཀྲ །མཾ་ད་དུ་ཤྭ་རི། ཞེས་མི་བསྐྱོད་པ་ཡབ་ཡུམ་གྱི་ཚོམ་བུ་བཀོད། སཱུརྱ། ཙནྟྲ་འདྲེ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ༀ་བཛྲ་ཀྲོ་དྷི་ཤྭ་རི་ཧཱུཾ། དེའི་མདུན་དུ་བཛྲ་ཧེ་རུ་ཀ་ཡབ་ཡུམ་བཀོད། རྩིབས་བཞི་ལ། ༀ་ཛི་ན་ཛིག །ལཾ་ཏྭེ་ཥ་ར་ཏི། སྭཱ་རཏྣ་དྷྲིག །མཾ་མོ་ཧ་ར་ཏི། ཨཾ་ཨ་རོ་ལིག །པཾ་ར་ག་ར་ཏི། ཧཱ་པྲ་ཛྙཱ་དྷྲིག །ཏཾ་བཛྲ་ར་ཏི། རིགས་བཞི་ཡབ་ཡུམ་གྱི་ཚོམ་བུ་བཀོད། རྩིབས་འཆན་ལ། ཀྵི་ཏི་རཱ་ཛ་ཡ། ཧཾ་ལ་སྱ་ས་མ་ཡ་སྟྭཾ། ཏྲཾ་ཨ་གརྦྷ་ཡ། ཏྲཾ་མ་ལེ་ས་མ་ཡ་ཧོ། ཧྲཱིཿཧ་ཧོ་པདྨ་བ་ད་མ། ཧྲཱིཿགིརྟི་རཱ་གོ་ཡཱ་ཧོ། ཛྲཾ་ཀུ་རུ་པཱ་ཎི་ཧྲཱི། ཨ་ནིརྟི་རཱ་ག་ཡ་མི། ནང་གི་སེམས་དཔའ་ཡབ་ཡུམ་བཞི་བཀོད། གྲུ་ཆད་བཞི་ལ། མཻ་དྷ་ར་ཎི་སྭཱ་ཧཱ༔ ཛཿ དྷུ་པ་པྲ་བེ་ཤ་ཡ། ཐླྷིཾ་ནི་པ་ར་བྷ་ཡ་སྭཱ་ཧཱ། ཧཱུཾ་པཥྤེ་ཨ་བེ་ཤ་ཡ། ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་ཁི་ནི། མཱུཾ་ཤི་ཨ་རཾ་ག་ཡ་སྭཱ་ཧཱ། ཧོ་གྷནྡྷེ་ཙིཏྟ་ཧཱུཾ། ཕྱིའི་ལྷ་སྣམས་ལ་སེམས་དཔའ་ཡབ་ཡུམ་བཀོད། ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ༔ ༀ་མུ་ནེ་སུཾ་སྭཱ་ཧཱ༔ ༀ་མུ་ནེ་བྲཾ་སྭ་ཧཱ༔ ༀ་མ་ནེ་ཀྵཾ་སྭཱ་ཧཱ༔ ༀ་མ་ནེ་ཡེ་སྭཱ་ཧཱ། ཐུབ་པ་དྲུག་བཀོད། སྒོ་བཞིར། ༀ་ཡ་མནྟ་ཀྲིཏ་ཧཱུཾ་ཕཊ། བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ༀ་པྲཛྙཱ་ན་ཏ་ཀྲིཏ་ཧཱུཾ་ཕཊ། རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ༔ ༀ་པདྨན་ཏ་ཀྲིཏ་ཧཱུཾ་ཕཊ༔ པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ༀ་བྷིགྣན་ཏ་ཀྲིཏ་ཧཱུཾ་ཕཊ༔ ཀརྨྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། སྒོ་བ་ཡབ་ཡུམ་བཞི་བཀོད། འཁོར་ལོ་རྩིབས་བརྒྱད་ཀྱི་ཤར་གྱི་རྩིབས་བཞི་ལ། བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ། པདྨ་ཀྲོ་དྷི་ཤྭ་རི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རི་སྟྭཾ། ཀརྨྨ་ཤྲི་ཧེ་རུ་ཀ །ཀརྨྨ་ཀྲོ་དྷི་ཤྭ་རི་སྟྭཾ། ཧེ་རུ་ཀ་ཡབ་ཡུམ་བཞི་བསྐྱེད། མཚམས་ཀྱི་རྩིབས་བཞི་ལ། ༀ་མ་ཧཱ་རཀྴ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྟ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བི་ཤི་ཀ་ཧཱུཾ་ཕཊ་སྭཱ་ཧཱ༔ ཨེ་ཤ་ར་སིདྷྲི་ན་མ་སྭཱ་ཧཱ། ༀ་མ་ཧཱ་ཡཀྴ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙནྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ༀ་མ་ཧཱ་ཡཀྴ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊཿ བི་ཤེ་ཀ་སྭཱ་ཧཱཿ ཨེ་ཤ་ར་སིདྡྷི་ན་མ་ཧིཿ ༀ་མ་ཧཱ་ཀ་ཡ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ་དུཥྚཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ མ་ཧཱ་གུ་ཧྱ་ཀྲོ་དྷི་ཤྭ་རི་ཛཱི་ལ་ནི་ཧཱུཾ་ཕཊཿ བི་ཤེ་ཀ་སྭཱ་ཧཱ། ཨེ་ཀ་ཤ་ར་སིདྡྷ་ན་མ། བི་ཤེ་ཙ་ནི། མ་ག་ལ་ས་ཏི་ཧཱུཾཿ ཧེ་རུ་ཀ་བཞི་བསྐྱེད། གྲུ་ཆད་བཞི། གློ་འབུར་བཞི་དང་བརྒྱད་ལ། ༀ་བཛྲ་ག་རི་ཧ། ༀ་བཛྲ་ཙ་རི་ཧ། ཧཱུྃ་བཛྲ་པྲ་མོ་ཧ། ༀ་བཛྲ་བེ་ཏ་ལི་ཧ། ༀ་བཛྲ་པཱུཀྐ་སི་ཧཿ ༀ་བཛྲ་གསྨ་རཱི་ཧཿ ༀ་བཛྲ་སྨ་ཤཱ་ནཱི་ཧཿ ༀ་བཛྲ་ཙཎྜ་ལཱི་ཧཿ ཞེས་གནས་ཀྱི་ལྷ་མོ་བརྒྱད་བཀོད། འཁྱམས་དང་པོའི་ཕྱོགས་བཞི་མཚམས་བརྒྱད་སྒོ་བཞི་དང་བཅུ་གཉིས་ལ། ༀ་སིདྷ་མུ་ཁི་ཧེ། ༀ་བྷྱ་གྷྲི་མུ་ཁི་ཧེ། ༀ་བཛྲ་ཤྲི་ག་ལ་མུ་ཁཱི་ཧེ། ༀ་བཛྲ་ཤྭ་ན་མུ་ཁཱི་ཧེ། ༀ་བཛྲ་གྲརྡྷི་མུ་ཁཱི་ཧེ། ༀ་བཛྲ་ཀཾ་ཀ་མུ་ཁཱི་ཧེ། ༀ་ཀཱ་ཀ་མུ་ཁཱི་ཧེ། ༀ་བཛྲ་ཧུ་ལུ་མུ་ཁི་ཧེ། ཡུལ་གྱི་ལྷ་མོ་བརྒྱད་དང་སྒོ་བཞི་དང་བཅུ་གཉིས་སུ། ༀ་བཛྲ་ཨ་པྲ་ཏི་ཏ་ཨཱརྱ་ནི་ཙ་ཏུར་ཏ་ར་ཕཊ། ལན་བརྒྱད་དང་། ༀ་བཛྲ་ཁ་ཁ་མུ་ཁ་ཤ་ར་ཡ་ཡཱ་ན་མ་ཧཱུཾ། ༀ་ཤྲི་བཛྲ་ར་ག་ས་མ་ཡོ་ན་མ་ཧཱུཾ། །ༀ་ཤྲཱི་བཛྲ་ཁ་ཏོ་ཁ་པྲ་ལ་ཡ་ཡཱ་ན་མ་ཧཱུཾ། ༀ་བཛྲ་གནྡྷ་པྲ་ཛ་ལ་ཡ་ཡཱ་ན་མ་ཧཱུཾཿ སྤོར་མོ་བརྒྱད། གསང་ཡུམ་བཞི་དང་བཅུ་གཉིས་བཀོད། བར་ཁྱམས་གསུམ་པར་ཤར་དུ་བདུན། ལྷོར་བདུན། ནུབ་ཏུ་བདུན། བྱང་དུ་བདུན་གྱི་གནས་སུ། བྷྱོ་བཛྲ་མེ་ན་རཱ་ཀྵ་སི། པྲཧྨ་ཎི། ར་ཏྲི། བེཥྞ་བ། ཀ་མ་རི། ཨིནྟྲ་ཡ་ནི། བཛྲ་པིཾ་ག་ལ། ཨ་མྲྀ་ཏ། ས་མྱ། དནྜ་དྷཾ། རཀྵ་སི། བྷཀྵ་སི། ར་ཏི་བཛྲ། ར་ཏི་རེ་ཡ་ཏཾ། ཨེ་ཀ་ཙ་རི། མ་ནུ་ཧ་ར། སིདྡྷ་ཀིཾ་བ་ཡ་བེ། བཛྲ་མ་ཧཱ་མ་ར་ཎ། བཛྲ་ཨ་གྷ་ཡེ། བ་ར་ནི། ཙ་མུནྟྲི། པུ་ཏ་ན། བ་རུ་ཎི། བཛྲ་མ་ཧཱ་ཀཱ་ལ། བཛྲ་ཙམ་ག་ལ། བཛྲི་གུམ་བྷ་ཀཪྞ། བཛྲ་ལམྦྷོ་དྷཱ་ར། ཞེས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་བཀོད། བར་ཁྱམས་བཞི་པར། ཤར་དུ་བརྒྱད། ལྷོར་བརྒྱད། ནུབ་ཏུ་བརྒྱད། བྱང་དུ་བརྒྱད་དེ་སོ་གཉིས་ཀྱི་གནས་སུ། མ་ཧཱ་བཛྲ་དྷ་ར་ཧཱུཾ། ཀྲོ་དྷ་ཀྲོ་ཏི་ཤྭ་རི་ཧཱུཾ། བཛྲ་མ་ཧཱ་ཧེ་མ་བ་ཏི་ཧཱུཾ། བཛྲ་ཀུ་མཱ་ར་པྲི་ཡེ་ཧཱུཾ། མ་ཧཱ་བཛྲ་མཥྚི་ཧཱུཾ། བཛྲ་ཏྲིཥྚིརྨེ་ར་ཡ་ཧཱུཾ། བཛྲ་ཙག་ནེ་ན་ཧཱུཾ། བཛྲ་ཀྲོ་དྷི་ཧཱུཾ། མ་ཧཱ་ཨ་མྲྀ་ཏོད་པ་ཏཱི་ཧཱུཾ། མ་ཧཱ་སོའུ་མཱི་ཧཱུཾ། མ་ཧཱ་བཛྲ་ཙནྟྲི་ཧཱུཾ། མ་ཧཱ་ར་མ་མི་ཧཱུཾ། མ་ཧཱ་མྲི་ཏི་ཀ་པ་ལ་ཧས་ཏེ་ཏ་ཀི་ཧཱུཾ། བཛྲ་སུ་མ་ཧཱུཾ། པྲི་ཏ་པུ་ཏ་དནྟ་རི་ཧཱུཾ། བཛྲ་བི་ལ་ཀཱི་ཧཱུཾ། བི་བྷ་རི་རཾ་ཧཱུཾ། ཤ་ནི་ཤ་ཀ་ཧཱུཾ། ཤ་ནི་ཏ་ཀི་ཧཱུཾ། བི་ཏ་ཀ་ཧཱུཾ། བཛྲ་ཨ་ན་ཡ་ཧཱུཾ། པེ་ཀེ་ནི་ཧཱུཾ། ཛ་དུ་མ་ཡ་བས་ཧཱུཾ། ཏ་ཀི་བི་ཀ་ཏེ་ཧཱུཾ། བཛྲ་ཏར་ཤི་ཏབ་ཧཱུཾ། ཀ་ལི་པྲ་བེ་ཤ་ཧཱུཾ། ཨཥྟིང་མ་ས་ཧཱུཾ། ཀ་རན་ཛ་ཧཱུཾ། སརྦ་ཨ་ཏ་རི་ཧཱུཾ། ས་ཨ་ཏ་ཀི་ཧཱུཾ། བཛྲ་ས་བྷན་ཨ་ཧཱུཾ། བཛྲ་ས་བྷན་ཨ་ཀི་ཧཱུཾ། ཞེས་མཁའ་འགྲོ་མ་སུམ་ཅུ་སོ་གཉིས་བཀོད། བར་ཁྱམས་ལྔ་པར་ཤར་ལྷོ་ནུབ་གསུམ་དུ་གཉིས་གཉིས། །བྱང་དུ་གཅིག །སྒོ་བཞི་སྟེ་བཅུ་གཅིག་གིས་གནས་སུ་མ་མ་དྷ་དུ་འདི་ཅིག་གཅིག་གིས་སྔགས་འཕྲལ་མ་གཟིགས་ཧཱུཾ་བདུན་དང་། བཛྲ་དུན་ཏིང་བྷྱ། ཞེས་མ་བདུན་སྲིང་བཞི་བཀོད། ཁྱམས་དྲུག་པ་ལ་ཤར་ནུབ་ཏུ་བཞི་བཅུ་ཞེ་བཞི། ལྷོ་བྱང་དུ་གསུམ་གསུམ། སྒོ་བཞིར་རེ་རེ་ལ། གིང་ཀ་ར་ཧ་ཧ་རུ་ལུ་བྷྱོ། ལན་བཅོ་བརྒྱད་བཏོན་ལ། གིང་ཕོ་དགུ་གིང་མོ་དགུ་སྟེ་བཅོ་བརྒྱད་བཀོད། དེའི་ཕྱིར་མིས་ཁྱམས་བདུན་པ་ལ། ཤར་དུ་བཅོ་ལྔ། ལྷོར་བཅོ་ལྔ། ནུབ་ཏུ་བཅོ་ལྔ། བྱང་དུ་བཅོ་ལྔ་སྟེ་དྲུག་ཅུའི་གནས་སུ་ཀྲོ་དྷ་ཀྲོ་དྷི་ཧཱུཾ། ཞེས་པས། སྟེང་གི་ཁྲོ་བོ་ཁྲོ་མོ་དྲུག་ཅུ་བཀོད། བར་ཁྱམས་བརྒྱད་པ་ལ། ཤར་དུ་དྲུག་ཅུ། ལྷོར་དྲུག་ཅུ། ནུབ་ཏུ་དྲུག་ཅུ། །བྱང་དུ་དྲུག་ཅུའི་གནས་སུ། །ཤར་དུ་རྦ་ན་རྦ་ན་ཨ་གུ་ཤ་ཛཿཛཿ །ལྷོར་ཧ་ལ་ཧ་ལ་པ་ཤ་ཧཱུཾ། །ནུབ་ཏུ་གརྫ་གརྫ་སྥོ་ཏ་བཾ། །བྱང་དུ་པ་ཙ་པ་ཙ་གྷནྡྷ་ཧོ། ཞེས་ཕོ་ཉ་དྲུག་བཅུ་པ་ཚན་བཞི་བཀོད། ཁྱམས་དགུ་པ་ལ། ཤར་དུ་བཅོ་ལྔ། ལྷོར་བཅོ་ལྔ། ནུབ་ཏུ་བཅོ་ལྔ། བྱང་དུ་བཅོ་ལྔ་སྟེ་དྲུག་བཅུའི་གནས་སུ། མ་མ་ཤ་ར་ཧཱུཾ། དྲུག་ཅུ་བརྗོད་ལ་འོག་ཕྱོགས་ཀྱི་མ་མ་མོ་དྲུག་བཅུ་བཀོད། ཁྱམས་བཅུ་པ་ལ། སཱུརྱ། ཙནྟྲ། པདྨ་མཎྜལ་ཞེས་དྲིའི་ཐིག་ལེ་བྱ། མ་ཧཱ་གུ་རུ་ཤ་རི་རཾ་ཞེས་རྒྱུད་ལུང་མན་ངག་གི་བླ་མ་རིག་འཛིན་གྱི་ཚོམ་བུ་ཅི་རིགས་པར་བཀོད་དོ། །དེ་ལྟར་འདུས་པ་མདོ་ཚོམ་བུ་ཐོན་ནས། །རྫོགས་ཆེན་སེམས་སྡེའི་ཚོམ་བུ་ལ། དཀྱིལ་འཁོར་དབུས་སུ་རྐང་གསུམ་གྱི་ཐོག་ཏུ་ཤིང་ལེབ་ཀྱི་གདན་ནམ། ཀ་ཏོ་ར་སས་བཀང་པའི་སྟེང་དུ། དྲི་བཟང་གི་ཐིག་ལེ་དང་། །ཨ་བཅོ་བརྒྱད་བརྗོད་ལ་དབུས་སུ་ཚོམ་བུ་གཉིས། །དེའི་ཕྱི་རོལ་དུ་བཅུ་དྲུག་སྟེ་བཅོ་བརྒྱད་བཀོད། །དེ་ནས་མདོའི་དཀྱིལ་འཁོར་གྱི་བྱང་ཤར་དུ། སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་གྱི་ཚོམ་བུ་བཞི་བཅུ་རྩ་གཉིས་སྔགས་དང་བཅས་པ་གོང་དང་མཐུན་ནོ། །བྱང་དུ་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོམ་བུ་ལ། སྔགས་གོང་དང་མཐུན་པ་ལ་ལྔ་བཅུ་རྩ་བརྒྱད་བཀོད། ཞི་ཁྲོ་འདི་གཉིས་ལ་རྒྱས་པར་སྤྲོ་ན་ཞི་བའི་དཀྱིལ་འཁོར་བསྡུས་པ་ལ་ལྷ་བཅོ་བརྒྱད་ཀྱི་ཚོམ་བུ། འབྲིང་པོ་ལ་བཞི་བཅུ་རྩ་གཉིས་གོང་གི་དེ་ཁོའོ། །རྒྱས་པ་ལ་བརྒྱད་ཅུ་རྩ་གཉིས་ཀྱི་ཚོམ་བུ་བཀོད། །ཚོམ་བུ་གཅིག་པ་ལ་ལྷ་བཅོ་བརྒྱད་ཀྱི་ཚོམ་བུ་བཀོད། ཚོམ་བུ་གསུམ་པ་ལ་ལྷ་བཞི་བཅུ་ཞེ་དྲུག་གི་ཚོམ་བུ་བཀོད། ཚོམ་བུ་ལྔ་པ་ལ་ལྷ་བདུན་ཅུ་བཀོད། ཁྲོ་བོའི་དཀྱིལ་འཁོར་བསྡུས་པ་ལ་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་ཚོམ་བུ་བཀོད་དེ་གོང་གི་དེ་ཀ་ཡིན། འབྲིང་པོ་ལ་དྲུག་ཅུ་རྩ་བརྒྱད་ཀྱི་ཚོམ་བུ་བཀོད། རྒྱས་པ་ལ་བརྒྱ་བཅོ་བརྒྱད་ཀྱི་ཚོམ་བུ་བཀོད། ཚོམ་བུ་གཅིག་པ་ལ་བདུན་ཅུ་རྩ་བརྒྱད་ཀྱི་ཚོམ་བུ། གསུམ་པ་ལ་དགུ་བཅུ་རྩ་བརྒྱད་ཀྱི་ཚོམ་བུ། ལྔ་པ་ལ་བརྒྱ་བཅོ་བརྒྱད་ཀྱི་ཚོམ་བུ་བཀོད་དོ། །ལྷོ་ནུབ་དུ་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ལ་དབུས་སུ་ཐུབ་པ། ཤར་དུ་ཡུམ་ཆེན། ལྷོར་ཕྱག་རྡོར། ནུབ་ཏུ་ཤཱ་རའི་བུ། བྱང་གི་པད་འདབ་ལ་སྤྱན་རས་གཟིགས་ཀྱི་ཚོམ་བུ་སྟེ་ལྔ། དེའི་ཕྱིའི་པད་འདབ་བཅུ་ལ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཚོམ་བུ་བཅུ། ནུབ་བྱང་དུ་ཡོ་གའི་དཀྱིལ་འཁོར་ལ། །དབུས་སུ་རྣམ་པར་སྣང་མཛད་ལ་གསང་ཡུམ་བཞི་སྟེ། རྡོ་རྗེ་སེམས་མ། རིན་ཆེན་སེམས་མ། པདྨ་སེམས་མ། ལས་ཀྱི་སེམས་མ་དང་ལྔའི་ཚོམ་བུ་བཀོད། ཤར་གྱི་གཙོ་བོ་མི་བ སྐྱོད་པ། ཕྱོགས་བཞིར་རིགས་ཆུང་གི་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པ་སྟེ་ཚོམ་བུ་ལྔ་བཀོད། ལྷོར་རིན་འབྱུང་ལ། རྡོ་རྗེ་རིན་ཆེན། རྡོ་རྗེ་ཉི་མ། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་གཞད་པ་སྟེ་ལྔ་བཀོད། ནུབ་སྣང་བ་མཐའ་ཡས་ལ། རྡོ་རྗེ་འཁོར་ལོ། རྡོ་རྗེ་རྣོན་པོ། རྡོ་རྗེ་ཆོས། རྡོ་རྗེ་སྨྲ་བ་སྟེ་ལྔ་བཀོད། བྱང་དོན་ཡོད་གྲུབ་པ་ལ། རྡོ་རྗེ་ལས། རྡོ་རྗེ་བསྲུངས་བ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར་སྟེ་ལྔ་བཀོད། གློ་འབུར་བཞི་ལ། ལཱ་སྱ། མ་ལེ། གིརྟི། ནིརྟི་སྟེ་བཞི་བཀོད། གྲུ་ཆད་བཞི་ལ། དྷཱུ་པེ། པཥྤེ། ཨ་ལོ་ཀེ། །གནྡྷེ་སྟེ་བཞི་བཀོད། སྒོ་བཞིར། ལྕགས་ཀྱུ། ཞགས་པ། ལྕགས་སྒྲོགས། དྲིལ་བུ་སྟེ་བཞི་བཀོད། ནུབ་ཏུ་ཀྲི་ཡའི་དཀྱིལ་འཁོར་ལ། དབུས་སུ་ཕྱག་ན་རྡོ་རྗེ་སྟེ། རྣམ་འཇོམས། སྤྱན་རས་གཟིགས། འཇམ་དབྱངས་སྟེ་ཚོམ་བུ་གསུམ་བཀོད། དེའི་ཕྱི་རོལ་དུ་ཟུར་བཞིར་གཏུམ་པོ་ལྷ་བཞི། ཕྱོགས་བཞིར་ཡུམ་བཞི། དེའི་ཕྱི་རོལ་དུ། ཁྲོ་བོ་བཅུའི་ཚོམ་བུ་བཀོད། ལྷོར་རང་རྒྱལ་གྱི་དཀྱིལ་འཁོར་ལ། དབུས་སུ་ཐུབ་པ་ལ་པད་འདབ་བཅུ་གཉིས་ལ། རང་རྒྱལ་བཅུ་གཉིས་ཏེ། བཅུ་གསུམ་བཀོད། སྔགས་ནི་མུ་ནེ་དང་། རྟེན་འབྲེལ་སྙིང་པོ་བརྗོད། ཤར་ལྷོར་ཉན་ཐོས་ཀྱི་དཀྱིལ་འཁོར་ལ། དབུས་སུ་ཐུབ་པ་དེའི་ཕྱི་རོལ་ཕྱོགས་བཞིར་འཁོར་རྣམ་བཞི། དེའི་ཕྱིའི་རོལ་ཉན་ཐོས་བཅུ་དྲུག་སྟེ་ཉི་ཤུ་རྩ་གཅིག་བཀོད། སྔགས་ནི་མུ་ནེ་བཟླས། ཤར་དུ་ལྷ་མིའི་དཀྱིལ་འཁོར་ལ། དབུས་སུ་ཐུབ་པ། ཕྱོགས་བཞིར་རྒྱལ་ཆེན་བཞི། དེའི་ཕྱི་རོལ་གླིང་གཞི་གླིང་ཕྲན་བརྒྱད་དང་བཅུ་གཉིས་ལ། ལྷའི་དབང་པོ་བརྒྱ་བྱིན། ཕོ་ཉ་མངག་གཞུགས་དང་བཅས་པ་ལ་སོགས་བཅུ་གཉིས་ཏེ་བཅུ་བདུན་གྱི་ཚོམ་བུ་བཀོད། གོང་གི་ཚོམ་བུ་དེ་རྣམས་ལ་དྲིའི་ཐིག་ལེ་དང་། སཱུརྱ་ཙནྜ་སོགས་དང་རང་རང་གི་སྔགས་རྣམས་བརྗོད་དགོས་སོ། །དེ་ནས་བུམ་པ་བཀོད་པ་ནི། རིན་པོ་ཆེ་ལ་སོགས་པའི་བུམ་པ་རྒྱས་པར་ན་ལྷ་གྲངས་དང་མཉམ་པ་དགོས་ཤིང་། དེ་ལྟར་མ་འཛོམ་ནའང་། བུམ་པ་ཅི་རིགས་པ་བསགས་ལ། ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་བདུག་པ་ལ། བུམ་པ་གདན་ལ་དགོད། ནང་དུ་བུམ་སྨན་ཉི་ཤུ་རྩ་ལྔ་དང་ཆུ་བླུགས། རས་སམ་དར་གྱིས་མགུལ་ཆིངས་བཅིངས། ཁ་བརྒྱན་གཟུགས། དུང་ཆོས་དང་གཟུངས་ཐག་རྡོ་རྗེ་དང་བཅས་པ་ཡང་བཞག །དེ་ཡང་རྫོགས་ཆེན་སེམས་སྡེའི་དབང་ལ་དགོས་པའི་བུམ་པ་བཅོ་བརྒྱད་ལ་ཨ་བཅོ་བརྒྱད་བྲིས་ལ། ཚོམ་བུ་བཅོ་བརྒྱད་ཀྱི་སྟེང་ངམ་ཕྱི་རོལ་དུ་བཀོད་དོ། །འདུས་པ་མདོ་དབང་ལ་དགོས་པའི་བུམ་པ་ལྔ་ལ་རིགས་ལྔའི་ཕྱག་མཚན་བྲིས་པ། རྒྱ་གྲམ་བྲིས་པའི་ལས་བུམ་དང་བཅས་པ་ཇི་ལྟར་འོས་པར་བཤམ། སྒྱུ་འཕྲུལ་ཞི་ཁྲོའི་དབང་རྒྱས་བསྡུས་ལ། དགོས་པའི་བུམ་པ་ཡང་གང་བདེར་བཤམ། ཡོ་གའི་དབང་དང་། ཀྲི་ཡའི་དབང་དང་། བྱང་ཆུབ་སེམས་དཔའི་དབང་དང་། རང་རྒྱལ་གྱི་དབང་དང་། ཉན་ཐོས་ཀྱི་དབང་དང་། ལྷ་མིའི་དབང་དང་དྲུག་གི་བུམ་པ་ཡང་རེ་རེ་བཤམ་མོ། ཀ་པ་ལ་བཀོད་པ་ནི། མདོ་དབང་དང་སྒྱུ་འཕྲུལ་ཞི་བ་ལ་བུམ་པ་བཀོད་ཅིང་། ཁྲོ་བོའི་བུམ་པ་ལ་ཀ་པཱ་ལ་བཀོད་དགོས་ཏེ། །ཀ་པ་ལའི་ནང་དུ་མགོ་མ་ཡང་སུམ་ཅུའི་བུམ་རྫས་བླུགས་ལ། མདོ་དབང་ལ་དགོས་པའི་ཀ་པཱ་ལ་ལྔ། རིགས་ལྔའི་ཕྱག་མཚན་བྲིས་ལ། སྒྱུ་འཕྲུལ་ཁྲོ་བོ་ལ་དགོས་པའི་ཀ་པ་ལ་ལྔ་སྟེ་བཅུ་བུམ་པ་བཅུའི་ཐོག་ཏུ་བཤམ། དེའི་སྟེང་དུ་མེ་ལོང་སིན་དྷུ་རས་བྱུགས་པ་བཅུས་བཀབ། དེ་བཅུའི་སྟེང་དུ་དར་དམར་པོ་ཁ་བཅུས་དགབ། དེ་བཅུའི་སྟེང་དུ་རྡོ་རྗེ་བཅུ་བཞག་གོ །གཞན་ཡང་དབང་རྫས་དང་། མཆོད་རྫས་ལ་དགོས་པའི་ཀ་པཱ་ལ་རྣམས་ཀྱང་ཇི་ལྟར་འོས་པ་བཤམ་མོ། རྡོ་རྗེ་དྲིལ་བུ་ལ་སོགས་ཕྱག་ཆད་དང་། རོལ་ཆ་རྣམས་ཀྱང་གང་དེར་བཤམ་མོ། །སྣོད་ལྔའི་ནང་དུ་ཚོན་རྩི་ལྔ་བྱུག་ལ། སྔོན་པོ་ལ་ཧཱུཾ་བྲིས། དཀར་པོ་ལ་ༀ། སེར་པོ་ལ་སྭཱ། དམར་པོ་ལ་ཨ། ལྗང་ཁུ་ལ་ཧ་བྲིས་ལ་གང་བདེར་བཞག་གོ །སྣོད་ལྔའི་ནང་དུ་ཡེ་ཤེས་ཀྱི་ཐིག་སྐུད་སྔོན་པོ། དཀར་པོ། སེར་པོ། དམར་པོ་ལྗང་ཁུ་དང་ལྔ་བཞག་པ་དང་། སྣོད་གསུམ་གྱི་ནང་དུ་ལས་ཀྱི་ཐིག་དཀར་པོ་དང་། དམར་པོ་དང་། སྔོན་པོ་དང་གསུམ་བཞག་ལ་གང་བདེར་བཤམ་མོ། །དེ་ནས་མཆོད་པ་བཤམས་པ་ནི། དཀྱིལ་འཁོར་གྱི་བྱང་ཤར་དུ་འཚམས་འཛིན་གྱི་མེ་ཏོག །ཤར་དུ་ཡོན་ཆབ། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་སྣང་གསལ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས་རྣམས་བཤམ། གཞན་ཡང་གོང་གི་བུམ་པ་ལ་སོགས་གང་བཤམས་རྣམས་ལ་མཆོད་པ་བརྒྱད་པོ་ཆུ་རེ་རེས་བསྐོར། གཞན་ཡང་འབྱོར་ན་ལྷ་གྲངས་དང་མཉམ་པའི་མཆོད་པ་ཆ་རེ་རེ་འམ། བརྒྱ་རྩ་རེས་བསྐོར་རོ། །དེ་ནས་གཏོར་མ་བཤམས་པ་ནི། །ཤར་ལྷོར་བླ་མའི་གཏོར་མ། །ཤར་དུ་ཡི་དམ་གྱི་གཏོར་མ། དེའི་ཞབས་སུ་རྒྱུན་གཏོར། དེའི་གཡས་སུ་སྨན། གཡོན་དུ་རཀྟ། མདུན་དུ་བསང་ཆུ། བྱང་ཤར་དུ་མཁའ་འགྲོའི་གཏོར་མ། བྱང་དུ་མ་མོའི། ནུབ་བྱང་དུ་མགོན་པོའི། ནུབ་ཏུ་རྣམ་སྲས་ཀྱི། ལྷོ་ནུབ་ཏུ་མགར་བའི། ལྷོར་ཚོགས་ཀྱི་གཏོར་མ་རྣམས་ལ་ཟས་སྣའི་ཚོགས་ཀྱིས་བསྐོར་བ་བཤམ། གཏོར་མ་དེ་རྣམས་ཆབ་དང་ཆང་གིས་བྲན་ནོ། དེའི་ཕྱི་རོལ་དུ་མདའ་བརྒྱད་དར་སྣ་དང་བཅས་པ། རལ་གྲི་བརྒྱད་མེ་ལོང་དང་བཅས་པ། ཕུར་པ་བརྒྱད་ཅོད་པན་དང་བཅས་པ་གཟུགས་ལ། ཚོན་སྐུད་ཀྱི་དྲ་བས་སྦྲེལ། དཀྱིལ་འཁོར་གྱི་མཐའ་དཀྲིས་བྱེད། མཐའ་དཀྲིས་རྒྱབ་ཏུ་དཀར་གཏོར་ཆ་བཞི་བཤམ། ཀ་བའི་རྒྱན་ལ་སོགས་པ་བར་སྣང་གི་བརྒྱན་དང་། གདུགས་དང་བླ་རེས་ལ་སོགས་གནམ་གྱི་བརྒྱན་རྣམས་བཤམ་མོ། །དབང་རྫས་ཀྱི་རིམ་པ་ལ། སོ་ཤིང་། བསྲུངས་སྐུད། ཀུ་ཤ། སྐྱོར་ཆ། མིག་དར། ཕུར་བུ། འཕན། སྙིང་པོ་ལྔ། དབུ་བརྒྱན། ཅོད་པན། འཕྲེང་བ། གོ་ཆ། རྒྱལ་མཚན། གདུགས། གཟའ་བཏུང་། ཕྱག་རྒྱ་རྣམས་དང་། ཁྲིའུ་ཤིང་། ཀ་པཱ་ལི། ཆག་ཤིང་། རྡོ་རྗེ་རྒྱ་གྲམ། དུང་། རྡོ་རྗེ། དྲིལ་བུ་ལ་སོགས་ནང་དབང་གི་རྫས་རྣམས་དང་། ཟབ་དབང་གི་རྫས་ཕྱག་རྒྱ་མ་མཚན་དང་ལྡན་པ་ལོ་བཅུ་གཉིས་མ། བཅུ་དྲུག་མ། ཉི་ཤུ་མ་རྣམས་དང་། འཚོ་བ་ཟས་ཀྱི་ཡོ་བྱད་ལ་སོགས་གང་དགོས་བསོག །སྦྱིན་སྲེག་ལ་དགོས་པའི་ཆ་རྐྱེན་རྣམས་ཀྱང་གང་བདེར་བཤམ་མོ། །གཉིས་པ་ཆོ་ག་ལ་འཇུག་པ་བཅུ་གཅིག་སྟེ། སློབ་དཔོན་སྟ་གོན་དང་། དཀྱིལ་འཁོར་སྟ་གོན་དང་། བུམ་པའི་སྟ་གོན་དང་། ཀ་པཱ་ལ་སྟ་གོན་དང་། རྡོ་རྗེ་དྲིལ་བུ་ལ་སོགས་པ་སྟ་གོན་དང་། ཐིག་སྟ་གོན་དང་། མཚོན་སྟ་གོན་དང་། དབང་རྫས་སྟ་གོན་དང་། ཡོ་བྱད་སྟ་གོན་དང་། སློབ་མ་སྟ་གོན་དང་། སྦྱིན་སྲེག་སྟ་གོན་ནོ། །དང་པོ་བདག་བསྐྱེད་སློབ་དཔོན་སྟ་གོན་ནི། །བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་ལ་ན་མོ། སྔགས་ཀྱི་ཞི་ཁྲོ་རྣམ་པ་གཉིས། རྣལ་འབྱོར་པ་རྒན་པོ་རྣམས་ཀྱི་དོན་དུ་རྒྱུད་ལུང་དུ་བསྒྱུར་ཏེ་བསྒྲུབ་སླ་བར་མཛད་པ། དེ་ཡང་ལུས་ལ་ལྷ་བཀོད་དེ་ཡིད་ཀྱིས་གསལ་བཏབ་ནས། ན་མོ་ཧཱུཾ་གིས་གཟི་བྱིན་བསྐྱེད་ཅེས་འབྱུང་ངོ་། །དེ་ལ་དང་པོ་པཱུ་ཛ་ཅི་འབྱོར་པ་བཤམ་པ་འུང་ནས། སྒོ་གསུམ་གྱི་བསྡུས་པའི་དངོས་པོ་ཅིར་སྣང་ཡང་། མ་བཅོས་པར་སེམས་ཉིད་སྟོང་པ་ཉིད་དུ་གསལ་བ་ལས། ཞེ་སྡང་རྡོ་རྗེ་དྲན་ནས། ལས་ཀྱི་ཕྱོགས་བཅུར་ཉི་མའི་སྟེང་ཕྱོགས་བསྐྱོང་བཅུ་མནན་ལ། དེའི་སྟེང་དུ་བདག་སྐད་ཅིག་གིས་ཞེ་སྡང་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུཾ་ལས། ༀ་བཛྲ་ཀྲོ་དྷ་ཀི་ལ་ཡ་ཧཱུཾ་ཕཊ། ཛ། ཡ་མནྟ་ཀྲིཏ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པ་ལ་སོགས་པས་ཁྲོ་བོ་བཅུ་བཀོད་དེ། སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་ལ་ཐལ་ཕྱུང་ནས་བརྟན་པར་བཞུགས་གསོལ། ཧཱུཾ་གང་ཟག་ཤ་ཡི་ཕུང་པོ་ཅིར་སྣང་ཡང་། ཡི་དམ་ལྷ་རུ་བསྒོམ་པའི་བྱིན་བརླབས་ཀྱིས། བདག་ཉིད་སེམས་ཅན་ཡིན་པའི་དོན་རྟོགས་ནས། སངས་རྒྱས་ས་གསུམ་ལྷུན་གྱིས་གྲུབ་པར་ཤོག །ཕྱོགས་མཚམས་སྟེང་འོག་དངོས་པོ་ཅིར་སྣང་ཡང་། ཁྲོ་བོ་ཡབ་ཡམ་སྒོམ་པའི་བྱིན་བརླབས་ཀྱིས། ཕྱོགས་བཅུར་གནས་པའི་བགེགས་རྣམས་ཀུན་བསྒྲལ་ནས། སིདྡྷི་བར་གཅོད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ་འུང་ནས་ཧཱུཾ་གི་འོད་ཀྱིས་རྒྱལ་བ་ཀུན་བསྡུས་ལ་ཕྱག་བྱ་བསྔོ་དང་སེམས་བསྐྱེད་དོ། །ཧཱུཾ་སྒྲིབ་པ་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། ཡིད་ཀྱི་དངོས་སུ་གཤེགས་པའི་བྱིན་བརླབས་ཀྱིས། སྒྲིབ་པ་ཡེ་ནས་རྟོགས་པའི་དོན་རྟོགས་ནས། ཡེ་ཤེས་རྣམ་གཉིས་མངོན་དུ་གསལ་བར་ཤོག །ན་མོ་ཧཱུཾ། འུང་ནས་ཕུང་པོ་ལ་ཆེ་མཆོག་བསྐྱེད། ཁ་ལ་རྟ་མགྲིན་ཡབ་ཡམ་བསྐྱེད་ལ། བཛྲ་ཨ་མྲྀ་ཏ་ༀ་ཨཱཿ ཧཱུཾ་ཧྲཱིཿ ཐ། ཞེས་པས། བདག་གི་འོད་ཀྱིས་བསྡུས། བདུད་རྩི་འཁྱིལ་པ་ལ་ཐིམ། དེ་ལ་རིམ་པར་བབས་པས་རྟ་མགྲིན་གྱི་རོལ་པའི་བྱང་ཆུབ་སེམས་བདུད་རྩི་འཁྱིལ་པས་གསང་གཏོར་བྱའོ། །འུང་ནས་གཏོར་མ་དང་རཀྟ་བརླབས་པ་ནི། ཧཱུཾ་བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། བདུད་རྩི་སྨན་མཆོག་བསྒྲུབས་ཤིང་བརྩོན་པའི་མཐུས། ཡུན་དུ་རླགས་ལྟའི་གནོད་པ་ཀུན་བསལ་ནས། སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། བརྒྱད་ཁྲི་བཞི་སྟོང་གདོན་རྣམས་ཅིར་སྣང་ཡང་། ཚོགས་དང་གཏོར་མས་མཆོད་པའི་བྱིན་བརླབས་ཀྱིས། འཕྲལ་དུ་སྐབས་འཚོལ་གནོད་པ་ཀུན་བསལ་ནས། འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། ཐུན་མོང་རྫས་ཀྱི་དངོས་པོ་ཅིར་སྣང་ཡང་། །མཆོད་པ་བྱིན་གྱིས་རླབས་པའི་ནུས་མཐུ་ཡིས། །འདོད་པའི་ཡོན་ཏན་མངོན་དུ་རྫོགས་གྱུར་ནས། །དུས་གསུམ་བདེ་གཤེགས་མ་ལུས་མཆོད་པར་ཤོག །ན་མོ་ཧཱུཾ། འུང་ནས་སེམས་དང་དབུགས་ཁྲག་ཤ་རུས་མགོ་བོ་ཀུན། །དུར་ཁྲོད་ཀྱི་དཀྱིལ་འཁོར་དུ་ཤེས་པར་བྱས་ལ། བྷྲུཾ་བི་ཤ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་ཅེས་པས་འབྱུང་བ་དང་བཅས་པ་གཞལ་ཡས་ཁང་དུ་གསལ་དུ་ཏི་ནན་རཏྣ་ཙ་སཱུརྱ་ཙནྟྲ་མཎྜལ། ཞེས་སོ་སོའི་གདན་ཀུན་བསྐྱེད། འུང་ནས་སོ་སོའི་སྔགས་བརྗོད་པའམ་ཡིད་ལ་དྲན་པ་ཙམ་གྱིས་ལྷ་རྣམས་ཡན་ལག་གི་ལྷ་དང་བཅས་པ་གདན་ལ་གསལ་ལོ། །ཡང་ན་སྙིང་ལ་རིགས་ལྔ། །གཡས་པ་རྣམ་ཤེས་ཀྱི་སེམས་དཔའ། །གཡོན་པ་དབང་པོའི་སེམས་དཔའ། སྤྱི་བོ་ལ་སོགས་པར་ཐུབ་པ་དྲུག་མདུན་རྒྱབ་ཏུ་བྱ་བྱེད་ཡབ་ཡམ་དུ་གསལ་ལོ། །དེ་དག་རེ་རེ་བསྐྱེད་ཅིང་གསལ་གདབ་པ། ཧཱུཾ། སྣོད་ཀྱི་་ལོ་ཀ་འབྱུང་པ་ཅིར་སྣང་ཡང་། །གཞལ་ཡས་དབང་ཆེན་བསྒོམས་པའི་བྱིན་བརླབས་ཀྱིས། །ཆོས་ཉིད་མཐའ་དབུས་མེད་པའི་དོན་རྟོགས་ནས། །འོག་མིན་གནས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འགྲོ་བའི་ལུས་ངག་ཡིད་གསུམ་ཅིར་སྣང་ཡང་། །ཡོངས་རྫོགས་ཏིང་འཛིན་བསྒོམས་པའི་བྱིན་བརླབས་ཀྱིས། །ཆོ་ག་རྣམ་པ་གསུམ་གྱི་དོན་རྟོགས་ནས། །སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་ཕུང་པོ་ལྔ་དང་འབྱུང་ལྔ་ཅིར་སྣང་ཡང་། །རིགས་ལྔ་ཡབ་ཡུམ་བསྒོམས་པའི་བྱིན་བརླབས་ཀྱིས། །ཡབ་ཡུམ་གཉིས་སུ་མེད་པའི་དོན་རྟོགས་ནས། །ཐབས་ཤེས་འབྲལ་མེད་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ་རྣམ་ཤེས་དབང་པོའི་ཡུལ་དུ་ཅིར་སྣང་ཡང་། །སེམས་དཔའ་སེམས་མར་བསྒོམས་པའི་བྱིན་བརླབས་ཀྱིས། །ཐམས་ཅད་ལྷ་དང་ལྷ་མོའི་དོན་རྟོགས་ནས། །ཞིང་དང་སྤྱོད་ཡུལ་ཡོངས་དག་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། ཡིད་དང་ཆོས་ཀྱི་དངོས་པོ་ཅིར་སྣང་ཡང་། །ཀུན་བཟང་ཡབ་ཡུམ་བསྒོམས་པའི་བྱིན་བརླབས་ཀྱིས། །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས་ནས། །ཆོས་སྐུ་འགྱུར་མེད་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འགྲོ་བ་རིགས་དྲུག་དངོས་པོ་ཅིར་སྣང་ཡང་། །ཐུབ་པ་དྲུག་ཏུ་བསྒོམས་པའི་བྱིན་བརླབས་ཀྱིས། །རང་རིག་སྤྱིར་ཡང་སྤྲུལ་པའི་དོན་རྟོགས་ནས། །སངས་རྒྱས་མཛད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཡན་ལག་བཞི་ཡི་དངོས་པོ་ཅིར་སྣང་ཡང་། །སྒོ་བ་ཡབ་ཡུམ་བསྒོམས་པའི་བྱིན་བརླབས་ཀྱིས། །བར་གཅོད་གདུག་པ་མ་ལུས་ཀུན་བསལ་ནས། འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འུང་ནས་ས་མན་ཛ་དང ཨེ་ཧྱ་ཧིས་སྤྱན་དྲངས་སྔགས་བཞིས་བསྟིམ། བསྟན་པར་བཞུགས། ཧཱུཾ་སངས་རྒྱས་སེམས་ཅན་དངོས་པོ་ཅིར་སྣང་ཡང་། །བདེ་གཤེགས་སྤྱན་དྲངས་སྟིམས་པའི་བྱིན་བརླབས་ཀྱིས། །ཡེ་ནས་སངས་རྒྱས་ཡིན་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འུང་ནས། ནམ་མཁའ་མཛོད་ཀྱི་སྔགས་དང་། ༀ་ཨ་ཧ་ར་ཞེས་ཞབས་བསིལ་ལྷ་མོ་བཞི་སྔགས་རྒྱས་དབུལ། ཧཱུཾ་ལྷ་དང་བདག་དང་གཞན་དུ་ཅིར་སྣང་ཡང་། །དཀྱིལ་འཁོར་ལྷ་མོ་མཆོད་པའི་བྱིན་རླབས་ཀྱིས། །འཁོར་གསུམ་ཡོངས་སུ་དག་པའི་དོན་རྟོགས་ནས། །དངོས་གྲུབ་རྣམ་གསུམ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འུང་ནས་སྔགས་དང་མ་ཧཱ་པཉྩ་ཨམྲྀ་ཏ་ཧཱུཾ་ཞེས་སྨན་དབུལ་འབྲུ་གསུམ་བླངས་སྔགས་བྱ། ཧཱུཾ་བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར༴ བདུད་རྩི་སྨན་མཆོག་མཆོད་པའི༴ ཡུན་དུ་གླགས་ལྟའི་གནོད་པ་ཀུན་བྲལ་ནས། །སྐྱེ་འཆི་མེད་པར་ལྷུན་གྱིས་གྲུབ་པར༴ ན་མོ་ཧཱུཾ། འུང་ནས་མ་ཧཱ་བ་ལིང་ཏ་ཁཱི་ཧི། ཞེས་གཏོར་མ་དབུལ། ཧཱུཾ། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཅིར་སྣང་ཡང་། །ཚོགས་དང་གཏོར་མས་མཆོད་པའི་བྱིན༴ འཕྲལ་དུ་སྐབས་འཚོལ་གནོད་པ་ཀུན་བྲལ་ནས། །འགྱུར་བ་མེད་པར་ལྷུན༴ ན་མོ་ཧཱུཾ། སྦྱོར་སྒྲོལ་ཕུལ་ལ། ཧཱུཾ་ཆགས་སྡང་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། །ཏན་གན་རྣམ་གཉིས་ཕུལ་བའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་གསུམ་བཙད་ནས་དག་གྱུར་ཏེ། བདག་གཞན་དོན་གཉིས་ལྷུན༴ ན་མོ་ཧཱུཾ། འུང་ནས་མ་ཧཱ་པཱུ་ཛ་ཧོ། །ཞེས་འདོད་ཡོན་དབུལ། །ཧཱུཾ་ཡུལ་དང་དབང་པོ་དངོས་པོ་ཅིར༴ འདོད་ཡོན་རྣམ་ལྔ་མཆོད་པའི༴ ཡུལ་སེམས་གཉིས་སུ་མེད་པའི་དོན་རྟོགས་ནས། །སྤྱོད་ཡུལ་མ་ལུས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། འུང་ནས་སྨོན་ལམ་བསྡུས་ལ་གདབ། འདོད་དོན་ལ་གསོལ། འུང་ནས་སྐུ་ཅི་གསལ་དུ་བྱས་ལ་སོ་སོའི་འཛབ་བྱའོ། །ཧཱུཾ། རྒྱུ་དང་འབྲས་རྩོལ༴ བསྙེན་བསྒྲུབ་རྫོགས་པའི་འཛབ་བསྙེན་འཕུལ་བའི་མཐུས། ཐམས་ཅད་ཀུན་ཏུ་བཟང་པོའི་དོན༴ འབྲས་བུ་རྣམ་གསུམ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ྄། ཞི་བའི་ལུང་རྫོགས་སོ། །ཞི་བའི་འདྲེན་པའི་ལས་བྱང་ཆུང་ལེའོ། །ཤྲི་ཧེ་རུ་ཀ་ལ་ན་མོ། །ཁྲོ་བོའི་ལུང་ལ་རང་གི་སྒོ་གསུམ་སེམས་ཉིད་རང་བྱུང་ཡེ་ཤེས་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་ལས། སེམས་དང་དབུག་ཁྲག་ཤ་རུས་དྲོད་རྣམས་ཡེ་ཤེས་ཀྱི་དུར་ཁྲོད་ཀྱི་ངོ་བོ་ལ་སྔགས་བརྗོད་པས་འབྱུང་བ་སོ་སོར་གསལ། བྷྲུཾ་བི་ཤ་བྷི་ཤུད་དྷེ་བན་དྷ་ཛྙཱ་ན་ཙཀྲ་ཞེས་པས་གཞལ་ཡས་ཁང་རྩིབས་བརྒྱད་པར་གསོལ། སཱུརྱ་མཎྜལ། དེ་བ་ཏིཥྛ་ནན། ཏ་རི་བཾ། ཞེས་གདན་བཏིང་ལ། ཧཱུཾ། ཤ་རུས་བནྡྷའི་དངོས་པོ་ཅིར་སྣང་ཡང་། འབར་བའི་གཞལ་ཡས་སྒོམས་པའི་བྱིན་རླབས་ཀྱིས། རྫས་སུ་སྣང་བའི་བག་ཆགས་ཀུན་སྦྱངས་ནས། གནས་མཆོག་བཀྲ་ཤིས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འུང་ནས་ཙིཏྟ་དགུའི་བཅུད་ཧཱུཾ་མཐིང་ག་དགུ་ལས་ཧེ་རུ་ཀ་དགུར་བསྐྱེད་དོ། །ཧཱུཾ། རུ་ཏྲ་རྣམ་གསུམ་དངོས་པོ་ཅིར༴ ཧེ་རུ་དགུ་རུ་བསྒོམས་པའི་བྱིན་རླབས༴ བདུད་དང་སྲིན་པོའི་བར་ཆད་ཀུན་བསྒྲལ་ནས། །ཡེ་ཤེས་དགུ་རུ་ལྷུན༴ ན་མོ་ཧཱུཾ། ས་དགུ་ལས་ཡུམ་དགུ་འཁྲིལ་བར་བསྐྱེད་དེ། ཧཱུཾ། ཁམས་གསུམ་ས་དགུའི་དངོས་པོ་ཅིར༴ ཡུམ་ཆེན་དགུ་རུ་བསྒོམས་པའི་བྱིན་རླབས་ཀྱིས། །མ་བདུན་སྲིང་མོའི་བར་ཆད་ཀུན་བསྒྲལ་ནས། །མ་ཆེན་དགུ་རུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། རྣམ་ཤེས་བརྒྱད་ལ་ཧ་བརྒྱད་བརྗོད་པས། མ་མོ་བརྒྱད་དུ་གསལ། ཧཱུཾ་རྣམ་ཤེས་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །མ་མོ་བརྒྱད་དུ་སྒོམས་པའི་བྱིན་རླབས༴ མངོན་པར་རྟོགས་པའི་བག་ཆགས་ཀུན་བྱང་ནས། །ཡེ་ཤེས་ཆེན་པོ་བརྒྱད་དུ་གསལ་བར་ཤོག །ན་མོ་ཧཱུཾ། དུར་ཁྲོད་བརྒྱད་ལ་ཧེ་བརྒྱད་བརྗོད་པས། །ཕྲ་མེན་ཡུལ་མ་བརྒྱད་དུ་གསལ་ལོ། །ཧཱུཾ་དུར་ཁྲོད་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །ཕྲ་མེན་བརྒྱད་དུ་སྒོམས་པའི་བྱིན༴ །དམ་ཚིག་ཉམས་དང་དགྲ་བགེགས་ཀུན་བསྒྲལ་ནས། །རྣལ་འབྱོར་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། ཧཱུཾ། སྐྱེ་རྒས་ན་འཆིའི་དུ་ཁ་ཅིར༴ སྒོ་མ་བཞི་རུ་སྒོམ་པའི་བྱིན༴ བར་དུ་གཅོད་པའི་བདུད་བཞི་ཀུན་བཅོམ་ནས། །སྐྱེ་གནས་རྣམ་བཞིའི་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། ལུས་ཀྱི་ཕྱོགས་མཚམས་ལ་རི་བརྒྱད་བརྗོད་དེ་སྤོར་མར་གསལ་ལོ། །ཧཱུཾ་ཕྱོགས་མཚམས་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །སྤོར་མ་བརྒྱད་དུ་བསྒོམས་པའི༴ །ལྷ་སྲིན་སྡེ་བརྒྱད་བར་ཆད་ཀུན་བསྒྲལ་ནས། །ལོ་ག་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། དངས་མ་བཞིའི་བཾ་རཾ་ཡཾ་ཁཾ་བརྗོད་པས་གསང་བའི་ཡུམ་བཞིར་བསྐྱེད་དེ། ཧཱུཾ། འབྱུང་བཞིའི་དངས་མ་ཅིར་སྣང་༴ གསང་བ་ཡུམ་བཞིར་བསྒོམས་པའི་བྱིན་རླབས་གྱིས། །བེམ་པོར་ལྟ་བའི་དངོས་པོ་ཀུན་གསལ་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུཾ། སྒལ་ཚིགས་དང་། སོ་སུམ་ཅུ་རྩ་གཉིས་ལ། བྷྱོ་དང་ཨེ་བརྗོད་པས། །དབང་ཕྱུག་མ་དང་ཌཱཀྐི་མར་གསལ་ལོ། །ཧཱུཾ་སོ་དང་སྒལ་ཚིགས་དངོས་པོ་ཅིར་སྣང་ཡང་། །དབང་ཕྱུག་ཌཀྐི་བསྒོམས་པའི་བྱིན་རླབས་ཀྱིས། །ལོ་ཟླ་མི་མཐུན་གནོད་པ་ཀུན་བསལ་ནས། །བར་ཆད་བདུད་ཀྱི་དུ་ཁ་མེད་པར་ཤོག །ན་མོ་ཧཱུཾ། རྩ་དང་ཤ་ཁྲག་ལ་མ་བརྗོད་པས། །མ་མོ་དང་སྲིང་བཞིར་གསལ་ལོ། །ཧཱུཾ་རྩ་དང་ཤ་ཁྲག་དངོས་པོ༴ མ་དང་སྲིང་མོར་སྒོམས་པའི༴ ཚེ་སྲོག་གནོད་པའི་བར་ཆད་ཀུན་བསལ་ནས། །ཉིན་མཚན་རྟག་ཏུ་ཐམས་ཅད་བསྲུངས་བར་ཤོག །ན་མོ་ཧཱུཾ། དབུ་རྩིབས་ཧ་ལ་གིང་གསལ་ལོ། །ཧཱུཾ་གནོད་ཅིང་བསམ་སྦྱོར་ངན་པ་ཅིར་སྣང་ཡང་། །གིང་ཆེན་བཅོ་བརྒྱད་བ སྒོམས་པའི་བྱིན་རླབས་ཀྱིས། །ཀི་ཀང་གཤེད་བཞིའི་གནོད་པ་ཀུན༴ རྣམ་པར་རྟོག་པའི་བར་གཅོད་མེད་པར་ཤོག །ན་མོ་ཧཱུཾ། རུས་པ་ལ་ཧཱུཾ་ཧཱུཾ་བརྗོད་པས། ཁྲོ་བོ་ཁྲོ་མོ་དྲུག་ཅུ་གསལ་ལོ། །ཧཱུཾ་ཀེཾ་རུས་ཚོགས་ཀྱི་དངོས་པོ་ཅིར་སྣང་ཡང་། །ཁྲོ་བོ་ཁྲོ་མོར་བསྒོམས་པའི་བྱིན་རླབས་ཀྱིས། ཁམས་གསུམ་གདུག་པ་མ་ལུས་ཀུན་བསྒྲལ་ནས། །དྲག་པོའི་འཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། རྩ་གསུམ་བརྒྱ་ལ་ཧཱུཾ་སུཾ་བརྒྱ་བརྗོད་པས། ཕོ་ཉ་གསུམ་བརྒྱ་དྲུག་ཅུ་གསལ་ལོ། །ཧཱུཾ་རྩ་དང་བཅུད་ཀྱི་དངོས་པོ་ཅིར༴ ཕོ་ཉ་སུམ་བརྒྱ་དྲུག་ཅུ་བསྒོམས་པའི༴ དགྲ་དང་བགེགས་ཀྱི་བར་ཆད་ཀུན་བསྒྲལ་ནས། །བདག་དང་གཞན་དོན་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། སྐྲ་དང་བས་སྤུ་ལ་རིག་འཛིན་གསལ་ལོ། །ཧཱུཾ་སྐྲ་དང་བ་སྤུ་དངོས་པོ་ཅིར། རྣལ་འབྱོར་རིག་འཛིན་བསྒོམས་པའི། །རྡོ་རྗེ་འཆང་གྲལ་རིམ་པར་གནོན་མཛད་ནས། །གཟུང་འཛིན་ལོག་རྟོག་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། འུང་ནས་ཨེ་ཧྱ་ཧི་ཤྲཱི་ཧེ་རུ་ཀ་ཨེ་ཨ་ར་ལི་ཧྲིང་། ཏྲི་ཤ་ཧོ། །ས་མ་ཡ་སྟྭོཾ། ཛཿཧཱུཾ་བཾ་ཧོ། ༀ་ཨ་ར་ལི་ཧྲིཾ་ཧྲིཾ། སྔགས་དང་ཚོགས་ལ་སྤྱི་ལྟར་བྱ། ཕྱག་རྒྱ་བཞིས་སྟིམས་བསྟན་པར་བཞུགས་སུ་གསོལ། །ཧཱུཾ་སངས་རྒྱས་སེམས་ཅན་དངོས་པོ་ཅིར་སྣང་ཡང་། །བདེ་གཤེགས་སྤྱན་དྲངས་བསྟིམ་པའི་བྱིན་བརླབས་ཀྱིས། །ཡེ་ནས་སངས་རྒྱས་ཡིན་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འུང་ནས་ནམ་མཁའ་མཛོད་ཀྱི་སྔགས་དང་། །ༀ་ཨ་ཧ་ཞེས་ཞབས་བསིལ་དང་། ལྷ་མོ་བཞིའི་སྔགས་དང་ཕྱག་རྒྱས་དབུལ། ཧཱུཾ་ལྷ་དང་བདག་དང་གཞན་དུ་ཅིར་སྣང་ཡང་། །དཀྱིལ་འཁོར་ལྷ་ལ་མཆོད་པའི་བྱིན་རླབས་ཀྱིས། །འཁོར་གསུམ་ཡོངས་སུ་དག་པའི་དོན་རྟོགས་ནས། །དངོས་གྲུབ་རྣམ་གསུམ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འུང་ནས་སྔགས་དང་མ་ཧཱ་པཉྩ་ཨ་མྲྀ་ཏི་ཧཱུཾ། ཞེས་སྨན་དབུལ། འབྲུ་གསུམ་བླངས་སྔགས་བྱ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་བསྒྲུབས་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་གྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས། །ཐུགས་དམ་དབྱིངས་ཉིད་བསྐངས་པའི་མཆོག །ཅེས་ཆེ་བའི་ཡོན་ཏན་བསམས་ལ། །ཐོག་མར་རྩ་བའི་བླ་མ་དང་སྒྱུ་འཕྲུལ་གྱི་བླ་མ་རྣམས་ཀྱི་མཚན་དངོས་སུ་བརྗོད་ལ། །བདུད་རྩི་གཡོན་པའི་ཐེབ་སྲིན་གྱིས་བླངས་ལ་སྨིན་མཚམས་སུ་གཏོར། འདི་ནི་སྔོན་གྱིས་དམ་ཚིག་ཆེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །སྐུ་གསུང་ཐུགས་ཀྱིས་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལག་ན། །ཐུགས་རྗེས་དགོངས་ནས་བཞེངས་སུ་གསོལ། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒཾ་པྲ་ཏིཙྪ་ཧོ། །ཤྲི་བིན་ཁ་རཾ་ཁཱ་ཧི། ཧཱུཾ་ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ། འབར་བའི་རྒྱལ་པོ་ཁྲག་འཐུང་ལྔ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དཔལ་ཆེན་སྐུ་ལ་གཉིས་མེད་ལྷུན་སྦྱོར་བའི། །ཀྲོ་དྷི་ཤྭ་རི་ལ་སོགས་ཡུམ་ཆེན་ལྔ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཐིང་ག་མཆོག་རྣམས་རྡོ་རྗེ་གསང་བའི་ཡུམ། །ཀེ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །རྣམ་དག་བདུད་རྩི༴ ཐུགས་རྗེ་ཆེ་དགོངས་དབང༴ མ་ཧཱ་པཉྩ་ཨ་མྲྀ༴ རྡོ་རྗེ་མཆོག་བརྙན་ཟ་བྱེད་མཆེ་གཤོགས་ཅན། །སིང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ་སརྦ༴ སྒོ་བཞི་རབ་རྔམ་རྡོ་རྗེ་གདོང་མོའི་ཚོགས། །རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ་སརྦ༴ །ཁམས་གསུམ་མ་ལུས་སྒྲོལ་བའི་ལས་མཛད་མ། །ཕྱོགས་མཚམས་སྐྱོངས་པའི་སྤོར་མ་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ དཔལ་ཆེན་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ། །ཡེ་ཤེས་ཐུགས་ཀྱི་དགྱེས་སྡེ་བཞི་རྣམས་ལ །རྣམ༴ ཐུགས་རྗེ༴ མ་ཧཱ༴ འབར་བའི་དཀྱིལ་འཁོར་ཆེན་པོའི་མཐའ་བསྲུངས་པའི། །དམ་ཅན་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ འཕྲིན་ལས་མ་ལུས་སྒྲུབ་བྱེད་པའི། །ནམ་མཁར་འགྲོ་བ་སོ་གཉིས་ལ། རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ མ་མོ་ཆེན་པོ་བདུན་རྣམས་དང་། །སྲིང་མོ་ཆེན་མོ་བཞི་རྣམས་ལ། །རྣམ་དག་བདུད༴ །ཐུགས་རྗེ༴ །མ་ཧཱ༴ །ཞིང་བཅུ་གཏན་ནས་ལེན་མཛད་པའི། །རྡོ་རྗེ་ཀ་ཏར་གིང་ཆེན་བཅོ་བརྒྱད་ལ། །ཁམས་གསུམ་གདུག་པ་མ་ལུས་འདུལ་བ་ཡི། །ཁྲོ་བོ་ཁྲོ་མོ་རོལ་བའི་ཚོགས་རྣམས་ལ། །རྣམ་དག༴ ཐུགས་རྗེ་༴ །མ་ཧཱ༴ །དགྲ་བགེགས་མ་ལུས་འགུགས་པའི་ལས་བྱེད་པའི། །མགྱོགས་འགྲོ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ། །རྣམ་དག༴ །ཐུགས་རྗེ༴ །མ་ཧཱ༴ །རྡོ་རྗེ་འཆང་གྲལ་རིམ་པར་ས་ནོན་པའི། །རྣལ་འབྱོར་དབང་ཕྱུག་རིག་འཛིན་ཚོགས་རྣམས་ལ། །རྣམ༴ །ཐུགས༴ །མ་ཧཱ༴ །ལྕེ་ཡི་རྡོ་རྗེ་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་ཧཱུཾ་བསྒོམས་ཏེ། །བདུད་རྩི་ལྔ་ལས་སྦྱར་བའི་སྨན། །མྱང་ནས་དངོས་གྲུབ་གསུམ་ཐོབ་འགྱུར། །ༀ་ཨཱཿཧཱུཾ།ཀ་ཡ་སིད་དྷི་ༀ། ཝ་ཀ་སིདྡྷི་ཨཱཾ། ཙིཏྟ་སིདྡྷི་ཧཱུཾ། ཏིཥྛ་བཛྲ། གཏོར་མའི་མཆོད་པ་ནི། ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ། ཨི་དྷན་དྷཱུ་བ་པཥྤ་དི་པཾ་གནྡྷེ་བ་ལིང་ཏ་པྲ་ཏིཙྪ་ཧོ། །ཤྲི་བ་ན་ཁ་ཁ་ཁ་ཧཱི་ཁཱ་ཧི། ཞེས་པས་འབུལ་ལོ། །སྒྲོལ་བའི་མཆོད་པ་ནི། རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཡེ་ཤེས་མེ་ཆེན་སྒོམ་བྱས་ཏེ། །ཐམས་ཅད་མ་ལུས་བསྲེག་པར་བྱའོ། །སྲིད་གསུམ་བསྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །རཾ། སྦྱོར་བའི་མཆོད་པ་ནི། ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨོ་ལ་ནི་རྡོ་རྗེ་ཞུགས། །འཁྲིལ་བའི་མཆོད་སྦྱིན་རྣམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱའོ། །ས་མ་ཡ་སྟྭཱཾ། ས་མ་ཡ་ཧོ། །ཨ་ནུ་ར་ག་ཡ་མི། ཨ་ནུ་ར་ག་ཡ་ཧོ། །འདོད་ཡོན་གྱི་མཆོད་པ་ནི། །བཟའ་དང་བཅའ་བ་བཏུང་དང་བསྒོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་ཐིམ། །རཀྟའི་མཆོད་པ་ནི། ཛ་ཧཱུཾ་བཾ་ཧོ། །ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་ཏི་ཛཿཧོ། །ཤྲཱི་བྷན་དྷ་ཁ་རཾ་ཁཱ་ཧཱི། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩི་སྨན་གྱིས་མཆོད་པའི་བྱིན་བརླབས་ཀྱིས། །འཕྲ ལ་དང་སྐབས་ཚོལ་གནོད་པ་ཀུན་བསལ་ནས། །སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཅིར་སྣང་ཡང་། །དམ་རྫས་གཏོར་མ་ཕུལ་བའི་བྱིན་རླབས་ཀྱིས། །ཡུན་དུ་གླགས་ལྟ་གནོད་པ་ཀུན་ཞི་ནས། །འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཆགས་སྡང་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། །ཁམས་གསུམ་ཁྲག་མཚོ་ཕུལ་བའི་བྱིན་བརླབས་ཀྱིས། །ཉོན་མོངས་སེམས་སུ་གསལ་བའི་དོན་རྟོགས་ནས། །སེམས་ཉིད་གཡོ་བ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧོ་ཕྱོགས་བཅུ་དུས་བཞིའི་ཏ་ཐའི་བདག་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་སོགས། ཧེ་རུ་ཀ་དགུ་ཀློང་འབར་བ་ཁྲོ་བོ་ཁྲོ་མོ་བསམ་གྱིས་མི་ཁྱབ་པ་གསན་ཅིང་དགོངས་སུ་གསོལ། བདག་ཅག་གིས་རྣལ་འབྱོར་གྱི་པཱུ་ཛ་དམ་པ་རིགས་པའི་ཁྱད་པར་ཕྱི་ནང་གསང་བ་གསུམ་གྱི་ཚུལ་དུ་ཕུལ་བས། སྐུ་གསུང་ཐུགས་ཀྱི་རྒྱུད་དུ་མཉེས་པ་ཆེན་པོས་ཁྱབ་པར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག །བདག་ཅག་གི་དམ་ཚིག་ཉམས་པ་ཐམས་ཅད་བསྐོངས་པར་གྱུར་ཏེ། དངོས་གྲུབ་ཀྱི་སྣོད་དུ་གྱུར་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་མངོན་པར་སངས་རྒྱས་ཏེ། འཁོར་བ་ཀ་དག་པར་གྱུར་ཅིག །ཨ་ལ་ལ་ཧོཿ བདག་ཅག་དམ་ཚིག་འདི་ལ་ཞེས་པ་བརྗོད། ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་གསལ་བར་བྱས་ལ་འཛབ་བྱའོ། །ཁྲོ་བོའི་ལྷ་ལ་མང་ཉུང་མ་ངེས་ཏེ། གང་མོས་པ་ལ་བྱའོ། ༀ་གུ་ཧྱེ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱའོ། །རྒྱུ་འབྲས་རྩོལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བསྙེན་བསྒྲུབ་རྣམ་བཞི་འཛབ་བསྙེན་བྱས་པའི་མཐུས། །ཐམས་ཅད་ཀུན་ཏུ་བཟང་པོའི་དོན་རྟོགས་ནས། །དངོས་གྲུབ་རྣམ་གསུམ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞེས་པ་བཅུ་གསུམ་པར་གསལ་ལོ། །ལུང་དུ་འུང་ནས་ཚོགས་དྲང་། བསང་། བརླབ། སྡེར་བཏེག་ལ། བདག་མཆོད་ཀུན་མཉེས་ཐམས་ཅད་འགྲངས། །ཀུན་ལ་ཕན་པའི་སྨན་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ། །ཨ་ལ་ལ་ཧོ། །ཞེས་སྟོབས་ལ་རོལ། །འདོད་ཡོན་ལྔ་ཡི་དངོས་པོ་ཅིར་སྣང་ཡང་། །ཚོགས་ཀྱི་མཆོད་པ་བྱས་པའི་བྱིན་རླབས་ཀྱིས། །མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས་པར་ཤོག །ན་མོ་ཧཱུཾ། ལྷག་མའི་སྟེང་དུ་གཏོར་མ་ཀུན་བླུགས་ལ། དལ་གསལ་གདབ། སྙན་གསན་དབབ་པ་དང་། ཁ་ཆུས་གདབ་པ་ཀུན་མཐུན། དེ་ནས་སོ་སོ་ནས་མཆོད་དེ་ལས་བཅོལ། བརྟན་མ་བསྐྱངས། ལོ་སྐེགས་ཟླ་སྐེགས་གནོད་པ་ཅིར་སྣང་ཡང་། །ཌཀྐི་དབང་ཕྱུག་ལྷག་ཕུད་མཆོད་པའི་མཐུས། །མོ་ངན་རྨི་ངན་གནོད་པ་ཀུན་བསལ་ནས། །བར་ཆད་རྐྱེན་གྱིས་སྡུག་བསྔལ་མེད་པར་ཤོག །ན་མོ་ཧཱུཾ། འཇིག་རྟེན་སྲིན་མོ་འགྲོ་དྲུག་ཅིར་སྣང་ཡང་། །གཏོར་མ་བྲི་བཀྲོལ་མེད་པར་བསྔོས་པའི་བྱིན་བརླབས་ཀྱིས། འཇིག་རྟེན་སྲིན་མོ་འགྲོ་དྲུག་ཀུན་ཚིམ་ནས། །ཞིང་བཅུ་བསྒྲལ་ཞིང་འགྲོ་དོན་རྫོགས་པར་ཤོག །ན་མོ་ཧཱུཾ། དལ་ལྷ་ཀུན་འོད་དུ་ཞུ་ནས་ཐིག་ལེར་གྱུར། །ཐིག་ལེ་བླ་ན་མེད་པའི་ཧེ་རུ་ཀར་གསལ། །གཟུང་འཛིན་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། །ལྷ་དང་གཞལ་ཡས་བསྒྲུབ་པའི་བྱིན་བརླབས་ཀྱིས། །རྟག་ཆད་གཉིས་སུ་སྣང་བའི་མཐའ་བསལ་ནས། །སྣང་སྲིད་ཆོས་ཀྱིས་སྐུ་རུ་རྫོགས་པར་ཤོག །ན་མོ་ཧཱུཾ། དེ་ནས་རྒྱུན་གྱི་ཏིང་ངེ་འཛིན་བྱའོ། །རྣམ་དག་ལུས་ཀྱི་དངོས་པོ་ཅིར་སྣང་ཡང་། །སྤྱོད་ཡུལ་རྒྱུན་གྱི་ཏིང་འཛིན་བྱིན་བརླབས་ཀྱིས། །བདག་ཉིད་ཡི་དམ་ལྷ་རུ་གྱུར་ནས་ཀྱང་། །འགྲོ་དོན་མ་ལུས་རྫོགས་པར་བྱེད་པར་ཤོག །ན་མོ་ཧཱུཾ། ལུང་གི་ཞི་ཁྲོའི་ལས་བྱང་ཆུང་བ་རྫོགས་སོ། །གཉིས་པ་མདུན་བསྐྱེད་དཀྱིལ་འཁོར་སྟ་གོན་ནི། ན་མོ་བཛྲ་ས་ཏྭ་ཡ། ལུང་གི་ཞི་ཁྲོའི་ལས་བྱང་ལ། ཐོག་མར་འཕྲིན་ལས་ཀྱི་དབུ་འདྲེན་ནི། །ཧཱུཾ། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་སྐུ། །ཆོས་ཉིད་བྱང་ཆུབ་སེམས་དབྱེར་མེད་ཀྱང་། །སྲིད་པ་སྲོག་གིས་བསྡུས་པའི་འཇིག་རྟེན་པ། །ལོག་རྟོག་དངོས་པོར་གོལ་བའི་རྐྱེན་གྱིས་སུ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རང་ལས་བྱུང་། །སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་གཟིར་བ་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱིས་མི་འདུལ་སྟེ། །གསང་བའི་གསང་བ་ཆེན་པོའི་དུས་ལ་བབ། ན་མོ་ཧཱུཾ། ཧཱུཾ་སྲིད་པ་ཕྱི་ནང་སྣོད་བཅུད་ཐམས་ཅད་ནི། །སྙིགས་མ་ལྔ་ཡི་སྐྱེ་འགྲོ་མ་ལུས་ཀུན། །ཐམས་ཅད་སངས་རྒྱས་ཉིད་ཀྱི་རང་བཞིན་པས། །ཐབས་ལ་མཁས་པས་འདི་ལ་བརྟག་ཅིང་བསྒོམ། །ན་མོ་ཧཱུཾ། མཆོད་པ་བཤམས་ནས་སྟོང་པ་ལས། སྐད་ཅིག་ཞེ་སྡང་རྡོ་རྗེ་བསྐྱེད་དེ། ཉིང་འཁོར་བཅུ་གཉིས་སམ་བི་ཤྭ་བཛྲ་སྤྲུལ་པས། ཕྱོགས་སྐྱོང་བཅུའི་གདན་ལ། ཁྲོ་བཅུ་བཀོད་པའི་ཕུར་པས་བཏབ་ལ། ལུང་རིམ་པར་བསྒོམ་པ་ནི། འདི་སྐད་དོ། །ཧཱུཾ། སྟེང་འོག་ཕྱོགས་མཚམས་དངོས་པོ་ཅིར་སྣང་ཡང་། །ཁྲོ་བཅུ་ཡབ་ཡུམ་བསྒོམས་པའི་བྱིན་བརླབས་ཀྱིས། །ཕྱོགས་བཅུར་གནས་པའི་བགེགས་རྣམས་ཀུན་བསལ་ནས། །དངོས་གྲུབ་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། བཛྲ་ས་མ་ཛ། ཡེ་ཤེས་སྤྱན་དྲངས་ལ། ཡེ་ནས་མཉམ་པ་ཉིད་ཀྱི་བཤགས་རྗེས་སུ། །སྒྲིབ་པ་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། །ཡིད་ཀྱི་མངོན་དུ་བཤགས་པའི་བྱིན་བརླབས་ཀྱི། སྒྲིབ་པ་ཡེ་ནས་དག་པའི་དོན་རྟོགས་ནས། སེམས་ཉིད་རང་བཞིན་མེད་པའི་དོན་རྟོགས་ཤོག །ན་མོ་ཧཱུཾ། ཧཱུཾ་བཞི་བརྗོད་ལས། མཐུ་དང་བྲལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བདེ་གཤེགས་བྱིན་ཕོབ་གསལ་བར་རྫོགས་པའི་མཐུས། །རྒྱལ་བའི་སྐུ་རུ་ལྷུན་གྱིས་གྲུབ་ནས་ཀྱང་། ཐམས་ཅད་བྱིན་བརླབས་མཐུ་ཉིད་འགྲུབ་པར་ཤོག །ན་མོ་ཧཱུཾ། པཱུ་ཛ་གཞུང་བཞིན་བྱིན་གྱིས་བརླབས་ཏེ། །ཧཱུཾ། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩི་སྨན་མཆོག་བསྒྲུབས་ཅིང་མཆོད་པའི་མཐུས། །ཡུན་དུ་གླགས་ལྟའི་གནོད་པ་ཀུན་བསལ་ནས། སྐྱེ་འཆི་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། བརྒྱད་ཁྲི་བཞི་སྟོང་གདོན་རྣམས་ཅིར་སྣང་ཡང་། །ཚོགས་དང་གཏོར་མས་མཆོད་པའི་བྱིན་བརླབས་ཀྱིས། །འཕྲལ་དུ་སྐབས་འཚོལ་གནོད་པ་ཀུན་བསལ་ནས། འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཐུན་མོང་རྫས་ཀྱི་དངོས་པོ༴ པཱུ་ཛ་བྱིན་གྱིས་བརླབས་པའི་ནུས་མཐུ་ཡིས། །འདོད་པའི་ཡོན་ཏན་ཡོངས་སུ་རྫོགས་གྱུར་ནས། །དུས་གསུམ་བདེ་གཤེགས་མ་ལུས་མཆོད་པར་ཤོག །ན་མོ་ཧཱུཾ། །ཧཱུཾ། གནམ་ས་རི་བྲག་དངོས་པོ་ཅིར་སྣང་ཡང་། །དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམས་པའི་མཐུས། །ཆོས་ཉིད་སྟོང་པ་ཉིད་དུ་དོན་རྟོགས་ནས། །སྤྲོས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། མ་རྟོགས་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། །ཀུན་ཏུ་སྣང་གིས་ཏིང་འཛིན་བསྒོམས་པའི་མཐུས། །ཆོས་ཉིད་སྐྱེ་བ་མེད་པར་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། མ་རིག་སེམས་ཉིད་དངོས་པོ་ཅིར་སྣང་ཡང་། །རྒྱུ་ཡི་ཏིང་ངེ་འཛིན་ནི་བསྒོམས་པའི་མཐུས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་རྟོགས་ནས། །རང་བྱུང་ཡེ་ཤེས་ལྷུན༴ ན་མོ་ཧཱུཾ། སྟོང་པ་ལས་ཞི་དཀྱིལ་འཁོར་རྟེན་བཅས་བསྐྱེད་ལ། །ཧཱུཾ་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཅིར་སྣང་ཡང་། །གཞལ་ཡས་དབང་ཆེན་བསྒོམས་པའི་བྱིན་རླབས་ཀྱིས། །ཆོས་ཉིད་མཐའ་དབུས་མེད་པའི་དོན་རྟོགས་ནས། །འོག་མིན་གནས་སུ་ལྷུན༴ ན་མོ་ཧཱུཾ། རང་ཡེ་ཤེས་སུ་གསལ་བ་ལས་སྔགས་ཀྱིས་བསྐྱེད་ལ། ཧཱུཾ་ཕུང་པོ་ལྔ་དང་འབྱུང་ལྔ་ཅིར་སྣང་ཡང་། །རིགས་ལྔ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱི། །ཡབ་ཡུམ་གཉིས་སུ་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག ། ན་མོ་ཧཱུཾ། ཧཱུཾ། དབང་པོ་རྣམ་ཤེས་ཡུལ་དུས་ཅིར་སྣང་ཡང་། །སེམས་དཔའ་སེམས་མ་བསྒོམས་པའི་བྱིན་ཀྱིས་རླབས། །ཐམས་ཅད་ལྷ་དང་ལྷ་མོའི་དོན༴ །རྒྱལ་བའི་སྲས་སུ་ལྷུན་གྱིས༴ །ན་མོ་ཧཱུཾ། ཡིད་ཆོས་སྔར་བཞིན་ལས། ཧཱུཾ། ཡིད་དང་ཆོས་ཀྱི་དངོས་པོ་ཅིར་སྣང་ཡང་། །ཀུན་བཟང་ཡབ་ཡུམ་བསྒོམས་པའི་བྱིན༴ །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས་ནས། །ཆོས་སྐུ་འགྱུར་མེད་ལྷུན༴ ན་མོ་ཧཱུཾ། འགྲོ་བ་རིགས་དྲུག་དངོས་པོ་ཅིར་སྣང་ཡང་། །ཐུབ་པ་དྲུག་དུ་བསྒོམས་པའི་བྱིན་རླབས་ཀྱིས། །རོལ་པ་ཅིར་ཡང་སྣང་བའི་དོན་རྟོགས་ནས། །སངས་རྒྱས་མཛད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། རང་ཡེ་ཤེས་སུ་གསལ་བས། །སྒོ་བ་སྔགས་ཀྱིས་བསྐྱེད་དེ། ཧཱུཾ་ཡན་ལག་བཞི་པོ་དངོས་པོ་ཅིར་སྣང་ཡང་། །སྒོ་བ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཡབ་ཡུམ་འདུ་འབྲལ་མེད་པའི་དོན༴ འཕྲིན་ལས་རྣམ་བཞི་ལྷུན་གྱིས༴ ན་མོ་ཧཱུཾ། ཤུ་ནྱ་སོགས་སྔགས་བརྗོད་ལ། །ཧཱུཾ་ལུས་ངག་ཡིད་གསུམ་དངོས་པོ་ཅིར་སྣང་ཡང་། །དབང་བསྐུར་བྱིན་གྱིས་རླབས་པའི༴ ཉོན་མོངས་དངོས་པོ་མ་ལུས་ཀུན་བྱང་ནས། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞི་བ་ལ་ས་མ་ཡཱ་ཛཱཿ དང་ཨེ་ཧྱ་ཧི། ཁྲོ་བོ་ལ་རུ་ལུ། ཧཱུཾ། སངས་རྒྱས་སེམས་ཅན་དངོས་པོ་ཅིར་སྣང་ཡང་། །བདེ་གཤེགས་སྤྱན་དྲངས་བསྟིམ་པའི་བྱིན་བརླབས་ཀྱིས། །ཡེ་ནས་གཉིས་སུ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཨ་ཏི་ཧོ། །པྲ་ཏི་ཧོ། བརྗོད་ལ། ཧཱུཾ་བདག་དང་གཞན་དུ་དངོས་པོ་ཅིར་སྣང་ཡང་། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བྱིན་རླབས་གྱིས། །ཡེ་ནས་འདྲེས་པ་ཆེན་པོའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས༴ ། ན་མོ་ཧཱུཾ། བདེ་བར་གཤེགས་སོ་བརྗོད་ལ། །ཧཱུཾ་འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཅིར༴ དམ་བཅའ་རྣམ་གསུམ་བྱས་པའི་བྱིན་བརླབས་ཀྱིས། །མ་སྤངས་མཐའ་རུ་ཕྱིན་པའི་དོན་རྟོགས༴ བདག་གཞན་དོན་གཉིས་ལྷུན་གྱིས༴ གཟུང་འཛིན་རྣམ་རྟོག་དངོས་པོ༴ ཕྱག་རྒྱའི་པཱུ་ཛ་ཕུལ་བའི་བྱིན༴ ཕྱག་རྒྱ་རྣམ་བཞི་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། ཧཱུཾ་ཕྱི་ནང་གསང་བའི་དངོས་པོ་ཅིར་སྣང་ཡང་། །ཀུན་ཏུ་བཟང་པོའི་མཆོད་པ་ཕུལ་བ་ཡིས། །དངོས་པོ་ཐམས་ཅད་མཆོད་པར་གྱུར་ནས་ཀྱང་། །སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། བདག་དང་གཞན་གྱིས་དངོས༴ པཱུ་ཛ་རྣམ་ལྔ་ཕུལ་བའི་བྱིན༴ ཐམས་ཅད་འགགས་པ་མེད་པའི་དོན༴ འཁོར་གསུམ་ཡོངས་སུ་དག་པར་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། རང་བྱུང་ལ་སོགས་བརྗོད་ནས། ཧཱུཾ། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩི་སྨན་མཆོད་ཕུལ་བའི་བྱིན༴ དུག་ལྔ་བདུད་རྩིར་འགྱུར་བའི་དོན༴ སྐྱེ་ཤི་མེད་པར་ལྷུན་གྱིས༴ ན་མོ་ཧཱུཾ། བ་ལིང་འབུལ་ཚིགས་བརྗོད་དེ། །ཧཱུཾ། སྟོང་ཕྲག་དྲུག་ཅུའི་བགེགས་རྣམས་ཅིར༴ དམ་རྫས་གཏོར་མ་ཕུལ་བའི་བྱིན༴ ཡུན་དུ་གླགས་ལྟའི་གནོད་མེད་དོན་རྟོགས་ནས། །འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ལྷག་པ་ཏིང་ངེའི་པཱུ་ཛ་བརྗོད་དེ། སེམས་ཀྱི་རྟོགས་པ་དངོས་པོར་ཅིར༴ ལྷག་པའི་ཏིང་འཛིན་མཆོད་པའི་བྱིན༴ །དངོས་པོ་ཡོ་བྱད་ལྔ་རུ་གྲུབ་ནས་ཀྱང་། །རིག་པའི་ཅིར་སྣང་ལྔ་རུ་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། སྦྱོར་སྒྲོལ་པཱུ་ཛ་བརྗོད་དེ། །ཧཱུཾ། ཆགས་སྡང་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། ཏ་གྷན་རྣམ་གཉིས་མཆོད་པའི་བྱིན༴ སྤྱོད་ཡུལ་ཡོངས་སུ་དག་པོའི་དོན་རྟོགས་ནས། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། ཡུལ་དང་དབང་པོའི་དངོས་པོ་ཅིར་སྣང་ཡང་། །འདོད་ཡོན་ལྔ་ཡི་མཆོད་པ་ཕུལ་བའི་མཐུས། །ཡུལ་སེམས་གཉིས་སུ་མེད་པའི་དོན་རྟོགས་ནས། །སྤྱོད་ཡུལ་མ་ལུས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། ཧཱུཾ། ཉོན་མོངས་སྡུག་བསྔལ་དངོས་པོར་ཅིར་སྣང་ཡང་། །གླུ་སྙན་རོལ་མོ་ཕུལ་བའི་བྱིན༴ །ཐམས་ཅད་ཐེག་པ་ཆེན་པོའི་སྒྲར་གྱུར་ནས། །གསང་སྔགས་དོན་ཉིད་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧོ། ཕྱོགས་བཅུ་དུས་བཞིའི་ཏ་ཐཱ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔ་རྒྱལ་བ་རྒྱ་མཚོ་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། བདག་ཅག་གིས་རྣལ་འབྱོར་གྱི་མཆོད་ཡོན་དམ་པ་རིག་པའི་ཁྱད་པར་ཕྱི་ནང་གསང་བའི་ཚུལ་གྱིས་སྦྱར་ཏེ་ཕུལ་བས་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་ཆེན་པོས་ཁྱབ་པར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་པར་ཅིག །བདག་ཅག་གི་དམ་ཚིག་ཉམས་པ་བསྐོངས་ཏེ་དངོས་གྲུབ་ཀྱི་སྣོད་དམ་པར་གྱུར་ནས་འཁོར་ལོ་ཚོགས་ཆེན་གྱི་སར་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བ་ཀ་ནས་དག་པར་གྱུར་ཅིག །ཨ་ལ་ལ་ཧོ། །བདག་ཅག་དམ་ཚིག་འདི་ཞེས་པ་བརྗོད། ཧཱུཾ། ཡིད་ལ་བསམ་པའི་དངོས་པོ་ཅིར་སྣང་ཡང་། །སྨོན་ལམ་མངོན་དུ་བཏབ་པའི་བྱིན་བརླབས་ཀྱིས། །ཡིད་ལ་ཅི་བསམ་ཐམས་ཅད་དོན་གྲུབ་ནས། །འགྲོ་དོན་མ་ལུས་ལྷུན་གྱིས༴ ཁམས་གསུམ་ལྷའི་དལ་དུ་གསལ་བར་བྱས་ལ་འཛབ་བྱའོ། །རྒྱུ་འབྲས་རྩོལ་བའི་དངོས་པོ༴ བསྙེན་བསྒྲུབ་རྣམ་བཞི་འཛབ་བསྙེན་བྱས་པའི་མཐུས། །ཐམས་ཅད་ཀུན་ཏུ་བཟང་པོའི་དོན་རྟོགས་ནས། །དངོས་གྲུབ་རྣམ་གསུམ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞི་བའི་ལུང་ངོ་། ཨཐྎ། །ཁྲོ་བོའི་ལུང་དུ། མི་རྟོག་པ་ལས་ཤ་རུས་རང་རིག་ཏུ་གསལ་བ་ལས། །བྷྲུཾ་བི་ཤྭ་བི་ཤུདྡྷེ་བན་དྷ་ཛྙཱ་ན་ཙཀྲ་བྷྲུཾ། ཞེས་གཞལ་ཡས་བསྐྱེད། མ་ཧཱ་རུ་ཏྲ་བཱི་ཏི་ར་བཱི། ཞེས་གདན་བཏིང་ལ། ཧཱུཾ། དུར་ཁྲོད་རྫས་ཀྱིས་དངོས་པོར་ཅིར་སྣང་ཡང་། །འབར་བའི་གཞལ་ཡས་བསྒོམས་པའི་བྱིན་རླབས་ཀྱིས། །རྫས་སུ་ལྟ་བའི་རྟོག་པ་ཀུན་བསལ་ནས། །གནས་མཆོག་རབ་འབྱམས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། རུ་ཏྲ་རྣམ་གསུམ་དངོས་པོ་ཅིར་སྣང་ཡང་། །ཧེ་རུ་ཀ་རུ་བསྒོམས་པའི་བྱིན༴ བདུད་དང་སྲིན་པོ་བར་ཆད་ཀུན་བསྒྲལ་ནས། །ཡེ་ཤེས་དགུ་རུ་ལྷུན༴ ན་མོ་ཧཱུཾ། ཧཱུཾ། ཁམས་གསུམ་དགུའི་དངོས་པོ་ཅིར་སྣང་ཡང་། །ཡུམ་ཆེན་དགུ་རུ་སྒོམས་པའི༴ མ་བདུན་སྲིང་མོའི་བར་ཆད་ཀུན༴ ཐིག་ལེ་དགུ་རུ་ལྷུན་གྱིས༴། ན་མོ་ཧཱུཾ། ཧཱུཾ། རྣམ་ཤེས་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །ཀེའུ་རི་བརྒྱད་དུ་བསྒོམས་པའི༴ ཡུལ་ལྷ་མངོན་པར་རྟོག་པ་ཀུན་བཅོམ་ནས། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། དུར་ཁྲོད་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །འཕྲ་མེན་བརྒྱད་དུ་བསྒོམས་པའི༴ མཚན་མར་སྣང་བའི་དངོས་པོ་ཀུན་བྲལ་ནས། །རྣམ་པར་རྟོག་པའི་བག་ཆགས་མེད་པར་ཤོག །ན་མོ་ཧཱུཾ། ཧཱུཾ། ཆུ་སོ་བཞི་ཡི་དངོས་པོ༴ སྒོ་བ་བཞི་རུ་བསྒོམས༴ ཚད་མེད་བཞི་རུ་རྫོགས་པའི་དོན་རྟོགས་ནས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཕྱོགས་མཚམས་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །སྤོར་མ་བརྒྱད་དུ་བསྒོམས་པའི་བྱིན་རླབས་ཀྱིིས། །ལྷ་སྲིན་སྡེ་བརྒྱད་བར་ཆད་ཀུན༴ འཇིག་རྟེན་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། ཧཱུཾ། འབྱུང་བ་བཞི་ཡི་དངོས་པོ་ཅིར་སྣང་ཡང་། །གསང་བའི་ཡུམ་བཞི་བསྒོམས་པའི་བྱིན༴ ཆོས་ཉིད་དངས་སྙིགས་འབྱེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུཾ། ཧཱུཾ། ཆུ་སྒལ་ཚིགས་རྣམས་ཀྱི་དངོས་པོ༴ དབང་ཕྱག་ཉེར་བརྒྱད༴ རྣམ་པར་རྟོག་པའི་བར་ཆད་ཀུན་བསལ་ནས། བར་ཆད་རྐྱེན་གྱིས་སྡུག་བསྔལ་མེད་པར༴ ན་མོ་ཧཱུཾ། ཧཱུཾ་སོ་དང་རུས་པའི་དངོས་པོ་ཅིར་སྣང་ཡང་། །ཌཀྐི་སྭོ་གཉིས་བསྒོམས་པའི༴ བར་དུ་གཅོད་པ་མ་ལུས་ཀུན་བསྒྲལ་ནས། །བསྒྲུབ་པའི་བར་དུ་གཅོད་པའི་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། ཧཱུཾ། ཤ་ཁྲག་རྩ་ཡི་དངོས་པོར་ཅིར་སྣང་ཡང་། །མ་དང་སྲིང་མོ་བསྒོམས་པའི༴ །ཚེ་སྲོག་གནོད་པའི་བར་ཆད་ཀུན་བསལ་ནས། །ཉིན་མཚན་རྟག་ཏུ་ཐམས་ཅད་སྐྱོབས་པར་ཤོག །ན་མོ་ཧཱུཾ། ཧཱུཾ། གུ་རྩིབས་བཅོ་བརྒྱད་དངོས་པོ་ཅིར་སྣང་ཡང་། །གིང་ཆེན་བཅོ་བརྒྱད༴ བསྒྲལ་བའི་ཞིང་བཅུ་མ་ལུས་ཀུན་བསྒྲལ་ནས། སངས་རྒྱས་ཞིང་ཁམས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། ཧཱུཾ། རུས་མགོ་ཚོགས་ཀྱིས་དངོས་པོ་ཅིར༴ ཁྲོ་བོ་ཁྲོ་མོར་བསྒོམས་པའི་བྱིན་བརླབས་ཀྱིས། །ཁམས་གསུམ་གདུག་པ་མ་ལུས་ཀུན་བསྒྲལ་ནས། །སངས་རྒྱས་འཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། རྩ་བྲན་མང་པོ་དངོས་པོ་ཅིར་སྣང་ཡང་། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་བསྒོམས་པའི་མཐུས། །དམ་ཚིག་ཉམས་དང་དགྲ་བགེགས་ཀུན་བསྒྲལ་ནས། །གནོད་པའི་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། ཧཱུཾ། སྐྲ་དང་བ་སྤུ་དངོས་པོར་ཅིར་སྣང་ཡང་། །རྣལ་འབྱོར་རིག་འཛིན་བསྒོམས་པའི་བྱིན་བརླབ་ཀྱི། །རྡོ་རྗེ་འཆང་གྲལ་རིམ་པར་ནོན་མཛད་ནས། །གཟུང་འཛིན་ལོག་རྟོགས་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། ཨེ་ཧྱ་ཧི། ཤྲཱི་ཧེ་རུ་ཀ །ཨེ་ཨ་ར་ལི་ཧྲི་ཏྲི། ས་མ་ཡ་སྟྭོཾ་ཛ་ཧཱུཾ་བཾ་ཧོ། །ཨེ་ཨ་ར་ལི་ཧྲིཾ་ཧྲིཾ། ཧཱུཾ། སངས་རྒྱས་སེམས་ཅན་བདག་གཞན་དངོས་པོ་ཅིར་སྣང་ཡང་། །བདེ་གཤེགས་སྤྱན་དྲངས་སྟིམས་པའི་བྱིན་བརླབས་ཀྱིས། །ཡེ་ནས་གཉིས་སུ་མེད་པའི་དོན༴ གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཨ་ཏི་ཧོ། །པྲ་ཏི་ཧོ། །བརྗོད་ལ། ཧཱུཾ། སངས་རྒྱས་སེམས་ཅན་བདག་གཞན་ཅིར་སྣང་ཡང་། །བདེ་གཤེགས་ལྷ་ལ་ཕྱག་འཚལ་བྱིན་བརླབས་ཀྱིས། །ཡེ་ནས་འདྲེན་པ་ཆེན་པོའི་དོན་རྟོགས་ནས། གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། བདེ་བར་གཤེགས་སོ་བརྗོད་ལ། ཧཱུཾ། འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། །དམ་བཅའ་རྣམ་གསུམ་བྱས་པའི་བྱིན་རླབས༴ མ་སྤངས་མཐའ་རུ་ཕྱིན་པའི་དོན༴ བདག་གཞན་གཉིས་དོན་ལྷུན་གྱིས༴ ན་མོ་ཧཱུཾ། ཧཱུཾ་གཟུང་འཛིན་རྣམ་རྟོག་དངོས་པོ་ཅིར༴ ཕྱག་རྒྱའི་པཱུ་ཛ་ཕུལ་བའི་བྱིན༴ ཕྱག་རྒྱ་རྣམ་བཞི་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་ཕྱག་རྒྱ་རྣམ་བཞི་ལྷུན་གྱིས་གྲུབ་ནས་ཀྱང་། ཐམས་ཅད་ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། ཧཱུཾ། ཕྱི་ནང་གསང་བའི་དངོས་པོ་ཅིར་སྣང་ཡང་། །ཀུན་ཏུ་བཟང་པོའི་མཆོད་པར་ཕུལ་པ་ཡིས། །དངོས་པོ་ཐམས་ཅད་མཆོད་པར་གྱུར་ནས་ཀྱང་། །སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། ཧཱུཾ་དེ་ནས་སྨན་གྱི་མཆོད་པ་ནི། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །ཅེས་ཆེ་བའི་ཡོན་ཏན་བསམས་ལ། །ཐོག་མར་རྩ་བའི་བླ་མ་དང་སྒྱུ་འཕྲུལ་གྱི་བླ་མ་རྣམས་ཀྱི་མཚན་དངོས་སུ་བརྗོད་ལ། བདུད་རྩི་གཡོན་པའི་འཐེབ་སྲིན་གྱིས་བླངས་ལ། སྨིན་མཚམས་སུ་གཏོར། འདི་ནི་སྔོན་གྱིས་དམ་ཚིག་ཆེ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ནས་བཞེངས་སུ་གསོལ། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །འབུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦཱ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒཾ་པྲ་ཏིཙྪ་ཧོ། །ཤྲཱི་པཉྩ་ཁ་རཾ་ཁཱ་ཧི། ཧཱུཾ། ཚོགས་རྗེས་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ། །འབར་བའི་རྒྱལ་པོ་ཁྲག་འཐུང་ལྔ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དཔལ་ཆེན་སྐུ་ལ་གཉིས་མེད་ལྷུན་སྦྱོར་བའི། །ཀྲོ་དྷི་ཤྭ་རི་ལ་སོགས་ཡུམ་ཆེན་ལྔ་རྣམས་ལ། །རྣམ་དག༴ ཐུགས་རྗེ་ཆེ་དགོངས་དབང་དང་༴ །མ་ཧཱ་པཉྩ་ཨ་མྲྀ༴ །མཐིང་ག་མཆོད་རྣམས་རྡོ་རྗེ་གསང་བའི་ཡུམ། །ཀེའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །རྣམ་དག་བདུད་རྩི༴ ཐུགས་རྗེ༴ མ་ཧཱ་པཉྩ༴ རྡོ་རྗེ་མགོ་བརྙན་ཟ་བྱེད་མཆེ་གཤོག་ཅན། །སིང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ སྒོ་བཞི་རབ་སྡོམ་རྡོ་རྗེ་གདོང་མོའི་ཚོགས། །རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སྲིན་མོའི་ཆ་ལུགས་ཤིན་ཏུ་འཇིགས་པར་སྟོན། །ཕྱོགས་མཚམས་འཛིན་པའི་སྤོར་མ་བརྒྱད་རྣམས་ལ༴ རྣམ་དག༴ ཐུགས་རྗེ༴ མ་ཧཱ་པཉྩ་ཨ་མྲྀ་ཏ༴ དཔལ་ཆེན་སྐུ་ལ་འདུ་འབྲལ་མེད་པ་ཡི། །ཡེ་ཤེས་ཐུགས་ཀྱི་དགྱེས་སྡེ་བཞི་རྣམས་ལ། །རྣམ༴ ཐུགས་རྗེ༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ༴ འབར་བའི་དཀྱིལ་འཁོར་ཆེན་པོའི་མཐའ་བསྲུངས་བའི། །དམ་ཅན་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །རྣམ་དག་བདུད་རྩི་དམ༴ ཐུགས་རྗེས༴ མ་ཧཱ་པཉྩ་ཨ༴ འཕྲིན་ལས་མ་ལུས་མྱུར་དུ་འགྲུབ་བྱེད་པའི། །རྡོ་རྗེ་ཌཀྐི་སུམ་ཅུ་རྩ་གཉིས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ༴ མ་མོ་ཆེན་མོ་བདུན་རྣམས་དང་། །སྲིང་མོ་ཆེན་མོ་བཞི་རྣམས་ལ། །རྣམ་དག་བདུད་རྩི་དམ་པ༴ ཐུགས་རྗེས་ཆེ་དགོངས་དབང་༴ མ་ཧཱ་པཉྩ༴ ཞིང་བཅུ་མ་ལུས་བརྟེན་ནས་འདྲེན་བྱེད་པའི། །རྡོ་རྗེ་ཀ་ཏར་གིང་ཆེན་བཅོ་བརྒྱད་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ ཁམས་གསུམ་གདུག་པ་མ་ལུས་འདུལ་མཛད་པའི། །ཁྲོ་བོ་ཁྲོ་མོ་རོལ་པའི་ཚོགས་རྣམས་ལ། རྣམ་དག༴ ཐུགས༴ མ་ཧཱ་པཉྩ༴ ཡེ་ཤེས་རོལ་པའི་ཕྱག་རྒྱ་ཅིར་སྣང་ཡང་། །མགྱོགས་མ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ། །རྣམ་དག་བདུད་རྩི༴ ཐུགས་རྗེས་ཆེ་དགོངས་དབང་༴ མ་ཧཱ༴ རྡོ་རྗེ་འཆང་གྲལ་རིམ་པར་ས་གནོན་པའི། །རྣལ་འབྱོར་དབང་ཕྱུག་རིག་འཛིན་ཚོགས་རྣམས་ལ། རྣམ་དག༴ ཐུགས་རྗེ༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ལྕེ་ཡི་རྡོ་རྗེ་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་ཧཱུཾ་བསྒོམས་ཏེ། །བདུད་རྩི་ལྔ་ལས་སྦྱར་བའི་སྨན། །མྱང་ནས་དངོས་གྲུབ་གསུམ་ཐོབ་འགྱུར། ༀ་ཨཱ་ཧཱུཾ་ཀ་ཡ་སིད་དྷི་ཨཱོཾ། ཝཀྐ་སིད་དྷི་ཨཱ། ཙིཏྟ་སིདྡྷ་ཧཱུཾ། ཏིཥྛ་བཛྲ། ཧཱུཾ། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩི་སྨན་གྱི་མཆོད་པའི་བྱིན་རླབས་ཀྱིས། །འཕྲལ་དང་སྐབས་ཚོལ་གནོད་པ་ཀུན་བསལ་ནས། །སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། གཏོར་མ་འབུལ་བ་ནི། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨི་དན། དྷུ་པེ། པུཥྤེ། དཱི་པཾ། གནྡྷེ། བ་ལིཾ། ཏ་པྲ། ཏིཙྪ་ཧོ། ཤྲི་བན་ཁ་ཁ་ཁ་ཧཱི་ཁ་ཧི། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཅིར་སྣང་ཡང་། །དམ་རྫས་གཏོར་མ་ཕུལ་བའི་བྱིན་རླབས་ཀྱིས། །ཡུན་དུ་གླགས་ལྟའི་གནོད་པ་ཀུན་ཞི་ནས། །འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། སྒྲོལ་བའི་མཆོད་པ་ནི། རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཡེ་ཤེས་མེ་ཆེན་བསྒོམ་བྱས་ཏེ། །ཐམས་ཅད་མ་ལུས་བསྲེགས་པར་བྱའོ། །སྲིད་གསུམ་བསྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །རཾ། སྦྱོར་བའི་མཆོད་པ་ནི། ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨོ་ལ་ནི་རྡོ་རྗེ་ཞུགས། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱའོ། །ས་མ་ཡ་སྟཾ། ས་མ་ཡ་ཧོ། ཨ་ནུ་ར་ག་ཡ་མི། ཨ་ནུ་ར་ག་ཡ་ཧོ། འདོད་ཡོན་གྱི་མཆོད་པ་ནི། བཟའ་དང་བཅའ་དང་བཏུང་དང་བགོ། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམས། ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །རཀྟའི་མཆོད་པ་ནི། ཛཿཧཱུཾ་བཾ་ཧོ། ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་ཨ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་ཏི་ཛ་ཧོ། ཤྲཱི་བྷནྡྷ་ཁ་རཾ་ཁཱ་ཧི། ཆགས་སྡང་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། །ཁམས་གསུམ་ཁྲག་མཚོ་ཕུལ་བའི་བྱིན་རླབས་ཀྱིས། །ཉོན་མོངས་སེམས་སུ་གསལ་བའི་དོན་རྟོགས་ནས། །སེམས་ཉིད་དབྱེ་བ་མེད་པར་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། ཧོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ། ཧེ་རུ་ཀ་དགུ་ཀློང་འབར་བ། འཁོར་ཁྲོ་བོ་ཁྲོ་མོ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། །བདག་ཅག་གིས་རྣལ་འབྱོར་གྱིས་མཆོད་ཡོན་དམ་པ་རིག་པའི་ཁྱད་པར། ཕྱི་ནང་གསང་བ་གསུམ་དུ་ཕུལ་བས། སྐུ་གསུང་ཐུགས་ཀྱིས་རྒྱུད་མཉེས་པ་ཆེན་པོས་ཁྱབ་པར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག །བདག་གིས་དམ་ཚིག་ཉམས་པ་ཐམས་ཅད་བསྐོངས་ཏེ་དངོས་གྲུབ་ཀྱི་སྣོད་དུ་གྱུར་ནས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་མངོན་པར་སངས་རྒྱས་ནས། འཁོར་བ་ཀ་དག་པར་གྱུར་ཅིག །ཨ་ལ་ལ་ཧོ། བདག་ཅག་དམ་ཚིག་འདི་ལ་ཅེས་བརྗོད། ཁམས་གསམ་ལྷའི་དལ་དུ་བྱས་ལ་འཛབ་བྱའོ། །ཁྲོ་བོ་ལྷ་མང་ཉུང་མ་ངེས་ཏེ། གང་ལ་མོས་པ་ལ་བྱའོ། །ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སཱུ་ཁ་ཧཱུཾ་ཧཱུཾ་ཧཱུཾ། ཅེས་བྱའོ། །རྒྱུ་འབྲས་རྩོལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བསྙེན་བསྒྲུབ་རྣམ་བཞིའི་འཛབ་བསྙེན་བྱས་པའི་མཐུས། །ཐམས་ཅད་ཀུན་ཏུ་བཟང་པོའི་དོན་རྟོགས་ནས། །དངོས་གྲུབ་རྣམ་གསུམ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འདོད་ཡོན་ལྔ་ཡི་དངོས་པོ་ཅིར་སྣང་ཡང་། ཚོགས་ཀྱི་མཆོད་པ་བྱས་པའི་བྱིན་བརླབས་ཀྱིས། །མཐའ་ལ་ཞེན་པའི་བཏུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས་པར་ཤོག །ན་མོ་ཧཱུཾ། ལོ་ཟུར་ཟླ་གེགས་གདོན་ལ་ཅིར༴ མཁའ་འགྲོ་དབང་ཕྱུག་ལྷག་ཕུད་མཆོད་པའི་མཐུས། །མོ་ངན་རྨི་ངན་གནོད་པ་ཀུན་བསལ་ནས། །བར་ཆོད་རྐྱེན་གྱི་སྡུག་བསྔལ་མེད་པར་ཤོག །ན་མོ་ཧཱུཾ། འཇིག་རྟེན་སྲིན་མོ་འགྲོ་དྲུག་ཅིར་སྣང་ཡང་། །གཏོར་མ་དབྲི་བཀོལ་མེད་པར་བསྔོས་པ་ཡིས། །འཇིག་རྟེན་སྲིན་མོ་འགྲོ་དྲུག་ཀུན་ཚིམས་ནས། །ཞིང་བཅུ་སྒྲོལ་ཞིང་འགྲོ་དོན་རྫོགས་པར་ཤོག །ན་མོ་ཧཱུཾ། གཟུང་འཛིན་རྣམ་གཉིས་དངོས་པོ་ཅིར༴ ལྷ་དང་གཞལ་ཡས་བསྡུས་པའི་བྱིན་རླབས་ཀྱིས། །རྟག་ཆད་གཉིས་སུ་སྣང་བའི་མཐའ་བྲལ་ནས། །སྣང་སྲིད་ཆོས་ཀྱིས་སྐུ་རུ་རྟོགས་པར་ཤོག །ན་མོ་ཧཱུཾ། རྣམ་རྟོག་ལུས་ཀྱི་དངོས་པོ་ཅིར་སྣང་ཡང་། །སྤྱོད་ལམ་རྒྱུན་གྱིས་ཏིང་འཛིན་བྱིན་བརླབས་ཀྱིས། །བདག་ཉིད་ཡི་དམ་ལྷ་རུ་གྱུར་ནས་ཀྱང་། །འགྲོ་དོན་མ་ལུས་རྫོགས་པར་བྱེད་པར་ཤོག །ན་མོ་ཧཱུཾ། ལུང་བཞིན་བསྡུས་ནས་ཀྱང་། རྒྱུད་ཀྱིས་ལྷ་བསྐྱེད་ལུང་གིས་གསལ་བཏབ་ཏེ། ན་མོ་ཧཱུཾ་གིས་གཟི་བྱིན་བསྐྱེད་ནས་ནི། རྫོགས་པ་ཆེན་པོའི་ཀློང་དུ་ལ་བཟླས་ནས། །བསྐྱེད་རྫོགས་རྣམ་གསུམ་དོན་ཉིད་རྫོགས་པར་གྱུར། །སྐྱེས་བུ་བློ་རྩལ་ཅན་གྱིས་སྤྱོད་ཡུལ་ཏེ། །ཐུན་མོང་མིན་པར་ཀུན་བཟང་ཉིད་ཀྱིས་གསུངས། །ལུང་གི་ཞི་ཁྲོའི་ལས་བྱང་ཆེན་མོ་རྫོགས་སོ། །ཚོགས་ལས་ཁྲོ་ཆུང་དང་མཐུན་ནོ། །གསུམ་པ་ཞི་བའི་བུམ་པ་སྟ་གོན་ནི། རཾ་ཡཾ་ཁཾ། ༀ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭ་བ་ཤུ དྷོ་ཧཾ། ཧཱུཾ། གནམ་ས་རི་བྲག་དངོས་པོ་ཅིར་སྣང་ཡང་། །དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ་པའི་མཐུས། །ཆོས་ཉིད་སྟོང་པ་ཉིད་དུ་དོན་རྟོགས་ནས། །སྤྲོས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། མ་རྟོགས་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། །ཀུན་ཏུ་སྣང་བའི་ཏིང་འཛིན་བསྒོམས་པའི་མཐུས། །ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། མ་རིག་སེམས་ཉིད་དངོས་པོ་ཅིར་སྣང་ཡང་། །རྒྱུ་འབྲས་ཏིང་ངེ་འཛིན་ནི་བསྒོམས་པའི་མཐུས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་རྟོགས་ནས། །རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། སྟོང་པའི་ངང་ལས་བྷྲུཾ་ལས། རིགས་ལྔའི་བུམ་པ་ལྔ། ལས་བུམ་དང་དྲུག་ལ། བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཆ་དྲུག་རྫོགས་པར་བསྐྱེད་དེ། དེ་ཡང་དབུས་ཀྱི་བུམ་པར། རྣམ་སྣང་གིས་གཙོ་བྱས་པའི་བཞི་བཅུ་རྩ་གཉིས། ཤར་དུ་མི་བསྐྱོད་གྱིས་གཙོ་བྱས་པའི་བཞི་བཅུ་རྩ་གཉིས། ལྷོར་རིན་ཆེན་འབྱུང་ལྡན་གྱིས་གཙོ་བྱས་པའི་བཞི་བཅུ་རྩ་གཉིས། ནུབ་ཏུ་སྣང་མཐས་གཙོ་བྱས་པའི་བཞི་བཅུ་རྩ་གཉིས། བྱང་དུ་དོན་ཡོད་གྲུབ་པས་གཙོ་བྱས་པའི་བཞི་བཅུ་རྩ་གཉིས། ལས་བུམ་གྱི་ནང་དུ་དོན་ཡོད་གྲུབ་པ་དང་བདུད་རྩི་འཁྱིལ་པ་དབྱེར་མེད་པས་གཙོ་བྱས་པའི་བཞི་བཅུ་རྩ་གཉིས་རྟེན་གཞལ་ཡས་ཁང་དང་བཅས་པ་བསྐྱེད་ལ། ཧཱུཾ། སྣོད་ཀྱི་འཇིག་རྟེན་འབྱུང་བ་ཅིར་སྣང་ཡང་། །གཞལ་ཡས་ཁང་ཆེན་བསྒོམ་པའི་བྱིན་བརླབས་ཀྱིས། །ཆོས་ཉིད་མཐའ་དབུས་མེད་པའི་དོན་རྟོགས་ནས། །འོག་མིན་གནས་སུ་ལྷན་གྱིས་གྲུབ་པར་ཤོག །ཧཱུཾ་ཕུང་པོ་ལྔ་དང་འབྱུང་ལྔ་ཅིར་སྣང་ཡང་། །རིགས་ལྔ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཡབ་ཡུམ་གཉིས་སུ་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུཾ། ཧཱུཾ་དབང་པོ་རྣམ་ཤེས་ཡུལ་དུས་ཅིར་སྣང་ཡང་། །སེམས་དཔའ་སེམས་མ་བསྒོམས་པའི༴ ཐམས་ཅད་ལྷ་དང་ལྷ་མོའི་དོན༴ རྒྱལ་བའི་སྲས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། ཡིད་དང་ཆོས་ཀྱིས་དངོས་པོ་ཅིར་སྣང་ཡང་། །ཀུན་བཟང་ཡབ་ཡུམ་བསྒོམས༴ དབྱིངས་དང་ཡེ་ཤེས་གཉིས་མེད་དོན༴ ཆོས་སྐུ་འགྱུར་མེད་ལྷུན༴ ན་མོ་ཧཱུཾ། འགྲོ་བ་རིགས་དྲུག་དངོས་པོ་ཅིར་སྣང་ཡང་། །ཐུབ་པ་དྲུག་ཏུ་བསྒོམས་པའི་བྱིན་བརླབས་ཀྱིས། །རོལ་པ་ཅིར་ཡང་སྣང་བའི་དོན་རྟོགས་ནས། །སངས་རྒྱས་མཛད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་ཡན་ལག་བཞི་ཡི་དངོས་པོ༴ སྒོ་བ་ཡབ་ཡུམ་བསྒོམས་པའི་བྱིན་བརླབས་ཀྱིས། །ཡབ་ཡུམ་འདུ་འབྲལ་མེད་པའི་དོན༴ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་ལུས་ངག་ཡིད་གསུམ་དངོས་པོ་ཅིར༴ དབང་བསྐུར་བྱིན་གྱིས་བརླབས་པའི་བྱིན༴ ཉོན་མོངས་དངོས་པོ་མ་ལུས་ཀུན་བྱང་ནས། །སྐུ་དང་ཡེ་ཤེས་ལྷུན་གྱིས་འགྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། སངས་རྒྱས་སེམས་ཅན་དངོས་པོ་ཅིར་སྣང་ཡང་། །བདེ་གཤེགས་སྤྱན་དྲངས་སྟིམ་པའི་བྱིན་བརླབས་ཀྱིས། །ཡེ་ནས་གཉིས་སུ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་བདག་དང་གཞན་དུ་དངོས་པོ་ཅིར་སྣང་ཡང་། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བྱིན་བརླབས་ཀྱིས། །ཡེ་ནས་འདྲེས་པ་ཆེན་པོའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། དམ་བཅའ་རྣམ་གསུམ་བྱས་པའི་བྱིན་རླབས་ཀྱིས། །མ་སྤངས་མཐའ་རུ་ཕྱིན་པའི་དོན་རྟོགས་ནས། །བདག་གཞན་གཉིས་དོན་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། གཟུང་འཛིན་རྣམ་རྟོག་དངོས་པོ༴ ཕྱག་རྒྱའི་པཱུ་ཛ་ཕུལ་བའི་བྱིན༴ ཕྱག་རྒྱ་རྣམ་བཞི་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། ཧཱུཾ་ཕྱི་ནང་གསང་བའི་དངོས་པོ༴ ཀུན་ཏུ་བཟང་པོའི་མཆོད་པ་ཕུལ་བའི་བྱིན༴ དངོས་པོ་ཐམས་ཅད་མཆོད་པར་གྱུར་ནས་ཀྱང་། །སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། ཧཱུཾ། བདག་དང་གཞན་གྱིས་དངོས་པོ་ཅིར༴ པཱུ་ཛ་རྣམ་ལྔ་ཕུལ་བའི་བྱིན༴ ཐམས་ཅད་འགག་པ་མེད་པའི་དོན་རྟོགས་ནས། །འཁོར་གསུམ་ཡོངས་སུ་དག་པར་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། ཧཱུཾ་བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་༴ བདུད་རྩི་སྨན་མཆོད་ཕུལ་བའི་བྱིན༴ དུག་ལྔ་བདུད་རྩིར་འགྱུར་བའི་དོན༴ སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཅིར༴ དམ་རྫས་གཏོར་མ་ཕུལ་བའི་བྱིན༴ ཡུན་དུ་གླགས་ལྟའི་གནོད་མེད་དོན་རྟོགས་ནས། །འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་སེམས་ཀྱི་གཏོར་མ་དངོས་པོར་ཅིར་སྣང་ཡང་། །ལྷག་པའི་ཏིང་འཛིན་མཆོད་པའི་བྱིན་བརླབས་ཀྱིས། །དངོས་པོ་ཡོ་བྱད་ལྔ་རུ་གྲུབ་ནས་ཀྱང་། །རིགས་པ་ཅིར་སྣང་ལྷ་རུ་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། ཧཱུཾ། ཆགས་སྡང་རྣམ་གཉིས་དངོས་པོ་ཅིར༴ ཏ་གྷན་རྣམ་གཉིས་མཆོད་པའི་བྱིན༴ སྤྱོད་ཡུལ་ཡོངས་སུ་དག་པའི་དོན་རྟོགས་ནས། བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། ཡུལ་དང་དབང་པོའི་དངོས་པོ་ཅིར༴ འདོད་ཡོན་ལྔ་ཡི་མཆོད་པ་ཕུལ་བའི་མཐུས། །ཡུལ་སེམས་གཉིས་སུ་མེད་པའི་དོན་རྟོགས་ནས། །སྤྱོད་ཡུལ་མ་ལུས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། ཧཱུཾ། ཉོན་མོངས་སྡུག་བསྔལ་དངོས་པོ་ཅིར་སྣང་ཡང་། །གླུ་སྙན་རོལ་མོ་ཕུལ་བའི་བྱིན་རླབས་ཀྱིས། །ཐམས་ཅད་ཐེག་པ་ཆེན་པོའི་སྒྲར་གྱུར་ནས། །གསང་སྔགས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ༀ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། ཡེ་ཤེས་ད་ལར་ཐིག་ལེ་ཆེ། བསོད་ནམས་ད་ལ་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་རྫོགས་ཧོ། །ༀ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་ད་ལར་ལྡན། །རྡོ་རྗེ་སྒྲ་ཅན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་ཆེ་ཧོ། །ༀ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་རྫོགས་ཆེན་ཐིག་ལེ་ཆེ། །ཧོ། ༀ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ཏུ་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ཏུ་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་ཧོ། །ༀ་ཕྱོགས་བཅུའི་འཇིགས་རྟེན་བརྡུལ་སྙེད་དུ། རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པའི་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་གཅིག་ཉིད་ལ་ལྷུན་གྱིས་གྲུབ་ཧོ། །ༀ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། །ཧཱུཾ་ཡིད་ལ་བསམ་པའི་དངོས་པོ་ཅིར་སྣང་ཡང་། །སྨོན་ལམ་སྔོན་དུ་བཏབ་པའི་བྱིན་བརླབས་ཀྱིས། །ཡིད་ལ་ཅི་བསམས་ཐམས་ཅད་དོན་གྲུབ་ནས། །འགྲོ་དོན་མ་ལུས་ལྷུན་གྱིས༴ ན་མོ་ཧཱུཾ། བསྙེན་པ་ནི། བུམ་པ་རྣམས་ཀྱིས་མདུན་དུ་དུང་ཆོས་ཀྱི་ནང་དུ་འབྲུ་བཅུད་ཀྱི་ཕུད་བླུགས་ལ། །ཨ་མྲི་ཏ་བཏབ། ཁར་རྡོ་རྗེ་ཨ་མྲྀ་ཏ་བཏབ། ཁར་རྡོ་རྗེ་བཞག གཟུངས་ཐག་ཕྱག་གཡོན་གྱིས་འཛིན། གཡས་ཀྱིས་འཕྲེང་བ་བགྲང་། །ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མཧཱ་སུ་ཀ་ཧཱུཾ་ཧཱུཾ་ཧཱུཾ། ལ་སོགས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྙིང་པོ་བཟླས་ཤིང་ཏིང་ངེ་འཛིན་ནོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཟུངས་ཐག་ལ་བརྒྱུད་ནས་སོང་། རྡོ་རྗེའི་ལྟེ་བ་ལ་ཞི་བའི་ལྷ་ཚོགས་སྒོམས་པ་ལ་ཕོག །དེ་ལ་འོད་ཟེར་འཕྲོས་དུང་ཆོས་ཀྱི་ནང་དུ་ཞི་བའི་ལྷ་ཚོགས་སྒོམས་པ་ལ་ཕོག་དེ་ལ་འོད་ཟེར་འཕྲོས། བུམ་པའི་ནང་གི་ལྷ་ཡབ་རྣམས་ཀྱི་ཞལ་དུ་ཐིམ། ཐུགས་དམ་བསྐུལ། གླད་པ་དུང་ཁང་གི་ནང་དུ་སོང་། །སྒལ་ཚིགས་ཀྱི་རྟ་ལ་བརྒྱུད། །སྲོག་བདག་པའི་ལམ་ནས་ཕྱུང་། །རྡོ་རྗེ་ཡུམ་གྱི་མཁར་བབ། སྦྱོར་བ་བྱས། ཡུམ་གྱི་སྲོག་དག་པའི་ལམ་དུ་ཞུགས། །སྒལ་ཚིགས་ཀྱི་རྟ་ལ་བརྒྱུད། །ཡུམ་གྱིས་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས། །ཡབ་ཀྱི་ཞལ་ནས་སྔར་བཞིན་ཡུམ་གྱིས་མཁར་བབ། སྦྱོར་མཚམས་ནས་བདུད་རྩིའི་ཆུ་རྒྱུན་བྱུང་ནས་བུམ་པ་གང་བར་བསྒོམས་ལ། ༀ་ཏབ་ཏེ་ཏབ་ཏེ་མ་ཧཱ་ཏབ་ཏེ་ཡེ་སྭཱཧཱ། དུང་ཆོས་ནས། བདུད་རྩི་ཐིགས་གསུམ་རེ་བུམ་པ་དྲུག་གི་ནང་དུ་བླུག་པས་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བདུད་རྩིར་གྱུར་ཏེ། །བུམ་པ་རྣམས་ལྟེམས་ཀྱིས་གང་བར་བསམས་པས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིགས་ཀྱིས་ཡོན་ཏན་རྫོགས་པར་བསམ་མོ། །བཞི་པ་ཁྲོ་བོའི་བུམ་པ་ཀ་པ་ལ་སྟ་གོན་ནི། རཾ་ཡཾ་ཁཾ། ༀ་སྭ་བྷ་ཝ་ཤུདྡྷ༴ ཧཱུཾ་གནམ་ས་རི་བྲག་དངོས་པོ་ཅིར་སྣང་ཡང་། དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམས་པའི་མཐུས། ཆོས་ཉིད་སྟོང་པ་ཉིད་དུ་དོན་རྟོགས་ནས། སྤྲོས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་མ་རྟོགས་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། ཀུན་ཏུ་སྣང་གི་ཏིང་འཛིན་བསྒོམས་པའི་མཐུས། །ཆོས་ཉིད་སྐྱེ་བ་མེད་པའི༴ གཉིས་སུ་མེད་པ་ལྷུན་གྱིས་འགྲུབ་པར་ཤོག །ན་མོ་ཧཱུཾ། མ་རིག་སེམས་ཉིད་དངོས་པོ༴ རྒྱུ་ཡི་ཏིང་ངེ་༴ ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་རྟོགས་ནས། །རང་བྱུང་ཡེ་ཤེས་ལྷུན༴ ན་མོ་ཧཱུཾ། སྟོང་པའི་ངང་ལས། བྷཱུཾ་ལས། བྷཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་བྷྲཱུཾ། རིགས་ལྔའི་ཀ་པཱ་ལ་ལྔའི་ནང་དུ་ཁྲོ་བོའི་ལྷ་ལྔ་བརྒྱ་རྩ་རིག་འཛིན་དང་བཅས། པ་ཆ་ལྔ་རིགས་ལྔ་གཙོ་བྱས་པའི་བསྐྱེད། མ་ཧཱ་རུ་ཏ་ནཾ་ཏི་ར་ཧཾ། ཞེས་གདན་བཏིང་ལ། ཧཱུཾ། དུར་ཁྲོད་རྫས་ཀྱིས་དངོས་པོ༴ འབར་བའི་གཞལ་ཡས་བསྒོམས༴ རྫས་སུ་ལྟ་བའི་རྟོགས་པ་ཀུན་བསལ་ནས། །གནས་མཆོག་རབ་འབྱམས་ལྷུན་གྱིས་གྲུབ༴ ན་མོ་ཧཱུཾ། ཧཱུཾ། རུ་ཏྲ་རྣམ་གསུམ་དངོས༴ ཧེ་རུ་ཀ་རུ་བསྒོམས་པའི༴ །བདུད་དང་སྲིན་པོའི་བར་ཆད་ཀུན་བསྒྲལ་ནས། །ཡེ་ཤེས་དགུ་རུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་ཁམས་གསུམ་ས་དགུའི་དངོས་པོ་ཅིར་སྣང་ཡང་། །ཡུམ་ཆེན་དགུ་རུ་བསྒོམས་པའི༴ མ་བདུད་སྲིན་མོའི་བར་ཆད་ཀུན་བསྒྲལ༴ ཐིག་ལེ་དགུ་རུ་ལྷུན༴ ན་མོ་ཧཱུཾ། ཧཱུཾ། །རྣམ་ཤེས་བརྒྱད་ཀྱི་དངོས་པོ་ཅིར༴ ཀེའུ་བརྒྱད་དུ་བསྒོམ་པའི་བྱིན༴ ཡུལ་ལ་མངོན་པར་རྟོག་པ་ཀུན་བཅོམ་ནས། །རྣམ་པ་རྟོག་མེད་ལྷུན་གྱིས་གྲུབ༴ ན་མོ་ཧཱུཾ། ཧཱུཾ་དུར་ཁྲོད་བརྒྱད་ཀྱི་དངོས་པོ་ཅིར༴ ཕྲ་མེན་བརྒྱད་དུ་བསྒོམ་པའི་བྱིན༴ །མཚན་མར་ལྟ་བའི་དངོས་པོ་ཀུན་བྲལ་ནས། །རྣམ་པར་རྟོག་པའི་བག་ཆགས་མེད་པར་ཤོག །ཆུ་བོ་བཞི་ཡི་དངོས་པོ་ཅིར་ཡང་སྣང་། །སྒོ་བ་བཞི་རུ་བསྒོམས༴ ཚད་མེད་བཞི་རུ་རྫོགས་པའི་དོན་རྟོགས་ནས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༴ ན་མོ་ཧཱུཾ། ཧཱུཾ། ཕྱོགས་མཚམས་བརྒྱད་ཀྱིས་དངོས་པོར་ཅིར༴ སྤོར་མ་བརྒྱད་དུ་བསྒོམས༴ ལྷ་སྲིན་སྡེ་བརྒྱད་བར་ཆད་ཀུན་བསྒྲལ་ནས། །འཇིག་རྟེན་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། ཧཱུཾ། འབྱུང་བ་བཞི་ཡི༴ གསང་བའི་ཡུམ་བཞི་བསྒོམས༴ ཆོས་ཉིད་དྭངས་སྙིགས་འབྱེད་པའི་དོན༴ །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུཾ། ཧཱུཾ། སྒལ་ཚིགས་རྣམས་ཀྱི་དངོས་པོ༴ དབང་ཕྱུག་ཉེར་བརྒྱད་བསྒོམས༴ རྣམ་པར་རྟོག་པའི་བར་ཆད་ཀུན་བསྒྲལ་ནས། །བར་ཆད་རྐྱེན་དང་སྡུག་བསྔལ་མེད་པར་ཤོག །ན་མོ་ཧཱུཾ། ཧཱུཾ་སོ་དང་རུས་པའི་དངོས་པོ་ཅིར་སྣང་ཡང་། །ཌཱཀྐི་སོ་གཉིས་བསྒོམས་པའི༴ བར་ཆད་གཅོད་པ་མ་ལུས་ཀུན་བསྒྲལ་ནས། །བསྒྲུབ་པའི་བར་དུ་གཅོད་པ་མེད་པ་ཤོག །ན་མོ་ཧཱུཾ། ཧཱུཾ་ཤ་ཁྲག་རུས་པའི་དངོས་པོ་ཅིར༴ མ་དང་སྲིང་མོར་བསྒོམས་པའི༴ ཚེ་སྲོག་གནོད་པའི་བར་ཆད་ཀུན་བསལ༴ ཉིན་མཚན་རྟག་ཏུ་ཐམས་ཅད་སྐྱོབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། གུང་རྩིབས་བཅོ་བརྒྱད་དངོས་པོ་ཅིར༴ གིང་ཆེན་བཅོ་བརྒྱད་བསྒོམས་པའི་བྱིན༴ །བསྒྲལ་བའི་ཞིང་བཅུ་མ་ལུས་ཀུན་བསྒྲལ་ནས། །སངས་རྒྱས་ཞིང་ཁམས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། ཧཱུཾ། རུས་མགོ་ཚོགས་ཀྱི་དངོས་པོ་ཅི་སྣང་ཡང་། །ཁྲོ་བོ་ཁྲོ་མོར་བསྒོམས་པའི་བྱིན་རླབས་ཀྱིས། །ཁམས་གསུམ་གདུག་པ་མ་ལུས་ཀུན་བསྒྲལ་ནས། །སངས་རྒྱས་འཕྲིན་ལས་ལྷུན་གྱིས་འགྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ། རྩ་བྲན་མང་པོའི་དངོས་པོ་ཅིར་སྣང་ཡང་། །ཕོ་ཉ་སུམ་བརྒྱ་དྲུག་བཅུ་བསྒོམས་པའི་མཐུས། དམ་ཚིག་ཉམས་དང་དགྲ་བགེགས་ཀུན་བསྒྲལ་ནས། གནོད་པའི་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། སྐྲ་དང་བ་སྤུ་དངོས་པོ་ཅིར་སྣང་ཡང་། རྣལ་འབྱོར་རིག་འཛིན་བསྒོམས་པའི་བྱིན་བརླབས་ཀྱིས། །རྡོ་རྗེ་འཆང་གྲལ་རིམས་པར་ནོན་མཛད་ནས། །གཟུང་འཛིན་ལོག་རྟོག་མིང་ཡང་མེད་པ་ཤོག །ན་མོ་ཧཱུཾ། དེ་ནས་ཡེ་ཤེས་ལྔས་དབང་བསྐུར། །སྐུ་གསུང་ཐུགས་བྱིན་གྱིས་རླབས། ༀ་བཛྲ་ས་མ་ཡ་ཛ། སྙན་གསན་དབབ། ཨེ་ཧྱ་ཧེ་ཤྲི་ཧེ་རུ་ཀ་ཨེ་ཨ་ར་ལི་ཧྲིཾ། ཏྲི་ཤ་ཧོ། །ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས་ཛཿཧཱུཾ་བཾ་ཧོ། །ཨེ་ཨ་ར་ལ་ཧྲིཾ་ཧྲིཾ། ཞེས་གཉིས་སུ་མེད་པར་སྟིམ། ཀ་ཡ་ཝ་ཀ་ཙིཏྟས་བརྟན་པར་བཞུགས་སུ་གསོལ། ཧཱུཾ། སངས་རྒྱས་སེམས་ཅན་དངོས་པོ་ཅིར༴ བདེ་གཤེགས་སྤྱན་དྲངས་སྟིམས་པའི་བྱིན་བརླབས་ཀྱིས། །ཡེ་ནས་གཉིས་སུ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པའི་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཨ་ཏི་ཧོ། །པྲ་ཏི་ཧོ། ཧཱུཾ་སངས་རྒྱས་སེམས་ཅན་བདག་གཞན་ཅིར་སྣང་ཡང་། །བདེ་གཤེགས་ལྷ་ལ་ཕྱག་འཚལ་བྱིན་བརླབས་ཀྱིས། །ཡེ་ནས་འདྲེས་པ་ཆེན་པོའི་དོན་རྟོགས་ནས། །གཉིས་སུ་མེད་པའི་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། །ཧཱུཾ་འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། །དམ་བཅའ་རྣམ་གསུམ་བྱས་པའི་བྱིན་རླབས་ཀྱིས། །མ་ཡེངས་མཐའ་རུ་ཕྱིན་པའི་དོན༴ བདག་གཞན་གཉིས་དོན་ལྷུན་གྱིས༴ ན་མོ་ཧཱུཾ། ཧཱུཾ་གཟུང་འཛིན་རྣམ་རྟོག་དངོས་པོ་ཅིར༴ ཕྱག་རྒྱའི་པཱུ་ཛ་ཕུལ་བའི༴ །ཕྱག་རྒྱ་རྣམ་བཞི་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། ཧཱུཾ་ཕྱི་ནང་གསང་་བའི་དངོས་པོ་ཅིར༴ ཀུན་ཏུ་བཟང་པོའི་མཆོད་པ་ཕུལ་བ་ཡིས། །དངོས་པོ་ཐམས་ཅད་མཆོད་པ་གྱུར་ནས་ཀྱང་། །སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། ཧཱུཾ། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩི་སྨན་གྱིས་མཆོད་པའི་བྱིན་བརླབས་ཀྱིས། །འཕྲལ་དང་སྐབས་ཚོལ་གནོད་པ་ཀུན་བསལ་ནས། །སྐྱེ་ཤི་མེད་པར་ལྷུན་གྱིས༴ ན་མོ་ཧཱུཾ། ཧཱུཾ། སྟོང་ཕྲག་བརྒྱད་བཅུའི་བགེགས་རྣམས་ཅིར་སྣང་ཡང་། །དམ་རྫས་གཏོར་མ་ཕུལ་བའི་བྱིན་བརླབས་ཀྱིས། །ཡུན་དུ་གླགས་ལྟའི་གནོད་པ་ཀུན་ཞི་ནས། །འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་པ་ཤོག །ན་མོ་ཧཱུཾ། ཆགས་སྡང་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། །ཁམས་གསུམ་ཁྲག་མཚོ་ཕུལ་བའི་བྱིན་རླབས་ཀྱིས། །ཉོན་མོངས་སེམས་སུ་གསལ་བའི་དོན་རྟོག་ཤོག །སེམས་ཉིད་དབྱེ་བ་མེད་པར་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། བསྟོད་པ་ནི། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོ། །ཧཱུཾ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཐུགས་ཆེན་རི་རབ་འབུམ་སྙིལ་སྐད། །ཨ་ཨ་ཧ་ལེ་གད་རྒྱངས་ཆེ། །བཤུག་པའི་མཐོར་རླུང་གི་ཡིད་ཆེན་ནོ། །ཧཱུཾ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུཾ་ཁྲོས་པའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོ་བོའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། །ཧཱུཾ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་སྡེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཧཱུཾ། རྡོ་རྗེ་བྲག་ཆེན་བསྲ་བ་པོ། །རྡོ་རྗེ་ཆུ་བོ་བསྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ། །སྨོན་ལམ་ནི། ཧཱུཾ། ཡིད་ལ་བསམ་པའི་དངོས་པོ་ཅིར་སྣང་ཡང་། །སྨོན་ལམ་མངོན་དུ་་བཏབ་པའི་བྱིན་བརླབས་ཀྱི། །ཡིད་ལ་ཅི་བསམས་ཐམས་ཅད་དོན་གྲུབ་ནས། །འགྲོ་དོན་མ་ལུས་ལྷུན་གྲུབ་གྱིས་པར་ཤོག །ན་མོ་ཧཱུཾ། བསྙེན་པ་ནི་ཀ་པཱ་ལ་རྣམས་ཀྱིས་མདུན་དུ། ཀ་པཱ་ལ་ཅིག་གི་ནང་དུ་འབྲུ་བཅུད་ཀྱི་ཕུད་བླུག་ལ། ཨ་མྲྀ་ཏ་བཏབ། ཁར་རྡོ་རྗེ་བཞག། གཟུངས་ཐག་ཕྱག་གཡོན་གྱིས་འཛིན། གཡས་ཀྱིས་འཕྲེང་བ་བགྲང་། །ༀ་ཨ་ཁྲ་མ་ཧཱ་ཀྲོ་དྷ་ཤྲི་ཧེ་རུ་ཀ་ཀ་ཏ་མཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ༀ་བཛྲ་ཤྲི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་ཧཱུཾ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ །བུདྡྷ་ཀྲོ་དྷི་ཤོ་རི་ཧཱུཾ། །ༀ་རཏྣ་ཤྲི་ཧེ་རུ་ཀ །རཏྣ་ཀྲོ་དྷི་ཤྭ་རི་ཧཱུཾ། ༀ་པདྨ་ཤྲཱི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རི་ཧཱུཾ། ༀ་ཀརྨ་ཤྲཱི་ཧེ་རུ་ཀ །ཀརྨ་ཀྲོ་དྷི་ཤྭི་རི་ཧཱུཾ། ༀ་མ་ཧཱ་རཀྴ་ཤྲཱི་ཧེ་རུ་ཀ །མཧཱ་ཙནྡྷ་སརྦ་དུཥྚན། ཏ་ཀ་ཧ་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་མ་ཧཱ་ཡཀྴ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ༀ་མ་ཧཱ་ས་ནུ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙ་བྷ་སརྦ་དུཥྚན་ད་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། མ་ཧཱ་ས་ནུ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙབྷ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། གུ་ཧྱ་ཀྲོ་དྷི་ཤྭ་རི་ཧཱུཾ། ཀེའུ་རི་ཁྲོ་མོ་བརྒྱད། སིང་ཧ་ཕྲ་བརྒྱད། སྒོ་མ་བཞི། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སུམ་བཅུ་སོ་གཉིས། མ་མོ་བདུན། སྲིང་མོ་བཞི། གིང་ཆེན་བཅོ་བརྒྱད། སྟེང་ཕྱོགས་ཁྲོ་བོ་དྲུག་ཅུ་ཕོ་ཉ་ཉིས་བརྒྱ་བཞི་བཅུ། མ་མོ་དྲུག་བཅུ། རིག་འཛིན་རྩལ་འཆང་རྣམས་རིམ་པས་རྩ་སྔགས་བཟླས་ཤིང་། །ཏིང་ངེ་འཛིན་ནི། རང་གི་ཐུགས་ཁ་ནས་འོད་ཟེར་འཕྲོས། གཟུངས་ཐག་ལ་བརྒྱུད་ནས་སོང་། །རྡོ་རྗེའི་ལྟེ་བ་ལ། ཁྲོ་བོའི་ལྷ་ཚོགས་བསྒོམས་པ་ལ་ཕོག །དེ་ལས་འོད་ཟེར་འཕྲོས། ཀ་པཱ་ལའི་ནང་དུ་ཁྲོ་བོའི་ལྷ་ཚོགས་སྒོམས་པ་ལ་ཕོག །དེ་ལས་འོད་ཟེར་འཕྲོས། ཀ་པ་ལིའི་ལྷ་ཡབ་རྣམས་ཀྱི་ཞལ་དུ་ཐིམ། །ཐུགས་དམ་བསྐུལ། གླད་པ་དུང་ཁང་གི་ནང་དུ་སོང་། སྒལ་ཚིགས་ཀྱི་རྟ་ལ་བརྒྱུད། སྲོག་བདག་པའི་ལམ་ནས་བྱུང་། རྡོ་རྗེ་ནས་ཡུམ་གྱི་མཁར་བབ། སྦྱོར་བ་བྱས། ཡུམ་གྱིས་སྲོག་དག་པའི་ལམ་དུ་ཞུགས། སྒལ་ཚིགས་ཀྱི་རྟ་ལ་བརྒྱུད། །ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཡབ་ཀྱི་ཞལ་ནས་སྔར་བཞིན་ཡུམ་གྱི་མཁར་བབ། སྦྱོར་མཚམས་ནས་བདུད་རྩིའི་ཆུ་རྒྱུན་བྱུང་ནས་ཀ་པཱ་ལ་གང་བར་བསྒོམས་ལ། ༀ་ཏབ་ཏེ་ཏབ་ཏེ་མ་ཧཱ་ཏབ་ཏེ་ཡེ་སྭཱ་ཧཱ། ཀ་པཱ་ལ་ནས་བདུད་རྩི་ཐིགས་གསུམ་རེ་ཀ་པཱ་ལ་ལྔའི་ནང་དུ་བླུགས་པས་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བདུད་རྩིར་གྱུར་ཏེ་ཀ་པ་ལ་རྣམས་ལྟེམས་ཀྱིས་གང་བར་བསམས་པས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། རྡོ་རྗེ་རིགས་ཀྱི་ཡོན་ཏན་རྫོགས་པར་བསམ་མོ། །ལྔ་པ་རྡོ་རྗེ་དྲིལ་བུ་སྟ་གོན་ནི། དེ་ནས་རྡོ་རྗེ་དྲིལ་བུ་རབ་གནས་ནི། རྡོ་རྗེ་ཁྲོ་ཞལ་ཅན་ལ་སོགས་པ་དུ་ཡོད་དང་། དྲིལ་བུ་ཚངས་པའི་གསུང་ཞལ་དང་ལྡན་པ་མདུན་དུ་བཞག་ལ། །གསང་སྦྱང་སྟོང་པ་ཉིད་ཀྱི་ངང་ལས་རྡོ་རྗེའི་ལྟེ་བ་ལ་ཆེ་མཆོག་རྫོགས་ཚུལ་དུ་བསྐྱེད། ཡར་གྱི་རྭ་ལྔ་ལ་རིགས་ལྔ་ཞི་ཁྲོ་གཉིས་གང་རུང་བར་དཔའ་བོ་འབྲུ་ལྔའི་སྔགས་བསམ། ཧཱུཾ་ལྔ་ལ་ཡབ་བསྐྱེད་མར་གྱི་རྭ་ལྔ་ལ་མུཾ་ལཾ་མཾ་པྱཾ་ཏཾ་ལྔའི། ༀ་ལྔར་ཡུམ་བསྐྱེད། རྩེ་དགུ་ཡིན་ན་མཚམས་གྱིས་རྭ་བཞི་ལ་ལུང་གི་ཧེ་རུ་ཀ་བཞི་བསྐྱེད། །ཡར་གྱི་པདྨ་འདབ་མ་བརྒྱད་ལ་སེམས་དཔའ་བརྒྱད། མར་གྱི་བརྒྱད་ལ་ཡུམ་བསྐྱེད། ཁྲོ་ཞལ་བཞི་ལ་སྒོ་མ་བཞི་དང་གསང་ཡུམ་བཞི། རིལ་པ་ལ་དབང་གང་བྱེད་པའི་ལྷ་རྣམས་རྫོགས་པར་བསྐྱེད། དེ་ནས་དྲིལ་བུའི་ལྟེ་བ་ལ། ཁྲོ་མོ་རྣམས་ཞལ་མ་ཞལ་ལ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། རྭ་ལྔ་ལ་རིགས་ལྔ་གང་རུང་། མར་གྱི་པདྨའི་ཕྱོགས་བཞི་དབུས་དང་ལྔར་ཡུམ་ལྔ་། །མཚམས་བཞིར་གསང་ཡུམ་བཞི་དང་། གོང་རས་བརྒྱད་ལ་ཁྲོ་མོ་བརྒྱད། མཐའ་མའི་རྡོ་རྗེའི་རྭ་བ་ལ་ཁྲོ་མོ་ཉི་ཤུ་བསྐྱེད། དྲིལ་བུའི་ལྕེ་ལ་ཁྲོ་མོ་གར་བསྒྱུར་མ་བསྐྱེད། །རྩེ་དགུ་ཡིན་ན་མཚམས་ཀྱི་རྭ་བཞི་ལ་ལས་བཞིའི་སྙིང་པོ་བསྐྱེད་དེས། དེ་དག་སྔགས་བསམ་ཏིང་ངེ་འཛིན་གྱིས་གསལ་བར་བསྐྱེད་ལ་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། དབབ། དྲང་། བསྟིམ། བརྟན་ལ། ཀུན་བཟང་ནས་བསྟོད་པ་ཡན་ཆད་ཀྱིས་མཆོད་དེ། ཧཱུཾ་ཞེས་བརྗོད་པས་ལྷ་རྣམས་རང་རང་གི་ནས་འོད་དུ་ཞུ་ནས་རྡོ་རྗེ་དྲིལ་བུ་ལ་ཐིམ་པས་རྡོ་རྗེ་དྲིལ་བུར་གྱུར་པ་ལས་སྔགས། །ༀ་བཛྲ་དྷ་ཀ་ཛྙཱ་ལ་ཧ་ན་བཛྲ་པ་ཙ་ཛྙཱ་ན་བཛྲ་ཧཱུཾ། ༀ་གནྡྷ་པ་ཤ་དྷརྨྨ་དྷ་ར་ཧཱུཾ། ཞེས་བརྗོད་པས། རྡོ་རྗེ་ལ་འབྲས་བུའི་ཆོས་ཐམས་ཅད་རྫོགས་ནས་འགྲོ་དོན་མཛད་པར་བསམ། དྲིལ་བུའི་སྒྲ་སྟོང་པ་ཉིད་ཀྱི་ངང་ལས་ཆོས་སྒྲ་སྒྲོགས་པར་བསམ། རྡོ་རྗེ་དྲིལ་བུ་ལག་ཏུ་བཟུང་ནས་འགྲོ་བའི་དོན་ལ་བསྐུལ་ཏེ། །ཧཱུཾ། རྡོ་རྗེ་དྲིལ་བུ་རིག་པ་འཛིན། ཐབས་དང་ཤེས་རབ་གཉིས་མེད་པའི། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་ལ་དེ་བཞིན་དབང་བསྒྱུར་ཤོག །ཅེས་བརྗོད་ནས་རྡོ་རྗེ་གསོར་བས་ཁམས་གསུམ་ཟིལ་གྱིས་མནན། དྲིལ་བུ་བསིལ་བས་ཁམས་གསུམ་དབང་དུ་བསྡུས་པར་བསྒོམ་མོ། །གཞན་ཡང་རྔ་དང་། དུང་དང་ཆ་ལང་ལ་སོགས་པའི་ཕྱག་ཆ་རྣམས་ཡི་གེ་འབྲུ་གསུམ་ལ་སོགས་པས་བྱིན་རླབས་ཅི་རིགས་པར་བྱའོ། །དྲུག་པ་ཐིག་སྐུད་སྟ་གོན་ནི། ཡེ་ཤེས་ཀྱི་ཐིག་སྐུད་སྟོང་པ་ཉིད་ཀྱི་ངང་ལས། སཱུརྱ། ཙནྟྲ། རཏྣ་པདྨ་ཨེ་མཎྜ་ལ། ཞེས་གདན་ལྔ་བསམ་དེ་དག་གི་སྟེང་དུ་ཐུགས་ཀ་ནས་ཧཱུཾ། ༀ་སྭཱ་ཨཱཾཿཧཱ། ཞེས་ཡིག་འབྲུ་དགོད་ཡང་དམ་ཚིག་གི་ཐིག་ལ། སཱུརྱ་ཙཎྜལ་པདྨ་མཎྜལ། ཞེས་གདན་གསུམ་བསམ་ༀ་ཨཱཿཧཱུཾ་ཞེས་འབྲུ་གསུམ་དགོད། དེ་ནས་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོས་ནས། ༀ་བཛྲ་ས་མ་ཡ་ཧཱུཾ་ཛ། ཞེས་པ་དང་། ཨེ་ཧྱ་ཧི་ལན་གསུམ་བརྗོད་ནས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ་བརྟན་པ་བཞུགས་སུ་གསོལ་ལ། ཕྱག་ན་ཕྱོགས་བཅུ་དུས་ཡན་གྱི་བསྟོད་ཅིང་། སྨོན་ལམ་གདབ་པ་ནི། ཧོ་དགོངས་སུ་གསོལ། མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིནགཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །བདག་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་འདི་རྣམས་ཀྱི་དོན་དུ་མདོ་སྒྱུ་སེམས་གསུམ་གྱི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཀོད་པ་མི་བཟད་པ་རྒྱན་གྱིས་འཁོར་ལོ་གསང་བ་བས་ཀྱང་ཆེས་ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཐིག་འདེབས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ་ལོ། །བྱིན་གྱིས་བརླབས་དུ་གསོལ་ལོ། །རྡོ་རྗེ་ཡེ་ཤེས་ཀྱི་ཐིག་གསལ་དུ་གསོལ་ལོ། །ༀ་བཛྲ་ཏི་ག་ཎ་ཏིཥྛ་གུ་ཧྱ་ས་མ་ཡ་ཛྙཱ་ན་ཨ་གུ་ཤ་ཛ་ཛཿ ཞེས་ལན་གསུམ་བརྗོད་པས། མདུན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྦྱོར་བ་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་ཀྱང་ཡེ་ཤེས་ལྔའི་ཆུ་རྒྱུན་དུ་ཁ་དོག་ལྔར་གསལ་བར་བབས་ནས་ཐིག་ལྔ་པོ་ལ་ཐིམ་པར་བསམ། སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་འོད་དཀར་དམར་མཐིང་གསུམ་འཕྲོས་ནས་དམ་ཚིག་གི་ཐིག་ལ་ཐིམ་པས། ཐིག་དངོས་པོ་ཉིད་སྐུ་གསུང་ཐུགས་སུ་གྱུར་པར་བསམ། དེ་ནས་སློབ་དཔོན་ཤར་དུ་བལྟས། །སློབ་བུ་ནུབ་དུ་བལྟས་ཐིག་སྣ་ཡུམ་ལ་གཏད་ལ་དབྱངས་དང་བཅས་པས། ཡི་གེ་ཧཱུཾ་ཞེས་བྱ་བ་ནི། རྡོ་རྗེ་རིགས་ཀྱི་རང་བཞིན་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས། ཞེ་སྡང་དངོས་པོ་སྦྱང་བའི་ཕྱིར། བྱིན་རླབས་དམ་པ་མཛད་དུ་གསོལ། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཐིག་སྔོ་སྦྲེང་གིས་གྱུར་པར་བསམ། དེ་ནས་ཡི་གེ་ༀ་ཞེས་བྱ་བ་ནི། །དེ་བཞིན་རིགས་ཀྱི་རང་བཞིན་ཏེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །གཏི་མུག་དངོས་པོ་སྦྱང་བའི་ཕྱིར། །བྱིན་བརླབས་དམ་པ་མཛད་དུ་གསོལ། ཨ་ད་ཤཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཐིག་དཀར་བྲེང་གིས་གྱུར་པར་བསམ། ཡི་གེ་སྭ་ཞེས་བྱ་བ་ནི། རིན་ཆེན་རིགས་ཀྱི་རང་བཞིན་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། ང་རྒྱལ་དངོས་པོ་སྦྱང་བའི་ཕྱིར། བྱིན་བརླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ༴ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཐིག་སེར་བྲེང་གིས་གྱུར་པར་བསམ། ཡི་གེ་ཨཱཿཞེས་བྱ་བ་ནི། པདྨ་རིགས་ཀྱི་རང་བཞིན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། འདོད་ཆགས་དངོས་པོ་སྦྱངས་པའི་ཕྱིར། །བྱིན་བརླབས་དམ་པ་མཛད་དུ་གསོལ། །པྲ་ཏ་པྲ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ༴ །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཐིག་དམར་བྲེང་གིས་གྱུར་པར་བསམ། ཡི་གེ་ཧཱཿཞེས་བྱ་བ་ནི། །ལས་ཀྱི་རིགས་ཀྱི་རང་བཞིན་ཏེ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །ཕྲག་དོག་དངོས་པོ་སྦྱངས་པའི་ཕྱིར། །བྱིན་བརླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ཀྲོ་ཏི་ཨ་ནུ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཐིག་ལྗང་བྲེང་གིས་གྱུར་པས་བསམ། །དེ་ནས་ཐིག་རྣམས་ཅིག་ཏུ་བསྒོམས་ལ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །མདོ་སྒྱུ་སེམས་གསུམ་དཀྱིལ་འཁོར་དུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །རྡོ་རྗེ་ཡེ་ཤེས་ཐིག་ཆེན་འདི་བཏབ་པས། །ཕོ་བྲང་དཀྱིལ་འཁོར་ཇི་བཞིན་ལྷུན་གྱིས་གྲུབ། ༀ་ཨཱཿཧཱུཾ་སྭཱཧཱཿ ཞེས་བརྗོད་ཅིང་། ཐིག་སྐུད་རྣམས་ཕྱོགས་ཅིག་ཏུ་བསྒྲིམས་ནས་ཡེ་ཤེས་ལྔའམ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉི་ཤུ་རྩ་ལྔའི་ངོ་བོར་གྱུར་པར་བསམ་མོ། །དེ་ནས་དམ་ཚིག་གི་ཐིག་ལག་དུ་ཐོགས་ལ་ༀ་ཨཱཿཧཱུཾ་ཞེས་སྐུ་གསུང་ཐུགས་ཀྱི་བྱིན་ཕབ་སྟེ་ཐིག་སྐུད་ལ་སྟིམ་པ་དང་། ཡི་གེ་ༀ་ཞེས་བྱ་བ་ནི། །བདེ་གཤེགས་སྐུ་ཡི་རང་བཞིན་ཏེ། །ལུས་ཀྱི་དངོས་པོ་སྦྱངས་པའི་ཕྱིར། །བྱིན་བརླབས་དམ་པ་མཛད་དུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། བརྗོད་པས། སྐུའི་ངོ་བོ་ཐིག་དཀར་བྲེང་གིས་གྱུར་པར་བསམ། ཡི་གེ་ཨ་ཞེས་བྱ་བ་ནི། ། ངག་གི་དངོས་པོ་སྦྱང་བའི་ཕྱིར། ། བྱིན་རླབས་དམ་པར་མཛད་དུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཝཀྐ་བཛྲ་སཾ་བྷ་ཝ་ཨཏྨ་ཀོ་྅་ཧཾ། བརྗོད་པས། གསུང་གི་ངོ་བོ་ཐིག་དམར་བྲེངས་ཀྱིས་གྱུར་པར་བསམ། ཡི་གེ་ཧཱུཾ་ཞེས་བྱ་བ་ནི། བདེ་གཤེགས་ཐུགས་ཀྱི་རང་བཞིན་ཏེ། །ཡིད་ཀྱི་དངོས་པོ་སྦྱང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། བརྗོད་པས། ཐུགས་ཀྱི་ངོ་བོ་ཐིག་སྔོ་བྲེངས་ཀྱིས་གྱུར་པར་བསམ། །དེ་ནས་ཐིག་གསུམ་པོ་ཕྱོགས་ཅིག་ཏུ་བསྒྲིམས་ལ། །མུ་མཐའ་གཡོ་འགུལ་མེད་པ་ཡི། །རྣལ་འབྱོོར་མཉམ་ཉིད་ཐོད་རྒལ་དུ། །ཁྲོ་གཏུམ་རྔམ་པའི་ལས་མཛད་པའི། །གནས་མཛད་གཞལ་ཡས་བྲི་བར་བྱ། །ༀ་ཨཿཧཱུཾ་བཛྲ་ཛྙཱ་ན་ན་མ་ཏྲི་ཀྲ་མ་ཧཱུཾ། ཞེས་བརྗོད་པས་ཐིག་རེ་རེ་ལའང་གསུམ་གསུམ་དགུ་ཕྲུགས་དང་ལྡན་པར་བསམ་ལ། ཀུན་བཟང་ནས། གླུ་ཡེ་ཤེས་ཡན་ཆད་ཐུང་ལུགས་སུ་གཅོགས་ན་བྱའོ། །བདུན་པ་ཚོན་སྟ་གོན་ནི། རཾ་ཡཾ་ཁཾ། ༀ་སྭ་བྷཱ་ཝ། ཚོན་སྟོང་པའི་ངང་ལས། སཱུརྱ་ཙནྟྲ་རཏྣ་པདྨ་ཨེ་མཎྜ་ལ། ཞེས་གདན་ལྔ་བསམ། ཆོ་ག་གསུམ་གྱིས་ལྷར་བསྐྱེད་དེ་ལ་དབང་བསྐུར། རླབས། དབབ་བསྟིམ། བསྟན། ཀུན་བཟང་ནས་བསྟོད་པའི་བར་དུ་བྱས་ལ་གསོལ་བ་གདབ་པ་ནི། ཧཱུཾ། ཀུན་མཁྱེན་ཡེ་ཤེས་དག་པ་ལ། དུག་ལྔ་བསྒྲིབས་པས་མ་མཐོང་པས། མཚོན་ཅིང་དག་པར་བྱས་པའི་ཕྱིར། བྱིན་བརླབས་དམ་པ་མཛད་དུ་གསོལ། ༀ་སརྦ་པཉྩ་རཏྣ་པྤེ། ན་ཞེས་བརྗོད་པས་སྤུང་ཞིང་། གོང་གི་རིགས་ལྔ་འོད་དུ་ཞུ་བ་ལས་ཡེ་ཤེས་རེ་རེ་འང་ལྔ་ལྔ་དང་ལྡན་པར་བསམ་མོ། །བརྒྱད་པ་དབང་རྫས་སྟ་གོན་ནི། ཕན་དབང་བཅུའི་དབང་རྫས་དབུ་རྒྱན་རིན་ཆེན་འབྱུང་ལྡན་གྱིས་རབ་གནས་བྱེད། །ཅོད་པན་རྡོ་རྗེ་སེམས་དཔའ། །འཕྲེང་བ་རིན་ཆེན་འབྱུང་གནས་ཀྱིས། །གོ་ཆ་དོན་གྲུབ་ཀྱིས། །རྒྱལ་མཚན་རྡོར་སེམས་ཀྱིས། །ཕྱག་རྒྱ་ལྷ་རང་རང་གིས། གདུགས་རྡོར་སེམས་ཀྱིས། བུམ་པ་རིགས་རང་རང་གིས། ཞལ་ཟས་རྣམ་སྣང་གིས། སྙིང་པོ་ལྔ་རིགས་ལྔར་བསྐྱེད་ལ། རབ་གནས་བྱེད་དོ། །ནུས་དབང་ལྔའི་བསྐུར། རྫས་སྟ་གོན་ནི། ཀ་བཱ་ལ་རིན་ཆེན་འབྱུང་གིས། འཕྲེང་བ་ཡི་དམ་རང་རང་གིས། རྒྱ་གྲམ་དོན་གྲུབ་ཀྱིས། དུང་། ཆགས་ཤིང་། འཁོར་ལོ་གསུམ་མཐའ་ཡས་ཀྱིས། རྡོ་རྗེ་དྲིལ་བུ་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་ལ་རབ་གནས་བྱེད་དོ། །བུ་མོ་ལོ་ཉི་ཤུ་མ་ལ་ཁྲུས་གསུམ་བྱ། བརྒྱན་གསུམ་བཏགས་ཆོས་གསུམ་བཤད་པ་གསང་དབང་གི་དབང་རྫས། བཅུ་དྲུག་མ་ཤེས་རབ་ཡེ་ཤེས་ཀྱི། བཅུ་གཉིས་མ་དབྱེར་མེད་བདེ་བ་ཆེན་པོའི་དབང་རྫས་སོ། །གཞན་བསྲུངས་བསྐུད་དང་པོ་ཤིང་ཀུ་ཤ་སྐྱོར་ཆུ་ཕུར་བུ་ལ་སོགས་པ་དབང་རྫས་ལ་ཇི་ལྟར་དགོས་པ་རྣམས་ཡི་གེ་འབྲུ་གསུམ་ལ་སོགས་པ་ཅི་རིགས་པས་བྱིན་གྱིས་བརླབས་ཅིང་རབ་གནས་བྱའོ། །དགུ་པ་ཡོ་བྱད་སྟ་གོན་ནི། སྔར་བསོགས་པའི་ཡོ་བྱད་མ་ལུས་པ་ཐམས་ཅད་ལ་སྤྱིར་བྱིན་གྱིས་བརླབས་པ་ནི། རཾ་ཡཾ་ཁཾ་གྱིས་རྫས་ཀྱིས་དངོས་པོ་དང་མཚན་མ་སྦྱངས་པ་ལས། ཏྲཾ་བ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ་ཞེས་བརྗོད། འཕྲོ་འདུས་པས། ཏྲཾ་རཏྣ་ཏྲཻ་ལོཀྵ་མཎྜ་ལ་ཧཱུཾ། ཞེས་བརྗོད་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མི་བཟད་པའི་གཏེར་དང་ལྡན་པ་རིན་པོ་ཆེའི་རྩེ་མོ་ལ་ༀ་ཨཱཿཧཱུཾ་གསུམ་གྱིས་འོད་འཕྲོས་པས་ཕྱི་ནང་གསང་བའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་འབྱུང་བར་བསམ་མོ། །བྱེ་བྲག་ཏུ་བརླབས་པ་ནི། ཡོ་བྱད་དེ་རྣམས་ཚོགས་གསུམ་དུ་བཅད་ལ། ཚོགས་གཅིག་བཾ་སེར་པོའི་འཕྲོ་འདུ་ལས་དཔའ་བོ་འབྲུ་ལྔར་བསྐྱེད་ལ་ཚོགས་དང་མཆོད་པ་བྱ། །ཚོགས་གཅིག་དལ་དང་མའི་འཕྲོ་འདུ་ལས་གཏོར་མ་བྱིན་གྱིས་བརླབས་པ་བཞིན་དུ་འདོད་ཡོན་དུ་བརླབས་ལ་སྒྲུབ་པ་པོ་རྣམས་རོལ། ཚོགས་གཅིག་ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་མང་ཞིང་རྒྱ་ཆེ་བར་བྱིན་གྱིས་བརླབས་ལ་མཆོད་འགྲོན་དགྱེ་བཅོགས་ན་བརྟགས་པ་དྲུག་གིས་བྱིན་གྱིས་བརླབས། དེའི་རྗེས་སུ། མཆེད་རྡོ་རྗེའི་སྤུན་རྣམས་ལྷ་དང་ལྷ་མོའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། དེ་དག་གི་ཡོ་བྱད་སྟ་གོན་ཞེས་བྱའོ། །བཅུ་པ་སློབ་མ་སྟ་གོན་ནི། དོན་ཉི་ཤུ་རྩ་གཉིས་ཀྱིས་བསྟན་ཏེ། རྩ་བའི་དཀྱིལ་འཁོར་གྱི་ལྷོར་མཎྜལ་བྱ་སྟེ། དེ་ལ་ཆགས་ཆགས་གདབ་པ་ནི། པདྨ་འདབ་བརྒྱད་མཛེས་མཚོན་དུ་བྱས་ལ་སོ་ཤིང་ལ་སོགས་པའི་རྫས་བཤམ། ལས་མཁན་གྱིས་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་བཤམས་ལ་ཕྲིན་ལས་ཐུང་ལུགས་སུ་མཚམས་ནས་འཛབ་དང་བསྟོད་པ་ཡན་ཆད་བྱ། དེའི་བར་ལ་སློབ་བུ་ཁྲུས་བྱ། གོས་སར་བ་གྱོན་ལ་བླ་མའི་གཡས་ཕྱོགས་སུ་གྲལ་རིམས་སུ་འདུག་ལ བླ་མ་ལ་ཞུ་བ་ནི། སློབ་བུ་རྣམས་ཀྱི་ཐལ་མོ་སྦྱར་ལ་དང་ལ་བཟོད་པར་གསོལ་བ་ནི། ཧོ་མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད། མདོ་སྒྱུ་སེམས་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་རྒྱལ་བ་རྒྱ་མཚོ་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་གསན་ཅིང་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་རྣམས་འཁོར་བ་ལས་ངེས་པར་ཕྱུང་ནས། འགྲོ་བ་སེམས་ཅན་རྣམས་ཀྱི་དོན་བགྱི་བའི་སླད་དུ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས་བསླབ་པ་མཐར་ཕྱིན་པར་འཚལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པ་དང་དབང་བསྐུར་དུ་གསོལ་ལོ། །ཞེས་ཞུ་བ་ཕུལ་ལ། ཁྱད་པར་གྱི་སེམས་བསྐྱེད་ཕོག་པ་ནི། ཨེ་མ་ཧོ། །ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། འགག་པ་མེད་ལས་ཐམས་ཅད་འགག། འགག་པ་ཉིད་ནའང་འགག་པ་མེད། །ཅེས། འཇིག་འཇུག་བྱང་ཆུབ་ཀྱིས་སེམས་བསྐྱེད་དོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་པ་ཐམས་ཅད་གནས། གནས་པ་ཉིད་ནའང་གནས་པ་མེད། །ཅེས། །གནས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། དམིགས་པ་མེད་ལ་ཐམས་ཅད་དམིགས། དམིགས་པ་ཉིད་ནའང་དམིགས་པ་མེད། ཅེས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལ་འགྲོ་དང་འོང་། །འགྲོ་འོང་ཉིད་ནའང་འགྲོ་འོང་མེད། །ཅེས་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །དེའི་ལན་དུ། སློབ་དཔོན་སྙིང་རྗེའི་དབང་གི་སེམས་དང་ལྡན་པས། །ཧེ་རུ་ཀར་བསྐྱེད་ལ། ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་པར་བྱ་ལ་ཡོད་མ་ཡིན། །བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱེད་ལ་རབ་ཏུ་བསྟན་པར་བྱ། །ཞེས་བརྗོད་ལ། སློབ་བུ་རྣམས་ཀྱིས་ཕྱག་འཚལ། །དེ་ནས་བྲོད་པ་བསྐྱེད་པའི་ཕྱིར། །དཀྱིལ་འཁོར་གྱིས་དོན་བཤད་དེ། རྡོ་རྗེ་ལས་རིམ་ལས། དཀྱིལ་འཁོར་དོན་དང་ཡོན་ཏན་རྣམས། །གསལ་བྱ་རབ་ཏུ་བྲོད་པ་བསྐྱེད། ཅེས་གསུངས་པས། འདིར་གསང་བ་མདོ་སྒྱུ་སེམས་གསུམ་གྱི་དཀྱིལ་འཁོར་ལ་དོན་བཞི་སྟེ། ངོ་བོ། ངེས་ཚིག་དགོས་ཆེད་རྣམས་གྲངས་སོ། །ངོ་བོ་ནི་གཙོ་འཁོར་ཚོགས་པའོ། །ངེས་ཚིག་ནི། དཀྱིལ་འཁོར་སྤྱིའི་ངེས་ཚིག །གཙོ་བོ་ནི་དཀྱིལ་འཁོར་ལ་འཁོར་གྱིས་བསྐོར་བའི་ཕྱིར་རོ། །དཀྱིལ་འཁོར་བྱེ་བྲག་གི་ངེས་ཚིག་ནི། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་གྱི་ངེས་ཚིག་རྒྱས་པའི་དོན་གསུམ་པ་ལས། འདས་པ་རྟག་ཏུ་དཀྱིལ་འཁོར་ཡིན་ཏེ། །ལོ་ག་སྣ་ཚོགས་འཁོར་དུ་གསུངས། ཞེས་སོ། །རང་བཞིན་འབྲས་བུ་མཐར་ཕྱིན་དང་། གཟུགས་བརྙན་དང་། ལྷག་པ་ཏིང་ངེ་འཛིན་དང་། །ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་དང་བཞིའི་ངེས་ཚིག་ནི། །དོན་གསུམ་པ་ལས། །རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཡིན་ཏེ། །རང་བཞིན་ལྷ་དང་ལྷ་མོའི་འཁོར་ཞེས་སོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཀྱི་ངེས་ཚིག་ནི། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་སོ། །དགོས་ཆེད་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་པའོ། །རྣམ་གྲངས་ནི་བདུན་ཏེ། འདི་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། ཞེས་སོ། །རང་བཞིན་གྱི་དཀྱིལ་འཁོར་ལ་གཉིས། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་རོ། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ནི། ཆོས་ཉིད་རང་བཞིན་གྱི་སྤྲོས་པ་དང་བྲལ་བ་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པའོ། །རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ལ་ཞི་ཁྲོ་གཉིས་ཏེ། དེ་རེ་རེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ལྔ་ལྔའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དོན་དམ་རང་བཞིན་གྱི་དཀྱིལ་འཁོར་ལས་ལ་གཡོས་པར་ཀུན་རྫོབ་སྣོད་བཅུད་སྣ་ཚོགས་སུ་རང་སྣང་པའོ། །ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི་ལས་དང་བྱ་བས་ལྷག་པའོ། །དེ་ཡང་དབྱེ་ན་བཞི་སྟེ། གཅིག་ཤོས་དང་། དབང་དང་། བསྒྲུབ་པ་དང་། ལས་དང་། བསོད་ནམས་རྟེན་འགྱུར། ཞེས་སོ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། །རང་བཞིན་ཉིད་ཀྱི་ངང་ལ་འདྲིས་པའོ། །ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། །བསྒོམས་པའི་བྱ་བས་ལྷག་པ་སྟེ། ཞི་ཁྲོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་བསྒོམ་པའོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། ཕྱི་ནང་གསང་བ་གསུམ་སྟེ། ཕྱི་རྩ། ནང་ཁམས། གསང་བ་བདེ་བའི་ཡེ་ཤེས་སོ། །ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། ཞི་བ་ལ་ཚོམ་བུ་གཅིག་གསུམ་པ་དང་། ཁྲོ་བོ་ལ་གཅིག་གསུམ་ལྔ་པའི་དཀྱིལ་འཁོར་གྱི་དོན་བསྡུས་པ་ཙམ་བཤད་པའམ། རྒྱུད་གྱི་ཁོག་འབུབས་ནས་བཤད་པ་བཞིན་རྒྱས་པར་ཡང་རུང་ངོ་། །དེ་ནས་སློབ་མ་རྣམས་ཀྱིས་གསོལ་བ་གདབ་པར་བྱ་སྟེ། ཚིག་རྗེས་སུ་དོན་སེམས་ཞིང་། རྡོ་རྗེ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། མགོན་པོ་དཔའ་བོ་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་ཞུགས་པ་དང་། །མཁྱེན་རབས་ཡེ་ཤེས་བདག་ལ་གསོལ། །ཞེས་གསོལ་བ་བཏབ་པའི་སློབ་བུ་རྣམས། །རྡོ་རྗེ་སློབ་དཔོན་ནམ་ལས་སློབ་ཀྱིས་རྡོ་རྗེ་ཕྱེད་བྱིན་ལ། བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དངས་ཡིད་ཀྱིས། །སྟོང་ཞིང་རང་སེམས་བརྟན་པར་གཟུང་། །སྒྱུ་འཕྲུལ་དྲྭ་བའི་རྫོགས་དབང་སྦྱིན། །ཞེས་གནས་ཁང་གི་ནང་ངམ། །དཀྱིལ་འཁོར་གྱི་ཉེ་འཁོར་དུ་དྲངས་ལ། དེ་ནས་སློབ་དཔོན་རྣམས་བདེ་ཡངས་སུ་འདུག་ལ་ལྷར་བསྐྱེད་དེ། དེ་ཡང་བགེགས་བསྐྲད་སྒྲིབ་པ་དྲལ། ཚེ་ལ་གསུམ་གྱིས་རྡོ་རྗེ་སེམས་དཔའ་བསྐྱེད་དེ། དབང་བསྐུར། བྱིན་གྱིས་བརླབས་གོ་བགོ། ལུས་བསྲུངས་ཏེ། ཐོག་མ་ཚེ་མི་ཡར་བར་བྱ་བའི་ཕྱིར། བགེགས་བསྐྲད་དེ། དབང་ཕྱུག་གི་ཐུགས་ཀའི་ས་བོན་ལས་ཡི་གེ་བྷྲུཾ་རེ་སློབ་མ་རྣམས་ཀྱི་དཔྲལ་བར་འཕྲོས། བྷྲུཾ་བི་ཤྭ་བི་ཤུདྡྷེ་ཞེས་བརྗོད་བས། ཟླ་གམ་དམར་པོའི་གཞལ་ཡས་ཁང་གནམ་སྒོ་གཅིག་པ། སྒོ་ཁྱུད་ཅན་ཅིག་བསམ། དེའི་ནང་དུ་ཧཱུཾ་ཞེས་བརྗོད་པས། སློབ་མའི་ཚེའི་དངོས་པོ་ཐམས་ཅད་ཧཱུཾ་ལ་བསྡུ། ༀ་བཛྲ་ཧཱུཾ་ཀ་ར་ཧཱུཾ་ཕཊ། ཅེས་བརྗོད་པས། ཧཱུཾ་ཀ་ར་སྔོན་པོ་ཚེའི་བུམ་པ་བསྣམས་པ་ཅིག་ཏུ་བསམ། ཟླ་གམ་གྱི་གནམ་སྒོམ་ལ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་ཕཊ། །ཅེས་བརྗོད་པས། ཁྲོ་བོ་མི་གཡོ་བ་ལྗང་ནག་རལ་གྲི་སྡིགས་འཛུབ་མཛད་པ་བསྐྱེད་ནས་སྒོ་བསྲུངས་བར་བསམ་ནས། ཡི་དམ་གྱི་ལྷའི་ང་རྒྱལ་གྱིས། བི་ཤྭ་བཛྲ་གྱིས་སྔགས་ཀྱིས་སྤྲུལ་པ་སྤྲོ། བདེན་པ་བརྗོད་པའི་རྗེས་ལ། འདིར་འདུས་པའི་སློབ་བུ་རྣམས་ལ། གནོད་ཅིང་འཚེ་བའི་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག །བྱེར་ཅིག །ༀ་སུམྦྷ་ནི་སུམྦྷ་ཧཱུཾ་ཞེས་ལན་གསུམ་གྱིས་བསྐྲད་དོ། །སྒྲིབ་པ་དྲིལ་བ་ནི། རྡོ་རྗེ་སློབ་དཔོན་གྱིས་ལག་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་དཔའ་བོ་འབྲུ་ལྔ་དང་། གཡོན་གྱི་སོར་མོའི་བྲེ་ཁ་ལྔ་ལ་གནས་པའི་དཔའ་མོ་འབྲུ་ལྔ་བསམས་ལ། སཱུ་ར་ཏ་སྟྭཾ། ཞེས་དཔའ་བོ་དཔའ་མོ་སྦྱར། །ཨཉྫ་ལི་ཞེས་པས་བསྒོམ། བཛྲ་བྷནྡྷ་ཞེས་ཕྱག་རྒྱ་བསྡམ། བདེན་པ་བརྗོད་པའི་རྗེས་ལ། སློབ་བུ་འདི་རྣམས་ཀྱི་རྒྱུད་ལ་ཡོད་པའི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ལྟ་བའི་དམན་པའི་སྒྲིབ་པ། ཆོས་ཀྱིས་འཕོངས་པའི་སྒྲིབ་པ་དང་། བག་ཆགས་ངན་པའི་སྒྲིབ་པ་ལྭོ་ངེ་སྒྲིབ་པའི་ཕུང་པོ་ཇི་སྙེད་པ་ཐམས་ཅད་ཕྱག་རྒྱའི་འོད་ཟེར་འདིས་དྲལ་བར་གྱུར་ཅིག །བཛྲ་བནྡྷ་ཏྲ་ཐཱ་ཞེས་པའི་སྔགས་མང་དུ་བརྗོད་ཅིང་། ཕྱག་རྒྱ་སྤྲུགས་པས། འབྲུ་བཅུ་རིགས་ལྔ་ཡབ་ཡུམ་དུ་གྱུར་པ་སྦྱོར་བ་མཛད་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་འོད་ཟེར་གྱིས་སློབ་བུ་རྣམས་ཀྱི་སྒྲིབ་པ་མཐའ་དག་བསྲེགས་ཤིང་། །ཧཱུཾ་ཀ་ར་དང་། མི་གཡོ་བ་ཡང་འོད་དུ་ཞུ་ནས་སློབ་བུ་རྣམས་ཀྱིས་རྣམ་ཤེས་དང་གཅིག་ཏུ་གྱུར་ཏེ། དངུལ་ཆུ་ཞུན་མ་ལྟ་བུར་གནས་པ་དེ། ཆོ་ག་གསུམ་གྱིས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་བརྒྱན་ཆ་ལུགས་དང་ལྡན་པར་བསྐྱེད་ལ། ༀ་ཤུ་ནྱ་ཏ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར། གནས་གསུམ་དུ་རྡོ་རྗེ་གཏུག་ཅིང་འབྲུ་གསུམ་བརྗོད་པས་བྱིན་གྱིས་བརླབས་པར་བསྒོམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་ལ་སོགས་པ་བརྗོད། བྱིན་གྱིས་བརླབས་པའི་རྟགས་སུ། དཔྲལ་བར་སྐུའི་ལྷ་སྣང་མཛད་དཀར་པོ་འཁོར་ལོ་ༀ་གྱིས་མཚན་པ་འཛིན་པ། དེ་བཞིན་དུ་མགྲིན་པ་དང་སྙིང་གར་སྐུ་གསུང་ཐུགས་ཀྱིས་ལྷ་འདྲེའོ། །རྡོ་རྗེ་གོ་ཆའི་ཕྱག་རྒྱས་བཛྲ་ཀ་བ་ཙི་རཀྵ་རཀྵ་ཞེས་རྡོ་རྗེའི་གོ་ཁྲབ་བཀོན། རྡོ་རྗེ་བསྲུངས་པའི་ཕྱག་རྒྱ་དང་། ༀ་ཏྲུཾ་གིས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་། ཁྲོ་བོ་མི་འཆི་ཐལ་སྦྱོར་གཉིས་ཀྱིས་ལུས་གྱི་གནས་དྲུག་བསྲུངས་བར་བསྒོམས་མོ། །དེ་ནས་སློབ་བུ་རྣམས་ཀྱི་དངོས་གྲུབ་ཀྱིས་བལྟས་བརྟགས་པའི་དོན་དུ། སོ་ཤིང་སོར་བཅུ་གཉིས་པ་དྲི་བཟང་པོའི་ཆུས་བྱུག་ཅིང་། །རྩེ་མོར་མེ་ཏོག་གི་འཕྲེང་བ་བཅིངས་པ་སློབ་མ་རྣམས་ལ་སྦྱིན་ཞིང་། །དེ་རྣམས་ཀྱིས་ཀྱང་རྩེ་མོས་སོ་རྩ་བྲུ། སྦོམ་པོས་སོ་ཕྱིས་པས། སྒྲིབ་པ་དག་པས་བསམས་ལ། ༀ་བཛྲི་མ་ཧཱ་ས་མ་བརྟི་ཧཱུཾ་ཕཊ། ཅེས་བརྗོད་ནས། སོ་ཤིང་གི་རྩེ་མོ་སོས་བཟུང་ནས། མཁའ་དབྱིངས་ཕྱག་རྒྱའི་དབུས་ནས་མཎྜལ་གྱིས་སྟེང་དུ་བུད་ཐབས་ཀྱིས་སྐྱུར་བས། ཚུགས་ན་བཟང་། ཕྱོགས་བཞིར་འགྱེལ་ན་ལས་བཞི་འགྲུབ། །མཚམས་བཞིར་ན་དངོས་གྲུབ་དམན་པའོ། །དེ་ནས་དྲི་བཟང་པོའི་ཆུ་ལ། ༀ་བཛྲ་ས་ཏྭ་ཨཱཿ ཞེས་པས་རྡོ་རྗེ་སེམས་དཔའ་ཞུ་བའི་ཆུ་རུ་བྱིན་གྱིས་བརླབས་པ་ཁྱོར་བར་བླུགས་ལ། ༀ་སརྦ་ཤྭ་དྷ་ན་ཡེ་ཧཱུཾ་ཕཊ། ཅེས་བརྗོད་པས་འཐུང་དུ་བཞུག་ཅིང་། ལྷག་མས་ཁ་ལག་བཀྲུའོ། །དེ་ནས་རྨི་ལམ་བར་ཆད་ཀྱིས་མི་ཚུགས་པར་བྱ་བའི་དོན་དུ་བསྲུངས་སྐུད་དམར་པོ་གསུམ་བསྒྲིལ་ལ། ༀ་བིགྣན་ཏ་ཀྲིཏ་ཨ་མྲྀ་ཏ་ཀུ་ཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། མདུད་པ་གསུམ་བྱས་ལ་ཕོའི་དཔུང་པ་གཡོན་དང་། མོའི་གཡས་ལ་བཅིང་ཅིང་། འཁྱིལ་བའི་སྔགས་བརྗོད་ནས། མདུད་པ་ལ། སྲིན་ལག་གི་དྲི་ཆབ་བཞག་སྟེ། བདུད་རྩི་འཁྱིལ་པས་མདུད་སྒོ་བསྲུངས་བར་བསམ་མོ། །དེ་ནས་རྨི་ལམ་བརྟག་པར་བྱ་བའི་ཕྱིར། ཀུ་ཤའི་ཆུན་བུ་གཉིས་གཉིས། ༀ་ཨཱཿཏིང་ཧཱུཾ་སྭཱཧཱ། ཞེས་བརྗོད་ཅིང་། སྟན་དང་སྔས་ཀྱི་དོན་དུ་བྱིན་ལ། ཕུར་པ་བྱིན་པ་ནི། ༀ་བཛྲ་ཀི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཕུར་པ་སྲས་མཆོག་ཏུ་བྱིན་གྱིས་བརླབས་ལ་སློབ་མ་རྣམས་ལ་བྱིན། མཆེད་ལྕམ་རྣམས་ཀྱིས་ཕྱག་བྱས་མེས་རྩེ་གཅིག་ཏུ་བཞག་གོ །དེ་ནས་ཟབ་མོའི་ཆོས་བཤད་པ་ནི། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་པས་འཇིག་རྟེན་ན་ཡང་དག་པའི་སངས་རྒྱས་འབྱུང་བ་དཀོན་ཏེ། དེ་ནས་འབྱུང་བར་དཀོན་པ་སྟེ། འཇིག་རྟེན་ན་སངས་རྒྱས་འབྱུང་བའི་བརྟགས་སུ། མེ་ཏོག་ཨུ་དུམ་ཝ་ར་འབྱུང་སྟེ། གང་དུ་འབྱུང་ན་མཚོ་མ་དྲོས་པའི་བྱང་ཕྱོགས་རི་ནག་པོ་སྤུན་དགུ་འདས་པའི་ཕ་རོལ་ན། མེ་ཏོག་ཨུ་དུམ་ཝ་རའི་ཚལ་ཞེས་བྱ་བ། མེ་ཏོག་འོད་དང་ལྡན་ཞིང་ཁ་དོག་གསལ་བ། དྲིས་འཁོར་ཡུག་དཔག་ཚད་ཙམ་དུ་ཁྱབ་ཅིང་། འཁོར་བ་ཐམས་ཅད་ཀྱི་ནད་ལ་སོགས་པའི་སྡུག་བསྔལ་སེལ་བར་ནུས་པ་ཡིན། ཚད་ནི་ཤིང་རྟའི་འཕང་ལོ་ཙམ་སྟེ། སངས་རྒྱས་དེ་རྒྱལ་རིགས་སུ་འབྱོན་ན་དཀར་པོ། བྲམ་ཟེ་ལ་འབྱོན་ན་སེར་པོ། །དེ་དག་དགའ་ལྡན་ནས་འཕོས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་ན་མེ་ཏོག་ཁ་འབུས། །བལྟམས་པ་ན་ཁ་བྱེད། །སངས་རྒྱས་པ་ན་རབ་ཏུ་རྒྱས། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་སྦྲང་རྩིའི་རྒྱུན་བབ། །དེའི་ཚེ་འདུ་བྱེད་བཏང་བ་ན་རབ་ཏུ་རྙིད། ཡོངས་སུ་མྱ་ངན་ལས་འདས་པ་ན་ལོ་མ་དང་འབྲས་བུ་ལྷག་པར་འགྱུར་རོ། །མེ་ཏོག་དེ་འཇིག་རྟེན་ན་འཁོར་ལོས་བསྒྱུར་བ་འབྱུང་བའི་དུས་ནའང་མི་འབྱུང་ན། གཞན་སོ་སོའི་སྐྱེ་བོ་ལྟ་སྨོས་ཀྱང་ཅི་དགོས། །དེ་བས་ཀྱང་གསང་སྔགས་འབྱུང་བར་དཀོན་ཏེ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མ་གསུངས། མ་འོངས་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་བར་མི་འགྱུར། ད་ལྟར་ཀྱི་སངས་རྒྱས་བཅོམ་ལྡན་འདས་འདི་ཁོ་ནའི་སྨོན་ལམ་ལས་འབྱུང་བ་ཡིན་ཏེ། དེ་ཡང་སྔོན་བྱུང་དུ་རྒྱལ་པོ་ཨ་ཤོ་ཀ་ཞེས་བྱ་བའི་བཙུན་མོ་ལ་སྲས་སྟོང་དུས་ཅིག་ཏུ་བཙས་པ་ལ། བྲམ་ཟེ་བལྟས་མཁན་གྱིས་བསྐལ་བཟང་འདི་ལ་སངས་རྒྱས་པར་ལུང་བསྟན་ཅིང་། བུམ་པ་གཅིག་གི་ནང་དུ་སྟོང་གི་མིང་ཡིག་བཅུག་ནས་མཆོད་པ་སྣ་ཚོགས་ཀྱིས་མཆོད་ཅིང་། གང་གིས་སངས་རྒྱས་སྔ་བརྟགས་པས། དང་པོར་བྱུང་བ་དང་བོར་སངས་རྒྱས། བར་དུ་བྱུང་བ་བར་དུ་སངས་རྒྱས། ཐ་མར་བྱུང་བ་ཐ་མར་སངས་རྒྱས་པར་ལུང་བསྟན་ལ། རྩོད་ལྡན་གྱི་དུས་སུ་འདུལ་དཀའ་བར་དགོངས་ཏེ། སངས་རྒྱས་གང་གིས་ཀྱང་མིང་ཡིག་མ་བཞེད་པ་ལ་ཐུབ་པ་ཉིད་ཀྱིས་བླངས་ནས། དེའི་དུས་སུ་བདག་འབྱུང་ཞིང་། གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་པ་བཞིན་དུ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲོགས་མེད་པ་གསུམ་ལ་ཚོགས་བསགས། སྒྲིབ་པ་སྦྱངས། མཐར་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སངས་རྒྱས། དེ་ནས་ཐོག་མར་ཐེག་པ་ཆུང་ངུ་ལ་མོས་པའི་གང་ཟག་ལ་བཀའ་དང་པོ་བདེན་བ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། བར་དུ་ཐེག་པ་ཆེན་པོ་ལ་མོས་པའི་གང་ཟག་ལ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར། མཐར་ཐེག་པ་སྣ་ཚོགས་ལ་མོས་པའི་གང་ཟག་ལ། དོན་དམ་པ་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། བྱེ་བྲག་ཏུ་ཡོ་ག་ལ་སོགས་ཐེག་པ་དྲུག་པའི་དབང་ནི། ཉན་ཐོས་ཀྱི་ཐེག་པའི་དབང་ཆུ་བོ་ནི་རེན་ཛ་རར་བསྐུར། རང་སངས་རྒྱས་ཀྱི་ཐེག་པའི་དབང་ཀུན་དགའ་ར་བར་བསྐུར། བྱང་ཆུབ་སེམས་དཔའི་ཐེག་པའི་དབང་བྱ་རྒོད་ཕུང་པོའི་རིའམ་རྒྱལ་པོའི་ཁབ་ཏུ་བསྐུར། ཀྲི་ཡའི་དབང་ཝ་ར་ཎ་སིར་བསྐུར། ཡོ་གའི་དབང་མེ་རི་འབར་བའི་ཁར་བསྐུར་ཏེ། མ་སྨིན་པ་རྣམས་སྨིན་པར་བྱས། རྣམ་པར་གྲོལ་བའི་ལམ་ལ་བཀོད་ནས། མྱ་ངན་ལས་འདས་པར་དགོངས་ཏེ། འཁོར་འདུས་པ་རྣམས་ཀྱིས་ནང་ན་རྫུ་འཕྲུལ་ཆེར་བརྗོད་ལ་བཀའ་སྩལ་པ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ངའི་སློབ་མ་ཅི་ཡོད་པ་བསྡུས་ཤིང་གསུངས་པ་དང་། རྫུ་འཕྲུལ་ཅན་དེས་ཐམས་ཅད་བསྡུས་པས་འདུས་པར་གྱུར་ཏོ། །དེ་ནས་དེ་དག་རྣམས་ལ་བཀའ་སྩལ་པ། ཀྱཻ་གྲོགས་པོ་དག་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ནི་མི་རྟག་པའོ། །འབྱོར་བ་ཐམས་ཅད་ནི་མཐར་གུད་པའོ། །དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པའོ། །གང་ཟག་གི་སྲོག་གི་དབང་པོ་ལ་སྐྱེ་ཤི་ཡོད་པའི་ཕྱིར་ང་ཡོངས་སུ་མྱ་ངན་ལས་འདས་པས་སུ་དགྲ་ཐེ་ཚོམ་མ་ཆོད་པ་དག་དྲིས་ཤིག ཅེས་བཀའ་སྩལ་བ་དང་། ཀུན་ཛ་རས་གསོལ་པ། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་ཟག་རིམ་པར་བཀོད་ལགས་ན། །མཉམ་པས་བླངས་དོར་མི་སྤྱོད་ཅིང་། །བྱང་ཆུབ་ཡེ་ནས་མི་ཚོལ་བའི། །ཐབས་མཆོག་དཔག་གིས་མི་ལངས་བའི། །ངེས་བའི་ཐེག་པ་ཡོངས་མ་གསུངས། །ཞེས་དང་། །གཞན་ལ་ཡང་འཇམ་དབྱངས་ཀྱིས། །འདྲེན་པའི་ཐེག་པ་གསུམ་བོ་དག །ངེས་པར་བཅོམ་ལྡན་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་དུ་སྤྱོད་པ། །ལྷུན་གྲུབ་ཐེག་པ་ཅིས་མ་གསུངས། །ཞུས་པའི་ལན་དུ་བཅོམ་ལྡན་གྱིས། རྒྱུ་ནས་བྱུང་བ་རྒྱུ་ཡི་ཆོས། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག །མ་འོངས་པ་ན་འབྱུང་བར་འགྱུར། །ཞེས་གསུངས་སོ། དུས་ནམ་གྱི་ཚེ་འབྱུང་ན། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ལ། །འཛམ་བུ་གླིང་གི་ལྷོ་ཕྱོགས་ན། བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་ཡིས། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཐུགས་རྗེ་མཐུན་པའི་བྱིན་བརླབས་ཀྱིས། །གསང་སྔགས་འབྱུང་བར་ལུང་བསྟན་ནོ། །དེ་ཡང་བརྒྱུད་མ་ཧཱ་ཡོ་གའི་ཆོས་བྱུང་ཚུལ་ནི། ཟ་ཧོར་གྱི་རྒྱལ་ཁམས་ཞེས་བྱ་བའི་ཉེ་འཁོར་ན། སྟོན་པས་ཞབས་ཀྱིས་བཅག་པའི་ས། ཕྱག་ན་རྡོ་རྗེའི་ཕོ་བྲང་བྱང་ཕྱོགས་ལྕང་ལོ་ཅན་གྱིས་གནས། རི་མ་ཡ་གནམ་ལྕགས་ཐོག་ཡོད་པའི་རྩེ་མོ་ཞེས་བྱ་བ་ཞིག་ཡོད་དེ། རི་དེ་ཡང་རྩེ་མོ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་འཁྲས་པར་གྱུར་བ། འདབ་ཤོད་ནི་གཅན་ཟན་གྱི་རྒྱལ་པོ་སྟག་གིས་མཁྲེང་བར་གྱུར་པ། སྨན་རྩ་བ་དང་མྱུ་གུ་དང་སྡོང་པོ་དང་། ཤུན་པ་དང་། ལོ་འདབ་དང་། འབྲས་བུའི་སྨན་སྣ་ཚོགས་ཀྱི་ཤིང་སྐྱེས་པ། ངོས་ལ་བྲག་དཀར་པོ་སེང་གེ་ཁྱི་ཚུགས་སུ་གཏད་པ་འདྲ་བ་གྲངས་དང་གྲངས་ཀྱིས་ཡོད་པ། དེའི་ཤར་ངོས་ན་ཀྲི་ཤང་ཨ་སུ་ར་ཞེས་བྱ་བའི་གནོད་སྦྱིན་གྱི་ཕུག་ཡོད་དེ། དེ་ཡང་སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་། ཕུགས་རིན་པོ་ཆེ་ཟུར་བརྒྱད་ལ་ཉི་ཟླའི་རི་མོ་རང་སྣང་བ། རི་དེའི་སྤྱི་བོ་ན་བྱ་ཀ་ལན་ཏ་ཀ་ཞེས་བྱ་བ་དོན་གཉིས་པར་མི་སྒྲོགས་སྟེ། གཅིག་ཏུ་སྒྲོགས་པར་བྱེད་པའི་ཚང་བཅས་པ། དགོན་གནས་དེར་གང་ཟག་ལས་དང་བསྐལ་བར་ལྡན་པ་རྣམས་ཀྱི་བསྒྲོད་ཅིང་ཕྱིན་པ་ལས། ལས་དང་སྐལ་པ་མེད་པ་རྣམས་ཀྱིས་སྒྲོད་ཅིང་ཕྱིན་པར་མི་ནུས་པའོ། །དེ་ལྟ་བུའི་གནས་ཁྱད་པར་ཅན་དེ་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་གྱི་ཨ་པ་ཏྲ་མུ་ཛྙཱ་ན་ཞེས་པ་རྒྱལ་པོའི་རིགས་ཅན། གསང་སྔགས་གོ་བའི་སྐལ་པ་དང་ལྡན་པ། འགུག་པའི་སྒྲ་ཛཿཞེས་པའི་མིང་ཅན་དེ། རྟེན་འབྲེལ་སྙིང་པོ་ལ་བསྒྲུབ་པ་བྱས་ཀྱང་ཟེར། གསང་སྔགས་ཕྱི་རྒྱུད་ལ་བསྒྲུབ་པ་མཛད་ཅིང་བཞུགས་པའི་རྨི་ལམ་དུ་གསང་སྔགས་མི་ཡུལ་འབྱུང་བའི་བལྟས་བདུན་ཤར་ཏེ། དང་པོ་ནི་རི་དེའི་རྩེ་མོར་དཔལ་མོར་དཔལ་ཕྱག་ན་རྡོ་རྗེ་ཕོ་བྲང་དུ་བྱོན་ནས། སྐུའི་ཁྲུན་ལས་འོད་སྔོན་པོ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས། །གསུང་གི་སྒྲ་འབྲུག་སྟོང་ལྟ་བུར་ལྡིར། ཐུགས་ཀྱི་དཀྱིལ་འཁོར་ནས་འོད་ཟེར་འབར་བ་ཅིག་ཤར་བས་རྒྱལ་པོའི་ཉིད་ཀྱི་ཐུགས་ཀར་ཐིམ། ཉི་མའི་འོད་འབར་བ་ཅིག་ཤར་བས་སྤྱི་བོར་ཐིམ། ཟླ་བའི་འོད་འབར་བ་ཅིག་ཤར་རྒྱལ་པོའི་རྐང་མཐིལ་དུ་ཐིམ་ནས་སྣང་སྲིད་ཀྱི་གཏོས་ཐམས་ཅད་རྒྱལ་པོའི་ལྟོ་བ་ན་འཕྱོ་བ་ཅིག་རྨིས་སོ། །གཉིས་པ་ནི་སངས་རྒྱས་ཐམས་ཅད་དང་ཆོས་ཀྱི་སྒྲོ་གླེང་མཛད་ཅིང་ཉི་ཟླ་ལ་ཞོན་ཏེ་གསེར་གྱི་འཁོར་ལོ་བསྐོར་ནས་སྲིད་པ་གསུམ་ལ་དབང་བསྒྱུར་བ་ཅིག་རྨིས་སོ། །གསུམ་པ་ནི་ནམ་མཁའ་ལ་སྤྲིན་གསེར་གྱི་ཁ་དོག་ཅན་འཐིབས། ཆོ་འཕྲུལ་གྱི་འབྲུག་སྙན་པར་ཚིམ་པར་ནི་གྲགས། རིན་པོ་ཆེ་སྣ་ཚོགས་ཀྱི་རྨུགས་པ་ནི་འཐིབས། རིན་པོ་ཆེ་བཻཌཱུརྱའི་འོད་བྱུང་། སྣང་སྲིད་གསལ་བའི་གློག་ནི་འགྱུས་ནས། རིན་ཆེན་སྣ་ཚོགས་ཀྱི་ཆར་མངོན་པར་བབ་པ་ཞིག་རྨིས། བཞི་པ་འཇིག་རྟེན་གྱི་གཏོས་ཀུན་ནི་བསྒྱུར། རིན་པོ་ཆེ་སྒྲོན་མེ་འབར་བ་ཤར་བས་སྣང་སྲིད་ཀྱི་མུན་པ་ཐམས་ཅད་ནི་སངས། བདུད་རྩི་དང་སྨན་གྱི་ཆུ་རྒྱུན་བྱུང་བས་འགྲོ་བ་ཐམས་ཅད་ཀྱི་གཅོང་སྙིང་ནི་སྦྱངས། འགྲོ་བ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་ཞེས་པའི་སྒྲ། དི་རི་རི་སྒྲོག་པ་ཞིག་རྨིས་སོ། །ལྔ་པ་ནི་སྤྲིན་གྱི་དཀྱིལ་ནས་ཉི་མའི་དཀྱིལ་འཁོར་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཟེར་ཅན་ཅིག་ཤར་བའི་དཀྱིལ་ན། རཏྣ་སྨུག་པོ་དཔལ་བེའུ་སྒྲོ་མདོག་བཅས་པ་ཕྱི་ནང་མེད་པ་གསལ་བའི་ནང་ནས་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་རང་ནན་དུ་བྲིས་པའི་གླེགས་བམ་མང་པོ་ཞིག་གིས་བལྟམས་པ་སྐར་མདའ་ལྟུང་བ་བཞིན་དུ་བབས་པ་ཞིག་རྨིས་སོ། །དྲུག་པ་ནི་ཡང་གླེགས་བམ་དང་པོ་ཏིང་འཛིན་རྣམས་ལ། བྱང་ཆུབ་སེམས་དཔའ་དང་། རིག་འཛིན་དང་། ལྷ་དང་ལྷ་མོ་ཚད་མེད་པ་རྣམས་ཡོན་ཏན་གྱི་སྒྲ་སྒྲོག་ཅིང་པཱུ་ཛ་དབུལ་ཏེ། གར་གྱི་ལི་ལོང་དང་། རོལ་མོའི་ཆ་བྱད་མང་པོ་འདོན་ཞིང་བསྐོར་བ་ཅིག་རྨིས་སོ། །བདུན་པ་ནི། ནམ་མཁའི་སྤྲིན་གསེབ་ནས་ལུང་བསྟན་པའི་སྒྲ་བྱུང་སྟེ། ལས་དང་སྐལ་པར་རབ་ལྡན་ཅིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསོད་ནམས་དྲ་བ་ཁྱོད་སྤྲུལ་པས། །ཇི་ལྟར་ལུང་བསྟན་ཆེན་པོ་བཞིན། །དེ་ལྟར་དུས་འདིར་མངོན་ཤར་གྱིས། །འཁོར་བའི་སྙིང་པོ་སྦྱང་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་བརླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །བསྐལ་ལྡན་ཁྱོད་ལ་བསྟན་པར་བྱ། མ་ལ་ཡ་ཞེས་བྱ་བའི་རི། དགོན་པ་ཆེན་པོའི་གནས་ཞིག་ན། །ཡེ་ཤེས་་སྙིང་པོ་ཅན་རྣམས་ཀྱི། །གསང་བར་ནན་གྱིས་དེ་ལ་སེམས་ཀྱི་མེ་ལོང་གིས། །མངོན་དུ་གསལ་བར་རྟོགས་མ་ཐག །སངས་རྒྱས་ས་ལ་བསྐལ་པ་མཉམ། །བདེ་བ་ཅན་ཞེས་བྱ་བའི་རི། །འོད་ཀྱི་རྒྱལ་པོ་ཞེས་བྱའི་རི། །ཀུན་རིག་བདེ་བ་ཆེན་པོར་གྱུར། །རྡོ་རྗེ་གསང་ཆེན་གསང་བ་ཡི། །དམ་པའི་མཛོད་གསུམ་རབས་ཅིག་ནི། །ལྷ་དང་མི་ཡི་རིག་འཛིན་ལ། །རིམ་པར་བརྒྱུད་དེ་གྲགས་པར་འགྱུར། །ཞེས་ལུང་བསྟན་པར་རྨིས་སོ། །དེ་ནས་རྒྱལ་པོ་གཉིད་སད་ནས་རབ་ཏུ་དགྱེས་ཏེ། །འཁོར་མང་དུ་བསྡུས་ནས། རྨི་ལམ་དུ་ཇི་ལྟར་བྱུང་བའི་ཚུལ་རྣམས་བཟླས་ནས། རྨི་ལམ་འདི་དག་དང་སྦྱར་ན་བདག་ལས་དང་སྐལ་བར་ལྡན་པར་ངེས་སོ་ཞེས་གསུང་ནས་ཕོ་བྲང་གི་ཡང་ཐོག་ཏུ་ཕྱིན་པས། རྨི་ལམ་དུ་ཇི་ལྟར་བྱུང་བ་དང་མཐུན་པར་དཔལ་ཕྱག་ན་རྡོ་རྗེའི་སྐུ་གཟུགས་རིན་པོ་ཆེ་ལས་གྲུབ་པ་ཅིག་མཐོང་ནས། །རྒྱལ་པོ་དགྱེས་ཏེ་བསྐོར་བ་དང་མཆོད་པ་དང་བྱས་ནས་ཚིག་ཏུ་བརྗོད་པ་ནི། སྔོན་ཚེ་གོང་ནས་བསྒྲུབས་པ་ཡིས། །ལས་ཀྱིས་མཇལ་བའི་ལྷ་མཆོག་འདི། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །ཨེ་མ་འོ་ངོ་མཚར་རྨད་ཀྱིས་སྐུ། །འདྲེན་པ་མཆོག་གི་དཔལ་ལགས་གང་། །མོས་པས་གཟུངས་ཀྱི་ལྷ་མཆོག་འཛིན། ཞེས་གསོལ་ནས་ཡི་དམ་ལྷ་རུ་བཅས་སོ། །དེ་ནས་ཡང་རྒྱལ་པོའི་ཐུགས་དགོངས་ལ་རྟགས་འདི་དང་ཡང་ལྡན་པ་དང་། རི་བོ་འདི་ཡང་དཔལ་ཕྱག་ན་རྡོ་རྗེའི་རང་བཞིན་དུ་འདུག་པ་དང་། རིག་འཛིན་མང་པོ་གྲུབ་པ་ཐོབ་པའི་གནས་ཡིན་པ་གཏམ་སྙིང་དུ་ཐོས་པ་དང་། རྨི་ལམ་དུ་མཐུན་པའི་བལྟས་རྣམས་ཡང་། ནམ་མཁའ་ལ་མངོན་དུ་སྣང་བ་དང་། གཅན་གཟན་གདུག་པ་ཅན་རྣམས་ཀྱང་། །དགེ་བ་དད་པའི་ཚུལ་འདི་དག་ལྡན་པས་ངེས་པར་བསྒྲུབ་པོ་གསུངས་ནས། གཟུངས་བརྙན་དེ་ལ་བརྟེན་ནས་ཟླ་བ་བདུན་དུ་བསྒྲུབས་པས། རྨི་ལམ་དུ་ཇི་ལྟར་བྱུང་བ་དང་ཚུལ་མཐུན་པར་གླེགས་བམ་དང་། པོ་ཏི་མང་པོའི་ཆར་མངོན་སུམ་དུ་བབས་ནས། ཡང་ཕྱག་ན་རྡོ་རྗེ་སྐུ་གཟུགས་དེ་ཉིད་ཀྱི་མདུན་དུ་རང་བྱོན་ནས། དེར་པོ་ཏི་རྣམས་ལ་རྒྱལ་པོ་རབ་ཏུ་དགའ་བའི་ཚུལ་གྱིས་བལྟས་པས་ཚིག་འབྲུ་ཅིག་གི་ཡང་བརྡ་མ་མཇལ་ནས་ཐེ་ཚོམ་དུ་གྱུར་ཏེ། ཨེ་མ་ཧོ། སྔར་ཚུལ་ལ་རྟགས་འདི་དང་ལྡན་ན་གླེགས་བམ་འདི་རྣམས་ལ་ཟབ་མོ་གསང་བའི་དོན་ཅིག་ཡིན་པར་ངེས་ན། བདག་གིས་མ་རྟོགས་པ་འདི་ཅེས་ཉེས་མཉམ་ནས་བཤུམས་སོ། །དེ་ནས་ཡང་ཅུང་ཟད་ཅིག་ནས་ཐེ་ཚོམ་གྱི་ཉོན་མོངས་པ་ཞི་སྟེ། དེ་ཡང་འཇིག་རྟེན་གྱི་ཁམས་ན་འདི་དག་བརྡའ་འཇལ་བ་སུ་ཞིག་ལ་ཡོད་ཅེས་བསྒྲགས་པས། ཟ་ཧོར་གྱི་རྒྱལ་བོ་ཨུ་པ་རཱ་ཛཱ་ཞེས་བྱ་བའི་བཤེས་གཉེན་ཅན་ཡོད་པ་དེས་ཤེས་པས་རིགས་སོ་ཞེས་ཐོས་ནས་ཕོ་ཉ་རྫངས་ཏེ་ལོ་རྒྱུས་ཞིབ་ཏུ་གསོལ་ནས་སྤྱན་དྲངས་པས། སློབ་དཔོན་གྱིས་ཞལ་ནས། གལ་ཏེ་བདག་གིས་མ་ཤེས་ན་དེར་ཕྱིན་པ་ཚུལ་མ་ཡིན་པར་འགྱུར་གྱི་དེ་དག་གླང་པོ་ཆེ་ལ་ཁོལ་ལས་འདིར་སྐྱོལ་ཞིག །ཅེས་གསུངས་ནས་པོ་ཏི་དེ་དག་གླང་པོ་ཆེ་ལ་བཀལ་ཏེ་བསྐྱལ་བས། བརྟགས་པས། ཚིག་འབྲུ་ཅིག་ཀྱང་མ་ཤེས་ནས། འདི་དག་བདག་གིས་སྤྱོད་ཡུལ་དུ་མ་གྱུར་གྱི། རྒྱལ་པོ་ཉིད་ཀྱི་དགོངས་པའི་རྩལ་གྱིས་དཔག་འཚལ་ལོ། །ཞེས་སླར་རྫངས་པས། རྒྱལ་པོའི་ཐུགས་དགོངས་ལ་འདི་དག་ཀུན་གྱིས་ཐུན་མོང་མིན་པ་ངོ་མཚར་རྨད་དུ་བྱུང་བའི་དོན་ཅིག་ཡོད་པར་ངེས་པས། སངས་རྒྱས་ཀྱི་ཆོས་ཐོས་པའི་གཞུང་ལས་བྱུང་བ་བཞིན་དུ་ཚོགས་བསོགས་པ་དང་། སྒྲིབ་པ་སྦྱངས་བ་དང་། མཆོད་པ་རྒྱ་ཆེན་པོ་བྱས་ནས་བརྟགས་པས། རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ལེའུ་བརྡའ་མཇལ་བར་གྱུར་ཏོ། །དེ་ནས་ལེའུ་དེའི་གཞུང་བཞིན་དུ་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་བསྟན་ནས་རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུངས་པས། བདག་ནི་པོ་ཏི་དང་གླེགས་བམ་འདི་རྣམས་ཀྱི་དོན་རྟོགས་པར་འཚལ་ལོ་ཞེས་ཞུས་པས། ལན་དུ། རིགས་ཀྱིས་བུ་རང་གི་རྒྱུད་སྦྱོངས་དང་། །ཁྱོད་ཀྱི་སྟོན་པ་ནི་གསང་བའི་བདག་པོས་དོན་མ་ལུས་པ་བསྟོན་པར་འགྱུར་རོ། །ཞེས་གསུངས་ནས། མི་སྣང་བར་གྱུར་ཏོ། །དེ་ནས་ཡང་རང་གི་རྒྱུད་སྦྱངས་པས་དཔལ་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས་དེའི་ཚེ་ཉིད་ཀྱིས་རྡོ་རྗེ་ནམ་མཁའ་ལ་སྤར་ནས་བརྟུལ་བཞུགས་མཛད་དེ། ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེ་འདུ་བར་འདུས་པ་རྣམས། །རིགས་མ་ཡིན་པ་རིགས་མིན་འགྱུར། །སྐལ་ལྡན་ཅན་གྱི་རིགས་སུ་འགྱུར། །ཐམས་ཅད་རྡོ་རྗེ་གསང་བ་གསོར། རཀྵ་ཀྲོ་དྷ་ཙིཏྟ་ཛྭ་ལ་རཾ་ཞེས་བརྗོད་པས། འཇིག་རྟེན་དྲེགས་པ་ཅན་ཐམས་ཅད་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་གྱིས་ཐམས་ཅད་འཁོར་དུ་འདུས་ཏེ་དེ་དག་ལ་རྡོ་རྗེ་གསང་བའི་མིང་སོ་སོར་བཏགས་ནས་གྲུབ་པ་ལུང་གི་གསང་སྒོ་ཕྱེ་སྟེ། དམ་པའི་མཛོད་གསུམ་དང་། ཏནྟྲ་སྡེ་བཅོ་བརྒྱད་ལ་སོགས་པ་རྒྱལ་པོ་ཛ་དང་དམ་པའི་རིགས་ཅན་ལྔ་ལ་སོགས་ལ་བཤད་དེ། དེ་ནས་དེའི་རྗེས་སུ་ཚོམ་བུ་ཚོགས་ཀྱིས་བསྒྲུབས་པ་ལ་སོགས་བྱས་པས། རྒྱ་གར་བ་དང་བོད་ཀྱི་གང་ཟག་མང་པོ་ལྷག་མེད་དུ་སངས་རྒྱས་སོ། །དེ་ནས་རྒྱལ་པོ་ཛའི་ཨིནྟྲ་པོ་དྷིས་གཙོ་བྱས་པས་ཚོམ་བུ་ཚོགས་བསྒྲུབས་པས། འབུམ་ཕྲག་གཅིག་དང་བཅས་པ་ལྷག་མེད་དུ་ཆོས་ཀྱི་དབྱིངས་སངས་རྒྱས་ཀྱི་སར་གཤེགས་སོ། །དེའི་རྗེས་སུ་དེ་བཞིན་དུ་བསྒྲུབས་པས་ཀུ་ཀུ་རཱ་ཛས་གཙོ་བྱས་པའི་ཁྲི་དང་བཅས་པ་ལྷག་མེད་དུ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །དེའི་རྗེས་སུ་ཨུ་པ་ར་ཛས་གཙོ་བྱས་པའི་སྟོང་དང་བཅས་པ་ལྷག་མེད་དུ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །དེའི་རྗེས་སུ་སྲས་རཱ་ཛ་ཧས་ཏིས་གཙོ་བྱས་པའི་ཚོམ་བུ་ལྔ་བརྒྱ་དང་བཅས་པ་ལྷག་མེད་དུ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །དེའི་རྗེས་སུ་སྲས་མོ་མགོ་མས་གཙོ་བྱས་པའི་སུམ་བརྒྱ་དང་བཅས་པ་ལྷག་མེད་དུ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །གཞན་ཡང་རྒྱ་གར་ན་མ་ཧཱ་ཡོ་གའི་ཆོས་འདི་ཉམས་སུ་བླངས་པས་ལྷག་མེད་དུ་སངས་རྒྱས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་ཅིང་གཞལ་ལས་འདས་སོ། །བོད་ནའང་ཡེར་པའི་བྲག་ལ་གྲུབ་ཆེན་བརྒྱ་རྩ་བརྒྱད་ལྷག་མེད་དུ་གཤེགས་པ་ལ་སོགས་པ་བསམས་ལས་འདས་སོ། །དེ་ལྟ་བུའི་ཆོས་འདི་ཡིད་ཆེས་ཤིང་ཁུངས་བཙུན་པ་བྱིན་བརླབས་མཆོག་དང་ལྡན་པ་འདིའི་སྒོར་ཞུགས་ཤིང་། དབང་ཐོབ་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་བར་འགྱུར་བའི་ཕན་ཡོན་ཡོད་པས། བློ་གཟེངས་བསྟོད་ཤེས་པ་བྲོད་ཕྱུང་མཛོད་ཅིག །ལུང་ཨ་ནུ་ཡོ་གའི་བརྒྱུད་བྱུང་ཚུལ་ནི། དེ་ནས་ལོ་བརྒྱད་དང་བཅུ་གཉིས་འདས་པ་ན། དམ་པའི་རིགས་ཅན་སེམས་དཔའ་ཆེན་པོ་དག །ནང་དུ་ཡང་དག་པར་འཇོག་པ་ལས་ལངས་པ་དང་། འཇིག་རྟེན་གྱི་སྟོན་པ་ནུབ་པར་གྱུར་པས་རྨ་ག་ཆད་པར་ངུས་སོ། །ཀུན་ཀྱང་རང་རང་གི་རྫུ་འཕྲུལ་གྱིས་ལང་གའི་ཡུལ་གྱི་གྲོང་བརྡལ་གྱི་མཚོ་གླིང་རི་མ་ལ་ཡའི་གནམ་ལྕགས་ཡོད་པའི་རྩེ་ལ་རྫུ་འཕྲུལ་གྱིས་བྱ་བས་མངོན་པར་རབ་ཏུ་འདུས་སོ། །ཡོངས་སུ་འདུས་ནས་འདུས་པ་དེ་ཀུན་ཀྱང་མགྲིན་གཅིག་ཏུ་ཤིན་ཏུ་ཉམས་ཐག་པའི་ང་རོས་སྨྲེ་སྔགས་ཀྱི་གདུང་བ་བཏོན་པ་ནི་འདི་ལྟ་སྟེ། ཀྱེ་མའོ་ཀྱི་ཧཱུད་ཀྱེ་མ་ཧོ་ཀློང་། །སྟོན་པའི་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུག་ཚིག་ཉི་ཤུ་རྩ་གསུམ་གྱིས་ཕྱོགས་བཅུའི་སངས་རྒྱས་ལ་གསོལ་བ་བཏབ་པས། །སྲིད་གསུམ་འགྲོ་བ་གཉེན་གཅིག་པོ། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསན། །སྙིང་རྗེའི་བདག་པོ་དེ་དག་ཀུན། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །གསང་བའི་བདག་པོའི་གནས་སུ་འདུས། །བསྐུལ་བ་ཆེན་པོའི་འདི་སྐད་གསུངས། །གསང་བ་པོ་ཡི་བདག་པོ་ཁྱོད། །སྔོན་གྱི་ཆོ་ག་ཡལ་ལམ་ཅི། །འཇིག་རྟེན་སྡུག་བསྔལ་མི་ཤེས་བསམ། །སྙིང་རྗེས་ས་ལ་བབས་ནས་ཀྱང་། །འཇིག་རྟེན་སྡུག་བསྔལ་བསལ་བར་རིག །གསང་བདག་རྡོ་རྗེ་འཛིན་པ་ཡིས། །ཐོག་མ་ཐ་མ་མེད་པ་རུ། །བསྐུལ་བའི་དུས་ནི་གར་བྱུར་པར། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །གདུང་བ་བསལ་བར་ཞལ་གྱིས་བཞེས། །དེ་ནས་གསང་བདག་ཕྱག་རྡོར་ནི། །དྲག་ཤུལ་ཅན་ནི་བྱ་བའི་རི། །གནོད་སྦྱིན་འདུ་བའི་ས་ཡིན་ཏེ། །ཆོས་འཛིན་རིགས་ཀྱིས་བསྒྲུབ་གནས་སུ། །ཐུགས་རྗེའི་ས་ལ་མངོན་སྲོལ་གཤེགས། །ས་རྣམས་ཡོངས་སུ་གཡོས་འགྱུར་ཏེ། །དེ་ཚེ་དམ་པའི་རིགས་ཅན་རྣམས། །དགའ་བ་དང་བཅས་ཐེ་ཚོམ་སྐྱེས། །སྤྲོས་པ་ཆེན་པོས་དྲི་བ་དྲིས། །ཨེ་མ་ངོ་མཚད་རྨད་རེ་ཆེ། །སྐྱེས་བུ་ཆེན་པོ་ཁྱེད་སུ་ཞིག །གང་ནས་བྱོན་ཏེ་གང་ལྟར་བྱོན། །གང་ལ་བརྟེན་ནས་གང་དུ་བྱོན། །དོན་གྱི་ཕྱེད་ཀ་ཅི་ཞིག་དྲིས། །ཆོ་འཕྲུལ་ཆེན་པོའི་འདི་སྐད་གསུངས། །ང་ནི་ཅིག་ཀྱང་མི་སྤྱོད་དེ། །མི་འཁྲུགས་རྡོ་རྗེ་སེམས་དཔའ་ཡིན། །སྙིང་རྗེས་གཡོ་ཞིང་བསྐྱོད་པ་ན། །སྲིད་པ་གསུམ་གྱི་གཉེན་གཅིག་པོ། །སྟོང་པ་ཆེན་པོ་ང་ཡི་ཡུལ། །རྡོ་རྗེ་རིགས་ཆེན་ང་ཡི་གདུང་། །ཕ་ནི་ཐབས་མཆོག་དཔག་ཏུ་མེད། །མ་ནི་ཤེས་རབ་བརྗོད་ལས་འདས། །ཐོག་མ་ཐ་མ་མེད་པའི་ཚེ། །མུན་སྣང་གཉིས་ཀྱིས་ཁམས་འདིར་འོངས། །ང་ནི་ཐབས་ཀྱིས་གཉེན་པ་མཁན། །འཁོར་བའི་ཆུ་བོ་མཐའ་མེད་ལས། །སྲིད་གསུམ་བསྒྲལ་བར་དམ་བཅས་ཀྱིས། །ཐར་བར་འདོད་པ་ལམ་འདིར་ཤོག །ང་ནི་ཐབས་ཀྱི་མིག་མཁན་ཏེ། །འཇིག་རྟེན་ལོངས་པ་དཔག་མེད་རྣམས། །ལིག་ཐོག་བསལ་བར་དམ་བཅས་ཀྱིས། །གང་ཞིག་མཐོ་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྨན་པ་སྟེ། །གྲོང་ཁྱེར་གསུམ་གྱི་ནད་པ་རྣམས། །གཅོང་སྙིང་སྦྱང་བར་དམ་བཅས་ཀྱིས། །གང་ཞིག་བདེ་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ས་མཁན་སྟེ། །འགྲོ་བ་ལམ་ལོག་ལམ་གཏོར་རྣམས། །མ་ནོར་ཁྲིད་པར་དམ་བཅས་ཀྱིས། །ཡང་དག་ལམ་འདོད་ལམ་འདིར་ཤོག །ང་ནི་ཐུགས་རྗེ་སྤྱན་རས་མཁན། །འཁོར་བའི་དགྲ་དཔུང་འཇིགས་པ་ལས། །ཐམས་ཅད་སྐྱབས་པར་དམ་བཅས་ཀྱིས། །འཇིགས་དང་བྲལ་འདོད་ལམ་འདིར་ཤོག །ང་ནི་རྡོ་རྗེ་རྫོངས་ཆེན་ཏེ། །འཁོར་བའི་གཡུལ་ཆེན་དམག་དཔུང་ལས། །འགྲོ་བའི་འཁྲ་སར་དམ་བཅས་ཀྱིས། །གང་ཞིག་འཁར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ཚོང་དཔོན་ཏེ། །འདོད་པ་རྒྱ་མཚོ་མི་ངོམས་རྣམས། །གཏེར་ཆེན་སྦྱིན་པར་དམ་བཅས་ཀྱིས། །གང་ཞིག་གཏེར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྒྲོན་མ་སྟེ། །མུན་ནག་སྨག་རུམ་འཁྱམས་པ་རྣམས། །མུན་ནག་བསལ་བར་དམ་བཅས་ཀྱིས། །གང་ཞིག་སྣང་འདོད་ལམ་འདིར་ཤོག །ང་ནི་ཡིད་བཞིན་ནོར་བུ་སྟེ། །གང་དག་ཡིད་བཞིན་འདོད་པ་རྣམས། །ཡིད་བཞིན་བསྐྱང་བར་དམ་བཅས་ཀྱིས། །ལྷུན་གྱིས་གྲུབ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡི་ལྡེ་མིག་སྟེ། །བཀའ་སྒྲོམས་ཐ་རམ་གསང་བ་རྣམས། །རྣམ་པར་འབྱེད་པར་དམ་བཅས་ཀྱིས། །གང་ཞིག་གྲོལ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡི་འགྲེལ་པ་སྟེ། །གསུང་གི་གླེགས་བམ་ཟབ་མོ་རྣམས། །ངེས་པར་དགྲོལ་བར་དམ་བཅས་ཀྱིས། །གང་ཟག་ཤེས་འདོད་ལམ་འདིར་ཤོག །ཅེས་སོགས་གསུངས་པས། །སྔོན་དུ་བྱུང་བས་རིགས་ཅན་རྣམས། །མཆོག་ཏུ་དགའ་བ་ཆེར་བསྐྱེས་ཏེ། །དགའ་མགུ་རངས་པའི་བསམ་པ་ཡིས། །ལུས་བཏུད་གུས་སྦྱར་སྤྱན་སྔར་འདུག །གསང་བའི་བདག་པོ་བཀའ་སྩལ་པ། །སེམས་ཀྱི་དཀྱིལ་འཁོར་དེ་བཞིན་ཉིད། །ནམ་མཁའ་བཞིན་ཏུ་ནུབ་པ་མེད། །རང་བཞིན་ཡེ་ནས་འོད་གསལ་བས། །དེ་ལ་གང་སྒྲིབ་དེ་ཉིད་སེལ། །ཞེས་པ་ལ་སོགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལ་སོགས་པ་མདོ་སྔ་མ་བདུན་དང་། ཕྱི་མ་བདུན་ལ་སོགས་པ་རྣམས་གསུངས་པས། ལྷ་ལ་ཚངས་པ། ཀླུ་ལ་འཇོགས་པོ། །གནོད་སྦྱིན་ལ་སྐར་མདའ་ལྟུང་། །སྲིན་པོ་ལ་བློ་གྲོས་ཐབས་ལྡན། མི་ལ་དགེ་སྙེན་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་སྟེ། དམ་པའི་རིགས་ཅན་ལྔས་ཤེས་བྱའི་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་རྟོགས་ནས། ཚེ་གཅིག་ལུས་ཅིག་ལ་སངས་རྒྱས་སོ། །གཞན་ཡང་རྒྱ་གར་དང་། བོད་ཀྱི་གང་ཟག་མང་པོ་སྨིན་ཅིང་གྲོལ་ཏེ་ལྷག་མེད་དུ་སངས་རྒྱས་པ་ལ་སོགས་བསམ་གྱིས་མི་ཁྱབ་པའོ། །དེ་ལྟ་བུའི་ཆོས་ཟབ་མོ་འདི་དང་མཇལ་བ་ནི་ངོ་མཚར་ཤིན་ཏུ་ཆེའོ་སྙམ་པའི་དགའ་སྤྲོ་ཆེན་པོ་མཛད་པར་ཞུ། །མན་ངག་རྫོགས་པ་ཆེན་པོའི་ཆོས་བྱུང་་ཚུལ་ནི། ལྷ་ཡུལ་དུ་ཀུན་དགའ་སྙིང་པོ་ལ་རྨི་བལྟས་རྣམ་པ་བཞི་བྱུང་ནས། ཕྱོགས་བཅུའི་སངས་རྒྱས་ལ་གསོལ་བ་བཏབ་པས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་བསྐུལ། རྡོ་རྗེ་སེམས་དཔའ་གཟུགས་མེད་ཁམས་ཀྱི་ལྷ་མང་པོ་དང་། །གཟུགས་ཁམས་ཀྱི་ལྷ་མང་པོ་དང་། །འདོད་ཁམས་ཀྱིས་ལྷ་མང་པོ་དང་། །མི་ལ་སྤྲུལ་སྐུ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲི་སིང་ཧ། པདྨ་འབྱུང་གནས། བི་མ་ལ་མི་ཏྲ། བཻ་རོ་ཙ་ན་ལ་སོགས་པ་རྣམས་ལ། རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བས། རྟོགས་གྲོལ་ཐར་པ་དུས་མཉམ་དུ་སངས་རྒྱས་སོ། །གཞན་ཡང་། རྒྱ་གར་དང་བོད་ཀྱི་གང་ཟག་བསམ་གྱིས་མི་ཁྱབ་པ་རྣམས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ལ་སོགས་གཞལ་ལས་འདས་སོ། །དེ་ལྟ་བུའི་ཆོས་དང་ཕྲད་པ་ཀུན། ཚེ་རབས་སྔོ ན་གྱི་བསོད་ནམས་བསགས་པའི་མཐུ་དང་། བླ་མ་རིན་པོ་ཆེའི་བྱིན་བརླབས་ལས་བྱུང་བ་ཡིན་པས། །དགའ་སྤྲོ་ཆེན་པོ་མཛད་པར་ཞུ། །དེ་ནི་ཟབ་མོའི་ཆོས་བཤད་པའོ། །བཅུ་གཅིག་པ་སྦྱིན་བསྲེག་སྟ་གོན་ནི། སློབ་མ་ཀུན་གྱི་རྨི་ལམ་ངན་ན་དྲག་པོའི་སྦྱིན་བསྲེག་བྱེད་དོ། །ཆོ་ག་ཟུར་ན་ཡོད་དོ། །གསུམ་པ་དངོས་གཞི་ལ་བཞི་སྟེ། །ཕྱི་དབང་གི་ཆུ་བོ་དང་། །ནང་དབང་གི་ཆུ་བོ་དང་། བསྒྲུབ་དབང་གི་ཆུ་བོ་དང་། མན་ངག་གི་ཆུ་བོའོ། །དང་པོ་ལ། ཡོ་ག་ལ་སོགས་པ་ཐེག་པ་དྲུག་ལ། ཕྱི་དབང་བརྒྱུད་ཀྱི་ཆུ་བོ་བྱ། ཞེས་གསུངས་པས། དྲུག་སྟེ། ལྷ་མིའི་དབང་དང་། ཉན་ཐོས་ཀྱི་དབང་དང་། རང་སངས་རྒྱས་ཀྱི་དབང་དང་། བྱང་ཆུབ་སེམས་དཔའི་དབང་དང་། བྱ་བའི་རྒྱུད་ཀྱི་དབང་དང་། རྣལ་འབྱོར་རྒྱུད་ཀྱི་དབང་ངོ་། དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ནི། རྡོ་རྗེ་ལས་རིམ་ལས། ཚང་ཐིག་དང་། ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་བསྲེག་ཅེས་གསུང་པས། །དཀྱིལ་འཁོར་བྲི་བའི་ས་སྟེགས་ལ་ཆ་བཞི་བསྒོ་སྟེ། །ཤར་ལྷོ་ལྷ་མིའི་དཀྱིལ་འཁོར་གྱིས་ཚད། །ལྷོ་ནུབ་ཏུ་ཉན་ཐོས་ཀྱི་དཀྱིལ་འཁོར་གྱི་ཚད་ནུབ་བྱང་ཏུ་རང་སངས་རྒྱས་ཀྱི་དཀྱིལ་འཁོར་ཚད། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་གྱི་ཚད་ལེགས་པར་གཞལ་ལ། །དྲི་བཟང་གི་ཆག་ཆག་གདབ་པོ། །ཐིག་སྐུད་ཚད་དང་ལྡན་པས། །ཤར་ནུབ་ཚངས་ཐིག་དྲང་པོར་གདབ། །ཚངས་ཕྱེད་ཅི་རིགས་ལྷག་པ་ཡི། །ཚངས་པའི་རྩེ་ནས་ཉིས་ཐིག་བཙལ། །དེ་སྟེངས་ཚངས་ཐིག་གཉིས་པ་གདབ། །ཚངས་རྩེ་བཞི་ནས་ཟུར་བཞི་རུ། །བྱ་རྗེས་བཙལ་ནས་ཟུར་ཐིག་གདབ། །ཇི་ལྟར་རིགས་པའི་ཕྱག་ལེན་གྱིས། །ཆ་ཆེན་ཉི་ཤུ་ལེགས་པར་གདབས། །དེ་ནས་ཆ་བྲན་གདབ་པ་ནི། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞི་མཉམ་དུ་གདབ། །མཆོག་རབ་སྟེང་དུ་འདབ་བཞི་དང་། །གསུམ་པ་བཞི་པ་དོར་བྱར་བྱ། །གསེར་རི་བདུན་དང་རོལ་མཚོ་བདུན། །གླིང་བཞི་གླིང་ཕྲན་འཁོར་ཡུག་ས། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་ཡིས། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །དྲ་བ་ཤར་བུ་མདའ་ཡབ་ཡིན། །བདུན་པ་ཆ་བཞི་མཉམ་དུ་གདབ། །གླང་གུར་རྟ་བབས་བང་རིམ་བཞི། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །པདྨ་ཆོས་འཁོར་གདུགས་ཡིན་ནོ། །དགུ་པ་དབུས་དོར་མཐའ་གཉིས་གདབ། །གདུགས་ཏོག་པད་འདབ་རྡོ་རྗེ་རྭ། །བཅུ་པ་མེ་རི་འབར་བ་བྲི། །དེ་ནས་མུ་ཁྱུད་བསྐོར་བ་ནི། །ཆ་ཆེན་གཅིག་ནས་ལྟེ་བ་བསྐོར། །ཆ་ཆེན་གཉིས་ནས་འདབ་བཞི་བསྐོར། །གདུགས་ཏོག་རྩེ་ནས་པདྨ་བསྐོར། །ཕྱི་ཡི་ཆ་བྲན་རྡོོ་ར་ཡིན། །ཆ་ཆེན་བཅུ་པ་མེ་རི་བསྐོར། །དེ་ནས་ཚོན་གྱིས་བྲི་བ་ནི། །ལྟེ་བ་དཀར་པོ་འདབ་མ་བཞི། །ཕྱོགས་མདོག་མཚམས་བཞི་མཛེས་མཚོན་ནོ། །རི་བོ་མཆོག་རབ་ཤར་ཕྱོགས་དཀར། །ལྷོ་སྔོ་ནུབ་དམར་བྱང་སེར་པོ། རི་བདུན་སེར་ལ་མཚོ་བདུན་སྔོ། །ལྷ་རྣམས་མཆོག་རབ་ཁ་དོག་ལ། །ཆུ་ཡི་རི་མོ་གསལ་བར་བྲི། །དེ་སྟེང་གླིང་བཞི་གླིང་ཕྲན་བརྒྱད། །ཅི་རིགས་མཚམས་པ་ལེགས་པར་བྲི། །ལྕགས་རི་སྔོན་པོ་རྩིགས་པ་ནི། །དཀར་པོ་སྔོན་པོ་སེར་དམར་ལྗང་། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲ་གདན་གནག་ལ་དྲ་བ་ཕྱེད། །དམར་དང་དཀར་པོས་ལེགས་པར་བྲི། །ཤར་གདན་དམར་ལ་ཤར་བུ་དཀར། །མདའ་ཡབ་དཀར་པོ་རྩེ་བྲན་གཟུགས། །མུན་པ་ནག་པོ་ཀ་བ་ནི། །ཕྱོགས་མདོག་ཀ་བརྒྱན་དེ་ལས་བཟློག །རྟ་བབས་པདྨ་རྩིགས་པར་མཚུངས། །ཆོས་འཁོར་རི་དྭགས་གསེར་པོ་བྱེད། །གདུགས་ཤམ་དམར་ལ་གདུགས་ཏོག་དཀར། །ཕྱོགས་བཞི་རྡོ་རྗེ་ཕྱོགས་ཚོན་བྱེད། །པད་རྡོར་མེ་རི་སྤྱི་དང་མཐུན། །མངོན་རྟོགས་བཞིན་དུ་ལྷ་ཚོན་ནི། །སྐུ་གསུང་ཐུགས་ཀྱི་རྣམ་པ་དགོད། །ཆད་ལྷག་བསལ་ཞིང་ཞལ་གསོས་མཆོད། །མཆོད་ཡོན་ལ་སོགས་ཕྱི་མཆོད་དང་། །གཏོར་སོགས་བཤམས་པ་གོང་དང་མཐུན། །དེ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རྣམ་རྒྱལ་བུམ་པ་དང་། ལས་བུམ་ཆས་དང་ལྡན་པ་གང་བདེར་བཤམ། དབང་རྫས་ལ་ཇི་ལྟར་དགོས་པའི་སྐུའི་རྟེན་ཙ་ཀ་ལི་ལ་སོགས་པ་ཡང་བཤམ་མོ། །གསུང་རྟེན་བོད་ཀྱི་ཀ་ཁ་སོགས་དང་། ཐུགས་རྟེན་མཆེད་ལྕམ་གྱི་གྲངས་དང་མཉམ་པའི་ཚ་ཚ་དཀར་པོ་རྣམས་དགོད། དེ་ནས་དཔོན་སློབ་རྣམས་གདན་ལ་བཞུགས་ཤིང་། དཀར་གཏོར་ཆ་བཞི་ལ་ཆབ་བྲན་ནས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བསྔོ་བའམ། ཡང་ན་དཀར་གཏོར་ཅིག་བཤམས་ལ་ཆབ་ཀྱིས་བྲན་ཞིང་། །ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨྨ་སྭ་བྷཱ་ཝ་ཤུད་དྷོ་ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཞིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དངས་ཤིང་ཐོགས་པ་མེད་པ། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨརྱ་ནུད་པནྣ་ཏྭ་ཏ་བྷུ་མཱི་པ་ཏི་ས་པ་རི་ཝ་ར་ན་མ་སརྦ་ཏ་ཐ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུརྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྷྲིཧྞ་ད་ན་བ་ལིཾ་ཏེ་སྭཱཧཱ། ༀ་བཛྲ་ཨརྒཾ་པྲ་ཏིཙྪ་ཡེ་སྭཧཱ། པཱ་ཏྱཾ་པྲ་ཏིཙྪ་ཡེ་སྭཱཧཱ། པུཥྤེ་སྭཱཧཱ། དྷུ་པེ་སྭཧཱ། དི་པཾ་སྭཱཧཱ། གན་དྷཾ་སྭཧཱ། ནེ་ཝེ་ཏེ་སྭཧཱ། ཤཔྡ་སྭཱ་ཧཱ། ས་ལ་རྒྱུ་བའི་ལྷ་ཀུན་དང་། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་སུ་གནས་པར་མཛོད། །ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ། །དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས། དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་འཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་སུ་གྱུར་པ། དཀྱིལ་འཁོར་ལྟ་བར་མ་དབང་པའི་བགེགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདིས་ཚིམས་པར་གྱིས་ལ་བདག་གི་བྱ་བ་མ་གྲུབ་ཀྱི་བར་དུ་འདིར་མ་གནས་པར་གཞན་དུ་སོང་ཤིག །ༀ་བཛྲ་ཡཀྴ་ཧཱུཾ་གིས་བགེགས་བསྐྲད། །ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་ཛྭ་ལ༴ །ༀ་སྭ་བྷ་ཝ་ཤུདྡྷ༴ སྟོང་པའི་ངང་ལས། ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་དངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པ་གྱུར། ༀ་ཨརྒཾ་པྲ་ཏིཙྪ་ཡེ་སྭཱཧཱ། ཨོཾ་པཱ་ཏྱཾ་པྲ་ཏིཙྪ་ཡེ་སྭཧཱ། ༀ་བཛྲ་པུཥྤེ་ཨ་ཧཱུཾ། ༀ་བཛྲ་དྷུ་པེ། ༀ་བཛྲ་ཨ་ལོ །ༀ་བཛྲ་གྷནྡྷེ། ༀ་བཛྲ་ནེ་ཝཻ་ཏེ། ༀ་བཛྲ་ཤཔྡ་ཨཿཧཱུཾ། ༀ་བཛྲ་གཎྜ་རཱ་ཎི་ཏ། པྲ་རཱ་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུད་དྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མ་ཏི། ནཱ་ད་སཾ་བྷ། ཝེ་ཏ། བཛྲ་དྷརྨྨ་ཧྲི་དཱ་ཡ་སནྟོ། ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོཿཨ་ཁཾ་སྭཱཧཱ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་གཟུང་སྟེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ ཡི་དམ་དཀྱིལ་འཁོར་ཀྱི་ལྷ་ཚོགས་རྣམས་ལ༴ མཁའ་འགྲོ་ཆོས་སྐྱོང་རྣམས་ལ༴ གསུམ་ལ་སོགས་བརྗོད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་ཐོབ་པ་བྱ། དེའི་ཆེད་དུ་ལྷ་མིའི་བསྒོམ་བཟླས་ཀྱི་རིམ་པ་དབང་དང་བཅས་པ་ལ་འཇུག་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །དེ་ནས་བདག་བསྐྱེད་ནི། ༀ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨྨ་སྭ་བྷཱ་ཝ་ཤུདྷོ྅་ཧོ། །སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི། བརྒྱན་རྟ་བབས་དང་བཅས་པའི་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་པོའི་སྟེང་དུ། པདྨ་འདབ་བཞི་ཕྱོགས་མདོག་གི་དབུས་སུ་ལྟེ་བ་ཆ་བཞིར་གྱུར་པའི་ཤར་ལྷོར་བདག་ཉིད་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། ལྷོ་ནུབ་ཏུ་ཤཱཀྱ་ཐུབ་པ་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ནུབ་བྱང་དུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་བཞག་གིས་ཕྱག་རྒྱ་མཛད་པ། བྱང་ཤར་དུ་སྨན་པའི་ལྷ་སྔོན་གཡས་མཆོག་སྦྱིན་གྱིས་ཨ་རུ་ར་བསྣམས་པ། །གཡོན་མཉམ་བཞག་གི་སྟེང་དུ་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ་བཞི་ཀའང་ཞབས་རྡོ་རྗེའི་དཀྱིལ་མོ་དཀྲུང་གིས་བཞུགས་པ། ཤར་གྱི་པད་འདབ་ལ་ཡུལ་འཁོར་བསྲུངས་དཀར་པོ་པི་ཝཾ་བསྣམས་པ། ལྷོའི་པད་འདབ་ལ་འཕགས་སྐྱེས་པོ་སྔོན་པོ་བེ་ཅོན་རལ་གྲི་བསྣམས་པ། ནུབ་ཀྱིས་པད་འདབ་ལ་སྤྱན་མི་བཟང་དམར་སྨུག །མཆོད་རྟེན་དང་སྦྲུལ་ཞགས་བསྣམས་པ། བྱང་གི་པད་འདབ་ལ་རྣམ་ཐོས་སྲས་ལྗང་ཁུ་རྒྱལ་མཚན་དང་ནེའུ་ལེ་འཛིན་པ། དེའི་ཕྱི་རོལ་དུ་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་ལ་རང་རང་གི་ལྷ་རྣམས་མོས་པ་ཙམ་བྱ། དེའི་ཕྱི་རོལ་དུ་གླིང་བཞི་གླིང་བྲན་བརྒྱད་ཀྱི་ཤར་ལུས་འཕགས་པོར་ལྷའི་དབང་པོ་བརྒྱ་བྱིན་ཡབ་ཡུམ་གླིང་བྲན་གཉིས་ལ། མངག་གཞུག་ཕོ་ཉ་དང་བཅས་པ། །ལྷོ་འཛམ་བུ་གླིང་དུ་ཚངས་པ་ཡབ་ཡུམ། །གླིང་བྲན་གཉིས་ལ་མངག་གཞུག །ཕོ་ཉ་དང་བཅས་པ། ནུབ་བ་གླང་སྤྱོད་དུ་ལྷ་ཁྱབ་འཇུག་ཡབ་ཡུམ། གླིང་བྲན་གཉིས་ལ་ཕོ་ཉ་མངག་གཞུགས་དང་བཅས་པ། བྱང་སྒྲ་མི་སྙན་དུ་ལྷ་དབང་ཕྱུག་ཆེན་པོ་ཡབ་ཡུམ། གླིང་བྲན་གཉིས་ལ་ཕོ་ཉ་མངག་གཞུག་དང་བཅས་པ་བསྒོམ། གཞན་ཡང་སྟོང་གསུམ་བྱེ་བ་ཕྲག་བརྒྱའི་རྟེན་དང་བརྟེན་པ་རྣམས་མོས་པ་ཙམ་བྱའོ། །དེ་ལ་ཡེ་ཤེས་པ་སྙན་གསན་དབབ། །སྤྱན་དྲངས་བཞུགས་སུ་གསོལ། ཕྱག་འཚལ་མཆོད་པ་འབུལ་བ་རྣམས་ཅི་རིགས་པར་བྱ། བསྟོད་པ་ནི། སྣང་སྟོང་རྡོ་རྗེ་ནམ་མཁའི་སྐུ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་རྣམས་འཇོམས། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོགས་ཡེ་ཤེས་ངོ་བོ་ཉིད། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། བཻཌཱུ་རྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཧཱུཾ། ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་བསྲུངས། །ཞི་བའི་འཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར། །ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝཾ་བསྣམས། །ཤར་ཕྱོགས་དྲི་ཟའི་ཚོགས་འདུལ་ཕྱག་འཚལ་བསྟོད། །ཧཱུཾ་ལྷོ་ཕྱོགས་རྒྱལ་ཆེན་འཕགས་སྐྱེས་པོ། །མངོན་སྤྱོད་ཚུལ་གྱིས་འགྲོ་དོན་སྐུ་མདོག་སྔོ། །དུག་གསུམ་འཇོམས་མཛད་བེ་ཅོན་རལ་གྲི་བསྣམས། །ལྷོ་ཕྱོགས་གཤིན་རྗེ་ཚོགས་འདུལ་ཕྱག་འཚལ་བསྟོད། །ཧཱུཾ། ནུབ་ཕྱོགས་རྒྱལ་ཆེན་སྤྱན་མི་བཟང་། སྐུ་མདོག་དམར་སྨུག་དབང་ལྡན་འཇིགས་པའི་སྐུ། །བསོད་ནམས་ཚོགས་རྫོགས་རིན་ཆེན་སྦྲུལ་ཞགས་བསྣམས། །ནུབ་ཕྱོགས་ཀླུ་དབང་ཚོགས་འདུལ་ཕྱག་འཚལ་བསྟོད། །ཧཱུཾ་བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས། །ཆེ་བའི་ཡོན་ཏན་མཐར་ཕྱིན་ལྗང་ཁུར་ལྡན། །རིན་ཆེན་གཏེར་ལྡན་བེ་ཅོན་ནེའུ་ལེ་བསྣམས། །བྱང་ཕྱོགས་གནོད་སྦྱིན་ཚོགས་འདུལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བསྟུད་པ་ནི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །དེ་ནས་བསྙེན་པ་ནི། རྣམ་སྣང་། ཤཱཀྱ་ཐུབ། །མཐའ་ཡས། སྨན་བླའི་སྙིང་པོ་རྣམས་ཅི་རིགས་པར་བསྙེན། དེ་ནས་བུམ་བསྐྱེད་ནི། ༀ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་ལ་སོགས་བདག་བསྐྱེད་ལྟར་བསྙེན་པ་ཡན་ཆད་ལ་བར་སྐབས་ཀྱི་འདོན་པ་བསྒྱུར་རོ། །དེ་ནས་མདུན་བསྐྱེད་ནི། ༀ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས། བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་སོགས་བདག་བསྐྱེད་ལྟར་བསྙེན་པ་ཡན་ཆད་ལ་བར་སྐབས་ཀྱི་འདོན་པ་བསྒྱུར་རོ། །ཡེ་དྷརྨ་བརྗོད་ཅིང་། རབ་གནས་བྱེད། གྲུབ་ན་སྦྱིན་བསྲེག་ཀྱང་ཅི་རིགས་པར་བྱའོ། །གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ། ལས་རིམ་ལས། འཇུག་པ་དང་། ཡོན་ཏན་རྣམ་བཅུ་རྒྱས་ཤེས་བྱ། ཞེས་པས་གཉིས་ཏེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། །སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་སྟེ། དཀྱིལ་འཁོར་དུ་འཇུག་པ་དང་དབང་ལེན་པའོ། །དང་པོ་ལ། ལས་རིམ་ལས། དབང་ཕྱུག་འཇུག་དང་། བཟོད་གསོལ་དང་། ཞེས་པས་གཉིས་ཏེ། འཇུག་པ་དང་། བཟོད་པར་གསོལ་བའོ། །དང་པོ་ནི། བསྡུས་པ་ལྟར་ན། དབང་ཕྱུག་གིས་སྙིམ་པར་མེ་ཏོག་གི་ཕྲེང་བ་ཐོགས་ལ། །དཀྱིལ་འཁོར་གྱི་ཤར་སྒོར་གུས་པས་འདུག་སྟེ། དཀྱིལ་འཁོར་དེ་ཉིད་འོག་མིན་གྱིས་གནས་རྟེན་དང་བརྟེན་པར་བཅས་པ་དམིགས་ལ། ༀ་བཛྲ་ས་མ་ཡཱ་ༀ། ཨཱཾཿ བཛྲ་ས་མ་ཡ་ཨཱཾཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭ་བཛྲ་ས་མ་ཡཱ་སྭ། ཧཱ་ཱབཛྲ་ས་མ་ཡ་ཧཱ། །ཞེས་རིག་པའི་མེ་ཏོག་དོར་བས། །སྔགས་བརྗོད་པའི་གོ་རིམ་བཞིན། །བདག་དཀྱིལ་འཁོར་གྱི་ལྷ་རྣམས་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དབྱེར་མེད་པར་བསམས་ལ། །ༀ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྨད་པོ་ཆེ། །ད་ལྟ་ཉིད་དུ་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་དངོས་གྲུབ་བསྐུལ་བས། །དཀྱིལ་འཁོར་གྱི་ལྷ་རྣམས་འོད་དུ་ཞུ་ནས། བདག་དབང་ཕྱུག་ལ་ཕོག་པས་དཀྱིལ་འཁོར་གྱི་ལྷ་དང་དགོངས་པ་ཐ་མི་དད་པར་མོས པས། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་ཧོ། །ཞེས་བརྗོད་པས་གོ་རིམ་བཞིན། །ཡེ་ཤེས་རྡོ་རྗེ་དམ་ཚིག་གི་དུས་ལ་བབ་བོ། དེའི་ངང་དུ་བསྡུས་ཤིག །དགྱེས་པར་མཛོད་ཅིག །ཅེས་པས་སྟེ་དེ་ལྟར་གནད་ནས་བསྐུལ་བ་ནི། དབང་ཕྱུག་དཀྱིལ་འཁོར་དུ་འཇུག་པའོ། །རྒྱས་པ་ལྟར་ན། སློབ་མ་དཀྱིལ་འཁོར་དུ་འཇུག་པ་ལྟར་བཅུ་དྲུག་གིས་འཇུག་གོ །གཉིས་པ་སློབ་བུ་འཇུག་པར་གསོལ་བ་གདབ་པ་ནི། ༀ་རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་བཞུགས་པར་བྱ། །ཞེས་བརྗོད་ཅིང་སྙིམ་པའི་མེ་ཏོག་དཀྱིལ་འཁོར་གྱི་ལྷ་ལ་དོར་བའི་བློ་དོར་བའི་ཚུལ་བྱས་པས། དེ་བཞིན་གཤེགས་པ་རྣམས་ཞལ་འཛུམ་པའི་མདངས་ཀྱིས། སློབ་བུ་དཀྱིལ་འཁོར་དུ་ཆུག་ཅིག །དབང་བཅོ་བརྒྱད་སྣོད་དང་མཚམས་པར་བསྐུར་བར་རིགས་སོ། ཞེས་སྣང་བ་ཐོབ་པར་མོས་པས་མེ་ཏོག་འཕྲེང་བ་སྦྱི་བོར་བཅིང་ངོ་། །གཉིས་པ་དབང་ལེན་པ་ནི། སློབ་མ་ལ་དབང་ཇི་ལྟར་བསྐུར་བ་བཞིན་ལེན་པར་བྱའོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། དཀྱིལ་འཁོར་དུ་ཞུགས་པ། དབང་བསྐུར་བའོ། །དང་པོ་ལ། ལས་རིམ་ལས། ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་བརླབས་དམ་ཚིགས་སྦྱིན། །དེ་ཉིད་འབོག་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་བསྟན་པ་དང་། །ཚོགས་མཆོད་ཡོན་དང་ངེས་པས་བཅུ་དྲུག་སྟེ །ཁྲུས་དང་། གདོང་གཡོགས་དང་། །དྲི་བ་དང་ལུས་འབུལ་བ་དང་། །བགེགས་བསྐྲད་པ་དང་། །ལྷར་བརླབས་པ་དང་། དམ་ཚིག་སྦྱིན་པ་དང་། །དམ་ཚིག་དབབ་པ་དང་། །ཆུ་ནན་བྱ་བ་དང་། །དམ་ཚིག་བསྒྲགས་པ་དང་། །མེ་ཏོག་དོར་བ་དང་། །ལྷ་དབབ་པདང་། །ལྷ་བསྒོམས་པ་ལ་ནན་ཏན་བྱ་དང་། མིག་དབྱེ་བ་དང་། དཀྱིལ་འཁོར་བསྟན་པ་དང་། ཚོགས་མཆོད་དང་་། ཡོན་འབུལ་བའོ། །དང་པོ་ནི་ལས་བུམ་གྱི་ཁྲུས་བྱེད་ཅིང་གོས་སར་པ་དང་ལྡན་པར་བྱའོ། །གཉིས་པ་མིག་དགབ་པ་ནི། །མ་རིག་པ་དང་འདོད་ཆགས་ཀྱི་དྲི་མས། གཉིས་མེད་ཀྱི་ཡེ་ཤེས་བསྒྲིབས་པའི་རྟགས་སུ་རས་སམ་དར་དམར་པོས་མིག་དགབ་ཅིང་། དར་ལ་སོགས་པ་ལ་བྱས་པའི་མེ་ཏོག་རིན་པོ་ཆེའམ་འབྲུའི་འཕྲིང་བ་ཅན་སྙིམ་པར་ཐོགས་ལ། །རྡོ་རྗེ་སེམས་གཙོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོ་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་ཞུགས་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཅེས་དཀྱིལ་འཁོར་དུ་ཆུག་པར་གསོལ་བ་ལན་གསུམ་གདབ་པོ། །གསུམ་པ་དྲི་བ་བྱེད་པ་ནི། དབང་ཕྱུག་གིས་བུ་ཁྱོད་ཅི་ལ་དགའ་བརྗོད། སློབ་བུ་རྣམས་ཀྱིས་བསྐལ་པ་བཟང་པོ་ལ་བདག་དགའོ་བརྗོད་དོ། །དབང་ཕྱུག་གམ། ལས་མཁན་གྱིས་རྡོ་རྗེའི་ཕྱེད་སློབ་བུ་རྣམས་ཀྱི་ལག་ཏུ་བྱིན་ལ། །བུ་ཁྱོད་ཚུར་ཤོག་ཅི་བདེ་བའི། །ལས་སྦྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱིས་རྡོ་རྗེ་གཟུངས། །རྫོགས་པའི་ཡེ་ཤེས་བདེ་ཆེན་དང་། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་བའི་དང་ཡིད་ཀྱིས། །སྟོང་ཞིང་རང་སེམས་བརྟན་པར་བཟུང་། །མདོ་སྒྱུ་ལྷ་མིའི་དཀྱིལ་འཁོར་ཟེར་སེམས་གསུམ་རྫོགས་དབང་བྱིན། །ཅེས་དབང་ཕྱུག་གི་མདུན་དུ་སློབ་བུ་རྣམས་དྲང་ངོ་། །བཞི་པ་ལུས་འབུལ་བ་ནི། སློབ་མ་རྣམ་ཀྱིས་ཐལ་མོ་སྦྱི་བོར་སྦྱར་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། འདས་པའི་སངས་རྒྱས་རྟོགས་པ་མངོན་དུ་གྱུར་པ་རྣམས་ལ་ལུས་འབུལ་བར་བགྱིའོ། །ༀ་སརྦ་བུདྡྷ་པཱུ་ཛསྠ་ན་ཡ་ཨརྨ་ནཾ་ནིརྻ་ད་ཡཱ་མི། །ཅེས་ཕྱག་འཚལ་ལོ། །ཡང་ཐལ་མོ་སྨིན་མཚམས་སུ་སྦྱར་ལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཐོབ་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར། ད་ལྟར་གྱི་སངས་རྒྱས་རྣམས་ལ་ལུས་འབུལ་བར་བགྱིའོ། ༀ་ཨ་ཙརྱ་པཱུ་ཛཔྠ་ན་ཡ་ཨརྨ་ནཾ་ནིརྱ་ཏ་ཡཱ་མི། ཅེས་ཕྱག་འཚལ་ལོ། །ཡང་ཐལ་མོ་སྙིང་ཁར་སྦྱར་ལ། སེམས་ཅན་ཐམས་ཅད་ཀྱི་དོན་མི་འདོར་ཅིང་མཐར་ཕྱིན་པར་བྱ་བའི་ཕྱིར། མ་འོངས་པའི་སངས་རྒྱས་ཐམས་ཅད་མ་ལུས་འབུལ་བར་བགྱིའོ། ༀ་ས་ག་ལ་ས་ཏ་པཱུ་ཛསྠ་ན་ཡ་ཨཏྨ་ནཾ་ནིརྱ་ཏ་ཡཱ་མི་ཞེས་ཕྱག་འཚལ་ལོ། །ལྔ་པ་ཚེ་མི་ཡར་བར་བྱ་བའི་ཕྱིར་བགེགས་བསྐྲད་པ་ནི། དབང་ཕྱུག་གི་ཐུགས་ཀའི་ས་བོན་ལས། ཡི་གེ་བྷྲུཾ་རེ་སློབ་མ་རྣམས་ཀྱི་བྱིན་བསླབས་འཕྲོས། བྷྲུཾ་བི་ཤྭ་བི་ཤུདྡྷེ་ཞེས་བརྗོད་པས། ཟླ་གམ་དམར་པོའི་གཞལ་ཡས་ཁང་གནམ་སྒོ་ཅིག་པ་སྒོ་ཁྱུད་ཅན་ཅིག་བསམ། དེའི་ནང་དུ་ཧཱུཾ་ཞེས་བརྗོད་པས། སློབ་མའི་ཚེའི་དངོས་པོ་ཐམས་ཅད་ཧཱུཾ་ལ་བསྡུ། །ༀ་བཛྲ་ཧཱུཾ་ཀ་ར་ཧཱུཾ་ཕཊ། ཞེས་བརྗོད་པས། ཧཱུཾ་ཀ་ར་སྔོན་པོ་ཚེའི་བུམ་པ་བསྣམས་པ་ཅིག་ཏུ་བསམ། ཟླ་གམ་གྱི་གནམ་སྒོ་ལ། ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུཾ་ཕཊ། ཅེས་བརྗོད་པས། ཁྲོ་བོ་མི་གཡོ་བ་ལྗང་ནག་རལ་གྲི་དང་སྡིགས་འཛུབ་ཅན་བསྐྱེད་ནས་སྒོ་བསྲུངས་བར་བསམས་ནས། ཡི་དམ་ལྷའི་ང་རྒྱལ་གྱིས། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཱུཧཱུཾ་ཧཱུཾ། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཧཱུཾཿ ཕཊ་ཕཊཿ ཧ་ལ་ཧ་ལ་ཧཱུཾ་ཕཊཿ ཛྭ་ལ་རྭ་ཾཛྭ་ལ་རྭ་ཾཛྭ་ལ་རཾ། ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པས། སློབ་བུ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཐམས་ཅད་བསྐྲད་པར་བསམ་ལ། ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་ཟག་པ་མེད་པ་ཟད་མི་ཤེས་པ་བརྒྱན་གྱི་འཁོར་ལོའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་བརླབས་ཀྱིས་འདིར་འདུས་པའི་སློབ་བུ་རྣམས་ལ་གནོད་ཅིང་འཚེ་བའི་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག་བྱེད་ཅིག །ༀ་སམྦྷ་ནི་སུམྦྷ་ཧཱུཾ་བརྗོད། དྲུག་པ་ལྷར་བརླབས་པ་ནི། རྡོ་རྗེ་སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ་གནས་པའི་དཔའ་མོ་འབྲུ་ལྔ་བསམ་ལ། སུ་ར་ཏྭ་སྟཾ། ཞེས་དཔའ་བོ་དཔའ་མོ་སྦྱར། ཨཉྫ་ལི་ཞེས་པས་བསྒོམ། བཛྲ་བནྡྷ་ཞེས་པས་ཕྱག་རྒྱ་བསྡམ། བདེན་པ་བརྗོད་པའི་རྗེས་ལ། སློབ་བུ་འདི་རྣམས་ཀྱི་རྒྱུད་ལ་ཡོད་པའི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་བསྒྲིབས་པ་དང་། ལྟ་བ་དམན་པའི་སྒྲིབས་པ་དང་། ཆོས་ཀྱི་འཕོངས་པའི་སྒྲིབ་པ་དང་། བག་ཆགས་ངན་པའི་སྒྲིབ་པ་ལ་སོགས་ཏེ། སྒྲིབ་པའི་ཕུང་པོ་ཇི་སྙེད་པ་ཐམས་ཅད། ཕྱག་རྒྱའི་འོད་ཟེར་འདིས་དྲལ་བར་གྱུར་ཅིག །བཛྲ་བ ནྡྷ་ཏྲཾ་ཐཱ། ཞེས་པའི་སྔགས་མང་དུ་བརྗོད་ཅིང་། ཕྱག་རྒྱ་སྤྲུགས་པས། འབྲུ་བཅུ་རིགས་ལྔ་ཡབ་ཡུམ་དུ་གྱུར་པས་སྦྱོར་བ་མཛད་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་པའི་འོད་ཟེར་གྱིས། སློབ་བུ་རྣམས་ཀྱི་སྒྲིབ་པ་མཐའ་དག་བསྲེགས་ཤིང་། ཧཱུཾ་ཀ་ར་དང་། མི་གཡོ་བ་ཡང་། འོད་དུ་ཞུ་ནས། སློབ་བུ་རྣམས་ཀྱི་རྣམ་ཤེས་དང་ཅིག་ཏུ་གྱུར་ཏེ་དངུལ་ཆུ་ཞུན་མ་ལྟ་བུར་གནས་པ་སྟེ། ཆོ་ག་གསུམ་གྱིས་རྣམ་སྣང་སྐུ་མདོག་དཀར་པོ་རྒྱན་དང་ཆ་ལུགས་དང་ལྡན་པ་བསྐྱེད་ལ། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། མི་བ སྐྱོད་པ། ༀ་མ་ཧཱ་ཨ་ད་རི་ཤ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། རྣམ་པར་སྣང་མཛད། ༀ་མ་ཧཱ་ཱཔྲ་ཏ་པྲ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། འོད་དཔག་མེད། ༀ་མ་ཧཱ་ཱས་མནྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ ྅་ཧཾ། རིན་ཆེན་འབྱུང་ལྡན། ༀ་མ་ཧཱ་ཀྲི་ཏ་ཨ་ནུ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། དོན་ཡོད་གྲུབ་པ་རྣམས་ཀྱིིས་དབུ་བརྒྱན། གནས་གསུམ་དུ་རྡོ་རྗེ་གཏུག་ཅིང་། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། བྱིན་གྱིས་བརླབས་པའི་རྟགས་སུ་དཔྲལ་བར་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་ༀ་གྱིས་མཚན་པ་འཛིན་པ། ༀ་སརྦ་ཏ་ཐཱ་ག་ཏ་ཝ་ཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧོ། མགྲིན་པར་གསུང་རྡོ་རྗེ་དམར་པོ་ཨཱཾཿ གྱིིས་མཚན་པ་འཛིན་པ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ ྅་ཧོ། སྙིང་ཁར་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་ཧཱུཾ་གིས་མཚན་པ་འཛིན་པ། རྡོ་རྗེ་གོ་ཆའི་ཕྱག་རྒྱས། བཛྲ་ཀ་ཝ་ཙི་རཀྵ་རཀྵ་ཞེས་རྡོ་རྗེའི་གོ་ཁྲབ་བཀོན། རྡོོ་རྗེ་བསྲུངས་པའི་ཕྱག་རྒྱ་དང་། ༀ་ཏྲུཾ་གྱིས་ཁྲོ་བོའི་རྡོ་རྗེ་གནོད་སྦྱིན་དང་། ཁྲོ་བོ་མི་འཆི་ཐལ་སྦྱོར་གཉིས་ཀྱིས་ལུས་ཀྱི་གནས་དྲུག་བསྲུངས་པར་བསྒོམ་མོ། །འདི་ནས་གསོ་སྦྱོང་སོགས་སྦྱིན་པས་ཆོག །བདུན་།བདུན་པ། བརྒྱདཔ། དགུ་པ། བཅུ་པ་གཞིའི་ཚབས་སུ་བསྙེན་གནས་སོ། ། པ་དམ་ཚིག་སྦྱིན་པ་ནི། །སློབ་བུ་རྣམས་ཀྱིས་ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཉེས་པར་མཛོད། །ཨ་ལ་ལ་སྟེ་དམ་ཚིག་བསྐོངས། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །མི་ཕྱེད་རྡོ་རྗེ་སྐུ་རང་བཞིན། །དེང་བདག་བྱིན་གྱིས་རླབས་ནས་ནི། །རྡོ་རྗེའི་སྐུ་རུ་མཛད་དུ་གསོལ། ཞེས་གསོལ་བ་གདབ། དབང་ཕྱུག་གིས་བནྡྷར་བདུད་རྩི་ཅུང་ཟད་བླུག་ལ། ༀ་ཨཱཿཧཱུཾ་ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིག་འབྲུ་གསུམ་གསལ་བར་བསྒོམས་ལ། །ༀ་བཛྲ་ཨ་མྲི་ཏ་ཧཱུཾ་ཧྲཱིཿཐཱ། ཞེས་པའི་སྔགས་ལན་གསུམ་གྱིས་བདུད་རྩིའི་ཆུར་བྱིན་གྱིས་རླབས་ནས། དབང་ཕྱུག་གི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་བདུད་རྩི་བླངས་ལ། སློབ་མ་རྣམས་ཀྱི་དཔྲལ་བར་ༀ་ཞེས་བརྗོད་ཅིང་། །ཐིག་ལེ་བྱས་ལ་ༀ་དཀར་པོ་བསམ། །དེ་ལས་འོད་དཀར་པོ་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་བརླབས་བསྡུས་ནས་དཔྲལ་བའི་ༀ་ལ་ཐིམ་པར་བསམ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་བྱིན་གྱིས་རླབས་པས། སློབ་བུས་དམ་ཚིག་ཐོབ་པར་བསམ། དེ་བཞིན་དུ། དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །མི་ཕྱེད་རྡོ་རྗེ་གསུང་རང་བཞིན། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེའི་གསུང་དུ་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པའི་སློབ་བུའི་མགྲིན་པར་ཐིག་ལེ་བྱས་པའི་ཨཱཾཿགི་འཕྲོ་འདུ་དང་། ཝ་ཀ་བཛྲའི་སྔགས་ཀྱིས་གསུང་གི་དམ་ཚིག་ཐོབ་པར་བསམ། །ཡང་དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །དེང་བདག་བྱིན་གྱིས་རླབས་ནས་ནི། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པའི་སློབ་བུའི་སྙིང་གར་ཐིག་ལེ་བྱས་པ་ཧཱུཾ་འཕྲོ་འདུ་དང་ཙིཏྟ་བཛྲའི་སྔགསཀྱི་ཐུགས་གྱི་དམ་ཚིག་ཐོབ་པར་བསམ་མོ། །བརྒྱད་པ་དམ་ཚིག་དབབ། དབང་ཕྱུག་གིས་སློབ་བུའི་སྙིང་གར་རྡོ་རྗེ་བཞག་ལ། སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པའི། །ང་ལ་བརྙས་དང་རྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟག་གནས་ཤིང་། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་བསྒོའོ། །དགུ་པ་ཆུ་ནན་བྱ་བ་ཙནྡན་དཀར་དམར་སྦྱར་བའི་ཆུ་ལ། ཆོ་ག་གསུམ་གྱིས་རྡོ་རྗེ་སེམས་དཔར་བསྐྱེད་ཅིང་། ཡེ་ཤེས་པ་བཅུག་པས་བདུད་རྩིར་ཞུ་བར་བསམས་ལ། ཐོག་མར་སྐྱོན་གྱི་སྒོ་ནས་ཆུ་ནན་བྱ་སྟེ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་བྱེད། །རྡོ་རྗེ་ཆུ་འདི་འཐུང་བར་གྱིས། བཛྲ་ཡཀྵ་ཧཱུཾ། ཞེས་བརྗོད་ཅིང་རྡོ་རྗེའི་ཆུ་བླངས་ལ། སློབ་བུའི་ལྕེ་ལ་ལན་གསུམ་བཞག་གོ །ཡོན་ཏན་གྱི་སྒོ་ནས་ནན་ཏན་བྱ་བ་ནི། འདི་ལྟ་བས་ན་བུ་ཁྱོད་གྱི། །དམ་ཚིག་འདི་དག་བསྲུངས་བར་བགྱིས། །དམ་ཚིག་བསྲུང་ན་དངོས་གྲུབ་པས། །རྡོ་རྗེ་བདུད་རྩི་ཆུ་འཐུང་ཞིག །ༀ་བཛྲ་ཨུཥྛ་ཀ་ཊ་ཧཱུཾ་ཐཱ། ཞེས་བརྗོད་ཅིང་། རྡོ་རྗེའི་ཆུ་བླངས་ལ། །ལན་གསུམ་སློབ་བུའི་ལྕེ་ལ་བཞག་གོ །སློབ་བུ་ཀུན་ལ་ཆུ་ནན་ཟིན་རྗེས་ཐོག་ཏུ་འདི་སྐད་བརྗོད་དོ། །དེ་ལྟར་བདུད་རྩིའི་ཆུ་དེ་ལྕེ་ལ་བཞག་ཀྱང་། བབ་པ་སྙིང་གི་དཀྱིལ་དུ་བབས་ནས། གལ་ཏེ་དམ་ཚིག་མ་བསྲུངས་ན། ཆུ་དེ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ་ལྕགས་གྱི་སྡིག་པ་མགོ་དགུ་པར་གྱུར་ནས། སྙིང་ཁྲག་ཞོ་བཞིན་འཇིབས་པས། ཚེ་ཐུང་ཞིང་ནད་མང་བ་དང་། ཚེ་ཕྱི་མ་དམྱལ་བའི་སྡུག་བསྔལ་གྱིས་ཉམས་ཐག་པར་འགྱུར་རོ། །དམ་ཚིག་བསྲུངས་ན་ཆུ་དེ་རྡོ་རྗེ་སེམས་དཔར་གྱུར་ནས། དེས་རྟག་ཏུ་བྱིན་གྱིས་རློབས་ཞིང་ཚེ་འདིར་ཡང་། དགེ་དགུ་དང་། སྨོན་བརྒྱད་དུ་གྱུར་ནས། །ནད་བཞི་བརྒྱ་རྩ་བཞི་དང་གདོན་སྟོང་ཕྲག་བརྒྱ་བཅུས་མི་ཚུགས་པ་དང་། ཕྱི་མར་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས། སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སུ། འདྲེན་པའི་དེད་དཔོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །བཅུ་པ་དམ་བསྒྲག་པ་ནི། དབང་ཕྱུག་གིས་ཕྱག་གཡས་པ་རྡ་ོརྗེ་དང་བཅས་པ་སློབ་བུ་རྣམས་ཀྱི་སྤྱི་བོར་བཞག་ལ། ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་གོས་པ་མེད་བགྱིས་ལ། འདོད་པ་ལྔ་ཡི་ཡོན་ཏན་སྤྱོད། གཞན་ཡང་སྟོང་ཁམས་ཐམས་ཅད་ན། །ཤེས་རབ་དབྱིངས་དང་འདོད་ཡོན་གཞན། །རབ་འབྲིང་ཐ་མས་ཐམས་ཅད་སྦྱོད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་ཞིག་དམ་ལ་གནོད། །བརྟུལ་ཞུགས་ཅན་གྱིས་དེ་གྲོངས་ལ། །ཁྲག་ཆེན་སྙིང་ལ་བཏུང་པར་གྱིས། །འདི་ལ་མི་བྱ་ཅུང་ཟད་མེད། །སེམས་ཉིད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལ་ཀུན་སྤྱོད་ཀྱང་། །པད་མ་ལ་ནི་འདམ་བཞིན་ཏེ། ། ཚུལ་ཁྲིམས་སྡོམ་པ་ཕུན་སུ་ཚོགས། །བྱ་དང་མི་བྱ་ཅུང་ཟད་མེད། །ཅེས་བརྗོད་དོ། །ལྷ་མིའི་དབང་འདི་དང་། །ཉན་ཐོས་ཀྱི་དབང་དང་། །རང་སངས་རྒྱས་ཀྱི་དབང་དང་། བྱང་ཆུབ་སེམས་དཔའི་དབང་རྣམས་ལ་དམ་ཚིག་སྦྱིན་པ་དང་། དམ་ཚིག་འབོག་པ་དང་། ཆུ་ནན་བྱ་བ་དང་དམ་ཚིག་སྒྲགས་པ་རྣམས་མི་དགོས། དེའི་ཚབ་ལ་གསོ་སྦྱོང་དང་བསྙེན་གནས་ཀྱི་སྡོམ་པ། དགེ་བསྙེན་དང་། དགེ་ཚུལ་གྱི་དང་། དགེ་སློང་གི་སྡོམ་པ། །སེམས་བསྐྱེད་ཀྱི་སྡོམ་པ་རྣམས་འབོག་གོ །བདུན་པ་དམ་ཚིག་སྦྱིན་པ་དང་། བརྒྱད་པ་དམ་ཚིག་དབོག་པ་དང་། དགུ་པ་ཆུ་ནན་བྱ་བ་དང་། བཅུ་པ་དམ་ཚིག་བསྒྲགས་པ་དང་བཞིའི་དོད་དུ་བསྙེན་གནས་ཀྱིས་སྡོམ་པ་འབོགས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བསྙེན་གནས་ཀྱི་སྡོམ་པ་ཞུས་ནས་ཉམས་སུ་ལེན་སྙམས་པའི་ཐུགས་དགོངས་དང་བཅས་པའི་སྒོ་ནས་ལད་མོ་མཛོད་ཅིག །བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱིས་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ༴ བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་བསྙེན་གནས་སུ་བཙུན་པས་བཟུང་དུ་གསོལ་ལོ། །ཞེས་ལན་གསུམ་བཟླས། ཐ་མ་ལ་སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད་དོ། །དེས་བསྡོམ་པ་ཐོབ་ནས་བསླབ་བྱ་ལ་བསླབ་སྙམས་པའི་མོས་པ་བགྱིས་ལ་རྗེས་བཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱིས་འཕགས་པ་དགྲ་བཅོམ་པ་དེ་དག་གི་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཟླ་བ་བྱུང་ངོ་ཅོག་གི་གནམ་སྟོང་ལ་སོགས་ལ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་བཟློག་བར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འ ཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་པོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གིས་མ་བྱིན་པར་ལེན་པ་དང་། མི་ཚངས་བ་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ། བག་མེད་པའི་གནས་དང་། གླུ་གར་དང་། རྩེད་འཇོ། རྒྱན་དང་ཁ་དོག་འཆང་བ་དང་། །མལ་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་དང་། །དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། །དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ། །བདག་མིང་འདི་ཞེས་བགྱི་བས་ཀྱང། །དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ། ཟླ་བ་བྱུང་ངོ་ཅོག་གི་གནམ་སྟོང་ལ་མ་བྱིན་པར་ལེན་པ་དང་། མི་ཚངས་པ་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རྩེད་འཇོ་དང་། རོལ་མོའི་སྒྲ་དང་འཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། བྱུག་པ་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། མལ་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤོངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་ཟློག་པར་བགྱིའོ ། །ཡན་ལག་བརྒྱད་པ་འདིས། བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་སླབ་པ་ལ་རྗེས་སུ་བསླབ་པོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད་དོ། །གནམ་སྟོང་གི་ལྷ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །གནམ་སྟོང་བསྲུངས་བས་བསྐལ་པ་སྟོང་གི་བར་དུ་མུ་གེའི་བསྐལ་པ་ལ་ཐར་བར་འགྱུར་རོ། །ཉའི་ལྷ་སྣང་བ་མཐའ་ཡས་ཡིན་ནོ། ཉ་བསྲུངས་པས་བསྐལ་པ་ཉི་ཁྲིའི་བར་དུ་ནད་ཀྱི་བསྐལ་པ་ལས་ཐར་རོ། །ཚེས་བརྒྱད་ཀྱི་ལྷ་སྨན་གྱི་ལྷ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་ཡིན་ནོ། །ཚེས་བརྒྱད་བསྲུངས་པས་བསྐལ་པ་ཉི་ཁྲིའི་བར་དུ་མཚོན་གྱི་བསྐལ་པ་ལས་ཐར་ནས་འཕྲུལ་དགའི་གནས་སུ་སྐྱེའོ། །གནམ་སྟོང་གི་ཉུ་ལེ་མ་ཚངས་པ་ཡིན་ནོ། །གནམ་སྟོང་གི་སྙིང་པོ། ཏདྱ་ཐཱ །ཨོཾ་མུ་ནེ་མུ་ནེ་མ་ཧཱ་ཱམུ་ནེ་ཡེ་སྭཱཧཱ། ཉའི་ཉུ་ལེ་མ་ཚངས་པ་ཡིན་ནོ། ཉའི་སྙིང་པོ། ༀ་པདྨ་དྷ་རི་ཧཱུཾ། །ཚེས་བརྒྱད་ཀྱི་ཉུ་ལེ་མ་རྒྱལ་བུ་ཐེའུ་ཚ་ཡིན་ནོ། །སྙིང་པོ་ནི། །ཏདྱཐཱ། ༀ་བྷེ་ཥ་ཛེ་བྷེ་ཥ་ཛེ་མ་ཧཱ་བྷེ་ཥ་ཛ། ས་མུངྒ་དེ་སྭཧཱ། གསོ་སྦྱོང་གི་སྡོམ་པ་ནི། གསོ་སྦྱོང་གི་སྡོམ་པ་ལེན་སྙམ་པའི་ཐུགས་བསྐྱེད་དང་ལྡན་པའི་སྒོ་ནས་ལད་མོ་མཛོད། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ་བྱ་བ་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་སྦྱོར་བ་ཡོངས་སུ་ཟད་པ། ལེགས་པར་རྣམ་པར་གྲོལ་བའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་ཕན་པར་བྱ་བའི་ཕྱིིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱ་བའི་ཕྱིར་དུ་གསོ་སྦྱོང་ངེས་པར་བྱ་བའི་ཕྱིར་དུ་གསོ་སྦྱོང་ངེས་པར་བྱས་པར་དེ་བཞིན་དུ། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་ནས་སང་ཉི་མ་མ་ཤར་བར་དུ་གསོ་སྦྱོང་གི་སྡོམ་པ་ལ་ངེས་པར་ལེགས་པར་གནས་པར་བགྱི་ལགས་སོ། །ལན་གསུམ་བརྗོད་བསླབ་བྱ་མི་ཉམས་པར་བསྲུངས་སྙམ་པའི་མོས་པ་དང་རྗེས་བཟློས་མཛོད། དེང་ནས་སྲོག་གཅོད་མི་བྱ་ཞིང་། གཞན་གྱི་ནོར་ཡང་བླང་མི་བྱ། འཁྲིག་པའི་ཆོས་ཀྱང་མི་སྦྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟན་པའི། །ཆང་ནི་ཡོངས་སུ་སྤངས་བར་བྱ། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་འཕྲེང་བ་དང་ནི་བརྒྱན། །གར་དང་གླུ་སོགས་སྤངས་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤངས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་འཁྲུག་འཇིག་རྟེན་འདིར། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །བྱང་ཆུབ་སེམས་དཔའི་གསོ་སྦྱོང་རང་གིས་བླང་བའི་ཆོ་ག་མདོ་ལས་བྱུང་བ་རྫོགས་སོ། །བཅུ་གཅིག་པ་མེ་ཏོག་དོར་བ་ནི། རང་རང་གི་མེ་ཏོག་འཕྲེང་བ་རང་གི་ཡི་དམ་དང་འབྲེལ་བ་བརྟག་པའི་དོན་དུ། དབང་ཕྱུག་གི་དྲུང་དུ། དབང་ཕྱུག་རིགས་ཐམས་ཅད་ཀྱི་བདག་པོར་མོས་པས། དབང་ཕྱུག་མངོན་པར་ཕྱོགས་ཏེ། །མེ་ཏོག་ལ་སོགས་རིན་ཆེན་འཕྲེང་། སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཐུགས་རྗེས་བཟུང་བར་དགོངས་ནས་ཀྱང་། གང་ཡིན་དེ་ལ་འབབ་གྱུར་ཅིག །ༀ་པྲ་ཏིཙྪ་བཛྲ་ཧོ༔། ཞེས་བརྗོད་ཅིང་། དབང་ཕྱུག་གིས་ཀྱང་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་ལྡན་པས་ཐུགས་ཀར་དྲིལ་བུ་དཀྲོལ་ཞིང་། སློབ་བུ་རྣམས་ཀྱང་། དྲིལ་བུའི་སྒྲ་ལ་གཏད་པ་ལ་མེ་ཏོག་གཏོར་ལ། །ཡི་དམ་གྱི་རིགས་ངོས་གཟུང་སྟེ། དབུ་དང་མཚམས་རྣམས་དེ་བཞིན་གཤེགས་པའི་རིགས། ལག་པ་གཡས་ཀྱི་ཆ་རྡོ་རྗེའི་རིགས་གཡོན་གྱི་ཆ་རིན་པོ་ཆེའི་རིགས། །རྐང་པ་གཡས་ཀྱི་ཆ་ལས་ཀྱི ས་རིགས། །གཡོན་གྱི་ཆ་པདྨའི་རིགས་ཡིན་པས། རང་གི་རིགས་ཡིད་ལ་མ་རྗེད་པར་བཟུང་ཤིག །ཅེས་བརྗོད་ཅིང་། མེ་ཏོག་འཕྲེང་བ་སྦྱི་བོར་བཅིང་ངོ་། །བཅུ་གཉིས་པ་ལྷ་དབབ་པ་ནི། སློབ་བུ་རྣམས་ཀྱིས་ལུས་བདེ་ལུགས་སུ་བསྲང་སྟེ། སྙིང་གི་ནང་དུ་ཆུ་ནན་གྱི་དུས་ཀྱི་ལྷ་གསལ་བར་བསྒོམས་ཞིང་། ཤེས་པ་སྐད་ཅིག་ཀྱང་མ་ཡེངས་པར་གྱིས་ཤིག་ཅེས་བགོས་ལ། དབང་ཕྱུག་གིས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས། ཧཱུཾ་བཛྲ་དྷྲིག་ས་མ་ཡ་སྟྭཾ། ལན་གསུམ་བརྗོད་པས། རྡོ་རྗེ་སེམས་དཔའ་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསམ་ལ། ལས་སློབ་རྣམས་ཀྱིས་སྤོས་དང་རོལ་མོའི་སྒྲ་སྦྱར་ཞིང་། དབང་ཕྱུག་གིས་ལྕགས་ཀྱུའི་ཕྱག་རྒྱས། ༀ་བཛྲ་ས་ཏྭ་ཛྙཱ་ན་ས་ཏྭ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོ་ས་མ་ཡ་སྟྭཾ་ཛཿཧཱུཾ་བཾ་ཧོཿ ཞེས་པ་འོག་མིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་རང་བཞིན་གྱི་རྡོ་རྗེ་སེམས་དཔའ་སློབ་བུ་རྣམས་ཀྱི་སྦྱི་བོར་སྦྱན་དྲངས་ལ། བདེན་པ་བརྗོད་པའི་རྗེས་སུ་ཡང་དབང་ཕྱུག་གི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པ། སློབ་བུ་འདིའི་ཙིཏྟའི་དཀྱིལ་འཁོར་དུ་ཡེ་ཤེས་སེམས་དཔའི་རང་བཞིན་དུ་ཞུགས་ནས། འཇིག་རྟེན་འདིའི་དགེ་དགུ་དང་། སྨོན་བརྒྱད་དུ་གྱུར་ནས། ཕྱི་མ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་ཅིག །གལ་ཏེ་དམ་ཚིག་ཉམས་ན་རྡོ་རྗེ་གནོད་སྦྱིན་དུ་གྱུར་ཏེ། སྲོག་རྩའི་ཁྲག་འཇིབ་པར་གྱུར་ཅིག །ཅེས་དམོད་བོར་ནས། པྲ་བེ་ཤ་ཕཊ་ཀྱིས་སློབ་བུའི་ལུས་དབྱེ། ཨ་བེ་ཤ་ཡ་ཨས། སྙིང་གི་དཀྱིལ་དུ་ཆུ་ནན་གྱི་ཆུ་དང་། གཉིས་སུ་མེད་པར་བསྟིམ་པར་བྱའོ། །བཅུ་གསུམ་པ་ལྷ་བསྒོམས་པ་ནན་ཏན་བྱ་བ་ནི། ལྷ་བསྒོམས་པ་དང་འབྲལ་དུ་མི་རུང་བར་ནན་ཏན་བྱ་བ་ལ། ཐམས་ཅད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག །ལྷ་མིའི་དཀྱིལ་འཁོར་འདིར་ཞུགས་ནས། ལྷ་སྒོམ་པ་དང་མ་བྲལ་བའི་ཡོན་ཏན་ནི། རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་དང་བསྐལ་བ་མཉམ་པའི་ཡེ་ཤེས་ཐོབ་ཅིང་། འདོད་པའི་དོན་ཅིག་བསྒྲུབ་ཀྱང་ཉེ་བར་འགྲུབ་སྟེ། ཚེ་གཅིག་ལུས་གཅིག་ལ་དངོས་གྲུབ་ཡ་མཚན་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་ཏེ། རྩ་རྒྱུད་གསང་བ་སྙིང་པོ་ལས། །བསྐལ་པ་མཉམ་པའི་ཡེ་ཤེས་ཏེ། །ཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། ཞེས་པ་དང་། སྒྱུ་འཕྲུལ་མན་ངག་ལམ་རིམ་ལས། །བདག་ཉིད་ལྷ་དང་མཉམ་སྦྱོར་བས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར་རོ། །ཞེས་གསུང་སོ། ཞེས་བརྗོད་དོ། །འོ་ན་ལྷ་བསྒོམ་པ་ལ་ཕན་ཡོན་ཆེན་པོ་འདུག་མོད། །མ་བསྒོམ་ན་སྐྱོན་ཅི་ཡོད་སྙམ་ན། །ཡི་དམ་གྱི་ལྷ་སྤངས་ན། དགེ་བ་གཞན་སྤྱད་ཀྱང་དོན་མེད་པར་འགྱུར་ཞིང་། དད་པ་མེད་པའི་སྟོབས་ཀྱིས་དམ་ཚིག་ཉམས་ན་ཀུན་ཏུ་ཉོན་མོངས་པ་ངན་སོང་གསུམ་གྱིས་སྡུག་བསྔལ་མྱོང་བ་དང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ལམ་ནས་གོལ་ནས་རིགས་ཆད་པའི་གནས་སུ་འགྱུར་ཏེ། གསང་བ་སྙིང་པོའི་རྒྱུདལས། །དམ་མེད་ཉམས་ན་ཕུང་པར་འགྱུར། ཞེས་པ་དང་སྒྱུ་འཕྲུལ་རྡོ་རྗེ་ལས་ཀྱི་རིམ་པ་ལས། །ལྷ་སྤངས་དགེ་སྦྱད་དོན་མེད་དེ། །གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ཉོན་མོངས་ངན་སོང་གསུམ་དུ་སྐྱེ། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །བླ་མེད་འགྲོ་བའི་རྒྱུན་ཡང་བཅད། །རིགས་ཆད་སྙིང་དུ་གནས་པར་འགྱུར། ཞེས་གསུངས་པའི་དོན་གོ་བར་བགྱིས་ཤིག །ཅེས་བརྗོད་དོ། །བཅུ་བཞི་པ་སྤྱན་དབྱེ་བ་ནི། དབང་ཕྱུག་གི་ཐུགས་ཀ་ནས། འོད་ཟེར་ཐུར་མ་འདྲ་བ་བྱུང་ནས། སློབ་བུའི་མ་རིག་གི་ལིང་ཐོག་བསལ་བས་རང་ལ་གནས་པའི་དོན་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་མཐོང་བར་བསམ་ལ། དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་ལྟ་བར་བྱ། །སངས་རྒྱས་གསུང་གི་རིགས་སུ་འཁྲུངས། །དངོས་གྲུབ་མཆོག་ཏུ་འགྱུར་བར་བྱ། བཛྲ་ཙཀྵུ་པྲ་བེ་ཤ་ཕཊ། ཅེས་པས་མིག་དར་བཤུས་ལ། དཀྱིལ་འཁོར་ལ་ལྟོས་ཤིག་ཅེས་བརྗོད་དོ། །བཅོ་ལྔ་ལ་དཀྱིལ་འཁོར་བསྟན་པ་ནི། འོ་མདུན་འདི་ནས་ཡོད་པའི་ལྷ་མིའི་དཀྱིལ་འཁོར་རྟེན་བསྟན་པ་སྟེ། ཕྱི་རོལ་དུ་མེ་རི་རྡོ་ར་པད་བསྐོར། དེའི་ནང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། དེའི་ནང་དུ་རི་བོ་མཆོག་རབ། པད་འདབ་བཞི་དང་བཅས་པ། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་བརྒྱད་མངོན་དུ་མཐོང་བའི་མོས་པ་མཛོད། པདྨའི་ལྟེ་བའི་དབུས་སུ་རྣམ་པར་སྣང་མཛད། ཤཱཀྱ་ཐུབ་པ། སྣང་བ་མཐའ་ཡས། སྨན་གྱི་བླ། པད་འདབ་བཞི་ལ། རྒྱལ་པོ་ཆེན་པོ་སྡེ་བཞི། གསེར་རི་དང་རོལ་མཚོ་ལ་དེའི་འཁོར་གླིང་བཞི་གླིང་ཕྲན་བཅུ་གཉིས་ལ། ལྷ་དང་མི་བསམ་གྱིས་མི་ཁྱབ་པ་སྐུ་སྣང་ལ་རང་བཞིན་མེད་པ། མེ་ལོང་ནང་གི་གཟུགས་བརྙན་བཞིན་མངོན་སུམ་དུ་མཐོང་བ་དེ་ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་བསྐལ་ཡིན་ཨང་སྙམ་པའི་མོས་པ་མཛོད་ཅིག །བཅུ་དྲུག་པ་ཚོགས་མཆོད་དང་། ཡོན་དབུལ་བ་ནི། ཚོགས་མཆོད་རྣམས་གཞུང་གཞན་དང་མཐུན་པར་རྒྱས་བསྡུས་ཅི་རིགས་པར་བྱའོ། །ཡོན་ནི་གསང་སྙིང་ལས། དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། ཅེས་པའི་དོན་ཁོང་དུ་ཆུད་པར་བྱའོ། །བསྡུས་པ་ལ་སྤྲོ་ན། འཇུག་གི་ཆོས་བཅུ་དྲུག་པོ་འདི་རྣམས་ལ་ཚིག་བཅད་དང་སྔགས་ཙམ་གྱིས་ཆོག་གོ །དེ་རྣམས་ཀྱིས་ས་གཞི་མཉམ་པ་དང་། དཀྱིལ་འཁོར་གྱི་ཚད་དང་། ཐིག་དང་། དཀྱིལ་འཁོར་བྲི་བ་དང་། རྣམ་པ་དགོད་པ་དང་། རབ་གནས་དང་། སྦྱིན་བསྲེག་དང་། འཇུག་ཆོས་དང་དགུ་པོ་གོང་དུ་སོང་ནས། །བཅུ་པ་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ལ། །ཡོན་ཏན་རྣམ་བཅུས་རྒྱས་ཤེས་བྱ། ཞེས་དང་། གསང་སྙིང་ལས། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྡང་དབྱལ་གཉིས་སམ་ཡང་ན་ལྔ། བྱས་ཏེ་དད་ལྡན་རབ་ཞུགས་ནས། འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་གསུངས་པས་བཞི་སྟེ། དཀྱིལ་འཁོར་འདིར་ཞུགས་པས། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པའི་ཡོན་ཏན་དང་། ལས་དང་པོ་བ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞུགས་པ་ཡིན་ཀྱང་། སྔོན་འོག་མིན་དུ་ཐར་ལམ་པ་དང་བསྐལ་པ་མཉམ་པའི་ཡོན་ཏན་དང་། ལྷ་མིའི་དཀྱིལ་འཁོར་འདི་ལ་མོས་བ་ཙམ་ཡང་སྐྱེ་བ་སྔོན་རོལ་ནས་ཡི་དམ་གྱི་ལྷ་བསྙེན་པའི་སྟོབས་ཀྱིས། སངས་རྒྱས་ཐམས་ཅད་ཀྱི་ཉེ་བའི་སྲས་སུ་དགོངས་པར་འགྱུར་བའི་ཡོན་ཏན་དང་། དཀྱིལ་འཁོར་འདིར་ཤུགས་ནས་དམ་ཚིག་མ་ཉམས་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བའི་ཡོན་ཏན་ནོ། །དང་པོ་ནི་སྒྱུ་འཕྲུལ་རྡོ་རྗེ་ལས་རིམ་ལས། །སྒྱུ་འཕྲུལ་དྲྭ་བར་ལེགས་ཞུགས་པས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། ཞེས་གསུངས་སོ། །གཉིས་པ་ནི། །སྒྱུ་འཕྲུལ་བདེ་ཆེན་དཀྱིལ་འཁོར་གཞི། །སྡང་འབྱམ་གཉིས་ས མ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ནས། །འདོད་པ་ཡིད་འོང་མཆོག་ལ་སོགས། །སྔོན་བྱས་པ་དང་མཉམ་པར་འགྱུར། གསུམ་པ་ནི། རྩ་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱི། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུས། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡིས། །ཉེ་བའི་སྲས་སུ་དགོངས་པར་འགྱུར། ཞེས་གསུངས་སོ། །བཞི་པ་ནི་རྡོ་རྗེ་ལས་རིམ་ལས། རྡོ་རྗེ་འཛིན་པའི་རིགས་ངེས་ཤིང་། །གདོན་རྣམས་བརླག་ཅིང་ངན་སོང་སྦྱོང་། །ལོངས་སྤྱོད་ཀུ་བ་རྣམ་པ་གཉིས། །ཡེ་ཤེས་སྤྱན་གྱིས་བཞི་རུ་ངེས། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་གསུངས་སོ། སྤྱི་དོན་གཉིས་པ་དབང་སློབ་བུ་ལ་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། དང་པོ་ནི། སློབ་བུ་རྣམས་ཀྱིས་དབང་ཕྱུག་དང་། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བཙལ་ནས་གུས་པའི་ཚུལ་གྱིས། དཔལ་ལྡན་སངས་རྒྱས་ཀུན་བ དག་ཉིད། །བརྩེ་བར་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། དེ་རིང་རབ་ཏུ་རྩལ་བར་མཛོད། །ཅེས་གསོལ་བ་གདབ་པར་བྱའོ། །དབང་ཕྱུག་གིས། སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། ཞེས་གནང་བ་བྱིན་ལ། །སྤོས་དང་རོལ་མོ་དང་བཅས་པས། །ཀུན་གྱིས་དཀྱིལ་འཁོར་ལ་བསྐོར་ཞིང་། དཀྱིལ་འཁོར་ལྷ་ཚོགས་ལ་ཕྱོགས་བཅུ་དུས་བཞིས་བསྟོད་ནས། བེ་ཀ་ཀྲ་མ་ཡཾ་ཀྱིས་སྔགས་དང་། ཕྱག་རྒྱས་གཞལ་ཡས་ཁང་ལྷ་དང་བཅས་པ་མདུན་གྱི་ནམ་མཁའ་བཏེག་ལ། དབང་ཕྱུག་གིས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་གདབ་པར་བྱ་སྟེ། ས་མ་ཛའི་སྔགས་དང་ཕྱག་རྒྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། ཧོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་ཆེ་གེ་མོ་ལ་སོགས་པའི་སློབ་བུ་འདི་རྣམས་ལ་ལྷ་མིའི་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། དབང་བསྐུར་དུ་གསོལ། །བྱིན་གྱིས་བརླབ་ཏུ་གསོལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ལྷ་དང་མི་ཡི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བསྒྲལ་ནས་ཀྱང་། །བྱིན་བརླབས་དམ་པ་ནོད་པར་བྱའོ། །ཞེས་བརྗོད་ཅིང་དབང་ཕྱུག་དབུ་རྒྱན་གོན་ལ། དཀྱིལ་འཁོར་གྱི་དྲུང་ངམ་སྟེང་དུ་དབང་ཁྲི་ལ་འདུག་པར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། །ཕྱི་ཕན་པའི་དབང་། །ནང་ནུས་པའི་དབང་དང་། །གསང་བ་ཟབ་མོའི་དབང་ངོ་། །དང་པོ་ནི། བུམ་པ་སྙིང་པོ་ལྔ་ཡི་དབང་། །དབུ་བརྒྱན་ཅོད་པན་འཕྲེང་བ་དང་། །གོ་ཆ་རྒྱལ་མཚན་གདུགས་བཟའ་བཏུང་། །ཕྱག་རྒྱའི་དབང་སྟེ་རྣམ་བཅུ་བསྐུར། ཞེས་པས། བཅུ་སྟེ། བུམ་པའི་དབང་དང་། སྙིང་པོ་ལྔའི་དང་། དབུ་བརྒྱན་གྱི་དབང་དང་། ཅོད་པན་གྱི་དབང་དང་། འཕྲེང་བའི་དབང་དང་། གོ་ཆའི་དབང་དང་། རྒྱལ་མཚན་གྱི་དབང་དང་། གདུགས་ཀྱི་དབང་དང་། བཟའ་བཏུང་གི་དབང་དང་། ཕྱག་རྒྱའི་དབང་ངོ་། དང་པོ་བུམ་པའི་དབང་ནི་ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། ཞེས་པས། བུམ་པའི་དབང་གི་རྒྱུ་གཉིས་དང་། རྐྱེན་བཞི་དང་། ངོ་བོ་བུམ་དབང་དང་། འབྲས་བུ་བུམ་དབང་གི་ནུས་པ་དངོས་སུ་བསྐྱེད་པ་དང་། རིམ་པ་ཐོག་མར་དབང་བསྐུར་བ་དང་། ལས་རིམ་ལས། བསམ་རྒྱུད། བསྒྲགས་ཚིག །བསྐུར་གནས །བསྟིམས་གནས། སྒྲིབ་པ་གང་དག །ནུས་པ་གང་བསྐྱེད་དྲུག་དང་། །བུམ་དབང་མ་ཐོབ་པའི་སྐྱོན་དང་། །བུམ་དབང་ཐོབ་པའི་ཡོན་ཏན་དང་བརྒྱད་དོ། །དབང་བཅོ་བརྒྱད་པོ་ཀུན་ལ་འདིས་འདྲེས་སོ། །དྲུག་པ་ལས་རིམ་ལ། བསམས་རྒྱུད་བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་དུ་བསམས་ལ། བསྒྲག་ཚིགས་ནི། བུམ་པ་ཟླུམ་པོའི་ཕོ་བྲང་དུ། །སྣོད་བཅུད་མ་ལུས་ཀུན་བསྡུས་ནས། །ཐིག་ལེ་ཆེན་པོར་རྒྱས་བཏབ་ནས། །སེམས་ཅན་ཐམས་ཅད་སངས་རྒྱས་ཡིན། །ༀ་བཛྲ་ཀ་ལ་ཤ་ཨ་བྷི་ཥཉྩ་ཧཱུཾ། །བྷུདྡྷ་ཀ་ལ་ཤ་ཨ་ཥིཉྩༀ། རཏྣ་ཀ་ལ་ཤ་ཨ་བྷིཥིཉྩ་ཏྲཾ། པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩཱ་ཧྲཱིཿ ཀརྨྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ བསྐུར་གནས་མགོའི་གནས་ལྔ། བསྟིམ་གནས་རྩ་གནས་ཀྱི་ཐིག་ལེ་ལ། སྒྲིབ་པ་ཕུང་ལྔ་འབྱུང་ལྔ་ཉོན་མོངས་ལྔ་རང་ཀ་མའི་འཛིན་པ་དག །ནུས་པ་ཡེ་ཤེས་ལྔའི་ཆུ་རྒྱུན་ལ་ལོངས་སྤྱོད་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ་ནི། བུམ་པ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱི་དབང་བསྐུར་བས། ཕྱི་ནང་གི་དྲི་མ་ཡོངས་སུ་དག་ནས། བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྔ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དད་པ་སྙིང་པོ་ལྔའི་དང་པོ། སྐུའི་དབང་གི་བསམ་རྒྱུད། །དབང་ཕྱུག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། །སློབ་བུའི་སྤྱི་བོར་ཟླ་གདན་ལ་ༀ་དཀར་པོ་ལས། །འཁོར་ལོ་ༀ་གྱིས་མཚན་པ་ལས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དྲིལ་བུ་བསྣམ་པ་བསྐྱེད་པས་སྐུའི་དབང་ཐོབ་པར་བསམས་ལ། བསྒྲག་ཚིག་ནི། །ༀ་བདེ་གཤེགས་སྐུ་ཡི་ངོ་བོ་ལ། །མི་ཤིགས་རྡོ་རྗེ་རྒྱལ་བའི་གཙོ། སྔགས་དང་ཕྱག་རྒྱ་ལྡན་པ་ཡི། རྡོ་རྗེ་སྐུ་ཡི་གཙོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧོ། །བསྐུར་གནས་དཔྲལ་བར། སྟིམ་གནས་བདུད་རྩི་དྲི་ཆེན་གྱི་ཁམས་ལ་བསྟིམ། །གཉིས་པ་གསུང་གི་དབང་གི་བསམ་རྒྱུད་ནི། །དབང་ཕྱུག་གིས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། །སློབ་བུའི་མགྲིན་པར་པད་གདན་ལ། ཨཱཿ དམར་པོ་ལས། པདྨ་ཨཾ་གིས་མཚན་པ་ལས། གསུང་རྡོ་རྗེ་དམར་མོ་པདྨ་དང་དྲིལ་བུ་བསྣམས་པ་བསྐྱེད་པས། གསུང་གི་དབང་ཐོབ་པར་བསམ་ལ། སྒྲག་ཚིག་ནི། ཨཱཾཿབདེ་གཤེགས་གསུང་གི་ངོ་བོ་ལས། མི་ཤིགས་རྡོ་རྗེ་ཆོས་ཀྱི་དབྱིངས། སྔགས་དང་ཕྱག་རྒྱ་ལྡན་པ་ཡི། །རྡོ་རྗེ་གསུང་གི་གཙོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཝ་ཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། བསྐུར་གནས་མགྲིན་པར་བསྟིམ་གནས་ཁྲག་གི་ཁམས་ལ་བསྟིམ་མོ། །གསུམ་པ་ཐུགས་ཀྱི་དབང་གི་བསམ་རྒྱུད། །དབུག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སློབ་བུའི་ཐུགས་ཀར་ཉི་གདན་ལ་ཧཱུཾ་སྔོན་པོ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་བསྐྱེད་པས། ཐུགས་ཀྱིས་དབང་ཐོབ་པར་བསམས་ལ། བསྒྲགས་ཚིག །ཧཱུཾ །བདེ་གཤེགས་ཐུགས་ཀྱི་ངོ་བོ་ལས། །མི་ཤིགས་རྡོ་རྗེ་ཆོས་ཀྱི་དབྱིངས། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེ་ཐུགས་ཀྱི་གཙོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ༴ །སྐུར་གནས་སྙིང་ཁར། སྟིམ་གནས་བྱང་སེམས་ཀྱི་ཁམས་ལ་བསྟིམ། །བཞི་པ་ཡོན་ཏན་གྱི་དབང་གི་བསམ་རྒྱུད། །དབང་ཕྱུག་གིས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སློབ་བུའི་ལྟེ་བར་རིན་ཆེན་ཟུར་བརྒྱད་ལ་སྭ་སེར་པོ་ལས་རིན་པོ་ཆེ་སྭས་མཚན་པ་ལས་མཆོད་པའི་རྡོ་རྗེ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ་བསྐྱེད་པས་ཡོན་ཏན་གྱི་དབང་ཐོབ་པར་བསམ། སྒྲག་ཚིག་སྭ་མི་འགྱུར་བ་ཡི། ཞིང་ཁམས་ལ་མ་སྐྱེས་པ་ཡི་འབྲས་བུ་ལས། །མ་བསགས་པ་ཡིས་ལོངས་སྤྱོད་འབྱུང་། །ཅིར་ཡང་འགྱུར་བའི་ཡེ་ཤེས་ཀྱིས། །རང་དབང་ཐབས་ཀྱིས་བསྒྱུར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་ཨཏྨ་ཀོ་྅་ཧཾ། བསྐུར་གནས་ལྟེ་བར་བསྟིམ་གནས་ཤ་ཆེན་གྱི་ཁམས་ལ་བསྟིམ། ལྔ་པ་འཕྲིན་ལས་ཀྱི་དབང་བསམས་རྒྱུད། དབང་ཕྱུག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སློབ་བུའི་གསང་གནས་ཆོས་འབྱུང་མཐིང་ནག་ལ་ཧ་ལྗང་གུ་ལས། རལ་གྲི་ཧས་མཚན་པ་ལས། ཆགས་པའི་རྡོ་རྗེ་ལྗང་ཁུ་རལ་གྲི་དང་དྲིལ་བུ་ཅན་བསྐྱེད་པས། འཕྲིན་ལས་ཀྱི་དབང་ཐོབ་པར་བསམ། བསྒྲག་ཚིགས། ཧ། ཐབས་དང་ཤེས་རབ་གཉིས་མེད་པའི། །འདོད་ཆགས་ཆེན་པོའི་ཏིང་འཛིན་ལས། །ལས་དང་དངོས་གྲུབ་ཀུན་སྣང་བ། །མ་ལུས་མཉམ་པར་སྦྱོར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ར་ག་བཛྲ་སྭ་བྷཱ་ཝ་ཨཏྨཀོ་྅ཧཾ། བསྐུར་གནས་གསང་བ། སྟིམས་གནས་དྲི་ཆུའི་ཁམས་ལ་བསྟིམ། །སྒྲིབ་པ་སྔར་ཕན་ཆད་ཁམས་ལྔ་ལས་བྱུང་བའི་བདུད་རྩི་ལྔ། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔར་མ་དག་པ་དག །ནུས་པ་དེའི་ངོ་བོར་དག་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། ན་བདེན་པ་ནི་འོག་མ་རྣམས་ཀྱིས་བདེན་པ་ཤེས་པའི་སྐབས་སུ་འདྲེའོ། མོ་ཕྱོོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་། ཡོན་ཏན་དང་འཕྲིན་ལས་དང་། །ཞིང་ཁམས་ཟད་མི་ཤེས་པ། མི་ཟད་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། རིགས་ཀྱི་བུ་འདི་རྣམས་ལ་སྙིང་པོ་ལྔའི་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་འཕྲིན་ལས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག ། གསུམ་པ་དབུ་བརྒྱན་གྱི་བསམ་རྒྱུད་ནི། རིན་ཆེན་འབྱུང་ལྡན་གྱིས་རབ་གནས་བྱས་པའི་དབུ་བརྒྱན་དབང་ཕྱུག་གིས་ཐོགས་ལ། ༀ་རཏྣ་མུ་གུ་ཏྲ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། ཞེས་སློབ་བུའི་མགོ་ལ་བཀོན་པས་རིན་པོ་ཆེའི་ཁང་བུ་ལྔ་གདན་དང་བཅས་པར་བསམ། དབང་ཕྱུག་གི་ལག་པ་གཡས་པའི་སོར་མོའི་བྲེ་ག་ལ་ཉི་མ་ལ་གནས་པའི་དཔའ་བོ་འབྲུ་ལྔ་དང་སོར་མོ་གཡོན་པའི་བྲེ་ཁ་ལྔ་ལ་ཟླ་བ་ལ་གནས་པའི་དཔའ་མོ་འབྲུ་ལྔ་བསྐྱེད། རྡོ་རྗེ་བསྡམས་པའི་གུང་མོ་གཉིས་སྦྱར་ཞིང་མི་བསྐྱོད་པ་ཡབ་ཡུམ་སྦྱོར་བ་མཛད་པར་བསམས་ལས། ཧཱུཾ་བཛྲ་དྷྲིག་མུཾ་ད་ཏུ་ཤྭ་རི་ཨ་བྷི་ཥཉྩ་ཧཱུཾ། ཞེས་བརྗོད་པས། སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་མཐིང་ག་སློབ་བུའི་སྤྱི་བོར་ཐིམ་པས། གཞི་དོན་གྱི་ཀུན་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་དག་པར་བསམས་ལ། བསྒྲག་ཚིག་ནི། ཧཱུཾ་ཆོས་དབྱིངས་མཉམ་པ་ཆེན་པོ་ལས། །ཡེ་ཤེས་གསལ་བ་རྣམ་པར་དག །ཆོས་ཀྱི་དབྱིངས་ཀྱིས་ཡེ་ཤེས་ཀྱིས། །སྐྱེ་མེད་ཆོས་ལ་དབང་ཐོབ་ཤོག །ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ་྅་ཧཾ། དེ་བཞིན་དུ་འཛུབ་མོ་གཉིས་སྦྱར་བ་དང་། ༀ་ཛི་ན་ཛིག་ལཾ་དྭེ་ཤྭ་ར་ཏི་ཨ་བྷི་ཥིཉྩ ཧཱུཾ། སྣང་མཛད་ཡབ་ཡུམ་གྱིས་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དཀར་པོ་དཔྲལ་བར་ཐིམ། སྦྱོར་བ་དོན་གྱི་ཀུན་གྱི་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་དག་པར་བསམས་ལ། །ༀ་དག་ཅིང་གསལ་བའི་རང་བཞིན་ཏེ། །སྐྱོན་མེད་སེམས་ཉིད་རིན་པོ་ཆེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །སྲིད་པ་གསུམ་ལ་དབང་བསྒྱུར་ཤོག །ༀ་མ་ཧཱ་ཨ་ད་རི་ཤ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། སྲིན་ལག་གཉིས་སྦྱར་ལ། སྭ་རཏྣ་དྷྲིག །མཾ་མོ་ཧ་ར་ཏི་ཨ་བྷི་ཥཉྩ་ཧཱུཾ། རིན་འབྱུང་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་གསེར་མདོག་ཅན་རྣ་ལྟག་གཡས་སུ་ཐིམ་པས། ཉོན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་དག་པར་བསམས་ལ། སྭ། ཁམས་གསུམ་རེ་བསྐོངས་རྒྱལ་པོ་དེ། །ཡིད་བཞིན་རིན་ཆེན་གཏེར་གྱི་མཆོག །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །འགྲོ་བ་རེ་བསྐོངས་རྒྱལ་པོར་ཤོག །ༀ་མ་ཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། །འཐེབ་ཆེན་གཉིས་སྦྱར་བ་དང་། །ༀ་ཨ་རོ་ལིག་པཾ་ར་ག་ར་ཏི་ཨ་བྷི༴ མཐའ་ཡས་ཡབ་ཡུམ་གྱི་བྱང་ཆུབ་སེམས་བྱུ་རུའི་མདོག་ཅན་ལྟག་པར་ཐིམ་པས། ཡིད་སོ་སོར་རྟོག་པའི་ཡེ་ཤེས་སུ་དག་པར་བསམས་ལ། །ཨཾ་ཉེས་པའི་སྐྱོན་བྲལ་དྲི་མ་མེད། །སྐྱེ་འགག་མེད་པའི་དངོས་གྲུབ་གཏེར། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །སྲིད་གསུམ་ཉེས་དམིགས་སེལ་བར་ཤོག །ༀ་མ་ཧཱ་པྲ་ཏ་པྲ་བེ་ཤ་ཛྙཱ་ན་བཛྲ་སྭ༴ འཐེའུ་ཆུང་སྦྱར་བ་དང་། ཧ་པྲ་ཛྙཱ་དྷྲིག་ཏཾ་བཛྲ་ར་ཏི་ཨབྷི༴ ཞེས་པའི་སྔགས་ཀྱིས་དོན་གྲུབ་ཡབ་ཡུམ་གྱི་བྱང་སེམས་ལྗང་ཁུ་རྣ་ལྟག་གཡོན་དུ་ཐིམ་བས། སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས་སུ་དག་པར་བསམས་ལ། ཧཱ། དབྱིངས་ཀྱི་དཀྱིལ་འཁོར་མཐར་ཕྱིན་ཞིང་། །གྲུབ་པ་ལས་ཀྱིས་བྱེ་བྲག་ལས། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །སྐྱེ་འགྲོ་དབྱིངས་སུ་སྒྲོལ་བར་ཤོག །ༀ་མ་ཧཱ་ཀྲི་ཏ་ཨ་ནུ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ ྅་ཧཾ། བསྐུར་གནས་མགོ་བོའི་གནས་ལྔར། རིགས་ལྔ་རང་རང་གི་དམ་ཚིག་གི་ཕྱག་རྒྱ་བཏུགས་ལ། བསྟིམ་གནས་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་རིགས་ལྔ་ཡབ་ཡུམ་བསྟིམ་མོ། །དེ་ལྟར་དབུ་བརྒྱན་གྱི་དབང་བསྐུར་བས། སྔར་ཕན་ཆད་རྣམ་ཤེས་ཚོགས་བརྒྱད་དུ་འཁྲུལ་པའི་སྒྲིབ་པ་དག་ནས་དེ་ཉིད་མ་སྤངས་ཡེ་ཤེས་ལྔར་གསལ་བའིི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ་ནི། དབུ་བརྒྱན་གྱི་དབང་བསྐུར་བས། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་མ་སྤངས་གནས་སུ་དག་ནས་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་ཅོད་པན་གྱི་དབང་གི་བསམ་རྒྱུད་ནི། དར་མཐིང་དམར་གྱི་ཅོད་པན་རྡོར་སེམས་དང་མཐའ་ཡས་ཀྱི་རང་བཞིན་ཅན་གྱིས་དབང་བསྐུར་བས། གདུག་པ་ཅན་ཟིལ་གྱིས་གནོན་པ་དང་། །ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པར་བསམས་ལ། བསྒྲགས་ཚིག་ནི། ཧཱུཾ་ཅོད་པན་མི་འགྱུར་དབང་བསྐུར་བས། །ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་དབང་། །ཁམས་གསུམ་ཀུན་གྱི་དབང་ཕྱུག་ཆེ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ༀ་བཛྲ་ཨརྻ་ལཾ་པོ་ཏ་ར་ཨ་བྷི་ཥཉྩ་ཧྲཱིཾ་ཧྲཱིཾ། ཞེས་བརྗོད་ཅིང་། བསྐུར་གནས་མགོ་ལ་ཅོད་པན་བཅིང་། བསྟིམས་གནས་རྩ་རོ་རྐྱང་གཉིས་ལ་བསྟིམ་སྔར་ཕན་ཆད་གདུག་པ་ཅན་ཟིལ་གྱིས་མི་ནོན་ཅིང་། ཆོས་ཀྱི་རྒྱལ་སྲིད་ལ་མི་དབང་པའི་སྒྲིབ་པ་དག་ནས། །ད་གདུག་པ་ཅན་ཟིལ་གྱིས་ནོན་ཅིང་། ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པའི་ནུས་པ་དངོས་སྐྱེས་པར་བསྒོམས་ལ། བདེན་པ་ནི། ཅོད་པན་གྱི་དབང་བསྐུར་བས། དམར་པོ་གཡོན་ནས་གྱེན་དུ་འཕུར་བས། སྲིད་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་དབང་བྱེད་པ་དང་། མཐིང་ག་གཡས་ནས་ཐུར་དུ་འཕྱང་བས་ཁམས་གསུམ་གྱི་གདུག་པ་ཅན་ཟིལ་གྱིས་གནོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་པ་འཕྲེང་བའི་བསམས་བརྒྱུད་ནི། གཟུངས་དང་། ཏིང་འཛིན་གྱི་དབང་སློབ་བུས་ཐོབ་པར་བསམ། སྒྲགས་ཚིག་ནི། ཏྲཾ། གཟུང་དང་ཏིང་འཛིན་རྒྱུ་འབྲས་ཆོས། །བྱང་ཆུབ་ཕྱོགས་རྣམས་ཤེས་རབ་རྒྱན། །མི་འཇིགས་སྟོབས་དང་དཔེ་བྱད་མཚན། །འབྲས་བུ་ཆོས་ལ་དབང་བསྐུར་རོ། ༀ་རཏྣ་མཱ་ཱལེ་ཨ་བྷི་ཥཉྩ་ཏྲཾ་ཏྲཾ། ཞེས་བརྗོད་ཅིང་། བསྐུར་གནས་མགོ་ལ་རིན་པོ་ཆེའི་འཕྲེང་བ་ཕྲ་མིག་དང་ལྡན་པ་བཞག་ལ། བསྟིམ་གནས་ཀུནྡྷར་མའི་ཐིག་ལེའི་འཕྲེང་བ་ལ་བསྟིམ་མོ། །སྔན་ཆད་འབྲས་བུའི་ཆོས་ལ་མངའ་མི་བརྙེས་པའི་སྒྲིབ་པ་དག་ནས། ད་གཟུངས་དང་ཏིང་ངེ་འཛིན་གྱིས་སྟོབས་ཀྱིས། འབྲས་བུའི་ཆོས་ལ་མངའ་བརྙེས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ་བརྗོད་པ་ནི། འཕྲེང་བ་དབང་བསྐུར་བས། །མི་བརྗེད་པའི་གཟུངས་དང་། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལ་སོགས་པ་འབྲས་བུའི་ཆོས་ཐམས་ཅད་ལ་དབང་བསྐུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དྲུག་པ་གོ་ཆའི་དབང་གི་བསམས་བརྒྱུད་ནི། སློབ་བུའི་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཁྱབ་པས་བདུད་དཔུང་གིས་མི་ཚུགས་བར་བསམས་ལ། བསྒྲགས་ཚིག་ནི། །ཧཱུཾ་མི་ཤིགས་ཡེ་ཤེས་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱི་ཡ་ལད་དེ། །ཁྱབ་པའི་ཚུལ་གྱིས་དྲ་བ་ཡིན། །དབང་མཆོག་དམ་པ་སྦྱིན་པར་བྱ། །ༀ་བཛྲ་རཀྵ་ཨ་བྷི་ཥཉྩ་ཧཱུཾ། བསྐུར་གནས་ལུས་ལ་གོ་ཁྲབ་བཀོན་པས། བསྟིམ་གནས་ལུས་རྩའི་དྲ་བས་ཁྱབ་པ་ལ་བསྟིམ་མོ། །སྔར་ཕན་ཆད་བདུད་དཔུང་གིས་ཚུགས་པའི་དྲི་མ་དག་ནས། ད་བདུད་དཔུང་ལ་སོགས་པ་ཕས་ཀྱི་རྒོལ་བས་མི་ཚུགས་པའི་ནུས་པ་ཐོབ་པར་བསྒོམས་ལ། བདེན་པ་བརྗོད་པ་ནི། གོ་ཆའི་དབང་བསྐུར་བས། བདུད་ཀྱི་དཔུང་ཚོགས་ལ་སོགས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་རྒྱལ་མཚན་གྱིས་དབང་གི་བསམ་རྒྱུད་ནི། སློབ་བུས་བདུད་བཞི་ཟིལ་གྱིས་གནོན་ནུས་པའི་དབང་ཐོབ་པར་བསམས་ལ། བསྒྲགས་ཚིག་ནི། ཧཱུཾ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། ལོག་པར་བལྟ་བ་ཟིལ་གནོན་མཚན། ཐམས་ཅད་ཚར་གཅོད་ཡེ་ཤེས་གསུང་། ཡོན་ཏན་མངོན་འབྱུང་དབང་བསྐུར་རོ། །ༀ་བཛྲ་ཀེ་དྷུ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད། བསྐུར་གནས་ལག་ཏུ། རྒྱལ་མཚན་གཏད་ལ། བསྟིམ་གནས་དབང་པོ་མཆོག་ལ་བསྟིམ་མོ། །སྔར་ཕན་ཆད་བདུད་བཞི་ཟིལ་གྱིས་མ་ནོན་པའི་སྒྲིབ་པ་དག་ནས། བདུད་བཞི་ཟིལ་གྱིས་གནོན་ནུས་པའི་ནུས་པ་སྐྱེས་པར་བསྒོམ་ལ། བདེན་པ། རྒྱལ་མཚན་གྱི་དབང་བསྐུར་བས་བདུད་བཞི་དང་མཐའ་གཉིས་ལས་རྒྱལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་གདུགས་ཀྱི་དབང་གི་བསམ་རྒྱུད་ནི། ཐུགས་རྗེའི་སྐྱབས་ཀྱིས་ཉོན་མོངས་པའི་གདུང་པ་བསིལ་བར་བྱེད་པའི་དབང་ཐོབ་པར་བསམས་ལ། བསྒྲགས་ཚིག་ནི། ཧཱུཾ། གཉིས་མེད་ཡེ་ཤེས་རྟོག་བྲལ་བ། །རྨོངས་སོགས་སེམས་ཕྱིར་རང་བཞིན་སྟོང་། །ལོག་འབྱུང་རྒྱུ་འབྲས་མི་གདུང་བ། །ཐུགས་རྗེས་སྐྱོབས་པར་དབང་བསྐུར་རོ། །ༀ་བཛྲ་ཚ་ཏྲ་ཨ་བྷི་ཥིཉྩཧཱུཾ། ཞེས་སོ། བསྐུར་གནས་མགོ་སྟེང་དུ་གདུགས་ཕུབ་ལ། སྟིམ་གནས། གླད་པ་བདེ་ཆེན་རྩ་འདབ་སོ་གཉིས་ལ་བསྟིམ་པས། ཉོན་མོངས་པའི་ཚད་པས་གདུང་བའི་སྒྲིབ་པ་དག་ནས། བདེ་བ་ཆེན་པོའི་བསིལ་དང་ལྡན་པར་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ་བདེན་པ། གདུགས་གྱི་དབང་བསྐུར་བས། བདག་དང་གཞན་ཀྱི་ཤེས་པའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ཐམས་ཅད་ཀྱི་གདུང་བ་བསིལ་བར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དགུ་པ་བཟའ་བཏུང་གི་དབང་གི་བསམ་རྒྱུད་ནི། སློབ་བུས་འདོད་ཡོན་ཆོས་ཉིད་དུ་སྤྱོད་ནུས་པའི་དབང་ཐོབ་པར་བསམས་ལ། བསྒྲགས་ཚིག་ནི། ༀ། བཟའ་དང་བཅའ་དང་བཏུང་ལ་སོགས། །རང་སེམས་རྣམ་དག་བརྒྱན་གྱི་ཕྱིར། །གཉིས་མེད་རོལ་པར་དབང་བསྐུར་བས། །བདུད་རྩི་ཡིད་བཞིན་སྐུ་འགྲུབ་ཤོག །ༀ་བཛྲ་ཨ་ལི་ཏོ་ཧཱུཾ་ཨ་བྷི་ཥཉྩཧཱུཾ། ཞེས་སོ། །བསྐུར་གནས་ངག་གི་ལམ་དུ་བཟའ་བཏུང་བྱིན་ལ། བསྟིམ་གནས་ལྕེ་ལ་གནས་པའི་རོ་འབབ་མ་ལ་བསྟིམ་པས། སྔོན་ཆད་འདོད་ཡོན་ཆོས་ཉིད་དུ་ལོངས་སྤྱོད་མི་ནུས་པའི་སྒྲིབ་པ་དག་ནས། ད་ལོངས་སྤྱོད་ཆོས་ཉིད་དག་པའི་བརྒྱན་དུ་རིག་ནས། འདོད་ཡོན་ལ་སྤྱོད་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ། །རིགས་ཀྱི་བུ་བཟའ་བཏུང་གི་དབང་བསྐུར་བས། །འདོད་ཡོན་རྣམ་པ་ལྔ་ཆོས་ཉིད་དུ་རིགས་ནས། མ་སྤངས་པར་རོལ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཕྱི་ཕན་པའི་དབང་དགུ་པོ་འདི་རྣམས་བསྡུས་པ་ལ་སྤྲོ་ན་ཚིག་བཅད་དང་སྔགས་ཙམ་གྱིས་ཆོག་གོ། བཅུ་པ་ཕྱག་རྒྱའི་དབང་ལ། །རྣམ་སྣང་གི་དབང་གི་བསམ་བརྒྱུད། སློབ་བུ་རྣམ་སྣང་དུ་བསྐྱེད་ལ། རང་བཞིན་གྱི་གནས་ནས། དེ་འདྲའི་ཚོགས་སྤྱན་དྲངས་ལ། གཉིས་སུ་མེད་པར་ཐིམ་པར་བསམ་ལ། བསྒྲག་ཚིག་ནི། །སྣང་སྟོང་རྡོ་རྗེ་ནམ་མཁའི་སྐུ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །རྣམ་པར་སྣང་མཛད་དབང་བསྐུར་རོ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་ལ་སོགས་ཅི་རིགས་པ་བྱའོ། །སློབ་བུ་ཤཱཀ་ཐུབ་ཏུ་བསྐྱེད་ལ། །རང་བཞིན་གྱི་གནས་ནས་སྤྱན་དྲངས། བསྟིམ༴ བསྒྲགས་ཚིག་ནི། གང་གི་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་ནི་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་དོན་མཛད། །ཤཱཀྱ་ཐུབ་པའི་དབང་བསྐུར་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་སོགས་འདྲེས་སོ། །སློབ་བུ་སྣང་མཐར་བསྐྱེད་བསྟིམ། བསྒྲགས་ཚིག་ནི། འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོགས་ཡེ་ཤེས་ངོ་བོ་ཉིད། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་མཛད། །སྣང་བ་མཐའ་ཡས་དབང་བསྐུར་རོ། །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་སོགས་འདྲེས་སོ། །སློབ་བུ་སྨན་བླ་བསྐྱེད། བསྟིམ༴ བསྒྲགས་ཚིག་ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་ཀྱི་བླ། །སངས་རྒྱས་སྨན་བླ་རྒྱལ་པོའི་དབང་བསྐུར་རོ། །ཨ་བྷི༴ བསྐུར། གནས་སོགས། སློབ་བུ་ཡུལ་འཁོར་བསྲུངས་དུ་བསྐྱེད། བསྟིམས༴ བསྒྲགས་ཚིག་ནི། ཧཱུཾ་ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་བསྲུངས། །ཞི་བའི་འཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར། །ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝང་བསྣམས། །ཤར་ཕྱོགས་ཡུལ་འཁོར་བསྲུངས་གི་དབང་བསྐུར་རོ། །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་འདྲེས་སོ། །སློབ་བུ་འཕགས་སྐྱེས་པོར་བསྐྱེད། བསྟིམ༴ བསྒྲགས་ཚིག། ཧཱུཾ། ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །མངོན་སྤྱོད་ཚུལ་གྱིས་འགྲོ་དོན་སྐུ་མདོག་སྔོ། དུག་གསུམ་འཇོམས་མཛད་བེ་ཅོན་རལ་གྲི་བསྣམས། ལྷོ་ཕྱོགས་འཕགས་སྐྱེས་པོ་ཡི་དབང་བསྐུར་རོ། །ཨ་བྷི༴ བསྐུར་གནས་འདྲེའོ། །སློབ་བུ་སྤྱན་མི་བཟང་དུ་བསྐྱེད། བསྟིམ༴ བསྒྲག་ཚིག་ནི། ཧཱུཾ་ནུབ་ཕྱོགས་རྒྱལ་པོ་མིག་མི་བཟང་། སྐུ་མདོག་དམར་སྨུག་དབང་ལྡན་འཇིགས་པའི་སྐུ། །བསོད་ནམས་ཚོགས་རྫོགས་རིན་ཆེན་སྦྲུལ་ཞགས་བསྣམས། ནུབ་ཕྱོགས་སྤྱན་མིག་བཟང་གི་དབང་བསྐུར་རོ། །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་སློབ་བུ་རྣམ་ཐོས་སྲས་སུ་བསྐྱེད་བསྟིམ། བསྒྲགས༴ ཧཱུཾ། བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས། །ཆེ་བའི་ཡོན་ཏན་མཐར་ཕྱིན་ལྗང་ཁུར་བསྟན། །རིན་ཆེན་གཏེར་ལྡན་བེ་ཅོན་ནེའུ་ལེ་བསྣམས། །བྱང་ཕྱོགས་རྣམ་ཐོས་སྲས་ཀྱིས་དབང་བསྐུར་རོ། ཨ་བྷཱི་ཥིཉྩ་ཧཱུཾ། བསྐུར༴ སློབ་བུ་བརྒྱ་བྱིན་དུ་བསྐྱེད། བསྟིམ། བསྒྲག༴ ཧཱུཾ། ལྷ་ཡི་དབང་པོ་བརྒྱ་བྱིན་དང་། ལྷ་ཆེན་དེ་ཡི་བཙུན་མོ་དང་། །མངག་གཞུགས་དང་ནི་ཕོ་ཉར་བཅས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས༴ སློབ་བུ་ཚངས་པར་བསྐྱེད་ལ། །བསྟིམ༴ བསྒྲག༴ མི་མཇེད་བདག་པོ་ཚངས་པ་དང་། །ལྷ་ཆེན་དེ་ཡི་བཙུན་མོ་དང་། །མངག་གཞུག་དང་ནི་ཕོ་ཉར་བཅས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨ་བྷི༴ བསྐུར་གནས་རིགས་འདྲེའོ། །སློབ་བུ་ཁྱབ་འཇུག་ཏུ་བསྐྱེད། བསྟིམ༴ སྒྲག༴ ལྷ་ཆེན་ཁྱབ་འཇུག་ཆེན་པོ་དང་། ལྷ་ཆེན་དེ་ཡི་བཙུན་མོ་དང་། །མངག་གཞུག་དང་ནི་ཕོ་ཉར་བཅས། སྐལ་ལྡན་བུ་ལ་དབང་བསྐུར་རོ། ཨ་བྷི༴ བསྐུར་གནས༴ སློབ་བུ་དབང་ཕྱུག་ཆེན་པོར་བསྐྱེད། བསྟིམ༴ བསྒྲགས༴ ལྷ་ཆེན་དབང་ཕྱུག་ཆེན་པོ་དང་། །ལྷ་ཆེན་དེ་ཡི་བཙུན༴ མངག་གཞུག༴ སྐལ་ལྡན་བུ་ལ་དབང་༴ ཨ་བྷི་ཥིཉྩ་ཧཱུཾ། བསྐུར༴ ༄༅ཿརྒྱ་ཡིག་ལ་སོགས་ལྔ་བཅུའི་དབང་བཞུགས་སོ། །ཀ་ཡི་དབྱིབས་ནི་བིང་ཀ་སོགས། བྱ་བ་མཚོན་པའི་ཡི་གེ་ཀ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཁ་ཡི་དབྱིབས་ནི་བུ་ཡི་གཟུགས། །ཁྱབ་པ་མཚོན་པའི་ཡི་གེ་ཁ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ག་ཡི་དབྱིབས་ནི་བསེ་ཡི་དབྱིབས། །སྐྱེ་བ་མཚོན་པའི་ཡི་གེ་ག །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། གྷ་ཡི་དབྱིབས་ནི་བུམ་པའི་གཟུགས། །གྲོལ་བ་མཚོན་པའི་ཡི་གེ་གྷ། །སྐལ་ལྡན་བུ་ལ༴ དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨབྷི་ཥིཉྩ་ཧཱུཾ། ང་ཡི་དབྱིབས་ནི་ཀང་ཀའི་གཟུགས། །འཛིན་པ་མཚན་པའི་ཡི་གེ་ང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨབྷི་ཥིཉྩ་ཧཱུཾ། ཙ་ནི་ཙ་ཤ་ལྟ་བུའི་གཟུགས། །སྦྱོད་པ་མཚོན་བའི་ཡི་གེ་ཙ། །སྐལ་ལྡན༴ དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཚ་ཡི་དབྱིབས་ནི་གདུགས་ཀྱི་གཟུགས། །འདུ་འབྲལ་མཚོན་པའི་ཡི་གེ་ཚ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི༴ ཨ་བྷི་ཥིཉྩ་ཧཱུཾ། ཛ་ཡི་དབྱིབས་ནི་དྲ་བའི་གཟུགས། །མི་གནས་མཚོན་པའི་ཡི་གེ་ཛ། །སྐལ་ལྡན་བུ་ལ་དབང་བསྐུར་བས། ཨ་བྷི་ཥིཉྩ་ཧཱུཾ། ཛྷ་ནི་དྲ་བ་ཆེན་པོའི་གཟུགས་དང་། །དྲི་མ་མཚོན་པའི་ཡི་གེ་ཛྷ། སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཉ་ནི་བ་དན་ཁ་ཡི་ཁ། །ཤེས་པ་མཚོན་པའི་ཡི་གེ་ཉ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ༴ ཨ་བྷི་ཥིཉྩ་ཧཱུཾ། ཊ་ནི་འཛམ་བུ་ཏི་པའི་གཟུགས། །དེ་ཉིད་མཚོན་པའི་ཡི་གེ་ཊ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཋ་ནི་ཋ་གུ་ར་ཡི་ཁ། བྱེད་པ་མཚོན་པའི་ཡི་གེ་ཋ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ༴ ཨ་བྷི་ཥིཉྩ་ཧཱུཾ། ཌ་ནི་མཁའ་འགྲོ་མ་ཡི་ཁ། །ཉེར་ཞི་མཚོན་པའི་ཡི་གེ་ཌ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཌྷ་ཡི་དབྱིབས་ནི་དད་པའི་ཁ། །ཆོས་མཚོན་པ་ཡི་ཡི་གེ་ཌྷ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ༴ ཨ་བྷི་ཥིཉྩ་ཧཱུཾ། ཎ་ཡི་དབྱིབས་ནི་ཏོ་ལའི་ཁ། །མིང་མཚོན་པ་ཡི་ཡི་གེ་ཎ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཏ་ཡི་དབྱིབས་ནི་དང་བ་བཟའ། །ལམ་མཚོན་པ་ཡི་ཡི་གེ་ཏ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་༴ ཨ་བྷི་ཥིཉྩ་ཧཱུཾ། ཐ་ཡི་དབྱིབས་ནི་ཕ་ཝང་གཟུགས། །གནས་པ་མཚོན་པ་ཡི་གེ་ཐ། །སྐལ་ལྡན་བུ་ལ༴ དེ་ཡི་དབང་༴ ཨ་བྷི༴ ད་ཡི་དབྱིབས་ནི་ཆེ་བའི་གཟུགས། །འཁྲུལ་པ་མཚོན་པའི་ཡི་གེ་ད། །སྐལ་ལྡན་བུ་ལ༴ དེ་ཡི་དབང་༴ །ཨ་བྷི་ཥིཉྩ་ཧཱུཾ། དྷ་ཡི་དབྱིབས་ནི་གཞུ་ཡི་གཟུགས། །རང་བཞིན་མཚོན་པའི་ཡི་གེ་དྷ། །སྐལ་ལྡན་བུ་ལ་དབང་༴ དེ་ཡི་དབང་༴ ཨ་བྷི༴ ན་ཡི་དབྱིབས་ནི་མ་ཧེའི་ཁ། །ཡུལ་མཚོན་པ་ཡི་ཡི་གེ་ན། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི༴ པ་ཡི་དབྱིབས་ནི་རི་རབ་གཟུགས། དོན་མཚོན་པ་ཡི་ཡི་གེ་པ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱཾ། ཕ་ཡི་དབྱིབས་ནི་ཁྲུང་བྱའི་གཟུགས། །འབྲས་བུ་མཚོན་པའི་ཡི་གེ་ཕ། །སྐལ་ལྡན་བུ་ལ་དབང་བསྐུར་བས། དེ་ཡི༴ ཨ་བྷི་ཥིཉྩ་ཧཱུཾ། བ་ཡི་དབྱིབས་ནི་འདམ་བྱའི་གཟུགས། །འཆིང་གྲོལ་མཚོན་པའི་ཡི་གེ་བ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བྷ་ནི་ཁ་ལག་ཆེ་ཡི་གཟུགས། །སྲིད་པ་མཚོན་པའི་ཡི་གེ་བྷ། །སྐལ་ལྡན་བུ༴ དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི༴ མ་ནི་སྤྲེའུ་སློང་བའི་གཟུགས། །དྲན་པ་མཚོན་བྱེད་ཡི་གེ་མ། །སྐལ་ལྡན༴ དེ་ཡི་དབང་༴ ཨ་བྷི༴ ཡ་ཡི་དབྱིབས་ནི་ཉི་མའི་གཟུགས། མི་འགྱུར་མཚོན་པའི་ཡི་གེ་ཡ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ར་ནི་ཀུ་ཙི་ཏ་ཡི་ཁ༴ རྡུལ་ཚོན་བྱེད་པའི་ཡི་གེ་ར། །སྐལ་ལྡན༴ དེ་ཡི་དབང་༴ ཨ་བྷི༴ ལ་ནི་བྱ་རོག་ཤ་འཐེན་པ། །བཅོམ་པ་མཚོན་པའི་ཡི་གེ་ལ། སྐལ་ལྡན་བུ༴ ཨ་བྷི་ཥིཉྩ་ཧཱུཾ། ཝ་ནི་ཀ་ཏིང་ག་ཡི་ཁ། །རྒྱུ་རྐྱེན་མཚོན་པའི་ཡི་གེ་ཝ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥི་ཉྩ་ཧཱུཾ། ཤ་ཡི་དབྱིབས་ནི་རི་བོང་གཟུགས། །ཞི་བ་མཚོན་པའི་ཡི་གེ་ཤ། །སྐལ་ལྡན་བུ༴ དེ་ཡི༴ ཨ་བྷི༴ ཥ་ནི་ཤནྟ་ཧ་ཀའི་གཟུགས། །ཤེས་པ་མཚོན་བྱེད་པ་ཡི་གེ་ཥ། སྐལ་ལྡན༴ དེ་ཡི༴ ཨ་བྷི༴ ས་ནི་བྲམ་ཟེ་སློང་པའི་གཟུགས། །རྣམ་པ་ཐམས་ཅད་ཤེས་པའི་ས། །སྐལ་ལྡན༴ དེ་ཡི་དབང་༴ ཨ་བྷི་ཥིཉྩ་ཧཱུཾ། ཧ་ཡི་དབྱིབས་ནི་ཧ་ར་ཀ །རྒྱུད་མཚོན་བྱེད་པའི་ཡི་གེ་ཧ། །སྐལ་ལྡན་བུ་ལ་དབང་བསྐུར་བས། དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཀྵ་ཡི་དབྱིབས་ནི་སྲིན་པོའི་ཁ། ཐར་ཟད་ཀྵ་ཡི་དབྱིབས་ནི་སྲིན་པོའི་ཁ། ཐར་ཟད་མཚོན་བྱེད་ཡི་གེ་ཀྵཿ སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཨ་ནི་སེང་གེ་གླལ་བའི་གཟུགས། །སྐྱེ་མེད་མཚོན་པའི་ཡི་གེ་ཨ། །སྐལ་ལྡན་བུ་ལ༴ དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཨ་ནི་སེང་གེ་འགྱིང་བའི་གཟུགས། །བདག་མཚོན་བྱེད་པའི་ཡི་གེ་ཨཱ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཨི་ནི་སེང་གེ་སྒྲ་འབྱིན་གཟུགས། །གཡེངས་པ་མཚོན་པའི་ཡི་གེ་ཨི། སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཨཱི་ནི་ལྕགས་ཀྱུ་བསྣོལ་བས་བརྟེན་པའི་གཟུགས། །རི་མཚོན་བྱེད་པའི་ཡི་གེ་ཨི། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཨུ་ནི་ཤིན་ཏུ་ཕུན་སུམ་ཚོགས་པའི་གཟུགས། ཞེས་པ་མཚོན་བྱེད་ཡི་གེ་ཨུ། །སྐལ་ལྡན་བུ་ལ༴ དེ་ཡི་དབང༴ ཨ་བྷི༴ ཨུ་ནི་འོད་དཔག་མེད་པ་རེ་བ་དྲངས་པའི་གཟུགས། མུན་པ་མཚོན་བྱེད་ཡི་གེ་ཨུ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྀ་ནི་ལྕགས་སྒྲོགས་སྐྱོ་གས་དྲངས་པའི་གཟུགས། །ང་རྒྱལ་མཚོན་བྱེད་ཡི་གེ་རཱི། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རཱི་ནི་ལྕགས་སྒྲོགས་སྐྱོ་གས་དྲངས་པའི་གཟུགས། །ལྷ་མིན་མཚོན་བྱེད་ཡི་གེ་རཱྀ། སྐལ་ལྡན་བུ་ལ༴ དེ་ཡི་དབང་མཆོག༴ ཨ་བྷི༴ ལཱྀ་ནི་བྱ་གག་སྐྱོ་གས་དྲངས་པའི་གཟུགས། སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ལཱྀ་ནི་བྱ་གག་སྐྱོ་གས་དྲངས་པའི་གཟུགས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི༴ ཨེ་ནི་ཨ་མོའི་ཁ་འདྲ་བ་ལ། །གསུང་པ་མཚོན་བྱེད་ཡི་གེ་ཨེ། །སྐལ་ལྡན་བུ་ལ༴ དེ་ཡི་དབང་མཆོག༴ ཨ་བྷི༴ ཨཻ་ནི་རེ་བ་རྩེགས་པའི་འོད་དཔག་མེད་པའི་གཟུགས། །མནར་སེམས་མཚོན་བྱེད་ཡི་གེ་ཨཻ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག། ཨ་བྷི་ཥི་ཉྩ་ཧཱུཾ། ཨོ་ནི་འོད་དཔག་ཐིག་ལེའི་གཟུགས། །འཇིགས་པ་མཚོན་བྱེད་ཡི་གེ་ཨོ། སྐལ་ལྡན༴ དེ་ཡི་དབང་མཆོག་ཐོབ་པར་ཤོག ཨ་བྷི་ཥིཉྩཧཱུཾ། །ཨཱ་ནི་གཞུ་བརྡུངས་པ་ཡི་གཟུགས། །སྟོང་པ་མཚོན་བྱེད་ཡི་གེ་ཨ། །སྐལ་ལྡན་བུ་ཡི༴ དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཨཾ་ནི་དྲང་སྲོང་ཚུལ་བསྟན་གཟུགས། །ངག་མཚོན་བྱེད་པའི་ཡི་གེ་ཨཾ། །སྐལ་ལྡན་བུ་ལ་དབང་སྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ཨཿནི་གདུགས་ཕུབ་པ་ཡི་གཟུགས། །ནུས་པ་མཚོན་བྱེད་ཡི་གེ་ཨཱ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། དེས་ཡན་གྱིས་རྒྱ་ཡིག་ལྔ་བཅུའི་དབང་སོང་ངོ་། ༄༅།བོད་ཀྱི་ཀ་སྨད་སུམ་ཅུའི་དབང་བཞུགས་སོ། །ཀ་ནི་གཙང་བྱེད་སྒྲོལ་བའོ་ཞེས་འབྱུང་སྟེ། ཁམས་གསུམ་གྱིས་སེམས་ཅན་དབང་བྱེད་ཅིང་། ཉོན་མོངས་པ་ལས་སྒྲོལ་བར་བྱེད་པ་ལགས་ཏེ། དེའི་བྱིན་བརླབས་ཀྱིས་ཆོས་ཀྱིས་སྐུའི་གསུང་གི་གཟུགས་བརྙན་དུ་བྱུང་པའི་ཚིག་གིས་གསུང་འདིས་ཀྱང་། སེམས་ཅན་ལ་དབང་བྱེད་ཅིང་། ཉོན་མོངས་པ་ལས་སྒྲོལ་བའི་དབང་དང་ལྡན་པར་གྱུར་ཅིག །ཁ་ནི་ཁམས་གསུམ་ཡོངས་གྱི་རྒྱུན། །ཞེས་འབྱུང་སྟེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་བརྒྱན་དུ་བྱུང་བ་ཡིན་ཏེ། དེའི་བྱིན་བརླབས་ཀྱིས། དོན་གྱི་གསུང་གི་གཟུགས་བརྙན་ཚིག་གིས་གསུང་འདིས་སེམས་ཅན་གྱིས་རྒྱན་དུ་གྱུར་ཏེ། འཁོར་བ་ལས་སྒྲོལ་བར་མཛད་པའི་དབང་དང་ལྡན་པར་གྱུར་ཅིག། ག་ནི་མ་ཆགས་དག་པར་མཛད་ཅེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ཅི་ལ་ཡང་མ་ཆགས་ཤིང་རྣམ་པར་དག་པ་ཡིན་པས། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྐུའི་གསུང་འདིས་ཀྱང་། ཅི་ལ་ཡང་མ་ཆགས་ཤིང་། རྣམ་པར་དག་བའི་དབང་དང་ལྡན་པར་གྱུར་ཅིག །ང་ནི་ང་མེད་ང་ལས་རྒྱལ་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་མཉམ་པ་ཆེན་པོའི་ངང་ལས་མ་གཡོས་ཤིང་། མཚན་མ་ལས་རྒྱལ་བ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྐུ་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་། མཚན་མ་ལས་རྒྱལ་པའི་དབང་དང་ལྡན་པར་གྱུར་ཅིག །འཕྲུལ་གྱི་ཡི་གེ་ཀ་ཁ་སྨད་ལྔ་ནི། རྒྱལ་བ་རྣམས་ཀྱི་གསུང་མཆོག་དམ་པ་སྟེ། རྒྱལ་བའི་གསུང་རབས་རྣམས་ལ་ཕུལ་བ་ཡིས། ཡོན་བདག་ཚོགས་རྣམས་མངོན་པར་སངས་རྒྱས་ཤོག །ཅ་ནི་གཉིས་མེད་དོན་རྟོགས་ཅེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི་མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པའི་དོན་ཡིན་ཏེ། དེའི་བྱིན་གྱིས་རླབས་ཀྱིས། ཆོས་སྐུའི་མཚན་མ་དང་མཚན་མ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །ཆ་ནི་ཐབས་དང་ཤེས་རབ་བོ་ཞེས་འབྱུང་སྟེ། དུས་གསུམ་གྱིས་ཆོས་སྐུ་བདེ་པ་ཆེན་པོ་ལས་ཐབས་དང་ཤེས་རབ་ཀྱི་སྤྲུལ་ཇི་སྙེད་ཅིག་བྱུང་ནས། འགྲོ་བའི་དོན་བྱེད་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྐུ་ཐབས་དང་ཤེས་རབ་གཉིས་ཀྱི་དབང་དང་ལྡན་པར་གྱུར་ཅིག །ཇ་ནི་མ་གོས་དག་པར་མཛད། ཅེས་འབྱུང་སྟེ། དུས་གསུམ་གྱིས་སྐུ་བདེ་བ་ཆེན་པོ་དེ་བག་ཆགས་ཀྱི་མ་གོས་ཤིང་རྣམ་པར་དག་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། ཆོས་ཀྱི་སྐུ་བག་ཆགས་ཀྱིས་མ་གོས་ཤིང་དག་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག །ཉ་ནི་ཆོས་ཉིད་བརྡར་ཤ་གཅོད་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཉིད་རྒྱ་མཚོ་དང་འདྲ་བ་ལ། རིག་པའི་ཡེ་ཤེས་དང་འདྲ་བས་བརྡར་ཤ་གཅོད་པ་ཡིན་ཏེ། དེའི་དོན་གྱིས་ཆོས་ཉིད་རྒྱ་མཚོ་ལ། རིག་པའི་ཡེ་ཤེས་དབང་དང་ལྡན་པར་གྱུར་ཅིག །འཕྲུལ་གྱི་ཡི་གེ་ཅ་ཆ་སྨད་ལྔ་ནི། རྒྱལ་བ་རྣམས་ཀྱི་གསུང་མཆོག་དམ་པ་སྟེ། རྒྱལ་བ་རྣམས་ཀྱི་གསུང་རབ་རྣམས་ལ་ཕུལ་བ་ཡིས། ཡོན་བདག་ཚོགས་ནི་མངོན་པར་སངས་རྒྱས་ཤོག །ཏ་ནི་མཁས་པའི་འོད་ཟེར་ཅན་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ལས། ཐུགས་རྗེ་འོད་ཟེར་བྱུང་བ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱིས་ཐུགས་རྗེའི་འོད་ཟེར་འབྱུང་བ་དང་ལྡན་པར་གྱུར་ཅིག །ཐ་ནི་དཀོན་མཆོག་འབྱུང་བའི་རྒྱུ། ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལས། དགོངས་པ་ཟབ་མོའི་ཡེ་ཤེས་འབྱུང་བ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་སྐུ་བདེ་བ་ཆེན་པོའི་དགོངས་པ་ཟབ་མོའི་ཡེ་ཤེས་འབྱུང་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག །ད་ནི་རྒྱུ་འབྲས་གཉིས་སུ་མེད་པ་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལས་རྒྱུའི་ཆོས་དང་འབྲས་བུའི་ཆོས་གཉིས་སུ་མེད་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྡུག་བསྔལ་གཏན་སྤངས་སྟེ། ངང་གིས་བདེ་བའི་དབང་དང་ལྡན་པར་གྱུར་ཅིག །དྷ་ནི་བསླུ་བ་མེད་པའི་སྒོ་ནས། དྲི་མ་ཐམས་ཅད་གྲོལ་བར་བྱེད་ཅེས་པ། དྷ་བྷ་རའི་སྒྲ་ལ་དྲངས་ནས་རྫུན་དང་བྲལ་བ་སྟེ། སྒྱུ་མ་ལྟ་བུར་ཐམས་ཅད་གྲོལ་བའི་དབང་དང་ལྡན་པར་གྱུར་ཅིག །ན་ནི་སྡུག་བསྔལ་མེད་ཅེས་འབྱུང་སྟེ། །དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལས། འཁོར་བའི་སྡུག་བསྡུལ་མེད་ཅིང་ངང་གི་བདེ་བ་ཡིན་ཏེ། དེའི་བྱིན་གྱིས་རླབས་ཀྱིས། ཆོས་ཀྱི་སྐུ་སྡུག་བསྔལ་གཏན་སྤངས་ཏེ་ངང་གིས་བདེ་བའི་དབང་དང་ལྡན་པར་གྱུར་ཅིག །འཕྲུལ་གྱི་ཡི་གེ་ཏ་ཐ་སྨད་ལྔ་ནི། །རྒྱལ་བ་རྣམས་ཀྱི་གསུང་མཆོག་དམ་པ་སྟེ། །རྒྱལ་བའི་གསུང་རབ་རྣམས་ལ་ཕུལ་བ་ཡིས། །ཡོན་བདག་ཚོགས་ནི་མངོན་པར་སངས་རྒྱས་ཤོག །པ་ནི་ཐམས་ཅད་བསྐྱེད་པར་བྱེད་ཅེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལས་རིག་པའི་ཡེ་ཤེས་བསྐྱེད་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྐུ་འདི་མཐོང་བ་ཙམ་གྱིས། གཞན་རིགས་པའི་ཤེས་རབ་བསྐྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ཕ་ནི་ཕ་རོལ་ཕྱིན་ལ་་གནས་ཞེས་འབྱུང་སྟེ། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་ཕ་རོལ་ཕྱིན་ཅིང་། མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྐུ་བདེ་བ་ཆེན་པོ་འཁོར་བའི་སྡུག་བསྔལ་ལས་ཕ་རོལ་ཏུ་ཕྱིན་ཅིང་། མི་གནས་པའི་མྱ་ངན་ལས་འདས་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག །བ་ནི་བདེ་བ་ཆེན་པོ་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི། དངོས་པོ་མཚན་མ་ཐམས་ཅད་ལས་མཉམ་པ་ཆེན་པོའི་ངང་དུ་བདེ་བ་ཡིན་ཏེ། དེ་ཡི་བྱིན་གྱིས་རླབས་ཀྱིས། ཆོས་སྐུ་དངོས་པོ་དང་མཚན་མ་ཐམས་ཅད་ལས་མཉམ་པ་ཆེན་པོའི་ངང་དུ་བདེ་པའི་དབང་དང་ལྡན་པར་གྱུར་ཅིག །མ་ནི་སྲིད་གསུམ་ཡོངས་ཀྱི་མ་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ཡང་། ཀུན་གྱི་གཞི་མར་གྱུར་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྐུ་སྲིད་གསུམ་ཡོངས་ལས་རྒྱལ་ཞིང་། ཀུན་གྱི་གཞི་མ་གྱུར་བའི་དབང་དང་ལྡན་པར་གྱུར་ཅིག འཕྲུལ་གྱི་ཡི་གེ་པ་ཕ་སྨད་ལྔ་ནི། རྒྱལ་བ་རྣམས་ཀྱི་གསུང་མཆོག་དམ་པ་སྟེ། རྒྱལ་བའི་གསུང་རབ་རྣམས་ལ་ཕུལ་བ་ཡིས། ཡོན་བདག་ཚོགས་རྣམས་མངོན་པར་སངས་རྒྱས་ཤོག །ཙ་ནི་འདུ་འབྲལ་མེད་པ་སྟེ། ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི། སྐུ་དང་ཡེ་ཤེས་དང་སྟོབས་དང་། མི་འཇིགས་པ་ལ་སོགས་བའི་འདུ་འབྲལ་མེད་པའི་གནས་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱི་ཆོས་ཀྱི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །ཚ་ནི་དོན་དམ་པ་ལུས་ལ་རྫོགས་ཞེས་འབྱུང་སྟེ། དོན་དམ་པ་ཆོས་ཀྱི་སྐུ་ནི། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་རྫོགས་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྐུའི་རྒྱུ་དང་འབྲས་བུ་རྫོགས་པའི་དབང་དང་ལྡན་པ་གྱུར་ཅིག །ཛ་ནི་འབར་བའི་ཡུལ་གནས་ཞེས་འབྱུང་སྟེ། །དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ། །ཐུགས་རྗེའི་འོད་ཟེར་འབྱུང་བའི་གནས་ཡིན་ཏེ། །དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྐུ་ཐུགས་རྗེའི་འོད་ཟེར་འབྱུང་བའི་དབང་དང་ལྡན་པར་གྱུར་ཅིག །ཝ་ནི་མྱ་ངན་ཐམས་ཅད་འདུལ་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོ་དེ་འཁོར་བའི་མྱ་ངན་ཐམས་ཅད་འདུལ་བ་ཡིན་ཏེ། དེའི་བྱིན་གྱིས་རླབས་ཀྱིས། ཆོས་ཀྱི་སྐུས་འཁོར་བའི་མྱ་ངན་ཐམས་ཅད་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །འཕྲུལ་གྱི་ཡི་གེ་ཙ་ཚ་སྨད་ལྔ་ནི། རྒྱལ་བ་རྣམས་ཀྱི་གསུང་མཆོག་དམ་པ་སྟེ། རྒྱལ་བའི་གསུང་རབས་རྣམས་ལ་ཕུལ་བ་ཡིས། ཡོན་བདག་ཚོགས་རྣམས་མངོན་པར་སངས་རྒྱས་ཤོག །ཞ་ནི་གཞལ་ཡས་བདེ་བ་ཆེན་པོ་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ཞེས་འབྱུང་ཏེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི། ཐམས་ཅད་ཀྱི་གནས་དང་གཞལ་ཡས་ཁང་བདེ་བ་ཆེན་པོར་གྱུར་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། གནས་དང་གཞལ་ཡས་ཁང་བདེ་བ་ཆེན་པོའི་དབང་དང་ལྡན་པར་གྱུར་ཅིག །ཟ་ནི་སྐྱེ་བ་མེད་པའི་ཆོས་ལས་འཕགས་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི། ཆོས་ཐམས་ཅད་རྒྱུ་རྐྱེན་ལས་མ་སྐྱེས་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཉིད་གསལ་བའི་ཡེ་ཤེས་ཀྱིས་ཉོན་མོངས་པ་མ་རིག་པའི་མུན་པ་སེལ་བའི་དབང་དང་ལྡན་པར་གྱུར་ཅིག །འ་ནི་གོམ་པའི་ཚོགས་ལ་བརྩོན་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་ངང་དུ། གསུང་གི་ཚོགས་རང་བཞིན་མེད་པར་སྒྲ་སྒྲོགས་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས་ཆོས་ཀྱི་སྐུ་གསུང་གིས་ཚོགས་ཐམས་ཅད་རང་བཞིན་མེད་པར་སྒྲ་སྒྲོགས་པའི་དབང་དང་ལྡན་པར་གྱུར་ཅིག །ཡ་ནི་འཐོར་བྱེད་ཕོ་ཉའི་བདག །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་ལ་བདེ་བར་ཆེན་པོ་དེ་ལས་གཟུགས་སྐུ་རྣམ་གཉིས་ཀྱི་ཕོ་ཉ་བྱུང་ནས། འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས་ཆོས་ཀྱི་སྐུ་ལས་སྤྲུལ་པའི་སྐུ་བྱུང་ནས། འགྲོ་བའི་སེམས་ཅན་གྱི་དོན་བྱེད་པའི་དབང་དང་ལྡན༴ འཕྲུལ་གྱི་ཡི་གེ་ཞ་ཟ་སྨད་ལྔ་ནི། རྒྱལ་བ་རྣམས༴ རྒྱལ་བའི༴ ཡོན་བདག༴ ར་ནི་གཅོད་པར་བྱེད་པའི་ཡུལ་ལ་དབང་ཞེས་འབྱུང་སྟེ། །དུས་གསུམ་དུ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་དེ་ནི། །ཡེ་ཤེས་བཅད་པར་བྱ་བའི་ཡུལ་ཡིན་ཏེ། །དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྐུ་ཡེ་ཤེས་སྤྱོད་པའི་དབང་དང་ལྡན་པར་གྱུར་ཅིག །ལ་ནི་མཉམ་ཉིད་སྤྲུལ་པའི་སྐུ་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་མཉམ་པ་ཉིད་ལས་ཡེ་ཤེས་སྤྲུལ་པའི་སྐུ་བྱུང་ནས་སེམས་ཅན་ཀྱི་དོན་བྱེད་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཆོས་ཀྱི་སྐུ་མཉམ་པ་ཉིད་ལས། །ཡེ་ཤེས་སྤྲུལ་བའི་སྐུ་བྱུང་ནས། འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག ། ཤ་ནི་སྣང་བྱེད་མཁའ་ལ་ཤར། ཞེས་འབྱུང་སྟེ། དུས་གསུམ་དུ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་མཁའ་ལས་ཡེ་ཤེས་ཀྱི་བྱེ་བྲག་ཇི་སྙེད་ཅིག་ཤར་ནས། འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། དེའི་བྱིན་བརླབས་ཀྱི་ཆོས་ཀྱིས་སྐུ་ལ་ཡེ་ཤེས་ཀྱི་བྱེ་བྲག་ཤར་ནས་སེམས་ཅན་གྱི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ས་ནི་འཁོར་བའི་རང་བཞིན་སྟེ། ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ལས། འཁོར་ལོ་ལ་སོགས་སྣ་ཚོགས་འབྱུང་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས། ཐུགས་ཕྱག་མཚན་སྣ་ཚོགས་བྱུང་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ཧ་ནི་ཐབས་མཁས་དབྱིངས་ནས་བྱོན་ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་དབྱིངས་ནས་ཐབས་མཁས་པའི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པ་ཅིག་ནས། འགྲོ་བ་སེམས་ཅན་གྱི་དོན་མཐར་ཕྱིན་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིིས། ཆོས་ཀྱི་སྐུས་འགྲོ་བའི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས་ཞེས་འབྱུང་སྟེ། །དུས་གསུམ་དུ་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས། རྒྱུ་རྐྱེན་དང་བྲལ་བའི་དབྱིངས་ནས་འགྲོ་བའི་དོན་མ་འགགས་པར་ཤར་བས། སེམས་ཅན་གྱི་དོན་མཐར་ཕྱིན་པ་ཡིན་ཏེ། དེའི་བྱིན་གྱིས་བརླབས་ཀྱིས་ཆོས་ཀྱི་སྐུས་འགྲོ་བ་སེམས་ཅན་ཀྱི་དོན་བྱེད་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག །མགོ་ནི་མ་ནོར་ལམ་ཡིན་ཏེ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །དེ་ཡི་དབང་ཆོག་ཁྱོད་ལ་སྦྱིན། །བསྐུར་གནས་མགོའམ་སྙིང་གར་ཙཀྐ་ལི་རྣམས་བཏུག་ལ། བསྟིམ་གནས་ལྷ་ཚོགས་རྣམས་རང་རང་གི་རྟོག་ཚོགས་ལ་བསྟིམ། རྟོག་ཚོག་རང་དགའ་མའི་སྒྲིབ་པ་དག་ནས། སྐུ་དང་ཡེ་ཤེས་རང་སྣང་བའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ་རིགས་ཀྱི་བུ་ཁྱེད་རྣམས་ལ་ཕྱག་རྒྱའི་དབང་བསྐུར་བས། རྟོག་པ་མ་སྤངས་གནས་སུ་དག་ནས། སངས་རྒྱས་ཀྱི་ངོ་བོ་ཉིད་མངོན་དུ་གྱུར་ཏེ་སྣང་བ་རྣམ་པར་འ བྱེད་པའི་ཏིང་ངེ་འཛིན་གོམས་པ་དབང་དང་ལྡན་པར་གྱུར་ཅིག །དེ་དག་ནི་ཕྱི་ཕན་པའི་དབང་བཅུའི་ལས་ཀྱི་རིམ་སྟེ། །ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བསྐུར་བའོ། །དེ་ཡང་ཕན་དབང་བཅུ་པོ་ཐོབ་པས་སྐྱེ་བ་འདིར་ཚེ་རིང་བ་དང་། །བདེ་བ་ཕུན་སུམ་ཚོགས་པ་ཐོབ་པ་ལ་ཕན། །ཕྱི་མར་མཐོ་རིས་དང་ཐར་པ་ཐོབ་ལ་ཕན་པའི་ཕྱིར། །ཕན་པའི་དབང་ཞེས་ཐ་སྙད་དུ་བྱས་པའོ། །གཉིས་པ་ནང་ནུས་པའི་དབང་ལ་ལྔ་སྟེ། སྙན་དབང་དང་། བསྒྲུབས་དབང་དང་། འཆད་དབང་དང་། འཕྲིན་ལས་ཀྱི་དབང་དང་། །རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་གྱི་དབང་ངོ། །དང་པོ་ཉན་དབང་ལ་བསམ་རྒྱུད་ནི། ཡང་དབང་ཕྱུག་གི་ཐུགས་ཀ་ནས་བྷྲུཾ་སེར་པོ་ཆད་དེ། སློབ་བུ་རྣམས་ཀྱི་རྣ་བ་གཉིས་ཀྱི་འདོམ་རྩར་འཕྲོས་པ་ལས་གཞལ་ཡས་ཁང་དབུས་འཁོར་ལོ་རྩིབས་བཞི། གྲུ་ཆད་སྒོ་འདོག་ཅན། ཡང་དབང་ཕྱུག་གི་ཐུགས་ཀ་ནས་ཏྲཾ་ཟུང་ལྔ་དང་། ཧཱུཾ་ཛ་ཧཱུཾ་ཧཱུཾ་ཧཱུཾ་བཾ་ཧཱུཾ་ཧོ། བཅུ་འཕྲོས་པ་འོད་དུ་ཞུ་བ་ལས་ཕྱག་མཚན་བཅུ། དེ་འོད་དུ་ཞུ་བ་ལས། རང་རང་གི་གདན་ལ། དབུས་སུ་རིན་འབྱུང་ཡབ་ཡུམ། ཤར་རྩིབས་ལ། རྡོ་རྗེ་རིན་ཆེན་ཡབ་ཡུམ། །ལྷོར་རྡོ་རྗེ་གཟི་བརྗིད་ཡབ་ཡུམ། །ནུབ་ཏུ་རྡོ་རྗེ་རྒྱལ་མཚན་ཡབ་ཡུམ། །བྱང་དུ་རྡོ་རྗེ་བཞད་པ་ཡབ་ཡུམ། །ཤར་སྒོར་གཤིན་རྗེ་གཤེད་ཡབ་ཡུམ། ལྷོར་སྟོབས་པོ་ཆེ་ཡབ་ཡུམ། །ནུབ་ཏུ་རྟ་མགྲིན་ཡབ་ཡུམ། །བྱང་དུ་བདུད་རྩི་འཁྱིལ་པ་ཡབ་ཡུམ། དེ་ལ་དབང་བསྐུར། བྱིན་གྱིས་བརླབས་སྙན་གསན་དབབ། །སྤྱན་དྲངས་། བཞུགས་སུ་གསོལ། མཆོད། བསྟོད། འོད་དུ་ཞུ་བ་ལས། སློབ་མ་རིན་ཆེན་འབྱུང་ལྡན་དུ་བསྐྱེད་ལ། བོ་ཏི་ཀ་པ་ལི་དང་བཅས་པ་རིན་འབྱུང་གི་རབ་གནས་ཅན་བསྣམས་ལ། བསྒྲག་ཚིག་ནི། ཏྲཾ། གསང་བ་གསང་ཆེན་གསང་མཆོག་གང་། གསང་བ་ཀུན་ལ་གཉན་པར་བྱ། །གསང་བའི་དོན་ཉིད་རྟགས་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། ཞེས་བརྗོད་ནས་བསྐུར་གནས་སློབ་བུའི་ལག་པར་གཏད་ནས། བསྟིམ་གནས་སྒྲ་རེག་བྱེད། ཉན་ཤེས་ཀྱི་ཐིག་ལེ་ལ་བསྟིམ་པས། སྔོན་ཆད་བཀའ་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་ཉན་མི་ནུས་པའི་སྒྲིབ་པ་དག་ནས། ད་ཕྱིན་ཆད་ཉན་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ་བདེན་པ། རིགས་ཀྱི་བུ་འདི་རྣམས་ལ་ཉན་པའི་དབང་བསྐུར་བས། དེ་བཞིན་གཤེགས་པའི་བཀའ་ཕྱི་ནང་ཐམས་ཅད་ལ་ཐོགས་པ་མེད་པར་ཉན་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་སྒོམ་དབང་ལ་བསམ་རྒྱུད་ནི། །དབང་ཕྱུག་གི་ཐུགས་ཀ་ནས་བྷྲུཾ་ཆད་དེ། སློབ་བུ་རྣམས་ཀྱི་སྙིང་གི་འདོམ་རྩར་འཕྲོས་པ་ལས་གཞལ་ཡས་ཁང་། དབུས་འཁོར་ལོ་རྩིབས་བཞི། གྲུ་ཆད་སྒོ་འདོག་ཅན། ཡང་དབང་ཕྱུག་གི་ཐུགས་ཀ་ནས་ༀ་ཟུང་ལྔ་དང་། ཧཱུཾ་ཛ་ཧཱུཾ་ཧཱུཾ། ཧཱུཾ་བཾ། ཧཱུཾ་ཧོ། །བཅུ་འཕྲོས་པ་འོད་དུ་ཞུ་བ་ལས། ཕྱག་མཚན་བཅུ། དེ་འོད་དུ་ཞུ་བ་ལས། རང་རང་གི་གདན་ལ། དབུས་སུ་རྣམ་སྣང་ཡབ་ཡུམ། །ཤར་རྩིབས་ལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ། །ལྷོར་རྡོ་རྗེ་རྒྱལ་པོ་ཡབ་ཡུམ། །ནུབ་ཏུ་རྡོ་རྗེ་ཆགས་པ་ཡབ་ཡུམ། །བྱང་དུ་རྡོ་རྗེ་ལེགས་པ་ཡབ་ཡུམ། །སྒོ་བཞིར་སྒོ་བ་ཡབ་ཡུམ་བཞི་བསྒོམ། དེ་ལ་དབང་བསྐུར། བྱིན་གྱིས་བརླབས། སྙན་གསན་དབབ། སྤྱན་དྲངས་བཞུགས་སུ་གསོལ། མཆོད་བསྟོད་འོད་དུ་ཞུ་བ་ལས། སློབ་བུ་རྣམ་སྣང་དུ་བསྐྱེད་ལ། བསྒྲགས་ཚིག་ནི། ༀ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། རྒྱལ་བ་ཐམས་ཅད་མཉེས་མཆོད་པ། རྒྱལ་བ་ཀུན་དང་མཉམ་པར་སྦྱོར། ཞེས་བརྗོད་ཅིང་། བསྐུར་གནས་ནི་ལག་པར་འཕྲེང་བ་གཏད་ལ། བསྟིམས་གནས་ནི་སྙིང་གི་རྩར། དྲན་བྱེད་རིགས་ཤེས་ཀྱི་ཐིག་ལེ་ལ་བསྟིམ་པ་དང་། སྔོན་ཆད་ལྷ་དང་མི་རྟོག་དབྱེར་མེད་བསྒོམ་མི་ནུས་པའི་སྒྲིབ་པ་དག་ནས། ད་བསྒོམ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ་ནི། །བསྒོམ་པའི་དབང་བསྐུར་བས། །ལྷ་དང་མི་རྟོག་པ་ཐམས་ཅད་ལ། ཐོགས་པ་མེད་པའི་ཏིང་ངེ་འཛིན་སྒོམས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་འཕྲིན་ལས་ཀྱི་དབང་ལ་བསམ་རྒྱུད་ནི། །དབང་ཕྱུག་གི་ཐུགས་ཀ་ནས་བྷྲུཾ་ལྗང་ཁུ། །སློབ་བུའི་ལག་པ་གཉིས་ཀྱི་འདོམ་རྩར་འཕྲོས་པ་ལས། གཞལ་ཡས་ཁང་། དབུས་འཁོར་ལོ་རྩིབས་བཞི། གྲུ་ཆད་སྒོ་འདོག་ཅན། ཡང་དབང་ཕྱུག་གི་ཐུགས་ཀ་ནས་ཧ་ཟུང་ལྔ་དང་། ཧཱུཾ་ཛ། ཧཱུཾ་ཧཱུཾ། ཧཱུཾ་བཾ། ཧཱུཾ་ཧོ། །བཅུ་འཕྲོས་འོད་དུ་ཞུ་བས། ཕྱག་མཚན་བཅུ། དེ་འོད་དུ་ཞུ་བ་ལས། རང་རང་གི་གདན་ལ། དབུས་སུ་དོན་གྲུབ་ཡབ་ཡུམ། ཤར་རྩིབས་ལ་རྡོ་རྗེ་ལས་ཡབ་ཡུམ། ལྷོར་རྡོ་རྗེ་བསྲུངས་པ་ཡབ་ཡུམ། ནུབ་ཏུ་རྡོ་རྗེ་གནོད་སྦྱིན་ཡབ་ཡུམ། བྱང་དུ་རྡོ་རྗེ་ཁུ་ཚུར་ཡབ་ཡུམ། སྒོ་བཞིར་སྒོ་བ་ཡབ་ཡུམ་བཞི་བསྐྱེད། དེ་ལ་དབང་བསྐུར་བྱིན་གྱིས་བརླབས། སྙན་གསན་དབབ། སྤྱན་དྲངས། བཞུགས་སུ་གསོལ། མཆོད་བསྟོད། འོད་དུ་ཞུ་བ་ལས། སློབ་མ་དོན་གྲུབ་ཡབ་ཡུམ་དུ་བསྒོམས་ལ། བསྒྲགས་ཚིག་ནི། ༀ །ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཁྱོད་ཀྱིས་བྱོས། །ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། ཞེས་སོ། །བསྐུར་གནས་ནི། ལག་པར་རྒྱ་གྲམ་གཏད་ལ། བསྟིམ་གནས་ནི་ལག་པར་གཉིས་ཀྱི་འདོམ་རྩའི་བསྐྱོད་བྱེད་ཀྱི་ཐིག་ལེ་ལ་བསྟིམ་ནས། སྔོན་ཆད་འཕྲིན་ལས་བཞིས་དབང་དུ་འདུལ་མི་ནུས་པའི་སྒྲིབ་པ་དག་ནས། ད་འདུལ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ། འཕྲིན་ལས་རྣམ་པ་བཞིས་སྲིད་པ་གསུམ་གྱི་སེམས་ཅན་མ་ལུས་པའི་དོན་ཇི་ལྟར་འདུལ་བ་བཞིན་བྱེད་པའི་དབང་དམ་པ་་ཐོབ་པར་གྱུར་ཅིག །བཞི་པ་འཆད་དབང་བསམ་བརྒྱུད་ནི། དབང་ཕྱུག་གི་ཐུགས་ཀ་ནས་སློབ་བུའི་ལྕེ་སྟེངས་སུ་བྷྲུཾ་འཕྲོས་པ་ལས། གཞལ་ཡས་ཁང་། དབུས་སུ་འཁོར་རྩིབས་བཞི། གྲུ་ཆད་སྒོ་མདོག་ཅན། ཡང་དབང་ཕྱུག་གི་ཐུགས་ཀ་ནས་ཧྲཱིཿ ཟུང་ལྔ་དང་། ཧཱུཾ་ཛ། ཧཱུཾ་ཧཱུཾ། ཧཱུ་ཱུཾབཾ། ཧཱུཾ་ཧོ། བཅུ་འཕྲོས་པ་འོད་དུ་ཞུ་བ་ལ། ཕྱག་མཚན་བཅུ། དེ་འོད་དུ་ཞུ་བ་ལས། རང་རང་གི་གདན་ལ། དབུས་སུ་སྣང་མཐའ་ཡབ་ཡུམ། ཤར་རྩིབས་ལ་རྡོ་རྗེ་ཆོས་ཡབ་ཡུམ། །ལྷོར་རྡོ་རྗེ་རྣོན་པོ་ཡབ་ཡུམ། །ནུབ་ཏུ་རྡོ་རྗེ་རྒྱུ་ཡབ་ཡུམ། །བྱང་དུ་རྡོ་རྗེ་སྨྲ་བ་ཡབ་ཡུམ། །སྒོ་བཞིར་སྒོ་བ་ཡབ་ཡུམ་ཟུང་བཞི་བསྐྱེད། །དེ་ལ་དབང་བསྐུར་བྱིན་གྱིས་རླབས། །ཡེ་ཤེས་པ་དབབ་སྙན་གསན་དབབ། སྤྱན་དྲངས། བཞུགས་སུ་གསོལ། མཆོད་བསྟོད། འོད་དུ་ཞུ་བ་ལས་སློབ་མ་སྣང་བ་མཐའ་ཡས་སུ་གྱུར་བར་བསམ། བསྒྲགས་ཚིག་ནི། ༀ་གྱིས་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམས་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲགས་གཞན་དུ་མིན། ཅེས་སོ། །བསྐུར་གནས་ལག་པ་སྟེ། འཁོར་ལོ། དུང་། ཕྱག་ཤིང་གསུམ་ལ་འཁོར་ལོ་གདན་དུ་བྱོས་ལ། ལག་པ་གཡས་སུ་དུང་། གཡོན་དུ་ཕྱག་ཤིང་གཏད་ལ། བསྟིམ་གནས་ནི་ལྕེ་ལ་གནས་པ་སྨྲ། བྱེད་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམ་ཞིང་། སྔོན་ཆད་སེམས་ཅན་གྱི་ཤེས་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་མི་ནུས་པའི་སྒྲིབ་པ་དག་ནས། ད་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་ནུས་པ་དངོས་སུ་བསྐྱེད་པར་བསྒོམས་ཤིང་། བདེན་པ་ནི། འཆད་པའི་དབང་བསྐུར་བས། སེམས་ཅན་ཐམས་ཅད་ཀྱི་ཤེས་པའི་རྒྱུད་ལ་ཐེག་པ་མཐའ་དག་གི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་གྱིས་དབང་ལ་བསམ་རྒྱུད་ནི། དབང་ཕྱུག་གི་ཐུགས་ཀ་ནས། བྷྲུཾ་ཆ་ལྔ་འཕྲོས་ཏེ་སློབ་བུའི་མགོ་ལག་པ་གཡས་གཡོན། རྐང་མཐིལ་གཡས་གཡོན་རྣམས་སུ་འཕྲོས་པས། གཞལ་ཡས་ཁང་གདན་དང་བཅས་པ་ཆ་ལྔ་བསྐྱེད་ལ། མགོར་ༀ་ཟུང་ལྔ་ལག་པ་གཡས་སུ་ཧཱུཾ་ལྔ། གཡོན་ལ་སྭ་ཟུང་ལྔ། རྐང་པ་གཡོན་ལ་ཨཾ་ཟུང་ལྔ། གཡས་ལ་ཧ་ཟུང་ལྔ། ལུས་གྱི་སྤྱི་གཙུག་དང་། སྙིང་ག །ནུ་མ་གཡས། དཔུང་པ་གཡས། སོག་པ་གཡས་སོགས་སྤྲག་སོག་པ་གཡོན། དཔུང་པ་གཡོན། ནུ་མ་གཡོན། གཤང་ལམ་རྣམས་སུ་ཧཱུཾ་ཟུང་རེ་རེ་བཀོད་ལ། དེ་འོད་དུ་ཞུ་བ་ལས། ལྷ་བཅུ་རང་རང་གི་ཕྱག་མཚན་དུ་གྱུར་ཏེ། དེ་འོད་དུ་ཞུ་བ་ལས། མགོ་ལ་རྣམ་སྣང་ཡབ་ཡུམ་སོགས་བཅུ། ལག་པ་གཡས་སུ་རྡོར་སེམས་ཡབ་ཡུམ་ལ་སོགས་པ་བཅུ། ལག་པ་གཡོན་དུ་རིན་འབྱུང་ཡབ་ཡུམ་ལ་སོགས་བཅུ་རྐང་བ་གཡོན་དུ་སྣང་མཐའ་ཡབ་ཡུམ་ལ་སོགས་པ་བཅུ། རྐང་པ་གཡས་སུ་དོན་གྲུབ་ཡབ་ཡུམ་ལ་སོགས་བཅུ། སྤྱི་གཙུག་ཏུ་ཧཱུཾ་ཀ་ར་ཡབ་ཡུམ། སྙིང་གར་རྣམ་པར་རྒྱལ་བ་ཡབ་ཡུམ། ནུ་མ་གཡས་ལ་དབྱུག་སྔོན་ཡབ་ཡུམ། དཔུང་མགོ་གཡས་ལ་གཤིན་རྗེ་གཤེད་མཐིང་ཡབ་ཡུམ། སོག་སྟེང་གཡས་པར་མི་གཡོ་མགོན་པོ་ལྗང་དམར། །སོག་དཔྲག་ཏུ་རྟ་མགྲིན་དམར་པོ། །སོག་སྟེང་གཡོན་དུ་གཞན་གྱིས་མི་ཆོད་སྔོན་པོ། དཔུང་མགོ་གཡོན་དུ་བདུད་རྩི་འཁྱིལ་པ་ལྗང་ཁུ། ནུ་མ་གཡོན་པར་ཁམས་གསུམ་རྣམ་རྒྱལ་སེར་པོ། གཤང་མཁར་སྟོབས་པོ་ཆེ་དུད་ཀ་ཡབ་ཡུམ་རྣམས་བསྐྱེད་ཅིང་། དེ་ལྟར་ལྷ་བདུན་ཅུ་པོ་ལ་དབང་བསྐུར་བྱིན་གྱིས་རླབས། །སྙན་གསན་དབབ། སྤྱན་དྲངས། བཞུགས་སུ་གསོལ། མཆོད་བསྟོད། འོད་དུ་ཞུ་བ་ལས། སློབ་མ་ཀུན་ཏུ་བཟང་པོར་བསམ་མོ། །བསྒྲགས་ཚིག་ནི། ༀ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱིས་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། བསྐུར་གནས་ནི། ལག་པ་གཡས་གཡོན་དུ་དབང་ཕྱུག་གི་རྡོ་རྗེ་དང་དྲིལ་བུ་བསྣོལ་ལ་གཏད་དེ་སྙིང་ཁར་བསྣོལ་དུ་བཅུག་ལ། བསྟིམ་གནས་ནི་ཡན་ལག་ལྔའི་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམ་པས། སྔོན་ཆད་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བ་ལ་སོགས་པ་གཞན་དོན་བྱ་བར་མི་ནུས་པའི་སྒྲིབ་པ་དག་ནས། ད་དབང་པྱུག་ཆེན་པོར་གྱུར་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྤྱོད་ཅིང་བསྒྲུབ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས། བདེན་པ་ནི། རིགས་ཀྱི་བུ་འདི་རྣམས་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱིས་དབང་བསྐུར་བས། སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་དག་ནི་ནང་ནུས་པའི་དབང་གི་ལས་ཀྱི་རིམ་པ་སྟེ། ནང་ལུས་ཀྱི་དཀྱིལ་འཁོར་བསྐུར་བའོ། །དེ་ཡང་ཉན་དབང་དང་བསྒོམ་དབང་ཐོབ་པས་བདག་དོན་ནུས། འཕྲིན་ལས་ཀྱི་དབང་དང་འཆད་དབང་ཐོབ་པས་གཞན་དོན་ནུས། །རྡོ་རྗེ་རྒྱལ་བོ་བཀའ་རབ་འབྱམས་ཀྱི་དབང་ཐོབ་པས། །བདག་གཞན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་ནུས་པའི་ཕྱིར། །ནུས་པའི་དབང་ཞེས་ཐ་སྙད་དུ་བྱའོ། །ནང་ནུས་པའི་དབང་ལྔ་པ་རྣམས་མ་བསྔུས་པ་ལ་སྤྲོ་ན་ཚིགས་བཅད་དང་། །སྔགས་ཙམ་གྱིས་ཆོག་གོ །གསུམ་པ་གསང་བ་ཟབ་མོའི་དབང་ལ། རྩ་བརྒྱུད་ལེའུ་བཅུ་པ་ལས། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསོལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པདྨོར་བསྐྱིལ། ཅེས་པས་གསུམ་སྟེ། གསང་དབང་དང་། །ཤེས་རབ་ཡེ་ཤེས་ཀྱི་དབང་དང་། །དབྱེར་མེད་བདེ་བ་ཆེན་པོའི་དབང་ངོ་། །དང་པོ་ནི། ཐབས་རྒྱུད་ལས། མི་བསྐྱོད་ཡབ་ཡུམ་རོལ་པ་ཡིས། །བདེ་བ་གསལ་ཞིང་མི་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ཡིས། རྡོ་རྗེ་ཡེ་ཤེས་ཧཱུཾ་ཚོགས་ཀྱིས། །པདྨའི་ཡེ་ཤེས་བསྡུས་འཁྱིལ་པའི། །ཡུངས་དཀར་ཚན་ཙམ་རྡོ་རྗེ་སེམས། རྩེ་ནས་རྩེ་རུ་ཕྱིན་པ་ཡིས། རང་བཞིན་ཆོས་ཁམས་དཀྱིལ་འཁོར་གྱི། ས་བོན་ཟུང་གསུམ་གཉིས་དང་བཅས། གནས་ངན་ལེན་པ་ཀུན་སྦྱངས་སྟེ། དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། གསལ་བའི་ས་བོན་ཚིག་པ་བཞིན། མི་སྐྱེ་ཐབས་ཀྱི་དབུགས་ཕྱུང་པའོ། །ཞེས་གསུངས་སོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དེ་ཉིད་ལས། དེ་ལས་གཞན་ཡང་བཤད་བྱ་བ། རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། ཟིལ་བའི་ཐིག་ལེ་སྔོན་ལམ་བཞིན། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག །ཕན་ཚུན་བགོད་པའི་སྟོབས་ཀྱིས་བསྟིམ། བདེ་བ་གཉིས་པའི་ངོ་བོ་ཉིད། གསུམ་པའི་ཡེ་ཤེས་དཀྱིལ་འཁོར་དུ། གསལ་བར་ཤར་བས་གྱུར་པའི་སྒྲ། རང་བཞིན་འོད་གསལ་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །གསུམ་པ་དབྱེར་མེད་བདེ་བ་ཆེན་པོའི་དབང་ནི། དེ་ཉིད་ལས། །དེ་ལས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། ཕུང་པོ་ཁམས་ཚོགས་དང་ལྔན་པ། །དེ་ཟླ་བསིལ་བྱེད་ཤེས་རབ་དངོས། །དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་བཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བའི་ཡེ་ཤེས་ལྔ་བཅུ་དྲུག། ། དཔེ་ལ་རྫོགས་པ་དཔག་ཏུ་མེད། །སེམས་ཤེས་མངོན་པར་ཤེས་དང་ལྡན། །སེམས་མཐའ་འགྲོ་འོང་རྫུ་འཕྲུལ་ཤེས། །གནས་ནས་ལོག་པ་ཐིམ་པའི་སྒྲས། །མཐའ་གཉིས་མ་གོས་པདྨའི་སྤྱན། །སྤྲུལ་པའི་གནས་ནས་སྐྱེ་བ་ཡིས། །བཞི་བཅུ་ལྔ་སོགས་མཐའ་ཡས་ཀུན། །རང་བཞིན་ཉིད་ལས་རང་གསལ་བས། །བཅུ་གསུམ་ཡི་གེ་འཁོར་ལོ་བརྗོད། ཞེས་གསུངས་སོ། །དེ་དག་གི་ཆོ་གའི་ལས་རིམ་ནི། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་དབང་གི་གལ་པོར་གསུངས་པས་འདིར་མ་བྲིས་སོ། །དེ་དག་ནི་གསང་བ་ཟབ་མོའི་དབང་གི་ལས་ཀྱི་རིམ་པ་སྟེ། གསང་བ་དང་ཤེས་རབ་ཡེ་ཤེས་ནི་བྷ་གའི་དཀྱིལ་འཁོར་དང་། དབྱེར་མེད་བདེ་བ་ཆེན་པོ་ནི་སེམས་ཀྱི་དཀྱིལ་འཁོར་དུ་བསྐུར་བའོ། །དེ་ཡང་གསང་དབང་ཐོབ་ནས། དམ་རྫས་བདུད་རྩི་ལྔ་ལ་ལོངས་སྤྱོད་པ་དང་། སྟེང་སྒོ་འཁོར་ལོའི་མན་ངག་བསྒོམ་པ་གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་ལས་ཀྱི་ཕྱག་རྒྱ་བརྟེན་པ་དང་། འོག་སྒོ་ཁམས་གསུམ་བསྲུང་འཁོར་གྱི་མན་ངག་བསྒོམ་པ་གསང་། དབྱེར་མེད་བདེ་བ་ཆེན་པོའི་དབང་ཐོབ་ནས། ཀུན་རྫོབ་ཏུ་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར། དོན་དམ་དཀོར་བདུན་ངོ་བོ་ཉིད་ཀྱི་སྐུར་ལྷུན་གྱིས་གྲུབ་པ་ལས་མ་གཡོས་པར་རྟོགས་ཤིང་། རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་མངོན་དུ་གྱུར་པའི་དོན་གསང་ངོ་། །དེ་ཡང་ཐོག་མ་གཉིས་ནི། དཀྱིལ་འཁོར་བྷ་ག་དང་། དབང་རྫས་ཉི་ཟླ་བྱང་ཆུབ་ཀྱི་སེམས་དང་། བསྐུར་ཚུལ། བ་དང་བེའུ་བྱ་དང་བྱིའུ། བུང་བ་དང་མེ་ཏོག་གི་ཚུལ་དང་། །ཉམས་ལེན་ཀ་ར་ནིའི་བསྟན་བཅོས་བརྒྱད་དམ། དྲུག་བཅུ་རྩ་བཞི་ལ་སོགས་པ་རྣམས་ནི། འཇིག་རྟེན་པ་རྣམས་ཀྱིས་བཞད་གད་ཀྱིས་གནས་སུ་འགྱུར་བའི་ཕྱིར་དང་། ཕྱི་མ་བློ་ཆུང་བ་རྣམས་ལ་རང་གསང་ཐབས་ཀྱིས་ཆོད་ནས། རང་ལ་གནས་པའི་དོན་དེ་བསྟན་ཀྱང་མི་གོ །མཚོན་ཀྱང་མི་རྟོགས། །ཡོན་ཏན་བརྗོད་ཀྱང་བྲོད་པའི་བློ་མི་སྐྱེ་པའི་ཕྱིར། །གསང་བ་ཟབ་མོའི་དབང་ཞེས་ཐ་སྙད་དུ་བྱས་པའོ། །བདུན་པ་དབང་མ་ཐོབ་པའི་སྐྱོན་ནི། །རྩ་རྒྱུད་ཀྱི་ལེའུ་བཅུ་པ་ལས། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་གྱུར། །ཅེས་གསུངས་སོ། །བརྒྱད་པ་དབང་ཐོབ་པའི་ཕན་ཡོན་ནི། དེ་ཉིད་ལས། དུས་འདི་ཕན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། ཞེས་གསུངས་སོ། །གོང་གི་གསང་བ་ཟབ་མོའི་དབང་གསུམ་པོ་དེ། ཡོ་ག་ལ་སོགས་པའི་དབང་དྲུག་པོ་ལ་དངོས་སུ་མི་བསྐུར། ཤུགས་ལ་དོད་ཟུར་ཙམ་བསྐུར། གོང་གི་འཇུག་ཆོག་བཅོ་བརྒྱད་ལ་དམ་ཚིག་སྦྱིན་པ་དམ་ཚིག་འབོགས་པ། དམ་ཆུ་བླུད་པ། དམ་བསྒྲག་པ། དམ་བསྒྲག་པ་བཞི་མ་གཏོགས་པའི་བཅུ་བཞི་དང་། ཕྱིི་ཕན་པའི་དབང་བཅུ་ལ་ཕྱག་རྒྱ་མ་གཏོགས་བའི་དགུ་དང་། ནང་ནུས་པའི་དབང་ལྔ་པོ་རྣམས་ཡོ་ག་ལ་སོགས་པའི་ཐེག་པ་དྲུག་པོ་ཀུན་ལ་འགྲེས་སོ། །བར་སྐབས་ཚིག་ཁ་བསྒྱུར་གོང་དུ་བཤད་པའི་དབང་དེ་རྣམས་སྒྱུ་འཕྲུལ་གྱི་དབང་དང་མཚུངས་པར་སྣང་སྙམ་ན། ཡོ་ག་ལ་སོགས་ཐེག་པ་དྲུག་པོའི་དབང་། །མེ་ལོང་གཡའ་དག་པ་དང་འདྲ་བ་ལ། སྒྱུ་འཕྲུལ་གྱིས་དང་གཟུགས་བརྙན་དང་འདྲ་བ་ཤར་བ་ཡིན་པས་འགལ་བ་མེད་ཅིང་ཤིན་ཏུ་འཐད་དོ། །ལྷ་མིའི་དབང་གི་སྐབས་འདིར། །གསང་བ་ཟབ་མོའི་དབང་གསུམ་གྱི་དོད་ནི། །ལམ་ཁྱེར་གསུམ་ལས། །ཐེག་པའི་ལམ་ཁྱེར་ལྷ་མིའི་ཐེག་པ། །ལྷ་ལམ་ཁྱེར་རྣམ་པར་སྣང་མཛད་ལ་སོགས། །སྙིང་པོ་ལམ་ཁྱེར་ན་མོ་བྷ་ག་ཝ་ཏི་སརྦ་དུརྒ་ཏི་སོགས། འགག་དྲུག་ནི། གོང་དུ་བཤད་པའི་གནས་ནི། ཆུ་བོ་ནེ་རན་ཛ་ཎའི་འགྲམ་དུའོ། །གང་གིས་བཤད་པའི་སྟོན་པ་ནི་ཤཱཀྱ་ཐུབ་པའོ། །གང་ལ་བཤད་པའི་འཁོར་ནི་བྱང་ཆུབ་སེམས་དཔའ་དོན་གྲུབ། གང་བཤད་པའི་ཐེག་པ་ནི། ལྷ་མིའི་ཐེག་པའི་དབང་དགོས་པ་ནི། འཇིག་རྟེན་པའི་བྱ་བ་ལ་མཁས་པའི་དགོས་པ་ཡོད་དོ། །དེ་ཡང་གཞུང་ལས། གང་གིས་གང་ལ་ཅི་ཕྱིར་གང་དགོས་པ། འདི་ནི་ལྷ་མི་ཐེག་པའི་འགག་དྲུག་ཡིན། ཅེས་སོ། །གདམ་ངག་ཞུ་ན། དགེ་བཅུ་དག་ལ་གཙོར་བྱེད་པས། དགེ་རྩ་མི་འབྲལ་འཕེལ་རྒྱས་བྱ། ཞེས་པས། དབང་མི་ཟད་པའི། འཕེལ་བར་བྱེད་པའི་ཕྱིར། རང་གི་སྤྱི་བོར་ཟླ་བ་ཉ་གང་བ་གཅིག་བསྒོམ། དེའི་སྟེང་དུ་ཤཱཀྱ་ཐུབ་པ་འདུ་འབྲལ་མེད་པར་བསྒོམ། བྱ་བ་དང་སྤྱོད་པ་ཅི་བྱེད་ཀྱང་སྤྱི་བོའི་ཤཱཀྱ་ཐུབ་པས་བཀའ་བསྒོ་ནས་བྱེད་པས། ཤཱཀྱ་ཐུབ་པའི་གསུང་ལས་འདའ་བ་མེད་པ་ནི་མི་དགེ་བའི་སེལ་མེད་པའོ། །དེ་ནས་ཡེ་ཤེས་ངང་བསྒོམ་ཆུང་སྔུན་གྱིས་ཐད་ཀར་གཟིགས་ཤིག །དབང་དོན་ཆེན་པོ་སྐས་གདང་ལས་ལྷ་མིའི་ཐེག་པའི་སྐབས་སོ། །འདི་ནི་འཁྲུལ་སྣང་བཙད་གཅོད་ནམ་མཁའ་དང་མཉམ་པའི་རྒྱུད་ལས་གསུངས་སོ། །གསུམ་པ་རྗེས་ནི་ཡོན་དང་མཎྜལ་ཕུལ་ལ། བསྔོ་བ་སྨོན་ལམ་དང་། བཀྲ་ཤིས་བརྗོད། ཚོགས་དང་དགའ་སྟོན་རྒྱ་ཆེན་པོ་བྱ། གླུ་གར་དང་རྩེད་འཇོའི་ཉམས་བསྐྱང་། མཆོད། བསྟོད། བསྔོ་བ། བཟོད་གསོལ། གཤེགས་གསོལ་བྱས་ལ། དཀྱིལ་འཁོར་བསྡུའོ། །ལྷ་མིའི་དབང་རྫོགས་སོ།། །།

དང་པོ་ཕྱི་དབང་གི་ཆུ་བོ་ལས་ཉན་ཐོས་ཀྱི་དབང་གི་ཐེམ་སྐས།

དང་པོ་ཕྱི་དབང་གི་ཆུ་བོ་ལས། ཉན་ཐོས་ཀྱི་དབང་གི་ཐེམ་སྐས་བཞུགས། གཉིས་པ་ཉན་ཐོས་ཀྱི་དབང་ལ་གཉིས་སྟེ། །དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། །འཇུག་གི་དབང་གི་རིམ་པའོ། དང་པོ་ནི། རྡོ་རྗེ་ལས་རིམ་ལས། ཚད་ཐིག་དང་། ཚོན་དང་བྲི་བའི་རྣམ་པ་དང་། རབ་གནས་སྦྱིན་སྲེགས་དང་ཞེས་པས། ཚད་དང་ལྡན་པའི་ས་སྟེགས་ལ་ས་དྲི་བཟང་ཆུ་ཡིས་ཆག་ཆག་གདབ། བྱིན་བརླབས་ལྡན་པའི་ཐིག་སྐུད་ཀྱིས་ཐིག་བརྒྱད་གོང་བཞིན་ལེགས་པར་གདབ་པ། ཐིག་གི་རྒྱལ་པོ་འཁོར་ལོ་ལ། དེ་ལ་འཕྲད་འདབ་ཆ་ཉི་ཤུ། དེ་ནས་ཆ་ཕྲན་གདབ་པ་ནི། དང་པོ་ཕྱེད་གདབ་ཕྱི་མ་གདབ། གཉིས་པ་ཆ་བཞི་མཉམ་དུ་གདབ། པད་ལྟེ་པདྨ་འདབ་བཞི་དང་། སྒོ་སོགས་རྟ་བབས་འཁོར་གདུགས་ཡིན། གསུམ་པ་བཞི་པ་དོར་བར་བྱ། པདྨ་འདབ་མ་བཅུ་དྲུག་ཡིན། ལྔ་པ་དབུས་དོར་མཐའ་གཉིས་གདབ། དྲུག་པ་ཕྱེད་གདབ། ཕྱི་མ་གདབ། བདུན་པ་ཆ་བཞི་མཉམ་དུ་གདབ། བརྒྱད་པ་དབུས་དོར་མཐའ་གཉིས་གདབ། དགུ་པ་དབུས་དོར་མཐའ་གཉིས་གདབ། བཅུ་པ་མེ་རི་དོར་བར་བྱ། དེ་ནས་མུ་ཁྱུད་བསྐོར་བ་ནི། ཆ་བྲན་བཞི་ནས་ལྟེ་བ་སྐོར། ཆ་ཕྲན་ལྔ་ནས་མུ་ཁྱུད་ཕྱི། ཆ་བྲན་དགུ་ནས་འདབ་བཞི་བསྐོར། །བཅུ་ནས་དེ་ཡི་མུ་ཁྱུད་ཕྱི། །བཅུ་བཞིར་པད་འདབ་བཅུ་དྲུག་བསྐོར། བཅོ་ལྔ་དེ་ཡི་མུ་ཁྱུད་ཕྱི། །མདའ་གཡབ་ཚངས་ཐིག་ཕྲག་སོ་ནས། །གཡས་གཡོན་ཕྱོགས་སུ་ཆ་གཉིས་དོར། །དེ་ནས་སྤངས་སུ་ཆ་གཅིག་དོར། །དེ་ནས་ཆ་ཕྲན་གཅིག་ནས་བསྐོར། །མདའ་ཡབ་ཚངས་ཐིག་འཕྲད་སོ་ནས། །སྤངས་སུ་ཆ་ཕྲན་གཉིས་དོར་ལ། །གཉིས་ནས་བསྐོར་བ་གླང་གུར་ཡིན། །གླང་གུར་འོག་མ་བསྐོར་ས་ནས། །ཆ་ཕྲན་དྲུག་དྲུག་ལན་གསུམ་བསྐོར། །ཆུ་སྲིན་ཁ་ཡི་རྡོར་རྭ་ཡིན། །མདའ་ཡབ་ཟུར་ཐིག་ཕྲད་སོ་ནས། པད་འདབ་རྡོ་ར་མེ་རི་ལ། །ཅི་རིགས་མཚམས་པ་བསྐོར་བར་བྱ། དེ་ནས་ཚོན་གྱི་རིམ་པ་ནི། དབུས་ཀྱི་ལྟེ་བ་གསེར་པོ་བྱ། འདབ་བཞི་ཕྱོགས་ཚོན་མཚམས་བཞི་མཛེས། །བཅུ་དྲུག་མཛེས་ཚོན་མུ་ཁྱུད་རྣམས། །ཅི་ལྟར་རིགས་པ་བྲི་བར་བྱ། །སྒོ་སོགས་ཕན་ཆད་སྤྱི་དང་མཐུན། །དེ་ནས་རྣམ་པ་དགོད་པ་ནི། །ལྷ་གྲངས་མཉམ་པའི་ཚོམ་བུ་དང་། །སྐུ་བརྟེན་དབུས་སུ་ཤཱཀ་ཐུབ་དང་། །འདབ་མ་བཞི་ལ་འཁོར་རྣམ་བཞི། །བཅུ་དྲུག་འདབ་ལ་མཆོག་བཅུ་དྲུག །གསུང་རྟེན་རྟེན་ལ་གླེགས་བམ་བཞུགས། །ཐུགས་རྟེན་རྡོ་རྗེ་དྲིལ་བུ་དགོད། །ཆད་ལྷག་བསལ་ཞིང་ཞལ་གསོལ་མཆོད། མཆོད་ཡོན་ལ་སོགས་ཕྱི་མཆོད་དང་། གཏོར་མ་བཤམས་པ་ལ་སོགས་དང་། བུམ་སོགས་བཤམས་པ་གོང་དང་མཐུན། དེ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རབ་གནས་ཀྱི་དོད་ནི། དཔོན་སློབ་རྣམས་གདན་ལ་བཞུགས་ཤིང་། སྔོན་འགྲོ་གཏོར་མ་ཆ་བཞིའམ་ཆ་གཅིག་བཤམས་ལ། བྱིན་གྱིས་བརླབས་ལ་བསྔོ་ཤིང་མཚམས་བཅད་པ་དང་། མཆོད་པས་བྱིན་གྱིས་བརླབས་པ་དང་། སྐྱབས་འགྲོ་སེམས་བསྐྱེད་གོང་བཞིན་སྔོན་དུ་སོང་ནས། དངོས་བཞི་བདག་བསྐྱེད་ནི། ༀ་སྭ་ཝ་བྷ་སྟོང་པའི་ངང་ལས། བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་གྱི་ཁང་པ། གྲུ་བཞི། སྒོ་བཞི། བརྒྱན་རྟ་བབས་དང་བཅས་པའི་དབུས་སུ། པདྨ་འདབ་བཞི་ལྟེ་བ་གསེར་པོ་ཤར་གྱི་པད་འདབ་དཀར་པོ། ལྷོ་སེར་ནུབ་དམར་བྱང་ལྗང་། མུ་ཁྱུད་འོད་ཟེར་གྱི་འཕྲེང་བ། དེའི་ཕྱི་རོལ་པད་འདབ་བཅུ་དྲུག་གི་ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་རྣམས་མཛེས་མཚོན་མུ་ཁྱུད་མུ་ཏིག་གི་འཕྲེང་བས་བསྐོར་བའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་བདག་གི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ། གཡས་ས་གནོན་གཡོན་མཉམ་མཞག །ཞབས་རྡོ་རྗེའི་དཀྱིལ་དཀྲུང་། ཆོས་གོས་ངུར་སྨྲིག་སྐུ་ལ་གསོལ་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱས་བཟང་པོ་བརྒྱད་ཅུ་དང་ལྡན་པར་བསྒོམས། བདེན་པ་བཞི་དང་ལྡན་པའི་ཤར་གྱི་པད་འདབ་ལ་དགེ་སློང་ཕོ། །ལྷོའི་པད་འདབ་ལ་དགེ་སློང་མོ། །ནུབ་ཀྱི་པད་འདབ་ལ་དགེ་ཚུལ་ཕོ། །བྱང་གི་པད་འདབ་ལ་དགེ་ཚུལ་མོ། །ཆོས་གོས་དང་ཤམ་ཐབས་ཅན། །ལྷུང་བཟེད་དང་མཁར་སིལ་འཛིན་པ། །ཞབས་དགེ་སྦྱོང་གི་བཞུགས་སྟངས་སོ། །དེའི་ཕྱི་རོལ་དུ་པད་འདབ་བཅུ་དྲུག་གི །ཤར་གྱི་པད་འདབ་བཞིར། ཤར་ནས་རིམ་པ་བཞིན་དུ། འཕགས་པ་དགའ་བོ། གདུགས་འཛིན་པ། །སྒྲ་གཅན་འཛིན། པདྨའི་སྡོང་བུ་འཛིན། ཤཱ་རིའི་བུ། རིན་པོ་ཆེ་འཛིན། མོའུ་འགའ་གྱི་བུ་བཞི། པདྨ་འཛིན་པ། ལྷོའི་པད་འདབ་བཞིར། རབ་འབྱོར། ཟླ་ཚེས་འཛིན་པ། འཆར་ཀ །འཁོར་ལོ་འཛིན་པ། མ་འགག་པ། མེ་ལོང་འཛིན་པ། ཀོ་འུ་དེ་ནྱ་བཞི།རིན་པོ་ཆེའི་སྒྲོམ་བུ་འཛིན། ནུབ་ཀྱི་པད་འདབ་བཞི་ལ། ཉེ་བ་འཁོར། བར་པུ་འཛིན། རྟ་ཐུལ། འཕྲེང་བ་འཛིན་པ། བ་གླང་བདག །དྲང་སྲོང་འཛིན་པ། ཀུན་དགའ་བོ་བསིལ་ཡབ་འཛིན་པ བཞི། བྱང་གི་པད་འདབ་བཞི་ལ། མིང་ཆེན་ཕན་འཛིན་པ་ནོར་འཛིན། རིན་པོ་ཆེའི་རྐྱལ་བུ་འཛིན་གང་པོ་རིན་པོ་ཆེའི་འབར་འཛིན་འོད་བསིལ་ཡབ་འཛིན། བསྲུངས་རྡོ་རྗེ་འཛིན། བཞིའོ། །ཐམས་ཅད་ཀྱང་སྐུ་མདོག་སྣ་ཚོགས་པ་ཡང་། ཕྱག་ན་པོ་ཏི་དང་ལྷུང་བཟེད་དང་མཁར་སིལ་འཛིན་པ་ཆོས་གོས་ངུར་སྨྲིག་གྱོན་པའོ། །ལྷ་ཚོགས་དེ་རྣམས་ལ་རང་བཞིན་གྱི་གནས་ནས། ཡེ་ཤེས་པ་སྙན་གསན་དབབ། སྤྱན་དྲང་བཞུགས་སུ་གསོལ། ཕྱག་འཚལ། མཆོད་པ་འབུལ་བ་རྣམས་ཅི་རིགས་པ་བྱ། བསྟོད་པ་ནི། ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང་། ཞེས་སོགས་དང་། སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདག་མེད་ལ། །འཁོར་བའི་རྒྱུ་འབྲས་སྤངས་ཤིང་འདས་པ་བསྒྲུབ་པ་ཡི། །དགེ་སློང་ཕོ་མོའི་དགེ་ཚུལ་ཕོ་མོ་ལ། །ཕྱག་འཚལ་མཆོད་འབུལ་གུས་པས་བསྟོད་པར་བགྱི། །སྟོན་པའི་རྟགས་འཆང་ཉན་ཐོས་ཚུལ། །ལྷུང་བཟེད་མཁའ་སིལ་པོ་ཏི་བསྣམས། །བསླབས་སྦྱངས་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་བསྟོད། བསྙེན་པ་ནི་ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱཧཱ། ཞེས་ཅི་རིགས་པར་བསྙེན་ནོ། །དེ་ནས་བུམ་བསྐྱེད་ནི། ༀ་སྭ་བྷཱ་ཝ་བི༴ སྟོང་པའི་ངང་ལས། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་ལ་སོགས་བདག་བསྐྱེད་ལྟར་བསྙེན་པ་ཡན་ཆད་ལ་བར་སྐབས་ཀྱི་འདོན་པ་བསྒྱུར་རོ། །མདུན་བསྐྱེད་ནི། ༀ་སྭ་བྷ་ཝ༴ སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་སོགས་བདག་བསྐྱེད་ལྟར་བསྙེན་པ་ཡན་ཆད་ལ་བར་སྐབས་ཀྱི་འདོན་པ་ཁ་བསྒྱུར་རོ། །ཡེ་དྷ་རྨ་བརྗོད་ཅིང་། བུམ་པ་དང་དཀྱིལ་འཁོར་ལ་སོགས་ལ་རབ་གནས་བྱེད། གྲུབ་ན་སྦྱིན་བསྲེག་ཀྱང་ཅི་རིགས་པར་བྱའོ། གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་གཉིས་སྟེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་པའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་པ་དང་དབང་ལེན་པའོ། །དང་པོ་ནི། ལས་རིམ་ལས་འཇུག་པ་དང་། ཞེས་དང་། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། ཞེས་པས་གཉིས་སྟེ། འཇུག་པ་དང་བཟོད་པར་གསོལ་པའོ། །དང་པོ་ནི། བསྡུས་པ་དང་། རྒྱས་པར་འཇུག་ཚུལ་གོང་དང་མཐུན་ནོ། གཉིས་པ་སློབ་མ་འཇུག་པར་གསོལ་བ་གདབ་པ་ནི་གོང་དང་མཐུན་ནོ། །གཉིས་པ་དབང་ལེན་པ་ནི་གོང་དང་མཐུན་ནོ། གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། དང་པོ་ལ། ལས་རིམ་ལས། འཇུག་པ་དང་། ཞེས་པ་དང་། ཁྲུས་དགབ་དྲི་དང་ལུས་འབུལ་དང་། བགེགས་བསྐྲད་ལྷར་བརླབས་དམ་ཚིག་སྦྱིན། དེ་ཉིད་དབབ་དང་ཆུ་ནན་དང་། བསྒྲག་དང་རིན་ཆེན་དོར་བ་དང་། ལྷ་དབབ་པ་དང་ནན་ཏན་དང་། མིག་དབྱེ་དཀྱིལ་འཁོར་བསྟན་པ་དང་། ཚོགས་མཆོད་ཡོན་དང་ཞེས་པས། བཅུ་དྲུག་སྟེ། ཁྲུས་དང་། གདོང་གཡོག་དགབ་པ་དང་། ཅི་ལ་དགའ་དྲི་བ་དང་། དུས་གསུམ་གྱིས་སངས་རྒྱས་ལ་ལུས་འབུལ་བ་དང་། བགེགས་བསྐྲད་པ་དང་། ལྷར་བརླབས་པ་དང་། དྲུག་པ་གོང་དང་མཚུངས་ལ། །འདིར་དམ་ཚིག་སྦྱིན་པ་དང་། དམ་ཚིག་དབོག་པ་དང་། ཆུ་ནན་བྱ་བ་དང་། དམ་ཚིག་བསྒྲགས་པ་དང་། བཞིའི་དོད། དགེ་བསྙེན་གྱི་སྡོམ་པ་དབོག་པ་དང་། དགེ་ཚུལ་གྱི་སྡོམ་པ་དབོག་པ་དང་། དགེ་སློང་གི་སྡོམ་པ་དབོག་པ་ནི། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། འོད་བསྲུངས་བྱ་འདུལ་ལ་སོགས་པའི། །བླ་མ་རྣམས་ལ་གུས་བཏུད་དེ། །ལས་ཀྱི་ཆོ་ག་བསལ་བྱེད་པའི། ། གདམ་ངག་ཅུང་ཟད་དགོད་བར་བྱ། དེ་ལ་དང་པོ། ཁྱེད་རང་རྣམས་རྩོག་རྩོག་པོར་སྡོད་ཅིག །ཁྱེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་འདོད་པ་ལ་འགལ་རྐྱེན་བར་ཆད་མེད་པ་ཅིག་དགོས། བར་ཆད་ཡོད་དམ་མེད་དྲིས་པས་ཤེས། །དྲི་རྒྱུ་འགའ་ཞིག་ཡོད་ཡིན་པ་ལ་ཡིན། །མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་མུ་སྟེགས་ཅན་མ་ཡིན་ནམ། །ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་བསྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་བསྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། །བྲན་ལ་སོགས་པ་མ་ཡིན་ནམ། །བུ་ལོན་ཆགས་པ་མ་ཡིན་ནམ། །ཕ་མས་མ་གནང་བ་མ་ཡིན་ནམ། ཕ་མས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ནད་པ་མ་ཡིན་ནམ། །དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། །རྐུ་ཐབས་སུ་གནས་པ་མ་ཡིན་ནམ། །ཐ་དད་དུ་གནས་པ་མ་ཡིན་ནམ། །གནས་པར་མི་བྱ་བ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། །མ་བསད་པ་མ་ཡིན་ནམ། །ཕ་གསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་མ་ཡིན་ནམ། ཕམ་པར་གྱུར་པའི་ལྟུང་བ་བཞི་པོ་དག་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལན་པ་གནས་ནས་ཕྱུང་བ་མ་ཡིན་ནམ། ལག་བརྡུམ་ལ་སོགས་མ་ཡིན་ནམ། སྐྲ་སེར་ལ་སོགས་པ་མ་ཡིན་ནམ། སེན་མོ་ཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་མ་ཡིན་ནམ། རྒྱལ་པོ་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ཆོམ་རྐུན་བར་གྲགས་པ་མ་ཡིན་ནམ། ཕུང་ཁྲོལ་བ་མ་ཡིན་ནམ། ལྷམ་མཁན་མ་ཡིན་ནམ། གདོལ་པ་མ་ཡིན་ནམ། དབྱུང་པོ་མ་ཡིན་ནམ། མི་མ་ཡིན་བའི་འགྲོ་བ་མ་ཡིན་ནམ། བྱང་སྒྲ་མི་སྙན་པ་མ་ཡིན་ནམ། མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ནམ། སྐྱེས་པ་འདྲ་བའི་བུད་མེད་མ་མ་ཡིན་ནམ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །མ་ཡིན་ཟེར་ན་ཁྱོད་སྡོམ་པ་སྐྱེ་བའི་སྣོད་དུ་རུང་བར་འདུག་པས། དཀོན་མཆོག་གསུམ་ལ་ཕྱག་འཚལ་། ངེད་ལ་ཡང་ཕྱག་གསུམ་འཚོལ་བྱའོ། །སངས་རྒྱས་ཀྱི་བསྟན་པ་ནི། རི་བོ་ལ་བབས་ཀྱི་འཛེགས་པ་དང་འདྲ་བས་རིམ་པ་ནས་སློབ་དགོས་སྔ་མ་བསྲུང་མི་ནུས་པ་ལ། ཕྱི་མ་བསྟན་ཀྱང་། གང་མ་ཡོག་པ་ལ་དོ་སྦྱིན་པ་དང་འདྲ་བས། ཐོག་མ་ཉིད་དུ་དགེ་བསྙེན་གྱི་སྡོམ་པ་སྟེར་བར་བྱེད། འདི་ཡང་འཁོར་བའི་ཉེས་དམིགས་བསམས་པས་འཁོར་བ་ལས་ཡིད་དབྱུང་། ཐར་པའི་ཕན་ཡོན་བསམས་པས་མྱ་ངན་ལས་འདས་པ་འདོད་དུངས་པ་གཅིག་ལ་བརྟེན་ནས་སྐྱེ་བས། འཁོར་བ་འདི་གང་དུ་སྐྱེས་ཀྱང་བདེ་བ་མེད། སྡུག་བསྔལ་ལས་ཐར་བ་སངས་རྒྱས་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ། སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། དགེ་བསྙེན་ཀྱི་སྡོམ་པ་བླང་སྙམ་པ་ཅིག་དགོས། དགེ་བསྙེན་གྱི་སྡོམ་པ་དེ་ཡང་སྐྱབས་སུ་འགྲོ་བ་ལ་བརྟེན་ནས་སྐྱེ་བ་ཡིན་ཏེ། སློབ་དཔོན་ཟླ་བ་གྲགས་པའི་ཞལ་ནས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། དེ་ནི་སྡོམ་བརྒྱད་རྩ་བ་ཡིན་ཞེས་གསུངས་པ་ཡིན། སངས་རྒྱས་ལམ་ལ་བསྒྲུབ་པའི་དེད་དཔོན། ཆོས་ལམ་གྱི་རང་བཞིན། དགེ་འདུན་ལམ་བསྒྲུབ་པའི་ཟླ་གྲོགས་སུ་གཟུང་ནས། དཀོན་མཆོག་གསུམ་ལ་བློ་བཀལ། སྐྱབས་འགྲོས་ཐོག་གྲངས་པའི་ཁས་ལེན་ལན་གསུམ་བྱས་པས། སྡོམ་པ་སྐྱེ་བ་ཡིན་པས་རྗེས་ཟློས་གྱིས་ཤིག །བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ་ལོ། །ཞེས་ལན་གསུམ་བཟླས། ཚིག་གསུམ་པ་ལ་སློབ་དཔོན་གྱིས་ཤེས་བྱེ་བྲག་ཏུ་བརྗོད་བར་བྱའོ། །དེའི་རྗེས་ལ་ཁྱོད་ཀྱིས་དགེ་བསྙེན་སྡོམ་པ་ཐོབ་པ་ཡིན། སློབ་དཔོན་གྱིས་ཐོབ་པ་ཡིན་ནོ་དང་། དགེ་བསྙེན་ཀྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་རྗེས་ལ་ཁྱོད་ཀྱིས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡིན། ཐོབ་པ་ཙམ་གྱིས་མི་ཆོག་བསྲུངས་དགོས། བསྲུང་བྱ་ཤེས་པའི་ཕྱིར་བསླབ་བྱ་བརྗོད་པ་ཡིན་པས། སྔོན་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྲུངས་པ་བཞིན་དུ་བདག་གིས་ཀྱང་བསྲུངས་སྙམ་པ་བགྱིས་ལ་ངའི་རྗེས་ཟློས་གྱིས་ཤིག །སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་སྟེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་སློབ་པ་ལ་རྗེས་སུ་སློབ་བོ། རྗེས་སུ་བསྒྲུབ་པོ། རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ། མ་བྱིན་པ་ལེན་པ་ང་ད། འདོད་པ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། མྱོས་པའི་ཆང་། མྱོས་པར་གྱུར་པ། བག་མེད་པའི་གནས་སྤངས་སྟེ། འབྲུའི་ཆང་དང་བཅོས་པའི་ཆང་། མྱོས་པར་གྱུར་པ། བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ། མ་བྱིན་བར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་གྱུར་པ། བག་མེད་པའི་གནས་སྤངས་ཏེ། བག་མེད་པའི་གནས་ལས་སླར་ལོག་པར་བགྱིའོ། ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ། དེ་དག་གི་སླབ་པ་ལ་རྗེས་སུ་བསླབ་པོ། རྗེས་སུ་བསྒྲུབ་པོ། རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །དགེ་བསྙེན་གྱི་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་བསྙེན་གྱི་ཆོ་ག འོ། །དེ་ནས་མཁན་པོས་དགེ་སློང་གྲོགས་དན་བྱེད་པ་ཅིག་ལ། དགེ་སློང་ཆེ་གེ་མོས། ཚེ་དང་ལྡན་པ་འདི་རབ་ཏུ་འབྱིན་བའི་དགེ་འདུན་ལ་ཞུ་བ་ཕུལ་ཅི་བྱ། དགེ་སློང་དེས་ཚེ་དང་ལྡན་པ་འདིའི་བར་ཆད་དག་པར་གདའ་འམ་འདྲི། བར་ཆད་དག་པར་གདའི་ཟེར་ན། དགེ་འདུན་ལ་ཕྱག་གསུམ་འཚལ་དུ་བཅུག་ལ། བསྒྲུབ་བྱའི་རྒྱབ་དུ་ཕྱིན་ལ་འགྲེང་སྟེ་འདུད་བ་དང་བཅས་པས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱིས་བ་ལ་མཁན་པོ་འདི་ཞེས་བགྱི་བ། རབ་ཏུ་བྱུང་བར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ཅན་སྐྲ་དང་ཁ་སྤུ་མ་བྲེགས་པ་ལས། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ཏེ། མིང་འདི་ཞེས་བགྱི་བ་ནི་རབ་ཏུ། འབྱུང་བར་འཚལ་ཞིང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་དག་བགོས་ཏེ། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར། མཁན་པོ་མིང་འདི་ཞེས་བགྱི་བ་ལ་རབ་ཏུ་འབྱུང་སྟེ། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ། ཞེས་ཁོར་ནར་ཉིད་འཆི་ན། ཅི་འདི་རབ་ཏུ་དབྱུང་ངམ། དགེ་འདུ་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ན་འོ་ཞེས་བརྗོད་དོ། །དེ་ནི་རབ་ཏུ་བྱུང་བ་ཞུ་བའོ། །དེའི་རྗེས་ལ་མཁན་པོ་ལ་ཕྱག་དུ་བཞུགས་ལ། མཁན་པོས་ཁྱོདརབ་ཏུ་འབྱུང་བར་བྱེད་པ་ལ་རང་ཞུགས་བྱས་པས་མི་ཆོག །རབ་ཏུ་འབྱུང་བར་བྱེད་པ་ལ་མཁན་པོ་གཅིག་དགོས། མཁན་པོའི་གོ་དོན། སམ་ཀྲྀ་ཏའི་སྐད་དུ། ཨུ་པ་བྱ་བ་ཡིན། དྷེ་ལ་དྷ་ཡ། ས་ཏི་ན་ན། ཞེས་པའི་རྐྱེན་གསུམ་བྱིན་པས། ཨུ་བ་དྷ་ཡ་བྱ་བ། བོད་སྐད་དུ། ཉེ་བར་འཛིན་པའི་དོན་གྱིས། མཁན་པོ་བྱ་བ་ཡིན་པས་གང་ཟག་འདི་བདག་ལ་བློ་གཏོད་པར་འདུག་པས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་དགོད་པར་བྱའོ། སྙམ་པའི་ཐུགས་རྗེས་འཛིན་པར་ཞུ་བ་ཡིན། ཨུ་པ་ས་ཏི་ནི། བོད་སྐད་དུ། ཉེ་བར་སྦྱོར་བའི་དོན་གྱིས་མཁན་པོ་བྱ་བ་ཡིན། སྔར་སྡོམ་པ་དང་མི་ལྡན་པ་ལས་སྡོམ་པ་རིམ་པ་བཞིན་འབོགས་པར་ཞུ་ཞེས་གསོལ་བ་འདེབས་པ་ཡིན། ཨུ་པ་ཧ་ར་ན་ཞེས་པ་འདི་ཉེ་བར་ལུང་འབོགས་པའི་དོན་གྱིས་མཁན་པོ་བྱ་བ་ཡིན་པས། སྡོམ་པ་ཐོབ་པའི་རྗེས་ལ་དགག་བསྒྲུབ་སྣང་གསུམ་གྱིས་ས་མཚམས་མི་ཤེས་པས་ཐམས་ཅད་བསླབ་པར་ཞུ་ཞེས་གསོལ་བ་འདེབས་པ་ཡིན་ཡང་རྣམ་པ་བཅུ་གཅིག་ཏུ་ན་སྲིད་པ་དོན་དུ་གཉེར་བའི་ཡིད། ཕྲག་དོག་ནས་ཐར་པ་འདོད་པ་ལ་བློ་ཁྲིད་པས་ན་མཁན་པོ་བྱ་བ་ཡིན་གསུང་། སྔར་དགེ་བསྙེན་གྱི་སྡོམ་པ་འབོགས་པའི་སློབ་དཔོན་ལ་ཡིན་མོད་ཀྱིས། ད་རབ་ཏུ་བྱུང་པའི་མཁན་པོ་ཞུ་བར་གསོལ་བ་གདབ་སྙམ་དུ་བསོམས་ལ། ངའི་ལད་མོ་གྱིས་ཤིག །སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ། སློབ་དཔོན་ལ་མཁན་པོར་གསོལ་གྱིས་སློབ་དཔོན་བགྱིས་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་ཏུ་དབྱུང་བར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་པོ་མཁན་པོས་བདག་རབ་ཏུ་དབྱུང་བ་བགྱིའོ། །ཞེས་བརྗོད་པར་བྱའོ། །མཁན་པོས་ཐབས་ཡིན་ནོ་ཞེས་པ་དང་། རྟེན་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་མཁན་པོར་གསོལ་བ་གདབ་པའོ། །དེའི་རྗེས་ལ་གྲོགས་བྱེད་པ་དེས་གཙུག་ཕུད་འབྲེག་པ་ལ་སྤྲོ་བ། དྲིས་ལ་སྤྲོ་ན་བྲེག་པར་བྱའོ། །དེའི་རྗེས་ལ་ཁྲུས་བྱའོ། །དེ་ནས་མཁན་པོས་གོས་ངུར་སྨྲིག་སྦྱིན་པར་བྱ་སྟེ། དང་པོ་མཁན་པོའི་ཞབས་ལ་སྤྱི་བོས་གཏུགས་པའི་ཕྱག་གསུམ་འཚལ་དུ་བཅུག་ནས་མདུན་དུ་བཞག །བླ་གོས་ལག་ཏུ་གཏད་ལ། འདི་སྟོད་དུ་རྒྱུན་དུ་གྱོན་པའི་ཆོས་གོས་བླ་གོས་བྱ་བ་ཁྱིམ་པ་དང་མུ་སྟེགས་ཅན་ལས་བརྟགས་བསྲུངས། སྟོད་གཅེར་པ་མངོན་པ་རླུང་ཉི་མའི་ཚ་གྲང་མི་བཟོད་པ་ལས་སྐྱོབས། དགེ་སྦྱོང་གི་དྲན་པ་གསོ་བར་བྱེད་པའི་སྟོད་གཡོགས་སུ་སངས་རྒྱས་ཀྱིས་གནང་བས། ཁྱོད་ཀྱིས་ཀྱང་གོས་འདི་ལྟ་བུ་ཅིག་བརྟེན་ནས་སངས་རྒྱས་ཐོབ་པར་བྱེད་དགོས་པས་ཚགས་གྱིས་ཤིག །དེ་ནས་མཐོང་གོས་གཏད་ལ་འདི་སྨད་དུ་གྱོན་པའི་ཆོས་གོས་མཐོང་གོས་བྱ་བ་སྨད་གཅེར་བུར་མངོན་པ་དང་ངོ་ཚ་བའི་གནས་ལས་སྐྱོབས། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་བསྲུངས། དགེ་སྦྱོང་གི་དྲན་པ་གསོ་བར་བྱེད་པའི་ཆོས་གོས་སྨད་གཡོགས་སུ་སངས་རྒྱས་ཀྱིས་གནང་། ཁྱེད་ཀྱིས་ཀྱང་གོས་འདི་ལྟ་བུ་གཅིག་ལ་བརྟེན་ནས་སངས་རྒྱས་ཐོབ་པར་བྱེད་དགོས་བས་གོས་འདི་ཚགས་གྱིས་ཤིག །དེ་ནས་ཡང་ལྷུང་བཟེད་གཏད་ལ། འདི་ལྷུང་བཟེད་བྱ་བ་བསོད་སྙོམས་ལ་འགྲོ་ཙ་ན། ཁྱིམ་པའི་ཁམ་ཕོར་མུ་སྟེགས་ཀྱི་སློང་ཕོར་དང་མི་ནོར་བར་བྱ་བའི་ཆེད་དུ་གནོད་བརྒྱད་ཀྱིས་རྟགས་བསྲུངས་བྱེད་དུ་སངས་རྒྱས་ཀྱི་སྣང་བས་འདི་ཟས་ཀྱི་འགེངས་པར་བྱེད་པ་བཞིན་དུ། རང་ཉིད་ཡོན་ཏན་གྱིས་ཕྱུག་བར་བྱེད་དགོས་པའི་རྟགས་བུདྷས་གནང་བས་ལྷུང་བཟེད་ཅིག་ཀྱང་ཚགས་གྱིས་ཤིག །དེ་ནས་འདིང་བ་གཏད་ལ། འདི་གདིང་བ་བྱ་བ་ཁྱིམ་པའི་དཀར་པོ་གང་ཟག་གི་ཁྲ་བོ། །དགེ་འདུན་གྱི་གནས་མལ་ལ་ལོངས་སྦྱོད་པ་ན། འདིངས་པའི་གདིང་བ་ཅིག་ཀྱང་ཚགས་གྱིས་ཤིག་བྱའོ། །འདི་ཆུ་ཚགས་བྱ་བ་ཆུ་སྲོག་ཆགས་དགོས་པ་བྱུང་ན་འདིས་ཚོགས་ལ་ལོངས་སྤྱོད་ཅིག །དེ་ནས་མཁན་པོས་གོས་བགོན་པར་ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ཚངས་པར་སྤྱོད་པའི་ཚེ་ཡི་མཐར་ཐུག་པར་སྤྱོད་པར་གྱུར་ཅིག །ངོ་ཚ་དང་ཁྲེལ་ཡོད་ཀྱིས་གོས་གྱོན་པར་གྱུར་ཅིག །ཞེས་བརྗོད་ནས། དེའི་སྐབས་སུ་མཚན་མ་ཚོར་བར་བརྟགས་པར་བྱའོ། །དེའི་རྗེས་ལ་རབ་ཏུ་བྱུང་བ་ཉེ་བར་བསྒྲུབས་པ་ནི། འདི་ལྟར་བྱའོ། །དང་པོ་སྟོན་པ་སངས་རྒྱས་ལ་ཕྱག་འཚལ་དུ་བཅུག །དེ་ནས་རང་ལ་ཕྱག་འཚལ་དུ་བཅུག་ལ། མཁན་པོས་འདི་སྐད་བརྗོད་པར་བྱའོ། །ཁྱེད་རབ་ཏུ་བྱུང་བར་བྱ་སྙམ་པ་དེ་ལེགས་པར་ཅེས་ཤེས་ཞེས་ན། ཁྱིམ་ན་གནས་པ་སྡུག་བསྔལ་མང་། ཡོད་པ་འཚོ་སྐྱོང་གི་སྡུག་བསྔལ། མེད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་ཡོད། དགའ་བོ་རབ་ཏུ་བྱུང་བའི་མདོ་ལས་ཀྱང་། ཁྱིམ་པ་རྣམས་ནི་མེ་བོས་ན། བསྲེགས་པ་དང་། མི་གཙང་པའི་འདམ་རྫབ་ཏུ་ཕྱིན་པ་དང་། ཁྲི་མུན་དུ་ཆུད་པ་དང་། ལྕགས་སྒྲོག་གིས་བཅིངས་པ་དང་འདྲ་བར་གསུངས། རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་དང་། གཙང་པ་དང་བདེ་པར་རང་དབང་ཐོབ་པ་དང་འདྲ་བར་གསུངས། གཞན་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་རབ་ཏུ་བྱུང་བ་ལ་བརྟེན་ནས་སངས་རྒྱས་པར་གསུངས་ཏེ། དེ་ལྟར་ཡང་ཟླ་བ་སྒྲོན་མེ་ལས། གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། སངས་རྒྱས་སྔོན་ཆད་གང་ཡང་མ་བྱུང་སྟེ། ཕྱིན་ཆད་ན་ཡང་མི་འབྱུང་གནས་པ་མེད། ཅེས་གསུངས་གཞན་ཡང་། འཕགས་པ་ཉན་རང་གི་ཡོན་ཏན་ཐམས་ཅད་ཀྱང་རབ་ཏུ་བྱུང་བ་ལ་བརྟེན་ནས་ཐོབ་པས་ན་བློ་ན་སྐྱེ་ལུགས་ལེགས་པ་ཅིག་སྐྱེས་པ་ཡིན་པས་ན། སྐབས་འདིར་མིང་ཆ་ལུགས་བསམ་པ་ལྷ་དང་གཞི་སྤོ་བ་ཡིན་པས། དེ་ཡང་ཁྱིམ་པའི་མིང་བཞག་ནས། མིང་རྗེ། ཁྱིམ་པའི་ཆ་ལུགས་བཞག་ནས། རབ་ཏུ་བྱུང་པའི་རྟགས། སྐྲ་དང་ཁ་སྤུ་བྲེགས། གོས་ངུར་སྨྲིག་གྱོན་པ་རྟགས་སོ། །ཚེ་འདི་དོན་དུ་གཉེར་བའི་བློ་དེ་བཏང་ནས་ཕྱི་མ་དོན་དུ་གཉེར་དགོས་པས་བསམ་པ་སྤོ། སྔར་གྱི་འཇིག་རྟེན་གྱི་ཕོ་ལྷ་ལ་སོགས་སྤངས་སྟེ། དཀོན་མཆོག་གསུམ་ལ་ལྷར་འཛིན་པས་སྤོ། འོ་ན་དེ་ལྟར་སྤོས་ནས་གང་གི་རྗེས་སུ་རབ་ཏུ་འབྱུང་ན། ཆོ་ག་ལས། ཤཱཀྱ་སེང་གེ། ཤཱཀྱའི་གཙོ་བོ་ཞེས་བཤད། དེ་རྣམས་མཚན་གྱི་རྣམ་གྲངས་ཡིན། ཤཱཀྱ་ཐུབ་པ་ཁོ་ནའི་རྗེས་སུ་རབ་ཏུ་འབྱུང་སྟེ། འབྱུང་ལུགས་ཁྱིམ་པའི་རྟགས་ཆ་ལུགས་ལ་སོགས་པ་སྤངས། རབ་ཏུ་བྱུང་བའི་ཆ་ལུགས་སུ་བསྒྱུར་ནས་སྐྱབས་འགྲོས་ཐོག་གྲངས་པའི་ཁས་ལེན་ལན་གསུམ་བྱས་པས། སྡོམ་པ་སྐྱེ་བ་ཡིན་པས་ངའི་རྗེས་སུ་ལད་མོ་གྱིས་ཤིག་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱིས་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ །ཤཱཀྱའི་རྒྱལ་པོ། གཙོ་བོ་དེ ས་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་སྤང་ངོ་། རབ་ཏུ་བྱུང་པའི་རྟགས་ཡང་དག་པར་རབ་ཏུ་ལེན་ཏོ། །ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་དང་། རབ་ཏུ་བྱུང་པས། ལེགས་སོ་ཞེས་བརྗོད་པས། དེ་ནི་མཁན་པོ་ལ་རབ་ཏུ་བྱུང་པའི་ཆོ་གའོ། །དེའི་རྗེས་ལ་མཁན་པོ་དེས། སློབ་དཔོན་དེ་ལ། དགེ་སློང་ཆེ་གེ་མོས། ཚེ་དང་ལྡན་པ་འདི་བར་ཆད་མེད་པར་གདའམ་དྲི། མཁན་པོས་བར་ཆད་དག་པར་གདའ་ཟེར་ན། སློབ་དཔོན་གྱི་ཁྱོད་དགེ་ཚུལ་གྱིས་སྡོམ་པ་ལ་འགལ་རྐྱེན་བར་ཆད་སྤངས་ཤིང་མཐུན་རྐྱེན་ཚང་བ་ཞིག་དགོས། བར་ཆད་མཁན་པོས་དྲིས། ཁྱེད་རང་གིས་མེད་པར་ལན་གདབ་པས་བར་ཆད་མེད་པ་ཡིན། དེས་ཀྱང་མི་ཆོག་མཐུན་པའི་རྐྱེན་ལྔ་ཚང་བ་གཅིག་དགོས་དེ་ལ་ཡུལ་མཐུན་པའི་རྐྱེན་བསྟན་པ་འདིའི་བདག་པོ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་པས་དེའི་སྐུ་རབ་ཏུ་གནས་པ་དང་ལྡན་པ་གཅིག་སྤངས་པོའི་ཚུལ་དུ་དགོས་ན། སངས་རྒྱས་དངོས་དང་ཁྱད་པར་མེད་པར་བཞུགས་པ་ཡིན། ཆོས་ལ་ལུང་དང་རྟོགས་པའི་ཆོས་གཉིས་ལས་ལུང་གི་ཆོས་ལ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྟེན་དུ་གྱུར་པ་སྤོ་ཏི་དང་གླེགས་བམ་བཞུགས། རྟོགས་པའི་ཆོས་མཁན་པོ་སློབ་དཔོན་སམ་གྷ་དང་བཅས་པའི་ཆོས་རྒྱུད་ལ་ཅི་རིགས་སུ་བཞུགས། དགེ་ཚུལ་གྱི་སྡོམ་པ་མཁན་སློབ་ལ་བརྟེན་ནས་སྐྱེ་ཡང་། ངོ་ཚ་ཁྲེལ་ཡོད་སྐྱེ་བའི་རྟེན་དུ་དད་པའི་དགེ་འདུན་ཡང་བཞུགས། མཁན་པོ་བཙུན་པ་བསྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་བར་བསླབས་ཤིང་། མཁས་ཤིང་ཕན་ཐོགས་ཀྱི་ཡན་ལག་ཏུ་ལྔ་ཚན་ཉི་ཤུ་རྩ་གཅིག་ལས། གང་ཡང་རུང་བ་དང་ལྡན་པ་གཅིག་དགོས་ན་ཚངས། སློབ་དཔོན་དགེ་སློང་གི་སྡོམ་པ་རྣམ་དག་དང་ལྡན་པ་དགེ་ཚུལ་གྱི་ཆོ་ག་བརྡ་སྤྲོད་པ་ལ་མཁས་པ་གཅིག་དགོས་ན་ཚངས། གཉིས་པ་རྟགས་མཐུན་པའི་རྐྱེན་ལ། ལུས་ཀྱི་རྟགས། སྐྲ་དང་ཁ་སྦུ་བྲེག་ཤིང་ཁྲུས་བྱས་པ་གཅིག་དགོས་ན་ཚངས། གོས་ཀྱི་རྟགས་བླ་གོས་ཐང་གོས་འདིང་བ་ཆུ་ཚགས་དང་བཅས་པ་མཁན་པོས་གསུང་གིས་གནང་བ་དང་བཅས་པ་དགོས་ན་ཚང་། གསུམ་པ་རྒྱུད་སྣོད་དུ་རུང་བ་མཐུན་པའི་རྐྱེན་ལ་བྱང་སྒྲ་མི་སྙན་པ་ལ་སྡོམ་པ་མི་སྐྱེ་བས་གླིང་གསུམ་དུ་སྐྱེས་པ་གཅིག་དགོས་སྟེ། ལྷོ་འཛམ་བུ་གླིང་དུ་སྐྱེས། མ་ནིང་བཅུ་བཞི་ལ་སྡོམ་པ་མི་སྐྱེ། བུད་མེད་ཀྱི་ཆོ་གའི་སྐབས་མ་ཡིན་པས་སྐྱེས་པའི་དབང་པོ་དང་ལྡན་པ་དགོས་ན་ཚང་། དངོས་པོའམ་ནད་པའི་སྒོ་ནས་ལུས་ནར་སོན་པ་དགོས། དངོས་པོ་ནར་སོན་པ་སྐྱེས་ནས་ལོ་བདུན་ལོན་པ། བསམས་པ་ནར་སོན་པ་དགེ་ཚུལ་གྱི་སྤངས་བྱ་སྤོངས། གཉེན་པོ་བརྟེན་པའི་མཐུ་དང་ལྡན་པ་ཅི་དགོས་ན་ཚངས་། སྐྱབས་འགྲོ་ཐུན་མོང་པས་ཐོག་དྲངས་དགེ་བསྙེན་རབ་ཏུ་བྱུང་བ་བར་མ་གསུམ་དང་བཅས་པ་ཅི་དགོས་ན་ཚངས། བཞི་པ་བསམ་པ་མཐུན་པའི་རྐྱེན་ལ་བླང་བྱ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་པས་དེ་ཐོབ་པར་བྱེད་པ་ལ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པ་གཅིག །བསམ་པ་ཐག་པ་ནས་ལེན་པར་འདོད་པ་དང་གཉིས། དངོས་གཞིའི་དུས་ན་ཐོབ་པར་ཤེས་པའི་ནུས་པ་དང་ལྡན་པ་དང་གསུམ། ངེས་པ་ལྔ་དང་བྲལ་བ་བཞི་དང་ལྡན་དགོས། དེ་ལ་དང་པོ་མྱ་ངན་དང་། འདས་པ་གཉིས་སུ་ཡོད་པའི། མྱ་ངན་འཁོར་བའི་མིང་གི་རྣམ་གྲངས་ཡིན། འཁོར་བ་གང་དུ་སྐྱེས་ཀྱང་བདེ་བ་མེད། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་བཀོལ་སྤྱོད་དང་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ། ལྷ་མ་ཡིན་རྣམས་ལ་འཐབ་ཅིང་རྩོད་བའི་སྡུག་བསྔལ། ལྷ་རྣམས་ལ་ལྟུང་བ་དང་འཆི་བལྟས་ཀྱི་སྡུག་བསྔལ། མི་རྣམས་ལ་སྐྱེ་རྒ་ན་འཆི་སྡུག་བསྔལ་ལ་སོགས་དཔག་ཏུ་མེད་པ་ཡོད། སྡུག་བསྔལ་དེ་རྣམས་ལས་ཐར་ནས། གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་དགོས། དེ་ཡང་རང་གཅིག་པུས་ཐོབ་པས་མི་ཆོག་འཁོར་བ་ན་གནས་པའི་སེམས་ཅན་འདི་རྣམས་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་དགོས། བུདྡྷ་དེ་ཡང་རྒྱུ་མེད་པ་ལས་མི་འབྱུང་། རྒྱུ་ནོར་ས་དང་མ་ཚང་པ་ལས་མི་འབྱུང་རྒྱུ་ཚང་ལ་མ་ནོར་བ་ལམ་བསླབ་པ་གསུམ་ཡིན། དེ་ལྟར་ཡང་ཁྲིམས་ནི་རྒྱུ་དང་མི་རྒྱུ་ཀུན་གྱིས་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་བརྟེན་ལེགས་པར་ཐུབ་པས་གསུངས། ཞེས་གསུངས་པས་དེས་ན་སེམས་ཅན་གྱི་བུདྡྷ་ཐོབ་པར་བྱ། དེའི་ཆེད་དུ། དགེ་ཚུལ་གྱི་སྡོམ་པ་བླངས་ལ་མ་ཤིའི་བར་དུ་བསྲུངས་སྙམ་པ་གཅིག་ལ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་བརྟན་པོ་ཟེར་བ་ཡིན་པས་སྔར་ནས་དེ་བཞིན་ཡོད་ནས་ཡོད། མེད་ན་དེ་བཞིན་སྐྱེ་དགོས་པ་ཡིན། །ཀུ་རེ་དང་བཞད་གད་ལ་སྡོམ་པ་མི་སྐྱེ་བས། །བསམ་པ་ཐག་པས་ལེན་འདོད་པ་གཅིག་དགོས་ཏེ་ཚང་། དངོས་གཞིའི་དུས་ན་ཐོབ་པར་ཤེས་པའི་ནུས་ལྡན་ནི། ཆོ་ག་བརྗོད་པ་གསུམ་གྱི་ཐ་མ་ལ་སྐྱེས་པར་ཤེས་པ་ལ་ཟེར་ཏེ་ཚང་། ངེས་པ་ལྔ་དང་བྲལ་བ་ཅིག་དགོས། ངེས་པ་ལྔ་ནི། ཡུལ་ངེས་པ་ཚེ་ངེས་པ། དུས་ངེས་པ། གང་ཟག་ངེས་པ། ཡན་ལག་ངེས་པ་དང་ལྔ་ཡིན། དེ་རྣམས་བསྡུ་བར་སོང་ན་དུས་ད་ནས་མ་ཤི འི་བར་དུ། དགེ་ཚུལ་ལ་མི་རུང་པ་ཐམས་ཅད་སྤངས། རུང་བ་ཐམས་ཅད་བསྒྲུབ་སྙམ་པ་གཅིག་ལ། ངེས་པ་ལྔ་བྲལ་ཚང་བ་ཡིན་པས། བསམ་པ་དེ་བཞིན་མཛོད་ཅིག །ལྔ་པ་ཆོ་ག་མཐུན་པའི་རྐྱེན་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ཐལ། དངོས་གཞི་སྐྱབས་སུ་འགྲོ་བ་ལ་རྟེན་ནས་སྐྱེ་བ་ཡིན་ཏེ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། ཐར་པ་འདོད་པ་རྣམས་ཀྱི་སྐྱབས། སྐྱབས་དེ་དག་ལ་བརྟེན་ནས་ནི། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། ཞེས་གསུངས་པས། དཀོན་མཆོག་ལ་བློ་བཀལ་ནས་སྐྱབས་འགྲོས་ཐོག་གྲངས་བའི་ཁས་ལེན་ལན་གསུམ་བྱས་པས་སྡོམ་པ་སྐྱེ་བ་ཡིན་པས། ངའི་རྗེས་སུ་ལད་མོ་གྱིས་ཤིག །བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་བཙུན་པས་གཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་སློབ་དཔོན་གྱིས་རྗེས་བརྗོད་པར་བྱའོ། སློབ་དཔོན་གྱིས་ཐབས་ཡིན་ནོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེས་ཁྱོད་ཀྱི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་ཡིན་པས། ད་འཇུག་གི་ཆོ་ག་ལ་ཐོབ་པའི། དུས་སྒོ་དང་། སློབ་པ་བརྗོད་པ་གཉིས་སུ་ཡོད། །དུས་སྒོའི་དབང་དུ་བྱས་ན། །མདོ་ནས་ཕྲ་བའི་རིམ་པ་ནས་གསུངས་ཀྱང་། །ཁྱོད་ཀྱི་རྒྱུད་ལ་བདེ་བར་བྱ་བའི་ཕྱིར། །རགས་བའི་རིམ་པ་ནས་བརྗོད་ན། །དུས་རྩིས་ཀྱི་ཕྱི་མོ་ལོ་ཡིན། །ལོ་འདི་བྱི་བའི་ལོ། དུས་ཚིགས་བཞིའི་དབང་དུ་བྱས་པའི་དགུན་གྱི་དུས་ཟླ་བ་ངོས་འཛིན་དགུན་ཟླ་ར་བའི་ཡར་ངོའི་ཚེས་གཅིག་གི་ཉིན་མོ་ཐུན་སྔ་དྲོའི་དུས་སྐྱེས་བུ་གཉིས་དང་། རྐང་པ་གཅིག་ལ་ཁྱོད་ཀྱི་རྒྱུད་ལ་སྡོམ་པ་ཐོབ་པ་ཡིན། དེ་ཡན་ཆད་དུ་སྡོམ་པ་བླངས་པ་རྣམས་ཁྱོད་པས་རྒན་པས་ཕྱག་དང་བསྙེན་བསྐུར་ཡར་ལ་སྟོབས། གྲལ་གོང་དུ་བཞུགས་སུ་ཆུག །ད་ཕྱིས་སྡོམ་པ་ལེན་པ་རྣམས་ཁྱོད་པས་སློབ་པ། གཞོན་པས་གྲལ་འོག་དུ་བཞག་པས་ཆོག །ཕྱག་དང་བསྙེན་བསྐུར་སྟོབས་པ་བྱུང་ན་དང་དུ་ལོང་། རང་དང་མཉམ་པ་སུ་སྔ་བ་གོང་དུ་བཞག་པས་ཆོག །དེ་ལྟར་བྱས་པས་དགོས་པ་རང་བཞིན་ཀྱི་བསླབ་པ་ལ་གུས་པ་དང་། དགེ་འདུན་ཚོགས་པ་བྱེད་བའི་དུས་སུ་གྲལ་ལ་ད་ལོང་དུ་མི་འགྱུར་བ་དང་། འཇིག་རྟེན་པའི་ཆོས་དགེ་བ་དང་། མཐུན་པ་ལ་སོགས་བའི་དགོས་པ་ཡོད་པས་དེ་ཡང་ལག་ལེན་ལ་ཐོབ་ཅིག །དེའི་རྗེས་ལ་སློབ་དཔོན་དེས་འཇུག་གིས་ཆོ་ག་ལ་གཉིས་ཡོད་པའི་དེ་གཅིག་ཡིན་གཉིས་པ་སྡོམ་པ་ཐོབ་པས་མི་ཆོག་བསྲུངས་དགོས། བསྲུངས་བར་བྱེད་པ་ལ། བསྲུངས་བྱ་ཤེས་པར་བྱ་བའི་ཕྱིར་བསླབས་པ་བརྗོད་པ་ཡིན་པས། སྔོན་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་ཁས་བླངས་ཤིང་བསྲུང་བ་བཞིན་དུ། བདག་གིས་ཀྱང་ཁས་བླངས་ལ་བསྲུང་སྙམས་པ་གྱིས་ལ་ལད་མོ་གྱིས་ཤིག་བྱས་ལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པའོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། རྗེས་སུ་བསྒྲུབ་པོ། རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་གྱུར་པ། བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། འཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་གདན་ཆེན་པོ་དང་། ཁྲི་སྟན་འཐོན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ། །བདག་མིང་འདི་ཞེས་བགྱི་བས་ཀྱང་། །དུས་འདི་ནས་གཟུང་སྟེ། །ཇི་སྲིད་འཚོའི་བར་དུ། །མ་བྱིན་པར་ལེན་པ་དང་། །མི་ཚངས་བར་སྤྱོད་པ་དང་། །བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་འགྱུར་བ། བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། འཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་རྟེན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ་གསེར་དངུལ་ལེན་པ་ལས། སླར་ལོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས་འཕགས་པ་དགྲ་བཅོམ་པ་དེ་དག་གི་སླབ་པ་ལ་རྗེས་སུ་སློབ་པོ། རྗེས་སུ་བསྒྲུབ་པོ། རྗེས་སུ་བགྱིད་དོ། སློབ་དཔོན་གྱིས་ཐབས་ཡིན་ནོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད་དོ། །དེ་དག་ནི་རེ་ཞིག་དགེ་ཚུལ་གྱི་ཆོ་གའོ། །ད་ནི་བསྙེན་པར་རྫོགས་པའི་ཆོ་ག་འདི་ལྟར་བྱ་སྟེ། ཡུལ་དབུས་དགེ་སློང་བཅུ་ལ་སོགས་པའི་ཚོགས་བསམ། མཐའ་འ ཁོབ་དག་ཏུ་གཞན་མེད་ན། འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའི་ཚོགས་ལའང་རུང་སྟེ། ལྟུང་བ་བསྡམ་བཤགས་ཀྱིས་འདག་པར་མི་ནུས་པ་རྣམས་བྱིན་གྱིས་བརླབས་ཏེ། དང་པོར་སྟོན་པ་ལ་ཕྱག་གསུམ་འཚལ་དུ་བཞུགས། དེ་ནས་བསྒྲུབ་བྱ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་ཙོག་ཙོག་པོར་འདུག་དུ་བཅུག་སྟེ་ཐལ་མོ་སྦྱོར་དུ་བཅུག་ལ། མཁན་པོ་བྱེད་པ་དེས་རྣམ་སྦྱར་གྱོན་ལ་བསྒྲུབ་བྱའི་རྒྱབ་ཏུ་འགྲེང་ཏེ་འདུད་པ་དང་བཅས་པས། དགེ་བཤེས་ཆེ་གེ་མོས་ཚེ་དང་ལྡན་པ། མིང་འདི་ཞེས་བགྱི་བའི་ལས་ཀྱི་སློབ་དཔོན་མཛད་པར་ཞུ། དགེ་བཤེས་ཆེ་གེ་མོས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པའི་སློབ་དཔོན་མཛད་པར་ཞུ། དགེ་བཤེས་དགེ་འདུན་བཞུགས་རྣམས་ཀྱིས་ལས་ཀྱི་ཁ་བསྐོངས་མཛད་ནས་ཁོང་གི་རྒྱུད་ལ་བསྙེན་པ་རྫོགས་པའི་སྡོམ་པ་རྣམ་པར་དག་པ་གནང་བ་ཞུ་ཞེས་གསོལ་བ་གདབ་བོ། །དེ་ནས་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག་ལ། ཕ་གུའི་སྟེང་དུ་ཙོག་ཙོག་བུར་འདུག་ཏུ་བཅུག་ལ། ཐལ་མོ་སྦྱར་བ་བཅུག་སྟེ་མཁན་པོས་འདི་སྐད་བརྗོད་པར་བྱའོ། །སངས་རྒྱས་ཀྱིས་བསྟན་པ་ལ་ཞུགས་པ་ཡོངས་སུ་རྫོགས་པར་བྱེད་པ་ལ། སྔོན་གྱིས་གང་ཟག་རྒྱུད་དག་པ། ཚོགས་རྫོགས་པ་སྔོན་གྱི་སྨོན་ལམ་དེ་ལྟར་བཏབ་པ་དག་ལ། དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་པ་ལ་ལེགས་པར་སྤྱོད་ཅིག་བྱས་པ་དེ་ཙམ་གྱིས་དགེ་སློང་གི་སྡོམ་པ་ཐོབ་པ་བྱུང་ནས་གདའ་སྟེ། ད་ལྟར་དེ་ཙམ་གྱིས་སྡོམ་པ་མི་སྐྱེ་བས་སྡོམ་པ་ལེན་པ་ལ། མཁན་སློབ་དང་བཅས་པ་དགོས་ཏེ། སངས་རྒྱས་ཀྱི་ཞལ་ནས་ད་ཕྱིན་ཆད་མཁན་པོ་དང་བཅས་ཤིང་སློབ་དཔོན་དང་བཅས་པ་ལ་བསྙེན་པར་རྫོགས་པར་གནང་ངོ་། །ཞེས་གསུངས་པས། ཁྱེད་བསྙེན་པར་རྫོགས་པར་བྱེད་པ་ལ་མཁན་པོ་གཅིག་དགོས། དེ་ཡང་ཨུ་པའི་སྒྲ་ལས་དྲངས་ནས་ཉེ་བ་ཡིན། དེ་ལ་དྷ་ཡ། ས་ཏྲི། ཧ་ར་ན། ཞེས་བྱ་བའི་རྐྱེན་གསུམ་བྱིན་བས། བོད་སྐད་དུ། ཉེ་བར་འཛིན་ཉེ་བར་སྦྱོར་ཉེ་བར་ལུང་འབོག་པའི་དོན་གྱིས་མཁན་པོ་བྱ་བ་ཡིན་བས། བསྙེན་པར་རྫོགས་པའི་མཁན་པོར་གསོལ་བ་གདབ་སྙམ་དུ་བསམས་ལ། རྗེས་བཟློས་གྱིས་ཤིག་བྱས་ལ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སློབ་དཔོན་ལ་མཁན་པོར་གསོལ་གྱིས་སློབ་དཔོན་གྱིས་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་བསྙེན་པར་རྫོགས་པར་བགྱིའོ། །དེ་བཞིན་དུ་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་པོ་མཁན་པོས་བདག་བསྙེན་པར་རྫོགས་པར་བགྱིའོ། །ཞེས་བརྗོད། མཁན་པོས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད་དོ། །དེ་ནི་མཁན་པོས་གསོལ་བའོ། །དེའི་རྗེས་ལ་མཁན་པོ་ལ་ཕྱག་གསུམ་འཚལ་དུ་བཅུག་ལ། ཆོས་གོས་གསུམ་སོ་སོར་བཏབ་ལ་སློབ་མའི་ཕྲག་པར་བཀལ་ལ་གཉིས་ཀ་བགྲེང་སྟེ་འདུད་པ་དང་བཅས་པས་སྣམ་སྦྱར་གཟུང་ལ། འདི་སྟོད་དུ་གྱོན་པའི་ཆོས་གོས་སྣམ་སྦྱར་བྱ་བ་སྟོད་གཅེར་བུར་མངོན་པ་དང་། རླུང་ཉི་མའི་ཚ་གྲང་ལས་སྐྱོབ་པར་བྱེད། བསྙེན་པར་མ་རྫོགས་པ་དང་། མུ་སྟེགས་ཅན་ལས་རྟགས་བསྲུངས། དགེ་སྦྱོང་གི་དྲན་པ་གོས་པའི་སྣམ་སྦྱར་དུ་སངས་རྒྱས་ཀྱིས་གནང་བས་དེར་བྱིན་གྱིས་བརླབས་སྙམ་པ་བགྱིས་ལ་ངའི་རྗེས་བཟློས་བགྱིས་ཤིག །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་གྱིས་ལགས་པ་རུང་པར་སྦྱད་པར་འོས་པ་འདི་ཆོས་གོས་རྣམ་སྦྱར་དུ་བྱིན་གྱིས་བརླབས་པོ། ལན་གསུམ་བཟླས་མཁན་པོས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། དེའི་འོག་ཏུ་བླ་གོས་ནས་བཟུང་ནས། འདི་སྟོད་དུ་རྒྱུན་དུ་གྱོན་པའི་ཆོས་གོས་བླ་གོས་བྱ་བ་སྟོད་གཅེར་བར་མངོན་པ་དང་། རླུང་ཉི་མའི་ཚ་གྲང་མི་བཟོད་པ་ལས་སྐྱོབས། ཁྱིམ་པ་དང་མུ་སྟེགས་ཅན་ལས་བརྟགས་བསྲུངས་པའི་ཐང་གོས་སུ་སངས་རྒྱས་ཀྱིས་གནང་། དེར་བྱིན་གྱིས་བརླབ་སྙམ་བགྱིས་ལ་རྗེས་བཟློས་གྱིས་ཤིག །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བར་སྤྱད་པ་འོས་པ་འདི་ཆོས་གོས་ཐང་གོས་སུ་བྱིན་གྱིས་བརླབས་པོ་ལན་གསུམ་བཟླས། མཁན་པོས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། དྲས་ཤིང་དྲུབ་པ་མེད་ན་རྒྱུ་ལ་བྱིན་གྱིས་བརླབས་པར་བྱའོ། །མཁན་པོས་ཆོས་གོས་དཀོན་ཏེ། ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར་གྱུར་ཅིག །ཚངས་པར་སྤྱོད་པའི་ཚེ་མཐར་ཕྱིན་པར་གྱུར་ཅིག །ཅེས་སྨོན་ལམ་གདབ། དེའི་སྐབས་སུ་གྲོགས་དན་བྱེད་པ་ཅིག་གིས་ལྷུང་བཟེད་དགེ་འདུན་ལ་བསྟན་ཏེ། ལྷུང་བཟེད་བྱིན་གྱིས་བརླབས་པ་ལ་ཡང་ཕྱག་གསུམ་བྱས་ལ། མཁན་པོས་བསྒྲུབ་བྱའི་ལག་པ་གཡོན་དུ་ལྷུང་བཟེད་གཏད་ལ། གཡས་པས་ལྷུང་བཟེད་བཀབ་ལ། འདི་ནི་ལྷུང་བཟེད་བྱ་བ། ཁྱིམ་པའི་ཁམ་ཕོར་མུ་སྟེགས་ཅན་གྱི་སློང་ཕོར་ལས་རྟགས་བསྲུངས་བྱེད་དུ་སངས་རྒྱས་ཀྱིས་གནང་། འདི་ཟས་ཀྱི་ཇི་ལྟར་འགེངས་པ་བཞིན་དུ། རང་ཉིད་ཡོན་ཏན་གྱི་ཆོས་ཀྱིས་ཕྱུག་པར་བྱེད་དགོས་བྱ་བའི་བརྡར་གནང་བས། ལྷུང་བཟེད་དུ་བྱིན་གྱིས་བརླབས་སྙམ་པ་གྱིས་ལ་རྗེས་བཟློས་གྱིས་ཤིག །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་གནོད་འདི་བླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། ལན་གསུམ་བཟླས། མཁན་པོས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། དེའི་འོག་ཏུ་གདིང་བ་དང་ཆུ་ཚགས་རིམ་པ་བཞིན་གཏད་ལ། འདི་ནི་གདིང་བ་བྱ་བ་ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲ་བོ། དགེ་འདུན་གྱི་གནས་མལ་ལ་ལོངས་སྤྱོད་ཙ་ན། འདི་ལྟ་བུ་ཅིག་གིས་སྐྱབས་ནས་ལོངས་སྤྱོད་དགོས་པས། གདིང་བ་ཅིག་ཀྱང་ཚགས་བགྱིས་ཤིག །འདི་ནི་ཆུ་ཚགས་བྱ་བ། ཆུ་སྲོག་ཆགས་དང་བཅས་པ་བྱུང་ན་འདིས་བཙགས་ནས་ལོངས་སྤྱོད་དགོས་པས་ཆུ་ཆགས་ཅིག་ཀྱང་ཚགས་བགྱིས་ཤིག །སྐབས་འདིར་དགེ་འདུན་ལ་ཕྱག་གསུམ་འཚལ་ལ། དེ་ནས་དེ་ཐོས་བའི་ཉེ་བསྐོར་ལ་བཀའ་ལྟར་སྣང་གི་ཉེར་བསྐོར་དུ་འགྲེང་སྟེ་འདུད་པ་དང་བཅས་པས་བཞག་ལ། སྐབས་འདིར་ལྟུང་བ་སྤྱིའི་བྱིན་བརླབས་དང་གནས་ཀྱི་བློ་མཐུན་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ལགས་ལ། བདག་ཅག་དགེ་སློང་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་འདུན་བཤགས་པར་བགྱིད་པ་བདག་ཅག་ལས་དགེ་སློང་འགའ་ཞིག་ནས་གཞན་དུ་མཆིས་སྟེ། དགེ་སློང་གི་མདུན་དུ་ལྟུང་བ་དག་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གྱིས་ལྟུང་བ་དེ་དག་བྱིན་གྱིས་བརླབས་སྟེ་བསྙེན་པར་རྫོགས་པའི་འཕྲིན་ལས་མཛད་ལ། སླར་ཡང་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །༡ བརྗོད། གནས་ལ་བློ་མཐུན་ནི་གནས་ཀྱི་བློ་མཐུན་གྱི་ལས་ལ། ཐུགས་གཏད་པར་ཞུ་བྱས་ལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་གྲུབ་པའམ་ལག་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་པར་བགྱི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་འམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་པར་མཛོད། འདི་ནི་གསོལ་བའོ། །ཅིག་བརྗོད། བརྗོད་པ་ལ་ཐུགས་གཏད་བར་ཞུ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་གྲུབ་པའམ། ལག་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་པར་བཞེད་ན། དེའི་སླད་དུ་དགེ་འདུན་གྱི་གནས་སུ་གྲུབ་པའམ། ལག་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་བཞེད་ན། དེའི་སླད་དུ་དགེ་འདུན་གྱི་གནས་སུ་གྲུབ་པའམ། ལག་པར་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་པར་མཛད་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པ་འམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་གནས་སུ། བློ་མཐུན་མཛད་པ་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག ། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ན། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའི། ལག་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་པ་དེ་དེ་བཞིན་དུ་འཛིན་ཏོ། །ཅིག་བརྗོད། དེའི་འོག་ཏུ་སློབ་དཔོན་གྱི་དགེ་སློང་ལས་བྱེད་པས་གསང་ཏེ་སྟོན་པའི་དགེ་སློང་ལ། མཁན་པོ་མིང་འདི་ཞེས་བགྱི་བས་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་གང་ཡིན་ཞེས་དྲི་བར་བྱའོ། །གསང་སྟེ་སྟོན་པ་གང་ཡིན་པ་དེས་བདག་མིང་འདི་ཞེས་བྱའོ། །ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པའི་དགེ་སློང་ལ། དགེ་སློང་མིང་ཞེས་བྱ་བ་ཁྱོད་མཁན་པོ་མིང་འདི་ཞེས་བྱ་བས། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ལ་གསང་སྟེ་སྟོན་པར་སྤྲོ་འམ་ཞེས་འདྲི་བར་བྱའོ། །དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པ་གསང་སྟེ། སྟོན་པར་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གིས་ལས་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ། གསང་སྟེ་སྟོན་པར་སྤྲོ་ན་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་སྣང་བར་མཛོད་ཅིག་དང་། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱིས་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །དེ་ནས་གསང་སྟེ་སྟོན་བས་དཀྱིལ་འཁོར་བའི་ཕྱི་རོལ་དུ་སོང་ཏེ། བསྙེན་པར་རྫོགས་པར་བྱ་བ་དེ་དག་ལ་ཕྱག་འཚལ་དུ་བཅུག་ནས། །འདུན་དུ་ཙོག་ཙོག་པོར་འདུག་ཐལ་མོ་སྦྱར་དུ་བཅུག་སྟེ། །ཁྱོད་བསྙེན་པ་རྫོགས་པར་བྱེད་པ་ལ། །བར་ཆད་མེད་པ་རྒྱུ་དག་པ་ཅིག་དགོས། བར་ཆད་ཡོད་མེད་དྲིས་བས་ཤེས་པ་ཡིན་པ་ལ་ཡིན། །མ་ཡིན་པ་ལ་མ་ཡིན་ཞེས་ལེན་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། །འདི་ནི་ཁྱོད་ཀྱི་འབྱུང་བའི་དུས་སྟེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅི་དྲི་ཡིས། ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡང་ཡིན་ཞེས་སྨོས་ཤིས། མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་སྐྱེས་པ་ཡིན་ནམ། །དེས་སྐྱེས་པ་ལགས་ཞེས་བརྗོད་པར་བྱའོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། །དེས་ལྡན་ཞེས་བརྗོད་པར་བྱའོ། །ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཆོས་གོས་གསུམ་པ་ལྷུང་བཟེད་ཚང་ངམ། །དེས་ཚང་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཕ་མ་གསོན་ནམ། །གལ་ཏེ་གསོན་ཞེས་ཟེར་ན། །ཁྱོད་ཕ་མས་གནང་ངམ་ཞེས་དྲི་བར་བྱའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་ཡིན་ནམ། རྐུས་པ་མ་ཡིན་ནམ། རྙོད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་ཀྲབས་པ་མ་ཡིན་ནམ། །རྒྱལ་པོ་ལ་སྡིག་པ་མ་ཡིན་ནམ། །རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། །ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། །བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམས་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱིས་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་བྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དེས་མ་ལགས་ཤེས་བརྗོད་པར་བྱའོ། །ཁྱོད་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་། ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། །དེས་ནུས་ཞེས་བརྗོད་པར་བྱའོ། །ཁྱོད་སྔོན་རབ་བྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱ། དེས་མ་ཡིན་ཞེས་བརྗོད། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་པ་ཡིན་ཞེས་དྲི་བར་བྱ། དེས་ཡིན་ཞེས་བརྗོད། ཁྱོད་ཀྱི་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི་བར་བྱ། དེས་ལེགས་པར་སྤྱད་ཅེས་བརྗོད་དོ། །ཚིགས་སྔ་མའི་ཁྱོད་ཀྱི་མིང་ཅི་ཁྱོད་ཀྱི་མཁན་པོའི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི་བ་ལགས། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བདག་གི་མཁན་པོའི་མིང་འདི་ཞེས་བགྱི་བ་ལགས་ཞེས་བརྗོད། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འ དི་ལྟ་སྟེ། མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་ཕྲ་དང་། ཁྱི་རྔོ་དང་། གཡན་པ་དང་། ཀློག་པ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་ངམ་དང་། སྐྱ་སྦ་དང་། རྐང་བམ་དང་། མཚན་པར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་པ་དང་། རྟགས་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོ་པ་དང་། ཡན་ལག་དུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་སྦྲུམ་དང་། སྐྱུག་བྲོ་བ་དང་། ཆུ་འགགས་པ་དང་། ངལ་བ་དང་ལུས་ཚ་བ་དང་། རྩིབས་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་དག་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། །ངས་འདིར་དྲིས་པ་བཞིན་དུ་ལས་ཀྱི་སློབ་དཔོན་གྱིས་ཀྱང་འདྲི་བས། དེར་ལན་བཏབ་པ་བཞིན་དུ་དེར་ཐོབ་ཅིག །ང་འབོད་དུ་མ་བྱུང་བར་བསྡོད་ཅིག་བྱས་ལ། དགེ་འདུན་གྱི་གྲལ་བཞུགས་ནས་འགྲེང་སྟེ་འདུད་པ་དང་བཅས་པས་འོང་བ་ཞུ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གི་མཁན་པོ་མིང་འདི་ཞེས་བགྱི་བས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟོན་གྱིས་རྗེས་སུ་བསྟན་ན་། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་མཆི་ཞིག་གམ། ཐམས་ཅད་ཀྱི་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གནང་བ་དང་ནང་དུ་བོས་སྒོ་ཡོད་ན་བཅད་ལ་རྩའི་སྟེང་ནས་ཕྱག་མཚན་གསུམ་པོ་བྱེད་དུ་བཞུག་གོ། དེ་ནས་ཕ་གུའི་སྟེང་དུ་ཅིག་རྩོག་པུར་འདུག་ལ་ཐལ་མོ་སྦྱར་ཏེ། དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་བ་གདབ་པ་ནི། ལས་ཀྱི་སློབ་དཔོན་གྱིས་གདམ་ངག་ཅུང་ཟད་གནང་བ་ནི། ཁྱེད་བསྙེན་པར་རྫོགས་པའི་སྡོམ་པ་ལེན་པ་དེ། ཡུལ་གཙོ་བོ་དགེ་འདུན་ལས་སྐྱེ་བ་ཡིན་ཏེ། དམ་ཆོས་འདུལ་བ་ལས། དགེ་བདུན་ལས་བསྙེན་པར་རྫོགས་པར་བྱའོ། །ཞེས་གསུངས་པས། དགེ་འདུན་གྲངས་ཚང་། མཚན་ཉིད་ཚངས་མི་མཐུན་པ་མེད་པ་སྟེ། ཆོས་གསུམ་ཚང་བ་ཅིག་དགོས། གྲངས་ཚངས་པ་ལ་དབུས་དང་མཐའ་འཁོབ་ཀྱི་བྱེ་བྲག་གིས་བཅུ་དང་ལྔ་ཡན་ཆད་ཚང་བ་གཅིག་དགོས་ཡང་ཚང་། མཚན་ཉིད་ཚངས་བ་ལ་ཁ་བསྐོང་གིས་ཆོས་རྣམས་དང་ལྡན་པ་དགོས་ཡང་བསླབ་པ་ལ་གཅེས་སྤྲས་སུ་མཛད་པ་ཤ་སྟག་བཞུགས་པ་ཡིན་པས་ཚང་། མི་མཐུན་པ་མེད་པ་ལ་མ་ལུས་པ་དང་འདུས་པའི་ཕྱིར་བཟློག་པ་མེད་པ་དགོས་ན་ཡང་ཚང་། དེ་ལྟར་ཆོས་གསུམ་ཚང་བའི་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་བ་གདབ་དགོས། གསོལ་བ་འདེབས་པའི་ཆོ་ག་ལས། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། བདག་དྲང་དུ་གསོལ། བདག་རྗེས་སུ་གཟུང་དུ་གསོལ། བདག་རྗེས་སུ་བསྟན་དུ་གསོལ། །བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། །ཞེས་བྱ་བ་དང་ཆོ་ག་ཟུར་རྣམ་པ་ལྔ་ཡོད་པའི། །བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། །ཞེས་བྱ་བ་དེ་བྱུང་ཙ་ན་རྫོགས་པར་ནི། གནོད་པ་ཐམས་ཅད་དང་བྲལ་བའི་དངོས་པོ་མྱ་ངན་ལས་འདས་པ་ལ་ཟེར་བ་ཡིན། དེ་ལ་བསམ་པ་དང་སྦྱོར་བ་གཉིས་ཀྱིས་ཁད་ཉེ་བའི་དགེ་སློང་གིས་སྡོམ་པ་ཐོབ་པར་མཛད་དུ་གསོལ་ཞེས་གསོལ་བ་འདེབས་པ་ཡིན། བདག་དྲང་དུ་གསོལ་ཞེས་བྱ་བ་ནི། ཕྱག་རྐྱང་བའི་ཚུལ་གྱིས་བསམ། མ་དག་པའི་གནས་ནས་དག་པའི་གནས་སུ་དྲང་དུ་གསོལ། ཞེས་གསོལ་བ་འདེབས་པ་ཡིན། བདག་རྗེས་སུ་གཟུང་ཏུ་གསོལ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའི་སྡོམ་པ་དང་མི་ལྡན་པ་ལས་སྡོམ་པ་དང་ལྡན་པར་གཟུང་དུ་གསོལ། ཞེས་གསོལ་བ་འདེབས་པ་ཡིན། བདག་ལ་རྗེས་སུ་བསྟན་དུ་གསོལ་ཞེས་བྱ་བ་ནི། ཐར་བའི་ལམ་བསྟན་དུ་གསོལ་ཞེས་གསོལ་བ་འདེབས་པ་ཡིན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ། ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་པ་ནི། དགེ་འདུན་ཀུན་གྱིས་ཀྱང་རྙེད་པ་དང་བཀུར་སྟི་ལ་མ་གཟིགས་པར་བྱམས་པས་ཐུགས་རྗེས་གཟིགས་ལ། བདག་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་ཞིག་གནང་པར་ཞུ་ཞེས་གསོལ་བ་འདེབས་པ་ཡིན། འདི་ཡང་དག་པར་བླངས་པ་བརྡའ་ལས་བྱུང་པ་ཡིན་པས་ཆོ་ག་དག་པ་དགོས། བདག་མིང་འདི་ཞེས་བགྱི་བ་ཞེས་པ་དེ་བས་སུ་ལ་ཕོབ། མཁན་པོ་མིང་འདི་ཞེས་པ་བགྱི་བས། ཞེས་པ་དང་། དགེ་འདུན་ལས་ཞེས་བྱ་བའི་སྐབས་སུ་སྒྲ་ཐོན་པ་ཞིག་དགོས་གསོལ་བ་འདེབས་པ་འདི་མེད་ཁ་མེད་ཡིན་པས། དགེ་འདུན་ཀུན་གྱིས་གསན་དགོས་པས། དགེ་འདུན་རྣམས་བསྙེན་པར་རྫོགས་པའི་གསོལ་བ་འདེབས་པའི་ལས་ལ་ཐུགས་གཏད་པར་ཞུ། ཁྱེད་རང་རྣམས་དལ་བུས་ངའི་རྗེས་བཟློས་གྱིས་ཤིག་བྱས་ལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་སྟེ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ། མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱི་བདག་དྲང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་གཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་གྱིས་བདག་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱི་ཐུགས་བ་རྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། དེ་བཞིན་དུ་ལན་གསུམ་བཟླས། དེས་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་བ་ཐེབས་པ་ཡིན། ཁྱེད་རང་ལད་མོ་བྱེད་མི་དགོས་། དགེ་འདུན་ནང་དུ་བར་ཆད་དྲི་བའི་ལས་ལ་ཐུགས་གཏད་པར་ཞུ་བྱས་ལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ། མིང་འདི་ཞེས་བགྱི་བ་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ནས། གལ་ཏེ་དགེ་འདུན་གྱིས་བཟོད་ན། དགེ་འདུན་གྱིས་གནང་བ ར་མཛོད་ཅིག་དང་། བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ། བར་ཆད་གྱི་ཆོས་རྣམས་དྲི་བར་བྱའོ། །འདི་ནི་གསོལ་བའོ། །དེའི་རྗེས་ལ་ལས་ཀྱི་སློབ་དཔོན་ལ་ཕྱག་འཚལ་དུ་བཅུག་ལ། དེས་འདི་སྐད་ཅེས་པར་བྱ། ཁྱེད་བསྙེན་པར་རྫོགས་པར་བྱེད་པ་ལ། འགལ་རྐྱེན་བར་ཆད་མེད་པ་ཅིག་དགོས། བར་ཆད་ཡོད་མེད་དྲིས་པས་ཤེས་པ་ལ། གསང་སྟེ་སྟོན་པའི་སློབ་དཔོན་གྱིས་ལྐོག་དུ་ཡང་། དྲིས་པ་ཡིན་མོད་ཀྱིས་བར་ཆད་གློ་བུར་བ་ཡིན་པས་འཕྲལ་དུ་འབྱུང་ཡང་སྲིད། སྔར་མ་དྲན་པ་དྲན་པ་ཡང་སྲིད། དགེ་འདུན་ཐུགས་ཆེས་པ་ལ་སོགས་པའི་དགོས་པ་དུ་མ་ཡོད་པས། འདིར་ཡང་འདྲི་བར་བྱེད་པ་དངོས་པོ་ཚུལ་དང་། མཐུན་པར་ལན་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲི་ཡིས། ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག་ཁྱོད་སྐྱེས་པ་ཡིན་ནམ། དེས་ཡིན་ལགས་ཤེས་བརྗོད། སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། །ལོ་ཉི་ཤུ་ལོན་ནམ། ལོན་ཞེས་བརྗོད། ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད། ཁྱོད་ཀྱི་ཕ་མ་གསོན་ནམ། གལ་ཏེ་གསོན་ཞེས་བརྗོད་ན། ཁྱོད་ཕ་མས་གནང་ངམ་ཞེས་དྲི་བར་བྱ། དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་ཡིན་ནམ། རྐུས་པ་མ་ཡིན་ནམ། རྙེད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་སྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པར་བྱེད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་པ་མ་ཡིན་ནམ། སྦྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་འདྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་། ཅུང་ཟད་ཆགས་པ་མེད་དམ་ཞེས་དྲི། བུ་ལོན་ཆགས་སོ་ཞེས་ཟེར་ན། བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། །དེས་ནུས་ཞེས་བརྗོད། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། དེས་མ་ཡིན་ཞེས་བརྗོད། ཇི་ལྟར་ད་ལྟར་ཁྱོད་རབ་ཏུ་བྱུང་བ་ཡིན་ནམ་ཞེས་དྲི། དེས་ཡིན་ཞེས་བརྗོད། ཁྱོད་ཀྱིས་ཚངས་པ་སྤྱོད་པ་ལེགས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི། དེས་ལེགས་པར་སྤྱོད་ལགས་ཤེས་བརྗོད། ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱིས་བ་ལགས། ཁྱོད་ཀྱི་མཁན་པོའི་མིང་ཅི། དོན་གྱིས་སླད་དུ་མཚན་ནས་སྨོས་ཏེ། བདག་གི་མཁན་པོའི་མིང་འདི་ཞེས་བགྱི་བ་ལགས་ཤེས་བརྗོད། འདི་མན་ཆད་ཁྱེད་རང་གི་ལུས་ལ་ཡོད་མེད་བརྟགས་ནས་ལན་ཕྱོགས་གཅིག་བཏབ་པས་ཆོག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ལ་ནད་ཀྱི་རྣམ་པ་འདི་ལྟ་བུ་དག་འབྱུང་བས། འདི་ལྟ་སྟེ་མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་བཀྲ་དང་། ཁྱི་རྔོ་དང་། གཡའ་བ་དང་། ཀློག་པ་དང་། རྐང་ཤུ་དང་། རྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་པ་དང་། སྐྱ་སྦབ་དང་། རྐང་བམ་དང་། མཚན་པར་བརྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིབ་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་དང་ཡན་ལག་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་གཞང་འབྲུམ་དང་སྐྱུག་བྲོ་བ་དང་། ཆུ་འགག་པ་དང་། ངག་པ་དང་། ལུས་ཚ་བ་དང་། རྩིབས་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་གྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ་དེ་མ་མཆིས་ཤེས་བརྗོད་པར་བྱའོ། །སྦྱོར་བའོ། །གཅིག་བརྗོད། དངོས་གཞིའི་ཆོས་ག་ལ་ལས་ཀྱི་སློབ་དཔོན་གདམ་ངག་བྱས་སྟེ་བསྙེན་པར་རྫོགས་པའི་སྡོམ་པ་དེ་ལུང་ཅིག་ནས་འཕྲོས་པ་ལས་མངོན་སུམ་དུ་གྱུར་པ་བཅུ་ལ་བརྟེན་ནས་སྐྱེ་པར་གསུངས། དེ་ཡང་ཚིག་བཅད་དུ་སྡེབས་པ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མཁན་པོ་སློབ་དཔོན་བསྙེན་རྫོགས་འདོད། །ཡོ་བྱད་ཡོངས་སུ་དག་པ་དང་། །གསོལ་དང་ལས་ནི་མངོན་སུམ་ཞེས་གསུངས་པས། དང་པོ་སངས་རྒྱས་མངོན་སུམ་དུ་གྱུར་པ། བསྟན་པའི་བདག་པོ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་པས། དེའི་སྐུ་རབ་ཏུ་གནས་པ་དང་ལྡན་པ་ཅིག་བཞུགས། དགོས་ན་ཚང་། གཉིས་པ་ཆོས་མངོན་སུམ་དུ་གྱུར་པ་ལུང་དང་རྟོགས་པའི་ཆོས་ཡིན་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ནི། ལུང་དང་རྟོགས་པའི་བདག་ཉིད་དོ། །ཅེས་གསུངས་པས་ལུང་གི་ཆོས་ཀྱི་རྟེན་པོ་ཏི་གླེགས་བམ་ཡང་བཞུགས། རྟོགས་པའི་ཆོས་ཀྱང་མཁན་སློབ་དགེ་འདུན་དང་བཅས་པའི་ཐུགས་རྒྱུད་ལ་བཞུགས་པས་ཚང་། གསུམ་པ་དགེ་འདུན་མངོན་སུམ་དུ་གྱུར་པ་ནི་གྲངས་ཚང་། མཚན་ཉིད་ཚང་། མི་མཐུན་པ་མེད་པའི་ཆོས་གསུམ་བསྟན་ལ། གསོལ་བ་བཏབ་དགོས་ན་ཚང་། བཞི་པ་མཁན་པོ་མངོན་སུམ་དུ་གྱུར་པ་བཙུན་པ་བསྟན་པ་འདི་ཡི་ཡན་ལག་ཏུ་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པས་བར་མ་ཆད་པར་ལོ་བཅུ་ལོན་པ་དང་། མཁས་ཤིང་ཕན་འདོགས་པའི་ཡན་ལག་ཏུ་ལྔ་མཚན་དུ་ཉེ་བར་སྦྱོར་བ། ཉི་ཤུ་རྩ་གཅིག་ལས་གང་ཡང་རུང་བ་བསྟན་པས་དགོས་ནའང་ཚང་། །ལྔ་པ་སློབ་དཔོན་མངོན་སུམ་དུ་གྱུར་པ་ལ་གཉིས་ལས། །གསང་སྟེ་སྟོན་པའི་སློབ་དཔོན་དེ་ཁ་བསྐོང་པར་འོས་པས། འགྲོ་བ་མ་ཡིན་པ་བཞི་དང་བྲལ་བ། ལྐོག་དུ་བར་ཆད་དྲིས་ནས་ནང་དུ་འོང་བ་ཞུ་བ་ལ་མཁས་པར་སྤྲོ་བར་གྱུར་པ་ཅིག་དགོས་ནའང་ཚང་། ལས་ཀྱིས་སློབ་དཔོན་ཁ་བསྐོང་པར་འོས་ཤིང་དགེ་འདུན་གྱིས་དབུས་སུ་ལས་ལེགས་པར་བྱེད་ཤེས་པ་ཞིག་དགོས་ནའང་ཚང་། དྲུག་པ་བསྙེན་པར་རྫོགས་པར་འདོད་པ་མངོན་སུམ་དུ་གྱུར་པ་ཁྱེད་རང་རྣམས་ལ་ཟེར་བ་ཡིན། དེ་ལ་རྟེན་ཀྱི་ཆ་དང་བསམ་པའི་ཆ་གཉིས་ལས་རྟེན་གྱི་ཆ་ལ་སྒྲ་མི་སྙན་པ་དང་། མཚན་ཉམས་པ་བཅུ་བཞི་དང་། མི་མ་ཡིན་པའི་འགྲོ་བ་ལ་སོ་སོར་ཐར་པའི་སྡོམ་པ་མི་སྐྱེ་བས། གླིང་གསུམ་གང་རུང་གི་མིར་སྐྱེས་པ། བུད་མེད་ཀྱི་ཆོ་གའི་སྐབས་མ་ཡིན་པས། སྐྱེས་པའི་དབང་པོ་དང་ལྡན་པ་དང་། དངོས་པོའི་བསམ་པའི་སྒོ་ནས་ལོ་ཉི་ཤུ་ལོན་པའམ། དེར་ཤེས་པ་ཡན་ཆད་དང་ལྡན་པའམ། དགེ་ཚུལ་གྱིས་སྡོམ་པ་ཡན་ཆད་རྒྱུད་ལ་ཐོབ་ཅིང་དགོས་ན་ཚང་། གཉིས་པ་བསམ་པའི་ཆ་ལ་བླང་བྱ་ངེས་འབྱུང་གི་ཚུལ་ཁྲིམས་ཡིན་པས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པས། བསམ་པ་ཐག་པ་ནས་ལེན་འདོད་དང་། དངོས་གཞིའི་དུས་ན་ཐབས་ཤེས་ཀྱི་ནུས་ལྡན་དང་། ངེས་པ་ལྔ་དང་བྲལ་བ་བཞི་ཚང་དགོས་མྱ་ངན་ཁམས་གསུམ་མམ་རིགས་དྲུག་ཡིན། དེ་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ཡིན་ལ། མྱ་ངན་ལ་རིགས་དྲུག་ལས་སོ་སོའི་སྡུག་བསྔལ་དར་དྲག་པས་ཡུན་རིང་པ་ཡོད་དེ། མདོ་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་བསྐོམས་པས་ཉམས། །དུད་འགྲོ་གཅིག་ལ་ཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡི་ཉམས། །མི་དག་ཡོངས་སུ་འཚོ་བས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། ཞེས་གསུངས་སོ། །བཅོམ་ལྡན་འདས་བྱམས་མགོན་གྱི་ཞལ་ནས་ཀྱང་། འཁོར་བ་ཐོག་མཐའ་མེད་པ་འདིར་སྐྱེེ་འཆི་འགྲོ་བའི་ལམ་ནི་རྣམ་པ་ལྔ། མི་གཙང་པ་ལ་དྲི་ཞིམ་མེད་བཞིན་དུ། །འགྲོ་ལྔ་དག་ནའང་བདེ་བ་མེད། །དེའི་སྡུག་བསྔལ་མེ་མཚོན་དང་། །ཁ་བ་རྒྱ་མཚོ་ལས་སོགས་རེག་བསྐྱེད་བཞིན། ཞེས་གསུངས་པས་ཁམས་གསུམ་མམ་རིགས་དྲུག་པ་འདི་མྱ་ངན་ནམ་སྡུག་བསྔལ་གྱི་རང་བཞིན་ཡིན། དེ་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ཡིན། དེའི་ནང་ནས་ཀྱང་། མཆོག་གམ་གཙོ་བོ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན་པས། དེ་ཐོབ་པར་བྱེད་དགོས། སངས་རྒྱས་དེ་ཡང་རང་གཅིག་པུ་ཐོབ་པས་མི་ཆོག་སྟེ། སེམས་ཅན་ཐམས་ཅད་རང་གི་ཕ་མ་བྱས་པ་ལན་གྲངས་ཀྱང་དཔག་ཏུ་མེད་པ་བྱས་ལ་བྱས་པའི་རེས་ལ་ཕན་བདེ་སྣ་ཚོགས་ཀྱིས་ཕན་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་ཏེ་མདོ་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིལ་གུ་ཙམ། །རི་བུར་བགྲངས་ཀྱང་ས་ཡི་ལང་མི་འགྱུར། ཞེས་པ་དང་། སེམས་ཅན་གཅིག་གིས་ཕ་བྱས་པ། །རྟ་དང་གླང་པོ་སྐྱོན་པ་རྣམས། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །རྐང་འགྲོ་གཞན་ཡང་དེ་བཞིན་ནོ། །ཞེས་གསུངས་པས། དྲིན་ཅན་ལ་དྲིན་ཅན་དུ་ཤེས་པ་ལ་བྱས་པ་ཤེས་པ་ཟེར་དེའི་ལན་འདོན་པ་ལ་བྱས་པ་གཟོ་བ་ཟེར་བ་ཡིན། དེ་གཉིས་ཡོད་ན་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་འབྱུང་བ་ཡིན་ཏེ། མདོ་ལས། བྱས་པ་ཤེས་ཤིང་བྱས་པ་གཟོ། །བྱས་པ་ཆུད་ཟོས་མི་བྱེད་པའི། །མི་ལ་དཔལ་མགོན་ཉེར་བར་གནས། ཤེས་གསུངས་པས། དེ་ལ་ཐབས་གཞན་གྱིས་ལན་མི་ལོན་པས། མྱ་ངན་ལས་འདས་པའི་བདེ་པ་ལ་དགོད་དགོས་སྟེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། སྐྱེ་བ་གྲངས་མེད་དེ་དང་དེར། །ཕན་པ་དཔག་མེད་བསྒྲུབས་རྣམས་ལ། །དེ་ལ་ལན་དུ་ཕན་འདོགས་པ། །མྱ་ངན་འདས་ལ་གཞན་ཅི་ཡོད། ཅེས་གསུངས་པས། ད་ལྟའི་ནུས་པ་འདི་ཙམ་གྱིས་སངས་རྒྱས་ལ་འགོད་མི་ནུས་པས། དེའི་ཆེད་དུ་བདག་གི་དང་པོར་སངས་རྒྱས་ཐོབ་པར་བྱེད་དགོས། སངས་རྒྱས་དེ་རྒྱུ་མེད་པ་དང་། ནོར་བ་དང་། མ་ཚང་ན་མི་ཐོབ། རྒྱུ་ཚང་ལ་མ་ནོར་བ་བསླབ་པ་གསུམ་ཡིན། དེ་ལ་དངོས་ཀྱི་རྒྱུ་ཟག་མེད་ཀྱི་ཤེས་རབ་ཡིན་ཀྱང་། དེ་ཏིང་ངེ་འཛིན་ལ་རག་ལས། དེ་ཚུལ་ཁྲིམས་རྣམ་པར་དག་པ་ལས་སྐྱེ་བ་ཡིན་ཏེ། མདོ་ལས། ཚུལ་ཁྲིམས་ལ་གནས། ཚུལ་ཁྲིམས་ལ་བརྟེན་ནས། །འཕགས་པའི་བདེན་པ་རྣམས་རྟོགས་པར་འགྱུར། ཞེས་གསུངས། ཁྲིམས་ནི་རྒྱུ་དང་མི་རྒྱུ་ཀུན་གྱི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །དེ་ལ་ཡང་སོ་སོ་ཐར་པའི་སྡོམ་པ་རིགས་བདུན་ནམ་བརྒྱད་ལས། དགེ་སློང་གི་སྡོམ་པ་མཆོག་ཡིན་ཏེ། བྱང་ཆུབ་ལམ་སྒྲོན་ལས། སོ་སོའི་ཐར་པ་རིགས་བདུན་དུ། །དེ་བཞིན་གཤེགས་པས་གསུངས་པ་ལས། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། ཅེས་གསུངས་པས། མདོར་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བླངས་ལ་བསྲུངས་སྙམ་པ་རྒྱུན་དུ་འབྱུང་བ་ལ། མྱ་ངན་ལས་འདས་པ་ཐོབ་འདོད་པའི་བསམ་པ་བརྟན་པོ་ཟེར་བ་ཡིན་པས། དེ་སྐྱེད་དགོས་པ་ཡིན་ཏེ། བསམ་པ་ཐག་པ་ནས་ལེན་འདོད་དང་དངོས་གཞིའི་དུས་ན་ཐབས་ཤེས་ཀྱི་ནུས་ལྡན་དགོས་ན་ཡང་ཚང་། བཞི་པོ་ངེས་པ་ལྔ་དང་བྲལ་བ་ནི། མཛོད་འགྲེལ་ལས། སེམས་ཅན་ངེས་པ་དང། ཡན་ལག་ངེས་པ་དང་། ཡུལ་ངེས་པ་དང་། རུས་ངེས་པ་དང་། ཚེ་ངེས་པར་མི་བྱེད་ན་ཐོབ་བོ། ཞེས་གསུངས་པས། དེའི་དོན་ཡང་། དགེ་སློང་ལ་མི་རུང་ཟེར་བ་རྣམས་སྤངས། རུང་ཟེར་བ་རྣམས་བསྒྲུབས་པ་ལ་ཟེར་བ་ཡིན་པས་ཚང་། མདོར་ན་དེ་རྣམས་ཀྱིས་བསྙེན་པར་རྫོགས་པར་འདོད་མངོན་དུ་གྱུར་པ་ལ་ཅི་དགོས་པ་ཐམས་ཅད་ཚང་། བདུན་པ་ཡོ་བྱད་མངོན་གསུམ་དུ་གྱུར་པ་ལ་ནི། ཆོས་གོས་དང་ལྷུང་བཟེད་མཁན་པོས་བྱིན་གྱིས་བརླབས་ཤིང་གནང་བ་དང་། འདིང་བ་ཆུ་ཚགས་མཁན་པོས་གསུང་གིས་གནང་བ་དང་ལྡན་པ་དགོས་ན་ཡང་ཚང་། བརྒྱད་པ་ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་ནི་བར་ཆད་དང་མི་ལྡན་པ་དགོས་ན་ཕྱི་ནང་གཉིས་སུ་དྲིས། ཁྱེད་རང་གི་མེད་པར་ལན་བཏབ་པས་ཚང་། དགུ་པ་གསོལ་བ་དང་། བཅུ་པ་ལས་མངོན་སུམ་དུ་གྱུར་པ། ད་ལྟ་ཉིད་དུ་བསྒྲུབ་པ་ཡིན། དེ་ལ་གསོལ་བ་དང་བཞི་ཡོད་པ་ལས། གསོལ་བ་ཡར་ཐལ། བརྗོད་པ་གསུམ་པའི་ངོ་བོ་བརྗོད་པ་དང་། བྱ་བ་བརྗོད་པ་འདས། བྱེད་པ་བརྗོད་པ་དེ་སླད་དུ། དགེ་འདུན་གྱི་ཞེས་བྱ་བ་འབྱུང་བའི་ཚེ་སྡོམ་པ་སྐྱེ་བ་ཡིན་པས་དེར་སྐྱེས་སྙམ་པ་བྱུང་ནའང་ལེགས། མ་བྱུང་པ་དང་དེར་སྐྱེ་པ་ཡིན། ཁྱོད་རང་རྗེས་བཟློས་བྱ་མི་དགོས། དགེ་སློང་དངོས་གཞི་ལས་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་སྟེ། སྐྱེས་པ་ཡང་ལགས། སྐྱེ་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཡང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ །ཞེས་ཁོ་ནར་ཉིད་མཆི་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལ་བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །ལས་བརྗོད་པ་དང་པོ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ། འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ན། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་། ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ནི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །དེ་བཞིན་དུ་བརྗོད་པ་གཉིས་པ་ལ་ཐུགས་གཏད་པར་ཞུ། བྱས་ལ་བརྗོད་པ་དང་པོའི་མགོ་ནས་ལན་གསུམ་ཚར་ཏེ་གདབས་ནས་བཟླས། ལས་ཀྱི་འཇུག་བསྡུ་ལ་ཐུགས་བསྟད་པར་ཞུ། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བ་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། དངོས་གཞིའི་ཆོ་གའོ། །འཇུག་གི་ཆོ་ག་ལ་གཉིས་ལས་རྫོགས་པའི་དུས་སྒོ་བྱ་བ་ནི། ལས་ཀྱི་སློབ་དཔོན་ལས་གཞན་པའི་དགེ་སློང་གཅིག་གིས། ལོ་གང་ལ་སྡོམ་པ་ཐོབ་པའི་ལོ་དུས། རྩིས་ཟླ་བ་ཚེས་གྲངས་ཉིན་མཚན་གྱི་ཆ་གྲིབ་ཚོད་རྣམས་དགེ་སློང་དེ་དག་ལ་སྒོ་བར་བྱ། དགོས་པ་བསྙེན་བསྐུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པ་ལ་སོགས་པའི་དགོས་པ་ཡོད། གཉིས་པ་ཐོབ་པ་དེ་མི་ཉམས་པར་བྱ་བའི་ཕྱིར་གདམ་ངག་བརྗོད་པ་ལ་སླབ་བྱ་ཡུལ་བརྗོད་པ་དང་། སློབ་བྱེད་གཉེན་པོ་བརྗོད་པ་གཉིས་ལས། །བསླབ་བྱ་ཡུལ་བརྗོད་པ་ལ། རང་སྨིན་པར་བྱ་བའི་ཆོས་བརྗོད་པ་དང་། ཆོ་ག་རྣམ་པར་དག་པའི་སྒོ་ནས་གཞན་ལས་ཤེས་འགྱུར་གྱི་བརྗོད་པ་གཉིས་ཡིན། དང་པོ་རང་སྨིན་པའི་ཆོས་ལ་བརྟེན་ནས། འཚོ་བ་རྣམ་པར་དག་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་དང་རྟོགས་དོན་ལྔ་པ་རྣམ་པར་དག་པ་དང་གསུམ་ལས། དང་པོ་བརྟེན་པ་འཚོ་བ་རྣམ་པར་དག་པ་ལ་དམ་བ ཅའ་དགོས་པ་ནི། ཁྱོད་ཀྱིས་དེང་ཕྱིན་ཆད་ཇི་སྲིད་འཚོའི་བར་དུ་གོས་ཕྱག་དར་ཁྲོད། ཟས་བསོད་སྙོམས་སྨན་བརྐུས་ཏེ་བོར་བ། གནས་ཤིང་དྲུང་ལ་རྟེན་ནས་དགེ་སློང་བཟང་པོ་ཅིག་བྱེད་དགོས་སོ། །ཞེས་སྟོན་པ་ནི་འདིར་གདའ་ཚེ་དང་ལྡན་པ་མིང་འདིའི་ཞེས་བྱ་པ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་གནས་སུ་གསུངས་ཏེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །དེས་སྤྱིར་བརྗོད་པ་བསྟན་ནས། བྱེ་བྲག་ཏུ་བརྗོད་པ་ནི། བཞི་གང་ཞེ་ན། འདི་ལྟ་སྟེ་གོས་ཀྱི་ནང་ནས་ཕྱག་དར་ཁྲོད་པ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུང་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་འགྱུར་རོ། །ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཕྱག་དར་ཁྲོད་ཀྱི་གོས་གྱི་འཚོ་བར་སྤྲོ་འམ། དེས་སྤྲོ་ཞེས་བརྗོད། དེས་འདོད་པ་བསོད་ནམས་ཀྱི་མཐའ་སྤངས་པ་བསྟན་ནས། ད་ངལ་ཞིང་དུབ་པའི་མཐའ་སྤངས་པ་བསྟན་པ་ནི། ལྷག་པར་རྙེད་ན་དར་རམ། རས་ཡུག་ཆེན་ནམ། བེའུ་རས་སམ། དར་ལའམ། མོན་དར་རམ། བེའུ་རས་ཡུག་ཆེན་ནམ། བེའུ་རས་དམར་པོ་འམ། བེའུ་ཕྲུག་གམ། ལྭ་དམར་རམ། ཡུལ་ཀ་ཤི་ཀའི་རས་ཕྲན་ནམ། ཁ་དོག་རན་པའམ། ཁ་དོག་ངན་པའི། བལ་གོས་སམ། ཤ་ནའི་རས་སམ། ཟ་མའི་རས་སམ། རས་གོས་སམ། དུ་གུ་ལའི་རས་སམ། གོ་ཏམ་པའི་རས་སམ། ཉི་འོག་གི་རས་སམ། གཞན་ཡང་གོས་རུང་བ་གང་། དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱི་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའམ། དེས་དམ་བཅའོ། །ཞེས་བརྗོད་པར་བྱའོ། །དེས་གོས་ཕྱག་དར་ཁྲོད་པ་ལ་དམ་འཆའ་བ་བསྟན་ནས། ད་ཟས་བསོད་སྙོམས་ལ་དམ་འཆའ་དགོས་སོ་ཞེས། སྟོན་པ་དེ་འདིར་གདའ། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཟས་ཀྱིས་ནང་ནས་བསོད་སྙོམས་ནི་རུང་བ་རྙེད་ཀྱང་བསླབ་སྟེ། དེ་ལ་གནས་ན། དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་པ་ལས། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་བསོད་སྙོམས་ཀྱིས་ཟས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་དོ། །དེས་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་པ་བསྟན་ནས། ད་ངལ་ཞིང་དུབ་པའི་མཐའ་སྤོངས་སྟོན་པ་དེ། ལྷག་པར་རྙེད་ན་འབྲས་ཆན་ནམ། སྐྱོ་མའམ། ཐུག་པའི་ལྔ་སྟོན་ནམ། བརྒྱད་སྟོན་ནམ། བཅུ་བཞི་སྟོན་ནམ། ཉ་སྟོན་ནམ། རྟགས་རེ་འཁོར་རམ། འགྲོན་དུ་བོས་པའམ། གྲལ་ལ་བོས་པའམ་སྤགས་པའམ། གཞན་ཡང་ཟས་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་འཆའོ། །ཞེས་བརྗོད། དེས་ཟས་བསོད་སྙོམས་ལ་དམ་འཆའ་བ་བསྟན་ནས། ད་གནས་ཤིང་དྲུང་ལ་དམ་འཆའ་དགོས་སོ་ཞེས་སྟོན་པ་དེང་འདིར་གདའ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ཁྱོད་ཉོན་ཅིག །གནས་མལ་གྱི་ནང་ན་ཤིང་དྲུང་གི་རུང་པ་རྙེད་ཀྱང་བསླབ་ཏེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཤིང་དྲུང་གི་གནས་མལ་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །དེས་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་པ་བསྟན་ནས། ད་ངལ་ཞིང་དུབ་བའི་མཐའ་སྤོང་བ་དེ་འདིར་གདའ། ལྷག་པར་རྙེད་ན་ཁང་པ་འམ། རྔ་ཁང་ངམ། ཁང་པ་རྩེགས་པའམ། བསིལ་ཁང་ངམ། སབ་མོས་བསྐོར་བ་འམ། བ་གམ་མམ། ཁང་བཟངས་སམ། སྒོ་ཁང་གི་སྟེང་གི་བསིལ་ཁང་ངམ། ཁང་སྟེང་གི་ཡོལ་ཁང་ངམ། སྤང་ལེབ་ཁང་ངམ། ས་ཕུག་གམ་བྲག་ཕུག་གམ་རི་ཕུག་གམ། རྩ་ཡི་ལྕིལ་བུའམ། ལོ་མའི་ལྕིལ་བུའམ། འཆག་པར་བྱས་པའམ། འཆག་པར་མ་བྱས་པའམ། བྱ་སྐྱིབས་སུ་བྱས་པའམ། བྱ་སྐྱིབས་སུ་མ་བྱས་པའམ། གཞན་ཡང་གནས་མལ་རུང་བ་གང་། དགེ་འདུན་ནམ་གང་ཟག་ལ་རྙེད་ན། དེ་ཡང་ཁྱོད་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཅི་ལྟར་ཁྱོད་གནས་འདི་ལྟ་བུ་དམ་འཆའ་འམ། དེས་དམ་འཆའ་འོ་ཞེས་བརྗོད་པར་བྱའོ། །དེས་གནས་ཤིང་དྲུང་ལ་དམ་འཆའ་བ་བསྟན་ནས། ད་སྨན་བསྐུས་ཏེ་བོར་བ་ལ་དམ་འཆའ་འོ། །དགོས་པ་སྟོན་པ་ནི། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །སྨན་གྱི་ནང་ནས་བསྐུས་ཏེ་བོར་བ་ནི་རུང་པ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད། ཅི་སྲིད་འཚོའི་བར་དུ་བསྐུས་ཏེ་བོར་བའི་སྨན་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། དེས་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་པ་བསྟན་ནས། ད་ངལ་ཞིང་དུབ་པའི་མཐའ་སྤོང་བར་སྟོན་པ་དེ་འདིར་གདའ། ལྷག་པར་རྙེད་ན་ཞུན་མར་རམ། འབྲུ་མར་རམ་སྦྲང་རྩིའམ། བུ་རམ་གྱི་སྦུ་བའམ་དུས་སུ་རུང་བའམ། ཐུན་ཚོད་དུ་རུང་བའམ། ཞག་བདུན་པའམ། འཚོ་བའི་བར་དུ་བཅང་བའམ། རྩ་བའི་སྨན་ནམ། སྡོང་བུའི་སྨན་ནམ། ལོ་མའི་སྨན་ནམ། མེ་ཏོག་གི་སྨན་ནམ། འབྲས་བུའི་སྨན་ནམ། གཞན་ཡང་སྨན་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱི་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཅི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་བའམ། དེས་དམ་འཆའ་ཞེས་བརྗོད། དེ་རྣམས་ཀྱི་བརྟེན་བསམ། འཚོ་བ་རྣམ་དག་འཆའ་དགོས་པར་བསྟན་ནས། ད་བསྲུངས་བྱ་ཚུལ་ཁྲིམས་རྣམ་དག་ལ་དམ་འཆའ་བ་ལ། མཚན་ཉིད་གཉེན་པོ་དཔེ་གསུམ་ཡོད་པ་ལས། དང་པོ་མཚན་ཉིད་ལ་དམ་འཆའ་བ་ལ། སྤང་བྱའི་བྱེ་བྲག་ལྟུང་བ་འགྱུར་བའི་ཆོས་བཞི་སྤངས་བར་བྱ་བ་དང་། སྤྱིའི་གཉེན་པོ་དགེ་སྦྱོང་གི་ཆོས་བཞི་ལ་བསླབ་པར་བྱ་བ་གཉིས་ལས། དང་པོ་སྤང་བྱའི་བྱེ་བྲག་ལྟུང་བར་འགྱུར་བའི་ཆོས་བཞི་སྤངས་པར་བྱ་བ་ནི། ད་ཕྱིན་ཆད་ཁྱེད་ཀྱིས་ལྟུང་བར་འགྱུར་བའི་ཆོས་བཞི་པོ་འདི་རྣམས་ངོ་ཤེས་པར་བྱས་ནས་དེ་རྣམས་ཀྱི་རྒྱུད་ལ་མ་གོམས་པའི་དགེ་སློང་ཇོ་བོ་བཟང་པོ་ཅིག་བྱེད་དགོས་སོ་ཞེས་སྟོན་པ་ནི་འདིར་གདའ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དགེ་སློང་གིས་དེ་དག་བྱས་ནས་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་བར་འགྱུར། ཤཱཀྱ་སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་པ་བཞིན་ནོ། །དེས་སྤྱིར་རྫོགས་པ་བསྟན་ནས་། ད་བྱེ་བྲག་དུ་བརྗོད་པ་བསྟན་པ་ནི་འདིར་གདའ། བཞི་གང་ཞེ་ན། འདི་ལྟ་སྟེ། འདོད་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པར་ནི། བཅོམ་ལྡན་འདས་ཀྱི་རྣམ་གྲངས་དུ་མས་སྨད་དོ། །འདོད་པ་སྤངས་པ་ནི་། སྔགས་དེ་བོར་བ་དང་། བཙལ་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པ་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཆགས་པའི་སེམས་ཀྱིས་བུད་མེད་གྱི་ཡུལ་ལ་མི་གཏད་དེ། མིག་གིས་བལྟ་བར་ཡང་མི་བྱ་ན། གཉིས་ཀྱི་གཉིས་སྤྲད་དེ་མི་ཚངས་པར་སྤྱོད་པ་འཁྲིགས་པའི་ཆོས་བསྟེན་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབས་པ་མཚུངས་པར་འགྱུར་བས་བསླབ་པ་མ་ཕུལ་བསླབས་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གི་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ། དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སློང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་པ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་བ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་པ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤངས་པ་དེ་ལ་དྲན་པ་དང་བག་ཡོད་པས། སེམས་ཤིན་དུ་བསྲུངས་བར་བརྩོན་པར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །དེས་མི་ཚངས་པར་སྤྱོད་པ་མཐའ་དང་བཅས་པ་སྤོངས་དགོས་པ་བསྟན་ནས་ད་མ་བྱིན་པར་ལེན་པ་མཐའ་དང་བཅས་པ་སྤོངས་དགོས་པ་བསྟན་ནས། ད་མ་བྱིན་པར་ལེན་པ་མཐའ་དང་བཅས་པ་སྤོངས་དགོས་པ་སྟོན་པ་ནི། འདིར་གདའ་ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་མ་བྱིན་པར་ལེན་པ་ནི། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་སྨད་དོ་མ་བྱིན་པར་ལེན་པ་སྤངས་པ་ནི། བསྟོད་དོ། །བསྐུར་རོ། །སྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་རྐུ་སེམས་ཀྱི་གཞན་གྱི་ཏིལ་གྱི་ཕུབ་མ་ཙམ་ཡང་མ་བྱིན་པར་མི་བླངས་ན། མ་ཤ་ཀ་ལྔ་འམ། མ་ཤ་ཀ་ལྔ་ལས་ལྷག་པར་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པ་འམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཅི་ཙམ་མ་བྱིན་པར་བླངས་པ་དེ། རྒྱལ་པོའི་བློན་པོ་ཆེན་པོས་གཟུང་ནས། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། བྱིས་པའོ། །བླུན་པོའོ། །རྐུའོ་ཞེས་ཟེར་ཞིང་གསོད་དམ་འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བའི་འདི་བཀའ་སྩལ་ཏེ། དགེ་སློང་གི་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་བར་འགྱུར། ཤཱཀྱའི་སྲས་ཀྱིར་མི་རུང་། །དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། །དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་པ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས། སེམས་ཤིན་ཏུ་བསྲུངས་པ་ལ་བཙོན་པར་བགྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་མི་སྤྱོད་དམ་དེས་མི་སྤྱོད་ཅེས་བརྗོད་པར་བྱ། དེས་མ་བྱིན་པར་ལེན་པ་མཐའ་དང་བཅས་པ་སྤོང་དགོས་པར་བསྟན་ནས། ད་སྲོག་གཅོད་པ་མཐའ་དང་བཅས་པ་སྤོངས་དགོས། དགོས་པར་སྟོན་པ་དེ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །སྲོག་གཅོད་པ་བཅོམ་ལྡན་འདས་ཀྱི་རྣམ་གྲངས་དུ་མ་སྨད་དོ། །སྲོག་གཅོད་པ་སྤངས་པ་ནི་བསྟོད་དོ། །བཀུར་རོ། །སྔགས་སོ། །སྙན་པར་བརྗོད་དོ། དེང་ཕྱིན་ཆད་ཚེ་དང་ལྡན་པ་ཁྱོད་ཀྱི་བསམས་པ་བཞིན་དུ། སྲོག་ཆགས་གྲོག་སྦུར་ཡན་ཆད་བསད་པར་མི་བྱ་ན་མི་འམ་མིར་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས་ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གིས་མིའམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་བདར་དེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པར་གཉེར་གཏད་དམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་སྔགས་པ་བརྗོད་ཀྱང་རུང་ཏེ། དེ་ལ་འདི་སྐད་ཅེས། ཀྱཻ་མི་ཁྱོད་གསོན་པས་ཤི་སླའོ། །ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་ཕྱིར་འཇུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོལ་བ་དེས་དུས་བྱས་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པར་ཡིན་གྱིས། གནས་པར་མི་བྱའོ། །ཞེས་བྱ་བ་བཀའ་སྩལ་སྟེ། དགེ་སློང་གི་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་པར་འགྱུར་རོ། །དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དེའི་དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་པ་ཕམ་པར་འགྱུར་བ་ཏེ། ། དེའི་དགེ་སློང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེའི་ཕྱིན་ཆད་ཁྱེད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྦྱད་པ་མ་ཡིན་པ་སྤངས་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུངས་བ་ལ་བཙོན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །དེས་སྲོག་གཅོད་པ་མཐའ་དག་དང་བཅས་པ་སྤོངས་དགོས་པར་བསྟན་ནས། ད་བརྫུན་དུ་སྨྲ་བ་མཐའ་དང་བཅས་པ་སྤོངས་དགོས་པར་སྟོན་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་བརྫུན་དུ་སྨྲ་བ་ནི། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མ་སྨད་དོ། །བརྫུན་དུ་སྨྲ་བ་སྤངས་པ་ནི་བསྟོད་དོ། བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཐ་ན་བཞད་གད་བྱ་པར་བསམ་ཏེ། ཤེས་བཞིན་དུ། བརྫུན་དུ་སྨྲ་བར་ཡང་མི་བྱ་ན། བསམས་བཞིན་དུ་མིའི་ཆོས་བླ་མ་སྨྲ་བ་ལྟ་སྨོས་ཀྱང་ཅི་དགོས་ཚེ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དག་དང་འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པ་སྤྱོད་པ་མེད་ལ། མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་ཆེ་བ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས། དུས་གཞན་ཞིག་ནི་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ། །ཞེས་སྨྲས་སོ། །མ་མཐོང་པར་མཐོང་ངོ་ཞེས་སྨྲས་ཏེ། །བསོག་བསོག་བརྫུན་དུ་སྨྲས་སོ། །ཞེས་ཟེར་ནས་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། ཅི་ཞིག་ཤེས་ན། སྡུག་བསྔལ་ཤེས་སོ། །ཀུན་འབྱུང་ཤེས་སོ། འགོག་པ་དང་ལམ་ཤེས་སོ། ཅི་ཞིག་མཐོང་ཞེས་ན། ལྷ་རྣམས་མཐོང་ངོ་། ཀླུ་རྣམས་མཐོང་ངོ་། གནོད་སྦྱིན་རྣམས་དང་ནམ་འཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་དྲི་ཟ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་གྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་རྣམས་ཀྱི་སྒྲ་ཐོས་སོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་དག་གི་སྒྲ་ཐོས་སོ། །ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་ཀྱི་ཤ་ཟ་རྣམས་ལྟ་བའི་ཕྱིར་འགྲོའོ། །ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་ཀྱི་ཤ་ཟ་རྣམས་ལྟ་བའི་ཕྱིར་འོང་ངོ་། ལྷ་རྣམས་དང་ལྷན་གཅིག་གཏམ་འདྲེ་བར་བྱའོ། །ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འོང་ངོ་། ལྷ་རྣམས་དང་ལྷན་གཅིག་གཏམ་འདྲེ་བར་བྱའོ། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་ཀྱི་ཤ་ཟ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པ་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །མ་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོངས་པའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྡོས་པའི་འདུ་ཤེས་དང་། རྣམ་པར་གནག་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིག་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་མཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོགས་པའི་འདུ་ཤེས་ཐོབ་བོ། །མ་ཐོབ་བཞིན་དུ་བདག་གི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་ཀྱི་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་སྣང་བ་དང་། སེམས་ཀྱི་རྣམ་གྲངས་དང་སྔོན་གྱི་གནས་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཐོབ་པོ། །བདག་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་བྱ་བ་ཏེ་དགེ་སློང་གི་གནས་འདི་ལྟ་བུ་བྱས་ན་བྱས་མ་ཐག་དུ་དགེ་སློང་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་བར་འགྱུར། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟ་བུ་ཕམ་པར་འགྱུར་བ་སྟེ། དེ་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་མགོ་བཅད་ན། སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། དེ་ཕྱིན་ཆད་ཁྱོད་སྤྱོད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱོད་པ་མ་ཡིན་པ་སྤངས་པ་དེ་ལ་དྲན་པ་དང་། བག་ཡོད་པས་སེམས་ཤིན་དུ་བསྲུངས་བ་ལ་བརྩོན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །དེས་སྤང་བྱའི་བྱེ་བྲག་ལྟུང་བར་འགྱུར་བ་ཆོས་བཞི་སྤང་བར་བྱ་བ་བསྟན་ནས། ད་སྤྱིའི་གཉེན་པོ་དགེ་སྤྱོང་དུ་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་བ་སྟོན་པ་ནི། དེང་ཕྱིན་ཆད་ཁྱོད་ཀྱིས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ལ་གནས་ནས་གཞན་གནོད་པ་བྱེད་པའི་ལན་ཙམ་ཡང་བྱར་མེད་དོ་ཞེས་སྟོན་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བཞི་པ་འདི་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དགེ་སྦྱོང་དུ་བྱེད་པའི་ཆོས་སུ་གསུངས་ཏེ། བཞི་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་ད་ཕྱིན་ཆད་གཤེ་ཡང་སླར་མི་གཤེ་བར་བྱ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བར་བྱེད་པ་དང་། བརྡེག་ཀྱང་སླར་མི་རྡེག་པར་བྱ་བ་དང་། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བར་བྱའོ། །ཇི་ལྟར་གནས་འདི་ལྟ་བུ་ལ་སྤྱོད་དམ། དེས་སྤྱོད་ཅེས་བརྗོད་པར་བྱའོ། །དེས་དགེ་སྦྱོང་གི་ཆོས་བཞི་ལ་བསླབ་པར་བྱ་བ་དེའི་གོང་མས་ལྟུང་བར་འགྱུར་བའི་ཆོས་བཞི་སྤང་པར་བྱ་བ་དོན་གཉིས་པོ་དེ་མཚན་ཉིད་ལ་དམ་འཆའ་བ་བསྟན། ད་བསྙེན་པ་ལ་དམ་འཆའ་བ་ནི། ཁྱོད་སྔོན་ལེགས་པར་གསུངས་པའི་ཆོས་འདུལ་བ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཐོབ་ན་དགའ་སྙམ་པའི་སྨོན་པ་གང་ཡིན་བའི་སྡོམ་པ་དེ་མཁན་པོ་འོས་པ་ལ་སོགས་པ་རྒྱུ་ཕུན་སུམ་ཚོགས་པ་ལས་གྲུབ་ཅིང་། རྒྱུ་དེ་ལས་བྱུང་བའི་འབྲས་བུ་སྡོམ་པ་ཡང་ཕུན་སུམ་ཚོགས་པ་མཆོག་ཏུ་གྱུར་ཅིག །ཅེས་སྟོན་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །ཁྱོད་སྔོན་ལེགས་པར་གསུང་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་པ་དང་། བསྙེན་པར་རྫོགས་པའི་དགེ་སློང་གིས་དངོས་པོ་ཐོབ་ཀྱང་ཅི་མ་རུང་སྙམ་དུ་སྨོན་པ་གང་ཡིན་པ་དེ། དེ་ཁྱོད་མཁན་པོ་འོས་བ་དང་། སློབ་དཔོན་འོས་པ་དང་། དགེ་འདུན་མཐུན་པ་དང་། གསོལ་བ་དང་། བཞི་ལས་མི་གཡོ་ཞིང་བཞག་པར་མི་འོས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །དེས་བསྙེན་པ་ལ་དམ་འཆའ་བ་བསྟན་ནས། གསུམ་པ་དེ་ལ་དམ་བཅའ་བ་ནི། དེ་ལྟར་ཡིན་ཀྱང་། ང་གསར་བུ་ཡིན་པས་སྡོམ་པ་བསྲུངས་མི་ཤེས་ལ་བསྲུངས་ཀྱང་མི་དགོས་མཉམ་ན། འཇིག་རྟེན་ན་མའི་མེ་ལོང་མི་བྱ་བ་ཡིན་པས་དགེ་སློང་རྒན་པོ་བཟང་པོ་རྣམས། ཅི་ལྟར་བདུད་དུང་བ་བཞིན་དུ་བསྲུངས་དགོས། ང་གསར་བུ་ཡིན་པས་དེ་དང་མི་འདྲ་སྙམ་ན། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང་། དེ་རིང་བསྙེན་པ་རྫོགས་པ་གཉིས་མཉམ་པ་ཉིད་གསུམ་ཀྱིས་མཉམ་སྟེ། རང་བཞིན་གྱི་ཁ་ན་མ་ཐ་ོབ་སྤོངས་པའི་ཚུལ་ཁྲིམས་སུ་མཉམ་བྱས་བའི་ཁ་ན་མ་ཐོབ་སྤོང་བའི་བསླབ་པར་མཉམ་ཆོས་ཀྱི་ལོངས་སྤྱོད་སོ་སོར་ཐར་པ འི་མདོ་འདོན་པ་ཉིད་ཀྱིས་མཉམ་པས་དེ་བཞིན་དུ་བསྒྲུབ་དགོས་ཤེས་སྟོན་པ་དེ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གི་སླབ་བྱ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་པོ། དེ་རིང་བསྙེན་པ་རྫོགས་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་པོ། དེ་ལྟར་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང་བསླབ་པ་ཉིད་ཀྱིས་མཉམ་པ་དང་སོ་སོ་ཐར་བའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་དེ། ཁྱོད་ཀྱི་དེང་ཕྱིན་ཆད་བསྒྲུབ་པར་བྱ་ཡིས། མི་བསྒྲུབ་པར་མི་བྱའོ། །དེས་དཔེ་དེའི་གོང་མས་གཉེན་པོ་དེའི་གོང་མས་མཚན་ཉིད་དོན་གསུམ་པོ་དེས། བསྲུང་བྱ་ཚུལ་ཁྲིམས་རྣམ་དག་ལ་དམ་འཆའ་བ་བསྟན་ནས། ད་རྟོགས་དོན་ལྟ་བ་རྣམ་དག་ལ་དམ་འཆའ་བ་སྟོན་པ་ལ། ལྟ་བའི་གནས་ལ་གུས་པ་སྐྱེད་པ་དང་། ལྟ་བ་དངོས་སྦྱངས་པ་གཉིས་ལས། །དང་པོ་ལྟ་བའི་གནས་ལ་གུས་པ་བསྐྱེད་པ་ལ། །རྐྱེན་གཙོ་བོ་མཁན་པོ་ལ་གུས་པ་སྐྱེད་པ་དང་། །ཕལ་པ་གྲོགས་ལ་གུས་པ་བསྐྱེད་པ་གཉིས་ལས། །དང་པོ་གཙོ་བོ་མཁན་པོ་ལ་གུས་པ་བསྐྱེད་པ་ནི། ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་བསྐྱེད་ནས་བསྙེན་བཀུར་བྱེད་དགོས་ལ། མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་བཞག་ནས་ནད་གཡོག་བྱེད་དགོས་ཤེས་སྟོན་པ་དེང་འདིར་གདའ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །ཁྱོད་ཀྱི་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བསྐུར་བྱའོ། །མཁན་པོ་ཀྱང་ཁྱོད་ཤི་འམ་སོས་ཀྱི་བར་ནད་གཡོག་བྱའོ། །དེས་རྐྱེན་གཙོ་བོ་མཁན་པོ་ལ་གུས་པ་སྐྱེད་པ་བསྟན་ནས། ད་ཕལ་པ་གྲོགས་ལ་གུས་པ་བྱ་བ་ནི། ཚངས་པར་སྤྱོད་པ་གྲོགས་ལ་རག་ལས་པར་གསུངས་པས། གྲོགས་རྒན་གཞོན་འབྲིང་གསུམ་ལ་ལུས་ངག་ཡིད་གསུམ་གྱིས་གུས་པར་བྱེད་དགོས་ཤེས་སྟོན་པ་དེ་འདིར་གདའ། དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པར་མཚུངས་པ་སྤྱོད་པ་རྣམས་དང་། གནས་བརྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང་ཞེས་དང་། བཅས་པ་དང་། འཇིགས་པ་དང་བཅས་པའི་དབང་དུ་གྱུར་པའི་གནས་པར་བྱའོ། །དེས་ཕལ་པ་གྲོགས་ལ་གུས་པ་བསྐྱེད་པ། དེའི་གོང་མས། རྐྱེན་གཙོ་བོ་མཁན་པོ་ལ་གུས་པ་བ སྐྱེད་པ། དོན་གཉིས་པ་དེས་གནས་ལ་གུས་པ་བསྐྱེད་པ་བསྟན་ནས། ད་ལྟ་བ་དངོས་སྦྱངས་པ་སྟོན་པ་ནི། བསྙེན་པར་རྫོགས་ནས་དལ་བར་བསྡད་མི་ཆོག །ཐོས་བསམ་སྒོམ་གསུམ་ལ་འབད་རྩོལ་ཆེན་པོ་བྱེད་དགོས་སྟེ། མཛོད་ལས། །ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པས། །སྡེ་སྣོད་གསུམ་ལ་མཁས་པར་བྱས་ནས། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་གསུམ་ཐོབ་པ་དང་རྟོགས་པ་དང་མངོན་དུ་བྱེད་དགོས། །ཞེས་སྟོན་པ་དེ་འདིར་གདའ། །དེང་ཕྱིན་ཆད་ཁྱོད་ཀྱི་ལུང་ནོད་པར་བྱ། །བཀླག་པར་བྱ་ཁ་དོན་དུ་བྱའོ། །ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་དང་། །མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་ཁྱོད་ཀྱིས། བརྩོན་པ་མི་འདོར་བ་བྱའོ། །དེས་ལྟ་བ་སྦྱངས་པ་དངོས་དེའི་གོང་མས་ལྟ་བའི་གནས་ལ་གུས་པ་བསྐྱེད་པ། དོན་གཉིས་པོ་དེས་རྟོགས་དོན་ལྟ་བ་རྣམ་དག །དེའི་གོང་མས་བསྲུངས་བྱ་ཚུལ་ཁྲིམས་རྣམ་དག་དེའི་གོང་མས་རྟེན་བསམ་འཚོ་བ་རྣམ་དག །དོན་གསུམ་པོ་དེས་རང་སྨིན་པར་བྱ་བའི་ཆོས་བརྗོད་པ་བརྟེན་ནས། ད་ཆོ་ག་རྣམ་པར་དག་པའི་སྒོ་ནས་གཞན་ལ་ཤེས་འགྱུར་གྱི་བརྗོད་པ་ནི། འདི་ཆོ་གའི་སྐབས་ཡིན་པས་བསླབ་པའི་གཞི་ཆེ་ལོང་ཙམ་ལས་མ་བརྗོད་པ་ཡིན་པས། རྒྱས་པར་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་དང་། མཁན་པོ་དང་། སློབ་དཔོན་དང་། གྲོགས་རྣམས་ལ་ཉོན་ལ་ཤེས་པར་གྱིས་ཤིག་ཅེས་སྟོན་པ་དེ་འདིར་གདའ། འདི་དག་ནི་ཁོ་བོས་ཁྱོད་ལ་སློབ་པའི་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དོ། །གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་། སློབ་དཔོན་དང་། མཁན་པོ་དང་མཁན་པོ་གཅིག་པ་དང་། །སློབ་དཔོན་གཅིག་པ་དང་། །གཏམ་འདྲེས་པ་དང་། །ཕེབས་པར་སྨྲ་བ་དང་། སྨོས་མགྲིན་དང་། འགྲོགས་ཤེས་རྣམས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ། །དེས་ཆོ་ག་རྣམ་པར་དག་པའི་སྒོ་ནས་གཞན་ལས་ཤེས་འགྱུར་གྱིས་བརྗོད་པ། དེའི་གོང་མས་རང་སྨིན་པར་བྱ་བའི་ཆོས་བརྗོད་པ། དོན་གཉིས་པོ་དེས་བསླབ་བྱ་ཡུལ་བརྗོད་པ་བསྟན་ནས། ད་སློབ་བྱེད་གཉེན་པོ་བརྗོད་པ་སྟོན་པ་ལ། གུས་པ་ལ་སྦྱོར་བ་དང་། སྤོང་བྱེད་ཀྱིས་གཉེན་པོ་དང་པོ་གཉིས་ལས། དང་པོ་ལ་གུས་པ་ལ་སྦྱར་བ་སྟོན་བ་ནི། བསྙེན་པར་རྫོགས་པའི་སྡོམ་པ་ནི། ཤིན་དུ་རྙེད་པར་དཀའ་བ་ལས། རྙེད་པ་ཡིན་ཏེ། མི་ཁོམ་པའི་གནས་བརྒྱད་སྤངས་ཤིང་།འབྱོར་བའི་ཆོས་བཅུ་ཐོབ་པ་ཤིན་ཏུ་རྙེད་པར་དཀའ་བ་ལས། །རྙེད་ཅིང་ཐོབ་པ་ཡིན་པས། ཅི་སྐད་བཤད་པ་བཞིན་དུ་སྒྲུབས་ཤིག །ཅེས་སྟོན་པ་དེར་འདིར་གདའ། །ཤེས་རབ་མཆོག་གི་བསྟན་པ་ལ། །ཁྱོད་ནི་བསྙེན་པར་རྫོགས་པར་འགྱུར། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟར་བཞིན་དུ་བསྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱི་རབ་མཁྱེན་དེ། །བདེན་པའི་མཚན་གྱིས་བཀའ་བརྩལ་ཏོ། །དེ་གུས་པ་ལ་སྦྱར་བ་བསྟན་ནས། །ད་སྤོང་བྱེད་ཀྱི་གཉེན་པོ་དངོས་ནི། །དགེ་སློང་དག་གིས་བག་ཡོད་པར་སྒྲུབས་ཤིག །ཅེས་སྟོན་པ་ཡིན་ཏེ། དེའི་དོན་དྲན་ཤེས་བཞིན་བག་ཡོད་ཀྱིས་ཟིན་པར་བགྱིད་ལ་བསླབ་པ་ལེགས་པར་བསྲུངས་ཤིག །ཅེས་སྟོན་པ་དེ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག །དེ་ལྟར་སྦྱོར་དངོས་མཇུག་གསུམ་གྱིས། ཁྱོད་ཀྱི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྲུངས་ཐབས་དང་བཅས་པ་ཐོབ་པ་ཡིན་ཏེ། མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཅེས་པ་དེ་ལྟ་བུ་ཅིག་ཐོབ་པ་ཡིན་པས། དེ་མཁན་སློབ་དགེ་འདུན་དང་བཅས་པའི་བཀའ་དྲིན་ལས་ཐོབ་པ་ཡིན་པས། ཕྱག་གསུམ་ཚོལ་ལ་བཀའ་དྲིན་ཆེའོ། །ཞེས་བགྱིས་ཤིག་བྱ། འདི་དག་ནི་བླ་མའི་གསུང་ལས་བྱོན་པ་ལག་ཏུ་བླང་པའི་རིམ་པ་མདོ་ཙམ་ཞིག་བརྗོད་པ་ཡིན་རྒྱས་པར་ནི་ལུང་དང་བསྟན་ཆོས་ལས་ཤེས་པར་བྱའོ། །ལག་ལེན་ཡིད་བཞིན་ནོར་བུ་ཞེས་བྱ་བ་སྐལ་ལྡན་རྣམས་རེ་བ་སྐོང་པར་བྱེད་པ་འདིས་ནི། འགྲོ་དོན་ལྷུན་གྲུབ་ཤོག །འདི་སྦྱར་བསོད་ནམས་ཀྱིས་འགྲོ་ཀུན། སྲིད་ལས་གྲོལ་བ་ཤོག །བཅུ་གཅིག་པ་རིན་ཆེན་དོར་བ་དང་བཅུ་གཉིས་པ་ལྷ་དབབ་པ་དང་། བཅུ་གསུམ་པ་ལྷ་བསྒོམ་པར་ནན་ཏན་དུ་བྱ་བ་དང་། བཅུ་བཞི་པ་མིག་དབྱེ་བ་དང་། །བཞི་པོ་གོང་དང་མཚུངས་ལ། །བཅོ་ལྔ་པ་ལྷ་ངོ་བསྟན་པ་ནི། འོ་མདུན་ན་ཡོད་པའི་ཉན་ཐོས་ཀྱི་དཀྱིལ་འཁོར་བརྟེན་དང་རྟེན་པ་སྟེ། ཕྱི་རོལ་དུ་མེ་རི་རྡོ་རྗེའི་རྭ་བ། པད་སྐོར་དེ་ཡི་ནང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པ། དེའི་ནང་དུ་པད་འདབ་བཅུ་དྲུག །དེའི་ནང་དུ་པད་འདབ་བཞིའི་ལྟེ་བ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། པདྨའི་ལྟེ་བར་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ། འདབ་མ་བཞི་འཁོར་རྣམ་བཞི། འདབ་མ་བཅུ་དྲུག་ལ་ཉན་ཐོས་ཆེན་པོ་བཅུ་དྲུག་བཞུགས་ཏེ། དེ་ཡང་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་མངོན་སུམ་དུ་མཐོང་བ་དེ། ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་སྐལ་ཡིན་སྙམ་པའི་མོས་པ་མཛོད་ཅིག །བཅུ་དྲུག་པ་ཚོགས་མཆོད་དང་ཡོན་གོང་དང་མཚུངས་སོ། །སྤྱི་དོན་གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་བཞི་དང་རྗེས་སོ། །དང་པོ་ནི་གོང་དང་མཐུན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། །ཕྱི་ཕན་པའི་དབང་དང་། །ནང་ནུས་པའི་དབང་དང་། །གསང་དབང་ཟབ་མོའི་དབང་ངོ་། །དང་པོ་བུམ་པའི་དབང་དང་། །སྙིང་པོ་ལྔའི་དབང་དང་། དབུ་བརྒྱན་དང་། ཅོད་པན་དང་། འཕྲེང་བ་དང་། གོ་ཆ་དང་། རྒྱལ་མཚན་དང་། གདུགས་དང་། །བཟའ་བཏུང་གི་དབང་དང་། །དགུ་པོ་གོང་དང་མཐུན་ལ། །བྱེ་བྲག་ཏུ་བཅུ་པ་ཕྱག་རྒྱའི་དབང་ལ། བསམ་རྒྱུད། བསྒྲགས་ཚིག། བསྐུར་གནས། བསྟིམ་གནས་སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ལྔའི། དང་པོ་བསམ་རྒྱུད་ནི། འོག་མིན་དང་། བླ་མའི་ཐུགས་ཀ་དང་། དཀྱིལ་འཁོར་གྱི་དབུས་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་ཚོགས་རྣམས་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་སྐྱེ་མཆེད་དང་གཉིས་སུ་མེད་པར་བསྒོམ་མཛོད། བསྒྲགས་ཚིག་ནི། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། བར་དུ་གྲངས་མེད་གསུམ་ལ་ཚོགས་གཉིས་བསགས། ཐ་མར་མཛད་པ་བཅུ་གཉིས་རྫོགས་སངས་རྒྱས། ཐམས་ཅད་མཁྱེན་པའི་དབང་བསྐུར་ལྷུན་གྲུབ་ཤོག །ཨ་བྷི་ཤིཉྩ་ཧཱུཾ། བསྐུར་གནས་མགོ། བསྟིམ་གནས་ཕུང་པོ་སྐྱེ་མཆེད་ལ་བསྟིམ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ། ཕུང་པོ་ཁམས་སྐྱེ་མཆེད་རང་ཀ་མར་འཛིན་པའི་དྲི་མ་དག་ནས། རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སངས་རྒྱས་ཐུབ་པའི་དངོས་པོ་འཁོར་དགེ་སློང་ཕོ། །སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་བའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདག་མེད་དང་། །འཁོར་བའི་རྒྱུ་འབྲས་སྤངས་ཤིང་འདས་པ་བསྒྲུབ་པ་ཡིས། །ཕུང་པོ་ལྷག་བཅས་ལྷག་མེད་མྱ་ངན་ལས། །འདས་ནས་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །སརྦ་ས་ནི་ས་ཏཾ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་འདྲེ། རིགས་ཀྱི་བུ་ཁྱོད་ལ་བདེན་པ་བཞིའི་དབང་བསྐུར་བས། །འཕགས་པ་དགྲ་བཅོམ་པའི་ས་ཐོབ་པར་གྱུར་ཅིག །སངས་རྒྱས་ཐུབ་པའི་དངོས་པོ་འཁོར་དགེ་སློང་མོ། །སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདག་མེད་ལ། །འཁོར་བའི་རྒྱུ་འབྲས་སྤངས་ཤིང་འདས་པ་བསྒྲུབ་པ་ཡིས། ཕུང་པོ་ལྷག་མེད་མྱ་ངན་ལས། །འདས་ནས་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །སརྦ་ས་ནི་ས་ཏཾ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་འདྲེ། རིགས་ཀྱི་བུ་ཁྱོད་ལ་བདེན་པ་བཞིའི་དབང་བསྐུར་བས། །འཕགས་པ་དགྲ་བཅོམ་པའི་ས་ཐོབ་པར་གྱུར་ཅིག །སངས་རྒྱས་ཐུབ་པའི་དངོས་སློབ་དགེ་ཚུལ་ཕོ། སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། ལམ་གྱི་བདེན་པ་གང་ཟག་བདག་མེད་ལ། འཁོར་བའི་རྒྱུ་འབྲས་སྤངས་ཤིང་འདས་པ་བསྒྲུབ་པ་ཡིས། ཕུང་པོ་ལྷག་བཅས་ལྷག་མེད་མྱ་ངན་ལས། འདས་ནས་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །སརྦ་ས་ནི་ས་ཏཾ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་འདྲེ་རིགས་ཀྱི་བུ་ཁྱོད་ལ་བདེན་པ་བཞིའི་དབང་བསྐུར་བས། །འཕགས་པ་དགྲ་བཅོམ་པའི་ས་ཐོབ་པར་གྱུར་ཅིག །སངས་རྒྱས་ཐུབ་པའི་དངོས་སློབ་དགེ་ཚུལ་མོ། །སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདག་མེད་ལ། །འཁོར་བའི་རྒྱུ་འབྲས་སྤངས་ཤིང་འདས་པ་བསྒྲུབ་པ་ཡིས། །ཕུང་པོ་ལྷག་བཅས་ལྷག་མེད་མྱ་ངན་ལས། །འདས་ནས་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །སརྦ་ས་ནི་ས་ཏཾ་ཨ་བྷི་ཥིཉྩ་ཧཱུཾ། །བདེན་པ་འདྲེ། རིགས་ཀྱི་བུ་ཁྱོད་ལ་བདེན་པ་བཞིའི་དབང་བསྐུར་བས། འཕགས་པ་དགྲ་བཅོམ་པའི་ས་ཐོབ་པར་གྱུར་ཅིག །གཅུང་དགའ་བོའི་དབང་བསྐུར་བས། ཤཱཀྱའི་གཅུང་གི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། སྒྲ་གཅན་འཛིན་གྱིས་དབང་བསྐུར་བས། བཅོམ་ལྡན་སྲས་ཀྱི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཤ་རི་བུ་ཡི་དབང་བསྐུར་བས། ཤེས་རབ་ཆེན་པོའི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་ཱམུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། མོའུ་གལ་བུ་ཡི་དབང་བསྐུར་བས། རྫུ་འཕྲུལ་མཆོག་གི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕགས་པ་རབ་འབྱོར་དབང་བསྐུར་བས། འདྲི་ཞིང་ལན་ལོན་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཉེ་འཁོར་བུ་ཡི་དབང་བསྐུར་བས། འདུལ་བ་འཛིན་པའི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། མ་འགག་པའི་དབང་བསྐུར་བས། རྫུ་འཕྲུལ་སྤྱན་ལྔ་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་ཱམུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཅང་ཤེས་ཀོའུ་དེ་ནས་དབང་བསྐུར་བས། སྟོན་པར་ཆོས་ཐོབ་ལྔ་བའི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཉེ་འཁོར་གཟུགས་ཀྱིས་དབང་བསྐུར་བས། །འདུལ་བ་འཛིན་བའི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་ཱམུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། རྟ་ཐུལ་གཟུགས་ཀྱི་དབང་བསྐུར་བས། །བདུད་ཚོགས་དད་པ་སྐྱེ་བའི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། བ་གླང་བདག་གི་དབང་བསྐུར་བས། །འགོག་པའི་ཏིང་འཛིན་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཧཱ། ཨབྷི་ཥིཉྩ་ཧཱུཾ། ཀུན་དགའ་བོའི་གཟུགས་ཀྱི་དབང་བསྐུར་བས། །ཞབས་འབྲིང་རྟགས་མཛད་དབང་ཐོབ་ཤོག །ༀ་མུ་ནེ༴ ཨ་བྷི༴ མིང་ཆེན་གཟུགས་ཀྱི་དབང་བསྐུར་བས། །ཤང་གཉིས་སྐྲ་བྲེག་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ༴ ཨ་བྷི་ཥིཉྩ་ཧཱུཾ། ནོར་སྦྱིན་འཛིན་གྱི་དབང་བསྐུར་བས། །བསླབ་པ་ལ་གུས་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཚེ་ལྡན་གང་པོས་དབང་བསྐུར་བས། །སྦྱངས་བའི་ཡོན་ཏན་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། འོད་བསྲུངས་གཟུགས་ཀྱི་དབང་བསྐུར་བས། །ཞལ་ཟླ་སྐུ་འདྲེས་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་མགོ། བསྟིམ་གནས་ཕུང་པོ། ཁམས་སྐྱེ་མཆེད། སྒྲིབ་པ་གང་དག་ནུས་པ་གང་སྐྱེད་ཕུང་པོ་ཁམས་སྐྱེ་མཆེད་རང་དགར་འཛིན་པའི་དྲི་མ་དག །བདེན༴ རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་ནུས་པའི་དབང་ལ་ལྔ་སྟེ། ཉན་དབང་དང་། བསྒྲུབ་དབང་། འཆད་དབང་དང་། འཕྲིན་ལས་ཀྱི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམ་གྱིས་དབང་ངོ་། །དབང་དེ་ལྔའི་ཆོ་ག་ཡང་གོང་དང་མཐུན། གསུམ་པ་གསང་དབང་ཟབ་མོའིི་དབང་ལ་གསུམ་ཏེ། གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབྱེར་མེད་བདེ་བ་ཆེན་པོའི་དབང་དེ་གསུམ་གྱིས་དོན་ནི། ལམ་ཁྱེར་གསུམ་པོ་བཤད་ལ་སྒོམ་དུ་བཞུགས། དེ་ནས་དབང་མི་ཉམས་པར་བྱ་བའི་ཕྱིར་འདེབས་ཆུང་གཅིག་བྱ་ན། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཉུང་དཀར་ཙམ་ཅིག་བསྒོམ། དེ་ལ་ཤེས་པ་གཏད་པས་ཐིག་ལེ་དེ་ཇེ་ཆེར་ལ་སྣང་སྲིད་ཐམས་ཅད་ཀེང་རུས་ཀྱི་དལ་དུ་བསམ། དེ་ཡང་ཡུལ་རང་རྒྱུད་པ་ལ་བསྟན་པ་ལ་བསྟན་ན་ཆགས་སྡང་རྨོངས་གསུམ་སྐྱེ་སྟེ་ཉོན་མོངས་པ་འཁོར་བའི་རྒྱུ་ཡིན། དེར་འབྲས་བུ་སྡུག་བསྔལ་གྱི་བདེན་པ་ཉམས་སུ་མྱོང་པ་ཡིན་ཏེ། དེའི་གཉེན་པོར་རུས་པའི་འཁོར་ལོ་ཡུལ་མི་སྡུག་པ་བསྒོམས་པས། ཉོན་མོངས་པ་ཆགས་སྡང་མི་སྐྱེ། ཀུན་འབྱུང་གིས་ཉོན་མོངས་པ་བརྩད་བཅད་ནས། འབྲས་བུ་སྡུག་བསྔལ་རང་བཞིན་གྱིས་འགོགས་པས་དེ་ཀ་ལམ་གྱི་བདེན་པ་ཡིན་གསུང་ངོ། །ཐེག་པ་ལམ་ཁྱེར་གྱི་དབང་དུ་བྱས་ན་ཉན་ཐོས་གཟུང་འཛིན། དོན་དམ་འདོད་པ་ལྟ་བ་ལ་སོགས་པ་གོང་གིས་འགྲེས། བསྒོམ་ཆེན་གྱི་འདུག་ཚུལ་ནི་མི་བློ་ཕལ་པོ་སྡུག་གཏམ་གཏོང་པ་ལྟ་བུའོ། །མི་དགེ་བ་བཅུ་དགྲ་དང་ཚེར་མ་བཞིན་དུ་བལྟས་ན་སྤོངས། དགེ་བཅུ་སྨན་དང་ཕན་པའི་ཟས་ལྟར་ལེན་དེ་ཡང་ཉན་ཐོས་ལ་འདུ་ཤེས་བཅུ་སྟེ། །སྲོག་གཅོད་པ་ལ་བཙན་དུག་ལྟ་བུའི་འདུ་ཤེས་དང་། །ཉོན་མོངས་པ་ལ་དུག་སྦྲུལ་ལྟ་བའི་འདུ་ཤེས་དང་། ཁ་ཟས་ལ་མཐའ་འཁོབ་ཀྱི་རྒན་རྒོན་ལྟ་བུའི་འདུ་ཤེས་དང་། གོས་ལ་སྨད་དཀྲིས་ལྟ་བུའི་འདུ་ཤེས་དང་། རྙེད་པ་དང་བཀུར་སྟི་ལ་རྒྱ་དང་སྙི་ལྟ་བུའི་འདུ་ཤེས་དང་། བླ་མ་དང་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་ལྟ་བུའི་འདུ་ཤེས་དང་། ཆོས་ལ་ལམ་ལྟ་བུའི་འདུ་ཤེས་དང་། སངས་རྒྱས་ཀྱི་བསྟན་པ་ལ་གསེར་ལྟ་བུའི་འདུ་ཤེས་དང་། །ཚུལ་ཁྲིམས་ལ་རྒྱན་ལྟ་བུའི་འདུ་ཤེས་དང་། ཆོས་ཉིད་མངོན་དུ་གྱུར་པ་ལ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་འདུ་ཤེས་དང་བཅུའོ། །དེ་དོན་ནི་དབང་རྡོ་རྗེ་ཟབ་པ་ལས་ཀྱང་བཤད་དོ། །ཉན་ཐོས་ཀྱི་གག་དྲུག་ནི་གནས་བ་ར་ན་སིའི་བསིལ་ཁང་དུ། །སྟོན་པ་ཤཱཀྱ་ཐུབ་པ་ཆེན་པོ་ཡིན། །འཁོར་མཆོག་ཆེན་པོ་བརྒྱད་ལ་སོགས་པ་ལ་བདེན་པ་བཞིས་དབང་བསྐུར་ནས། འབྲས་བུ་དགྲ་བཅོམ་པ་ཐོབ་པ་དེ་དགོས་པ་མུ་སྟེགས་རྟག་ཆད་རང་རྒྱུད་དུ་འདོད་པ་ལས་གྲོལ་བའི་དགོས་པ་ཡོད། དེ་ཡང་གཞུང་ལས། །གང་གི་གང་ལ་གང་དུ་གང་བསྟན་པ། །ཅི་ཡིས་ཕྱིར་གྱིས་དགོས་པར་བཅས་པ་སྟེ། འདི་ནི་ཉན་ཐོས་ཐེག་པའི་གག་དྲུག་ཡིན། ཅེས་སོ། །གསུམ་པ་རྗེས་ནི། ཡོན་དང་མནྜལ་ཕུལ། བསྔོ་བ་སྨོན་ལམ་དང་། བཀྲ་ཤིས་བརྗོད། ཚོགས་དང་དགའ་སྟོན་རྒྱ་ཆེན་པོ་བྱ། །གླུ་གར་དང་རྩེ་འཇོའི་ཉམས་སྐྱངས། མཆོད་བསྟོད། བསྔོ་བ། བཟོད་གསོལ། གཤེགས་གསོལ་བྱས་ལ་དཀྱིལ་འཁོར་བསྡུ། །དེས་ནི་ཉན་ཐོས་ཀྱི་དབང་གི་ཐེམས་སྐས་རྫོགས་སོ།། །།

དང་པོ་ཕྱི་དབང་གི་ཆུ་བོ་ལས་ཐོས་ཀྱི་དབང་གི་ཐེམ་སྐས།

དང་པོ་ཕྱི་དབང་གི་ཆུ་བོ་ལས། རང་སངས་རྒྱས་ཀྱི་དབང་གི་ཐེམ་སྐས་བཞུགས་སོ། །གསུམ་པ་རང་སངས་རྒྱས་ཀྱི་དབང་ལ་གཉིས་སྟེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་།འཇུག་ཅིང་དབང་བསྐུར་བའི་རིམ་པའོ། དང་པོ་ནི། ལས་རིམ་གྱི་ལུང་འགྲེ། ཚད་དང་ལྡན་པའི་ས་སྟེགས་ལ། །དྲི་བཟང་ཆུ་ཡིས་ཆག་ཆག་གདབ། །བྱིན་བརླབས་ལྡན་པའི་ཐིག་སྐུད་ཀྱིས། ཐིག་བརྒྱད་སྤྱི་དང་འདྲ་བ་ལ། ཤྭད་དྷ་ཀ་རིའི་ཐིག་རྩ་བཞིན། ལོ་མ་ཐང་གསུམ་བསྐྱེད་ལ་བདག །ཆ་ཆེན་བཅུ་དྲུག་བྱུང་བ་དང་། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞི་མཉམ་དུ་གདབ། གསུམ་པ་བཞི་པ་དོར་བར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདའ་ཕྱི་མ་གདབ། །བདུན་པ་ཆ་བཞི་མཉམ་དུ་གདབ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ་། དེ་ནས་མུ་ཁྱུད་བསྐོར་བ་ནི། །ཆ་ཕྲན་དྲུག་ནས་ལྟེ་བ་བསྐོར། །མདུན་ནས་དེ་ཡི་མུ་ཁྱུད་ཕྱི། །བཅུ་བཞིའི་སོ་ནས་པད་འདབ་བསྐོར། །བཅོ་ལྔ་དེ་ཡིས་མུ་ཁྱུད་ཕྱི། །གླང་གུར་རྡོ་ར་གོང་དང་འདྲ། །མདའ་ཡབ་ཟུར་ཐིག་ཕྲད་སོ་ནས། །པད་འདབ་རྡོ་ར་མེ་རི་ལ། །ཅི་རིགས་འཚམས་པས་བསྐོར་བར་བྱའོ། །བྱིན་བརླབས་ལྡན་པའི་ཚོན་རྩི་ཡིས། །མཁས་པས་རེ་ཁ་ལེགས་པར་བྲི། ལྟེ་བ་དམར་པོ་ཡང་ན་སྔོ། པད་འདབ་བཅུ་གཉིས་མཛེས་ཚོན་བྱེད། །གྲུ་ཆད་རྩིག་སོགས་གོང་དང་མཐུན། །དེ་ནས་རྣམ་པ་བཀོད་པ་ནི། དབུས་སུ་ཤཱཀྱ་ཐུབ་པའི་གཟུགས། །པདྨ་འདབ་མ་བཅུ་གཉིས་ལ། །རང་རྒྱལ་བཅུ་གཉིས་ཙཀ་ལི་བཀོད། །གསུང་ཐུགས་རྟེན་ནི་ཉན་ཐོས་མཚུངས། །ཆད་ལྷག་བསལ་ཞིང་ག ཞལ་གསོལ་མཆོད། །མཆོད་ཡོན་ལ་སོགས་ཕྱི་མཆོད་དང་། །གཏོར་མ་བཤམ་པ་ལ་སོགས་དང་། །བུམ་སོགས་བཤམ་པ་གོང་དང་མཚུངས། ། དེ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རབ་གནས་ཀྱི་དོད་ནི། །དཔོན་སློབ་རྣམས་གདན་ལ་བཞུགས་ཤིང་། སྔོན་འགྲོ་གཏོར་མ་ཆ་བཞིའམ་ཆ་གཅིག་བཤམས་ལ། །བྱིན་གྱིས་བརླབས་ལ་བསྔོ་ཞིང་། །མཚམས་བཅད་པ་དང་། །མཆོད་པ་བྱིན་གྱིས་བརླབས་པ་དང་། སྐྱབས་འགྲོ་སེམས་བསྐྱེད་རྣམས་གོང་བཞིན་སྔོན་དུ་སོང་ནས། དངོས་གཞི་བདག་བསྐྱེད་ནི། ཨཱོཾ་སྭ་བྷ་ཝ། སྟོང་པའི་ངང་ལས། བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་པ་གྲུབ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པའི་ནང་དུ། པདྨ་འདབ་མ་བཅུ་གཉིས་ཀྱི་དབུས་སུ། རིན་པོ་ཆེ་དང་སེང་གེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ། གཡས་པ་ས་གནོན། གཡོན་མཉམ་བཞག་ཆོས་གོས་ངུར་སྨྲིག་སྐུ་ལ་གསོལ་བ། ཞབས་རྡོ་རྗེ་དཀྱིལ་མོ་དཀྲུང་དུ་བཞུགས་པ། དེའི་ཕྱི་རོལ་གྱི་པད་འདབ་བཅུ་གཉིས་ཀྱི་ཤར་ནས་རིམ་པ་བཞིན་དུ་གདུང་བ་སེལ་བ་བསིལ་ཡབ་འཛིན་པ། །སྣང་བ་བརྩེགས་པ་རིན་པོ་ཆེའི་མཛོད་འཛིན་པ། །འཇིགས་པ་མེད་པ་རྡོ་རྗེ་འཛིན་པ། །དཔའ་བོ་འདུལ་བ་རྡོ་རྗེ་འཛིན་པ། །ཤེས་རབ་མགྱོགས་ཆེན་ཟླ་ཚེས་འཛིན་པ། །རི་བོའི་རྒྱལ་པོ་རིན་པོ་ཆེའི་སྙེ་མ་འཛིན་པ། །སྨྲ་བ་སྒྲ་ཆེན་བསམ་གཏན་གྱི་ཕྱག་རྒྱ་མཛད་པ། །བསེ་རུ་ལྟ་བུ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། །དུག་སེལ་འཇོམས་པ་དུང་འཛིན་པ། །རྫུ་འཕྲུལ་ཆེར་སྟོན་མེ་འབར་བ་བསྣམས་པ། སེང་གེའི་སྒྲ་རྡོ་རྗེ་འཛིན་པ། །ཡིད་མྱུར་བ་བསིལ་ཡབ་འཛིན་པ། ཡང་ན་ཐམས་ཅད་ཀྱང་ལྷུང་བཟེད་དང་མཁར་བསིལ་འཛིན་ཅིང་། ཆོས་གོས་ངུར་སྨྲིག་གྱོན་ཏེ། དབུའི་གཙུག་གཏོར་ཅུང་ཟད་བྱས་པའོ། །ལྷ་ཚོགས་དེ་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱིས་གནས་ནས་ཡེ་ཤེས་པ་སྙན་གསན་དབབ། སྦྱན་དྲངས། བཞུགས་སུ་གསོལ། ཕྱག་འཚལ་མཆོད་པ་འབུལ་བ་རྣམས་ཅི་རིགས་པར་བྱ། བསྟོད་པ་ནི། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་ཁྲུངས་ཤིང་། ཞེས་སོགས་དང་། རྟེན་འབྲེལ་དོན་ལ་རྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། འབྱུང་དང་ལྡོག་ལ་རབ་ཞུགས་པའི། །རང་རྒྱལ་རྣམས་ལ་ཕྱག་འཚལ་སོ། །བསྙེན་པ་ནི། མུ་ནེ་དང་རྟེན་འབྲེལ་སྙིང་པོ་ཅི་རིགས་པས་བསྙེན་ནོ། །དེ་ནས་བུམ་བསྐྱེད་ནི། ༀ་སྭ་བྷཱ་ཝ། སྟོང་པའི་ངང་ལས། རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་ལ་སོགས་བདག་སྐྱེད་ལྟར་བསྙེན་པ་ཡན་ཆད་ལ། བར་སྐབས་ཀྱི་འདོན་པ་ཚིག་ཁ་བསྒྱུར་རོ། །ཞར་ལ་ཨོ་རྒྱན་ལ་སོགས་པའི་དབང་རྫས་རྣམས་ཀྱང་བྱིན་གྱིས་བརླབས་སོ། མདུན་བསྐྱེད་ནི། ༀ་སྭ་བྷཱ་ཝ། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་སོགས་བདག་བསྐྱེད་ལྟར་བསྙེན་པ་ཡན་ཆད་ལ་བར་སྐབས་སུ་འདོན་པ་ཁ་བསྒྱུར་རོ། །ཡེ་དྷརྨྨ་བརྗོད་ཅིང་། བུམ་པ་དང་དཀྱིལ་འཁོར་ལ་སོགས་ལ་རབ་གནས་བྱེད། གྲུབ་ན་སྦྱིན་བསྲེག་ཀྱང་ཅི་རིགས་བྱའོ། །གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་གཉིས་ཏེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་སློབ་དཔོན་འཇུག་ཅིང་དབང་ལེན་པ་ནི། གོང་གི་ཉན་ཐོས་ཀྱི་དབང་གི་སྐབས་དང་མཚུངས་སོ། །གཉིས་པ་སློབ་མ་འཇུག་པ་དང་དབང་བསྐུར་བ་ལ་གཉིས་སྟེ། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་འཇུག་ཆོས་བཅུ་བཞི་པོ་ནི་གོང་ཉན་ཐོས་ཀྱི་དབང་གི་སྐབས་དང་མཐུན་ལ། བྱེ་བྲག་ཏུ། བཅོ་ལྔ་པ་དཀྱིལ་འཁོར་བསྟན་པ་ནི། འོ་མདུན་འདི་ན་ཡོད་པའི་རང་སངས་རྒྱས་ཀྱི་དཀྱིལ་རྟེན་དང་བརྟེན་པ་སྟེ། ཕྱི་རོལ་དུ་མེ་རི། རྡོ་རྗེ་ར་བ། པད་བསྐོར། དེའི་ནང་དུ་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པ། དེའི་ནང་པདྨ་འདབ་མ་བཅུ་གཉིས་སྟེ། ལྟེ་བ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། པདྨའི་ལྟེ་བར་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ། པད་འདབ་བཅུ་གཉིས་ལ་རང་རྒྱལ་བ་ཆེན་པོ་བཅུ་གཉིས་དང་བཅས་པ། སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་མངོན་སུམ་དུ་མཐོང་བ་དེ། ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་སྐལ་ཡིན་ཨང་སྙམ་པའི་མོས་པ་མཛོད་ཅིག །སྤྱི་དོན་གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། །སྦྱོར་བ་དང་། དངོས་གཞི་རྗེས་སོ། །དང་པོ་ནི་གོང་དང་མཐུན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཕྱི་ཕན་པའི་དབང་དང་། །ནང་ནུས་པའི་དབང་དང་། །གསང་བ་ཟབ་མོའི་དབང་ངོ། །དང་པོ་ལ་བཅུའི་བུམ་པ་ལ་སོགས་དགུ་པོ་གོང་ཉན་ཐོས་ཀྱི་དབང་དང་མཐུན་ལ། བྱེ་བྲག་ཏུ་བཅུ་པ་ཕྱག་རྒྱའི་དབང་ལ། བསམ་རྒྱུ། བསྒྲག་ཚིག་བསྐུར་གནས། བསྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ལྔའི་དང་པོ་བསམ་བརྒྱུད་ནི། །འོག་མིན་དང་བླ་མའི་ཐུགས་ཀ་དང་། དཀྱིལ་འཁོར་གྱི་དབུས་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་ཚོགས་རྣམས་བྱོན་ནས། ཁྱེད་རང་རྣམས་ཀྱིས་ཕུང་པོ་ཁམས་སྐྱེ་མཆེད་དང་གཉིས་སུ་མེད་པར་བསྒོམས་མཛོད། བསྒྲག་ཚིག་ནི། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། བར་དུ་གྲངས་མེད་གསུམ་ལ་ཚོགས་གཉིས་བསགས། ཐ་མར་མཛད་པ་བཅུ་གཉིས་རྫོགས་སངས་རྒྱས། ཐམས་ཅད་མཁྱེན་པའི་དབང་བསྐུར་ལྷུན་གྲུབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་མགོ་བསྟིམ་གནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་བསྟིམ། སྒྲིབ་པ་གང་དག་ནུས་པ་གང་སྐྱེ་སྨོན་ལམ་དང་བཅས་པ་ཅི་རིགས་པ་བྱ། བསམ་རྒྱུ་གོང་གིས་འགྲེ། བསྒྲག་ཚིག་ནི། ཉོན་མོངས་སེལ་བས་གདུང་བ་སེལ། །རང་རྒྱལ་ཆེན་པོ་བསིལ་ཡབ་འཛིན། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་དང་བསྟིམ་གནས་འདྲེ། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། ཉོན་མོངས་བའི་གདུང་བ་སེལ་ནས། ཉོན་མོངས་པ་ཟད་པ་དང་། །མི་སྐྱེ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུར་འདྲེ། སྒྲག་ཚིག་ནི། ཏིང་འཛིན་སྡང་བ་ཐོབ་པས་སྣང་བ་བརྩེགས། །རང་རྒྱལ་ཆེན་པོ་རིན་ཆེན་མཛོད་འཛིན་པ། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་ཡི་དབང་བསྐུར་དམ་པ་མཆོག་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་དང་བསྟིམ་གནས་འདྲེ། །ཏིང་འཛིན་ལ་དབང་མ་ཐོབ་བའི་དྲི་མ་དག་ནས། །ཏིང་འཛིན་དུ་མ་ལ་དབང་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། བསྒྲག་ཚིག་ནི། འཇིགས་པ་བྲལ་བས་སེང་གེ་འདྲ། །རང་རྒྱལ་ཆེན་པོ་རྡོ་རྗེ་འཛིན། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥི་ཉྩ་ཧཱུཾ། བསྐུར་གནས་བསྟིམ་གནས་འདྲེ། སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། འཁོར་བའི་འཇིག་པ་ཐམས་ཅད་བྲལ་ནས། མི་འཇིག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། བསྒྲག་ཚིག་ནི། འཁོར་བ་མི་མཉམ་དཔའ་བོ་འདུལ། །རང་རྒྱལ་ཆེན་པོ་རྡོ་རྗེ་འཛིན། སྐལ་ལྡན་བུ་ལ་དབང་བསྐུར་བས། དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་བསྟིམ་གནས་འདྲེ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། འཁོར་བའི་སྡུག་བསྔལ་ལས་གྲོལ་ནས། འཁོར་བ་ལ་ཅི་མི་མཉམ་བའི་དབང་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། སྒྲག་ཚིག །ཤེས་རབ་རྩལ་དང་ལྡན་པས་ཤེས་རབ་མཆོག །རང་རྒྱལ་ཆེན་པོ་ཟླ་ཚེས་འཛིན། །སྐལ་ལྡན་བུ་ལ་དབང༴ དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥི་ཉྩ་ཧཱུཾ། བསྐུར་གནས་བསྟིམ་གནས་འདྲེ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། །ཤེས་རབ་འཆལ་བའི་དྲི་མ་དག་ནས། ཤེས་རབ་ཀྱི་རྩལ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུ་ནི། བསྒྲག་ཚིག །འཁོར་བའི་རླུང་གིས་མི་བསྐྱོད་རི་ཡི་རྒྱལ། །རང་རྒྱལ་ཆེན་པོ་རིན་ཆེན་སྙེ་མ་འཛིན༴ སྐལ་ལྡན་བུ་ལ༴ དེ་ཡིས༴ ཨ་བྷི། བསྐུར་གནས་བསྟིམ་གནས་འདྲེ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། །འཁོར་བའི་འཇིགས་པ་ལས་སྒྲོལ་ནས། འཁོར་བའི་རླུང་གི་མི་སྐྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་བརྒྱུད་འདྲེ། བསྒྲགས་ཚིག་ནི། གསུང་སྒྲ་ལྡན་པ་སྒྲ་ཆེན་པོ། རང་རྒྱལ་ཆེན་པོ་བསམ་གཏན་ཕྱག་རྒྱ་མཛད། །སྐལ་ལྡན་བུ་ལ་དབང་བསྐུར་བས། དེ་ཡི་དབང་༴ ཨ་བྷི༴ བསྐུར་གནས་བསྟིམ་གནས་འདྲེ། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། གསུང་རབ་ལ་རྨོངས་པའི་དྲི་མ་དག་ནས། གསུང་གི་སྒྲ་ཆེན་པོ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། བསྒྲག་ཚིགས་ནི། ཏིང་འཛིན་རྩེ་གཅིག་གྱུར་པས་བསེ་རུ་འདྲ། །རང་རྒྱལ་ཆེན་པོ་མཉམ་བཞག་ཕྱག་རྒྱ་མཛད། སྐལ་ལྡན༴ དེ་ཡིས༴ ཨ་བྷི༴ བསྐུར་གནས་བསྟིམ་གནས་འདྲེ། བསྒྲིབ་པ་གང་དག །ནུས་པ་ག ང་སྐྱེ་ནི། རྣམ་གཡེང་གི་དྲི་མ་དག་ནས། ཏིང་ངེ་འཛིན་རྩེ་གཅིག་ཏུ་གནས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། བསྒྲག་ཚིག་ནི། ཉོན་མོངས་སེལ་བས་དུག་སེལ་འཇོམས། རང་རྒྱལ་ཆེན་པོ་དུང་འཛིན་པ། སྐལ་ལྡན༴ དེ་ཡིས༴ ཨ༴ བསྐུར་གནས་བསྟིམ་གནས་འདྲེ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། ཉོན་མོངས་པ་སྤངས་མི་ནུས་པའི་སྒྲིབ་པ་དག་ནས། ཉོན་མོངས་པའི་གདུང་བ་སེལ་ནུས་པའི་དབང་དམ་པ་ཐོབ་་པར་གྱུར་ཅིག །བསམ་རྒྱུ་འདྲེ། བསྒྲག་ཚིག་ནི། སྤྲུལ་པ་ཆོ་འཕྲུལ་ལྡན་པས་རྫུ་འཕྲུལ་ཆེ། །རང་རྒྱལ་ཆེན་པོ་མེ་སྒྲོན་བསྣམས། །སྐལ་ལྡན་བུ་ལ༴ དེ་ཡིས་དབང་༴ ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་བསྟིམ་གནས་འདྲེ། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། སྤྲུལ་པ་འགྱེད་མི་ནུས་པའི་སྒྲིབ་པ་དག་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། སྒྲག་ཚིག་ནི། འཁོར་བ་སྐྲག་མཛད་སེང་གེའི་སྒྲ། །རང་རྒྱལ་ཆེན་པོ་ཆ་ལང་འཛིན། །སྐལ་ལྡན༴ དེ་ཡིས༴ ཨ་བྷི༴ བསྐུར་གནས་བསྟིམ་གནས་འདྲེ། སྒྲིབ་པ་གང་དག ། ནུས་པ་གང་སྐྱེ་ནི། ཆོས་ཀྱི་སྒྲ་སྒྲོག་མི་ནུས་པའི་སྒྲིབ་པ་དག་ནས། ཆོས་ཀྱི་སྒྲ་འཇིགས་པ་མེད་པ་སེང་གེའི་སྒྲ་སྒྲོགས་པའི་དབང་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ་བསྒྲག་ཚིག་ནི། ཏིང་འཛིན་མྱུར་བས་ཡིད་མྱུར་བ། །རང་རྒྱལ་ཆེན་པོ་བསིལ་ཡབ་འཛིན། །སྐལ་ལྡན་བུ༴ དེའི་དབང་༴ ཨ༴ བསྐུར་གནས། བསྟིམ༴ སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། ཏིང་ངེ་འཛིན་མྱུར་དུ་མི་སྐྱེ་བའི་སྒྲིབ་པ་དག་ནས། ཏིང་ངེ་འཛིན་མྱུར་བ་དང་ལྡན་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསེ་རུ་ལྟར་དང་ནེ་ཙོ་ལྟ་བུའི་ས། །འབྲས་བུ་ལ་སོགས་ཕྱི་ཡི་རྟེན་འབྲེལ་དང་། མ་རིག་ལ་སོགས་ནང་གི་རྟེན་འབྲེལ་དང་། །ལུགས་འབྱུང་འཁོར་བའི་རྒྱུ་འབྲས་སྤངས་བྱས་ཤིང་། ལུགས་བཟློག་འདས་པའི་རྒྱུ་འབྲས་བསྒྲུབ་བྱས་ཏེ། །འཇིག་རྟེན་ཆ་དྲུག་ཉན་ཐོས་ས་དང་བདུན། །འདས་ནས་རང་སངས་རྒྱས་ཀྱི་ས་ལ་ཕྱིན་པར་ཤོག །ཨོཾ་ཡེ་དྷརྨྨ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱན་ཏ་ཐ་ག་ཏོ་ཧྱ་བ་དཏ། ཏེཤཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་བརྗོད་པ་ནི། རིགས་ཀྱི་བུ་ཁྱོད་ལ་རྟེན་འབྲེལ་གྱི་དབང་བསྐུར་བས། ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་པར་གྱུར་ཅིག །རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །མ་རིག་རྒན་མོ་ལོང་བ་འདྲ། །རྟེན་འབྲེལ་ལུགས་ལོག་མྱ་ངན་འདས། །མ་རིག་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །འདུ་བྱེད་རྫ་མཁན་འཁོར་ལོ་འདྲ། །འདུ་བྱེད་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །རྣམ་པར་ཤེས་པ་སྤྲེའུ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །རྣམ་ཤེས་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །མིང་གཟུགས་གྲུ་ལ་ཞུགས་པ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །མིང་གཟུགས་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །སྐྱེ་མཆེད་གྲོང་ཁྱེར་སྟོང་པ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །སྐྱེ་མཆེད་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། རེག་པ་ཕོ་མོ་འོ་བྱེད་འདྲ། རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། རེག་པ་སྟོང་པའི་དབང་ཐོབ་ཤོག། ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །ཚོར་བ་མིག་ལ་མདའ་ཕོག་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །ཚོར་བ་སྟོང་བའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །སྲེད་པ་ཆང་ཕོར་འཐུང་པ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །སྲེད་པ་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །ལེན་པ་ཤིང་ཐོག་ལེན་པ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །ལེན་པ་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིིཉྩི་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །སྲིད་པ་འཁྲིག་པ་སྤྱོད་པ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །སྲིད་པ་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥི་ཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །སྐྱེས་པ་བུད་མེད་བུ་སྐྱེ་འདྲས། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །སྐྱེ་བ་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩི་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །རྒ་ཤི་རྒས་དང་ཤི་བ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །རྒ་ཤི་སྟོང་བའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ལུགས་འབྱུང་འཁོར་བའི་ཆོས་ལས་གྲོལ་ནས། ལུགས་བཟློག་མྱ་ངན་ལས་འདས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྒྱས་པར་སྤྲོ་ན་བཅུ་གཉིས་པོ་ཀུན་ལ་ཅི་རིགས་པར་སྦྱར། གཉིས་པ་ནུས་པའི་དབང་ལ་ལྔ་སྟེ། ཉན་དབང་དང་། །བསྒྲུབ་དབང་དང་། འཆད་དབང་། འཕྲི ན་ལས་ཀྱི་དབང་དང་།རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །དབང་དེ་ལྔའི་ཆོ་ག་ཡང་གོང་དང་མཐུན་ནོ། །གསུམ་པ་གསང་དབང་ཟབ་མོའི་དབང་ལ་གསུམ་སྟེ། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབྱེར་མེད་བདེ་བ་ཆེན་པོའི་དབང་ངོ་། །དབང་དེ་གསུམ་གྱི་ཆོ་གའི་དོད་ནི། །ལམ་འཁྱེར་ལ་དབང་གི་ལམ་ཁྱེར་བུམ་པ། །ཐུབ་པ་རང་རྒྱལ་བཅུ་གཉིས། །རྟེན་འབྲེལ་བཅུ་གཉིས་དང་བཅས་པ་བསྐུར། ཐེག་པ་ལམ་ཁྱེར། རང་སངས་རྒྱས་ཀྱི་ཐེག་པ། ལྟ་བསྒོམ་ལམ་ཁྱེར། ལྟ་སྒོམ་སྤྱོད་འབྲས་གོང་ཉན་ཐོས་ཀྱི་སྐབས་སུ་སྨོས་པ་བཞིིན། འདིར་ཡང་བཤད། ཉན་ཐོས་ལས་ཁྱད་པར་འཕགས་ཚུལ་ཡང་བཤད་དོ། །དེ་ནས་ཡང་དབང་ཆགས་པར་བྱེད་པའམ། གནས་པའི་རྟེན་དུ་འདེབས་ཆུང་ཅིག་བྱེད་ན། རང་གི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་ཅིག་བསྒོམ། དེ་ལས་མཐོ་བར་ཐིག་ལེ་དཀར་པོ་སྲན་མ་ཙམ་ཅིག་བསྒོམ། དེ་ནས་ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས། ཇེ་ཆེ་ཇེ་ཆེ་སྣང་སྲིད་ཐམས་ཅད་དམར་ལམ་གྱིས་སོང་པར་བསམ། དམར་པོ་དེ་ཆགས་བའི་རང་བཞིན་ལུགས་འབྱུང་འཁོར་བའི་ཆོས་ཡིན་གསུངས། ཡང་ཐིག་ལེ་དཀར་པོ་དེ་ལ་སེམས་གཏད་པས། ཇེ་ཆེ་ཇེ་ཆེ་ལ་སྣང་སྲིད་ཐམས་ཅད་དཀར་ལམ་གྱིས་སོང་པར་བསམ། དཀར་པོ་དེ་ལུགས་བཟློག་མྱ་ངན་ལས་འདས་པའི་ཆོས་ཡིན་གསུངས། །དཀར་དམར་གཉིས་པོ་འདྲེས་ནས། །སྤྱི་བོ་ནས་མར་བབ་སྙིང་གི་དཀྱིལ་དུ་ཐིམ་པས། །རང་གི་སེམས་དང་དབྱེར་མེད་དུ་འདྲེས་པས། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་མཉམ་པ་ཉིད་དུ་བློས་སྒྱུར་ལ་བཞག་གསུངས་སོ། །གག་དྲུག་ནི། གནས་རི་བོ་བྱ་རྐང་ཅན་དབང་རྟེན་ཅིང་འབྲེལ་པར་འབྱུང་པ་ལུགས་འབྱུང་། འཁོར་བ་དང་ལུགས་བཟློག་མྱ་ངན་ལས་འདས་པ་དང་། དབྱེར་མེད་དུ་རྟོགས་པའི་དགོས་པ་ཡོད། དེ་མིན་ཀུན་ཉན་ཐོས་དང་འདྲ། ལམ་ཁྱེར་དང་། སྒོམ་ཆེན་པོ་ནི་ཐད་ཀར་བལྟའོ། །དེ་དག་ནི་རང་སངས་རྒྱས་གྱི་ཐེམ་སྐས་སོ། །གསུམ་པ་རྗེས་ནི། ཡོན་དང་མཎྜལ་ཕུལ་ལ། བསྔོ་བ་སྨོན་ལམ་དང་བཀྲ་ཤིས་བརྗོད་ཚོགས་དང་དགའ་སྟོན་རྒྱ་ཆེན་པོ་བྱ། །གླུ་གར་དང་རྩེ་འཇོའི་ཉམས་བསྐྱངས། །མཆོད་བསྟོད་བསྔོ་བ་བཟོད་གསོལ། །གཤེགས་གསོལ་བྱས་ལ་དཀྱིལ་འཁོར་བསྡུ། །རང་སངས་རྒྱས་ཀྱི་དབང་རྫོགས་སོ།། །།མངྒ་ལཾ། །

དང་པོ་ཕྱི་དབང་གི་ཆུ་བོ་ལས་བྱང་ཆུབ་སེམས་དཔའི་དབང་གི་ཐེམ་སྐས།

དང་པོ་ཕྱི་དབང་གི་ཆུ་བོ་ལས། བྱང་ཆུབ་སེམས་དཔའི་དབང་གི་ཐེམ་སྐས་བཞུགས་སོ། །བཞི་པ་བྱང་ཆུབ་སེམས་དཔའི་དབང་ལ་གཉིས་སྟེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ནི། ཚད་དང་ལྡན་པའི་ས་སྟེགས་ལ། །དྲི་བཟང་ཆུ་ཡི་ཆག་ཆག་གདབ། །བྱིན་བརླབས་ལྡན་པའི་ཐིག་སྐུད་ཀྱིས། །ཐིག་བརྒྱད་གོང་བཞིན་ལེགས་པར་གདབ། །དེ་ནས་ཆ་ཆེན་བཅུ་དྲུག་ལ། །དང་པོ་ཕྱེད་གདབ་ཕྱི་མ་གདབ། གཉིས་པ་ཆ་བཞི་མཉམ་དུ་གདབ། །གསུམ་པ་བཞི་པ་དོར་བར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་ཆ་བཞི་མཉམ་དུ་གདབ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །དེ་ནས་མུ་ཁྱུད་བསྐོར་བ་ནི། །ཆ་ཕྲན་དྲུག་ནས་ལྟེ་བ་བསྐོར། །བདུན་ནས་དེའི་མུ་ཁྱུད་ཕྱི། །བཅུ་བཞི་པདྨ་འདབ་བཅུ་བསྐོར། །བཅོ་ལྔ་དེའི་མུ་ཁྱུད་ཕྱི། །གླང་གུར་རྡོ་ར་སྤྱི་དང་མཚུངས། །མདའ་ཡབ་ཟུར་ཐིག་འཕྲད་སོ་ནས། །པད་འདབ་རྡོ་རྭ་མེ་རི་ལ། །ཅི་རིགས་འཚམས་པ་བསྐོར་བར་བྱ། །བྱིན་བརླབས་ལྡན་པའི་མཚོན་རྩི་ཡིས། །མཁས་པས་རེ་ཁ་ལེགས་པར་བྲི། །དབུས་ཀྱི་ལྟེ་བ་སེར་པོར་བྱེད། །པད་འདབ་བཞི་པོ་ཕྱོགས་མཚོན་བྱེད། །པད་འདབ་བཅུ་པོ་མཛེས་ཚོན་བྱེད། །གྲུ་ཆད་རྩིགས་སོགས་གོང་དང་མཐུན། །དེ་ནས་རྣམ་པ་དགོད་པ་ནི། །དབུས་སུ་ཤཱཀྱ་ཐུབ་པ་བཀོད། །པད་འདབ་བཞི་ལ་ཡུམ་ཆེན་དང་། །ཕྱག་ན་རྡོ་རྗེ་ཤ་རིའི་བུ། །སྤྱན་རས་གཟིགས་ཀྱི་སྐུ་བཞི་དགོད། །འདབ་མ་བཅུ་ལ་སངས་རྒྱས་བཅུ། །གསུང་ཐུགས་རྟེན་ནི་གང་དང་མཚུངས། །ཆད་ལྷག་གསལ་ཞིང་ཞལ་གསོལ་མཆོད། །མཆོད་ཡོན་ལ་སོགས་ཕྱི་མཆོད་དང་། །གཏོར་མ་བཤམས་པ་ལ་སོགས་དང་། །བུམ་སོགས་བཤམ་པ་གོང་དང་མཐུན། །དེར་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རབ་གནས་ཀྱི་དོན་ནི། །དཔོན་སློབ་རྣམས་གདན་ལ་བཞུགས་ཤིང་། སྔོན་འགྲོ་གཏོར་མ་ཆ་བཞིའི་ཆ་ཅིག་བཤམ་ལ། །བྱིན་གྱིས་བརླབས་པ་བསྔོ་ཞིང་། མཚམས་བཅད་པ་དང་། །མཆོད་པ་བྱིན་གྱིས་བརླབས་པ་དང་། །སྐྱབས་འགྲོ་སེམས་བསྐྱེད་རྣམས་གོང་བཞིན། སྔོན་དུ་སོང་ནས། དངོས་གཞི་བདག་བསྐྱེད་ནི། ༀ་སྭ་བྷ་ཝ། སྟོང་བའི་ངང་ལས། བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པའི་ནང་དུ། པདྨ་འདབ་བཞི་ལྟེ་བ་རུ། བཅོམ་ལྡན་གསེར་མདོག་ཆོས་འཆད་གཡས། །གཡོན་པ་མཉམ་བཞག་ཕྱག་རྒྱར་ལྡན། །རྡོ་རྗེ་དཀྱིལ་དཀྲུང་གཙུག་གཏོར་བཅས། །སྤྱན་ཡངས་མཐིང་ཁ་མཛོད་སྤུར་ལྡན། །སྐུའི་སྒོ་ནས་འོད་ཟེར་འགྱེད། །བསྟན་པའི་མངའ་བདག་འགྲོ་བ་འདྲེན། །ཤར་ཕྱོགས་པདྨའི་འདབ་མ་ལ། །པད་ཟླ་རྒྱས་སྟེང་ཡུམ་ཆེན་མོ། །ལོངས་སྤྱོད་བརྒྱན་ལྔན་རྡོ་རྗེ་དཀྱིལ། །གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས། ཕྱག་བཞིའི་དང་པོ་མཉམ་བཞག་ཕྱག ། འོག་མའི་གཡས་པ་ཆོས་འཆད་པ། གཡོན་པ་པོ་ཏི་བསྣམས་ནས་ནི། །འགྲོ་བ་སེམས་ཅན་དོན་མཛད་པ། །ལྷོ་ཕྱོགས་པདྨའི་འདབ་མ་ན། །པད་ཟླ་རྒྱས་པའི་གདན་སྟེང་ན། །ཕྱག་ན་རྡོ་རྗེ་ཞི་བའི་ཞལ། །མཐིང་ཁ་གཡས་ན་རྡོ་རྗེ་འཛིན། གཡོན་པ་པདྨ་འཛིན་པར་བྱེད། །རིན་ཆེན་རྒྱན་ལྡན་སེམས་དཔའི་དཀྱིལ། །ནུབ་ཕྱོགས་པདྨའི་འདབ་མ་ན། །ཤ་རི་གསེར་མདོག་དཀའ་ཐུབ་གཟུགས། །ཆོས་གོས་གསུམ་ལྡན་བསིལ་བྱེད་བསྣམས། །པུས་གཙུགས་གཡོན་པ་ལྷུང་བཟེད་བསྣམས། །ལུས་ངག་ཡིད་གསུམ་མཉམ་པའི་ངང་། །བྱང་ཕྱོགས་པདྨའི་འདབ་མ་ནས། །པད་ཟླ་རྒྱས་པའི་གདན་སྟེངས་ནས། །སྤྱན་རས་དཀར་པོ་བྱང་ཆུབ་སེམས། །བརྒྱན་མཛེས་སེམས་དཔའི་དཀྱིལ་དཀྲུང་བཞུགས། །གཡས་ན་པདྨ་མཆོད་སྦྱིན་དང་། །གཡོན་པའང་པདྨ་པོ་ཏི་འཛིན། །པད་འདབ་བཅུ་ཡི་ཤར་ཕྱོགས་ཀྱི། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ནི། །སྐུ་མདོག་ཤེལ་ལྟར་དཀར་བ་ལ། །ཕྱག་གཡས་རིན་ཆེན་མཆོད་སྦྱིན་མཛད། །ཕྱག་གཡོན་ལྟེ་བའི་ཐད་དཀར་ནི། །འཐིལ་ནི་འགྲོ་མ་སྟོན་པར་མཛད། །ལྷོ་ཕྱོགས་པདྨའི་འདབ་མ་ལ། །པད་ཟླ་རྒྱས་བའི་གདན་སྟེངས་སུ། །བདེ་གཤེགས་མྱ་ངན་མེད་པའི་དཔལ། །སྐུ་མདོག་ནམ་མཁའི་མདོག་ཅན་ལ། །གཡས་པ་འཁོར་ལོ་འབར་བ་བསྣམས། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་པས་ཉོན་མོངས་སེལ། །ནུབ་ཕྱོགས་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་རིན་ཆེན་འོད་འཕྲོ་བ། །སྐུ་མདོག་གངས་རི་ལྟར་དཀར་ཞིང་། །གཡས་པ་མཆེ་བ་བརྩིགས་པ་བསྣམས། །གཡོན་པ་ལྟེ་བ་ཐད་དཀར་ནི། །འགྲོ་ལ་བསྟན་པས་བགེགས་རྣམས་འདུལ། །བྱང་ཕྱོགས་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་ན། །བདེ་གཤེགས་རྒྱལ་པའི་དབང་པོ་ནི། །སྐུ་མདོག་ཨིན་འདྲ་ནི་ལའི་མདོག །གཡས་པ་པདྨ་དཀར་པོ་འཛིན། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་པས་མུན་པ་སེལ། །ཤར་ལྷོ་པདྨའི་འདབ་མ་ལ། པད་ཟླ་རྒྱས་པའི་གདན་སྟེངས་ན། །བདེ་གཤེགས་པདྨ་དམ་པའི་དཔལ། །སྐུ་མདོག་དུག་ལྟར་དཀར་བའི་མདོག། །ཕྱག་གཡས་པདྨ་དམར་པོ་བསྣམས། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་པས་འདོད་ཆགས་འཇོམས། །ལྷོ་ནུབ་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེང་ན། །ཉི་མ་སྣང་བ་དམ་པའི་དཔལ། །སྐུ་མདོག་མར་གད་དམར་སྨུག་ལ། ཕྱག་གཡས་མུན་སེལ་ཉི་མ་བསྣམས། །གཡོན་པ་སྐུ་ལ་རྟེན་མཛད་པ། །ནུབ་བྱང་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །སངས་རྒྱས་གདུག་ཆེན་པདྨའི་རྩལ། །སྐུ་མདོག་ཨིན་ཏྲ་ནི་ལའི་མདོག །གཡས་པ་སྣ་ཚོགས་རྡོ་རྗེ་འཛིན། །ཕྱག་གཡོན་ལྟེ་བའི་ཐད་དཀར་ནི། །འཐིལ་ནི་འགྲོ་ལ་སྟོན་པར་མཛད། །བྱང་ཤར་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །ཏིང་འཛིན་གླང་པོ་དམ་པའི་དཔལ། །སྐུ་མདོག་གསེར་ལྟར་འཚེར་བ་ལ། །ཕྱག་གཡས་ཆོས་འཆད་ཕྱག་རྒྱ་སྟོན། །གཡོན་པ་ཆོས་གོས་འཛིན་མཛད་པ། །ཤར་སྟོད་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །དགའ་བར་བྱེད་པའི་སངས་རྒྱས་ནི། །སྐུ་མདོག་ཨུད་དཔལ་སྔོན་པོའི་མདངས། །ཕྱག་གཡས་རིན་ཆེན་བུམ་པ་བསྣམས། །གཡོན་པ་སྐུ་ལ་རྟེན་མཛད་པ། །ནུབ་ཕྱོགས་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་བཤེགས་པདྨ་དམ་པའི་དཔའ། །སྐུ་མདོག་གསེར་ལྟར་འཚེར་བའི་མདངས། །ཕྱག་གཡས་པདྨ་དམར་པོ་བསྣམས། །གཡོན་པ་ལྟེ་བའི་ཐད་དཀར་ནི། །མཐིལ་ནི་ཕྱིར་བསྟན་གདུང་པ་སེལ། །དེ་ལ་ཡེ་ཤེས་སྙན་གསན་དབབ། །ཕྱག་འཚལ་མཆོད་པ་འབུལ། བསྟོད་པ་བྱེད་པ་ནི། རྒྱ་གར་སྐད་དུ། བཛྲ་གྷིཏྟི། བོད་སྐད་དུ། རྡོ་རྗེའི་གླུ། སྒྲ་འཇུག་པ་ཡི་རྒྱུ་མཚན་གྱི། །བསྒྱུར་བ་བསྙེན་པར་བྱེད་པ་པོ། །ཐུབ་པ་ཆེན་པོའི་དུས་འདིར་ལགས། །སྐྱེས་བུ་གཙོ་བོ་གཤེགས་སུ་གསོལ། །སྐྱེས་བུ་ཅང་མཁྱེན་གཤེགས་སུ་གསོལ། ཐུབ་པ་ཆེན་པོ་གདུགས་ཚོད་བབ། །རྐང་གཉིས་གཙོ་བོ་གཤེགས་སུ་གསོལ། །རྐང་གཉིས་དམ་པ་གཤེགས་སུ་གསོལ། །རྐང་གཉིས་ཅང་མཁྱེན་གཤེགས་སུ་གསོལ། །ཚུལ་ཁྲིམས་པདྨའི་རྫིངས་ནས་འཁྲུངས། ། བརྩོན་འགྲུས་ཆབ་ཀྱི་རྣམ་པར་འཕེལ། །སློབ་མ་བུམ་པའི་སྒྲ་འཛིན་པ། །ཐུབ་པ་དམ་པ་གཤེགས་སུ་གསོལ། །འཕགས་པའི་བདེན་བའི་གནས་བཅས་ཏེ། །བྱམས་དང་སྙིང་རྗེའི་སྤྱན་མངའ་ཞིང་། །བདག་མེད་པའི་སྒྲ་སྒྲོགས་པ། །རྒྱལ་བ་སེང་གེ་གཤེགས་སུ་གསོལ། །ཁྲིམས་ནི་རྩ་བ་ཆུང་བས་དྲན། །བྱུང་ཆུབ་ཡན་ལག་མེ་ཏོག་བརྒྱན། །རྣམ་གྲོལ་འབྲས་བུ་ཕུན་སུམ་ཚོགས། །རྒྱལ་བ་སྡོང་པ་གཤེགས་སུ་གསོལ། །ཤེས་རབ་རྒྱ་ཆེན་ཟབ་པ་པོ། །ཏིང་འཛིན་ཆབ་ནི་བཏང་ལྡན་ཞིང་། །རྣལ་འབྱོར་པ་ཡི་ཚོགས་པས་བལྟམས། །སྟོན་པ་རྒྱ་མཚོ་གཤེགས་སུ་གསོལ། །ཐུགས་རྗེས་དཀྱིལ་འཁོར་དཔལ་དང་ལྡན། །ཤེས་རབ་འོད་ཟེར་ལེགས་པས་བརྒྱན། །སློབ་མ་པདྨ་ཁ་འབྱེད་པ། །ཐུབ་པ་ཉི་མ་གཤེགས་སུ་གསོལ། །ཕས་ཀྱི་རྒོལ་བས་མི་སྐྱོད་ཅིང་། །རྣལ་འབྱོར་ལ་སོགས་ཚོགས་པ་ཅན། །སློབ་དང་མི་སློབ་རི་དགས་བལྟམ། །ཐུབ་པ་རི་བོ་གཤེགས་སུ་གསོལ། །སངས་རྒྱས་ཉན་ཐོས་འཁོར་རྣམ་དག །བདག་གིས་དེང་འདིར་སྤྱན་འདྲེན་གྱིས། །བདག་གི་རེ་བ་བསྐོང་པའི་ཕྱིར། །ཐམས་ཅད་མྱུར་དུ་གཤེགས་སུ་གསོལ། །ད་ལྟ་ཕྱོགས་བཅུའི་འཇིག་རྟེན་ན། །རྟག་ཏུ་བཞུགས་པའི་རྐང་གཉིས་གཙོ། །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །བརྩེ་བས་བདག་ལ་དགོངས་སུ་གསོལ། །མྱ་ངན་མི་འདའ་ཐུགས་རྗེ་ཡི། །ཉོན་མོངས་མི་སྤོངས་དགོས་པ་མེད། །མ་ཆགས་རང་བཞིན་དག་པ་ནས། །པདྨའི་གདན་ལ་བཞུགས་སུ་གསོལ། །སངས་རྒྱས་ཐམས་ཅད་འདུས་པའི་གཙོ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་དེར། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་སོགས་སློབ་མ་མ་ལུས་པའི། །དུག་གསུམ་ནད་ཀྱི་གདུངས་པ་ལ། །དམ་ཆོས་བདུད་རྩིས་གསོ་མཛད་པ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྟག་ཏུ་ལྷ་དྲུག་བརྟེན་ལ་ཕྱག་འཚལ་ལོ། །དཔལ་ལྡན་དགེ་སློང་ཁྱེད་ལ་ཕྱག་འཚལ་ལོ། །མཁས་པ་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཐུགས་ནི་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དབང་ཕྱུག་ཅན་ལ་ཕྱག་འཚལ་ལོ། །རྟག་ཏུ་དབྱིངས་ན་བཞུགས་ལ་ཕྱག་འཚལ་ལོ། །གཞན་གྱི་སྡུག་བསྔལ་གྱིས་གདུངས་སེལ་ལ་ཕྱག་འཚལ་ལོ། །མར་མེ་མཛད་པ་ཡེ་ཤེས་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་རིན་པོ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་དག་གིས་ནི་ཆོས་སྟོན་པ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །གང་ལ་སངས་རྒྱས་གུས་མཛད་པ། །ཆོས་ལ་བདག་ནི་ཕྱག་འཚལ་ལོ། །གང་ལ་ཕུལ་བའི་དོན་ཆེ་བ། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །རྣམ་དག་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །སྒྲུབ་པའི་འཕགས་ལམ་བརྒྱད་ལ་ཕྱག་འཚལ་ལོ། །བསྟན་པའི་གདུང་རབས་གུས་པར་ཕྱག་འཚལ་ལོ། །ངན་འགྲོ་རྣམས་བཟློག་བྱང་ཆུབ་སེམས་། །རྣམ་དག་དགྲ་བཅོམ་དགེ་ལ་སོགས། །རང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་རྣམས་ནི་བཟློག་བགྱིས་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་མཛད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཉེས་པ་ཀུན་ལ་རྣམ་གྲོལ་ཞིང་། །ཡོན་ཏན་ཀུན་གྱིས་རྒྱན་པ་པོ། །སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །འདུལ་དཀའ་མི་ཟད་སེམས་ནི་ཁྱེད་ཀྱིས་འདུལ། །གཡུལ་མ་དཔའ་བོ་གཡུལ་གྱི་དཔའ་བོ་བཞིན། །ཤིན་ཏུ་ཚར་བཅད་རང་གི་དབང་དུ་མཛད། །ཐུགས་འདུལ་མི་སྙེམས་ཁྱོད་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང་། །མཚན་རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱིས་མདོག་ཅན་ལྷ་དང་མི་མཆོད་པ། །བཅོམ་ལྡན་ལྷའི་ལྷ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བའི་དགོངས་པ་ཅན། །ཕན་བདེ་དགོངས་པ་ཅན་ལ་ཕྱག་འཚལ་ལོ། །ལུས་ཅན་ཀུན་གྱི་ཁྱོད་མཐོང་ན། །སྐྱེས་བུ་མཆོག་ཏུ་རྟོགས་པར་འཚལ། །མཐོང་བ་ཙམ་གྱིས་དད་གྱུར་པའི། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །བླ་མེད་མི་འཇིགས་སྦྱིན་པ་ཁྱོད་ལ་ཕྱག་འཚལ་ལོ། །གཞན་ཕན་སེམས་ཅན་གཉེན་རྩ་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་བཅུ་བདེན་པའི་རྩལ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་ཞུ་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་ཐུབ་ཆེན་ཞི་བའི་གྲོང་བཞུད་དེ། །བཞུགས་ཀྱང་འཛམ་བུའི་གྲིབ་མས་མ་བཏང་ཞིང་། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། དེ་ཚེ་མཆོད་འོས་ཁྱོད་ལ་ཕྱག་འཚལ་ལོ། །ད་ཡང་འདི་དང་ཁྱོད་ལ་ལན་གསུམ་དུ། །ཐུབ་པ་ཁྱོད་ཀྱི་ཞབས་ལ་མགོས་ཕྱག་འཚལ་ལོ། །ཐུགས་རྗེ་ཆེ་མངའ་ལྷ་ཡི་མཆོད་པའི་གཙོ། །ཁྱོད་འདྲ་འཇིག་རྟེན་མ་མཆིས་ལྷག་ཅི་སྨོས། །མཚན་ནི་དོན་འགྲུབ་ལགས་ཞེས་སྔོན་བརྗོད་པ། ཕ་དང་མ་ཡི་བསམ་སྟེ་བཏགས་པ་ལགས། ། ཁྱོད་ཀྱི་བསམ་རྫོགས་བདུད་རྩི་མཉེས་པ་ནི། །དོན་གྲུབ་ལགས་པར་བདག་གིས་ད་སྡོད་འཚལ། །རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་བཀྲམ་ནས་ལྷམ་མེ་བ། །མགོན་པོ་མཆོག་ཁྱོད་ལ་ནི་སྐྱབས་སུ་མཆི། །རབ་ཏུ་ལམ་སྟོར་རྣམ་པར་མིག་ཟུམ་ལ། །ཁྱོད་ནི་འཇིག་རྟེན་སྒྲོན་མེ་ཉི་མ་འདྲ། །གཞན་གྱིས་མི་ཐུབ་སྲོག་ཆགས་རྩ་ལག་ཅིག །དེད་དཔོན་ཁྱོད་ཉིད་ལ་ནི་སྐྱབས་སུ་མཆི། །ཤིན་ཏུ་ཚོགས་པ་ཡེ་ཤེས་འབྱོར་བའི་མཛོད། །ནམ་མཁའ་རང་བཞིན་བཟོད་ནས་རྣམ་གྲོལ་ཐུགས། །ཐུགས་རྗེའི་བསམ་པ་ཡིད་འོང་འཇམ་པའི་གསུང་། །དོན་ཀུན་འགྲུབ་པ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་དགོན་པ་ལས་ནི་ཁྱོད་ཐར་མཛད། །ཚོགས་པ་ལས་ནི་རྒྱུ་དང་འབྲས་བུར་སྟོན། །བྱམས་པ་ལས་ནི་མཆོག་གི་གོ་ཆ་མཁྱེན། །ཐུགས་རྗེ་གནས་པའི་སྐྱབས་སུ་རབ་ཏུ་མཆི། སྒྱུ་མ་མིག་སྒྱུ་ཆུ་ཟླ་འདྲ་བ་ཡིས། །སྲིད་པ་ལས་ནི་ཡུལ་གྱི་གནས་ཀྱི་ཆགས། །མི་ཤེས་ནད་སེལ་འཇིག་རྟེན་གསུམ་གྱི་མགོན། །སྨན་པའི་རྒྱལ་པོ་ཁྱོད་ལ་སྐྱབས་སུ་མཆི། །ཆུ་བོ་བཞི་དབུས་ཟམ་པར་གྱུར་པ་ལ། །ནོར་བདུན་འཕགས་པའི་ཚུལ་གྱིས་རབ་གྲོལ་བའི། །ཡང་དག་ལམ་སྟོན་ལོ་ཀ་རྩ་ལགས་སོ། །ཐུགས་རྗེ་ལྡན་པ་ཁྱོད་ལ་འདི་མཆོད་དོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བའི་དབུ་སྐྲ་འཇམ་མཛེས་སྣུམ་ཞིང་བཟང་། །ཁྱོད་ཀྱི་གཙུག་གཏོར་འདི་ནི་རི་རྒྱལ་བཞིན། །གཙུག་གཏོར་མི་མཐོང་ཁྱོད་དང་མཚུངས་མ་མཆིས། །ཐུབ་པ་ཁྱོད་ཀྱི་སྨིན་མཚམས་མཛོད་སྤུ་མཛེས། །ཀུན་ལ་ཟླ་བ་དུང་དཀར་དཀར། །ཐུགས་རྗེ་གང་གི་འགྲོ་བ་འདི་གཟིགས་ལ། །སྤྱན་མཆོག་བཟང་པོ་ཨུཏྤལ་སྔོན་པོ་འདྲ། །རྒྱལ་བ་དྲི་མེད་སྤྱན་ལ་ཕྱག་འཚལ་ལོ། །ལྗགས་ཡངས་སྲབ་ལ་ཟངས་ཀྱི་མདོག་འདྲ་བ། །དེ་ཡིས་རང་གི་ཞལ་གྱིས་གདོང་ཡང་ཁེབ། །ཆོས་གསུངས་པས་ནི་འགྲོ་བ་འདུལ་བར་བགྱིད། །འཇམ་རྩུབ་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཚེམས་བཟང་ཤིན་ཏུ་བརྟན་པ་རྡོ་རྗེ་འདྲ། །བཅུ་དང་སུམ་ཅུ་སྙོམས་ཤིང་ཐགས་བཟང་པ། །འཛུམ་པ་མཛད་ནས་འགྲོ་བ་འདུལ་བར་མཛད། །བདེན་གཏམས་མཉམ་པ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཁྱོད་ཀྱི་གཟུགས་དང་མཚུངས་མ་མཆིས། །འོད་ཀྱི་ཞིང་བརྒྱད་དག་དང་སྣང་བར་བགྱིད། །འཇིག་རྟེན་ན་ནི་ཚངས་དབང་སྐྱོང་དེ་དག །བཅོམ་ལྡན་ཁྱོད་ཉིད་འོད་ཀྱིས་ཟིལ་དུ་བརླག །ཨེ་མ་ཧོ། །བྱོན་པ་མཉམ་མེད་བཅོམ་ལྡན་འདས། །གླང་པོའི་རྒྱལ་པོ་རྨ་བྱ་སེང་གེའི་སྟབས། །བཅོམ་ལྡན་གཉའ་ཤིང་གང་དུ་གཟིགས་ཤིང་གཤེགས། །ས་དང་རི་དང་ངམ་པ་གཡོ་བར་མཛད། །བཅོམ་ལྡན་ཁྱོད་སྐུ་མཚན་གྱི་བརྒྱན་པ་དེ། །ཁྱོད་ཀྱི་ལྤགས་པ་འཇམ་ཞིང་གསེར་མདོག་འདྲ། །འགྲོ་བས་གཟུགས་འདི་ལྟ་བས་ངོམས་མི་འགྱུར། །ཁྱོད་ནི་མཚུངས་པ་མ་མཆིས་གཟུགས་དང་ལྡན། །ཁྱོད་སྔོན་སྐལ་པ་བརྒྱ་ནས་བཀའ་ཐུབ་སྤྱོད། །ཁྱོད་སྟོང་དུལ་དང་སྤྱིན་པ་ཀུན་ལ་དགྱེས། །སེམས་ཅན་ཀུན་ལ་ཐུགས་བརྩེ་བྱམས་ཐུགས་ལྡན། །མཆོག་ཏུ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྤྱིན་དང་ཚུལ་ཁྲིམས་རྟག་ཏུ་དགྱེས། །ཁྱོད་ནི་བཟོད་དང་བརྩོན་འགྲུས་དགྱེས་རབ་བརྟན། །ཁྱོད་ནི་བསམ་གཏན་ཤེས་རབ་འདི་གཟིགས་མངའ། །མཚུངས་མེད་ཡེ་ཤེས་ལྔ་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྨྲ་བ་ངན་པའི་ཚོགས་ཅན་འཇོམས། །ཁྱོད་ནི་སེང་གེ་ལྟ་བུར་འཁོར་དུ་སྒྲོག །ཁྱོད་ནི་སྨན་པའི་རྒྱལ་པོ་སྲིད་གསུམ་སེལ། །མཆོག་དབང་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཐུབ་པ་སྐུ་གསུང་ཐུགས་ནི་རྣམ་པར་དག །པདྨ་ཆུ་ལྟར་སྲིད་པ་གསུམ་མ་བགོས། །ཁྱོད་ནི་ཚངས་དབྱངས་ཀ་ལ་པིང་ཀའི་སྐད། སྲིད་གསུམ་གསོལ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་དང་མི་དང་ཀླུས་མཆོད་བདེ་བར་གཤེགས། །ཡོན་ཏན་ཀུན་གྱི་མཐར་ཕྱིན་དེ་བསྟོད་ལས། །བསོད་ནམས་རྒྱ་ཆེན་གང་བསྒྲུབས་གྱུར་པ་དེས། །འགྲོ་བ་སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཉི་མ་ལྟ་བུ་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུངས་པ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་ལྷ། །བཻ་ཌུརྱའི་འོད་ལ་ཕྱག་འཚལ་ལོ། །ལྷ་མི་སྟོན་པ་སྨན་པའི་རྒྱལ་པོ་སྟེ། །བཅོམ་ལྡན་འཇིག་རྟེན་གསུམ་ན་སྐྱོབ་མཛད་ཅིང་། །དུག་གསུམ་ནད་དང་འདུས་པའི་ནད་སེལ་བ། །བཻཌུརྱའི་འོད་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་མཉེས་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་མགོན་ཡོན་ཏན་ཕ་རོལ་ཕྱིན། །མཚོ་ལྟར་དཀར་ཡངས་མཛེས་པའི་སྐུ་དང་ལྡན། མཉམ་མེད་དེ་བཞིན་ཉིད་ཀྱི་སེང་གེའི་ཁྲི་ལ་བཞུགས། །བཅོམ་ལྡན་རྣམ་པར་སྣང་མཛད་དེ་ལ་ཕྱག་འཚལ་བསྟོད། །མདངས་ལྡན་ནོར་བུ་མཐོན་ཀ་ཆེན་པོ་ལྟར་འཕྲོ་ཞིང་། །འོད་ཀྱི་ཕྱོགས་རྣམས་མ་ལུས་སྣང་བར་མཛད་པ་པོ། །འཇིག་རྟེན་གསུམ་ན་རྨད་བྱུང་གླང་པོའི་གདན་ལ་བཞུགས། །སྙེམས་འབྲས་སངས་རྒྱས་མི་བསྐྱོད་དེ་ལ་ཕྱག་འཚལ་བསྟོད། །རིན་ཆེན་དབང་བསྐུར་འབྱོར་བ་འགྲོ་དོན་མཛད་ལ་མཁས། །བསོད་ནམས་ཚོགས་མངའ་ཤིན་ཏུ་རྡུལ་རྣམས་བྲལ་གྱུར་ཞིང་། །གསེར་གྱི་རྒྱ་མཚོ་ལྟ་བུ་རྟ འི་གདན་ལ་བཞུགས། །ཐུབ་པ་རིན་ཆེན་འབྱུང་ལྡན་དེ་ལ་ཕྱག་འཚལ་ལོ། །རྨ་བྱའི་རིགས་རྣམས་རྒྱ་ཡི་མཛེས་པར་སྣང་མཛད་ཅིང་། །འོད་ཀྱི་ཕྱོགས་བཅུར་ཁྱབ་པ་སྔོན་དགའ་པདྨ་ནི། །རང་དགའི་ངོ་བོ་ལྟ་བུར་རྨ་བྱའི་གདན་ལ་བཞུགས། །ཐུབ་པ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །དམ་ཆོས་འོད་ཟེར་ཕྱོགས་ཀྱི་མུན་པ་སེལ་མཛད་ཅིང་། །འོད་ཀྱི་ནམ་མཁའ་སྣང་བའི་ཆ་ཀུན་རྣམ་པར་འགེངས། །བཻཌུརྱའི་མཚོ་ལྟར་མཁའ་ལྡིང་གདན་ལ་བཞུགས། །སངས་རྒྱས་དོན་ཡོད་གྲུབ་པ་དེ་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག༴ ཞིང་ཁམས་ཐམས་ཅད་གསེར་གྱི་ས་གཞི་ལ། །མེ་ཏོག་ཀུ་མུ་ཏའི་ཆར་རྒྱུན་འབབ། །ཡོན་ཏན་རིན་ཆེན་མང་པོས་བཅལ་དུ་བཀྲམ། །ཡུམ་གྱུར་དགེ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་པ་བཅོ་བརྒྱད་ཆོས་ཀྱི་སྡོང་པོ་ལ། །ཕ་རོལ་ཕྱིན་བཅུ་མཛེས་པའི་རྒྱན་གྱིས་བརྒྱན། །ཚད་མེད་བཞིའི་ལོ་འདབ་རྒྱས་པ་ལ། །སྐྱེ་འགགས་མེད་པའི་འབྲས་བུ་སོ་སོར་སྨིན། །ས་བཅུ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །དམ་ཆོས་མདོ་སྡེ་འདུས་མ་བྱས། །དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ། །མདོ་སྡེ་འདུལ་བ་མངོན་པ་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། གང་ལ་ཅི་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དོན་དམ་དབྱིངས་ནས་སྐྱེ་བ་གཅིག་པ་པོ། ཁམས་གསུམ་དག་ན་བཙུན་པ་སྤྱན་རས་གཟིགས། ཟླ་བ་ཉ་འདྲ་དྲི་མ་མེད་པའི་སྐུ། ཐུགས་རྗེ་རང་བཞི ན་ཅན་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །འདས་པའི་དུས་ན་མངོན་པར་སངས་རྒྱས་ཀྱང་། ཐུགས་རྗེའི་དབང་གི་ས་བཅུའི་ཚུལ་སྟོན་པ། ཐབས་ཚུལ་དཔག་མེད་རིགས་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་རྒྱལ་བའི་གཙུག་གཏོར་ཅན། ཕྱག་གི་འཐིལ་ནས་ཐུགས་རྗེའི་ཆུ་འབེབས་པ། །ཡི་དྭགས་བསྐྲེས་བསྐོམ་སྡུག་བསྔལ་སེལ་མཛད་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱིས་དཔག་བསམ་ཤིང་། །པདྨ་བསྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་གྱིས་འབྱུང་གནས་འཇམ་དཔལ་ཀུན་ཀྱི་དཔལ། །མཐའ་དག་བྱམས་པས་ཁྱབ་པས་འཇམ་པའི་དབྱངས། །འཇམ་དང་དཔལ་དུ་གྲགས་པས་དོན་དང་ལྡན། །འཇམ་དཔལ་ཡང་དག་དཔའ་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱིས་གནས་མཆོག་དམ་པ་ན། །གསང་སྔགས་རིགས་སྔགས་ཀུན་གྱིས་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །རིགས་པ་ལས་ཀྱི་དབྱིངས་ན་སྐྱེས། །རྟོག་མེད་སྤྲོས་བྲལ་བདེ་བ་ཆེ། །རྣམ་དག་དོན་དམ་བྱང་ཆུབ་སེམས། །སྒྲོལ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །གཞོན་ནུ་མཚན་ལྡན་མཛེས་པའི་སྐུ། ཁ་དོག་མཆོག་ལྡན་བརྗིད་པའི་ཞལ། །མ་མོ་དཀྱིལ་འཁོར་དབྱིངས་ན་བཞུགས། །སྒྲོལ་མ་ལོངས་སྤྱོད་སྐུ་ལ་ཕྱག་འཚལ་ལོ། །ཐུགས་ཀྱི་གསང་བའི་དཀྱིལ་འཁོར་ནས། །སྣ་ཚོགས་ཕྱག་རྒྱའི་གཟུགས་འཕྲོ་ཞིང་། འགྲོ་དྲུག་སེམས་ཅན་སྒྲོལ་མཛད་ཡུམ། །སྒྲོལ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་གཡོ་ཤེས་བྱའི་ཁྲོ་བོ་ནི། །རལ་གྲི་ཞགས་པ་ལེགས་པར་བསྣམས། །སྤྱི་བོའི་ཟུར་ཕུད་གཡོན་དུ་འཕྱངས། །རང་གི་དཀྱིལ་འཁོར་འོད་ལ་བཞུགས། ། ཀླུ་ཆེན་ལ་སོགས་ཐམས་ཅད་ཀྱི། །རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན། །བྱིས་བའི་གཟུགས་ཅན་ཁྲོ་བ་ཅན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །སྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱིས་གདངས་མིག་གིས། །བགེགས་དཔུང་བསྐྲགས་པར་མཛད་ལ་ཕྱག་འཚལ་ལོ། །གདུང་བའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །སྡིག་བའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཅན་གཏན་ནས་འཇོམས་མཛད་པ། །སྦྲུལ་དུག་རྒྱན་གྱི་བརྒྱན་ལ་ཕྱག་ལ་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུའི་ཆ་ལུགས་ཟ་བྱེད་རྔམ་བསྟབས་ཅན། །གསུང་གིས་ང་རོ་འབྲུག་སྒྲ་ལྔིར་བའི་སྒྲ། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །འཇིགས་པའི་ཧཱུཾ་སྒྲ་ངེས་པར་སྒྲོགས་མཛད་ཅིང་། །བགེགས་དཔུང་མ་ལུས་པར་ནི་བསྲེགས་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་པའི་ལྷ། །ཁྲོ་ཆེན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཡོན་ཆབ་འདི་ཕུལ་བས། ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །ཚུལ་ཁྲིམས་ལྡན་པའི་སྤོས་མཆོག་དམ་པ་འདིས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡང་པའི། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཚིམ་གྱུར་ཅིག །དཀྱིལ་འཁོར་ཀུན་དུ་རྒྱལ་བ་མཉེས་མཛད་པའི། ཁ་དོག་དབྱིབས་ལེགས་ལྷ་རྫས་མེ་ཏོག་འདི། །ནམ་མཁའ་གང་བར་སེམས་གྱིས་དངོས་སྤྲུལ་ཏེ། །གཞལ་ཡས་ཁང་དུ་སྤྲིན་བཞིན་བསྟིབ་གྱུར་ཅིག །ཉོན་མོངས་དུག་བསྲེག་མ་ལུས་སེལ་མཛད་པའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འོད་དེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་ཙན་དན་སྦྱར་བའི་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུག་མཁའ་ལ་ཆར་བབས་པས། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩི་ཤོས། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ན། །ཡེ་ཤེས་ཐུགས་རྗེ་ཅན་གྱི་བཞེས་སུ་གསོལ། །དྲིལ་ཆེན་བསིལ་སྙན་རྣམ་གྲོལ་ཚངས་བའི་དབྱངས། །བསམ་དག་ངག་གི་བསྟོད་དེ་གུས་མཆོད་ནས། །ས་བཅུ་རིམ་ཀྱི་བསྒྲོད་ནས་སངས་རྒྱས་པར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཡན་ལག་བརྒྱད་ལྡན་དྲི་མ་དག་པའི་ཆུས། །བཀྲ་ཤིས་སྣ་ཚོགས་འོ་མའི་ཆུ་རྒྱུན་འདི། །རྒྱལ་བའི་དྲུང་དུ་མཆོད་ཡོན་འདི་འབུལ་བས། །འགྲོ་ཀུན་ཞི་ཞིང་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །སྤོས་དང་ཙན་དན་ལ་སོགས་སྤྱར་བ་ཡིས། །ལས་ཀུན་དག་པའི་ཆུ་གཙང་དག་པ་འདི། །རྒྱལ་བའི་ཞབས་ལ་ཞབས་བསིལ་འདི་ཕུལ་བས། །འགྲོ་ཀུན་གློ་བུར་དྲི་མ་དག་པར་ཤོག །ལྷན་ཅིག་སྐྱེས་དང་སྦྱར་དང་ཡོངས་གྱུར་པའི། །རབ་ཏུ་ཚིམས་ལྡན་དགེ་བའི་གདུག་སྤོས་འདི། །རྒྱལ་བའི་ཤངས་ལ་དྲི་བསུང་འདི་འཕུལ་བས། །འགྲོ་ཀུན་ཚུལ་ཁྲིམས་རྣམ་པར་དག་གྱུར་ཅིག །ཆུ་སྐྱེས་ཐང་སྐྱེས་ཡིད་ལས་བྱུང་པ་ཡིས། །བྱང་ཆུབ་ཡན་ལག་མཛེས་པའི་མེ་ཏོག་འདི། །བསམ་གཏན་རང་བཞིན་རྒྱལ་བའི་དབུ་ལ་འབུལ། །འགྲོ་ཀུན་མཚན་དང་དཔེ་བྱད་ཡོངས་རྫོགས་ཤོག །དམར་གསལ་མཛེས་ལ་དངས་ཞིང་གསལ་བ་ཡི། །མི་ཤེས་མུན་པ་གསལ་བྱེད་སྒྲོན་མེ་འདི། །སྨོན་ལམ་རང་་བཞིན་རྒྱལ་བའི་སྤྱན་ལ་འབུལ། །འགྲོ་ཀུན་སྤྱན་ལྔ་རྣམ་པར་དག་གྱུར་ཅིག །ཙན་དན་གུར་གུམ་ལ་སོགས་སྦྱར་བ་ཡིས། །དྲི་ངན་རྣམས་སྤངས་དྲི་ཞིམ་བྱུག་པ་འདི། །ཐབས་ཀྱི་རང་བཞིན་རྒྱལ་བ་ཐུགས་ལ་འབུལ། །འགྲོ་ཀུན་ཟག་མེད་ཕུང་པོ་ལྔ་ཐོབ་ཤོག །ཁ་དོག་དྲི་དང་རོ་བཅུད་ལྡན་པའི་ཟས། །རོ་བརྒྱ་ལྡན་པའི་ཟས་སུ་བྱིན་བརླབས་ཏེ། །སྟོབས་ཀྱིས་རང་བཞིན་རྒྱལ་བའི་ཞལ་དུ་འབུལ། །འགྲོ་ཀུན་སྲེད་མེད་བུའི་སྟོབས་ཐོབ་ཤོག །དྲིལ་ཆེན་བསིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གི་བསྟོད་དེ་གུས་མཆོད་ནས། །ས་བཅུ་རིམས་ཀྱི་བསྒྲོད་དེ་སངས་རྒྱས་པར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ལུས་ཀྱི་ལས་ནི་རྣམ་གསུམ་དང་། ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་བཤགས་སོ། །བདག་གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། སེམས་ཀྱི་དབང་དུ་གྱུར་པ་ནི། བདག་གི་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་བཤགས། །སངས་རྒྱས་སྐུ་གསུམ་མཉེས་པའི་བྱིན་བརླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་བརླབས་དང་། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་བརླབས་དང་། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་དང་། བདག་གིས་དང་བའི་སྨོན་ལམ་བཏབ་པའི་མཐུས། །ཇི་ལྟར་བསམས་པ་བཞིན་དུ་འགྲུབ་པར་ཤོག །བདག་གིས་དེང་འདིར་སངས་རྒྱས་དང་། །ཆོས་དང་དགེ་འདུན་ལ་མཆོད་པས། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །རྟག་ཏུ་འཇིག་རྟེན་གནས་པར་ཤོག །ཁྱེད་ལ་མཆོད་པའི་བསོད་ནམས་གྱིས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཁྱོད་འདྲར་ཡུན་རིངས་ཚོགས་བསགས་ཏེ། །ཡོན་ཏན་ཁྱེད་དང་མཉམ་པར་ཤོག །བདག་གི་འདི་དང་གཞན་དག་ཏུ། །བསོད་ནམས་གང་དག་གང་བགྱིས་པ། །བསོད་ནམས་དེ་ཡིས་མགོན་པོ་ཁྱོད། །རྟག་ཏུ་བདག་གི་མཐོང་པར་ཤོག །བདག་ཅག་འདི་ན་འཆི་འཕོ་སྐྱེ་བ་ན། །མི་དགེ་གཞན་དུ་དབང་དུ་མི་འགྱུར་ཞིང་། །ཚེ་ལ་ནད་ཀྱི་བར་ཆད་མེད་པ་དང་། །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་པར་ཤོག །གང་རྟེན་གང་ལ་བརྟེན་བཅས་ནས། །ཟག་ཟད་མཆོག་ལ་མཆོད་གྱུར་པ། དེ་འདྲ་བ་ཡི་གྲོགས་པོ་དང་། །རྟག་པར་རྒྱུན་དུ་འཕྲད་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་སྒྲ་རྣམས་ཕམ་བྱས་སྟེ། །སྐྱེ་རྒས་ན་འཆིའི་རྦ་ཀློང་འཁྲུགས་པ་ལ། །སྲིད་པའི་མཚོ་ལས་འགྲོ་བ་མ་ལུས་འདོན་པར་ཤོག །དགེ་བ་འདི་ཡི་སྐྱེ་བོ་ཀུན། བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་གཉིས་ནི་ཐོབ་པར་ཤོག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡིད་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །བྱང་ཆུབ་སྤྱོད་པ་བདག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་དུ་སྐྱེ་བ་དྲན་པར་ཤོག ། ཚེ་རབ་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་པར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །འཇམ་དཔའ་དཔའ་བོའི་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བ སྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །བསྔོ་བ་གང་ལགས་མཆོག་ཏུ་སྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཡང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱིས། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་གསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱིས་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་སྔོན་དུ་འགྲུབ་པར་ཤོག ། དེ་དག་མ་ལུས་བདག་གིས་ཡོངས་སུ་བསྐངས། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་བཞིན་དུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློའི་སྟོབས་ཀྱི་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་པར་ཤོག །གང་ཡང་བཟང་པོ་སྤྱོད་པའི་བསྔོ་བ་ཡིས། །བསོད་ནམས་དམ་པ་མཐའ་ཡས་ཐོབ་པ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་བའི་གནས་རབ་ཐོབ་པར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །སྦྱིན་པའི་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོ མ་ལྡན་སྦྱིན་པའི་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོག་དེ་བཞིན་ཤོག ། ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཚུལ་ཁྲིམས་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བཟོད་པའི་ཕ་རོལ་ཕྱིན་པ༴ །ཇི་ལྟར་བཅོམ་ལྡན་བཟོད་པའི་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་བརྩོན་འགྲུས་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོག་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བསམ་གཏན་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་བསམ་བསྟན་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཡེ་ཤེས་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཡེ་ཤེས་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཡེ་ཤེས་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཆོས་སྐུ་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཆོས་སྐུ་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ལོངས་སྐུ་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ལོངས་སྐུ་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །སྤྲུལ་སྐུ་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་སྤྲུལ་སྐུ་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ནོར་གྱི་ནོར་མཆོག་དད་པའི་ནོར། །ནོར་གཞན་བྲལ་སྟེ་འགྲོ་འགྱུར་ན། །དད་པའི་ནོར་འདི་མདུན་ན་སྡོད། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་དག་ཉིད་དང་ལྷན་ཅིག་ཏུ། །དད་པའི་ནོར་དང་མི་འབྲལ་ཤོག །ཚུལ་ཁྲིམས་གཏོང་པ་ཐོས་པའི་ནོར། །ངོ་ཚ་ཁྲེལ་ཡོད་ཤེས་རབ་ནོར། །བདེ་བར་གཤེགས་པ་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་པས། །བཀྲེས་དང་སྐོམ་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །བདེ་བར་གཤེགས་པ་ཐམས་ཅད་ལ། །བཙུན་མོ་རིན་ཆེན་འདི་ཕུལ་བས། །ཆོས་ཉིད་ཟབ་མོའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་མི་འབྲལ་ཤོག །བདེ་བར་གཤེགས་པ་ཐམས་ཅད་ལ། །བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་བའི་དོན་རྟོགས་ནས། །ཡོན་ཏན་ཐམས་ཅད་རྟོགས་པར་ཤོག །བདེ་བར་གཤེགས་པ་ཐམས་ཅད་ལ། །གླང་པོ་རིན་ཆེན་འདི་ཕུལ་བས། །ལྟས་ངན་རྟགས་པ་རབ་གསལ་སྟེ། །ཐམས་ཅད་མཁྱེན་འགྲོ་འགྲོ་བར་ཤོག ། བདེ་བར་གཤེགས་པ་ཐམས་ཅད་ལ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་ཕྱིན་པར་ཤོག །བདེ་བར་གཤེགས་པ་ཐམས་ཅད་ལ། །དམག་དཔོན་རིན་ཆེན་འདི་ཕུལ་བས། །ཕས་ཀྱི་རྒོལ་བ་ཚར་བཅད་ནས། སྙེམས་དང་བྲལ་བའི་མཆོག་ཐོབ་ཤོག །ཤར་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །རྡོ་རྗེ་རིགས་ཀྱི་འཁོར་དང་སྐྱིད། །བདག་ཀྱང་དེའི་སྐྱིད་དང་འདྲ་བར་ཤོག །ལྷོ་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་བཞུགས། །རིན་ཆེན་རིགས་ཀྱི་འཁོར་དང་སྐྱིད། །བདག་ཀྱང་དེའི་སྐྱིད་དང་འདྲ་བར་ཤོག །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན། །བཅོམ་ལྡན་སྣང་བ་མཐའ་ཡས་བཞུགས། །པདྨ་རིགས་ཀྱི་འཁོར་དང་སྐྱིད། །བདག་ཀྱང་དེའི་སྐྱིད་དང་འདྲ་པར་ཤོག །བྱང་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། །བཅོམ་ལྡན་དོན་ཡོད་གྲུབ་པ་བཞུགས། །ལས་ཀྱི་རིགས་ཀྱི་འཁོར་དང་སྐྱིད། །བདག་ཀྱང་དེའི་སྐྱིད་དང་འདྲ་བར་ཤོག །དབུས་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། །བཅོམ་ལྡན་རྣམ་པར་སྣང་མཛད་བཞུགས། །གསང་བ་གསུམ་གྱི་འཁོར་དང་སྐྱིད། །བདག་ཀྱང་དེའི་སྐྱིད་དང་འདྲ་བར་ཤོག །དད་པ་ཅན་གྱི་བཏང་བའི་ནོར་མི་མཛད། །རྒྱ་མཚོ་ཆེ་ལས་བཅུས་པའི་ཆུ་མི་མཛད། །བདག་ཅག་སློང་བའི་བུ་ནི་ངོམས་པར་མཛོད། ། ཚེ་རིང་སྐལ་ལྡན་ཁྱེད་ལ་བསོད་སྙོམས་འདེབས། སློང་ན་ཆུང་ཡང་སྦྱིན་པར་བྱ། །སྙན་པར་སྨྲ་ཞིང་ཁྲོ་མི་བྱ། །འདི་གསུམ་ལྡན་པའི་གང་ཟག་ནི། ལྷ་རུ་སྐྱེ་བའི་རྒྱུ་ཡིན་ནོ། །གང་གི་དོན་དུ་སྦྱིན་པ་བཏང་། །དེའི་དོན་དུ་འགྱུར་བ་དེ། །བདེ་བའི་དོན་དུ་སྦྱིན་བཏང་ན། །དེ་ནི་བདེ་བར་འགྱུར་བ་ཡིན། །སངས་རྒྱས་གཙོ་ལ་སྟོན་མཆོག་མངའ་བ། །ཆེ་དགུས་མཆོད་ཅིང་སྨོན་ལམ་སྤྲིན་ཚོགས་འདུས། །གོང་མས་མཆོག་ཉེས་སྟོན་པས་ཆར་ཕབ་པའི། །བཀྲ་ཤིས་དམ་པ་དེས་འདིར་བདེ་ལེགས་ཤོག །སྐྱོབས་པའི་ཆོས་ལ་ལེགས་པའི་ཚོགས་མངའ་བ། །ཤིན་ཏུ་ཕན་དང་བདེ་དང་ངེས་གསུང་པ། །འཁོར་བ་རྟག་བདེ་མྱ་ངན་མེད་པ་ཡིས། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །དགེ་ལ་མཐུ་རྩལ་སྨད་མངའ་བ། །སླབ་བཞི་ལེགས་སྤྱད་བཙོན་པའི་རྣལ་འབྱོར་པ། །བདག་གཞན་དོན་ཆེད་བསྒྲུབ་པའི་ལམ་བཞུགས་པ། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟེན་པ་དང་། །རྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པས་ཏེ། །གསུམ་པོ་དེས་ཀྱང་རྟག་ཏུ་བསྲུངས་གྱུར་ཅིག །བགེགས་རིགས་སྟོང་ཕྲག་རྒྱ་བཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་བསྒྲུབས་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཞི་པོ་དེས་ཀྱང་རྟག་ཏུ་བསྲུངས་གྱུར་ཅིག །ལོ་བརྒྱ་མཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་བ་དང་ལོངས་སྤྱོད་འཕེལ་བ་དང་། །ཐེག་པ་མཆོག་གིས་ངེས་པར་འབྱུང་འགྱུར་བ། །ལྔ་པོ་འདིས་ཀྱང་རྟག་ཏུ་བསྲུངས་གྱུར་ཅིག །སྦྱིན་པ་གཏང་ཞིང་ཚུལ་ཁྲིམས་བསྲུངས་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་ཤེས་རབ་བསྐྱེད་པ་དང་། །དྲུག་པོ་འདིས་ཀྱང་རྟག་ཏུ་བསྲུངས་གྱུར་ཅིག །རྒྱ་མཚོ་ལྟ་བུར་རྒལ་དཀའ་འཁོར་བའི་འདམ་ལས་རྒལ། །བསོད་ནམས་ཡེ་ཤེས་བསགས་དཀའི་ཚོགས་གཉིས་མ་ལུས་རྫོགས། །འགྲོ་བ་ཀུན་གྱི་གཉེན་གཅིག་གྱུར་པ་དེ་བཞིན་གཤེགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་འགགས་མེད་པ་རྟོགས་པའི་འཆི་བྱེད་མཐའ་དག་སྤངས། །མ་རིག་མུན་པ་སེལ་མཛད་སྟོང་ཉིད་སྒྲོལ་མའི་མཆ ོག །དམིགས་པ་སྣ་ཚོགས་སྤངས་པ་ལས་ཀྱི་བདེ་འགྲུབ་ཆོས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རང་དོན་སྤངས་ཤིང་རྟག་ཏུ་ལྷུར་ལེན་པ། །འདོད་པའི་ཡོན་ཏན་ལྔ་ལ་ལྟ་བས་རྒྱང་སྲིངས་ཤིང་། །དད་པ་བརྩོན་འགྲུས་ལྷུར་ལེན་གྲོགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྙིང་མའི་དུས་འདིར་སྨོན་ལམ་དབང་གི་སྐུ་སྤྲུལ་ནས། །བདག་ཅག་ལྟ་བུའི་གདུལ་དཀའི་ཉོན་མོངས་བྱས་པ་ལས། །སྐུ་དང་གསུང་གིས་འདྲེན་མཛད་བཅོམ་ལྡན་ཤཱཀྱ་ཐུབ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འགྲོ་བའི་མིག་རྒྱུ་ལྟ་བུའི་བཅོམ་ལྡན་ཤཱཀ་ཐུབ་འདས། །སེམས་ཅན་སྡུག་བསྔལ་སྐུལ་མ་སྐྱབས་པ་ལྟ་བུ་ཡིས། །དོན་ཕྱིར་ཕ་རོལ་ཕྱིན་དྲུག་མྱུར་གཤེགས་མི་འཕམ་མགོན། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འདས་པའི་དུས་ན་སངས་རྒྱས་གྱུར་ཀྱང་བྱང་ཆུབ་སེམས། །སྡུག་བསྔལ་ལྡན་པ་ཀུན་ལ་མ་ལྟར་བྱམས་འགྱུར་ཞིང་། །སྐྱོབས་ཕྱིར་དམ་བཅས་ས་བཅུའི་ཚུལ་སྟོན་སྤྱན་རས་གཟིགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མི་ཤེས་དབང་གིས་ལོག་རྟོག་མཐའ་དག་རབ་རྒྱས་པའི། །ཁམས་གསུམ་འཁོར་བའི་ཟོ་ཆུའི་རྒྱུན་ལྟར་རབ་འཁོར་བའི། །ཤེས་རབ་དམིགས་མེད་བདེ་བའི་གནས་འདིར་འཇམ་དཔལ་ལགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འདུལ་བའི་དབང་གི་དྲག་པོའི་ཁྲོ་བོའི་སྐུར་སྟོན་པ། །ཁམས་གསུམ་བདུད་རྣམས་བདེ་དང་བཅས་པ་ཞི་ལ་དགོད། །ཐུགས་རྗེ་མི་གཡོ་ཕྱག་ན་རྡོ་རྗེ་མཐུ་སྟོབས་མཆོག །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་བའི་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེང་འདིར་སྐྱེས་དགུ་རྣམ་པར་ཞི་བྱེད་ཤོག །མི་འཁྲུགས་རྒྱལ་པོ་སྲིད་དང་རྣམ་སྦྱོང་པ། །མགོན་པོ་ཡོན་ཏན་ཀུན་གྱི་བཀྲ་ཤིས་པ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེས་དགུ་རྣམས་ལ་ཞི་བྱེད་ཤོག །སངས་རྒྱས་ཡོན་ཏན་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་བདེན་པའི་འབྱོར་བ་སྦྱིན་མཛད་མི་བསླུ་བའི། །རིན་ཆེན་འབྱུང་ཞེས་བྱ་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེས་དགུ་རྣམས་ལ་ཞི་བྱེད་ཤོག །བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །ཚེ་གྲངས་མེད་པར་བྱིན་གྱིས་རློབས་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེས་དགུ་རྣམས་ལ་ཞི་བྱེད་ཤོག །སེམས་ཅན་དོན་གྱི་ལས་ལ་ཐུགས་ཀྱིས་སྦྱོར་མཛད་ཅིང་། འགྲོ་བ་ཀུན་གྱི་འཆིང་བའི་བཅིངས་ལས་གྲོལ་འགྱུར་བ། །ཐུབ་མཆོག་དོན་ཡོད་གྲུབ་པའི་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ལྔའི་བདེན་པའི་བྱིན་བརླབས་ཀྱིས། །བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་བར་ཤོག །བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་གཉེར་ལྡན་དུ། །པ་ཏ་ལའི་ཤིང་དྲུང་མངོན་པར་སངས་རྒྱས་བའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བཀྲ་ཤིས་ཤོག །བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ནའི་གྲོང་ཁྱེར་ན། །པུན་ཏ་རི་ཀའི་ཤིང་དྲུང་མངོན་པར་སངས་རྒྱས་བའི། །བཀྲ་ཤིས་ཕུན་སུམ་ཚོགས་པ་དེང་འདིར་བཀྲ་ཤིས་ཤོག །རྒྱལ་བ་ཐམས་ཅད་སྐྱོབ་པ་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་གཉན་ཡོད་དུ། །ཤིང་མཆོག་པ་ལའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་ཚོགས་པ་དེང་འདིར་བཀྲ་ཤིས་ཤོག །ཐུབ་པ་འཁོར་བ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །རི་ཤི་མའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པ་དེང་འདིར་བཀྲ་ཤིས་ཤོག །འདྲེན་པ་གསེར་ལྡན་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་གསུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཨུ་དུམ་ཝ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བཀྲ་ཤིས་ཤོག །སྐྱོབ་པ་འོད་བསྲུངས་རྒྱལ་རིགས་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་བ་ར་ན་སི་རུ། ནྱ་གྲོ་དྷའི་ཤིང་དྲུང་མངོན་པར་སངས་རྒྱས་བའི། །བཀྲ་ཤིས་ཕུན་སུམ་ཚོགས་པའི་དེང་འདིར་བཀྲ་ཤིས ཤོག །འགྲོ་མགོན་ཤཱཀྱ་ཐུབ་ནི་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་གྲོང་ཁྱེར་སེར་སྐྱ་རུ། །ཨ་ཤྭ་ཏའི་ཤིང་དྲུང་མངོན་པར་སངས་རྒྱས་བའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བཀྲ་ཤིས་ཤོག །དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དུ། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ཞིང་། །འཛམ་གླིང་ཉིད་དུ་གླང་ཆེན་ཐལ་དཀར་གཤེགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཟས་གཙང་སྲས། །བུད་མེད་གཡོ་སྒྱུ་སྤངས་བ་ལྷ་མཛེས་ཡུམ། །ལྷུམས་ནས་ཟླ་བཅུར་འགྲོ་ལྡན་ཤཱཀྱ་རིགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལུམ་རའི་ཚལ་ནི་ཉམས་དགའ་གླགས་ཤའི་ཤིང་། །ཡལ་ག་ནས་བཟུང་ཚངས་དང་བརྒྱ་སྦྱིན་འདུ། མཁའ་གཤེགས་ཕྱོགས་བཅུར་པདྨོ་འབྱུང་གྱུར་པ། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞལ་ཡས་ཁང་མཛེས་དྲང་སྲོང་མདུན་བཞག་ནས། མཚན་བལྟས་ཤིས་པར་བརྗོད་ཅིང་སྟོན་པ་འབྱུང་གྱུར་གང་། ཤཱཀ་རིགས་བུད་མེད་འཁོར་གྱི་ཀུན་དུ་བརྒྱན། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞོན་ནུའི་སྟོབས་ཀྱི་སྒྱུ་རྩལ་ཡིག་འཕོངས་བསླབ། །ཀུན་ལས་མཐར་ཕྱིན་ལྷ་མི་ཀུན་ལས་རྒྱལ། །ཤཱཀ་རིགས་འཇིག་རྟེན་གསལ་ཕྱིར་བཙུན་མོ་འཁོར། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཕོ་བྲང་ནས་བྱུང་སྐྱེ་རྒས་ན་འཆི་གཟིགས། མི་རྣམས་སྨིན་མཛད་ལྷ་ཡི་མཁའ་ལ་ནི། །སྲིད་གསུམ་རྒྱལ་ཕྱིར་དབུ་སྐྲ་མཐོན་འཐིང་བྲེགས། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས༴ །ལྷ་ཡིས་རྫུ་འཕྲུལ་སླངས་ནས་ངུར་སྨྲིག་ཕུལ། །ནེ་ར་ཛ་རར་ཐུབ་པས་དཀའ་ཐུབ་རྫོགས། །བསམ་གཏན་ནས་བཞེངས་འོ་ཐུག་བཞེས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །པདྨ་ལ་སོགས་ཁྱུ་མཆོག་ཤིང་དྲུང་དུ། །སྐྱིལ་དཀྲུང་མི་མཆོག་བདུད་བརྟུལ་ནས། །ཐོ་རངས་བདུད་རྩི་འཆི་མེད་ཕུན་སུམ་ཚོགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བ་ར་ན་སིར་ཆོས་ཀྱི་འཁོར་ལོ་བསྐོར། །ཀུན་མཁྱེན་ལྔ་སྡེ་བཟང་ལ་བདེན་བཞི་བསྟན། །ལྷ་མི་མི་མིན་རྣམས་ཀྱང་འདུ་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ང་རྒྱལ་མུ་སྟེགས་སྟོན་པ་དྲུག་བཏུལ་པ། །གླང་ཆེན་རབ་མྱོས་རྦད་པས་ལྷས་སྦྱིན་བཏུལ། །དྲང་སྲོང་སྤྲེ་རྒྱལ་ལྕང་ཤེས་སྦྲང་རྩི་མཆོག །བཀྲ་ཤིས༴ པདྨོ་གཞོན་ནུ་ལྟ་བུ་ཤཱཀྱའི་རིགས། །ཟས་གཙང་སྲས་ཀྱི་རྒྱལ་རིགས་འཁོར་ལོ་བསྒྱུར། །སྐུ་བལྟམས་ནས་བཟུང་མཛད་པ་མ་ལུས་རྫོགས། བཀྲ་ཤིས༴ བྱམས་བའི་སྟོབས་ཀྱིས་འགྲོ་བ་མ་ལུས་སྒྲོལ། །སེམས་ཅན་ཐམས་ཅད་ཞི་བའི་ལམ་ལ་དགོད། །གྲོང་ཁྱེར་རྩྭ་མཆོག་དམ་པར་དགོངས་པ་རྫོགས། །བཀྲ་ཤིས༴ གསང་བདག་ཐུགས་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་བྲི་དང་མཆོད་པ་བཤམ། ལྷ་བསྐྱེད་པ་དང་སྤྱན་དྲངས་དང་། མཆོད་པ་འབུལ་རིམ་པ་རྒྱས་པར་སྦྱར། །བསྟོད་པ་དོན་ནི་འདི་ལྟ་སྟེ། ཕོ་བྲང་དབུས་ཀྱི་གཞལ་ཡས་སུ། །རྣམ་དག་པདྨའི་ལྟེ་བ་ལ། །མི་འཇིགས་བརྒྱད་བསྒོམ་རིན་ཆེན་ཁྲི། །ཉི་ཟླ་པདྨའི་གདན་སྟེངས་སུ། །ཐུགས་མཆོག་རྡོ་རྗེ་སེམས་དཔའ་ནི། །སྐུ་མདོག་སྔོན་པོ་ནམ་མཁའི་འོད། །ས་གནོན་ཆེན་པོའི་ཕྱག་རྒྱ་ཅན། །མཚན་དང་དཔེ་བྱད་བརྒྱན་སྤྲས་ལ། །ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །ཤར་ཕྱོགས་སངས་རྒྱས་དགའ་བའི་སྦྱན། སྐུ་མདོག་དཀར་པོ་འོད་ཟེར་འཕྲོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན །ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །ལྷོ་ཕྱོགས་ཡོངས་སུ་དགོངས་བའི་རྒྱལ། །སྐུ་མདོག་སྔོན་པོ་འོད་ཟེར་འཕྲོ། །མཆོད་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ནུབ་ཕྱོགས་གསེར་གྱི་འོད་ཟེར་ནི། །སྐུ་མདོག་དམར་པོ་འོད་ཟེར་འཕྲོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །བྱང་ཕྱོགས་སངས་རྒྱས་འོད་ཀྱི་དཔལ། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །སྐྱབས་སྦྱིན་ཆེན་པའི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཤར་ལྷོ་ཞི་བའི་དབང་པོ་ནི། །སྐུ་མདོག་སྔོ་སྐྱ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །ལྷོ་ནུབ་སངས་རྒྱས་མེ་ལོང་འོད། །སྐུ་མདོག་དཀར་ལྗང་འོད་ཟེར་འཕྲོ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །ནུབ་བྱང་སངས་རྒྱས་ཡིད་འོང་དབྱངས། །སྐུ་མདོག་དམར་ལྗང་འོད་ཟེར་འཕྲོ། །ཏིང་ངེ་འཛིན་གྱ་ིཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །བྱང་ཤར་སངས་རྒྱ་མེ་ལོང་འོད། །སྐུ་མདོག་དཀར་ལྗང་འོད་ཟེར་འཕྲོ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །དེ་དག་ནི་པད་མ་འདབ་བརྒྱད་ལྟེ་བ་བཅས་པའི་དབུས་ཀྱི་ལྷ་ཚོགས་རྣམས་ལ་བསྟོད་ཅིང་མཆོད་པ་འབུལ་བའི་ཆོ་གའི་ལས་རིམས་སོ། །དེ་ནས་འདིའི་ཕྱི་རིམ་ལ་འཁོར་ལོ་རྩིབས་དྲུག་ཏུ་བྱས་པའི། །བྱང་ཤར་གྱི་རྩིབས་དྲུག་ཏུ་བྱས་པའི། །ཐུབ་པ་ཆེན་པོ་ཉིད་ཀྱི་གཙོ་བྱས་པའི་གཙོ་འཁོར་དགུ་ལ་མཆོད་པ་འབུལ་བའི་ལས་རིམ་ནི། །ཧཱུཾ་འཁོར་ལོ་རྩིབས་དྲུག་བྱང་ཤར་གྱིས། །དབུས་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་ཁྲི་རྐང་མི་འཇིགས་བརྒྱད། །ཉི་ཟླ་པདྨའི་གདན་སྟེངས་སུ། བཅོམ་ལྡན་ཐུབ་པ་ཆེན་པོ་ནི། །སྐུ་མདོག་གཙོ་མོ་གསེར་གྱི་མདོག །ཕྱག་གཡས་ས་གནོན་ཆེན་པོའི་རྒྱ། །གཡོན་པ་མཉམ་བཞག་ཏིང་འཛིན་ལྡན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ན་ཡུམ་ཆེན་གསེར་གྱི་མདོག །རྡོ་རྗེ་སྐྱིལ་དཀྲུང་ཕྱག་བཞི་ཡི། །དང་པོ་མཉམ་བཞག་ཕྱག་རྒྱ་ཅན། །གཡས་ཀྱི་འོག་མ་ཆོས་འཆད་བརྒྱད། །གཡོན་པ་གླེགས་བམ་པོ་ཏི་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ལྷོ་མཚམས་ན་ལྷའི་ཐུབ། །སྲིད་ཐུབ་འཛིན་ཞེས་མཚན་དུ་གྲགས། །འཐིང་ཁ་གོ་མཚོན་ཕྱག་ན་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ན་སངས་རྒྱས་དུ་འཛིན་འཛིན། །གསེར་གྱི་མདོག་ཅན་མཉམ་བཞག་རྒྱ། །སངས་རྒྱས་འགྲོ་ལ་དམ་ཚིག་སྟོན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ནུབ་མཚམས་ན་ཡིད་དྭགས་ཐུབ། །རྣམ་པར་སྣང་བྱེད་མཚན་དུ་གྲགས། །དམར་ནག་ཕྱག་ན་སྒྲོམ་བུ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ནུབ་ན་ཤ་རའི་བུ་ཞེས་པ། སྐུ་མདོག་གསེར་ལྡན་དཀའ་ཐུབ་གཟུགས། །ཕྱག་ན་མཁར་བསིལ་ལྷུང་བཟེད་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་བྱང་མཚམས་ན་བྱོལ་སོང་ཐུབ། །རྣམ་པར་ནོན་ཞེས་མཚན་དུ་གྲགས། །སེར་ནག་ཕྱག་ན་པོ་ཏི་བསྣམས། དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་གི་ཕྱོགས་ན་ལྷ་མིན་ཐུབ། །རྣམ་པར་རྒྱལ་ཞེས་མཚན་དུ་གྲགས། །འཐིང་ཁ་ཕྱག་ན་པདྨ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཤར་མཚམས་ན་དམྱལ་བའི་ཐུབ། །རྣམ་པར་རྒྱལ་ཞེས་མཚན་དུ་གྲགས། །དུད་ཁ་ཕྱག་ན་མེ་ཆུ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །དེ་ནས་འོག་གཞི་འཁོར་ལོ་རྩིབས་དྲུག་དུ་ཡོད་པའི་དབང་གིས། །རྩིབས་ཤར་ལྷོར་བྱང་ཆུབ་ཡང་འཕྲིན་ལས་སུ་བརྗོད་པའི་ཚིག་འདི་སྐད་དོ། །ཧཱུཾ་ཤར་ལྷོའི་འཁོར་ལོ་རྩིབས་དྲུག་གི ། དབུས་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་ཁྲི་རྐང་གླང་ཆེན་བརྒྱད། །ཉི་ཟླ་པདྨའི་གདན་སྟེངས་སུ། །སྐུ་མཆོག་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་པོའི་གངས་རིའི་མདོག །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ཕྱོགས་སངས་རྒྱས་ཟླ་འོད་དཔལ། །སྐུ་མདོག་དཀར་པོ་འོད་ཟེར་འཕྲོ། །ས་གནོན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ཕྱོགས་སངས་རྒྱས་ཉི་སྙིང་དཔལ། །སྐུ་མདོག་སེར་པོ་གསེར་གྱི་མདོག །མཆོད་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ནུབ་ཕྱོགས་སངས་རྒྱས་སྤོས་ཀྱི་རྒྱལ། །སྐུ་མདོག་དམར་པོ་འོད་ཟེར་འཕྲོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྡན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཕྱོགས་སངས་རྒྱས་མངོན་སྤྲོའི་རྒྱལ། །སྐུ་མདོག་ལྗང་ཁུ་འོད་ཟེར་འཕྲོ། །འགྲོ་ལ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ལྷོ་མཚམས་ན་རིན་ཆེན་རྒྱལ། །སྐུ་མདོག་དཀར་གསེར་འོད་ཟེར་འཕྲོ། །ས་ནོན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ལྷོ་ནུབ་མཚམས་ན་འོད་ཟེར་དཔལ། །སྐུ་མདོག་སེར་སྐྱ་འོད་ཟེར་འཕྲོ། །འགྲོ་ལ་ཆོས་སྦྱིན་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་བྱང་མཚམས་ན་དཀའ་ཐུབ་རྒྱལ། །སྐུ་མདོག་དམར་སྐྱ་འོད་ཟེར་འཕྲོ། །ཏིང་འཛིན་མཉམ་བཞག་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཤར་མཚམས་སུ་གཙུག་ཏོར་སྙིང་། །སྐུ་མདོག་དཀར་ལྗང་འོད་ཟེར་འཕྲོ། །འགྲོ་ལ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ཕྱོགས་རྩིབས་ཀྱི་དྲང་པོ་ལ། རིན་འབྱུང་གཙོ་འཁོར་བསྐྱེད་པའི་ཆོ་ག་ནི། ཧཱུཾ་འཁོར་ལོ་རྩིབས་དྲུག་ལྷོ་ཕྱོགས་ཀྱི། །དབུས་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་ཁྲི་རྐང་རྟ་མཆོག་ཁྲི། །ཉི་ཟླ་པདྨའི་གདན་སྟེངས་སུ། །ཡོན་ཏན་རིན་ཆེན་འབྱུང་གནས་ནི། །གཙོ་མོ་གསེར་གྱིས་མདོག་དང་ལྡན། །མཆོད་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ཕྱོགས་སངས་རྒྱས་གསེར་འོད་འཕྲོ། །སྐུ་མདོག་ཤེལ་གྱི་མདོག་ལྟར་དཀར། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ཕྱོགས་སངས་རྒྱས་བཀོད་པའི་རྒྱལ། །སྐུ་མདོག་སེར་པོ་གཟི་བརྗིད་ཅན། །ས་གནོན་ཕྱག་རྒྱས་བདུད་དཔུང་འཇོམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་ཕྱོགས་སངས་རྒྱས་གསེར་གྱིས་གཟུགས། །སྐུ་མདོག་པདྨ་ར་ག་ལ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྡན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཕྱོགས་སངས་རྒྱས་དཔལ་གྱི་རྒྱལ། །སྐུ་མདོག་ཨུན་ཏྲ་ནི་ལའི་འོད། །འགྲོ་བ་སྐྱབས་སྦྱིན་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ལྷོ་སངས་རྒྱས་སྣང་བ་བརྩེགས། །སྐུ་མདོག་དཀར་གསེར་མདངས་དང་ལྡན། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ནུབ་སངས་རྒྱས་མྱ་ངན་མེད། །སྐུ་མདོག་དམར་གསེར་འོད་ཟེར་འཕྲོ། །ས་གནོན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ༴ ནུབ་བྱང་སངས་རྒྱས་དགའ་བའི་དཔལ། །སྐུ་མདོག་དམར་ལྗང་འོད་དང་ལྡན། །ཏིང་འཛིན་མཉམ་བཞག་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཤར་སངས་རྒྱས་གཟི་བརྗིད་དཔལ། །སྐུ་མདོག་དཀར་ལྗང་འོད་དང་ལྡན། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ་། །དེ་ནས་ལྷོ་ནུབ་མཚམས་ཀྱི་རྩིབས་ལ། །ཡང་ཐུབ་པ་ཆེན་པོ་ཉིད་ཀྱིས་གཙོ་བྱས་བའི། །ལྷ་ཚོགས་དགུ་བསྐྱེད་བའི་ཆོ་ག་ལས་རིམས་ནི། ཧཱུཾ་འཁོར་ལོ་རྩིབ་དྲུག་ལྷོ་ནུབ་ཀྱི། །དབུས་ཀྱི་པདྨའི་ལྟེ་བ་ལ། །མི་འཇིགས་བརྒྱད་བསྣོལ་རིན་ཆེན་ཁྲི། །ཉི་ཟླ་པདྨའི་གདན་སྟེངས་ན། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཆེ། །གསེར་གྱིས་མདོག་ཅན་སངས་རྒྱས་གཙོ། །ཕྱག་གཡས་ས་གནོན་གཡོན་མཉམ་བཞག །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ཕྱོགས་སངས་རྒྱས་དྲི་མེད་སྒྲ། །སྐུ་མདོག་གངས་རི་ལྟ་བུ་ལ། །བྱང་ཆུབ་མཆོག་གི་ཕྱག་རྒྱར་ལྡན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ཕྱོགས་སངས་རྒྱས་དཀོན་མཆོག་སྦྲིན། །སྐུ་མདོག་སྔོན་པོ་ཨུཏྤལ་མདོག །མཆོད་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་ཕྱོགས་ཡོན་ཏན་འབྱུང་གནས་ནི། །སྐུ་མདོག་དམར་པོ་བྱི་རུའི་མདོག །ཏིང་ངེ་འཛིན་གྱིས་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཕྱོགས་སངས་རྒྱས་སེང་གེའི་སྒྲ། །སྐུ་མདོག་ལྗང་སེར་འོད་ཟེར་འཕྲོ། འགྲོ་ལ་སྐྱབས་སྦྱིན་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ལྷོ་མཛེས་པའི་མེ་ཏོག་ནི། །སྐུ་མདོག་དཀར་སེར་འོད་ཟེར་འཕྲོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ནུབ་སངས་རྒྱས་གཟི་བརྗིད་དཔལ། །སྐུ་མདོག་དམར་སེར་འོད་དང་ལྡན། །མཆོད་སྦྱིན་ཆེན་པོ་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་བྱང་ཙན་དན་དྲི་མེད་དཔལ། །སྐུ་མདོག་དམར་ལྗང་མདངས་དང་ལྡན། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། བྱང་ཤར་སངས་རྒྱས་སྙིང་རྗེའི་རྒྱལ། །སྐུ་མདོག་དཀར་ལྗང་འོད་ཟེར་ལྡན། །འགྲོ་ལ་སྐྱབས་སྦྱིན་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། དེ་ནས་རྩིབས་དྲུག་གི་ནུབ་བྱང་གི་རྩིབས་ལ། །འཁོར་ལོ་དྲུག་དུ་སོང་བའི་སྟོབས་ཀྱིས་སྣང་བ་མཐའ་ཡས་གཙོ་འཁོར་དགོད་པའི་ཆོ་གའི་ལས་རིམས་ནི་ཚིག་འདི་སྐད་དོ། །ཧཱུཾ་འཁོར་ལོ་རྩིབས་དྲུག་ནུབ་བྱང་གི། །དབུས་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་ཁྲི་རྐང་རྨ་བྱའི་ཁྲི། །ཉི་ཟླ་པདྨའི་གདན་སྟེངས་སུ། །གསུང་མཆོག་སྣང་བ་མཐའ་ཡས་ནི། །སྐུ་མདོག་དམར་པོ་བྱི་རུའི་མདོག །མཉམ་བཞག་ཏིང་འཛིན་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཤར་ཕྱོགས་སངས་རྒྱས་ངེས་པར་གཤེགས། །སྐུ་མདོག་དུང་ལྟར་དཀར་ཞིང་མཚེར། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ལྷོ་ཕྱོགས་སངས་རྒྱས་ངེས་པར་གསུངས། །སྐུ་མདོག་སྔོན་པོ་ནམ་མཁའི་འོད། །འགྲོ་ལ་ཆོས་སྦྱིན་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད༴ ནུབ་ཕྱོགས་སངས་རྒྱས་རྡལ་པ་ཆེ། །སྐུ་མདོག་དམར་པོ་མདངས་དང་ལྡན། །ས་གནོན་ཆེན་པོའི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །བྱང་ཕྱོགས་སངས་རྒྱས་མེ་ཏོག་དབྱངས། །སྐུ་མདོག་ལྗང་ལ་འོད་ཟེར་ལྡན། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ༴ །ཤར་ལྷོ་སངས་རྒྱས་གྲགས་པའི་དཔལ། །སྐུ་མདོག་དམར་སྐྱ་འོད་ཟེར་འཕྲོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ལྷོ་ནུབ་སངས་རྒྱས་སྤྲུལ་བའི་རྒྱལ། །སྐུ་མདོག་པདྨ་ར་གའི་མདངས། །འགྲོ་ལ་ཆོས་ཀྱི་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ནུབ་བྱང་སྒྲ་དབྱངས་མི་ཟད་པ། །སྐུ་མདོག་དམར་ལྗང་འོད་ཟེར་འཕྲོ། །ས་གནོན་ཆེན་པོའི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །བྱང་ཤར་སངས་རྒྱས་སྨན་པའི་རྒྱལ། །སྐུ་མདོག་དཀར་ལྗང་འོད་ཟེར་འཕྲོ། །འགྲོ་ལ་སྐྱབས་སྦྱིན་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །བྱང་ཕྱོགས་ཀྱི་རྩིབས་དྲང་པོ་ལ། འཕྲིན་ལས་དོན་ཡོད་གྲུབ་པ་གཙ། འཁོར་བཅས་བསྐྱེད་པའི་ཆོ་གའི་ལས་རིམས་ནི། ཧཱུཾ་འཁོར་ལོ་རྩིབས་དྲུག་བྱང་ཕྱོགས་ཀྱི། །དབུས་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་ཁྲི་རྐང་ཤང་ཤང་ཁྲི། ཉི་ཟླ་པདྨའི་གདན་སྟེངས་སུ། །འཕྲིན་ལས་དོན་ཡོད་གྲུབ་པ་ནི། །སྐུ་མདོག་ཨིན་ཏྲ་ནི་ལའི་མདོག །སྐྱབས་སྦྱིན་ཕྱག་རྒྱས་ལས་རྣམས་འགྲུབ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཤར་ཕྱོགས་དགེ་བའི་བཤེས་གཉེན་ནི། །སྐུ་མདོག་དཀར་པོ་དུང་གི་མདོག །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ཕྱོགས་སངས་རྒྱས་ངན་སོང་སྦྱོང་། །སྐུ་མདོག་སྔོན་པོ་གཡུའི་མདོག །ཆོས་སྦྱིན་ཕྱག་རྒྱས་འགྲོ་དོན་མཛད། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་ཕྱོགས་ཀུན་གྱིས་སློབ་དཔོན་ནི། །སྐུ་མདོག་དམར་པོ་འོད་ཟེར་འཕྲོ། །ཏིང་ངེ་འཛིན་གྱིས་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཕྱོགས་སངས་རྒྱས་རྣམ་པར་རྒྱལ། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ས་གནོན་ཕྱག་རྒྱས་གདོན་བགེགས་འཇོམས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཤར་ལྷོ་མེ་ཏོག་བཀོད་པའི་རྒྱལ། །སྐུ་མདོག་མདངས་ལྡན་ལྗང་སྔོན་འོད། །བྱང་ཆུབ་མཆོག་གི་ཕྱག་རྒྱས་མཛད། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ནུབ་སངས་རྒྱས་ཐམས་ཅད་སྣང་། །སྐུ་མདོག་ལྗང་ཟེར་འོད་དང་ལྡན། །འགྲོ་ལ་ཆོས་སྦྱིན་ཕྱག་རྒྱས་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ནུབ་བྱང་སངས་རྒྱས་ཙན་དན་དྲི། །སྐུ་མདོག་དམར་ལྗང་འོད་ཟེར་འཕྲོ། །ཏིང་འཛིན་མཉམ་བཞག་ཕྱག་རྒྱ་ལྡན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཤར་སངས་རྒྱས་ལེང་འབུམ་གཟུགས། །སྐུ་མདོག་ལྗང་སྐྱ་འོད་ཟེར་འཕྲོ། །ས་གནོན་ཆེན་པའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཅེས་གསུང་པ་དེ་དག་འཁོར་ལོ་རྩིབས་དྲུག་གི་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ་བའི་ལས་རིམས་སོ། །དེ་ནས་ཕྱི་རོལ་དུ་གློ་བུར་བཞི་ལ། ། ནང་གི་སེམས་མ་བཞི། །གྲུ་ཆད་བཞི་ལ་ཕྱིའི་སེམས་མ་བཞི་བཀོད་བའི་ཆོ་ག་བརྗོད་པ་ནི། །སྤྲུལ་སྐུ་རྣམ་དག་དབྱེའི་དཀྱིལ་འཁོར་གྱིས། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ལ། སྒེག་མོ་འཕྲེང་ཐོག་དབྱངས་དང་གར། གློ་འ བུར་བཞི་ལ་བཞུགས་ནས་ཀྱང་། དགྱེས་པ་ཆེན་པོའི་མཆོད་འབུལ་མ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གྲུ་ཆད་ཤར་ལྷོ་ལྷོ་ནུབ་དང་། ནུབ་བྱང་བྱང་ཤར་མཚམས་བཞི་ལ། །བདུག་སྤོས་མེ་ཏོག་མར་མེ་དྲི། །མཉེས་པའི་མཆོད་པ་ཆེན་པོ་འབུལ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ལྷ་རྣམས་ལ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་གི་མཆོད་པ་ནི། །སྤྲུལ་བའི་དཀྱིལ་འཁོར་ལྷ་རྣམས་ཀྱིས། །བསྐལ་བཟང་སེམས་དཔའ་བཅུ་དྲུག་ནི། །རང་རང་སོ་སོའི་འདུལ་བསྐལ་ལས། །བྱང་ཆུབ་སེམས་དཔའི་མཛད་སྤྱོད་ཀྱིས། །འགྲོ་བ་འདུལ་ཞིང་དམ་ཆོས་སྟོན། དེ་ལ་ཕྱག་འཚལ་མཆོད་པ་འབུལ། །སྒོ་བཞི་ལ་སྒོ་མ་བཞིའི་ཕྱག་རྒྱ་བརྗོད་པ་ནི། སྤྲུལ་བའི་དཀྱིལ་འཁོར་སྒོ་བཞི་ལ། །ཚད་མེད་སྒོ་མ་བཞི་པོ་ནི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། ཤར་ལྷོ་ནུབ་བྱང་སྒོ་བཞི་བསྲུངས། །ལོག་ལྟའི་གདུག་པ་མ་ལུས་འདུལ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཕྱི་རིམ་འདོད་ཡོན་སྣམ་བུ་ལ། །མཛེས་པའི་བཀྲ་ཤིས་ལྷ་མོ་བརྒྱད། །རང་རང་སོ་སོའི་ཕྱག་མཚན་གྱིས། ། དགོས་འདོད་རེ་བ་ཐམས་ཅད་སྐོང་། དེ་ལ་ཕྱག་འཚལ་མཆོད་པ་འབུལ། སྤྲུལ་སྐུ་རྣམ་དབྱེའི་དཀྱིལ་འཁོར་ལྷ་དྲངས་གོ་དགུ་མ། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ལུགས་གཅིག་འདི་ཡིན་ནོ། །འདི་བྱང་ཆུབ་སེམས་དཔའི་དབང་བསྐུར་བའི་ལྷ་གྲངས་རྒྱས་པར་དབང་བསྐུར་བ་ལགས། བསྡུས་པ་ལྷ་བཅོ་ལྔ་མ་ལགས་སོ། །དེ་ནས་བུམ་བསྐྱེད་ནི། ༀ་སྭཱ་བྷ་ཝ། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡང་ཁང་པ་ལ་སོགས། བདག་བསྐྱེད་ལྟར་བསྙེན་པ་ཡན་ཆད་ལ་བར་སྐབས་ཀྱི་འདོན་པ་ཚིག་ཁ་བསྒྱུར་རོ། །ཞར་ལ་དབུ་རྒྱན་ལ་སོགས་པའི་དབང་རྫས་རྣམས་ཀྱང་བྱིན་གྱིས་བརླབས་སོ། །མདུན་བསྐྱེད་ནི། ༀ་སྭ་བྷ་ཝ་སྟོང་པའི་ངང་ལས་བྷྲུཾ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་སོགས་བདག་བསྐྱེད་ལྟར་བསྙེན་པ་ཡན་ཆོད་ལ་བར་སྐབས་ཀྱི་འདོན་པ་ཁ་སྒྱུར་རོ། །ཡེ་དྷརྨ་བརྗོད་ཅིང་། བུམ་པ་དང་དཀྱིལ་འཁོར་ལ་སོགས་ལ་རབ་གནས་བྱེད། གྲུབ་ན་སྦྱིན་བསྲེགས་ཀྱང་ཅི་རིགས་པར་བྱའོ། །གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་གཉིས་སྟེ། །སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་སློབ་དཔོན་འཇུག་ཅིང་དབང་ལེན་པ་ནི། །གོང་དང་མཚུངས་སོ། །གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་པ་ལ་གཉིས་ཏེ། །དཀྱིལ་འཁོར་དུ་འཇུག་པ་དབང་བསྐུར་བའོ། །དང་པོ་ལ་ཁྲུས་དང་། མིག་དགབ་པ་དང་། དྲི་བ་དང་། ལུས་འབུལ་བ་དང་། བགེགས་བསྐྲད་པ་དང་། ལྷར་སླབ་པ་དང་། དྲུག་པོ་གོང་དང་མཐུན་ལ། །དམ་ཚིག་སྦྱིན་པ་དང་། དམ་ཚིག་དབོག་པ། ཆུ་ནན་བྱ་བ། །དམ་ཚིག་སྒྲགས་པ་དང་། གཞིའི་དོད་ལ་སེམས་བསྐྱེད་ཀྱི་སྡོམ་པ་དབོག་པ་ལ་གཉིས་སྟེ། །སེམས་ཙམ་ལུགས་དང་། དབུ་མ་ལུགས་ཀྱི་ཆོ་གའོ། །དང་པོ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་རྗེས་སོ། །དང་པོ་ནི། ༄༅། རྒྱ་གར་སྐད་དུ། །ཙིཏྟ་ཏོད་པ་ཏ། །སམ་བ་ར་བི་དྷི་ཀྲ་མ། བོད་སྐད་དུ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །ངན་སོང་ཐམས་ཅད་འཇིགས་པ་དང་། ། སྒྲིབ་པ་ཐམས་ཅད་ལས་གྲོལ་ཞིང་། །རྫོགས་སངས་རྒྱས་གོ་འཕང་རྩོལ་མཛད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །རྫོགས་སངས་རྒྱས་དང་དམ་པའི་ཆོས། །བྱང་ཆུབ་སེམས་དཔའི་ཚོགས་ལའང་། ཇི་བཞིན་བྱང་ཆུབ་སེམས་དཔའ་ཡིས། །སྡོམ་པའི་རིམ་པ་བྲི་བར་བྱ། དེ་ལ་དང་པོ་ཆོ་ག་བཞིན་བྱང་ཆུབ་དུ་སེམས་བསྐྱེད་པ་བྱས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་གྱིས་བསླབ་པ་ལ་ལེགས་པར་བསླབ་པ་ལ་ལེགས་པར་བསླབ་པར་འདོད་པས། །བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་ཤེས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དབོག་པའི་སྒོ་ནས། སློབ་མ་རྗེས་སུ་བཟུང་བར་ནུས་པའི་དགེ་བའི་བཤེས་གཉེན་ལ་ཕྱག་བྱས་ཏེ་དེའི་རྐང་པ་ལ་གཏུགས་ནས་གསོལ་བ་བཏབ་པ་ནི། སློབ་དཔོན་ཁྱེད་ལ་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གྱི་སྡོམ་པ་ཡང་དག་པར་བླང་བ་ལེན་པར་འཚལ་གྱིས། གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ། མྱུར་དུ་གསན་འཚལ་བ་རིགས་སོ། །ཞེས་དེ་ལྟར་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། རིགས་ཀྱི་བུ་ཁྱོད་ཉོན་ཅིག །འདི་ལྟར་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་གྲོལ་བ་དང་། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སངས་རྒྱས་གྱི་གདུང་རྒྱུན་མི་འཆད་པར་འདོད་དམ། དེ་ལ་ཁྱེད་ཀྱི་སེམས་བསྐྱེད་པ་བརྟན་པ་དང་ཡི་དམ་བརྟན་པར་བྱའོ། །གཞན་དང་འགྲན་པའི་ཕྱེད་དུ་མ་ཡིན་ནམ། གཞན་གྱིས་ནན་གྱིས་ལེན་དུ་བཅུག་པ་མ་ཡིན་ནམ། ཞེས་དྲིའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ལུགས་སྐུ་མདུན་དུ་བཞག་ལ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཅི་ནུས་པའི་ཕྱིའི་མཆོད་པ་ལྔས་མཆོད་པ་དང་། ཕྱག་བྱས་ལ་དེ་མ་ཐག་ཏུ་དགེ་བའི་བཤེས་གཉེན་བསྟན་མཐོན་པོ་ལ་འདུག་ལ། སྟོན་པའི་འདུ་ཤེས་ཀྱི་ཕྱག་བྱས་སྟེ། སྤུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ཏེ་འམ། ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས། དགེ་བའི་བཤེས་གཉེན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་འདི་ལྟར་བསྐུལ་བར་བྱས་སྟེ། སློབ་དཔོན་གྱི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གྱི་སྡོམ་པ་ཡང་དག་པར་བླང་བ་ལ་སྩལ་དུ་གསོལ། ཞེས་དེ་ལྟར་ལན་གསུམ་དགེ་བའི་བཤེས་གཉེན་ལ་བསྐུལ་ནས། མི་ཟད་པ་དཔག་ཏུ་མེད་པ་བླ་ན་མེད་པ་བསོད་ནམས་ཀྱི་གཏེར་ཆེན་པོར་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡུན་མི་རིང་བ་ཐོབ་པར་འགྱུར་རོ། །ཞེས་སེམས་རབ་ཏུ་དད་པར་གྱུར་པས་ཅང་མི་སྨྲ་པར་ཐལ་མོ་སྦྱར་ཏེ་འདུག་པར་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་འདུག་པའི་འགྲེང་བས། དེ་ལྟར་འདུག་པའི་བྱང་ཆུབ་སེམས་དཔའ་དེ་ལ། །འདི་སྐད་ཅེས་མི་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བྱང་ཆུབ་དུ་སྨོན་ལམ་བཏབ་པའི། བྱང་ཆུབ་སེམས་དཔའ་ཡིན་ནམ་ཞེས་བརྗོད་པ་ན། ལན་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་ལགས་སོ་ཞེས་ཁས་བླང་བར་བྱའོ། །དེ་ནས་དགེ་བཤེས་བཤེས་གཉེན་དེས། །དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་བའི་གཞི་རྣམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་སེམས་ཅད་དོན་བྱེད་པའི་ཚུལ་ཁྲིམས་དང་མདོར་བསྡུ་བ་སློབ་མ་ལ་གོ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག །ཅི་བདག་ལས་ལེན་པར་འདོད་དམ་ཞེས་སློབ་མ་ལ་དྲི་བར་བྱའོ། །དེས་དེ་ལྟར་ལེན་པར་འཚལ་ལོ། །ཞེས་ཁས་ལེན་པར་གྱུར་པ་ན། བྱུང་ཆུབ་སེམས་དཔའི་སྡོམ་པ་སྦྱིན་པར་བྱ་སྟེ། བཙུན་པའམ་ཚེ་དང་ལྡན་པའམ་རིགས་ཀྱི་བུ་འདི་ཞེས་བྱ་བ་ཁྱོད་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་གང་ཡིན་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་གང་ཡིན་པ་དང་། ད་ལྟར་ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའི་བསླབ་པའམ། །གཞི་གྱུར་པ་གང་ཡིན་པ། །ཚུལ་ཁྲིམས་གང་ཡིན་པའི་བསླབ་པའི། གཞི་གང་དག །ཚུལ་ཁྲིམས་གང་དག་ལ། །འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པར་འགྱུར་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་པ་དང་། ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་མཛད་པའི་གཞི་རྣམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་བསྡུས་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ལེན་པར་འདོད་དམ། ལེན་པར་བྱེད་པ་ངེས་པར་འཚལ་ལོ། །ཞེས་ཁས་བླང་བར་བྱའོ། །དེ་ལྟར་དགེ་བའི་བཤེས་གཉེན་གྱིས་ལན་གསུམ་གྱི་བར་དུ་བརྗོད་ཅིང་། སློབ་མས་ལན་གསུམ་གྱིས་བར་དུ་ལེན་པར་འཚལ་ལོ་ཞེས་ཁས་བླངས་པར་བྱའོ། །གཉིས་པ་དངོས་གཞི་ནི། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་། མཆོད་པའི་ཆོ་ག་ལ་སོགས་སྔོན་དུ་སོང་བས། དགེ་བའི་བཤེས་གཉེན་ལ་འདི་སྐད་གསོལ་བ་གདབ་པར་བྱ་སྟེ། ཇི་ལྟར་སྔོན་གྱི་དེ་གཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལྟར། བདག་མིང་འདི་ཞེས་བགྱི་བ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རིན་པོ་ཆེའི་སྦྱིན་པས་རྗེས་སུ་བཟུང་དུ་གསོལ། ཞེས་ལན་གསུམ་གྱིས་བར་དུ་བརྗོད་དོ། དེ་ལྟར་གསོལ་བ་བཏབ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་བཅོམ་ལྡན་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། །སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཞི་བ་ཆོས་ཀྱི་མཆོག་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཚོགས་རྣམས་ཀྱི་མཆོག འཕགས་པ་ཕྱིར་མི་བཟློག་བའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ཀྱི་དམིགས་ཏེ། ཕྱག་འཚལ་བ་དང་ཅི་འབྱོར་བའི་མཆོད་པ་ལ་སོགས་བྱས་ལ། སློབ་དཔོན་མདུན་དུ་བྱས་ཏེ། །སྤུས་མོ་གཡས་པའི་ལྷ་ང་ལ་བཙུགས་ཏེ། །ཐལ་མོ་སྦྱར་བས་སེམས་བསྐྱེད་པར་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ། སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། སྒོམ་བའི་རང་བཞིན་གྱི་དགེ་བའི་རྩ་བ་བགྱིད་པ་དང་། བགྱིད་དུ་རྩལ་བ་དང་། རྗེས་སུ་ཡིད་རང་བའི་དགེ་བའི་རྩ་བ་དེས། །ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བླ་ན་མེད་པའི་བྱང་ཆུབ་དུ་ཐུགས་བསྐྱེད་པ་ལྟར། བདག་མིང་འདི་ཞེས་བགྱི་བས་ཀྱང་། སེམས་ཅན་ཐམས་ཅད་མ་བསྒྲལ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང་། མ་གྲོལ་བ་རྣམས་གྲོལ་བར་བྱ་བའི་ཕྱིར་དང་དབུགས་མ་ཕྱུང་རྣམས་དབུགས་དབྱུང་པའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར། དུས་འདི་ནས་བཟུང་ཏེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་། བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་སློབ་དཔོན་མེད་ཀྱང་། བདག་ཉིད་བྱང་ཆུབ་དུ་སེམས་བསྐྱེད་པའི་ཆོ་ག་ནི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡིད་ལ་བསམ་སྟེ། ཕྱག་འཚལ་བ་དང་མཆོད་པའི་ཆོ་ག་ལ་སོགས་པ་བྱས་ནས། གསོལ་བ་བཏབ་པ་དང་། སློབ་དཔོན་ཞེས་བྱའི་ཚིག་སྤངས་པའི། སྐྱབས་སུ་འགྲོ་བ་ལ་སོགས་བའི་གོ་རིམས་གོང་མ་བཞིན་དུ་བྱའོ། །དེ་ལྟར་སེམས་བསྐྱེད་པའི་གང་ཟག་གིས་བྱང་ཆུབ་ཀྱིས་སེམས་འཕེལ་བར་བྱ་བའི་ཕྱིར། ཐ་ན་ཉིན་ལན་གསུམ་མཚན་གསུམ་དུ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། བདག་གིས་སྦྱིན་སོགས་བྱས་བའི་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། ། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་ལས་བཟློག་པར་བྱ་སྟེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང། གཞན་འགྱོད་པ་མེད་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུས་སྤྱོད་པའོ། །བྱང་ཆུབ་ཀྱི་སེམས་ཉམས་པར་མི་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་སྟེ། བཞི་གང་ཞེ་ན། སྲོག་གི་ཕྱིར་ཡང་བསམས་བཞིན་དུ་རྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱའི་གཡོ་དང་སྒྱུ་མ་ཡིན་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་། ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བ་དང་། སེམས་ཅན་འགའ་ཞིག་དགེ་བ་ལ་དགོད་པ་དེ་དག །བླ་ན་མེད་པའི་བྱང་ཆུབ་ལ་དགོད་ཀྱི། །ཉན་ཐོས་དང་རང་སངས་རྒྱས་ལ་ནི་མ་ཡིན་ནོ། །ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ཞུས་པའི་ཆོས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་བསླབ་པར་བྱའོ། །བྱང་ཆུབ་དུ་སེམས་བསྐྱེད་པའི་ཡོན་ཏན་ནི། འཕགས་པ་སྡོང་པོ་བཀོད་པའི་མདོ་ལ་སོགས་པ་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ནི་དེ་ནས་དགེ་བའི་བཤེས་གཉེན་དེས། སློབ་མ་བྱང་ཆུབ་སེམས་ལ་སྡོམ་པ་སྦྱིན་ནས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཡན་ལག་ལྔས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། །འདི་སྐད་ཅེས་ལན་གསུམ་བརྗོད་པར་བྱ་སྟེ། །བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལན་གསུམ་གྱི་བར་ཡང་དག་པར་མནོས་ལགས་ཏེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གྱི་སྡོམ་པ་ཡང་དག་པར་བླངས་པ། བདག་མིང་འདི་ཞེས་བྱ་སྤང་དུ་གྱུར་པར་འཕགས་པ་རྣམས་ལྐོག་ཏུ་གྱུར་ཀྱང་། ཕྱོགས་བཅུའི་འཇིགས་རྟེན་གྱིས་ཁམས་མཐས་གཏུགས་པ་ན། ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་བའི་ཐུགས་མངའ་བའི་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་ལན་གསུམ་གྱིས་བར་དུ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བརྗོད་དེ་ཕྱག་འཚལ་ནས། སློབ་མ་ལྡང་བར་བྱའོ། །ལངས་ལ་དགེ་བའི་བཤེས་གཉེན་གྱིས། བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པའི་བྱང་ཆུབ་སེམས་དཔའ་ལ་འདི་ལྟར་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་བ་འདི། །དད་པ་མེད་པ་རྣམས་ཀྱིས་མདུན་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར་དད་པ་མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན། དད་པ་མེད་པའི་སེམས་ཅན་དེ་དག་གིས། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པས་སྤོངས་པར་བྱེད་དོ། །ཇི་སྲིད་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་པ་དེ་སྲིད་དུ་བསོད་ནམས་མ་ཡིན་པ་དང་ལྡན་པར་འགྱུར་རོ། །གང་གིས་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བསྲུངས་པར་བྱ་བ་དེའི་ཕྱིར། སྡིག་པ་ལས་ལྡོག་ཅིང་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔའ་གསང་བར་བྱ་བ་ཡིན་ནོ། །དེ་ནས་དགེ་བའི་བཤེས་གཉེན་དེས། བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག་འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་བའི་ལས་རྫོགས་མ་ཐག་ཏུ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཞིང་གང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་ཆེ་གེ་མོ་ཞིག་ན་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་བར་བླང་བ་མནོས་སོ་ཞེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་། ཆོས་ལ་དགྱེས་པས་ཕ་དང་བུ་དང་སྤུན་ཟླའི་དགོངས་པ་མཛད་ནས། དེ་ལྟར་དགོངས་པ་མཛད་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ། །དེ་ནས་བསླབ་བའི་གཞི་ཕམ་པའི་གནས་སུ་གྱུར་པ་སྡོམ་པ་འཇིགས་པའི་རྒྱུ་བསྟན་ཅིང་། ཉེས་བྱས་ཀྱི་ལྟུང་བ་ཉོན་མོངས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པ་ཡང་བསྟན་པར་བྱའོ། །དགེ་བའི་བཤེས་གཉེན་གྱི་མདོར་བསྡུས་པ་བྱང་ཆུབ་སེམས་དཔའ་སྡོམ་པ་ཉི་ཤུ་པ། བྱང་ཆུབ་སེམས་དཔའི་ས་ཡི་ཚུལ་ཁྲིམས་ཀྱི་ལེའུ་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དྷི་ཕམ་ཀ་ར་ཤྲི་ཛྙཱ་ན་དང་། ལོ་ཙ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་རོ།། ༈ །།གཉིས་པ་སེམས་བསྐྱེད་དབུ་མ་ལུགས་ནི། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཏོཏྤ་ཏ། བོད་སྐད་དུ། བྱང་ཆུབ་སེམས་བསྐྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དམ་ཆོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། སངས་རྒྱས་དང་ཆོས་དང་དགེ་འདུན་དང་། ཕ་མ་དང་སེམས་ཅན་གཞན་དག་ལ། སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་རྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ་ཅི་མཆིས་པ་དེ་དག་ཐམས་ཅད་དང་གཅིག་ཏུ་སྡོམས་ཤིང་བསྡུས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར། བླ་ན་མེད་པའི་སོ་སོར་བཤགས་པས་འཆགས་སོ། མི་འཆབ་བོ། །སླད་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །དེ་ལྟར་ལན་གསུམ་བཟླས། སྡིག་པ་བཤགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འདས་པ་རྣམས་ཀྱིས་བསོད་ནམས་ཀྱིས་རྗེས་སུ་ཡི་རང་བ་ན་མེད་པ་ཐུགས་སུ་ཆུད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་དང་འགྲོ་བ་མ་ལུས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡིད་རང་ངོ་། །དེ་སྐད་ལན་གསུམ་བཟླས་སོ། །བསོད་རྣམས་ཀྱི་རྗེས་སུ་ཡི་རང་བའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བགྱི་བའི་སླད་དུ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་གྱི་སྙིང་པོ་གནས་ཀྱི་བར་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་རྣམས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིགས་པ་ཐམས་ཅད་དང་བྲལ་བ། སྐྱེས་བུ་ཆེན་པོ། སྐྱེས་བུ་ཁྱུ་མཆོག །སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ། ཆོས་ཀྱི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པའི་དེ་བཞིན་གཤེགས་པ་ལ་མངའ་བ། ཞི་བ་ཆོས་ཀྱི་སྐུ། སོ་སོར་རང་གི་རིག་པའི་ཆོས་ལ་སྐྱབས་སུ་མཆི་འོ། །དགེ་འདུན་འདུལ་བ་ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཞིའི་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་སྐད་ལན་གསུམ་བྱས་ལ་སྐྱབས་སུ་འགྲོའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དུས་ཅི་ལྟ་བ་དང་སྟོབས་ཅི་མཆིས་པ་བཞིན་དུ་བདག་འབུལ་ཞིང་མཆིས་ན། མགོན་པོ་ཐུགས་རྗེ་དང་ལྡན་པ་རྣམས་བདག་བཞེས་སུ་གསོལ། །དེ་སྐད་ལན་གསུམ་བཟླས་སོ། །བདག་ལ་གསུམ་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག །སྔོན་བྱང་ཆུབ་སེསམ་དཔའི་སྤྱད་པ་སྤྱོད་པའི་ཚེ། །སེམས་ཅན་ཐམས་ཅད་སྒྲལ་བ་དང་། །སེམས་ཅན་ཐམས་ཅད་སྒྲོལ་བ་དང་། །སེམས་ཅན་ཐམས་ཅད་དབུག་འབྱུང་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། སེམས་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་བའི་སླད་དུ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ། །སེམས་ཅན་ཐམས་ཅད་དགྲོལ་བ་དང་། །སེམས་ཅད་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སེམས་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་དངོས་པོ་ཐམས་ཅད་དང་བྲལ་བའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་། གཟུང་བ་དང་འཛིན་པའི་དངོས་པོ་སྤངས་པ། ཆོས་བདག་མེད་པར་མཉམ་པ་ཉིད་ཀྱིས། རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་དུ་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་། དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། །བྱང་ཆུབ་དུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་པར་རྫོགས་པའི་སངས་རྒྱས་དེ་དག་གིས། བདུད་དཔུང་དང་བཅས་པ་མཐའ་དག་འཕམ་པར་མཛད་དེ། ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས། །བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་བགྱི་སྟེ། །བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་བགྱིའོ། །ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། མངོན་པར་རྫོགས་པར་སངས་རྒྱས་སྟེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བགྱིའོ། །ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཚོགས་ཡོངས་སུ་བ སྡུ་བ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། བདག་ཉིད་མངོན་པར་སངས་རྒྱས་ཏེ། ཚོགས་ཡོངས་སུ་བསྡུ་པར་བགྱིའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་བདག་གིས་འགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་སྐད་ལན་གསུམ་བཟླས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །བདག་གི་བྱང་ཆུབ་སེམས་བསྐྱེད་པའི་དགེ་བའི་རྩ་བ་འདི་དང་། གཞན་ཡང་བདག་གི་བསོད་ནམས་ཅུང་ཟད་བགྱིས་པ་དང་། བགྱིད་པར་འགྱུར་བ་དང་། དགེ་བ་ཐམས་ཅད་ཕ་མ་ལ་སོགས་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ འོ། བདག་གི་བསོད་ནམས་འདི་ཡི་ཕ་མ་ལ་སོགས་པ་སེམས་ཅན་མ་སྒྲལ་བ་རྣམས་བསྒྲལ་ལོ། །མ་གྲོལ་བ་རྣམས་གྲོལ་ལོ། །དབུགས་མ་ཕྱུངས་རྣམས་དབུགས་དབྱུང་ངོ་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་བཟླའོ། །མངོན་པར་རྫོགས་པར་སངས་རྒྱས་མ་རྒྱས་པ་རྣམས་ནི་མངོན་པར་རྫོགས་པར་སངས་རྒྱས་པར་བགྱིའོ། །སྐྱབས་མ་མཆིས་པ་དང་གནས་མ་མཆིས་པ་རྣམས་དང་། དཔུང་གཉེན་མ་མཆིས་པའི་འཇིག་རྟེན་པ་ལ་སྐྱབས་གནས་དང་དཔུང་གཉེན་དུ་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་མཁྱེན་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་བའི་བརླབས་ཆེན་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །གཞན་ཡང་བདག་གིས་སྦྱིན་པ་བསགས་པ་དང་། ཚུལ་ཁྲིམས་བསྲུངས་བ་དང་། བཟོད་པ་བསྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་ཡིད་མཉམ་པར་འཇོག་པ་དང་། ཤེས་རབ་རྣམ་པར་སྤྱོད་པ་དང་། ཐབས་ལ་མཁས་པ་ལ་བསླབ་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་བདེ་བའི་སླད་དུ། བླ་ན་མེད་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། ལམ་ཆེན་པོ་ལ་ཡང་དག་པར་བཞུགས་པ། ས་ཆེན་པོ་ལ་གནས་པ་རྣམས་ཀྱི་རྗེས་སུ་འཇུག་གོ །འཕགས་པ་དག །བདག་བྱང་ཆུབ་སེམས་དཔའ་ལགས་ཀྱིས་བྱང་ཆུབ་སེམས་དཔའ་ལགས་པར་གཟུང་དུ་གསོལ། །ས་དང་ཆུ་དང་མེ་དང་རླུང་དང་། །རྩི་དང་ནག་ཀྱི་ཤིང་ལྟ་བུར། །བདག་ནི་སེམས་ཅན་ཐམས་ཅད་ཀྱིས། །འདོད་བསྒྱུར་འཕངས་མེད་སྤྱོད་པར་ཤོག །མཐོང་བ་དང་ནི་ཐོས་པ་དང་། །རེག་པ་དང་ནི་དྲན་པས་ཀྱང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་གསོ་བར་བགྱིད་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །དེ་དག་ལན་གསུམ་བཟླས་སོ། །བསོད་ནམས་ཡོངས་སུ་བསྔོ་བའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་རྫོགས་སོ། །ས་དང་པོའི་བདེན་པ་གཟིགས་པ། སློབ་དཔོན་འཕགས་པ་ཀླུ་གྲུབ་གྱིས་ཞལ་སྔ་ནས་མཛད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་རན་ཏྲ་བྷོ་དེ་དང་། ཞུས་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།བཅུ་གཅིག་པ་མེ་ཏོག་དོར་བ་དང་། །བཅུ་གཉིས་པ་ལྷ་དབབ་པ་དང་། །བཅུ་གསུམ་པ་ལྷ་བསྒོམ་པར་ནན་ཏན་བྱ་བ་དང་། བཅུ་བཞི་བ་སྤྱན་དབྱེ་བ་དང་བཞི་གང་དང་མཐུན་ལ། བྱེ་བྲག་ཏུ་བཅོ་ལྔ་པ་དཀྱིལ་འཁོར་བསྟན་པ་ནི། འོ་མདུན་འདི་ན་ཡོད་པའི་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་རྟེན་དང་བརྟེན་པ་སྟེ། ཕྱི་རོལ་དུ་མེ་རི་རྡོ་རྗེ་ར་བ། པད་སྐོར་དེའི་ནང་དུ་གཞལ་ཡས་ཀྱི་ཁང་པ། གྲུ་བཞི་སྒོ་བཞི་། རྒྱན་རྟ་བབས་དང་བཅས་པ། དེའི་ནང་དུ་པདྨ་འདབ་མ་བཅུ། དེའི་ནང་དུ་པདྨ་འདབ་མ་བཞི་ལྟེ་བ་དང་བཅས་པ། མངོན་སུམ་དུ་མཐོང་བའི་མོས་པ་མཛོད། །པདྨའི་ལྟེ་བར་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ། ཤར་གྱི་པད་འདབ་ལ་ཡུམ་ཆེན་མོ། །ལྷོར་ཤཱ་རི་བུ། ནུབ་དུ་ཕྱག་ན་རྡོ་རྗེ། །བྱང་དུ་སྤྱན་རས་གཟིགས། དེའི་ཕྱི་རོལ་པད་མ་འདབ་བཅུ་ལ། ཕྱོགས་བཅུའི་སངས་རྒྱས་དང་བཅུ་དང་བཅས་པ། སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་མངོན་སུམ་དུ་མཐོང་བ་དེ། ཁྱེད་རྣམས་ཀྱི་ཡི་དམ་གྱི་ལྷ་སྐལ་ཡིན་ཨང་སྙམ་བའི་མོས་པ་མཛོད་ཅིག །བཅུ་དྲུག་པ་ཚོགས་དང་ཡོན་འབུལ་བ་ཡང་གོང་དང་མཚུངས་སོ། །སྦྱི་དོན་གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི་གོང་དང་མཐུན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ་ཕྱི་ཕན་པའི་དབང་བཅུ་དང་། ནང་ནུས་པའི་དབང་ལ་ལྔ་དང་། གསང་བ་ཟབ་མོའི་དབང་ངོ་། དང་པོ་ལ་བཅུའི། བུམ་པ་ལ་སོགས་དགུ་པོ་གོང་ཉན་ཐོས་ཀྱིས་དབང་དང་མཚུངས་ལ། བྱེ་བྲག་དུ་ཕྱག་རྒྱའི་དབང་ལ། བཅོམ་ལྡན་གསེར་མདོག་ཆོས་འཆད་གཡས། །གཡོན་པ་མཉམ་བཞག་ཕྱག་རྒྱ་ལྡན། །རྡོ་རྗེ་དཀྱིལ་དཀྲུང་གཙུག་ཏོར་བཅས། །སྤྱན་ཡངས་འཐིང་ཁ་མཛོད་སྤུར་ལྡན། །སྐུའི་སྒོ་ནས་འོད་ཟེར་འགྱེད། །བསྟན་པའི་མངའ་བདག་འགྲོ་བ་འདྲེན། འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། འདི་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་ཱམུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཤར་ཕྱོགས་པད་མའི་འདབ་མ་ན། །པད་ཟླ་རྒྱས་སྟེངས་ཡུམ་ཆེན་མོ། །ལོངས་སྤྱོད་རྫོགས་ལྡན་རྡོ་རྗེ་དཀྱིལ། །གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས། །ཕྱག་བཞིའི་དང་པོ་མཉམ་བཞག་མཛད། །འོག་མའི་གཡས་པ་ཆོས་འཆད་པ། །གཡོན་པ་པོ་ཏི་བསྣམས་ནས་ནི། །འགྲོ་བ་སེམས་ཅན་དོན་མཛད་པ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་དྷི་པྲ་ཝ་མེ་ཡ་ནི་དེ་པྲ་དུད་པྲ་མེ་བྷི་ཤུད་དྷེ་བྷྱ། དྷརྨ་དྷར་ཏུ་བ་ག་ཝན། ཛ་ཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོ། ༀ་ཨ་པ་ར་པྲ་ཏི་ཛིཾ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཕྱོགས་པདྨའི་འདབ་མ་ན། །པད་ཟླ་རྒྱས་བའི་གདན་སྟེངས་ན། །ཕྱག་ན་རྡོ་རྗེ་ཞི་བའི་ཞལ། །འཐིང་ཁ་གཡས་ན་རྡོ་རྗེ་འཛིན། །གཡོན་པ་པདྨ་འཛིན་པར་བྱེད། །རིན་ཆེན་རྒྱན་ལྡན་སེམས་དཔའི་དཀྱིལ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་བཛྲ་ཙན་དྷ་མ་ཧཱ་ཱརོ་ཥ་ན་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཕྱོགས་པད་མའི་འདབ་མ་ན། ཤ་རི་གསེར་མདོག་དཀའ་ཐུབ་གཟུགས། །ཆོས་གོས་གསུམ་ལྡན་བསིལ་བྱེད་བསྣམས། སྤུས་གཙུག་གཡོན་པ་ལྷུང་བཟེད་བསྣམས། །ལུས་ངག་ཡིད་གསུམ་མཉམ་པའི་ངང་། འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་ན་མཿ ས་མནྟབུདྡྷ་ནན་བྷ་ག་ཝན། བྲ་བྷ་ཏ་ཐཱ་ག་ཏ་བྷི་ཥ་ཡ་ས་བྷ་ཝ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་པདྨའི་འདབ་མ་ན། །པད་ཟླ་རྒྱས་བའི་གདན་སྟེངས་ན། །སྤྱན་རས་དཀར་པོ་བྱང་ཆུབ་སེམས། །བརྒྱན་མཛེས་སེམས་དཔའ་དཀྱིལ་དཀྲུང་བཞུགས། །གཡས་ན་པད་མ་མཆོག་སྦྱིན་དང་། །གཡོན་པའང་པད་མ་པོ་ཏི་འཛིན། འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀ་རུ་ནན་མ་ར་ཡ་བཛྲ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་ལྷ་སྣམས་ཤར་ཕྱོགས་ཀྱི། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ནི། །སྐུ་མདོག་ཤེལ་ལྟར་དཀར་བ་ལ། ཕྱག་གཡས་རིན་ཆེན་མཆོག་སྦྱིན་མཛད། ཕྱག་གཡོན་ལྟེ་བའི་ཐད་དཀར་ནི། འཐིལ་ནི་འགྲོ་ལ་སྟོན་པར་མཛད། །འདི་ཡི་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཡུ་པུ་ར་ག་ཏི་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་ལྷ་སྣམས་ལྷོ་ཕྱོགས་ན། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་མྱ་ངན་མེད་པའི་དཔལ། །སྐུ་མདོག་ནམ་མཁའི་ མདོག་ཅན་ལ། །གཡས་པ་འཁོར་ལོ་འབར་བ་བསྣམས། །གཡོན་པ་ལྟེེ་བའི་ཐད་དཀར་ནི། འགྲོ་ལ་བསྟན་པས་ཉོན་མོངས་སེལ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཡ་ནི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་ལྷ་སྣམས་ནུབ་ཕྱོགས་ན། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་རིན་ཆེན་འོད་འཕྲོ་བ། །སྐུ་མདོག་གངས་རི་ལྟར་དཀར་ཞིང་། །གཡས་པ་མཆེ་བ་རྩིགས་པ་རྣམས། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་པས་བགེགས་རྣམས་འདུལ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཏྲི་ཏི་ཤ་ག་པ་རི་བི་ས་རི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་ལྷ་སྣམས་བྱང་ཕྱོགས་ན། །པད་ཟླ་རྒྱས་པའི་གདན་སྟེངས་ན། །བདེ་གཤེགས་རྒྱལ་བའི་དབང་པོ་ནི། །སྐུ་མདོག་ཨིན་ཏྲ་ནི་ལའི་མདོག །གཡས་པ་པད་མ་དཀར་པོ་འཛིན། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་བའི་མུན་པ་སེལ། འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་བྷི་ཤ་རཏྣ་སན་ཏི་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་སྣམ་བུའི་ཤར་ལྷོ་ན། །པད་ཟླ་རྒྱས་བའི་གདན་སྟེངས་སུ། །བདེ་གཤེགས་པདྨོ་དམ་པའི་དཔལ། །སྐུ་མདོག་དུང་ལྟར་དཀར་བའི་མདངས། །ཕྱག་གཡས་པདྨ་དམར་པོ་རྣམས། གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་པ་འདོད་ཆགས་འཇོམས། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་དུ་དུ་མ་ལེ་ཀེ་ཏ་དོ་པ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་སྣམ་བུའི་ལྷོ་ནུབ་ན། པད་ཟླ་རྒྱས་པའི་གདན་སྟེངས་ན། ཉི་མ་སྣང་བ་དམ་པའི་དཔལ། སྐུ་མདོག་མར་གད་དམར་སྨུག་ལ། །ཕྱག་གཡས་མུན་སེལ་ཉི་མ་བསྣམས། ཕྱག་གཡོན་སྐུ་ལ་རྟེན་མཛད་པ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མུག་རི་བཾ་མུག་ཏི་མར་གད་དུ་ཤ་མ་རི་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་བསྣམས་བུའི་ནུབ་བྱང་ན། །པད་ཟླ་རྒྱས་པའི་གདན་སྟེངས་ན། །སངས་རྒྱས་གདུག་ཆེན་དམ་པའི་དཔལ། །སྐུ་མདོག་ཨིན་ཏྲ་ནི་ལའི་མདོག །གཡས་པ་སྣ་ཚོགས་རྡོ་རྗེ་འཛིན། །ཕྱག་གཡོན་ལྟེ་བའི་ཐད་དཀར་ནི། །འཐིལ་ནི་འགྲོ་ལ་སྟོན་པར་མཛད། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡིས་བྱིན་གྱིས་བརླབས་དུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག ། ༀ་སརྦ་ཏ་ཐཱ་ག་ཏ་སུརྻ་བི་ལ་ཏ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་བསྣམས་བུའི་བྱང་ཤར་ན། །པད་ཟླ་རྒྱས་པའི་གདན་སྟེངས་ན། །སངས་རྒྱས་གླང་པོ་དམ་པའི་དཔལ། །སྐུ་མདོག་གསེར་ལྟར་འཚེར་བ་ལ། །ཕྱག་གཡས་ཆོས་འཆད་ཕྱག་རྒྱ་སྟོན། །གཡོན་པ་ཆོས་གོས་འཛིན་མཛད་པ། །འདི་ཡིས་བྱིན་གྱིས་བརླབས་དུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་བྷ་ག་བྷ་ཏེ་བྷ་ཤི་ལ་ས་བྷ་ཝ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་བསྣམས་བུའི་ཤར་སྟོད་ན། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །དགའ་བར་བྱེད་པའི་སངས་རྒྱས་ནི། །སྐུ་མདོག་ཨུདྤལ་སྔོན་པོའི་མདངས། །ཕྱག་གཡས་རིན་ཆེན་བུམ་པ་བསྣམས། །གཡོན་པ་སྐུ་ལ་རྟེན་མཛད་པ། །འདི་ཡིས་བྱིན་གྱིས༴ དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ར་མ་ཏི་ར་བཛྲ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་བསྣམས་བུའི་ནུབ་སྨད་དུ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་པདྨ་དམ་པའི་དཔལ། །སྐུ་མདོག་གསེར་ལྟར་འཚེར་བའི་མདངས། །ཕྱག་གཡས་པདྨ་དམར་པོ་བསྣམས། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འཐིལ་ནི་ཕྱིར་བསྟན་གདུང་པ་སེལ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་པདྨ་བྷ་ལ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཆུབ་སེམས་དཔའི་དབང་དང་། ཀྲི་ཡའི་དབང་དང་། ཡོ་གའི་དབང་དང་གསུམ་ལ་བཀྲ་ཤིས་ཀྱི་དབང་རྒྱ་རྩ་བརྒྱད་ཡོད་པ་ལ་འདི་བྱང་ཆུབ་སེམས་དཔའི་དབང་ལ་ཉི་ཤུ་ཀྲྀ་ཡ་ལ། ཉི་ཤུ་རྩ་དྲུག་ཡོ་ག་ལ་དྲུག་བཅུ་རྩ་གཉིས་སྟེ། དང་པོ་བྱང་ཆུབ་སེམས་དཔའི་དབང་ལ་ཉི་ཤུ་ནི། སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་དགའ་ལྡན་གྱི་གནས་ནས་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་གཤེགས་པའི་དུས་སུ། དབུ་ལས་རིན་པོ་ཆེའི་སྲོག་ཞུ་ཕུད་ནས། མི་ཕམ་མགོན་པོ་ལ་ཆོས་ཀྱི་རྒྱལ་ཚབ་དུ་ལྷ་རྣམས་ཀྱིས་སྟོན་པ་མཛད་པར་དབང་བསྐུར་རོ། དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེ་ཅོད་པཎ་གྱི་དབང་བསྐུར་བས། ཆོས་ཀྱི་རྒྱལ་ཚབ་བྱེད་པའི་མཐུ་དང་ལྡན་པར་གྱུར་ཅིག །ཏོག་དཀར་དབུ་ལས་རིན་ཆེན་ཅོད་པཎ་བཤུས། །ཉིད་ཀྱི་ཕྱག་གིས་ཁོ་བོའི་དབུ་ལ་བཞག །མི་ཕམ་མགོན་པོ་ཆོས་ཀྱི་རྒྱལ་ཚབ་རྗེ། ཆོས་ཀྱི་རྒྱལ་སྲིད་ཆེད་པོ་བྱེད་པར་ཤོག །ཆོས་ཀྱི་དབྱིངས་ནས་འབྱུང་གནས་ག་ན་བར། །སྤྲུལ་སྐུ་ཀུན་ཁྱབ་ཡིད་བཞིན་འབྱུང་བའི་གཏེར། །དང་པོར་ཚོགས་རྫོགས་ཡོངས་ལ་མཐར་ཕྱིན་པའི། །འདི་ན་བཀྲ་ཤིས་རྫོགས་པའི་དབང་གི་ལེའུ་སྟེ་དང་པོའོ། །སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་ཡུམ་སྒྱུ་མ་ལྷུམ་མཛེས་ཀྱི་ལྷུམས་ཞུགས་པ་དང་། ཡུམ་གྱི་ཕྱག་གིས་སེམས་ཅན་ཐམས་ཅད་ལ་རེག་ཅིང་ད བང་བསྐུར་བས། ཉོན་མོངས་པ་དང་། ན་ཚའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དེ་ཡི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །སྒྱུ་མ་ལྷུམ་མཛེས་ལྷ་ཡི་ལྕམ། །ལྷ་ཡི་ལུས་ལ་རིན་ཆེན་མཛེས། །ཉོན་མོངས་སྡུག་བསྔལ་ཀུན་ཞི་ཞིང་། །ན་ཚའི་སྡུག་བསྔལ་ཀུན་ཞི་ནས། །ན་ཚའི་སྡུག་བསྔལ་ཐར་བར་ཤོག །བྱིན་བརླབས་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ཀུན་ལའང་བྱམས་སྙོམས་ཐུགས་རྗེ་ཆེ་བའི་མ། །གཞན་ལ་ཕན་མཛད་ཉིད་དོན་ལྷུན་གྱིས་གྲུབ། འདི་ནི་ལྷུན་གྱིས་གྲུབ་བའི་བཀྲ་ཤིས་ལེའུ་གཉིས་པའོ། །སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ། ལུམ་བིའི་ཚལ་དུ་ཡུམ་གྱི་ལྷུམ་ནས་བལྟམས་པ་དང་། སེང་གེའི་ཕྲུ་གུ་ཟུང་ཅིག་གིས་བསྐོར་བ་བྱས་ཞིང་དབང་བསྐུར་བས། །སྡོ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་ནོན་བའི་དབང་དམ་པ་ཐོབ་བོ། །དེ་དང་རྗེས་སུ་མཐུན་པར་སེང་གེའི་ཕྲུ་གུ་ཟུང་ཅིག་གི་དབང་བསྐུར་བས། སྡོ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་ནོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སེང་གེའི་ང་རོ་སྒྲ་ཅན་ཐོགས་མེད་པས། །འཇིགས་པ་མེད་པའི་སྒྲ་ཆེན་བསྒྲགས་ནས་ཀྱང་། །བར་དུ་གཅོད་པའི་བདུད་ཀྱི་སྡེ་བཏུལ་ཏེ། །སྡོ་བའི་ཕྱོགས་རྣམས་ཟིལ་གྱིས་ནོན་པར་ཤོག །ཐམས་ཅད་ཟིལ་ནོན་ཆོ་འཕྲུལ་ཆེ་བའི་ལྷ། །ཡོན་ཏན་ཀུན་ཚངས་གདུག་པ་ཟིལ་གྱིས་ནོན། །ཆེ་བའི་མཐུ་སྟོབས་ཁྱད་པར་ཀུན་ལས་འཕགས། འདི་ནི་ཆེ་བཙན་མཐུ་སྟོབས་བཀྲ་ཤིས་ལེའུ་གསུམ་པའོ། །སྔོན་སྒྱུ་མ་ལྷུམ་མཛེས་ཀྱིས་གྲོང་ཁྱེར་སེར་སྐྱ་ན་བཞུགས་པ་ལ། །གླང་པོ་ཆེ་ཕྲུ་གུ་གཉིས་ཀྱི་སྣས་བྱུག་ཅིང་དབང་བསྐུར་བས། །འཇིག་རྟེན་འདེགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །འཇིག་རྟེན་འདེགས་པའི་སྟོབས་ལྡན་ཞིང་། །ཐེག་པ་བཞི་ཡིས་དོན་རྟོགས་ནས། །བྱེ་བྲག་འབྱེད་པའི་སྟོབས་རྫོགས་ཏེ། །སྟོབས་ཀྱི་ཕ་རོལ་ཕྱིན་རྫོགས་ཤོག །མཐུ་སྟོབས་ཕུན་སུམ་ལྡན་པ་ཡིས། །རིན་ཆེན་གསེར་བརྒྱན་ཀུན་གྱིས་བརྒྱན། །དཔེ་བྱད་མཚན་རྫོགས་གླང་པོ་སྟོབས། །འདི་ནི་སྟོབས་བཅུ་ལྡན་པའི་བཀྲ་ཤིས་ལེའུ་བཞི་པའོ། །སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ། བྱང་ཆུབ་ཀྱི་རྒྱན་ཚལ་དུ་ཡུམ་གྱིས་ལྷུམས་ནས་བལྟམས་པ་ལས། ཚངས་པ་དང་བརྒྱ་བྱིན་གྱིས་བླང་ནས། ན་བཟའ་ཀ་རི་ཀ་གསོལ་ཏེ་དབང་བསྐུར་བས། མཁྱེན་པའི་བྱེ་བྲག་ལ་མཁས་པ་མ་འདྲེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་དང་རྗེས་སུ་མཐུན་པར་ན་བཟའ་ཀ་ཤི་རས་དབང་བསྐུར་བས། མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་སྐྱོན་སྤངས་ཀ་ཤི་རས། །ལེགས་པའི་ཡོན་ཏན་ཀུན་རྫོགས་ཏེ། །ཉེས་པའི་སྐྱོན་ལས་སྐྱོབས་པ་དང་། མཁྱེན་པའི་བྱེ་བྲག་གསལ་བར་ཤོག །ཚངས་པ་བརྒྱ་བྱིན་བསོད་ནམས་དག་པའི་ལྷ། །ལྷ་ཡི་རྒྱལ་པོ་བློན་པོ་ཚངས་པའི་སྐུ། །མངོན་ཤེས་ལྔ་ལྡན་ཆོས་ཉིད་ཞི་བའི་བདག །འདི་ནི་ཡོན་ཏན་བཀྲ་ཤིས་དབང་གི་བཀྲ་ཤིས་ལེའུ་ལྔ་པའོ། །སྔོན་རྒྱལ་བུ་དོན་གྲུབ་པ་དེ། །ཡུམ་གྱི་ལྷུམ་ནས་བལྟམས་ནས། །དགུང་བདུན་ལོན་པ་དང་། རྒྱལ་པོ་ཤཱ ཀྱ་རིགས་ཀུན་ཚོགས་ནས། གཞོན་ནུ་དོན་འགྲུབ་ཏུ་མིང་བཏགས་ནས་དབང་བསྐུར་བས། ཤེས་བྱ་ལ་མ་རྨོངས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་འདི་ལ་མིང་གི་དབང་བསྐུར་བས། ཤེས་བྱ་ལ་ཡེ་ཤེས་མ་རྨོངས་པ་གཞོན་ནུ་དོན་འགྲུབ་དུ་དབང་ཐོབ་པར་གྱུར་ཅིག །རིགས་ཀྱི་བུ་ཁྱོད་དེང་ཕན་ཆད། །མིང་མཆོག་གྲགས་པས་དབང་བསྐུར་བས། །གཞོན་ནུ་དོན་འགྲུབ་ཡིན་པའི་ཕྱིར། །རྒྱལ་པོ་དོན་འགྲུབ་ཡིན་པར་ཤོག །རྒྱལ་རིགས་ཁྲིམས་གཙང་མང་པོ་ཀུན་འདུས་ནས། །ལྷ་མི་ཀུན་ལ་དབང་བསྐུར་རྒྱལ་པོར་བསྐོས། །ཀུན་ལས་དཔག་པའི་རྒྱལ་ དབང་དམ་པ་སྟེ། འདི་ནི་ཀུན་གྱི་རྒྱལ་པོའི་དབང་གི་བཀྲ་ཤིས་ལེའུ་དྲུག་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་ཡིག་དཔོན་ཀུན་གྱིས་བཤེས་གཉེན་ལ། །ཡི་གེ་སློབ་པའི་དུས་སུ་ཙན་དན་སྦྲུལ་གྱི་ཤིང་ལ་གསེར་གྱི་ཡང་མིག་བཏགས་ནས། །རིན་ཆེན་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་ནས། ཡིག་གེ་སློབ་པའི་དབང་བསྐུར་བས། ཡིག་དཔོན་གྱིས་ཀྱང་མ་ཐུབ་ལ། ལྷ་དང་མིའི་ཡི་གེ་ཐམས་ཅད་ལ་མཁས་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཡིག་ཤིང་གིས་དབང་བསྐུར་བས། །ཆོས་ཀྱི་སྒྲ་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཙན་དན་སྦྲུལ་གྱི་ཡིག་ཤིང་ལ། །རིན་ཆེན་གསེར་གྱི་ཡང་མིག་བཏགས། །འགྲོ་བའི་དོན་བྱེད་ཡི་གེའི་མཐུ། །ཆོས་ཀྱི་སྒྲ་རྣམས་སྒྲོགས་པར་ཤོག །ཆོས་ཉིད་ཀུན་སྟོན་རྫུ་འཕྲུལ་ཡི་གེའི་མཐུ། །ཕ་རོལ་ཟིལ་གནོན་ཆོས་ཉིད་ཀུན་ལས་རྒྱལ། །འདི་འདྲ་ཡོན་ཏན་གཞན་ན་མེད་པའི། འདི་ནི་ཡི་གེ་ཚོགས་རྫོགས་དབང་གི་བཀྲ་ཤིས་ལེའུ་བདུན་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ལ་སྲུ་མོ་ཀོ་ཏ་མས་རྒྱན་གྱིས་བྱེ་བྲག་གིས་བརྒྱན་ཅིང་དབང་བ སྐུར་བས། ས་དང་རྡོ་ལ་བྱས་པའི་བསམ་མནོ་མེད་པ་རྣམས་ཕྱག་ཚུར་འཚལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྒྱན་གྱི་བྱེ་བྲག་གིས་དབང་བསྐུར་བས། འགྲོ་བ་ཐམས་ཅད་ཤེས་པ་དང་ལྡན་པ ར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །མཛེས་པའི་རྒྱན་རྣམས་མྱུར་དུ་བཏགས་ནས་ཀྱང་། །ལེགས་པའི་ཡོན་ཏན་ཀུན་ཚང་ཡེ་ཤེས་སྐུ། །མ་རིག་ཐར་ལམ་མ་ལུས་འདྲེན་པའི་མཆོག །རྟོགས་པའི་ཡེ་ཤེས་མཆོག་དང་ལྡན་པར་ཤོག །ཡོན་ཏན་ཀུན་ལྡན་སྲུ་མོ་མཛེས་པའི་བརྒྱན། །ལེགས་པ་ཀུན་རྫོགས་ཡོན་ཏན་མཐར་ཕྱིན་པ། །ཆེ་བའི་ཡོན་ཏན་གཞན་ཕྱིར་མི་ལང་སྟེ། འདི་ནི་ལེགས་པ་ཀུན་རྫོགས་དབང་གི་བཀྲ་ཤིས་ལེའུ་བརྒྱད་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་བདུད་ལྷས་སྦྱིན་དང་རྩལ་འགྲན་པའི་དུས་སུ། མེས་ཆེན་པོ་སེང་གེ་འགྲམ་གྱིས་རྣམ་རུས་གཞུལ་ཟེར་དབང་བསྐུར་བས། སྒྲའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། བདུད་བསྒྱུར་བརྩལ་གྱིས་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར། སློབ་མ་རྣམས་ལ་རྣམ་རུས་དབང་བསྐུར་བས། སྙན་པའི་སྒྲ་སྒྲོགས་ཤིང་བདུད་དཔུང་འདུལ་བའི་དབང་འཕོངས་རྩལ་དང་ལྡན་པར་གྱུར་ཅིག །སྙན་པའི་སྒྲ་སྒྲོགས་རྣ་རུས་མཆོག །འགྲོ་བ་ཀུན་གྱིས་ཡིད་ཚིམ་ཞིང་། གནོད་པའི་བདུད་རྣམས་བཅོམ་ནས་ནི། །བདུད་རྣམས་འདུལ་བའི་དབང་ཐོབ་ཤོག །ཐམས་ཅད་ཀུན་འདུལ་མཐུ་སྟོབས་ཕུན་སུམ་ཚོགས། །རྫུ་འཕྲུལ་ཐབས་ཀྱི་ཕ་རོལ་ཟིལ་གྱིས་ནོན། །དོན་དང་མི་འགལ་གདུག་པ་ཞི་མཛད་པ། །འདི་ནི་སྣམ་རུས་དབང་གི་ལེའུ་དགུ་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་ལ་དྲང་སྲོང་སྐར་མ་ལ་དགའ་བས་འདོད་འཇོ་བའི་ཞོ་ཕྱག་ཏུ་ཕུལ་དེ་བཀྲ་ཤིས་པ་དེ་བཞིན་དུ། སློབ་མ་རྣམས་ལ་འདོད་འཇོ་བའི་ཞོ་ལག་ཏུ་སྦྱིན་པས་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་ན་། །སྙིང་པོ་རྣམ་དག་ཡེ་ཤེས་དག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་འགྱུར་བ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །ལེའུ་བཅུ་པའོ། །འདི་ནས་མཚོན་ཙམ་ཚང་འདུག །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་བསྐོས་ནས། ཤིང་རྟས་དབང་བསྐུར་བས། འཛམ་བུ་གླིང་བཞི་ལ་འཁོར་ལོས་བསྒྱུར་བར་གྱུར་ནས། འཁོར་བའི་ཆོས་ཐམས་ཅད་མི་རྟག་པར་མི་རྟག་པར་མཁྱེན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཤིང་རྟ་ལ་སོགས་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་དབང་བསྐུར་བས། འཛམ་བུ་གླིང་བཞི་ལ་དབང་བསྒྱུར་ཞིང་སྐྱེ་ཤི་མི་རྟག་པར་མཁྱེན་པའི་སྡུག་བསྔལ་སུན་འབྱིན་པར་གྱུར་ཅིག །རྒྱལ་སྲིད་ལོངས་སྤྱོད་དཔལ་དང་ལྡན་པའི་མཆོག །འགྲོ་བའི་དོན་མཛད་འཁོར་ལོས་བསྒྱུར་བའི་ལྷ། ལྷ་མི་ཡོངས་ཀྱི་སྤྱོད་པ་བསམ་མི་ཁྱབ། སྐྱེ་ཤི་མི་རྟག་པ་ལས་བཟློག་པར་ཤོག །རྒྱལ་སྲིད་ལོངས་སྤྱོད་དཔལ་དང་ལྡན་པའི་ལྷ། །གླིང་བཞི་མཐའ་སྐོར་སྐྱེ་རྒས་ན་འཆི་སྤོངས། །འཁོར་བའི་སྐྱོན་ཤེས་སྡུག་བསྔལ་སེལ་མཛད་པ། །འདི་ནི་ཤིང་རྟ་དབང་གི་བཀྲ་ཤིས་ལེའུ་བཅུ་གཅིག་པའོ། །སྔོན་རྒྱལ་པོ་དོན་ཐམས་ཅད་གྲུབ་པ་དེ་ཁབ་ནས་ཁབ་མེད་པར་རབ་ཏུ་བྱུང་བའི་དུས་སུ། འབངས་མོས་ཅན་གྱིས་ཆིབས་རིན་པོ་ཆེ་ལྔ་ལྡན་ཕྱུངས་ནས་ཕུལ་བས། །སྲོད་ཅིག་ལ་དཔག་ཚད་བརྒྱད་ཁྲི་སྟོང་འདས་ནས། རབ་ཏུ་བྱུང་ཏེ་ཉོན་མོངས་ལས་ཐར་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱིབས་འདིས་དབང་བསྐུར་བས། རབ་ཏུ་བྱུང་ཞིང་ཉོན་མོངས་པ་ལས་ཐར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གང་ཡང་ཐོགས་མེད་བརྩོན་འགྲུས་མྱུར་བའི་ཤུགས། ཚངས་པ་བརྒྱ་བྱིན་མཐུ་ཆེན་ཆེ་བའི་ལྷ། །རྒྱལ་ཆེན་རིགས་བཞི་འདེགས་པའི་སྟོབས་དང་ལྡན། ཐོག་མེད་ཚངས་པར་སྤྱོད་པའི་མཐུ་ལྡན་ཤོག །འཁོར་བའི་ཆོས་ནི་འཆིང་བ་ལྟར་གཟིགས་པ། །འཁོར་བའི་ཉེས་པ་དགྲ་རྣམས་གཞོམ་པའི་ཕྱིར། འདོད་པའི་རྒྱུ་སྤོངས་རྣམ་རྟོག་བོར་མཛད་པ། །འདི་ནི་ཕྱིབས་ཀྱི་དབང་གིས་བཀྲ་ཤིས་ལེའུ་བཅུ་གཉིས་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེས །རྣམ་དག་མཆོད་རྟེན་གྱིས་འགྲམ་དུ་ཁབ་ནས་ཁབ་མེད་པར་རབ་ཏུ་བྱུང་བ་ལས། སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་མཛེས་པ་ཏོག་གིས། བཤན་རལ་གྲི་ཕྱག་ཏུ་ཕུལ་བས་དབང་བསྐུར་བས། ཉོན་མོངས་པའི་སྒྲིབ་པའི་དྲ་བ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཀྱིས་བཤན་རལ་གྲིས་དབང་བསྐུར་བས་ཉོན་མོངས་པའི་སྒྲིབ་པའི་དྲ་བ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་དྲ་བ་གཅོད་པའི་རལ་གྲི་དེ། །མི་ཤེས་ཉོན་མོངས་རྒྱུ་རྣམས་བཅད་ནས་ཀྱང་། །བླ་མེད་བྱང་ཆུབ་གནས་སུ་བགྲོད་པའི་ཕྱིར། །ཉོན་མོངས་སྒྲིབ་པའི་དྲ་བ་གཅོད་པར་ཤོག །ཉོན་མོངས་དགྲ་རྣམས་མ་ལུས་བཅོམ་ནས་ཀྱང་། །བདེ་བའི་དོན་རྟོགས་ནག་ཁྲོད་དབེན་པར་གནས། །བདག་དོན་ལྷུན་གྲུབ་གཞན་དོན་མཐར་ཕྱིན་པས། འདི་ནི་ཚུལ་ཁྲིམས་དབང་གི་བཀྲ་ཤིས་ལེའུ་བཅུ་གསུམ་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ། །ཆུ་བོ་ན་ར་ཛ་ནའི་འགྲམ་དུ་བཀའ་ཐུབ་རྫོགས་པ་སུམ་ཅུ་རྩ་གསུམ་གྱིས་ལྷའི་བུ་ཡིད་བཞིན་འབྱུང་བས། སྲེག་ཤང་དང་བར་བུ་ཕུལ་བས། འགྲོ་བའི་དོན་མཐར་ཕྱིན་པར་རྫོགས་པའི་དབང་དམ་པ་ཐོབ་པོ། །དེ་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཀྱིས་སྲེག་པར་ཀྱིས་རྫས་ཀྱི་དབང་བསྐུར་བས། བདག་དང་འགྲོ་བའི་དོན་མཐར་ཕྱིན་པར་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སེར་སྣ་མདུད་པ་གྲོལ་ཕྱིར་སྲེག་ཤང་བསྣམས། ཆོག་ཤེས་བགང་བ་སླ་ཕྱིར་པར་བུ་བསྣམས། །བསོད་ནམས་ཚོགས་རྫོགས་བྱང་ཆུབ་ཉིད་ཀྱི་སྐུ། །བདག་དང་གཞན་དོན་མཐར་ཕྱིན་རྫོགས་པར་ཤོག །འདི་ནི་དོན་གྲུབ་དབང་གི་བཀྲ་ཤིས་ལེའུ་བཅུ་བཞི་པའོ། །སྔོན་བཅོམ་ལྡན་འདས་བསྙེན་པར་རྫོགས་པ་ལ། །སུམ་ཅུ་རྩ་གསུམ་གྱི་ལྷ་ཞིག་གིས་ན་བཟའ་དུར་སྨྲིག་གསོལ་བས་ཉོན་མོངས་འགྲོ་བ་སྲིད་ལས་སྐྱོབས་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར། བཅོམ་ལྡན་འདས་ཀྱིས་ན་བཟའ་ངུར་སྨྲིག་གི་རྫས་འདིས་དབང་བསྐུར་བས་ཉོན་མོངས་པ་འཁོར་བ་ལས་སྐྱོབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ངན་འགྲོ་སྐྱོབས་ཕྱིར་ན་བཟའ་ཆོས་གོས་གསོལ། །མི་ཤེས་རྨོངས་པ་མ་ལུས་བསལ་བ་དང་། །བག་ཆགས་སྐྱོན་གྱི་དྲི་མས་མ་གོས་པས། །འབྲས་བུ་བྱང་ཆུབ་གནས་སུ་འགྲུབ་པར་ཤོག །འདི་ནི་ཉོན་མོངས་བསལ་བའི་དབང་གི་བཀྲ་ཤིས་ལེའུ་བཅོ་ལྔ་པའོ། །སྔོན་བཅོམ་ལྡན་འདས་མ་ག་ཏ་རུ། །བསོད་སྙོམས་ལ་གཤེགས་པ་ལ། སྦྲེའུའི་རྒྱལ་པོ་སྦྲང་རྩི་ལྷུང་བཟེད་གང་འཕུལ་བས། བཀྲ་ཤིས་པའི་རྫས་མཆོག་དམ་པ་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་རྣམས་ལ་བཀྲ་ཤིས་པའི་རྫས་འདི་དབང་བསྐུར་བས། འབྲས་བུ་ཕུན་སུམ་ཚོགས་པའི་མཆོག་དང་ལྡན་པའི་བཀྲ་ཤིས་པར་གྱུར་ཅིག །རྒྱལ་རིགས་སྦྲེའུ་རྒྱལ་པོ་ཡིས། །སྦྲང་རྩི་ཕུལ་བའི་བསོད་ནམས་མཆོག །ཐུགས་རྗེས་མཐུན་པའི་བྱིན་བརླབས་ཀྱིས། །བཀྲ་ཤིས་སྟོབས་མཆོག་ལྡན་པར་ཤོག །འདི་ནི་བསོད་ནམས་མ ཆོག་གི་དབང་གི་བཀྲ་ཤིས་ལེའུ་བཅུ་དྲུག་པའོ། །སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆུ་བོ་ན་ར་ཛ་རའི་འགྲམ་དུ། དཀའ་ཐུབ་ལོ་གསུམ་མཛད་ལོ་གཉིས་འབྲས་ས་ལེ་ལྗང་པ་ཉག་རེ་གསོལ། ལོ་གཅིག་ཆུ་ཐིག་པ་རེ་གསོལ་ལོ་གཅིག་ཅི་ཡང་མ་གསོལ་ན་ཡང་། སྦྲིབས་ཅིང་སྐྱེམས་པ་མི་མངའ། མས་གྲོང་ཁྱེར་གྱིས་བུས་བས་ཀྱང་མཐོ་ཙམ་པ་ལས། ཉིད་ལ་ཚོར་བའི་རྒྱུ་དུམ་བུ་ཡང་མི་མངའ་སྟེ། རྒྱུ་སྐམ་ཞིང་རིད་པ་ལ་གྲོང་པ་ལེགས་འོང་མའི་བུ་མོ་ལེགས་སྐྱེས་མས། འབྲས་ཆེན་མཁར་གཞོང་གང་ཕུལ་བས། སྐུ་གསེར་གྱི་གཏན་པ་ཕྱིས་པ་བཞིན་གྱུར་ནས། །མཚན་དང་དཔེ་བྱད་དུ་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་རྣམས་ཀྱང་མཚན་དང་དཔེ་བྱད་དུ་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་མེད་པ་འབྲས་ཀྱི་མཆོག །ཞི་བའི་ངང་ལ་རབ་ཏུ་གནས། །བསོད་ནམས་ཐོབ་ཕྱིར་དངོས་པོ་འདི། །མཚན་དང་དཔེ་བྱད་རྫོགས་པར་ཤོག །འདི་ཟས་མཆོག་དབང་གི་བཀྲ་ཤིས་ལེའུ་བཅུ་བདུན་པའོ། །སྔོན་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་དུས་སུ། རྩ་མཆོག་བཀྲ་ཤིས་མས་རྩ་རྨ་བྱའི་མགྲིན་པ་འདྲ་བ་ཕྱག་དུ་ཕུལ་བས། བཅོམ་ལྡན་འདས་ཀྱི་གདན་དུ་བཏིང་པས་བདུད་ཀྱི་མི་ཚུགས་ཤིང་བཀྲ་ཤིས་པའི་རྫས་སུ་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དབང་རྫས་འདིས་དབང་བསྐུར་བས། བཀྲ་ཤིས་པ་དང་བར་ཆད་ཀྱིས་མི་ཚུགས་པའི་དབང་དང་ལྡན་པར་གྱུར་ཅིག །སྔོན་གྱི་དྲང་སྲོང་རྣམས་ཀྱིས་གྲུབ་པ་ཡིས། །བཀྲ་ཤིས་རྩ་མཆོག་རྨ་བྱའི་མགྲིན་པ་འདྲ། །ལེགས་པ་ཀུན་རྫོགས་ཉེས་པ་མེད་པ་དེ། །འགྲོ་བའི་དོན་དུ་བཀྲ་ཤིས་རྫོགས་པར་ཤོག །འདི་ནི་རྩྭ་མཆོག་དབང་གི་བཀྲ་ཤིས་ལེའུ་བཅོ་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་སྐྱེས་བུ་གྱད་ཀྱི་ཉེ་འཁོར་ན་བཞུགས་པའི་ཚེ། བྱང་ཕྱོགས་ཚངས་པ་ཉེ་མགོན་དང་། ལེགས་སྐྱབས་ཀྱི་བུ་རམ་ཤིང་ཤུན་པ་དང་མ་བྲལ་བ་དང་། སྦྲང་རྩི་ཡོན་དུ་ཕུལ་བས། ཤིན་ཏུ་བཀྲ་ཤིས་པའི་རྫས་དམ་པ་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་རྣམས་ལ་བཀྲ་ཤིས་པའི་རྫས་འདིས་དབང་བསྐུར་བས། བཀྲ་ཤིས་སྐྱེ་འཆི་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཐམས་ཅད་ཀུན་གྱི་སྙིང་པོ་ཡོན་མཆོག་ཏེ། །དད་པ་སྐྱེས་ནས་མཆོག་གནས་བྱས་པ་དང་། །འབྲས་བུ་སྨོན་ལམ་མྱུར་དུ་ཐོབ་པའི་ཕྱིར། །འདི་དག་བཀྲ་ཤིས་མྱུར་དུ་རྫོགས་པར་ཤོག །འདི་ནི་ཤེས་རབ་མཐར་ཕྱིན་དབང་གི་བཀྲ་ཤིས་ལེའུ་བཅུ་དགུ་པའོ། །སྔོན་བཅོམ་ལྡན་འདས་ཀྱིས་མཛད་པ་བཅུ་གཉིས་ཡོངས་སུ་རྫོགས་པར་མཛད་པའི་དུས་སུ། དཔལ་ཆེན་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་མཆོད་རྟེན་གཉིས་ཀྱི་དབང་བསྐུར་བར་མཛད་པས་ཤིན་ཏུ་བཀྲ་ཤིས་པའི་རྫས་དམ་པ་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་རྣམས་ལ་བཀྲ་ཤིས་པའི་རྫས་མཆོད་རྟེན་གཉིས་ཀྱི་དབང་བསྐུར་བས། བཀྲ་ཤིས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཡོན་ཏན་མཐར་རྫོགས་སངས་རྒྱས་ས་ལ་གནས། །གོ་འཕང་བླ་མེད་རྒྱལ་ཐབས་སྤྱོད་པ་གཅིག །འགྲོ་དོན་མཐར་ཕྱིན་འཇིག་རྟེན་གསུམ་གྱི་མགོན། །མཛད་པ་མཐར་ཕྱིན་བཀྲ་ཤིས་རྫོགས་པར་ཤོག །འདི་ནི་མཆོད་རྟེན་དབང་གི་ལེའུ་སྟེ་ཉི་ཤུ་པའོ། །གཉིས་པ་ནུས་པའི་དབང་ལྔ་སྟེ། ཉན་དབང་དང་། བསྒྲུབ་དབང་དང་། འཆད་དབང་དང་། ཕྲིན་ལས་ཀྱི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །དབང་དེ་ལྔའི་ཆོ་ག་ཡང་གོང་དང་མཐུན་ནོ། །གསུམ་པ་གསང་བ་ཟབ་མོའི་དབང་ལ་གསུམ་སྟེ། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། །དབྱེར་མེད་བདེ་བ་ཆེན་པོའི་དབང་ངོ་། །དབང་དེ་གསུམ་གྱི་ཆོ་གའི་དོད་ནི། ལམ་འཁྱེར་བཞི་ལ། ཐེག་པ་ལམ་འཁྱེར་བྱང་ཆུབ་སེམས་དཔའ། ལྷ་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་སྐོར་བར་བསམ། ཙ་ཀ་ལིའི་ལྷ་བཅོ་ལྔ། སྙིང་པོ་ཏདྱ་ཐཱ་ༀ་ག་ཏེ། དབང་མཛད་པ་ཉི་ཤུའི་དབང་། གདམས་ངག་ནི་བུ་གཅིག་པ་ལ་མས་བརྩེ་བ་ལྟ་བུ། །བྱམས་པ་དང་སྙིང་རྗེ་སྒོམ་པའི་སྒོ་ནས། །སེམས་ཅན་ཐམས་ཅད་ཁྱབ་པར་བསྒོམས། །ལྟ་བ་ནི་བདག་མེད་ཀྱི་དོན་རྟོགས། བསྒོམ་པ་ནི་རྣམ་པར་མི་རྟོག་པ་བསྒོམ་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུགལྡན་བསྒྲུབ་པ་ཉམས་སུ་བླང་། འབྲས་སུ་བཅུ་གཅིག་ཀུན་ཏུ་འོད་ཐོབ། སྒོམ་ཆེན་གྱི་འདུག་ཚུལ་ནི། ཡུལ་དཔོན་ཡུལ་ཚིས་བྱེད་པ་ལྟ་བུ། སྤྱི་དོན་ལ་དམིགས་པ་ཁོ་ནའོ། །དེ་ལ་ཡེ་ཤེས་ཀྱི་ངང་སྒོམ་གྱི་དབང་དུ་བྱས་ན། དེ་ཡང་བདེན་པ་གཉིས་ཀྱི་དོན་བསྒོམ་པ་སྟེ། དེ་ནས་ཀུན་རྫོབ་ཀྱི་དབང་དུ་བྱས་ན། དབང་རྫས་ལག་ཏུ་གཏད་ནས། ཏིང་ངེ་འཛིན་དང་ཆོ་གས་དབང་བསྐུར་བྱ །བསྐུར་བྱེད་བཅས་པ་ཡེ་ཤེས་ཆེན་པོའི་མཛད་པ་ཉི་ཤུའི་དབང་དེ་རང་ཡིན་པས། དོན་དམ་པ་ན་སྙིང་གི་དཀྱིལ་དུ་ཐིག་ལེ་ལྕོག་སྒོ་ཙམ་ཅིག་སྒོམ །འོད་ཀྱི་རྣམ་པ་ཁ་དོག་དུའང་མ་ངེས་པ་ཅིག་བསྒོམ། དེའང་ཐིག་ལེ་སྟོང་པ་སྐྱེ་བ་མེད་པ། ཞེས་སོ། །ཐིག་ལེ་དེ་ལ་བརྟག་པས་ཁ་དོག་གི་རྣམ་པ་མ་འགགས་པ་ཅིར་ཡང་སྣང་བ། ཁ་དོག་རྣམས་ལ་བརྟགས་པས། ཕྱོགས་གཅིག་པས་གང་དུའང་མ་འགྲུབ་པོ། །དེ་བཞིན་དུ་ཀུན་རྫོབ་དུ་དབང་རྫས་དང་དབང་བསྐུར་བ་ལ་སོགས་ཅིར་ཡང་མ་འགགས་པར་ཤར་ཡང་། དོན་དམ་པར་ན་གང་དུ་ཡང་མ་དམིགས་པར་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་ཅིའི་ངོ་བོར་མ་གྲུབ་པར་གནས་པ་ཡིན་ནོ། །དེ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མ་བཅོས་པར་གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ་གསུངས་སོ། །དེའི་རྗེས་ལ་རྟགས་ཀུན་རྫོབ་མ་འགག་པའི་སྣང་ཆ། རང་ཉིད་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་བསྒོམས་ལ། སྤྱོད་པ་རྣམ་བཞི་ལྷ་དང་མི་འབྲལ་བར་བྱ་བ་ནི། བདེན་པ་གཉིས་ཟུང་དུ་འཇུགཔའི་ལམ་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱིས་ངང་བསྒོམ་ཆེན་མོའི་ཐད་དཀར་གཟིགས་ཤིག །ད་ནི་བྱང་ཆུབ་སེམས་དཔའི་གནས་དྲུག་བཤད་ན། གང་དུ་བསྐུར་བའི་གནས་ནི། བྱ་རྒོད་ཕུང་པོའི་རིའི་རྒྱལ་པོའ་ིཁབ་དུ་བསྐུར། །གང་གིས་བསྐུར་བའི་སྟོན་པ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར། གང་ལ་བསྐུར་བའི་འཁོར་ནི། བྱང་ཆུབ་སེམས་དཔའ་རྒྱལ་བ་དོན་གྲུབ་ལ་སོགས་པ་ལ་བསྐུར། གང་བསྐུར་བའི་དབང་ནི། ཡེ་ཤེས་མཛད་པ་ཉི་ཤུའི་དབང་བསྐུར། ཅིའི་ཕྱིར་ན་དབང་བསྐུར་ན་མཛད་པ་ཉི་ཤུ་ཡོངས་སུ་རྫོགས་པ་འམ། མི་ལུས་ལྷ་རུ་བསྒྲུབ་པར་བྱ་བའི་ཕྱིར་བསྐུར། དགོས་པ་ནི་བདུད་ཀྱི་དཔུང་འཇོམས་ནས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་འཇུག་པའི་དགོས་པ་ཡོད། དེ་ཡང་གཞུང་ལས། །གང་གིས་གང་ལ་གང་དུ་ཅི་ལྟ་བར། །ཚུལ་དང་དགོས་པར་བཅས་པ་རྣམ་དྲུག་གིས། །འདི་ནི་བྱང་ཆུབ་སེམས་དཔའི་འགག་དྲུག་ཡིན་ཞེས་སོ། །དེ་ནས་བཀྲ་ཤིས་གསོལ། ཡོན་འབུལ། དལ་བསྡུ། འདི་དག་ཕ་རོལ་ཏུ་ཕྱིན་པའི་དབང་གི་གདམས་པ་ཏེ། ཕལ་ལ་མ་མཆིས་ཐུགས་ཀྱི་དཀྱིལ་དུ་ཕྱུང་། ཨ་ཧོ་ས་མ་ཡ་སྟམ། ནོར་བུ་བྱི་དོར་བྱས་ན་དགོས་པ་འབྱུང་། །རྩ་ཆ་རྣམས་སུ་བྱས་ན་རྒལ་ཅན་འཕགས། །དྲང་པོའི་ཐིག་གདབ་སྒུར་པོ་རས་སུ་འགྲོ། །སྦལ་བུ་པདྨའི་དྲུང་ན་འདམ་ལ་སྤྱོད་ཅེས་གསུངས་སོ། །གསུམ་པ་རྗེས་ནི། ཡོན་དང་མཎྜལ་ཕུལ་ལ། བསྔོ་བ་སྨོན་ལམ་དང་བཀྲ་ཤིས་བརྗོད། ཚོགས་དང་དགའ་སྟོན་རྒྱ་ཆེན་བྱ། གླུ་གར་དང་། རྩེད་འཇོའི་ཉམས་སྐྱངས། རྗེས་ཆོག་ནི། མཆོད་པ་དང་། བསྟོད་པ་དང་། བསྔོ་བ་དང་། བཟོད་གསོལ་དང་། གཤེགས་གསོལ་དང་བཀྲ་ཤིས་བརྗོད་ལ། དཀྱིལ་འཁོར་བསྡུ། དེ་ནི་བྱང་ཆུབ་སེམས་དཔའི་དབང་གི་ཐེམ་སྐས་རྫོགས་སོ།། །།མངྒ་ལཾ། ཤུ་བྷཾ།