cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་དགུ་པ།

གླེགས་བམ། ཧ༽

རྨོག་སྟོན་རྡོ་རྗེ་དཔལ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

མདོ་དབང་ཁམས་ལུགས་སུ་གྲགས་པ་སྦྲང་རྩིའི་ཆུ་རྒྱུན་པོད་གཉིས་པ་དང་པོ་ཕྱི་དབང་གི་ཆུ་བོ་ལས་ཀྲི་ཡའི་དབང་གི་ཐེམ་སྐས། རྨོག་སྟོན་རྡོ་རྗེ་དཔལ།

དང་པོ་ཕྱི་དབང་གི་ཆུ་བོ་ལས། ཨཱཿ ཀྲྀ་ཡའི་དབང་གི་ཐེམ་སྐས་བཞུགས་སོ། །ལྔ་པ་བྱ་བའི་རྒྱུད་ཀྱི་དབང་ལ་གཉིས་ཏེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ནི། ཚད་དང་ལྡན་པའི་ས་སྟེགས་ལ། །དྲི་བཟང་ཆུ་ཡིས་ཆག་ཆག་གདབ། །བྱིན་བརླབས་ལྡན་པའི་ཐིག་སྐུད་ཀྱིས། །ཆ་ཆེན་བཅུ་དྲུག་ལེགས་པར་གདབ། །དེ་ནས་ཆ་བྲན་གདབ་པ་ནི། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞི་མཉམ་དུ་གདབ། །གསུམ་པ་བཞི་པ་དོར་བར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་ཆ་བཞི་མཉམ་དུ་གདབ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། དེ་ནས་མུ་ཁྱུད་བསྐོར་བ་ནི། །ཆ་ཆེན་གཅིག་ནས་ལྟེ་བ་བསྐོར། །ཆ་ཆེན་གཉིས་ནས་རྩིབས་བཞི་བསྐོར། །ཆ་ཆེན་གསུམ་ནས་རྩིབས་བཅུ་བསྐོར། །གླང་གུར་རྡོ་ར་སྤྱི་དང་མཚུངས། །ཟླ་ཡབ་ཟུར་ཐིག་ཕྲད་སོ་ནས། །པད་ར་རྡོ་ར་མེ་རི་ལ། །ཅི་རིགས་འཚམས་པ་བསྐོར་བར་བྱ། །བྱིན་བརླབས་ལྡན་པའི་ཚོན་རྩི་ཡི། །མཁས་པས་རེ་ཁ་ལེགས་པར་བྲི། །དབུས་ཀྱི་ལྟེ་བ་སེར་པོ་བྱེད། །མཚམས་བཞིའི་རྩིབས་བཞི་སེར་པོ་ལ། །ཕྱོགས་བཞིར་གྲི་གུག་བཞི་ཡང་བྲི། །དེའི་ཕྱི་ལ་རྩིབས་བཅུ་སྔོ། །རྩིབས་འཆན་དམར་པོ་གྲུ་ཆད་ནི། །ཤར་དམར་ལྷོ་ལྗང་ནུབ་དཀར་པོ། །བྱང་སེར་ལྷ་རྣམས་ཕྱོགས་མདོག་གོ །རྩིགས་པ་ལ་སོགས་གོང་དང་མཐུན། །དེ་ནས་རྣམ་པ་བགོད་པ་ནི། །དབུས་སུ་རིགས་གསུམ་མགོན་པོའི་སྐུ། །རྩིབས་བཞི་ལ་ནི་གཏུམ་པོ་བཞི། །རྩིབས་མཆན་བཞི་ལ་གྲི་གུག་བཞི། །རྩིབས་བཅུ་ལ་ནི་ཁྲོ་བོ་བཅུ། །གསུང་ཐུགས་རྟེན་ནི་གོང་དང་མཚུངས། །ལྷག་ཆད་གསལ་ཞིང་ཞལ་གསོས་མཆོད། །མཆོད་ཡོན་ལ་སོགས་ཕྱི་མཆོད་དང་། །གཏོར་མ་བཤམས་པ་ལ་སོགས་དང་། །བུམ་སོགས་བཤམ་པ་གོང་དང་མཐུན། །དེ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་རབ་གནས་ཀྱི་དོན་ནི། དཔོན་སློབ་རྣམས་གདན་ལ་བཞུགས་ཤིང་། །སྔོན་འགྲོ་གཏོར་མ་ཆ་བཞི་འམ། །ཆ་ཅིག་བཤམས་ལ། བྱིན་གྱིས་བརླབས་ལ་བསྔོ་ཞིང་འཚམས་བཅད་པ་དང་། མཆོད་པ་བྱིན་གྱིས་རླབས་པ་དང་། སྐྱབས་འགྲོ་སེམས་བསྐྱེད་རྣམས་གོང་བཞིན་སྔོན་དུ་སོང་ནས། དངོས་གཞི་བདག་བསྐྱེད་ནི། ༀ་སྭ་བྷ་ཝ། སྟོང་པའི་ངང་ལས། བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི། སྒོ་བཞི། རྒྱན་རྟ་བབས་དང་བཅས་པའི་ནང་དུ། དངོས་གཞི་ལ་གསུམ་སྟེ། བདག་བསྐྱེད་དང་། མདུན་བསྐྱེད་དང་། བུམ་བསྐྱེད་དོ། །དང་པོ་ལ་བརྒྱད་དེ། དམ་ཚིགས་སེམས་དཔའ་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་དང་། ཁྲུས་གསོལ་བ་དང་། གདན་འབུལ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་། བསྟོད་པ་དང་། བསྙེན་པའོ། །དང་པོ་ལ་གཉིས་ཏེ། གཙོ་བོ་བསྐྱེད་པ་དང་འཁོར་བསྐྱེད་པའོ། །དང་པོ་ལ་གཉིས་ཏེ་བསྐྱེད་པ་དང་བྱིན་གྱིས་བརླབས་པའོ། །དང་པོ་ནི་ཡེ་ཤེས་ཀྱི་ཚོགས་ཅི་ཡང་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས། འབྱུང་བ་རིམས་བརྩེགས་རི་རབ་དང་བཅས་པའི་སྟེང་དུ། རྡོ་རྗེའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་འཁོར་ལོ་རྩིབས་བཞི། དེའི་ཕྱི་རིམས་དུ་འཁོར་ལོ་རྩིབས་བཅུ། འཁོར་ལོའི་ལྟེ་བར་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ། པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ། ཧཱུཾ་སྔོ་ནག་གཅིག་གསལ་བ་ལས། ན་མ་ཙན་དྷ་བཛྲ་ཀྲོ་དྷ་ཡཱ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷན་དྷ་བྷན་དྷ་ཧ་ན་ཧ་ན་ཨ་སྨྲྀ་ཏ་ཧཱུཾ་ཕཊ། ཅེས་བརྗོད་པས་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དོར་ཐབས་ཀྱི་ཉི་མའི་གདན་རྫིས་པ། ཤིན་ཏུ་ཁྲོས་ནས་སྤྱན་གསུམ་དམར་ལ་ཟླུམ་པ། བསྐལ་པའི་མེ་དཔུང་གི་ཀློང་ན་བཞུགས་པ། མཆེ་བ་རྣོ་དཀར་ཟངས་ཡག་ཏུ་བརྩིགས་པ། ཨག་ཚོམ་རྨ་ར་ཁམ་པ་གྱེན་དུ་བརྫེས་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བའི་རྩ་བར་སྦྲུལ་དང་རྡོ་རྗེའི་འཕྲེང་བ་བཅིངས་པ། གཡས་རྡོ་རྗེ་རྒྱ་གྲམ་བསྐོར་ཚུལ་གྱིས་འཛིན་པ། གཡོན་པ་སྡིགས་འཛུག་ཐུགས་ཁར་བསྒྲེང་བ། སྐུ་སྨད་ལ་སྟག་གིས་ཤམ་ཐབས་བྱས་པ། སྐུ་སྟོད་ལ་དར་ལྗང་ཁུའི་ཆོས་གོས་མནབས་པའི་འཕེལ་ཀ་རླུང་གིས་གཡེང་བ་ལྟ་བུ། དབུའི་རལ་ཆིངས་རྒྱལ་རིགས་དཀར་པོ་ལ་བྱས་པ། རྣ་བརྒྱན་རྗེ་རིགས་ཁྲ་བོ་ལ་བྱས་པ། ཕྱག་གདུབ་བྲམ་ཟེ་སེར་པོ་ལ་བྱས་པ། ཞབས་གཉིས་གདོལ་པ་ནག་པོ་ལས་བྱས་པ། ཀླུའི་ཕོ་ཉའི་རིགས་ནག་པོ་སེ་རལ་ཁར་ཐོགས་པ། དབུ་ལ་རིན་པོ་ཆེའི་སྲོག་ཞུ་དང་། སྙན་ཆ། མགུལ་རྒྱན་ཕྱག་ག དུབ། ཞབས་གདུབ། སྐུ་རགས་བཅིངས་པ། འོད་སྐལ་པའི་མེ་དཔུང་འབར་བའི་ནང་ན། ཧཱུཾ་ཧཱུཾ་ཕཊ་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ལྟར་སྒྲོགས་པ། གདུག་པ་ཅན་ཐམས་ཅད་འདུལ་བའི་ཚ་རྔམ་གྱི་སྐུར་སྒོམ། གཉིས་པ་བྱིན་བརླབས་ལ་གཉིས་ཏེ། གནས་ལྔ་བརླབས་པ་དང་། ཁ་ལག་བྱིན་གྱིས་བརླབས་པའོ། །དང་པོ་ནི། ༀ་སརྦ་བྷྱིད་ཀྵ་བཛྲ་བཛྲ། སྤྱི་བོར་ཟླ་བའི་སྟེང་དུ། རྡོ་རྗེ་དཀར་པོ་ༀ་གྱིས་མཚན་པ། པོ་ཏ་བཛྲ་བཛྲ། མགྲིན་པར་པདྨའི་སྟེང་དུ་རྡོ་རྗེ་དམར་པོ་ཨཱས། མཚན་པ། ཀ་ཏ་བཛྲ་བཛྲ། ཐུགས་ཁར་ཉི་མའི་སྟེང་དུ་རྡོ་རྗེ་མཐིང་ནག་ཧཱུཾ་གིས་མཚན་པ། མ་ཏ་བཛྲ་བཛྲ། ལྟེ་བར་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་སེར་པོ་ཏྲཾ་གིས་མཚན་པ། མ་ཐ་བཛྲ་བཛྲ། གསང་གནས་སུ་ཨེ་གྲུ་གསུམ་གྱི་སྟེང་དུ་རྡོ་རྗེ་ལྗང་ཁུ་ཧས་མཚན་པ། ཨ་ཏ་ཧ་ས་ནི་ལ་བཛྲ། དཔུང་པ་གཡས་སུ་ཟླ་བའི་སྟེང་དུ་རྡོ་རྗེ་མཐིང་ནག་ཧཱུཾ་གིས་མཚན་པ། སུ་བཛྲ་ཡེ་སྭཱ་ཧཱ། དཔུང་པ་གཡོན་དུ་ཟླ་བའི་སྟེང་དུ་རྡོ་རྗེ་འཐིང་ནག་ཧཱུཾ་གིས་མཚན་པ་བསྒོམ། དེ་ནི་འབྲས་བུ་བྱང་ཆུབ་སེམས་དཔའ་བདུན་གྱི་ངོ་བོ་ཡིན། གཉིས་པ་ཁ་ལག་བྱིན་གྱིས་བརླབས་པ་ནི། རང་གི་ལྕེ་རྡོ་རྗེ་རྩེ་གསུམ་པ་འཕྲེད་ཉལ་དུ་འདུག་པའི་བུམ་པ་ཧཱུྃ་གིས་མཚན་པ། ལག་པ་རྡོ་རྗེ་རྩེ་ལྔ་པ། བུམ་པ་གདུ་གུ་ལྟར་འདུག་པར་བསྒོམ་མོ། །དེའི་གཡས་སུ་འཇམ་དབྱངས་སྐུ་མདོག་དམར་གསེར་ཞལ་ཕྱག་གཉིས་པ། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་གླད་ལ་འཕྱར་བ། གཡོན་པ་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ཐུགས་ཁར་བསྣམས་པ། དར་དང་རིན་པོ་ཆེའི་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་དཀྱིལ་དཀྲུངས་གིས་བཞུགས་པར་བསྒོམས། གཡོན་དུ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གོང་མ་གཉིས་ཐུགས་ཁར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ཤེལ་དཀར་གྱི་འཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་པ། གཡོན་འོག་མ་ན་པདྨ་འདབ་མ་དྲུག་པའི་ཡུ་བ་འཛིན་ཅིང་། སྙན་གྱི་ཐད་ཀར་ཁ་གྱེས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་པར་བསྒོམ། གཉིས་པ་འཁོར་བསྐྱེད་པ་ནི། ཚིན་དྷ་ཚིན་དྷ་མ་ཧཱ་ཀི་ལི་ཀི་ལ་སྭཱ་ཧཱ། བྱང་ཤར་འཁོར་ལོའི་རྩིབས་སྟེངས་སུ། རྡོ་རྗེ་གཏུམ་པོ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིིས་ཤིན་ཏུ་ཁྲོས་པ། གཡས་རྡོ་རྗེ་རྩེ་ལྔ། གཡོན་སྡིག་མཛུབ་ཅན། ཙུ་རུ་ཙུ་རུ་ཙན་དྷ་ལི་བཛྲ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ཤར་ལྷོར་རྡོ་རྗེ་ཕུར་བུ་སྐུ་སེར་ནག་གཡས་རྡོ་རྗེ་རྩེ་གཅིག །གཡོན་སྡིག་མཛུབ། བྷན་དྷ་བྷན་དྷ་ཀྲོ་ཏ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ལྷོ་ནུབ་དུ་རྡོ་རྗེ་བེ་ཅོན་སྐུ་མདོག་ད མར་ནག་གཡས་དབྱུག་པ་གཡོན་སྡིག་མཛུབ། ཏྲ་ས་ཡ་ཏྲ་ས་ཡ་བཛྲ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ནུབ་བྱང་རྡོ་རྗེ་ཁྲོ་བོ་སྐུ་མདོག་ནག་པོ་གཡས་ཐོ་བ་གཡོན་སྡིག་མཛུབ། འཚམས་བཞིར་གྲི་གུག་བཞི་བསམ་པ་ཡུམ་དུ་མོས། ཁྲོ་བོ་དེ་རྣམས་ནི་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙེགས་པ། རལ་པ་ཁམ་ནག་གྱེན་དུ་འཁྱིལ་བ། སྟགས་གི་ཤམ་ཐབས་ཅན། ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པ། སྐལ་པའི་མེ་དཔུང་གི་ནང་དུ་བཞུགས་པའོ། སྐད་ཅིག་གིས་རྫུས་སྐྱེས་སུ་བསྐྱེད་དོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུར་ཉི་མའི་དཀྱིལ་འཁོར་བཅུའི་སྟེང་དུ། ༀ་ཧ་ར་ཧ་ར་བཛྲ། ཤར་བསྟོད་དུ་ཧཱུཾ་མཛད། མ་ཐ་མ་ཐ་བཛྲ། ནུབ་སྨད་དུ་སྟོབས་པོ་ཆེ། དྷུ་ན་དྷུ་ན་བཛྲ། ཤར་དུ་རྣམ་པར་རྒྱལ་བ། དྷ་ཧ་དྷ་ཧ་བཛྲ། ཤར་ལྷོར་དབྱུག་པ་སྔོན་པོ། པ་ཙ་པ་ཙ་བཛྲ། ལྷོར་གཤིན་རྗེ་གཤེད། དྷ་ར་དྷ་ར་བཛྲ། ལྷོ་ནུབ་དུ་མི་གཡོ་མགོན་པོ། ཧ་ར་དྷ་ར་ཡ་བཛྲ། ནུབ་ཏུ་རྟ་མགྲིན། དྷ་རུ་ན་དྷ་རུ་ན་བཛྲ། ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ། ཚིན་དྷ་ཚིན་དྷ་བཛྲ། བྱང་དུ་བདུད་རྩི་འཁྱིལ་པ། བྷིནྡྷ་བྷིནྡྷ་བཛྲ་ཧཱུཾ་ཕཊ། བྱང་ཤར་དུ་ཁམས་གསུམ་རྣམ་པར་རྒྱལ་བ། ཁྲོ་བོ་དེ་དག་ཐམས་ཅད་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཁྲོས་པའི་ཆ་བྱད་ཅན། གཡས་རྡོ་རྗེ་རྩེ་ལྔ། གཡོན་ཐམས་ཅད་སྡིག་མཛུབ། ཉི་མའི་གདན་ལ་བརྐྱང་སྐུམ་གྱིས་བཞུགས་པ། སྟགས་ལྤགས་ཀྱི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེས་བརྒྱན་པ། བསྐལ་པའི་མེ་རི་འབར་བའི་དབུས་ན། ཧཱུཾ་ཧཱུ་ཱུཾཕཊ་ཕཊ། ཆེམས་རྔམས་གྱིས་སྒྲ་དང་བཅས་ཏེ་བཞུགས་པའོ། །དེའི་ཕྱི་རོལ་འཁོར་ཡུག་གི་སྟེང་དུ་མཆོད་པའི་ལྷ་མོ་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་བ་བཞི་མོས་པའམ་ཅུང་ཟད་གསལ་བར་བསྐྱེད་དོ། །དེ་ཡན་ནི་དམ་ཚིག་སེམས་དཔའ་བསྐྱེད་པའོ། །གཉིས་པ་སྤྱན་དྲངས་པ་ནི། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཿཐུགས་ཁར་ཧཱུཾ། ཧཱུཾ་ལས་འོད་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་སྤྱན་དྲང་བ་ནི། རྡོ་རྗེ་དྲིལ་བུ་དང་བཅས་པས་འདི་སྐད་དུ། ཧཱུཾ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ༀ་ཨེ་ཧྱ་ཧི་བྷ་ག་བན། མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོཿཛཿཧཱུཾ་བཾ་ཧོ། ཞེས་མདུན་གྱི་ནམ་མཁའ་ནས་བྱོན་པར་བསམ། གསུམ་པ་ཞལ་བསིལ་དབུལ་བ་ནི། ཡང་དག་ཉིད་དུ་བདག་མེད་ཀྱང་། འཇིག་རྟེན་སྲིད་ཞུའི་ཚུལ་གྱིས་ནི། ཕྱག་དང་ཞབས་གཉིས་བསིལ་མཛོད་ལ། འདི་ཉིད་དུ་ནི་བཞུགས་སུ་གསོལ། ༀ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཧཾ༔ བཞི་པ་གདན་དབུལ་བ་ནི། མྱ་ངན་མི་འདའ་ཐུགས་རྗེའི་ངང་། །ཉོན་མོངས་མ་སྤངས་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའི་གདན་ལ་བཞུགས་སུ་གསོལ། །ༀ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ལྔ་པ་ཕྱག་འཚལ་བ་ནི། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པས་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་ཉིད་ལ་ནི་སྐྱབས་སུ་མཆི། །ཧཱུཾ་བཅོམ་ལྡན་རྣམ་པར་འཇོམས་པའི་གཙོ། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་ཀུན་གྱི་གཙོ། །སྐུ་ཡི་འོད་ཟེར་བསྐལ་པའི་མེ་ལྟར་འབར། །གཟིགས་མདངས་སྡང་གཟིགས་ཉི་ལྟར་འབར་བའི་བརྗིད། །སྤྱན་གསུམ་བསྒྲད་པས་སྡང་མིག་ཟླུམ་ཞིང་འབར། །ལོག་འདྲེན་བགེགས་འདུལ་མཛད་ལ་ཕྱག་འཚལ་ལོ། །ཉོན་མོངས་དུག་འཇོམས་མཛད་པའི་སྐུ་ཉིད་དུ། །ནོར་བུ་རྣ་ཆས་བརྒྱན་ཅིང་ཀླུ་ཆེན་བརྒྱན། །སྦྲུལ་གདུགས་གཟུགས་ཀྱི་ཚོགས་འཛིན་རྣམས་ཀྱིས་སྤྲས། །ཞེ་སྡང་དུག་འཇོམས་མཛད་ལ་ཕྱག་འཚལ་ལོ། །ན་མོཿཧཱུཾ། ན་མིཿཧཱུཾ། ན་མོ་ན་མི་ཧཱུཾ། ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། དྲུག་པ་མཆོད་པ་འབུལ་བ་ནི། །ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ། ༀ་སྭ་བྷ་ཝ། ཏྲཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ་དྲི་ཆབ། ཞལ་ཟས། རོལ་མོའི་སྒྲ་དང་བཅས་པས། ནམ་མཁའ་བར་སྣང་ཐམས་ཅད་ཡོངས་སུ་གང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་རང་བཞིན་ཐོགས་པ་མེད་པར་གྱུར། ༀ་ན་མ་སརྦྦ་ཏ་ཐ་ག་ཏ་ཨརྒཾ་པྲ་ཏི་ཛ་ཡེ་སྭཧཱ། པ་ཏཾ། དྷུ་པེ། པུཥྤེ། ཨ་ལོ་ཀེ །གྷནྡྷེ། ནཻ་ཝཻ་ཏེ། ཤབྟ་ཨཱཿཧཱུཾ། རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། །སེམས་ཅན་དྲི་མའི་བག་ཆགས་བསལ་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །ༀ་མ་ཧཱ་ར་ཨ་ཧ་ར་སརྦ་བྷི་དྷ་ར་ཨརྒཾ་པུ་ཙ་མེ་ག་ས་མུནྟ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡན་པས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ༀ་ན་མཿསརྦ་ཏ་ཐཱ་དྷུ་པེ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་མཛད་པའི། །རིན་ཆེན་དབྱིབས་ལེགས་ལྷ་རྫས་མེ་ཏོག་འདི། །ནམ་མཁའ་གང་བར་ཡིད་ཀྱིས་མངོན་སྤྲུལ་ཏེ། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ༀ་ན་མ། པུཥྤེ། ཉོན་མོངས་དུག་སྲེགས་མ་རིག་མུན་སེལ་བའི། །ཤེས་རབ་གཟི་མདངས་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །ཡེ་ཤེས་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ༀ་ན་མ་ཨ་ལོ་ཀེ །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡན་པ་ཡིས། །སྤོས་མཆོག་རྣམས་ཀྱི་ཐུབ་དབང་རྒྱལ་བའི་སྐུ། །གསེར་མདོག་བཙོ་མ་བྱི་དོར་བྱས་འདྲ་བའི། །འོད་ཆགས་འདྲ་བ་དེ་ལ་བྱུག་པར་བགྱི། །ༀ་ན་མ། གྷནྡྷེ། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ན། །ཡེ་ཤེས་ཐུགས་རྗེས་དགོངས་ཏེ་གཤེགས་སུ་གསོལ། །ༀ་ན་མ། ནེ་ཝེ་ཏེ། དྲིལ་ཆེན་བསིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་འབུལ་ལགས་ན། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་པར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ༀ་ན་མ། ཤཔྟ་ཨཱ་ཧཱུཾ། བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ལ། །མཆོད་པ་བླ་ན་མེད་པས་མཆོད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །ཡིད་དུ་འོང་བའི་མཆོད་སྤྲིན་དང་། །རོལ་མོ་བསིལ་སྙན་འཕན་གདུགས་དང་། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །མེ་ཏོག་འཕྲེང་བ་བདུག་པ་དང་། །མཆོད་སྤྲིན་སྣ་ཚོགས་ཕྱོགས་བཅུར་འབུལ། །ཕྱོགས་བཅུའི་སངས་རྒྱས་བདེན་པ་དང་། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །བླ་མེད་མཆོད་པ་སྤྲིན་འབྱུང་ཞིང་། །ཡོན་ཏན་བརྒྱད་ལྡན་ཐམས་ཅད་ཀྱི། །ཞབས་ལ་སྤྱི་བོས་གཏུག་གྱུར་ཅིག །བདུན་པ་བསྟོད་པ་བྱ་བ་ནི། །ༀ་ཆོས་དབྱིངས་ཡེ་ཤེས་རྣམ་རྟོག་འཇོམས། །ཉོན་མོངས་དགྲ་དེ་ཡེ་ཤེས་སྐུ། །རྟོགས་པ་དྲི་མ་སེལ་མཛད་པ། །ཕྱག་འཚལ་རྡོ་རྗེ་རྣམ་འཇོམས་ལ། །མེ་ལོང་ཡེ་ཤེས་གཟུང་འཛིན་སྤོངས། །ཞེ་སྡང་དྲི་མ་འཇོམས་མཛད་ཅིང་། །རྡོ་རྗེ་གཏུམ་པོ་ཡེ་ཤེས་སྐུ། །ང་རྒྱལ་རྣམ་གསུམ་འཇོམས་མཛད་ཅིང་། །ཚེ་རིང་དབང་བསྐུར་མཆོག་ཐོབ་མཛད། །ཕྱག་འཚལ་རྡོ་རྗེ་ཕུར་བུ་ལའོ། །སོ་སོར་ཀུན་རྟོག་ཡེ་ཤེས་ཀྱིས། །ལྟ་བ་ངན་པ་འཇོམས་མཛད་ཅིང་། །འདོད་ཆགས་རྣམ་དག་ཤེས་རབ་རྒྱས། །མུན་པ་འཇོམས་ཕྱིར་བེ་ཅོན་ལའོ། །བྱ་བ་རྗེས་བསྒྲུབ་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་ལ་མཆོག་རྩོལ་ཅིག །གདོན་བགེགས་འཇོམས་ཕྱིར་ཤིན་ཏུ་ཁྲོས། །ཡེ་ཤེས་སྐུ་འཇོམས་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་དབུས་སུ་རྡོ་རྗེ་རྣམ་འཇོམས་ནི། །སྐུ་མདོག་མཐིང་ཁ་ནག་པོའི་ཞལ། །ཕྱག་འཚལ་སྣ་ཚོགས་རྡོ་རྗེ་ལ། །དངོས་གཅིག་ཡུ་བ་བརྟེན་མཛད་ཅིང་། །ཡེ་ཤེས་ལུས་ཅན་སྐུ་ཡི་མཆོག །ཚེ་འཕེལ་ཡོན་ཏན་མཐར་ཕྱིན་མཛད། །འགྲོ་བའི་སྡུག་བསྔལ་སེལ་མཛད་པའི། །གཉིས་མེད་སྐུ་ལ་ཕྱག་འཚལ་ལོ། །བྱང་ཤར་རྡོ་རྗེ་ཁྲོ་བོ་ནི། །སྐུ་མདོག་སྨུག་ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་རྩེ་ལྔ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཤར་ལྷོར་རྡོ་རྗེ་ཕུར་བུ་ནི། །སྐུ་མདོག་སེར་ནག་དྲག་པོའི་ཞལ། ཕྱག་ན་རྡོ་རྗེ་རྩེ་གཅིག་བསྣམས། །དེ་ལ་བསྟོད༴ ལྷོ་ནུབ་རྡོ་རྗེ་བེ་ཅོན་ནི། །སྐུ་མདོག་དམར་ནག་དྲག་པོའི་ཞལ། །ཕྱག་ན་རྡོ་རྗེ་བེ་ཅོན་བསྣམས། །དེ་ལ་བསྟོད་དེ༴ ནུབ་བྱང་རྡོ་རྗེ་ཁྲོ་བོ་ནི། །སྐུ་མདོག་ནག་པོ་ཤིན་ཏུ་ཁྲོས། །ཕྱག་མཚན་རྡོ་རྗེ་ཐོ་བ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཧཱུཾ་སྟེངས་ཕྱོགས་ཁྲོ་རྒྱལ་ཧཱུཾ་ཀ་ར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །ཚངས་པ་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །ཞལ་གཅིག་ཕྱག༴ ཞབས་གཉིས༴ དྲི་ཟ་འདུལ་ལ༴ །ཤར་ལྷོར་ཁྲོ་རྒྱལ་དབྱུག་སྔོན་ཅན། །ཞལ་གཅིག༴ ཞབས་གཉིས༴ མེ་ལྷ་འདུལ་ལ༴ ལྷོ་ཕྱོགས་ཁྲོ་རྒྱལ་གཤིན་རྗེ་བཤེད། ཞལ་གཅིག༴ ཞབས་གཉིས༴ གཤིན་རྗེ་འདུལ་ལ༴ ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །ཞལ༴ ཞབས༴ སྲིན་པོ་འདུལ་ལ༴ ནུབ་ཕྱོགས་ཁྲོ་རྒྱལ་རྟ་མགྲིན་ནི། །ཞལ༴ ཞབས༴ ཀླུ་གདོན་འདུལ་ལ༴ ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ། །ཞལ༴ ཞབས༴ རླུང་ལྷ་འདུལ་ལ༴ བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ། །ཞལ༴ ཞབས༴ གནོད་སྦྱིན་འདུལ་ལ༴ བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །ཞལ༴ ཞབས༴ འབྱུང་པོ་འདུལ་ལ༴ །འོག་ཕྱོགས་ཁྲོ་བོ་སྟོབས་པོ་ཆེ། །ཞལ༴ ཞབས༴ ས་བདག་འདུལ་ལ༴ ཧཱུཾ་ལྷ་ཆེན་འདོད་ཆགས་གཞོམ་པའི་ཕྱིར། །ནང་གི་ལྷ་མོར་སྐུ་སྤྲུལ་པ། །སྒེག་མོ་འཕྲེང་བ་དེ་བཞིན་གླུ། །གར་མཛད་ལྷ་མོ་ཕྱག་འཚལ་བསྟོད། །བདེ་གཤེགས་དགྱེས་པ་བསྐྱེད་པའི་ཕྱིར། །འཕགས་པ་མཆོད་ཅིང་སྐུ་སྤྲུལ་པ། །བདུག་སྤོས་མེ་ཏོག་མར་མེ་དང་། །དྲི་ཡི་ལྷ་མོར་ཕྱག་འཚལ་བསྟོད། །བདེ་གཤེགས་མངོན་པར་སངས་རྒྱས་ཚེ། །བཀྲ་ཤིས་རྟག་ཏུ་སྐུ་སྤྲུལ་པ། །དཔལ་བེའུ་འཁོར་ལོ་པདྨ་དང་། །རྒྱལ་མཚན་གདུགས་དང་བུམ་པ་དང་། །དུང་དང་གསེར་ཉ་ལ་སོགས་ཏེ། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་དགྱེས་པ་བསྐྱེད་པའི་ཕྱིར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ། །སྒོ་སྐྱོངས་བསྲུངས་མའི་ཚོགས་རྣམས་ལ། །དད་པས་བརྒྱུད་ཏེ་ཕྱག་འཚལ་ལོ། །དེ་ནས་ཡེ་ཤེས་པ་སྟིམ་མོ། །བརྒྱད་པ་བསྙེན་པ་ནི། རང་གི་ཐུགས་ཁར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་མཐིང་ནག་རབ་ཏུ་འབར་བའི་མཐའ་སྐོར་དུ། ཡང་སྙིང་། དེ་རྒྱབ་ཁྲོ་བཅུའི་གཟུངས། དེ་རྒྱབ་གཟུངས་རིང་གིས་བསྐོར་བར་བསམས་ལ། སྔགས་ལས་འོད་ཟེར་སྤྲོ་བསྡུ་ཁ་དོག་རྣམ་པ་བཞི་དང་སྦྱར། སྔོན་དུ་བསྙེན་པ་ཚད་དུ་བསྐྱོལ་བའི་བརྒྱ་རྩ་བརྒྱད་ལ་སོགས་གང་འགྲུབ་བཟླའོ། །ཐུན་འཇོགས་པའི་ཚེ། མཆོད་བསྟོད་བྱ་བ་ནི། ༀ་བཛྲ་ཨརྒཾ་ལ་སོགས་དང་། ཧཱུཾ་དུས་གསུམ་སངས་རྒྱས་གསང་བའི་མཛོད་འཛིན་ཅིང་། ཁྲོ་བོའི་རྒྱལ་བོ་ཡེ་ཤེས་རྡོ་རྗེ་ཅན། །སྐུ་ཡི་སྤྲུལ་པ་རྡོ་རྗེ་རྣམ་པར་འཇོམས། །རྡོ་རྗེ་རིགས་ཀྱི་ཁྲོ་རྒྱལ་ཕྱག་འཚལ་བསྟོད། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་སྟོན་པ། །འགྱིང་བག་ཚུལ་བཞུགས་འཇིགས་པའི་རྒྱན་གྱིས་བརྒྱན། །རིགས་བཞི་ཁྲོ་བོ་བཞི་ལ་ཕྱག་འཚལ་བསྟོད། །ཧཱུཾ་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རིགས་སྔགས་རྒྱལ་པོ་བསྲུངས་པའི་ཁྲོ་བོ་བཅུ། །ཕྱོགས་བཅུའི་འཇིག་རྟེན་བགེགས་ཀྱི་ཚོགས་བཅོམ་པ། །ཁྲོ་བོ་ཆེན་པོ་བཅུ་ལ་ཕྱག་འཚལ་བསྟོད། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགསཤིང་། །ལེགས་པའི་དོན་ལྡན་བཀྲ་ཤིས་ལྷ་མོ་བརྒྱད། །ཡིད་འོང་ལྷ་ཡི་རྒྱན་གྱིས་རབ་ཏུ་མཛེས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་འཛིན་པའི་བཀའ་ཉན་ཅིང་། །བསྟན་པ་བསྲུངས་ཕྱིར་འཇིག་རྟེན་སྐྱོངས་པའི་ཚོགས། །ཚངས་པ་ཆེན་པོ་ལ་སོགས་བཀའི་འཁོར། །རྡོ་རྗེ་རིགས་ཀྱི་བསྲུངས་མ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་ཚར་གཅིག་བྱེད། དེ་ནི་བདག་བསྐྱེད་དོ། །སྤྱི་དོན་གཉིས་པ་བུམ་བསྐྱེད་ལ་བརྒྱད་ཀྱི་དང་པོ་དམ་ཚིག་སེམས་དཔའ་བསྐྱེད་པ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། རྟེན་པ་ལྷའི་དཀྱིལ་འཁོར། དང་པོ་ནི། ལག་པ་འཁོར་ལོའི་ཕྱག་རྒྱ་བཅས་ཏེ། བུམ་པ་མི་དམིགས་པའི་ངང་ལས། ༀ་བཛྲ་ཙཀྲ་ཧཱུཾ་བྷྲུཾ། རང་གི་ཐུགས་ཁ་ནས་བྷྲུཾ་གཅིག་སྤྲོས་པ་ལས། རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ། ཕྱི་བུམ་པའི་དབྱིབས་སུ་འདུག་པ། ནང་གཞལ་ཡས་ཁང་། འོག་བཞི་འཁོར་ལོ་སེར་པོ་རྩིབས་བཞི། མཚམས་བཞི་གྲི་གུག་བཞི་ལངས་ཏེ་འདུག་པ། ལྟེ་བ་སྔོན་པོ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ། ཕྱིའི་ལྷ་རྣམས་དང་བཅས་པ། ཡེ་ཤེས་ལྔའི་འོད་ཟེར་འཁྲིགས་པ། དབུས་སུ་སེང་གེའི་ཁྲི། ཉི་ཟླ་པདྨའི་གདན། རྩིབས་བཞི་ལ་ཉི་ཟླ་པདྨའི་གདན་གསུམ་བརྩེགས། རྩིབས་བཅུ་ལ་ཉི་མའི་གདན། ལྷ་རྣམས་ཟླ་བ་རེ། གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་ནི། དེའི་དབུས་སུ་ཧཱུཾ་ལས། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་ཙན་དྷ་བཛྲ་ཀྲོདྷ་ཡཱ། ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ཅེས་རྣམ་པར་འཇོམས་པ་འཁོར་བཅས་བདག་བསྐྱེད་ལྟར་བསྒོམས། ལྷ་རྣམས་ལ་མཆོད་པའི་ལྷ་མོ་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་བ་བཞི་དང་བཅས་པ་བསྐྱེད་ལ། སྤྱན་འདྲེན་ཞབས་བསིལ། གདན་དབུལ། ཕྱག་འཚལ། མཆོད་འབུལ། བསྟོད་པའི་རྗེས་སུ་བསྙེན་པ་བྱེད་པ་ནི། ཐུགས་ཁར་སྔགས་འཁོར་བསྒོམ་པ་གོང་དང་འདྲ་བ་ལ། ཧཱུཾ་དེའི་ཞབས་ཀྱུའི་ཁུག་པར་བསྒྲུབས་བྱ་བསྐྱེད། དེའི་མཐར་ཡང་སྙིང་། ཁྲོ་བོ་བཅུ་གཟུངས་རིང་། མདོའི་ཕན་ཡོན་དང་བཅས་བསྐོར་བ་བསྒོམས། །དམིགས་པ་གསལ་པོ་ཡུན་རིང་དུ་གཏད་པ་ལྷའི་རྣམ་འབྱོར་རོ། །གཉིས་པ་གཟུངས་འདོན་པའི་དམིགས་པ་ནི། གཟུངས་ཐགས་ཐུགས་ཁར་གཟུང་ལ། རང་གི་ཐུགས་ཁའི་ཧཱུཾ་དང་། བུམ་བསྐྱེད་ཀྱི་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། འཕགས་པའི་ཚོགས་ལ་མཆོད་པ་འབུལ་ཞིང་། གཉིས་སུ་མེད་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འབྱུང་བས་བདག་ལ་ཐིམ། བདག་གིས་ཐུགས་ཁ་ནས་མུ་ཏིག་སྟར་ལ་རྒྱུས་པ་ལྟར་གཟུང་ཐག་ལ་བརྟེན་ནས། བུམ་བསྐྱེད་ཀྱི་ཐུགས་ཁར་བསྒྲུབ་བྱ་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱིས་སྡིག་སྒྲིབ་དག །རྣམ་འཇོམས་ཀྱི་སྐུར་གྱུར་ནས་བདུད་རྩི་ལྷག་མས་བུམ་པ་གང་བར་བསམ། གཟུངས་ཀྱི་ཡིག་འབྲུ་ཡང་དེ་ལྟར་བསམས་ནས་ཀླག་པའི་ཚུལ་དུ་འདོན་ནོ། །གཟུངས་ཀྱི་ཆོ་ག་ལས་བཞི་དང་སྦྱར་བ་ཞལ་ཤེས་མཛོད། ལག་པ་གཡས་པས་ཡུངས་དཀར་གཟུང་། གཡོན་པས་གཟུངས་ཐག་གཟུང་ལ། ཐོན་ནས་ཡུངས་ཀར་དེ་ལ་སྔགས་ཏེ་བུམ་པར་བླུགས། ངོ་བོ་བདུད་རྩི་ལས་རྣམ་པ་ཁྲོ་ཆུང་རྡུལ་ཕྲ་རབས་ཀྱིས་བསྒྲུབ་བྱའི་ལུས་བལྟམས་ནས་བུམ་པ་གང་བར་བསམ། སྤྱི་དོན་གསུམ་པ་མདུན་བསྐྱེད་ལ་བརྒྱད་ཀྱི་དང་པོ། དམ་ཚིག་སེམས་དཔའི་བསྐྱེད་པ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་དཀྱིལ་འཁོར། དང་པོ་ནི། ༀ་སྭ་བྷ་ཝ། རྡུལ་ཚོན་མི་དམིགས་པ་སྟོང་པའི་ངང་ལས། འབྱུང་བ་རིམ་བརྩེགས། རི་རབ་དང་བཅས་པའི་སྟེང་དུ། རྡོ་རྗེའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པ། འོག་གཞི་འཁོར་ལོ་སེར་པོ་རྩིབས་བཞི། མཚམས་བཞིར་གྲི་གུར་ལངས་ཏེ་འདུག་པ། ལྟེ་བ་སྔོན་པོ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ། ཕྱིའི་ལྷ་རྣམས་དང་བཅས་པ། ཡེ་ཤེས་ལྔའི་འོད་ཟེར་འཁྲིགས་པ། དབུས་སུ་སེང་གེའི་ཁྲི་ཉི་ཟླ་པདྨའི་གདན་རྩིབས་བཞི་ལ་ཉི་ཟླ་པདྨའི་གདན་གསུམ་བརྩེགས། རྩིབས་བཅུ་ལ་ཉི་མའི་གདན། ལྷ་རྣམས་ལ་ཟླ་བ་རེ་གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་ནི། དེའི་དབུས་སུ་ཧཱུཾ་ལས། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་ཙན་དྷ་བཛྲ་ཀྲོདྷ་ཡ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ཅེས་རྣམ་པར་འཇོམས་པ་འཁོར་བཅས་བདག་བསྐྱེད་ལྟར་བསྒོམས། ལྷ་རྣམས་ལ་མཆོད་པའི་ལྷ་མོ་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་བ་བཞི་དང་བཅས་པ་བསྐྱེད་ལ། ལྷ་སྤྱན་འདྲེན། ཞབས་བསིལ། གདན་འབུམ། ཕྱག་འཚལ། མཆོད་པ་འབུལ། བསྟོད་པའི་རྗེས་སུ། བསྙེན་པ་བྱེད། དཀྱིལ་འཁོར་དང་། བུམ་པ་དང་། དབང་རྫས་ལ་སོགས་ལ་ནས་འབྲུ་གཏོར་ཞིང་། རྟེན་འབྲེལ་སྙིང་པོ་བརྗོད། འགྲུབ་ན་སྦྱིན་སྲེག་ཀྱང་ཅི་རིགས་པར་བྱའོ། གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་གཉིས་ཏེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་སློབ་དཔོན་འཇུག་ཅིང་དབང་ལེན་པ་ནི་གོང་དང་མཚུངས་སོ། །གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ནི། ཁྲུས་ནས་ཚོགས་ཡོན་འབུལ་བ་ཡན་ཆད་བཅོ་ལྔ་པོ་གོང་དང་མཐུན་ལ། བྱེ་བྲག་དུ་བཅོ་ལྔ་པ་དཀྱིལ་འཁོར་བསྟན་པ་ནི། འོ་མདུན་འདི་ན་ཡོད་པའི་ཀྲྀ་ཡའི་དཀྱིལ་འཁོར་རྟེན་དང་བརྟེན་པ་སྟེ། ཕྱི་རོལ་ན་མེ་རི། རྡོ་རྗེ་རྭ་བས་སྐོར། དེའི་ནང་དུ་གཞལ་ཡས་ཀྱི་ཁང་པ། གྲུ་བཞི། སྒོ་བཞི། རྒྱན་རྟ་བབས་དང་བཅས་བ། དེའི་ནང་དུ་ལྷ་རྣམས། འཁོར་ལོ་རྩིབས་བཅུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། འཁོར་ལོའི་ལྟེ་བར་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ཕྱག་ན་རྡོ་རྗེ། དེའི་གཡས་སུ་འཇམ་དཔལ་དབྱངས། གཡོན་དུ་སྤྱན་རས་གཟིགས། དེའི་ཕྱི་རོལ་རྩིབས་བཞི་ལ་གཏུམ་པོ་ལྷ་བཞི་རྩིབས་མཆན་བཞི་ལ་ཡུམ་བཞིའི་ངོ་བོ་གྲི་ཁུག་བཞི། དེའི་ཕྱི་རོལ་ལྷ་རྣམས་ལ་མཆོད་པའི་ལྷ་མོ་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་མ་བཞི་དང་བཅས་པ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་མངོན་སུམ་དུ་མཐོང་བ་དེ་ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་སྐལ་ཡིན་ཨང་སྙམ་པའི་མོས་པ་མཛོད་ཅིག །ཚོགས་དང་ཡོན་ནི་གོང་ལྟ་བུའོ། །སྤྱི་དོན་གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི་གོང་དང་མཐུན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཕྱི་ཕན་པའི་དབང་ལ་བརྒྱད་དང་། ནང་ནུས་པའི་དབང་ལ་ལྔ་དང་། གསང་བ་ཟབ་མོའི་དབང་ངོ་། །དང་པོ་ནི། བུམ་པའི་དབང་ལ་སོགས་དགུ་པོ་གོང་དང་མཚུངས་ལ། བྱེ་བྲག་དུ་ཕྱག་རྒྱའི་དབང་བསྐུར་བ་ལ། བསམ་རྒྱུད། བསྒྲགས་ཚིགས། བསྐུར་གནས། བསྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ལྔའི། དང་པོ་བསམ་རྒྱུད་ནི། འོག་མིན་དང་། བླ་མའི་ཐུགས་ཁ་དང་། དཀྱིལ་འཁོར་གྱི་དབུས་ན། རྡོ་རྗེ་རྣམ་འཇོམས། འཇམ་པའི་དབྱངས། སྤྱན་རས་གཟིགས། གཏུམ་པོ་ལྷ་བཞི། ཡུམ་བཞི། ཁྲོ་བོ་བཅུ། མཆོད་པའི་ལྷ་མོ་བརྒྱད་བཀྲ་ཤིས་ལྷ་མོ་བརྒྱད། སྒོ་མ་བཞི་འཁོར་དང་བཅས་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་ནས་ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་སྐྱེ་མཆེད་རྣམས་དང་གཉིས་སུ་མེད་པར་བསྒོམས་མཛོད་ཅིག །བསྒྲགས་ཚིགས་ནི། ཆོས་དབྱིངས་ཡེ་ཤེས་རྣམ་རྟོག་འཇོམས། །ཉོན་མོངས་དགྲ་སྟེ་ཡེ་ཤེས་སྐུ། །རྟོག་པའི་དྲི་མ་སེལ་མཛད་པ། །རྡོ་རྗེ་རྣམ་འཇོམས་དབང་བསྐུར་རོ། །ༀ་ན་མཿ ཙཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བན་དྷ། ཧ་ན་ཧ་ན་ཨ་མྲྀ་ཏ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ཀྱི་དབང་བསྐུར་རོ། །ༀ་ཝ་གི་ཤྭ་རི་མུཾ། ཨ་བྷི་ཥིཉྩ་ཧཱུཾ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ཀྱི་དབང་བསྐུར་རོ། །ༀ་མ་ཎི་པདྨེ་ཧཱུཾ། ༀ་བྷི་ཥིཉྩ་ཧཱུཾ། ཡུམ་ཆེན་སངས་རྒྱས་སྦྱན་མ་དང་། །བཅོམ་ལྡན་ཡུམ་ཆེན་མ་མ་ཀི །བཅོམ་ལྡན་ཡུམ་ཆེན་གོས་དཀར་མོ། །བཅོམ་ལྡན་ཡུམ་ཆེན་དམ་ཚིག་སྒྲོལ། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨ་བྷི་ཥིཉྩ་ཧཱུཾ། མེ་ལོང་ཡེ་ཤེས་གཟུངས་འཛིན་སྤོངས། །ཞེ་སྡང་དྲི་མ་འཇོམས་མཛད་ཅིང་། །རྡོ་རྗེ་གཏུམ་པོ་ཡེ་ཤེས་སྐུ། །རྡོ་རྗེ་གཏུམ་པོའི་དབང་བསྐུར་རོ། །ཚིནྡྷ་ཚིནྡྷ་མ་ཧཱ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ། །ང་རྒྱལ་རྣམ་གསུམ་འཇོམས་མཛད་ཅིང་། །ཚེ་རིང་དབང་བསྐུར་མཆོག་ཐོབ་མཛད། །རྡོ་རྗེ་ཕུར་བའི་དབང་བསྐུར་རོ། །བིནྡྷ་བིནྡྷ་ཀྲོ་དྷ་མ་ཧཱ་ཀི་ལི་ཀི་ལ་ཡཱ་སྭཱཧཱ། ཨ༴ སོ་སོར་ཀུན་རྟོག་ཡེ་ཤེས་ཀྱི། །ལྟ་བ་ངན་པ་འཇོམས་མཛད་ཅིང་། །འདོད་ཆགས་རྣམ་དག་ཤེས་རབ་རྒྱས། །རྡོ་རྗེ་བེ་ཅོན་དབང་བསྐུར་རོ། །ཙུ་རུ་ཙུ་རུ། ཙན་ཏི་ཀ་ལི་ཀི་ལ་ཡ་ཱསྭཱ་ཧཱ། །ཨ་བྷི་ཥིཉྩ་ཧཱུཾ། བྱ་བ་རྗེས་གྲུབ་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་ལ་མཆོག་སྩོལ་ཅིག །གདོན་བགེགས་འཇོམས་ཕྱིར་ཤིན་ཏུ་ཁྲོས། །ཡེ་ཤེས་སྐུ་འཇོམས་དབང་བསྐུར་རོ། །ཏྲ་ས་ཡ་ཏྲ་ས་ཡ་མ་ཧཱ་ཀི་ལི་ཀི་ལ་ཡཱ་སྭཱ་ཧཱ། །ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་སྟེངས་ཕྱོགས་ཁྲོ་རྒྱལ་ཧཱུཾ་ཀ་ར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཧ་ར་ཧ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །ཞལ་ཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །དྷུ་ན་དྷུ་ན་བཛྲ། ཨ་བྷི་ཥི ཉྩ་ཧཱུཾ། ཧཱུཾ་ཤར་ལྷོ་ཁྲོ་རྒྱལ་དབྱུག་སྔོན་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །དྷ་ཧ་དྷ་ཧ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ལྷོ་ཕྱོགས་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །པ་ཙ་པ་ཙ་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །དྷ་ར་དྷ་ར་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ནུབ་ཕྱོགས་ཁྲོ་རྒྱལ་རྟ་མགྲིན་ནི། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །དྷ་ར་ཡ་དྷ་ར་ཡ་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །དྷ་རུ་ན་དྷ་རུ་ན་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཚིན་དྷ་ཚིན་དྷ་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། །ཧཱུཾ་བྱང་ཤར་ཁྲོ་བོ་ཁམས་གསུམ་རྒྱལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །བྷིནྡྷ་བྷིན་དྷ་བཛྲ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་འོག་ཕྱོགས་ཁྲོ་རྒྱལ་སྟོབས་པོ་ཆེ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །མ་ཐ་མ་ཐ་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་ནི་མགོ་ལ། སྟིམས་གནས་ནི། ཕུང་པོ་ཁམས་སྐྱེ་མཆེད་ལ་སྟིམས། །སྒྲིབ་པ་གང་དག །ནུས་པ་གང་བསྐྱེད་ནི། རྟོགས་ཚོགས་རང་ཁ་མར་འཛིན་པའི་དྲི་མ་དག་ནས། །ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་ཀྲི་ཡའི་དབང་ལ་བཀྲ་ཤིས་ཉི་ཤུ་རྩ་དྲུག་ནི། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རི་རབ་ཀྱི་ཟོམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱི་དབང་བསྐུར་བས་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ། མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཅིག །དེ་དང་རྗེས་སུ་མ ཐུན་པར་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱི་དབང་བསྐུར་བས་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ། མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཅིག །གཟི་བརྗིད་ལྷུན་སྡུག་རི་རབ་མཆོག་གི་སྐུ། །ཆེ་བའི་ཡོན་ཏན་རྒྱས་པའི་དབང་རིམ་མཆོག །ཐམས་ཅད་གནས་པའི་རི་བོ་ཆེན་པོ་ལ། མཐུ་སྟོབས་མི་འགྱུར་སྐུ་རྣམས་རྫོགས་པར་ཤོག །སྐྱེ་བཞི་འགྲོ་དྲུག་ཁམས་གསུམ་ཡོངས་ཀྱི་སྲོགས། །ཁ་དོག་མཛེས་ལྡན་རིན་ཆེན་སྣ་ཚོགས་གཞི། །ཕྱོགས་བཞི་དབུས་དང་རི་རབ་སྐུར་བསྟན་པ། །འདི་ནི་རི་རབ་དབང་གི་བཀྲ་ཤིས་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །སྔོན་བཅོམ་ལྡན་འདས་མཛད་པ་བཅུ་གཉིས་རྫོགས་པའི་དུས་སུ། ཨུ་དུམ་འབར་བའི་མེ་ཏོག་དང་སྦྱར་ནས། དཔལ་ཕྱག་ན་རྡོ་རྗེ་ལ་རང་བཞིན་གྱི་མཆོད་རྟེན་དང་། སྤྲུལ་པའི་མཆོད་རྟེན་ལ་སོགས་པས་དབང་བསྐུར་བས། རྣམ་པར་མི་རྟོག་པའི་ཆོས་སྐུ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མཆོད་རྟེན་ཆེན་པོས་དབང་བསྐུར་བས་ཆོས་ཀྱི་སྐུ་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །དྲན་པ་ཉེ་བར་བཞག་པའི་བང་རིམ་དང་། སྐྱེ་འགག་མེད་པའི་བུམ་པ་ཟླུམ་པོ་དང་། ཆོས་ཀྱི་འཁོར་ལོ་མ་འདྲེས་ཏོག་ལ་སོགས། །རྣམ་པར་མི་རྟོགས་ཆོས་ཀྱི་སྐུ་ཐོབ་ཤོག །ལྟ་བའི་ས་དང་མངོན་པར་བྱང་ཆུབ་མཚུངས་མི་མངའ། །ཆོས་ཀྱི་འཁོར་ལོ་བསྐོར་དང་ཆོ་འཕྲུལ་སྟོན་ལ་སོགས། །ལྷ་ཡུལ་གནས་གཤེགས་སྟོན་པ་མྱ་ངན་གར་འདས་པའི། །འདི་ནི་སྟོབས་བཅུ་བྱིན་བརླབས་མངའ་བའི་ས། །མཆོད་རྟེན་དབང་གི་བཀྲ་ཤིས་ལེའུ་ཉི་ཤུ་རྩ་གཉིས་པའོ། །སྔོན་བཅོམ་ལྡན་འདས་ཡུལ་གྱད་ཀྱི་ཉེ་འཁོར་ན་བཞུགས་པའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་དཔག་བསམ་ཀྱི་ཤིང་གིས་དབང་བསྐུར་བས། དགོངས་པའི་དོན་ཡིད་བཞིན་དུ་འགྲུབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དཔག་བསམ་གྱི་ཤིང་གིས་དབང་བསྐུར་བས། སློབ་མ་རྣམས་དགོངས་པའི་དོན་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །གང་ལ་གང་འདོད་དཔག་བསམ་ཤིང་ལྟ་བུ། །ཡོན་ཏན་ཡིད་བཞིན་དུ་ཟག་མེད་གཏེར་དང་ལྡན། །བརྟེན་པའི་རྒྱུ་དང་འབྲས་བུ་ཚུལ་ཡིན་ཏེ། །དགོངས་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག །ལྷ་ཡི་རེ་སྐོང་དཔག་བསམ་ལྗོན་ཤིང་ལྟར། འཕགས་པའི་ཡོན་ཏན་བརྗོད་ཀྱིས་མི་ལངས་པའི་རེ་བ་ཡིད་བཞིན་ཕུན་སུམ་ཚོགས་པའི་རྫས། འདི་ནི་དཔག་བསམ་ཤིང་གི་དབང་གི་བཀྲ་ཤིས་ལེའུ་རྩ་གསུམ་པའོ། །སྔོན་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་གླིང་ལ་གཤེགས་པའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་རྒྱ་མཚོ་ཆེན་པོས་དབང་བསྐུར་བས། ཆོས་སྐྱེ་བ་མེད་པ་ཟབ་ཅིང་རྒྱ་ཆེ་བའི་དོན་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཆོས་སྐྱེ་མེད་ཟབ་ཅིང་རྒྱ་ཆེ་བའི་དོན་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཏིང་དཔག་ཟབ་ཅིང་རྒྱ་མཚོ་ཡངས་པ་ཡིས། །ཀུན་ཏུ་སྙོམས་པའི་ཡོན་ཏན་ཆེན་པོ་ཏེ། །སྐྱེ་འགགས་མེད་པའི་རྒྱ་མཚོ་ཆེན་པོ་ལ། །ཟབ་ཅིང་རྒྱ་མཚོ་ཆོས་དོན་རྟོགས་པར་ཤོག །ཆོས་ཉིད་རྒྱ་མཚོ་ལྟ་བུར་ཐུགས་ཆུད་ཅིང་། །ཟབ་ཅིང་གཏིང་དཔག་དཀའ་བའི་རྒྱ་མཚོ་ལ། །ཡིད་བཞིན་ནོར་རྣམས་ཁ་དོག་མཛེས་པའི་ཚུལ། །འདི་ནི་རྒྱ་མཚོ་དབང་གི་བཀྲ་ཤིས་ལེའུ་རྩ་བཞི་པའོ། །སྔོན་བཅོམ་ལྡན་འདས་རྡོ་རྗེ་གདན་དྲུང་ན་བཞུགས་པ་ལ། དཔལ་ཕྱག་ན་རྡོ་རྗེས་ཞིང་ཆེན་པོ་གནས་ཀྱི་དབང་བསྐུར་བས། བཀྲ་ཤིས་ལ་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་དང་རྗེས་སུ་མཐུན་པར་སློབ་བུ་རྣམས་ལ་ས་གཞི་སྐྱེ་གནས་ཀྱི་དབང་བསྐུར་བས། །བཀྲ་ཤིས་ལ་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རབ་ཏུ་དབེན་པའི་གནས་མཆོག་དམ་པ་སྟེ། །མེ་ཏོག་དྲི་གསུང་མང་པོ་སྐྱེ་བ་དང་། །ཡོན་ཏན་མ་ལུས་ཚངས་པར་ཀུན་རྫོགས་ཏེ། །དབེན་པའི་བཀྲ་ཤིས་ཆེན་པོའི་གནས་སུ་ཤོག །མེ་ཏོག་མཛེས་ལྡན་ཡིད་འོང་བརྒྱན་པའི་གནས། །བཀྲ་ཤིས་སྐད་སྙན་བྱ་སྐད་སྣ་ཚོགས་སྒྲོགས། །ཡོན་ཏན་ལྟ་བ་སྟོན་པས་བསླབ་པའི་གནས། །འདི་ནི་ས་གཞི་གནས་ཀྱི་དབང་གི་བཀྲ་ཤིས་ལེའུ་རྩ་ལྔ་པའོ། །སྔོན་བཅོམ་ལྡན་འདས་བ་ར་ན་སི་ན་བཞུགས་པ་ལ། དཔལ་ཕྱག་ན་རྡོ་རྗེ་ལ་བདུད་རྩིའི་ཆུའི་དབང་བསྐུར་བས་སྐྱེ་ཤི་མི་མངའ་བའི་སྐུ་ཐོབ་བོ། །དེ་དང་རྗེས་སུ་མཐུན་པར། །བདུད་རྩིའི་བུམ་ཆུའི་དབང་བསྐུར་བས། སྐྱེ་ཤི་མེད་པ་སྐུ་ཡི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུད་རྩིའི་ཆུ་རྒྱུན་འགྲོ་བའི་གསོས་ཀྱི་མཆོག །ཉོན་མོངས་སྡུག་བསྔལ་ནད་དུ་ཆེ་བ་སེལ། །མ་རིག་དག་པའི་བདུད་རྩིའི་ཆུ་མཆོག་ཏེ། །སྐྱེ་ཤི་མེད་པ་དག་པའི་སྐུ་ཐོབ་ཤོག །བུམ་པའི་ཁ་བརྒྱན་དཔག་བསམ་ཤིང་། །དབང་བསྐུར་བུམ་པར་སྤྱི་བླུག་པས། །བདུད་རྩི་དམ་པ་འདིར་སྩོལ་ཅིག །འདི་ནི་བདུད་རྩི་དམ་པ་དབང་གི་ཆུ་རྒྱུན་གྱི་དབང་གི་བཀྲ་ཤིས་ལེའུ་རྩ་དྲུག་པའོ། །སྔོན་བཅོམ་ལྡན་འདས་རི་རབ་ཀྱི་ཟོམས་ལ་བཞུགས་པ་ལ། ལྷའི་དབང་པོ་རྒྱ་བྱིན་གྱིས་ཆོས་ཞུ་བའི་ཕྱིར་དར་བུ་ཁད་ཀྱི་ཟ་ར་ཙགས་ཕུལ་བས། ཆོས་སྒྲ་ཆེན་པོ་བྱིན་གྱིས་བརླབས་པ་དང་ལྡན་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་རྫས་འདིས་དབང་བསྐུར་བས། ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་རྙེས་ཤོག །མ་རིག་མུན་པ་མ་ལུས་བསལ་བ་དང་། །བརྒྱ་བྱིན་ཤེས་པ་མ་ལུས་གྲོལ་བའི་ཕྱིར། །ཆོས་རྣམས་ཐམས་ཅད་གོང་བཞིན་སྒྲོགས་པར་ཤོག །གཉེན་འཇམ་རེག་བདེ་དར་གྱི་ཟ་ར་ཙག །རིགས་ཀྱི་ཁ་དོག་སྣ་བདུན་ཤིན་ཏུ་མཛེས། ཡིད་འོང་ལེགས་པར་བརྒྱན་པའི་བཀྲ་ཤིས་རྫས། །འདི་ནི་དར་གྱི་ཟ་ར་ཙགས་ཀྱི་དབང་གི་བཀྲ་ཤིས་ལེའུ་རྩ་བདུན་པའོ། །སྔོན་བཅོམ་ལྡན་འདས་ལ་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། རིན་པོ་ཆེའི་ཁྲི་རྐང་ཕུལ་ནས་ཞུས་པས་ཆོས་ཤེས་པའི་རྒྱུད་ལ་གོ་བར་སྒྲོགས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེ་ཁྲི་རྐང་གིས་དབང་བསྐུར་བས། ཆོས་གོ་བར་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་གསེར་གྱི་ཁྲི་སྟེངས་སུ། །ཆོས་སྒྲ་ཆེན་པོ་སྒྲོགས་པ་ཡིས། །འགྲོ་བ་རྣམས་ཀྱི་མི་ཤེས་གྲོལ། །ཆོས་རྣམས་གོ་བ་སྒྲོགས་པར་ཤོག །ཚད་མེད་བཞི་ལྡན་འདེགས་པར་གསེར་གྱི་ཁྲི། །ཡོན་ཏན་ཚོགས་རྫོགས་རིན་ཆེན་སྣ་ཚོགས་སྤྲས། །ཡོན་ཏན་ཡིད་བཞིན་ཟད་མེད་དགོས་འདོད་སྐོངས། །འདི་ནི་རིན་ཆེན་གསེར་ཁྲིའི་དབང་གི་བཀྲ་ཤིས་ལེའུ་རྩ་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་ཆུན་པོས་སྦྲེེས་པས་སེམས་ཅན་འཁོར་བ་ལས་སླུ་ཞིང་འབྲིད་པའི་མཆོག་དམ་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་མེ་ཏོག་གི་ཆུན་པོས་དབང་བསྐུར་བས། འཁོར་བ་ལས་སླུ་བར་བྱེད་པའི་བརྒྱན་མཛེས་པའི་བརྒྱན་མཆོག་དམ་པ་དང་ལྡན་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག །སྡུག་ཅིང་མཛེས་པའི་མེ་ཏོག་དམ་པ་དང་། ཁ་དོག་མ་འདྲེས་སོ་སོར་གསལ་བའི་མཆོག །སེམས་ཅན་ཀུན་གྱི་བལྟ་བར་འོས་པ་ཡིས། །མཛེས་པའི་བརྒྱན་མཆོག་དམ་པ་ལྡན་པར་ཤོག །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དམ་པ་དང་། །ཤིང་དང་ནགས་སྐྱེས་འབྲུ་མཆོག་དམ་པ་འདིས། །རིན་ཆེན་འཕྲེང་ལྟར་མཁའ་ལ་ཆར་འབེབས་པའི། །འདི་ནི་མེ་ཏོག་ཆུན་པོའི་དབང་གི་བཀྲ་ཤིས་ལེའུ་རྩ་དགུ་པའོ། །སྔོན་བཅོམ་ལྡན་འདས་རི་རབ་ཀྱི་རྩེ་ཁང་བུ་བརྩེགས་པའི་ཁང་བཟང་ན་བཞུགས་པའི་དུས་སུ། སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་འོད་དམ་པ་ཞེས་བྱ་བས། རྔ་ཡབ་ཀྱི་གཡབས་པས། དགྱེས་པ་ཆེན་པོའི་གཟི་མདངས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྔ་ཡབ་ཀྱི་དབང་བསྐུར་བས། གཟི་མདངས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ། སྙན་པའི་སྒྲ་རྣམས་མྱུར་དུ་སྒྲོགས་པ་དང་། །ཉོན་མོངས་སྡུག་སྔལ་དྲི་མ་མྱུར་དུ་སེལ། །ཐམས་ཅད་མྱུར་བར་གོ་བའི་དབང་ཐོབ་ནས། །བཀྲ་ཤིས་གཟི་མདངས་མཆོག་དང་ལྡན་པར་ཤོག །རྒྱལ་བའི་སྐུ་ལ་ཉེས་པས་མི་གོས་ཀྱང་། །དག་ཅིང་གསལ་བར་བྱ་ཕྱིར་རྔ་ཡབ་འདིས། །སྐུ་ཡིས་ལྗན་ལྗིན་དྲི་མ་ཕྱགས་དར་ཕྱིར་འདི་ནི་རྔ་ཡབ་དབང་གི་བཀྲ་ཤིས་ལེའུ་སྟེ་སུམ་ཅུ་པའོ། །སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པ་ལ། །སུམ་ཅུ་རྩ་གསུམ་ལྷའི་བུ་འོད་ཟེར་ཀུན་ནས་འབྱུང་བས། རྡུལ་གཡབ་ཀྱི་རྡུལ་གཡབས་པས། །ཆོས་ཉིད་ལ་སྐྱོན་གྱིས་མ་གོས་སོ། །དེ་དང་རྗེས་སུ་མཐུན་པར་ལྷའི་རྡུལ་གཡབ་ཀྱི་རྫས་ཀྱི་དབང་བསྐུར་བས། ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ཉོན་མོངས་རྡུལ་རྣམས་མ་ལུས་ཕྱི་བ་དང་། དུས་གསུམ་བདེ་བར་གཤེགས་པ་བཞུགས་པའི་གནས། བག་ཆགས་སྐྱོན་གྱིས་དྲི་མ་བསལ་བའི་ཕྱིར། ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པར་ཤོག །རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། ལོག་རྟོགས་རྡུལ་གྱི་བག་ཆགས་བསལ་བའི་ཕྱིར། བཀྲ་ཤིས་གཙང་མའི་རས་ཀྱི་སྐུ་ཕྱིས་པས། འདི་ནི་རྡུལ་གཡབ་དབང་གི་བཀྲ་ཤིས་ལེའུ་སོ་གཅིག་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་དགོན་པ་ན་བཞུགས་པ་ལ། སུམ་ཅུ་རྩ་གསུམ་ལྷའི་བུ་ཞིག་གིས། སྦྲང་གཡབ་ཀྱི་གཡབས་པས། སེམས་ཅན་འཛིན་ཆགས་ཀྱིས་སྐྱོན་གྲོལ། དེ་དང་རྗེས་སུ་མཐུན་པར་སྦྲང་གཡབ་ཀྱི་རྫས་འདིའི་དབང་བསྐུར་བས། འཛིན་ཆགས་ཀྱི་སྐྱོན་ལས་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་སེམས་ཅན་མ་རིག་བསལ་བ་དང་། །འབྲས་བུ་ཐར་པའི་གོ་འཕང་ཐོབ་པ་དང་། །བདེ་བར་གཤེགས་པའི་ཞབས་དྲུང་འཁོར་བའི་ཕྱིར། །འཛིན་ཆགས་སྐྱོན་གྱི་དྲི་མ་དག་པར་ཤོག །དྲང་སྲང་ཆེན་པོ་བསམ་གཏན་གནས་པ་ལ། སྲོག་ཆགས་བདུག་པའི་གཟུགས་ཅན་གསལ་བའི་ཕྱིར། །འདི་ནི་སྦྲང་གཡབ་དབང་གི་བཀྲ་ཤིས་ལེའུ་སོ་གཉིས་པའོ། །སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པ་ལ། འཁོར་རྣམ་བཞིས་བླ་རེས་སྒྲེངས་པས། ཉོན་མོངས་པའི་གདུང་བ་སེལ་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བླ་རེས་ཀྱིས་དབང་བསྐུར་བས། ཉོན་མོངས་པའི་སྡུག་བསྔལ་གྱིས་མི་གོས་པར་གྱུར་ཅིག །ཆོས་ཀྱི་འཁོར་ལོ་བསྐོར་ཕྱིར་བླ་རེས་སྒྲེངས། །མིའི་རྒྱལ་པོ་སེང་གེ་བཞུགས་པའི་ས། །དབང་ཕྱུག་དམ་པའི་མངའ་བདག་ཆེན་པོ་སྟེ། །ཉོན་མོངས་རྡུལ་གྱི་དྲི་མ་མེད་པར་ཤོག །དཔག་བསམ་ལྗོན་ཤིང་ལོ་འདབ་རྒྱས། །ཉི་ཟླ་མང་པོའི་སྤྲིན་གསེབ་ནས། །བཀྲ་ཤིས་བྱ་མང་འཕུར་ཞིང་ལྡིང་། །འདི་ནི་དར་ཟབ་བླ་རེས་དབང་གི་བཀྲ་ཤིས་ལེའུ་སོ་གསུམ་པའོ། །སྔོན་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། འཁོར་རྣམ་བཞིས་རྒྱལ་མཚན་ཆེན་པོ་གཙུགས་པས་ཆེ་བའི་ཡོན་ཏན་ནུབ་པ་མེད་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཀྲ་ཤིས་པའི་རྫས་འདིའི་དབང་བསྐུར་བས། ཆེ་བའི་ཡོན་ཏན་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པའི་དུས་མེད་པར་གྱུར་ཅིག །དཔའ་བརྗིད་མཛེས་པས་འཇིག་རྟེན་ཡོངས་ཀྱི་རྒྱན། །ལྷུན་གྲུབ་སྐུ་མཉེས་རྫོགས་པའི་རྒྱལ་མཚན་དེས། །ནུབ་པའི་དུས་མེད་ཟད་པ་མེད་པ་ཡིས། །ཡོན་ཏན་ཆེ་བས་ཁྱད་པར་ཀུན་ལས་འཕགས། །ཆེ་བའི་ཡོན་ཏན་ནུབ་པ་མེད་པར་ཤོག །དཔའ་བརྗིད་མཛེས་པས་འཇིག་རྟེན་ཡོངས་ཀྱིས་རྒྱན། །ལྷུན་གྲུབ་སྐུ་མཉེས་རྫོགས་པའི་རྒྱལ་མཚན་དེས། །བདུད་དང་མུ་སྟེགས་མཐུ་དཔུང་འཇོམས་པར་བྱེད། །རྒྱལ་བའི་སྐུ་དང་དབྱེར་མེད་མཚུངས་ཤིག་པའི། །འདི་ནི་རྒྱལ་མཚན་དབང་གི་བཀྲ་ཤིས་ལེའུ་སོ་བཞི་པའོ། །སྔོན་བཅོམ་ལྡན་འདས་སྐྱེད་མོས་ཚལ་དུ་བཞུགས་པའི་ཚེ། འཁོར་རྣམས་ཀྱིས་ཚ་བའི་གདུང་བ་ལས། གདུག་ཀབ་པས་ཚ་བའི་གདུང་བའི་སྡུག་བསྔལ་ཞི་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་གདུགས་ཀྱི་དབང་བསྐུར་བས། ཚ་བའི་སྡུག་བསྔལ་ཐམས་ཅད་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གདུགས་ཀྱི་ཚ་བའི་གདུང་བ་ཀུན་སེལ་ཞིང་། །དྲང་ཞིང་བསིལ་བའི་གདུག་མཆོག་དམ་པ་སྟེ། །འགྲོ་བ་ཀུན་གྱི་ཉོན་མོངས་ཚ་བའི་གསོས། རིམས་དང་ཚ་བའི་སྡུག་བསྔལ་ལས་ཐར་བར་ཤོག །ཇི་ལྟར་ཉོན་མོངས་ཚ་བས་གདུང་བ་ལས། །གདུགས་ཀྱི་ཚ་བའི་སྡུག་བསྔལ་སྐྱོབས་པ་ལྟར། །འཁོར་བ་ཉེས་པའི་སྡུག་བསྔལ་སྐྱོབ་པའི་ཕྱིར། །འདི་ནི་གདུགས་ཀྱི་དབང་གིས་བརྗོད་ནས་བཀྲ་ཤིས་ལེའུ་སོ་ལྔ་པའོ། །སྔོན་བཅོམ་ལྡན་འདས་ཀྱི་ཡངས་པ་ཅན་གྱི་གྲོང་ཁྱེར། སྤྲེའུ་རྫིང་གི་འགྲམ་ཁང་བུ་བརྩེགས་པའི་ཁང་བཟང་ན་བཞུགས་པ་དེའི་ཚེ། བྲམ་ཟེ་ཁམ་པས་བསོ་སྔོན་གྱི་ཉེས་པ་འདས་ནས། ཉ་པ་རྣམས་ཀྱིས་ཟིན་པའི་ཚེ། །ཉ་པ་རྣམས་ཀྱིས་འགྱོད་པ་རྗེས་སུ་དྲན་ནས། །ཉ་རྒྱ་འཇུག་པ་ཆེ་ཆུང་ཕུལ་བས། ཉ་པ་ལྔ་བརྒྱ་སངས་རྒྱས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཉ་རྒྱའི་རྟགས་དར་གྱི་ལྡ་ལྡིས་དབང་བསྐུར་བས། ངན་སོང་དུ་སྐྱེས་ངེས་པ་ཅིག་ཡོད་ན་ཡང་། དེ་ལས་ཐར་ཏེ་སངས་རྒྱས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དར་གྱི་ལྔ་ལྡིས་ཉོན་མོངས་ཀུན་སྤངས་ཏེ། །ལེགས་པའི་ཡོན་ཏན་མ་ལུས་ཚོགས་རྫོགས་ནས། མ་རིགས་འཁྲུལ་པའི་ཤེས་པ་བློ་དག་ཅིང་། །ཉོན་མོངས་འཁོར་བའི་གནས་ལས་ཐར་པར་ཤོག །འཁོར་བའི་ཉེས་པ་དག་བྱའི་ཕྱིར། སྡུག་བསྔལ་བརྒྱ་མོ་བཀྲ་ཤིས་རྫས། །སྡུག་བསྔལ་བག་ཆགས་སྦྱང་སླད་དུ། །འདི་ནི་ལྡ་ལྡི་དབང་གི་བཀྲ་ཤིས་ལེའུ་སོ་དྲུག་པའོ། །སྔོན་བཅོམ་ལྡན་འདས་སྐྱེད་མོས་ཚལ་དུ་གཤེགས་པའི། ཁྱིམ་བདག་ལྷའི་བུ་མོ་བཟང་ལྡན་མས་རས་ཨ་བ་སེའི་སྐུ་རེག་གསོལ་བས། སྐུ་བསྟན་པའི་མཆོག་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཀྲ་ཤིས་སྐུ་རེགས་རྫས་ཀྱིས་དབང་བསྐུར་བས། ལུང་བསྟན་པའི་མཆོག་དམ་པ་དང་ལྡན་པར་གྱུར་ཅིག །དྲི་མ་དག་པས་སྐུ་རེགས་གཙང་མའི་མཆོག །ཁྱིམ་བདག་དད་པས་ཕུལ་བའི་སྐུ་རེག་འདི། །སྐུ་ལ་བཅིངས་ཤིང་རབ་ཏུ་གདམས་པས་ཀྱང་། །མི་འགྱུར་བརྟན་པའི་སྐུ་མཆོག་ཐོབ་པར་ཤོག །ཐར་པ་མཆོག་གི་ལེགས་པ་གང་གསུངས་པ། །མི་དམིགས་དག་པའི་ཡེ་ཤེས་ཆེན་པོ་ཡིས། །ཉོན་མོངས་དྲི་མེད་བདེ་བའི་སྐུ་རྟེན་པ། །འདི་ནི་སྐུ་རེག་དབང་གི་བཀྲ་ཤིས་ལེའུ་སོ་བདུན་པའོ། །སྔོན་བཅོམ་ལྡན་འདས་རི་རབ་ཁ་བ་ཅན་ན་བཞུགས་པ་ལ། གནོད་སྦྱིན་རྣམས་ཀྱིས་སྤོས་རྣམ་པ་ལྔ་ཕུལ་ཏེ། ཙན་དན་དང་ག་བུར་དང་། གུར་གུམ་དང་། ཨ་ཀ་རུ་དང་། དུ་རུ་ཀ་ཕུལ་བས། དབང་པོ་ལྔ་ཚིམ་ཞིང་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སྤོས་རྣམ་པ་ལྔའི་དབང་བསྐུར་བས། །དབང་པོ་ཚིམས་པའི་དོན་གྱི་བཀྲ་ཤིས་པར་གྱུར་ཅིག །དབང་པོ་ཚིམ་བྱེད་བདུག་པའི་སྤོས་མཆོག་སྟེ། །དུས་གསུམ་བདེ་བར་གཤེགས་པ་མཆོད་པ་དང་། །འགྲོ་བ་མ་ལུས་དབང་པོ་ཀུན་ཚིམས་ཞིང་། །དྲི་ཞིམ་འཕགས་པའི་སྐུ་དང་ལྡན་པར་ཤོག །དྲི་ཞིམ་ངད་ལྡན་ཡོན་ཏན་ཕུན་སུམ་ཚོགས། །མཁའ་ལ་སྤྲིན་ཕུང་མཆོད་པ་སྟིམ་པ་སྟེ། །ཡོངས་སུ་ཁྱབ་པའི་བདུག་པ་དམ་པ སྟེ། འདི་ནི་དབང་པོ་དམ་པ་ཚིམས་བྱེད་དབང་གི་བཀྲ་ཤིས་ལེའུ་སོ་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོ་བཞུགས་པ་ལ། ཀླུའི་རྒྱལ་པོ་རྣམས་ཀྱིས་སྙིང་པོ་རྣམ་པ་ལྔ་ཕུལ་ཏེ། ཚ་དང་། མར་དང་། སྦྲང་རྩི་དང་། ཀ་ར་དང་། ཏིལ་དང་ལྔ་ཕུལ་བས། སྙིང་པོ་མི་ཟད་པའི་མཛོད་དུ་ཞུགས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སྙིང་པོ་རྣམ་པ་ལྔས་དབང་བསྐུར་བས། ཚེ་མི་ཟད་པའི་མཛོད་དུ་བཀྲ་ཤིས་པར་གྱུར་ཅིག །སྙིང་པོ་ལྔ་ནི་གསོས་གྱིས་མཆོག །མི་ཟད་པའི་དབྱིག་ཐོབ་ཏེ། ལེགས་པའི་ཡོན་ཏན་མཐར་ཕྱིན་ཞིང་། ཚེ་དང་ལོངས་སྤྱོད་འཕེལ་བར་ཤོག །སྙིང་པོ་ལྔ་ནི་ཀུན་གྱིས་དབྱིག་ཡིན་ཏེ། །འགྲོ་ཀུན་མི་ཟད་གཏེར་ལ་སྤྱོད་པ་དང་། །དོན་གྱི་སྙིང་པོ་ཡང་དག་རྟོགས་པའི་ཕྱིར། །སྙིང་པོ་ལྔའི་དབང་གི་བཀྲ་ཤིས་ལེའུ་སོ་དགུ་པའོ། །སྔོན་བཅོམ་ལྡན་འདས་ཡུལ་གྲུ་འཛིན་གྱི་རིལ་བཞུགས་པའི་དུས་སུ། གནོད་སྦྱིན་གཏེར་འཆང་ལ་སོགས་པས་རིན་ཆེན་ལྔ་ཕུལ་སྟེ། གསེར་དངུལ་ཟངས་ལྕགས། གཡུ་དང་ལྔ། ཕུལ་བས། དཀོན་ནོར་མི་ཟད་པའི་མཛོད་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་ཆེན་སྣ་ལྔས་དབང་བསྐུར་བས། སྐོར་ནོར་མི་ཟད་ཤེས་པའི་མཛོད་དམ་པ་དང་ལྡན་པར་གྱུར་ཅིག །རིན་ཆེན་གསེར་དང་དངུལ་མཆོག་སྟེ། །ལྕགས་དང་ཟངས་དང་གཡུ་ལ་སོགས། །མི་ཟད་མེད་པའི་ནོར་མཆོག་སྟེ། །ཟད་པ་མེད་པའི་ནོར་མཆོག་དམ་པར་ཤོག །དགོས་པའི་དོན་འབྱིན་རིན་ཆེན་སྣ་ཚོགས་མཆོག །ཟད་པ་མེད་པའི་གཏེར་དང་ལྡན་པ་ཏེ། སྡུག་བསྔལ་དབུལ་འཕོངས་ཀུན་ལས་ཐར། འདི་ནི་དགོས་འདོད་རེ་བ་སྐོངས་པའི་དབང་གི་བཀྲ་ཤིས་ལེའུ་བཞི་བཅུ་པའོ། །སྔོན་བཅོམ་ལྡན་འདས་ཡུལ་ཨཾ་ག་མ་ག་དྷ་ན་བཞུགས་པ་ལ། རྒྱལ་པོ་གསལ་རྒྱལ་གྱིས་འབྲུ་སྣ་རྣམ་པ་ལྔ་ཕུལ་ཏེ། འབྲས་ཀྱི་སོ་བ་དང་། མོན་སྲན་དྲེའུ་དང་། གྲོ་དང་། ནས་དང ། ཏིལ་དང་ལྔ་ཕུལ་བས། མུ་གེའི་སྡུག་བསྔལ་ཞི་སྟེ་བཀྲ་ཤིས་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་འབྲུ་རྣམ་པ་ལྔའི་དབང་བསྐུར་བས་བཀྲ་ཤིས་པར་གྱུར་ཅིག །རིན་ཆེན་འབྲུ་མཆོག་འགྲོ་བའི་གསོས་ལགས་ཏེ། མུ་གེའི་སྡུག་བསྔལ་ཀུན་ལས་ཐར་པ་དང་། སྦྱིན་པ་ལོངས་སྤྱོད་རྟག་ཏུ་འཕེལ་བ་དང་། ཟས་སོགས་མི་ཟད་གཏེར་དང་ལྡན་པར་ཤོག །ལོངས་སྤྱོད་ཚོགས་ལྡན་འབྱོར་པ་ཀུན་ཚངས་པ། །གང་ལ་ཅི་འདོད་འདོད་པའི་གཏེར་འབྱུང་བ། །ཕུན་སུམ་ཚོགས་ལྡན་དགེ་བའི་འབྲུ་སྐྱེད་པ། །འདི་ནི་ལོངས་སྤྱོད་ལྡན་པའི་དབང་གི་བཀྲ་ཤིས་ལེའུ་ཞེ་གཅིག་པའོ། །སྔོན་བཅོམ་ལྡན་འདས་ཙན་དན་ནགས་ཚལ་དུ་གཤེགས་པའི་ཚེ། གཅན་གཟན་སྟག་གིས་སྨན་བྱ་ཁྲི་ཕུལ་བས་བཀྲ་ཤིས་པ་དེ་བཞིན་དུ། སློབ་མ་རྣམས་ལ་སྟག་ཚལ་པས་དབང་བསྐུར་བཀྲ་ཤིས་པར་གྱུར་ཅིག །བྱ་ཁྲི་སྨན་མཆོག་སྟག་གིས་ཕུལ་བ་སྟེ། བཅོམ་ལྡན་ཐུགས་རྗེ་ཆེན་པོས་བྱིན་རླབས་ཀྱིས། བྱོལ་སོང་གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་མཆོག་ནད་རྣམས་ཀུན་ཀྱང་སེལ་བར་ཤོག །སེམས་ཅན་གདུག་པ་མ་ལུས་འདུལ་མཛད་པ། །ཐབས་ཀྱི་ཆོ་འཕྲུལ་ཀུན་ལས་ཅིར་ཡང་སྟོན། །ཐུགས་རྗེས་ཆེན་པོས་གནས་ནས་འདྲེན་མཛད་པ། །འདི་ནི་ཆོ་འཕྲུལ་སྟོན་པའི་དབང་གི་བཀྲ་ཤིས་ལེའུ་ཞེ་གཉིས་པའོ། །སྔོན་བཅོམ་ལྡན་འདས་སེང་ལྡིང་གི་ཤིང་གསེབ་དུ་གཤེགས་པ་ལ། གཅན་གཟན་གྱིས་རྒྱལ་པོ་སེང་གེས་སེང་ཁྲི་ཕྱག་ཏུ་ཕུལ་བས་སྨན་གྱིས་མཆོག་ཏུ་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སེང་ལྡེང་གི་ཚེར་མས་དབང་བསྐུར་བས། སྨན་མཆོག་དམ་པའི་ཡོན་ཏན་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག །སེང་ཁྲི་སྨན་མཆོག་སེང་གེས་ཕུལ་བ་སྟེ། བཅོམ་ལྡན་ཐུགས་རྗེ་ཆེན་པོས་བྱིན་བརླབས་ཀྱིས། །བྱོལ་སོང་གཏི་མུག་ཀུན་ཀྱང་གོ་མཛད་པ། སྨན་མཆོག་ནད་རྣམས་ཀུན་ཏུ་སེལ་བར་ཤོག །གཟི་བརྗིད་འགྲོ་མཁས་འགྱིང་བའི་རྫུ་འཕྲུལ་ཅན། །གླིང་བཞིར་འགྱིང་པས་བྱོལ་སོང་རྒྱལ་པོ་སྟེ། །སྒྲ་སྐད་མཚེར་བས་སྡེར་ཆགས་ཟིལ་གྱིས་ནོན། འདི་ནི་མུ་སྟེགས་འདུལ་བའི་དབང་གི་བཀྲ་ཤིས་ལེའུ་ཞེ་གསུམ་པའོ། །སྔོན་བཅོམ་ལྡན་འདས་རི་བཏང་བཟུང་ཆེན་པོར་ཀླུའི་རྒྱལ་པོ་འཇོགས་པོས་འབྲི་ཧས་ཏི་ཕྱག་ཏུ་ཕུལ་བས། སྨན་མཆོག་རྣམ་པ་ལྔ་རུ་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཤུ་དག་དཀར་པོས་དབང་བསྐུར་བས། སྨན་མཆོག་དམ་པའི་བཀྲ་ཤིས་ཐོབ་པར་གྱུར་ཅིག །ཤུ་དག་སྨན་མཆོག་ཀླུ་ཡིས་ཕུལ་བ་སྟེ། བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཀླུ་ཡི་གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་མཆོག་ནད་རྣམས་ཀུན་ལས་སེལ་བར་ཤོག །རིག་པའི་ཆ་ལྡན་བྱང་ཆུབ་སེམས་དཔའི་ངང་། །འགྲོ་བའི་དོན་བསྐོངས་གཙུག་ན་རིན་ཆེན་མཆོག །ཐབས་ཀྱིས་དོན་མཛད་མཐུ་དཔུང་ཆེ་བའི་ཀླུས། །འདི་ནི་ནད་རྣམས་སེལ་བའི་དབང་གི་ལེའུ་སྟེ་བཞི་བཅུ་ཞེ་བཞི་པའོ། །སྔོན་བཅོམ་ལྡན་འདས་ལ་རྒྱལ་བུ་རྒྱལ་བྱེད་གྱི་ཚལ་དུ་ལྷའི་དབང་པོ་བརྒྱ་བྱིན་ཧ་ས་དེ་བ་ཕུལ་བས། སྨན་དང་མཆོག་སྙིང་པོ་བཀྲ་ཤིས་པ་དེ་བཞིན་དུ། མིང་འདི་ཞེས་བྱ་བ་ལ་དབང་པོ་ལག་པས་དབང་བསྐུར་བས། སྨན་མཆོག་དམ་པའི་དོན་གྱི་བཀྲ་ཤིས་པར་གྱུར་ཅིག །དབང་པོ་ལག་པ་བརྒྱ་བྱིན་ཕུལ་བ་སྟེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བརྒྱ་བྱིན་ལྷ་ཡི་སེམས་ཀྱང་གོ་བར་མཛད། སྨན་མཆོག་ནད་རྣམས་ཀུན་ལས་སེལ་བར་ཤོག །སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་ནས། །ལོངས་སྤྱོད་ལྡན་པས་ལྷ་དབང་བརྒྱ་སྦྱིན་མཆོག །སུམ་ཅུ་རྩ་གསུམ་ལྷ་ལས་རྣམ་རྒྱལ་བའི། །འདི་ནི་ལོངས་སྤྱོད་དབང་གིས་ལེའུ་ཞི་བཅུ་ཞེ་ལྔ་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོའི་ཤིང་གསེབ་དུ་གཤེགས་པའི་ཚེ། ཤིང་གི་ལྷ་མོ་འོད་འཆང་མས་ཀན་དྷ་ཀ་རི་ཕུལ་བས། སྨན་མཆོག་སྙིང་པོ་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཀན་དྷ་ཀ་རིས་དབང་བསྐུར་བས། སྙིང་པོ་ལྔའི་དོན་དུ་བཀྲ་ཤིས་པར་གྱུར་ཅིག །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། ཤིང་གི་ལྷ་མོའི་སེམས་ཀྱང་གོ་བར་མཛད། །ཀན་དྷ་ཀ་རི་ལྷ་མོས་ཕུལ་བ་སྟེ། །སྨན་མཆོག་ནད་རྣམས་ཀུན་ལས་སེལ་བར་ཤོག །ནགས་ཚལ་ཆེན་པོའི་ཤིང་གསེབ་ནས། །བདེ་བ་དགོས་པའི་རེ་བ་སྐོངས། །དད་པ་ཆེན་པོས་རབ་ཕུལ་བས། །འདི་ནི་ལེགས་པར་རྫོགས་པའི་དབང་གི་བཀྲ་ཤིས་ཀྱི་ལེའུ་སྟེ་བཞི་བཅུ་ཞེ་དྲུག་པའོ། །གཉིས་པ་ནུས་པའི་དབང་ལ་ལྔ་སྟེ། ཉན་དབང་དང་། བསྒྲུབས་དབང་དང་། འཆད་དབང་དང་། འཕྲིན་ལས་ཀྱི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །དབང་དེ་ལྔ་ནི་ཆོ་ག་ཡང་གོང་དང་མཐུན་ནོ། །གསུམ་པ་གསང་བ་ཟབ་མོའི་དབང་ལ་གསུམ་སྟེ། གསང་དབང་དང་ཤེས་རབ་ཡེ་ཤེས་དབང་དང་། དབྱེར་མེད་བདེ་བ་ཆེན་པོའི་དབང་ངོ་། །དབང་དེ་གསུམ་གྱི་ཆོ་གའི་དོན་ནི། ལམ་ཁྱེར་བཞི་ལྡན་དུ་བྱ་སྟེ། ཐེག་པ་ལམ་ཁྱེར་ལ་གསང་སྔགས་ཀྲྀ་ཡ། ལྷ་ལམ་ཁྱེར་ལ་རིགས་གསུམ་མགོན་པོ་སྙིང་པོ་ལམ་ཁྱེར་ནི་ཝ་གི་ཤྭ་རི་མུཾ། མ་ཎི་པདྨེ་ཧཱུཾ། བཛྲ་པ་ཎིའོ། །དབང་ལམ་ཁྱེར་ཀྲྀ་ཡའི་དབང་མཆོག་ཉི་ཤུ་རྩ་དྲུག་གོ །མཆེད་རྡོ་རྗེའི་སྤུན་རྣམས་ལུས་ལྷའི་ཁྱེར་སོ། །ངག་སྔགས་ཀྱི་ཁྱེར་སོ། །སེམས་ཆོས་ཉིད་ཀྱི་ཁྱེར་སོ། །ཁྱེར་སོ་གསུམ་ལ་གནས་པར་བྱའོ། །ལྟ་བ་ནི་དོན་དམ་དག་པའི་མཐའ་བཞི་དང་བྲལ་བ། ཀུན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་འདོད། བསྒོམ་པ་ནི་ཆོ་ག་ཡན་ལག་བཅུ་གཅིག་བསྒོམས། སྤྱོད་པ་ནི་ཁྲུས་དང་གཙང་སྦྲ་ལ་སྤྱོད། འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ། སྐབས་འདིར་སྒོམ་འདེབས་ཅིག་བྱ་ན། རང་གི་སྤྱི་བོར་ཐིག་ལེ་དཀར་དམར་མཐིང་གསུམ་བརྩེགས་སྒོམ། ཐེག་ལེ་དཀར་པོ་ལས་འོད་འཕྲོས་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཏེ། དེ་བཞིན་གཤེགས་པ་ལ་ཕོག་པས་སྐུ་མཉེས་པའི་མཆོད་པ་འབུལ། འོད་དེ་ཚུལ་འདུས་ནས་སྤྱི་བོར་ཐིམ་པས་སྐུའི་ལྷ་འཇམ་དཔལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། རལ་གྲི་དང་ཨུཏྤ་ལ་འཛིན་པ་གཅིག་བསྒོམས། དེ་ནས་ཐིག་ལེ་དམར་པོ་གསུང་། མཐིང་ཁ་ཐུགས་ཁར་ཐིམ་པས་འདྲེས། དེ་ལྟར་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམས་ནས། སྤྱོད་ལམ་རྣམ་བཞི། ཀ །བག །རྩིས། འདའ་བ་མེད་པ་ནི། སྤྱོད་པ་དབང་ཆགས་པའི་རྟེན་ཡིན་ནོ། །ཀྲྀྀ་ཡའི་གག་དྲུག་སྦྱར་ན། གང་དུ་གསུངས་པའི་གནས་ནི་སྔོན་འབྱུང་བ་རན་སེར་གསུངས་ལ། རྗེས་འཇུག་དུ་པད་མ་མེ་ཏོག་འཇའ་ཚོན་གྱི་གླིང་དུ་དབང་བསྐུར། གང་གིས་བསྐུར་བའི་སྟོན་པ་ནི་སྔོན་འབྱུང་བཅོམ་ལྡན་འདས་ཀྱིས་དབང་བསྐུར་ལ། རྗེས་འཇུག་དུ་སློབ་དཔོན་ཆེན་པོ་ཤན་ཏིས་བསྐུར་རོ། །གང་ལ་བསྐུར་བའི་ཡུལ་ནི། སྔོན་བྱུང་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སྐུར། རྗེས་འཇུག་དུ་སློབ་དཔོན་ཟླ་བྷར་རྩལ་ལ་བསྐུར། །གང་བསྐུར་བའི་དབང་ནི་རི་རབ་དང་། མཆོད་རྟེན་དང་། དཔག་བསམ་ཤིང་ལ་སོགས་པ་དབང་ཉི་ཤུ་རྩ་དྲུག་བསྐུར། ཅིའི་ཕྱིར་ན་སྔོན་འབྱུང་དུ་ཕྱག་ན་རྡོ་རྗེ་ལ། བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་གཟུང་པ་དང་། རྗེས་འཇུག་དུ་སྣོད་བཅུད་འཛོམ་པའི་དུས་སུ་བསྟན། ཅེས་གསུངས་པས། བླ་མ་སྦྱངས་པའི་ཡོན་ཏན་དང་ལྡན་པས། སློབ་བུ་སྣོད་དང་ལྡན་ཞིང་ལས་འཕྲོ་ཡོད་བས། ཟབ་མའི་དོན་ལ་མོས་པ་ཞུམ་པ་མེད་པའི་བརྩོན་འགྲུས་ཀྱི་གདམས་པ་ཞུ་ནུས་པ། ཤོ མས་ལེན་ལ་འགྲིམ་པ་ཡིད་ཆེས་པའི་དམ་ཚིག་དང་ལྡན་པའི་སྟེ། དེའི་རྗེས་སུ་འཇུག་པའི་ཕྱིར་དབང་བསྐུར་རོ། །དགོས་པ་ནི། རིན་པོ་ཆེ་རི་རབ་ཀྱི་དབང་བསྐུར་བས། མཐུ་སྟོབས་ཁྱད་པར་དང་ལྡན་པའི་དགོས་པ་ཡོད་ཅིང་། མཆོད་རྟེན་གྱིས་དབང་བསྐུར་བས། ཆོས་སྐུ་ཐོབ་པའི་དགོས་པ་ཡོད་ལ། དཔག་བསམ་གྱི་ཤིང་ལ་སོགས་དབང་བསྐུར་བས་དགོས་འདོད་ཡིད་བཞིན་དུ་འགྲུབ་པའི་དགོས་པ་ཡོད་པ་ལ་སོགས་པ་ཉི་ཤུ་རྩ་དྲུག་པོ་དེ་རང་ཡིན་ནོ། །གསུམ་པ་རྗེས་ནི་ཡོན་དང་མཎྜལ་ཕུལ་ལ། བསྔོ་བ་སྨོན་ལམ་དང་། བཀྲ་ཤིས་བརྗོད་ཚོགས་དང་དགའ་སྟོན་རྒྱ་ཆེན་བྱ། གླུ་གར་དང་། རྩེད་འཇོའི་ཉམས་བསྐྱང། རྗེས་ཆོག་ནི་མཆོད་པ་དང་། བསྟོད་པ་དང་། བསྔོ་བ་དང་། བཟོད་གསོལ་དང་། གཤེགས་གསོལ་དང་། བཀྲ་ཤིས་བརྗོད་ལ་དཀྱིལ་འཁོར་བསྡུ། དེ་ནི་ཀྲི་ཡའི་དབང་གི་ཐེམ་སྐས་རྫོགས་སོ།། །།

དང་པོ་ཕྱི་དབང་གི་ཆུ་བོ་ལས་ཡོ་གའི་དབང་གི་ཐེམ་སྐས།

༄༅ ། །དང་པོ་ཕྱི་དབང་གི་ཆུ་བོ་ལས། ཡོ་གའི་དབང་གི་ཐེམ་སྐས་བཞུགས་སོ། །དྲུག་པ་ཡོ་གའི་དབང་ལ་གཉིས་སྟེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ནི། ཚད་དང་ལྡན་པའི་ས་སྟེགས་ལ། །དྲི་བཟང་ཆུ་ཡིས་ཆག་ཆག་གདབ། །བྱིན་རླབས་ལྡན་པའི་ཐིག་སྐུད་ཀྱིས། །ཆ་ཆེན་བཅུ་དྲུག་ལེགས་པར་གདབ། །དེ་ནས་ཆ་བྲན་གདབ་པ་ནི། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞི་མཉམ་དུ་གདབ། །གསུམ་པ་ཕྱིའི་ཆ་གཅིག་གདབ། །བཞི་པ་ལྷ་སྣམ་ཕྱེད་དུ་གདབ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་ཆ་བཞི་མཉམ་དུ་གདབ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །དེ་ནས་མུ་ཁྱུད་བསྐོར་བ་ནི། །ཆ་ཆེན་གསུམ་ནས་ཕོ་བྲང་བསྐོར། །ནང་དུ་ཆ་བྲན་ཉེར་བཞི་ཡོད། །བརྒྱད་ཀྱི་དབུས་ཀྱི་ལིང་ཚེ་ཡིན། །དྲུག་དྲུག་ཕྱོགས་བཞིའི་ལིང་ཚེ་ལ། །བཞི་ནི་མུ་འཁྱུད་གདུང་བཞིའོ། །དབུས་དང་ཕྱོགས་བཞི་ལིང་ཚེ་ལ། །པདྨ་འདབ་མ་བཞི་པའམ། །འཁོར་ལོ་རྩིབས་བཞི་རེ་རེས་བསྐོར། །གླང་གུར་རྡོ་ར་སྤྱི་དང་མཚུངས། །མདའ་ཡབ་ཟུར་ཐིག་ཕྲད་སོ་ནས། །པད་འདབ་རྡོ་ར་མེ་རི་ལ། །ཅི་རིགས་མཚམས་པས་བསྐོར་བར་བྱ། །བྱིན་བརླབས་ལྡན་པའི་ཚོན་རྩི་ཡིས། །མཁས་པས་རེ་ཁ་ལེགས་པར་བྲི། །པདྨ་འདབ་བཞི་ཆ་ལྔ་ཡི། །དབུས་ཀྱི་ལྟེ་བ་དཀར་པོ་བྱ། །ཕྱོགས་བཞི་སྔོ་སེར་དམར་དང་ལྗང་། །འདབ་མ་བཞི་ནི་ཕྱོགས་ཀྱི་མདོག །མུ་ཁྱུད་གདུང་བཞི་ནག་པོ་བྱེད། །མཚམས་ཀྱི་ལིང་ཚེ་མཛེས་ཚོན་ལ། །གྲུ་ཆད་བཞི་ནི་ཕྱོགས་ལས་ལོག །ལྷ་སྣམ་ཤར་སྔོ་ལྷོ་ཕྱོགས་སེར། ནུབ་དམར་བྱང་ནི་ལྗང་ཁུ་བྱེད། །རྩིགས་པ་ལ་སོགས་གོང་དང་མཐུན། །དེ་ནས་རྣམ་པ་དགོད་པ་ནི། །དབུས་སུ་རྣམ་སྣང་ཡུམ་བཞི་དགོད། །ཤར་དུ་མི་སྐྱོད་སེམས་དཔའ་བཞི། །ལྷོ་རུ་རིན་འབྱུང་སེམས་དཔའ་བཞི། །ནུབ་དུ་མཐའ་ཡས་སེམས་དཔའ་བཞི། །བྱང་དུ་དོན་གྲུབ་སེམས་དཔའ་བཞི། །མཚམས་ཀྱི་ལིང་ཚེ་བཞི་པ་ལ། །སྒེག་མོ་བཞིའི་ཙག་ལི་དགོད། །གྲུ་ཆད་བཞི་ལ་གདུགས་སོགས་བཞི། །བློ་འབུར་བཞི་ལ་སྒོ་བ་བཞི། །ལྷ་སྣམ་སྐལ་བཟང་སེམས་དཔའ་སྟོང་། །གསུང་ཐུགས་རྟེན་ནི་གོང་དང་མཚུངས། །ལྷག་ཆད་གསལ་ཞིང་ཞལ་གསོས་མཆོད། །མཆོད་ཡོན་ལ་སོགས་ཕྱི་མཆོད་དང་། །གཏོར་མ་བཤམས་པ་ལ་སོགས་དང་། །བུམ་སོགས་བཤམ་པ་གོང་དང་མཐུན། །དེ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རབ་གནས་ཀྱི་དོད་ནི། དཔོན་སློབ་རྣམས་གདན་ལ་བཞུགས་ཤིང་། སྔོན་འགྲོ་གཏོར་མ་ཆ་བཞིའི་ཆ་གཅིག་བཤམ་ལ། བྱིན་གྱིས་རླབས་ལ་བསྔོ་ཞིང་། མཚམས་བཅད་པ་དང་། མཆོད་པ་བྱིན་གྱིས་རླབས་པ་དང་། སྐྱབས་འགྲོ་སེམས་བསྐྱེད་བསྲུང་འཁོར་བསྒོམ་པ་རྣམས་གོང་དུ་སོང་ནས། དངོས་གཞི་བདག་བསྐྱེད་ནི། ༀ་སྭཱ་བྷ་ཝ། སྟོང་པའི་ངང་ལས་ཧཱུཾ་ཡཾ། ཧཱུཾ་ལས་རྡོ་རྗེའི་མཚན་པའི་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་བཾ་ཧཱུཾ་ལས་འོ་མའི་ཚོ་དེའི་སྟེང་དུ་ཧཱུཾ་ལཾ་ཧཱུཾ་ལས་གསེར་གྱི་ས་གཞི་དེའི་སྟེང་དུ་ཧཱུཾ་བཾ་ཧཱུཾ་ལས་རྒྱ་མཚོ་ཆེན་པོ་བསམ། དེའི་སྟེང་དུ་ཧཱུཾ་སུཾ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། འོག་གཞི་དེ་རྣམས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་རླབས། དེའི་སྟེང་དུ། བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི། རྟ་བབས་དང་བཅས་པའི་རྡོ་རྗེ་དང་། ནོར་བུ་རིན་པོ་ཆེ་ལས་བྱས་པ། དབུས་རྣམ་སྣང་གི་གནས་སུ་ཨཿསིཾ་ཨཿལས་སེང་གེའི་ཁྲི། ཤར་དུ་ཧཱུཾ་ག །ཧཱུཾ་ལས་གླང་པོ་ཆེའི་ཁྲི། ལྷོ་རུ་ཏྲཾ། བཱ་ཱཏྲཱཾཿལས་རྟའི་ཁྲི། ནུབ་དུ་ཧྲིཿམཾ་ཧྲིཿལས་རྨ་བྱའི་ཁྲི། བྱང་དུ་ཨཿགམཿཨཿལས་ནམ་མཁའ་ལྡིང་གི་ཁྲི། ལྷ་གཞན་ཐམས་ཅད་ཀྱི་གནས་སུ་ཧྲིཿ་ལས་པདྨ་དང་། གཙོ་བོ་ལྔའི་པདྨའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར། དབུས་ཀྱི་སེང་གེ་པད་ཟླའི་སྟེང་དུ། རྣམ་སྣང་དཀར་པོ་རྡོ་རྗེ་དཀྱིལ་དཀྲུངས་གིས་བཞུགས་པ། ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱས་དེ་བཞིན་གཤེགས་པའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ་ཞལ་བཞི་པ་ཞལ་དང་པོ་ཤར་དུ་གཟིགས་པ། རྣམ་སྣང་གི་མདུན་གྱི་པད་འདབ་ལ། སེམས་མ་རྡོ་རྗེ་མའི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་དམར་པོ། གཡས་སུ་རིན་པོ་ཆེ་རྡོ་རྗེ་མའི་ངོ་བོ་ཡིད་བཞིན་ནོར་བུ་རིན་པོ་ཆེ། རྩེ་མོ་རྡོ་རྗེ་ལྔ་པས་མཚན་པ། རྒྱབ་དུ་རྡོ་རྗེ་ཆོས་མའི་ངོ་བོ་པད་མ་དཀར་དམར་འདབ་མ་བཅུ་དྲུག་པ་ལ། འདབ་མ་བརྒྱད་མཐུར་དུ་གྱེས་ཤིང་ཁ་བྱེ་བ། འདབ་མ་བརྒྱད་སྟེང་དུ་བལྟས་པས། ཁ་མ་བྱེ་བའི་ནང་ན། དང་པོའི་རྡོ་རྗེ་རྩེ་ལྔ་པ་ཆུད་པ། གཡོན་དུ་རྡོ་རྗེ་ལས་མའི་ངོ་བོ་སྣ་ཚོགས་སྟེང་རྡོ་རྗེ་བཅུ་གཉིས་པ་ལྟེ་བ་དཀར། མདུན་གྱི་ར་གསུམ་སྔོ། གཡས་ཀྱི་སེར་གཡོན་གྱི་ལྗང་། རྒྱབ་ཀྱི་དམར་པོའོ། །ཤར་གྱི་དབུས་སུ་གླང་པོ་ཆེའི་ཁྲི་དང་། པད་ཟླ་ལ་མི་སྐྱོད་པ་སྔོན་པོ་ས་གནོན་གྱི་ཕྱག་རྒྱས་དེ་ནི་དེ་བཞིན་གཤེགས་པའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། མདུན་གྱི་པད་འདབ་ལ་རྡོ་རྗེ་སེམས་དཔའ་དཀར་པོ། ཕྱག་གཡས་པའི་སོར་མོ་གསུམ་སྦྲེང་བའི་རྩེ་མོ་ལ་དང་པོའི་རྡོ་རྗེ་རྩེ་ལྔ་པ་རང་གི་ཐུགས་ཁར་སྟོད་པའི་ཚུལ་གྱིས་འཛིན་པ། གཡོན་ན་རྡོ་རྗེ་ཁུ་ཚུར་གྱི་དྲིལ་བུ་ཁ་ནང་དུ་བསྟན་པ། སྙན་པའི་ཚུལ་གྱིས་སྐུར་བརྟེན་པ། གཡས་སུ་རྡོ་རྗེ་རྒྱལ་པོ་གསེར་མདོག་ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པར་མཛད་པ། གཡོན་དུ་ཆགས་པ་དམར་པོ་རྡོ་རྗེས་མཚན་པའི་མདས་ཨུཏྤ་ལ་དམར་པོ་ཁ་བྱེ་བའི་མདེའུ་ཅན། རྡོ་རྗེ་གཞུ་རྣ་བའི་བར་དུ་བཀང་ནས། དེ་བཞིན་གཤེགས་པ་རྣམས་ལ་འབིགས་པར་མཛད་པ། རྒྱབ་ཏུ་ལེགས་པར་ལྗང་ཁུ་དང་པོའི་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ནས་ལེགས་སོ་སྦྱིན་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་མཉེས་པར་མཛད་པ། ལྷོར་རྟའི་ཁྲི་ལ་པད་ཟླ་ལ་རིན་འབྱུང་སེར་པོ། མཆོག་སྦྱིན་གྱི་ཕྱག་རྒྱ་རྡོ་རྗེ་རིན་པོ་ཆེ་བསྣམས་པ་མདུན་གྱི་པད་འདབ་ལ་རིན་པོ་ཆེ་སེར་པོས་ཕྱག་གཡས་རིན་པོ་ཆེ་རང་གི་དབང་བསྐུར་བའི་གནས་སུ་འཇོག་ཅིང་། གཡོན་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་ཁ་ནང་དུ་བསྟན་ནས་སྙེམ་པའི་ཚུལ་གྱིས་སྐུར་རྟེན་པ། གཡས་སུ་ཉི་མ་ཉི་མའི་མདོག་ཅན་ཕྱག་གཡས་ཀྱི་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བ་ན། རྡོ་རྗེ་རྩེ་ལྔ་པ་ཡོད་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྣང་བར་མཛད་པ་ཐུགས་ཁར་འཛིན་ཅིང་གཡོན་པ་གདན་ལ་རྟེན་པའོ། །གཡོན་དུ་རྡོ་རྗེ་རྒྱལ་མཚན་སྔོན་པོ་ཕྱག་གཡས་པའི་དང་པོ་རྡོ་རྗེས་མཚན་པའི་ཡིད་བཞིན་ནོར་བུའི་ཏོག་ཅན་གྱི་རྒྱལ་མཚན་དར་དང་མུ་ཏིག་གི་ཆུན་འཕྱང་ལ་སོགས་པའི་བརྒྱན་གྱིས་སྤྲས་པ་ཕྲག་པའི་ཕྱོགས་སུ་སྦྲེང་བའི་ཚུལ་གྱིས་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ངེས་པར་སྦྱོར་བར་མཛད་པ་གཡོན་པ་གདན་ལ་རྟེན་པའོ། །གཡོན་དུ་གཞད་པ་དུང་དང་པདྨའི་རྩ་བ་ལྟར་དཀར་བ། གཡས་ཀྱི་དང་པོའི་རྡོ་རྗེ་རྩེ་ལྔ་པ་གཉིས་ཀྱི་དབུས་སུ་ཆུད་པའི་སོའི་འཕྲེང་བ་གཉིས་ཁ་འགྲམ་གཡས་སུ་འཛིན་པས་དེ་པ་ཐམས་ཅད་འཛུན་པ་སྨད་དུ་བྱུང་བ་ལ། ངེས་པར་སྦྱོར་བ་གཡོན་པ་གདན་ལ་རྟེན་པའོ། །ནུབ་དུ་རྨ་བྱའི་ཁྲི་དང་པད་ཟླ་ལ་འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱས་རྡོ་རྗེ་པདྨ་ལ་ཆོས་དཀར་དམར་ཕྱག་གཡོན་སྙེམ་པ་དང་བཅས་པས་རྡོ་རྗེ་པདྨའི་གདོང་བུ་སྐུར་རྟེན་ཅིང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐེབ་འཛུག་གྱིས་སྙིང་ཁར་རྡོ་རྗེ་པདྨའི་འདབ་མ་ཁ་འབྱེད་པའོ། །གཡས་སུ་རྣོན་པོ་སྔོན་པོ་ཕྱག་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐུགས་ཀར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་པོ་ཏི་བསྣམས་ཤིང་། གཡས་པ་རྡོ་རྗེ་རལ་གྲི་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པའི་ཚུལ་དུ་མཛད་པའོ། །གཡོན་དུ། རྒྱུ་གསེར་གྱི་མདོག་ཅན་ཕྱག་གཡས་པའི་གུང་མོའི་རྩེ་མོ་ན། དང་པོའི་རྡོ་རྗེ་རྩེ་གཅིག་པའི་དབྱིབས་ཅན་གྱིས་འཁོར་ལོ་རྩིབས་བརྒྱད་པ་བསྐོར་བའི་ཚུལ་དུ་འཛིན་ཞིང་གཡོན་པ་གདན་ལ་རྟེན་པའོ། །རྒྱབ་དུ་སྨྲ་བ་ཟངས་གྱི་མདོག་ཅན་ཕྱག་གཡས་པ་དང་པོའི་རྡོ་རྗེས་མཚན་པའི་ལྕེ་བསྣམ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྨྲ་བར་མཛད་ཅིང་། གཡོན་པ་གདན་ལ་བརྟེན་པའོ། །བྱང་དུ། མཁའ་ལྡིང་གི་ཁྲི་དང་པད་ཟླ་ལ་དོན་འགྲུབ་ལྗང་ཁུ་སྐྱབས་སྦྱིན་གྱིས་ཕྱག་རྒྱས་སྣ་ཚོགས་རྡོ་རྗེ་བསྣམས་པ། མདུན་གྱི་པད་འདབ་ལ། ལས་ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར་དཀར་པོ། ཞལ་གྱི་འོག་ནས་སྐྱེད་པའི་བར་དམར་སྐྱ། སྐྱེད་པའི་བར་དང་ཕྱག་གཉིས་སྔོ་སྐྱ། བརླ་གཉིས་སེར་སྐྱ། ལྷག་མ་མདོག་སྔོན་པོའོ། །ཕྱག་གཡས་པ་སྣ་ཚོགས་རྡོ་རྗེ་རྩེ་བཅུ་གཉིས་པ་ཐུགས་ཁར་གཏོད་པའི་ཚུལ་གྱིས་འཛིན་ཅིང་། གཡོན་སྙེམས་པ་དང་བཅས་པས་སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ་ཁ་ནང་དུ་བསྟན་བསྐུར་རྟེན་པའོ། །གཡས་སུ་བསྲུང་བ་གསེར་གྱི་མདོག་ཅན་ཕྱག་གཉིས་ཀྱི་མཐའ་གཉིས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་རྡོ་རྗེ་གོ་ཆ་བསྣམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གོ་དཀོན་པའི་ཚུལ་དུ་མཛད་པའོ། །གཡོན་དུ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་པ་ཞལ་མཆེ་བ་གཙིགས་པ་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པས་ལྟེ་བར་མཚན་པའི་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྡིག་པའི་ཚུལ་དུ་མཛད་པའོ། །རྒྱབ་དུ་ཁུ་ཚུར་སེར་པོ་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་རྩེ་ལྔ་པའི་འཚིར་བའི་ཚུལ་གྱིས་བཞུགས་པ། ཤར་ལྷོའི་ལིང་ཚེར་སྒེག་མོ་མ་དཀར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་སྐེམས་པའི་ཚུལ་གྱིས་འཛིན་ཅིང་གཡོན་དུ་ཅུང་ཟད་འདུད་པའོ། །ལྷོ་ནུབ་ཀྱི་ལིང་ཚེར་འཕྲེང་བ་སེར་མོ་རྡོ་རྗེ་རིན་པོ་ཆེའི་འཕྲེང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བར་མཛད་པའོ། །ནུབ་བྱང་གི་ལིང་ཚེར་གླུ་མ་དཀར་དམར་ཕྱག་གཉིས་རྡོ་རྗེས་མཚན་པའི་པི་ཝང་བརྡུང་བ་ལ་བརྩོན་པའོ། །བྱང་ཤར་གྱི་ལིང་ཚེར། གར་མ་སྣ་ཚོགས་མདོག་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་པ་གཉིས་བསྣམས་ནས་གར་སྟབས་བྱེད་པའོ། །ཤར་ལྷོའི་གྲུ་ཆད་ལ། བདུག་པ་མ་དཀར་མོ་ཕྱག་གཉིས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་སྤོས་སྣམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་མཛད་པའོ། །ལྷོ་ནུབ་ཀྱི་གྲར་མེ་ཏོག་མ་སེར་མོ་ཕྱག་གཡོན་རྡོ་རྗེ་མེ་ཏོག་གི་སྣོད་འཛིན་ཅིང་གཡས་མེ་ཏོག་གིས་ཆར་འབེབས་པར་མཛད་པའོ། །ནུབ་བྱང་གི་གྲར་མར་མེ་མ་དཀར་དམར་ཕྱག་གཉིས་རྡོ་རྗེ་མར་མེའི་སྡོང་བུ་བསྣམས་ཏེ་དེ་བཞིན་གཤེགས་པ་རྣམས་སྣང་བའི་ཚོགས་ཀྱིས་ཚིམ་པར་མཛད་པའོ། །བྱང་ཤར་གྱི་གྲར། བྱུག་པ་མ་སྣ་ཚོགས་མདོག་ཕྱག་གཡོན་རྡོ་རྗེས་མཚན་པའི་དྲིའི་དུང་ཕོར་བསྣམས་སྟེ་ཕྱག་གཡས་ཀྱི་དྲིའི་སྤྲིན་གྱིས་དེ་བཞིན་གཤེགས་པ་རྣམས་མཆོད་པར་མཛད་པའོ། །ཤར་གྱི་བློ་འབུར་ལ། ལྕགས་ཀྱུ་དཀར་པོ་ཕྱག་གཉིས་ཀྱིས་རྡོ་རྗེའི་མཚན་པའི་ལྕགས་ཀྱུ་བསྣམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པར་མཛད་པའོ། །ལྷོར་ཞགས་པ་སེར་པོ་ཕྱག་གཉིས་རྡོ་རྗེ་ཞགས་པས་དེ་བཞིན་གཤེགས་པ་རྣམས་འཇུག་པར་མཛད་པའོ། །ནུབ་ལ་ལྕགས་སྒྲོགས་དཀར་དམར་ཕྱག་གཉིས་རྡོ་རྗེ་ལྕགས་སྒྲོགས་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར་མཛད་པའོ། །བྱང་རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་ཕྱག་གཡས་རྡོ་རྗེ་དྲིལ་བུ་བསྣམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་འབེབས་པར་མཛད་པ་གཡོན་གདན་ལ་རྟེན་པའོ། །གོང་གི་རིགས་སྔར་ལྔ་པོ་ལ། ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ། ལྷ་རྫས་ཀྱི་དར་ལའི་སྟོད་གཡོགས་སྨད་གཡོགས་མནབས་པ། རིན་པོ་ཆེའི་ཅོད་པཎ་དང་དར་དཔྱངས་ཀྱི་དབང་བསྐུར་བ་དང་ལྡན་པ། རྡོ་རྗེ་སེམས་དཔའ་མན་ཆད་རབ་དགྱེས་པས། སྤྱན་གདངས་པ་སྒེག་པའི་ཉམས་ཅན་འཛུམ་བག་དང་བཅས་པ། སངས་རྒྱས་ལྔའི་ཅོད་པཎ་དང་དར་དཔྱངས་ཀྱི་དབང་བསྐུར་མདང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་དཀར་པའི་སྟོད་གཡོགས་དང་སྨད་གཡོགས་བཅས་པ། པད་ཟླའི་གདན་ལ་སེམས་དཔའི་དཀྱིལ་མོ་དཀྲུངས་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་ཅན་ནོ། །དེ་ནས་ལྷ་རྣམས་ལ་བསྐལ་བཟང་སྟོང་དུ་བཞིས་མ་ཚང་བ། ཕྱོགས་རེར་ཉིས་བརྒྱ་བཞི་བཅུ་རྩ་དགུ་དགུ་སེམས་དཔའ་དང་པོ་བཞི་དང་འདྲ་པ་ལ་ཁྱད་པར་རྡོ་རྗེ་རིན་པོ་ཆེ་ཅོད་པཎ་གྱི་དབང་བསྐུར་བའོ། །ཡང་ན་ཤར་དུ། བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་། མུན་པ་ངེས་པར་འཇོམས་པའི་བློ་གྲོས། ལྷོར་སྤོས་ཀྱི་གླང་པོ། དཔའ་བོར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག །ནུབ་དུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་གྲྭ་བ་ཅན་གྱི་འོད། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་རྣམས་སེམས་དཔའ་དང་པོ་བཞི་དང་འདྲ་བ་ལ། ཁྱད་པར་རྡོ་རྗེ་རིན་པོ་ཆེ་ཅོད་པཎ་གྱི་དབང་བསྐུར་བའོ། །སྒོ་བཞིར་སྒོ་མ་བཞི་གོང་བཞིན་སྒོམ། ལྷ་ཚོགས་དེ་རྣམས་ཀྱི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿཐུགས་ཁར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གནས་ནས་ཡེ་ཤེས་པ་སྙན་གསན་དབབ་ཅིང་སྤྱན་དྲངས། དེ་ནས་སྤྱན་དྲངས་པ་ནི། ཧཱུཾ། མ་ལུས་སེམས་ཅན་ཀུན་གྱི་དབང་གྱུར་བ། བདུད་སྡེ་དཔུང་བཅས་མ་ལུས་འཇོམས་མཛད་པ། དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། བཅོམ་ལྡན་རྣམ་སྣང་འཁོར་བཅས་གཤེགས་སུ་གསོལ། ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོ་ས་མ་ཡ་སྟཾ། བཅོམ་ལྡན་འདི་ནི་བྱོན་པ་ལེགས། བདག་ནི་བསོད་ནམས་སྐལ་པར་ལྡན། བདག་གི་མཆོད་ཡོན་བཞེས་ནས་ཀྱང་། ཐུགས་རྗེས་ཐུགས་དབག་མཛད་དུ་གསོལ། ༀསརྦ་བཛྲ་ས་ཏྭ་ཧཱུཾ། ༀ་བཛྲ་ག་ག་ན་ཁཾ་ས་མ་ཡེ་སྭཱཧཱ། ཇི་ལྟར་ལྟམས་པ་ཙམ་གྱིས་ཀྱང་། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ། ལྷའི་ཆུ་ནི་དག་པ་ཡི། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་བཛྲ་སརྦ་དེ་བ་ས་ཏ་ཡ་ཙ་ཧ་ཏི་ཡ་མི་ཏེ་ཏ་ར་སྭཱ་ཧཱ། བདག་དང་འགྲོ་ལ་ཐུགས་རྩེའི་ཕྱིར། ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། ཇི་སྲིད་མཆོད་པ་བདག་འབུལ་ན། ཇི་སྲིད་བཅོམ་ལྡན་བཞུགས་སུ་གསོལ། པདྨ་ཀ་མ་ལ་ཡེ་ཧཱུཾ། མེ་ཏོག་དམ་པ་འདི་དག་དང་། དེ་བཞིན་ཆུ་སྐྱེས་ཐང་སྐྱེས་དང་། མཆོག་དུ་དད་པས་བདག་འབུལ་ན། ཅི་བདེ་བར་ནི་བཞེས་སུ་གསོལ། ཨཱོཾ་ན་མ་སརྦ་ཏ་ཐ་ག་ཏ་པུས་པ་པུ་ཙ་མེ་ག་ས་མུན་ཏྲ་པ་ར་ན་ས་མ་ཡེ་ཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བས་མཆོག །བདུག་སྤོས་དམ་པ་འདི་དག་ནི། མཆོག་དུ་དད་པས་བདག་འབུལ་ན། ཅི་བདེ་བར་ནི་བཞེས་སུ་གསོལ། དྷུ་པེ། མུན་པའི་ཚོགས་རྣམས་འཛོམས་མཛད་པ། ཕྱོགས་ཀུན་གསལ་བྱེད་མར་མེ་འདི། །ཀུན་མཁྱེན་དངོས་གྲུབ་ཐོབ་བྱའི་ཕྱིར། །མཆོག་དུ་དད་པས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨ་ལོ་ཀེ། ཡང་དག་པར་ནི་སྦྱར་བའི་མཆོག །དྲི་མཆོག་དམ་པ་འདི་དག་ནི། །མཆོག་དུ་དད་པས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །གྷན་དྷེ། ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་དང་བཅའ་བར་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །མཆོག་དུ་དད་པས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ནེ་ཝེ་ཏེ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་ཆད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཏྣ་ཙཀྲ་པུ་ཙ་ཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེས་ཤིང་འཕོངས་པ་རྒྱུན་ཆད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཧཱ་རཏྣ་པུ་ཙ་ཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །བཙུན་མོ་རིན་ཆེན་འདི་ཕུལ་བས། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཤེས་རབ་ཐབས་དང་འབྲེལ་བར་ཤོག བ་ཏི་རཏྣ། བདེ་བར་གཤེགས་པ་ཐམས་ཅད་ལ། །བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་པར་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་རཏྣ་པུ་ཙ་ཧཱུྃ། བདེ་བར་གཤེགས་པར་ཐམས་ཅད་ལ། །གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་བ་ངན་པ་རབ་སྤངས་ནས། །བླ་མེད་ཐེག་པ་རབ་ཞོན་ནས། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ། །ད་ནི་རབ་ཏུ་འཇུག་པར་ཤོག །མ་ཧཱ་ཧ་ཏི། བདེ་བར་གཤེགས་པ་ཐམས་ཅད་ལ། །རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་སྲེག་ལམ་ཡོངས་གྲོལ་སྟེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོ་གྱུར་ཤོག །མ་ཧཱ་རཏྣ་ན་རུ་རང་ཤ །བདེ་བར་གཤེགས་པ་ཐམས་ཅད་ལ། །དམག་དཔོན་རིན་ཆེན་འདི་ཕུལ་བས། །ཕས་ཀྱི་རྒོལ་བ་ཚར་བཅད་ནས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །མ་ཧཱ་ཁཾ་ཀ་རཏྣ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་འཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་རུ་པ་བུ་ཙ་མེ་ག་ས་མུ་ཏྲ་སྨ་ར་ས་མ་ཡེ་ཧཱུཾ། ཕྱོགས་དུས་ཀུན་ནས་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཤསྟ། ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་ཚིམ་བྱེད་དབང་པོ་རྣམས། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །གནྡྷ་པུ་ཙ་མེ་ག་ས། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟན་པར་བྱེད་པའི་རོ་མཆོག་ཀྱང་། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ར་ས་བཛྲ་པུ་ཙ། ཕྱོགས་དུས་ཀུན་ན་འཇམ་མཉེན་སྤྲིན་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་པ། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །པ་རི་ཤ་བཛྲ་པུ་ཛ། ༀ་བཛྲ་སཏྭ་སུ་སཾ་ཏྲ་ཧ། ༀ་བཛྲ་རཏྣ་མ་ཏ་ར། ༀ་བཛྲ་དྷ་ར་མ། གྷ་ན་ཡཱ། ༀ་བཛྲ་ཀརྨ་ཀ་རོད་བྷ་ཝ། ༀ་བཛྲ་ལ་སྱེ་ཧཱུཾ། ༀ་བཛྲ་མ་ལེ་ཏྲཾ། ༀ་བཛྲ་གིརྟི་ཧྲི། ༀ་བཛྲ་ནིརྟི་ཨ། ༀ་དྷུ་པེ་ཧཱུཾ། ༀ་པུཥྤེ་ཏྲཾ། ༀ་ཨ་ལོཀྐེ་ཧྲི། ༀ་བཛྲ་གྷནྡྷེ་ཨ། བསྟོད་པ་ནི། ཧཱུཾ་སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་རྣམ་དག་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །མེ་ལོང་ཡེ་ཤེས་བྱིན་རླབས་ལས། སེམས་མ་རྡོ་རྗེའི་ཕྱག་རྒྱ་སྟེ། །རྡོ་རྗེ་དམར་པོ་རྩེ་ལྔ་མ། །མཆོད་ཅིང་གུས་པས་ཕྱག་ཀྱང་འཚལ། །མཉམ་ཉིད་ཡེ་ཤེས་བྱིན་རླབས་ལས། རཏྣའི་སེམས་མའི་ཕྱག་རྒྱ་སྟེ། །རཏྣ་སེར་པོ་ཟུར་བརྒྱད་པ། །བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །ཀུན་རྟོག་ཡེ་ཤེས་ངང་ཉིད་ལས། །ཆོས་ཀྱི་སེམས་མའི་ཕྱག་རྒྱ་སྟེ། །པདྨ་དཀར་དམར་བཅུ་དྲུག་ལ། །བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །བྱ་གྲུབ་ཡེ་ཤེས་བྱིན་བརླབས་ལས། །ལས་ཀྱི་སེམས་མའི་ཕྱག་རྒྱ་སྟེ། །རྡོ་རྗེ་རྒྱ་གྲམ་ལྗང་ཁུ་ལ། །བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ས་ནོན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་མི་སྐྱོད་ལའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས་། །དོན་ཡོད་རྒྱལ་པོ་དེ་བཞིན་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལ། །རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་པ་དགའ་བ་ཆེ། །རབ་སྐྱེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་དགྱེས་ཁྱོད་ལ། །རཏྣ་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་མཆོད་སྦྱིན་ཕྱག་རྒྱ་མཛད། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལའོ། །རྡོ་རྗེ་རིན་ཆེན་རྡོ་རྗེའི་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ནི། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལ། །སེམས་ཅན་དོན་རབ་མཛད་དོ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལའོ། །རྡོ་རྗེ་གཞད་མོ་གཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་དོན། །ཕྱག་འཚལ་རྡོ་རྗེ་དགའ་ཁྱོད་ལའོ། །མཐའ་ཡས་རྡོ་རྗེ་ཆོས་ཀྱི་སྐུ། །ཀུན་རྟོགས་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ཏིང་འཛིན་ཕྱག་རྒྱ་མཛད། །ཕྱག་འཚལ་སྣང་བ་མཐའ་ཡས་ལའོ། །རྡོ་རྗེ་ཆོས་རབ་རྡོ་རྗེ་དོན། །རྡོ་རྗེ་པད་མ ོ་རབ་དགའ་བྱེད། །འཇིག་རྟེན་དབང་ཕྱུག་ཆོས་རབ་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལའོ། །རྡོ་རྗེ་གནོན་པོ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་དགའ། །ཕྱག་འཚལ་རྡོ་རྗེ་བླ་ཁྱོད་ལའོ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་འཁོར་ལོ་ལའོ། རྡོ་རྗེ་གསུངས་པའི་རང་རིག་མཆོག །རྡོ་རྗེ་བཟློས་པ་རབ་འགྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལའོ། །དོན་འགྲུབ་རྡོ་རྗེ་སྐྱོད་མཛད་གླུ། །གྲུབ་པ་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་སྐྱབས་སྦྱིན་ཕྱག་རྒྱ་མཛད། །ཕྱག་འཚལ་རྡོ་རྗེ་གྲུབ་པ་ལའོ། །རྡོ་རྗེ་ལས་རབ་རྡོ་རྗེ་བཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་འགྲོ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལའོ། །རྡོ་རྗེ་བསྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །རྡོ་རྗེ་བརྩོན་འགྲུས་ཐུབ་དཀའ་བ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལའོ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་གཙིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་ཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལའོ། །རྡོ་རྗེ་མཚམས་སྦྱོར་རབ་ཏུ་འདུ། །རྡོ་རྗེ་བཅིངས་པ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལའོ། །ཤར་ཕྱོགས་ལྷ་མོ་ལ་སེ་མ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་གཉིས་ཕྱག་རྒྱ་ཁུ་ཚུར་འཆང་། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ལྷོ་ཕྱོགས་ལྷ་མོ་མ་ལེ་མ། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ཕྱག་འཚལ་ཕྱག་གཉིས་འཕྲེང་བ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ནུབ་ཕྱོགས་ལྷ་མོ་གྷིརྟི་མ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་འཚལ་ཕྱག་གཉིས་པི་ཝང་བསྣམས། །དེ་ལ་བསྟོད་དེ༴ བྱང་ཕྱོགས་ལྷ་མོ་ནི རྟི་མ། །སྐུ་མདོག་ལྗང་ཁུ་འོད་ཟེར་འཕྲོ། །ཕྱག་འཚལ་ཕྱག་གཉིས་གར་སྒྱུར་མ། །དེ་ལ་བསྟོད་དེ་ཕྱག༴ ཤར་ལྷོ་ལྷ་མོ་པུཥྤེ་མ། སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་འཚལ་ཕྱག་གཉིས་མེ་ཏོག་བསྣམས། །དེ་ལ་བསྟོད་དེ། །ལྷོ་ནུབ་ལྷ་མོ་དྷུ་པེ་མ། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ཕྱག་འཚལ་ཕྱག་ན་སྤོས་ཁང་བསྣམས། །དེ་ལ་བསྟོད་དེ༴ ནུབ་བྱང་ལྷ་མོ་ཨ་ལོ་ཀེ །སྐུ་མདོག་དམར་མོ་འོད་ཟེར་འཕྲོ། །ཕྱག་འཚལ་ཕྱག་ན་མར་མེ་བསྣམས། །དེ་ལ་བསྟོད་དེ༴ བྱང་ཤར་ལྷ་མོ་གནྡྷེ་མ། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ཕྱག་འཚལ་ཕྱག་ན་དྲི་ཆབ་བསྣམས། །དེ་ལ་བསྟོད་དེ༴ ཤར་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་འཚལ་ཕྱག་ན་ལྕགས་ཀྱུ་བསྣམས། །དེ་ལ་བསྟོད་དེ༴ ལྷོ་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ཕྱག་འཚལ་ཕྱག་ན་ཞགས་པ་བསྣམས། །དེ་ལ་བསྟོད་དེ༴ ནུབ་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་ལྕགས་སྒྲོགས་བསྣམས། །དེ་ལ༴ བྱང་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་དྲིལ་བུ་བསྣམས། །དེ་ལ་བསྟོད་དེ༴ སྒོ་ཡི་འཁྱམས་ཀྱི་ནང་གནས་པ། །བྱམས་པ་ལ་སོགས་བཅུ་དྲུག་པོ། །དང་པོར་རབ་དགའ་ལ་སོགས་ནི། །དགེ་བའི་དོན་དུ་རྟག་གནས་པ། །སེམས་ཅན་སྐུ་བྱམས་རང་བཞིན་ཅན། །སྙིང་རྗེ་བློ་མཁྱེན་རང་བཞིན་འཇོམས་པའི་དཔལ། །ཡེ་ཀློང་ཆེན་པོ་སྤོས་གླང་པོ། །ཉོན་མོངས་འཇོམས་པའི་ཡེ་ཤེས་རྟོག །རྫུ་འཕྲུལ་སྟོབས་ལྡན་བཟང་པོ་སྐྱོང་། །ཤུགས་ཀྱི་ཀུན་སྐྱོད་དོན་ཡོད་ཐོགས། །ཚོགས་གཉིས་ཡོང་བསགས་བློ་མི་བཟང་། །སྟོབས་བཅུ་ཡོངས་གནོན་སྤོབས་པ་རྩེགས། །མི་ཤེས་རིགས་འཇོམས་མཐུ་ཆེན་ཐོབ། །གཟུང་འདྲེན་ཀུན་འདྲེན་ངན་སོང་འདྲེན། །ཉོན་མོངས་མུན་སེལ་མྱང་ངན་འཇོམས། །ལྷའི་གཟུགས་འཇོམས་དང་བ་ཅན་། །ལུས་ངག་སྤྱོད་པ་ཟླ་བའི་འོད། །བསམ་པ་མངོན་རྟོགས་བདུད་རྩི་འོད། །ནམ་མཁའ་ནོར་འཆང་ནམ་མཁའ་འོད། །འཇིག་རྟེན་ཀུན་ཕན་ཀུན་ཏུ་བཟང་། །རྣམ་ཐར་བཞི་ལྡན་སེམས་དཔའི་གཙོ། ས་གནས་རྣམས་ལ་ཕྱག་འཚལ་ལོ། །དེ་ནས་སྙེན་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུཾ། །ༀ་ས་ཏྭ་བཛྲིར་ཧཱུཾ། རཏྣ་བཛྲི། དྷརྨ་བཛྲི། ཀརྨ་བཛྲི། ༀ་བཛྲ་སཏྭ་ཧཱུཾ། བཛྲ་ར་ཛྲ། བཛྲ་ར་ག །བཛྲ་ས་དུ། བཛྲ་རཏྣ། བཛྲ་པདྨ། བཛྲ་ཏི་ཛ། བཛྲ་ཀི་དུ། བཛྲ་ཧ་པ། བཛྲ་བྷ་ག །བཛྲ་དྷརྨ། བཛྲ་ཏིཀྵ་ཎ། བཛྲ་ཀི་དུ། བཛྲ་ཀརྨ། བཛྲ་རཀྵ། བཛྲ་ཡཀྵ། བཛྲ་མུཥྚི། བཛྲ་ལ་སྱེ། བཛྲ་མ་ལེ། བཛྲ་གིརྟི། བཛྲ་ནིརྟི། བཛྲ་དྷུ་པེ། བཛྲ་པུཥྤེ། བཛྲ་ཨ་ལོ་ཀེ །བཛྲ་གནྡྷེ། བཛྲ་ཨཾ་གུ་ཤ །བཛྲ་པ་ཤ །བཛྲ་སྥོ་ཊ། བཛྲ་ཨ་བེ་ཤ །ༀ་སརྦ་སཾ་ཀ་རི་པ་རི་ཤུད་དྷ་དྷརྨ་ཏེ་ག་ག་ན་ས་མུ་ག་ཏེ་སྭ་བྷ་ཝ་བི་ཤུདྷེ་མ་ཧཱ་ཡ་ན་པ་རི་ཝ་རེ་སྭཱ་ཧཱ། བརྗོད་དོ། །དེ་ནས་བུམ་བ སྐྱེད་ནི། ༀ་སྭབྷ་ཝས། བུམ་པ་སྟོང་པའི་ངང་ལས། བྷྲུཾ་ལས་འབྱུང་བ་རིམས་བརྩེགས་རི་རབ་དང་བཅས་པའི་སྟེང་དུ། ཕྱི་བུམ་པ་མཚན་ཉིད་དང་ལྡན་པ། ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ལ་སོགས། བསྙེན་པ་ཡན་ཆད་གོང་བདག་བསྐྱེད་དང་མཚུངས་ལ། བར་སྐབས་ཀྱི་ཚིག་ཁ་བསྒྱུར་རོ། །མདུན་བསྐྱེད་ནི། ༀ་སྭ་བྷ་ཝ། རྡུལ་ཚོན་སྟོང་པའི་ངང་ལས། ཧཱུཾ་ཡཾ་ཧཱུཾ་ལས། རྡོ་རྗེས་མཚན་པའི་རླུང་གི་དཀྱིལ་འཁོར། ཅེས་སོགས་ནས་བསྙེན་པ་ཡན་ཆོད་འདྲེའོ། །རབ་གནས་ཅི་རིགས་པར་བྱ། སྦྱིན་བསྲེགས་ཀྱང་འབྱོར་ན་བྱའོ། །གཉིས་པ་འཇུག་ཅིང་དབང་གི་རིན་པ་ལ་གཉིས་ཏེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་སློབ་དཔོན་འཇུག་ཅིང་དབང་ལེན་པ་ནི། གོང་དང་མཚུངས་སོ། །གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། དཀྱིལ་དུ་འཇུག་པ་དང་དབང་བསྐུར་བའོ། །དང་པོ་ནི། ཁྲུས་ནས་ཚོགས་ཡོན་འབུལ་བ་ཡན་ཆད་བཅུ་དྲུག་པོ་གོང་དང་མཐུན་ལ། བྱེ་བྲག་ཏུ་བཅོ་ལྔ་པ་དཀྱིལ་འཁོར་བསྟན་པ་ནི། འོ་མདུན་འདི་ན་ཡོད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་སྟེ། ཕྱི་རོལ་ན་མེ་རི། རྡོ་རྗེའི་ར་བ། པད་བ སྐོར། དེའི་ནང་ན། གཞལ་ཡས་ཀྱི་ཁང་པ། གྲུ་བཞི་སྒོ་བཞི། བརྒྱན་རྟ་བབས་དང་བཅས་པ། དེའི་ནང་དུ་ལྷ་རྣམ་གྲུ་ཆད་བློ་འབུར། ལིང་ཚེ་དགུའི་དབུས་དང་ཕྱོགས་བཞིའི་པདྨ་འདབ་མ་བཞི་བཞི་དང་ལྡན་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། དབུས་ཀྱི་ལིང་ཚེ་པདྨ་འདབ་བཞི་ལ། རྣམ་པར་སྣང་མཛད་ལ་ཡུམ་བཞིས་བསྐོར་བ། ཤར་གྱི་ལིང་ཚེའི་པད་འདབ་བཞི་ལ་མི་སྐྱོད་པ་ལ་རྡོ་རྗེ་རིགས་ཀྱི་སེམས་དཔའ་བཞིས་བསྐོར་བ། ལྷོའི་ལིང་ཚེ་པད་འདབ་བཞི་ལ་རིན་ཆེན་འབྱུང་ལྡན་ལ་རིགས་ཀྱི་སེམས་དཔའ་བཞིས་བསྐོར་བ། ནུབ་ཀྱི་ལིང་ཚེའི་པད་འདབ་བཞི་ལ་སྣང་བ་མཐའ་ཡས་ལ། པདྨ་རིགས་ཀྱི་སེམས་དཔའ་བཞིས་བསྐོར་བ། བྱང་གི་ལིང་ཚེའི་པད་འདབ་བཞི་ལ་དོན་ཡོད་གྲུབ་པ་ལ། ལས་ཀྱི་རིགས་ཀྱི་སེམས་དཔའ་བཞིས་བསྐོར་བ། མཚམས་བཞིའི་ལིང་ཚེ་བཞི་ལ། ནང་གིི་སྒེག་མོ་བཞི། གྲུ་ཆད་བཞི་ལ་ཕྱིའི་སྒེག་མོ་བཞི། བློ་འབུར་བཞི་ལ་སྒོ་བ་བཞི། ལྷ་རྣམས་ལ་སྐལ་བཟང་སྟོང་ལ་བཞིས་མ་ཚང་བ། ཕྱོགས་རེ་རེས་གཉིས་རྒྱ་བཞི་བཅུ་རྩ་དགུ་དགུ། སྒོ་བཞིར་སྒོ་མ་བཞི་དང་བཅས་པ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་མངོན་སུམ་དུ་མཐོང་བ་དེ། ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་བསྐལ་ཡིན་ཨང་སྙམ་པའི་མོས་པ་མཛོད་དང་། སྤྱི་དོན་གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་བཞི་དང་། རྗེས་སོ། །དང་པོ་ནི་གོང་དང་མཐུན་ནོ། །གཉིས་པ་དངོས་བཞི་ལ་གསུམ་སྟེ། ཕྱི་ཕན་པའི་དབང་དང་། ནང་ནུས་པའི་དབང་དང་། གསང་བ་ཟབ་མོའི་དབང་ངོ་། །དང་པོ་ནི་བུམ་པའི་དབང་ལ་སོགས་དགུ་པོ་གོང་དང་མཚུངས་ལ། བྱེ་བྲག་ཏུ་ཕྱག་རྒྱའི་དབང་བསྐུར་བ་ལ་བསམ་རྒྱུད། བསྒྲག་ཚིག །བསྐུར་གནས། སྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ལྔའི་དང་པོ་བསམ་རྒྱུད་ནི། འོག་མིན་དང་། བླ་མའི་ཐུགས་ཁ་དང་། དཀྱིལ་འཁོར་གྱི་དབུས་ནས། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་སྐྱེ་མཆེད་རྣམས་དང་གཉིས་སུ་མེད་པར་སྒོམ་མཛོད་ཅིག །བསྒྲགས་ཚིག་ནི། ཧཱུཾ་སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་རྣམ་དག་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །རྣམ་པར་སྣང་མཛད་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་རི་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། མེ་ལོང་ཡེ་ཤེས་བྱིན་རླབས་ལས། །སེམས་མ་རྡོ་རྗེ་ཕྱག་རྒྱ་སྟེ། །རྡོ་རྗེ་དམར་པོ་རྩེ་ལྔ་པ། །སངས་རྒྱས་སྤྱན་མས་དབང་བསྐུར་རོ། །ས་ཏྭ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། མཉམ་ཉིད་ཡེ་ཤེས་བྱིན་རླབས་ལས། །རཏྣ་སེམས་མའི་ཕྱག་རྒྱ་སྟེ། །རཏྣ་སེར་པོ་ཟུར་བརྒྱད་པ། མ་མ་ཀི་ཡི་དབང་བསྐུར་རོ། །རཏྣ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཀུན་རྟོགས་ཡེ་ཤེས་བྱིན་རླབས་ལས། །ཆོས་ཀྱི་སེམས་མའི་ཕྱག་རྒྱ་སྟེ། པདྨ་གར་དབང་བཅུ་དྲུག་ལ། གོས་དཀར་མོ་ཡིས་དབང་བསྐུར་རོ། །དྷརྨ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། བྱ་གྲུབ་ཡེ་ཤེས་བྱིན་རླབས་ལས། །ལས་ཀྱི་སེམས་མའི་ཕྱག་རྒྱ་སྟེ། །དམ་ཚིག་སྒྲོལ་མའི་དབང་བསྐུར་རོ། །ཀརྨ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ས་ནོན་ཕྱག་རྒྱ་འཛིན། །མི་སྐྱོད་རྡོ་རྗེའི་དབང་བསྐུར་རོ། །ཨཱོཾ་བཛྲ་སཏྭ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པའི་སྐུ། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །རྡོ་རྗེ་སེམས་དཔའི་དབང་བསྐུར་རོ། །བཛྲ་སཏྭ། ཨ་བྷ་ཥིཉྩ་ཧཱུཾ། རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །ངེས་པའི་རྒྱལ་པོ་རྡོ་རྗེ་མཆོག །རྡོ་རྗེ་རྒྱལ་པོས་དབང་བསྐུར་རོ། །བཛྲ་རྭ་ཛཿཨ་བྷ་ཥིཉྩ་ཧཱུཾ། རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་འདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །རྡོ་རྗེ་ཆགས་པའི་དབང་བསྐུར་རོ། །བཛྲ་ར་ག །ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །རྡོ་རྗེ་ལེགས་པའི་དབང་བསྐུར་རོ། །བཛྲ་ས་དྷུ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེ་སྐུ། །རྡོ་རྗེ་མཆོག་སྦྱིན་ཕྱག་རྒྱ་མཛད། །རིན་ཆེན་འབྱུང་གནས་དབང་བསྐུར་རོ། །བཛྲ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའ་སྙིང་པོ་རྡོ་རྗེ་ཕྱུག །རྡོ་རྗེ་རིན་ཆེན་དབང་བསྐུར་རོ། །བཛྲ་རཏྣ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །རྡོ་རྗེ་གཟི་བརྗིད་དབང་བསྐུར་རོ། །བཛྲ་རཱེ་ཛ། ཨ་བྷི་ཥིཉྩ་྄ཧཱུཾ། སེམས་ཅན་དོན་རབ་མཛད་དོན་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་ཕྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །རྡོ་རྗེ་རྒྱལ་མཚན་དབང་བསྐུར་རོ། །བཛྲ་ཀེ་དུ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེའི་དོན། །རྡོ་རྗེ་དགའ་བའི་དབང་བསྐུར་རོ། །བཛྲ་ཧ་ས། ཨ་བྷི་ཥིཉྩ་ཧཱུཾ། མཐའ་ཡས་རྡོ་རྗེ་ཆོས་ཀྱི་སྐུ། །ཀུན་རྟོགས་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ཏིང་ངེ་འཛིན་ཕྱག་རྒྱ་མཛད། །སྣང་བ་མཐའ་ཡས་དབང་བསྐུར་རོ། །བཛྲ་དྷརྨ་ཨ་བྷི་ཥིཉྩ་ཧཱུཾ། །རྡོ་རྗེ་ཆོས་རབ་རྡོ་རྗེ་དོན། །རྡོ་རྗེ་པདྨ་རབ་དགའ་བྱེད། །འཇིག་རྟེན་དབང་ཕྱུག་ཆོས་རབ་སྤྱན། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །བཛྲ་དྷརྨ་ཨ་བྷི་ཥིཉྩ་ཧཱུཾ། །རྡོ་རྗེ་གནོན་པོ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་དགའ། །རྡོ་རྗེ་གནོན་པའི་དབང་བསྐུར་རོ། །བཛྲ་ཏིཀྵྞ་ཨ་བྷི་ཥིཉྩ་ཧཱུཾ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །རྡོ་རྗེ་རྒྱུ་ཡིས་དབང་བསྐུར་རོ། །བཛྲ་ཧེ་རུ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་བཟླས་པ་རབ་སྒྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་སྒྲུབ་པ། །རྡོ་རྗེ་གསུང་གི་དབང་བསྐུར་རོ། །རྡོ་རྗེ་བཛྲ་བྷ་ཥ་ཨ་བྷི་ཥིཉྩ་ཧཱུཾ། དོན་འགྲུབ་རྡོ་རྗེ་སྐྱོད་མཛད་གླུ། །གྲུབ་པ་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་སྐྱབས་སྦྱིན་ཕྱག་རྒྱ་མཛད། །དོན་འགྲུབ་རྡོ་རྗེའི་དབང་བསྐུར་རོ། །བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ལས་རབ་རྡོ་རྗེའི་བཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་སྒྲོལ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །རྡོ་རྗེ་ལས་རབ་དབང་བསྐུར་རོ། །བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་བསྲུང་བ་བསྟན་པ་ཆེ། །རྡོ་རྗེ་བརྩོན་འགྲུས་དཀའ་ཐུབ་པ། །རྡོ་རྗེ་བརྩོན་འགྲུས་མཆོག་ཐུབ་པ། །རྡོ་རྗེ་བསྲུང་བའི་དབང་བསྐུར་རོ། །བཛྲ་རཀྵ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་གཙིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་ཟད་པ། །རྡོ་རྗེ་གནོད་སྦྱིན་དབང་བསྐུར་རོ། །བཛྲ་ཡཀྵ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་མཚམས་སྦྱོར་རབ་ཏུ་འདུད། །རྡོ་རྗེ་བཅིངས་པ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །རྡོ་རྗེ་ཁུ་ཚུར་དབང་བསྐུར་རོ། །བཛྲ་མུཥྚི་ཨ་བྷི་ཥིཉྩ་ཧཱུཾ། ཤར་ཕྱོགས་ལྷ་མོ་ལ་སེ་མ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་གཉིས་ཕྱག་རྒྱ་ཁུ་ཚུར་འཆང་། །ལ་སེ་མ་ཡི་དབང་བསྐུར་རོ། །བཛྲ་ལ་སེ་ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཕྱོགས་ལྷ་མོ་མ་ལེ་མ། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་གཉིས་འཕྲེང་བ་བསྣམས། །མ་ལེ་མ་ཡི་དབང་བསྐུར་རོ། །བཛྲ་མ་ལེ་ཨ་བྷི་ཥིཉྩ་ཧཱུཾ། །ནུབ་ཕྱོགས་ལྷ་མོ་གིརྟི་མ། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་གཉིས་པི་ཝང་བསྣམས། གིརྟི་མ་ཡི་དབང་བསྐུར་རོ། །བཛྲ་གི རྟི། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་ལྷ་མོ་ནིརྟི་མ། སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་གཉིས་གར་བསྒྱུར་མ། །ནིརྟི་མ་ཡི་དབང་བསྐུར་རོ། །བཛྲ་ནིརྟི་ཨ་བྷི་ཥིཉྩ་ཧཱུཾ། །ཤར་ལྷོ་ལྷ་མོ་དྷུ་པེ་མ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་སྤོས་ཁང་བསྣམས། །དྷུ་པེ་མ་ཡི་དབང་བསྐུར་རོ། །བཛྲ་དྷུ་པེ། ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ནུབ་ལྷ་མོ་པུཥྤེ་མ། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་མེ་ཏོག་བསྣམས། །པུཥྤེ་མ་ཡི་དབང་བསྐུར་རོ། །བཛྲ་པུཥྤེ་ཨ་བྷི་ཥིཉྩ་ཧཱུཾ། ནུབ་བྱང་ལྷ་མོ་ཨ་ལོ་ཀེ། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་མར་མེ་བསྣམས། །ཨ་ལོ་ཀེའི་དབང་བསྐུར་རོ། །བཛྲ་ཨ་ལོ་ཀེ་ཨ་བྷི་ཥིཉྩ་ཧཱུཾ། བྱང་ཤར་ལྷ་མོ་གནྡྷེ་མ། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ཕྱག་མ ཚན་ཕྱག་ན་དྲི་ཆབ་བསྣམས། །གནྷེ་མ་ཡི་དབང་བསྐུར་རོ། །བཛྲ་གྷནྟེ་ཨ་བྷི་ཥིཉྩ་ཧཱུཾ། ཤར་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། ཕྱག་མཚན་ཕྱག་ན་ལྕགས་ཀྱུ་བསྣམས། །ཤར་གྱི་སྒོ་མའི་དབང་བསྐུར་རོ། །བཛྲ་ཨངྒུ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་ཞགས་པ་བསྣམས། །ལྷོ་ཡི་སྒོ་མའི་དབང་བསྐུར་རོ། །བཛྲ་པ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཕྱོགས་སྐྱོང་བའི་སྒོ་མ་ནི། སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་ལྕགས་སྒྲོགས་བསྣམས། །ནུབ་ཀྱི་སྒོ་མའི་དབང་བསྐུར་རོ། །བཛྲ་སྥོ་ཊ། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་དྲིལ་བུ་བསྣམས། །བྱང་གི་སྒོ་མའི་དབང་བསྐུར་རོ། །བཛྲ་ཨ་བེ་ཤ །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་ནི་མགོ །སྟིམ་གནས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སྟིམ། སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། ཕུང་ཁམས་སྐྱེ་མཆེད་དངོས་པོ་དང་མཚན་མར་འཛིན་པའི་དྲི་མ་དག་ནས། ཕུང་པོ་ཁམས་སྐྱེ་མཆེད་རྒྱལ་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཡོ་གའི་དབང་གི་བཀྲ་ཤིས་དྲུག་ཅུ་རྩ་གཉིས་ལས། དང་པོ་ཐུགས་རྗེ་གཟུང་ཀྱི་དབང་བཅུ་གཅིག །དང་པོ་སྐུ་གཟུགས་ཕྱག་རྒྱའི་དབང་ནི། །སྔོན་རི་རབ་རིའི་རྩེ་མོར་རིན་པོ་ཆེ་དང་། ཁང་བུ་འབར་བའི་གནས་སུ། དཔལ་ཀུན་རིག་རྣམ་པ་སྣང་མཛད་ཀྱི་འཁོར་གྱིས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལ་སོགས་བ་ལ། ཕྱག་རྒྱ་ཆེན་པོ་ལྔས་དབང་བསྐུར་བས། རིགས་ལྔ་ཡེ་ཤེས་ལྔ་རུ་མཐར་ཕྱིན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱག་རྒྱ་ཆེན་པོ་ལྔའི་དབང་བསྐུར་བས་ཡེ་ཤེས་ལྔ་མཐར་ཕྱིན་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་གྱུར་ཅིག །བྱང་ཆུབ་མཆོག་དང་ས་གནོན་ནི། །མཆོད་སྦྱིན་མཉམ་པའི་ཕྱག་རྒྱར་ལྡན། །སྐྱབས་ཀྱི་ཕྱག་རྒྱ་ལ་སོགས་ལྔས། །མི་འདའ་ཕྱག་རྒྱའི་དབང་ཐོབ་ཤོག །རྒྱལ་པོ་ཕྱག་རྒྱ་མཆོག་གི་རྒྱས། །ཕྱག་རྒྱའི་དབང་མཆོག་མི་འདའ་བ། །ཡེ་ཤེས་ལྔ་དང་རིགས་ལྔའི་དབང་། །དབང་གཉིས་རྫོགས་པའི་བཀྲ་ཤིས་ལེའུ་སྟེ་བཞི་བཅུ་ཞེ་བདུན་པའོ། །གཉིས་པ་གསུང་གི་གཟུངས་ཡིག་འབྲུའི་དབང་ནི། སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ་སྙིང་པོ་སྔགས་ཀྱིས་དབང་བསྐུར་བ་ནི། རྟོག་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་ཀྱི་བྱིན་གྱིས་རླབས་པའི་སྙིང་པོ་སྔགས་ཀྱིས་དབང་བསྐུར་བས། རྟོག་པ་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཐུགས་ཀྱི་ས་བོན་འབྲུ་མཆོག་སྟེ། །སྔགས་ཀྱི་བྱིན་རླབས་བསམ་མི་ཁྱབ། །ཡེ་ཤེས་ཐུགས་ཀྱི་ས་བོན་མཆོག །འབྲས་བུ་སྔགས་ཀྱི་བཀྲ་ཤིས་ཤོག །སྙིང་པོ་རིགས་ལྔ་སངས་རྒྱས་གསུང་གི་མཆོག །གསུང་མཆོག་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། །བྱིན་རླབས་ཆེན་པོ་གཞན་ན་མེད་པ་ཡིས། །འདི་ནི་དབང་རྣམས་ཐོབ་པའི་དབང་གི་བཀྲ་ཤིས་ལེའུ་བཞི་བཅུ་ཞེ་བརྒྱད་པའོ། །བྷུདྷ་བཻ་རོ་ཙ་ན་ༀ། །བཛྲ་ཨཀྵོ་བྷྱ་ཧཱུཾ། རཏྣ་སཾ་བྷ་བ་ཏྲཾ། ཨ་མི་ཏ་བ་ཧྲཱིཿ ཨ་མོ་གྷ་སདྷི་ཨ། གསུམ་པ་ཐུགས་ཀྱི་གཟུངས་གསེར་ཐུར་ནི། སྔོན་རི་རབ་རིའི་རྩེ་མོར་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ་གསེར་གྱི་ཐུར་མས་དབང་བསྐུར་བས། མ་རིག་པའི་ལིང་ཐོག་བྱང་ནས་ཤེས་རབ་ཀྱི་མིག་གསལ་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་གསེར་གྱི་ཐུར་མས་དབང་བསྐུར་བས། མ་རིག་པའི་ལིང་ཐོག་བྱང་ནས་ཤེས་རབ་ཀྱི་མིག་གསལ་བར་གྱུར་ཏོ། །གསེར་གྱི་ཐུར་མ་ཐོགས་བྱས་སྟེ། །མིག་མཁན་རྒྱལ་པོས་དབང་བསྐུར་བཞིན། །བུ་ཁྱོད་མ་རིག་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱི་བསལ། །ཏྲི་ཏི་པུ་ཀེ་ཧཱུཾ། རིན་ཆེན་གསེར་གྱི་ཐུར་མ་ཡིས། །འབར་བའི་ཡེ་ཤེས་གསལ་ཕྱེ་ནས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །ཤེས་རབ་མཆོག་གི་དབང་གི་བཀྲ་ཤིས་ལེའུ་སྟེ་བཞི་བཅུ་ཞེ་དགུ་པའོ། །བཞི་པ་མེ་ལོང་གི་དབང་ནི། སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ་མེ་ལོང་གིས་དབང་བསྐུར་བས། ཆོས་ཐམས་ཅད་གཟུགས་རྙན་རྟེན་འབྲེལ་སྒྱུ་མ་ཙམ་དུ་མཐོང་པར་གྱུར་ཅིག །ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མེ་ལོང་གི་དབང་བསྐུར་བས། ཆོས་ཐམས་ཅད་གཟུགས་རྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལས་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པའི་དོན། །ཆོས་ཉིད་སྒྱུ་མ་ལྟ་བུར་གསལ་ཞིང་སྟོན་པར་ཤོག །སྣང་གསལ་དྲི་མ་སེལ་བ་དང་། །མི་མངོན་དབང་པོ་གསལ་བ་དང་། །ཡེ་ཤེས་གསལ་བའི་མེ་ལོང་གིས། །འདི་ནི་མེ་ལོང་གསལ་གྱི་བཀྲ་ཤིས་ལེའུ་སྟེ་ལྔ་བཅུ་པའོ། །ལྔ་པ་འཁོར་ལོའི་དབང་། སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་འཁོར་ལོས་དབང་བསྐུར་བས། འགྲོ་བའི་དོན་ལ་ཐག་ཐོག་མེད་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་འཁོར་ལོས་དབང་བསྐུར་བས། འཁོར་བའི་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ནས། ཁམས་གསུམ་གྱི་གནས་ཐམས་ཅད་དུ་འགྲོ་བའི་དོན་ལ་ཐག་ཐོག་མེད་པར་འགྲོ་བར་གྱུར་ཅིག །འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗོད་པ་མེད་དོན་འབྲུ་བཀོད་ནས། །གཞན་གྱི་དོན་ལ་ཕན་པའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་ཤོག །ཉོན་མོངས་མེའི་གཞོམ་པ་དང་། །ལེགས་པའི་ཡོན་ཏན་རྫོགས་པ་དང་། །འབྲས་བུ་ཀུན་ཏུ་འཕགས་པའི་ཕྱིར། །དེས་ནི་དབང་རྣམས་བཀྲ་ཤིས་ལེའུ་སྟེ་ང་གཅིག་པའོ། །དྲུག་པ་དུང་གི་དབང་། སྔོན་བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་དབང་པོ་བརྒྱ་བྱིན་གྱིས་དུང་གཙུག་གཡས་སུ་འཁྱིལ་བ་ཕུལ་བས་རྡོ་རྗེ་སྤོ་ལ་གཤེགས་སྟེ་ཆོས་སྒྲ་ཆེན་པོས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྫས་འདིས། ངས་སློབ་མ་རྣམས་ལ་སྦྱིན་པས། ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་ཤིང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་གྱི་བཀྲ་ཤིས་པར་གྱུར་ཅིག །དུང་གི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡོན་ཏན་རྒྱ་མཚོ་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་ཚིག་ལ་ལོངས་སྤྱོད་ཤོག །ཆོས་སྒྲ་ཆེན་པོ་ཕྱོགས་བཅུར་གྲགས་པ་དང་། །རྒྱལ་བའི་གསུང་མཆོག་དུང་གི་སྒྲ་བུས་སྟེ། །མ་ལུས་རྒྱལ་བ་ཀུན་གྱི་རྒྱུད་འགྲོལ་བ། །འདི་ནི་འཕགས་པའི་གསུང་གི་དབང་གི་བཀྲ་ཤིས་ལེའུ་སྟེ་ང་གཉིས་པའོ། །བདུན་པ་མེ་ཏོག་འཕྲེང་བའི་དབང་ནི། སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ། །མེ་ཏོག་གི་འཕྲེང་བས་དབང་བསྐུར་བས། །ཚུལ་ཁྲིམས་ཀྱི་འཕྲེང་བ་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར། མེ་ཏོག་གི་འཕྲེང་བས་དབང་བསྐུར་བས། ཚུལ་ཁྲིམས་གྱི་འཕྲེང་བས་ཡོངས་སུ་རྫོགས་པས། ངན་སོང་ལས་ལྡོག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྡུག་ཅིང་མཛེས་པའི་མེ་ཏོག་བརྒྱན། །དགོས་པའི་དོན་རྣམས་མྱུར་བར་འབྱིན། །ཐམས་ཅད་ཀུན་གྱི་ཡིད་དུ་འོང་། །འབྱོར་བའི་ལོངས་སྤྱོད་བརྒྱན་དུ་ཤོག །ཁ་དོག་དབྱིབས་ལེགས་རིན་ཆེན་མེ་ཏོག་འདི། །ནམ་མཁའ་གང་ཞིང་ས་གཞི་ཁེབས་པ་ཡིས། །མཆོད་པའི་ཕྲིན་ཕུང་དུས་སུ་ཆར་འབབ་པའི། །འདི་ནི་མེ་ཏོག་མཛེས་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་ང་གསུམ་པའོ། །བརྒྱད་པ་འཕྲིན་ལས་རྡོ་རྗེའི་དབང་། སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ། ཕྱག་རྒྱ་བཞི་ལ་རྡོ་རྗེ་རེས་དབང་བསྐུར་བས། ཐུགས་རྡོ་རྗེ་རིགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱག་རྒྱ་བཞི་ལ་རྡོ་རྗེ་རེས་དབང་བསྐུར་བས། ཐུགས་ཡེ་ཤེས་རྡོ་རྗེ་ལྟ་བུའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱ་རྟགས་བརྟན་པ། །ཡེ་ཤེས་རྡོ་རྗེ་ལྟ་བུ་དེ། །རྡོ་རྗེ་ཐུགས་ཀྱི་རང་བཞིན་ནི། །མེ་ཏོག་ལྟ་བུའི་ཡེ་ཤེས་ཐོབ་པར་ཤོག །རྡོ་རྗེ་རིགས་མཆོག་རྡོ་རྗེ་སེམས་དཔའ་ཆེ། །དཀར་ལ་དག་པ་ཤར་ཕྱོགས་སངས་རྒྱས་ཞིང་། །བདེ་བ་ཆེན་པོའི་བརྒྱན་དུ་བསྟན་པ་ཡིས། །ཐུགས་ཀྱི་བཀྲིས་ལེའུ་སྟེ་ལྔ་བཅུ་ང་བཞི་པའོ། །དགུ་པ་ནོར་བུའི་དབང་། སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས། འཁོར་རྣམས་ལ་ཕྱག་རྒྱ་ཆེན་པོ་བཞིའི་རིན་པོ་ཆེའི་དབང་བསྐུར་བས། ཡོན་ཏན་རིན་པོ་ཆེའི་རིགས་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་དང་རྗེས་སུ་མཐུན་པར་ཕྱག་རྒྱ་རིན་པོ་ཆེས་དབང་བསྐུར་བས། ཡོན་ཏན་རིན་པོ་ཆེ་ལྟ་བུ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱ་རྟགས་རྟན་ནས། །འགྲོ་བ་ཀུན་གྱི་རེ་བ་བསྐོངས། །ཡོན་ཏན་རིན་ཆེན་རང་བཞིན་སྟེ། །མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག །རིན་ཆེན་རིགས་མཆོག་སེམས་དཔའ་སྟེ། །སྔོ་ལ་དག་པས་ལྷོ་ཕྱོགས་སངས་རྒྱས་ཞིང་། །བདེ་བ་ཆེན་པོའི་བསྟན་པ་ནི། །ཡོན་ཏན་བཀྲ་ཤིས་ལེའུ་སྟེ་ང་ལྔ་པའོ། །བཅུ་པ་པདྨའི་དབང། སྔོན་རི་རབ་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས། །འཁོར་རྣམས་ལ་པདྨའི་དབང་བསྐུར་བས། །པདྨ་གསུང་གི་རིགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱག་རྒྱ་ཆེན་པོ་བཞི་ལ་པདྨའི་དབང་བསྐུར་བས། འགྲོ་བའི་དོན་མཛད་པས་ཉེས་པའི་སྐྱོན་གྱིས་མ་གོས་པའི་གསུང་དམ་པ་ལྟ་བུ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱ་རྟགས་བསྟན་པ། །པདྨ་དབང་གི་རང་བཞིན་སྟེ། གསུང་གི་རང་བཞིན་འབྱུང་བའི་མཛོད། །སོ་སོར་རྟོགས་པའི་ཡེ་ཤེས་ཐོབ་པར་ཤོག །པདྨ་རིགས་མཆོག་ཆོས་ཀྱི་སེམས་དཔའ་སྟེ། །དམར་ལ་དག་པ་ནུབ་ཕྱོགས་བདེ་ཆེན་ཞིང་། །བདེ་བ་ཆེན་པོའི་བརྒྱན་དུ་བསྟན་པ་ཡིས། །གསུང་གི་བཀྲ་ཤིས་སྟེ་ང་དྲུག་པའོ། །བཅུ་གཅིག་པ་རྡོ་རྗེ་རྒྱ་གྲམ་གྱི་དབང་། སྔོན་རི་རབ་རི་ཡི་རྩེ་མོར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ། ཕྱག་རྒྱ་བཞི་ལས་རྡོ་རྗེ་བརྒྱ་གྲམ་གྱི་དབང་བསྐུར་བས། ཐུགས་རྡོ་རྗེ་རིགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་ཕྱག་རྒྱ་ཆེན་པོ་བཞི་ལས་རྡོ་རྗེའི་དབང་བསྐུར་བས། ཐུགས་ཡེ་ཤེས་རྡོ་རྗེ་ལྟ་བུ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱ་རྟགས་བསྟན་པ། །ཡེ་ཤེས་རྡོ་རྗེ་ལྟ་བུ་སྟེ། །རྡོ་རྗེ་ཐུགས་ཀྱི་རང་བཞིན་ནི། །མེ་ལོང་ཡེ་ཤེས་ཐོབ་པར་ཤོག །རྡོ་རྗེ་རིགས་མཆོག་རྡོ་རྗེ་སེམས་དཔའ་སྟེ། །དཀར་ལ་དག་པས་ཤར་ཕྱོགས་སངས་རྒྱས་ཞིང་། །བདེ་བ་ཆེན་པོའི་བརྒྱན་དུ་བསྟན་པའོ། །ཐུགས་དབང་བཀྲ་ཤིས་ལེའུ་ང་བདུན་པའོ། །ལྔ་པ་ཁྱད་པར་གདན་གྱི་དབང་ལ་གསུམ་ལས། དང་པོ་ཟིལ་གནོན་སེང་གེའི་དབང་། སྔོན་རི་རབ་རི་ཡི་རྩེར་དཔའ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སེང་གེའི་དབང་བསྐུར་བས། ལོག་པའི་ཕྱོགས་ཟིལ་གྱིས་ནོན་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སེང་གེའི་དབང་བསྐུར་བས། གསུང་རབས་རྒྱ་མཚོའི་སྒྲས་ལོག་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་མནན་ནས། སྐད་ཅིག་ལ་སྟོང་སྤྱི་ཕུད་ཀྱི་སེམས་ཅན་མངོན་པར་རྫོགས་པར་སངས་རྒྱ་བར་བྱེད་པའི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྱུར་ཅིག །གདུག་བཟང་སེམས་ཅན་ཀུན་གྱི་གཙོ་བོ་སྟེ། །ཟིལ་གནོན་སྒྲ་འབྱིན་སྡེར་ཆགས་སྐྲག་པར་བྱེད། །ཕྱོགས་རྣམས་ཀུན་བསྐྱེད་སེང་གེ་དཔལ་དང་ལྡན། །ཟིལ་གྱིས་གནོན་པའི་དབང་རྣམས་ཐོབ་པར་ཤོག །སེང་གེ་ང་རོ་སྒྲ་ཆེན་ཐོག་མེད་པས། །འཇིགས་མེད་འཇོམས་པའི་སྒྲ་རྣམས་བསྒྲག་ནས་ཀྱང་། །བདུད་ཀྱི་དཔུང་རྣམས་ཟིལ་གྱིས་གནོན་མཛད་པའི། །མཐུ་དཔུང་ཆེ་བའི་བཀྲ་ཤིས་ང་བརྒྱད་པའོ། །གཉིས་པ་མུན་སེལ་ཉི་མའི་དབང་། སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཉི་མའི་དབང་བསྐུར་བས། མ་རིག་པའི་མུན་པ་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཉི་མའི་དབང་བསྐུར་བས། སྐྱེ་འགྲོ་མ་ལུས་པའི་སེམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོའི་དུས་མཐའ་མེད་པར་འཆར་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཉི་མ་མུན་སེལ་ཤེས་རབ་སྒྲོན། །ཀུན་ལས་གསལ་བས་རིན་པོ་ཆེ། །ཐམས་ཅད་ཀུན་གྱི་དཔལ་དུ་ཤར། །མ་རིག་སེལ་བའི་སྒྲོན་མར་ཤོག །ཡེ་ཤེས་གསལ་བས་ཕྱོགས་བཅུར་ཁྱབ་པར་དྲོ། །ཐུགས་རྗེ་ཆེ་བས་མུན་སེལ་བྱེད། །འོད་གསལ་དྲ་བས་འགྲོ་བའི་དོན་མཛད་པས། །ཤེས་རབ་བཀྲ་ཤིས་ལེའུ་ང་དགུ་པའོ། །གསུམ་པ་ཟླ་བའི་དབང་ནི། སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཟླ་བས་དབང་བསྐུར་བས། མུན་པ་སེལ་ཞིང་ཚ་བའི་སྡུག་བསྔལ་སེལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཟླ་བ་ལག་ཏུ་བྱིན་པས་སྟོང་ཁམས་ཐམས་ཅད་ཀྱི་མུན་པ་དུས་ཅིག་ཏུ་བྱང་ནས་ཀུན་ཏུ་གསལ་བར་བྱེད་པར་གྱུར་ཅིག །ཐམས་ཅད་ཀུན་གསལ་ཆུ་ཤེལ་ལྟ་བུ་སྟེ། །དགོངས་པའི་དོན་འབྱིན་དཀར་ལ་དག་པའི་ཚུལ། །ཚད་མེད་ཐབས་ཀྱི་ཟླ་བ་རིན་པོ་ཆེ། །མ་རིག་མུན་སེལ་དབང་མཆོག་བཀྲ་ཤིས་ཤོག །དཀར་ལ་དག་པ་ཟླ་བ་དྲི་མེད་པས། །ཐབས་ཀྱི་མཚན་ཉིད་སྐྱོན་གྱིས་མ་གོས་སྟེ། །ཡོངས་སུ་དག་པས་མུན་སེལ་བསིལ་བའི་སྨན། །ཐབས་དབང་བཀྲ་ཤིས་ལེའུ་དྲུག་ཅུ་པའོ། །བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། །སྔོན་དཔལ་རྣམ་པར་སྣང་མཛད་ཀྱིས་བདུད་རྩི་བུམ་པའི་འཁོར་རྣམས་ལ་དབང་བསྐུར་བས། རྣམ་པར་རྟོག་པ་སེལ་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དེ་བཞིན་གཤེགས་པའི་ཐུགས་རྗེས་བྱིན་གྱིས་རླབས་པའི་བདུད་རྩི་བུམ་པས་དབང་བསྐུར་བས་ལུས་དང་ཁོང་མི་བདེ་བའི་ནད་རྣམས་བཀྲུས་ནས་དག་ཅིང་བྱང་བར་གྱུར་ཅིག །སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་ཟླུམ་པོ་ཡུམ་གྱི་གཏེར། །ཕན་བྱེད་སྨན་པའི་མཆོག་ཡིན་སྟེ། །འགྲོ་བའི་ནད་སེལ་བཀྲ་ཤིས་ཤོག །བུམ་པ་ཟླུམ་པོ་སྤྲོས་མེད་ཆོས་ཀྱི་དབྱིངས། །ཐུགས་རྗེ་ཆེན་པོས་ཕན་མཛད་ཡུམ་གྱི་ཚུལ། །འཁོར་བའི་གནས་སྐྱོབ་དྲི་མ་དག་མཛད་པ། །སྒྲིབ་སེལ་བཀྲ་ཤིས་ལེའུ་རེ་གཅིག་པའོ། །དྲུག་པ་རྒྱལ་སྲིད་རིན་པོ་ཆེའི་དབང་ལ་བཅུ་དྲུག་ལས། དང་པོ་འཁོར་ལོའི་དབང་ནི། འཁོར་ལོས་བསྒྱུར་འཁོར་ལོ་རིན་པོ་ཆེའི་ཚུལ་ཇི་ལྟ་བུ་དང་ལྡན་ཞེས་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས། གསོ་སྦྱོང་གི་ཉི་མ་བཅོ་ལྔ་ལ་དབུ་ཁྲུས་བྱས་ལ། དབུས་སུ་གནས་ཤིང་། སྟེང་གི་འཁྱམས་བཙུན་མོའི་འཁོར་ན་གནས་པའི་ཚེ། ཤར་ཕྱོགས་ནས་འཁོར་ལོ་རྩིབས་སྟོང་ཡོད་པ། ལྟེ་བ་དང་མུ་ཁྱུད་གསེར་ལས་གྲུབ་པ། འགར་གཟོས་མ་བྱས་ཤིང་རང་བྱུང་བ། གནམ་འཕངས་སུ་རྟ་ལ་བདུན་གྱི་སྲིད་ཙམ་ཞིག་རྒྱལ་པོའི་ཕྱག་གཡས་པའི་མཐིལ་དུ་རང་བབས་སྟེ། དེའི་ཚེ་རྒྱལ་པོའི་བསམ་པས་རྟགས་འདི་དང་སྦྱར་ན་བདག་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ངེས་སོ་སྙམ་ནས་ལག་པ་གཡས་པས་འཁོར་ལོ་བསྐོར་སྟེ། རྫུ་འཕྲུལ་གྱི་ནམ་མཁའ་ལ་འགྲོ་ཞིང་ཕྱག་དུ་འཁོར་ལོ་གནས་སྟེ། རྒྱལ་བ་གསུང་གི་ཚོགས་དང་བཅས་པ་ཡང་གནས་པ་རུ་འཁོད་དེ། གླིང་བཞི་ལ་གནས་པའི་རྒྱལ་རིགས་ཐམས་ཅད་ཀྱིས་མདུན་བསུ་ཞིང་གནས་པའི་ཚེ། མི་ཐམས་ཅད་དགེ་བཅུའི་ལམ་ལ་འཁོར་ཅིང་འཛུད་པར་བྱེད་ལ། ནང་པར་ཁེས་སུ་སུས་ལ་དགའ་བ་ཉམས་སུ་མྱོང་བར་བྱེད་དོ། །དེ་དང་རྗེས་སུ་མཐུན་པར་འཁོར་ལོ་རིན་པོ་ཆེས་དབང་བསྐུར་བས། མིང་འདི་ལ་ཆོས་ཀྱི་འཁོར་ལོ་རིན་ཆེན་བསྐོར་ཏེ་འཇིག་རྟེན་གསུམ་གྱི་འགྲོ་བ་མུས་པ་རྣམས་རྣམ་པར་གྲོལ་བའི་ལམ་ལ་འགོད་ཅིང་སོ་སོའི་སྐལ་པ་ཅི་ལྟ་བ་བཞིན་དུ་སེམས་ཀྱི་རྒྱུད་ལ་ཡོངས་སུ་སྨིན་པར་བྱེད་ཅིང་། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་དབང་དང་ལྡན་པར་གྱུར་ཅིག །དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ལོ་འདི། །མི་ཁོ མ་རྒྱུན་ཆད་རྒྱུ་དང་འབྲས་བུར་སྟོན། །འཁོར་ལོས་བསྒྱུར་བའི་དབང་ཕྱུག་རིན་པོ་ཆེན། །བླ་མེད་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །སྟོང་ཉིད་ཡེ་ཤེས་གསལ་བའི་འཁོར་ལོ་ལ། །ཆོས་ཉིད་དབྱིངས་ལས་འཕྲིན་ལས་ཅིར་ཡང་སྟོན། །སེམས་ཅན་ཁ་ལོ་གྱེན་དུ་བསྒྱུར་མཛད་པ། །ཆོས་འཁོར་བསྐོར་བའི་བཀྲ་ཤིས་ལེའུ་སྟེ་རེ་གཉིས་པའོ། །གཉིས་པ་རྟ་མཆོག་དབང་ནི། འཁོར་ལོ་བསྒྱུར་བའི་རྟ་མཆོག་རིན་པོ་ཆེའི་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། མདོག་རིན་ཆེན་ཨིན་ཏྲ་ནི་ལ་ལྟར་སྔོན་པོར་གནས་པ། རྔོག་མ་ལྗང་ལོར་གནས་པ། ཞོན་ནས་གུས་པར་བྱེད་པ། གསེར་གསེར་གྱིས་བརྒྱན་པ་གསེར་གྱི་དྲ་བས་གཡོགས་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ནམ་མཁའ་ལ་འགྲོ་བ། རྫུ་འཕྲུལ་གྱིས་ཤུགས་འཆང་བ། རྟའི་རྒྱལ་པོ་དེ། ཉམས་ཚད་པའི་ཕྱིར། རྒྱལ་པོས་ཉི་མ་ཤར་བར་རྟ་ལ་ཞོན་སྟེ། གླིང་བཞིའི་རྒྱ་མཚོ་མཐའ་བསྐོར་སྟེ། སླར་ལོག་པ་དང་ཁྱེའུ་གཟུགས་ཀྱི་དགའ་བ་ཉམས་སུ་མྱོང་། དེ་དང་རྗེས་སུ་མཐུན་པར་རྟ་རིན་པོ་ཆེས་དབང་བསྐུར་བས། མིང་འདི་ཞེས་བྱ་བ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་དེ། བཞོན་པ་དང་ལྡན་ནས་ཐམས་ཅད་དགའ་འགུ་འགྲོ་བ་ལ་ཐོགས་པ་མེད་པར་གྱུར་ཅིག །འཁོར་བའི་ཆུ་བོ་འཇིག་པ་བཞི་ལས་གྲོལ། །བརྩོན་འགྲུས་མྱུར་བས་རྫུ་འཕྲུལ་ཤུགས་ཀྱི་འགྲོ། །ཅང་ཤེས་སྤྲིན་གྱིས་ཤུགས་འཆང་རིན་པོ་ཆེ། །མི་གནས་ཡིད་བཞིན་སྤྱོད་པར་ཤོག །རྫུ་འཕྲུལ་ཐོགས་མེད་ཀུན་ཏུ་མྱུར་བའི་ཤུགས། །གར་ཡང་འགྲོ་བའི་དོན་ལ་མྱུར་བ་དང་། །རྫུ་འཕྲུལ་སྣ་ཚོགས་ཀུན་ཏུ་སྟོན་པ་ཡི། །ཐོགས་མེད་དབང་གི་བཀྲ་ཤིས་ལེའུ་རེ་གསུམ་པའོ། །གསུམ་པ་གླང་པོའི་དབང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེའི་ཚུལ་ཇི་ལྟ་བུ་ལྡན་ཞེས་ན། ཁ་དོག་ཤེལ་ཅག་པའི་འཕྲོ་བཞིན་དུ་དཀར་བ། ཡན་ལག་བདུན་དུ་ཤིན་ཏུ་གནས་པ། རིན་པོ་ཆེ་གཙུག་གིས་ཤིན་ཏུ་བརྒྱན་པ། གསེར་གྱི་དྲ་བས་ཤིན་ཏུ་བརྒྱན་པ། རྫུ་འཕྲུལ་དང་ལྡན་ཤིང་ནམ་མཁའ་ལ་འགྲོ་བ། ལྷ་དང་ལྷ་མ་ཡིན་གྱིས་གཡུལ་རབ་ཏུ་འགྱེད་པ་ན། གཡུལ་དེ་དག་ལ་རབ་ཏུ་རྒྱལ་བའི་མཐུ་དང་ལྡན་པའོ། ། དེ་དང་རྗེས་སུ་མཐུན་པར་གླང་པོ་ཆེ་འདི་བྱིན་པས། རྡོ་བའི་ཕྱོགས་ཐམས་ཅད་ཟིལ་གྱི་གནོན་པའི་མཐུ་དང་ལྡན་ཞིང་རྒྱལ་བར་གྱུར་ཅིག །ཐེག་པའི་དོན་དེ་བླ་མེད་བསྟོད་པའི་མཆོག །ཡན་ལག་བདུན་མཛེས་ཨུ་མུ་ཏའི་མདོག །འདུལ་དཀའ་སྟོབས་ཆེན་གླང་པོ་རིན་པོ་ཆེ། ཁྱུ་མཆོག་རླབས་ཆེན་སྟོབས་ལྔ་རྫོགས་པར་ཤོག །སྟོབས་མཆོག་ཕ་རོལ་གནོན་པའི་སྟོབས་མངའ་བ། །གདུག་པ་ཆེན་པོ་གཞན་གྱིས་མི་ནོན་པའི། །ཕ་རོལ་་གཞན་གྱི་རྫུ་འཕྲུལ་ནོན་མཛད་པ། །མཐུ་སྟོབས་དབང་གི་བཀྲ་ཤིས་སྟེ་ལེའུ་རེ་བཞི་པའོ། །བཞི་པ་ནོར་བུ་རིན་པོ་ཆེའི་དབང་ནི། ནོར་བུ་རིན་པོ་ཆེའི་ཚུལ་ཇི་ལྟ་བུ་དང་ལྡན་ཞེས་ན། ཐམས་ཅད་དུ་སྔོན་བཻ་ཊཱུརྻའི་རང་བཞིན་དུ་གནས་པ། ཟུར་བརྒྱད་ཡོད་པ། ཡོན་ཏན་སྟོང་དང་ལྡན་པ་བྱུང་སྟེ། ཤིན་ཏུ་སྦྱང་བ་དེ་ནམ་གྱི་གུང་ལ་མུན་པ་རབ་ཏུ་གནག་པ་ལ། ཉམས་སད་པའི་ཕྱིར་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། འོད་མའི་ཚལ་དུ་བཏགས་ན། སྐྱེད་མོ་འཚལ་དུ་གཟིགས་མོའི་རྣམ་པ་ཐམས་ཅད་ལྟ་བར་འདོད་ན་ཡང་། ནོར་བུ་རིན་པོ་ཆེའི་འོད་ཀྱི་དཔུང་གིས་ཚོགས་ཡན་ལག་བཞི་ཡན་ཆད་དཔག་ཚད་གཅིག་ཚུན་ཆད་གང་དགར་མཐོང་པར་གྱུར་ཏོ། །ཉིན་པར་གྱི་འདུ་ཤེས་སྐྱེའོ། །དེ་དང་རྗེས་སུ་མཐུན་པར་ནོན་བུ་རིན་པོ་ཆེ་འདི་བྱིན་པས། ཤེས་རབ་རྣམ་པར་དག་པ་དང་ལྡན་སྟེ། ཀུན་ནས་ཉོན་མོངས་པར་གྱུར་པའི་མུན་པ་ཐམས་ཅད་གསལ་བའི་སྒྲོན་མེ་དང་ལྡན་ནས་ལྷག་མཐོང་གི་ཡེ་ཤེས་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག །དཀོན་མཆོག་གསུམ་གྱི་ཡོན་ཏན་ཡིད་བཞིན་གཏེར། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང་། །དགོངས་པ་མཆོད་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག །དགོས་འདོད་བསྐོང་བའི་ནོར་བུ་རིན་པོ་ཆེ། །ཐམས་ཅད་ཀུན་གྱིས་ཡིད་དང་མཐུན་པར་ཤོག ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡིས། །ཡིད་བཞིན་བཀྲ་ཤིས་ལེའུ་སྟེ་རེ་ལྔ་པའོ། །ལྔ་པ་བློན་པོ་རིན་པོ་ཆེའི་དབང་ནི། བློན་པོ་རིན་པོ་ཆེའི་ཚུལ་ཇི་ལྟ་བུ་དང་ལྡན་ཞེས་ན། མཁས་པ། གསལ་བ། ཡིད་གཞུངས་པ། ལྷའི་མིག་དང་ལྡན་པ། དཔག་ཚད་ཚུན་ཆད་དུ་རིན་པོ་ཆེའི་གཏེར་ཡོད་པ་མཐོང་སྟེ། རིན་པོ་ཆེའི་གཏེར་ཆུའི་ནང་ན་ཡོད་པ་དང་། སྐམས་ན་ཡོད་པ་དང་། རིང་བ་ན་ཡོད་པ་དང་། །བདག་པོ་ཡོད་པ་དང་། བདག་པོ་མེད་པ་ཐམས་ཅད་མཐོང་སྟེ། དེས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་གསོལ་པ། ལྷ་དཀོན་ནོར་ལ་ཐུགས་ཁྲལ་ཆུང་བར་མཛོད་ཅིག །དཀོར་ནོར་ཅི་བཞེད་པར་ནི་ཅི་བཞེད་པ་བཀའ་སྩོལ་ཅིག །དེ་སྐད་ཅེས་གསོལ་པ་དང་། རྒྱལ་པོའི་དགོངས་པ་ཐམས་ཅད་བསྒྲུབ་པོ། དེ་དང་རྗེས་སུ་མཐུན་པར་བློན་པོ་རིན་པོ་ཆེ་འདིས་དབང་བསྐུར་བས། མིང་འདི་ཞེས་བྱ་བ་ལ་ལྷའི་མིག་རྣམ་པར་འཕགས་པའི་ནོར་བདུན་དང་ལྡན་ཞིང་། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དགོས་པ་ཐམས་ཅད་མཐར་ཕྱིན་པ་དང་། ཤེས་བྱ་ལ་ཐོག་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །གང་ལ་ཅི་འདོད་དཔག་བསམ་ཤིང་ལྟ་བུ། །འགྲོ་ལ་སྙིང་བརྩེ་ཚོགས་གཉིས་རྫོགས་པར་སྨོན། །དབང་ཕྱུག་བློན་པོའི་ནོར་བུ་རིན་པོ་ཆེ། །འཁོར་ལོས་བསྒྱུར་བའི་རྒྱལ་ཐབས་ཐོབ་པར་ཤོག །འཛངས་པའི་ཕུལ་ཕྱིན་བློན་པོ་རིན་པོ་ཆེ། །ལེགས་ཉེས་ཀུན་མཁས་སྤྱོད་པའི་དོན་ལ་མཁས། ཡོ་ཁལ་དོ་སྲོང་འཛངས་པའི་འཕྲུལ་བག་ཅན། །བློན་པོ་དབང་གི་བཀྲ་ཤིས་ལེའུ་སྟེ་རེ་དྲུག་པའོ། །བདུན་པ་བཙུན་མོ་རིན་པོ་ཆེའི་དབང་། འཁོར་ལོས་བསྒྱུར་བའི་བཙུན་མོ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་ཞེ་ན། རྒྱལ་པོ་རྒྱལ་རིགས་སུ་སྐྱེས་པ། གཟུགས་མཛེས་པ། ལྟ་ན་སྡུག་པ། ཚུལ་ཤེས་པ། ཁ་དོག་མཛེས་པ། རྒྱས་པ། མིའི་མདོག་ལས་འདས་ནས་ཚུལ་ལྷའི་མདོག་ཐོབ་སྟེ། ལྤགས་པའི་མདོག་ཀྱང་སྤྲི་ཡང་ཀུ་ལྟར་འདུག་པ། ལུས་རན་ཅིང་དབྱིབས་ལེགས་པ། ཤ་རན་ཅིང་བ་སྤུའི་བུ་ག་ནས་ཙན་དན་དྲི་བསུང་དང་ལྡན་པ། ཨ་ཀ་རུའི་དྲི་འབྱུང་བ། ཁ་ནས་ཨུ་དཔལ་གྱི་ངད་ལྡང་བ། ལུས་ཀྱང་བྱ་ཀ་ཚ་ལི་ཀ་ལྟར་རེག་ན་བདེ་བ། དྲང་བའི་དུས་ན་རེག་ན་དྲོ་བ། ཚ་བའི་དུས་ན་རེག་ན་བསིལ་བ་དེ་ནི་སྔོན་དུ་བྱ་བ་དང་། ཕྱི་ནས་ཅི་བྱ་བའི་ལུང་མ་ནོར་བ་ཡིད་དུ་འོང་བར་བྱེད་པ། སྙན་པར་སྨྲ་བ་ལ་མཁས་ཏེ། ཡིད་ཀྱི་དགུ་ལ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིད་དང་འགལ་བར་མི་བྱེད་ན། ལུས་དང་ངག་གི་དང་ག་ལ་བྱེད་དེ། དེས་ནི་བུད་མེད་ཐམས་ཅད་ཀྱི་སྐྱོན་སེལ་བ་སྟེ། དཔེན་ན་སྐར་མ་སྤ་བ་སངས་ཀྱི་སྐར་མ་ཐམས་ཅད་ཟིལ་གྱིས་ནོན་པ་བཞིན་ནོ། །དེ་དང་རྗེས་སུ་མཐུན་པར་བཙུན་མོ་རིན་པོ་ཆེ་འདི་བྱིན་པས། མིང་འདི་ཞེས་བྱ་བའི་ཏིང་ངེ་འཛིན་ཞི་བའི་ཆོས་ལ་དབང་འབྱོར་སྟེ། འཕགས་པའི་འཇིག་རྟེན་ལས་འདས་པའི་ལམ་སྤྱོད། ཡུལ་ཡོངས་སུ་དག་པས་བདག་དང་གཞན་གྱི་དོན་བདེན་པར་སྡུད་པ་ལ་ཡིད་བཞིན་འདུ། འབྱོར་བ་ལ་དཔལ་དང་ལྡན་པར་གྱུར་ཅིག །ཕ་རོལ་ཕྱིན་བཅུ་སྐྱོབ་པའི་ཕྱིར། །ཤེས་རབ་གཟུང་འཛིན་བཙུན་མོ་རིན་མོ་ཆེ། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་ཡི། །ཚེ་དང་ལོངས་སྤྱོད་གཏེར་རྣམས་སྤྱོད་པར་ཤོག ། ཤེས་རབ་དབྱིངས་ལས་སྤྲུལ་པའི་ལྷ། །དགོས་པའི་དོན་འགྲུབ་བཙུན་མོ་སྟེ། མཐུ་དང་དད་པས་འབྲེལ་པ་ཡིས། །བཙུན་མོའི་བཀྲ་ཤིས་ལེའུ་རེ་བདུན་པའོ། །བདུན་པ་དམག་དཔོན་རིན་པོ་ཆེའི་དབང་། དམག་དཔོན་རིན་པོ་ཆེའི་ཚུལ་ཅི་ལྟ་བུ་ཞེས་ན། མཁས་པ། གསལ་བ། བློ་མྱུར་བ། ཡིད་གཞུགས་པ། རྒྱལ་པོ་བསམ་པ་བཞིན་བྱེད་ནུས་པ། ཕ་རོལ་གྱིས་དཔུང་འཇོམས་པ། སྒྲ་ཐམས་ཅད་ཀྱི་སྦྱོར་བ་ལ་མཁས་པ། བསྡོ་བ་ཐམས་ཅད་ཟིལ་གྱི་ནོན་པའི་གོ་ཆ་བགོས་པའོ། །དེ་དང་རྗེས་སུ་མཐུན་པར་དམག་དཔོན་རིན་པོ་ཆེ་འདི་བྱིན་པས་མིང་འདི་ཞེས་བྱ་བ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དགོངས་པ་མཐར་ཕྱིན་ནས། འཇིགས་ཚོགས་ཀྱི་ལྟ་བ་ཐམས་ཅད་ལེགས་པར་སྤྱོད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །གནོད་པའི་དཔུང་འཇོམས་བརྩོན་འགྲུས་གོ་བགོས་སྟེ། །འཇིགས་པའི་སྐྱབས་བྱེད་འགྲོ་ལ་མ་འཇིགས་སྦྱིན། །ཐབས་དང་ཤེས་རབ་བསྟན་པའི་དམག་དཔོན་འདི། །མཐུ་སྟོབས་རྫུ་འཕྲུལ་དཔུང་གིས་བསྲུངས་བར་ཤོག །དྲག་ཤུལ་དྲེག་པས་ཕ་རོལ་འཇོམས་མཛད་པ། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ་བ་ཡིས། རྣམ་པར་རྟོག་པ་ཅིས་ཀྱང་མི་ཚུགས་པའི། གཉེན་པོ་འདུལ་བའི་ལེའུ་སྟེ་རེ་བརྒྱད་པའོ། །བརྒྱད་པ་རལ་གྲིའི་དབང་ནི། སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རལ་གྲིས་དབང་བསྐུར་བས། ཉོན་མོངས་པའི་དྲ་བ་གཅོད་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཡེ་ཤེས་ཀྱི་གྲལ་དུ་ཕྱིན་པས། །སྡུག་བསྔལ་གྱི་རྒྱུ་འཁྲུལ་པ་བཅད་པས་བག་ཆགས་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །སྒྲིབ་པའི་དྲ་བ་བཅད་ནས་ཀྱང་། མི་ཤེས་དྲ་བ་གཅོད་ཚུལ་དུ་རྣོན་པོས་བག་གཅོད་པ་སྟེ། ཐམས་ཅད་ཀུན་ལས་རྒྱལ་བར་ཤོག །སྒྲིབ་པ་སྡིག་པའི་དྲ་བ་གཅོད་མཛད་པ། །ཡེ་ཤེས་རྣོན་པོ་གར་ཡང་ཐོག་པ་མེད། །ཡེ་ཤེས་བག་ཆགས་རྩད་ནས་གཅོད་མཛད་པའི། །སྡུག་བསྔལ་གཅོད་པའི་བཀྲ་ཤིས་ལེའུ་སྟེ་རེ་དགུ་པའོ། །དགུ་པ་འདའ་གཞུའི་དབང་ནི། སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་འདའ་གཞུའི་དབང་བསྐུར་བས། ཐབས་དང་ཤེས་རབ་ཀྱི་དབང་ཐོབ་པོ། །དེ་དང་རྗེས་སུ་མཐུན་པར་འདའ་གཞུས་དབང་བསྐུར་བས། ཐབས་དང་ཤེས་རབ་རྣམ་པར་ཐར་པའི་རྒྱ་མཚོ་མྱུར་དུ་བགྲོད་པར་གྱུར་ཅིག །བསྡོ་བའི་ཕྱོགས་འཇོམས་མྱུར་བའི་ཤུགས་འཆང་བའི། །ཐབས་ཀྱི་འདུལ་ལ་ཉེས་པས་མ་གོས་སྟེ། དངོས་པོ་ཀུན་འཇོམས་ཕ་རོལ་འབིགས་པ་སྟེ། །ཐབས་ཀྱི་འདུལ་བའི་དབང་མཆོག་དམ་པ་ཐོབ་པར་ཤོག །ཐབས་དང་ཤེས་རབ་དབྱེར་མེད་གཅིག་པ་ཡིས། །ཐུགས་རྗེ་མྱུར་བའི་ཐབས་ཀྱིས་འགྲོ་ལ་འབྱུང་། ཡང་རབ་བརྩལ་མཆོག་བློ་ཡི་རྣོན་པོ་སྟེ། །ཤེས་རབ་ཐོག་མེད་བཀྲ་ཤིས་ལེའུ་བདུན་ཅུ་པའོ། །བཅུ་པ་རྣམ་རལ་གྲི་དབང་ནི། སྔོན་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རྣམ་རལ་རིན་པོ་ཆེའི་དབང་བསྐུར་བས། བར་དུ་འཇོམས་པའི་བདུད་དཔུང་འཇོམས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྟོབས་ལྡན་དབང་ཕྱུག་མཐུ་སྟོབས་ཆེ་མངའ་བ། །བདུད་དཔུང་ཕས་ཀྱི་སྡོ་བ་ཀུན་བཏུལ་ནས། །ཆེ་བ་ཆེན་པོས་ཀུན་ལ་རྒྱལ་བ་དང་། །ཐམས་ཅད་མཐུ་སྟོབས་ཀུན་ལས་དབང་བྱེད་ཤོག །རིན་ཆེན་བརྒྱད་མཛེས་རྣམ་རལ་རིན་པོ་ཆེ། །ལོག་པའི་ཕྱོགས་དང་བསྡོ་བ་ཟིལ་གནོན་པ། །ཐབས་ལ་མཁས་པའི་བདུད་དཔུང་ཆེ་བ་སྟེ། །ཀུན་ལས་རྒྱལ་བའི་བཀྲ་ཤིས་ལེའུ་དོན་གཅིག་པའོ། །བཅུ་གཅིག་པ་ཤན་གྲིའི་དབང་ནི། སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་བཤན་གྲི་ཉེ་བའི་རིན་པོ་ཆེའི་དབང་བསྐུར་བས། འཁོར་བའི་སྒྲིབ་པ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཤན་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས། འཁོར་བའི་སྒྲིབ་པའི་དྲ་བ་གཅོད་པ་དང་། དངོས་པོ་མཚན་མ་གཞོམ་པ་དང་། མི་ཤེས་རྣམ་རྟོག་མ་ལུས་བསྒྲལ་བའི་ཕྱིར། བདུག་པ་འཇོམས་པའི་དབང་རྣམས་ཐོབ་པར་ཤོག །རིན་ཆེན་མཛེས་པའི་བཤན་མཆོག་རིན་པོ་ཆེ། ལེགས་པར་རྣོ་ལ་ཕ་རོལ་ཉེས་པ་གཅོད། །ཡེ་ཤེས་རྣོན་པོ་ཀུན་གྱི་ཡིད་དུ་འོང་། །སྡུག་བསྔལ་གཅོད་པའི་བཀྲ་ཤིས་ལེའུ་སྟེ་དོན་གཉིས་པའོ། །བཅུ་གཉིས་པ་ཞྭའི་དབང་ནི། སྔོན་རི་རབ་རིའི་རྩེར་ཀུན་རིག་རྣམ་པར་སྣང་མཛད་ཀྱིས། འཁོར་ལ་ཞྭའི་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས། བགེགས་དང་ལོགས་འདྲེ་མེད་པའི་ཚེའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཞྭ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས། བགེགས་དང་ལེག་འདྲེ་ཅིས་ཀྱང་མི་ཚུགས་པའི་ཚེའི་གཡུ་དྲུང་གི་དམ་པ་ཐོབ་པར་གྱུར་ཅིག །ཚ་གྲང་བསིལ་འཇམ་དབུ་ཞྭ་འདི། གདུང་བ་སེལ་བའི་དབང་མཆོག་སྟེ། །འབྲས་བུ་ཐར་བ་ཐོབ་པའི་ཕྱིར། །འཇིགས་པ་བཞི་ཡི་སྐྱབས་སུ་ཤོག །རིན་ཆེན་བརྒྱན་མཆོག་དབུ་ཞྭ་རིན་པོ་ཆེ། །འཇིགས་པ་བཞི་སྐྱོབས་ལོག་པའི་སྐྱོན་ལས་བསྲུང། །མི་འགྱུར་གཡུ་དྲུང་ཚེའི་དབང་ཐོབ་པ། །གཡུ་དྲུང་བཀྲ་ཤིས་ལེའུ་སྟེ་དོན་གསུམ་པའོ། །བཅུ་གསུམ་པ་ཁབ་སྐུད་དབང་ནི། སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་ལ་ཚང་པའི་ཁ་བསྐུད་ཀྱི་དབང་བསྐུར་བས། ལེགས་པའི་ཡོན་ཏན་འདོད་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཚངས་པའི་ཁབ་སྐུད་ཀྱིས་དབང་བསྐུར་བས། ལེགས་པའི་ཡོན་ཏན་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཚངས་པའི་ཁ་བསྐུད་ཉེ་བའི་བཀྲ་ཤིས་སྟེ། ལེགས་པའི་ཡོན་ཏན་ཚངས་པར་རྫོགས་པའི་དཔལ། །ཉེས་པ་ཀུན་སྐྱོབས་ཕྱིར་ན་བཀྲ་ཤིས་སྟེ། །ཐམས་ཅད་རྫོགས་པའི་དབང་མཆོག་བཀྲ་ཤིས་ཤོག །ཚངས་པའི་ཁབ་སྐུད་ལེགས་པའི་ཡོན་ཏན་འགྲུབ། །གང་ལ་ཡིད་འཆམ་ལེགས་པའི་དགོངས་པ་འགྲུབ། །དོན་ལ་ཐུགས་རྗེ་ཆེན་པོ་ཆེ་བའི་རྟགས། །ལེགས་པ་ཚངས་པའི་བཀྲ་ཤིས་ལེའུ་སྟེ་དོན་བཞི་པའོ། །བཅུ་བཞི་པ་ན་བཟའི་དབང་ནི། སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ན་བཟའ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས། གྲང་བའི་སྡུག་བསྔལ་སྐྱོབ་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ན་བཟའ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས། འདི་དང་ཕ་རོལ་གཉིས་ཀར་གྲང་བའི་ཉོན་མོངས་པ་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉེས་པ་ཀུན་སྐྱོབ་ན་བཟའ་རིན་པོ་ཆེས་བདེ་མཆོག་ཡིད་བཞིན་ཟད་པ་མེད་པ་སྟེ། །ཡོན་ཏན་ཚངས་པའི་ན་བཟའ་དམ་པ་འདི། །འདི་དང་ཕ་རོལ་གཉིས་སུ་གོན་པར་ཤོག །རིན་ཆེན་ན་བཟའ་ཇི་ལྟར་བལྟ་བར་གདུག །ཆེ་ཆུང་དབྱིབས་རན་འགྲོ་ལ་མཛེས་པར་སྣང་། །ཡོན་ཏན་བླ་མེད་འཕགས་པའི་སྐུ་དང་མཚུངས། །ཆོས་ཉིད་རྟགས་ཀྱི་བཀྲ་ཤིས་ལེའུ་སྟེ་དོན་ལྔ་པའོ། །བཅོ་ལྔ་པ་ཆགས་ཀྱི་དབང་ནི། སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས། ཆགས་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས། ཐུགས་རྗེ་འགྲོ་བའི་དོན་ལ་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཆགས་ཉེ་བའི་རིན་པོ་ཆེས་དབང་བསྐུར་པས། འགྲོ་བའི་དོན་ལ་ཞབས་ཀྱིས་འཆགས་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་ཆགས་ཀྱིས་དབང་བསྐུར་བས། ཀུན་ལ་སྙོམས་པའི་ཐུགས་རྗེ་ཡིས། །སེམས་ཅན་དོན་ལ་ཐོགས་མེད་དེ། །འགྲོ་བ་འདྲེན་པའི་དཔལ་དུ་ཤོག །རིན་ཆེན་མཛེས་པའི་ཚོགས་མཆོད་དམ་པ་རྣམས། །གར་ཡང་ཐོགས་མེད་ཕྱོགས་བཅུར་བསྒྲོད་ནས་ཀྱང་། །དོན་རྣམས་མ་ལུས་རྫོགས་པར་བྱ་བ་ཡི། །ཡོངས་ལ་ཁྱབ་པའི་བཀྲ་ཤིས་ལེའུ་སྟེ་དོན་དྲུག་པའོ། །བཅུ་དྲུག་པ་ཁྲི་སྙན་ས་ལེའི་དབང་ནི། སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ། ཁྲི་གཉན་ས་ལེའི་ལྤགས་པ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས། སྙིང་རྗེས་སེམས་ཅན་འདྲེན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཁྲི་གཉན་ས་ལེའི་ལྤག་པ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས། ཐུགས་རྗེས་སེམས་ཅན་གྱིས་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཁྲི་གཉན་ས་ལེའི་ལྤགས་པ་བཀྲ་ཤིས་སྟེ། ཐམས་ཅད་སྙོམས་པའི་བཀྲ་ཤིས་དམ་པ་སྟེ། ཡོན་ཏན་ཚང་བར་རྫོགས་པའི་བཀྲ་ཤིས་པ། །སྙིང་རྗེས་དོན་བྱེད་དབང་མཆོག་བཀྲ་ཤིས་ཤོག །སྙིང་རྗེ་ཆེན་པོས་སེམས་ཅན་དོན་ལ་མཁས། །ཉམས་ཐག་འཕོངས་པས་ཀུན་གྱི་དོན་བྱ་སྟེ། །སེམས་ཅན་འཁོར་བའི་གནས་ནས་འདྲེན་མཛད་པ། །འགྲོ་དོན་རྫོགསཔའི་བཀྲ་ཤིས་ལེའུ་སྟེ་དོན་བདུན་པའོ། །བདུན་པ་བཀྲ་ཤིས་རྫས་ཀྱི་དབང་ལ་བཅུ་དྲུག་ལས། དང་པོ་ཡུང་དཀར་གྱི་དབང་ནི། སྔོན་བཅོམ་ལྡན་འདས་ཀྱིས་ཡུངས་དཀར་འཐོར་བྱེད་ཀྱི། རྒྱལ་བོ་བགེགས་གྱི་གཉེན་པོར་བྱིན་གྱིས་རླབས་པའི་རྫས་ནི། རྡོ་རྗེ་སློབ་དཔོན་ངས་བྱིན་པས། སློབ་མའི་ལུས་སེམས་ཀྱི་རྒྱུད་ལ། བགེགས་སྟོང་ཕྲག་བརྒྱ་བཅུའི་བསམ་སྦྱོར་ངན་པས་མི་ཚུགས་ཤིང་། བགེགས་ཐམས་ཅད་འདུལ་བའི་མཐུ་སྟོབས་ཕུན་སུམ་ཚོགས་པའི་དོན་གྱི་བཀྲ་ཤིས་པར་གྱུར་ཅིག །ཡུངས་དཀར་རྡོ་རྗེ་གསང་མཆོག་ཆེན་པོ་སྟེ། །རྟོགས་བྲལ་མཉམ་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །རྟོགས་པའི་བགེགས་རྣམས་རབ་ཏུ་ཞི་མཛད་པ། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་རབ་ཏུ་ཞི་བར་ཤོག །ཡུངས་དཀར་རྡོ་རྗེས་བགེགས་མཆོག་འདུལ། །བགེགས་རྣམས་འཇོམས་པའི་མཐུ་སྟོབས་ལྡན། །དགྲ་བགེགས་ཀུན་ལས་རྒྱལ་བའི་བྱིན་རླབས་བཀྲ་ཤིས་ལེའུ་སྟེ་དོན་བརྒྱད་པའོ། །གཉིས་པ་ཞོ་ཕོར་གྱི་དབང་ནི། སྔོན་བཅོམ་ལྡན་འདས་ལ་ཁྱིམ་བདག་བཟང་སྐྱོང་གིས་ཞོ་ཕུལ་བས། གཟི་མདངས་དང་ལྡན་པའི་རྫས་འདི། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་སྦྱིན་པས། ཁྱོད་ཀྱིས་ཏིང་ངེ་འཛིན་གྱི་བཅུད་དང་བསོད་ནམས་གཟི་མདངས་དང་ལྡན་པའི་དོན་གྱི་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་སྟེ། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བར་ཤོག །བཀྲ་ཤིས་བྱིན་ལྡན་རྫས་མཆོག་ཞོ་མཆོག་འདིས། །འདོད་དོན་མཆོག་ལྡན་འདོད་འཇོ་བའི་ཞོ། །ཉོན་མོངས་འཕོངས་པ་འགྲངས་ཞིང་ཚིམས་བྱེད་པ། གཟི་མདགས་ལྡན་པ་དབང་གིས་བཀྲ་ཤིས་ལེའུ་དོན་དགུ་པའོ། །གསུམ་པ་རྩ་དུར་བའི་དབང་ནི། སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་ཀུན་དྷ་ལིས་རྩྭ་དུར་བ་ཕུལ་སྟེ། དུར་བ་ཇི་ལྟར་ཆུང་ངུ་ལས་ཡལ་ག་དང་ལོ་འདབ་མང་པོ་འཕེལ་བ་བཞིན་དུ། རྒྱུ་དགེ་བའི་རྩ་བ་ཆུང་ངུ་ལས་འབྲས་བུ་བསོད་ནམས་མང་པོ་འཕེལ་བའི་བྱིན་གྱིས་བརླབས་པའི་རྫས་འདི་སློབ་མ་ལ་བྱིན་པས། ཆོས་རྒྱུ་འབྲས་ལ་མ་རྨོོངས་ཤིང་དགེ་བའི་རྩ་བ་ཆུང་ངུ་ལ་རྟེན་ནས་བསོད་ནམས་འབྲས་བུ་ཕུན་སུམ་འཕེལ་བའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། རྡོ་རྗེ་ཚེ་ནི་རབ་བསྒྲུབ་པས། །སྐྱེ་ཤིའི་སྡུག་བསྔལ་རྒྱུན་བཅད་དེ། །དུར་བས་བཀྲ་ཤིས་དེས་ནི་ཚེ་བརྟན་ཤོག །དུར་བའི་རྩྭ་མཆོག་བསོད་ནམས་མང་པོས་འཕེལ། །བཀྲ་ཤིས་ལོ་འདབ་མེ་ཏོག་འབྲས་བུ་རྒྱས། །ཡིད་ལ་ཅི་བསམ་འདོད་པའི་བཀྲ་ཤིས་པ། །འདོད་འབྱུང་བཀྲ་ཤིས་ལེའུ་བརྒྱད་བཅུ་པའོ། །བཞི་པ་ལི་ཁྲིའི་དབང་། སྔོན་བཅོམ་ལྡན་འདས་ལ་སའི་ལྷ་མོས་འཚལ་ལི་ཁྲི་ཕུལ་བས། ཇི་ལྟར་ལི་ཁྲི་དམར་པོ་ཆགས་པ་ཞེན་པའི་ངོ་བོ་ན་གནས་པ་དེ་བཞིན་དུ། ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་མི་བཏང་བར་བྱིན་གྱིས་བརླབས་པའི་རྫས་འདི། ངས་སློབ་མ་ཁྱོད་ལ་བྱིན་པས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཅིང་འཁོར་བའི་ཆོས་ཐམས་ཅད་ལ་སྤྱོད་པའི་ཆོས་ཐམས་ཅད་ལ་སྦྱོད་བཞིན་མ་ཆགས་པའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །ལི་ཁྲི་དམར་བ་དབང་གི་རང་བཞིན་སྟེ། །ཆོས་ཀུན་མ་ལུས་དབང་དུ་གྱུར་པ་སྟེ། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བསྟན་གྱུར་པ། །བཀྲ་ཤིས་དེས་ཀྱང་རྒྱལ་སྲིད་བསྟན་གྱུར་ཅིག །ཁ་དོག་དམར་པོ་ནུབ་ཕྱོགས་དབང་གི་པདྨའི་རིགས། ཆགས་པ་གཉིས་ལྡན་བདག་དོན་གཞན་དོན་འགྲུབ། །གསུང་གི་བདག་ཉིད་དོན་སྟོན་བཀྲ་ཤིས་རྫས། །ཚེ་ཡིས་བཀྲ་ཤིས་ལེའུ་སྟེ་གྱ་གཅིག་པའོ། །ལྔ་པ་མེ་ལོང་གི་དབང་། སྔོན་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་གནས་ལན་གསུམ་དུ་གར་པ་མེ་ལོང་ལྟ་བུའི་ཡེ་ཤེས་བསྙེས་ནས་མངོན་པར་རྫོགས་པའི་རྫས་འདི་སློབ་མ་ཁྱོད་ལ་བྱིན་པས། ཁྱོད་ཀྱི་བག་ཆགས་གྱི་སྒྲིབ་པ་བག་ལ་ཉལ་ཆ་ཕྲ་མོ་ཡན་ཆད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་སྟེ། མེ་ལོང་ཡེ་ཤེས་མཐོང་ནས་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་སྟེ། །ཡེ་ཤེས་རྒྱལ་མཚོའི་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་སྒྲིིབ་པ་དག་གྱུར་ཅིག །མེ་ལོང་གདོང་བསྟན་བཞིན་གྱི་དྲི་མ་སེལ། །དེ་བཞིན་ཉོན་མོངས་ཤེས་བྱའི་སྒྲིབ་པ་སེལ། །གསལ་ལ་རང་བཞིན་མེད་པའི་ཆོས་ཉིད་ལ། །ཡེ་ཤེས་གསལ་བའི་བཀྲ་ཤིས་ལེའུ་སྟེ་གྱ་གཉིས་པའོ། །དྲུག་པ་དུང་གི་དབང་། སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་དུང་གིས་དབང་བསྐུར་བས། ཚངས་པའི་སྒྲ་སྒྲོགས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དུང་གི་དབང་བསྐུར་བས། ཚངས་པའི་དབྱངས་ལྟ་བུ་སྒྲོག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་དུང་རྒྱལ་བས་བུས་ནས་ནི། །འཇིག་རྟེན་སེམས་ཅན་སྐལ་ལྡན་ལ། །རྣམ་གསལ་སྡིག་བྱང་ཆོས་ཐོབ་པའི། །ཚངས་པའི་སྒྲ་སྐད་སྒྲོགས་པར་ཤོག །སྐྱོབ་པ་མགོན་པོ་ཚངས་པའི་དབྱངས། །འཕགས་པའི་གསུང་མཆོག་འགྲོ་ལ་སྒྲོག །འཇིག་རྟེན་གསུམ་དུ་རྒྱས་པ་ཡིས། །གསུང་གི་བཀྲ་ཤིས་ལེའུ་སྟེ་གྱ་གསུམ་པའོ། །བདུན་པ་གྷི་ཧང་གི་དབང་ནི། སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེ་ས་བསྲུངས་གིས་སྨན་གྷི་ཧང་ཕུལ་སྟེ། བཻ་ཌཱུརྻ་དང་ལྡན་པའི་སྨན་མཆོག་བདུད་བཞི་ལས་གྲོལ་བར་བྱིན་གྱིས་བརླབས་པའི་རྫས་འདི། ངས་སློབ་མ་ལ་བྱིན་པས་སློབ་མའི་བདུད་བཞི་ལས་ཐར་ཞིང་ནད་ཐམས་ཅད་སེལ་བར་བྱེད་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །གྷི་ཧང་དུག་གསུམ་འཇོམས་པའི་སྨན་ཡིན་སྟེ། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་འགྱུར་ཏེ། །ཉོན་མོངས་ཟུང་ངུ་མེད་པར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །ཡོན་ཏན་ལྡན་པས་བཞི་བརྒྱ་རྩ་བཞི་སེལ། །སྨན་མཆོག་སྐྱེ་འགྲོ་མ་ལུས་ཀུན་གྱིས་གསོས། །བྱིན་གྱིས་རློབས་པའི་བཀྲ་ཤིས་ཚེ་ཡིས་གསོས། །ཚེ་རིང་ནད་མེད་བཀྲ་ཤིས་ལེའུ་སྟེ་གྱ་བཞི་པའོ། །བརྒྱད་པ་བིལ་བའི་དབང་། །སྔོན་བཅོམ་ལྡན་འདས་ལ་ཤིང་བིལ་བ་ཕྱག་དུ་ཕུལ་ཏེ་ཇི་ལྟར་ཤིང་བིལ་བ་སྨིན་ཅིང་འབྲས་བུ་སའི་ངོ་བོར་གནས་པ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐུ་དང་ཡེ་ཤེས་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱིན་གྱིས་རླབས་པའི་རྫས་འདི། ངས་ཁྱོད་ལ་བྱིན་པས། ཁྱོད་ལ་སྟོབས་བཅུ་མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་དང་ལྡན་པར་སྐུ་དང་ཡེ་ཤེས་དང་མཚན་དང་དཔེ་བྱད་ལ་སོགས་སྟེ། འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་སངས་རྒྱས་པའི་དོན་གྱི་བཀྲ་ཤིས་པར་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་མཆོག །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་འཇིག་རྟེན་འགྲུབ་པར་ཤོག །ཡལ་ག་ལོ་འདབ་མེ་ཏོག་གཡུ་ལོར་འཁྱིིལ། །འབྲས་བུ་ཡིད་འོང་འབྱོར་པའི་ལོངས་སྤྱོད་ལྡན། །ཀུན་གྱི་དོན་དང་མཐུན་པར་སྤྱོད་པ་ཡིས། །ཕུན་ཚོགས་བཀྲ་ཤིས་ལེའུ་སྟེ་གྱ་ལྔ་པའོ། །དགུ་པ་ཐུགས་དཔལ་བེའི་དབང་། སྔོན་བཅོམ་ལྡན་འདས་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ། བདུད་ཀྱི་བརྒལ་བའི་དུས་སུ། བཀྲ་ཤིས་པའི་རྟགས་བརྒྱད་དང་ལྡན་སྟེ། ཐུགས་དཔལ་བེའུས་བཀྲ་ཤིས་པ་དེ་བཞིན་དུ་སློབ་མའི་ཐུགས་དཔལ་བེའུ་རུ་བཀྲ་ཤིས་པར་གྱུར་ཅིག །དཔལ་བེའུ་ཐུགས་ཀྱི་ས་བོན་སྟེ། །འདྲེན་པ་རྣམས་ཀྱི་ཐུགས་ལགས་པས། །བླ་མེད་ཐར་ལམ་དྲངས་པའི་ཕྱིར། །ཐུགས་ཀྱི་དཔལ་བེའུ་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །སྡོ་བའི་ཕྱོགས་རྣམས་ཀུན་ལས་རྒྱལ། །ཐུགས་ཁ་ཉིད་ལས་གསལ་བ་མངོན་པར་སྟོན། །འདི་ནི་དཔལ་བེའུ་དབང་གི་བཀྲ་ཤིས་ལེའུ་སྟེ་གྱ་དྲུག་པའོ། །སྟོན་ལ་བདུད་ཀྱི་སྡོས་པའི་ཚེ། །ཐུགས་ཀྱི་དཔལ་བེའུ་བཀྲ་ཤིས་འགྱུར། །དེ་རིང་ཁྱོད་ལ་བྱིན་བྱས་པས། །ཐམས་ཅད་མཁྱེན་པའི་དབང་ཐོབ་ཤོག །ཐུགས་དཔལ་བེའུ་བཀྲ་ཤིས་པས། །ཐམས་ཅད་མཁྱེན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་པ་ཕྱག་ཞབས་ཙཀྲའི་དབང་ནི། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒལ་བའི་དུས་སུ་བཀྲ་ཤིས་པའི་རྟགས་བརྒྱད་བྱུང་སྟེ། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་བཀྲ་ཤིས་པ། དེ་བཞིན་དུ་མིང་འདི་ཞེས་བྱ་བ་ལ་འཁོར་ལོས་དབང་བསྐུར་བས། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་བཀྲ་ཤིས་པར་གྱུར་ཅིག །འཁོར་ལོས་བཀྲ་ཤིས་ཕྱག་དང་ཞབས་མཐིལ་ལ། །སྐྱོབས་པའི་སངས་རྒྱས་འདྲེན་པ་ལྷའི་ལྷ། །ཉོན་མོངས་སེམས་ཅན་སྨན་པའི་གསོས། །ཕྱག་ཞབས་འཁོར་ལོས་བཀྲ་ཤིས་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟགས་དང་ལྡན། །སྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཕྱག་ཞབས་མཐིལ་ལ་མངོན་པར་གསལ་བར་སྟོན། །འདི་ནི་འཁོར་ལོ་དབང་གི་བཀྲ་ཤིས་ལེའུ་སྟེ་གྱ་བདུན་པའོ། །སྟོན་ལ་བདུད་ཀྱི་བསྡོས་པའི་ཚེ། །ཕྱག་ཞབས་འཁོར་ལོས་བཀྲ་ཤིས་འགྱུར། །དེ་རིང་ཁྱོད་ལ་བྱིན་རླབས་པས། །འཁོར་ལོ་བསྐོར་བའི་དབང་ཐོབ་ཤོག །ཕྱག་ཞབས་འཁོར་ལོས་བཀྲ་ཤིས་པ། །འཁོར་ལོ་བསྐོར་བའི་དབང་རྣམས་ཐོབ་པར་གྱུར་ཅིག །བཅུ་གཅིག་པ་ལྗག་པདྨའི་དབང་། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་བརྒལ་བའི་དུས་སུ། བཀྲ་ཤིས་ཀྱི་རྟགས་བརྒྱད་འབྱུང་སྟེ། ལྗག་པདྨར་བཀྲ་ཤིས་པ་དེ་བཞིན་དུ། པདྨས་དབང་བསྐུར་བས། མིང་འདི་ཞེས་བྱ་བས་ལྗག་པདྨར་བཀྲ་ཤིས་པར་གྱུར་ཅིག །གསུང་མཆོག་པདྨ་ཆོས་ཀྱི་རྒྱལ། །ཉོན་མོངས་མ་གོས་པདྨའི་གསུང་། །ཐམས་ཅད་སྒྲོལ་བའི་གསུང་ལགས་སྟེ། །ལྗགས་མཆོག་པདྨར་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ལྗགས་ཀྱིས་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་པདྨ་དབང་གི་བཀྲ་ཤིས་ལེའུ་སྟེ་གྱ་བརྒྱད་པའོ། །སྟོན་ལ་བདུད་ཀྱིས་བསྡོས་པའི་ཚེ། །ལྗགས་ཉིད་པདྨར་བཀྲ་ཤིས་འགྱུར། །དེ་རིངས་ཁྱོད་ལ་བྱིན་རླབས་པས། །ཐོགས་པ་མེད་པའི་དབང་ཐོབ་ཤོག །ལྗགས་ཉིད་པདྨའི་བཀྲ་ཤིས་པ། ལྗགས་པད་མའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་གཉིས་པ་སྐུ་རྒྱལ་མཚན་གྱི་དབང་། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་བརྒལ་བའི་དུས་སུ། བཀྲ་ཤིས་ཀྱི་རྟགས་བརྒྱད་བྱུང་སྟེ། སྐུ་རྒྱལ་མཚན་དུ་བཀྲ་ཤིས་པ་དེ་བཞིན་དུ་རྒྱལ་མཚན་གྱིས་དབང་བསྐུར་བས། མིང་འདི་ཞེས་བྱ་བ་སྐུ་རྒྱལ་མཚན་དུ་བཀྲ་ཤིས་པར་གྱུར་ཅིག །མི་ནུབ་རྒྱལ་མཚན་འདྲེན་པའི་སྐུ། །ཐམས་ཅད་བདུད་ཀྱི་སྡེ་བཏུལ་ནས། །དཔུང་བཅོམ་སངས་རྒྱས་སྐུ་བསྟོད་དེ། །སྐུ་མཆོག་སངས་རྒྱས་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །སྡོ་བའི་ཆོས་རྣམས་ཀུན་ལས་ཁྱད་པར་འཕགས། །སྐུ་ཡི་མཆོག་ལ་བརྩོན་པར་གསལ་བར་སྟོན། །འདི་ནི་རྒྱལ་མཚན་དབང་གི་བཀྲ་ཤིས་ཀྱི་ལེའུ་སྟེ་གྱ་དགུ་པའོ། །སྟོན་ལ་བདུད་ཀྱིས་བསྡོས་པའི་ཚེ། །སྐུ་ཉིད་རྒྱལ་མཚན་བཀྲ་ཤིས་འགྱུར། །དི་རིངས་ཁྱོད་ལ་སྦྱིན་པས་བདུད་བཞི་ཕམ་བྱེད་དབང་ཐོབ་ཤོག །སྐུ་ཉིད་རྒྱལ་མཚན་བཀྲ་ཤིས་པ། སྐུ་རྒྱལ་མཚན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་གསུམ་པ་མགུར་བུམ་པའི་དབང་། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱི་བརྒལ་བའི་དུས་སུ། བཀྲ་ཤིས་ཀྱི་རྟགས་བརྒྱད་བྱུང་སྟེ། མགུར་བུམ་པར་བཀྲ་ཤིས་པ་དེ་བཞིན་དུ་བུམ་པས་དབང་བསྐུར་བས། མིང་འདི་ཞེས་བྱ་བ་ལ་མགུར་བུམ་པར་བཀྲ་ཤིས་པར་གྱུར་ཅིག །བཀྲ་ཤིས་བུམ་པ་དམ་པ་འདི། །བཅོམ་ལྡན་འདས་ཀྱི་མགུར་ལགས་སྟེ། །མགུར་མཆོག་བཀྲ་ཤིས་འདི་བྱིན་པས། །བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལ་ཁྱད་པར་འཕགས། །མགུར་གྱིས་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་བུམ་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་དགུ་བཅུ་པའོ། །སྟོན་ལ་བདུད་ཀྱི་བསྡོས་པའི་ཚེ། །མགུར་ཉིད་བུམ་པར་བཀྲ་ཤིས་འགྱུར། །དེ་རིངས་ཁྱོད་ལ་བྱིན་རློབས་བས། །སྙིང་རྗེས་འཛིན་པའི་དབང་ཐོབ་ཤོག །མགུར་གྱི་བུམ་པར་བཀྲ་ཤིས་པ། །མགུར་བུམ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་བཞི་པ་དབུ་སྐྲ་གདུགས་ཀྱི་དབང་། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱི་བརྒལ་བའི་དུས་སུ། བཀྲ་ཤིས་པའི་རྟགས་བརྒྱད་བྱུང་སྟེ། དབུ་སྐྲ་གདུགས་སུ་བཀྲ་ཤིས་པ་དེ་བཞིན་དུ། གདུགས་ཀྱི་དབང་བསྐུར་བས། མིང་འདི་ཞེས་བྱ་བ་དབུ་སྐྲ་གདུགས་སུ་བཀྲ་ཤིས་པར་གྱུར་ཅིག །གདུགས་ཀྱིས་ཚ་བའི་སྡུག་བསྔལ་ཀུན་སེལ་ཏེ། །ཉོན་མོངས་མ་ལུས་ཀུན་ལས་རྒྱལ་བ་དང་། །ཆེ་བའི་ཡོན་ཏན་མ་ལུས་རྒྱས་པ་སྟེ། །ལོག་པའི་ཕྱོགས་རྣམས་ཟིལ་གྱིས་གནོན་པར་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །དབུ་སྐྲའི་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་གདུགས་ཀྱི་དབང་གི་བཀྲ་ཤིས་ལེའུ་སྟེ་གོ་གཅིག་པའོ། །སྟོན་ལ་བདུད་ཀྱི་བསྡོས་པའི་ཚེ། །དབུ་སྐྲ་གདུགས་ཀྱི་བཀྲ་ཤིས་འགྱུར། །དེ་རིངས་ཁྱོད་ལ་བྱིན་རླབས་པས། །གདུང་བ་སེལ་བྱེད་དབང་ཐོབ་ཤོག །དབུ་སྒྲ་གདུགས་ཀྱི་བཀྲ་ཤིས་པ། །དབུ་སྐྲ་གདུགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅོ་ལྔ་པ་ཚེམས་དུང་གི་དབང་། སྔོན་བདུད་ཀྱི་བརྒལ་བའི་དུས་སུ། །བཀྲ་ཤིས་ཀྱི་རྟགས་བརྒྱད་བྱུང་ངོ། །གསུང་དུ་བཀྲ་ཤིས་པ་དེ་བཞིན་དུ། དུང་གི་དབང་བསྐུར་བས། མིང་འདི་ཞེས་བྱ་བས་གསུང་དུང་དུ་བཀྲ་ཤིས་པར་གྱུར་ཅིག །སྙན་པའི་སྒྲ་རྣམས་ཕྱོགས་བཅུར་སྒྲོགས་པ་དང་། མུ་སྟེགས་ལོག་པའི་ཕྱོགས་རྣམས་སྐྲག་པ་དང་། སེམས་ཅན་ཀུན་གྱི་ཤེས་པ་དགྲོལ་བའི་ཕྱིར། །གསུང་མཆོག་དུང་གི་རྒྱལ་པོར་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། གསུང་གི་མཆོག་ལ་མངོན་པར་གསལ་བར་སྟོན། འདི་ནི་གསུང་གི་དབང་གི་བཀྲ་ཤིས་ལེའུ་སྟེ་གོ་གཉིས་པའོ། །སྟོན་ལ་བདུད་ཀྱི་བསྡོས་པའི་ཚེ། །གསུང་ཉིད་དུང་གི་བཀྲ་ཤིས་འགྱུར། །དེ་རེངས་ཁྱོད་ལ་བྱིན་བརླབས་པས། །རྒོལ་བ་དཔའ་སྐུམ་དབང་ཐོབ་ཤོག །གསུང་ཉིད་དུང་གི་བཀྲ་ཤིས་པ། །གསུང་དུང་གི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་དྲུག་པ་ཕྱག་ཞབས་ཉ་ཡིས་བཀྲ་ཤིས་ཀྱི་དབང་། སྔོན་བཅོམ་ལྡན་འདས་ལ་བདུ ད་ཀྱིས་བརྒལ་བའི་དུས་སུ་བཀྲ་ཤིས་ཀྱི་རྟགས་བརྒྱད་བྱུང་སྟེ། ཕྱག་དང་ཞབས་ཀྱི་ཉ་བཀྲ་ཤིས་ཀྱི་ཉར་བཀྲ་ཤིས་པ་དེ་བཞིན་དུ། མིང་འདི་ཞེས་བྱ་བ་ལ་ཉས་དབང་བསྐུར་བས། ཕྱག་དང་ཞབས་ཀྱི་ཉར་བཀྲ་ཤིས་པར་གྱུར་ཅིག །ཕྱག་ཞབས་གཉིས་ཤར་བཀྲ་ཤིས་ཏེ། འཇམ་སྙོམས་ཡིད་འོང་ཀུན་གྱི་དཔལ། ཉོན་མོངས་གནས་ནས་འདྲེན་མཛད་པ། ཉ་ཤ་བཀྲ་ཤིས་ཉར་ནི་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཉ་ཤ་བཞི་ལས་མངོན་པར་གསལ་བར་སྟོན། །འདི་ནི་ཉའི་བཀྲ་ཤིས་དབང་གི་ལེའུ་སྟེ་གོ་གསུམ་པའོ། །སྟོན་ལ་བདུད་ཀྱི་བསྡོད་པའི་ཚེ། །ཉ་བཞི་གསེར་ཉས་བཀྲ་ཤིས་འགྱུར། །དེ་རིངས་ཁྱོད་ལ་བྱིན་རླབས་པས། །འཁོར་བར་ཉམས་ང་མེད་པར་ཤོག །ཉ་བཞི་གསེར་ཉའི་བཀྲ་ཤིས་པ། །བཀྲ་ཤིས་ཉའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་ཤེས་བྱ་ལ་མ་རྨོངས་པའི་དབང་ལ་བདུན་ལས། དང་པོ་རྡོ་རྗེ་རྒྱ་གྲམ་གྱི་དབང་། སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རི་རབ་རིའི་རྩེར་འཁོར་རྣམས་ལ་རྡོ་རྗེ་རྒྱ་གྲམ་གྱི་དབང་བསྐུར་བས། འཕྲིན་ལས་གྲུབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྡོ་རྗེ་རྒྱ་གྲམ་གྱིས་དབང་བསྐུར་བས། ཕྱོགས་བཅུ་ན་སྔགས་འཆང་རྣམས་ཀྱིས་རྟག་ཏུ་བསྲུང་བར་གྱུར་ཅིག །དགོས་དང་སོམ་ཉིད་མེད་པ་ལ། གཙུག་དུ་རྒྱ་གྲམ་དབང་བསྐུར་བས། རྡོ་རྗེ་འཛིན་པ་རྣམས་ཀྱིས་ཀྱང་། །བསྲུངས་བ་མཛད་པ་ཉིད་དུ་ཤོག །འཕྲིན་ལས་ཐོགས་པ་མེད་པ་ཡིས། །བྱ་བ་ནན་ཏན་ཡེ་ཤེས་ལས། །དགོས་པའི་དོན་རྣམས་ཀུན་འགྲུབ་པའི། །འདི་ནི་སྔགས་འཆང་དབང་གི་བཀྲ་ཤིས་ལེའུ་སྟེ་གོ་བཞི་པའོ། །གཉིས་པ་དར་གྱིས་ཅོད་པཎ་ཀྱི་དབང་ནི། སྔོན་རི་རབ་རིའི་རྩེར། དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་ལ་དར་དཔྱངས་ཀྱི་དབང་བསྐུར་བས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་དབང་བྱེད་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དར་དཔྱངས་ཀྱི་དབང་བསྐུར་བས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབང་བསྒྱུར་བ་གྱུར་ཅིག །དར་དཔྱངས་གྱེན་ལ་འཕུར་བ་ནི། ཆོས་ཀྱི་སྐུ་དང་གཉིས་སུ་མེད། །འཕྲེད་དང་འཐུར་གཉིས་སྐུ་གཉིས་སྟེ། །ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་ཐོབ་པར་ཤོག །དམར་པོ་ཡར་འཕུར་ཆོས་ཉིད་གྱེན་དུ་རྟོགས། །སྔོན་པོ་འཕྲེད་འཕུར་འཕྲིན་ལས་རྣམ་བཞི་མཛད། །མཐིང་ཁ་མར་འཕུར་ཀླུ་གདུག་ཟིལ་གྱིས་ནོན། །དར་དཔྱངས་བཀྲ་ཤིས་ལེའུ་སྟེ་གོ་ལྔ་པའོ། གསུམ་པ་མཆོད་པ་ལྔའི་དབང་། །སྔོན་རི་རབ་རིའི་རྩེར། དཔལ་རྣམ་པར་སྣང་མཛད་ཀྱིས། འཁོར་རྣམས་ལ་པུ་ཙ་རྣམ་པ་ལྔའི་དབང་བསྐུར་བས། རྡོ་རྗེ་རྒྱས་ཐེབས་དང་ལས་ཀྱི་ཀར་མའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མཆོད་པ་ལྔའི་རྫས་ཀྱིས་དབང་བསྐུར་བས། །རྡོ་རྗེ་རྒྱལ་ཐེབས་དང་ལས་མཐའ་དག་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཐབས་ཆེན་སྟོབས་ལྡན་མཆོད་ཡོན་དམ་པ་སྟེ། དམིགས་པ་ལྔ་དང་ཏིང་འཛིན་ཆ་སྦྱར་སྟེ། །རྐྱེན་དང་མཚམས་པའི་བཀྲ་ཤིས་ཤོག །དྲི་ཆབ་དྲི་གསུང་མེ་ཏོག་མཛེས་པར་བཀྲམ། །བདུག་སྤོས་ཡིད་ཚིམ་ཨ རྒ་བདུད་རྩིའི་ཆུ། །ལྷ་བཤོས་བྲོ་ལྡན་འོད་གསལ་མར་མེ་སྟེ། །མཆོད་པ་རྣམ་ལྔའི་བཀྲ་ཤིས་ལེའུ་གོ་དྲུག་པའོ། །བཞི་པ་ཀ་ལི་དབང་། སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ། ཉན་པའི་དབང་བསྐུར་བས་ཐེག་པ་མཐའ་དག་ཉན་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཀ་པ་ལིའི་དབང་བསྐུར་བས། གསང་སྔགས་ཀྱི་རྒྱུད་མཐའ་དག་ཉན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གདུང་བའི་སེམས་བསྐྱེད་དད་པའི་ཤུགས་ཕྱུང་ནས། བརྩོན་འགྲུས་ཤུགས་ཀྱི་ཐམས་ཅད་ཐོབ་པ་དང་། དད་པའི་ཤུགས་ཀྱི་ཀུན་ཏུ་ཉན་པ་དང་། །ཤེས་རབ་སྟོབས་ཀྱི་ཐམས་ཅད་ཤེས་པར་ཤོག །ཤེས་རབ་རྒྱ་ཆེ་ཉན་པ་ཕྱོགས་མེད་བྱེད། །བདེ་བར་གཤེགས་པའི་བཀའ་བཞིན་ཡོངས་སུ་སློབ། །སེམས་དང་ཆོས་ཉིད་གཉིས་སུ་མེད་པ་ཡིས། །ཉན་དབང་བཀྲ་ཤིས་ལེའུ་སྟེ་གོ་བདུན་པའོ། །ལྔ་པ་ཆགས་ཤིང་གི་དབང་ནི། སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས། འཁོར་རྣམས་ལ་ཆགས་ཤིང་གིས་དབང་བསྐུར་བས། ཐེག་པ་མཐའ་དག་འཆད་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེ་འཆད་པའི་དབང་བསྐུར་བས། ཐེག་པ་མཐའ་དག་འཆད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་ཆགས་ཤིང་འགྲོ་བ་འདྲེན། །མ་ལུས་གནས་སུ་འདྲེན་པར་བྱེད། །སྐྱེས་མཆོག་སྨན་པའི་རྒྱལ་པོ་སྟེ། །མ་རིག་རྨོངས་པ་འདྲེན་པར་ཤོག །གཏི་མུག་རྨོངས་པ་ཤེས་པ་བསྒྲལ་ནས་ཀྱང་། །མ་རིག་ལོག་པར་རྟོག་པ་གྲོལ་བར་མཛད། །ཐུགས་རྗེ་ཆེ་བས་ཤེས་པའི་རྒྱུད་གྲོལ་བ ། །ཐེག་རྣམས་འཆད་པའི་བཀྲ་ཤིས་ལེའུ་སྟེ་གོ་བརྒྱད་པའོ། །དྲུག་པ་པོ་ཏིའི་དབང་ནི། །སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ། དྷརྨ་པོ་ཏིས་དབང་བསྐུར་བས། ཆོས་ཀྱི་སྒོ་ལ་མཁས་ཤིང་རྟོག་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དྷརྨ་པོ་ཏིས་དབང་བསྐུར་བས། ཆོས་ཀྱི་སྒོ་མོ་ཐམས་ཅད་ལ་མཁས་ཤིང་རྟོགས་པའི་དབང་དམ་པ་ཐོབ་པར་ཅིག །གསུང་རབ་པོ་ཏི་ཆོས་ཀྱི་གཟུགས་རྙན་ཏེ། །ལེགས་པའི་ཡོན་ཏན་མ་ལུས་སྐྱེས་མཛད་པ། །ཐམས་ཅད་ཀུན་གྱི་དབང་པོ་སྒྲོལ་བའི་ཕྱིར། ཆོས་རྣམས་ཐམས་ཅད་འཆད་པའི་དབང་ཐོབ་ཤོག །གསུང་རབ་ཆོས་འཆད་པའི་གླེགས་བཾ་ལ། ཆོས་ཉིད་སྒྲ་སྒྲོགས་ཡིག་གེའི་འཕྲེང་བ་བཀོད། །བློའི་རབ་འབྲིང་ཇི་ལྟར་མཚམས་པར་སྟོན། །དྷརྨའི་བཀྲ་ཤིས་ལེའུ་སྟེ་གོ་དགུ་པའོ། །བདུན་པ་རྡོ་རྗེ་དྲིལ་བུའི་དབང་། སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རྡོ་རྗེ་དང་དྲིལ་བུས་དབང་བསྐུར་བས། ཡེ་ཤེས་ལྔ་དང་ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་སྟེ། ཆོས་ཀྱི་སྐུ་ཐོབ་ནས་འགྲོ་བའི་དོན་བྱེད་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྡོ་རྗེ་དང་དྲིལ་བུས་དབང་བསྐུར་བས། ཡེ་ཤེས་ལྔ་དང་ཆོས་ཉིད་ཀྱི་དོན་རྟོགས་ནས། །ཆོས་ཀྱི་སྐུ་ཐོབ་ནས་འགྲོ་བའི་དོན་བྱེད་པར་གྱུར་ཅིག །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །འདུ་འབྲལ་མེད་པ་ཀུན་གྱི་དབང་མཆོག་སྟེ། །འབྲས་བུའི་སྟོབས་ལྡན་ཕྱག་རྒྱ་ཆེན་པོ་ཡིས། །རྡོ་རྗེ་དྲིལ་བུ་འཆང་བའི་དབང་ཐོབ་ཤོག །རིག་པ་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ། །ཡེ་ཤེས་ལྔ་པོ་རྟགས་ཀྱི་ངོ་བོ་མཆོག །གཡོན་པ་དྲིལ་བུ་གསུང་རབ་རྒྱ་མཚོའི་སྒྲ་ཆེན་སྒྲགས། གསུང་རབས་རྡོར་དྲིལ་བཀྲ་ཤིས་ལེའུ་སྟེ་བརྒྱ་ཐམ་པའོ། །དགུ་པ་མཛེས་པ་བརྒྱན་གྱི་དབང་ལ་དྲུག་ལས། དང་པོ་དབུ་བརྒྱན་གྱི་དབང་ནི། སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིགས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ། རིན་པོ་ཆེའི་དབུ་བ རྒྱན་གྱི་དབང་བསྐུར་བས། ཆོས་ཀྱི་རྒྱལ་སྲིད་ཆེན་པོ་བརྙེས་པའི་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དབུ་བརྒྱན་གྱི་དབང་བསྐུར་བས། ཆོས་ཀྱི་རྒྱལ་སྲིད་ལ་མངའ་མཉེས་པར་གྱུར་ཅིག །མྱ་ངན་འདས་པ་ཐུགས་ཀྱི་དཔལ། །དྲིན་ཅན་དབུ་བརྒྱན་ཆོས་ཀྱི་རྒྱལ། །དབང་དང་བྱིན་རླབས་སྦྱིན་པའི་བྱིན། །ཆོས་ཀྱི་རྒྱལ་སྲིད་བྱེད་པར་ཤོག །རིན་ཆེན་སྣ་ཚོགས་མཛེས་པ་དབུ་བརྒྱན་མཆོག །ལེགས་པ་ཀུན་གྱི་ཆོས་ཀྱི་རྒྱལ་སྲིད་མཐུད། །ཕྱག་རྒྱ་རིགས་ལྔ་མཐུན་དང་ལྡན་བྱེད་པའི། །དབུ་རྒྱན་བཀྲ་ཤིས་ལེའུ་སྟེ་རྒྱ་གཅིག་པའོ། །གཉིས་པ་དབུ་བརྒྱན་གྱི་དབང་། སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་དཔུང་རྒྱན་གྱིས་དབང་བསྐུར་བས། མི་འཇིགས་པ་ལ་མངའ་མཉེས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དཔུང་བརྒྱན་གྱི་དབང་བསྐུར་བས། མི་འཇིགས་པ་བཞི་ལ་མངའ་མཉེས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དཔུང་བརྒྱན་གྱི་དབང་བསྐུར་བས། མི་འཇིགས་པ་བཞི་ལ་མངའ་བརྙེས་པར་གྱུར་ཅིག །མི་འཇིགས་ཕས་ཀྱི་བསྡོ་བ་ཐུབ་པ་དང་། ། མཛེས་པའི་བརྒྱན་མཆོག་ཤེས་པར་ཐོབ་པ་ཡི། །མངའ་མཛེས་ཕུང་པོ་རྟགས་ཀྱི་དམ་པ་སྟེ། །བརྒྱན་མཆོག་དམ་པ་སྟོན་པའི་དབང་ཐོབ་ཤོག །རིན་ཆེན་དཔུང་བརྒྱན་ཤར་བུ་བརྒྱན་གྱིས་བརྒྱན། །ཆོས་ཉིད་དོན་རྟོགས་མཐུན་པ་བསྟན་པའི་ཕྱིར། །དགོངས་པ་ཏིང་ངེ་འཛིན་ལེགས་པར་བསྐུར་བས། དཔུང་བརྒྱན་དབང་གི་བཀྲ་ཤིས་ལེའུ་བརྒྱ་གཉིས་པའོ། །གསུམ་པ་ཞབས་གདུབ་ཀྱི་དབང་། སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས། འཁོར་རྣམས་ལ་ཞབས་གདུབ་ཀྱི་དབང་བསྐུར་བས། སྟོབས་བཅུ་ལ་མངའ་མཉེས་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཞབས་གདུབ་ཀྱི་དབང་བསྐུར་བས། སྟོབས་བཅུ་ལ་མངའ་མཉེས་པར་གྱུར་ཅིག །བརྒྱན་གྱི་བྱེ་བྲག་རྒྱལ་པོའི་ཚུལ། །རྡོ་རྗེ་ཞབས་ཀྱི་ཆས་རབ་འདི། །ཁྱོད་ཀྱི་ཞབས་ལ་དབང་བསྐུར་བས། །འགྲོ་བའི་དོན་ལ་ཆགས་པར་ཤོག །རིན་ཆེན་ཞབས་གདུབ་དམ་པ་འདི། །ལེགས་པར་མཛེས་པའི་ཡོན་ཏན་འདིས། །ཉེས་པ་ལེགས་པའི་དགོངས་པ་འགྲུབ། །ཞབས་དུབ་དབང་གི་བཀྲ་ཤིས་ལེའུ་བརྒྱ་གསུམ་པའོ། བཞི་པ་ཕྱག་གདུབ་ཀྱི་དབང་ནི། སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཕྱག་གདུབ་ཀྱི་དབང་བསྐུར་བས། ཚུལ་འཁྲིམས་རྣམ་པར་དག་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱག་གདུབ་ཀྱི་དབང་བསྐུར་བས། ཚུལ་ཁྲིམས་རྣམ་པར་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སིལ་སྙན་མཛེས་པའི་བརྒྱན་ལགས་པས། །ཡིད་འོང་སྙན་པའི་ཕྱག་གདུབ་འདི། །འབྲས་བུ་ཐོབ་པའི་དབང་མཆོག་སྟེ། འགྲོ་བ་ཡིད་འོང་དབང་མཆོག་ཐོབ་པར་ཤོག །རིན་ཆེན་ཕྱག་གདུབ་དམ་པ་འདི། །ལེགས་པར་མཛེས་པའི་ཡོན་ཏན་གྱིས། ངེས་པར་ལེགས་པའི་དགོངས་པ་འགྲུབ། །ཕྱག་གདུབ་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱ་བཞི་པའོ། །ལྔ་པ་དོ་ཤལ་གྱི་དབང་ནི། སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ། །རིན་པོ་ཆེ་དོ་ཤལ་གྱི་དབང་བསྐུར་བས། ཆེ་བའི་ཡོན་ཏན་རྒྱལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེའི་དོ་ཤལ་གྱིས་དབང་བསྐུར་བས། ལེགས་པའི་ཡོན་ཏན་རྫོགས་ཤིང་མཐར་ཕྱིན་པས། །ཆེ་བའི་ཡོན་ཏན་རྒྱས་པའི་དབང་དམ་པ་ཐོབ་པར་ཅིག །རིན་ཆེན་འཕྲེང་པས་འགྲོ་བའི་རེ་འདོད་བསྐོངས། ཕྲེང་བ་དོ་ཤལ་འགྲོ་བའི་དོན་མཛད་པ། ཡོན་ཏན་ཚངས་པའི་བརྒྱན་མཆོག་དམ་པ་འདི། འབྲས་བུ་ཡིད་བཞིན་བཀྲ་ཤིས་ཐོབ་པར་ཤོག །རིན་ཆེན་འཕྲེང་བའི་དོ་ཤལ་དམ་པ་འདི། །སྐུ་ཡི་བརྒྱན་མཆོག་ཡོན་ཏན་སྐུ་ལ་བརྒྱན། །འཕྲེང་མ་ཆད་ཅིང་རྒྱུན་མ་ཆད་མཛད་པ། །རིན་ཆེན་འཕྲེང་དབང་བཀྲ་ཤིས་ལེའུ་སྟེ་བརྒྱ་ལྔ་པའོ། །དྲུག་པ་དར་གྱི་ཅོད་པཎ་གྱི་དབང་ནི། སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ་དར་གྱི་ཅོད་པཎ་གྱིས་དབང་བསྐུར་བས། །རྡུལ་གྱིས་བག་ཆགས་དང་བྲལ་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དར་གྱི་ཅོད་པཎ་གྱི་དབང་བསྐུར་བས། སྦྱོར་བས་ཁམས་གསུམ་ན་གནས་ན་ཡང་། རྡུལ་གྱི་བག་ཆགས་དང་བྲལ་བར་གྱུར་ཏོ། །བཀྲ་ཤིས་རྟགས་ལྡན་དར་གྱི་ཅོད་པཎ་འདི། །དབང་གི་རང་བཞིན་དམར་པོ་འབར་བ་ཏེ། །དབང་བསྐུར་སྤྱི་བོར་རྟགས་པའི་ཡོན་ཏན་གྱིས། །དབང་གི་བཀྲ་ཤིས་དམ་པ་ཐོབ་པར་ཤོག །ཆོས་ཉིད་དར་དང་འདྲ་བར་མཚུངས་པ་ཡིས། །དོན་དམ་ཉིད་དུ་རྟོགས་པ་མངོན་ཕྱུང་ཞིང་། །འདི་ཉིད་ལེགས་པའི་ཆོས་ཉིད་དོན་རྟོགས་པ། །བྱིན་རླབས་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱ་དྲུག་པའོ། །བཅུ་པ་མིང་གི་དབང་ལ་གཉིས་ལས། དང་པོ་རྒྱུའི་མིང་གི་དབང་ལ། སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རྡོ་རྗེ་མིང་གི་དབང་བསྐུར་བས། རིགས་ངེས་པའི་སྲས་སུ་གྱུར་ནས་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྡོ་རྗེ་མིང་གི་དབང་བསྐུར་བས། མི་འགྱུར་བའི་དབང་ཐོབ་པར་གྱུར་ཅིག །རྡོ་རྗེ་མིང་མཆོག་མཁས་པ་དཔེ་ལ་དྲངས། །ཐུགས་ལས་གསུང་དུ་བྱུང་ནས་རྟགས་པ་འདི། །དག་ཅིང་ཚུལ་དུ་ཁྱེད་ལ་བསྐུར་བ་ཡིས། །ཐམས་ཅད་སྟོན་པའི་དབང་མཆོག་ཐོབ་པར་ཤོག །སྟོན་པ་ཐུགས་རྗེས་ངེས་པའི་མིང་བཏགས་པས། །ཐུགས་ཀྱི་ངང་ནས་ངེས་པའི་སྲས་སུ་མཛད། །རྡོ་རྗེ་མཆོག་གི་གྲལ་ཐོབ་མིང་གི་དབང། །རྡོ་རྗེ་མིང་དབང་བཀྲ་ཤིས་ལེའུ་བརྒྱ་བདུན་པའོ། །གཉིས་པ་འབྲས་བུའི་མིང་གི་དབང་། སྔོན་རི་རབ་རིའི་རྩེར་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ལ་རིགས་བཞིའི་སངས་རྒྱས་ཀྱི་མངོན་པར་ཤེས་པ་ལྔས་དབང་བསྐུར་བས། འབྲས་བུ་རི་རབ་རིའི་རྩེར། རིན་པོ་ཆེའི་ཁང་བུ་འབར་བར་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མངོན་པར་བྱང་ཆུབ་པ་ལྔས་དབང་བསྐུར་བས། འབྲས་བུ་རི་རབ་རིའི་རྩེར་མངོན་པར་སངས་རྒྱས་པར་གྱུར་ཅིག །མངོན་ཤེས་ལྔ་ལྡན་འབྲས་བུ་ས་བཅུ་འདས། ཡི་གེ་འཁོར་ལོ་ཚོགས་ཆེན་ས་ལ་གནས། འབྲས་བུ་དམ་པ་སངས་རྒྱས་ཏེ། ལོངས་སྤྱོད་རྫོགས་པའི་དབང་མཆོག་དམ་པ་ཐོབ་པར་ཤོག །དབང་མཆོག་ཐམས་ཅད་ཡོངས་སུ་རྫོགས་པ་ཡི། །འབྲས་བུ་ཐམས་ཅད་མ་ལུས་ཐོབ་པ་སྟེ། །རྡོ་རྗེ་རྒྱལ་པོའི་དབང་མཆོག་དེར་རྫོགས་པས། །འདི་ནི་ཕྱི་དབང་རྫོགས་པའི་བཀྲ་ཤིས་ལེའུ་སྟེ་བརྒྱ་རྩ་བརྒྱད་པའོ། །ཨབྷི་ཥིཉྩ་ཧཱུཾ། དབང་དོན་རྒྱས་པའི་དབྱེ་བ་ལྟར་སྦྱར་བ་ཡིན་ནོ། །སྤྱིར་ཕྱི་དབང་ལ་བརྒྱ་རྩ་བརྒྱད་ཡོད་དོ། ཀ་སྨད་ཉན་རང་གི་དབང་མ་རྟོགས་སོ། དེ་གཉིས་བཞིའི་དབང་ངོ་། །གཉིས་པ་ནུས་པའི་དབང་ལ་ལྔ་སྟེ། ཉན་དབང་དང་། བསྒྲུབ་དབང་དང་། འཆད་དབང་དང་། འཕྲིནལས་ཀྱི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། དབང་དེ་ལྔའི་ཆོ་ག་ཡང་གོང་དང་མཐུན་ནོ། །གསུམ་པ་གསང་བ་ཟབ་མོའི་དབང་ལ་གསུམ་སྟེ། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབྱེར་མེད་བདེ་བ་ཆེན་པོའི་དབང་ངོ་། །དབང་དེ་གསུམ་གྱི་ཆོ་གའི་དོད་ལ། ལམ་ཁྱེར་བཞི་ནི། ལྷ་ལཾ་ཁྱེར་ལྷ་ཚོགས་སུམ་ཅུ་རྩ་བདུན། །སྙིང་པོ་ལཾ་ཁྱེར་བུདྡྷ་བཻ་རོ་ཙ་ན་ༀ། །ཨ་ཀྵྱོ་བྷྱ་ཧཱུཾ། རཏྣ་སྭབྷ་ཝ་ཏྲཾ། ཨ་མོ་དེ་ཝ་ཧྲི། ཨ་མོ་གྷ་སིད་དྷི་ཨ། ཞེས་བཟླས་སོ། །ཐེག་པ་ལམ་ཁྱེར་ཡོ་གའི་ཐེག་པ། དབང་ལམ་ཁྱེར་ཡོ་གའི་དབང་མཆོག་དྲུག་ཅུ་རྩ་གཉིས་སོ། །དེ་ལ་དབང་ཆགས་པའི་རྟེན་དུ་འདེབས་གཅིག་བྱས་ན། རང་གི་སྙིང་གི་དཀྱིལ་ན་དངས་མ་ཆེན་པོ་ལྔ་གནས་པ་ནི། རང་བཞིན་གྱི་རིགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་གདོད་མ་ནས་གནས་པ་ཡིན་ཏེ། དེ་ལ་རང་གི་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་ཙམ་གཅིག་བསམ། དེ་གསལ་བ་དང་། ནམ་མཁའི་དཀྱིལ་ནས་ཐིལ་པ་ཤར། ཅེས་པས། ཐིག་ལེ་དཀར་པོ་དེ་ཡས་མས་བབས་པས། སྙིང་གི་དཀྱིལ་དུ་དངས་མ་ལྔའི་རིགས་ལྔར་གནས་པ་དང་གཉིས་སུ་མེད་པར་འདྲེས་པ་བསམ། དེ་ནི་དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དོ། །རིགས་ལྔར་གནས་ཤིང་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷར་སྣང་བ་ནི། ཀུན་རྫོབ་ཡེ་ཤེས་སྣང་བ་སྟེ། །དེ་དག་གཉིས་སུ་མེད་པའི་ངང་ལས། བློ་རང་བཞིན་གྱི་གནས་པ་ནི། དབང་ཆགས་པའི་རྟེན་ཡིན་གསུང་ང ོ་། །དེ་ལ་ཡོ་གའི་གགས་སྦྱར་ན། གང་དུ་བསྐུར་བའི་གནས་ནི། ལྷ་བྱ་སྐད་སྙན་ལྗོན་ཤིང་གི་ཚལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། གང་གིས་བསྐུར་བའི་སྟོན་པ་ནི། སློབ་དཔོན་ཆེན་པོ་ཀུན་མ་ཏིས་བསྐུར། གང་ལ་བསྐུར་བའི་ཡུལ་ནི། རྡོ་རྗེ་ཁྱུང་གྲགས་རྩལ་ལ་སོགས་པའོ། །གང་བསྐུར་བའི་དབང་ནི། ཡོ་ག་བཀྲ་ཤིས་དྲུག་ཅུ་རྩ་བཞིའི་དབང་བསྐུར་སྟེ། རྒྱུ་མཚན་ནི་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱིས། བཅོམ་ལྡན་འདས་ཆེ་བའི་ཡོན་ཏན་སྨོས་པའི་ཕྱིར་རོ། །དགོས་པ་ནི་གང་གིས་ཐོབ་པའི་བཀྲ་ཤིས་པར་བྱ་བའི་ཕྱིར་དགོས་པ་ཡོད་དོ། །གསུམ་པ་རྗེས་ནི། ཡོན་དང་མཎྜལ་ཕུལ་ལ། བསྔོ་བ་སྨོན་ལམ་དང་། བཀྲ་ཤིས་བརྗོད། ཚོགས་དང་དགའ་སྟོན་རྒྱ་ཆེན་བྱ། གླུ་གར་དང་། རྩེད་འཕྱོའི་ཉམས་སྐྱངས། རྗེས་ཆོག་ནི། མཆོད་པ་དང་། བསྟོད་པ་ཅི་རིགས་པ་བྱ། བསྔོ་བ་ནི། དེ་ལྟར་བདག་ཉིད་ཆེན་པོ་ཁྱེད་རྣམས་ལ། བསྙེན་ཅིང་སྒྲུབ་པ་དང་ཅི་འབྱོར་བའི། ཡོ་བྱད་རྣམས་ཀྱི་མཆོད་པ་ལ་ཅི་འབྱོར་བའི་མཆོད་པ་གྲངས་ཇི་སྙེད་པ་ཕུལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད། སྒྲིབ་པ་རྣམ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག །བཟོད་གསོལ་ནི། གང་ཡང་བདག་བརྩོད་པའི་དུས་སུ་སྙིགས་མའི་སེམས་ཅན་དུ་གྱུར་ནས། གཞུང་བཞིན་དུ་ཡོ་བྱད་མ་ཚོགས་པ་དང་། མ་འབྱོར་བ་ཅི་མཆིས་པ། དེ་དག་ཐམས་ཅད་བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བཟོད་པ་ཆེན་པོ་མཛད་དུ་གསོལ། གཞན་ཡང་བདག་ཅག་ལས་དང་པོ་པའི་སེམས་ཅན་དུ་གྱུར་བས། ཏིང་འཛིན་ལ་དབང་མ་ཐོབ་ཏེ། ཆོ་གའི་ཡན་ལག་ལ་བྱིང་བ་དང་། རྒོད་པ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དབང་གིས། ཏིང་ངེ་འཛིན་ཉམས་པ་དང་། སྒྲ་ཉམས་པ་དང་། ཟུར་ཉམས་པ་དང་། ཆོ་ག་ཉམས་པ་དེ་དག་ཐམས་ཅད་བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བཟོད་པ་མཛད་དུ་གསོལ། གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་བྱ་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ནི་མགོན་པོས་བཟོད་པར་གསོལ། །རྩོལ་བའི་ནུས་ཕན་མ་མཆིང་ཤིང་། །མ་རྙེད་པ་དང་མ་ཚང་བ་དང་། །འདིར་ནི་བྱ་བ་གང་འགྱིས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། གཤེགས་གསོལ་ནི། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རྟག་ཏུ་གཤེགས་པ་མ་ལགས་ཀྱང་། །སེམས་ཅན་དོན་ལ་དགོངས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་བཛྲ་མུཿ་བཀྲ་ཤིས་བརྗོད་པ་ནི། སྟོན་མཆོག་དམ་པ་ལྷ་མི་མཆོད་འོས་པའི། །ཅེས་སོགས་ཀྱི་བཀྲ་ཤིས་བརྗོད། དཀྱིལ་འཁོར་བསྡུ་བ་སྤྱི་དང་འདྲའོ། །དེ་ནི་ཡོ་གའི་དབང་གི་ཐེམ་སྐས་རྫོགས་སོ། །མངྒལཾ། །ཤུ་བྷཾ།

གཉིས་པ་ནང་དབང་གི་ཆུ་བོ་ལས་སྒྱུ་འཕྲུལ་ཞི་བའི་དབང་གི་ཆོ་ག

གཉིས་པ་ནང་དབང་གི་ཆུ་བོ་ལས། སྒྱུ་འཕྲུལ་ཞི་བའི་དབང་གི་ཆོ་ག་ལགས་སོ། །གཉིས་པ་ནང་དབང་གི་ཆུ་བོ་ལ། བསྐྱེད་པ་མ་ཧཱ་ཡོ་ག་ལ། ནང་དབང་འབྱུང་བའི་ཆུ་བོ་བྱ། ཞེས་གསུངས་པས། གཉིས་སྟེ། ཞི་བའི་དབང་བསྐུར་བ་དབང་། ཁྲོ་བོའི་དབང་བསྐུར་བའོ། །དང་པོ་ལ་གཉིས་སྟེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ལ། རྡོ་རྗེ་ལས་རིམས་ལས། ཚད་ཐིག་དང་། ཚོན་དང་བྲི་བའི་རྣམ་པ་དང་། རབ་གནས་སྦྱིན་བསྲེག་ཅེས་གསུངས་པས་བདུན་སྟེ། དཀྱིལ་འཁོར་གྱི་ཚད་དང་། ཐིག་གདབ་དང་། དཀྱིལ་འཁོར་བྲི་བ་དང་། ཚོན་འགྱེད་པ་དང་། སྐུ་གསུང་ཐུགས་ཀྱི་རྣམ་པ་བགོད་པ་དང་། རབ་གནས་བྱེད་པ་དང་། སྦྱིན་བསྲེག་བྱེད་པའོ། །དང་པོ་ནི། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚད་ལ། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དཀྱིལ་འཁོར་གྱི་ཚད་ལ། སོར་བཞི་དང་འཛུབ་གང་གི་ཚད་དོ། །བུམ་དབང་གི་དཀྱིལ་འཁོར་ཆུང་ཚད་ཁྲུ་གང་དང་། ཁྲུ་བཞི། འབྲིང་ཚད་ལ་ཁྲུ་བཅུ་གཉ ིས་དང་བཅུ་དྲུག །ཆེ་ཚད་ལ། ཁྲུ་ཉི་ཤུ་དང་། ཉི་ཤུ་རྩ་ལྔའོ། །དེ་དག་ཀྱང་གནས་ཁང་ཡངས་དོག་དང་། སྦྱིན་བདག་འབྱོར་བ་ཆེ་ཆུང་གིས་དབང་གིས་ཇི་ལྟར་རིགས་པར་བྱའོ། ཕྱག་ལེན་ལ་སྔར་ལས་དང་བྱ་བས་སྦྱངས་པའི་སྐབས་སུ་བྱ་བ་ཉིད་དོ། །ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚད་ལ། ཆུང་ཚད་བརྒྱང་གྲགས་དང་། འབྲིང་བ་དཔག་ཚད་དང་། རབ་ནམ་མཁའི་དབྱིངས་བསམ་ཡས་པའོ། །དེ་དག་ཀྱང་སློབ་དཔོན་དགོངས་པ་ཟབ་མི་ཟབ་དང་། སློབ་བུ་ལས་དག་ཚབས་ཆེ་ཆུང་གི་དབང་གིས་འཆད་པར་འགྱུར་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པའི་དུས་སུའོ། །གཉིས་པ་ཐིག་ལ་བདུན་ལས། རྒྱུ། ཁ་དོག །གྲངས། མཁེལ་བའི་གྲོགས། ཉེས་དམིགས། རབ་གནས་དང་ལྔ་ནི། ཐིག་ལྟ་གོན་གྱི་སྐབས་སུ་ཟིན་ལ་གདབ་པའི་ཐབས་དང་། གཤེགས་གསོལ་གཉིས། སྐབས་འདིར་སྟོན་པ་ལས། ཐོགས་མར་འདེབས་པའི་ཕྱག་ལེན་ནི། ནང་པར་སྔ་བར་ལངས་ལ། བེ་ཀྲ་ས་མ་ཡཾ་ཞེས་པའི་སྔགས་དང་། འདེགས་པའི་ཕྱག་རྒྱས། མདང་ལྷག་པར་གནས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་ལ་བཏེག་ནས། དེར་བཞུགས་པར་བསྒོམ། འབྲུའི་ཚོམ་བུ་རྣམས་ཀྱང་བསྡུས་ལ། ཚ་ཁང་ལ་སོགས་པ་འགོང་ཡུགས་མི་འགྲོ་བའི་སར་བླུག་ལ། དཀྱིལ་འཁོར་གྱི་ས་གཞི་དྲི་བཟང་པོའི་ཆུས་བྱུག་ཅིང་། ལས་བུམ་གྱི་ཆུས། བསངས་བསྐྲད་བྱས་ལ། དབང་ཕྱུག་ཀུན་བཟང་གི་ཏིང་ངེ་འཛིན་གྱིས། ཡེ་ཤེས་ཀྱི་ཐིག་སྐུད་ཐོག་ནས་ཤར་དུ་འདུག །ཐིག་སྣ་གཟུགས་མའི། སློབ་བུ་ཀུན་ཏུ་བཟང་མོར་བསྐྱེད་ལ། བཛྲ་བཛྲ་ཞེས་གཏད་ཅིང་ནུབ་དུ་འདུག །ཐིག་བྱང་བྱང་ཆུབ་སེམས་ཀྱི་རང་བཞིན་དཀར་བྲེངས་ཀྱིས་བསམ་ལ། ཧོ་དགོངས་སུ་གསོལ། བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ལ་སོགས་པ་ལ། དབང་བསྐུར་བའི་ཆེད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་ལས་ཆེས་གསང་བ། ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་པའི་ཐིག་འདེབས་པས། བདག་ལ་མཐུ་བསྟན་དུ་གསོལ། དབང་བསྐུར་དུ་གསོལ། །བྱིན་གྱིས་བརླབས་དུ་གསོལ། །རྡོ་རྗེ་ཡེ་ཤེས་ཀྱི་ཐིག་གདབ་དུ་གསོལ། ༀ་ཕྱོགས་བཅུ་མ་ལུས་དུས་གསུམ་གྱི། རྒྱལ་བ་སྲས་བཅས་ཐམས་ཅད་ཀུན། ཐིག་གི་སྒྲ་འདིས་རབ་བསྐུལ་ནས། བྱིན་གྱིས་བརླབས་པར་མཛད་དུ་གསོལ། ༀ་བཛྲ་པུ་ཏྲ་ས་མ་ཡ་མ་ཏི་ཀྲ་ཡ་ཧཱུཾ་ཕཊ། སྨིན་འཚམས་སམ། གསང་གནས་ཀྱི་ཐད་ཀར་ཤར་ནུབ་ཀྱི་ཚང་ཐིག་གདབ། །དེ་ནས་ཐིག་འགྲོས་དང་བཅས་པས། སློབ་དཔོན་ལྷོ། །སློབ་མ་བྱང་དུ་ཕྱིན་ལ། ཚིག་བཅད་དང་སྔགས་གོང་ལྟར་གྱིས། ཚང་ཐིག་གཉིས་པ་གདབ། དེ་ནས་སློབ་དཔོན་གྱིས་གཡས་བསྐོར་གྱི་ཤར་ལྷོ་དང་། སློབ་མ་ནུབ་བྱང་དུ་ཕྱིན་ལ་གོང་བཞིན་ཟུར་ཐིག་གདབ། དེ་ནས་སློབ་དཔོན་ལྷོ་ནུབ་དང་། སློབ་མ་བྱང་ཤར་དུ་སོང་ལ་གོང་བཞིན་གདབ། མདུན་གྱིས་ནམ་མཁའ་ལ་ཡེ་ཤེས་ལྔའི་དཀྱིལ་འཁོར་གསལ་བ་བསྒོམ། དེ་ནས་དམ་ཚིག་གི་ཐིག་སྐུད་སྔར་བཞིན་ཐོགས་ལ། ༀ་ཕྱོགས་བཅུ་མ་ལུས་གྱི་སོགས་དང་། ༀ་ས་ཏྭ་ཤོ་དྷ་ནི་ཧཱུཾ་ཕཊ་བརྗོད་ལ། སྔར་བཞིན་ཚངས་ཐིག་ལ་སོགས་གདབ་པས། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་དང་ལྡན་པར་བསམ། དཀྱིལ་འཁོར་ཆེ་ཆུང་གང་ཡིན་གྱི་ཚད་ཅིག་གམ །དྲུག་གམ། བཅུ་གཉིས་སམ། བཅུ་དྲུག་གི་ཆ་དགོས་ལ་ཟུར་ཐིག་ལ་ཆ་ཆེན་བཅུ་གཅིག་ཡོད་པའི་མཚན་མ་བྱས་ལ། མཚན་མའི་ཐོག་དུ་ཐིག་རིང་པོ་ཕྱོགས་བཞི་དཀར་གདབ་པས། ཆ་ཆེན་ཉི་ཤུ་རྩ་གཉིས་པ་གཅིག་གམ། དྲུག་གམ། བཅུ་གཉིས་སམ། བཅུ་དྲུག་འབྱུང་ངོ་། །དེ་ལ་ཆ་བྲན་གདབ་པ་ནི། དང་པོ་དང་དྲུག་པ་ལ་ཕྱེད་དུ་གདབ་ཅིང་། དེའི་ཕྱི་མ་ལའང་ཕྱེད་དུ་གདབ། གཉིས་པ་དང་བདུན་པ་ཆ་བྲན་བཞི་བཞི་མཉམ་པོར་གདབ། གསུམ་པ་དང་དགུ་པ་ཕྱི་དང་ནང་གི་ཆ་བྲན་རེ་རེ་གདབ། བཞི་པ་དང་བཅུ་པ་ཕྱེད་ཕྱེད་དུ་གདབ། ལྔ་པ་དང་བརྒྱད་པ་དབུས་དོར་ལ་མཐའ་གཉིས་སུ་ཆ་བྲན་རེ་རེ་གདབ། ཆ་ཆེན་བཅུ་གཅིག་པ་ནི་མི་གདག་སྟེ། རྡོ་རྗེ་གདུང་གི་པའོ། །དཀྱིལ་འཁོར་ལ་གདབ་པའི་ཐིག་རབ་གནས་དང་ལྡན་པ་དེ་ལ། འགོང་ན་བདེ་བར་གཤེགས་པ་ལ་བསྐུར་བཏབ་པར་འགྱུར་བས། མི་འགོང་བར་བྱ་བའི་དོན་དུ། ཧྲིཿ ཞེས་པའི་སྒྲ་རིངས་པོར་བརྗོད་ཅིང་། དཀྱིལ་འཁོར་གྱི་ཐིག་བློས་ནམ་མཁའ་ལ་བསྟེག་ནས། ཡེ་ཤེས་ཀྱི་ཐིག་དམ་ཚིག་གི་ཐིག་སྐུད་ལ། གཉིས་མེད་དུ་བསྲེས་པ་དེ་ཀུན་བཟང་། ཞབས་བསིལ་བཞི་བསྣོལ་གྱིས་མཆོད། དམ་ཚིག་གི་ཕྱག་རྒྱ་བཅས་ལ། ༀ་བཛྲ་མུཿཞེ་ཐིག་བསྐུད་གཉིས་ཀྱི་བྱིན་བརླབས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། དེ་ནས་མུ་ཁྱུད་བསྐོར་བ་ནི། ལྟེ་བ་ནས་ཚངས་ཐིག་གི་རྒྱུད་ལ་ཆ་བྲན་དྲུག་པ་ནས་བཀོར་བ་ལྟེ་བའི་མུ་ཁྱུད་ནང་མ་བདུན་པ་ནས་བསྐོར་བ། མུ་ཁྱུད་ཕྱི་མ་ཆ་བྲན་བཅུ་བཞི་ནས་བསྐོར་བ། འཁོར་ལོ་རྩིབས་བཞི་མུ་ཁྱུད་ནང་ལ་བཅོ་ལྔས་བསྐོར་བ། མུ་ཁྱུད་ཕྱི་གདུགས་ཐོག་གི་རྩེ་ནས། པད་འདབ་ཀྱི་རྭ་བས་བསྐོར། ཆ་ཆེན་བཅུ་པའི་ཕྱེད་ནས་བསྐོར་བ་རྡོ་རྗེའི་ར་བ། ཕྱེད་ཕན་ཆད་མེ་རི། དེ་ནི་ཞི་བའི་དཀྱིལ་འཁོར་བསྡུས་པའི་ཐིག་གོ ཞི་བའི་དཀྱིལ་འཁོར་འབྲིང་པོ་ནི། ཆ་བྲན་ལྔ་པ་དང་དྲུག་པ་ནས་ལྟེ་བ་བསྐོར། བཅུ་གཅིག་པ་དང་བཅུ་གཉིས་པ་ནས་འཁོར་ལོ་བསྐོར། ཆ་ཆེན་བདུན་པའི་ཐོག་ནས་གླང་གུར་དང་རྡོ་རྗེ་བསྐོར། གཞན་གོང་དང་འདྲ་བོ། །དཀྱིལ་འཁོར་བརྒྱན་པ་ལ་ལྟེ་བ་དང་རྩིབས་བཞི་བསྐོར་ལུགས་གོང་ལྟར་ལ། ལྟེ་བའི་དབུས་སུ་འཁོར་ལོ་རྩིབས་བཞི་བསྐོར་ཤར་རྩིབས་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞི་དང་། ལྷོའི་རྩིབས་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞི། ནུབ་རྩིབས་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞི། བྱང་རྩིབས་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞིས་བསྐོར། གླང་གུར་དང་། རྡོ་རྗེ་དང་། པདྨ། རྡོ་ར། མེ་རི་རྣམས་གོང་དང་མཚུངས་སོ། །ཞི་བའི་ཚོམ་བུ་གཅིག་གསུམ་ལྔ་པའི་དཀྱིལ་འཁོར་བྲི་ནའང་། དཀྱིལ་འཁོར་བརྒྱས་འབྲིང་བསྡུས་གསུམ་དང་། རིམ་པ་ལྟར་མཚུངས་སོ། །གསུམ་པ་བྲི་བ་ནི། དབང་ཕྱུག་རྒྱས་པའི་ཆས་སུ་ཞུགས་སྟེ། སྔར་རབ་གནས་བྱས་པའི་ཚོན་རྣམས་ནི། དཀྱིལ་འཁོར་གྱི་སྟེང་དུ་ཉེར་སྔོགས་བྱས་ལ། ཞལ་ཤར་དུ་ཕྱོགས་པས། འགྱིང་བུར་སྟོན་ལ་ཕྱག་གཡས་པའི་སོར་མོ་ལྔ་ལ། ཉི་མ་ལ་གནས་པའི་དཔའ་བོ་འབྲུ་ལྔ་བསམ་ནས། ཨཱོཾ་སརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ། སྔགས་བཟླས་ལ། ཡིག་འབྲུ་རྣམས་དང་ཚོན་རྩི་བསྲེས། དེ་ནས་མཐེབ་འཛུབ་ཀྱི་ཚོན་སྔོན་པོ་འཛིན་ལ། ཧཱུཾ་འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་བསྒྲལ་ཕྱིར། རིམ་པ་དང་པོར་ཡང་དག་ལྡན། །དངོས་གྲུབ་དམ་པ་རྩལ་དུ་གསོལ། བརྗོད་ལ། དབུས་བསྐོར་ཕུར་གྱི་ཤུལ་དུ་ཅུང་ཞིང་བླག །དེ་ནས་རྩིག་པའི་བྱ ང་ཤར་གྱི་འཚམས་སུ་རེ་ཁ་སྔོན་པོ་འཛུབ་གང་པ་གཅིག་ལེགས་པར་བྲི། དེའི་ལྷག་མ་སླར་དབུས་ཀྱི་ཁུང་བུར་བླུག །འོག་མ་ཀུན་གྱི་ཕྱག་ལེན་དེས་འདྲེ། ཚོན་དཀར་པོ་འཛིན་ལ། ༀ་འདི་ནི་མེ་ལོང་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་བསྒྲལ་ཕྱིར། །རིམ་པ་གཉིས་པར་ཡང་དག་ལྡན། །དངོས་གྲུབ་དམ་པ་སྩལ་དུ་གསོལ། རེ་ཁ་དཀར་པོ་བྲི། ཚོན་དམར་པོ་འཛིན་ལ། ཨ་འདི་ནི་སོར་རྟོགས་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་བསྒྲལ་ཕྱིར། །རིམ་པ་གསུམ་པར་ཡང་དག་ལྡན། །དངོས་གྲུབ་དམ་པ་སྩལ་དུ་གསོལ། རེ་ཁ་དམར་པོ་འབྲི། སེར་པོ་འཛིན་ལ། སྭ་འདི་ནི་མཉམ་ཉིད་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་བསྒྲལ་ཕྱིར། །རིམ་པ་བཞི་པར་ཡང་དག་ལྡན། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །རེ་ཁ་སེར་པོ་བྲི། ཚོན་ལྗང་ཁུ་འཛིན་ལ། ཧ་འདི་ནི་བྱ་གྲུབ་དག་བ་སྟེ། སེམས་ཅན་ཁམས་རྣམས་རབ་བསྒྲལ་ཕྱིར། །རིམ་པ་ལྔ་པར་ཡང་དག་ལྡན། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །བརྗོད་པས་བྱང་ཤར་མཚམས་སུ་རེ་ཁ་ལྗང་ཁུ་བྲི། ཕུད་ལྷག་དབུས་ཀྱི་ཁུང་བུར་སླུག་ལ་ཁམ་ལྔ་དག་པར་བྱ་བའི་དོན་དུ་འབྱུང་བ་རིམ་བརྩེགས་བསྒོམ། དོན་ལ་ཡེ་ཤེས་ལྔ་ཚོན་པའི་རྟགས་རིན་པོ་ཆེ་ལྔ་ལས་གྲུབ་པའི་རི་རབ་ཏུ་བསྒོམ། རི་རབ་དེའི་སྟེང་དུ་གཞལ་ཡས་ཁང་བཞེངས་པར་བསམ་ལ། ཀ་པ་ལས་བཀབ་ལ། ཐོག་མ་སོང་པར་བྱ་སྟེ། ཕྱིས་བན་རག་འདྲེན་པའི་དུས་སུ་སྤྲ་བརྟག་ཅིང་། འཚམས་སྦྱར་བའི་དོན་དུའོ། །དེ་ནས་ཞལ་ལུང་ཐོབ་པའི་སློབ་བུ་རྣམས་ཀྱི་ལག་སོར་ལྔ་ལ། ཉི་མ་ལ་གནས་པའི་དཔའ་བོ་འབྲུ་ལྔས་བསྐོར་ལ། རེ་ཁ་བྲིས་སྟེ། དབུས་སུ་འཁོར་ལོ་རྩིབས་བཞི་གྲུ་ཆད་རྩིགས་པ་མུན་པ། འདོད་རྣམ། ཀ་བ། ཀ་བརྒྱན། ཕ་གུ། དྲ་བ། ཤར་བུ། མདའ་ཡབ། གླང་གུར། རྟ་བབས་བང་རིམ་བཞི། པདྨ། ཆོས་འཁོར། གདུགས། རི་དགས། ཆུ་སྲིན་ཁ་ནས་རྡོ་ར། པད་གུར། རྡོ་རྗེ། མེ་རི་རྣམས་ལེགས་པར་བྲིའོ། །དཀྱིལ་འཁོར་འབྲིང་པོ་ལ། གཞན་རྣམས་གོང་དང་འདྲ་བ་ལ། ལྷ་རྣམས་ཀྱི་དཀྱིལ་དུ། གློ་འབུར་བཞི་བྲིའོ། །དཀྱིལ་འཁོར་བརྒྱས་པ་ལ་གཞན་རྣམས་དཀྱིལ་འཁོར་འབྲིང་པོ་དང་མཚུངས་ལ། དབུས་ཀྱི་ལྟེ་བའི་དཀྱིལ་འཁོར་ལོ་རྩིིིབས་བཞི། ཤར་རྩིབས་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞི། ལྷོ་རྩིབས་དབུས་སུ། འཁོར་ལོ་རྩིབས་བཞི། ནུབ་རྩིབས་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞི། བྱང་རྩིབས་ཀྱི་དབུས་སུ། འཁོར་ལོ་རྩིབས་བཞི་བྲིའོ། ཚོམ་བུ་གཅིག་པ་དཀྱིལ་འཁོར་བསྡུས་པ་དང་མཚུངས་ལ། ཚོམ་བུ་གཉིས་པ་ལ། གཞན་དཀྱིལ་འཁོར་འབྲིང་པོ་དང་མཚུངས་ལ། དབུས་ཀྱི་ལྟེ་བར་འཁོར་ལོ་རྩིབས་བཞི། ཤར་རྩིབས་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞི། ནུབ་རྩིབས་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞི་བྲིའོ། །ཚོམ་བུ་ལྔ་པ་ལ་གཞན་ཚོམ་བུ་གསུམ་པ་དང་མཚུངས་ལ། ལྷོ་རྩིབས་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞི། བྱང་རྩིབས་ཀྱི་དབུས་སུ་འཁོར་ལོ་རྩིབས་བཞི་བྲིའོ། །བཞི་པ་ཚོན་ནི་དབུས་ཀྱི་ལྟེ་བ་ནི་མཐིང་ཁའོ། །ལྟེ་བའི་མུ་ཁྱུད་ནི་འོད་ཟེར་རོ། །འཁོར་ལོ་རྩིབས་བཞི་ནི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་ཁུ་སྟེ་རིགས་ལྔ་ཡབ་ཡུམ་གྱི་གནས་སོ། གོང་རས་བཞི་ནི་ཤར་ལྷོ་ནས་གཡས་བསྐོར་ཀྱི་འཁོར་ལོའི་ཁ་དོག་དང་མཚུངས་པས་སྟེ། ཁ་དོག་རེ་རེ་ལ་ལྔ་ལྔ་གསུངས་པས་རིགས་མཐུན་ལ། ཚོན་ཚུལ་མ་འདྲེས་པར་འགྱེད་དོ། །ནང་སེམས་དཔའ་ཡབ་ཡུམ་གྱིས་པའོ། །འཁོར་ལོ་ཕྱིའི་མུ་ཁྱུད་ནི་ནག་པོའོ། །གྲུ་ཆད་ནི་ཕྱེད་མའི་ཁ་དོག་ཅན་སྟེ། ཕྱི་སེམས་དཔའ་ཡབ་ཡུམ་གྱི་པའོ། །དེ་བཞིན་དུ་བར་འཁྱམས་སྒོ་དང་བཅས་པ་ནི་རིགས་ཀྱི་ཁ་དོག་སྟེ། ཤར་དཀར། ལྷོ་གསེར། ནུབ་དམར། བྱང་ལྗང་པའོ། །བློ་བུར་བཞི་ནི། དོན་ལྷག་པའི་ཡེ་ཤེས་ཚོན་པའི་རྟགས། ལྷ་མེད་པའི་ཁང་སྟོང་བཞི་སྟེ་རིགས་ཀྱི་ཁ་དོག་ཅན་ནོ། །བར་འཁྱམས་ནི་ཀུན་བཟང་ཡབ་ཡུམ་དང་། ཐུབ་པ་དྲུག་གི་པའོ། །རྩིབས་པ་ནི། ཚོན་སྤྲ་ལ་བཀབ་པ་ཀ་པ་ལ་གསལ་ལ། སྤྲ་རྟགས་སྟེ། རེ་ཁ་ལྔས་འཚམས་སྦྱར་ལ་དྲངས་པའོ། །མུན་པ་དང་གླང་རྒྱབ་ནག་པའོ། །འདོད་རྣམས་དམར་པོ། ཀ་བ་ཕྱོགས་མདོག །ཀ་བརྒྱན་དེ་ལས་མདོག །ཕ་གུ་སེར། དྲ་གདན་ནག་ལ་དྲ་བ་དམར་པོ་དང་དཀར་པོ། ཤར་བུའི་བ་དན་དམར་པོ་ལ་ཤར་བུ་དངུལ་དམ་ཁ་ཐུར་དུ་བསྟན་པ་ལྟ་བུའི་དཀར་པོ་བྱེེད། མདའ་ཡབ་བཞི་ནག་པོ། མདའ་ཡབ་མཆོད་རྟེན་དཀར་པོ་སྒྲིགས། རྟ་བབས་སྣམ་བུ་བཞི་ལ་གཉིས་གཉིས་སུ་བྱས་ཏེ་བརྒྱད་ནི། རྟ་རྐང་ཆུས་སྐྱེས། ཕ་གུ། རིན་ཆེན་སྒྲོམ་བུ་རྣམས་འཕྱང་ཡེེས་བྱ་སྟེ་ཟ་ར་ཚ་སེང་གེ་རིན་ཆེན་ཤར་བུ། འཕྲེང་བ་དང་བརྒྱད་པོ་མས་རིམ་ཀྱི་བརྩེགས་ལ་ཅི་ལྟར་མཛེས་པར་བྲིའོ། །ཡང་ན། རྟ་བབས་བང་རིམ་བཞི། པདྨ་དང་ལྔ། རྩིགས་པ་དང་མཚུངས་པར་བྲིས། ཆོས་འཁོར་དང་རི་དྭགས་གསེར་པོ། གདུགས་ཀྱི་ཤམ་དམར་པོ། ཐོག་དཀར་པོ། ཏོག་གསེར་པོ། ཆུ་སྲིན་གྱི་ཁ་ནས་ཕྱུང་པའི་རྡོ་རྗེ་རྩེ་གསུམ་པ་ཕྱོགས་མདོག པད་བསྐོར་ནི་སྣ་ཚོགས། རྡོ་རྗེའི་ར་བ་སྔོན་པོའི་གསེར་པོ། མེ་རི་སྣ་ཚོགས་སུ་ཚོན་ལེགས་པར་འགྱེད། འདི་ནི་དཀྱིལ་འཁོར་འབྲིང་པོའི་ལུགས་སོ། །དཀྱིལ་འཁོར་བསྡུས་པ་ལ། འཁོར་ལོ་རྩིབས་བཞི་གསེར་པོ། རྩིབས་འཆན་སྔོན་པོ། གཞན་འདྲའོ། །ཚོམ་བུ་གཅིག་པ་ཡང་དཀྱིལ་འཁོར་བསྡུས་པ་དང་མཚུངས་སོ། །དཀྱིལ་འཁོར་བརྒྱས་པ་དང་། ཚོམ་བུ་གསུམ་པ་དང་། ཚོམ་བུ་ལྔ་པ་རྣམས་འཁོར་ལོ་རྩིབས་བཞི། ལྟེ་བ་དང་ལྔ་སྔོན་པོ་ལ། དེའི་སྟེང་གི་འཁོར་ལོ་རྩིབས་བཞི། ལྟེ་བ་ལྔ་སེར་པོ། རྩིབས་མཆན་དམར་པོ། གཞན་རྣམས་གོང་དང་འདྲའོ། །དེ་ལྟར་འགྱེད་པའི་དུས་སུ། འཐུག་ན་འཛེ་འབྱུང་། བསྲབ་ན་ལོངས་སྤྱོད་མི་འབྱུང་། ཚོན་ཐལ་ཤོར་ན་དལ་ཡམས་འབྱུང་། གསུང་པས་ལྡན་པར་བྲིའོ། །དེ་ནས་ཞལ་བསྲོས་ཀྱི་མཆོད་པ་བཤམས་ལ། དཀྱིལ་འཁོར་བྲིས་པ་ལ་ལྷག་མོ་སྦྱངས། མ་ཚང་བ་ཁ་བཀང་། མདུན་གྱི་ནམ་མཁའ་ཡི་ལྟ་གོན་གྱི་ལྷ་ཚོགས་དང་། ཐིག་གི་ལྷ་ཚོགས་རྣམས་བརྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟིམ། ཀུན་བཟང། ཞབས་བསིལ། བཞི་བསྣོལ་གྱི་སྔགས་ཀྱིས་མཆོད་དོ། །དམ་ཚིག་གི་ཕྱག་རྒྱས་བཛྲ་མུ། ཞེས་བརྗོད་ལ་ཚོན་གྱི་རབ་གནས་རང་བཞིན་གྱི་གནས་སུ་གཤེགས། རྡུལ་ཚོན་ལྷག་མ་རྣམས་སྣོད་སོར་སོར་སླུག་གོ །ལྔ་པ་རྣམ་པར་བགོད་པ་ནི། ཐོག་མར་ཚུལ་ཕྱག་བྱས་ལ། དེ་ནས་ཕྱི་འཚམས་བཅད་དེ། ཀུན་ལངས་ལ། རྡོ་རྗེ་ཐུགས་ཁར་ཟུང་། མི་རྟོགས་པའི་ངང་ལས། ཐུགས་ཁར་ཧཱུཾ་བསམ། སྤ་ར་སང་གི་སྤྲོ་བསྡུས། རྡོ་རྗེ་རྩེ་ལྔ་པར་གྱུར། དེ་ཡང་འཕྲོས་འདུས་པ་ལས། ༀ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཅེས་བརྗོད་པས། བདག་བདུད་རྩིད་འཁྱིལ་པ་སྐུ་མདོག་ལྗང་ཁུ། སྣ་ཚོགས་རྡོ་རྗེ་རྩེ་གསུམ་པ་གཅིག་བསྣམས་པ་གཅིག་ཏུ་བསྐྱེད་ལ། ཧཱུཾ་ཡང་དག་གསང་བའི་དཀྱིལ་འཁོར་འདིར། གསང་བའི་དམ་ཅན་སོ་སོ་ནས། འདུལ་བའི་ལས་ནི་མ་རྟོགས་པ། ཐམས་ཅད་ཐུགས་རྗེས་བསྐང་ཟིན་གྱིས། ད་ལྟ་ཉིད་དུ་སོ་སོར་དེངས། ཅི་སྟེ་བཀའ་ལས་འདའ་གྱུར་ན། རྡོ་རྗེ་མཚོན་ཆེན་འབར་བ་ཡིས། དེ་མ་ཐག་དུ་བཀས་ནས་ཤོག །ༀ་ན་མ་ས་མནྟ་ཀ་ཡ་ཝ་ག་ཙིཏྟ་ཏིཥྛ་བཛྲ་ནན། ན་མོ་བཛྲ་ཀྲ་ོདྷ་ཡཱ། མ་ཧཱ་དྷ་དྷོད་ཨི་ཏ་ཀ་བྷེ་ར། ཨ་སི་མུ་ལ་ས་ར་ཤུ་པ་ཤ་ཧ་ཏ་ཡ། ༀ་ཨ་མྲྀ་ཏ་ཀུན་ཊ་ལི། ཁ་ཁ། ཁཱ་ཧི་ཁཱ་ཧི་ཏཥྛི་ཏིཥྛ། བྷན་དྷ་བྷན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། ཕོ་ཊ་ཕོ་ཊ་ཡ། བི་ཕོ་ཊ་ཡ། བི་ཕོ་ཊ་ཡ། སརྦ་བིག་ནན་བ་ིན་ཡཀྵ། གྷ་དྷ་པན་ཙི་ཏ། ཨ་དྷ་ཀ་ར་ཡ་ཧཱུཾ་ཕཊ། གནོད་བྱེད་ཐམས་ཅད་མ་ར་ཡ་ཧཱུཾ་ཕཊཿཅེས་བརྗོད་པས། རང་འདྲ་བའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ནས། བགེགས་རྣམས་ཐམས་ཅད་བསྐྲད་པར་བསམ་མོ། །ཧཱུཾ་ཞེས་པས་ཁྲོ་བོའི་གུར་དུ་གྱུར་པ་བསམ། རཾ་ཞེས་པས། དེ་ལས་མེ་འབར་བས། མེ་གུར་དུ་གྱུར་ནས། བསྐལ་པའི་རླུང་གིས་ཀྱང་མི་ཚུགས་པར་བསམ་མོ། །དབང་ཕྱུག་ཀུན་བཟངས་སུ་གསལ་བའི་ཐུགས་ཁ་ནས། ཨེ་ཡཾ། རཾ། བཾ། ལཾ་གྱི་ཡིག་འབྲུ་མས་རིམ་གྱིས་སྤྲོས་པས། སྤ་ར་སང་གི་སྤྲོ་བསྡུས། འབྱུང་བ་རང་ཁ་མའི་རྟོགས་པ་སྦྱངས་ནས། ཁཾ་ལྔ་རྣམ་པར་དག་པའི་འབྱུང་བ་རིམ་བརྩེགས་གསལ་གདབ། སླར་ཡང་། བྷྲུཾ་གྱི་སྤྲོ་བསྡུས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དེ་ཉིད། ལྷག་པ་ཏིང་ངེ་འཛིན་གྱི་བརྟེན་གཞལ་ཡས་ཁང་གསལ་གདབ་ལ། དེ་ལས་བརྟན་པ་ལྷ་བགོད་པ་ནི། རྩ་རྒྱུད་ཀྱི་ལེའུ་དགུ་པ་ལས། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་འགོད། ཅེས་གསུངས་པ་ལས། སྐུ་ཙཀྐ་ལི། ཐུགས་ཕྱག་མཚན། གསུང་ཡིག་འབྲུ་ཡང་རུང་མོད་ཀྱི། འགྲུབ་ན་གསེར་དངུལ་ཟངས་ལྕགས་ལ། བླུགས་སུ་བླུག་པའམ། ཤིང་ངམ། བ་སོ་ལ་སོགས་པ་བསྐོས་པའམ། རིན་པོ་ཆེའི་ཆེ་མ་དང་། སྤོས་དྲི་ལ་སོགས་པའི་ལྡེ་གུ་འམ། རས་སམ། ཤུ་གུ་ལ་བྲིས་སུ་བྲིས་པའང་རུང་སྟེ། གཟུངས་དང་ལྡན་པའི་ལྷས་སྐུ་རྣམས་དབང་ཕྱུག་གི་ཕྱག་ཏུ་བསྣམས་ལ། ཧཱུཾ་བཛྲ་དྷྲིག་མུཾ་ད་དུ་ཤྭ་རི་ཞེས་བརྗོད་ཅིང་། མི་སྐྱོད་པ་ཡབ་ཡུམ་ཀྱི་སྐུ། དཀྱིལ་འཁོར་ཀྱི་དབུས་ཀྱི་ལྟེ་བ་ལ་བཀོད་པས། སྐུ་གཟི་མདངས་དང་ལྡན་ཞིང་། འོད་དང་བཅས་པར་བསམ་མོ། །དེའི་སྟེང་དུ་མན་བྱ་ལི་དབུས་ཀྱི་བུམ་པའང་འགོད་དོ། །དེ་བཞིན་དུ་ༀ་ཛི་ན་ཛིག་ལ་སོགས་པས། ལྷ་བཞི་བཅུ་རྩ་གཉིས་པོ་ཐམས་ཅད་རིམ་པ་བཞིན་རང་རང་གི་གནས་སུ་རྫོགས་པར་འགོད་དོ། །བུམ་པ་རྣམས་ཀྱང་ལྷ་གྲངས་དང་མཉམ་པ་ཡོད་ན། ཐད་སོ་ནས་ཐད་སོར་དགོད་པའམ། རིགས་བསྡུས་པ་ཡིན་ན། ཕྱོགས་བཞིའི་ལྷ་རྣམས་ཀྱི་སྟེང་དུ་དགོད་དོ། །དེ་ཡང་དབུས་ཀྱི་ལྷའི་ཞལ་དང་། བུམ་པའི་མཆུ་ནི་ཤར་དུ་བསྟན་ནོ། །གཞན་རྣམས་ནི་གཙོ་བོ་ལ། མངོན་པར་ཕྱོགས་སྟེ། འོན་ཀྱང་སྒོ་བ་ནི་ཞལ་ཕྱིར་བསྟན་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་དབང་ཕྱུག་གི་གཡས་ཕྱོགས་སུ་དགོད་དོ། །རྡོ་རྗེ་རྣམས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ། དྲིལ་བུ་རྣམས་བྱང་ཕྱོགས་སུ་དགོད་དོ། །ཡི་དམ་གྱི་མཆོད་གཏོར་ལྷོ་ནུབ་ཏུ། མ་མགོན་གྱི་བྱང་ཤར་དགོད། དགེ་བསྙེན་གྱི་ཤར་ལྷོ་དང་། བཙན་གྱི་ནུབ་བྱང་དུ་འོ། །སྨན་རག་གཟེད་ཞལ་དང་བཅས་པ་ཤར་དུའོ། །བཞི་བ སྣོལ་གཟེད་ཞལ་དང་བཅས་པ་ནུབ་ཏུའོ། །གཞན་ཡང་དབུ་བརྒྱན་ལ་སོགས་པ། ཕན་དབང་གི་དབང་རྫས་དང་། ཀ་པ་ལི་ལ་སོག་པ་ནུབ་དབང་གི་དབང་རྫས་དང་། གཞན་ཡང་། རྩ་རྒྱུད་ལེའུ་དགུ་པ་ལས། བཅོས་བུའི་རས་ནི་སྣ་ཚོགས་དང་། བརྒྱན་འཕྲེང་གཏུང་དང་བྲོ་བས་བསྐོར། ཞེས་གསུངས་པས། གནམ་རྒྱན། ས་བརྒྱན། བར་བརྒྱན་ལ་སོགས་པ་དང་མཆོད་པའི་བྱེ་བྲག་ཇི་ལྟར་འབྱོར་པ་ཕུན་སུམ་ཚོགས་པར་བྱ། མདོར་ན་གོང་སྟ་གོན་གྱི་སྐབས་སུ་བཀོད་པའི་མཆོད་གཏོར། བརྒྱན་ཆ། རྟེན་རྫས། འདའ། རལ་གྲི་ལ་སོགས་པ་ལེགས་པར་བགྲམ་མོ། །དྲུག་པ་རབ་གནས་ལ་བཅུ་སྟེ། སྔོན་དུ་བྱ་བའི་ཆོ་ག་དང་། ཏིང་ངེ་འཛིན་གྱི་ལྷ་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲངས་ཤིང་སྟིམ་པ་དང་། དབང་པོ་ལ་སོགས་ཀྱི་སྐྱོན་སྦྱངས་པ་དང་། ཆེ་བའི་ཡོན་ཏན་གྱི་དབང་བསྐུར་མངའ་གསོལ་དང་། ཆུ་བདུན་གྱིས་བཀྲུ་ཞིང་སྐུ་ཕྱི་བ་དང་། ཕྱི་ནང་གསང་གསུམ་གྱི་པུཀྩ་འབུལ་བ་དང་། བདེན་པ་བརྗོད་ཅིང་བསྟན་བཞུགས་བྱ་བ་དང་། ཡོན་བདག་ལ་སོགས་ཀྱིས་ཕྱག་བསྐོར་བ་བྱ་བ་དང་། མི་འབྲལ་ཞིང་སྨོན་ལམ་གདབ་པའོ། །དང་པོ་ལ་གཉིས་སྟེ། བསྙེན་བསྒྲུབ་བྱ་བ་དང་། ཡོ་བྱད་བསོག་པའོ། །དང་པོ་གསུམ་ཏེ། བདག་བསྐྱེད་དང་། བུམ་བསྐྱེད་དང་། མདུན་བསྐྱེད་ཀྱི་བསྙེན་བསྒྲུབ་པོ། དང་པོ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ལ་དྲུག་གི །དང་པོ་ཡོངས་སུ་སྨིན་པར་བྱ་བའི་ཡན་ལག་ནི། དཔོན་སློབ་རྣམས་བསྟན་ལ་འཁོད་དེ། རོལ་མོའི་བྱིན་དབབ་པ་སྔོན་དུ་འགྲོ་བས། བཛྲ་ས་མ་ཛ་ཡིས། རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ལ་ཕྱོག་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པ། མཁའ་ཁྱབ་ཀྱི་འཁོར་ལོ་བཞུགས་པ་ཐམས་ཅད་མངོན་སུམ་དུ་སད་པ་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་སྟོན་པའི་ཞིང་གྱུར་ལ། གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། དངོས་འབྱོར་ཡིད་ཀྱི་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་གཤེགས་པར་བགྱིས། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེ་ཡི་རངས། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དེ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱིས་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་སྟེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་ལ་སོགས་པར་བརྗོད་ལ། སྐྱབས་ཡུལ་རྣམས་རང་ལ་བསྡུས་སྟེ། ཀ་དག་གཉིས་སུ་མེད་པའི་ཀློང་དུ་རང་བབས་སུ་བཞག །གཉིས་པ་མཚམས་བཅད་པ་ནི། བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ །བདག་ཉིད་སྐད་ཅིག་གི་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། བར་བ་གཉིས་ཀྱིས་རྩེ་ལྔ་དང་བྷཉྩ། ཐ་མ་གཉིས་ཀྱི་ཞིང་དབྱུག་དང་འཛིན་འདེག་པའི་ཚུལ་ཅན། ཞབས་བཞི་གཡོན་བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱི་རུ་ཏྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བ་གནན་པ། ཡུམ་རྡོ་རྗེ་ཁྲོ་མོའི་དབང་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་གཡོན་དུང་ཁྲག་ཞལ་དུ་སྟོབ་པ་ཞིང་གི་གཡང་གཞི། གླང་ཆེན་གྱི་ཀོ་རློན། སྟག་ལྤགས་ཀྱི་ཤམ་ཐབས། ཀླུ་རིགས་ལྔའི་སྤྲུལ་བརྒྱན། ཐོད་པ་སྐོ་རློན་ཚལ་བུའི་ཅོན་པཎ། ས་རལ་དཔུང་བརྒྱན་དང་བཅས་པ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་དབུས་སུ་རཀྟའི་ཐིག་ལེ། ཨོས་ཀོ་ལ་ཞག་གི་ཟོ་རིས་ཏེ། དུར་ཁྲོད་ཆས་བརྒྱན་ཀྱིས་བརྒྱན་པ། ཁྱད་པར་ཡུམ་ལ་གཟིག་གི་ལྤགས་པའི་ཤམ་ཐབས་ཅན་ཆེར་གཏུམ་ཞིང་འཁྲོས་པ། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤུ་བཛྲ་ཀྲོདྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་བརྗོད་པས་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་པ། མཚོན་ཆའི་ཆར་འབེབ་པ་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཟིལ་གྱིས་མནན་པས། བག་འཁུམས་སྟེ་འདུག་པ་ལ། ཧཱུཾ་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། གསང་བའི་དམ་བཅས་སོ་སོ་ནས། འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བཀང་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅིས་ཏེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །གདོན་གྱུར་རིགས་རྣམས་བརླག་པར་འགྱུར། །ༀ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་འདུཥྚ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཞེས་བརྗོད་ཅིང་བསྐུལ་བས་ཁྲོ་བོའི་ཚོགས་རྣམས་ཀྱིས། གསང་སྤྱོད་ལྟ་བར་མི་དབང་པའི་བགེགས་ཐམས་ཅད་བསྡིག་བསྐྲད་རླག་པར་བྱས། ༀ་བཛྲ་པཉྩ་རཾ་ཡཾ་ཁཾ་ཁྲོ་བོའི་ཚོགས་རྣམས་སླར་འདུས་སྟེ། ཁྲོ་བོའི་རང་བཞིན་གྱི་རྡོ་རྗེའི་གུར་ཁང་ཆེན་པོར་བལྟམ་པའི་ཕྱི་རོལ་ཀུན་ནས་བསྐལ་པའི་མེ་དཔུང་དུས་མཐའི་རླུང་ནག །རྒྱ་མཚོའི་རྦ་རླབས་འཁྲུག་པའི་ར་བ་གསུམ་རིམས་ནམ་མཁའ་ཀླས་པས་གང་པས་མཚམས་བཅད་པར་གྱུར། གསུམ་པ་གཤེགས་པ་བྱ་བ་ནི། བཛྲ་ས་མ་ཛཿཡིས་བླ་མ་རིགས་འཛིན་ཞི་ཁྲོ་རྒྱལ་བ་རབ་འབྱམ་མངོན་དུ་སད་པའི་སྤྱན་སྔར། སེམས་ཅན་ཀྱི་དོན་དུ་མཆོག་གི་བྱང་ཆུབ་ཚེ་འདི་ཉིད་ཀྱིས་མངོན་དུ་བྱ་བ་མཉམ་དྲན་པས། ཚེ་རབ་འཁོར་བ་ཐོག་མ་མེད་པ་ནས་མ་འཚལ་སྟེ། སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་ལ་གནོང་ཞིང་འགྱོད། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད། སྔར་བྱས་ཀྱི་གཉེན་པོར་རྣལ་འབྱོར་གྱིས་རིམ་པ་ལ་འཇུག་སྙམ་པའི་སེམས་བསྟན་པར་མངོན་སུམ་དུ་བྱས་ནས། ཧཱུཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེས་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་བའི་སྐུ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེ་ཡོངས་བཀོད་དེ། །ཕྱི་ནང་གསང་བ་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་བྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་སྤྱོད་མ། །ཕྱི་ནང་མཁའ་འགྲོ་རྣམ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུཾ། ཐུགས་རྗེས་གདུང་འཚོབ་རིགས་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་སྐྱེད་དེ། །བླ་མེད་གོ་འཕངས་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་བསྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཉན་གྱི་གཏེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལ་གོལ་ཤིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་མཉམ་པའི་ལེ་ལོ་ཡིས། ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་པ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་སྟེ། །བསྒོམ་ལ་མི་བརྩོན་བསྙེན་བསྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འདས་གྱུར་སྟེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་གསལ་དཀའ་བ་དང་། །མངོན་ཤེས་ཆུང་པས་སྐྱོན་ཅན་མ་རྟོགས་སྟེ། །ཉམས་དང་ཚོགས་འདྲེས་ཉམས་པ་བཀང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་གྲིབ་སྐྱོན་གྱི་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱིས་སྒྲིབས་གྱུར་རྣམས། །རང་མནོང་འགྱོད་པའི་སེམས་ཀྱི་མཐོལ་ལོ་བཤགས། །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་བརྗོད་མེད་སྤྲོས་ལས་འདས་པ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གི་ན། །ནོངས་པ་མཆིས་ན་རང་གནོང་བཟོད་པར་གསོལ། །བཞི་པ་དམ་བཅའ་བ་ནི། ལྷག་པའི་བསམ་པ་བརྟན་པོས། །ༀ་རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེར་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ཅག་རྒྱལ་སྲིད་མཐོ་རིགས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་གྲུབ་མ་ལགས་སྟེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱེད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གིས་ལྷག་པའི་བསམ་པ་ཁྱེད་ཀྱི་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པས། །སུན་པར་མི་བགྱིད་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་གི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ཀྱིས་བསྟན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་ཏེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡིས། །བྱང་ཆུབ་མཆོག་ཏུ་བདག་གི་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱིས། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གིས་ལུས་གཏུབ་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤོངས། །རྡོ་རྗེ་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་བཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་བཏོང་ཅི་ནུས་བསྲུངས། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལས། །བདག་ནི་འཇིག་པ་ཅི་ཡང་མ་མཆིས་སྟེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མ་མཐར་ཐུག་བར་དུ་གནས་པར་སྤྲོ། །གཞན་ཡང་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་བརླབས་ཆེན་བདག་གི་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླངས་པར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོོ་བ་མ་མཆིས་སྟེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པ་ཡུན་རིང་དུས་སུ་བརྩོན་པ་དང་། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པ་ན། །ཇི་སྲིད་ངན་སོང་སྟོང་བར་མ་གྱུར་ན། །དེ་སྲིད་བདག་གི་སྐྱོ་བའི་སེམས་མི་སྐྱེ། །ཤེས་རབ་ཐབས་ཀྱི་འགྲོ་བའི་དོན་མཛད་པ། །སྙིང་རྗེ་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་ཅན་དམྱལ་བ་ཡི་དྭགས་གཤེན་རྗེའི་འཇིག་རྟེན་ཡང་། །ལྷའི་དགའ་འཚལ་ལྟ་བུར་བལྟ་བར་གྱིས། འགྲོ་ལ་ཐུགས་བརྩེ་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གི་འཇིག་རྟེན་ཐུགས་པ་མ་མཆིས་བར། །ཇི་ལྟར་མཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་སྟེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ལ་རྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་དུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་བཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱང་། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐངས། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གི་ཞི་དང་ཁྲོ་བོའི་འཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་བཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱེད་ལ་བརྟེན་པ་ནི། །སངས་རྒྱས་ཞིང་སྦྱངས་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གི་རྟོགས་པར་བགྱིས། །བདག་ནི་འཕགས་མཆོག་ཕྱག་རྒྱས་སྔོན་སྤྲུལ་སྟེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་འཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལགས་སོ། །སེམས་ཅན་དོན་ལ་མྱུར་དུ་བདག་མཆིས་ན། །དམ་པ་རྣམས་ཀྱིས་ནུས་མཐུ་སྩལ་དུ་གསོལ། །ལྔ་པ་བྱིན་དབབ་པ་ནི། ༀ་ཧཱུཾ་ཨ་ལ་ལ་ཧོ། །བྷ་ག་ཝན་ས་མ་ཡ་ཧོ། ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་འབྱུང་པའི་དུས་ལ་བབ། །བྱིན་གྱིས་བརློབས་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབས་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་གིས་བྱིན་བསྡུས་པས། ནམ་མཁའ་གང་བའི་ལྷ་ཚོགས་ཐམས་ཅད་རང་ལ་ཐིམ་སྟེ། སྐུ་གསུང་ཐུགས་མི་ཟད་པ་བརྒྱན་གྱི་འཁོར་ལོ་བྱིན་གྱིས་བརླབས་པར་བསམ་མོ། །དྲུག་པ་མཆོད་པ་བྱིན་གྱིས་བརླབས་པ་ནི། ༀ་མ་ཧཱ་ཀྲོ་དྷི་ཤྭ་རིས་ཕྱི་མཆོད་རྣམས་བསང་། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། སྟོང་པ་ཉིད་ཀྱི་ངང་ལས། ང་རྡོར་སེམས་སུ་གསལ་བའི་ཐུགས་ཁའི་ཧཱུཾ་ལས་ཨ་དྷུ་པུ་ཨ་གན་རྣམས་འཕྲོས། བསིལ་ཆབ། གདུག་སྤོས། མར་མེ། དྲི་ཆབ་རྣམས་ལ་ཐིམ། སྥ། པཾ། ན་མཿས་མནྟ། བུད་དྷ་ནཾ་ག་ག་ཁཾ་ས་མ་ཡ་ཧཱུཾ་སྭཧཱ། ༀ་ཤྲི་བཛྲ་རཱ་ག་དྷ་བེ་དྷུ། པུཥྤེ་པུ། ཨ་ལོ་ཀེ་ཧྲིཿ གྷནྷེ་གན། བསིལ་ཆབ་མ་ལ་སོགས་པའི་མཆོད་པའི་ལྷ་མོ་ཁྲུས་ཞོང་དང་། སྤོས་ཁང་ལ་སོགས་པ་ཐོགས་པ་ནམ་མཁའ་གང་བ་རྣམས་སུ་གྱུར་པར་བསམ་པས། ཕྱི་མཆོད་རྣམས་བྱིན་གྱིས་བརླབས། དེ་ནས་བདུད་རྩིས་བསང་། རཾ་ཡཾ་ཁཾ་སྟོང་པ་ཉིད་ཀྱི་ངང་ལས། བྷྲུཾ་བི་ཤྭ་བི་ཤུད་དྷེ་བཛྲ་ཛྙ་ན་ཙཀྲ་མཎྜ་ལ་བྷྲུཾ། བདུད་རྩིའི་སྣོད་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་དྲི་ཆེན་ལ་ཧཱུཾ་མུཾ། ཤར་དུ་བྱང་སེམས་ལ་ༀ་ལཾ། ལྷོར་ཤ་ཆེན་ལ་སྭ་མཾ། ནུབ་ཏུ་རཀྟ་ལ་ཨཾ་ལཾ། བྱང་དུ་དྲི་ཆུ་ལ་ཧ་ཏཾ། སྥ། པཾ། རྡོ་རྗེ། འཁོར་ལོ། །རིན་པོ་ཆེ། པདྨ། རལ་གྲི། སོ་སོའི་རིགས་ཀྱི་དྲིལ་བུ་རྣམས་སུ་གྱུར། སྥ། པཾ། ཧཱུཾ་བཛྲ་དྷིག །མུཾ་དྷཱ་ཏྭཱི་ཤྭ་རི། ། དབུས་སུ་མི་སྐྱོད་པ་ཡབ་ཡུམ་མཐིང་ཁཱ། ༀ་ཛ་ན་ཛྷི ཀ །ལཾ་དཱེ་ཤྭ་ར་ཏི། ཤར་དུ་རྣམ་སྣང་ཡབ་ཡུམ་དཀར་པོ། སྭ་རཏྣ་དྷྲིཀ །མཱཾ་མོ་ཧ་ར་ཏི། ལྷོར་རིན་འབྱུང་ཡབ་ཡུམ་གསེར་པོ། ཨཾ་ཨག་རོ་ལིག །པཱཾ་རཱ་ག་ར་ཏི། ནུབ་དུ་སྣང་མཐའ་ཡབ་ཡུམ་དམར་པོ། ཧ་པྲ་ཛྙ་དྷྲིཀ །ཏྲཾ་བཛྲ་ར་ཏི། བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་ཁུ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་ར་ག་ཡ་མི། ཨ་ནུ་ར་ག་ཧོ་ཧཾ། ཛ་ཧཱུཾ་བཾ་ཧོ། བོ་དྷི་ཙིཏྟ་སྥ་པཾ། རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ་བ་ལས་བྱུང་པའི་ཡེ་ཤེས་ཀྱི་བདུད་རྩི། ༀ་གྱི་མཚན་པའི་ཁ་སྤྱོད་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར། ༀ་པདྨ་ཏ་ཀྲིད་བཛྲ་མཧཱ་ཀྲོ་དྷ་ཧྱ་གྷྲི་ཝ་ཧཱུཾ་ཕཊ། རྟ་མགྲིན་དམར་པོ་པདྨ་དང་རྒྱ་གྲམ་འཛིན་པ། ལྟེ་བ་ཡན་ཆོད་ཐོན་པ། རྭ་བཞི་ལ་ཤར་དུ་མི་ཕམ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོར་ཁྲོ་གཉེར་མ་སེར་མོ་ཞགས་པ། ནུབ་དུ་རོ་ལང་མ་དམར་མོ་ལྕགས་སྒྲོག །བྱང་ཤར་དུ་རལ་གཅིག་མ་ལྗང་ཁུ་དྲིལ་བུ་འཛིན་པ། ༀ་གྱི་འོད་ཟེར་གྱི་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་ཀུན་དམ་ཚིག་གི་བདུད་རྩི་ལ་རོ་མཉམ་པར་བསམ་ལ། གཡོན་པའི་མཐེབ་སྲིན་གྱིས་རྡོ་རྗེ་གཟུང་བས། བདུད་རྩི་ལ་རེགས་སྟེ། ༀ་ཨ་ཧཱུཾ། སརྦ་པཎ་ཙ་ཨ་མྲྀ་ཏ་ཧཱུཾ་ཧྲིཿཐཿ ཞེས་བཟླས་ཤིང་། མཐར་གཡོན་བསྐོར་དུ་དཀྲུགས་སྟེ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་པས་ཡབ་ཡུམ་བཞི་བདུད་རྩི་ལ་ཐིམ་པར་བསམ། གཏོར་མ་རཾ་ཡཾ་ཁཾ་སྟོང་པ་ཉིད་ཀྱི་ངང་ལས། བྷྲུཾ་པདྨ་བྷ་ལིཾ་ཏ་བི་ཤྭ་ཙཀྲ་བྷྲུཾ། གཏོར་གཞོང་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་རྫས་འདོད་ཡོན་གྱི་རྣམ་པ། མ་ཚང་བ་མེད་པ་ལ། ༀ་སྥ་སཾ་ༀ་བྷ་ལཾངིི་ཏ་ཏེ་ཛོ་བྷ་ལཾངི་ཏ་བྷ་ལ་བཱ་རྒྱ་གུ་ཧྱ་ས་མ་ཡེ་སྭཧཱ། ལན་བདུན་བརྗོད་པས་འདོད་པ་དྲུག་གི་ལྷ་མོ་ནམ་མཁའ་གང་བ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་སྤྲོ་བའི་བདག་ཉིད་དུ་གྱུར་པར་བསམ། རཀྟ་རཾ་ཡཾ་ཁཾ། སྟོང་པ་ཉིད་ཀྱི་ངང་ལས་བྷྲུཾ། པཉྩ་ཀ་པ་ལ་བྷྲུཾ། དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རཀྟ་ལ་ར་དམར་པོ། སྥ། པཾ། ༀ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲིཿཐཿ རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པ་ནམ་མཁའ་གང་བར་བསམ། དངོས་གཞི་ལ་བདུན་གྱི་དང་པོ་སེམས་བསྐྱེད་པ་ལ་གཉིས་ལས། ཀུན་རྫོབ་སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། རྟོག་པའི་དབང་གི་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གཉིས་པ་དོན་དམ་སེམས་བསྐྱེད་ནི །ཨེ་མ་ཧོ་ངོ་མཚར་སྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནི་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར་སྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མ་ངོ་མཚར་སྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །གནས་པ་མེད་ལ་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ངོ་མཚར་སྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ངོ་མཚར་སྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །གཉིས་པ་ཏིང་ངེ་འཛིན་གསུམ་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །ཞེས་པའི་དོན་སྒོམ་པ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའི་བསྒོམ། །ཞེས་པས་ཀུན་སྣང་། དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་སྣང་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། ཞེས་པས། སེམས་ཉིད་ཨ་དཀར་པོའི་རྣམ་པར་བསྒོམ་པ་དེ་རྒྱུའི་ཏིང་ངེ་འཛིན་ནོ། །གསུམ་པ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། །སེམས་ཉིད་ཨ་དཀར་པོ་གསལ་བ་ལས། ཨེ་ཡཾ་ཝཾ་སུཾ་ལཾ་རཾ་རྣམས་ཆད། སྥ། སཾ། ཨེ་ལས་ནམ་མཁའ་ཆོས་འབྱུང་འཇམ་ཀླས་པ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་བཟླུམ་པོ། དེའི་སྟེང་དུ་སུཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་གསེར་པོ། དེའི་སྟེང་དུ་ལཾ་ལས་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཟུར་བཞི་པ། རཾ་ལས་མེའི་འཁོར་ཡུག་ནམ་མཁའི་མཐའ་ཀླས་པར་འཁོར་བ། རི་རབ་ཀྱི་སྟེང་དུ་བྷུཾ། སྥ། སཾ། བྷྲུཾ་བི་ཤྭ་སོགས། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས་གློ་བུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད། སོ་སོ་མ་ཡིན་ཞིང་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་། གཞི་དང་བརྒྱན་དང་ཁ་དོག་དང་བཀོད་པ་ཚད་མེད་པས་འཕགས་པ། ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཐམས་ཅད་ཀྱི་ནམ་མཁའི་མཐས་ཀླས་པས་གང་བའི་དབུས་སུ། སེང་གེ་བརྒྱད་ཀྱི་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ། པཾ་པདྨ་མཎྜལ་ལ་སུརྻ་མཎྜ་ལ། ཨ་ཙཎྜ་མཎྜ་ལ། པད་ཉི་ཟླ་བའི་གདན་ཆ་ཤས་ཡོངས་སུ་རྫོགས་པར་གྱུར། བཞི་བ་ལྷ་བསྐྱེད་པ་ནི། རང་གི་སེམས་ཉིད་ཨར་གསལ་བ་ཟླ་བའི་སྟེང་དུ་བབས། ཡོངས་སུ་གྱུར་པ་ལས་ཧཱུཾ་མཐིང་ནག་ཡེ་ཤེས་ལྔའི་འོད་ཟེར་འབར་བ། སྥ། པཾ། བཛྲ་ཧཱུཾ་དེ་རྡོ་རྗེ་གྱུར། སྥ་པཾ། ཧཱུཾ་བཛྲ་དྷྲིག །རྡོ་རྗེ་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ཁ་མཐིང་དཀར་དམར་བའི་ཞལ། ཞལ་གསུམ་ཕྱག་དྲུག་གི་གཡས་དང་པོ་རྡོ་རྗེ་ཐུགས་ཀར་འཛིན་ཞིང་། གཡོན་དང་པོ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱིས་འཁོར་ལོ་རིན་པོ་ཆེ། ཐ་མ་གཉིས་ཀྱི་པདྨ་དང་རལ་གྲི་འཛིན་པ། མཉམ་པའི་དཀྱིལ་མོ་དཀྲུང་གིས་བཞུགས་པ། །དེའི་ཐུགས་ཁ་ནས་གཡོན་གྱི་བརླ་སྟེང་སུ་མུཾ་ཆད། སྥ་པཾ། གྷཎྜཾ། དྲིལ་བུར་གྱུར། སྥ་པཾ། མུཾ་དྷ་ཏྭི་ཤྭ་རི་ཡབ་ཀྱི་གཡོན་ཕྱོགས་སུ་ཉེ་བའི་སྤང་དུ་ཡུཾ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་ཕྱག་གཡས་དྲིལ་བུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་རྡོ་རྗེ་ཐུགས་ཁར་འཛིན་པ། བརྟུལ་ཞུགས་གྱི་དཀྱིལ་མོ་དཀྲུང་གིས་འཁྲིལ་བ། གཉིས་ཀའང་དར་ལའི་བསྟོད་གཡོགས་ཅོད་པན་ཟི་འདིར་གར་གྱི་ཕུ་རུང་ཅན། རིན་པོ་ཆེའི་དབུས་བརྒྱན་སྙན་ཆ་མགུལ་བརྒྱན་སེན་མོ་དོ། །ཕྱག་གདུབ་ཞབས་གདུབ་སྐ་རག་དོ་ཤལ་རྣམས་ཀྱིས་མཛེས་པར་སྤྲས་པ། མཉེན་ཅུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་མཚེར་ལྷུན་སྡུག་གཟི་སྦྱིན་ལྡན་པ་སྟེ། ཞི་བའི་ཉམས་དགུས་རྒྱས་པ། འོད་ཟེར་ཁ་དོག་དྲུག་རེ་རེ་ཡང་། བྱེ་བ་ཕྲག་དྲུག་དུ་འཕྲོ་བའི་ཀློང་ན། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །རང་གི་ལུས་རྡོར་སེམས་ཡབ་ཡུམ་དུ་གསལ་བའི། ཡབ་ཀྱི་གཙུག་གཏོར་གྱི་རྩལ། ༀ་ཛི་ན་ཛྭིག །རྣམ་སྣང་དཀར་པོ་གཡས་འཁོར་ལོ་ཐུགས་ཁར་འཛིན་ཅིང་། གཡོན་དེས་མཚན་པའི་དྲིལ་བུ་སྐུར་རྟེན་པ། ལག་པ་གཉིས་ཀྱི་འདོམ་རྩའི་གཡས་ཀྱི་ཆ་ལ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཀུན་ཏུ་བཟང་པོ་མཐིང་ཁ། མཉམ་བཞག་གི་ཕྱག་རྒྱ་ཅན། གཡོན་གྱི་ཆ་ལ། སྭ་རཏྣ་དྷྲིག །རིན་འབྱུང་གསེར་པོ་གཡས་རིན་པོ་ཆེ། གཡོན་དེས་མཚན་པའི་དྲིལ་བུ། རྐང་པ་གཉིས་ཀྱི་འདོམས་རྩའི་གཡས་ཀྱི་ཆ་ལ། ཧ་པྲཛྙ་དྷྲིག །དོན་འགྲུབ་ལྗང་ཁུ་གཡས་རལ་གྲི། གཡོན་དེས་མཚན་པའི་དྲིལ་བུ། གཡོན་གྱི་ཆ་ལ། ཨཾ་ཨ་རོ་ལིག །སྣང་མཐའ་དམར་པོ་གཡས་པདྨ། གཡོན་དེས་མཚན་པའི་དྲིལ་བུ། ཀུན་ཏུ་བཟང་མོ་རྡོ་རྗེ་དཀྱིལ་མོ་དཀྲུངས་དང་། གཞན་རྣམས་མཉམ་པའི་དཀྱིལ་དཀྲུང་གི་བཞུགས་པ། མིག་གི་འདོམས་རྩའི་གཡས་ཀྱི་ཆ་ལ། ཀྵི་ཧྲི་ར་ཛ་ཡ། ས་སྙིང་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་འཛིན་ཅིང་། གཡོན་དྲིལ་བུ་སྐུར་བརྟེན་པ། གཡོན་གྱི་ཆ་ལ་མཻ་དྷ་ར་ནི་སྭ་ཧཱ། བྱམས་པ་དཀར་སེར་གཡས་ཀླུ་ཤིང་། གཡོན་དྲིལ་བུ། རྣ་བའི་གཡས་ཀྱི་ཆ་ལ། ༀ་བཛྲ་ཀུ་རུ་པཉྩ་ཧྲིཿ ཕྱག་རྡོར་མཐིང་ཁ་གཡས་རྡོ་རྗེ་གཡོན་དྲིལ་བུ། གཡོན་གྱི་ཆ་ལ། ཐ་ལྷིཾ་ནི་སྭ་རཾ་བཱ་ཡ། སྒྲིབས་སེལ་དམར་སེར་གཡས་ཆོས་ཀྱི་འཁོར་ལོ། གཡོན་དྲིལ་བུ། སྣའི་གཡས་ཀྱི་ཆ་ལ། ཏྲཱཾ་ཨཱ་གརྦྷཱ་ཡ། ནཾ་སྙིང་སེར་པོ་གཡས་རལ་གྲི་གཡོན་དྲིལ་བུ། གཡོན་གྱི་ཆ་ལ་ཧཱུཾ་པ་རཱ་ཛཱ་ཡ་སྭཱ་ཧཱ། ཀུན་བཟང་དམར་ལྗང་གཡས་རིན་པོ་ཆེའི་སྙེ་མ། གཡོན་དྲིལ། ལྕེའི་འདོམས་རྩའི་གཡས་ཀྱི་ཆ་ལ། ཧྲིཿཔདྨ་བ་ད་མ། སྤྱན་རས་གཟིགས་དམར་གཡས་པདྨ་དཀར་པོ། གཡོན་དྲིལ། གཡོན་གྱི་ཆ་ལ། མུཾ་ཤྲི་ཨ་རཾ་གཱ་ཡཱ་སྭཱཧཱ། འཇམ་དཔལ་དཀར་ལྗང་གཡས་ཨུད་པ་ལ། གཡོན་དྲིལ་བུ། བརྒྱད་ཀའང་ཞབས་གཡས་ཅུང་ཟད་བརྐྱང་པའི་ཕྱེད་དཀྱིལ་ཀྱིས་བཞུགས་པ་ལག་མཐིལ་གཡས་ལ། ཧཱུཾ་ཡ་མནྟ་ཀྲིད་ཕཊ་གཤིན་རྗེ་སྨུག་ནག་མི་མགོ་ཁ་་གདང་པ་འཛིན་པ་གཡོན་ལ། ཧཱུཾ་པྲཛྙ་ཏ་གྲིཏ་ཕཊ། སྟོབས་པོ་ཆེ་གསེར་ནག་ཐོད་པ་རྡོ་རྗེས་མནོན་ཐབས་སུ་འཛིན་པ། རྐང་ཐིལ་གཡས་ལ། ཧཱུཾ་བིགྷྣནྟ་ཀྲིཏ་ཧཱུཾ་ཕཊ། བདུད་རྩི་འཁྱིལ་ལྗང་ནག །རྒྱ་གྲམ་གནོན་ཐབས་སུ་འཛིན་པ། གཡོན་པ་ལ། ཧཱུཾ་པདྨནྟ་ཀྲིཏ་ཕཊ། རྟ་མགྲིན་དམར་ནག་ཐོད་པ་སྤྲུལ་གྱིས་དཀྲིས་པ་འཛིན་བ། བཞི་ཀའང་གཡས་སུ་ཕྱོགས་པའི་གྱད་ཀྱི་དོར་ཐབས་ཀྱིས་བཞུགས་པའོ། །འཚོགས་དམར་ༀ་མུ་ནེ་ཏྲིཾ་སྭཧཱ། ལྷ་ཡི་ཐུབ་པ་དཀར་པོ་པི་ཝང་འཛིན་པ། སྟ་ཟུར་ལ། ༀ་མུ་ནི་ཏྲུཾ་སྭཏཱ། ལྷ་མིན་གྱི་ཐུབ་པ་མཐིང་ཁ་གོ་ཆ་འཛིན་པ། སྙིང་ཁར། ༀ་མུ་ནི་སྲུཾ་སྭ ཧཱ། མིའི་ཐུབ་པ་གསེར་པོ་གསེག་ཤང་འཛིན་པ། ལྟེ་བར་ༀ་མུ་ནེ་པྲཾ་སྭཧཱ། བྱོལ་སོང་གི་ཐུབ་པ་དམར་ནག །སྤོ་ཏི་འཛིན་པ། མགྲིན་པར་ༀ་མུ་ནེ་ཀྵཾ་སྭ ཧཱ། ཡི་དྭགས་ཀྱི་ཐུབ་པ་གསེར་ནག །རིན་པོ་ཆེའི་སྒྲོཾ་བུ་འཛིན་པ། སུཾ་དོར་། ༀ་མུ་ནེ་ཡེ་སྭཧཱ། དམྱལ་བའི་ཐུབ་པ་དུ་ཁ་མེ་ཆུ་འཛིན་པ། དྲུག་ཁའང་འགྲེང་ཐབས་སུ་གཤེགས་པའི་ཚུལ་ཅན། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གཙུག་གཏོར་གྱི་རྩེ་ལ། ལམ་ཏེ་ཤྭ་ར་ཏི། སྤྱན་མ་དཀར་མོ་གཡས་འཁོར་ལོས་མཚན་པའི་དྲིལ་བུ་བསྐུར་བརྟེན་ཅིང་། གཡོན་འཁོར་ལོ་ཐུགས་ཁར་འཛིན་པ། ལག་པ་གཉིས་ཀྱིས་འདོམ་རྩིའི་གཡས་ཀྱི་ཆ་ལ། ཨ་ཨ་ཨ་བཛྲ་བྷ་ཏྲི་ས་མནྟ་ཨ། ཀུན་བཟང་མོ་མཐིང་ཁ། ཐལ་མོ་ཐུགས་ཁར་སྦྱར་བ། གཡོན་གྱི་ཆ་ལ། མཾ་མོ་ཧ་ར་ཏི། མཱ་མ་ཀི་སེར་མོ་གཡས་རིན་པོ་ཆེས་མཚན་པའི་དྲིལ་བུ། གཡོན་རིན་པོ་ཆེ། རྐང་པ་གཉིས་ཀྱི་འདོམ་རྩའི་གཡས་ཀྱི་ཆ་ལ། ཏྲཾ་བཛྲ་ར་ཏི། དམ་ཚིག་སྒྲོལ་མ་ལྗང་ཁུ་གཡས་རལ་གྲིས་མཚན་པའི་དྲིལ། གཡོན་རལ་གྲི། པཾ་ར་ག་ར་ཏི། གོས་དཀར་མོ་དམར་མོ་གཡས་པདྨས་མཚན་པའི་དྲིལ། གཡོན་པདྨ། ཀུན་ཏུ་བཟང་མོ་པདྨའི་དཀྱིལ་དཀྲུངས་དང་། ཡུཾ་བཞི་བརྟུལ་ཞུགས་ཀྱི་དཀྱིལ་མོ་དཀྲུངས་དུ་བཞུགས་པ། མིག་གི་འདོམ་རྩའི་གཡས་ཀྱི་ཆ་ལ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། སྒེག་མོ་དཀར་མོ་མེ་ལོང་འཛིན་པ། གཡོན་གྱི་ཆ་ལ། ཛཿདྷུ་པེ་པྲ་བེ་ཤ་གདུགས་སྤོས་མ་དཀར་སེར། སྤོས་ཁང་འཛིན་པ། རྣ་བའི་གཡས་ཀྱི་ཆ་ལ། ཏྲཾ་མ་ལེ་ས་མ་ཡ་ཧོ། འཕྲེང་བ་མ་གསེར་མོ་རིན་པོ་ཆེའི་འཕྲེང་བ་འཛིན་པ། གཡོན་གྱི་ཆ་ལ། པུཥྤེ་ཨ་བེ་ཤ །མེ་ཏོག་མ་དམར་སེར། མེ་ཏོག་གི་འཕྲེང་བ་འཛིན་པ། སྣའི་གཡས་ཀྱི་ཆ་ལ། ཧྲིཿ གིརྟི་ར་ག་ཧོ་ཧ། གླུ་མ་དམར་མོ་པི་ཝང་འཛིན་པ། གཡོན་གྱི་ཆ་ལ། བཾ་དཱི་པ་པུ་ཁི་ནི། མར་མེ་མ་དམར་ལྗང་མར་མེའི་སྡོང་བུ་འཛིན་པ། ལྕེའི་འདོམ་རྩའི་གཡས་ཀྱི་ཆ་ལ། ཨ་ནི རྻ་ར་ག་ཡ་མཱི། གར་མ་ལྗང་ཁུ་གར་གྱི་ཕུ་རུང་འཛིན་པ། གཡོན་གྱི་ཆ་ལ། ཧོ་གནྟེ་ཙིཏྟ་དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཆོས་འཛིན་པ། བརྒྱད་ཀའང་ཞབས་གཡོན་པ་བསྟན་གཙུགས་ཤིང་། གཡས་པ་དཀྱིལ་དཀྲུངས་ཕྱེད་པས་བཞུགས་པ། ལག་ཐིལ་གཡས་ༀ་མཧཱ་བཛྲ་དྷ་ར་མཧཱ་ཀྲོ་དྷི་ཤྭ་ར་ཛྭི་ལ་ཤཱི་ཧཱུཾ་ཕཊ། ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པ། གཡོན་ལ་ༀ་མཧཱ་རཏྣ་དྷ་ར་མཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཞགས་པ་མ་སེར་ནག་ཞགས་པ་འཛིན་པ། རྐང་ཐིལ་གཡས་ལ། ༀ་མཧཱ་ཀརྨ་དྷ་ར་མཧཱ་ཀྲོ་དྷི་ཤཱ་རི་ཛཱ་ལ་ནི་ཧཱུཾ་ཕཊ། དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ། གཡོན་ལ་ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དི་ཤཱཿར་ཛཱི་ལ་ནི་ཧཱུཾ་ཕཊ། ལྕགས་སྒྲོགས་མ་དམར་ནག་ལྕགས་སྒྲོགས་འཛིན་པ། བཞི་ཀའང་གཡོན་དུ་ཕྱོགས་པའི་གྱད་ཀྱི་དོར་སྟབས་ཀྱི་བཞུགས་པ། གཤེགས་པ། གཤེགས་མ། སེམས་དཔའ། སེམས་མ། ཀུན་བཟང་ཡབ་ཡུམ་རྣམས་ཞི་བའི་བརྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་། ཚུལ་དགུའི་ཉམས་ཀྱིས་རྒྱས་པ། ཐུབ་པ་དྲུག་གཙུག་གཏོར་དང་ལྡན་ཞིང་། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། ཁྲོ་བོ་ཡབ་ཡུམ་ཐོད་པ་དང་སྦྲུལ་གྱིས་བརྒྱན་ཅན། ཞིང་ཆེན་གྱི་སྟོད་གཡོགས་དང་། སྟག་གི་ལྤགས་པའི་ཤམ་ཐབས་གསོལ་བ། བསྐལ་པའི་མེའི་ཀློང་ན་བཞུགས་པ། ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་འཕྲུལ་དྲྭ་པའི་རང་བཞིན་གྱི་སྐུ་གསུང་ཐུགས་མི་ཟད་བརྒྱན་གྱིས་འཁོར་ལོའི་རྣམ་པར་དག་པ། རང་རང་གི་སྲོག་གི་གོར་རང་རང་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་པ་རེ་རེ་དང་བཅས་པའོ། །ལྔ་པ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་དང་། བསྙེན་གསན་དབབ་པ་དང་། སྤྱན་དྲངས་བ་དང་། བསྟན་པར་བཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། བསྟོད་པ་བྱེད་པ་དང་། བཟླས་པ་བྱེད་པ་རྣམས་འོག་བུམ་བསྐྱེད་དང་། མདུན་བསྐྱེད་དང་། ཐུན་མོངས་དུ་ཤེས་པར་བྱའོ། །གཉིས་པ་བུམ་བསྐྱེད་ལ་གཞི་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང ། རྒྱུའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ནོ། །དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། དངོས་རྣམས་ཉིད་ནས་དངོས་མེད་པ། རྟོག་པའི་སྨྲ་བསམ་ཡུལ་ལས་འདས། ཤེས་ཆོས་ཀྱི་དབྱིངས་སེམས་ཉིད་དེ་ཁོ་ན་ཉིད། རིག་པས་རྟོག་ཤིང་ཉམས་སུ་མྱོང་བའོ། །གཉིས་པ་ཀུན་སྣང་ནི། སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། ཞེས་དེ་ལྟར་མ་རྟོགས་པའི་ནམ་མཁས་ཁྱབ་ཚད་ཀྱི། སེམས་ཅན་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་ཕྱོགས་རིགས་མེད་པར་ནམ་མཁའ་ལྟ་བུར་བསྒོམ། གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། ཡི་གེ་མཆོག་ནི་བསྒོམ་པར་བྱ། རབ་ཏུ་བརྟན་གྱུར་ཨ་དཀར་ལ། ཞེས་བསྟོད་པ་དང་། སྙིང་རྗེ་དབྱེར་མེད་པའི་ངོ་བོ་ཡི་གེ་ཨ་དཀར་པོ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པར་བསྒོམ། བཞི་པ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་བཞི་སྟེ། བསྐྱེད་པའི་ཆོ་འཕྲུལ་དང་། དབང་བསྐུར་བའི་ཆོ་འཕྲུལ་དང་། བྱིན་གྱིས་བརླབས་པའི་ཆོ་འཕྲུལ་དང་། མཆོད་པའི་ཆོ་འཕྲུལ་ལོ། །དང་པོ་ལ་གཉིས་ཏེ། བརྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི་རྒྱུའི་ཡིག་ཨ་ལས་འོག་ཏུ་ཨེ་འཕྲོས་པ་ལས། ཆོས་འབྱུང་དྲུག་གསུམ་མཐིང་ནག་ཚད་དཔག་ཏུ་མེད་པ། དེའི་སྟེང་དུ་ཡཾ་འཕྲོས་པ་ལས། རླུང་གི་དཀྱིལ་འཁོར་ཟླ་གམ་སྲ་ཞིང་མཁྲེག་པ་དུ་ཁ། དེའི་སྟེང་དུ། བཾ་འཕྲོས་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་མཐའ་མ་བུཾ་པས་མཚན་པ། དེའི་སྟེང་དུ་ལཾ་འཕྲོས་པ་ལས་གསེར་གྱི་ས་གཞི་ཟླུམ་པོ་གསེར་པོ། ཐ་མ་བུམ་པ་རྡོ་རྗེས་མཚན་པ། དེའི་སྟེང་དུ་སུམ་འཕྲོས་པ་ལས། །རིན་པོ་ཆེ་སྣ་བཞི་ལ་གྲུབ་པའི་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ། ཕྱི་རོལ་དུ། གླིང་བཞི་གླིང་ཕྲན་མཚོ་ལྕགས་རི་དང་བཅས་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དུ་གྱུར་སྟེ། ཕྱེད་མར་འཕྲོས་པས། རླུང་གི་དཀྱིལ་འཁོར་ལ་ཕོག །ཕྱེད་རི་རབ་ཀྱི་སྟེང་དུ། མེའི་གུར་ཁང་དུ་གྱུར་དེའི་ནང་དུ་ཧཱུཾ་འཕྲོས་པ་ལས། རྡོ་རྗེའི་གུར་ཁང་འོག་གཞི་སྣ་ཚོགས་རྡོ་རྗེ་ལེབ་མོ་ལྟེ་བ་གྲུ་བཞི། ར་རྩེ་གསུམ་གསུམ་དང་ལྡན་པ། དེའི་ནང་དུ། བྷྲུཾ་འཕྲོས་པ་ལས། བྷྲུཾ་བི་ཤྭ་བི་ཤུདྷེ། ཞེས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕྱི་བུམ་པའི་དབྱིབས། ནང་གཞལ་ཡས་ཀྱི་ཁང་པ་གྲུ་བཞི། སྒོ་བཞི་སྟེང་པད་རག་གི་རྩིགས་པ་ལྔ་རིམས། དེ་ལ་ཤར་དཀར་པོ་འཁོར་ལོས་མཚན་པ། ལྷོ་སེར་པོ་རིན་པོ་ཆེས་མཚན་པ། ནུབ་དམར་པོ་པདྨས་མཚན་པ། བྱང་ལྗང་ཁུ་རལ་གྲིིས་མཚན་པ། འདོད་རྣམ་དང་ཕ་གུ །ཤར་བུ་ལ་དྲ་བ་དང་དྲ་ཕྱེད་པ་འཕྱང་བ། ནང་ཀ་བ་བརྒྱད་ཀྱི་བཏེགས་པའི་གདུང་བཞི་ལ་སོགས་པས། བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ལེགས་པར་ཕུབ་སྟེ། བང་རིམ་བཞི་ལ་རྡོ་རྗེའི་གྱོ་ལྡིང་། ཕྱིའི་རྩེ་ལ་མདའ་ཡབ་དཀར་པོ། བུམ་པ་བྲེ། ཆོས་འཁོར། གདུགས་ཏོག་དང་བཅས་པ། སྒོ་ཁང་ཕྱི་ཟུར་བཞི་ནས་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་རྣམ་བུ། བཞི་པའམ་བརྒྱད་ཀྱི་མཛེས་པ། དེའི་སྟེང་དུ། པདྨ་ཆོས་འཁོར་གདུགས་རི་དྭགས་དང་བཅས་པ། གཞལ་ཡས་ཁང་དེའི་ཕྱི་རོལ་དུ། ཏ་ལའི་ཤིང་དཔག་བསམ་གྱི་ཤིང་ལ་གསེར་གྱི་ཉག་ཐག་གིས་བྲེས་ཤིང་། །དྲིལ་བུ་དང་དྲིལ་བུ་གཡེར་ཁ་འཆང་བ། བདུད་རྩིའི་རྫིང་བུ། གཡུའི་ནེའུ་སིང་མེ་ཏོག་ཟླུམ་རྩིགས་དཀར་པོའི་ཚལ། གཞལ་ཡས་ཁང་དེའི་ནང་འཁོར་ལོ་རྩིབས་བཞི། ལྟེ་བ་མཐིང་ཁ། རྩིབས་བཞི་སེར་པོ། རྩིབས་མཆན་སྔོན་པོ། མུ་ཁྱུད་རྡོ་རབ། གྲུ་ཆད་ཕྱོགས་མདོག །འཁོར་ལོའི་དབུས་སུ་སེང་གེ་བརྒྱད་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་གླང་པོ་ཆེ་དང་། རྟ་དང་། རྨ་བྱ་དང་། ཤང་ཤང་ལ་སོགས་པའི་གདན་དྲུག་བརྩེགས། སྒོ་བཞིར་ཉི་མ་བཞིའི་སྟེང་དུ། བདུད་བཞི་བསྒོམ་མོ། །གཉིས་པ་བརྟེན་པ་ལྷའི་གཞལ་ཡས་ཁང་བསྐྱེད་པ་ལ་གསུམ་སྟེ། གསུང་ཡིག་འབྲུའི་ཆོ་འཕྲུལ་དང་། ཐུགས་ཕྱག་མཚན་གྱི་ཆོ་འཕྲུལ་དང་། སྐུ་ཕྱག་རྒྱའི་ཆོ་འཕྲུལ་ལོ། །དང་པོ་ནི་རྒྱུའི་ཡི་གེ་ཨ་དཀར་པོ་ལས་ཀྵ་སྔོན་པོ་བྱུང་སྟེ། ཨ་དང་ཀྵ་སྦྱོར་བའི་ཁྱད་པར་ལས། དབུས་ཀྱི་གདན་གྱི་སྟེང་དུ་ཋ་དང་། ཐ་སྔོན་པོ་གཉིས། ཤར་དུ་ཊ་དང་ཏ་དཀར་པོ་གཉིས། ལྷོར་ཌ་དང་ད་སེར་པོ་གཉིས། ནུབ་དུ་ཌྷ་དང་དྷ་དམར་པོ་གཉིས། བྱང་དུ་ཎ་དང་ན་ལྗང་ཁུ་གཉིས། ཤར་སྒོར་ང་དང་ཤ་དཀར་པོ། ལྷོ་སྒོར་ཉ་དང་ཥ་སེར་པོ། ནུབ་སྒོར་མ་དང་ཨ་དམར་པོ། བྱང་སྒོར་ༀ་དང་ཧ་ལྗང་ཁུ། ཨ་དང་ཀྵ་གཉིས་དབུས་ཀྱི་ཋ་ཐ་ལ་ཐིམ། འོད་འཕྲོས་བདེ་གཤེགས་གསུང་ལ་མཆོད། །སེམས་ཅན་ངག་གི་སྒྲིབ་པ་བྱང་། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཕྱག་མཚན་བཅུ་དང་བརྒྱད་དུ་གྱུར། །དབུས་སུ་རྡོ་རྗེ་དང་དྲིལ་བུ། །ཤར་དུ་འཁོར་ལོ་དང་དྲིལ་བུ། །ལྷོར་རིན་ཆེན་དང་དྲིལ་བུ། །བྱང་དུ་རལ་གྲི་དང་དྲིལ་བུ། །ཤར་སྒོར་ཐོད་དབྱུག་དང་ལྕགས་ཀྱུ། །ལྷོ་སྒོར་རྡོ་རྗེ་དབྱུག་པ་དང་ཞགས་པ། ནུབ་སྒོར་པདྨ་དང་དབྱུག་པ་ལྕགས་སྒྲོག །བྱང་སྒོར་རྒྱ་གྲམ་དབྱུག་པ་དང་དྲིལ་བུ། །འོད་འཕྲོས་བདེ་གཤེགས་ཐུགས་ལ་མཆོད། །སེམས་ཅན་ཡིད་ཀྱི་སྒྲིབ་པ་སྦྱངས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཕྲ་མོ་བཅུ་དང་བརྒྱད་དུ་གྱུར། །འོད་འཕྲོས་བདེ་གཤེགས་སྐུ་ལ་མཆོད། །སེམས་ཅན་ལུས་ཀྱི་སྒྲིབ་པ་སྦྱངས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཡོངས་རྫོགས་བཅུ་དང་བརྒྱད་དུ་གྱུར། །ཧཱུཾ་བཛྲ་དྷྲིག་མུཾ་དྷ་དུ་ཤྭ་རི། དབུས་སུ་ཀུན་ཏུ་བཟང་པོ་དང་། མི་སྐྱོད་པ་དབྱེར་མེད་པ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞལ་གཡས་དཀར། གཡོན་དམར། དབུས་མཐིང་ས་ལ་རལ་པའི་ཐོར་གཙུགས་ནག་པོ་འགྱིང་པ་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་སྟེ་ཡུམ་ལ་འཁྱུད་པ། གཡས་བར་པ་ན་འཁོར་ལོ་འོག་མ་རིན་པོ་ཆེ། གཡོན་བར་མ་ན་པདྨ། ཐ་མ་ན་རལ་གྲི། ཕྱག་རྒྱ་དེ་དག་ལ་ཡེ་ཤེས་ཀྱིི་མེ་འབར་བ། ཞབས་སྙོམས་པའི་དཀྱིལ་དཀྲུངས་གིས་བཞུགས་པ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྐུ་མདོག་ཡབ་དང་མཐུན་པ་ཞལ་གཅིག་ཕྱག་གཉིས་གཡས་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་བསྣམས་པའོ། །ༀ་ཛི་ན་ཛིག་ལམ་སྟེ་ཤ་ར་ཏེ། ཤར་དུ་རྣམ་པར་སྣང་མཛད་དཀར་པོ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་སྔོ། གཡོན་དམར་བ། ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་བར་པ་རྡོ་རྗེ། ཐ་མ་ན་རིན་པོ་ཆེ། གཡོན་བར་མ་ན་པདྨ། ཐ་མ་ན་རལ་གྲི། སྭ་རཏྣ་དྷྲིག་མཾ་ཧ་ར་ཏི། ཞེས་ལྷོ་ཕྱོགས་སུ། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། ཞལ་གསུམ་ཕྱག་དྲུག །ཞལ་གཡས་སྔོ་གཡོན་དམར། ཕྱག་དང་པོ་གཉིས་རིན་པོ་ཆེ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། འོག་མ་ན་འཁོར་ལོ། གཡོན་བར་པ་པདྨ། ཐ་མ་ན་རལ་གྲ། ཨཾ་ཨ་རོ་ལིག་པྱཾ་རཱ་ག་ར་ཏི། ཞེས་ནུབ་ཏུ། སྣང་བ་མཐའ་ཡས་དམར་པོ་ཞལ་གསུམ་ཕྱག་དྲུག་ཞལ་གཡས་དཀར། གཡོན་སྔོ། ཕྱག་དང་པོ་གཉིས་ཀྱིས་པདྨ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ལོ། གཡོན་བར་མ་ན་རིན་པོ་ཆེ། ཐ་མ་ན་རལ་གྲི། ཧཾ་པྲ་ཛྙ་དྷྲིག་ཏཾ་བཛྲ་ར་ཏི། ཞེས་བྱང་དུ་དོན་ཡོད་གྲུབ་པ། ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར། ཕྱག་དང་པོ་གཉིས་རལ་གྲི་དང་དྲིལ་བུས་ཡུམ་ལ་འཁྱུད་པ། །གཡས་བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ལོ། །གཡོན་པར་མ་རིན་པོ་ཆེ། ཐ་མ་ན་པད་མ། དེ་བཞིན་གཤེགས་པ་དེ་དག་ཀྱང་རལ་པའི་མཐོར་བཙུགས་ནག་པོ་འགྱིང་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་བཅུ་དང་ལྡན་པ། ཞབས་གཉིས་མཉམ་པའམ། བརྟུལ་ཞུགས་ཀྱི་དཀྱིལ་དཀྲུང་གིས་རང་རང་གི་གདན་ལ་བཞུགས་པ། ཡུམ་ཐམས་ཅད་སྐུ་མདོག་ཡབ་དང་འདྲ་བ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་པ་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་བསྣམས་པ། ཡབ་ཡུམ་བཅུ་པོ་དེ་རྣམས་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ཞལ་སྦྱོར་དུ་གནས་ཤིང་། སྤྱན་གཅིག་གིས་གཅིག་ལ་གཟིགས་སོ། །ཧཱུཾ་ཡ་མནྟ་ཀྲིད་ཕཊ། ༀ་བཛྲ་དྷ་ར་མཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཤར་སྒོར་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་དང་ཡུམ་རྡོ་རྗེ་ལྕགས་ཀྱུ་མ། སྐུ་མདོག་མཐིང་ནག་ཞལ་ཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཡབ་ཀྱི་ཕྱག་གཡས་ན་ཐོད་དབྱུག་གཡོན་ཐོད་ཁྲག །ཡུམ་གྱི་ཕྱག་ན་ལྕགས་ཀྱུ་བསྣམས་པ། དཔལ་ཆས་ཆེན་པོ་བཅུ་དྲུག་གིས་བརྒྱན་པ། ཕུང་པོའི་བདུད་ཀྱི་གདན་ལ་བཞུགས་པ། ཧཱུཾ་པྲ་ཛྙ་ཏ་ཀྲིད་ཕཊ། ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཅེས། ལྷོ་སྒོར་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་ཞགས་པ་མ་སྐུ་མདོག་གསེར་ནག་ཡབ་ཀྱི་གཡས་ན་རྡོ་རྗེ་དབྱུག་པ། གཡོན་ན་ཐོད་ཁྲག །ཡུམ་གྱི་ཕྱག་ན་ཞགས་པ་བསྣམས་པ། ཉོན་མོངས་པའི་བདུད་ཀྱི་གདན་ལ་བཞུགས་པའོ། །ཧཱུཾ་པདྨ་ཏ་ཀྲིད་ཕཊ། ༀ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཅེས་ནུབ་སྒོར། ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུཾ་རྡོ་རྗེ་ལྕགས་སྒྲོག་མ། སྐུ་མདོག་དམར་ནག །ཡབ་ཀྱི་ཕྱག་གཡས་ན་པདྨའི་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་བསྣམས་པ། ཡུམ་གྱི་ཕྱག་ན་ལྕགས་སྒྲོག་བསྣམས་པ། ཉོན་མོངས་པའི་བདུད་ཀྱི་གདན་ལ་བཞུགས་པ། ཧཱུཾ་བིག་ནན་ཏ་ཀྲིད་ཕཊ། ༀ་ཀརྨ་དྷ་ར་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་བྱང་སྒོར་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་དང་། ཡུམ་རྡོ་རྗེ་དྲིལ་བུ་སྐུ་མདོག་ལྗང་ནག་ཡབ་ཀྱི་གཡས་རྡོ་རྗེ་རྒྱ་གྲམ་གྱིས་བཞུགས་པ། ཡུཾ་གྱི་ཕྱག་ན་དྲིལ་བུ་འཁྲིལ་བ་ལྷའི་བུའི་བདུད་ཀྱི་གདན་ལ་བཞུགས་པ། ཁྲོ་བོ་ཡབ་ཡུམ་དེ་རྣམས་ནི་རྡོ་རྗེའི་སྐུ་ཡིན་སྟེ། ཀུན་ཀྱང་སྤྱན་གསུམ་མཆེ་བ་གཙིགས་པ། ཆས་ཆེན་པོ་བཅུ་དྲུག་གིས་བརྒྱན་པ། གཡོན་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པའོ། །དེ་ནི་དཀྱིལ་འཁོར་བསྡུས་པའི་མངོན་རྟོགས་སོ། །ཡང་ན་དཀྱིལ་འཁོར་འབྲིང་པོ་ལྟར་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་དང་། རྒྱུའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱིས་རྟེན་གཞལ་ཡས་ཁང་ལ། ལུམ་རྫིང་དཀར་པོའི་ཚལ། ཞེས་པ་ལ་སོགས་གོང་དང་མཚུངས་ལ། གཞལ་ཡས་ཁང་དེའི་ནང་གི་དབུས་འཁོར་ལོའི་ལྟེ་བ་ཟླུམ་པོ་མཐིང་ཁ་ལ། རྩིབས་བཞི་སེར་པོ་བྱུང་པ། རྩིབས་མཆན་སྔོ་བ། དེའི་ཕྱི་རོལ་མུ་ཁྱུད་རྡོ་རྗེའི་ར་བས་བརྒྱན་ཏེ། དེའི་ཕྱིར་རོལ་གྲུབ་ཆད་བཞི་དང་། བློ་འབུར་འཁར་ཐབས་དང་བཅས་པའོ། །དེའི་ཕྱི་རོལ་ལྷ་རྣམས་བསྒོ་བཞི་དང་བཅས་པའོ། །དེ་ནས་གདན་སྟིང་བ་ནི། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པས། དབུས་སུ་མི་འཇིགས་པ་བཞི་དང་ལྡན་པའི་དབུས་སུ་སེང་གེ་བརྒྱད་ཀྱི་ཁྲི་འབྱུང་པར་འགྱུར་ཏེ། ཤར་དུ་སྟོབས་བཅུ་དང་ལྡན་རྟགས་སུ། གླང་པོ་ཆེ་བརྒྱད་ཀྱི་ཁྲི་བྱུང་པ། ལྷོར་རྫུ་འཕྲུལ་གྱི་རྐང་པ་བཞིའི་རྟགས་སུ། རྟ་བརྒྱད་ཀྱི་ཁྲི་བྱུང་། ནུབ་དུ་དབང་བཅུ་དང་ལྡན་པའི་རྟགས་སུ། རྨ་བྱ་བརྒྱད་ཀྱི་ཁྲི་བྱུང་། བྱང་དུ་འཕྲིན་ལས་བཞིའི་རྟགས་སུ། ཤང་ཤང་བརྒྱད་ཀྱི་ཁྲི་བྱུང་ངོ་། །དེ་དག་གི་བར་མཚམས་སུ་རིན་པོ་ཆེའི་ཀ་བས་བརྒྱན་པ་ལ། རིན་པོ་ཆེའི་ཁྲིའི་སྟེང་ན་མུ་ཏིག་གི་དྲ་བས་གཡོགས་པ། དེའི་སྟེང་པདྨ་དང་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་ན་ཟླ་བ། དེའི་སྟེང་ན་ཉི་མ། རྩིབས་འཆན་བཞི་གྲུབ་ཆད་བཞི་དང་བརྒྱད་ལ། རིན་པོ་ཆེའི་ཁྲི་པད་ཟླ་ཉི་མ་སུམ་བརྩེགས་དང་ལྡན་པ་རེ་རེ། ལྷ་རྣམས་ལ་པདྨ་བརྒྱད། སྒོ་བཞིར་བདུད་བཞིའི་སྟེང་ན་ཉི་མའོ། །དེ་ལྟར་གདན་བཏིང་ནས། གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པའི་ཆོ་འཕྲུལ་ལ་གསུམ་སྟེ། གསུང་ཡིག་འབྲུའི་ཆོ་འཕྲུལ་དང་། ཐུགས་ཕྱག་མཚན་གྱི་ཆོ་འཕྲུལ་དང་། སྐུ་ཕྱག་རྒྱའི་ཆོ་འཕྲུལ་ལོ། །དང་པོ་གསུང་ཡིག་འབྲུའི་ནི། ཨ་དཀར་པོ་ལས་ཀྵ་སྔོན་པོ་བྱུང་སྟེ། ཨ་དང་ཀྵའི་ཁྱད་པར་ལ་ཡི་གེ་བཞི་བཅུ་བྱུང་སྟེ། དབུས་ཋ་དང་ཐ་སྔོན་པོ་གཉིས། ཤར་དུ་ཊ་དང་ཏ་དཀར་པོ་གཉིས། ལྷོར་ཌ་དང་ད་སེར་པོ་གཉིས། ནུབ་ཏུ་ཌྷ་དང་དྷ་དམར་པོ་གཉིས། བྱང་དུ་ཎ་དང་ན་ལྗང་ཁུ་གཉིས། ཤར་ལྷོར་ཀ་དང་ཙ། ལྷོ་ནུབ་དུ་ཁ་དང་ཚ་ནུབ་བྱང་དུ་ག་དང་ཛ། བྱང་ཤར་དུ་གྷ་དང་ཛྙ། ཡང་ཤར་ལྷོའི་གྲུ་ཆད་ལ་ས་དང་ཡ། ལྷོ་ནུབ་ཏུ་ཕ་དང་ཝཾ། ནུབ་བྱང་དུ་བ་དང་ར། བྱང་ཤར་དུ་བྷ་དང་ལ། ཤར་སྒོར་ང་དང་ཤ །ལྷོ་སྒོར་ཉ་དང་ཥ། ནུབ་སྒོར་མ་དང་ས། བྱང་སྒོར་ༀ་དང་ཧཾ། ཤར་སྒོར་ཨཱི། ལྷོར་ཨུ། ནུབ་བྱང་ཨུ། ལྷོ་ནུབ་དུ་ཨེ། བྱང་ཤར་དུ་ཨཱཻ། ཤར་དུ་ཀྵ། ནུབ་དུ་ཨ། གཉིས་པ་ཐུགས་ཕྱག་མཚན་ནི། འོད་འཕྲོས་བདེ་གཤེགས་གསུང་ལ་མཆོད། །སེམས་ཅན་ངག་གི་སྒྲིབ་པ་སྦྱངས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཕྱག་མཚན་བཞི་བཅུ་གཉིས་སུ་གྱུར། །དབུས་སུ་རྡོ་རྗེ་དང་དྲིལ་བུ། །ཤར་དུ་འཁོར་ལོ་དང་དྲིལ་བུ། །ནུབ་དུ་པདྨ་དང་དྲིལ་བུ། །བྱང་དུ་རལ་གྲི་དང་དྲིལ་བུ། །ཤར་ལྷོའི་རྩིབས་འཆན་ལ། རིན་པོ་ཆེའི་མྱུ་གུ་དང་མེ་ལོང་། ལྷོ་ནུབ་དུ་རལ་གྲི་དང་རིན་པོ་ཆེའི་འཕྲེང་བ། ནུབ་བྱང་པདྨ་དཀར་པོ་དང་པི་ཝཾ། བྱང་ཤར་དུ་རྡོ་རྗེ་དང་གར་གྱི་ལག་པ། ཤར་ལྷོའི་གྲུ་ཆད་ལ་ཀླུ་ཤིང་དང་གདུག་སྤོས། ལྷོ་ནུབ་ཆོས་ཀྱི་འཁོར་ལོ་དང་མེ་ཏོག །ནུབ་བྱང་དུ་རིན་པོ་ཆེའི་སྙེ་མ་དང་མར་མེ། བྱང་ཤར་དུ་ཨུ་པ་ལ་དང་དྲི་ཆ། ཤར་དུ་རྡོ་རྗེ་རྩེ་ལྔ་པ། ནུབ་དུ་ཆོས་འབྱུང་དཀར་པོ། ཤར་ལྷོ་པི་ཝང་། བྱང་གོ་ཆ། ལྷོ་བསྲེག་ཤང་དང་ལྷུང་བཟེད། ནུབ་བྱང་དུ་ཆོས་ཀྱི་གླེགས་བམ། ལྷོ་ནུབ་དུ་རིན་པོ་ཆེ། ཤར་སྒོར་ཐོད་དབྱུག་དང་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་དབྱུག་པ་དང་ཞགས་པ། ནུབ་སྒོར་པདྨའི་དབྱུག་པ་དང་ལྕགས་སྒྲོག །བྱང་སྒོར་རྒྱ་གྲམ་དང་དབྱུག་པ་དྲིལ་བུ། གསུམ་པ་སྐུ་ཕྱག་རྒྱའི་ཆོ་འཕྲུལ་ནི། འོད་འཕྲོས་བདེ་གཤེགས་ཐུགས་ལ་མཆོད། །སེམས་ཅན་ཡིད་ཀྱི་སྒྲིབ་པ་སྦྱངས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཕྲ་མོ་བཞི་བཅུ་གཉིས་སུ་གྱུར། །འོད་འཕྲོས་བདེ་གཤེགས་སྐུ་ལ་མཆོད། །སེམས་ཅན་ལུས་ཀྱི་སྒྲིབ་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཡོངས་རྫོགས་བཞི་བཅུ་གཉིས་སུ་གྱུར། །ༀ་བཛྲ་དྷྲིག །མུཾ་ད་དུ་ཤྭ་རི། ཞེས་པས་མི་སྐྱོད་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་པའི་རྟགས་སུ་སྐུ་མདོག་མཐིང་ནག །ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར། གཡོན་དམར། དབུ་རལ་པའི་མཐོར་གཙུགས་ནག་པོ་འགྱིངས་པ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་། དྲིལ་བུ་བསྣམས་སྟེ་ཡུམ་ལ་འཁྱུད་པ། གཡས་བར་མ་འཁོར་ལོ། །འོག་མ་ན་རིན་པོ་ཆེ། གཡོན་བར་མ་ན་པདྨ། ཐ་མ་ན་རལ་གྲི། ཕྱག་རྒྱ་དེ་དག་ལ་ཡེ་ཤེས་ཀྱི་མེ་འབར་བ། ཞབས་མཉམ་པའི་དཀྱིལ་མོ་དཀྲུང་གི་བཞུགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཡུམ་རྡོ་རྗེ་དབྱིངས་དབྱུག་མ་ཡབ་དང་མཐུན་པ། ཞལ་གཅིག་ཕྱག་གཉིས། གཡས་ཡབ་ལ་འ ཁྱུད་ཅིང་། གཡོན་དྲིལ་བུ་བསྣམས་པའོ། །ༀ་ཛ་ནི་ཛི་ག །ལཾ་ཏེ་ཤ་ར་ཏེ། ཤར་དུ་རྣམ་པར་སྣང་མཛད་མེ་ལོང་ལྟ་བུའི་ཡེ་ཤེས་ལས་འབྱུང་བའི་རྟགས་སུ་སྐུ་མདོག་དཀར་པོ། ཞལ་གསུམ་ཕྱག་དྲུག །ཞལ་གཡས་སྔོ། གཡོན་དམར། ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་རིན་པོ་ཆེ། གཡོན་བར་མ་ན་པདྨ། ཐ་མ་ན་རལ་གྲི། སྭ་རཏྣ་དྷྲིག མཾ་མོ་ཧ་ར་ཏི། ཞེས་ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་རྟགས་སུ། སྐུ་མདོག་གསེར་པོ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་སྔོ། གཡོན་དམར་བ། ཕྱག་དང་པོ་གཉིས་རིན་པོ་ཆེ་དང་དྲིལ་བུ་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་རལ་གྲི། །ཨ་ཨ་རོ་ལིཀ །པྱཾ་ར་ག་ཏི་ཞེས་ནུབ་ཕྱོགས་སུ་སྣང་བ་མཐའ་ཡས་སོ་སོར་རྟོགས་པའི་ཡེ་ཤེས་ལས་བྱུང་བའི་རྟགས་སུ། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་བ། གཡོན་སྔོ། ཕྱག་དྲུག་གི་དང་པོ་གཉིས་པདྨ་དང་དྲིལ་བུ་ཡུཾ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། འོག་མ་ན་འཁོར་ལོ། གཡོན་བར་མ་ན་རིན་པོ་ཆེ། ཐ་མ་ན་རལ་གྲི། ཧཾ་པྲཛྙ་དྷྲིག །ཧཾ་བཛྲ་ར་ཏི། ཞེས་བྱང་དུ་དོན་ཡོན་གྲུབ་པ། བྱ་བ་གྲུབ་པའི་ཡེ་ཤེས་ལས་བྱུང་བའི་རྟགས། སྐུ་མདོག་ལྗང་ཁུ། ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར་གཡོན་དམར། ཕྱག་དང་པོ་གཉིས་པ་རལ་གྲི་དང་དྲིལ་བུ་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ལོ། །གཡོན་བར་མ་ན་རིན་པོ་ཆེ། ཐ་མ་ན་པདྨ། དེ་བཞིན་གཤེགས་པ་དེ་དག་རལ་པའི་ཐོར་གཙུག་ནག་པོ་འགྱིང་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་བརྒྱད་ཅུ་དང་ལྡན་པ། ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་དཀྱིལ་མོ་དཀྲུང་གིས་རང་གི་གདན་ལ་བཞུགས་པ། ཡུམ་ཐམས་ཅད་སྐུ་མདོག་ཡབ་དང་འདྲ་བ། ཞལ་གཅིག་ཕྱག་གཉིས་གཡས་ཡབ་ལ་འཁྱུད་པ། གཡོན་པ་དྲིལ་བུ་བསྣམས་པ། ཡབ་ཡུམ་བཅུ་པོ་དེ་རྣམས་ནི་ལངས་སྤྱོད་རྫོགས་པའི་སྐུ་ཡིན་སྟེ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རྟགས་སུ། ཡབ་ཡུམ་ཞལ་སྦྱོར་བྱས་ཤིང་། སྤྱན་གཅིག་གིས་གཅིག་ལ་གཟིགས་པའོ། །སེམས་དཔའ་ཡབ་ཡུམ་བསྐྱེད་པ་ནི། ཀྵི་ཧ་ར་ཙ་ཡ། ཧཱུཾ་ལ་སྱ་ས་མ་ཡ་སྟཾ། ཞེས་ཤར་ལྷོ་དཔལ་ཀ་ལ། སའི་སྙིང་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། ཡབ་ཀྱི་ཕྱག་གཡས་ནི་རིན་པོ་ཆེའི་མྱུ་གུ། གཡོན་ན་སྐྱབས་སྦྱིན་ཡང་ན་དྲིལ་བུ་བསྣམས་པའོ། །ཡུམ་གྱི་ཕྱག་གཉིས་ཀྱི་མེ་ལོང་། ཞབས་ཕྱེད་དཀྲུང་གིས་བཞུགས་པ། ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་པའོ། །ཡབ་ཡུམ་དེ་གཉིས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཐུགས་དང་སྐུ་ལ་འབྱུང་པའོ། །ཏྲཾ་ཨ་གྷརྦྷ་ཡ། ཏྲཾ་མ་ལེ་ས་མ་ཡ་ཧོ། །ཞེས་ལྷོ་ནུབ་ཀྱི་རྩིབས་འཆན་ལ་ནམ་མཁའི་སྙིང་པོ་དང་། རིན་པོ་ཆེའི་འཕྲེང་བ་མ་སྐུ་མདོག་གསེར་མོ། །ཡབ་ཀྱི་གཡས་ན་རལ་གྲི། ཡུམ་གྱི་གཡས་ན་རིན་པོ་ཆེའི་འཕྲེང་བ་བསྣམས་སྟེ་ཡབ་ཀྱི་དབུ་ལ་ཐད་བཅིངས་པའོ། །ཧྲི་ཧ་ཧོ་པདྨ་བྷ་དྷ་མ། ཧྲྀ་གྷིརྟི་ར་གྷ་ཡ་ཧོ། །ཞེས་ནུབ་བྱང་གི་རྩིབས་བར་མ་ལ། །སྤྱན་རས་གཟིགས་དབང་ཕྱུག་དང་། ལྷ་མོ་དབྱངས་མཁན་མ་སྐུ་མདོག་དམར་པོ། ཡབ་ཀྱི་གཡས་ན་པདྨ་བསྣམས་པ། ཡུམ་གྱི་ཕྱག་གཉིས་ཀྱི་ཆོས་ཀྱི་པི་ཝཾ་བརྡེབ་པའོ། །ཛེཾ་གུ་རུ་པ་ན་ཧྲྀ། ཨ་ནིརྟི་ར་ག་ཡ་མི། ཞེས་བྱང་ཤར་གྱི་རྩིབས་བར་མ་ལ་ཕྱག་ན་རྡོ་རྗེ་དང་། ལྷ་མོ་གར་མ་སྐུ་མདོག་ལྗང་ཁུ། ཡབ་ཀྱི་ཕྱག་གཡས་ན་རྡོ་རྗེ་རྩེ་དགུ་བསྣམས་པ། ཡུམ་གྱི་ཕྱག་གཉིས་ཀྱིས་གར་གྱི་ལག་པ་བསྒྱུར་ནས་ཞལ་ཟས་རོ་མཆོག་རྒྱ་དང་ལྡན་པ་ཡབ་ལ་སྟོབས་པ། དོན་ཡོད་གྲུབ་པའི་ཐུགས་དང་སྐུ་ལ་འབྱུང་བའོ། མེ་དྷ་ར་ནི་སྭ་ཧཱ། ཛ་དུ་པེ་པྲ་བེ་ཤ་ཞེས་ཤར་ལྷོའི་གྲུ་ཆད་ལ། བྱམས་པ་དང་གདུག་སྤོས་མ་སྐུ་མདོག་དཀར་སེར། ཡབ་ཀྱི་ཕྱག་ན་ཀླུ་ཤིང་དང་། གྷནྡྷེ་བསྣམས་པ། ཡུམ་གྱི་ཕྱག་ན་གདུག་སྤོས་བསྣམས་སོ། །ཐིང་ལྷ་ནི་སྭ་ཌ་བྷ་ཡ་སྭཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ཞེས་ལྷོ་ནུབ་ཀྱི་གྲུ་ཆད་ལ་སྒྲིབ་པ་རྣམ་པར་སེལ་བ་དང་། ལྷོ་མེ་ཏོག་མ་སྐུ་མདོག་སེར་མོ། ཡབ་ཀྱི་ཕྱག་ན་ཆོས་ཀྱི་འཁོར་ལོ་བསྣམས་པ། ཡུམ་གྱི་ཕྱག་ན་མེ་ཏོག་འཕྲེང་བ་བསྣམས་སོ། །ཧཱུཾ་སྭ་ར་ཙ་ཡ་སྭ་ཧཱ། བཾ་ཏི་པ་པུ་ཀེ་ནི། ཞེས་ནུབ་བྱང་གི་གྲུ་ཆད་ལ་ཀུན་ཏུ་བཟང་པོ་དང་། ལྷ་མོ་མར་མེ་མ་སྐུ་མདོག་དམར་མོ། །ཡབ་ཀྱི་ཕྱག་ན་རིན་པོ་ཆེའི་སྙེ་མ་བསྣམས་པ། ཡུམ་གྱི་ཕྱག་ན་མར་མེ་བསྣམས་སོ། །མུཾ་ཤྲི་ཨཾ་ར་ག་ཡེ་སྭ་ཧཱ། ཧོ་གྷནྟེ་ཙིཏྟ། ཞེས་བྱང་ཤར་གྱི་གྲུ་ཆད་ལ། འཇམ་དཔལ་གཞོན་ནུ་གྱུར་པ་དང་། ལྷ་མོ་དྲི་ཆབ་མ་སྐུ་མདོག་ལྗང་ཁུ། །ཡབ་ཀྱི་ཕྱག་ན་ཨུ་པ་ལ་བསྣམས་པ། ཡུམ་གྱི་ཕྱག་གཉིས་ན་དྲི་ཆབ་བསྣམས་པའོ། །སེམས་དཔའ་ཡབ་ཡུམ་དེ་རྣམས་ནི་ཀུན་ཀྱང་རལ་པའི་ཐོར་གཙུགས་མངའ་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཞབས་ཕྱེད་དཀྲུང་གི་བཞུགས་པ། ཡབ་ཡུམ་ཞལ་སྦྱོར་དུ་གནས་ཏེ། ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལ་མ་བྱམས་པ་ལྟར་སེམས་སྟེ། ཡབ་ཡུམ་དེ་རྣམས་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ་ཞེས་པས་ཤར་དུ་བཅོམ་ལྡན་འདས་བྱེད་པ་པོ་ཡིད་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཕྱག་མཉམ་བཞག་གི་ཕྱག་རྒྱའི་དཀྱིལ་ན། རྡོ་རྗེ་དཀར་པོ་བརྩེགས་པ་ལ་ཡེ་ཤེས་ཀྱི་མེ་འབར་བ། ཞབས་མཉམ་པར་བཞག་པའི་དཀྱིལ་མོ་དཀྲུང་གིས་པདྨའི་གདན་ལ་བཞུགས་པའོ། །ནུབ་ཏུ་ཨ་ཨ་ཨ་བཛྲ་ས་མནྟ་ༀ་ཞེས་པས་ཆོས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་གནས་སུ་དག་པའི་ཡུམ་ཀུན་ཏུ་བཟང་མོ། །ཤེས་བྱའི་བག་ཆགས་དག་པའི་རྟགས་སུ། སྐུ་མདོག་དཀར་མོ་ཕྱག་གཉིས་ཆོས་འབྱུང་གི་ཕྱག་རྒྱ་བྱས་སྟེ། གདན་པདྨའི་སྟེང་ན་ཞབས་གཉིས་མཉམ་པའི་དཀྱིལ་དཀྲུང་གིས་བཞུགས་པའོ། །ཡབ་ཡུམ་དེ་གཉིས་ནི་ཆོས་ཀྱི་སྐུ་ཡིན་སྟེ། དབྱིངས་མཁྱེན་པ་དང་ལྡན་པའི་རྟགས་སུ། ཡུམ་གྱི་ཞལ་ཤར་དུ་གཟིགས་པ། མཁྱེན་པའི་ཤེས་བྱ་དངོས་པོ་ཐམས་ཅད་དབྱིངས་སུ་གཟིགས་པའི་རྟགས་སུ། ཡབ་ཀྱི་ཞལ་ནུབ་ཏུ་གཟིགས་སོ། །ༀ་མུ་ནེ་ཏྲཾ་སྭཧཱ། ཤར་ལྷོ་ལྷའི་ཐུབ་པ་དཀར་པོ་པི་ཝཾཾཾ་བསྣམས་པ། ༀ་མུ་སྲུཾ་སྭཱཧཱ། བྱང་དུ་ལྷ་མ་ཡིན་གྱི་ཐུབ་པ་ལྗང་ནག་གཡས་རལ་གྲི། གཡོན་ཁྲབ། ༀ་མུ་ནེ་དྲུཾ་སྭཧཱ། ལྷོར་མིའི་ཐུབ་པ་སེར་པོ་གཡས་བསྲེག་ཤང་། གཡོན་ལྷུང་བཟེད། ༀ་མུ་ནེ་བྲཾ་སྭཧཱ། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་ལྗང་སེར་སྤྱི་བོ་ནས་ཆོས་ཀྱི་གླེགས་བམ་ཁུར་བ། མ་རིག་པའི་མུན་ཁང་འབྱེད་པ། ༀ་མུ་ནེ་ཥ་སྭཧཱ། ལྷོ་ནུབ་དུ་ཡི་དྭགས་ཀྱི་ཐུབ་པ་ལྗང་གསེར་ཕྱག་ན་རིན་པོ་ཆེའི་ཟ་མ་ཏོག་བསྣམས་པའི་ནང་ནས་ཡི་དྭགས་ཐམས་ཅད་ལ་མཆོད་སྦྱིན་གཏོང་བ། ༀ་མུ་ནེ་ཡེ་སྭཧཱ། བྱང་ཤར་དུ་དམྱལ་བའི་ཐུབ་པ་ནག་པོ་གཡས་གཡོན་དུ་མེ་ཆུ་བསྣམས་སྟེ། ཚ་གྲང་གི་སྡུག་བསྔལ་སེལ་བར་མཛད་པ། ཐུབ་པ་དེ་རྣམས་ནི་སྤྲུལ་པའི་སྐུ་ཡིན་སྟེ། ཀུན་དགེ་སློང་གི་ཆ་བྱད་ཅན། འགྲོ་བའི་དོན་ལ་བསྙེལ་བ་མི་མངའ་བའི་རྟགས་སུ། པདྨའི་གདན་ལ་བཞེངས་པའོ། །ཧཱུཾ་ཡ་མནྟ་ཀྲིཏ་ཕཊ། ༀ་བཛྲ་དཱ་ར་མཧཱ་ཀྲོ་དྷི་ཤཱ་རི་ལ་ནི་ཧཱུཾ་ཕཊཿཅེས་ཤར་སྒོར་ཁྲོ་བོ་ཆེན་པོ་གཤེན་རྗེ་གཤེད་དང་། ཡུམ་རྡོ་རྗེ་ལྕགས་ཀྱུ་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་མཆེ་བ་གཙིགས་པ། ཡབ་ཀྱི་གཡས་ན་ཐོད་དབྱུག །གཡོན་ཐོད་ཁྲག ཡུམ་གྱི་ཕྱག་ན་ལྕགས་ཀྱུ་བསྣམས་པ། དཔལ་གྱི་ཆས་ཆེན་པོ་བཅུ་དྲུག་གིས་བརྒྱན་པ། ཕུང་པོའི་བདུད་ཀྱི་གདན་ལ་བཞུགས་པར་སྒོམ་མོ། །ཧཱུཾ་པྲཛྙ་ཏ་ཀྲིད་ཕཊ། ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་པས་ལྷོ་སྒོར་ཁྲོ་བོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་ཞགས་པ་མ་སྐུ་མདོག་སེར་ནག་ཡབ་ཀྱི་གཡས་ན་རྡོ་རྗེ་དབྱུག་པ། གཡོན་ན་ཐོད་ཁྲག་ཡུམ་གྱི་ཕྱག་ན་ཞགས་པ་བསྣམས་པ། འཆི་བདག་གི་བདུད་ཀྱི་གདན་ལ་བཞུགས་པའོ། །ཧཱུཾ་པདྨ་ཏ་ཀྲིཏ་ཕཊ། ༀ་པདྨ་དྷ་ར་མཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་ནུབ་སྒོར་ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་ལྕགས་སྒྲོག་མ་སྐུ་མདོག་དམར་ནག་ཡབ་ཀྱི་ཕྱག་གཡས་པདྨའི་དབྱུག་པ་སྦྲུལ་གྱིས་དཀྲིས་པ་བསྣམས་པ། ཡུམ་གྱིས་ཕྱག་ན་ལྕགས་སྒྲོགས་བསྣམས་པ། ཉོན་མོངས་པའི་བདུད་ཀྱི་གདན་ལ་བཞུགས་པའོ། །ཧཱུཾ་བིག་ནན་ཏ་ཀྲིད་ཕཊ། ༀ་ཀརྨ་དྷ་ར་མཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་བྱང་སྒོར་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་དང་། ཡུམ་རྡོ་རྗེ་དྲིལ་བུ་མ་སྐུ་མདོག་ལྗང་ནག་ཡབ་ཀྱི་གཡས་རྡོ་རྗེ་རྒྱ་གྲམ་གྱི་དབྱུག་པ། ཡུམ་གྱི་ཕྱག་ན་གསེར་གྱི་དྲིལ་ཆེན་འཁྲོལ་བ། ལྷའི་བུའི་བདུད་ཀྱི་གདན་ལ་བཞུགས་པའོ། །ཁྲོ་བོ་ཡབ་ཡུམ་དེ་རྣམས་ནི་རྡོ་རྗེའི་སྐུ་ཡིན་སྟེ། ཀུན་ཀྱང་སྤྱན་གསུམ་མཆེ་བ་གཙིགས་པ། ཆས་ཆེན་པོ་བཅུ་དྲུག་གི་བརྒྱན་པ། གཡོན་ན་ཐོད་པ་ཁྲག་གི་གང་བ་བསྣམས་པའོ། །གཞལ་ཡས་ཁང་དེ་དག་ཀྱང་ཁྲོ་བོ་དེ་དག་གི་མེ་དཔུང་གིས་འཁྲིགས་པ། མེ་རི་འབར་བའི་དཀྱིལ་ན་བདེ་བར་གཤེགས་པ་རྣམས་བཞུགས་པའོ། །དེ་ནི་དཀྱིལ་འཁོར་འབྲིང་པོའི་བུམ་བསྐྱེད་དང་། ཡང་ན་མདུན་བསྐྱེད་དོ། །ཡང་ན་དཀྱིལ་འཁོར་རྒྱས་པ་ལྟར་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་དང་རྒྱུའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱི་གཞལ་ཡས་ཁང་ལ་ལྡུམ་རྫིངས་དཀར་པོའི་འཚལ། ཞེས་པ་ལ་སོགས་གོང་དང་མཚུངས་ལ། གཞལ་ཡས་ཁང་དེའི་ནང་གི་དབུས་འཁོར་ལོའི་ལྟེ་བ་ཟླུམ་པོ་མཐིང་ཁ་ཡི་དབུས་སུ་འཁོར་ལོ་གསེར་པོ་རྩིབས་བཞི་ལྟེ་བ་ལ་སེང་གེ་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ། ཉི་ཟླ་པདྨ། རྒྱུའི་ཨ་ལ་ཧཱུཾ་ཟུང་ལྔ་རྣམས་སྤྲོས། རྩིབས་བཞི་ལྟེ་བ་དང་ལྔར་བབས་སར་སང་གི་སྤྲོ་བསྡུས། འོད་དུ་ཞུ་བའི་འོད་ཕུང་ལས། ཕྱག་མཚན་དུ་གྱུར་པ་བསྒོམ་སྟེ། དབུས་སུ་རྡོ་རྗེ་དང་དྲིལ་བུ། ཤར་དུ་འཁོར་ལོ་དང་དྲིལ་བུ། ལྷོར་རིན་པོ་ཆེ་དང་དྲིལ་བུ། ནུབ་དུ་པདྨ་དང་དྲིལ་བུ། བྱང་དུ་རལ་གྲི་དང་དྲིལ་བུ། བར་སང་གིས་སྤྲོ་བསྡུ་འོད་དུ་ཞུ་བའི་འོད་ཕུང་ལས། སྐུ་ཡོངས་སུ་རྫོགས་པར་བསྐྱེད། ༀ་བཛྲ་ཨཀྵོ་བྷྱ་ཧཱུཾ། ༀ་བཛྲ་དྷ་རི་ཤྭ་ར་ཧཱུཾ། ཞེས་མི་སྐྱོད་པ་དང་ཀུན་བཟང་དབྱེར་མེད་པ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་གཡོན་དམར། དབུས་མཐིང་པ་ལ་རལ་བའི་ཐོར་གཙུགས་ནག་པོ་འགྱིང་བ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་སྟེ་ཡུམ་ལ་འཁྱུད་པ། གཡས་བར་མ་འཁོར་ལོ། །འོག་མ་ན་རིན་པོ་ཆེ། གཡོན་བར་མ་ན་པདྨ། ཐ་མ་ན་རལ་གྲི། ཕྱག་རྒྱ་དེ་དག་ལ་ཡེ་ཤེས་ཀྱི་མེ་འབར་བ། ཞབས་སྙོམས་པའི་དཀྱིལ་དཀྲུང་གིས་བཞུགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཡུམ་རྡོ་རྗེ་དབྱིངས་ཕྱག་མ་སྐུ་མདོག་ཡབ་དང་མཐུན་པ་ཞལ་གཅིག་ཕྱག་གཉིས། གཡས་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་བསྣམས་པའོ། །ༀ་བཛྲ་སཏྭ་བཛྲ་ཧཱུཾ། ༀ་ཏིཥྛ་བཛྲ་ཧཱུཾ་ཞེས་པས། སེམས་དཔའི་རྡོ་རྗེ་སྔོན་པོ་འཁོར་ལོ་དྲིལ་བུ་བསྣམས་པ་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་བསྟན་མ་སྔོན་མོ། རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། ཡབ་སེམས་དཔའི་དཀྱིལ་དཀྲུང་སྟེ། ཞབས་གཡོན་པ་ཅུང་ཟད་གདན་ལ་འབེབས་པ། ༀ་རཏྣ་བཛྲ་ཧཱུཾ། ༀ་ཛྭ་བཛྲ་ཧཱཾ། ཞེས་རིན་པོ་ཆེན་རྡོ་རྗེ་སྐུ་མདོག་སྔོན་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པས་ཡུམ་ལ་འཁྱུད་པ། འབར་མ་རྡོ་རྗེ་སྔོན་མོ། །རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། ༀ་དྷརྨ་བཛྲ་ཧཱུཾ། ༀ་སང་ཀྲ་བཛྲ་ཧཱུཾ། ཞེས་པས་རྡོ་རྗེ་སྐུ་མདོག་སྔོན་པོ་པདྨ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། སྡུད་མ་སྔོན་མོ་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། ༀ་ཀརྨ་བཛྲ་ཧཱུཾ། ༀ་ཙཀྲ་ལ་བཛྲ་ཧཱུཾ། ཞེས་ལས་ཀྱི་རྡོ་རྗེ་སྐུ་མདོག་སྔོན་པོ་རལ་གྲི་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། བསྐྱོད་མ་རྡོ་རྗེ་སྐུ་མདོག་སྔོན་མོ་ཡབ་ལ་འཁྱུད་པ། རྒྱུ་ཡི་གེ་ཨ་ལ། ༀ་ཟུང་ལྔ་འཕྲོས། ཤར་གྱི་འཁོར་ལོ་ལྟེ་བ་རྩིབས་བཞི་གསེར་པོའི་དབུས་སུ། གླང་པོ་ཆེ་ལ་སོགས་པ་གདན་དྲུག་བརྩེགས་བརྩེགས་པ། རྩིབས་བཞི་ལ་ཉི་ཟླ་པདྨའི་སྟེང་དུ་བབས་སར་སང་གི་སྤྲོ་བསྡུས། ལྷ་རང་རང་གི་ཕྱག་མཚན་དུ་གྱུར་སྟེ། དབུས་སུ་འཁོར་ལོ་དང་དྲིལ་བུ། ཤར་དུ་རྡོ་རྗེ་དང་དྲིལ་བུ། ལྷོར་ལྕགས་ཀྱུ་དང་དྲིལ་བུ། ནུབ་དུ་འདའ་གཞུ། བྱང་དུ་རྒྱ་གྲམ་དང་དྲིལ་བུ། ཡང་སར་སང་གི་སྤྲོ་བསྡུས། ༀ་ཛི་ན་ཛིག་ཨཾ། ལཾ་ཏི་ཤ་ར་ཏི་ༀ། འཁོར་ལོའི་དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་སྔོ་གཡོན་དམར། ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ་ཡུམ་ལ་འཁྱུད་པ། གཡས་བར་པ་ན་རྡོ་རྗེ། ཐ་མ་ན་རིན་པོ་ཆེ། གཡོན་བར་པ་ན་པ་པདྨ། ཐ་མ་ན་རལ་གྲི་ཡུམ་བུདྡྷ་དབྱིངས་ཕྱག་མ་ཞལ་གཅིག་ཕྱག་གཉིས་འཁོར་ལོ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། མདུན་དུ་ༀ་བཛྲ་སཏྭ་ༀ། །ༀ་བཛྲ་ལ་སྱ་ༀ། ཞེས་རྡོ་རྗེ་སེམས་དཔའ་དཀར་པོ། རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། ཡུམ་ལ་སེ་མ་དཀར་མོ་མེ་ལོང་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། གཡས་སུ་བཛྲ་ར་ཛ་ༀ། ༀ་བཛྲ་དྷུ་པེ་ༀ། ཞེས་རྡོ་རྗེ་རྒྱལ་པོ་སྐུ་མདོག་དཀར་པོ་ལྕགས་ཀྱུ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། དྷུ་པེ་མ་སྐུ་མདོག་དཀར་པོ་སྤོས་ཁང་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། རྒྱབ་དུ། ༀ་བཛྲ་ར་ག་ༀ། །ༀ་བཛྲ་ཨངྒུ་ཤ་ༀ། །ཞེས་རྡོ་རྗེ་ཆགས་པ་སྐུ་མདོག་དཀར་པོ་མདའ་གཞུ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་ལྕགས་ཀྱུ་མ་སྐུ་མདོག་དཀར་མོ་ལྕགས་ཀྱུ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། གཡོན་དུ་ༀ་བཛྲ་ས་དུ་ༀ། །ༀ་བཛྲ་ཏ་རི་ༀ། །ཞེས་པས་རྡོ་རྗེ་ལེགས་པ་སེ་གོལ་བརྡབ་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྒྲོལ་མ་སྔོ། །འཕྲེང་བ་བསྣམས་ནས་ཡབ་ལ་འཁྱུད་པའོ། །ལྷོ་རྩིབས་སྔོན་པོའི་དབུས་སུ། འཁོར་ལོ་གསེར་པོ་རྩིབས་བཞིའི་ལྟེ་བ་རྟ་མཆོག་བརྒྱད་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་ཉི་ཟླ་པདྨའི་གདན། རྒྱུའི་ཡི་གེ་ཨ་ལས་ཏྲཾ་ཟུང་ལྔ་འཕྲོས། དབུས་དང་རྩིབས་བཞི་ལ་བབས། སར་སང་གི་སྤྲོ་བསྡུས། ཡིག་འབྲུ་རྣམས་ཀྱང་འོད་དུ་ཞུ་བའི་འོད་ཕུང་ལས། འཁོར་ལོ་ལྟེ་བའི་གདན་གྱི་སྟེང་དུ། རིན་པོ་ཆེ་དང་དྲིལ་བུར་གྱུར་པར་བསམ་ལ། དེ་བཞིན་དུ་ཤར་གྱི་རྩིབས་ལ། རིན་ཆེན་མྱུ་གུ་འཕྲེང་བ། ལྷོའི་རྩིབས་ལ་ཉི་མ་དང་མེ་ཏོག ནུབ་ཀྱི་རྩིབས་ལ་རྒྱན་དང་ཞགས་པ། བྱང་གི་རྩིབས་ལ། སོའི་འཕྲེང་བ་དང་བསིལ་ཡབ། སར་སང་གི་སྤྲོ་བསྡུ། སྭ་རཏྣ་དྷྲིག། མ་མོ་ཧ་ར་ཏི། དབུས་སུ་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་པོ་ཞལ་གསུམ་ཕྱག་དྲུག །གཡས་ཞལ་སྔོ་བ། གཡོན་ཞལ་དམར་བ། ཕྱག་དང་པོ་གཉིས་རིན་པོ་ཆེ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་བར་པ་ན་རྡོ་རྗེ། འོག་མ་ན་འཁོར་ལོ། གཡོན་བར་པ་ན་པདྨ་དང་། ཐ་མ་ན་རལ་གྲི། ཡུམ་རིན་ཆེན་དབྱིངས་ཕྱུག་མ་སྐུ་མདོག་གསེར་མོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཞབས་བརྟུལ་ཞུགས་ཀྱི་དཀྱིལ་མོ་དཀྲུང་གི་བཞུགས་པ། མདུན་དུ་རྡོ་རྗེ་རིན་པོ་ཆེ་སྐུ་མདོག་སེར་པོ་རིན་པོ་ཆེའི་མྱུ་གུ་དང་དྲིལ་བུ་བསྣམས་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་འཕྲེང་བ་མ་འཕྲེང་བ་དང་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ། གཡས་སུ་ༀ་བཛྲ་སུ་རྒྱ་ཏྲཾ། ༀ་བཛྲ་པུཥྤེ་ཏྲཾ། ཞེས་རྡོ་རྗེ་གཟི་བརྗིད་སྐུ་མདོག་སེར་པོ་ཉི་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། ཡུམ་མེ་ཏོག་མ་སེར་མོ་མེ་ཏོག་དང་དྲིལ་བུ་བསྣམས་ནས་ཡབ་འཁྱུད་པ། རྒྱབ་དུ་ༀ་བཛྲ་ཀེ་ཏུ་ཏྲཾ། ༀ་བཛྲ་པ་ཤ་ཏྲཾ། ཞེས་པས། རྡོ་རྗེ་རྒྱལ་མཚན་སྐུ་མདོག་སེར་པོ་རྒྱལ་མཚན་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་ཞགས་པ་མ་སེར་མོ་ཡབ་ལ་འཁྱུད་པ། གཡོན་དུ། ༀ་བཛྲ་ཧ་ས་ཏྲཾ། ༀ་བཛྲ་ར་ཏྲི་ཏྲཾ་ཞེས་རྡོ་རྗེ་བཞད་པ་སྐུ་མདོག་སེར་པོ་ཚེམས་ཀྱི་འཕྲེང་བ་དང་དྲིལ་བུ་བསྣམས་སྟེ་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་བསིལ་མ་སྐུ་མདོག་སེར་མོ་བསིལ་གཡབ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པའོ། །ནུབ་རྩིབས་སྔོན་པོའི་སྟེང་དུ་འཁོར་ལོ་གསེར་པོ་རྩིབས་བཞིའི་ལྟེ་བར་རྨ་བྱ་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་ཉི་ཟླ་པདྨའི་གདན། རྒྱུའི་ཡི་གེ་ཨ་ལས་ཧྲིཿཟུང་ལྔ་འཕྲོས། དབུས་དང་རྩིབས་བཞི་ལ་བབས། སར་སང་གི་སྤྲོ་བསྡུས། ཡིག་འབྲུ་རྣམས་འོད་དུ་ཞུ་བའི་འོད་ཕུང་ལས། འཁོར་ལོའི་ལྟེ་བའི་གདན་གྱི་སྟེང་དུ། པདྨ་དང་དྲིལ་བུ། མདུན་དུ། པདྨ་མྱུ་གུ་དང་དྲིལ་བུ། གཡས་སུ་རལ་གྲི་དང་དྲིལ་བུ། རྒྱབ་དུ། འཁོར་ལོ་དང་ལྕགས་སྒྲོགས། གཡོན་དུ་ལྕེ་དང་དྲིལ་བུ་སོགས། སར་སང་གི་སྤྲོ་བསྡུས། ཨཾ་ཨ་རོ་ལིག་པྱཾ་ར་ག་ར་ཏི། ཞེས། སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག །གཡས་ཞལ་དཀར་བ། གཡོན་ཞལ་སྔོ། ཕྱག་དྲུག་དང་པོ་གཉིས་ཀྱིས་པདྨ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ལོ། །གཡོན་བར་མ་ན་རིན་པོ་ཆེ། ཐ་མ་ན་རིན་པོ་ཆེ། ཡུམ་པདྨ་དབྱིངས་ཕྱུག་མ་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་བསྣམས་པས་ཡབ་ལ་འཁྱུད་པ། མདུན་དུ། བཛྲ་དྷརྨ་ཧྲི། བཛྲ་གིརྟི་ཧྲི་ཞེས་རྡོ་རྗེ་ཆོས་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་གླུ་ཆེན་མ་དམར་མོ་པི་ཝཾཾ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། གཡས་སུ། ༀ་བཛྲ་ཏིག་ན་ཧྲི། བཛྲ་ཨ་ལོ་ཀེ་ཧྲི། ཞེས། རྡོ་རྗེ་རྣོན་པོ་དམར་པོ་རལ་གྲི་དང་དྲིལ་བུ་བསྣམས་སྟེ་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་དམར་མོ་མར་མེ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། རྒྱབ་དུ་ༀ་བཛྲ་ཙཀྲ་ཧྲི། ༀ་བཛྲ་པོ་ཏ་ཧྲིཿ ཞེས་རྡོ་རྗེ་སྐུ་དམར་པོ་འཁོར་ལོ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་ལྕགས་སྒྲོགས་མ་དམར་མོ་ལྕགས་སྒྲོགས་དང་དྲིལ་བུ་བསྣམས་ནས་ནས་ཡབ་ལ་འཁྱུད་པ། གཡོན་དུ། ༀ་བཛྲ་པ་ཤ་ཧྲིཿ ༀ་བཛྲ་ཨ་ལོ་ཀེ་ཧྲི། ཞེས་རྡོ་རྗེ་སྨྲ་བ་སྐུ་མདོག་དམར་པོ་རྡོ་རྗེའི་ལྕེ་དང་དྲིལ་བུ་བསྣམས་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་གསལ་ཏྲ་མ་དམར་མོ་སྒྲོན་མེ་དང་དྲིལ་བུ་བསྣམས་སྟེ་ཡབ་ལ་འཁྱུད་པའོ། །བྱང་རྩིབས་སྔོན་པོའི་སྟེང་དུ། འཁོར་ལོ་སེར་པོ་རྩིབས་བཞི་ལྟེ་བར་ཤང་ཤང་བརྒྱད་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་ཉི་ཟླ་པདྨའི་གདན། རྒྱུའི་ཡི་གེ་ཨ་ལས་ཧ་ཟུང་ལྔ་འཕྲོས། དབུས་དང་རྩིབས་བཞི་ལ་བབས། སར་སང་གི་སྤྲོ་བསྡུས་ཡིག་འབྲུ་རྣམས་འོད་དུ་ཞུ་བའི་འོད་ཕུང་གི་འཁོར་ལོའི་ལྟེ་བའི་གདན་གྱི་སྟེང་དུ། རྡོ་རྗེ་རྒྱ་གྲམ་དང་དྲིལ་བུ། །མདུན་དུ་རལ་གྲི་དང་དྲིལ་བུ། གཡས་སུ་རྡོ་རྗེའི་གོ་ཆ་དང་དྲིལ་བུ། རྒྱབ་ཏུ་མཆེ་བ་དང་དྲིལ་བུ། གཡོན་དུ་རྡོ་རྗེ་དང་དྲིལ་བུ་ལ་སོགས། སར་སང་གི་སྤྲོ་བསྡུས། ཧ་པྲཛྙ་དྲིག །ཏཾ་བཛྲ་ར་ཏི་ཞེས་དབུས་སུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར། གཡོན་དམར། ཕྱག་དང་པོ་གཉིས་རྒྱ་གྲམ་དང་དྲིལ་བུ་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ལོ། །གཡོན་བར་མ་ན་རིན་པོ་ཆེ། ཐ་མ་ན་པདྨ། ཡུམ་ལས་ཀྱི་དབྱིངས་ཕྱུག་མ་སྐུ་མདོག་ལྗང་ཁུ་རྒྱ་གྲམ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། མདུན་དུ། ༀབཛྲ་ཀརྐ་ཧཾ། ༀ་བཛྲ་ནི་ར་ཏི་ཧཾ། ཞེས། རྡོ་རྗེ་ལས་སྐུ་མདོག་ལྗང་ཁུ་རལ་གྲི་དང་དྲིལ་བུ་བསྣམས་སྟེ་ཡུམ་ལ་འཁྱུད་པ། ཡུམ་གར་མ་ལྗང་ཁུ་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་། གར་བསྒྱུར་སྟེ་ཡབ་ལ་འཁྱུད་པ། གཡས་སུ། ༀ་རཀྵ་ཧཾ། ༀ་བཛྲ་གན་དྷེ་ཧཾ། ཞེས། རྡོ་རྗེ་བསྲུངས་བ་སྐུ་མདོག་ལྗང་ཁུ་གོ་ཆ་དང་དྲིལ་བུ་བསྣམས་སྟེ་ཡུམ་འཁྱུད་པ། ཡུམ་རྡོ་རྗེ་བྱུག་པ་མ་ལྗང་ཁུ་དྲིའི་དུང་ཆོས་དང་དྲིལ་བུ་བསྣམས་སྟེ་ཡབ་ལ་འཁྱུད་པ། རྒྱབ་ཏུ། ༀ་བཛྲ་ཡཀྵ་ཧཾ། ༀ་བཛྲ་གནྡྷ་ཧཾ། ཞེས་རྡོ་རྗེ་གདོན་སྦྱིན་སྐུ་མདོག་ལྗང་ཁུ་མཆེ་བ་དང་དྲིལ་བུ་བསྣམས་སྟེ་ཡུམ་ལ་འཁྱུད་པ། ༀ་བཛྲ་བན་ཏི་ཧ། ༀ་བཛྲ་ཨ་བེ་ཤ་ཨ། ཞེས་ཁུ་ཚུར་ལྗང་ཁུ་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་བསྣམས་སྟེ་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་འབེབས་མ་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡེ་ཤེས་འབེབས་བར་མཛད་པའོ། །དེ་ལྟར་གཙོ་འཁོར་དེ་དག་ཡབ་ཡུམ་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དང་ལྡན་པ། བརྒྱད་ཆས་བཅུ་གསུམ་གྱིས་བརྒྱན་པར་བསྐྱེད། དབུས་ཀྱི་གཙོ་བོ་རྣམས་རྡོ་རྗེ་དཀྱིལ་དཀྲུངས་དང་། འཁོར་རྣམས་སེམས་ད པའི་ཚུལ་ཅན་ཡབ་ཡུམ་རྣམས་འཁྲིལ་སྦྱོར་མཛད་པའོ། །དེ་ནས་རྒྱུའི་ཡི་གེ་ཨ་ལས། ཡིག་གེ་སུམ་ཅུ་རྩ་གཅིག་འཕྲོས་སྟེ། ཤར་ལྷོའི་རྩིབས་འཆན་ལ་ཀ་དང་ཙ། ལྷོ་ནུབ་དུ་ཁ་དང་ཚ། ནུབ་བྱང་དུ་ག་དང་ཛ། བྱང་ཤར་དུ་གྷ་དང་ཛྷ། ཤར་ལྷོའི་གྲུ་ཆད་ལ། ས་དང་ཡ། ལྷོ་ནུབ་དུ་ཡ་དང་ཝ། ནུབ་བྱང་དུ་བ་དང་ར། བྱང་ཤར་དུ་བྷ་དང་ལ། ཤར་ལྷོར་ཨི། ལྷ་རྣམས་ཀྱི་བྱང་དུ་ཨི། ལྷོ་ཨུ། ནུབ་བྱང་དུ་ཨུ། ལྷོ་ནུབ་དུ་ཨེ། བྱང་ཤར་དུ་ཨཻ། ཤར་སྒོར་ང་དང་ཤ །ལྷོ་སྒོར་ཉ་དང་ཥ། ནུབ་སྒོར་མ་དང་ས། བྱང་སྒོར་ཨཾ་དང་ཧ། ལྷ་རྣམས་ཀྱི་ཤར་དུ་ཥ། རྒྱུའི་ཡི་གེར་ཨ། ལྷ་རྣམས་ཀྱི་ནུབ་བློ་འབུར་གྱི་སྟེང་དུ་བབས། སར་སང་གིས་སྤྲོ་བསྡུས། ཕྱག་མཚན་སུམ་ཅུ་རྩ་གཉིས་སུ་གྱུར། སར་སང་གི་སྤྲོ་བསྡུས་འོད་དུ་ཞུ་བ་ལས། ཀྵི་ཧ་ར་ཙ་ཡ། ཧཱུྃ་ལ་སྱ་ས་མ་ཡ་སྟྭཾ། ཞེས་ཤར་ལྷོའི་དབལ་ཀ་ལ། སའི་སྙིང་བོ་ཡབ་ཡུམ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས། ཡབ་ཀྱི་ཕྱག་ན་རིན་པོ་ཆེའི་མྱུ་གུ། ཡུམ་གྱི་ཕྱག་གཉིས་ཀྱིས་མེ་ལོང་ཞབས་ཕྱེད་དཀྲུང་གིས་བཞུགས་པ། ཡབ་ཡུམ་ཞལ་སྦྱོར་དུ་བྱས་པའོ། །ཏྲཾ་ཨ་གརྦ་ཡ། ཏྲཾ་མ་ལེ་ས་མ་ཡ་ཧོ། །ཞེས། ལྷོ་ནུབ་ཀྱི་རྩིབས་འཆན་ལ་ནམ་མཁའི་སྙིང་པོ་དང་། རིན་པོ་ཆེའི་འཕྲེང་བ་མ་སྐུ་མདོག་སེར་མོ། །ཡབ་ཀྱི་གཡས་ན་རལ་གྲི། ཡུམ་གྱི་ཕྱག་ན་རིན་པོ་ཆེའི་འཕྲེང་བ་བསྣམས་སྟེ། ཡབ་ཀྱི་དབུ་ལ་ཐོད་བཅིངས་པའོ། །ཧྲི་ཧ་ཧོ་པདྨ་བྷ་ཏྲ་མ། ཧྲི་གིརྟི་ག་ཡ་ཧཾ། ཞེས་ནུབ་བྱང་གི་རྩིབས་བར་མ། སྤྱན་རས་གཟིགས་དབང་ཕྱུག་དང་། ལྷ་མོ་དབྱངས་ཅན་མ་སྐུ་མདོག་དམར་མོ། །ཡབ་ཀྱི་གཡས་ན་པདྨ་དཀར་པོ་བསྣམས་པ། ཡུཾ་གྱི་ཕྱག་གཉིས་ཀྱི་ཆོས་ཀྱི་པི་ཝཾ་བསྡེབ་པའོ། །ཛེཾ་ཀུ་རུ་པ་ན་ཧྲི། ཨ་ནྀ་རྟི་ར་ག་ཡ་མི། ཞེས་སོ། །བྱང་ཤར་གྱི་རྩིབས་བར་ལ་ཕྱག་ན་རྡོ་རྗེ་དང་། ལྷ་མོ་གར་མཁན་མ་སྐུ་མདོག་ལྗང་ཁུ། ཡབ་ཀྱི་ཕྱག་གཡས་ན་རྡོ་རྗེ་རྩེ་དགུ་བསྣམས་པ། ཡུམ་གྱི་ཕྱག་གཉིས་ཀྱིས་གར་གྱི་ལག་པ་བསྒྱུར་ནས། ཞལ་ཟས་རོ་མཆོག་བརྒྱད་དང་ལྡན་པ་ཡབ་ལ་སྟོབས་པའོ། །མེ་དྷ་ར་ནི་སྭཧཱ། ཛ་དུ་བེ་པྲ་བེ་ཤ་ཞེས་ཤར་ལྷོའི་གྲུ་ཆད་ལ། བྱམས་པ་དང་གདུག་སྤོས་མ་སྐུ་མདོག་དཀར་སེར། ཡབ་ཀྱི་ཕྱག་གཡས་ན་ཀླུ་ཤིང་དང་གྷེན་དྷེ་བསྣམས་པའོ། །ཡུམ་གྱི་ཕྱག་ན་གདུག་སྤོས་བསྣམས་པའོ། །ཐླྷཱི་ཾ ནི། སྭ་རི་བྷ་ཡ་སྭཧཱ། ༀ་པུཥྤེ་ཨ་བེ་ཤ་ཡ། ཞེས་ལྷོ་ནུབ་ཀྱི་གྲུ་ཆད་ལ། སྒྲིབ་པ་རྣམ་པར་སེལ་བ་དང་། ལྷ་མོ་མེ་ཏོག་མ་སྐུ་མདོག་གསེར་མོ། །ཡབ་ཀྱི་ཕྱག་ན་ཆོས་ཀྱི་འཁོར་ལོ་བསྣམས་པ། ཡུམ་གྱི་ཕྱག་ན་མེ་ཏོག་གི་འཕྲེང་བ་བསྣམས་པའོ། །ཧཱུྃ་སྭ་ར་ཙ་ས་སྭཧཱ། བཾ་ཏ་པ་བུ་ཀེ་ནི། ཞེས་ནུབ་བྱང་གི་གྲུ་ཆད་ལ། ཀུན་ཏུ་བཟང་པོ་དང་། ལྷ་མོ་མར་མེ་མ་སྐུ་མདོག་དམར་མོ། །ཡབ་ཀྱི་ཕྱག་ན་རིན་པོ་ཆེའི་སྙེ་མ་བསྣམས་པ། ཡུམ་གྱི་ཕྱག་ན་མར་མེ་བསྣམས་སོ། །མུཾ་ཤྲི་ཨཾ་ར་ག་ཡ་སྭཧཱ། ཧོ་གནྷེ་ཙིཏྟ་ཞེས། བྱང་ཤར་གྱི་གྲུ་ཆད་ལ། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལྷ་མོ་དྲི་ཆབ་མ་སྐུ་མདོག་ལྗང་ཁུ་ཡབ་ཀྱི་ཕྱག་ན། ཨུད་དཔལ་བསྣམས་པ། ཡུམ་གྱི་ཕྱག་གཉིས་ཀྱི་དྲི་ཆབ་བསྣམས་པའོ། །སེམས་དཔའ་ཡབ་ཡུམ་དེ་རྣམས་ནི་ཀུན་ཀྱང་དབུ་རལ་པའི་ཐོར་གཙུགས་མངའ་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བརྒྱད་ཅུ་དང་ལྡན་པ། ཞབས་ཕྱེད་དཀྲུང་གིས་བཞུགས་པ། ཡབ་ཡུམ་ཞལ་སྦྱོར་དུ་བྱས་ཏེ། ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལ་མ་བྱམས་པ་ལྟར་སེམས་ཏེ། ཡབ་ཡུཾ་དེ་རྣམས་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཞེས་པས། ཤར་དུ་བཅོམ་ལྡན་འདས་རྡོ་རྗེ་བྱེད་པ་པོ། ཡིད་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། མཉམ་པའི་ཕྱག་རྒྱའི་དཀྱིལ་ན། རྡོ་རྗེ་དཀར་པོ་བརྩེགས་པ་ལ། །ཡེ་ཤེས་ཀྱི་མེ་འབར་བ། ཞབས་མཉམ་པའི་དཀྱིལ་མོ་དཀྲུང་གིས་པདྨའི་གདན་ལ་བཞུགས་པའོ། །ནུབ་ཏུ་ཨ་ཨ་ཨ་བཛྲ་ས་མནྟ་ༀ། ཞེས་པས། ཆོས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་གནས་སུ་དག་པའི་ཡུམ་ཀུན་བཟང་མོ། །ཤེས་བྱའི་བག་ཆགས་དག་པའི་རྟགས་སུ། སྐུ་མདོག་དཀར་མོ་ཕྱག་གཉིས་ཆོས་འབྱུང་གི་ཕྱག་རྒྱ་བཅས་ཏེ། གདན་པདྨའི་གདན། ཞབས་གཉིས་མཉམ་པའི་དཀྱིལ་དཀྲུང་གི་བཞུགས་པའོ། །ཡབ་ཡུམ་དེ་གཉིས་ནི་ཆོས་ཀྱི་སྐུ་ཡིན་སྟེ། དབྱིངས་མཁྱེན་དང་ལྡན་པའི་རྟགས་སུ་ཡུམ་གྱིས་ཞལ་ཤར་དུ་གཟིགས་པ། མཁྱེན་པའི་ཤེས་བྱ་དངོས་པོ་ཐམས་ཅད་དབྱིངས་སུ་གཟིགས་པའི་རྟགས་སུ། ཡབ་ཀྱི་ཞལ་ནུབ་ཏུ་གཟིགས་པའོ། །ༀ་མུ་ནེ་ཀྲེ་ཾ སྭཧཱ། ཤར་ལྷོར་ལྷའི་ཐུབ་པ་དཀར་པོ་པི་ཝཾ་བསྣམས་པ། ༀ་མུ་ནེ་བསྲུཾ་སྭཧཱ། བྱང་དུ་ལྷ་མིན་གྱི་ཐུབ་པ་ལྗང་ནག་གཡས་རལ་གྲི་གཡོན་ཁྲབ། ༀ་མུ་ནེ་དྲུང་སྭཧཱ། ལྷོར་མིའི་ཐུབ་པ་སེར་པོ་གཡས་བསྲེག་ཤང་། གཡོན་ལྷུང་བཟེད། ༀ་མུ་ནེ་བྲེམ་སྭཧཱ། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་ལྗང་སེར། སྤྱི་བོ་ནས་ཆོས་ཀྱི་གླེགས་བམ་ཁུར་བ། མ་རིག་པའི་མུན་ཁང་འབྱེད་པ། ༀ་མུ་ནེ་ཀྵཾ་སྭཧཱ། ལྷོ་ནུབ་དུ་ཡི་དྭགས་ཀྱི་ཐུབ་པ་ལྗང་སེར་ཕྱག་ན་རིན་པོ་ཆེའི་ཟ་མ་ཏོག་བསྣམས་པའི་ནང་ནས་ཡི་དྭགས་ཐམས་ཅད་ལ་མཆོད་སྦྱིན་གཏོང་བ། ༀ་མུ་ནེ་ཡེ་སྭཧཱ། བྱང་ཤར་དུ་དམྱལ་བའི་ཐུབ་པ་ནག་པོ་གཡས་སུ་མེ་ཆུ་བསྣམས་པ། ཚ་གྲང་གི་སྡུག་བསྔལ་སེལ་བར་མཛད་པ། ཐུབ་པ་དེ་རྣམས་ནི་སྤྲུལ་པའི་སྐུ་ཡིན་སྟེ། ཀུན་དགེ་སློང་གི་ཆ་བྱད་ཅན། འགྲོ་བའི་དོན་ལ་བསྙེལ་པ་མི་མངའ་བའི་རྟགས་སུ། པདྨའི་གདན་ལ་བཞེངས་པའོ། །ༀ་ཡ་མན་ཏ་ཀྲིད་ཕཊ། ༀ་བཛྲ་ད་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ན་ཧཱུཾ་ཕཊ། ཅེས་ཤར་སྒོར་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་དང་། ཡུམ་རྡོ་རྗེ་ལྕགས་ཀྱུ་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། ཡབ་ཀྱི་གཡས་ན་ཐོད་དབྱུག །གཡོན་ཐོད་ཁྲག །ཡུམ་གྱི་ཕྱག་ན་ལྕགས་ཀྱུ་བསྣམས་པ། དཔལ་གྱི་ཆས་ཆེན་པོ་བཅུ་དྲུག་གིས་བརྒྱན་པ། ཕུང་པོའི་བདུད་ཀྱི་གདན་ལ་བཞུགས་པར་བསྒོམ་མོ། །ཧཱུཾ་པྲཛྙ་ཏ་ཀྲིད་ཕཊ། ༀ་རཏྣ་དྷ་ར་མཧཱ་ཀྲོ་དྷི་ཤྭ་རི་ཛ་ལ་ཧཱུཾ་ཕཊ། ཅེས་པས། ལྷོ་སྒོར་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་ཞགས་པ་མ་སྐུ་མདོག་གསེར་ནག་གཡས་ན་རྡོ་རྗེ་དབྱུག་པ། གཡོན་ཐོད་ཁྲག །ཡུམ་གྱི་ཕྱག་ན་ཞགས་པ་བསྣམས་པ། འཆི་བདག་གི་བདུད་ཀྱི་གདན་ལ་བཞུགས་པའོ། །ཧཱུཾ་པདྨ་ཏ་ཀྲིད་ཕཊ། ༀ་པདྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཅེས། ནུབ་སྒོར་ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་ལྕགས་སྒྲོགས་མ། སྐུ་མདོག་དམར་ནག་ཡབ་ཀྱི་ཕྱག་གཡས་ན་པདྨའི་དབྱུག་པ། སྤྲུལ་གྱིས་དཀྲིས་པ་བསྣམས་པ། ཡུམ་གྱི་ཕྱག་ན་ལྕགས་སྒྲོགས་བསྣམས་པ། ཉོན་མོངས་པའི་བདུད་ཀྱི་གདན་ལ་བཞུགས་པའོ་ཧཱུཾ་བིག་ནན་ཏ་ཀྲིད་ཕཊ། ༀ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭི་ར་ཛ་ལ་ནི་ཧཱུཾ་ཕཊ། ཅེས་བྱང་སྒོར་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་དང་། ཡུམ་རྡོ་རྗེ་དྲིལ་བུ་མ་སྐུ་མདོག་ལྗང་ནག་ཡབ་ཀྱི་གཡས་རྡོ་རྗེ་རྒྱ་གྲམ་དབྱུག་པ། ཡུམ་གྱི་ཕྱག་ན་གསེར་གྱི་དྲིལ་ཆེན་འཁྲོལ་བ། ལྷའི་བུའི་བདུད་ཀྱི་གདན་ལ་བཞུགས་པའོ། །ཁྲོ་བོ་ཡབ་ཡུམ་དེ་རྣམས་རྡོ་རྗེའི་སྐུ་ཡིན་སྟེ། ཀུན་ཀྱང་སྤྱན་གསུམ་མཆེ་བ་གཙིགས་པ། ཆས་ཆེན་པོ་བཅུ་དྲུག་གིས་བརྒྱན་པའོ། །གཡོན་ན་ཐོད་པ་ཁྲག་གི་གང་བ་བསྣམས་པའོ། །གཞལ་ཡས་ཁང་དེ་དག་ཀྱང་ཁྲོ་བོ་དེ་དག་གི་མེ་དཔུང་འཁྲིགས་པ་མེ་རི་འབར་བའི་དཀྱིལ་ན་བདེ་བར་གཤེགས་པ་རྣམས་བཞུགས་པའོ། །དེ་ནི་དཀྱིལ་འཁོར་རྒྱས་པ་སྟེ། བུམ་བསྐྱེད་དང་། མདུན་བསྐྱེད་གང་ལའང་རུང་ངོ་། །ཡང་ན་ཚོམ་བུ་གཅིག་པའི་དཀྱིལ་འཁོར་ལྟར་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་གི་ཏིང་འཛིན་དང་། རྒྱུའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱིས་རྟེན་གཞལ་ཡས་ཁང་ལྡུམ་རྫིངས་དཀར་པོའི་ཚལ། ཞེས་པ་ལ་སོགས་པ་གོང་དང་མཚུངས་ལ། གཞལ་ཡས་ཁང་དེའི་ནང་གི་དབུས་སུ་འཁོར་ལོའི་ལྟེ་བ་ཟླུམ་པོ་མཐིང་ཀ་རྩིབས་བཞི་སེར་པོ། རྩིབས་འཆན་སྔོན་པོ། གྲུ་ཆད་ཕྱོགས་མདོག་ལ། སྒོ་དབུས་འཁོར་ལོའི་ལྟེ་བ། སེང་གེ་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་ཉི་ཟླ་པདྨའི་གདན། སྒོ་བཞིར་ཉི་མ་བདུད་བཞིའི་གདན་ལ། རྒྱུའི་ཡི་གེ་ཨ་ལས་ཧཱུཾ་ཟུང་ལྔ་འཕྲོས། ལྟེ་བ་དང་རྩིབས་བཞི་ལ་བབས། ཧཱུཾ་ཛ། ཧཱུཾ་ཧཱུཾ་ཧཱུཾ་བཾ་ཧཱུཾ་ཧོ། །སྒོ་བཞིར་བབས། སར་སང་གི་སྤྲོ་བསྡུས་འོད་དུ་ཞུ་བའི་འོད་ཕུང་ལས ཕྱག་མཚན་དུ་གྱུར་པར་སྒོམ་སྟེ། དབུས་སུ་རྡོ་རྗེ་དང་དྲིལ་བུ། ཤར་དུ་འཁོར་ལོ། དྲིལ་བུ། ལྷོར་རིན་པོ་ཆེ་དང་དྲིལ་བུ། ནུབ་དུ་པདྨ་དང་དྲིལ་བུ། བྱང་དུ་རལ་གྲི་དང་དྲིལ་བུ། ཤར་སྒོར་ཐོད་དབྱུག་དང་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་རྩེ་ལྔ་དང་ཞགས་པ། ནུབ་སྒོར་ཐོད་སྦྲུལ་དང་ལྕགས་སྒྲོགས། བྱང་སྒོར་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པར་བསམ་ལ། སར་སང་གི་སྤྲོ་བསྡུས། འོད་དུ་ཞུ་བའི་འོད་ཕུང་ལས། སྐུ་ཡོངས་སུ་རྫོགས་པར་བསྐྱེད་དེ། ༀ་བཛྲ་ཨ་ཀྵ་བྷྱཾ་ཧཱུཾ། ༀ་བཛྲ་དྷ་རི་ཤྭ་ར། ཧཱུཾ་ཕཊ། ཞེས་པ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་གཡོན་དམར། དབུས་མཐིང་པ་ལ། རལ་པའི་ཐོར་གཙུགས་འགྱིང་པ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་སྟེ་ཡུམ་ལ་འཁྱུད་པ། གཡས་བར་མ་འཁོར་ལོ། །འོག་མ་རིན་པོ་ཆེ། གཡོན་བར་མ་པདྨ། ཐ་མ་རལ་གྲི། ཕྱག་རྒྱ་དེ་དག་ལ་ཡེ་ཤེས་ཀྱི་མེ་འབར་བ་ཞབས་མཉམ་པའི་དཀྱིལ་དཀྲུངས་གིས་བཞུགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས། རྡོ་རྗེ་དང་དྲིལ་བུས་ཡབ་ལ་འཁྱུད་པ། ༀ་བཛྲ་སཏྭ་བཛྲ་ཧཱུཾ། ༀ་བཛྲ་ཏིཥྛ་བཛྲ་ཧཱུཾ། ཞེས་པས། སེམས་དཔའ་སྔོན་པོ་འཁོར་ལོ་དང་དྲིལ་བུ་བསྣམས་སྟེ་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་བསྟན་མ་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། ཡབ་སེམས་དཔའི་དཀྱིལ་དཀྲུང་སྟེ། ཞབས་གཡོན་པ་ཅུང་ཟད་གདན་ལ་བབས་པ། ༀ་རཏྣ་བཛྲ་ཧཱུཾ། ༀ་ཛྭ་ལ་བཛྲ་ཧཱུཾ། ཞེས་རིན་པོ་ཆེ་རྡོ་རྗེ་སྐུ་མདོག་སྔོན་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། བར་མ་རྡོ་རྗེ་སྔོན་མོ་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། ༀ་དྷརྨ་བཛྲ་ཧཱུཾ། ༀ་སང་ཀྲ་བཛྲ་ཧཱུཾ། ཞེས་པས། ཆོས་སྐུ་རྡོ་རྗེ་སྐུ་མདོག་སྔོན་པོ་པདྨ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། ཡུམ་སྡུད་མ་སྔོན་མོ་རྡོ་རྗེ་དང་དྲིལ་བུ་བསྣམས་སྟེ་ཡབ་ལ་འཁྱུད་པ། ༀ་ཀརྨ་བཛྲ་ཧཱུཾ། ༀ་ཙ་ཏྲ་ལ་བཛྲ་ཧཱུཾ། ཞེས་ལས་ཀྱི་རྡོ་རྗེ་སྐུ་མདོག་སྔོན་པོ་རལ་གྲི་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། བསྐྱོད་མ་རྡོ་རྗེ་སྐུ་མདོག་སྔོན་མོ་ཡབ་ལ་འཁྱུད་པ། དེ་ལྟར་གཙོ་འཁོར་ཡབ་ཡུམ་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དང་ལྡན་པ། བརྒྱན་ཆས་བཅུ་གསུམ་གྱིས་བརྒྱན་པར་བསྐྱེད། དེ་ཡང་དབུས་ཀྱི་གཙོ་བོ་རྡོ་རྗེ་དཀྱིལ་དཀྲུང་དང་། འཁོར་རྣམས་སེམས་དཔའི་ཚུལ་ཅན་ཡུམ་རྣམས་ཀྱིས་གཡོན་ཟུར་ནས་འཁྱུད་པའོ། །ༀ་ཡ་མནྟ་ཀྲིད་ཧཱུཾ་ཕཊ། ༀ་བཛྲ་ཨངྒུ་ཤ་ཛ། ཞེས་པས་ཤར་སྒོར། གཤིན་རྗེ་གཤེད་སྨུག་ནག་པེ་ཅོན་བསྣམས་པ་དང་། རྡོ་རྗེ་ལྕགས་ཀྱུ་མ་སྔོན་མོ་ལྕགས་ཀྱུ་བསྣམས་པ། ༀ་པྲཛྙ་ཏ་ཀྲིཏ་ཧཱུཾ་ཕཊ། ༀ་བཛྲ་པ་ཤ་ཧཱུཾ་ཞེས་ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ་རྩེ་ལྔ་བསྣམས་པ་དང་། རྡོ་རྗེ་ཞགས་པ་མ་སེར་མོ་ཞགས་པ་བསྣམས་པ་དང་། ༀ་པདྨ་ཏ་ཀྲིཏ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ཞེས་ནུབ་སྒོར་རྟ་མགྲིན་དམར་ནག་ཐོད་པ་སྤྲུལ་གྱིས་དཀྲིས་པ་བསྣམས་པ་དང་། རྡོ་རྗེ་ལྕགས་སྒྲོགས་མ་དམར་མོ་ལྕགས་སྒྲོགས་བསྣམས་པ། ༀ་བིག་ནན་ཏ་ཀྲིཏ་ཧཱུཾ། ༀ་བཛྲ་གནྡྷེ་ཧོ། ཞེས། བྱང་སྒོར་བདུད་རྩི་འཁྱིལ་པ་ལྗང་ནག །སྣ་ཚོགས་རྡོ་རྗེ་བསྣམས་པ་དང་། རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་དྲིལ་བུ་འཁྲོལ་བ། སྒོ་མ་ཡབ་ཡུམ་བརྒྱད་པོ་ཐམས་ཅད་ཀྱང་། ཉི་མའི་གདན་ལ་ཞལ་ཕྱོགས་པ། ཡབ་གཡོན་བརྐྱང་པ་དང་། ཡུམ་གཡས་བརྐྱང་གིས་གྱད་ཀྱི་དོར་ཐབས་ཀྱིས་བསྒྲད་པ། ཁྲོ་བོའི་ཆས་ཀྱི་བརྒྱན་པ། མེ་རི་དང་མེ་དཔུང་འབར་བའི་ཀློང་ན་བཞུགས་པ་བསྐྱེད་དོ། དེ་ནི་ཚོམ་བུ་གཅིག་པའི་ལྷ་སྟེ། བུམ་བསྐྱེད་དང་མདུན་བསྐྱེད་གང་ཡང་རུང་པའོ། །ཚོམ་བུ་གསུམ་པའི་དཀྱིལ་འཁོར་ལྟར་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། རྒྱུའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱི་རྟེན་གཞལ་ཡས་ཁང་གི་ལྡུམ་རྫིངས་དཀར་པོའི་ཚལ། ཞེས་པ་མན་ཆད་གོང་དང་མཚུངས་ལ། གཞལ་ཡས་ཁང་དེའི་ནང་གི་དབུས་འཁོར་ལོའི་ལྟེ་བ་ཟླུམ་པོ་མཐིང་ཁ་རྩིབས་བཞི་སྔོན་པོ། རྩིབས་མཆན་དམར་པོ། གྲུ་ཆད་ཕྱོགས་མདོག་ལ། སྒོ་དབུས་ལྟེ་བ་སྔོན་པོའི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བཞི་པའི་ལྟེ་བར་སེང་གེ་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་ཉི་ཟླ་པདྨའི་གདན། ཤར་རྩིབས་སྔོན་པོའི་དབུས་སུ། འཁོར་ལོ་སེར་པོ་རྩིབས་བཞིའི་ལྟེ་བར། གླང་པོ་ཆེ་ལ་སོགས་གདན་དྲུག་བརྩེགས། རྩིབས་བཞི་ལ་པད་ཉི་ཟླ་བའི་གདན། ནུབ་རྩིབས་སྔོན་པའི་དབུས་སུ། འཁོར་ལོ་སེར་པོ་རྩིབས་བཞིའི་ལྟེ་བར་རྨ་བྱ་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་པདྨ་ཉི་ཟླ་བའི་གདན། གྲུ་ཆད་བཞི་དང་སྒོ་བཞི་ལ་ཉི་མ་ལ་སོགས་ཀྱི་གདན་རྒྱུའི་ཡི་གེ་ཨ་ལས་ཧཱུཾ་ཟུང་ལྔ། དབུས་སུ་བབས་ༀ་ཟུང་ལྔ། ཤར་དུ་བབས་ཧྲིཿཟུང་ལྔ། ནུབ་ཀྱི་འཁོར་ལོ་རྩིབས་བཞིའི་སྟེང་དུ་བབས། ཧཱུཾ་བསྒྲིལ་མ་བརྒྱད། གྲུ་ཆད་བཞི་དང་སྒོ་བཞིར་བབས། སར་སང་གི་འོད་དུ་ཞུ་བ་ལས། ཕྱག་མཚན་བཞི་བཅུ་ཞེ་དྲུག་དུ་གྱུར་སར་སང་འོད་དུ་ཞུ་བ་ལས། སྐུ་ཡོངས་སུ་རྫོགས་པ་ཞེ་དྲུག་ཏུ་གྱུར་ཏེ། དེ་ཡང་། དབུས་སུ་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་ཡབ་ཡུམ། རྩིབས་བཞི་ལ། རྡོོ་རྗེ་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བརྒྱད་སྒོམ། ཤར་རྩིབས་ཀྱི་འཁོར་ལོའི་དབུས་སུ། རྣམ་སྣང་དཀར་པོ་ཞལ་གསུམ་ཕྱག་དྲུག་ཡབ་ཡུམ། རྩིབས་བཞི་ལ་དེ་བཞིན་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བརྒྱད་སྒོམ། ནུབ་རྩིབས་ཀྱི་འཁོར་ལོའི་དབུས་སུ་སྣང་མཐའ་ཡབ་ཡུམ་ཞལ་གསུམ་ཕྱག་དྲུག་ལ་པདྨ་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བར་བསྒོམ་མོ། །ཅི་ལྟར་བསྒོམ་པའི་ཚུལ་ནི། གོང་དཀྱིལ་འཁོར་རྒྱས་པའི་སྐབས་སུ་བཤད་པའི་དཀྱིལ་འཁོར་གྱི་དབུས་དང་། ཤར་དང་། ནུབ་དང་། གསུམ་ལྟར་རོ། །ༀ་བཛྲ་ཀྲོདྷ་ཧཱུཾ་ཀ་ར་ཧཱུཾ་ཞེས་པས། ཤར་སྒོར་ཁྲོ་བོ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་སྙེམ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་དང་དྲིལ་བུ་བསྣམས་པ། ༀ་བཛྲ་ཀྲོ་དྷ་ནི་ལ་རྟེན་ཏ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཤར་ལྷོའི་གྲུ་ཆད་ལ། ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན་སྐུ་མདོག་དཀར་པོ་དང་། ཡུམ་རྡོ་རྗེ་སྡེར་མོ་ཡབ་ཡུམ་ཞལ་གཅིག་ཕྱག་གཉིས། ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ལྷོ་སྒོར་ཁྲོ་བོ་ཆེན་པོ་གཤེན་རྗེ་གཤེད་དང་། ཡུམ་རྡོ་རྗེ་དུར་ཁྲོད་བདག་མོ་སྐུ་མདོག་སེར་མོ་ཞགས་པ་དང་དྲིལ་བུ་བསྣམས་པ། ༀ་བཛྲ་ཀྲོ་དྷ་ཨརྻ་ཨ་ཙ་ལ་ཧཱུཾ་ཕཊ། བན་དྷ་བན་དྷ་ཧཱུཾ་ཕཊ། ལྷོ་ནུབ་གྱི་གྲུ་ཆད་ལ། ཁྲོ་བོ་ཆེན་པོ་མི་གཡོ་སྔོན་པོ། ཡུམ་རྡོ་རྗེ་གཏུན་ཁུ་མ་སྐུ་མདོག་དམར་གསེར་ཞལ་གཅིག་ཕྱག་གཉིས། ༀ་བཛྲ་ཀྲོ་ཏ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ནུབ་སྒོར་ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་གཏུམ་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ལྕགས་སྒྲོགས་དང་དྲིལ་བུ་བསྣམས་པ། ༀ་བཛྲ་ཀྲོ་ཏ་ཨ་པར་ཙི་ཏ་ཧཱུཾ། ཏི་ཋ་ཏི་ཋ་ཧཱུཾ་ཕཊ། ནུབ་བྱང་གི་གྲུ་ཆད་ལ། ཁྲོ་བོ་ཆེན་པོ་གཞན་གྱི་མི་ཐུབ་པ་དང་། ཡུམ་རྡོ་རྗེ་མདའ་སྙེམ་མ་སྐུ་མདོག་དམར་ལྗང་ཞལ་གཅིག་ཕྱག་གཉིས། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིན་དྷི་ཚིན་དྷ་ཧཱུཾ་ཕཊ། བྱང་སྒོར། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུང་འབྱིན་མ་སྐུ་མདོག་ལྗང་ཁུ་རྒྱ་གྲམ་དང་དྲིལ་བུ། ༀ་བཛྲ་ཀྲོ་དྷ་ཀྲེ་ལོ་ཀྱ་བཱི་ཛ་ཡ་ཧཱུཾ། བན་དྷ་བན་དྷ་ཧཱུཾ་ཕཊ། བྱང་ཤར་དུ། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་ཀྲོད་མ་སྐུ་མདོག་དཀར་ལྗང་ཞལ་གཅིག་ཕྱག་གཉིས། ཁྲོ་བོ་ཡབ་ཡུམ་དེ་རྣམས་ནི་ཉི་མའི་གདན་ལ་ཡབ་གཡོན་བརྐྱང་དང་། ཡུམ་གཡས་བརྐྱང་གི་དོར་ཐབས་ཀྱིས་བསྒྲད་པ། ཁྲོ་བོའི་ཆས་ཀྱིས་བརྒྱན་པ། མེ་རི་མེ་དཔུང་གི་ཁུང་ན་བཞུགས་པ་བསྐྱེད་དོ། །དེ་ནི་ཚོམ་བུ་གསུམ་པའི་མངོན་རྟོགས་དེ། ལྷ་བཞི་བཅུ་ཞེ་དྲུག་ཡོད། ཚོམ་བུ་ལྔ་པའི་མངོན་རྟོགས་ལྟར་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱི་བརྟེན་གཞལ་ཡས་ཁང་གི་ལྡུམ་རྫིངས་དཀར་པོའི་ཚིལ་ཞེས་པ་ཡན་ཆད་གོང་དང་མཚུངས་ལ། གཞལ་ཡས་ཁང་དེའི་ནང་གི་དབུས་སུ། འཁོར་ལོའི་ལྟེ་བ་ཟླུམ་པོ་མཐིང་ཁ་རྩིབས་བཞི་སྔོན་པོ། རྩིབས་མཆན་དམར་པོ། གྲུ་ཆད་ཕྱོགས་མདོག་ལ་སྒོ་དབུས་ལྟེ་བ་སྔོན་པོའི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བཞི་པའི་ལྟེ་བར། སེང་གེ་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་ཉི་ཟླ་པདྨའི་གདན། ཤར་རྩིབས་སྔོན་པོའི་དབུས་སུ། འཁོར་ལོ་སེར་པོ་རྩིབས་བཞི་ལྟེ་བར། གླང་པོ་ཆེ་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་པད་ཉི་ཟླ་བའི་གདན། ལྷོ་རྩིབས་སྔོན་པོའི་དབུས་སུ། འཁོར་ལོ་སེར་པོ་རྩིབས་བཞི་ལྟེ་བར་རྟ་མཆོག་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་པད་ཉི་ཉི་མའི་གདན། ནུབ་རྩིབས་སྔོན་པོའི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བཞིའི་ལྟེ་བར་རྨ་བྱ་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་པད་ཉི་ཟླ་བའི་གདན། བྱང་རྩིབས་སྔོན་པོའི་དབུས་སུ་འཁོར་ལོ་རྩིབས་བཞིའི་ལྟེ་བར། ཤང་ཤང་ལ་སོགས་པའི་གདན་དྲུག་བརྩེགས། རྩིབས་བཞི་ལ་པད་ཉི་ཟླ་བའི་གདན། གྲུ་ཆད་བཞི་སྒོ་བཞི་སྟེང་འོག་གཉིས་དང་། ཕྱོགས་བཅུར་ཉི་མ་དང་ཕྱོགས་སྐྱོང་བཅུའི་གདན་སྒོམ། རྒྱུའི་ཡི་གེ་ཨ་ལས་ཧཱུཾ་ཟུང་ལྔ་དབུས་སུ་བབ་ༀ་ཟུང་ལྔ་ཤར་དུ། ཏྲཾ་ཟུང་ལྔ་ལྷོ། ཏྲཾ་ཟུང་ལྔ་ནུབ། ཧ་ཟུང་ལྔ་བྱང་། ཧཱུཾ་བསྒྲིལ་བཅུ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་རུ་བབས། རྒྱུའི་ཨ་དབུས་ཀྱི་ཧཱུཾ་ལ་ཐིམ་སར་སང་གིས་འོད་དུ་ཞུ་བ་ལས་ཕྱག་མཚན་བདུན་བཅུར་གྱུར། སར་སང་གི་འོད་དུ་ཞུ་བ་ལས་སྐུ་ཡོངས་རྫོགས་བདུན་བཅུར་གྱུར་ཏེ། ཅི་ལྟར་བསྒོམ་པའི་ཚུལ་ནི། དཀྱིལ་འཁོར་རྒྱས་པའི་སྐབས་ལྟར་ཕོ་བྲང་གི་ལྷ་ལྔ་བཅུར་བསྐྱེད། ཁྲོ་བོ་ཡབ་ཡུམ་བཅུ་དྲུག་ཀྱང་། གོང་ཚོམ་བུ་གསུམ་པ་ལྟར་ལ། ༀ་བཛྲ་ཀྲོ་ཏ་ཧཱུཾ་ཀ་ར་ཕཊ། གར་ཚ་གར་ཚ་ཧཱུཾ་ཕཊ། སྟེང་དུ་ཁྲོ་བོ་ཆེན་པོ་ཧཱུཾ་མཛད་ཡབ་ཡུམ། ༀ་བཛྲ་ཀྲོ་དྷ་མ་ཧཱ་པ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། འོག་ཏུ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་ཡབ་ཡུམ། ལྷ་བདུན་བཅུ་པོ་དེ་ནི་ཚོམ་བུ་ལྔ་པའི་མངོན་རྟོགས་ཏེ། བུམ་བསྐྱེད་དང་མདུན་བསྐྱེད་གང་ལའང་མཐད་དོ། །དེ་ཡོངས་སུ་རྫོགས་པའི་ཆོ་འཕྲུལ་དེ་སོང་ནས། དབང་བསྐུར་བའི་ཆོ་འཕྲུལ་དང་། བྱིན་གྱིས་བརླབས་པའི་ཆོ་འཕྲུལ་དང་། མཆོད་པ་འབུལ་བའི་ཆོ་འཕྲུལ་དང་གསུམ་འོག་མདུན་བསྐྱེད་དང་། གོང་བདག་བསྐྱེད་ཐུན་མོང་དུ་བསྟན་ནོ། །གསུམ་པ་མདུན་བསྐྱེད་ལ་དྲུག་སྟེ། དཀྱིལ་འཁོར་བསྡུས་པའི་མདུན་བསྐྱེད་དང་། དཀྱིལ་འཁོར་འབྲིང་པོའི་མདུན་བསྐྱེད་དང་། དཀྱིལ་འཁོར་རྒྱས་པའི་མདུན་བསྐྱེད་དང་། ཚོམ་བུ་གཅིག་པའི་མདུན་བསྐྱེད་དང་། ཚོམ་བུ་གསུམ་པའི་མདུན་བསྐྱེད་དང་། ཚོམ་བུ་ལྔ་པའི་མདུན་བསྐྱེད་དང་། དེ་དྲུག་གི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། རྒྱུའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལས་བསྐྱེད་པའི་ཆོ་འཕྲུལ་ཡན་ཆད་གོང་བུམ་བསྐྱེད་དང་མཐུན་ལ། གཉིས་པ་དབང་བསྐུར་བའི་ཆོ་འཕྲུལ་ནི། དོན་ཡེ་ཤེས་ལྔའི་དབང་དང་། རྟགས་རྒྱལ་བ་རིགས་ལྔའི་དབུ་བརྒྱན་གྱི་དབང་ངོ་། །དེ་ཡང་། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། ཞེས་པས། ཆོས་ཐམས་ཅད་ཡིད་དམ་རྒྱལ་བའི་དཀྱིལ་འཁོར་དེ་དག་དོན་དམ་པར་ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོའི་རང་བཞིན་ལ་གཡོས་པ་མེད་པར་རྟོག་པ་ནི་དོན་གྱི་དབང་ངོ་། །རྟགས་ཀྱི་དབང་ནི། རྒྱལ་བ་དེ་དག་གི་སྤྱི་གཙུག་ཏུ་མི་སྐྱོད་པ་སྐུ་མདོག་མཐིང་ཁ་རེས་དབུ་བརྒྱན་པར་བྱའོ། །ༀ་མ་ཧཱ་ཨ་ཏ་རི་ཤ་ཛྙ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ་ཧཾ། ཅེས་དོན་དམ་པར་རྒྱལ་བའི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱང་། ཆོས་ཀྱི་དབྱིངས་ལས་འགག་པ་མེད་པའི་ཡེ་ཤེས་རང་སྣང་པའོ། །རྟགས་རྒྱལ་བ་དེ་དག་གི་སྤྲུལ་བར་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་རེ་རེ་སྒོམ་མོ། །ༀ་མ་ཧཱ་ས་མནྟ་ཛྙ་ན་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། ཞེས་དོན་དམ་པར་རྒྱལ་བའི་དཀྱིལ་འཁོར་ལ་འགག་པའི་སྣང་བ་དང་། ངོ་བོ་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་ཡེ་ནས་དབྱེར་མེད་པར་ཤེས་པར་བྱའོ། །རྟགས་སྣ་ལྟག་གཡས་པར་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་རེ་རེ་བསྒོམ་མོ། །ༀ་མ་ཧཱ་པྲ་དྷ་སྤྲ་བཱེ་ཤ་ཛྙ་ན་བཛྲ་སྭཱ་བྷ་ཝ་ཨདྨ་ཀོ་ཧཾ། ཞེས་རྒྱལ་བའི་དཀྱིལ་འཁོར་དེ་དག་ཀྱང་གདུལ་བྱ་ཐ་དད་པ་ལ་མོས་པ་ཐ་དད་པར་ཤེས་པར་བྱའོ། །རྟགས་ལྟག་པའི་སྟེང་དུ་སྣང་བ་མཐའ་ཡས་སྐུ་དམར་པོ་རེ་བསྒོམ་མོ། །ༀ་མཧཱ་ཀྲི་ཏེ་ཨ་ནུ་ཏ་ཛྙ་ན་བཛྲ་སྭཱབྷ་ཝ་ཨདྨ་ཀོ་ཧཾ་ཞེས། དོན་དམ་པར་རྒྱལ་བའི་དཀྱིལ་འཁོར་དུ་མ་འགག་པར་སྣང་བ་ནི་གཞན་དོན་ནོ། །ངོ་བོ་མ་སྐྱེས་པ་ནི་བདག་དོན་སྟེ། དེ་གཉིས་དུས་གཅིག་མིན། དོན་དམ་ཕུན་སུམ་ཚོགས་པའོ། །རྟགས་སྣ་ལྟག་གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་རེ་རེ་བསྒོམ་མོ། །དེ་ནས་རྒྱལ་བ་དེ་དག་གི་དབུ་ལ་རིན་པོ་ཆེའི་དབུ་བརྒྱན་དང་། རལ་ཆིངས་དང་། སྙན་ཆ་དང་། མགུར་ཆུ་དང་། དོ་ཤལ་དང་། སེན་མོ་དང་། དཔུང་བརྒྱན་དང་། གདུབ་བུ་དང་། ཤམ་ཐབས་ལ་སོགས་པའི་རྒྱན་ཆེན་པོ་རྣམས་ཀྱིས་བརྒྱན་པར་བྱའོ། །དེ་ནི་དབང་བསྐུར་བའི་ཆོ་འཕྲུལ་ལོ། །གསུམ་པ་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་གཉིས་ནི། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་དང་། བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཕྱོགས་བཅུ་ནས་སྤྱན་དྲངས་ནས་བྱིན་གྱིས་བརླབས་པའོ། །དང་པོ་ནི་ༀ་སརྦ་ཏ་ཐ་ག་ཏ་མཧཱ་ཀ་ཡ་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཞེས་བདག་གི་དབུའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་ཅན། དེའི་ཐུགས་ཁར་འཁོར་ལོ་ༀ་གྱིས་མཚན་པའོ། །ༀ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭབྷ་ཝ་ཨདྨ་ཀོ་ཧཾ། ཞེས་བདག་གི་ལྕེ་ཐོག་དུ་པདྨའི་སྟེང་དུ་གསུང་རྡོ་རྗེ་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་ཅན། དེའི་ཐུགས་ཁར་པདྨ་ཨཾ་གྱིས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་ཙིཏྟ་བཛྲ་སྭཱབྷ་ཝ་ཨདྨ་ཀོ་ཧཾ། བདག་གི་ཐུགས་ཁར་ཉི་མའི་སྟེང་དུ། ཐུགས་རྡོ་རྗེ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་ཅན། དེའི་ཐུགས་ཁར་རྡོ་རྗེ་ཧཱུྃ་གིས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་ར་ག་བཛྲ་སྭཱ བྷ་ཝ་ཨདྨ་ཀོ་ཧཾ། ལྟེ་བར་རིན་པོ་ཆེ་ཟུར་བརྒྱད་ཀྱི་སྟེང་དུ། ཆགས་པའི་རྡོ་རྗེ་སྐུ་མདོག་གསེར་པོ་རིན་པོ་ཆེ་དང་དྲིལ་བུ་ཅན། དེའི་ཐུགས་ཁར་རིན་པོ་ཆེ་ཟུར་བརྒྱད་པ་སོགས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་པུ་ཙ་བཛྲ་སྭ་བྷ་ཝ་ཨ དྨ་ཀོ་ཧཾ། ཞེས་གསང་གནས་སུ་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ། མཆོད་པའི་རྡོ་རྗེ་སྐུ་མདོག་ལྗང་ཁུ་རལ་གྲི་དང་དྲིལ་བུ་ཅན། དེའི་ཐུགས་ཀར་རལ་གྲི་ཧཾ་གིས་མཚན་པའོ། །ལྷ་དེ་དག་ཐམས་ཅད་ཀྱི་ཐུགས་ཁར་ཡེ་ཤེས་སེམས་དཔའ་རེ་རེ། དེའི་ཐུགས་ཁར་ཕྱག་མཚན་ལ་རང་སྔགས་ཀྱི་ཡི་གེ་རྣམས་ཀྱིས་མཚན་པ་རེ་རེ་བསྒོམ། དེའི་མཐའ་བསྐོར་དུ་རང་རང་གི་སྔགས་ཀྱིས་བསྐོར་བ་རེ་རེ་བསྒོམ་མོ། །གཉིས་པ་སྤྱན་དྲངས་ནས་བྱིན་གྱིས་བརླབས་པ་ལ་གསུམ་སྟེ། སྙ་གསན་དབབ་པ་དང་། སྤྱན་འདྲེན་པ་དང་། བསྟན་པར་བཞུགས་སུ་གསོལ་བ་དང་། དང་པོ་ནི་སེ་གོ་ལ་སྣོལ་མར་རྟོག་ཅིང་། ཧཱུཾ་དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། ཐུགས་རྗེའི་ང ང་ཅན་ཆོས་སྐུ་དག་པ་ལ། ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། ༀ་བཛྲ་ས་མན་ཏ་ཛ་ཧཱུཾ་ཛ། གཉིས་པ་སྤྱན་དྲངས་པ་ནི། ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གཤེགས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་གནས་ཤིང་། །ཚོགས་ཆེན་གཉིས་རྫོགས་ཐམས་ཅད་དབྱིངས་ཀྱི་ལྷ། །ལོངས་སྤྱོད་རྫོགས་མཛད་རོལ་བ་ཆེན་པོའི་སྐུ། །རྡོ་རྗེ་སེམས་དཔའ་བསྐལ་བཟང་དཔལ་ཁྱོད་བདག །ཐབས་ཀྱི་མ་རྨོངས་བདེ་ཆེན་དབྱིངས་ནས་བཞེངས། ཡེ་ཤེས་སྒྱུ་མ་རྣམ་པར་རོལ་བའི་སྐུ། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་པའི་གནས། །ཐབས་དང་ཤེས་རབ་ཆེ་ལ་མངའ་མཉེས་པའི། །བདེ་གཤེགས་བདེ་བར་གཤེགས་པ་བཞུགས་སུ་གསོལ། །ༀ་ཨེ་ཧྱ་ཧི་བྷ་ག་ཝན། མཧཱ་ཀ་རུ་ནི་ཀ་ཏྲི་ཤ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛཿ་ཧཱུཾ་བཾ་ཧོ། ཨ་གད་ཛ་ཡ། ཨ་གད་ཛ་ཡ་ཧཱུཾ་ཛ། གསུམ་པ་བསྟན་པར་བཞུགས་སུ་གསོལ་བ་ནི། ཧཱུཾ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཐུགས་རྗེ་ཆེན་པོ་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །དགྱེས་ཤིང་བསྟན་པར་བཞུགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཛ། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོ། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱི་བཞི་པ་མཆོད་པ་འབུལ་བའི་ཆོ་འཕྲུལ་ལ་བཞི་སྟེ། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། བསྟོད་པ་བྱེད་པ་དང་། བཟླས་པ་བྱེད་པའོ། །དང་པོ་ཕྱག་འཚལ་ནི། ༀ་ཕྱོག་བཅུ་དུས་བཞི་སོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུའི་ཚུགས། །སྣང་སྟོང་ཐིག་ལེ་ཀུན་རྫོབ་ཧོ། །ༀ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཅན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་ཆེ། །ༀ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེེ། །ཡོན་ཏན་འཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་རྫོགས་ཆེན་ཐིག་ལེ་ཆེ། །ༀ་མི་འཁྲུག་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། མཐའ་ཡས་ཀུན་ཏུ་སྣ་ཚོགས་འཕྲོས། །མཐའ་ཡས་ཀུན་ཏུ་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་ཧོ། །ༀ་ཕྱོགས་བཅུའི་འཇིག་རྟེན་བརྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་བརྡུལ་བྲན་རྙེད། །སྤྲུལ་པའི་བརྡུལ་བྲན་བསམ་ཡས་ཀྱི། །སྐད་ཅིག་ཡུད་ལ་ལྷུན་གྱི་གྲུབ། །ཧོ། ༀ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཧོ། །གཉིས་པ་མཆོད་པ་ལ་དགུ་སྟེ། །ཀུན་ཏུ་བཟང་པོའི་མཆོད་པ་དང་། །ཕྱིའི་མཆོད་པ་དང་། མཆོད་པ་གར་ཚོགས་ཀྱི་མཆོད་པ་དང་། སྦྱོར་བའི་མཆོད་པ་དང་། སྒྲོལ་བའི་མཆོད་པ། སྨད་དུ་བྱུང་པ་བདུད་རྩིའི་མཆོད་པ་དང་། གཏོར་མའི་མཆོད་པ་དང་། མཆོད་པའི་ཡོན་ཏན་ནོ། །དང་པོ་ཀུན་བཟང་ཀྱི་མཆོད་པ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀྱིས། །སྤྱོད་པ་རྒྱ་མཚོ་སྨད་བྱུང་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏད་ཁཾ་ཨངྒུ་ཏེ། སྥ་ར་ཎ་ཧཾ་མཾ་ག་ག་ན་ཁཾ་སྭཱཧཱ། ཕྱིའི་མཆོད་པ་ནི། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །གཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་གསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །བརྒྱན་དང་དཔག་བསམ་འབྱོན་པའི་ཚུལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེས་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་བརྒྱན་སེན་མོ་དོ། །བཟའ་དང་བཏུང་བའི་ཚོགས་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་ཡིས། །ལྷ་དང་ལྷ་མོའི་བརྡུལ་བརྙེད་ཀྱིས། །ཕྱག་རྒྱ་གར་གྱི་མཆོད་པ་ནི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཕྱག་རྒྱ་གར་ཚོགས་ཀྱི་མཆོད་པ་འདི། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །དབང་པོ་ཡུལ་དུ་གང་བསྒྱུར་བ། །ཐབས་དང་ཤེས་རབ་ལྡན་གྱུར་ཅིག །མཉམ་པའི་ངང་ཉིད་སྟོངས་གསལ་ནས། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །བསྐྱེད་ཅན་འཁོར་ལོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམ་ནས། །བསྒུལ་སྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །འདི་ནི་སྤྱི་རྒྱ་ཆེན་པོ་སྟེ། །བླ་མེད་ཆེན་པོས་འདི་སྐད་གསུངས། །གསང་བ་དེ་ཉིད་ངེས་པ་ཡིས། །སྙིང་པོའི་ཕྱག་རྒྱ་འདའ་ཀའོ། །མི་སྐྱོད་ཉི་མའི་དཀྱིལ་ཡི་གེ །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ །ལྔ་གཉིས་ཟུང་དུ་འཕྲོས་པ་ལས། །སྦྱོར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་དེ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །འབྲུ་བཞི་སྦས་ནས་ཐུགས་ཁར་བཀན། །ཧཱུྃ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བཏུལ་འབྲུག་སྒྲས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་རྟེན། །ༀ་བཛྲ་དྷྲིག །འབྲུ་བཞི་སྦས་ནས་ཐུགས་ཁར་བཀན། །མུཾ་སྒྲེངས་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་ལ་མཁྲིལ། །བསྡུད་དེ་འཛུམ་པའི་མདངས་ཀྱི་ལྟ། །མུཾ་ད་རུ་ཤྭ་རི། འབྲུ་བཞི་སྦས་ནས་ཐུགས་ཁར་བཀན། །ༀ་སྦྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བཏུལ་འབྲུག་སྒྲས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ༀ་ཛི་ན་ཛིག །འབྲུ་བཞི་སྦས་ནས་ཐུགས་ཁར་བཀན། །ལཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་ལ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱི་ལྟ། ལམ་ཏེ་ཤ་ར་ཏེ་འབྲུ་བཞི་སྦས། །སྭོ་རྩེ་འབར་བ་རིན་པོ་ཆེ། །ཟླ་བཏུལ༴ འཁྲིལ་བའི་ཚུལ་གྱི༴ སྭ་རཏྣ་དྷྲིཀ །འབྲུ་བཞི༴ མཾ་སྒྲིང་༴ ཉི་མ་འབྲུ་ལྔ༴ བཏུད་དེ༴ མཾ་མེ་ཧ་ར་ཏི། འབྲུ་བཞི༴ ༀ་སྒྲེང་རྩེ་མོར་པདྨ༴ ཟླ་བཏུལ༴ འཁྲིལ་བའི༴ ༀ་ཨ་རོ་ལིཀ །འབྲུ་བཞི༴ །པྱཾ་སྒྲེང་རྩེ་མོར་དྲིལ་གསིལ་ནས། །ཉི་མ་འབྲུ་ལྔ༴ བཏུད་དེ༴ པྱཾ་ག་ར་ཏི། འབྲུ་༴ ཧཾ་སྒྲེང་རྩེ་མོར་རལ་གྲི་འབར། ཟླ་བཏུལ༴ འཁྲིལ༴ ཧ་པྲཛྙ་དྷྲིཀ །འབྲུ་བཞི་སྦས་ནས༴ ཏྲཱཾ་སྒྲེང་རྩེ་མོར་དྲིལ་བསིལ་འབར།'།ཉི་མ་འབྲུ་ལྔ༴ བཏུད་དེ༴ ཏྲཱཾ་བཛྲ་ར་ཏི། ཐུགས་ཁར་རིན་ཆེན་མྱུ་གུ་འཛིན། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི་མདངས་ཀྱི་ལྟ་བ་ནི། །ས་ཡི་སྙིང་པོའི་ཕྱག་རྒྱ་ཡིན། །ཀྵི་ཧི་ར་ཙ་ཡ། རྡོ་རྗེ་རིན་ཆེན་ཁུར་ཚུར་ཅང་། །སྐུ་ཡི་ཐད་ཁར་གཟུང་བ་ནི། །འཛུམ་པའི་མདངས་ཀྱིས་འདུད་པ་ནི། །སྒེག་མོའི་ཕྱག་རྒྱ་ཡིན་པར་བཤད། །ཧཱུཾ་ལ་སྱེ་ས་མ་ཡ་སྟྭཾ། རྡོ་རྗེ་རལ་གྲི་ཐུགས་ཁ་ནས། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི༴ ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཡིན། །ཏྲཾ་ཨ་གརྦྷ་ཡ། རྡོ་རྗེ་རིན་ཆེན་རྣ་ལྟག་བཞག །རིན་ཆེན་འཕྲེང་བ་གཟུང་པ་རུ། །འཛུམ་པའི་མདངས་ཀྱིས༴ འཕྲེང་བའི་ཕྱག་རྒྱ་ཡིན་པར་བཤད། །ཏྲཾ་མ་ལེ་ས་མ་ཡ། རྡོ་རྗེ་པདྨ་ཐུགས་ཀ་ནས། །རིན་ཆེན་དྲིལ་བསིལ་ཆོས་ལ༴ འཛུམ་པའི༴ སྤྱན་རས་གཟིགས་ཀྱི༴ ཧྲྀཿཧ་ཧཱུཾ་པདྨ། རིན་ཆེན་པི་ཝཾ་འཛིན་པར་བྱ། །རྡོ་རྗེ་ལེན་པར་བྱས་ནས་ནི། །འཛུམ་པའི༴ དབྱངས་ཀྱི༴ ཧྲིཿགི རྟི་ར་ག་ཡ་ཧཾ། རྡོ་རྗེ་འབར་བ་ཐུགས་ཀ་འཛིན། ། རིན་ཆེན་དྲིལ་བསིལ་ཆོས༴ འཛུམ་པའི༴ ཕྱག་ན་རྡོ་རྗེའི་ཕྱག་རྒྱ༴ ཛྷིཾ་ཀུ་རུ་པ་ན་ཧྲྀཿ རིན་ཆེན་གར་ཐབས་བསྐོར་ན་ནི། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི༴ གར་གྱི་ཕྱག་རྒྱ་ཡིན་པར་བཤད། །ཨ་ནིརྟི་ར་ག་ཡ་མི། །རྡོ་རྗེ་ཀླུ་ཤིང་ཐུགས་ཁ་ནས། །རིན་ཆེན་དྲིལ༴ འཛུམ་པའི༴ བྱམས་པ་མཻ་ཏྲིའི་ཕྱག་རྒྱ་ཡིན། །མེ་ད་རི་ནི་སྭཧཱ། རིན་ཆེན་གདུགས་སྤོས་ཐུགས་ཁ་ནས། །རྡོ་རྗེ་ལས་ལ་རབ་ཏུ་འཁྲིལ། །འཛུམ་པའི་མདངས་ཀྱི༴ གདུག་སྤོས་ཕྱག་རྒྱ་ཡིན་པར་བཤད། །ཛ་དྷུཔྤེ་པྲ་བེ་ཤ་ཡ། རྡོ་རྗེ་པོ་ཏི་ཐུགས་ཀ་ནས། །རིན་ཆེན་དྲིལ་གསིལ༴ འཛུམ་པའི༴ སྒྲིབ་པ་རྣམ་སེལ་ཕྱག་རྒྱ་ཡིན། །ཐླྷཾ་ནི་པ་རཾ་ས་ཡེ་སྭཧཱ། རྡོ་རྗེ་རིན་ཆེན་རྣམ་ལྟག་དུ། །མེ་ཏོག་སྣོད་བཅས་འཛིན་པ་ལ། །འཛུམ་པའི༴ མེ་ཏོག་ཕྱག་རྒྱ་ཡིན་པར༴ ཧཱུཾ་པུཥྤེ་ཨ་བེ་ཤ་ཡ། རྡོ་རྗེ་ཉི་མ་ཐུགས་ཀ་ནས། །རིན་ཆེན་དྲིལ་གསིལ༴ འཛུམ་པའི༴ ཀུན་ཏུ་བཟང་པོའི་ཕྱག་རྒྱ་ཡིན། །ཧཱུཾ་སྭ་ར་ཙཱ་ཡ་སྭཧཱ། རིན་ཆེན་མར་མེ་ཐུགས་ཀ་ན། །རྡོ་རྗེ་སེམས་དཔའ་ལས་ལ་འཁྲིལ། །འཛུམ་པའི༴ མར་མེའི་ཕྱག་རྒྱ་ཡིན་པར༴ པཾ་ཏི་བཾ་སུ་ཀི་ནི་སྭཧཱ། །རྡོ་རྗེ་ཨུ་པལ་ཐུགས་ཀ་ན། །རིན་ཆེན་དྲིལ་གསིལ༴ འཛུམ་པའི༴ འཇམ་དཔལ་གྱིས་ནི་ཕྱག་རྒྱ་ཡིན། །མུཾ་ཤྲི་ར་ག་ཡ་སྭཧཱ། རིན་ཆེན་དབྱུག་པ་ཐུགས་ཀ་ན། །རྡོ་རྗེ་དབྱུག་པར་བྱེད་པ་ནི། །འཛུམ་པའི༴ དྲིའི་ཕྱག་རྒྱ་ཡིན་པར་བཤད། །ཧོ་གནྷེ་ཙིཏྟ། རྣི་གྷོ་གདེངས་པ་གཤེད་པོ་སྟེ། །ཧཱུཾ་ཡ་མན་ཏ་ཀྲིད། འཛུབ་གཉིས་ལྐུག་ལ་ལྕགས་ཀྱུའི་རྒྱ། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། རྡོ་རྗེ་གནོན་པ་སྟོབས་ཆེན་རྒྱ། ཧཱུཾ་པྲཛྙ་ཏ་ཀྲིད་ཕཊ། འཛུབ་རྩེ་གཉིས་སྤྲད་བཞག་པའི་རྒྱ། །ༀ་རཏྣ༴ ཐོད་སྦྲུལ་གནོན་པ་རྟ་མགྲིན་རྒྱ། །ཧཱུཾ་པདྨ་ཏ་ཀྲིད། འཛུབ་གཉིས་འཁྱུད་པ་ལུ་གུ་རྒྱུད། ༀ་པདྨ་དྷ་ར༴ རྒྱ་གྲམ་གནོན་པ་འཁྱིལ་བའི་རྒྱ། །ཧཱུཾ་བིག་ནན། བསྐྱོད་པར་གྱུར་བ་འབེབས་པའོ། །ༀ་ཀརྨ་དྷ་ར༴ པི་ཝཾ་ལེན་པ་ལྷའི་རྒྱ། །ༀ་མུ་ནེ་ཀྲེཾ་སྭཧཱ། མེའི་བསྲེག་པར་འཛིན་པ་སྟེ། །ༀ་མུ་ནེ་ཧཱུཾ་དྲུཾ་སྭཧཱ། ལྷ་མིན་ཕྱག་རྒྱ་གོ་ཆ་ཡིན། །ༀ་ནེ་སྲུཾ་སྭཧཱ། ཆོས་ཀྱི་དཀྱིལ་འཁོར་བྱོལ་སོང་རྒྱ། །ༀ་མུ་ནེ་བྲཾ་སྭཧཱ། ཟ་མ་ཏོག་ནི་ཡི་དྭགས་རྒྱ། །ༀ་མུ་ནེ་ཀྵཾ་སྭཧཱ། མེ་ཆུ་གཉིས་ནི་དམྱལ་བའི་རྒྱ། །ༀ་མུ་ནེ་ཡེ་སྭ་ཧཱ། ཡབ་ཀྱི་སྤྱི་རྒྱ་ཀུན་བཟང་གི །ཧཱུཾ་ཧཱུཾ་ཧཱུྃ་བཛྲ་ཙིཏྟ་ཧཱུཾ། ཡུམ་གྱི་སྤྱི་རྒྱ་བཟང་མོར་བཤད། །ཨ་ཨ་ཨ་བཛྲ་པ་ཏྲ་ས་མན་ཏ་ༀ། ཡང་ན་ཀུན་བཟང་ཡབ་ཡུམ་གྱི། །རྡོ་རྗེ་ཐལ་མོ་ཉིད་དུ་བཤད། །སྦྱོར་བའི་མཆོད་པ་ནི། །རིན་ཆེན་པདྨ་དཀྱིལ་འཇམ་འདི། །འཛུམ་པའི་མདངས་ཀྱི་འབུལ་ལགས་ཀྱི། །དགྱེས་པར་རྡོ་རྗེ་གསོར་མཛོད་ནས། །བྱང་ཆུབ་སེམས་སྤྲིན་དབབ་དུ་གསོལ། རྡོ་རྗེ་གསོར་བའི་དགའ་ཆགས་འདི། །འཇམ་ཞིང་མཁྱིལ་བའི་གནས་སུ་རོལ། །མི་དམིགས་བདེ་དང་འཕྲོ་འདུ་ནི། །རྡོ་རྗེ་འཛིན་མར་གདན་ལ་བྱུང་། །ཤེས་རབ་དབྱིངས་མ་ཡུམ་གྱི་གཞལ་ཡས་སུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ཆགས་བཀོད་དེ། །ཐབས་དང་ཤེས་རབ་འབྲེལ་བའི་སྦྱོར་མཆོད་ཀྱིས། །རྒྱལ་བའི་དཀྱིལ་འཁོར་ཚོགས་ལ་མཆོད་པ་འབུལ། །ༀ་བཛྲ་པྲ་བེ་ཤ་ཨ། ཨ་ལ་ལ་ཧོ། སྒྲོལ་བའི་མཆོད་པ་ནི། ཐོག་མར་བདག་ཉིད་རྟོགས་བསྒོམ་བསྒྲལ། །དེ་ནས་གཉིས་མེད་བློ་ཡི་ནི། །བློ་ངན་འཇིགས་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞི་གྱུར་ཆགས་དང་ཆགས་བྲལ་རྣམས། །ཉི་ཟླའི་དཀྱིལ་དུ་མཁས་པས་བཞག །ངར་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཧཱུཾ་དུ་གྱུར་པས་རྣམ་པར་དག །དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗོད། །གཙུག་དུ་རྣམ་པར་རྒྱལ་བ་བསྒོམ། །ངོ་མཚར་ངན་འགྲོ་ཐར་བའི་ཐབས། །ཡེ་ནས་བསྐྱེད་བྱེད་དེ་བཞིན་ཉིད། །སྦྱོར་བསྒྲོལ་བྱ་བ་ཀུན་བྱས་ཀྱང་། །དེ་ལ་བྱས་པ་བརྡུལ་ཙམ་མེད། །སྨན་གྱི་མཆོད་པ་ནི། ཧོ་རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཅན་དང་། །ཁྲོ་བོ་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོ་ཚོགས་ཆེན་དང་། །ལྷ་དང་ལྷ་མིན་གསང་བའི་མཆོག །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །འདི་ནི་སྔོན་གྱི་དམ་ཚིག་གོ །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཆགས་དད་པས་འབུལ་ལགས་ན། །བཞེས་དེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་སྩལ་དུ་གསོལ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨརྒཾ་པྲ་ཏི་ཙ་ཧོ། ཧོ་རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། སྲིད་པའི་སྡུག་བསྔལ་ཞི་མཛད་པ། །བདེ་ཆེན་ཀུན་བཟང་ཡབ་ཡུམ་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ༀ་ན་མ། ཕུང་པོ་ལྔ་དང་འབྱུང་བ་ལྔ། །ཡེ་ཤེས་དབྱིངས་སུ་རྣམ་དག་པའི། །རིགས་ལྔ་བདེ་ཆེན་ཡབ་ཡུམ་ལ། །དམ་ཚིག་མཆོག་གི་མཆོད་པར་འབུལ། །ༀ་ན་མ། རྣམ་ཤེས་ཚོགས་དང་སྤྱོད་ཡུལ་རྣམས། །བྱང་ཆུབ་སེམས་སུ་རྣམ་དག་པའི། །སེམས་དཔའ་ལྕམ་བྲལ་ཚོགས་རྣམས་ལ། །དམ་ཚིག་མཆོག་གི་མཆོད་པ༴ ༀ་ན་མ། ཐུགས་རྗེ་ཆེན་པོ འི་བྱིན་བརླབས་ཀྱིས། །འགྲོ་དྲུག་དབྱིངས་སུ་སྦྱངས་མཛད་པ། །སྤྲུལ་པ་ཐུབ་པ་དྲུག་རྣམས་ལ། །དམ་ཚིག་མཆོག་གི༴ ཨོཾ་ན་མ། ཕྱི་ནང་བདུད་ཚོགས་ཐམས་ཅད་འདུལ་མཛད་པའི། །གནས་ཡུལ་རོ་ལངས་རྡོ་རྗེ་བཅིངས་སྡོམ་འབེབས། །སྤྲུལ་པ་སྒོ་སྐྱོང་ཁྲོ་རྒྱལ་ཡབ་ཡུམ་ལ། །དམ་ཚིག་མཆོག་གི༴ ༀ་ན་མ། ཚེ་རབ་སྔོན་ནས་ལས་ཀྱི་འཕྲོ་མཐུན་པའི། །མཆེད་དང་ལྕམ་བྲལ་ཀརྨ་གིང་ལ་སོགས། །རྡོ་རྗེ་ལྕམ་དྲལ་མ་ལུས་ཚོགས་རྣམས་ལ། །དམ་ཚིག་མཆོག་གི༴ ༀ་ན་མ་སརྦ་ཏ་ཐཱ་ག་ཏ་ཨརྒཾ་པྲ་ཏི་ཛ་ཧོ། །སྨད་འབྱུང་ཚོགས་ཀྱིས་གཏོར་མས་མཆོད་པ་ནི། །ཧཱུཾ་གཟུགས་ནི་ལག་གཉིས་མེ་ལོང་འཛིན། །གཟུགས་མཛེས་སྤྱོད་པས་ཕྱོགས་བ ཅུར་གཡོས། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། །ༀ་བཛྲ་རུ་པེ་ཧཱུཾ། སྒྲ་ནི་ལག་གཉིས་པི་ཝཾ་བརྡེབ། །བདེ་བའི་སྒྲ་སྙན་ཕྱོགས་བཅུར་བསྒྲོག །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །སྒྲའི་ལྷ་མོ་སྙན་ལ་ཐིམ། །ༀ་བཛྲ་བཛྲི་ཀ་ར་ཧཱུཾ། དྲི་ནི་ལག་གཉིས་སྤོས་བསྣམས་སྟེ། །སྤོས་ཀྱི་སྤྲིན་ལྡིང་གདུག་པ་འཕྲོ། །ཀུན་ཏུ་ཚིམ་བྱེད་བྲོ་བསྲུངས་ཐིམ། །དྲི་ཡི་ལྷ་མོ་ཤངས་ལ་ཐིམ། །ༀ་བཛྲ་དྷུ་པེ་ཧཱུཾ། རོ་ནི་ལག་གཉིས་སྣོད་བསྣམས་སྟེ། །བཅུད་ལྡན་རོ་མཆོག་ལྔ་བརྒྱར་ལྡན། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །རོའི་ལྷ་མོ་ལྗགས་ལ་ཐིམ། །ༀ་བཛྲ་ནེ་ཝི་ཏེ་ཧཱུཾ། རེག་ནི་རྡོ་རྗེ་ཡོངས་འཁྱུད་མ། །གཉེན་འཇམ་རེག་ན་བདེ་བ་ཡི། །གཟུགས་མཛེས་སྤྱོད་པ་ཕྱོགས་བཅུར་གཡོ། །རེག་གི་ལྷ་མོ་སྐུ་ལ་འཁྲིལ། །ༀ་བཛྲ་གནྡྷེ་ཧཱུཾ། ཧཱུཾ་ཆོས་ནི་འདུལ་བྱས་འདུས་མ་བྱས། །སྣང་སྟོང་རྡོ་རྗེ་ནམ་མཁའི་སྐུ། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །ཆོས་ཀྱི་ལྷ་མོ་ཐུགས་ཁར་ཐིམ། །ༀ་དྷརྨ་དྷརྟུ་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། མཆོད་པ་ཡོན་ཏན་ནི། ཧཱུཾ་བཟའ་དང་བཅའ་དང་བཏུང་དང་སྒོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །སྒྱུ་འཕྲུལ་དྲ་བའི་སྔོན་རྫོགས་པའི། །དཀྱིལ་འཁོར་རྟེན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱ་འཕྲོ་འདུ་ཡིས། །འཛུམ་མ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲའི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །བརྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྱུར། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩིར་འགྲུབ། །ཨ་ལི་ཀ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །སྤྱི་དོན་གསུམ་པ་བསྟོད་པ་ནི། །ཞི་བའི་གླུ་དྲུག་ཉིད་དམ། ཐབས་ཀྱི་ཞགས་པ་ནས་འབྱུང་བའི་གླུ་བརྒྱད་ཀྱིས་བསྟོད་དེ། ༀ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །བླ་མེད་ལྷ་དང་ལྷ་མོའི་ཚོགས། །གྲུབ་པའི་བྱིན་བརླབས་བསམ་མི་ཁྱབ། །ༀ་སེམས་དཔའ་བཅུ་དྲུག་རིགས་ཀྱི་གཙོ། །སེམས་མ་བཅུ་དྲུག་རིགས་ཀྱི་ཡུམ། །མཐུ་ཆེན་ཁྲོ་བོ་ཁྲོ་མོ་དང་། །ཕོ་ཉ་འཇིག་རྟེན་སྐྱོང་བར་ལྡན། །ༀ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་ཐམས་ཅད་མ་ལུས་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོ་བདག་སྦྱོར་ཅིག །ༀ་དཔའ་བོ་ཆེན་པོ་མཐུ་ལྡན་རྣམས། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །བདག་གི་ལྷག་པའི་བསམ་པ་རྣམས། །འགྲུབ་པར་བྱིན་གྱིས་བརླབས་དུ་གསོལ། །ༀ་ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ༴ དེ་ནས་ཡི་དམ་ཀུན་ལ་ཁ་ཧཱི་བརྗོད། །མ་མོ་དང་། མགོན་པོ་དང་། རྣམ་སྲས་དང་། མགར་བ་རྣམས་ལ་སྤྱན་འདྲེན། ཕྱག་འཚལ་མཆོད་བསྟོད་ལ་སོགས་པས་གཞུང་བསྲང་། དེ་ནས་མ་ཚང་བ་ཚང་བ་ཁ་བསྐང་ལ། ཨ་ལི་ཀ་ལི། ཡི་གེ་བརྒྱ་པ་རྣམས་བརྗོད། དེ་ནས་རྒྱུ་འཕྲུལ་དབང་རྒྱུད་ཀྱི་གསོལ་འདེབས་བྱེད་པའོ། །དེ་ནས་བསྙེན་པ་བྱེད་པ་ནི་གཉིིས་ཏེ། ལྷ་ཏོག་གི་བསྙེན་པ་དང་། མཉམ་རྫོགས་གི་བསྙེན་པའོ། །དང་པོ་ནི། གཙོ་རྒྱུད་དང་། འཁོར་རྒྱུད་གང་རུང་ལ། རྟོག་ཚོགས་གང་དང་གང་ཡིན་པ་དེ་ལྷ་དེ་དང་དེར་གྱུར་བར་བསམ་ལ། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད་ཅེས་སོགས་དང་། ཧཱུཾ་བཛྲ་དྷྲིཀ །མུཾ་ད་དུ་ཤྭ་རི་སོགས་བརྗོད། གཉིས་པ་ལ་གཉིས་སྟེ། མཉམ་རྫོགས་དང་མཉམ་རྫོགས་ཆེན་པོའོ། །དང་པོ་ནི་དཀྱིལ་འཁོར་མི་བསྡུ་བར་རང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་ཐུགས་ཁར་སྔར་འཁོར་བཀོད། དེ་ནས་སྔར་ཀྱི་འཕྲེང་བ་རང་གི་ཤང་གོང་གཡས་སུ་ཕྱུང་ནས་ཡུམ་གྱི་གཡོན་དུ་རྒྱུད་བསྒྲིལ་མ་གཡོན་དུ་འཁོར། ཡང་ཡུམ་གྱིས་གཡས་ནས་རང་གི་གཡོན་དུ་ཞུགས་སྟེ་སྙིང་ཁར་ཐིམ། བསྒྲིལ་མར་གཡས་སུ་འཁོར་བར་བསམ་ལ། ཧཱུཾ་བཛྲ་དྷྲིཀ་མུཾ་ད་རུ་ཤྭ་རི་བརྗོད། དེ་བཞིན་དུ་དམིགས་པ་དང་། སྔགས་ལྷ་ཚོགས་ཀུན་ལ་འདྲེའོ། །གཉིས་པ་མཉམ་རྫོགས་ཆེན་པོ་ནི། ལྷ་ཚོགས་ཀུན་རང་ཡབ་ཡུམ་དུ་བསྡུ་ལ། ལྷ་ཚོགས་སྤྱིའི་བསྙེན་པ་རང་ཡབ་ཡུམ་གྱིས་བྱས་སྟེ། དམིགས་པའི་འཕྲོ་འདུ་གོང་དང་འདྲ་བའོ། །ཐུན་འཇོག་པའི་ཚེ། ཕྱི་མཆོད་སྣ་ལྔ། ནང་མཆོད་སྨན་རག་གཏོར་གསུམ། ཀུན་བཟང་མཆོད་པ། སྒེག་མོ་བརྒྱད། མཆོད་པ་བསྡུས་པས་མཆོད། དེ་བཞིན་གཤེགས་པ་ཀུན་གྱི་བདག ཡེ་ཤེས་རྒྱ་མཚོ་སོགས་ཀྱིས་བསྟོད། དེ་ནས་དམ་བླངས་པ་ནི། རྡོ་རྗེ་གཅིག་པའི་ཕྱག་རྒྱ་བཅས་ལ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་རྣམས། །འགྲོ་ལ་ཕན་ཕྱིར་དོན་དུ་སྤྱད། །བྱང་ཆུབ་སྤྱོད་མཆོག་དམ་པ་དང་། །སྐུ་གསུང་ཐུག་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་བརླབས་ཅིག །ཀ་ཡ་ཝཀཱ །ཙིཏྟ། བོ་དྷི་ཙིཏྟ་ས་མ་ཡ་ཧཱུཾ། ༀ་ཨཱ་ཧཱུཾ། ཞེས་གནས་གསུམ་དུ་གཏུག་གོ །ཚོགས་ལ་ལྔ་ལས། དང་པོ་བྱིན་གྱིས་བརླབས་པ་ནི། ཛ་གད་དང་མཾ་ས་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་རྣམས་དཀྱིལ་འཁོར་དང་ཉ ེ་བར་བཤམས་ལ། ༀ་མཧཱ་ཀྲོ་དྷི་ཤྭ་རི་སོགས་ཀྱིས་བསངས། རཾ་ཡཾ་ཁཾ་གྱི་བསྲེག་སོགས་བྱ། མ་སུརྻ་མཎྜ་ལ། ཞལ་ཟས་ཀྱི་སྣོད་དུ་ཉི་མ་ལ། ༀ་ཨཱཿ་ཧཱུཾ་ཏྲཾ་ཁཾ་འོད་དུ་ཞུ་བ་ལས་བྱུང་བའི་བཟའ་བཏུང་གི་དངོས་པོ་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་རོ་བརྒྱ་དང་། འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ། སོ་སོའི་ལྷ་མོ་རོལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྤྲིན་འཕྲོ་བར་བསམ་ལ། ཡི་གེ་གསུམ་ལན་གསུམ་དུ་བརྗོད་པས་བྱིན་གྱིས་བརླབས། གཉིས་པ་ཚོགས་ཕུལ་སྤྱན་དྲངས་པ་ནི། ༀ་བསོད་ནམས་ཡེ་ཤེས་ཡོངས་རྫོགས་ཤིང་། །མ་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་ཞི་ཁྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །རིགས་བཞི་ལྷ་དང་ལྷ་མོ་དང་། །འཁོར་གྱི་ཁྲོ་བོ་སེམས་དཔར་བཅས། །སྒོ་བ་བཞི་སོགས་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧི་སོགས་ཀྱི་ཚོགས་ཞིང་དཔག་ཏུ་མེད་པ་ཞིག་ཚོགས་སུ་སད་པར་བྱས་ལ་ༀ་ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །ཞེས་སོགས་དང་། ༀ་ཤྲི་བཛྲ་ཨངྒུ་ཤ་ཛ། ༀ་ཤྲི་སོགས་འདྲེ་བ་ལས། པ་ཤ་ཧཱུཾ། སྥོ་ཏྲ་བཾ་གཎྜ་ཧོ། ཡིས་བཞུགས་ཅིང་མཉེས་བྱ། སླར་ཡང་། ཧཱུཾ་ཧེ་རུ་ཀ་ཡི་གནས་བཅུ་དང་། དུར་དྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་འདྲེན་གྱིས། །དུར་དྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་གདན་དུ་གཏིང་། །དམར་གྱི་ཨརྒཾ་རྒྱ་མཚོར་དཀྱིལ། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །རུ་ལུ་རུ་ལུ་རུ་ལུ་ཧཱུཾ། ཨེ་ཧྱ་ཧི་ཨ་ན་ཡ་ཛ་ཧཱུཾ་བཾ་ཧོཿ ཡིས་ཁྲོ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ལ་དགུ་སོགས་བྱ། གསུམ་པ་མཆོད་པ་ནི། ཧཱུཾ་སྤོས་ཀྱི་སྤྲིན་ལྡིང་གདུག་པ་མོ་སོགས་དང་། ༀ་ཤྲི་བཛྲ་རཱ་ག་དྷུ་པ་དྷུ་སོགས་བཞི་བསྣོལ་དང་། ཧཱུཾ་རྡོ་རྗེ་སྒེག་མོ་རྡོ་རྗེ་ཅན། །སེམས་དཔའ་སྔོན་པོའི་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལས། །བཛྲ་ལ་སྱེ་མཆོད་པར་འབུལ། །ༀ་ཤྲི་བཛྲ་ར་ག་ལ་སྱེ་ཧཱུཾ། ཡིད་བཞིན་རིན་ཆེན་འོད་འབར་མ། །འཇམ་དཔལ་སྔོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི༴ བཛྲ་མ་ལྱེའི༴ བཛྲ་མ་ལེའི་མ་ལེ་ཏྲཾ། པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིན། །སོ་སོར་རྟོག་པའི༴ བཛྲ་གྷིརྟིའི༴ གྷིརྟི་ཧྲི། གར་མཁན་འགྱིང་བག་གཟི་ལྡན་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན་ཡེ་ཤེས༴ བཛྲ་ནྲིརྟི༴ ནྲྀརྟ་ཨ། བཞི་པ་ཚོགས་མཆོད་འབུལ་བ་ནི། །རིམ་པ་བཞིན་སྤྲོས་ལ། དང་པོ་སྟོབས་པ་ནི། ༀ་ཧཱུཾ། ༀ་ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོས། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་སྟེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ལྷ་མོ་ནམ་མཁའ་གང་། །ཞི་ཁྲོ་རྒྱལ་བ་འཁོར་ལ་འབུལ། །སྤྱན་སོགས་བདེ་བས་ཚིམ་གྱུར་ཅིག །ༀ་ཨཱ་ཧཱུཾ་སུ་ར་ཏ། ཨུ་པ་བྷྱོ་ཀ་མ་ཧ་ཧྲི་པྲ་ཏི་ཙྪ་ཧོ། བར་པ་གཤེགས་པ་ནི། ༀ་ཧཱུཾ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལ། །སེམས་ཅན་དབང་གི་ནོར་འཁྲུལ་ཅི་མཆིས་པ། །མི་འཆབ་འགྱོད་པའི་སེམས་ཀྱི་མཐོལ་ལོ་བཤགས། །ༀ་བཛྲ་སཏྭ་སོགས་ཀྱི་ཡི་གེ་བརྒྱ་པ་བརྗོད། ཐ་མ་སྒྲལ་བ་ནི། ལས་ཀྱི་ལམ་ཐོད་པ་མཚན་ངན་དུ་ལིང་ག་བཅས་ལ། བཛྲ་མ་ཧཱ་ཤྲི་ཧེ་རུ་ཀོ་ཧཾ། བདག་ཉིད་རྡོ་རྗེ་སེམས་དཔའ་དང་ཞི་བ་ལ་གདུག་པ་ཅན་བསྒྲལ་བའི་ཕྱིར། །བཛྲ་ཧེ་རུ་ཀར་གྱུར། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བཀའ༴ ཆོས་ཅན་སྒྱུ་འབྲས་བསླུ་བ་མེད་པའ༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་བའི་ལྷ་ཚོགས་རྣམས་ཀྱིས༴ སྤྲུལ་པ་ཡང་སྲིད་བཀའ་ཉན་དང་བཅས་པ་རྣམས་ཀྱིས༴ རིགས་སྔགས་འཆང་རྣམས་ཀྱི་ལྷག་པའི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། མ་རུང་བའི་སེམས་ཅན་བསྒྲལ་བའི་ཞིང་བཅུར་རྟོགས་པ་ཐམས་ཅད། མཚན་མ་རྫས་ཀྱི་རྟེན་འདི་ལ་སྐད་ཅིག་ཙམ་གྱིས་མཆིས་པར་གྱུར་ཅིག །ནྲི་ཡཾ་ཛ། ནྲི་བཛྲ་ཨངྒུ་ཛ། ཏྲི་ཡཾ་ཛ། ཏྲི་བཛྲ་ཨ ངྒུ་ཤ་ཛ། ཞེས་ལྕགས་ཀྱུའི་ཕྱག་རྒྱས་བསྐུག་ལ། ཛ་ཧཱུཾ་བཾ་ཧོ་ཡིས་དགུག་སྟིམ་ཞིང་མྱོས་པར་བྱས་སྟེ་གདུག་པའི་སྙིང་ཁར་དྭངས་མ་ཡེ་ཤེས་ཀྱི་ཨ་དཀར་པོ་དང་བཅས་པ། བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། པྲ་བེ་ཤ་ཡ་ཕཊ། བཟས་པ་པོའི་སྙིང་ཁའི་སྒོ་ཕྱེ། ཨ་དཀར་པོ་ལ་ཕོག །ཡེ་ཤེས་ལྔར་འབབ་དུག་ལྔ་ཡེ་ཤེས་གནས་གྱུར། དངས་མ་ལྔ་སྒྱུ་འཕྲུལ་དྲ་བའི་འཁོར་ལོར་སྤར་སྟེ་སངས་རྒྱས་པར་གྱུར། ཛཿཧཱུཾ་བཾཾ་ཧོ། ཤྲཱི་ཧེ་རུ་ཀ་མ་རཱ་བཛྲ་སརྦ་དུཥྚན། ས་མ་ཡ་མུ་ཏྲ་མཊྚཾ་ཁ་ཁ། ཁཱ་ཧི། ཧྲི་ད་ཡ་པི་པ་ཧཱུཾ་ཕཊ། སྙིང་མ་རང་སྣང་སྒྱུ་འཕྲུལ་གྱི་འཁོར་ལོ་ཁྲོ་ཚོགས་སུ་འབར་བས་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་སྤྱད་པར་བསམ་ལ། ཧཱུཾ་ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། གདུལ་ད ཀའ་མ་ལུས་འདུལ་བའི་ཕྱིར། ཤ་རུས་ལ་སོགས་ཟ་བར་བྱ། ཞེས་བརྗོད་དེ། སརྦ་དུཥྚན་མ་ར་ཡ་ཧཱུཾ་ཕཊ་ཀྱིས། ལིང་ཀའི་གནས་ལྔར་ཕུར་བུ་བཏབ་པས་བསད། ཡན་ལག་ལྔ་བཅད། དུམ་བུར་གཏུབས་ཁོག་པ་ཕྲལ་སྟེ། སྟོབ་ཅིང་། ཛཿཧཱུཾ་པཾ་ཧོ། ཤྲི་བཛྲ་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་ས་མ་ཡ། མཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ་མ་ཧཱ་པན་ཙ་ཨ་མྲྀ་ཏ་ཁ་ཁ་ཁ་ལེ་ལེ་ལེ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཞེས་བརྗོད་ལ། ཧཱུཾ་བགེགས་དང་དཔའ་བ་འཇིགས་སུ་རུང་པ་དང་། །རྒོད་དང་བཤེད་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པས། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་ཡང་བསྒྲུབ་པོ་རྣམ་འབྱོར་ལས། །གར་གྱིས་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཾ་ས་ལ་སོགས་རོ་མཆོག་བསིལ། །མེ་ཏོག་ལ་སོགས་ཙན་དན་དྲི། །བཟང་དགུ་དབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་བརློབས་ཤིག་རྣམ་འབྱོར་ལས། །བསྒྲུབ་པའི་རྫས་འདི་ཐམས་ཅད་ལ། ཧཱུཾ་དང་ཕཊ་ཀྱི་ལྡན་པར་མཛོད། ཅེས་པས་བསྒྲལ་ཐལ་སྦྱོར་བའི་དམ་ཚིག་ཆེན་པོར་བསྒྲུབས་པས་ལྷ་ཐམས་ཅད་ཚིམ་པར་བྱས་ལ། ཧཱུཾ་བཛྲ་དྷྲིཀ྄་ཀྱིས་རྡོར་སེམས་ཞི་བར་ང་རྒྱལ་འཕོས་སྟེ། བསང་བསྣན་འབུལ་ཞིང་། ༀ་ཧཱུཾ་རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བ། །བཅོམ་ལྡན་བདེ་གཤེགས་རྡོ་རྗེ་དབྱིངས་ཀྱི་འཁོར། །དུས་གསུམ་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང་། །ཕྱག་གཉན་ཁྲོ་གཏུམ་རྔམ་པའི་ཚོགས་ལ་སོགས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས། །དགྱེས་པར་རོལ་ཅིག་མཆོད་པ་དམ་པ་འདི། །ཞེས་སྟེ་ཨ་ལ་ལ་ཡིས་དགྱེས་པར་མཛོད། ༀ་བཛྲ་ཨེ་ས་ཧཱུཾ་སེ་ས་ཧཱུཾ། ས་མ་ཡ་བྷཀྵ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོ། ༀ་པྲ་ཏི་ཙྪར། ཞེས་པས་འཁོར་གསུམ་བདེ་བ་ཆེན་པོར་རོ་མཉམ་པའོ། །ཚོགས་ཕུད་བཞི་པ་ཕུད་ལྷག་བསྲེ་བའི་ཆས་སུ་བཞག །ལྔ་པ་ཚོགས་ལ་རོལ་བ་ནི། དབང་གི་མཐར་མཛད་པ་ཕྱག་ལེན་ཡིན་ནོ། །དེ་ནས་རྗེས་ཆོག་བྱ་བ་ནི། ལྷག་མ་དང་། དཀྱིལ་འཁོར་བསྡུ་བ་དང་། ཐུན་འཚམས་ཀྱི་རྣལ་འབྱོར་རོ། །དང་པོ་ལྷག་མ་བྱ་བ་ནི། བདག་གི་ཐུགས་ཁ་ནས་འདོད་པའི་རྒྱལ་པོ་ཕྱུང་སྟེ། མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་རང་དབང་མེད་པ་སྤྱན་འདྲེན་ནས། བཅོམ་ལྡན་འདས་རིགས་ལྔའི་འཁོར་བརྒྱད་བརྒྱད་ཟུར་བཞི་བཞིར་བཞུགས་པའོ། །ༀ་ཏ་ཀི་ར་ཛ་ཧཱུཾ། ཏ་ཀི་ར་ཙ། ཨ་ཀ་ཏ་ཡ། ཨ་ག་ཏ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། བྷནྡྷ་ཡ། བྷནྡྷ་ཡ། དོ་ཤ་ཡ། དོ་ཤ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་ནན་བཛྲ་ཏ་ཀི་ཧྲི་ད་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། སོ་སོའི་སྙིང་པོ་ཕུལ་ནས། ཞིང་ཚལ་པའི་གདན་ལ་བཞུགས་ཏེ། ཤར་གྱི་བརྒྱད་དཀར། ལྷོའི་བརྒྱད་སེར། ནུབ་ཀྱི་བརྒྱད་དམར། བྱང་གི་བརྒྱད་ལྗང་། མཚམས་རྣམས་ཀྱང་དེ་ལྟར་བྱའོ། །ཀུན་ཀྱང་ལག་ན་གྲི་དང་ཐོད་པ་ཐོགས་པ། རུས་པའི་བརྒྱན་གྱིས་ལྷུབ་པའོ། །དེ་ནས་མཆོད་དེ། བདག་གི་ལྗགས་སྟེང་ན་ཧྲཱིཿ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་ལྷ་འགྲོན་རྣམས་ལྗགས་སྟེང་དུ་ཐིམ་པར་བསམ་པ་ནི། གཏོར་མ་བདུད་རྩིའི་དགོངས་པའོ། །ཡང་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར་པར་གསལ་བར་བསམ་ལ། ཧཱུཾ་སརྦ་བཛྲ་ཊཱ་ཀ་ཊཱ་ཀི་ནི། པྲ་ཏི་ཛ་ཨེ་མཾ་བྷ་ལིང་ཏ་ཧཱུཾ་ཕཊ་ཁ་ཧི། ༀ་སརྦ་བུདྷ་ཊཱ་ཀ་ཊ་ཀི་ནི་པྲ་ཏི་ཛ་ཨེ་མཾ་བྷ་ལིཾ་ཏ་ༀ་ཕཊ་ཁཱ་ཧི། ཤར་གྱི་དགུའོ། །ཏྲཾ་སརྦ་རཏྣ་ཊཱ་ཀ་ཊཱ་ཀི་ནི་པྲ་ཏི་ཛ་ཨེ་མཾ་བྷ་ལིཾ་ཏ་ཏྲཾ་ཕཊ་ཁ་ཧི། ལྷོའི་དགུའོ། །ཧྲིཿསརྦ་པདྨ་ཊཱ་ཀ་ཊཱ་ཀི་ནི་པྲ་ཏི་ཛ་ཧེ་མཾ་བྷ་ལིང་ཏ་ཧྲིཿཕཊ་ཁ་ཧི། ནུབ་ཀྱི་དགུའོ། ཧ་སརྦ་ཀརྨ་ཊཱ་ཀི་ཊཱ་ཀི་ནི་པྲ་ཏི་ཛ་ཨེ་མཾ་བྷ་ལིཾ་ཏ་ཧ་ཕཊ་ཁ་ཧི། བྱང་གི་དགུའོ། །འདི་རྣམས་རྒྱས་་པར་ནི་སོ་སོའི་གྲངས་ཚད་དུ་བཟླའོ། །གཏོར་མ་དུག་གསུམ་གྱི་རྒྱ་མཚོ་ཤ་ཁྲག་རུས་པར་བསྒོམ་ནས་མཁའ་འགྲོ་མ་རྣམས་ལ་བཏབ་པ་ནི། དུག་གསུམ་གྱི་དགོངས་པའོ། །དེ་ནས་མཁའ་འགྲོ་མ་རྣམས་ཅག་གེ་ཉན་པར་བསམ་ལ། རྡོ་རྗེ་དྲིལ་བུ་ཐོགས་ལ་འདི་སྐད་དོ། །ཧཱུཾ་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། །མཁའ་འགྲོའི་ཚོགས་ཀྱི་བསྐོར་བ་ནི། །མངོན་པར་དག་པའི་འཇིག་རྟེན་ན། །རྡོ་རྗེ་ནམ་མཁར་འགྲོ་བ་རྣམས། །ཡི་དྭགས་སྟན་ལ་ཡང་དག་བཞུགས། །དབང་པོ་འཇིགས་པའི་གཟུགས་བཞིན་ཅན། །སྐལ་ལྡན་རང་གི་ལག་ཆར་ལྡན། །གདུག་པའི་སེམས་ཀྱི་མ་རིག་བྱེད། །ཤ་ཁྲག་དང་ནི་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་སྤྱོད་རྣམས། །ཟ་བར་བྱེད་ཅིང་འདྲེན་པར་བྱེད། །གསོད་པར་བྱེད་ཅིང་འཕྲོག་པར་བྱེད། །ཀུན་གྱི་རང་གི་དམ་ཚིག་ལྡན། །ཤར་གྱི་ཕྱོགས་ནས་གཤེགས་སུ་གསོལ། །འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབས། །ལས་བཅོལ་འཕྲིན་ལས་གྲུབ་པར་མཛོད། །དཔལ་དང་ལྡན་པའི་འཇིག་རྟེན་ནས། །རྡོ་རྗེ་ནམ་མཁར་འགྲོ་བ་རྣམས། །གཟི་བརྗིད་ཆེ་དང་འབར་བྱེད་མ། །འཇོམས་བྱེད་མ་དང་བོང་སྣའི་མགོ །ཀུན་ཀྱང་རང་གི༴ ལྷོའི་ཕྱོགས་ནས་གཤེགས་སུ་གསོལ། །འདུར་གཤེགས་བརྒྱན་གྱི་གཏོར་མ༴ བཀའི་ཕ་འབབ་འདི༴ བདག་གི་བསམ་པ༴ ལས་བཅོལ༴ བདེ་བ་ཅན་གྱི་འཇིག་རྟེན་ནས། །རྡོ་རྗེ་ནམ་མཁར་འགྲོ་བ་རྣམས། །ཆགས་ཆེན་མ་དང་ཆགས་བྲལ་མ། །འཁོར་ལོ་མ་དང་རྒྱས་འདེབས་མ། །ཀུན་ཀྱང་༴ ནུབ་ཀྱི་ཕྱོགས་ནས་གཤེགས༴ བཀའི་གཏོར་མ༴ བདག་གི་ལས་བཅོལ༴ རྣམ་པར་དག་པའི་འཇིག་རྟེན་ནས། །རྡོ་རྗེ་ནམ་མཁར་འགྲོ་བ་རྣམས། །སྣ་ཚོགས་ལུས་དང་བསྲུངས་བ་མོ། །གནོད་སྦྱིན་མོ་དང་ཡང་དག་འཕྲོག །ཀུན་ཀྱང་༴ བྱང་གི་ཕྱོགས་ནས༴ འདིར་གཤེགས༴ བཀའི་གཏོར་མ༴ བདག་གི་ལས༴ ཤ་ཆེན་སྤུངས་པའི་འཇིག་རྟེན་ནས། །བྱ་རོག་གདོང་གི་མིག་འཕྲུལ་ཅན། །འཇིགས་པའི་མིག་དང་འཇིགས་པའི་གདོང་། །ཤར་ལྷོའི་ནམ་མཁར་འགྲོ་བ་རྣམས། །ལག་པར་གྲི་དང་ཁྲག་ཞོང་ཐོགས། །མཆོག་ཏུ་ཤ་དང་ཁྲག་ལ་དགྱེས། །ཀུན་ཀྱང་༴ ཤར་ལྷོའི་མཚམས་ནས༴ འདིར་གཤེགས༴ བཀའི༴ བདག་གི༴ ལས་བཅོལ༴ ཀེང་རུས་དཔུངས་པའི་འཇིག་རྟེན་ནས། །གཞད་དང་འུག་པའི་གདོང་འཛིན་མ། །ཁྲོས་པས་ཁྱི་དང་ཕག་གི་གདོང་། ལྷུན་གྲུབ་ནམ་མཁར་འགྲོ་བ་རྣམས། །ལྟེ་འཆང་པོ་ལ་བུམ་པ་འཛིན། །ཀུན་ཀྱང་༴ ལྷོ་ནུབ་ནམ་མཁར༴ འདིར་གཤེགས༴ བཀའ་ཡི༴ བདག་གི༴ ལས་བཅོལ༴ རཀྟ་ཁྲག་གི་རྦ་ཀློང་ནས། རྔ་མོ་བུང་བུའི་གདོང་འཛིན་མ། །ཁྲོས་པས་ར་དང་བྱི་ལའི་གདོང་། །ནུབ་བྱང་ནམ་མཁར་འགྲོ་བ་རྣམས། །རྒྱུ་མའི་མགོ་ནས་ཟ་བར་བྱེད། །ཀུན་ཀྱང་༴ ནུབ་བྱང་འཚམས་ནས༴ འདིར་གཤེགས༴ བཀའི༴ བདག༴ ལས་བཅོལ༴ ཐལ་ཆེན་སྤུངས་པའི་འཇིག་རྟེན་ནས། །ཀེང་རུས་དཀར་པོ་འཛིན་པ་སྟེ། །ཁྲོས་པས་རུས་པའི་འཕྲེང་བ་ཀླུབས། །བྱང་ཤར་འཚམས་ནས་འགྲོ་བ་རྣམས། །ཕན་ཚུན་འཐབ་ཅིངགཅོད་པར་བྱེད། །ལྕེ་སྤྱང་གིས་ནི་འཁོར་གྱིས་བསྐོར། །འཇིག་རྟེན་དྲག་པོའི་མཆེ་བ་གཙིགས། །ཀུན་ཀྱང་༴ བྱང་ཤར༴ འདིར་གཤེགས༴ བཀའི༴ བདག་གི༴ ལས་བཅོལ༴ དཔའ་ལྡན་རྡོ་རྗེ་སེམས་དཔའ་ཡི། །དཀྱིལ་འཁོར་དེ་ཡི་གྲྭ་བཞི་ནས། །འཇིགས་བྱེད་མཁའ་འགྲོ་བཞི་བྱུང་བ། །ཤར་གྱི་ཕྱོགས་ནས་བྱུང་བ་ནི། །རྡོ་རྗེ་མཁའ་འགྲོ་ཆེན་མོ་སྟེ། །སྲིན་པོ་བོང་སྣ་གཤེགས་སུ་གསོལ། །འཇིགས་བྱེད་འབུམ་ཕྲག་བཅུ་དང་བཅས། །ཀུན་ཀྱང་༴ འདིར་གཤེགས༴ བཀའི༴ བདག་གི༴ ལས་བཅོལ༴ ལྷོའི་ཕྱོགས་ནས་འབྱུང་པ་ནི། །རིན་ཆེན་མཁའ་འགྲོ་ཆེན་མོ་སྟེ། །རྡོ་རྗེ་དུས་མཚན་གཤེགས་སུ་གསོལ། །འཇིགས་བྱེད་འབུམ་ཕྲག་ལྔ་དང་བཅས། །ཀུན་ཀྱང་༴ འདིར་གཤེགས༴ བཀའི༴ ལས་བཅོལ༴ ནུབ་ཀྱི་ཕྱོགས་ནས་བྱུང་པ་ནི། །པདྨ་མཁའ་འགྲོ་ཆེན་མོ་སྟེ། །རྡོ་རྗེ་དུས་ཀྱི་འཁོར་ལོ་ཡང་། །འཇིགས་བྱེད་བྱེ་བ་འབུམ་དང་བཅས། །ཀུན་ཀྱང་༴ འདིར་གཤེགས༴ བཀའི༴ ལས་བཅོལ༴ བྱང་གི་ཕྱོགས་ནས་བྱུང་བ་ནི། །ལས་ཀྱི་མཁའ་འགྲོ་ཆེན་མོ་སྟེ། །རྡོ་རྗེ་ལང་ཀ་མགྲིན་བཅུ་ཡང་། །གནོད་སྦྱིན་བྱེ་བ་གསུམ་དང་བཅས། །བྱང་གི་ཕྱོགས་ནས་གཤེགས་སུ་གསོལ། །ཀུན་ཀྱང་༴ འདིར་གཤེགས༴ བཀའི༴ བདག་གི༴ ལས་བཅོལ༴ མཁའ་འགྲོ་ཕོ་མོ་ཁྱེད་རྣམས་ཀྱང་། །སྔོན་ཚེ་བཅོམ་ལྡན་རིགས་ལྔ་ཡིས། །ཕོ་རྣམས་བཏུལ་སྟེ་གདན་དུ་བྱས། །མོ་རྣམས་བཏུལ་སྟེ་འཛའ་མོར་བྱ། །སེམས་དཔའ་དམ་ཚིག་དགོངས་པ་བཞིན། །བདག་ཀྱང་རྒྱལ་བའི་བསྟན་བསྲུང་ན། །ལས་བཅོལ་འཕྲིན་ལས་མཛད་དུ་གསོལ། །བར་དུ་གཅོད་པའི་དགྲ་བགེགས་རྣམས། །མྱུར་དུ་བསྒྲལ་ལ་མེད་པར་མཛོད། །བདུད་འདུལ་མཐུ་དང་སྐལ་ལྡན་ཚེ། །མཛོད་ལྡན་ནོར་དང་འཁོར་རྣམས་ཀྱིས། །དངོས་གྲུབ་དམ་པ་བདག་ལ་སྩོལ། །དེ་ནས་གཏོར་མ་ནམ་མཁའ་མཐོང་པར་ཕྱིར་དཔགས་ལ། གངས་རིའིི་རྒྱུད་ལ་ཡོད་པའི་བརྟན་མ་སྤྱན་འདྲེན་པ་ནི། ཧཱུཾ་དཀྱིལ་འཁོར་དེའི་ཕྱི་རིམས་ནས། གངས་རིའི་རྒྱུད་ལ་གནས་པ་ཡི། །བརྟན་མའི་ཚོགས་ཀྱི་བསྐུར་བ་ནི། །ལག་ཏུ་རྡོ་རྗེ་བྱིན་ནས་མིང་གིས་དབང་བསྐུར་བས། །བོད་ཁམས་སྐྱོང་བ་མ་མོའི་ཚོགས། །བསྟན་མ་ཆེན་མོ་བཅུ་གཉིས་ཀྱང་། །སྔོན་གྱི་ཐུགས་དམ་བསྐོང་མཛོད་ལ། །འདིར་གཤེགས༴ བཅོལ་བའི༴ བྷྱོ་གུང་སྔོན་མཐོན་པོའི་ཡར་སྟེངས་ན། །ནམ་མཁའི་རྒྱལ་པོ་རྡོ་རྗེ་ཏིང་ལོ་སྨན། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །མོ་བཙུན་ཁུ་ཆོས་རྡོ་རྗེ་གཡར་མོ་གསིལ། །སྐོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །ལྷོའི་སྐྱི་མཐིང་རྡོ་རྗེ་གཡའ་མ་སྐྱོང་། །བྱང་གི་རྨ་ཏིང་རྡོ་རྗེ་ཏིང་ལོ་བཙུན། །བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མ། །གདལ་ལ་བཙན་མོ་རྡོ་རྗེ་ཡེ་གེ་མཆོག །སྐྱི་མཐིང་གངས་ཀྱི་རྡོ་རྗེ་ལ་རོལ་སྨན། །ཡང་འབྲོག་གསེར་ཐང་རྡོ་རྗེ་འབྲོག་སྲིན་མོ། །ཁྲག་མཐུང་ཆེན་མོ་རྡོ་རྗེ་སྒྱུ་དྲིལ་མ། །མི་གཡོ་བརྟན་མའི་རྡོ་རྗེ་ས་འཛིན་མོ། །དེ་ལྟར་གངས་རིའི་རྒྱུད་ལ་གནས་པ་ཡི། །བསྟན་མ་ཆེན་མོ་བཅུ་གཉིས་རྣམས། །བདུད་རྩི་སྨན་གྱིས་གཡབ་དོར་གནས། །བཀའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བདག་ཅག་རྣལ་འབྱོར་འདིར་འདུས་དང་། །འཁོར་དུ་གཏོགས་པའི་ཡོན་བདག་གིས། །རྐྱེན་ལ་བབ་ན་རྐྱེན་བཟློག་ཅིག །ཤོ་ལ་བབ་ན་ཤོ་གཏོར་ཅིག །ཁྲམ་ལ་བབ་ན་ཁྲམ་ཆོག་ཅིག །རིམས་ནད་ཡམ་ནད་བཅད་པ་དང་། །ཅི་ལ་གྱུར་པའི་ནད་རྣམས་ཀུན། །ཡུད་ཙམ་གྱིས་ནི་མེད་པར་མཛོད། །མ་ཧཱ་མ་ས་ལ་ཁ་ཧི། རཀྟ། ཙིཏྟ། བ་སུ་ཏ། གོ་རོ་ཙ་ན། སརྦ་པནྩ་ཨ་མྲྀ་ཏེ། རཀྟ་ལ་ཁ་ཧི། ཞེས་གཏོར་མ་སྐྱལ་ལ། །དེ་ནས་རྟིང་ཤག་ཡིག་བརྒྱ་དང་བཅས་པ་བརྗོད། །བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ། །ཕུན་སུམ་པའི་བཀྲ་ཤིས་བརྗོད། །དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྡུའོ། །སླར་རྡོ་རྗེ་སེམས་དཔའི་སྐུར་སྐད་ཅིག་གིས་བསྐྱེད། ལུས་བསྲུངས། གོ་བགོ །སྤྱོད་ལམ་གྱི་བྱ་བ་རྣམས་བྱའོ། །ཞི་བའི་སྔོན་རྟོགས་རྫོགས་སོ། །དེ་ལྟར་དབང་བསྐུར་བའི་ཆོ་འཕྲུལ་དང་། བྱིན་གྱིས་བརླབས་པའི་ཆོ་འཕྲུལ་དང་། མཆོད་པ་འབུལ་བའི་ཆོ་འཕྲུལ་དང་གསུམ་པོ་འདི། གོང་བདག་བསྐྱེད་དང་། བུམ་བསྐྱེད་ཀྱི་དཀྱིལ་འཁོར་དྲུག་དང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དྲུག་པོ་རེ་ལ། རེ་རེ་སྦྱོར། འོན་ཀྱང་མ་ལྕོགས་ན་གཅིག་ཏུ་བསྡུས་ཀྱང་གྲུབ་པོ། ༈ གཉིས་པ་སྔོན་འགྲོ་རབ་གནས་ཀྱི་རྟེན་རྣམས་ལ་བྱུག་པ་ནི། སྐུ་གཟུགས་པའི་རྣམ་ལྔ་དང་། ཏིལ་མར་ཁུ་དང་ཤིང་ཤུན་ལྔས་ཕྱིས་སྟེ། སྤོས་ཀྱི་དྲི་ཞིམ་པར་བྱས་ལ་བཞག་གོ །དང་པོ་བའི་རྣམ་ལྔས་བྱུག་པ་ནི། མཁར་བའི་སྣོད་དུ་བའི་རྣམ་ལྔ་བསྲེས་ལ་དཀྱིལ་འཁོར་གྱི་ལྷ་བསྟན་པའི་མེ་ལོང་ནང་གི་གཟུགས་བརྙན་ལ་བྱུག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་ཧཱུཾ། ཅེས་བྱུག་གོ །ༀ་ཨཱཿ་ཧཱུྃ ཧྲིཿཐ། ཅེས་སྣུམ་གྱིས་བྱུག་གོ །དེ་ནས་ཨུ་དུམ་ཝཱ་ར། ཤ་རི་ར། ཨ་ཤྭ་ཐ། ནྱ་ཀྲོ་དྷ། སྤར་པ་དེ་ལྔའི་ཤུན་པ་ཕྱེ་མའི་ལྡེ་གུས་བྱུགས། སྔགས་གོང་དང་མཐུན། དེ་ནས་རས་ཀྱི་ཕྱི་བཞིན་ༀ་རཏྣ་པྲ་བན་ཙ་ར་ཧ་སྭཱ་ཧཱ་བཀྲུ་བའོ། །དེ་ནས་དྲི་ལྔའི་ཆུས་དྲི་བསྐྱེད་དེ། ༀ་སརྦ་ཏ་ཐཱ་ག་ཏ། ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཡེ་ཧཱུཾ། བརྗོད་དོ། །གུ་རུའི་ཆས་གོས་ལྔ་སེར་པོར་བྱས་ལ། ༈ སྤྱི་དོན་གཉིས་པ་ཏིང་ངེ་འཛིན་གྱི་ལྷ་བསྐྱེད་པ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ༀ་མཧཱ་ཤུ་ནྱ་ཏ་དྷརྨ་དྷརྟུ་སྭ་བྷ་ཝ་ཨཱཏྨ་མ་ཀོ྅་ཧཾ། ལན་བདུན་བརྗོད། རབ་ཏུ་གནས་པར་འོས་པའི་རྟེན་ཐམས་ཅད་སྟོང་པ་ཉིད་དུ་གྱུར། དེ་ནས་བདག་གཙོ་བོར་གསལ་བའི་ཐུགས་ཁའི་ཧཱུཾ་ལས། འབྱུང་པ་ལྔའི་ཡི་གེ་ཨེ་ཡཾ་མཾ་སུཾ་ལཾ་རཾ་བྱུང་ནས་འབྱུང་རིམས་བསྐྱེད། བྷྲུཾ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེ་ནས་བདག་ཡབ་ཡུམ་སྦྱོར་བའི་བྱང་སེམས་ལས། ལྷ་སོ་སོའི་ས་བོན་བརྒྱད་དམ། བཞི་བཅུ་རྩ་གཉིས་སམ། དེ་ལས་ལྷག་པ་གང་མོས་སྟོན་ལ། འོད་དུ་ཞུ་བ་ལ་ཕྱག་མཚན་ཡིག་འབྲུ་གྲངས་དང་མཉམ་པ། དེ་འོད་དུ་ཞུ་བ་ལས། ཞི་བའི་ལྷ་དཀྱིལ་འཁོར་བསྡུས་པའམ། འབྲིང་པོའམ། རྒྱས་པ་ལ་སོགས་མངོན་རྟོགས་བཞིན་གསལ་བར་བསྐྱེད། དེ་ནས་དབང་བསྐུར་བ་ནི། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་མི་བསྐྱོད་པས་དབང་བསྐུར་ཞིང་རྡོ་རྗེ་སྤྱི་བོར་བཏུགས། ༀ་མ་ཧཱ་ཨ་ཏ་རི་ཤ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའི་རྣམ་པར་སྣང་མཛད་ཀྱིས་དབང་བསྐུར་ཞིང་། རྡོ་རྗེ་དཔྲལ་པར་གཏུག་གོ །རྡོ་རྗེ་སྣ་ལྟག་གཡས་སུ་གཏུགས་ལ། ༀ་མཧཱ་ས་མ་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་གྱི་དབང་བསྐུར། རྡོ་རྗེ་རྟག་པར་གཏུགས་ལ། ༀ་མཧཱ་པྲ་ཏ་པྲ་བེ་ཤ་ཎ་ཛྙ་ན་བཛྲ་སྭ་བྷ་ཝ་ཨ དྨ་ཀོ་ཧཾ། སོར་རྟོགས་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཐའ་ཡས་ཀྱི་དབང་བསྐུར། རྡོ་རྗེ་རྣ་ལྟག་གཡོན་པར་གཏུགས་ལ། ༀ་མ་ཧཱ་ཀྲྀ་ཏྱ་ནྱ་ཥྛ་ན་ཛྙ་ན་བཛྲ་སྭབྷ་ཝ་ཨདྨ་ཀོ་ཧཾ། བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པས་དབང་བསྐུར། བདེན་པ་ནི། ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་དང་ཞིང་ཁམས་ཟག་པ་མེད་པའི་མི་ཟད་པ་བརྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་བརླབས་ཀྱིས། རྟེན་རབ་ཏུ་གནས་པའི་ལྷ་རྣམས་ལ། རིགས་ལྔ་ཡེ་ཤེས་ལྔས་དབང་བསྐུར་བས། རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པའི་དོན། དེང་ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སྤྱི་བོར་རྡོ་རྗེ་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭབྷ་ཝ་ཨདྨ་ཀོ྅་ཧཾ། ལྷ་རྣམས་ཀྱི་དབུའི་ནང་དུ། སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་རེ་རེས་བྱིན་གྱིས་རླབས། རྡོ་རྗེ་མགྲིན་པར་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ལྷ་རྣམས་ཀྱི་མགྲིན་པར། གསུང་རྡོ་རྗེ་སྐུ་མདོག་དམར་པོ་རེ་རེས་བྱིན་གྱིས་བརླབས། རྡོ་རྗེ་ཐུགས་ཁར་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ཐུགས་ཁར་ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ་རེ་རེས་བྱིན་གྱིས་བརླབས། རྡོ་རྗེ་ལྟེ་བར་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་ར་ག་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ལྷ་རྣམས་ཀྱི་ལྟེ་བར་ཡོན་ཏན་རྡོ་རྗེ་སྐུ་མདོག་སེར་པོ་རེ་རེས་བྱིན་གྱིས་བརླབས། རྡོ་རྗེ་གསང་གནས་སུ་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་པུ་ཙ་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ལྷ་རྣམས་ཀྱི་གསང་གནས་སུ། མཆོད་པའི་རྡོ་རྗེ་སྐུ་མདོག་ལྗང་ཁུ་རེ་རེས་བྱིན་གྱིས་བརླབས། བདེན་པ་ནི། ན་མོ་ཕྱོགས་བཅུ་དུས་བཅུ་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་། གསུང་དང་། ཐུགས་དང་ཡོན་ཏན་དང་། འཕྲི་ལས་དང་། ཞིང་ཁམས་ཟག་པ་མེད་པ། ཟད་མི་ཤེས་པ་བརྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་བརྟེན་རབ་ཏུ་གནས་པའི་ལྷ་རྣམས་ལ། སྐུ། གསུང་། ཐུགས། ཡོན་ཏན། འཕྲིན་ལས་མི་ཟད་པ་བརྒྱན་གྱིས་འཁོར་ལོ་ལྷུན་གྱི་གྲུབ་པའི་དོན། དེང་ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །གསུམ་པ་ཡེ་ཤེས་པ་སྤྱན་དྲངས་ཞིང་སྟིམ་པ་ལ་སྙན་གསན་དབབ་པ་ནི། ཧཱུཾ་དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཅན་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ༀ་བཛྲ་ས་མན་ཛ་ཧཱུཾ་ཕཊ། སྤྱན་དྲངས་པ་ནི། ཧོ་ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གཤེགས། །ཡེཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །ཚོགས་ཆེན་གཉིས་རྫོགས་ཐམས་ཅད་དབྱིངས་ཀྱི་ལྷ། །ལོངས་སྤྱོད་རྫོགས་མཛད་རོལ་པ་ཆེན་པོའི་སྐུ། །རྡོ་རྗེ་སེམས་དཔའ་བསྐལ་བཟང་དཔལ་ཁྱོད་བདག །ཐབས་ཀྱི་མ་རྨོངས་བདེ་ཆེན་དབྱིངས་ནས་བཞེངས། །ཡེ་ཤེས་སྒྱུ་མ་རྣམ་པར་རོལ་པའི་སྐུ། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི་གནས། །ཐབས་དང་ཤེས་རབ་ཆེ་ལ་མངའ་མཉེས་པའི། །བདེ་གཤེགས་བདེ་བར་གཤེགས་པར་བཞུགས་སུ་གསོལ། །ༀ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ནི་ཀ་ཏྲི་ཤ་ཡ་ཧོ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛ་ཧཱུཾ་བཾ་ཧོ། ཨ་གད་ཛ་ཡ། ཨ་གད་ཛ་ཡ། ཧཱུཾ་ཛ། བརྟན་པར་བཞུགས་སུ་གསོལ་བ་ནི། ཧཱུཾ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཐུགས་རྗེ་ཆེན་པོ་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །དགྱེས་ཤིང་བསྟན་པར་བཞུགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཛ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོ། འགྲོ་མགོན་ཚུར་གཤེགས་གདན་ལ་བཞུགས། །ཁྱོད་ཀྱི་བསོད་ནམས་སྟོབས་ཀྱི་གདན་བྱུང་བས། །མི་འཇིགས་སྟོབས་ཀྱི་གླང་པོ་དང་། །ཅང་ཤེས་དང་ནི་དབང་གི་རྨ་བྱ་དང་། །ཐོགས་མེད་ནམ་མཁའ་ལྡིང་གི་ཁྲི་བཤམས་ཏེ། །ཉི་ཟླ་པདྨ་རིན་ཆེན་གདན་སྟེང་སུ། །སྟོབས་བཅུ་རྩལ་མངའ་འགྲོ་བའི་མགོན་གྱུར་བཞུགས། །མ་རིག་མུན་སེལ་རིན་ཆེན་སྒྲོན་མེ་བཞུགས། །བདུད་རིགས་སྟོང་མཛད་ཐར་པའི་ལམ་སྟོན་བཞུགས། །འགྲོ་བ་འདྲེན་མཛད་ཐུགས་རྗེའི་ལྕགས་ཀྱུ་བཞུགས། །བཅིངས་པ་གྲོལ་མཛད་བྱང་ཆུབ་ལྕམ་བྲལ་བཞུགས། །འགྲོ་དྲུག་སྒྲོལ་མཛད་སྤྲུལ་སྐུ་ཐུབ་དྲུག་བཞུགས། བདུད་བཞི་འཇོམས་མཛད་ཏ་ཀྲིད་ཁྲོ་རྒྱལ་བཞུགས། །བསྟན་པ་བསྲུངས་མཛད་ཆོས་སྐྱོང་བསྲུངས་མ་བཞུགས། །ས་མ་ཡ་སྟྭཾ། བཞི་པ་དབང་པོ་ལ་སོགས་ཀྱི་སྐྱོན་གསལ་བ་ནི། མིག་སྨན་དང་ཨ་མྲྀ་ཏས་བྱུག་པའི་གསེར་གྱི་ཐུར་མ་སོར་བརྒྱད་པ་ཐོག་ལ། སྤྱན་སྔར་རབ་རིབ་རྣམ་རྟོག་སྐྱོན་བསལ་སྟེ། །དབྱིངས་དང་ཡེ་ཤེས་གཉིས་མེད་མཚན་ཉིད་དོ། །སྲིན་ཞུའི་ཚུལ་གྱི་གསེར་གྱི་ཐུབ་མ་འདི། །སྣ་ཚོགས་ཡངས་པའི་སྤྱན་གྱིས་དབྱེ་བགྱིས་པས། །རང་དང་སྤྱི་ཡི་མཚན་ཉིད་ཆོས་རྣམས་ལ། །ཆོས་སྐུ་ཇི་ལྟར་གཟིགས་ཅིང་མཁྱེན་པ་ལྟར། །སངས་རྒྱས་ཡེ་ཤེས་སྤྱན་གྱི་དངོས་གྲུབ་སྟེ། །བདག་བློ་དམུན་ལོང་ལྟ་བུ་སེལ་བར་ཤོག །ༀ་ཙཀྵུ་ཙཀྵུ་ས་མན་ཏ་ཙཀྵུ་བྷི་ཤྭ་དྷ་ནི་སྭཧཱ། ཅེས་སྤྱན་དབྱེ་བ་ལྟར་བྱས་སྟེ། །ཞལ་ཁེབས་རྟགས། སྨོན་ལམ་ནི། ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་ཞིང་ཁམས་ཟག་པ་མེད་པ་ཟད་མི་ཤེས་པའི་བརྒྱན་གྱིས་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱི། དེང་རབ་ཏུ་གནས་པའི་ལྷ་རྣམས་ལ་གསེར་གྱི་ཐུར་མས་སྤྱན་ཕྱེས་པས་ཡེ་ཤེས་ཀྱི་སྤྱན་ཕུན་སུམ་ཚོགས་པ་དང་། དེང་ཡོན་གྱི་བདག་པོ་ཆེ་གེ་མོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །གསེར་གྱི་སྙན་གཞར་ཐོགས་ལ། མ་འགགས་གསལ་བའི་སྐྱོན་རྣམས་རྣམ་དག་ཀྱང་། །སེམས་ཅན་མ་ལུས་བག་ཆགས་བསལ་སླད་དུ། །གསེར་གྱི་སྤབ་གཞར་སྙན་གསལ་ཚུལ་འདི་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་རྒྱལ་བས་ལེགས་པར་གསུངས་པ་ཡིས། །བསྟན་པའི་ཐེག་པ་ཕྱི་ནང་མ་ལུས་ཀུན། སྐྱེ་བ་ཀུན་ཏུ་ཐོབ་པའི་དངོས་གྲུབ་སྩོལ། ༀ་ཏིབ་བྱ་ཀ་རཏ་ན་ཡེ་ཡོ་སྭཧཱ། སྙན་གསལ་བར་ལྟར་བྱས་ལ། བདེན་པ་བརྗོད་པའི་རྗེས་ལ། དེ་རིང་རབ་དུ་གནས་པའི་ལྷ་རྣམས་ལ། གསེར་གྱི་སྙན་གཞར་གྱི་སྙན་སྤབ་བསལ་ནས། ལྷའི་སྙན་རྣམ་པར་དག་པ། དེ་རིང་ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །གསེར་གྱི་རྨང་རྩེ་ཐོགས་པ། ཤངས་ཀྱི་རླུང་གིས་ཁམས་སུ་སྐྱོད་མཛད་པ། དབང་གི་མཆོག་གི་དྲི་ཆབ་ཡུལ་ལ་རོལ། །ཐབས་དང་ཤེས་རབ་ཚུལ་གྱི་འགྲོ་དོན་མཛོད། །ཉོན་མོངས་སྐྱོན་བྲལ་ཡེ་ནས་རྣམ་དག་ལ། །སྐུར་བསྟི་རི་མོ་གསེར་གྱི་སྤར་ཚེར་གྱིས། །ཤངས་ཀྱི་སྤུ་གསལ་རྟོགས་པའི་དྲ་བ་བཅོམ། །ཡེ་ཤེས་ཐོག་མེད་རླུང་གི་བཀའ་བསྐྱེད་ནས། །འོག་མིན་བླ་མེད་གནས་སུ་ཕྱིན་པར་ཤོག །ༀ་ཏིབ་བྱ་གྷ་དྷ་ཡེ་སྭཧཱ། ཤངས་ཀྱི་སྤུ་འཐོག་པ་ལྟར་བྱས་ལ། བདེན་པའི་རྗེས་ལ། རྟེན་རབ་ཏུ་གནས་པའི་ལྷ་རྣམས་ལ། གསེར་གྱི་སྤར་ཚེར་གྱི་ཤངས་ཀྱི་སྤུ་རྟོགས་པས། ཕ་རོལ་སེམས་ཀྱིས་རྣམ་གྲངས་ཤེས་པའི་དོན། དེང་ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱི་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །གསེར་གྱི་ལྗགས་གཞར་ཐོགས་ལ། ལྗགས་ཀྱི་དབང་པོ་རྣམ་དག་ནས། །རོ་རྣམས་ཐམས་ཅད་མཁྱེན་པའི་ཕྱིར། །སེམས་ཅན་རྣམས་གྱི་དོན་སླད་དུ། །ལྗགས་ཀྱི་དྲི་མ་བསལ་བར་བགྱི། །ༀ་ཏིབ་བྱ་རྫ་ཡེ་སྭཧཱ། བདེན་པ་བརྗོད་པའི་རྗེས་ལ། རྟེན་རབ་ཏུ་གནས་པའི་ལྷ་རྣམས་ལ། །གསེར་གྱི་ལྗགས་གཞར་གྱིས་ལྗགས་བཞར་བས། གསུང་རབ་མོས་པ་སོ་སོར་འཆད་པའི་འབྲས་བུས། དེང་ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །དངུལ་གྱི་ཚེམ་ཤིང་ཐོགས་ལ། །དཔལ་གྱི་འགུལ་ནས་ཚངས་པའི་ལྗགས་ཕྱུང་བས། ཅིར་ཡང་འགྱུར་བའི་ལྗགས་ཀྱིས་དབྱིབས་བཀྲམ་སྟེ། །བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་སྟོན་མཛད་པས། །ཚེམས་དཀར་བཞི་བཅུ་རྩ་གཉིས་རྣམ་དག་ལ། །རིན་ཆེན་མཆོག་གྲུབ་དངུལ་གྱི་ཚེམས་ཤིང་གིས། །བསྐུར་སྟི་རི་མོ་ཚེམས་ཀྱི་སྒོ་གསལ་ནས། །བདག་ཅག་གསུང་གི་དངོས་གྲུབ་ཐོབ་གྱུར་ནས། །འགྲོ་དྲུག་སྐད་དུ་དམ་ཆོས་སྟོན་པར་ཤོག །ༀ་ཏིབ་བྱ་ཁ་ཡེ་སྭཧཱ། ཅེས་ཚེམས་ཀྱི་དྲི་མ་གསལ་བ་ལྟར་བྱས་ལ། བདེན་པའི་རྗེས་ལ། རྟེན་རབ་ཏུ་གནས་པའི་ལྷ་རྣམས་ལ། དངུལ་གྱི་ཚེམས་ཤིང་གིས། ཚེམས་ཀྱི་དྲི་མ་བསལ་བས། ཤིན་ཏུ་མཉམ་པའི་དོན། དེང་ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱི་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །དུང་གི་སོ་མངས་ཐོགས་ལ། དབུ་ལོ་རིན་ཆེན་ལྕང་ལོར་འཁྱིལ་བ་ཡིས། །མཐོན་མཐིང་གཡས་སུ་འཁྱིལ་བའི་ལྕང་ལོ་འདི། །མཛེས་པའི་གཙུག་གཏོར་འབར་བས་བརྒྱན་པ་ལྟར། །ལྷ་མི་ཀུན་གྱི་ལྟ་བས་མི་ངོམ་པའི། །དུག་གསུམ་དྲི་བྲལ་མཚན་མ་མི་མངའ་ཡང་། །བསྐུར་སྟི་རི་མོ་དུང་གི་སོ་མངས་གིས། །ཤད་པས་དུག་གསུམ་སྐྱོན་རྣམས་རང་བྱང་ནས། །བདག་དང་འགྲོ་ཀུན་རྣམ་གྲོལ་མཆོག་ཐོབ་ཤོག །ༀ་བཛྲ་ཀུ་མུ་ལ་སྭཧཱ། ཅེས་པས་ལོངས་སྐུ་རྣམས་ཀྱི་དབུ་སྐྲ་ཤད་པ་ལྟར་བྱས་ལ། རྟེན་རབ་ཏུ་གནས་པའི་ལྷ་རྣམས་ལ། དུང་གི་སོ་མངས་ཀྱིས་དབུ་སྐྲ་ཤད་པ་ཐམས་ཅད་མ་འདྲེས་པར་འགྲོ་བའི་དོན་བྱེད་པ། དེང་ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱི་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །གསེར་གྱི་ཆེན་པོ་ཐོགས་ལ། རྒྱལ་བའི་དབུ་གཙུག་མཐོན་མཐིང་ལྡན་པ་ལ། ཉོན་མོངས་སྡུག་བསྔལ་དྲི་མས་མ་གོས་སྟེ། །རིན་ཆེན་འབར་བས་སྡུག་བསྔལ་ཀུན་ལས་འཕགས། །བལྟས་པས་མི་ངོམ་མཚན་མའི་སྐྱོན་བྲལ་ཡང་། །བསྐུར་སྟི་རི་མོ་གསེར་གྱི་ཆེན་པོ་འདིས། །དབུ་སྐྲ་ཞབས་སེན་འབྲེལ་པའི་ཚུལ་བསྟན་ནས། །དུག་གསུམ་ཟུང་ངུ་རྟོག་པ་ཀུ་བཅོམ་ནས། །སྡུག་བསྔལ་ཉེས་པ་བྲལ་ནས་བདེ་ཐོབ་སྟེ། །ཐར་པའི་མཆོག་ལ་བདག་ཅག་གནས་གྱུར་ཅིག །ༀ་ཀརྨ་ནིརྟ་གི་ཎ་ཧཱུཾ། སྤྲུལ་སྐུ་རྣམས་ཀྱི་དབུ་སྐྲ་བྲེག་པ་ལྟར་བྱས་ནས། །བདེན་པའི་རྗེས་ལ། རྟེན་རབ་ཏུ་གནས་པའི་ལྷ་རྣམས་ལ། །གསེར་གྱི་ཆེན་པས་ཐུབ་པ་དྲུག་གི་དབུ་སྐྲ་བྲེག་པས། དུག་གསུམ་ཟུག་ངུ་ཐམས་ཅད་དང་བྲལ་བའི་དོན། དེང་ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །དེ་དག་ཀྱང་ལྷག་པའི་དཀྱིལ་འཁོར་གྱི་དབང་དུའོ། །ཐུན་མོངས་ལ་སྤྲུལ་སྐུ་ལ་སོ་མངས་མི་དགོས། ལོངས་སྐུ་ལ་ཆེན་པ་མི་དགོས། གཞན་མཐུན་ནོ། །དེ་ནི་ཐ་མལ་པའི་སྐྱོན་དང་བྲལ་ཞིང་། ཟག་མེད་མངོན་ཤེས་ཐོབ་པའི་དགོས་པ་ཡོད་དོ། །ལྔ་པ་ཞི་བའི་ལྷ་རྣམས་ལ་ཆེ་བའི་ཡོན་ཏན་བརྒྱན་ཆས་ཀྱི་དབང་བསྐུར་བ་གཉིས་སྟེ། ཐུན་མོངས་དང་ཁྱད་པར་རོ། །དང་པོ་བུམ་པའི་དབང་ནི། རྣམ་རྒྱལ་བུམ་པ་བླངས་ལ་སྔོན་གླེང་བཞི་བརྗོད། རོལ་མོ་འུར་གྱི་དཀྲོལ་སྟེ། ཕུན་སུམ་ཚོགས་པའི་བཀྲ་ཤིས་བརྗོད་ཅིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། ལྷ་ཡི་ཆུ་ནི་དག་པ་ཡིས། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲི་ཡེ་ཧཱུཾ། ཅེས་དབུ་ལ་བཞག་པའི་ཚུལ་བྱ། ༀ་སྭ་བྷ་ཝ་ཅེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཐུགས་ཁ་ནས་རིགས་ཀྱི་ཡུམ་བཞི་བྱུང་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཁྲུས་བྱས། དབང་བསྐུར་བར་བསམ། དབང་རྟགས་ནི། དབུ་ལ་རིགས་ལྔ་ཡེ་ཤེས་ལྔའི་དོན་དྲན་པར་བྱའོ། །བདེན་པའི་རྗེས་ལ། རྟེན་རབ་ཏུ་གནས་པའི་ལྷ་རྣམས་ལ་རིགས་ལྔའི་དབུ་བརྒྱན་གྱིས། མངའ་གསོལ་བས། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་ནས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ཤེས་ལྔར་རྟོགས་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ཤེས་ལྔར་མཛད་པའི་དོན། དེང་ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱིས་ཐོབ་པར་གྱུར་ཅིག །གཉིས་པ་ཁྱད་པར་ལ། དབུ་བརྒྱན་གྱི་མངའ་གསོལ་བ་ནི། སྭ་སེར་པོའི་འཕྲོ་འདུ་ལས། རཏྣའི་དབུ་བརྒྱན་བསམ། རཏྣ་མ་ལེ་ཧཱུཾ། དེ་ནས་བུམ་ཆུ་བླུག་ལ། རིགས་ལྔ་ཡབ་ཡུམ་སྦྱོར་བའི་ཆུ་རྒྱུན་གྱི་དབང་བསྐུར་བས། བདེན་པའི་རྗེས་ལ། ཆེ་གེ་མོའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རིགས་ལྔའི་དབང་བསྐུར་བས། སེམས་རྣམ་ཤེས་ཚོགས་བརྒྱད་རྣམས་ཡེ་ཤེས་ལྔར་གསལ་བར་རྟོགས་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས། ཡེ་ཤེས་ལྔར་མཛད་པའི་དོན། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཅོད་པན་གྱི་མངའ་གསོལ་ནི། ཧཱུཾ་དང་ཧྲིཿལས་ཅོད་པན་སྔོན་པོ་དང་དམར་པོ་བསམ། བདེན་པའི་རྗེས་ལ། ཆེ་གེ་མོའི་དཀྱིལ་འཁོར་གྱིས་ལྷ་རྣམས་ལ་ཅོད་པན་གྱིས་མངའ་གསོལ་བས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་ནས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བྱེད་པའི་དོན། ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སྙན་ཆས་མངའ་གསོལ་བ་ནི། ཡི་གེ་ཧྲིཿཡི་འཕྲོ་འདུ་ལས། གསེར་གྱི་སྙན་ཆ་ཁོག་སྟོང་ཅན་བསམ། བདེན་པ། ཆེ་གེ་མོའི། སྙན་ཆས་མངའ་གསོལ་བས། སྒྲ་ཐམས་ཅད་རང་གི་རིག་པ་ལས་མི་ག ཞན་པས། གསན་ལ་གང་ཡང་མ་འགགས་པར་ལོངས་སྤྱོད་པའི་དོན། ཡོན་བདག་དང་། ཕྱོགས་ཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱིས་ཐོབ་པར་གྱུར་ཅིག །འགུར་ཆུས་མངའ་གསོལ་བ་ནི། ཏྲཾ་འཕྲོ་འདུ་ལས། རཏྣའི་འགུར་ཆུ་བསམ། བདེན་པ། ཆེ་གེ་མོའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ། རཏྣའི་འགུར་ཆུས་མངའ་གསོལ་བས། གསུང་ལྔའི་ཡོན་ཏན་མཐར་ཕྱིན་པས། ཆོས་ཐམས་ཅད་ཀྱི་དོན་མ་འདྲེས་པར་སྟོན་ཅིང་། གདུལ་བྱ་ཐམས་ཅད་ཆུད་མི་ཟ་བའི་དོན། བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །རཏྣའི་འཕྲེང་བས་མངའ་གསོལ་བ་ནི། ཏྲཾ་ལས་རཏྣའི་འཕྲེང་བ་ཆུ་སྲིན་ཁ་ནས་བྱུང་པའི་དོ་ཤལ་དང་། སེན་མོ་དོ་བསམ། བདེན་པ། ཆེ་གེ་མོ། རཏྣའི་སེན་མོ་དོ་དང་། དོ་ཤལ་གྱི་མངའ་གསོལ་བས། དོན་མ་ལུས་པ་མི་བརྗེད་པའི་གཟུངས་དང་། སྤྲུལ་པ་མཐའ་ཡས་ཉིད་ལས་མི་ཞན་པའི་དོན། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །གསེར་གྱི་དཔུང་བརྒྱན་གྱི་མངའ་གསོལ་བ་ནི། ཤཾ་འཕྲོ་འདུས་ལས། གསེར་གྱི་དཔུང་བརྒྱན་མུ་ཏིག་ཧ་ར་དང་བཅས་པ་བསམ། བདེན་པའི་རྗེས་ལ། ཆེ་གེ་མོ། དཔུང་བརྒྱན་གྱིས་མངའ་གསོལ་བས། མི་འཇིགས་པ་བཞི་ཐོབ་སྟེ། རེ་དོགས་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་དོན། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱིས་ཐོབ་པར་གྱུར་ཅིག །ཕྱག་གདུབ་ཀྱི་མངའ་གསོལ་ནི། སྭ་འཕྲོ་འདུ་ལས། རཏྣའི་ཕྱག་གདུབ་དང་བཅས་པ་བསམ། བདེན་པའི་རྗེས་ལ། ཆེ་གེ་མོ་ཕྱག་གདུབ་ཀྱི་མངའ་གསོལ་བས། སྲོག་ཆགས་བསད་པ་ལ་སོགས་པས། ཡན་ལག་ཚུལ་ཁྲིམས་དག་པའི་དོན། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱི་བསྡུས་པའི༴ ཞབས་གདུབ་ཀྱི་མངའ་གསོལ་ནི། སྭ་འཕྲོས་འདུས་པས་གསེར་གྱི་ཞབས་གདུབ་འཕྲ་མིག་དང་བཅས་པ་བསམ། བདེན་པའི༴ ཆེ་གེ་མོ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལྷུན་གྱིས་གྲུབ་པས། ཐམས་ཅད་ཟིལ་གྱིས་ནོན་ཅིང་དབང་དུ་སྡུད་པའི་དོན། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་དང་། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཤམ་ཐབས་ཀྱི་མངའ་གསོལ། སྭ་འཕྲོ་འདུས་པས། ཤམ་ཐབས་རས་ཀྱི་གཞི་མ་བ་ཏི་དང་། གདུགས་སྣ་ཚོགས་ཀྱིས་བརྒྱན་པར་བསམ། བདེན༴ ཆེ་གེ་མོའི་ཤམས་ཐབས་ཀྱི་མངའ་གསོལ་བས། མཁྱེན་པའི་བྱེ་བྲག་མ་འདྲེས་པར་གསལ། དོན་ཐམས་ཅད་མ་འདྲེས་པར་ཡོངས་སུ་རྫོགས་པའི་དོན། ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར༴ སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སེམས་ཅན་ཆེན་པོ་ལྔའི་གདན་ཁྲིའི་མངའ་གསོལ་ནི། དྷཱི་ལས་སེང་གེ་ལ་སོགས་པའི་སེམས་ཅན་ཆེན་པོ་ལྔ་བསམ། བདེན་པའི༴ །ཆེ་གེ་མོའི་སེང་གེ་ལ་སོགས་པའི་སེམས་ཅན་ཆེན་པོ་ལྔ། གདན་ཁྲི་ལ་མངའ་གསོལ་བས། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་སྟེ། མཐར་ཕྱིན་པའི་ས་ནོན་པའི་དོན། ཡོན་གྱི་བདག་པོ་དང་། ཕྱོགས་བཅུའི་རྣལ་འབྱོར༴ སྲིད་པ་གསུམ༴ རིན་པོ་ཆེའི་ཁྲིའི་མངའ་གསོལ་བ་ནི། ཏྲཾ་འཕྲོས་འདུ་ལས། རཏྣའི་ཁྲི་རྐང་མཛོད་མིག་དང་བཅས་པ་ལྷ་དང་ལྷ་མོ་མང་པོ་ལང་ལིང་ཅན་བསམ། བདེན་པ་བརྗོད་ལ། ཆེ་གེ་མོའི་ཉི་མའི་དཀྱིལ་འཁོར་དང་། ཟླ་བའི་དཀྱིལ་འཁོར་དང་། པད་འདབ་ཀྱི་མངའ་གསོལ་བས། ཐབས་ཐུགས་རྗེ་ཆེན་པོས་ཡོངས་སུ་ཁྱབ་པ་དང་། ཤེས་རབ་ཆེན་པོས་མཐའི་ལྟ་བ་ངན་པ་ཐམས་ཅད་སེལ་བ་དང་། ཆོས་ཐམས་ཅད་ལ་མ་སྤངས་སྤྱོད་བཞིན་དུ་མ་ཆགས་པའི་དོན། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱིས་ཐོབ་པར་གྱུར་ཅིག །འོད་ཟེར་གྱི་མངའ་གསོལ་བ་ནི། ༀ་ཨཱཿ ཧཱུཾ་སྭ་ཧཱ་ལྔ་འཕྲོ་འདུས་པས། བདེན་པ༴ ཆེ༴ འོད་ཟེར་གྱིས་མངའ་གསོལ་བས། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སུ་གསལ་བས། མཐའ་ཐམས་ཅད་དང་བྲལ་བ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་དོན ། ཕྱོགས་བཅུའི༴ ཟླ་བའི་དཀྱིལ་འཁོར་ཀྱི་མངའ་གསོལ་ནི། ཨ་ལས་རྒྱབ་རྟེན་ཟླ་དཀྱིལ་བསམ། བདེན༴ ཆེ་གེ༴ རྒྱབ་རྟེན་ཟླ་དཀྱིལ་གྱིས་མངའ་གསོལ་བས། མཛད་པ་མཐའ་དག་མ་འགགས་པར་སྤྱོད་ཀྱང་མཉམ་པ་ཉིད་ལས་མི་གཡོ་བའི་དོན། ཡོན་བདག་དང་། ཕྱོགས་བཅུའི༴ སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན༴ སྐུ་མདོག་གི་མངའ་གསོལ་ནས་ཆེ་བའི་ཡོན་ཏན་ནི། བྷྲུཾ་གྱི་འཕྲོ་འདུས། སྐུ་མདོག་མཐིང་ཁ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་སོ་སོ་རང་གི་སྐུ་མདོག་གསལ་བར་བསམ། བདེན་པ་བརྗོད། ཆེ་གེ་མོའི་ལྷ་རྣམས་ཀྱི་སྐུ་མདོག་གི་མངའ་གསོལ་བས། གཏིང་དཔག་དཀའ་བ་མི་འགྱུར་བའི་ཆོས་ཉིད་དོ། །སྐྱོན་གྱིས་མ་གོས་པའི་སེམས་ཉིད། ཡོན་ཏན་གྱི་ཆེ་བ་རྒྱས་པ། སྤྱོད་གཞི་མ་འགགས་པའི་ཐབས། སྣ་ཚོགས་རོལ་པའི་འཕྲིན་ལས་ལ་སོགས་པ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །དབུ་གསུམ་གྱི་མངའ་གསོལ་བ་ནི། ༀ་ཨཱཿཧཱུཾ་འཕྲོས་འདུས་པས། དབུ་གསུམ་གསལ་བར་བྱས་ལ། བདེན་པ་བརྗོད། ཆེ་གེ་མོའི། དབུ་གསུམ་གྱིས་མངའ་གསོལ་བས། རྣམ་ཐར་སྒོ་གསུམ་ཐོབ་ནས། ཁམས་གསུམ་གྱི་དོན་མཛད་པ། ཡོན་བདག༴ ཕྱོགས་བཅུའི༴ སྲིད་པ་གསུམ་གྱིས༴ ཕྱག་དྲུག་གི་མངའ་གསོལ་བ། ༀ་ཨཱཿཧཱུཾ་སྭ་ཧཱ། མུཾ་དང་དྲུག་གི་འཕྲོ་འདུས། ཕྱག་དྲུག་གསལ་བར་བྱ་སྟེ། བདེན༴ ཆེ་གེ་མོ། །ཕྱག་དྲུག་གི་མངའ་གསོལ་བས། ཡེ་ཤེས་དྲུག །ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར༴ སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན༴ ཞབས་བཞིས་མངའ་གསོལ། ཛ་བཞིའི་འཕྲོ་འདུས། ཞབས་བཞི་གསལ་བར་བྱས་ལ། བདེན༴ ཆེ་གེ་མོའི། ཞབས་བཞིས་མངའ་གསོལ་བས། རྫུ་འཕྲུལ་གྱི་རྐང་པ་བཞིས་ལྷུན་གྲུབ་ཀྱི་ས་ལ་མ་བསྒྲོད་པར་ཕྱིན་ཅིང་བདུད་བཞི་ཟིལ་གྱིས་གནོན་པའི་འབྲས་བུ། ཡོན་བདག་དང་ཕྱོགས་བཅུའི༴ སྲིད་པ༴ ལྗགས་ཀྱི་མངའ་གསོལ། ལྕེ་ལ་ཨེ་འཕྲོས་བསྡུས་པས། ལྗགས་དམར་སེར་གློག་ལྟར་འཁྱུགས་པར་སྒོམ། བདེན༴ ཆེ་གེ༴ འཆད་བྱེད་རྫས་ཀྱི་མངའ་གསོལ་བས། སྒྲ་ཡི་ཡན་ལག་བསམ་གྱིས་མི་ཁྱབ་པས། འདུལ་བྱ་ཐམས་ཅད་ཅིག་ཏུ་སྨིན་པར་བྱེད་པ། ཡོན༴ ཕྱོགས་བཅུའི༴ སྲིད་པར༴ ཆེ་བའི་མངའ་གསོལ་བ། ཀྵའི་སྤྲོ་བསྡུས་མཆེ་བ་དཀར་ལ་དམར་བར་བསྐྱེད། བདེན༴ ཆེ་གེ༴ མཆེ་བས་མངའ་གསོལ་བས། སྐྱེ་ཤིའི་རྩ་བ་གཅོད་ཅིང་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་པ། ཡོན་བདག༴ ཕྱོགས་བཅུའི་སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན༴ རལ་པས་མངའ་གསོལ་པས། ཛའི་སྤྲོ་བསྡུས་རལ་པ་མཐོན་མཐིང་ལྕང་ལོ་ཅན་བསྐྱེད་ལ། བདེན༴ ཆེ་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རལ་པས་མངའ་གསོལ་བས། ཁྱབ་པའི་ཐུགས་རྗེ་དང་། མཐར་མི་ལྟུང་བའི་ལྟ་བ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སྨིན་མའི་མངའ་གསོལ། རཱ་ལས་སྨིན་མ་འཁྱུག་པར་བསྐྱེད། བདེན་པ་བརྗོད།' ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྨིན་མས་མངའ་གསོལ་བས། ཐབས་ཆེ་བ་དང་། མང་བ་དང་། མཁས་པས་གདུལ་བྱ་ཐམས་ཅད་ཆུས་མི་གསོན་པར། ཡོན་བདག་དང་། ཕྱོགས་བཅུའི༴ སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན༴ ཕྱག་མཚན་དྲུག་གི་མངའ་གསོལ་བ། ཧཱུཾ་དྲུག་གིས་སྤྲོ་བསྡུས་ཕྱག་མཚན་དྲུག་བསྐྱེད་ལ། བདེན་པ༴ །ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ། ཕྱག་མཚན་གྱི་མངའ་གསོལ་བས། ཡེ་ཤེས་དྲུག་གི་འགྲོ་དོན་མཐར་ཕྱིན་པར་མཛད་པ། ཡོན་བདག་དང་། ཕྱོགས་བཅུའི༴ སྲིད་པ༴ དེ་རྣམས་ཀྱི་མངའ་གསོལ་བའོ། །དོན་དྲུག་པ་ཆུ་དག་གིས་སྐུ་ཁྲུས་གསོལ་བ་ནི། གཞུང་གི་ཕྱག་འཚལ་དཀྱིལ་འཁོར་གསུམ་པོའི་ལྷའི་སྐུ་ལ་ཁྲུས་གསོལ་བས། སོ་སོའི་དྲི་མ་དག་ནས་འབྲས་བུ་ཐོབ་པར་བསམ། ཀ ཕྱག་གི་༡མཆོད་པ་དང་། ཁ ཕྱག་༢རྒྱའི་མཆོད་པ་དང་། ག ཀུན་༣ བཟང་མཆོད་པ་དང་གསུམ་པོ་ལས། གཞུང་ནས་སོ་སོར་བླངས་ལ། དེ་ནས་བདེན་པ་སོ་སོའི་འདོད་གསོལ་བྱ། བདེན་པ་བརྗོད། ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ། ཕྱག་གི་པུཉྩ་ཕུལ་བས། དཀྱིལ་འཁོར་གྱི་ལྷ་རྣམས་དང་གཉིས་སུ་མེད་པར་འཇལ་བའི་དོན། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱིས་ཐོབ་པར་གྱུར་ཅིག །ཕྱག་བརྒྱའི་པཱུ་ཛ་ཕུལ་སྟེ། བདེན༴ ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ། ཕྱག་རྒྱའི་པཱུ་ཛ་ཕུལ་བས། ཕྱག་རྒྱ་དམ་ཚིག་གི་སྒོ་ནས། ཕྱག་རྒྱ་བཞི་ཡོངས་སུ་རྫོགས་པའི་འབྲས་བུ། ཡོན༴ ཕྱོགས་བཅུའི༴ སྲིད་པ་གསུམ༴ ཀུན་ཏུ་བཟང་པོའི་པཱུ་ཛ་ཕུལ་ཏེ། བདེན༴ ཆེ་གེའི་ལྷ་རྣམས་ལ་ཀུན་ཏུ་བཟང་པོའི་པཱུ་ཛ་ཕུལ་བས། བདག་ཉིད་ཆེན་པོའི་པཱུ་ཛས་ལོངས་སྤྱོད་པའི་སྐལ་བ། ཡོན་བདག༴ ཕྱོགས་བཅུའི༴ སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན༴ ཕྱག་དང་ཞབས་གསིལ་ལ། ཡེ་ཤེས་སྐུ་ལ་དྲི་མ་མི་མངའ་ཡང་། སེམས་ཅན་ཉེས་བྱས་དྲི་མ་སྦྱང་སླད་དུ། རྒྱལ་བའི་ཕྱག་ཞབས་དག་ནི་བསིལ་བགྱིས་པས། སེམས་ཅན་ཕྱི་ནང་དྲི་མ་དག་པར་ཤོག །བདེན༴ ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་དང་ཞབས་བསིལ་གསོལ་པས། ཕྱི་ནང་གི་དྲི་མ་ཐམས་ཅད་ཡོངས་སུ་དག་པའི་དོན། ཡོན་བདག༴ ཕྱོགས་བཅུའི༴ སྲིད་པ་གསུམ༴ ཆུ་གཙང་གིས་ཁྲུས་གསོལ་ལ། ཡེ་ཤེས་སྐུ་ལ་ཉོན་མོངས་མི་མངའ་ཡང་། སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་དུ། རྒྱལ་བའི་སྐུ་ལ་ཆུ་གཙང་ཁྲུས་གསོལ་བས། སེམས་ཅན་ཉོན་མོངས་བག་ཆགས་དག་པར་ཤོག །བདེན་པ༴ ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཆུ་གཙང་གིས་སྐུ་ཁྲུས་གསོལ་བས། ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་ཐམས་ཅད་དག །ཡོན༴ ཕྱོགས་བཅུའི༴ སྲིད་པ་གསུམ་གྱི༴ ཡུང་ཆབ་གསོལ་བས། ཡེ་ཤེས་སྐུ་ལ་རབ་རིབ་མི་མངའ་ཡང་། །སེམས་ཅན་མ་རིག་མུན་པ་བསལ་སླད་དུ། །རྒྱལ་བའི་སྐུ་ལ་ཡུང་ཆབ་ཁྲུས་གསོལ་བས། །རྨོངས་པའི་རབ་རིབ་མ་ལུས་དག་པར་ཤོག །བདེན༴ ཆེ་གའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཡུང་ཆབ་ཀྱིས་སྐུ་ཁྲུས་གསོལ་བས། ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་དག་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་འབྲས་བུ། ཡོན་བདག་དང་། ཕྱོགས་བཅུའི༴ སྲིད་པ༴ འདག་ཆལ་གྱི་ཁྲུས་གསོལ་ལ། རྣམ་དག་སྐུ་ལ་དྲི་མ་མི་མངའ་ཡང་། སེམས་ཅན་སྡུག་བསྔལ་དྲི་མ་གསལ་སླད་དུ། འདག་ཆལ་དག་གི་སྐུ་ཁྲུས་འདི་གསོལ་བས། ཚུལ་ཁྲིམས་མངོན་པར་བྱང་ཆུབ་སྐུ་ཐོབ་ཤོག །ཁྲུས་བྱས། བདེན་པ༴ ཆེ་གེ༴ འདག་ཆལ་གྱི་ཁྲུས་གསོལ་བས། ཉོན་མོངས་པ་རང་བཞིན་གྱིས་འོད་གསལ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། མངོན་པར་བྱང་ཆུབ་པའི་སྐུ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱིས་ཐོབ་པར་གྱུར་ཅིག །འབྲུ་ཆབ་གསོལ་ལ། ཆོས་ཀྱི་སྐུ་ལ་སྙེལ་སྒྲིབ་མི་མངའ་ཡང་། སེམས་ཅན་མུ་གེའི་སྒྲིབ་པ་སྦྱང་སླད་དུ། རཏྣ་འབྲུ་ཆབ་འདི་དག་གསོལ་བ་ཡིས། ཏིང་ངེ་འཛིན་གྱི་ཕུང་པོ་ཆོས་ཀྱི་སྐུ་ཐོབ་ཤོག །བདེན༴ ཆེ༴ འབྲུ་ཆབ་ཀྱི་སྐུ་ཁྲུས་གསོལ་བས། །རང་བཞིན་གྱི་རྣམ་པར་དག་སྟེ། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཆོས་ཀྱི་སྐུ་ལ་ཉེས་པའི་བག་ཆགས་དྲི་མ་ཐམས་ཅད་དག ཡོན་བདག༴ ཕྱོགས་བཅུའི༴ སྲིད་པ༴ སྤོས་ཆབ་གསོལ་ལ། འཕྲིན་ལས་ལྷུན་རྫོགས་བདེ་གཤེགས་སྐུ་གཟུགས་ལ། སྤོས་མཆོག་དྲི་ཡིས་སྐུ་ཁྲུས་འདི་གསོལ་བས། དྲི་མཆོག་སྟོང་གསུམ་ཀུན་ཏུ་འབྱུང་བ་ཡིས། ཤེས་རབ་ཕུང་པོ་སྤྲུལ་སྐུ་ཐོབ་པར་ཤོག །བདེན༴ ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྤོས་མཆོག་དྲི་ཡིས་སྐུ་ཁྲུས་གསོལ་བས། འོད་གསལ་ཤེས་རབ་ཀྱི་ཕུང་པོ་དང་། སྤྲུལ་སྐུ། ཡོན་བདག་དང་། ཕྱོགས་བཅུའི༴ སྲིད་པ་གསུམ༴ སྨན་ཆབ་གསོལ་ལ། རྡོ་རྗེའི་སྐུ་མཆོག་ནམ་མཁའི་རང་བཞིན་ལ། དྲི་མེད་ཆབ་ཀྱིས་སྐུ་ཁྲུས་འདི་གསོལ་བས། ཉོན་མོངས་དུཿ ཁ་ནད་འཇོམས་རྒྱལ་པོ་འདི། རྣམ་གྲོལ་ཕུང་པོ་རྡོ་རྗེའི་སྐུ་ཐོབ་ཤོག །བདེན་པའི་རྗེས། ཆེ་གེ་མོའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ། སྨན་ཆབ་ཀྱི་སྐུ་ཁྲུས་གསོལ་བས། ཉོན་མོངས་པའི་ནད་ཐམས་ཅད་དག་སྟེ། རྣམ་པར་གྲོལ་བའི་ཕུང་པོ་དང་། རྡོ་རྗེའི་སྐུ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །རཏྣའི་ཆབ་གསོལ་ལ། ཆོས་རྣམས་ཡོངས་སུ་རྫོགས་པའི་སྐུ་མཆོག་ལ། རཏྣ་ལྔ་ཆབ་སྐུ་ཁྲུས་འདི་གསོལ་བས། ཡིད་བཞིན་ནོར་ལྟར་རེ་བ་བསྐོང་པ་ཡི། ཡེ་ཤེས་ཕུང་པོ་ལོངས་སྤྱོད་རྫོགས་པར་ཤོག །བདེན༴ ཆེ་གེ༴ རཏྣ་ལྔ་ཆབ་གསོལ་ལ། སེམས་ཅན་མ་ལུས་རེ་བ་བསྐོང་སྟེ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། ལོངས་སྤྱོད་རྫོགས་པའི་སྐུ། ཡོན༴ ཕྱོགས་བཅུའི༴ སྲིད་པ༴ རས་ཀྱི་སྐུ་ཕྱིས་ལ། །ཐུགས་རྗེ་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། སྲིད་ཞུ་གུས་ཕྱིར་རས་ཀྱིས་སྐུ་ཕྱིས་པས། ལས་དང་ཉོན་མོངས་བག་ཆགས་ཀུན་སྤངས་ནས། སྤྱོད་ལམ་རྣམ་པར་དག་པའི་སྒོ་ཐོབ་ཤོག །བདེན༴ ཆེ་གེ༴ རས་ཀྱི་སྐུ་ཕྱིས་པས། ལས་དང་ཉོན་མོངས་ཐམས་ཅད་དག་ནས། སྤྱོད་ལམ་རྣམ་པར་དག་པའི་སྒོ་ཐོབ། ཡོན༴ ཕྱོགས་བཅུའི༴ སྲིད་པ་གསུམ༴ བདུན་པ་ཕྱི་ནང་པཱུ་ཛ་དབུལ་བ་ནི། ཀུན་ཏུ་བཟང་པོ་གཞུང་ནས་ལེན་དང་། ཕྱག་དང་ཞབས་བསིལ་ཡང་འདིར་མཛད། ལས་གཞུང་གི་མེ་ཏོག་དབུལ་བའི་ཚིག་ཡང་འདིར་བརྗོད། མེ་ཏོག་ཐོགས་ལ། ཡོན་ཏན་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། རཏྣ་མཛེས་པའི་མེ་ཏོག་འདི་ཕུལ་བས། ལོག་ལྟའི་ཉོན་མོངས་ཐ་བ་ཀུན་བྲལ་ནས། ལྟ་བས་མི་ངོམས་མཛེས་པའི་སྐུ་ཐོབ་ཤོག །པུཥྤེ་སྔགས་ཚིག་གིས་མེ་ཏོག་དབུལ། བདེ༴ ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རཏྣའི་མེ་ཏོག་ཕུལ་བས། ཐ་བ་དང་བྲལ་སྟེ། ཚོགས་ཐམས་ཅད་ཡོངས་སུ་རྫོགས་ནས་ལྟ་བས་མི་ངོམས་པའི་སྐུ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱིས་ཐོབ་པར་གྱུར་ཅིག །སྤོས་ཐོགས་ལ། མཆོག་ཏུ་རྣམ་པར་དག་པའི་སྐུ་མངའ་བའི། །སངས་རྒྱས་སྐུ་ལ་བདུག་སྤོས་འདི་ཕུལ་བས། དམ་ཚིག་སྡོམ་པའི་ཉེས་པ་ཀུན་བྲལ་ནས། ཡེ་ཤེས་ཐུགས་རྗེས་མ་ལུས་འདྲེན་པར་ཤོག །སྔགས་དྷུ་པྤེ་ཚིག་བརྗོད། བདེན༴ ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་གདུག་སྤོས་ཕུལ་བས། ཐེག་པ་སོ་སོའི་སྡོམ་པའི་དྲི་མ་ལས་གྲོལ་སྟེ། དམ་ཚིག་རྣམ་པར་དག་ནས་ཐུགས་རྗེ་ཆེན་པོ་དང་། ཕྱོགས་བཅུར་ལྡང་ཞིང་། སྲིད་པ་མ་ལུས་པ་ཡོངས་སུ་འཛིན་པའི་སྐུ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །མར་མེ་ཐོགས་ལ། ཐམས་ཅད་མཁྱེན་པའི་སངས་རྒྱས་སྐུ་གཟུགས་ལ། མུན་པ་སྣང་བྱེད་མར་མེ་འདི་ཕུལ་བས། མ་རིག་འཐིབ་པོའི་མུན་པ་ཀུན་གསལ་ནས། སངས་རྒྱས་སྤྱན་མངའ་ཡོངས་སུ་རྫོགས་པར་ཤོག །འབུལ། ཨ་ལོ་ཀེ་སྔགས་ཀྱི་ཚིག་བརྗོད། བདེན༴ ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མར་མེ་ཕུལ་བས། ལྷན་ཅིག་སྐྱེས་པའི་གཏི་མུག་ལས་བྱུང་པའི། རབ་རིབ་ཡོངས་སུ་དག་པས། སྤྱན་ལྔ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །དྲི་ཆབ་ཐོགས་ལ། སྙིགས་མ་ལྔ་ཉིད་འབྲས་བུར་ཡོངས་རྫོགས་པའི། སངས་རྒྱས་སྐུ་ལ་དྲི་ཆབ་འདི་ཕུལ་བས། མྱ་ངན་ཟུག་ངུའི་གདུང་བ་ཀུན་བྲལ་ནས། འོད་ཟེར་སྣ་ཚོགས་འགྱེད་པའི་སྐུ་ཐོབ་ཤོག །གྷནྡྷེའི་སྔགས་ཚིག་བརྗོད། བདེན༴ ཆེ་གེའི་ལྷ་རྣམས་ལ་དྲི་ཆབ་ཕུལ་པས། མྱ་ངན་གྱི་གདུང་བ་ཐམས་ཅད་དང་བྲལ་ནས་འོད་ཟེར་མཐའ་ཡས་འགྱེད་པའི་སྐུ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སྨན་མཆོད་ལུགས་བཞིན་གཞུང་ནས་སླངས་བྱ། ཡེ་ཤེས་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡིས། སངས་རྒྱས་སྐུ་ལ་བདུད་རྩི་འདིཕུལ་བས། དུག་ལྔ་གདོད་ནས་སེམས་སུ་དག་པ་ཡི། ཡེ་ཤེས་སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག །བདེན༴ ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བདུད་རྩི་ལྔ་ཕུལ་བས། དུག་ལྔ་མ་སྤངས་གནས་སུ་དག་ནས། ཡེ་ཤེས་སྐུ་ལྔ་ལྷུན་གྱིས་གྲུབ་པའི་དོན། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཀྱིས་ཐོབ་པར་གྱུར་ཅིག །བྷ་ལིང་ལུགས་བཞིནཧཱུཾ་བཟའ་ཅེས་གཞང་ནས་བླངས། བྱས་ལ། ཆོས་རྣམས་ལོངས་སྤྱོད་རྫོགས་གྲུབ་པའི། །སངས་རྒྱས་སྐུ་ལ་གཏོར་མ་འདི་ཕུལ་བས། །རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །བདེན༴ ཆེ་གེ༴ གཏོར་མ་ཕུལ་བས་རྫས་སུ་སྤྱོད་པའི་གདུང་བ་ཐམས་ཅད་དང་བྲལ་ནས། གསང་བའི་ལོངས་སྤྱོད་རྫོགས་པའི་དོན། ཡོན༴ ཕྱོགས་བཅུའི༴ སྲིད་པ༴ ལྷག་པ་ཏིང་ངེ་འཛིན་གྱིས་པཱུ་ཛ་བྱས་ལ། བདེ་གཤེགས་སྐུ་ལ་ཏིང་འཛིན་མཆོད་ཕུལ་བས། །ཕྱི་ནང་གསང་དོན་མ་ལུས་ཀུན་རྫོགས་ཏེ། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ནས། །འབྲས་བུ་མཐའ་ཡས་ཀུན་ལ་ལོངས་སྤྱོད་ཤོག བདེན་པ་བརྗོད། ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཏིང་ངེ་འཛིན་གྱི་མཆོད་པ་ཕུལ་བས། དངོས་པོ་མ་ལུས་པའི་ངོ་བོ་ཉིད་རང་བཞིན་གྱི་སྐུ་དང་། ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ། མངོན་སུམ་དུ་རྟོགས་ནས། སྤྱོད་ཡུལ་ཡོངས་སུ་དག་པ། ཡོན་བདག༴ ཕྱོགས་བཅུའི༴ སྲིད་པ༴ སྒྲོལ་མཆོད་སྔགས་གཞུང་ནས་སླངས་ཚིག་བརྗོད་ལ། ཡེ་ཤེས་སྤྱོད་ཡུལ་ཡོངས་དག་པའི། །སངས་རྒྱས་སྐུ་ལ་ཏ་གན་འདི་ཕུལ་བས། ཁམས་གསུམ་དུག་སུམ་རྩད་ནས་དག་གྱུར་སྟེ། སྐུ་གསུམ་དངོས་གྲུབ་ལྷུན་གྱིས་གྲུབ་པར་ཤོག །བདེན༴ ཆེ་གེ༴ ཏ་གན་འདི་ཕུལ་བས། དུག་གསུམ་ཡོངས་སུ་དག་ནས། སྐུ་གསུམ་ལྷུན་གྱིས་གྲུབ་སྟེ། འཁོར་བ་ཡོངས་སུ་དག་པ། ཡོན་བདག་དག། ཕྱོགས་བཅུའི༴ སྲིད་པ༴ སྦྱོར་མཆོད་ཚིག་སྔགས་བསམ་རྒྱུད་བྱ། ཤེས་རབ་འདུ་འབྲལ་མེད་པ་ཡི། སངས་རྒྱས་སྐུ་ལ་གྷ་ན་འདི་ཕུལ་བས། ཕྱི་ནང་བྱང་ཆུབ་སེམས་སུ་རྣམ་དག་སྟེ། མཐའ་ཡས་སྙོམས་པར་འཇུག་པ་ཐོབ་པར་ཤོག །བདེན༴ ཆེ་གེའི་དཀྱིལ་འཁོར་ཀྱི་ལྷ་རྣམས་ལ་གྷ་ན་སྦྱོར་བའི་པཱུ་ཛ་འདི་ཕུལ་བས། ཐབས་དང་ཤེས་རབ་ཀྱི་སྤྱོད་པས་སྣོད་བཅུད་ཐིག་ལེ་ཆེན་པོའི་ཡེ་ཤེས་སུ་དག་སྟེ། མཐའ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །འདོད་ཡོན་ལྔ་ཡི་པཱུ་ཛ་ཕུལ་ལ། མཐའ་ཡས་ལྡན་དང་བྲལ་བ་མེད་པ་ཡི། །སངས་རྒྱས་སྐུ་ལ་འདོད་ཡོན་ལྔ་ཕུལ་བས། །མཐའ་ལ་ཞེན་པའི་གདུང་པ་ཀུན་བྲལ་ནས། བདེ་བ་ཆེན་པོའི་ཐབས་རྣམས་རྫོགས་པར་ཤོག །བདེན༴ ཆེ་གེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་འདོད་ཡོན་ལྔ་ཕུལ་བས། ལོངས་སྤྱོད་ཡོངས་སུ་དག་པ་སོགས་པ་གཅིག་པའི་ཐབས་ཡོངས་སུ་རྫོགས་པ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱི་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ལྷ་ལ་གླུ་ཡེ་ཤེས་ཀྱིས་པཱུ་ཛ་ཕུལ་སྟེ། ལང་ཚོར་རབ་རྒྱས་གླུ་དབྱངས་སྒྲོགས་བྱེད་པ། སྨད་བྱུང་གླུ་ཡི་མཆོད་པ་འདི་ཕུལ་བས། དབང་པོའི་ཞེན་ཆགས་གདུག་པ་ཀུན་བྲལ་ནས། མངོན་ཤེས་ལེགས་ཐོབ་ཀུན་གྱིས་བཀུར་བར་ཤོག །བདེན་པ་ནི། ན་མོ་ཕྱོགས༴ ཆེ་གེ༴ ཆེ་བའི་ཡེ་ཤེས་མངོན་པར་མཐོང་ནས། སོ་སོའི་སྐྱེ་བོ་ལ་སོགས་པ་ཐམས་ཅད་ཀྱི་བསྐུར་གནས་སུ་གྱུར་པ། ཡོན༴ ཕྱོགས་བཅུའི༴ སྲིད་པ༴ ལྷ་མོ་ཅིག་ཏུ་སྤྲོས་ལ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ཕུལ་ལ། སཱུ་ར་ཏོའི་ཚིག་གིས་དབུལ། གདངས་སྙན་སྒྲ་ཡི་མཆོད་པ་དམ་པ་འདི། རབ་འབྱམས་སངས་རྒྱས་དགོངས་པ་རྫོགས་ཕྱིར་འབུལ། ཞེན་འཛིན་འཁྲུལ་པ་མ་ལུས་ཀུན་བྲལ་ན། རྣ་བའི་དགའ་སྟོན་ཕྱོགས་བཅུར་འགྱེད་པར་ཤོག །བདེན་པ་ནི། ན་མོ། ཆེ་གེ་མོའི་ཐབས་མཁས་པའི་རྫུ་འཕྲུལ་གྱིས་བྱ་བ་མང་པོས་བདག་གཞན་གྱི་དོན་ཐམས་ཅད་འགྲུབ་པར༴ ཡོན༴ ཕྱོགས༴ སྲིད་པ༴ ལྷབ་ལྷུབ་བླ་རེས་ལ་སོགས་ཕུལ་ལ། གཟི་བྱིན་ཁྱད་པར་ཤིན་ཏུ་འཕགས་པ་ཡི། སངས་རྒྱས་སྐུ་ལ་ལྷབ་ལྷུབ་བླ་བྲེ་འདི་ཕུལ་བས། ལོག་པའི་ལྟ་བ་མཐའ་དག་ཀུན་སྤངས་ནས། འབར་བའི་རྒྱལ་པོ་ཐུབ་མེད་ཐོབ་པར་ཤོག །བདེན༴ ན་མོ་ཕྱོགས༴ ཆེ་གེ༴ ཐམས་ཅད་ཐུགས་རྗེའི་དབང་གིས་བླ་བྲེས་བརྡལ་བ་ཆེན་པོ། ཡོན་བདག་དང་། ཕྱོགས་བཅུའི༴ སྲིད་པ༴ འཕན་ཕུལ་ལ། མཛེས་པའི་དར་ལྕེ་གཡོ་བ་ཕྱོགས་བཅུར་བསྐྱེད། སངས་རྒྱས་སྐུ་ལ་མཛེས་འཕན་འདི་ཕུལ་བས། སེམས་ཅན་ལོག་པའི་གཡོ་བ་ཀུན་བྲལ་ནས། མཁྱེན་པའི་ཡེ་ཤེས་ཐོགས་པ་མེད་པར་ཤོག །བདེན་པ༴ ན་མོ༴ ཆེ་གེ༴ ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཅིར་ཡང་མཛེས་པས། ཤེས་བྱ་ཐམས་ཅད་ཁོང་དུ་ཆུད་ཅིང་ཐམས་ཅད་འདིར་སྟོན་པས། ཡོན་བདགདང་། ཕྱོགས་བཅུའི༴ །སྲིད་པ༴ །གདུགས་ཕུལ་ལ། སྐྱབས་ཆེན་འཁོར་ཡུག་མཛེས་པའི་བརྒྱན་དང་ལྡན། །སངས་རྒྱས་སྐུ་ལ་གདུགས་མཆོག་འདི་ཕུལ་བས། །འཁོར་བའི་ཚ་གདུང་སྡུག་བསྔལ་ཀུན་བྲལ་ནས། །ཐམས་ཅད་སྐྱོབས་པའི་མཐུ་དང་ལྡན་པར་ཤོག །བདེན༴ ན་མོ་ཕྱོགས༴ ཆེ་གེ༴ ཐམས་ཅད་ཐུགས་རྗེའི་སྐྱབས་ཀྱིས་མཐའི་དུཿཁས་གདུངས་པ་བསིལ་བར་བྱེད་པ། ཡོན༴ ཕྱོགས་བཅུའི༴ སྲིད་པ༴ རྒྱལ་མཚན་ཕུལ་ལ། མི་མཐུན་ཕྱོགས་ལས་རྒྱལ་བ་རྒྱལ་མཚན་འདིར། །དུས་གསུམ་སངས་རྒྱས་རྣམས་ལ་ཕུལ་བ་ཡིས། །མཚན་མ་ཡོད་མེད་ཀུན་དང་བྲལ་གྱུར་ནས། །བདུད་བཞི་ལ་སོགས་ཀུན་ལས་རྒྱལ་བ་ཤོག །བདེན་པ་ནི། ན་མོ༴ ཆེ་གེའི༴ བདུད་བཞིན་ལས་རྒྱལ་བའི་ཆོས་ཀྱི་ཏོག་ཆེན་པོ་མངོན་དུ་བྱུང་པ། ཡོན༴ ཕྱོགས་བཅུའི༴ སྲིད་པ༴ ཡོལ་བ་ཕུལ་ལ། མི་མཐུན་གནོད་པའི་གཡོ་བ་ཀུན་ལ་སྐྱོབ། །སངས་རྒྱས་སྐུ་ལ་ཡོལ་བ་འདི་ཕུལ་བས། །ཉེས་ཚོགས་མཐའ་དག་མ་ལུས་ཀུན་བྲལ་ནས། །ཐམས་ཅད་སྐྱོབས་པའི་བདག་ཉིད་ཆེན་པོར་ཤོག །བདེན༴ ན་མོ༴ ཆེ་གེ༴ སེམས་ཉིད་རྒྱ་དང་བྲལ་བར་རྟོགས་སྟེ། །ཐམས་ཅད་བདག་ཉིད་ཆེ་བར་སྐྱོབ་པ། །ཡོན་བདག༴ ཕྱོགས་བཅུའི༴ སྲིད་པ༴ ན་བཟའ་ཕུལ་ལ། བྱམས་མགོན་ཆེན་པོ་ཀུན་ལ་སྙོམས་པ་ཡིས། །སངས་རྒྱས་སྐུ་ལ་ན་བཟའ་འདི་ཕུལ་བས། །ཐ་བས་རྒྱགས་པའི་སྤྱོད་པ་ཀུན་བྲལ་སྟེ། །གཟི་བྱིན་ཁྱད་པར་འཕཊ་པའི་སྐུ་ཐོབ་ཤོག །བདེན༴ ན་མོ༴ ཆེ་གེ༴ ཐ་བས་རྒྱགས་པའི་སྤྱོད་པ་དང་བྲལ་སྟེ། ངོ་ཚ་ཤེས་པ་ཐམས་ཅད་སྐྱོབ་ཅིང་གཟི་བྱིན་ཁྱད་པར་དུ་འཕགས་པ། ཡོན་བདག་དང་། ཕྱོགས་བཅུའི༴ སྲིད་པ་གསུམ༴ གླིང་བཞི་མཎྜལ་རཏྣས་སྤྲུལ་པ་ཕུལ་ལ། འབྲས་བུ་མཐའ་ཡས་ཀུན་ལ་མངའ་མཉེས་པའི། །སངས་རྒྱས་སྐུ་ལ་དཀྱིལ་འཁོར་འདི་ཕུལ་བས། །འཕགས་པའི་ནོར་གྱིས་དབུལ་བ་ཀུན་བྲལ་སྟེ། །ཏིང་འཛིན་འབུམ་ཕྲག་ཡོངས་སུ་རྫོགས་པར་ཤོག །བདེན༴ ན་མོ༴ ཆེ་གེ༴ འཕགས་པའི་ནོར་བདུན་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག །ཡོན་བདག་དང་། ཕྱོགས་བཅུའི༴ སྲིད་པ། ཡུལ་ཞིང་ཁང་པ་དང་བཅས་པ་དབུལ། ཧཱུྃ འབྲས་བུ་མཐའ་ཡས་ཀུན་ལ་མངའ་བརྙེས་པ། །བདེ་གཤེགས་སྐུ་ལ་ཡུལ་མཁར་འདི་འབུལ་བས། །ཡུལ་སྣང་འཛིན་པའི་འཆིང་བ་ཀུན་བྲལ་ནས། །འཕགས་པའི་ཞིང་ཁམས་རྣམ་དག་ཐོབ་པར་ཤོག །བདེན་པ་དང་།ཆེ་གེ་མོའི༴ ཞིང་ཁམས་དང་། གཞལ་ཡས་ཁང་ཡོངས་སུ་དག་པ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི༴ བྲན་ཕོ་མོ་ཕུལ་སྟེ། ཧཱུྃ། གཟི་བརྗིད་ཤིན་ཏུ་ཁྱད་པར་འཕགས་ཡི། །བདེ་གཤེགས་སྐུ་ལ་ཕོ་མོའི་བྲན་ཕུལ་བས། །ལོག་པར་ལྟ་བ་མཐའ་དག་ཡོངས་སྤོང་ནས། །འཁོར་རྣམས་ཡོངས་སྨིན་ཚོགས་ལ་དབང་བྱེད་ཤོག །བདེན་པ་དང་། ཆེ་གེ་མོ༴ འཁོར་གསུམ་དག་སྟེ་དབང་བསྐུར་བ། ཡོན་བདག་དང་། ཕྱོགས་བཅུའི༴ སྲིད་པ་གསུམ་གྱིས་བསྡུས་པའི༴ བུ་དང་བུ་མོ་ཕུལ་སྟེ། ཧཱུྃ། གཟི་བརྗིད་ཤིན་ཏུ་ཁྱད་པར་འཕགས་ཡི། །བདེ་གཤེགས་སྐུ་ལ་ལྕམ་སྲིང་འདི་ཕུལ་བས། །ལོག་པར་ལྟ་བ་མཐའ་དག་ཡོངས་སུ་འདུལ། སྤྲུལ་པའི་གདུལ་བྱ་མཐའ་དག་དབང་བྱེད་ཤོག །བདེན༴ ཆེ་གེ་མོའི༴ སྤྲུལ་པ་བསམ་ཡས་ཀྱི་ཁམས་གསུམ་མ་ལུས་པའི་དོན་ལ་དབང་བྱེད་པ། ཡོན་བདག༴ ཕྱོགས་བཅུའི༴ སྲིད་པ༴ ཆུང་མ་ཕུལ་སྟེ། ཧཱུྃ། གཟི་བརྗིད་ཤིན་ཏུ་ཁྱད་པར་འཕགས་ཡི། །བདེ་གཤེགས་སྐུ་ལ་གཟུང་མ་འདི་ཕུལ་བས། །ལོག་པར་ལྟ་བ་མཐའ་དག་ཡོངས་སུ་འདུལ། །གསང་སྤྱོད་ཡོངས་སུ་དག་པ་ཐོབ་པར་ཤོག །བདེན་པ་དང་། ཆེ་གེ་མོའི༴ གསང་བའི་ལོངས་སྤྱོད་དག་པ། ཡོན་བདག༴ ཕྱོགས་བཅུའ༴ སྲིད་པ་གསུམ་གྱིས༴ རོལ་མོ་ཡེ་ཤེས་ཀྱི་པཱུ་ཛ་ཕུལ་ཏེ། རོལ་མོ་ཀུན་སྦྱར་ལ། རང་བཞིན་རྣམ་དག་བདེ་གཤེགས་སྐུ་གཟུགས་ལ། གླུ་དབྱངས་སྙན་པའི་མཆོད་པ་འདི་འབུལ་བས། ཆོས་རྣམས་སྐྱེ་འགག་མེད་པའི་ངོ་བོ་ལ། འགྲོ་བ་ཀུན་གྱི་སྤྱོད་ཡུལ་ཐོབ་པར་ཤོག ། བདེན༴ ཆེ་གེ༴ །རྡོ་རྗེའི་སྤོ་ལ་ཕྱིན་སྟེ། ཆོས་སྒྲ་ཆེན་པོ་སེམས་ཅན་མ་ལུས་པའི་རྒྱུད་ཡོངས་སུ་གྲོལ་བར་བྱེད་པ། ཡོན་བདག༴ ཕྱོགས་བཅུའི༴ སྲིད་པ་གསུམ་གྱིས༴ ཚོགས་གཞུང་བཞིན་ཕུལ་སྟེ། ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ཡི། །བདེ་གཤེགས་སྐུ་ལ་ཚོགས་མཆོད་འདི་འབུལ་བས། །རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། །གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །བདེན་པ་དང་། ཆེ་གེ་མོས་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་སུ་རྫོགས་པ། ཡོན་བདག༴ ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །བརྒྱད་པ་བདེན་པའི་བྱིན་བརླབས་བྱས་ཏེ། བརྟན་པར་བྱ་བ་ནི། སློབ་དཔོན་གྱི་གཡས་པས་ཡུང་དཀར་དང་རྡོ་རྗེ་གསོར། གཡོན་དྲིལ་བུ་བསྣམས་སྟེ། སློབ་བུ་དང་། ཡོན་བདག་གིས་མེ་ཏོག་ཐོགས་ལ། ༀ་དམ་ཚིག་རྣམ་པར་དག་པའི་བདེན་པ་དང་། རིག་པ་བཏུལ་ཤུགས་ཀྱི་བདེན་པ་དང་། རིག་པ་འཛིན་པ་རྣམས་ཀྱི་བདེན་པ་དང་། ལམ་ཡོངས་སུ་དག་པའི་བདེན་པ་དང་། དམ་ཚིག་དང་སྡོམ་པ་རྣམས་ཀྱིས་བདེན་པ་དང་། ཆོས་མཉམ་པ་ཉིད་ཀྱི་བདེན་པ་དང་། ངོ་བོ་ཉིད་ལྷུན་གྱིས་གྲུབ་པའི་བྱིན་བརླབས་ཀྱི་བདེན་པ་དང་། ས་རྣམས་ཡོངས་སུ་ནོན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བདེན་པ་དང་། ཏ་ཐ་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཇི་སྲིད་དུ། འཇིག་རྟེན་དུ་གནས་པའམ། ཆེ་གེའི་དོན་ཡོངས་སུ་མ་རྫོགས་ཀྱི་བར་དུ་བརྟན་པར་བཞུགས་ནས་སེམས་ཅན་ཀྱི་དོན་ཡོངས་སུ་རྫོགས་པར་གྱུར་ཅིག །ཀཱ་ཡ། ཝཱཀ །ཙཱིཏྟ་ཏིཥྛ་བཛྲ། ཅེས་ཡུངས་དཀར་དང་མེ་ཏོག་དོར། དགུ་པ་ཡོན་བདག་གིས་བསྐོར་བ་བྱ། སློབ་དཔོན་གྱིས་སྨོན་ལམ་གདབ། བདེན་པའི་རྗེས་ལ། ཆོ་གའི་ལྷ་རྣམས་ལ་བསྐོར་བ་བྱས་ལ། དུས་འདི་ནས་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ། ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སེམས་ཅན་ཐམས་ཅད་མོས་པ་ཡོངས་སུ་མི་ཉམས་ཤིང་། ཆོས་ཐམས་ཅད་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་ཐོབ་པར་གྱུར་ཅིག །ཧོ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་བདེན་པ་དང་། ཆོས་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་བརྒྱན་གྱི་འཁོར་ལོར་སངས་རྒྱས་པའི་བདེན་པ་དང་། དེ་བཞིན་གཤེགས་པ་འཁོར་དང་བཅས་པའི་ཐུགས་རྗེ་ཆེན་པོའི་བྱིན་བརླབས་དང་། གསང་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། ཆོ་ག་ལས་ཀྱི་རིམ་པའི་གཞུང་རྫོགས་པར་བྱ་བའི་བྱིན་བརླབས་ཀྱིས། དེང་འདིར་ཡོན་བདག་ཆེ་གེ་མོས། ཏིང་འཛིན་ཡོན་བདག་ཆེ་གེ་མོས། དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་བའི་སེམས་བསྐྱེད་ནས། སྐུ་དང་བརྒྱན་ཆས་བཞེངས་སུ་གསོལ་བ་དང་། ཡོ་བྱད་དཀའ་བས་བསྡུས་སྟེ། རབ་ཏུ་གནས་པ་གཞུང་བཞིན་བྱས་ནས། བསྟན་པར་བཞུགས་སུ་གསོལ་བའི་བྱིན་གྱིས་བརླབས་ཀྱིས། ཡོན་བདག་དང་། ཆེ་གེ་མོ་དང་། ཕྱོགས་བཅུའི་རྣལ་འབྱོར་མ་ལུས་པ་དང་། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་འདི་དང་ནམ་དུ་ཡང་མི་འབྲལ་ཞིང་། དེ་དག་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་དཀྱིལ་འཁོར་འདི་ཡི་ངོ་བོར་ལྷུན་གྱིས་གྲུབ་པའི་སངས་རྒྱས་འགྲུབ་པར་གྱུར་ཅིག །ལྷ་ཕྱག་བྱ། ལྷག་མ་བཏང་། དཀྱིལ་འཁོར་བསྡུ། ཞི་བའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་གྱི་རབ་གནས་ཆོ་ག་རྫོགས་སོ། །བདུན་པ་སྦྱིན་བསྲེག་ནི། བླ་མ་དང་ཡི་དམ་གྱི་ལྷ་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་ཞི་ཁྲོའི་སྦྱིན་བསྲེག་གི་རིམ་པ་ནི། ཞི་ཁྲོ་གང་བྱེད་གཞུང་བསྲང་། འཛབ་དང་གཏོར་མ། བསྟོད་པ་རྒྱས་པར་བྱེད། རྣམ་རྒྱལ་བུམ་པ་དང་ལས་བུམ་བྱིན་གྱིས་བརླབས། ཞི་ཁྲོ་སྙིང་པོ་འཛབ་ཏུ་བསྒྲང་། མཆོད་བསྟོད་ཚར་བ་དང་བདག་འཇུག་བླངས། དེ་ནས་མེ་ཐབ་བྱ་བ་ནི། དཀྱིལ་འཁོར་འདོམ་པ་ཕྱེེད་པ། སྤངས་སུ་ཆགས་པ་གང་བ་བྱ། དེའི་དབུས་སུ་རྩེ་ཁྲུ་གང་དབུས་སུ་ཟླུམ་པོར་བསྐོར། སོར་བཞི་ནང་དུ་བསྐྱལ་ལ་ཟླུམ་པོར་བསྐོར། དེའི་སོར་བཞི་གྱེན་དུ་རྩིགས། དེ་ནས་སོར་བཞི་ནང་དུ་འཇལ་ཟླུམ་པོར་བསྐོར། དེའི་ནང་དུ་མཐོ་གང་བ་གཅིག་ཡོང་སྟེ། དེ་མཐུར་བསག་པ་བྲུས་ལ་ནང་དུ་སོར་བཞི་ཙམ་འོང་བར་བྱའོ། །དེ་ལ་མེའི་ས་བོན་རཾ་བྲི་བར་བྱའོ། །དེའི་སྟེང་དུ་ཤུག་པ་ལ་སོགས་པའི་ཤིང་དཀར་པོ་ཁྲུ་གང་པ་ཙམ་དུ་བཏུབས་སྟེ། གཅིག་གི་སྟེང་དུ་གཅིག་བཞག་ལ་བརྩིགས་པར་བྱའོ། །སྟེང་དུ་མཐའ་ནས་བསྐོར་བའི་ཚུལ་དུ་བརྩིགས་ལ་ཁོང་སེང་ཅན་དུ་ཅུང་ཟད་བྱའོ། །ཤིང་མེད་ན་བ་གླང་གི་ལྕི་བས་ཀྱང་གཞུང་བཤད་དོ། །དེ་ནས་རྣལ་འབྱོར་པ་ཁ་ཤར་དུ་བལྟས་ལ། མཎྜལ་གྱིས་གཡས་སུ། ཁྱད་པར་རང་གི་མཆོད་རྫས་བཤམས། གཡོན་ཕྱོགས་སུ་ཐུན་མོང་གི་མཆོད་རྫས་བཤམས། ཕྱི་རིམ་གྲུ་ཆད་ལྷ་སྣམས་སྒོ་ལ་སོགས་པ་གྲུབ་ཆད་བྲི་བར་བྱའོ། །ཏིལ་དང་། མར་ལ་སོགས་བསྲེག་རྫས་ནི། ཐབས་ཀྱི་ཡན་ལག་ཡོན་བདག་རྒྱས། ཅེས་པས་ཐབས་ཀྱང་རྒྱས་པར་བྱའོ། །འབྱོར་བ་འཕེལ་བའི་ཕྱིར་མར་དང་། གཟི་བརྗིད་འཕེལ་བའི་ཕྱིར་ཡཾ་ཤིང་དང་། ལྷག་པར་ཤེས་རབ་འཕེལ་བའི་ཕྱིར་བུད་ཤིང་དང་། བདག་བསྲུང་བའི་ཕྱིར་ཀུ་ཤ་དང་། ནད་ཞི་བའི་ཕྱིར་ཉུངས་དཀར་དང་། བསོད་ནམས་རྒྱས་པའི་ཕྱིར་འབྲས་དང་། སྡིག་པ་དག་པའི་ཕྱིར་ཏིལ་དང་། ནོར་དང་འབྲུ་འཕེལ་བའི་ཕྱིར་སོ་བ་དང་། སྟོབས་ཆེ་བའི་ཕྱིར་སྲན་མ་དང་། དབང་ཐང་རྒྱས་པར་བྱ་བའི་ཕྱིར་ནས་དང་། ཚེ་འཕེལ་བའི་ཕྱིར་དུར་བ་དང་། ནད་འཇོམས་པའི་ཕྱིར་གྲོ་དང་། ཤེས་རབ་ཆེ་བའི་ཕྱིར་འོ་མ་དང་། སྦྲང་རྩི་དང་། ཤིང་གཤགས་པའི་རྩེར་མར་བྱུགས་ལ། བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གམ། བདུན་བདུན་གྱི་གང་འགྲུབ་བཤམ་མོ། །ཞི་རྒྱས་དབང་དྲག་ཁ་བསྒྱུར་དུ་ཤེས་པར་བྱའོ། །ཐབ་ཀྱི་དྲུང་དུ་ཞི་བ་ལ་ཤར། རྒྱས་པ་ལ་བྱང་། དབང་ལ་ནུབ། དྲག་པོ་ལ་ལས་གང་བྱེད་ཀྱི་ཕྱོགས་སུ་འདུག་ལ། ཡང་སྙིང་པོ་བརྗོད་ཅིང་ནང་མཆོད་ཀྱིས་ཡོ་བྱད་བསང་། སྭ་བྷ་ཝཿས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡོངས་སུ་གྱུར་པའི་ཐབ་ཞི་བ་ལ་དཀར་ཟླུམ་པོ། མུ་རན་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ། རྒྱས་པ་ལ་གྲུ་བཞི་གསེར་པོ། མུ་རན་ལ་རིན་པོ་ཆེའི་འཕྲེང་བས་བསྐོར་བ། དབང་ལ་ཟླ་གཾ་དམར་པོ། མུ་རན་ལ་པདྨའི་འཕྲེང་བས་བསྐོར་བ། དྲག་པོ་ལ་གྲུ་གསུམ་ནག་པོ། མུ་རན་ལ་རྡོ་རྗེ་གདེངས་པས་བསྐོར་བ། ཕྱོགས་འདིས་ཕྱེད་ལ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། དྭངས་ཞིང་ཐོགས་པ་མེད་པ་ལས་དང་མཐུན་པའི་བུད་ཤིང་རྩིགས་པས་གང་པར་བསྐྱེད་ནས། སླར་ཡང་ཧཱུཾ་གིས་བྱིན་གྱིས་བརླབས་པོ། འཇམ་པོ་གསུམ་ལ་བསྲེག་རྫས་གཡས་དང་། མཆོད་རྫས་གཡོན། དྲག་པོ་ལ་བསྲེག་རྫས་གཡོན་དང་། མཆོད་རྫས་གཡས་སུ་བཤམ་མོ། །རེ་རེ་ལ་འང་ༀ་ཨཱཿ་ཧཱུཾ་ལས་བྱུང་བའི་རྫས་དྭངས་ཞིང་ཐོགས་པ་མེད་པར་བསྐྱེད། ལས་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབས། དེ་ནས་ཡི་དམ་ཀྱི་སྙིང་པོའི་མཐར། ༀ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་ཅིང་། འཇམ་པོ་གསུམ་ལ་གཡས་དང་། དྲག་པོ་ལ་གཡོན་བསྐོར་སྟེ། ཤར་ལྷོ་ནས་མེ་སྦར་ལ་བསླུག་ཅིང་། བཛྲ་ཛྭ་ལའི་སྔགས་བརྗོད་ལ། མེ་གསོ། མེ་དེ་བསང་ཞིང་གསོས་ནས་ཏེང་ངེ་འཛིན་གྱིས་དཔལ་ཆེན་པོའི་ཐུགས་ཁ་ནས། ཡི་གེ་རཾ་དམར་པོ་འོད་དང་བཅས་པས་ཐབ་ཁུ་དུ་བྱུང་། དེ་ལས་མེ་རིལ་པོ་གཅིག་ཏུ་གྱུར། དེ་ལས་སྤྲོ་བསྡུས་བྱས་པ་ལས། ༀ་ཨགྣེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བརྗོད་པས། མེ་ལྷ་དྲང་སྲོང་ཁྲོས་པའི་ཆ་བྱད་ཅན། ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོ་ན་ལྕགས་ཀྱུ། འོག་མ་ན་བསྒྲང་འཕྲེང་། གཡོན་དང་པོ་ན་ལྕགས་ཀྱུ། འོག་མ་ན་གྷནྡྷེ། ཟངས་ཀྱི་ར་སྐྱེས་ལ་ཆིབས་པ། དུར་ཁྲོད་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཡེ་ཤེས་ཀྱི་མེ་ལྷ་མཆོད་ཅིང་སྤྱན་དྲངས་པའི་རིམ་པ་ནི། སྙན་གསན་དབབ་པ་དང་།ཧཱུྃ་ཡེ་ཤེས་སྨན་ཀྱི་སྤྱོད་ཡུལ་ནས། མེ་ལྷ་དྲང་སྲོང་འཁོར་དང་བཅས། དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་ཚུར་གཤེགས་མེའི་ལྷ། སེམས་ཅན་དོན་ལ་དམ་ཚིག་དགོངས། འབར་བའི་གནས་འདིར་གཤེགས་སུ་གསོལ། ཛཿཧཱུཾ་བཾ་ཧོ། ཨག་ནེ་ཡེ་ཛྙ་ན་ས་མ་ཡེ་ཨེ་ཧྱ་ཧི། བྷ་ག་ཝན། མཧཱ་ཀ་རུ་ཎི་ཀ་ཀྲི་ཤ་ཧོ། ས་མ་ཡ་ཧོ། ས་མ་ཡཱ་སྟྭཾ། ཛཿ་ཧཱུཾ་བཾ་ཧོ། ཞེས་ཕྱག་རྒྱ་རྣམ་བཞིས་ཤར་ལྷོ་ནས་སྤྱན་དྲངས་ནས། ཧཱུཾ་ཚངས་པ་འཇིག་རྟེན་མགོན་གྱི་སྲས། །གཟི་བརྗིད་འབར་བ་མེའི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབ་ཕྱིར། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འབར་བའི་གནས་འདིར་གཤེགས་སུ་གསོལ། ༀ་ཨག་ནེ་ཡེ་ས་མ་ཡེ་ཏིཥྛ་བཛྲ། ཞེས་པས་དབྱེར་མེད་པར་སྟིམ་ཞིང་བཞུགས་སུ་གསོལ། ཧཱུཾ་པདྨ་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འཕྲིན་ལས་ཀུན་གྱིས་དཔང་པོ་མཛད། །བསྟང་འཛིན་ཁྱོད་ལ་ཕྱག་འཚལ་བསྟོད། །ཨག་ནེ་ཡེ་ཨ་ལ་ལ་ཧོཿ དྲང་སྲོང་ཆེན་པོ་སྔོན་ཆད་མ་དར་བའི། །ཏིང་འཛིན་དབང་བསྒྱུར་ཞལ་ཟས་བདུད་རྩི་རྣམས། །དག་ཅིང་གཙང་མར་སྤྱར་སྟེ་འབུལ་ལགས་ཀྱིས། །ཡེ་ཤེས་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཧཱུཾ་ལྷ་ཡི་རྒྱལ་པོ་དྲང་སྲོང་མཆོག །ར་སྐྱེས་ཆིབས་ནས་གློག་ལས་མགྱོགས། །བསྲེག་རྫས་ཀུན་གྱི་ཕྱག་ཚངས་མཛད། །ཚིམ་བྱེད་ཁྱོད་ལ་མཆོད་པར་འབུལ། ༀ་ན་མ་ས་མནྟ་བུདྷ་ནཾ། བཱི་མ་ལ་ཨག་ནེ་ཡེ་སྭཧཱ། ཚིལ་ཆེན་དང་མར་མེ་བསྒྲེང་ངོ་། །ཧཱུཾ་ཚངས་པ་འཇིག་རྟེན་མགོན་གྱི་སྲས། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་ལ་སྐྱབས་པའི་ཕྱིར། །ཐུགས་དམ་དབང་གི་རྒྱུད་བསྐུལ་བ། །རིག་པ་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་བསྲེག་མཛད་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པས་ར་ལ་ཆིབས། །བསྒྲང་འཕྲེང་འཛིན་ཅིང་རིགས་སྔར་གསུང་། །བདུད་རྩི་བཅུད་ལྡན་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་མཉེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་འཚལ་ཀྱང་། །ཧཱུཾ་མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །མཉམ་པའི་ངང་ལ་ཀུན་སྣང་ཡང་། །ཆོས་ཉིད་ངང་ལས་མ་གཡོས་པ། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ། ཡེ་ཤེས་ཀློ་ཡངས་འཁྱིིལ་བའི་ཧཾ་ཁུང་འདིར། དམ་རྫས་བདུད་རྩི་སྦྱར་བའི་སྦྱིན་བསྲེག་འདི། དྲང་སྲོང་མེ་ལྷའི་ཞལ་དུ་མཆོད་པར་འབུལ། བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ན་མ་སརྦ་པཉྩ་ཨ་མྲི་ཏ་བྷ་ལིཾ་ཏ་ཨགྣེ་སྭཧཱ། ཞེས་པས། མར་དགང་བཟར་བདུན་འབུལ་ལོ། །ཧོ་མེ་ལྷ་དྲང་སྲོང་གི་རྒྱལ་པོ་འཁོར་དང་བཅས་པ་ལ་འཕྲིན་ལས་སུ་གསོལ་བ་ནི། མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་ནས་སྦྱིན་བསྲེག་གི་རྫས་རྣམས་ཡེ་ཤེས་ཀྱི་ཞལ་དུ་གསོལ་བར་མཛད་དུ་གསོལ། ཞེས་དང་། རིགས་ལྔ་འཁོར་བཅས་སྤྱན་དྲངས། དབང་བསྐུར་བར་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས་མཆོད་ཅིང་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག་ཆུ་ལྷག་མ་སྤྱི་བོར་ལུད་པ་ལས། ཞི་བ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། རྒྱས་པ་ལ་རིན་ཆེན་འབྱུང་ལྡན། དབང་ལ་འོད་དཔག་མེད། དྲག་པོ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསམ་མོ། །དེ་ནས་བཟང་ཞིང་ཐོག་པ་མེད་པའི་སྐུ་ཤ་དག་བྱེད་དུ་འབུལ་བ་ནི། སྐུ་ཤ་འདི་ནི་གཙང་ཞིང་དགེ །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ལྷ་རྣམས་ཀྱི་ཡང་དག་བྱེད་ཡིན། །ས་ལས་སྐྱེས་པའི་སྙིང་པོ་མཆོག །བདག་ཅག་ལ་བགེགས་མེད་པར་མཛོད་ཅིག །ཅེས་བརྗོད་ལ་ཕྱོགས་མཚམས་བརྒྱད་ནས་འབུལ་ལོ། །དེ་ནས་དེའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་མར་ཁུ་གསོལ་བར་བསམ་ཞིང་། ༀ་ཨགྣེ་ཏེ་ཝ་རི་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་དི་བྱེ། ཞེས་པའི་མཐར་ཞི་བ་ལ། སྡིག་པ་དང་སྒྲིབ་པ་བར་དུ་གཅོད་པ་ཐམས་ཅད་ཤིན་ཏིང་ཀུ་རུ་ཡེ་སྭ་ཧཱ། རྒྱས་པ་ལ་ཚེ་དང་བསོད་ནམས་དང་འབྱོར་པ་ཐམས་ཅད་པུཥ་ཏིང་ཀུ་རུ་ཡེ་ༀ། །དབང་ལ་ཆེ་གེ་མོ་པ་ཤཾ་ཀུ་རུ་ཧོ། དྲག་པོ་ལ་ཆེ་གེ་མོ་མ་ར་ཡ་ཕཊ། ཞེས་བརྗོད་ལ། དགངས་སླུགས་གསུམ་འབུལ་ལོ། །དེ་ནས་ༀ་ཨགྣེ་ཡེ་ཞེས་པའི་མཐར་ཕྱི་མཆོད་ནང་མཆོད་ཕུལ་ནས། བསྟོད་པས་བསྟོད། ཞུ་བའི་རྫས་རྣམས་ཞལ་དང་། གོང་བུའི་རྫས་རྣམས་ཕྱག་དང་། ཡཾ་ཤིང་འབར་བའི་དཀྱིལ་དུ་འབུལ་བར་བྱ་སྟེ། ༀ་བྷོ་དྷི་དྷྲིིཀྵ་ཡཱེ་སྭཧཱ། ཡཾ་ཤིང་། ༀ་ཨགྣེ་ཡེ་སྭཧཱ། མར། ༀ་སརྦ་པཱ་པཾ་དྷ་ཧ་ན་བཛྲ་སྭ་ཧཱ། ཏིལ། ༀ་སརྦ་སཾ་པ་ཏེ་སྭཧཱ། ཟས་མཆོག །ༀ་བཛྲ་པུཥྟ྅྅྅་ཡེ་སྭཧཱ། འབྲས། ༀ་བཛྲ་བི་ཛ་ཡེ་སྭཧཱ། སོ་བ། ༀ་བཛྲ་བྷེ་ག་ཡེ་སྭཧཱ། ནས། ༀ་བཛྲ་མཧཱ་བྷ་ལ་ཡེ་སྭཧཱ། སྲན་མ། ༀ་བཛྲ་གྷསྨ་རི་ཡེ་སྭཧཱ། གྲོ། ༀ་བཛྲ་ཨ་ཡུ་ཥེ་སྭཧཱ། དུར་བ། ༀ་བཛྲ་ཨ་མྲྀ་ཏེ་ཧ་ཏ་བཛྲ་ཡེ་སྭཧཱ། ཀུ་ཤ་རྣམས་བྱིན་གྱིས་བརླབས་ལ་འབུལ་ལོ། །ༀ་ཨགྣེ་ཡེ༴ འབའ་ཞིག་གིས་དབུལ་ལོ། །མཐར་རྟེན་གྱི་ཚིག་རྣམས་སྔར་བཤད་པ་བཞིན་ནོ། །རིམ་པ་ནི། མར་གྱི་རྗེས་ལ། ཞི་བ་ལ་ཏིལ། རྒྱས་པ་ལ་ཟས་མཆོག །དབང་ལ་མེ་ཏོག་འབྲས་བུ་དམར་པོ། དྲག་པོ་ལ་མེ་ཏོག་སྔོན་པོའི་དུག་སྣ་ཚོགས། ཁྲག་སྣ་དང་། ཀེ་ཚེ་བསྲེས་པའོ། །ཏིལ་ལ་སོགས་པ་ལ་ༀ་ཨགྣེ་ཡེ་ཤིནྟཾ་ཀུ་རུ་ཡེ་སྭཧཱ། ཟས་མཆོག་ལ་སོགས་པ་ལ། ༀ་ཨགྣེ་ཡེ་པུཥ་ཊང་ཀུ་རུ་ཡེ་ༀ། མེ་ཏོག་དམར་པོ་ལ་སོགས་ལ། ༀ་ཨགྣེ་ཡེ་པ་ཤང་ཀུ་རུ་ཡེ་སྭཧཱ། ཁྲག་ལ་སོགས་པ་ལ་ༀ་ཨགྣེ་ཡཱེ་མ་ར་ཡཱ་ཕཊ། ཅེས་བརྗོད་ཅིང་། འཇམ་པོ་གསུམ་ལ་ལག་པ་གཡས་དང་། དྲག་པོ་ལ་གཡོན་པས་འབུལ་ལོ། །སྲེག་རྫས་ཕུལ་བའི་མཐར་མཆོད་ཅིང་བསྟོད་ནས། མར་སླུགས་གཟར་གང་ཕུལ། ཨགྣེ་ཡེ་ཛྭ་ལ་རཾ་ཞེས་པས་མེ་ལྷ་འབར་བའི་རྣམ་པར་བསམ་མོ། ལྷའི་སྐུ་མདོག་ནི། འཕྲིན་ལས་སོ་སོའི་དབང་གིས་བསྒྱུར་ལ། མདང་དང་བཞིན་ནི། ཞི་བ་ལ་དཀར་པོ། རྒྱས་པ་ལ་གསེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ། སོ་སོའི་ཉམས་དང་ཆ་ལུགས་དང་ལྡན་ཞིང་། དེའི་ཐུགས་ཀ་ནས་འོད་འཕྲོས་པའི་ཕོ་ཉ་རྣམས་ཀྱིས་ལས་སོ་སོར་མཛད་པར་བསམ་མོ། །དེ་ནི་འཇིག་རྟེན་པའི་མེ་ལྷ་མཆོད་པའོ། །དེ་ནས་མེ་ལྷའི་ལྟོ་བར་བྷྲུཾ་བྷི་ཤ་བྷི་ཤུདྷ་སོགས་གཞལ་ཡས་ཁང་དང་ལྷ་རྣམས་སྔགས་ཀྱིས་གསལ་བར་བསྐྱེད་ལ། ཞི་ཁྲོ་གང་བྱེད་སྤྱན་དྲངས་ལ་སྟིམ། དེ་ལ་ཤུ་ནྱ་ཏ་ཛྙཱ་ན༴ ལ་སོགས་པའི་དབང་བསྐུར། སྐུ་གསུང་ཐུགས་ཀྱི་ལྷོ་བསྒོམ། བདེ་བར་གཤེགས་སོ༴ ནས་མཆོད་པ་འབུལ། དེ་ནས་མར་ལ་སོགས་པ་བསྲེག་རྫས་ལག་ཏུ་ཐོགས་སྟེ། བཛྲ་དྷྲྀཀ྄་མུཾ་དྷ་དུ་ཤྭ་རི་ཁཱ་ཧི། ཞེས་པས་བརྒྱ་རྩ་བརྒྱད་དང་ལྷ་གཞན་ཡང་འདྲའོ། །ༀ་བཛྲ་ཤྲི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཁ་ཧི། ཞེས་པ་དང་། ལྷ་གཞན་ཡང་འདྲའོ། །རྒྱས་པ་ལ་ༀ་རཏྣ་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཁཱ་ཧི། དབང་ལ་ༀ་པདྨ་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཁཱ་ཧི། །དྲག་པོ་ལ་ༀ་ཀརྨ་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཁ་ཧི། བྱའོ། །དེ་ནས་བསྟོད་པ་དང་། བསྲེག་རྫས་བསྟུན་སྟེ་དབུལ་བ་ནི། ཧཱུཾ་རྡོ་རྗེ་རིགས་མཆོག་འཁོར་བ་སྟོང་མཛད་པ། དུས་གསུམ་འགྱུར་བ་མེད་ཅིང་སྲ་བརྟན་སྐུ། རྡོ་རྗེ་སེམས་དཔའ་ཆེ་ལ་སྦྱིན་བསྲེན་བསྲེག་མཆོད་པར་འབུལ། ཧཱུཾ་དེ་བཞིན་རིགས་མཆོག་ལོང་སྤྱོད་རྫོགས་པའི་སྐུ། ནམ་མཁའ་དང་འདྲ་ཅིས་ཀྱང་མ་སླད་པའི། རྣམ་པར་སྣང་མཛད་ཆེ་ལ་སྦྱིན་བསྲེག་མཆོད་པར་འབུལ། ཧཱུཾ་རིན་ཆེན་རིགས་མཆོག་མི་ཟད་གཏེར་ལྡན་པའི། བསོད་ནམས་ཡེ་ཤེས་ཚོགས་ཀྱིས་བརྒྱན་པའི་སྐུ། རིན་ཆེན་འབྱུང་ལྡན་ཆེ་ལ་སྦྱིན་བསྲེག་མཆོད་པར་འབུལ། ཧཱུཾ་པདྨའི་རིགས་མཆོག་མ་ཆགས་ཅིས་མ་གོས། ཚེ་དང་ཡེ་ཤེས་ནམ་མཁའི་མཐར་མཉམ་པ། སྣང་བ་མཐའ་ཡས་ཆེ་ལ་སྦྱིན་བསྲེག་མཆོད་པར་འབུལ། ཧཱུཾ་ལས་ཀྱི་རིགས་མཆོག་རྒྱུད་དྲུག་སྟོང་མཛད་པ། འགྲོ་བའི་དོན་ལ་སྐྱོ་ངལ་མི་མངའ་བའི། དོན་ཡོད་གྲུབ་པ་ཆེ་ལ་སྦྱིན་བསྲེག་མཆོད་པར་འབུལ། ཧཱུཾ་ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོ མ་ཁུང་དུ། ཆགས་པའི་རྒྱུད་ལྔའི་བག་ཆགས་མ་ལུས་བསྲེག་སྦྱངས་ནས། སྨན་དང་བདུད་རྩི་དམ་རྫས་མཆོད་པར་འབུལ། །དམ་ཉམས་དམ་བསྐོངས་མཐུ་དང་དངོས་གྲུབ་སྩོལ། །སྐྱེ་མེད་རྣམ་དག་ཧོམ་ཁུང་དུ། །ཆོས་ཅན་སྐྱེ་བའི་ཡཾ་ཤིང་ལས། །སྤྲོས་མེད་བྱང་ཆུབ་ཡེ་ཤེས་མེས། །མཚན་མའི་བག་ཆགས་བསྲེག་སྦྱང་འབུལ། །རྣམ་དག་བྷ་གའི་ཧོཾ་ཁུང་དུ། །ཆགས་པའི་བག་ཆགས་ཡམ་ཤིང་ལ། །བདེ་ཆེན་བྱང་ཆུབ་སེམས་སྤར་སྟེ། འཁོར་བའི་དངོས་པོ་བསྲེག་སྦྱངས་འབུལ། །དཔལ་ཆེན་ཞལ་གྱི་ཧོཾ་ཁུང་དུ། །ཉོན་མོངས་ལྔའི་ཡམ་ཤིང་ལ། །ཡེ་ཤེས་ལྔའི་མེ་སྤར་སྟེ། གཟུང་འཛིན་དངོས་པོ་བསྲེག་སྦྱངས་འབུལ། །སྣང་སྲིད་ནམ་མཁའི་ཧོམ་ཁུང་དུ། །འབྱུང་བ་བཞིའི་ཡཾ་ཤིང་ལ། །ཕྱག་རྒྱ་ཚོགས་ཀྱི་མེ་སྦར་སྟེ། །སྣང་སྲིད་དངོས་པོ་བསྲེག་སྦྱངས་འབུལ། །ཐབ་ཆེན་ལྔའི་ཧོམ་ཁུང་དུ། །འཁོར་བའི་སྡུག་བསྔལ་ཡཾ་ཤིང་ལ། །ཡེ་ཤེས་ཆེན་པོའི་མེ་ཀློང་དུ། །ཉོན་མོངས་ལྔའི་བསྲེག་སྦྱངས་འབུལ། །ཀློང་ཡངས་འཁྱིལ་བའི་ཧོཾ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་ཡམས་ཤིང་ལ། །བསྲེག་རྫས་སྐྱེ་བའི་ཆོས་ཡིན་སྟེ། །རང་བཞིན་ཉིད་ལ་ཐིམ་པར་མཛོད། །ཉོན་མོངས་ལྔའི་དམ་རྫས་དག །ཡེ་ཤེས་ལྔའི་ཀློང་དུ་འབུལ། །ཕུང་པོ་ལྔའི་དམ་རྫས་དག །ཐབས་མཆོག་ཡབ་ལྔའི་སྐུ་ལ་འབུལ། །འབྱུང་ལྔ་འདུས་པའི་བསྲེག་རྫས་རྣམས། །ཤེས་རབ་ཡུམ་བཞིའི་ཀློང་དུ་འབུལ། །ཧཱུཾ་དམ་ཉམས་དམ་བསྐོངས་དངོས་གྲུབ་སྩོལ། །ཧཱུཾ་ནམ་མཁའི་དབྱིངས་ཕྱུག་མ་ནི་ཡེ་ནས་རྣམ་རྟོག་བྲལ། །ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་རྫོགས་མཛད་མ། །དུས་གསུམ་རྒྱལ་བ་ཀུན་གྱིས་ཡུམ། །ཡུམ་ཆེན་དབྱིངས་ཕྱུག་མ་ལ་སྦྱིན་བསྲེག་མཆོད་པར་འབུལ། རྡོ་རྗེ་དབྱིངས་ཕྱུག་མ་ནི་ཡེ་ནས་རྣམ་པར་དག །ལོངས་སྤྱོད་རྫོགས་མཛད་དེ་བཞིན་གཤེགས་པའི་ཡུམ། །སངས་རྒྱས་ཀུན་གྱིས་སྐུ་ཡི་མཆོད་མངའ་བའི། །ཡུམ་ཆེན་སངས་རྒྱས་སྤྱན་ལ་སྦྱིན་བསྲེག་མཆོད་པ་འབུལ། །ཧཱུཾ་རིན་ཆེན་དབྱིངས་ཕྱུག་མ་ནི་ཡེ་ནས་གཏེར་དང་ལྡན། །ཡོན་ཏན་རིན་ཆེན་མང་པོའིའབྱུང་གནས་ཡུམ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མ་མ་ཀི །ཡོན་ཏན་གཏེར་འཛིན་ཁྱེད་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཧཱུཾ་པདྨ་དབྱིངས་ཕྱུག་མ་ནི་འདོད་ཆགས་སྐྱོན་དང་བྲལ། །གསུངས་རབས་སྒྲ་ཡི་མཆོད་པ་མཉེས་མཛད་མ། །དུས་གསུམ་རྒྱལ་བ་ཀུན་གྱི་གསུང་མངའ་བ། །ཡུམ་ཆེན་ན་བཟའ་དཀར་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཧཱུཾ་ལས་ཀྱི་དབྱིངས་ཕྱུག་མ་ནི་དུག་གསུམ་རོལ་བར་མཛད། །འཕྲིན་ལས་སྣ་ཚོགས་མ་ལུས་གྲུབ་པ་མོ། །འཕགས་པའི་ས་བཅུར་སྒྲོལ་བ་སྒྲོལ་མཛད་མ། །ཡུམ་ཆེན་དམ་ཚིག་སྒྲོལ་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཧཱུཾ་ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །འབྱུང་བ་ལྔ་ཡི་བག་ཆགས་བསྲེག་སྦྱངས་ནས། །སྨན་དང་དམ་རྫས་བདུད་རྩི་མཆོད་པར་འབུལ། །དམ་ཉམས་དམ་བསྐོངས་མཐུ་དང་དངོས་གྲུབ་སྩོལ། །སྐྱེ་མེད་རྣམ་དག་ཧོམ་ཁུང་དུ། །ཞེས་པ་རྣམས་བར་བར་དུ་འདྲེའོ། །ཧཱུཾ་བསྐལ་བཟང་སེམས་དཔའ་བརྒྱད་རྣམས་ནི། །བདེ་བར་གཤེགས་པ་ཀུན་གྱིས་སྲས་མཆོག་སྟེ། །ཡོན་ཏན་མི་ཟད་སྤྲུལ་པ་བསམ་ཡས་པའི། །བྱང་ཆུབ་སེམས་དཔའ་བརྒྱད་ལ་སྦྱིན་བསྲེག་མཆོད་པ་འབུལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །རྣམ་ཤེས་བརྒྱད་གྱི་བག་ཆགས་བསྲེག་སྦྱངས་ནས། །སྨན་དང་དམ་རྫས་བདུད་རྩི་མཆོད་པར་འབུལ། །དམ་ཉམས་དམ་བསྐོངས་མཐུ་དང་དངོས་གྲུབ་སྩོལ། །ཧཱུཾ་སྒེག་མོ་འཕྲེང་ཐོག་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པ་སྣ་ཚོགས་ཀྱིས། །བདེ་གཤེགས་རྒྱལ་བ་ཐམས་ཅད་མཉེས་མཛད་མ། །བྱང་ཆུབ་ལྷ་མོ་བརྒྱད་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །ཡུལ་བརྒྱད་བག་ཆགས་མ་ལུས་བསྲེག་སྦྱངས་ནས། །སྨན་དང་དམ་རྫས་བདུད་རྩི་མཆོ ད་པར་འབུལ། །དམ་ཉམས་དམ་བསྐོངས་དབང་དང་དངོས་གྲུབ་སྩོལ། །ཧཱུཾ་ཡེ་ཤེས་ཐུགས་རྗེ་ནམ་མཁའི་མཐའ་ཁྱབ་པ། །བྱེད་པ་ཐམས་ཅད་རྡོ་རྗེ་ཀུན་ཏུ་བཟང་། །རྒྱལ་བའི་དཀྱིལ་འཁོར་ཀུན་གྱི་འབྱུང་གནས་གཙོ། །ཀུན་བཟང་ཡབ་ཡུམ་གཉིས་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །ཡིད་ཆོས་བག་ཆགས་མ་ལུས་བསྲེག་སྦྱངས་ནས། །སྨན་དང་དམ་རྫས་བདུད་རྩིས༴ དམ་ཉམས་དམ་བསྐོངས༴ ཡེ་ཤེས་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ནས། །གཉེན་པོའི་སྟོབས་ཀྱིས་སོ་སོར་འདུལ་མཛད་པ། །འཕྲིན་ལས་རྒྱ་མཚོའི་ཡོན་ཏན་བསམ་མི་ཁྱབ། །ཐུབ་པ་ཆེན་པོ་དྲུག་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །རྒྱུད་དྲུག་བག་ཆགས་མ་ལུས་བསྲེག་སྦྱངས་ནས། །སྨན་དང་བདུད་རྩི་དམ་རྫས༴ དམ་ཉམས་དམ་བསྐོངས༴ རྟ་མགྲིན་ལ་སོགས་ཁྲོ་རྒྱལ་ཆེན་པོ་བཞི། །གདུག་པ་འདུལ་ཞིང་འཕྲིན་ལས་རྫོགས་མཛད་པའི། །གཤིན་རྗེ་སྟོབས་ཆེན་རྟ་མགྲིན་བདུད་རྩི་འཁྱིལ། ཁྲོ་རྒྱལ་བཞི་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །བདག་རྟོགས་རྣམ་བཞིའི་བག་ཆགས་བསྲེག་སྦྱངས་ནས། །སྨན་དང་བདུད་རྩི་དམ་རྫས༴ དམ་ཉམས་དམ་བསྐོངས་མཐུ་དང་༴ རྡོ་རྗེ་གདོང་མོ་མགྱོགས་མ་ཕོ་ཉ་བཞི། །ཚད་མེད་བཞི་རྫོགས་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་མ། །ཡེ་ཤེས་སྒོ་མ་བཞི་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །རྟག་ཆད་བཞི་ཡི་བག་ཆགས་བསྲེག་སྦྱངས་ནས། །སྨན་དང་བདུད་རྩི་དམ་རྫས༴ རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་བཞེས་ནས་ཀྱང་། །ནམ་མཁའ་མཉམ་པའི་དབང་དང་དངོས་གྲུབ་སྩོལ། །བསྒྲུབ་མཆོག་རྣམས་པ་སྩོལ་ཞིང་བསྟན་པར་མཛོད། །ཧཱུཾ་ཡེ་ཤེས་རྡོ་རྗེ་ཉོན་མོངས་འཁོར་བ་འཇོམས། །ཐབས་ལྡན་མཚོན་ཆའི་བསྐལ་པ་དངོས་པོ་འཇིག །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །བཛྲ་ཧེ་རུ་ཀ་ལ་སྦྱིན་བསྲེག་མཆོད་པར༴ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །སྨན་དང་དམ་རྫས་བདུད་རྩི་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །འགྲོ་རྣམས་འདུལ་ཞིང་གཤེགས་མཛད་པ། །ཤེས་རབ་ནམ་མཁའི་བསྐལ་པས་འཇོམས། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །བུདྷ་ཧེ་རུ་ཀ་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །སྨན་དང་དམ་རྫས་བདུད་རྩི༴ བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རིན་ཆེན་དབྱིངས་ལྟར་རེ་བ་ཀུན་བསྐོང་ཞིང་། །བདག་མེད་ཞི་གནས་ཆུའི་བསྐལ་པས་འ ཁྲུ། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །རཏྣ་ཧེ་རུ་ཀ་ལ་སྦྱིན་བསྲེག་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི༴ འཁོར་བའི་འདམ་དུ་པད་ལྟར་སྐུ་འཁྲུངས་ཤིང་། །ལྷག་མཐོང་མེ་ཆེན་བསྐལ་པའི་མེ་ཆེན་བསྲེག །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །པདྨ་ཧེ་རུ་ཀ་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཡེ་ཤེས་ཀློག་ཡངས་འཁྱིལ་བའི་ཧོ་ཁུང་དུ། །སྨན་དང་བདུད་རྩི་དམ་རྫས༴ བླ་མེད་སྐུ་གསུང་ཐུགས་ཀྱི༴ འཕྲིན་ལས་རྒྱ་མཚོ་འགྲོ་བའི་དོན་མཛད་པ། །ཤེས་རབ་ཐོག་མེད་བསྐལ་པའི་རླུང་གི་བསྐྱོད། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ། །ཀརྨ་ཧེ་རུ་ཀ་ལ་སྦྱིན་བསྲེག་མཆོད་པར་འབུལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །སྨན་དང་བདུད་རྩི་དམ་རྫས༴ བླ་མེད་སྐུ་གསུང་ཐུགས་ཀྱི༴ ཡེ་ཤེས་ཀློང་ཡངས་འཁྱིལ་བ༴ སྨན༴ བླ་མེད༴ ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །བརྩོན་འགྲུས་མཐར་ཕྱིན་ཞེ་སྡང་རྣམ་པར་དག །རྟག་པ་རེག་བྱའ་ིམཆོད་པས་མཉེས་མཛད་པ། །སྲ་བསྟན་རྡོ་རྗེ་དབང་བསྐུར་ཁྲོ་མོ་རྒྱལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི༴ དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི། །བཛྲ་ཀྲོ་ཏིའི་སྐུ་ལ་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི༴ ཧཱུཾ་སྐུའི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །ཤེས་རབ་མཐར་ཕྱིན་གཏི་མུག་རྣམ་པར་དག །ཕྱག་རྒྱ་གཟུགས་ཀྱིས་མཆོད་པས་མཉེས་མཛད་མ། །ཆོས་དབྱིངས་ནམ་མཁའི་དབང་ཕྱུག་ཁྲོ་མོ་རྒྱལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །སྨན་དང་དམ་རྫས་འབར་བའི་སྦྱིན་བསྲེག་འདི། །བུདྷ་ཀྲོ་ཏི་མ་ལ་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི༴ ཧཱུཾ་ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །སྦྱིན་པ་མཐར་ཕྱིན་ང་རྒྱལ་རྣམ་པར་དག །ཏིང་འཛིན་རོ་ཡི་མཆོད་པས་མཉེས་མཛད་མ། །བདག་མེད་ཞི་གནས་དབང་བསྐུར་ཁྲོ་མོ་རྒྱལ། །ཡེ་ཤེས་ཀློང་ཡངས༴ དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི། །རཏྣ་ཀྲོ་ཏི་ཤྭ་རི་མ་ལ་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཀྱི༴ །ཧཱུཾ་གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམ་པར་དག །གསུང་རབ་སྒྲ་ཡི་མཆོད་པས་མཉེས་མཛད་མ། །ལྷག་མཐོང་ཡེ་ཤེས་དབང་ཕྱུག་ཁྲོ་མོ་རྒྱལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོཾ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི། །པདྨ་ཀྲོ་ཏི་ཤྭ་རི་མ་ལ་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །འཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །བཟོད་པ་མཐར་ཕྱིན་ཕྲག་དོག་རྣམ་པ་དག །ཚུལ་ཁྲིམས་དྲི་ཡི་མཆོད་པས་མཉེས་མཛད་མ། །ཐོག་མེད་ལས་ལ་དབང་བསྐུར་ཁྲོ་མོ་རྒྱལ། །ཡེཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི། །ཀརྨ་ཀྲོ་ཏི་ཤྭ་རི་མ་ལ་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི༴ ཧཱུྃ། ཀ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ནི། །འཇིགས་བྱེད་ཡབ་ཡུམ་རོལ་བའི་སྲས་མཆོག་མ། །ལུས་ཚུལ་སྐུ་མདོག་ཕྱག་མཚན་མ་ངེས་གསལ། །ཐུགས་རྗེ་སོ་སོའི་འཕྲིན་ལས་མཛད་པ་ལ། །སྤྲོས་མེད་ཡེ་ཤེས་འབར་བའི་ཧོཾ་ཁུང་དུ། །རྣམ་ཤེས་བརྒྱད་ཀྱི་བག་ཆགས་བསྲེག་སྦྱངས་ནས། །ཡེ་ཤེས་ལྔ་ལྡན་སྦྱིན་བསྲེག་མཆོག་པར་འབུལ། །དམ་ཉམས་དམ་བསྐོངས་མཐུ་དང་དངོས་གྲུབ་སྩོལ། །ཧཱུཾ་སེང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ཀྱང་། །དཔའ་ཆེན་དབང་ཕྱུག་རོལ་པའི་སྲས་མཆོག་མ། །སྨོན་ལམ་དབང་གི་འཁོར་བའི་ཆ་འཛིན་མ། །ཐུགས་རྗེས་སོ་སོའི་འཕྲིན་ལས་གྲུབ་མཛད་མ། །སྤྲོས་མེད་ཡེ་ཤེས་འབར་བའི་ཧོཾ་ཁུང་དུ། །ཡན་ལག་བཞིའི་བག་ཆགས་བསྲེག་སྦྱངས་ནས། །ཡེ་ཤེས་ལྔ་ལྡན་སྦྱིན་བསྲེག་མཆོད་པར་འབུལ། །དམ་ཉམས་དམ་བསྐོངས་མཐུ་དང་དངོས་གྲུབ་རྩོལ། ཧཱུཾ་རྡོ་རྗེ་སྲིང་འགྲོ་ལ་སོགས་སྒ་ོམ་བཞི། །དགྱེས་པའི་བྱང་ཆུབ་སེམས་ལས་སྐུ་བསྐྱེད་མ། །ཐུགས་རྗེ་དབང་གི་སོ་སོའི་འཕྲིན་ལས་མཛད། །དཀྱིལ་འཁོར་སྒོ་བཞིར་རྔམ་གཟུགས་གནས་པ་ལ། །སྤྲོས་མེད་ཡེ་ཤེས་འབར་བའི་ཧོམ་ཁུང་དུ། །དམ་ཉམས་དམ་བསྐོངས༴ ཡན་ལག་བཞིའི་བག་ཆགས་བསྲེག་སྦྱངས་ནས། །ཡེ་ཤེས་ལྔ་ལྡན་སྦྱིན་བསྲེག་མཆོད་པར་འབུལ། །དམ་ཉམས་དམ་བསྐོང་མཐུ་དང་༴ ཧཱུཾ་མཛད་ལ་སོགས་ཁྲོ་བོ་ཆེན་པོ་བཅུ། །ཁྲོས་པའི་བྱང་ཆུབ་སེམས་ལས་སྐུ་བསྐྱེད་པ། །སྟེང་འོག་ཕྱོགས་བཅུ་ཀུན་གྱི་བདུད་འདུལ་ཞིང་། །རྔམ་པའི་སྟོབས་ཀྱི་རབ་བརྗིད་མཚོན་ཆ་རྣམས། །སྤྲོས་མེད་ཡེ་ཤེས་འབར་བའི་ཧོམ་ཁུང་དུ། །མི་དགེ་བཅུའི་བག་ཆགས་བསྲེག་སྦྱངས་ནས། །ཡེ་ཤེས་ལྔ་ལྡན་སྦྱིན་བསྲེག་མཆོད་པར་འབུལ། །དམ་ཉམས་དམ་བསྐོངས་དབང་དང་དབང་གྲུབ་སྩོལ། །ཧཱུཾ་མ་སྲིང་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །འཇིག་རྟེན་ལྷ་ཆེན་རྣམས་ཀྱི་ཆུང་མ་སྟེ། །ལས་ཀྱི་དབང་གི་མཚན་ཉིད་མ་འདྲེས་སོ་སོར་གསལ། དཔལ་ཆེན་སླས་དང་བྱི་མོ་བྲན་མོའི་ཚོགས། །སྤྲོས་མེད་ཡེ་ཤེས་འབར་བའི་ཧོམ་ཁུང་དུ། །སྒལ་ཚིག་ཉི་ཤུ་བརྒྱད་ཀྱིས་བག་ཆགས་བསྲེག་སྦྱངས་ནས། །ཡེ་ཤེས་ལྔ་ལྡན་སྦྱིན་བསྲེག་མཆོད་པར་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བར་གྱི་ཚིག་གོང་ལ་འདྲེའོ། །གཞན་ཡང་ཕྱི་ཡི་མཆོད་པ་དང་། །ནང་བདུད་རྩིའི་མཆོད་པ་དང་། །ཡིད་ལས་བྱུང་བའི་མཆོད་པ་དང་། །བསྟོད་པའི་མཆོད་པ་དང་། གང་འབྱོར་གྱིས་མཆོད་ནས་གཏོར་མ་ཕུལ་ལ་བསྲེག་རྫས་རྣམས་སྔར་ལྟར་བྱིན་གྱིས་བརླབས་སྟེ། བསྲེག་རྫས་དེ་དག་གང་ལ་བསྙེན་པ་སོང་པའི་སྔགས་ཀྱིས་འབུལ་ལོ། །གྲངས་ནི་ཞི་བ་ལ་བརྒྱད། །རྒྱས་པ་ལ་བརྒྱ་རྩ་བརྒྱད། །དབང་ལ་ཉི་ཤུ་རྩ་གཅིག །དྲག་པོ་ལ་དྲུག་ཅུ་ཐམ་པ་རྣམས་ཕུལ་བའི་ཐོག་མ་དང་ཐ་མའི་སྤེལ་ཚིག་དང་སྦྱར་རོ། །ཁྱད་པར་གྱིས་རྫས་ནི། ཤིན་ཏུ་མང་དུ་ཕུལ་བའི་མཐར། །གྷུ་ཡ་ཛྙ་ན་ལ་སོགས་པའི་རྗེས་སུ་སོ་སོའི་སྤེལ་ཚིག་དང་བཅས་པ་ཅི་རིགས་པར་དབུལ་ལོ། །མེ་གསོ་བའི་ཕྱིར། ཡམ་ཤིང་དང་། མར་ནི་མེའི་ཚང་དུ་ཕུལ་ལ། །མཐར་ལྷའི་སྔགས་སྤེལ་ཚིག་དང་བཅས་པས་མར་དགང་བསླུགས་གསུམ་འབུལ་ལོ། །སླར་ཡང་འདོད་པའི་དོན་ལ་གསོལ་བ་གདབ། མ་འབྱོར་པ་དང་ཉམས་པ་དང་། གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བརྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོ། །ཅེས་ལན་གསུམ་གྱིས་བཟོད་པར་གསོལ་ནས། །ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། སླར་ཡང་འབྱོན་པར་མཛད་དུ་གསོལ། །ཡི་གེ་བརྒྱ་པའི་སྔགས་བརྗོད་ལ་གཤེགས་པར་བྱའོ། །ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ཉིད་ལ་བསྡུའོ། ཐབས་ཀྱི་དབུས་ནས་ཐལ་བ་ཅུང་ཟད་བླངས་པ་དཔྲལ་བར་སྐུས་པ་ནི་དམ་ཚིག་པ་བདག་ལ་བསྡུ་བའོ། །འཇིན་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་སྟེ་དེ་ནི་དངོས་གཞིའོ། །དེ་ནས་མར་བླུག་གཟར་གང་ཐབས་ཀྱི་དབུས་སུ་བླུགས་ནས། ༀ་ཛྭ་ལ་རཾ་ཞེས་བརྗོད་པས་འཇིག་རྟེན་པའི་མེ་ལྷ་གསལ་བར་དམིགས་ནས་སྔ་མ་བཞིན་མཆོད་ཅིང་བསྟོད་ནས། བསྲེག་རྫས་རྣམས་རྫོགས་པར་ཕུལ་བའི་མཐར་མར་དགང་བླུགས་གསུམ་དབུལ་ལོ། །ཡང་མཆོད་ཅིང་བསྟོད་ལ། གཏོར་མ་འབུལ་བ་ལ། ༀ་ཨགྷེ་ཡེ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ལ་སོགས་པ་ལན་གསུམ་གྱིས་ཕུལ་ནས། འདོད་པའི་དོན་ལ་གསོལ་བ་བཏབ་ལ། ཧོ། བདག་ཆགས་ལས་དང་པོ་པའི་གང་ཟག་དུ་གྱུར་པས། ཏིང་འཛིན་མ་གསལ་བ་དང་། སྔགས་མ་དག་པ་དང་། ཆོ་ག་འཁྲུལ་པ་ལ་སོགས་པའི་ཉེས་པ་ཐམས་ཅད་བཟོད་པར་གསོལ། ཞེས་འགྱོད་པ་གཤེགས་ནས། དབྱུ་གུ་གསུམ་པའི་ཕྱག་རྒྱ་ལས་འགྱེད་པའི་ཚུལ་དུ་བྱ་ཞིང་། སརྦ་ཨ་ཐཱ་ན་ཙཱ། སིད་དྷི་ཏཾ་གྷ་ཙྪ་ཧ་བྱ་འབུ་ཀ །ཨ་གྷ་མི་ཤ་ཡཱ། པཱི་པ་ཐ་ཀ་ཡེ། སརྦ་སིདྷི་ཀུ་རུ་ཤ་མེ། ཞེས་བརྗོད་པས། མེ་ལྷའི་ཡེ་ཤེས་པ་གཤེགས་སུ་གསོལ་ལ། །སྔ་མ་བཞིན་དམ་ཚིག་པ་རང་ལ་སྟིམ། །རང་གིས་གནས་གསུམ་བསྲུངས། །ཙ་རུ་བཟའ་བ་ལ་ལོངས་སྤྱོད། །བྲོ་བརྡུང་། ཚེའི་ཆོ་ག་བྱ། བཀྲ་ཤིས་བརྗོད། དེ་ལྟར་བུའི་ཆོ་ག་ཕུན་སུམ་ཚོགས་པའི་སྦྱིན་བསྲེག་བྱས་པས། བཟླས་པའི་ལྷག་ཆད་ཀྱི་ཉེས་པ་དག་པར་འགྱུར་ཞིང་། གསང་སྦྱང་གི་ཉེས་པ་འཛིན་པ་དང་། རང་གི་ལྷག་པའི་ལྷ་གཉེས་ནས་མཆོག་དང་ཐུན་མོངས་གི་དངོས་གྲུབ་བསྩོལ་བར་འགྱུར་བ་ཉིད་དོ། ༈ །གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ། ལས་རིམ་ལས། འཇུག་པ་དང་། ཞེས་དང་། ཡོན་ཏན་རྣམ་བཅུས་རྒྱས་ཤེས་བྱ། ཅེས་དང་། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། ཁྲུས་དགབ་དྲི་དང་ལུས་དབུལ་དང་། བགེགས་བསྐྲད་ལྷར་བརླབ་དམ་ཚིག་སྦྱིན། དེ་ཉིད་དབོག་དང་ཆུ་ནན་དང་། སྒྲག་དང་རིན་ཆེན་དོར་བ་དང་། ལྷ་དབབ་པ་དང་ནན་ཏན་དང་། མིག་དབྱེ་དཀྱིར་འཁོར་བསྟན་པ་དང་། ཚོགས་མཆོད་ཡོན་རྣམས་བཅོ་བརྒྱད་དོ། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། ཅེས་དང་། ཐུགས་ཐིག་ལས། དད་བརྩོན་གསུམ་དང་བཏུལ་ཞུགས་གསུམ། གང་ལ་སྣང་བ་དེའི་སྣོད། ཅེས་པས། གཉིས་སྟེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་སྟེ། དཀྱིལ་འཁོར་དུ་འཇུག་པ་དང་། དབང་ལེན་པ་དང་། །དང་པོ་ལ་གཉིས་སྟེ། འཇུག་པ་དང་། བཟོད་པར་གསོལ་བའོ། །དང་པོ་ནི། དབང་ཕྱུག་གིས་སྙིམ་པར་མེ་ཏོག་གི་འཕྲེང་བ་ཐོགས་སྟེ། དཀྱིལ་འཁོར་ཀྱི་ཤར་སྒོར་གུས་པས་འདུག་སྟེ། དཀྱིལ་འཁོར་དེ་ཉིད་འོག་མིན་གྱི་གནས་རྟེན་དང་བརྟེན་པར་དམིགས་ལ། ༀ་བཛྲ་ས་མ་ཡ་ༀ། ༀ་བཛྲ་ས་མ་ཡ་ཨཾ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་རིག་པའི་མེ་ཏོག་དོར་བས། སྔགས་བརྗོད་པའི་གོ་རིམ་བཞིན། བདག་དཀྱིལ་འཁོར་ཀྱི་ལྷ་རྣམས་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དབྱེར་མེད་པར་བསམ་ལ། ༀ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་སྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་དངོས་གྲུབ་བསྐུལ་བས། དཀྱིལ་འཁོར་གྱི་ལྷ་རྣམས་འོད་དུ་ཞུ་ནས། བདག་དབང་ཕྱུག་ལ་ཕོག་པས། དཀྱིལ་འཁོར་གྱི་ལྷ་དང་དགོངས་པ་ཐ་མི་དད་པར་མོས་ལ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་ཧོ། །ཞེས་བརྗོད་པས་གོ་རིམ་བཞིན། ཡེ་ཤེས་རྡོ་རྗེའི་དམ་ཚིག་དུས་ལ་བབ་པོ། དེའི་ངང་དུ་བསྡུས་ཤིག །དགྱེས་པར་མཛོད་ཅིག །ཅེས་པ་སྟེ། དེ་ལྟར་གནས་ནས་བསྐུལ་བ་ནི། དབང་ཕྱུག་དཀྱིལ་འཁོར་དུ་འཇུག་པའོ། །དེ་དག་ནི་བསྡུས་པའི་རིམ་པའོ། །རྒྱས་པ་ལྟརན། སློབ་མ་དཀྱིལ་འཁོར་དུ་འཇུག་པ་ལྟར། དོན་བཅུ་དྲུག་པོ་དང་། ཞུགས་པའི་ཡོན་ཏན་དང་བཅས་པས། ཕྱི་ནང་གི་དབང་རྒྱས་པར་བླངས་ཞིང་འཇུག་གོ །གཉིས་པ་སློབ་དཔོན་གྱིས་འཇུག་པར་གསོལ་བ་གདབ་པ་ནི། ༀ་རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུགས་པར་བྱ། །ཞེས་བརྗོད་ཅིང་། སྙིམ་པའི་མེ་ཏོག་དཀྱིལ་འཁོར་གྱི་ལྷ་ལ་དོར་བའི་བློས། དོར་བའི་ཚུལ་བྱས་པས་དེ་བཞིན་གཤེགས་པ་རྣམས་ཞལ་འཛུམ་པའི་མདངས་ཀྱིས་སློབ་བུ་དཀྱིལ་འཁོར་དུ་ཆུག་ཅིང་། དབང་བཅོ་བརྒྱད་སྣོད་དང་འཚམ་པར་བསྐུར་བར་རིགས་སོ། །ཞེས་གནང་བ་ཐོབ་པར་མོས་ལ། །མེ་ཏོག་འཕྲེང་བ་སྤྱི་བོར་བཅིང་ངོ་། །གཉིས་པ་དབང་ལེན་པ་ནི། བསྡུས་པར་ལྟར་ན། གོང་དཀྱིལ་འཁོར་འཇུག་པ་དང་། ཐུན་མོང་དུ་སོང་ལ། རྒྱས་པ་ལྟར་ན། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ། སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར། སློབ་དཔོན་རང་གིས་ཀྱང་དབང་ལེགས་པར་ལེན་ནོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་སྟེ། སློབ་མ་དཀྱིལ་འཁོར་དུ་བཞུགས་པ་དང་། དབང་བསྐུར་བའོ། །དང་པོ་ལ་གཉིས་སྟེ། དཀྱིལ་འཁོར་དུ་ཞུགས་པ་དང་། འཇུག་པའི་ཡོན་ཏན་ནོ། །དང་པོ་བཅུ་དྲུག་སྟེ། ཁྲུས་དང་། གདོང་གཡོགས་དགབ་པ་དང་། དྲི་བ་དང་། ལུས་འབུལ་བ་དང་། བགེགས་བསྐྲད་པ་དང་། ལྷར་བརླབས་པ་དང་། དམ་ཚིག་སྦྱིན་པ་དང་། དམ་ཚིག་དབོག་པ་དང་། དམ་ཆུ་བླུད་པ་དང་། དམ་ཚིག་བསྒྲགས་པ་དང་། རིན་ཆེན་དོར་བ་དང་། ལྷ་དབབ་པ་དང་། ལྷ་བསྒོམ་པར་ནན་ཏན་བྱ་བ་དང་། སྤྱན་དབྱེ་བ་དང་། དཀྱིལ་འཁོར་བསྟན་པ། ཚོགས་མཆོད་ཡོན་འབུལ་པའོ། །དང་པོ་ཁྲུས་ནི། སློབ་བུ་རྣམས་ཕྱིར་ཕྱུང་ནས། དྲི་བཟང་པོའི་ཆུས་ཁྲུས་བྱས་ལ། གོས་གསར་པ་དང་ལྡན་པར་བྱའོ། །གཉིས་པ་གདོང་གཡོགས་ནི། མ་རིག་པ་དང་འདོད་ཆགས་ཀྱི་དྲི་མས་གཉིས་མེད་ཀྱི་ཡེ་ཤེས་སྒྲིབས་སོ། །ཞེས་པའི་རྟགས་སོ། །རས་སམ་དར་དམར་པོ་མིག་དགབ་ཅིང་། དར་ལ་སོགས་པ་ལས་བྱས་པའི་མེ་ཏོག་རིན་པོ་ཆེའམ། འབྲས་བུའི་འཕྲེང་བ་ཅན་ནམ། དབྱར་གྱི་དུས་སུ་མེ་ཏོག་དངོས་ཀྱང་རུང་སྟེ། སྙིམ་པར་ཐོགས་ལ། གནས་ཁང་གི་ནང་དུ་གུས་པ་དང་བཅས་པའི་ཚུལ་གྱིས་འདུག་ལ། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུགས་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་རྩོལ། །ཞེས་སློབ་བུ་རྣམས་ཀྱིས། བདག །དཀྱིལ་འཁོར་དུ་ཆུག་ཅིག་པར་གསོལ་བ་འདེབས་པར་བྱའོ། །གསུམ་པ་དྲི་བ་ནི། དབང་ཕྱུག་གིས། བུ་ཁྱོད་ཅི་ལ་དགའ་ཞེས་དྲིས་པའི་ལན་དུ། སློབ་བུ་རྣམས་ཀྱིས། སྐལ་བ་བཟང་ལ་བདག་དགའོ། །ཞེས་བརྗོད་ལ། དབང་ཕྱུག་གི་ལས་མཁན་གྱིས་རྡོ་རྗེ་ཕྱེད། སློབ་བུ་རྣམས་ཀྱི་ལག་དུ་སྦྱིན་ལ། །བུ་ཁྱོད་ཚུར་ཤོག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱིས་རྡོ་རྗེ་གཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་དང་། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དྭངས་ཡིད་ཀྱིས། །སྟོང་ཞིང་རང་སེམས་བརྟན་པར་གཟུང་། །སྒྱུ་འཕྲུལ་དྲྭ་བའི་རྫོགས་དབང་སྦྱིན། །ཞེས་དབང་ཕྱུག་གི་མདུན་དུ་སློབ་བུ་རྣམས་དྲངས་སོ། །བཞི་པ་ལུས་དབུལ་བ་ནི། །སློབ་བུ་རྣམས་ལངས་སྟེ། སྤྱི་བོར་ཐལ་མོ་སྦྱར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་དང་། ཡོན་ཏན་འཕྲིན་ལས་ཀྱིས་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་རྟོགས་པ་མངོན་དུ་གྱུར་པ་རྣམས་ལ་ལུས་ཕུལ་བར་དམིགས་ལ། ༀ་སརྦ་བུད་དྷ་པུ་ཙ་སསྠ་ན་ཡ་ཨད་མ་ནམ་ནྱིརྻ་ཏ་ཡ་མི། ཞེས་ལན་གསུམ་ཀྱང་ཕྱག་བཙལ་བར་བྱའོ། །ཡང་ཐལ་མོ་སྨིན་མཚམས་སུ་སྦྱར་ལ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཐོབ་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར། ད་ལྟར་གྱིས་སངས་རྒྱས་བླ་མ་རྣམས་ལ་ལུས་འབུམ་བར་དམིགས་ལ། ༀ་ཨཱ་ཙརྻ་པཱུ་ཙ་སསྠ་ཡ་ཨད་མ་ནཾ་ནིརྻ་ཏ་ཡ་མི། ཞེས་སྔར་བཞིན་ཕྱག་འཚལ་ལོ། །ཡང་ཐལ་མོ་སྙིང་ཁར་སྦྱར་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མི་དོར་ཞིང་མཐར་ཕྱིན་པར་བྱ་བའི་དོན་དུ། མ་འོངས་པའི་སངས་རྒྱས་ཐམས་ཅད་ལ་ལུས་ཕུལ་བར་དམིགས་ལ། ༀ་པ་ཀ་ལ་པ་ཏ་པཱུ་ཙ་སསྠ་ཡ་ཨད་མ་ནཾ། ནིརྻ་ཏ་ཡ་མི། ཞེས་ཕྱག་སྔར་བཞིན་བཙལ་ལོ། །ལྔ་པ་ཚེ་མི་ཡལ་བ་བྱ་བའི་ཕྱིར་བགེགས་བསྐྲད་པ་ནི། དབང་ཕྱུག་གི་ཐུགས་ཁའི་ས་བོན་ལས། ཡི་གེ་བྷྲུཾ་རེ་སློབ་མ་རྣམས་ཀྱི་དཔྲལ་བར་འཕྲོས། བྷྲུཾ་བི་ཤྭ་བི་ཤུད་དྷེ་ཞེས་བརྗོད་པས། ཟླ་གམ་དམར་པོའི་གཞལ་ཡས་ཁང་། གནམ་སྒོ་གཅིག་པ་ཁྱུད་ཅན་གཅིག་བསྒོམ། དེའི་ནང་དུ་ཧཱུཾ་ཞེས་བརྗོད་པས། སློབ་མའི་ཚེའི་དངོས་པོ་ཐམས་ཅད་ཧཱུཾ་ལ་བསྡུ། ༀ་བཛྲ་ཧཱུཾ་ཀ་ར་ཧཱུཾ་ཕཊ། ཞེས་བརྗོད་པས། ཧཱུཾ་ཀ་ར་སྔོན་པོ་ཚེའི་བུམ་པ་བསྣམས་པ་ཅིག་དུ་བསམ། ཟླ་གམ་གྱི་གནམ་སྒོ་ལ། ༀ་བཛྲ་ཀྲོ་ཏ་ཨརྻ་ཨ་ཙ་ལ་ཧཱུཾ་ཕཊ། ཅེས་བརྗོད་པས། ཁྲོ་བོ་མི་གཡོ་བ་ལྗང་ནག་རལ་གྲི་དང་། བསྡིག་འཛུབ་ཅན་བསྐྱེད་ནས་སྒོ་བསྲུངས་བར་བསམ་ནས། ཡི་དམ་ལྷའི་ང་རྒྱལ་གྱིས་བི་ཤཱ་བཛྲའི་སྔགས་ཀྱིས་སྤྲུལ་པས་སྤྲོ། བདེན་པ་བརྗོད་པའི་རྗེས་ལ། འདིར་འདུས་པའི་སློབ་བུ་རྣམས་ལ་གནོད་ཅིང་འཚེ་བའི་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་དེངས་བྱེར་ཅིག །ༀ་སུཾ་བྷ་ནི་སུམྦྷ་ནི་ཧཱུཾ༴ ཞེས་ལན་གསུམ་གྱིས་བསྐྲད་དེ། དྲུག་པ་ལྷར་བརླབས་པ་ནི། རྡོ་རྗེ་སློབ་དཔོན་གྱིས་ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་དཔའ་བོ་འབྲུ་ལྔ་དང་། གཡོན་གྱིས་སོར་མོའི་བྲེ་ཁ་ལྔ་ལ་གནས་པའི་དཔའ་མོ་འབྲུ་ལྔ་བསམ་ལ། པུ་ར་ཏྭ་སྟྭཾ། ཞེས་དཔའ་བོ་དཔའ་མོ་སྦྱར། ཨཉྩ་ལི་ཞེས་པས་བསྣོལ། བཛྲ་བྷན་དྷ་ཞེས་ཕྱག་རྒྱ་བསྡམ། བདེན་པ་བརྗོད་པའི་རྗེས་ལ། སློབ་བུ་འདི་རྣམས་ཀྱི་རྒྱུད་ལ་ཡོད་པའི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བ་དམན་པའི་སྒྲིབ་པ་དང་། ཆོས་ཀྱིས་འཕོངས་པའི་སྒྲིབ་པ་དང་། བག་ཆགས་ངན་པའི་སྒྲིབ་པ་ལ་སོགས་ཏེ། སྒྲིབ་པའི་ཕུང་པོ་ཇི་རྙེད་པ་ཐམས་ཅད་ཕྱག་རྒྱའི་འོད་ཟེར་འདིས་བྲལ་བ་གྱུར་ཅིག །བཛྲ་བྷན་དྷ་ཏྲ་ཐཱ། ཞེས་པའི་སྔགས་མང་དུ་བརྗོད་ཅིང་། ཕྱག་རྒྱ་སྤྲོས་པས་འབྲུ་བཅུ་རིགས་ལྔ་ཡབ་ཡུམ་དུ་གྱུར་པ་སྦྱོར་བ་མཛད་པས། བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་འོད་ཟེར་གྱིས། སློབ་བུ་རྣམས་ཀྱི་སྒྲིབ་པ་མཐའ་དག་བསྲེག་ཤིང་། ཧཱུཾ་ཀ་ར་དང་མི་གཡོ་བ་གཉིས་ཡང་འོད་དུ་ཞུ་ནས། སློབ་བུ་རྣམས་ཀྱི་རྣམ་ཤེས་དང་ག ཅིག་ཏུ་གྱུར་སྟེ། དངུལ་ཆུ་ཞུན་མ་ལྟ་བུར་གནས་དེ། ཆོ་ག་གསུམ་གྱིས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་བརྒྱན་ཆ་ལུགས་དང་ལྡན་པར་བསྐྱེད་ལ། ཤུ་ནྱ་ཏ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར། གནས་གསུམ་དུ་རྡོ་རྗེ་གཏུག་ཅིང་། འབྲུ་གསུམ་བརྗོད་པས། བྱིན་གྱིས་བརླབས་པར་བསྒོམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་ལ་སོགས་པ་བརྗོད། བྱིན་གྱིས་བརླབས་པའི་རྟགས་སུ། དཔྲལ་བར་སྐུ་ཡིས་ལྷ་སྣང་མཛད་དཀར་པོ། འཁོར་ལོ་དཀར་པོ་ༀ་གྱིས་མཚན་པ་འཛིན་པ། དེ་བཞིན་དུ་མགྲིན་པ་དང་། སྙིང་ཁར་གསུང་ཐུགས་ཀྱི་ལྷ་འདྲའོ། །རྡོ་རྗེ་གོ་ཆའི་ཕྱག་རྒྱས། བཛྲ་ཀ་ཝ་ཙི་རཀྵ་རཀྵ་ཞེས་རྡོ་རྗེའི་གོ་ཁྲབ་དཀོན། རྡོ་རྗེ་བསྲུངས་པའི་ཕྱག་རྒྱ་དང་། ༀ་ཏྲུཾ་གི་རྡོ་རྗེ་གནོད་སྦྱིན་དང་། ཁྲོ་བོ་མི་འཆི་ཐལ་སྦྱོར་གཉིས་ཀྱིས་ལུས་གྱི་གནས་དྲུག་བསྲུངས་པར་བསྒོམ་མོ། །བདུན་པ་དམ་ཚིག་སྦྱིན་པ་ནི། སློབ་བུ་རྣམས་ཀྱིས། ཨ་ལ་ལ་སྟེ་མཆོད་པར་འབུལ། ཨ་ལ་ལ་སྟེ་མཉེས་པར་མཛོད། ཨ་ལ་ལ་སྟེ་དམ་ཚིག་བསྐོངས། ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། མི་ཕྱེད་རྡོ་རྗེ་སྐུ་རང་བཞིན། དེང་བདག་བྱིན་གྱིས་བརླབས་ནས་ནི། རྡོ་རྗེའི་སྐུ་རུ་མཛད་དུ་གསོལ། ཞེས་གསོལ་བ་གདབ། དབང་ཕྱུག་གིས་བྷནྡྷ་བདུད་རྩི་ཅུང་ཟད་བླུག་ལ། ༀ་ཨཱཿ་ཧཱུཾ་ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིག་འབྲུ་གསུམ་གསལ་བར་བསྒོམ་ལ། ༀ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲིཿཐཱཿ ཞེས་པའི་སྔགས་ལན་གསུམ་གྱི་བདུད་རྩི་ཆུར་བྱིན་གྱིས་བརླབས་ནས། དབང་ཕྱུག་གི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པའི་སྲིན་ལག་གི་བདུད་རྩི་བླངས་ལ། སློབ་བུ་རྣམས་ཀྱི་དཔྲལ་བར་ༀ་ཞེས་བརྗོད་ཅིང་ཐིག་ལེ་བྱས་ལ་ༀ་དཀར་པོ་བསམ། དེ་ལས་འོད་ཟེར་དཀར་པོ་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་ཡི་བྱིན་བརླབས་བསྡུས་ནས། དཔྲལ་བར་ༀ་ལ་ཐིམ་པར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། ཞེས་བརྗོད་ཅིང་བྱིན་གྱིས་བརླབས་པས། སློབ་བུ་དམ་ཚིག་ཐོབ་པར་བསམ། དེ་བཞིན་དུ། དཔལ་ལྡན་རྡོ་རྗེ་གསུང་འཆང་བ། མི་ཕྱེད་རྡོ་རྗེ་གསུང་རང་བཞིན། དེང་བདག་བྱིན་གྱིས་བརླབས་ནས་ནི། རྡོ་རྗེ་གསུང་དུ་མཛད་དུ་གསོལ། ཞེས་གསོལ་བ་གདབ་པས། སློབ་བུའི་མགྲིན་པར་ཐིག་ལེ་བྱས་པའི་ཨཱཿ ཡིས་འཕྲོ་འདུས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨཏ་མ་ཀོ྅་ཧཾཿ སྔགས་ཀྱིས་གསུང་གི་དམ་ཚིག་ཐོབ་པར་བསམ། ཡང་། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། མི་ཕྱེད་རྡོ་རྗེའི་ཐུགས་རང་བཞིན། །དེང་བདག་བྱིན་གྱིས་བརླབས་ནས་ནི། རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སློབ་བུའི་སྙིང་ཁར་ཐིག་ལེ་བྱས་པའི། ཧཱུཾ་འཕྲོ་འདུ་དང་། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཏ་མ་ཀོ྅་ཧཾཿ ཀྱིས་ཐུགས་ཀྱི་དམ་ཚིག་ཐོབ་པར་བསམ་མོ། །བརྒྱད་པ་དམ་ཚིག་འབོག་པ་ནི། དབང་ཕྱུག་གི་སློབ་བུའི་སྙིང་ཁར་རྡོ་རྗེ་བཞག་ལ། སངས་རྒྱས་ཀུན་གྱི་གསང་བ་ནི། དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པའི། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟགས་གནས་ཤིང་། །མ་ལུས་སེམས་ཅན་དོན་གྱིས་ཤིག་ཅེས་བགོའོ། །དགུ་པ་ཆུ་ནན་བྱ་བ་ནི། ཙན་དན་དཀར་དམར་སྦྱར་བའི་ཆུ་ལ། ཆོ་ག་གསུམ་གྱིས་རྡོ་རྗེ་སེམས་པར་བསྐྱེད་ཅིང་། ཡེ་ཤེས་པ་བཅུག་པས། བདུད་རྩིར་ཞུ་བར་བསམ་ལ། ཐོག་མར་སྐྱོན་གྱི་སྒོ་ནས། ཆུ་ནན་བྱས་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་བྱེད། །རྡོ་རྗེའི་ནི་གཏུང་བར་གྱིས། བཛྲ་ཡཀྵ་ཧཱུཾ། ཞེས་བརྗོད་ཅིང་། རྡོ་རྗེ་ཆུ་བླངས་ལ། སློབ་བུའི་ལྕེ་ལ་ལན་གསུམ་བཞག་གོ །ཡོན་ཏན་གྱི་སྒོ་ནས་ཆུ་ནན་བྱ་བ་ནི། དེ་བས་ན་བུ་ཁྱོད་ཀྱིས། དམ་ཚིག་འདི་དག་སྲུངས་བར་གྱིས། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ༀ་བཛྲ་ཨུད་ཀ་ཧཱུཾ་ཕཊ། ཞེས་བརྗོད་ཅིང་། རྡོ་རྗེས་ཆུ་བླངས་ལ། ལན་གསུམ་སློབ་བུའི་ལྕེ་ལ་བཞག་གོ །སློབ་བུ་ཀུན་ལ་ཆུ་ནན་ཟིན་རྗེས་ཐོག་ཏུ། །འདི་སྐད་དོ། །དེ་ལྟར་བདུད་རྩིའི་ཆུ་དེ། བཞག་པ་ལྕེ་ལ་བཞག་ཀྱང་། བབ་པ་སྙིང་གི་དཀྱིལ་དུ་བབས་ནས། གལ་སྟེ་དམ་ཚིག་མ་བསྲུངས་ན། ཆུ་དེ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ། ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ནས། སྙིང་ཁྲག་ཞོ་བཞིན་འཇིབས་པས། ཚེ་ཐུང་ཞིང་ནད་མང་བ་དང་། ཚེ་ཕྱི་མར་དམྱལ་བའི་སྡུག་བསྔལ་གྱིས་ཉམས་ཐག་པར་འགྱུར་རོ། །དམ་ཚིག་བསྲུངས་ན་ཆུ་དེ་རྡོ་རྗེ་སེམས་དཔར་གྱུར་ནས། དེས་རྟག་ཏུ་བྱིན་གྱིས་བརླབ་ཅིང་། ཚེ་འདིར་ཡང་དགེ་དགུ་དང་། སྨོན་བརྒྱད་དུ་གྱུར་ནས། ནད་བཞི་བརྒྱ་རྩ་བཞི་དང་། གདོན་སྟོང་ཕྲག་བརྒྱད་བཅུས་མི་ཚུགས་པ་དང་། ཕྱི་མར་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས། སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སུ་འདྲེན་པའི་དེད་དཔོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །བཅུ་པ་དམ་བསྒྲགས་པ་ནི། དབང་ཕྱུག་གི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པ་གཅིག །སློབ་བུ་རྣམས་ཀྱི་སྤྱི་བོར་བཞག་ལ། ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་དགོས་པ་མེད་བགྱིས་ལ། །འདོད་པ་ལྔའི་ཡོན་ཏན་སྤྱོད། །གཞན་ཡང་སྟོང་ཁམས་ཐམས་ཅད་ན། །ཤེས་རབ་དབྱིངས་དང་འདོད་དོན་གཞན། །རབ་འབྲིང་ཐ་མས་ཐམས་ཅད་སྤྱོད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་ཞིག་དམ་ལ་གནོད། །བརྟུལ་ཞུགས་ཅན་གྱིས་དེ་དྲོངས་ལ། །ཁྲག་ཆེན་སྙིང་ལ་བཏུང་བར་བགྱིས། །འདི་ལ་མི་བྱ་ཅུང་ཟད་མེད། །སེམས་ཉིད་ཐེག་པར་རབ་ངེས་ནས། །ཉོན་མོངས་འདོད་ལྔ་ཀུན་སྤྱོད་ཀྱང་། །པདྨ་ལ་ནི་འདམ་བཞིན་སྟེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །བྱ་དང་མི་བྱ་ཅུང་ཟད་མེད། །ཅེས་བརྗོད་དོ། །བཅུ་གཅིག་རིན་ཆེན་དོར་བ་ནི། རང་རང་གི་ཡི་དམ་དང་འབྲེལ་བ་རྟག་པའི་དོན་དུ། དབང་ཕྱུག་གི་དྲུང་དུ། དབང་ཕྱུག་རིགས་ཐམས་ཅད་ཀྱིས་བདག་པོར་མོས་པས། དབང་ཕྱུག་མངོན་པར་ཕྱོགས་ཏེ། །མེ་ཏོག་ལ་སོགས་རིན་ཆེན་འཕྲེང་། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཐུགས་རྗེ་བཟུང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་འབབ་གྱུར་ཅིག །ༀ་པྲ་ཏི་ཛ་བཛྲ་ཧོ། ཞེས་བརྗོད་ཅིང་། དབང་ཕྱུག་གི་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་་ལྡན་པས། ཐུགས་ཁར་དྲིལ་བུ་དཀྲོལ་ཞིང་། །སློབ་བུ་རྣམས་ཀྱང་དྲིལ་བུའི་སྒྲ་ལ་གཏད་ལ། མེ་ཏོག་དོར་ལ། ཡི་དམ་གྱི་རིགས་ངོས་བཟུང་སྟེ། དབུས་དང་མཚམས་རྣམས་དེ་བཞིན་གཤེགས་པའི་རིགས། ལག་པ་གཡས་ཀྱི་ཆ་རྡོ་རྗེའི་རིགས། གཡོན་གྱི་ཆ་རིན་པོ་ཆེའི་རིགས། རྐང་པ་གཡས་ཀྱི་ཆ་ལས་ཀྱི་རིགས། གཡོན་གྱི་ཆ་པདྨའི་རིགས་ཡིན་པས། རང་རང་གི་རིགས་ཡིད་ལ་མ་བརྗེད་པར་ཟུངས་ཤིག །ཅེས་བརྗོད་ཅིང་མེ་ཏོག་འཕྲེང་བ་སྤྱི་བོར་བཅིང་ངོ་། །བཅུ་གཉིས་པ་ལྷ་དབབ་པ་ནི། སློབ་བུ་རྣམས་ལུས་བདེ་ལུགས་སུ་བསྲང་སྟེ། སྙིང་གི་ནང་དུ་ཆུ་ནན་གྱིས་དུས་ཀྱི་རྡོ་རྗེ་སེམས་དཔའ་གསལ་བར་བསམ་ཞིང་། ཤེས་པས་སྐད་ཅིག་ཀྱང་མ་ཡེངས་པར་གྱིས་ཤིག །ཅེས་བསྒོ་ལ། དབང་ཕྱུག་གིས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས། ཧཱུྃཾ་བཛྲ་དྷྲིཀ྄་ས་མ་ཡ་སྟྭཾ། ཞེས་ལན་གསུམ་བརྗོད་པས། རྡོ་རྗེ་སེམས་དཔའ་ཆོས་སྐུ་ལས། གཟུགས་སྐུར་བཞེངས་པར་བསམ་ལ། ལས་སློབ་རྣམས་ཀྱིས་སྤོས་དང་རོལ་མོའི་སྒྲ་སྦྱར་ཞིང་། དབང་ཕྱུག་གི་ལྕགས་ཀྱུའི་ཕྱག་རྒྱས། ༀ་བཛྲ་སཏྭ་ཛྙ་ན་སཏྭ། ཨེ་ཧྱ་ཧི་བྷ་ག་ཝན་མཧཱ་ཀཱ་རུ་ཎི་ཀ་ཏྲི་ཤ་ཧོ། །ས་མ་ཡ་སྟྭཾ། ཛ་ཧཱུཾ་བཾ་ཧོ། ཞེས་པས་འོག་མིན་གྱི་གནས་ནས། ཡེ་ཤེས་སེམས་དཔའ་རང་བཞིན་གྱིས་རྡོ་རྗེ་སེམས་དཔའ། སློབ་བུ་རྣམས་ཀྱི་སྙིང་ནང་དུ་སྤྱན་དྲངས་ལ། བདེན་པ་བརྗོད་པའི་རྗེས་སུ་ཡང་། དབང་ཕྱུག་གི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པ། སློབ་བུ་འདིའི་ཙིཏྟའི་དཀྱིལ་དུ་ཡེ་ཤེས་སེམས་དཔའི་རང་བཞིན་དུ་ཞུགས་ནས། འཇིག་རྟེན་འདིའི་དགེ་དགུ་དང་། སྨོན་བརྒྱད་དུ་གྱུར་ནས། ཕྱི་མ་བླ་ན་མེད་པའི་བྱང་ཆུབ་ཏུ་གྱུར་ཅིག །གལ་ཏེ་དམ་ཚིག་ཉམས་ན་རྡོ་རྗེ་གནོད་སྦྱིན་དུ་གྱུར་སྟེ། སྲོག་རྩའི་ཁྲག་འཇིབ་པར་གྱུར་ཅིག །ཅེས་དམོད་བོར་ནས། པྲ་བེ་ཤ་ཕཊ་ཀྱིས་སློབ་བུའི་ལུས་དབྱེ། ཨ་བེ་ཤ་ཡ་ཨས་སྙིང་གི་དཀྱིལ་དུ་ཆུ་ནན་གྱི་ཆུ་དང་གཉིས་སུ་མེད་པར་བསྟིམ་པར་བྱའོ། །བཅུ་གསུམ་པ་ལྷ་བསྒོམ་པར་ནན་ཏན་བྱ་བ་ནི། ཐམས་ཅད་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་འདིར་བཞུགས་ནས། ལྷ་བསྒོམ་པ་དང་མ་བྲལ་བའི་ཡོན་ཏན་ནི། རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་དང་། སྐལ་བ་མཉམ་པའི་ཡེ་ཤེས་ཐོབ་སྟེ། འདོད་པའི་དོན་ཅི་བསྒྲུབ་ཀྱང་ཉེ་བར་འགྲུབ་ཅིང་། ཚེ་གཅིག་ལུས་གཅིག་ལ་དངོས་གྲུབ་ཡ་མཚན་ཆེན་པོ་སངས་རྒྱས་ཀྱི་གོ་འཕངས་ཐོབ་པར་འགྱུར་སྟེ། རྩ་རྒྱུད་གསང་བ་སྙིང་པོ་ལས། སྐལ་བ་མཉམ་པའི་ཡེ་ཤེས་ཏེ། །གཉེར་ན་ཉ ེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །ཅེས་པ་དང་། སྒྱུ་འཕྲུལ་མན་ངག་ལམ་གྱི་རིམ་པ་ནས། བདག་ཉིད་ལྷ་དང་མཉམ་སྦྱོར་བས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ཅེས་གསུངས་སོ། །ཞེས་བརྗོད་དོ། །འོ་ན་ལྷ་བསྒོམ་པ་ལ་ཕན་ཡོན་ཆེན་པོ་འདུག་མོད། མ་བསྒོམ་ན་སྐྱོན་ཅི་ཡོད་སྙམ་ན། ཡི་དམ་གྱི་ལྷ་སྤངས་ན། དགེ་བ་གཞན་སྤྱད་ཀྱང་དོན་མེད་པར་འགྱུར་ཞིང་། དད་པ་མེད་པའི་སྟོབས་ཀྱིས་དམ་ཚིག་ཉམས་ན་ཀུན་དུ་ཉོན་མོངས་པ་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བ་དང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ལམ་ལས་གོལ་ནས། རིགས་ཆད་པའི་གནས་སུ་འགྱུར་ཏེ། གསང་བའི་སྙིང་པོའི་རྒྱུད་ལས། དད་མེད་ཉམས་ན་ཕུང་བར་འགྱུར། ། ཞེས་པ་དང་། སྒྱུ་འཕྲུལ་རྡོ་རྗེ་ལས་རིམ་ལས། ལྷ་སྤངས་དགེ་སྤྱད་དོན་མེད་དེ། །གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ཉོན་མོངས་ང་རྒྱལ་གནས་སུ་སྐྱེ། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །བླ་མེད་འགྲོ་བའི་རྒྱུན་ཡང་བཅད། །རིགས་ཆད་ཉིད་དུ་གནས་པར་འགྱུར་། །ཞེས་གསུངས་པའི་དོན་གོ་བར་གྱིས་ཤིག །ཅེས་བརྗོད་དོ། །བཅུ་བཞི་པ་མིག་དབྱེ་བ་ནི། དབང་ཕྱུག་གི་ཐུགས་ཁ་ནས་འོད་ཟེར་ཐུར་མ་དང་འདྲ་བ་བྱུང་ནས། སློབ་བུ་འམ་མ་རིག་པའི་ལིང་ཐོག་བསལ་བས་རང་ལ་གནས་པའི་དོན་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་མཐོང་བར་བསམ་ལ། དེ་རིང་དད་པའི་ཤུགས་ཀྱིས་ནི། དཀྱིལ་འཁོར་དམ་པ་བསྟན་པར་བྱ། སངས་རྒྱས་གསུང་གི་རིགས་སུ་འཁྲུངས། །དངོས་གྲུབ་མཆོག་ཏུ་འགྱུར་པར་བྱ། །བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་པས་མིག་དར་བཤུས་ལ། དཀྱིལ་འཁོར་ལ་ལྟོས་ཤིག །ཅེས་བརྗོད་དོ། །བཅོ་ལྔ་པ་དཀྱིལ་འཁོར་བསྟན་པ་ནི། དབང་ཕྱུག་གིས་ཆགས་ཤིང་ཐོགས་སྟེ། ཐོག་མར་གཞལ་ཡས་ཁང་གི་དོན་རྟོགས་བཤད་པར་བྱ་སྟེ། རྒྱལ་བའི་དགོངས་པ་ལ་སྤྲོས་པའི་མཐའ་གང་ཡང་མེད་པའི་རྟགས་སུ་ལྟེ་བ་ཟླུམ་པོར་བྱུང་བའོ། །དེ་བཞིན་དུ་རང་བྱུང་གི་ཡེ་ཤེས་བཞི་ཤར་ནས་གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སུ་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ་བྱུང་། དོན་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ། རིན་པོ་ཆེའི་རྩིགས་པ་ལྔ་སྦྲག་ཏུ་བྱུང་། ཆོས་ཉིད་ཡེ་ཤེས་བཞིར་རྒྱས་བའི་རྟགས་སུ། དབྱིབས་གྲུ་བཞིར་བྱུང་། ཏིང་ངེ་འཛིན་བཞིའམ་རྣམ་པར་ཐར་པ་བཞི་དང་ལྡན་པའི་རྟགས་སུ། གཞལ་ཡས་ཁང་གི་སྒོ་བཞིར་བྱུང་། ཐེག་པ་བརྒྱད་ནས་ཞུགས་ནས། མཐར་ཨ་ཏིར་འཇུག་པའི་རྟགས་སུ་རྟ་བབས་བརྒྱད་དུ་བྱུང་། གདན་ནི་ཐབས་མ་འགགས་པའི་རྟགས་སུ་ཟླ་བ་ཤེས་རབ་འཛིན་པའི་རྟགས་སུ་ཉི་མ། ཆོས་ཐམས་ཅད་རྣམ་པར་དག་པ་ལ་ཉེས་པ་མི་གོས་པའི་པདྨ། ཡོན་ཏན་ཟད་པ་མེད་ཅིང་བསྐོར་བདུན་ལྷུན་གྱིས་གྲུབ་པའི་རྟགས་སུ། རིན་པོ་ཆེའི་ཁྲི་རྐང་དང་གདུགས ། མི་འཇིགས་བཞི་དང་ལྡན་པའི་རྟགས་སུ་སེང་གེའི་ཁྲི། སྟོབས་བཅུ་དང་ལྡན་པའི་རྟགས་གླང་པོ། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་རྟ། དབང་བཅུ་དང་ལྡན་པའི་རྟགས་སུ་རྨ་བྱ། འཕྲིན་ལས་ཐོགས་པ་མེད་པའི་རྟགས་སུ་ནམ་མཁའ་ལྡིང་གི་ཁྲིའོ། །དེ་ལྟར་བརྟེན་གཞལ་ཡས་ཁང་གི་དོན་རྟགས་བཤད་ནས། རྟེན་པ་ལྷའི་དོན་རྟགས་ནི། ཉོན་མོངས་དྲུག་གནས་སུ་དག་པའི་རྟགས་སུ་ཐུབ་པ་དྲུག །ཡིད་ཆོས་གནས་སུ་དག་པའི་རྟགས་སུ། ཀུན་བཟང་ཡབ་ཡུམ། ལུས་ཀྱི་ཆོས་བཞི་དང་རྟག་ཆད་ཀྱི་ཕྱིན་ཅི་ལོག་བཞི་དག་པ་སྒོ་བ་ཡབ་ཡུམ། དབང་བཞི་དང་། དུས་བཞི་དག་པ་ཕྱི་སེམས་དཔའ་ཡབ་ཡུམ། རྣམ་ཤེས་བཞི་དང་ཡུལ་བཞི་དག་པ་ནང་གི་སེམས་དཔའ་ཡབ་ཡུམ། ཕུང་པོ་ལྔ་དང་འབྱུང་བ་རིགས་ལྔ་ཡབ་ཡུམ་ཡིན་ལ། དེའི་ནང་ནས་ཀྱང་ཁྱོད་ཀྱི་ཡི་དམ་གྱི་ལྷ་འདི་ཡིན་ནོ། །ཞེས་མེ་ཏོག་གཡས་པ་སྟོད་ལ་ཕོག་པ་རྡོ་རྗེ་རིགས་ཀྱི་སློབ་བུ་རྣམས་ལ། མི་སྐྱོད་པ་ཡབ་ཡུམ་བསྒོམ་པའི་མངོན་པར་རྟོགས་པ་འབོག །ད་ཕྱིན་ཆད་ཡི་དམ་གྱི་ལྷ་འདི་དང་མི་འབྲལ བར་བསྒོམ་ཤིག །སྙིང་པོ་ཧཱུཾ་བཛྲ་ཀ྄་མུཾ་དྷ་དུ་ཤྭ་རི། བྱ་བ་ཡིན་པས། རྟག་ཏུ་བགྲངས་ཤིག །ཅེས་ལན་གསུམ་རྗེས་བཟློས་བྱེད་དུ་བཞུག །གསང་མཚན་ཕོ་རྣམས་ཀྱི་རྡོ་རྗེ་སྙིང་པོ་རྩལ། རྡོ་རྗེ་ཡང་དག་རྩལ། རྡོ་རྗེ་འགྱུར་མེད་རྩལ། རྡོ་རྗེ་ཐུགས་མཆོག་རྩལ། རྡོ་རྗེ་དྲག་པོ་རྩལ། ཞེས་པ་ལ་སོགས་པ་ཐུགས་ཀྱི་རིགས་ཀྱི་གསང་མཚན་གང་རུང་དང་། མོ་རྣམས་ཀྱི་རྡོ་རྗེ་དབྱིངས་ཕྱུག་རྩལ་བྱ་བ་ཡིན་པས། མ་བརྗེད་པར་གྱིས་ཤིག །མ་འོངས་པའི་དུས་སུ། རྡོ་རྗེའི་རིགས་སུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། ས་བླ། ས་འོག །ས་སྟེང་གསུམ་དུ་གྲགས་པར་འགྱུར་ཞིང་། སེམས་ཅན་གྱི་དོན་བྱེད་པ་དང་། ཁྱད་པར་དུ་ཞེ་སྡང་ཅན་གྱི་གདུལ་བྱ་འདུལ་བར་འགྱུར་རོ། །ཞེས་བརྗོད་དོ། །དེ་བཞིན་དུ་དབུས་ལ་ཕོག་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཡི་དམ་ནི། རྣམ་སྣང་ཡབ་ཡུམ་ཀྱི་སྙིང་པོ་ནི། ༀ་ཛ་ནི་ཛིཀ྄་ལཾ་སྟེ་ཤྭ་ར་ཏི། གསང་མཚན་ནི། རྡོ་རྗེ་སྐུ་མཆོག་རྩལ། རྡོ་རྗེ་བདེ་གཤེགས་རྩལ། རྡོ་རྗེ་ལྷུན་གྲུབ་རྩལ། རྡོ་རྗེ་བཱཻ་རོ་ཙ་ན་རྩལ། མོ་རྣམས་ལ། དེ་བཞིན་དབྱིངས་ཕྱུག་རྩལ་བྱ་བ་ཡིན་ནོ། །བྱ་བ་ལ་སོགས་པའི་འགྲེས་ཀྱིས་རིགས་ལྔ་ཀ་ལ་ཤེས་པར་བྱའོ། །མེ་ཏོག་ཡོན་བསྟོད་ལ་ཕོག་པ། རིན་པོ་ཆེའི་རིགས་རྣམས་ལ། རྡོ་རྗེ་ཡོན་ཏན་གཏེར་འབྱུང་རྩལ། རྡོ་རྗེ་དཔལ་མཆོག་རྩལ། རྡོ་རྗེ་རིན་ཆེན་སྙིང་པོ་རྩལ། མོ་རྣམས་ལ་རིན་ཆེན་དབྱིངས་ཕྱུག་རྩལ། གཡས་པདྨ་ལ་ཕོག་པ་ལས་ཀྱི་རིགས་རྣམས་ལས། རྡོ་རྗེ་ལས་རབ་རྩལ། རྡོ་རྗེ་ཁུང་ཤོག་རྩལ། རྡོ་རྗེ་ཐོག་མེད་རྩལ། རྗེ་རྗེ་བདུད་འཇོམས་རྩལ། མོ་རྣམས་ལ། ལས་ཀྱི་དབྱིངས་ཕྱུག་རྩལ། གཡོན་པདྨ་ལ་ཕོག་པས་པདྨའི་རིགས་རྣམས་ལ། རྡོ་རྗེ་གསུང་མཆོག་རྩལ། རྡོ་རྗེ་མྱུ་གུ་རྩལ། རྡོ་རྗེ་དབང་གྲུབ་རྩལ། རྡོ་རྗེ་མ་ཆགས་པདྨ་རྩལ། རྡོ་རྗེ་དྲི་མེད་རྩལ། མོ་རྣམས་ལ། པདྨ་དབྱིངས་ཕྱུག་རྩལ། དེ་བཞིན་དུ་ཐམས་ཅད་ཤེས་པར་བྱའོ། །དེ་ལྟར་ལྷ་ངོ་བསྟན་ནས། ད་ལྷ་བསྒོམ་པ་དང་འབྲལ་དུ་མི་རུང་བར་ནན་ཏན་བྱ་བ་ནི། ཐམས་ཅད་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་འདིར་ཞུགས་ནས། ལྷ་བསྒོམ་པ་མ་བྲལ་བའི་ཡོན་ཏན་ནི། རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་དང་སྐལ་བ་མཉམ་པའི་ཡེ་ཤེས་ཐོབ་སྟེ། འདོད་པའི་དོན་ཅི་བསྒྲུབ་ཀྱང་ཉེ་བར་འགྱུར་ཅིང་། ཚེ་གཅིག་ལུས་གཅིག་ལ་དངོས་གྲུབ་ཡ་མཚན་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་ཏེ། རྩ་རྒྱུད་གསང་བའི་སྙིང་པོ་ལས། སྐལ་བ་མཉམ་པའི་ཡེ་ཤེས་སྟེ། །གང་གི་གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །ཅེས་པ་དང་། སྒྱུ་འཕྲུལ་མན་ངག་ལམ་གྱི་རིམ་པ་ལས། བདག་ཉིད་ལྷ་དང་མཉམ་སྦྱོར་བས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ཞེས་གསུངས་པས་སོ། །ཞེས་བརྗོད་དོ། །འོ་ན་ལྷ་བསྒོམ་པ་ལ་ཕན་ཡོན་ཆེན་པོ་འདུག་མོད། མ་བསྒོམ་ན་སྐྱོན་ཅི་ཡོད་སྙམ་ན། ཡི་དམ་གྱི་ལྷ་སྤངས་ན། དགེ་བ་གཞན་སྤྱད་ཀྱང་དོན་མེད་པར་འགྱུར་ཅིང་། དད་པ་མེད་པའི་སྟོབས་ཀྱི་དམ་ཚིག་ཉམས་ན། ཀུན་ཏུ་ཉོན་མོངས་པ་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བ་དང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ལམ་ལས་གོལ་ནས། རིགས་ཆད་པའི་གནས་སུ་གྱུར་སྟེ། གསང་བ་སྙིང་པོའི་རྒྱུད་ལས། དད་མེད་ཉམས་ན་ཕུང་བར་འགྱུར་རོ། །ཞེས་པ་དང་། སྒྱུ་འཕྲུལ་རྡོ་རྗེ་ལས་ཀྱི་རིམ་པ་ལས། ལྷ་སྤངས་དགེ་སྤྱད་དོན་མེད་དེ། །གང་ཞིག་ཕྱག་རྒྱ་འདི་སྤངས་ནས། །ཉོན་མོངས་ངན་སོང་གསུམ་དུ་སྐྱེ། བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །བླ་མེད་འགྲོ་བའི་རྒྱུན་ཡང་བཅད། །རིགས་ཆད་ཉིད་དུ་གནས་པར་འགྱུར། །ཞེས་གསུངས་པའི་དོན་གོ་བར་གྱིས་ཤིག །ཅེས་བརྗོད་དོ། །བཅུ་དྲུག་པ་ཚོགས་མཆོད་དང་ཡོན་འབུལ་བ་ནི། ཚོགས་མཆོད་རྒྱ་ཆེན་པོ་བཤམས་ལ། ཚོགས་ཀྱི་ཆོ་ག་རྒྱས་པར་བྱེད། གསང་བ་སྙིང་པོའི་རྒྱུད་ལས། དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དག་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་པའི་དོན་ཁོང་དུ་ཆུད་པར་བྱའོ། །འོན་ཀྱང་ཕྱག་ལེན་དུ་སྐབས་འདིར། གསེར་ཡོན་ཅུང་ཟད་ཕུལ། ཡོན་དངོས་དབང་རྫོགས་པའི་རྗེས་སུ་ཅི་འབྱོར་པ་འབུལ་མོད་ཀྱི། སྐབས་འདིར་མེ་ཏོག་འགྲེམ་བསྡུད་བྱས་ནས་དངོས་སུ་མཎྜལ་དབུལ་ཞིང་། ཡིད་ཀྱི་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ་ཀྱང་ཆོག་པར་བསམ་མོ། །གཉིས་པ་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ནི། གསང་བ་སྙིང་པོའི་རྒྱུད་ལས། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྡང་འཇལ་གཉིས་སམ་ཡང་ན་ལྔ། །བྱས་སྟེ་དད་ལྡན་རབ་ཞུགས་ནས། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་གསུང་། ཞུགས་པའི་ཡོན་ཏན་བཞི་སྟེ། དཀྱིལ་འཁོར་འདིར་ཞུགས་པས། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པའི་ཡོན་ཏན་དང་། ལས་དང་པོ་ལ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཞུགས་པ་ཡིན་ཀྱང་། སྔོན་འོག་མིན་དུ་ཐར་ལམ་པ་ཞུགས་པ་དང་སྐལ་པ་མཉམ་པའི་ཡོན་ཏན་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་འདིར་མོས་པ་ཙམ་ཡང་སྐྱེ་བ་སྔོན་རོལ་ནས། ཡི་དམ་གྱི་ལྷ་བསྙེན་པའི་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱིས་ཉེ་བའི་སྲས་སུ་དགོངས་པར་འགྱུར་བའི་ཡོན་ཏན་དང་། དཀྱིལ་འཁོར་འདིར་ཞུགས་ནས་དམ་ཚིག་མ་ཉམས་ན། ཐུན་མོངས་དང་མཆོག་གི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བའི་ཡོན་ཏན་ནོ། །དང་པོ་ནི་སྒྱུ་འཕྲུལ་རྡོ་རྗེ་ལས་རིམ་ལས། སྒྱུ་འཕྲུལ་དྲ་བར་ལེགས་ཞུགས་པས། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། དཀྱིལ་འཁོར་ཀུན་དུ་ཞུགས་པ་ཡིན། ཞེས་གསུངས་སོ། །གཉིས་པ་ནི། སྒྱུ་འཕྲུལ་བདེ་ཆེན་དཀྱིལ་འཁོར་བཞི། །སྡང་འབྱལ་གཉིས་སམ་ཡང་ན་ལྔ། །བྱས་སྟེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཆོག་ལ་སོགས། །སྔོན་བྱས་པ་དང་མཉམ་པར་འགྱུར། །གསུམ་པ་ནི་རྩ་རྒྱུད་ལེའུ་བཅུ་གསུམ་པ་ལས། གང་ཞིག་འདི་ལ་མོས་འགྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡིས། །ཉེ་བའི་སྲས་སུ་དགོངས་འགྱུར་རོ། །ཞེས་གསུངས་སོ། །བཞི་པ་རྡོ་རྗེ་ལས་རིམ་ལས། རྡོ་རྗེ་འཛིན་པའི་རིགས་ངེས་ཤིང་། །གདོན་རྣམས་བཟློག་ཅིང་ངན་སོང་སྦྱོང་། །ལོང་སྤྱོད་འདུ་བ་རྣམ་པ་གཉིས། །ཡེ་ཤེས་སྤྱན་གྱིས་བཞིན་བསྡུ་ངེས། །དེ་ལ་སོགས་པ་བསམ་ཡས་མཆོག །ཅེས་གསུངས་སོ། །གོང་གི་དཀྱིལ་འཁོར་བསྟན་པའི་སྐབས་སུ། དཀྱིལ་འཁོར་བསྡུས་པ་དང་། རྒྱས་པ། ཚོམ་བུ་ཅིག་གསུམ་ལྔ་པ་ལའང་ལྷ་ངོ་ཅི་རིགས་པར་བསྟན་པར་བྱའོ། །སྤྱི་དོན་གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི། སློབ་བུ་རྣམས་ཀྱིས་དབང་ཕྱུག་དང་། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བྱས་ནས། གུས་པའི་ཚུལ་གྱི། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྩེ་བ་དགོངས་སྟེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་གསལ་བར་མཛོད། །ཅེས་གསོལ་བ་བཏབ་པར་བྱའོ། །དབང་ཕྱུག་གིས། སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །ཞེས་གནང་བ་སྦྱིན་ལ། སྤོས་དང་རོལ་མོ་དང་བཅས་པས་ཀུན་གྱིས་དཀྱིལ་འཁོར་ལ་བསྐོར་ཞིང་། དཀྱིལ་འཁོར་གྱི་ལྷ་ཚོགས་ལ། ཕྱོགས་བཅུ་དུས་བཞིས་བསྟོད་ནས། བེ་ཀཱ་ཀྲ་མ་ཡཾ་གྱིས་སྔགས་དང་། ཕྱག་རྒྱས། གཞལ་ཡས་ཁང་ལྷ་དང་བཅས་པ་མདུན་གྱི་ནམ་མཁར་བཏེགས་ལ། དབང་ཕྱུག་གིས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་གདབ་པར་བྱས་སྟེ། ས་མན་ཛའི་སྔགས་དང་ཕྱག་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མདུན་གྱི་ནམ་མཁའ་ལ་སྦྱན་དྲངས་ལ། ཧོཿ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་ཆེ་སློབ་དཔོན་ཆེ་གེ་མོ་འདི་ཞེས་བྱ་བས་སོགས་པའི་སློབ་བུ་འདི་རྣམས་ལ། སྒྱུ་འཕྲུལ་དྲ་བའི་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། དབང་བསྐུར་དུ་གསོལ། བྱིན་གྱིས་བརླབས་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བསྒྲལ་ནས་ཀྱང་། །བྱིན་བརླབས་དམ་པ་ནོད་པར་བྱའོ། །ཞེས་བརྗོད་ཅིང་དབང་ཕྱུག་དབུ་བརྒྱན་གོན་ལ། དཀྱིལ་འཁོར་གྱི་དྲུང་ངམ་སྟེང་དུ་དབང་ཁྲིར་འདུག་པར་བྱའོ། །གཉིས་པ་དངོས་གཞི་ལ། རྩ་རྒྱུད་ལེའུ་དགུ་པ་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ནས། ཕན་པའི་དབང་སྦྱིན་ནུས་པའི་དབང་། རིམ་པ་བཞིན་དུ་བསྐུར་བ་བྱ། ཅེས་པས་གསུམ་སྟེ། དད་པ་ཅན་ལ་ཕྱི་ཕན་པའི་དབང་བསྐུར་བ་དང་། །བརྩོན་འགྲུས་ཅན་ནང་ནུས་པའི་དབང་བསྐུར་བ་དང་། བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་བསྐུར་བའོ། །དང་པོ་ལ་བཅུ་སྟེ། བུམ་པའི་དབང་བསྐུར་བ་དང་། སྙིང་པོ་ལྔའི་དབང་བསྐུར་བ་དང་། དབུ་བརྒྱན་གྱི༴ ཅོད་པན་གྱི༴ འཕྲེང་བའི༴ གོ་ཆའི༴ རྒྱལ་མཚན་གྱི༴ གདུགས་ཀྱིས༴ བཟའ་བཏུང་གི༴ ཕྱག་རྒྱའི་དབང་བསྐུར་བའོ། །དང་པོ་བུམ་པའི་དབང་ལ། ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། ཅེས་གསུངས་པས་བརྒྱད་སྟེ། རྒྱུ་དང་། རྐྱེན་དང་། ངོ་བོ་དང་། འབྲས་བུ་དང་། གོ་རིམ་དང་། ལས་རིམ་དང་། བུམ་དབང་མ་ཐོབ་པའི་སྐྱོན་དང་། ཐོབ་པའི་ཡོན་ཏན་ནི། དང་པོ་ལ་མཚུངས་རྒྱུ་ནི། རྩ་གནས་རྣམས་ཐིགས་ལེས་གང་བ། བུམ་པའི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། རིགས་རང་རང་གི་ལྷས་རབ་གནས་བྱས་པའི་དབང་རྫས་བུམ་པའོ། །གཉིས་པ་རྐྱེན་ལ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སྐྱེས་བུ་སྟེ། མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །མི་མཐུན་ཕྱོགས་ནི། རྫས་ལ་ཆགས་པ་ཆེ་བ་ནི་ཡི་དྭགས་ཀྱི་རྒྱུའོ། །གཉིད་ཆེ་བ་ནི་གཏི་མུག་སྟེ་བྱོལ་སོང་གི་རྒྱུའོ། །རང་ཕྱོགས་ཆེ་བ་ནི་རྩོད་པའི་རྒྱུའོ། །ཆང་དད་ཆེ་བ་ནི་ཉེས་པ་དུ་མའི་རྒྱུའོ། །ང་རྒྱལ་དང་དྲེགས་པ་ཆེ་བ་ནི། དམ་ཚིག་ཉམས་པའི་རྒྱུའོ། །གཞན་ལ་བསྐུར་པ་འདེབས་པ་ནི་སྒྲིབ་པའི་རྒྱུའོ། །ཕྲག་དོག་ཆེ་བ་ནི་དངོས་གྲུབ་མི་འབྱུང་བའི་རྒྱུའོ། །ལེ་ལོ་ཆེ་བ་ནི་འབྲས་བུ་ཡལ་བའི་རྒྱུའོ། །དམ་ཚིག་ལ་ནན་ཏན་མི་བྱེད་པ་ནི་ཐར་པའི་ལམ་ལ་རིངས་བའི་རྒྱུ་ཡིན་པས་དབང་བསྐུར་དུ་མི་རུང་ངོ་། །གཉིས་པ་མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པ་ནི་གོང་གི་སྐྱོན་རྣམས་ལས་ལོག་པ། དབང་ལ་ནན་ཏན་ཆེ་བ། ལས་ལ་ཡི་རང་བ། དད་པ་བསྟན་པ། རྐྱེན་ཐུབ་པ་སྟེ། ཡོན་ཏན་དེ་རྣམས་དང་ལྡན་ན་རིགས་ངན་དང་། དབུལ་པོ་དང་། ཞ་སྒུར་ལ་སོགས་པ་ལ་དབང་བསྐུར་དུ་རུང་བ་སྟེ། རྒྱུའི་རྐྱེན་ནོ། །གཉིས་པ་དམིགས་པའི་རྐྱེན་ནི། དབང་རྫས་རབ་གནས་དང་ལྡན་པ་ཏེ། ལྷན་ཅིག་བྱེད་པའི་རྒྱུ་རྣམས་ཀྱང་། སྐབས་ཀྱི་སྟོབས་ཀྱིས་རྐྱེན་དུ་འགྱུར་བས། དུས་དང་། གནས་དང་། ཡོ་བྱད་ཚོགས་པའི་ནུས་མཐུ་དང་ལྡན་པའོ། །གསུམ་པ་བདག་པོའི་རྐྱེན་ནི། བུམ་དབང་བསྐུར་ནུས་པའི་བླ་མ་སྟེ། ཡོན་ཏན་བཅུ་དང་ལྡན་པའོ། །གང་ཞེ་ན། ཤེས་རབ་ཆེ་བ། ཏིང་ངེ་འཛིན་གསལ་བ། ནོགས་ཐུབ་པ། ལོག་པའི་དུག་ལྔ་སྤངས་པ། ཡང་དག་པའི་དུག་ལྔ་ཡེ་ཤེས་ལྔ་དང་ལྡན་པ། བླ་མའི་མན་ངག་ཡོད་པ། བརྟུལ་ཞུགས་ཡོད་པ། ལས་ཀྱི་བྱ་བ་ལ་མཁས་པ། བླ་མ་རྒྱུད་པའི་མན་ངག་རྒྱུན་མ་ཆད་པ། རྒྱུད་ལ་གོམས་པ། ལས་སྦྱོར་མང་པོ་མཐོང་བས། ཕྱག་བཞེས་ལ་མཁས་པ། དབང་གི་དངོས་གཞི་ལ་ལྔ་རྫོགས་པ། རང་ལ་ཉམས་མྱོང་ཡོད་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། དབང་སྔ་མ་སྔ་མས་གོ་ཕྱེ་ནས། ཕྱི་མ་ཕྱི་མ་འབྱུང་བའི་རྐྱེན་བྱེད་པ་སྟེ། འཇུག་ཆོག་ཐོབ་པས་གོ་ཕྱེད་སྟེ། བུམ་དབང་ཐོབ་པའི་རྐྱེན་བྱེད་དོ། །གསུམ་པ་དབང་གི་ངོ་བོ་ནི། བུམ་པའི་དབང་ངོ་། བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་དེ། རྣོ་ལ་ངར་བཏགས་པ་ལྟ་བུའོ། །ལས་རིམ་ལས། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཅེས་གསུངས་སོ། །དང་པོ་ལ་སོགས་སེམས་རིགས་ལྔ། །དེ་ལ་སོགས་ཀྱི་མངོན་ནོ། །ལྔ་པ་གོ་རིམ་ནི། ཐོག་མར་བུམ་དབང་བསྐུར་རོ། །དྲུག་པ་ལས་རིམ་པ་ལྔ་སྟེ། བསམ་རྒྱུད་དང་། བསྒྲག་ཚིག་དང་། བསྐུར་གནས་དང་། སྟིམ་གནས་དང་། སྒྲིབ་པ་གང་དག་ནུས་པ་གང་བསྐྱེད་དང་ལྔའོ། །དང་པོ་ནི། བུམ་པ་ལྔའི་ཆུ་ཡེ་ཤེས་ལྔའི་རང་བཞིན་གྱི་ཆུ་རྒྱུན་དུ་བསམ་ལ། གཉིས་པ་སྒྲག་ཚིག་ནི། བུམ་པ་ཟླུམ་པོའི་ཕོ་བྲང་དུ། །སྣོད་བཅུད་མ་ལུས་ཀུན་བསྡུས་ནས། །ཐིག་ལེ་ཆེན་པོར་རྒྱས་གདབ་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ཡིན། །ཧཱུྃ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བྷུདྷ་ཀཱ་ལ༴ ཏྲཾ་རཏྣ་ཀཱ་ལ་ཤ༴ ཧྲིཿཔདྨ་ཀཱ་ལ༴ ཨཱཿཀརྨ་ཀཱ༴ གསུམ་པ་བསྐུར་གནས་ནི། མགོའི་གནས་ལྔར་གཙོ་བོའི་བུམ་པ་ལ་སོགས་གོ་རིམས་མ་ནོར་བར་བུམ་པ་བཞག་ཅིང་བུམ་ཆུ་བླུག །བཞི་པ་བསྟིམ་གནས་ནི། རྩ་གནས་ཀྱི་ཐིག་ལེ་ལ་སྟིམ་མོ། །ལྔ་པ་སྒྲིབ་པ་གང་དག་ནུས་པ་གང་བསྐྱེད་ནི། སྔར་ཕན་ཆད་ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། ཉོན་མོངས་པ་རང་ཁ་མའི་སྒྲིབ་པ་མ་སྤངས་གནས་སུ་དག་ནས། ད་ཕྱིན་ཆད་ཡེ་ཤེས་རྣམ་པ་ལྔའི་ཆུ་རྒྱུན་ལ་ལོངས་སྤྱོད་པའི་ནུས་པ་དངོས་སུ་སྐྱེས་པར་སྒོམ། དྲུག་པ་བདེན་པ་བརྗོད་པ་ནི། ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེག་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་། འཕྲིན་ལས་ཞིང་ཁམས་ཟག་པ་མེད་པ་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་རིགས་ཀྱི་བུ་འདི་རྣམས་ལ། བུམ་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། ཕྱི་ནང་གི་དྲི་མ་ཡོངས་སུ་དག་ནས། བྱང་ཆུབ་ཀྱིས་སེམས་ཡེ་ཤེས་ལྔ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་བུམ་དབང་མ་ཐོབ་པའི་སྐྱོན་དང་། བརྒྱད་པ་ཐོབ་པའི་ཡོན་ཏན་ནི་འོག་ནས་བྱུང་བ་བཞིན། གཉིས་པ་སྙིང་པོ་ལྔ་ཡི་དབང་ལ་བརྒྱད་ཀྱི། དང་པོ་རྒྱུ་ལ་མཚུངས་ལྡན་གྱི་རྒྱུ་ནི། ཁམས་ལྔའི་བཅུད་དམ་རྫས་ལྔའོ། །ལྷན་ཅིག་སྐྱེས་པའི་རྒྱུ་ནི། རིགས་ལྔས་རབ་གནས་བྱས་པའི་སྙིང་པོ་ལྔའོ། །རྐྱེན་བཞི་ལ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སློབ་མ། མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་མཐུན་གྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། དབང་རྫས་རབ་གནས་དང་ལྡན་པ་སྟེ། འཁོར་ལོ་ༀ་གྱིས་མཚན་པ། པདྨ་ཨས་མཚན་པ། རྡོ་རྗེ་ཧཱུཾ་གིས་མཚན་པ་རིན་པོ་ཆེ་ལ་སྭཱས་མཚན་པ། །རལ་གྲི་ཧས་མཚན་པའོ། །གསུམ་པ་བདག་པོའི་རྐྱེན་ནི། སྙིང་པོ་ལྔའི་དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། བུམ་དབང་གིས་གོ་ཕྱེ་ནས་སྙིང་པོ་ལྔའི་དབང་ཐོབ་པའི་རྐྱེན་བྱེད་དོ། །གསུམ་པ་ངོ་བོ་ནི་སྙིང་པོ་ལྔའི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་སྟེ་སྣོ་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། བུམ་པའི་དབང་གི་རྗེས་སུ་སྙིང་པོ་ལྔའི་དབང་བསྐུར་བའོ། །དྲུག་པ་ལས་རིམ་ལས་སྐུའི་བསམ་རྒྱུད་ནི། དབང་ཕྱུག་གི་ཐུགས་ཁའི་ཧཱུཾ་ལས་འོད་འཕྲོས། སློབ་བུའི་སྤྱི་བོར་ཟླ་གདན་ལ་ༀ་དཀར་པོ་བསམ་ལ། སྤ་ར་སཾ་གྱི་སྤྲོ་བསྡུ་བྱས་པས། འཁོར་ལོ་ༀ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། རྣམ་སྣང་དཀར་པོ་འཁོར་ལོ་བསྣམས་པ་བསྐྱེད་པ་སྐུའི་དབང་ཐོབ་པ་བསམ། སྒྲག་ཚིག་ནི། ༀ་བདེ་གཤེགས་སྐུ་ཡི་ངོ་བོ་ལས། མི་ཤིག་རྡོ་རྗེ་རྒྱལ་བའི་གཙོ། སྔགས་དང་ཕྱག་རྒྱས་ལྡན་པ་ཡིས། རྡོ་རྗེ་སྐུ་ཡི་གཙོ་བོར་ཤོག །ༀ་སརྦ་ཏ་ཐ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཞེས་བརྗོད་ཅིང་བསྐུར་གནས་ནི། དཔྲལ་བར་དབང་རྫས་འཁོར་ལོ་ༀ་གྱིས་མཚན་པ་གཏུགས་ལ། སྟིམ་གནས་ནི་མ ཚུངས་ལྡན་གྱི་རྒྱུ་སྟེ། བདུད་རྩི་དྲི་ཆེན་གྱི་ཁམས་ལ་སྟིམ་མོ། །གསུང་གི་བསམ་རྒྱུད་ནི་དབང་ཕྱུག་གི་ཐུགས་ཁའི་ཧཱུཾ་ལས་འོད་འཕྲོས། སློབ་བུའི་མགྲིན་པར་པདྨའི་གདན་ལ་ཨཱ་དམར་པོ་བསམ་ལ། སྤར་སཾ་གི་སྤྲོ་བསྡུ་བྱས་པས། པདྨ་ཨཱཿ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། སྣང་མཐའ་དམར་པོ་པདྨ་བསྣམས་པ་བསྐྱེད་ལ། གསུང་གི་དབང་ཕྱུག་ཐོབ་པར་བསམ། བསྒྲག་ཚིག་ནི། ༀ་བདེ་གཤེགས་གསུང་གི་ངོ་བོ་ལས། མི་ཤིགས་རྡོ་རྗེ་ཆོས་ཀྱི་དབྱིངས། །སྔགས་དང་ཕྱག་རྒྱ་ལྡན་པ་ཡི། །རྡོ་རྗེ་གསུང་གི་གཙོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཞེས་བརྗོད་ཅིང་། བསྐུར་གནས་ནི་ལྕེ་ལ་པདྨ་ༀ་གྱིས་མཚན་པ་གཏུགས་ལ། སྟིམ་གནས་ཁྲག་གི་ཁམས་ལ་སྟིམ་མོ། །ཐུགས་ཀྱི་དབང་གི་བསམ་རྒྱུད་ནི། དབང་ཕྱུག་གི་ཐུགས་ཁའི་ཧཱུཾ་ལས་འོད་འཕྲོས། སློབ་བུའི་སྙིང་ཁར་རྡོ་རྗེ་ཧཱུཾ་གིས་མཚན་པ། སྤ་ར་སཾ་གིས་སྤྲོ་བསྡུ་བྱས་པས། རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། མི་སྐྱོད་པ་མཐིང་ཁ་རྡོ་རྗེ་བསམ་པ་བསྐྱེད་ལ། ཐུགས་ཀྱི་དབང་ཐོབ་པར་བསམ་མོ། །བསྒྲག་ཚིག་ནི། ཧཱུཾ་བདེ་གཤེགས་ཐུགས་ཀྱི་ངོ་བོ་ལས། མི་ཤིག་རྡོ་རྗེ་ཆོས་ཀྱི་དབྱིངས། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེ་ཐུགས་ཀྱི་གཙོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཞེས་བརྗོད་ཅིང་། བསྐུར་གནས་ནི། སྙིང་ཁར་རྡོ་རྗེ་ཧཱུཾ་གི་མཚན་པ་གཏུགས་ལ། བསྟིམ་གནས་བྱང་སེམས་ཀྱི་ཁམས་ལ་བསྟིམ་མོ། །ཡོན་ཏན་གྱི་དབང་གི་བསམ་རྒྱུད་ནི། དབང་ཕྱུག་གི་ཐུགས་ཁའི་ཧཱུཾ་ལས་འོད་འཕྲོས་སློབ་བུའི་ལྟེ་བའི་གཡས་སུ་རིན་པོ་ཆེ་སྭོས་མཚན་པར་བསམ་ལ། སྤར་སཾ་གི་སྤྲོ་བསྡུ་བྱས་ལ། རིན་པོ་ཆེ་ལ་སྭོས་མཚན་པ་ཡོངས་སུ་གྱུར་པ་ལས། རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་བསྣམས་པ་བསྐྱེད་ལ། ཡོན་ཏན་གྱི་དབང་ཐོབ་པར་བསམ། བསྒྲག་ཚིག་ནི། སྭཱཿ མི་འགྱུར་བ་ཡི་ཞིང་ཁམས་ལ། །མ་སྐྱེས་པ་ཡི་འབྲས་བུ་ལས། །མ་བསགས་པའི་ལོངས་སྤྱོད་འབྱུང་། །ཅིར་ཡང་འགྱུར་བ་ཡེ་ཤེས་ཀྱི། །རང་དབང་ཐབས་ཀྱིས་བསྒྱུར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུཉྩ་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། བསྐུར་གནས་ལྟེ་བའི་གཡས་སུ་རིན་པོ་ཆེ་སྭཿམཚན་པ་ལ་གཏུགས་ལ། བསྟིམ་གནས་ཤ་ཆེན་གྱི་ཁམས་ལ་སྟིམ་མོ། །འཕྲིན་ལས་ཀྱི་དབང་གི་བསམ་རྒྱུད་ནི། དབང་ཕྱུག་གི་ཐུགས་ཁའི་ཧཱུཾ་ལས་སློབ་བུའི་ལྟེ་བའི་གཡོན་དུ། རལ་གྲི་ཧས་མཚན་པ་བསམ་ལ། སྤ་ར་སཾ་གི་སྤྲོ་བསྡུ་བྱས་ལ། རལ་གྲི་ཧས་མཚན་པ་ཡོངས་སུ་གྱུར་པ་ལས། དོན་གྲུབ་ལྗང་ཁུ་རལ་གྲི་བསྣམས་པ་བསྐྱེད་ལ། འཕྲིན་ལས་ཀྱི་དབང་ཐོབ་པར་བསམ། བསྒྲག་ཚིག་ནི། ཧཱཿ ཐབས་དང་ཤེས་རབ་གཉིས་མེད་པའི། འདོད་ཆགས་ཆེན་པོའི་ཏིང་འཛིན་ལས། །ལས་དང་དངོས་གྲུབ་ཀུན་སྣང་པ། མ་ལུས་མཉམ་པར་སྦྱོར་བར་ཤོག །ༀ་སརྦ་ཏ་ཐཱ་ཱག་ཏ་མཧཱ་ཨ་ནུ་ར་ག་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། བསྐུར་གནས་ལྟེ་བའི་གཡོན་ཕྱོགས་སུ་རལ་གྲི་ཧས་མཚན་པ་གཏུགས་ལ། བསྟིམ་གནས་དྲི་ཆུའི་ཁམས་ལ་སྟིམ་མོ། །དེ་ལྟར་སྙིང་པོ་ལྔའི་དབང་བསྐུར་བས། སྒྲིབ་པ་གང་དག་ནུས་པ་གང་བསྐྱེད་ན། སྔར་ཕན་ཆད་ཁམས་ལྔ་ལས་བྱུང་པའི་བདུད་རྩི་ལྔ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔས་མ་དག་པའི་སྒྲིབ་པ་དག་ནས། དེ་དག་གི་ངོ་བོར་དག་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ་བརྗོད་པ་ནི། ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་འཕྲིན་ལས་དང་ཞིང་ཁམས་ཟད་མི་ཤེས་པ་མི་ཟད་པ་བརྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པོ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། རིགས་ཀྱི་བུ་འདི་རྣམས་ལ། སྙིང་པོ་ལྔའི་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་འཕྲིན་ལས་ལྔའི་དབང་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་པོ། །བདུན་པ་སྙིང་པོ་ལྔའི་དབང་མ་ཐོབ་པའི་སྐྱོན་ནི། རྩ་རྒྱུད་ཀྱི་ལེའུ་བཅུ་པ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོན་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་གསུངས་སོ། །བརྒྱད་པ་དབང་ཐོབ་པའི་ཡོན་ཏན་ནི། དེ་ཉིད་ལས། དུས་འདི་ཚུན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་གྱུར། །ཅེས་གསུངས་སོ། །གསུམ་པ་དབུ་བརྒྱན་གྱི་དབང་ལ་བརྒྱད་ཀྱི་དང་པོ་རྒྱུ་ལ་མཚུངས་ལྡན་གྱི་རྒྱུ་ནི། རྣམ་ཤེས་ཚོགས་བརྒྱད་དོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། དབུ་བརྒྱན་རིན་ཆེན་འབྱུང་ལྡན་གྱིས་རབ་གནས་ཅན་ནོ། །རྐྱེན་བཞི་ལས་དང་པོ་ནི། རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སློབ་མ་མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། དབུ་བརྒྱན་རབ་གནས་ཅན་ནོ། །གསུམ་པ་བདག་པོའི་རྐྱེན་ནི། དབུ་བརྒྱན་གྱི་དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། སྙིང་པོ་ལྔའི་དབང་གི་གོ་ཕྱེས་ནས་དབུ་བརྒྱན་གྱི་དབང་ཐོབ་པའི་རྐྱེན་བྱེད་དོ། །གསུམ་པ་ངོ་བོ་ནི། དབུ་བརྒྱན་གྱི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་སྟེ་རྣོ་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། སྙིང་པོ་ལྔའི་དབང་གི་རྗེས་སུ་དབུ་བརྒྱན་གྱི་དབང་བསྐུར་བའོ། །དྲུག་པ་ལས་རིམ་ལས། དབུ་བརྒྱན་གྱི་དབང་གི་བསམ་རྒྱུད་ནི། རིན་འབྱུང་གྱིས་རབ་གནས་བྱས་པའི་དབུ་བརྒྱན་དབང་ཕྱུག་གིས་ཐོགས་ལ། ༀ་རཏྣ་མུ་གུ་ཏྲཾ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། ཞེས་སློབ་བུའི་མགོ་ལ་བསྐོན་པས། རིན་པོ་ཆེའི་ཁང་བུ་ལྔ་གདན་དང་བཅས་པ་བསམ། དབང་ཕྱུག་གི་ལག་པ་གཡས་པའི་སོར་མོའི་བྲེ་ཁ་ལྔ་ལ་ཉི་མ་ལ་གནས་པའི་དཔའ་བོ་འབྲུ་ལྔ་དང་། སོར་མོ་གཡོན་པའི་བྲེ་ཁ་ལྔ་ལ་ཟླ་བ་ལ་གནས་པོའི་དཔའ་མོ་འབྲུ་ལྔ་བསྐྱེད། རྡོ་རྗེ་གདམས་པའི་གུང་མོ་གཉིས་སྦྱར་ཞིང་མི་སྐྱོད་པ་ཡབ་ཡུམ་སྦྱོར་བ་མཛད་པར་བསམ་ལ། ཧཱུཾ་བཛྲ་དྷྲིཀ྄ །མུཾ་དྷ་ཏུ་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་པས། སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་མཐིང་ཁ་སློབ་བུའི་སྤྱི་བོར་ཐིམ་པས། གཞི་དོན་གྱི་ཀུན་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་དག་པར་བསམ་ལ། བསྒྲག་ཚིག་ནི། ཧཱུཾ་ཆོས་དབྱིངས་མཉམ་པ་ཆེན་པོ་ལས། ཡེ་ཤེས་གསལ་བ་རྣམ་པར་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །སྐྱོན་མེད་ཆོས་ལ་དབང་ཐོབ་ཤོག །ༀ་མཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། དེ་བཞིན་དུ་འཛུབ་གཉིས་སྦྱར་བ་དང་། ༀ་ཛི་ན་ཛིཀ྄་གི་སྔགས་ཀྱིས། སྣང་མཛད་ཡབ་ཡུམ་གྱི་སྦྱོར་འཚམས་ནས། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དཀར་པོ་དཔྲལ་བར་ཐིམ། སྦྱོར་བ་དོན་གྱི་ཀུན་བཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་དག་པར་བསམ་ལ། ༀ་དག་ཅིང་གསལ་བའི་རང་བཞིན་སྟེ། །སྐྱོན་མེད་སེམས་ཉིད་རིན་པོ་ཆེན། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །སྲིད་པ་གསུམ་ལ་དབང་བསྐུར་ཤོག །ༀ་མ་ཧཱ་ཨ་ཏི་ཤ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། སྲིན་ལག་གཉིས་སྦྱར་བ་དང་། སྭ་རཏྣ་དྷྲིཀ྄་གི་སྔགས་ཀྱིས། རིན་འབྱུང་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་གསེར་གྱིས་མདོག་ཅན་རྣ་ལྟག་གཡས་སུ་ཐིམ་པས། ཉོན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་དག་པར་བསམ་ལ། སྭཱ། ཁམས་གསུམ་རེ་བསྐོངས་རྒྱལ་པོ་དེ། ཡིད་བཞིན་རིན་ཆེན་གཏེར་གྱི་མཆོག། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། འགྲོ་བ་རེ་བསྐོང་རྒྱལ་པོར་ཤོག །ༀ་མ་ཧཱ་ས་མན་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། མཐེབ་ཆེན་གཉིས་སྦྱར་བ་དང་། ༀ་ཨ་རོ་ལིཀ྄་སྔགས་ཀྱིས། མཐའ་ཡས་ཡབ་ཡུམ་གྱིས་བྱང་ཆུབ་སེམས་བྱི་རུའི་མདོག་ཅན་ལྟག་པར་ཐིམ་པས། ཡིད་སོ་སོར་རྟོགས་པའི་ཡེ་ཤེས་སུ་དག་པར་བསམ། ༀ་ཉེས་པའི་སྐྱོན་བྲལ་དྲི་མ་མེད། །སྐྱེ་འགགས་མེད་པའི་དངོས་གྲུབ་གཏེར། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི། །སྲིད་གསུམ་ཉེས་དམིགས་སེལ་བར་ཤོག །ༀ་མཧཱ་པྲ་ཏེ་བེ་ཀྵ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། མཐེའུ་ཆུང་གཉིས་སྦྱར་བ་དང་། ཧ་པྲ་ཛྙཱ་དྷྲིཀ྄་ཏཾ་བཛྲ་ར་ཏི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པའི་སྔགས་ཀྱིས་དོན་གྲུབ་ཡབ་ཡུམ་གྱི་བྱང་སེམས་ལྗང་ཁུ་རྣ་ལྟག་གཡོན་དུ་ཐིམ་པས། སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས་སུ་དག་པར་བསམ་ལ། ཧཱཿ དབྱིངས་ཀྱི་དཀྱིལ་འཁོར་མཐར་ཕྱིན་ཅིང་། །གྲུབ་པ་ལས་ཀྱི་བྱེ་བྲག་ལས། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །སྐྱེ་འགྲོ་དབྱིངས་སུ་སྒྲོལ་བར་ཤོག །ༀ་མ་ཧཱ་ཀྲོ་ཏ་ཨ་ནུ་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། བསྐུར་གནས་མགོ་བོའི་གནས་ལྔར། རིགས་ལྔ་རང་རང་གི་དམ་ཚིག་གི་ཕྱག་རྒྱ་གཏུགས་ལ། བསྟིམ་གནས་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་རིགས་ལྔ་ཡབ་ཡུམ་བསྟིམ་མོ། །དེ་ལྟར་དབུ་བརྒྱན་གྱིས་དབང་བསྐུར་བས། སྔར་ཕན་ཆད་རྣམ་ཤེས་ཚོགས་བརྒྱད་དུ་འཁྲུལ་པའི་སྒྲིབ་པ་དག་ནས། ད་དེ་ཉིད་མ་སྤངས་ཡེ་ཤེས་ལྔར་གསལ་བའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ་དབུ་བརྒྱན་གྱི་དབང་བསྐུར་བས། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་མ་སྤངས་གནས་སུ་དག་ནས་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་སྐྱོན་ནི། །དབང་མ་ཐོབ་ན་ཉན་པ་དང་རྩོམ་པ་ལ་སོགས་ལ་འབྲས་བུ་མེད་ཅིང་བརླག་པར་འགྱུར་རོ། །བརྒྱད་པ་ཡོན་ཏན་ནི། ཚེ་རིང་བདེ་སྐྱེད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །བཞི་པ་ཅོད་པན་གྱི་དབང་ལ་བརྒྱད་ཀྱི་དང་པོ་རྒྱུ་ལ། མཚུངས་ལྡན་གྱི་རྒྱུ་ནི་རྩ་རོ་རྐྱང་གཉིས་སོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་དར་མཐིང་དམར་གྱི་ཅོད་པན་རྡོར་སེམས་དང་མཐའ་ཡས་ཀྱི་རབ་གནས་ཅན་ནོ། །རྐྱེན་བཞི་ལ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སློབ་མ་མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། ཅོད་པན་རབ་གནས་ཅན་ནོ། །གསུམ་པ་བདག་རྐྱེན་ནི། ཅོད་པན་གྱི་དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། དབུ་བརྒྱན་གྱི་དབང་ཐོབ་པར་གོ་ཕྱེ་ནས། ཅོད་པན་གྱི་དབང་ཐོབ་མ་རགས་པའོ། །གསུམ་པ་ངོ་བོ་ནི། ཅོ་པན་གྱི་དབང་ངོ། །བཞི་པ་འབྲས་བུ་ནི་ནུས་པ་དངོས་སུ་བསྐྱེད་པ་སྟེ། རྣོ་ལ་ངར་བ ཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། དབུ་བརྒྱན་གྱི་དབང་གི་རྗེས་སུ། ཅོད་པན་གྱི་དབང་བསྐུར་རོ། །དྲུག་པ་ལས་རིམ་ལ་བསམ་རྒྱུད་ནི། ཅོད་པན་གྱིས་དབང་བསྐུར་བས། གདུགས་པ་ཅན་ཟིལ་གྱིས་གནོན་པ་དང་། ཆོས་ཀྱི་རྒྱལ་སྲིད་ལ་མངའ་མཉེས་པར་བསམ་ལ། བསྒྲགས་ཚིག་ནི། ཧཱུཾ་ཅོད་པན་མི་འགྱུར་དབང་བསྐུར་བས། །ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་དབང་། ཁམས་གསུམ་ཀུན་གྱིས་དབང་ཕྱུག་ཆེ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ༀ་བཛྲ་ཨརྻ་ལམ་པོ་ཏ་ར་ཨ་བྷི་ཥིཉྩ་ཧྲཱིཿ ཧྲཱིཿ བསྐུར་གནས་མགོ་ལ་ཅོད་པཎ་བ ཅིངས། བསྟིམ་གནས། རྩ་རོ་རྐྱང་གཉིས་ལ་སྟིམ། སྔར་ཕན་ཆད་གདུགས་པ་ཅན་ཟིལ་གྱིས་མི་ནོན་ཞིང་ཆོས་ཀྱི་རྒྱལ་སྲིད་ལ་མིདབང་བའི་སྒྲིབ་པ་དག་ནས། །གདུགས་པ་ཅན་ཟིལ་གྱིས་ནོན་ཅིང་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེེས་པའི་ནུས་པ་དངོས་སུ་བསྐྱེད་པར་བསྒོམ་ལ། བདེན་པ༴ ཅོད་པན་གྱི་དབང་བསྐུར་བས། དམར་པོ་གཡོན་ནས་གྱེན་དུ་འཕུར་བས་སྲིད་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་དབང་བྱེད་པ་དང་། མཐིང་ཁ་གཡས་ནས་ཐུར་དུ་འཆང་བས་ཁམས་གསུམ་གྱི་གདུག་པ་ཐམས་ཅད་ཟིལ་གྱི་གནོན་པའི་དབང་དམ་པ་ཐོབ་པར་ཤོག་ཅིག །བདུན་པ་སྐྱོན་ནི། ཉན་དང་བརྩོམས་པ་སོགས་ལ་འབྲས་བུ་མེད་ཅིང་བརླག་པར་འགྱུར་རོ། །བརྒྱད་པ་ཡོན་ཏན་ནི། ཚེ་རིངས་བདེ་སྐྱིད་ལ་སོགས་པ་འབྱུང་ངོ། །ལྔ་པ་འཕྲེང་བའི་དབང་ལ་བརྒྱད་ཀྱི་དང་པོ་རྒྱུ་ལ། མཚུངས་ལྡན་གྱི་རྒྱུ་ནི། ཐེག་ལེ་སུམ་བཅུ་པོ་གཉིས་ཀྱི་གནས་རྩ་ཀུན་དྷར་མའོ། །ལྷན་གཅིག་བྱེད་པའི་རྒྱུ་ནི། ཕྲེང་བ་རིན་འབྱུང་གི་རབ་གནས་ཅན་ནོ། །རྐྱེན་བཞི་ལ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སློབ་མ་མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། ཕྲེང་བ་རབ་གནས་ཅན་ནོ། །གསུམ་པ་བདག་རྐྱེན་ནི། ཕྲེང་བའི་དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། ཅོད་པན་གྱི་དབང་ཐོབ་པས་གོ་ཕྱེས་ནས་ཕྲེང་བའི་དབང་ཐོབ་ལ་མ་རག་པའོ། །གསུམ་པ་ངོ་བོ་ནི་ཅོད་པན་གྱི་དབང་ངོ་། །བཞི་པ་འབྲས་བུ་ནི་ནུས་པ་དངོས་སུ་བསྐྱེད་པ་དེ་རྣོ་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། ཅོད་པན་གྱི་དབང་གི་རྗེས་སུ། ཕྲེང་པའི་དབང་བསྐུར་རོ། །དྲུག་པ་ལས་རིམ་ལ་བསམ་རྒྱུད་ནི། གཟུངས་དང་ཏིང་ངེ་འཛིན་གྱི་དབང་སློབ་བུས་ཐོབ་པར་བསམ་ལ། སྒྲག་ཚིག་ནི། ཏྲཾ་གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས། བྱང་ཆུབ་ཕྱོགས་རྣམས་ཤེས་རབ་བརྒྱན། མི་འཇིགས་སྟོབས་དང་དཔེ་བྱད་མཚན། འབྲས་བུའི་ཆོས་ལ་དབང་བསྐུར་རོ། །ༀ་རཏྣ་མ་ལེ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ། ཞེས་བརྗོད་ཅིང་། བསྐུར་གནས་མགོ་ལ་རིན་པོ་ཆེའི་ཕྲེང་བ་ཕྲ་མིག་དང་ལྡན་པ་བཞག་ལ། བསྟིམ་གནས་ཀུན་དྷར་མའི་ཐིག་གེའི་ཕྲེང་བ་ལ་སྟིམ་མོ། །སྔོན་ཆད་འབྲས་བུའི་ཆོས་ལ་མངའ་མ་བརྙེེས་པའི་སྒྲིད་པ་དག་ནས། ད་གཟུངས་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱི་འབྲས་བུའི་ཆོས་ལ་མངའ་བརྙེེས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ༴ ཕྲེང་བའི་དབང་བསྐུར་བས་མི་བརྗེད་པའི་གཟུངས་དང་གཟུངས་ཀྱི་སྒོ་ལྔ་བརྒྱད་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལ་སོགས་པ་འབྲས་བུའི་ཆོས་ཐམས་ཅད་ལ་དབང་བསྐུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་སྐྱོན་ནི། ཉན་པ་དང་བརྩོན་པ་ལ་སོགས་པ་ལ་འབྲས་བུ་མེད་ཅིང་བརླག་པར་འགྱུར་རོ། །བརྒྱད་པ་ཡོན་ཏན་ནི། ཚེ་རིང་བདེ་སྐྱིད་ལ་སོགས་པ་འབྱུང་ངོ་། །དྲུག་པ་གོ་ཆའི་དབང་ལ་བརྒྱད་ཀྱི་དང་པོ་རྒྱུ་ལ། མཚུངས་ལྡན་གྱི་རྒྱུ་ནི། ལུས་རྩའི་དྲ་བས་ཁྱབ་པའོ། །ལྷན་གཅིག་བྱེད་པའི་རྒྱུ་ནི། གོ་ཆ་དོན་གྲུབ་ཀྱི་རབ་གནས་ཅན་ནོ། །རྐྱེན་བཞི་ལ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་བའི་སློབ་མ་མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། གོ་ཆ་རབ་གནས་ཅན་ནོ། །གསུམ་པ་བདག་རྐྱེན་ནི། གོ་ཆའི་དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། ཕྲེང་བའི་དབང་ཐོབ་པས་གོ་ཕྱེས་ནས་གོ་ཆའི་དབང་ཐོབ་ལ་མ་རགས་པའོ། །གསུམ་པ་ངོ་བོ་ནི། གོ་ཆའི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་དེ་རྣོ་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། ཕྲེང་བའི་དབང་གི་རྗེས་སུ་གོ་ཆའི་དབང་བསྐུར་རོ། །དྲུག་པ་ལས་རིམས་ལ། བསམ་རྒྱུད་ནི། སློབ་བུའི་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཁྱབ་པས་བདུད་དཔུང་ཀྱིས་མི་ཚུགས་པར་བསམ་ལ། བསྒྲག་ཚིག་ནི། ཧཱུཾ་མི་ཤིས་ཡེ་ཤེས་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱི་ཡ་ལད་དེ། །ཁྱབ་པའི་ཚུལ་གྱིས་དྲ་བ་ཡིན། །དབང་མཆོག་དམ་པ་སྦྱིན་པར་བྱ། །ༀ་བཛྲ་རཀྵ་ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་ལུས་ལ་གོ་ཁྲབ་དཀོན་པས། བསྟིམ་གནས་ལུས་རྩའི་དྲ་བས་ཁྱབ་པ་ལ་སྟིམ་མོ། །སྔར་ཕན་ཆད་བདུད་དཔུང་གིས་ཚུགས་པའི་དྲི་མ་དག་ནས། ད་བདུད་དཔུང་ལ་སོགས་ཕས་ཀྱི་རྒོལ་བས་མི་ཚུགས་པའི་ནུས་པ་ཐོག་པར་བསྒོམ་ལ། བདེན་པ༴ གོ་ཆའི་དབང་བསྐུར་བས། བདུད་ཀྱི་དཔུང་ཚོགས་ལ་སོགས་པ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག། བདུན་པ་སྐྱོན་ནི། ཉན་པ་དང་བརྩོམ་པ་ལ་སོགས་པ་ལ་འབྲས་བུ་མེད་ཅིང་བརླག་པར་འགྱུར་རོ། །བརྒྱད་པ་ཡོན་ཏན་ནི། ཚེ་རིང་བདེ་སྐྱིད་ལ་སོགས་པ་འབྱུང་ངོ་། །བདུན་པ་རྒྱལ་མཚན་གྱི་དབང་ལ་བརྒྱད་ཀྱི་དང་པོ་རྒྱུ་ལ། མཚུངས་ལྡན་གྱི་རྒྱུ་ནི་ཕོ་མོའི་དབང་ངོ་། །ལྷན་གཅིག་བྱེད་པའི་རྒྱུ་ནི། རྒྱ་མཚན་རྡོ་རྗེ་སེམས་ཀྱི་རབ་གནས་ཅན་ནོ། །རྐྱེན་བཞི་ལ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སློབ་མ་མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། རྒྱལ་མཚན་རབ་གནས་ཅན་ནོ། །གསུམ་པ་བདག་རྐྱེན་ནི། རྒྱལ་མཚན་གྱི་དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། གོ་ཆའི་དབང་ཐོབ་པས་གོ་ཕྱེས་ནས། རྒྱ་མཚན་གྱི་དབང་ཐོབ་མ་རགས་པའོ། །གསུམ་པ་ངོ་བོ་ནི། རྒྱ་མཚན་གྱི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་དེ་རྣོ་ལ་ངར་བཏགས་པ་ལྟ་བུ འོ། །ལྔ་པ་གོ་རིམ་ནི། གོ་ཆའི་དབང་གི་རྗེས་སུ། རྒྱལ་མཚན་གྱིས་དབང་བསྐུར་རོ། །དྲུག་པ་ལས་རིམས་ལ། བསམ་རྒྱུད་ནི། སློབ་བུས་བདུད་བཞི་ཟིལ་གྱིས་གནོན་ནུས་པའི་དབང་ཐོབ་པར་བསམ་ལ། བསྒྲག་ཚིག་ནི། ཧཱུཾ་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ལོག་པར་ལྟ་བ་ཟིལ་གནོན་མཚན། །ཐམས་ཅད་ཚར་གཅོད་ཡེ་ཤེས་གསུང་། །ཡོན་ཏན་མངོན་འབྱུང་དབང་བསྐུར་རོ། །ༀ་བཛྲ་ཀེ་རུ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་པས། བསྐུར་གནས་ལག་ཏུ་རྒྱ་མཚན་གཏད་ལ། །སྟིམ་གནས་དབང་པོའི་མཆོག་ལ་བསྟིམ། །སྔར་ཕན་ཆད་བདུད་བཞི་ཟིལ་གྱིས་མི་ནོན་པའི་སྒྲིབ་པ་དག་ནས། ད་བདུད་བཞི་ཟིལ་གྱིས་གནོན་ནུས་པའི་ནུས་པ་བསྐྱེད་པར་བསམ། བདེན་པ། རྒྱལ་མཚན་གྱིས་དབང་བསྐུར་བས། བདུད་བཞི་མཐའ་གཉིས་ལས་རྒྱལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་སྐྱོན་ནི། ཉན་པ་དང་བརྩོམ་པ་ལ་སོགས་པ་ལ་འབྲས་བུ་མེད་ཅིང་བརླག་པར་འགྱུར་རོ། །བརྒྱད་པ་དབང་ཐོབ་པའི་ཡོན་ཏན་ནི། ཚེ་རིང་བདེ་སྐྱིད་ལ་སོགས་འབྱུང་བའི་དགོས་པ་ཡོད་དོ། །བརྒྱད་པ་གདུགས་ཀྱི་དབང་ལ། བརྒྱད་ཀྱིས་དང་པོ་རྒྱུ་ལ། མཚུངས་ལྡན་གྱི་རྒྱུ་ལ། མཚུངས་ལྡན་གྱི་རྒྱུ་ནི། ཀླད་པ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་སུམ་བཅུ་སོ་གཉིས་སོ། ལྷན་གཅིག་བྱེད་པའི་རྒྱུ་ནི། གདུགས་རྡོར་སེམས་ཀྱི་རབ་གནས་ཅན་ནོ། །རྐྱེན་བཞི་ལ། རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སློབ་མ་མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། གཉིས་པ་དམིགས་པའི་སྐྱེན་ནི། གདུགས་རབ་གནས་ཅན་ནོ། །གསུམ་པ་བདག་རྐྱེན་ནི། དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་རྐྱེན་ནི། རྒྱལ་མཚན་གྱིས་དབང་ཐོབ་པས་གོ་ཕྱེས་ནས། གདུགས་ཀྱི་དབང་ཐོབ་ལ་མ་རགས་པའོ། །གསུམ་པ་ངོ་བོ་ནི། གདུགས་ཀྱི་དབང་ངོ་། །བཞི་པ་འབྲས་བུ་ནུས་པ་དངོས་སུ་བསྐྱེད་པ་སྟེ། རྣོ་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། རྒྱ་མཚན་གྱི་དབང་གི་རྗེས་སུ། གདུགས་ཀྱི་དབང་བསྐུར་བའོ། །དྲུག་པ་ལས་རིམ་ལ། བསམ་རྒྱུད་ནི། ཐུགས་རྗེའི་སྐྱབས་ཀྱིས་ཉོན་མོངས་པའི་གདུང་བ་བསིལ་བར་བྱེད་པའི་དབང་ཐོབ་པར་བསམ་ལ། བསྒྲལ་ཚིག་ནི། ཧཱུཾ་གཉིས་མེད་ཡེ་ཤེས་རྟོགས་བྲལ་བ། །རྨོངས་སོགས་སེམས་ཕྱིར་རང་བཞིན་སྟོངས། །ལག་འབྱུང་རྒྱུ་འབྲས་མི་གདུངས་བ། །ཐུགས་རྗེ་སྐྱོབ་པར་དབང་བསྐུར་རོ། །ༀ་བཛྲ་ཚ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བསྐུར་གནས་མགོ་བོའི་སྟེང་དུ། །གདུགས་ཕུབ་ལ། བསྟིམ་གནས་གླད་པ་བདེ་ཆེན་རྩ་འདབ་སུམ་བཅུ་པོ་གཉིས་ལ་སྟིམ། ཉོན་མོངས་པའི་ཚད་པས་གདུངས་པའི་སྒྲིབ་པ་དག་ནས། བདེ་བ་ཆེན་པོའི་བསིལ་དང་ལྡན་པར་ནུས་པ་དངོས་སུ་བསྐྱེད་པར་བསྒོམས་ལ། བདེན་པ༴ གདུགས་ཀྱིས་དབང་བསྐུར་བས། བདག་དང་གཞན་གྱི་ཤེས་པའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ཐམས་ཅད་ཀྱི་གདུང་བ་བསིལ་བར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་གཅིག། བདུན་པ་སྐྱོན་ནི། དབང་མ་ཐོབ་ན། ཉན་པ་ལ་སོགས་པ་ལ་འབྲས་བུ་མེད་ཅིང་བརླག་པར་འགྱུར་རོ། །བརྒྱད་པ་ཡོན་ཏན་ནི། ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། དགུ་པ་བཟའ་བཏུང་གི་དབང་ལ་བརྒྱད་ཀྱི་དང་པོ་ལ་རྒྱུ་ལ་མཚུངས་ལྡན་གྱི་རྒྱུ་ནི། ལྕེ་ལ་རོ་འབབ་མ་གནས་པ་ནི། བཟའ་བཏུང་གི་འོ། །ལྷན་གཅིག་བྱེད་པའི་རྒྱུ་ནི། ཞལ་ཟས་ཀྱི་བྲེ་བྲག་རྣམ་སྣང་དུ་བསྐྱེད་པ་བཟའ་བཏུང་གིའོ། །རྐྱེན་བཞི་ལ་རྒྱུའི་རྐྱེ་ནི། དབང་བསྐུར་དུ་རུང་བའི་སློབ་མ་མི་ཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། བཟའ་བཏུང་རབ་གནས་ཅན་ནོ། །གསུམ་པ་བདག་རྐྱེན་ནི། བཟའ་བཏུང་གིས་དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། གདུགས་ཀྱི་དབང་ཐོབ་པས་ཕྱེས་ནས། བཟའ་བཏུང་གི་དབང་ཐོབ་ལ་མ་རགས་པའོ། །གསུམ་པ་ངོ་བོ་ནི། བཟའ་བཏུང་གི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་དེ་རྣོ་ལ་ངར་བཏགས་བ་ལྟ་བུའོ། །ལྔ་པ་གོ་རིམ་ནི། གདུགས་ཀྱི་དབང་གི་རྗེས་སུ་བཟའ་བཏུང་གི་དབང་བསྐུར་རོ། །དྲུག་པ་ལས་རིམ་ལ། བསམ་བརྒྱུད་ནི། སློབ་བུ་འདོད་ཡོན་ཆོས་ཉིད་དུ་སྤྱོད་ནུས་པའི་དབང་ཐོབ་པར་བསམ་ལ། བསྒྲག་ཚིག་ནི། ༀ་བཟའ་དང་བཅའ་དང་བཏུང་ལ་སོགས། །རང་སེམས་རྣམ་དག་བརྒྱན་གྱི་ཕྱིར། །བདེ་དྲོད་རོལ་བས་དབང་བསྐུར་བས། །བདུད་རྩི་ཡིད་བཞིན་སྐུ་འགྲུབ་ཤོག །ༀ་བཛྲ་ཨ་ལི་ཏ་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བསྐུར་གནས། ངག་གི་ལམ་དུ་བཟའ་གཏུང་བྱིན་ལ། བསྟིམ་གནས་ལྕེ་ལ་གནས་པའི་རོ་འབབ་མ་ལ་བསྟིམ་པས། སྔོན་ཆད་འདོད་ཡོན་ཆོས་ཉིད་དུ་སྤྱོད་མི་ནུས་པའི་སྒྲིག་པ་དག་ནས། ད་ལོངས་སྤྱོད་ཆོས་ཉིད་དག་པའི་བརྒྱན་དུ་རིག་ནས། འདོད་ཡོན་ལ་སྤྱོད་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ༴ རིགས་ཀྱི་བུ་ལ་བཟའ་བཏུང་གི་དབང་བསྐུར་བས། འདོད་ཡོན་རྣམ་པ་ལྔ་ཆོས་ཉིད་ཀྱི་བརྒྱན་དུ་རིག་ནས་མ་སྤངས་པར་རོལ་པའི་དབང་དམ་པ་ཐོབ་པར་གྱུར་གཅིག། བདུན་པ་མ་ཐོབ་པའི་སྐྱོན་ནི། ཉན་པ་དང་བརྩོམ་པ་ལ་སོགས་ལ་འབྲས་བུ་མེད་ཅིང་བརླག་པར་འགྱུར་རོ། །བརྒྱད་པ་ཡོན་ཏན་ནི། ཚེ་རིང་བདེ་སྐྱིད་ཕུན་སུམ་འཚོགས་པ་ལ་སོགས་པ་ཐོབ་པར་འགྱུར་རོ། །བཅུ་པ་ཕྱག་རྒྱའི་དབང་ལ་བརྒྱད་ཀྱི་དང་པོ་རྒྱུ་ལ་མཚུངས་ལྡན་གྱི་རྒྱུ་ནི། རྟོགས་ཚོགས་བཞི་བཅུ་རྩ་གཉིས་ལ་སོགས་པའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། ལྷ་ཚོགས་རྣམས་རང་རང་དུ་བསྐྱེད་པར་ཕྱག་རྒྱའི་འོོ། །རྐྱེན་བཞི་ལ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སློབ་མ་མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། །ལྷ་ཚོགས་རྣམས་སོ་སོའི་རབ་གནས་ཅན་ནོ། །གསུམ་པ་བདག་རྐྱེན་ནི། ཕྱག་རྒྱའི་དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། བཟའ་བཏུང་གི་དབང་ཐོབ་པས་གོ་ཕྱེས་ནས་ཕྱག་རྒྱའི་དབང་ཐོབ་མ་རགས་པའོ། །གསུམ་པ་ངོ་བོ་ནི། ཕྱག་རྒྱའི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་ནི་རྣོ་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། བཟའ་བཏུང་གི་དབང་གི་རྗེས་སུ་ཕྱག་རྒྱའི་དབང་བསྐུར་རོ། །དྲུག་པ་ལས་རིམ་ལ་བསམ་རྒྱུད་ནི། རྟོགས་ཚོགས་བཞི་བཅུ་ཞེ་གཉིས་ལ་སོགས་མ་སྤངས་གནས་སུ་དག་པར་བསམ་ལ། བསྒྲག་ཚིག་ནི། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་སྐྱོད་ཡབ་ཡུམ་རང་བཞིན་ལ། །ཏིང་ངེ་འཛིན་ཐུགས་སུ་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་སྔོོན་བྱེད་ཤོག །ཧཱུཾ་བཛྲ་དྷྲིཀ྄ །མུཾ་དྷ་དྷུ་ཤྭ་རི་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། གཟུགས་ཕུང་ས་ཡི་རང་བཞིན་ལ། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །སྣང་མཛད་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སྐུ་རུ་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་ཀུན་བྱེད་ཤོག །ༀ་ཛི་ན་ཛྷིག །ལཾ་ཏེ་ཤྭ་ར་ཏི་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། ཚོར་བ་ཆུ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །འབྱུང་ལྡན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །སྭ་རཏྣ་དྷྲིཀ྄་མཾ་མོ་ཧ་ར་ཏི་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། འདུ་ཤེས་མེ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མཐའ་ཡས་ཡབ་ཡུམ་རང་བཞིན་ལས། །ཏིང་ངེ་འཛིན་གསུམ་དུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་ཀུན་བྱེད་ཤོག །ༀ་ཨ་རོ་ལིག་པྱཾ་ར་ག་ར་ཏི་ས་མ་ཡ སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། འདུ་བྱེད་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །དོན་གྲུབ་ཡབ་ཡུམ་རང་བཞིན་ལས། །ཏིང་ངེ་འཕྲིན་ལས་དབར་བསྐུར་ནས། །དངོས་གྲུབ་ལས་རྣམས་ཀུན་བྱེད་ཤོག །ཧ་པྲཛྙ་དྷྲིག་ཏཾ་བཛྲ་ར་ཏི་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། རེག་ཤེས་རྟགས་པ་མ་སྐྱེས་སེམས། །གཤིན་རྗེ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་ཐར་བྱེད་ཤོག །ༀ་ཡ་མན་ཏ་ཀྲིད་ཧཱུཾ་ཕཊ། མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། རེག་དབང་ཆད་པ་མ་སྐྱེས་སེམས། སྟོབས་ཆེན་ཡབ་ཡུམ་རང་བཞིན་ལས། ཏིང་འཛིན་འཇོམས་པར་དབང་བསྐུར་ནས། གདུལ་བྱ་མ་ལུས་ཐར་བྱེད་ཤོག །ༀ་པྲཛྙ་ཏ་ཀྲི་ཏ་ཧཱུཾ་ཕཊ། མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། རེག་ཡུལ་བདག་འཛིན་མ་སྐྱེས་སེམས། །རྟ་མགྲིན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་ཐར་བྱེད་ཤོག །ༀ་པདྨ་ཏ་ཀྲི་ཏ་ཧཱུཾ་ཕཊ། མ་ཧཱ་པདྨ་དྷ་ར་མཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ་ཨ་བྷི་ཥིཉྩ་ཧཱུཾ། རེག་པ་མཚན་འཛིན་མ་སྐྱེས་སེམས། །བདུད་རྩི་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་འཇོམས་པར་དབང་བསྐུར་བས། །གདུལ་བྱ་མ་ལུས་ཐར་བྱེད་ཤོག །ༀ་བིག་ནན་ཏ་ཀྲིཏ་ཧཱུཾ་ཕཊ། མཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང་བསྐུར་གནས་མགོ་འམ་སྙིང་ཁར་ལྷ་བཅོ་བརྒྱད་ཀྱི་སྐུ་ཙཀ་ལི་ལ་སོགས་པས་དབང་བསྐུར་ལ། བསྟིམ་གནས། ལྷ་ཚོགས་རྣམས་རང་གི་རྟོགས་ཚོགས་ལ་བསྟིམ་པས། རྟོགས་ཚོགས་བཅྭ་བརྒྱད་རང་ཁ་མའི་སྒྲིབ་པ་དག་ནས། སྐུ་དང་ཡེ་ཤེས་བཅྭ་བརྒྱད་དུ་རང་སྣང་བའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ༴ །རིགས་ཀྱི་བུ་ཁྱོད་རྣམས་ལ་ཕྱག་རྒྱའི་དབང་བསྐུར་བས། རྟོག་པ་བཅྭ་བརྒྱད་མ་སྤངས་གནས་སུ་དག་ནས། སངས་རྒྱས་བཅ་ོབརྒྱད་ཀྱི་ངོ་བོ་ཉིད་མངོན་དུ་གྱུར་སྟེ། སྣང་བ་རྣམ་པར་འབྱེད་པའི་ཏིང་འཛིན་གོམ་པའི་དབང་དང་ལྡན་པར་གྱུར་ཅིག །བདུན་པ་སྐྱོན་ནི། ཉན་པ་དང་རྩོམ་པ་ལ་སོགས་པ་ལ་དོན་མེད་ཅིང་འབྲས་བུ་བརླག་པར་འགྱུར་རོ། །བརྒྱད་པ་ཡོན་ཏན་ནི། ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས་པར་འགྱུར་རོ་། །དེ་དག་ནི་ཞི་བའི་དཀྱིལ་འཁོར་བསྡུས་པའི་ཕྱག་རྒྱའི་དབང་བཅྭ་བརྒྱད་དོ། །ཞི་བའི་དཀྱིལ་འཁོར་འབྲིང་པོའི་ཕྱག་རྒྱའི་དབང་ལ། རྒྱུ་རྐྱེན་ངོ་བོ་འབྲས་བུས་གོ་རིམས་ལྔ་གོང་དང་མཚུངས་ལ། དྲུག་པ་ལས་རིམ་ལ་བསམ་རྒྱུད་ནི། རྟོགས་ཚོགས་བཞི་བཅུ་ཞེ་གཉིས་མ་སྤངས་གནས་སུ་དག་པར་བསམ་ལ། བསྒྲག་ཚིག་ནི། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བ སྐྱོད་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཧཱུཾ་བཛྲ་དྷྲིག །མུཾ་དྷ་དྷུ་ཤྭ་རི་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། གཟུགས་ཕུང་ས་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །སྣང་མཛད་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སྐུ་རུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་ཀུན་བྱེད་ཤོག །ༀ་ཛི་ན་ཛྷིཀ྄་ལམ་ཏེ་ཤྭ་ར་ཏི་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། ཚོར་བ་ཆུའི་ངོ་བོ་ཉིད། སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །འབྱུང་ལྡན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །སྭ་རཏྣ་དྷྲིཀ་མཾ་མོ་ཧཱ་ར་ཏི་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། འདུ་ཤེས་མེའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མཐའ་ཡས་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་གསུང་དུ་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་ཀུན་བྱེད་ཤོག །ཨཾ་ཨ་རོ་ལིཀ྄་པྱཾ་ར་ག་ར་ཏི་ས་མ་ཡ་སྟྭཾ། ཨ་བྷི་ཥེཉྩ་ཧཱུཾ། འདུ་བྱེད་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེམས་པ། །དོན་འགྲུབ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་ཀུན་བྱེད་ཤོག །ཧ་པྲཛྙཱ་དྷྲི ཀ྄་ཏཾ་བཛྲ་ར་ཏི་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། མིག་གཟུགས་མཚན་ཉིད་མ་སྐྱེས་པ། །ས་སྙིང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔའ་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵི་ཧི་ར་ཙ་ཡ། ཧཱུཾ་ལ་སྱེ་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། སྣ་དྲི་སེམས་ཕྱིར་མ་སྐྱེས་པ། །ནམ་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔའ་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཏྲཾ་ཨ་གརྦྷ་ཡ་ཏྲཾ་མ་ལེ་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། ལྕེ་རོ་སེམས་ཕྱིར་མ་སྐྱེས་པ། །སྤྱན་རས་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧྲི་ཧ་ཧཱུཾ་པདྨ་པ་ཏ་མ། ཧྲཱིཿགིཏྟི་ར་ག་ཡ་མི། ཨ་བྷི་ཥིཉྩ་ཧཱུཾ། རྣ་སྒྲ་སེམས་ཕྱིར་མ་སྐྱེས་པ། །ཕྱག་རྡོར་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔའ་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཛྷི་ཀུ་རུ་པ་ནི་ཧྲཱིཿ ཨ། ནིརྟི་ར་ག་ཡ་མི་ཨ་བྷི་ཥིཉྩ་ཧཱུཾ། མིག་དབང་འདས་དུས་མ་སྐྱེས་པ། །བྱམས་པ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མེ་དྷར་ནི་སྭཱ་ཧཱ། ཛཿདྷུཔྤེ་པྲ་བེ་ཤ་ཡ། ཨ་བྷི་ཥིཉྩ་ཧཱུཾ། རྣ་དབང་ད་ལྟ་མ་སྐྱེས་པ། །སྒྲིབ་སེལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔའ་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཐླྷིཾ་ནི་ས་རཾ་ས་ཡ་ཧཱུཾ་པུཥྤེ་ཨ་བྷེ་ཤ་ཡ། ཨ་བྷི་ཥིཉྩ་ཧཱུཾ། ལྕེ་དབང་མ་འོངས་མ་སྐྱེས་པ། །ཀུན་བཟང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧཱུྃ་སྭ་ར་ཙ་ཡ། བཾ་ཏི་པཾ་སུ་ཀི་ནི། ཨ་བྷི་ཥིཉྩ་ཧཱུཾ། སྣ་དབང་མ་སྐྱེས་མ་ངེས་སེམས། །འཇམ་དཔལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མུཾ་ཤྲི་ཨ་རཾ་ག་ཡ། ཧོ་གྷནྡེ་ཙིཏྟ། ཨ་བྷི་ཥིཉྩ་ཧཱུཾ། རེག་ཤེས་རྟག་པ་མ་སྐྱེས་སེམས། །གཤིན་རྗེ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །གདུལ་བྱ་མ་ལུས་ཐར་བྱེད་ཤོག །ༀ་ཡ་མན་ཏ་ཀྲིད་ཧཱུཾ་ཕཊ། མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། རེག་དབང་ཆད་པ་མ་སྐྱེས་སེམས། །སྟོབས་ཆེན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་ད པའི་དབང་༴ གདུལ་བྱ་མ་ལུས་མ ཐར་བྱེད་ཤོག །ༀ་པྲ་ཛྙཱ་ཏ་ཀྲིད་ཧཱུཾ་ཕཊ། མ་ཧཱ་བཛྲ་དྷ་ར་མཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨ་བྷི་ཥིཉྩཱ་ཧཱུཾ། རེག་ཡུལ་བདག་འཛིན་མ་སྐྱེས་སེམས། །རྟ་མགྲིན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྐུར་བས། །གདུལ་བྱ་མ་ལུས་ཐར་བྱེད་ཤོག །ༀ་པདྨ་ཏ་ཀྲིད་ཧཱུཾ་ཕཊ། མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། རེག་པ་མཚན་འཛིན་མ་སྐྱེས་སེམས། །བདུད་རྩི་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་ད པར༴ གདུལ་བྱ་མ་ལུས༴ བིག་ནན་ཏ་ཀྲིད་ཧཱུཾ་ཕཊ། མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ཡིད་ནི་རང་རིག་མ་སྐྱེས་སེམས། །ཀུན་ཏུན་བཟང་པོའི་རང་བཞིན་ལས། །ཏིང་འཛིན་འཛོམས་བྱེད་དབང་བསྐུར་བས། །མ་ལུས་ཀུན་གྱིས་བྱེད་པར་ཤོག །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་བྷི་ཥིཉྩ༴ ཆོས་ནི་དེ་བཞིན་མ་སྐྱེས་པ། །ཀུན་ཏུ་བཟང་མོའི་རང་བཞིན་ལས། །ཏིང་འཛིན་བྱ་བར་དབང་བསྐུར་ནས། །མ་ལུས་ཀུན་གྱི་བྱ་བར་ཤོག །ཨ་ཨ་ཨ། བཛྲ་བ་ཏྲ་པ་མན་ཏ། ཨ་བྷི་ཥིཉྩ་ཧཱུཾ། ང་རྒྱལ་སེམས་ཕྱིར་མ་སྐྱེས་པ། །བརྒྱ་བྱིན་དབང་པོའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བས། །འགྲོ་བ་ལྷ་མིན་འདུལ་བར་ཤོག །ༀ་མུ་ནེ་ཀྲེཾ་སྭ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཁོང་ཁྲོ་སེམས་ཕྱིར་མ་སྐྱེས་པ། །ཐག་བཟང་རིས་ཀྱི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བས། །འགྲོ་བ་ལྷ་མིན་འདུལ་བར་ཤོག །ༀ་མུ་ནེ་བྲེཾ་སྭ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ང་རྒྱལ་སེམས་ཕྱིར་མ་སྐྱེས་པ། །ཤཱཀྱ་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བས། །འགྲོ་བ་མི་རྣམས་འདུལ་བར་ཤོག །ༀ་མུ་ནེ་ཏྲུཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཏི་མུག་སེམས་ཕྱིར་མ་སྐྱེས་པ། །སེང་གེ་རབ་བརྟན་རང་བཞིན་ལས། །ཏིང་འཛིན་ཐུབ་པས་དབང་བསྐུར་བས། །འགྲོ་བ་བྱོལ་སོང་འདུལ་བྱེད་ཤོག །ༀ་མུ་ནེ་བྲཾ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། འདོད་ཆགས་སེམས་ཕྱིར་མ་སྐྱེས་པ། །ཁ་འབར་དྷེ་བའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བས། །འགྲོ་བ་ཡིད་དྭགས་འདུལ་བར་ཤོག །ༀ་མུ་ནེ་ཀྵཾ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཞེ་སྡང་སེམས་ཕྱིར་མ་སྐྱེས་པ། །གཤིན་པོ་རྗེ་ཡི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བས། །འགྲོ་བ་དམྱལ་བ་འདུལ་བྱེད་ཤོག །ༀ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཅེས་བརྗོད་ཅིང་བསྐུར་གནས་མགོའམ་སྙིང་ཁར་ལྷ་བཞི་བཅུ་རྩ་གཉིས་གྱི་སྐུ་ཙཀྐ་ལི་ལ་སོགས་པས་དབང་བསྐུར་ལ། བསྟིམ་གནས་ལྷ་ཚོགས་རྣམས་རང་རང་གི་རྟོག་ཚོགས་ལ་སྟིམ་པས། རྟོགས་ཚོགས་བཞི་བཅུ་རྩ་གཉིས་རང་ཁ་མའི་སྒྲིབ་པ་དག་ནས། སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་སྣང་བའི་ནུས་པ་དངོས་སུ་བསྐྱེད་པར་བསྒོམས་ལ། བདེན་པ༴ རིགས་ཀྱི་བུ་ཁྱོད་རྣམས་ལ་ཕྱག་རྒྱའི་དབང་བསྐུར་བས། རྟོགས་པ་བཞི་བཅུ་རྩ་གཉིས་མ་སྤངས་གནས་སུ་དག་ནས། སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་ངོ་བོ་ཉིད་མངོན་དུ་གྱུར་སྟེ། སྣང་བ་རྣམ་པར་འབྱེད་པའི་ཏིང་འཛིན་གོམས་པའི་དབང་དང་ལྡན་པར་གྱུར་ཅིག །བདུན་པ་སྐྱོན་དང་། བརྒྱད་པ་ཡོན་ཏན་ནི་གོང་དང་མཚུངས་སོ། དེ་དག་ནི་ཞི་བའི་དཀྱིལ་འཁོར་འབྲིང་པོའི་ཕྱག་རྒྱའི་དབང་ངོ། ཞི་བའི་དཀྱིལ་འཁོར་རྒྱས་པའི་ཕྱག་རྒྱའི་དབང་ལ། རྒྱུ་རྐྱེན། ངོ་བོ། འབྲས་བུ་གོ་རིམས་དང་ལྔ་གོང་དང་མཚུངས་སོ། །དྲུག་པ་ལས་རིམ་ལ། བསམ་རྒྱུད་ནི། རྟོག་ཚོགས་ཐམས་ཅད་མ་སྤངས་གནས་སུ་དག་པར་བསམ་ལ། བསྒྲག་ཚིག་ནི། ཡིད་ཆོས་རང་རིག་མ་སྐྱེས་སེམས། །ཀུན་བཟང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་བྱེད་པོར་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་ཀུན་བྱེད་ཤོག །ཧཱུཾ་བཛྲ་ཙ ིཏྟ་ཧཱུཾ། ཨ་ཨ་ཨ་བཛྲ་ས་མན་ཏ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་ཤེས་རྣམ་ཤེས་རྟོག་པ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །རྡོ་རྗེ་སེམས་དཔའི་རང་བཞིན་ལ། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམ་མངོན་བྱེད་ཤོག །ནམ་མཁའ་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །ནམ་མཁའ་དབྱིངས་ཕྱུག་རང་བཞིན་ལས། །དངོས་གྲུབ༴ ཧཱུཾ་བཛྲ་དྷྲིཀ྄་མུཾ་ད་ཏུ་ཤྭ་རི། ཨ་བྷི་ཥིཉྩ་ཧཱུཾ། རྣམ་ཤེས་གཟུགས་ཀྱི་རྟོག་པ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །རྡོ་རྗེ་སེམས་དཔའི་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ནམ་མཁའ་ས་ཡི་རྟོག་པ་ཉིད། །སེམས་ཕྱིར་མཚན་ཉིད༴ བརྟན་མ་རྡོ་རྗེ་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་ཀུན་བྱེད་ཤོག །ༀ་སརྦ་བཛྲ་ཧཱུཾ། ༀ་ཏིཥྛ་བཛྲ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུྃ། རྣམ་ཤེས་ཚོར་བའི་རྟོག་པ་ཉིད། །སེམས་ཕྱིར་མཚན་ཉིད༴ རིན་ཆེན་རྡོ་རྗེ་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་ལ་མངོན༴ ནམ་མཁའི་ཆུ་ཡི་ངོ་བོ་ཉིད། །སེམས་ཕྱིར༴ འབར་མ་རྡོ་རྗེའི་རང་བཞིན་ལས། །ཏིང་འཛིན་ཐུགས་སུ༴ དངོས་གྲུབ་ལས་རྣམས༴ ༀ་རཏྣ་བཛྲ་ཧཱུྃཾ། ༀ་ཛྭ་ལ་བཛྲ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་ཤེས་འདུ་ཤེས་ངོ་བོ་ཉིད། །སེམས་ཕྱིར༴ ཆོས་ཀྱི་རྡོ་རྗེའི་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ནམ་མཁའ་མེའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །སྡུད་མ་རྡོ་རྗེའི་ལས༴ ཏིང་འཛིན་ཐུགས་སུ་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་དྷརྨ་བཛྲ་ཧཱུྃ། ༀ་པ་ཏྲ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུཾ། རྣམས་ཤེས་འདུ་བྱེད་རྟོག་པ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །ལས་ཀྱི་རྡོ་རྗེའི་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྒྱུར་བས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ནམ་མཁའ་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ སྐྱོད་མ་རྡོ་རྗེའི་རང་བཞིན་ལས། །ཏིང་འཛིན་ཐུགས་སུ༴ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་ཀརྨ་བཛྲ་ཧཱུྃ། ༀ་ཙཀ྄་ལ་བཛྲ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གཟུགས་ཕུང་རྣམ་ཤེས་ངོ་བོ་ཉིད། །སེམས་ཕྱིར་མཚན༴ རྣམ་པར་སྣང་མཛད་རང་བཞིན་ལས། །ཏིང་འཛིན་སྐུ་རུ་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ས་ཡི་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར༴ སངས་རྒྱས་སྤྱན་མའི་རང་བཞིན་ཉིད། །ཏིང་འཛིན་སྐུ་རུ༴ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་ཛི་ན་ཛྷིག །ལཾ་ཏེ་ཤྭ་ར་ཏི། ཨ་བྷི་ཥིཉྩ་ཧཱུཾ། གཟུགས་ཕུང་གཟུགས་ཀྱི་རྟོགས་པ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། ། རྡོ་རྗེ་རྒྱལ་པོའི་རང་བཞིན་ལས། །ཏིང་འཛིན་སྐུ་རུ་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས༴ ས་ཡི་ས་ཡི་རྟོག་པ་ཉིད། སེམས་ཕྱིར༴ རྡོ་རྗེ་བདུག་སྤོས་རང་བཞིན་ཉིད། །ཏིང་འཛིན་སྐུ་རུ་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས༴ ༀ་བཛྲ་ར་ཙ་ༀ། བཛྲ་དྷུ་པེ་ༀ། ཨ་བྷི་ཥིཉྩ་ཧཱུཾ། གཟུགས་ཕུང་ཚོར་བའི་རྟོགས་པ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །རིན་ཆེན་སེམས་དཔའི་རང་བཞིན་ལས། །ཏིང་འཛིན་སྐུ་རུ་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམ་མངོན་བྱེད་ཤོག །ས་ཡི་ཆུ་ཡི་རྟོགས་པ་ཉིད། །སེམས་ཕྱིར༴ རྡོ་རྗེ་སྒེག་མོའི་རང་བཞིན་ལས། །ཏིང་འཛིན་སྐུ་རུ༴ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་བཛྲ་ས་ཏྭ་ༀ། ༀ་བཛྲ་ལ་སྱེ་ༀ། ཨ་བྷི་ཥིཉྩ་ཧཱུྃ། གཟུགས་ཀྱི་འདུ་ཤེས་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ རྡོ་རྗེ་ཆགས་པའི་རང་བཞིན་ལས། །ཏིང་འཛིན་སྐུ་རུ༴ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ས་ཡི་མེ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །རྡོ་རྗེ་ལྕགས་ཀྱུའི་རང་བཞིན་ལས། །ཏིང་འཛིན་སྐུ་རུ༴ དངོས་གྲུབ་ལས་རྣམས་མངོན་བྱེད༴ ༀ་བཛྲ་ར་ག་ༀ། ༀ་བཛྲ་ཨངྐུ་ༀ། ཨ་བྷི་ཥིཉྩ་ཧཱུཾ། གཟུགས་ཀྱི་འདུ་བྱེད་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ རྡོ་རྗེ་ལེགས་པའི་རང་བཞིན་ལས། །ཏིང་འཛིན་སྐུ་རུ༴ དངོས་གྲུབ་ལས་རྣམས༴ ས་ཡི་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །རྡོ་རྗེ་སྒྲོལ་མའི་རང་བཞིན་ལ། །ཏིང་འཛིན་སྐུ་རུ་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས༴ །བཛྲ་ས་དྷུ་ༀ། ༀ་བཛྲ་དེ་ཤྭ་ར་ཏི་ༀ། ཨ་བྷི་ཥིཉྩ༴ ཚོར་བའི་རྣམ་ཤེས་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །རིན་ཆེན་འབྱུང་ལྡན་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཆུ་ཡི་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར༴ །མ་མ་ཀིའི་རང་བཞིན་ལས། །ཏིང་བཛིན་ཡོན་ཏན་དབང་༴ །དངོས་གྲུབ་ལས་རྣམས༴ །སྭ་རཏྣ་དྷྲིཀ྄ །མཾ་མོ་ཧ་ར་ཏི། ཚོར་བ་གཟུགས་ཀྱི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །རྡོ་རྗེ་རིན་ཆེན་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཆུ་ཡི་ས་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ །རྡོ་རྗེ་ཕྲེང་བའི་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་༴ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །བཛྲ་རཏྣ་ཏྲཾ། བཛྲ་མ་ལེ་ཏྲཾ། ཨ་བྷི་ཥིཉྩ་ཧཱུཾ། ཚོར་བའི་ཚོར་བའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །རྡོ་རྗེ་ཉི་མའི་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཆུ་ཡི་ཆུ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ རྡོ་རྗེ་མེ་ཏོག་རང་བཞི ན་ལས། །ཏིང་འཛིན་ཡོན་ཏན་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་སུཪྱ་ཏྲཾ། ༀ་བཛྲ་པུཥྤེ་ཏྲཾ། ཨ་བྷི༴ ཚོར་བའི་འདུ་ཤེས་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ རྡོ་རྗེ་རྒྱལ་མཚན་རང་བཞི ན་ལས། །ཏིང་འཛིན་ཡོན་ཏན་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཆུ་ཡི་མེ་ཡི་ངོ་བོ་ཉིད། སེམས་ཕྱིར་མཚན་ཉིད་མ༴ རྡོ་རྗེ་ཞགས་པའི་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་བཛྲ་ཀེ་ཏུ་ཏྲཾ། བཛྲ་པ་ཤ་ཏྲཾ། ཨབྷི༴ ཚོར་བ་འདུ་བྱེད་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ༴ རྡོ་རྗེ་གཞད་པའི་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་མངོན་བྱེད༴ ཆུ་ཡི་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ རྡོ་རྗེ་བདེ་བའི་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན༴ ༀ་བཛྲ་ཧ་པ་ཏྲཾ། ༀ་བཛྲ་ར་ཏི་ཏྲཾ། ཨ་བྷི་ཥིཉྩ་ཧཱུཾ། འདུ་ཤེས་རྣམ་ཤེས་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །ཏིང་འཛིན་གསུང་དུ་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །མེ་ཡི་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ གོས་དཀར་མོ་ཡི་རང་བཞིན་ལས། །ཏིང་འཛིན་གསུང་དུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་ཨ་རོ་ལིཀ྄་པྱཾ་ར་ག་ར་ཏི། ཨ་བྷི་ཥིཉྩ་ཧཱུ། འདུ་ཤེས་གཟུགས་ཀྱི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ རྡོ་རྗེ་ཆོས་ཀྱི་རང་བཞིན་ལས། །ཏིང་འཛིན་གསུང་དུ་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས༴ མེ་ཡི་ས་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །རྡོ་རྗེ་དབྱངས་མའི་རང་བཞི ན་ལས། །ཏིང་འཛིན་གསུང་དུ་དབང་བསྐུར་ནས། །དངོས་གྲུབ་ལས༴ །ༀ་བཛྲ་དྷརྨ་ཧྲཱིིཿ ༀ་བཛྲ་གིརྟི་ཧྲཱིིཿ ཨ་བྷི་ཥིཉྩ་ཧཱུཾ། འདུ་ཤེས་ཚོར་བའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ༴ རྡོ་རྗེ་རྣོན་པོའི་རང་བཞིན་ལས། །ཏིང་འཛིན་གསུང་དུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད༴ མེ་ཡི་ཆུ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན༴ རྡོ་རྗེ་སྒྲོལ་མའི་རང་བཞིན་ལས། །ཏིང་འཛིན་གསུང་དུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་བཛྲ་ཏིག་ཎ་ཧྲཱིིཿ ༀ་བཛྲ་ཨ་ལོ་ཀེ་ཧྲཱིིཿ ཨ་ཥིཉྩ༴ འདུ་ཤེས་འདུ་ཤེས་ངོ་བོ་ཉིད། །སེམས་ཕྱིར༴ རྡོ་རྗེ་ཁྲོ་བོའི་རང་བཞིན་ལས། །ཏིང་འཛིན་གསུང་དུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །མེ་ཡི་མེ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ རྡོ་རྗེ་ལྕགས་སྒྲོག་རང་བཞིན་ལས། ཏིང་འཛིན་གསུང་དུ༴ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་བཛྲ་ཙཀྲ་ཧྲཱིིཿ ༀ་བཛྲ་སྥོ་ཏྲ་ཧྲཱིིཿ ཨ་བྷི༴ འདུ་ཤེས་འདུ་ཤེས་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །རྡོ་རྗེ་སྨྲ་བའི་རང་བཞིན་ལས། །ཏིང་འཛིན་གསུང་དུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །མེ་ཡི་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ༴ རྡོ་རྗེ་གསལ་ཀྲའི་རང་བཞིན་ལས། །ཏིང་འཛིན་གསུང་དུ་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་བཛྲ་པ་ཤ་ཧྲཱིིཿ ༀ་བཛྲ་ཨ་ལོ་ཀེ་ཧྲཱིིཿ ཨ་བྷི་ཥིཉྩ་ཧཱུཾ། འདུ་བྱེད་རྣམ་ཤེས་ངོ་བོ་ཉིད། སེམས་ཕྱིར་མཚན་ཉིད་མ༴ དོན་ཡོད་གྲུབ་པའི་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་རྫོགས་ཤོག །རླུང་གི་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ དམ་ཚིག་སྒྲོལ་མའི་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས༴ །ཧ་པྲཛྙ་དྷྲིག །ཏཾ་བཛྲ་ར་ཏྲི། ཨ་བྷི་ཥི་ཉྩ་ཧཱུཾ། འདུ་བྱེད་གཟུགས་ཀྱི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ༴ རྡོ་རྗེ་ལས་ཀྱི་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས༴ །རླུང་གི་ས་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ །རྡོ་རྗེ་གར་བསྒྱུར་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས༴ ༀ་བཛྲ་ཀརྨ་ཧ། ༀ་བཛྲ་ནིཏྟི་ཧ། ཨ་བྷི་ཥིཉྩ་ཧཱུཾ། འདུ་བྱེད་ཚོར་བའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །རྡོ་རྗེ་བསྲུང་པའི་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས༴ རླུང་གི་ཆུ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ༴ རྡོ་རྗེ་དྲི་ཆབ་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་བཛྲ་རཀྵ་ཧ། ༀ་བཛྲ་གནྡྷེ་ཧ། ཨ་བྷི་ཥིཉྩ་ཧཱུཾ། འདུ་བྱེད་འདུ་ཤེས་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ༴ རྡོ་རྗེ་གནོད་སྦྱིན་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་བསྒྱུར༴ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །རླུང་གི་མེ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ༴ རྡོ་རྗེ་དྲིལ་བུའི་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་༴ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་བཛྲ་ཡཀྵ་ཧ། ༀ་བཛྲ་གནྡྷེ་ཧོ། ཨ་བྷི་ཥིཉྩ་ཧཱུཾ། འདུ་བྱེད་འདུ་བྱེད་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད༴ རྡོ་རྗེ་ཁུ་ཚུར་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །རླུང་གི་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ༴ རྡོ་རྗེ་འབེབས་པའི་རང་བཞིན་ལས། །ཏིང་འཛིན་འཕྲིན་ལས་དབང་བསྒྱུར༴ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་བཛྲ་སན་དྷི་ཧ། ཨོཾ་བཛྲ་ཨ་བེ་ཤ་ཨ། ཨ་བྷི་ཥིཉྩ༴ བྱང་ཆུབ་སེམས་དཔའ་ཡབ་ཡུམ་བཅུ་དྲུག་ཀུན་བཟང་ཡབ་ཡུམ་གཉིས། ཐུབ་པ་དྲུག །ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱི་ཙ་ཀ་ལི་རྣམས་གོང་དཀྱིལ་འཁོར་འབྲིང་པོའི་སྐབས་ནས་བླངས་ལ་སྐབས་འདིར་བསྐུར་རོ། །བསྐུར་གནས་མགོ་བོའམ་སྙིང་ཁ། བསྟིམ་གནས་ལྷ་ཚོགས་རྣམས་རང་རང་གི་རྟོག་ཚོགས་ལ་སྟིམ་པས། རྟོག་ཚོགས་རང་ཁ་མའི་སྒྲིབ་པ་དག་ནས་སྐུ་དང་ཡེ་ཤེས་སུ་རང་སྣང་བའི་ནུས་པ་དངོས་སུ་སྐྱེས་པར་བསྒོམ་ལ། བདེན་པ། རིགས་ཀྱི་བུ་ཁྱེད་རྣམས་ལ་ཕྱག་རྒྱའི་དབང་བསྐུར་བས། རྟོག་ཚོགས་མ་སྤངས་གནས་སུ་དག་ནས། སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་ངོ་བོ་ཉིད་མངོན་དུ་གྱུར་ཏེ། སྣང་བ་རྣམ་པར་འབྱེད་པའི་ཏིང་འཛིན་སྒོམ་པའི་དབང་དང་ལྡན་པར་གྱུར་ཅིག །བདུན་པ་སྐྱོན་དང་། བརྒྱད་པ་ཡོན་ཏན་ནི་གོང་དང་འདྲ། དེ་དག་ནི་ཞི་བའི་དཀྱིལ་འཁོར་རྒྱས་པའི་ཕྱག་རྒྱའི་དབང་ངོ་། །ཞི་བའི་ཚོ་བུ་གཅིག་པའི་ཕྱག་རྒྱའི་དབང་ལ། རྒྱུ་རྐྱེན་ངོ་བོ་འབྲས་བུ། གོ་རིམ་དང་ལྔ་པོ་གོང་དང་མཚུངས་ལ། དྲུག་པ་ལས་རིམས་ལ་བསམ་རྒྱུད་ནི། རྟོག་ཚོགས་ཐམས་ཅད་མ་སྤངས་གནས་སུ་དག་པར་བསམ་ལ། བསྒྲག་ཚིག་ནི། གོང་དཀྱིལ་འཁོར་རྒྱས་པའི་སྐབས་ཀྱི། མི་སྐྱོད་པ་ཡབ་ཡུམ་ལ། རིགས་ཆུང་གིས་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་དང་། ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱི་ཙ་ཀ་ལི་བསྒྲག་ཚིག་དང་བཅས་འདིར བླངས་ལ་བསྐུར་རོ། བསྐུར་གནས་མགོ་དང་སྙིང་ཀ །བསྟིམས་གནས། ལྷ་ཚོགས་རྣམས་རང་གི་རྟོག་ཚོགས་ལ་སྟིམ། རྟོགས་ཚོགས་རང་ཁ་མའི་དྲི་མ་དག་ནས་སྐུ་དང་ཡེ་ཤེས་རང་སྣང་བའི་ནུས་པ་དངོས་སུ་སྐྱེ་བར་བསྒོམས་ལ། བདེན་པ། རིགས་ཀྱི་བུ་ཁྱེད་རྣམས་ལ་ཕྱག་རྒྱའི་དབང་བསྐུར་བས། རྟོག་ཚོགས་མ་སྤངས་གནས་སུ་དག་ནས། སངས་རྒྱས་བཅྭོ་བརྒྱད་ཀྱི་ངོ་བོ་ཉིད་མངོན་དུ་གྱུར་སྟེ། སྣང་བ་རྣམ་པར་འབྱེད་པའི་ཏིང་འཛིན་གོམས་པའི་དབང་དང་ལྡན་པར་གྱུར་ཅིག །བདུན་པ་དབང་མ་ཐོབ་པའི་སྐྱོན་དང་། བརྒྱད་པ་ཐོབ་པའི་ཡོན་ཏན་ནི་གོང་དང་འདྲའོ། །དེ་དག་ནི་ཞི་བའི་ཚོམ་པུ་གཅིག་པའི་ཕྱག་རྒྱའི་དབང་ངོ་། །བཞི་པ་ཚོམ་བུ་གསུམ་པའི་དབང་ལ། རྒྱུ་རྐྱེན་ངོ་བོ་འབྲས་བུ་གོ་རིམ་དང་ལྔ་པོ་གོང་དང་མཚུངས་ལ། དྲུག་པ་ལས་རིམས་ལ་བསམ་རྒྱུད་ནི། རྟོགས་ཚོགས་ཐམས་ཅད་མ་སྤངས་གནས་སུ་དག་པར་བསམ་ལ། བསྒྲག་ཚིག་ནི། གོང་གི་དཀྱིལ་འཁོར་རྒྱས་པའི་དབུས་ཀྱི་མི་སྐྱོད་པ་ཡབ་ཡུམ་ལ། རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ། ཤར་རྩིབས་ཀྱི་སྟེང་གི་རྣམ་པར་སྣང་མཛད་ཡབ་ཡུམ་ལ། རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ། ནུབ་རྩིབས་ཀྱི་སྟེང་གི་སྣང་བ་མཐའ་ཡས་ཡབ་ཡུམ་ལ། རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་སྟེ། ཕོ་བྲང་གི་ལྷ་སུམ་བཅུ་གོང་དཀྱིལ་འཁོར་རྒྱས་པའི་ནང་ནས་བླངས་ལ་བསྐུར། ཁྲོ་བོ་བཅུ་དྲུག་འོག་ཚོམ་བུ་ལྔ་པའི་ནང་ནས་བླངས་ལ་འདིར་བསྐུར་རོ། །བསྐུར་གནས་མགོ་འམ་སྙིང་ཁ། སྟིམ་གནས་རྟོགས་ཚོགས་རང་ལ་ལྷ་ཚོགས་རྣམས་ལ་སྟིམ་མོ། །རྟོགས་ཚོགས་རང་ཁ་མའི་དྲི་མ་དག་ནས་སྐུ་དང་ཡེ་ཤེས་སུ་རང་སྣང་བའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ། རིགས་ཀྱི་བུ་ཁྱེད་རྣམས་ལ་ཕྱག་རྒྱའི་དབང་བསྐུར་བས། རྟོགས་ཚོགས་མ་སྤངས་གནས་སུ་དག་ནས། སངས་རྒྱས་བཞི་བཅུ་ཞེ་དྲུག་གི་ངོ་བོ་མངོན་དུ་གྱུར་སྟེ། སྣང་བ་རྣམ་པར་འབྱེད་པའི་ཏིང་འཛིན་གོམས་པའི་དབང་དང་ལྡན་པར་གྱུར་ཅིག །བདུན་པ་དབང་མ་ཐོབ་པའི་སྐྱོན་དང་། བརྒྱད་པ་དབང་ཐོབ་པའི་ཡོན་ཏན་ནི། གོང་དང་མཚུངས་སོ། །དེ་དག་ནི་ཚོམ་བུ་གསུམ་པའི་ཕྱག་རྒྱའི་དབང་ངོ་། །བཞི་པ་ཚོམ་བུ་ལྔ་པའི་དབང་ལ། རྒྱུ་རྐྱེན། འབྲས་བུ་གོ་རིམས་ལྔ་གོང་དང་མཚུངས་ལ། དྲུག་པ་ལས་རིམས་ལས། བསམ་རྒྱུད་ནི། རྟོགས་ཚོགས་ཐམས་ཅད་མ་སྤངས་གནས་སུ་དག་པར་བསམ་ལ། སྒྲག་ཚིག་ནི། གོང་གི་དཀྱིལ་འཁོར་རྒྱས་པའི་རིགས་ལྔ་ཡབ་ཡུམ་བཅུ་ལ། རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་བརྒྱད་ཀྱིས་བསྐོར་བས་ཕོ་བྲང་གི་ལྷ་ལྔ་བཅུ་འདིར་བླངས་ལ་བསྐུར་རོ། །ཁྲོ་བོ་ཡབ་ཡུམ་ཉི་ཤུའི་བསྒྲག་ཚིག་ནི། ཨེ་མ་ཧོ། ཁྲག་འཐུང་ཀུན་གྱི་འདའ་གཞུའི་དབང་། །ཁྲོ་རྒྱལ་ཁྲག་འཐུང་ཡབ་ཡུམ་སྐུ། །སྟེང་གི་ཕྱོགས་ནས་བགེགས་བྱུང་བ། །ཉི་ཟླའི་གདོན་ཚོགས་ཐམས་ཅད་ཀུན། །ཧཱུཾ་ཆེན་ཀ་ར་ཉི་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་ཧཱུཾ་ཀ་ར་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཁྲག་འཐུང་ཀུན་གྱི་དབྱུག་པའི་དབང་། །ཁྲོ་རྒྱལ་ཁྲག་འཐུང་ཡབ་ཡུམ་སྐུ། །ཤར་གྱི་ཕྱོགས་ནས་བགེགས་བྱུང་བ། །དྲི་ཟའི་གདོན་ཚོགས་ཐམས་ཅད་ཀུན། །རྣམས་པར་རྒྱལ་བ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ཁྲག་འཐུང་ཀུན་གྱི་དབྱུག་པའི་དབང་། ཁྲོ་རྒྱལ་ཁྲོ་འཐུང་ཡབ་ཡུམ་སྐུ། །ཤར་ལྷོའི་ཕྱོགས་ནས་བགེགས་བྱུང་བ། །དྲང་སྲོང་གདོན་ཚོགས་ཐམས་ཅད་ཀུན། །དབྱུག་པ་སྔོན་པོ་རྣམས་ཀྱིས་བཟློག །ༀ་བཛྲ་ཀྲོ་དྷ་ནི་ལ་དན་ཏྲ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། ཁྲག་འཐུང་ཀུན་གྱི་བེ་ཅོན་དབང་། །ཁྲོ་རྒྱལ་ཁྲག་འཐུང་ཡབ་ཡུམ་སྐུ། །ལྷོའི་ཕྱོགས་ནས་བགེགས་བྱུང་བ། །གྲུལ་བུམ་གདོན་ཚོགས་ཐམས་ཅད་ཀུན། །གཤིན་རྗེ་གཤེད་པོ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། ཁྲག་འཐུང་ཀུན་གྱི་སྤུ་གྲིའི་དབང་། །ཁྲོ་རྒྱལ་ཁྲག་འཐུང་ཡབ་ཡུམ་སྐུ། །ལྷོ་ནུབ་འཚམས་ནས་བགེགས་བྱུང་བ། །སྲིན་པོའི་གདོན་ཚོགས་ཐམས་ཅད་ཀུན། །མི་གཡོ་མགོན་པོ་ཉིད་ཀྱི་བཟློག །ༀ་བཛྲ་ཀྲོ་དྷ་ཨརྻ་ཨ་ཙ་ལ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ཁྲག་འཐུང་ཀུན་གྱི་རལ་གྲིའི་དབང་། །ཁྲོ་རྒྱལ་ཁྲག་འཐུང་ཡབ་ཡུམ་སྐུ། །ནུབ་ཀྱི་ཕྱོགས་ནས་བགེགས་བྱུང་བ། །ཀླུ་ཡི་གདོན་ཚོགས་ཐམས་ཅད་ཀུན། །རྟ་མགྲིན་རྒྱལ་པོ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་ཧ་ཡ་གྷི་བ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ཁྲག་འཐུང་ཀུན་གྱི་བྷནྷའི་དབང་། །ཁྲོ་རྒྱལ་ཁྲག་འཐུང་ཡབ་ཡུམ་སྐུ། །ནུབ་བྱང་འཚམས་ནས་བགེགས་བྱུང་བ། རླུང་ལྷའི་གདོན་ཚོགས་ཐམས་ཅད་ཀུན། །གཞན་གྱིས་མི་ཐུབ་ཉིད་ཀྱི་བཟློག །ༀ་བཛྲ་ཀྲོ་ཏ་ཨ་པ་རཱ་ཙི་ཏ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ཁྲག་འཐུང་ཀུན་གྱིས་རྒྱ་གྲམ་དབང་། །ཁྲོ་རྒྱལ་ཁྲག་འཐུང་ཡབ་ཡུམ་སྐུ། །བྱང་གི་ཕྱོགས་ནས་བགེགས་བྱུང་བ། །གནོད་སྦྱིན་གདོན་ཚོགས་ཐམས་ཅད་ཀུན། །བདུད་རྩི་འཁྱིལ་པ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུནྚ་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ཁྲག་འཐུང་ཀུན་གྱི་འཁོར་ལོའི་དབང་། །ཁྲོ་རྒྱལ་ཁྲག་འཐུང་ཡབ་ཡུམ་སྐུ། །བྱང་ཤར་འཚམས་ནས་བགེགས་བྱུང་བ། །དབང་ལྡན་གདོན་ཚོགས་ཐམས་ཅད་ཀུན། ཁམས་གསུམ་རྣམས་རྒྱལ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ཁྲག་འཐུང་ཀུན་གྱི་ཐོ་བའི་དབང་། །ཁྲོ་རྒྱལ་ཁྲག་འཐུང་ཡབ་ཡུམ་སྐུ། །འོག་གི་ཕྱོགས་ནས་བགེགས་བྱུང་བ། །ས་བདག་གདོན་ཚོགས་ཐམས་ཅད་ཀུན། །སྟོབས་ཆེན་རྒྱལ་པོ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གསུམ་པ་བསྐུར་གནས་ནི། མགོ་འམ། སྙིང་ཁ། བཞི་པ་སྟིམ་གནས་ནི། རྟོག་ཚོགས་རང་ལ་ལྷ་ཚོགས་རྣམས་སྟིམ་མོ། །བདུན་པ་ཕྱག་རྒྱའི་དབང་མ་ཐོབ་པའི་སྐྱོན་ནི། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམས་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་སོ། །བརྒྱད་པ་དབང་ཐོབ་པའི་ཡོན་ཏན་ནི། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་འཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །གསུངས་སོ། །དེ་དག་ནི་ཚོམ་བུ་ལྔ་པའི་ཕྱག་རྒྱའི་དབང་ངོ་། །ཕྱིས་ཕན་པའི་དབང་བཅུའི་ལས་ཀྱི་རིམ་པ་སྟེ། ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའོ། །དེ་ཡང་ཕན་དབང་བཅུ་པོ་ཐོབ་པས། སྐྱེ་བ་འདིར་ཚེ་རིང་བ་དང་། བདེ་བ་ཕུན་སུམ་འཚོགས་པ་ཐོབ་པ་ལ་ཕན། ཕྱི་མར་མཐོ་རིས་དང་ཐར་པ་ཐོབ་པ་ལ་ཕན་པའི་ཕྱིར་ཕན་པའི་དབང་ཞེས་ཐ་སྙད་དུ་བྱའོ། །གཉིས་པ་ནང་ནུས་པའི་དབང་ལ་ལྔ་སྟེ། བདག་དོན་དུ་བརྩོན་འགྲུས་ནུས་པ་ལ་ཉན་དབང་དང་། བསྒོམ་དབང་དང་། གཞན་དོན་དུ་བརྩོན་འགྲུས་ནུས་པ་ལ། འཕྲིན་ལས་ཀྱི་དབང་དང་། འཆད་པའི་དབང་དང་། བདག་གཞན་གཉིས་ཀྱི་དོན་དུ་བརྩོན་འགྲུས་ནུས་པ་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །དང་པོ་ལ་བརྒྱད་དེ། རྒྱུ་དང་། རྐྱེན་དང་། ངོ་བོ་དང་། འབྲས་བུ་དང་། གོ་རིམ་དང་། ལས་རིམ་དང་། ཉན་དབང་མ་ཐོབ་པའི་སྐྱོན་དང་། ཐོབ་པའི་ཡོན་ཏན་ནོ། །དང་པོ་རྒྱུ་ལ་མཚུངས་ལྡན་གྱི་རྒྱུ་ནི། སློབ་བུ་རྣ་བ་གཉིས་འདོམ་རྩ་ན། སྒྲ་ཉན་པ་ཐོས་ཤེས་རེག་ཤེས་ཀྱི་ཐིག་ལེ་གནས་པའོ། །གཉིས་པ་ལྷན་གཅིག་བྱེེད་པའི་རྒྱུ་ནི། ཀ་པཱ་ལ་རིན་ཆེན་འབྱུང་ལྡན་གྱི་རབ་གནས་ཅན་ནོ། །གཉིས་པ་རྐྱེན་བཞི་ལ། དང་པོ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་བའི་སློབ་བུ་སྟེ། མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། དབང་རྫས་རབ་གནས་དང་ལྡན་པའོ། །གསུམ་པ་བདག་པོའི་རྐྱེན་ནི། དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། དབང་སྔ་མ་ཕན་དབང་གི་གོ་ཕྱེས་ནས། ཕྱི་མ་ཉན་དབང་སྐྱེ་བའི་རྒྱུ་བྱེད་པའོ། །གསུམ་པ་ངོ་བོ་ནི། ཉན་པའི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བ སྐྱེད་དེ། རྣོ་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། ཕན་དབང་བཅུའི་རྗེས་སུ་ཉན་དབང་བསྐུར་རོ། །དྲུག་པ་ལས་རིམ་ལྔ་ལས། ལྔ་པ་བསམ་རྒྱུད་ནི། དབང་ཕྱུག་ཀུན་བཟང་ཡབ་ཡུམ་དུ་སྒོམ་པའི་སྦྱོར་འཚམས་ནས། བྷྲཱུཾ་སེར་པོ་ཆད་དེ། སློབ་བུ་རྣམས་ཀྱི་རྣ་བ་གཉིས་ཀྱི་འདོམ་རྩར་འཕྲོས་པ་ལས། གཞལ་ཡས་ཁང་དབུས་འཁོར་ལོ་རྩིབས་བཞི། གྲུ་ཆད་ལ་སྒོ་ཁྱུད་ཅན། འཁོར་ལོའི་ལྟེ་བ་དང་རྩིབས་བཞི་ལ་ཉི་ཟླ་པདྨ་སུམ་རྩེགས་ཀྱི་གདན་རེ་རེ་དང་སྒོ་ཁྱུད་བཞི་ལ་ཉི་མའི་གདན་རེ་རེ་བསྒོམ། གདན་སུམ་རྩེགས་ལྔའི་སྟེང་དུ། དབང་ཕྱུག་གི་ཐུགས་ཁ་ནས་ཏྲཾ་སེར་པོ་ཟུང་རེ་རེ་དང་། སྒོ་བཞིར་ཉི་གདན་ལ་ཤར་སྒོར་ཧཱུྃ་ཛཿ ལྷོ་སྒོར་ཧཱུྃ་ཧཱུྃ། ནུབ་སྒོར་ཧཱུྃ་བཾ། བྱང་སྒོར་ཧཱུྃ་ཧོཿ འཕྲོས་པར་བསམ་ལ། ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། ཧཱུྃ་ཛཿཧཱུཾ་ཧཱུཾ་ཧཱུཾ། བཾཿཧཱུྃ་ཧོ། བརྗོད་ཅིང་། སྤར་སཾ་གི་འཕྲོ་འདུས། ཡིག་འབྲུ་རྣམས་འོད་དུ་ཞུ་བ་ལས། འཁོར་ལོའི་ལྟེ་བའི་གདན་ལ་རིན་པོ་ཆེ་དང་། དྲིལ་བུ། ཤར་རྩིབས་ལ་རིན་ཆེན་མྱུ་གུ་དང་ཕྲེང་བ། ལྷོར་ཉི་མ་དང་མེ་ཏོག །ནུབ་ཏུ་རྒྱལ་མཚན་དང་ཞགས་པ། བྱང་དུ་སོའི་ཕྲེང་བ་དང་བསིལ་ཡབ། ཤར་སྒོར་ཐོད་དབྱུག་དང་ལྕགས་ཀྱུ། ལྷོ་སྒོ ར་རྡོ་རྗེ་རྩེ་ལྔ་དང་ཞགས་པ། ནུབ་སྒོར་ཐོད་སྤྲུལ་དང་ལྕགས་སྒྲོགས། བྱང་སྒོར་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་རྣམས་བསམ། ངག་ཏུ་རཏྣ་གཎྜ། རཏྣ་མཱ་ཱལེ། སུརྻ་པུཥྤེ། ཀེ་ཏུ་པཱ་ཤ། ཧ་ས་ར་ཏི། རཏྣ་ཨང་གུ་ཤ །བཛྲ་པ་ཤ ཀཱ་པ་ལ་ཤྲཱི་ཁ། བི་ཤྭ་བཛྲ་གྷཎྜེ། བརྗོད། སྤར་སང་གིས་འཕྲོ་འདུས་འོད་དུ་ཞུ་བ་ལས་གོ་རིམས་བཞིན་དུ། ༀ་བཛྲ་རཏྣ་ཏྲཾ་སཾ་བྷ་ཝ་ཏྲཾ། ལྟེ་བའི་འོད་ཕུང་ཡོངས་སུ་གྱུར་པ་ལས། རིན་ཆེན་འབྱུང་ལྡན་ཡབ་ཡུམ། ཡབ་ཀྱི་ཕྱག་གཡས་པས་རིན་པོ་ཆེ་དང་། གཡོན་དྲིལ་བུ་འཛིན་ཅིང་ཡུམ་ལ་འཁྱུད་པ། ཡུམ་གྱི་གཡོན་ཕྱོགས་ནས་གཡས་པ་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ། ༀ་བཛྲ་རཏྣ་ཏྲཾ། བཛྲ་མཱ་ལེ་ཏྲཾ། ཤར་རྩིབས་ལ་རྡོ་རྗེ་རིན་ཆེན་ནི། རིན་ཆེན་མྱུ་གུ་བསྣམས་པས་ཡུམ་ལ་འཁྱུད་པ། ཕྲེང་བ་མས་ཕྲེང་བ་བསྣམས་ནས་ཡབ་ལ་འཁྱུད་པ། བཛྲ་སུརྻཏྲཾ། བཛྲ་པུཥྤེ་ཏྲཾ། ལྷོ་རྩིབས་ལ། རྡོ་རྗེ་གཟི་བརྗིད་ཉི་མ་བསྣམས་པ་དང་། མེ་ཏོག་མ་མེ་ཏོག་བསྣམས་པ། ༀ་བཛྲ་ཀེ་རུ་ཏྲཾ། ༀ་བཛྲ་པཱ་ཤ་ཏྲཾ། ནུབ་རྩིབས་ལ། རྡོ་རྗེ་རྒྱལ་མཚན་བསྣམས་པ། ཞགས་པ་མ་ཞགས་པ་བསྣམས་པ། བྱང་རྩིབས་ལ། ༀ་བཛྲ་ཧཱ་ས་ཏྲཾ། ༀ་བཛྲ་རཏྣ་ར་ཏི་ཏྲཾ། རྡོ་རྗེ་བཞད་པ་ཚེས་ཀྱི་ཕྲེང་བ་བསྣམས་པ་དང་། རྡོ་རྗེ་བསིལ་མ་བསིལ་ཡབ་བསྣམས་པ། དེ་ལྟར་གཙོ་འཁོར་ཡབ་ཡུམ་ཐམས་ཅད་ཀྱང་། སྐུ་མདོག་གསེར་གཙོ་མ་ལྟ་བུ་ཞི་བའི་ཚུལ་དང་ལྡན་པ། བརྒྱན་ཆས་བཅུ་གཉིས་བརྒྱན་པ་བསྐྱེད། དབུས་ཀྱི་གཙོ་བོ་རྡོ་རྗེ་དཀྱིལ་དཀྲུང། འཁོར་རྣམས་སེམས་དཔའི་ཚུལ་ཅན། ཡུམ་རྣམས་ཀྱི་གཡོན་ཟུར་ནས་འཁྱུད་པ། ༀ་ཡ་མན་ཏ་ཀྲིད་ཧཱུཾ་ཕཊ། ༀ་བཛྲ་ཨ ངྒུ་ཤ་ཛཿཤར་སྒོར་གཤིན་རྗེ་སྨུག་ནག་བེ་ཅོན། རྡོ་རྗེ་ལྕགས་ཀྱུ་མ་སྔོན་མོ་ལྕགས་ཀྱུ་བསྣམས་པ། ༀ་པྲ་ཛྙཱཏྟ་ཀྲིཏ་ཧཱུཾ་ཕཊ། ༀ་བཛྲ་པཱ་ཤ་ཧཱུཾ། ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ་རྩེ་ལྔ་བསྣམས་པ། རྡོ་རྗེ་ཞགས་པ་མ་སེར་མོ་ཞག་པ་བསྣམས་པ། ༀ་པདྨ་ཏ་ཀྲིད་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ནུབ་སྒོར་རྟ་མགྲིན་དམར་ནག །ཐོད་པ་སྦྲུལ་གྱིས་དཀྲིས་པ་བསྣམས་པ། རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག །ༀ་བིག་ནན་ཏ་ཀྲི་ཏ་ཧཱུཾ། ༀ་བཛྲ་གྷནྡྷེ་ཧོ། བྱང་སྒོར་བདུད་རྩི་འཁྱིལ་བ། ལྗང་ནག་སྣ་ཚོགས་རྡོ་རྗེ་བསྣམས་པ། རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་དྲིལ་བུ་བསྣམས་པ། སྒོ་བ་ཡབ་ཡུམ་བརྒྱད་པོ་ཐམས་ཅད་ཀྱང་ཉི་མའི་གདན་ལ་ཞལ་ཕྱིར་ཕྱོགས་པ་ཡབ་གཡོན་བརྐྱང་དང་། ཡུམ་གཡས་བརྐྱང་གིས་གྱད་ཀྱི་དོར་ཐབས་ཀྱིས་བསྒྲད་པ། ཁྲོ་བོའི་ཆས་ཀྱིས་བརྒྱན་པ། མེ་ཕུང་གི་ཀློང་ན་བཞུགས་པ་བསྐྱེད་དོ། །ཚུལ་འདི་དག་ནི་འཆད་པར་འགྱུར་བའི་སྒོམ་པའི་དབང་ལ་སོགས་ལྷ་བསྐྱེད་པ་ཐམས་ཅད་ལ་ཤེས་པར་བྱའོ། །དེ་ལྟར་བསྐྱེད་པའི་དམ་ཚིག་གི་དཀྱིལ་འཁོར་གྱི་ལྷ་བཅོ་བརྒྱད་པ་ོལ། ཤུ་ནྱ་དབང་བསྐུར། ཀཱ་ཡ་ཝཱཀྐ་ཙིཏྟ་བྱིན་གྱིས་བརླབས། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་ལྷ་བཅྭ་བརྒྱད་པོ། ས་མ་ཡ་ཛས་སྙན་གསན་དབབ། ཨེ་ཧྱ་ཧི་སྤྱན་དྲངས་ཛཿཧཱུཾ་བཾ་ཧོས་སྟིམ། ཀཱ་ཡ་ཝ་ཀཱ་ཙི་ཏས་བརྟན་པར་བྱས་ནས། ཀུན་བཟང་ཞལ་བསིལ་བཞི་བསྣོལ་གྱིས་སྔགས་རང་གིས་མཆོད་ནས་ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཞེས་སྦྱོར་བའི་བརྡས་བསྐུལ་ནས་སྙོམས་པར་ཞུགས་ལྷ་ཡབ་ཡུམ་སློབ་བུ་དང་བཅས་པ་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས། འོད་ཕུང་སེང་པོ་ལས་རིན་ཆེན་འབྱུང་ལྡན་དུ་བསྐྱེད་ལ། དབང་ཕྱུག་གི་རྒྱུད་ཀྱི་པོ་ཏིའམ་ཀ་པཱ་ལ་རིན་ཆེན་འབྱུང་ལྡན་གྱི་རབ་གནས་དང་ལྡན་པ་བསྣམས་ལ། གཉིས་པ་བསྒྲག་ཚིག་ནི། ཏྲཾ་གསང་བ་གསང་ཆེན་གསང་མཆོག་གི །གསང་བ་ཀུན་ལ་ཉན་པ་པྱ། གསང་བའི་དོན་ཉིད་རྟག་པ་ལ། གཞན་ལ་སྨྲ་བར་བྱ་བ་མིན། བརྗོད། གསུམ་པ་བསྐུར་གནས་སློབ་བུའི་ལག་པར་དབང་རྫས་གཏད། བཞི་པ་སྟིམ་གནས། སྒྲ་རེག་བྱེད་ཉན་ཤེས་ཀྱི་ཐིག་ལེ་ལ་བ སྟིམ། ལྔ་པ་སྔོན་ཆད་བཀའ་ཕྱི་ནང་གི་དོན་ལ་ཐོག་པ་མེད་པར་མི་ནུས་པའི་སྒྲིབ་པ་དག་ནས། ད་ཕྱིན་ཆད་ཉན་ནུས་པའི་ནུས་པ་དངོས་སུ་སྐྱེ་བར་བསྒོམ་ལ། བདེན་པ། རིགས་ཀྱི་བུ་འདི་རྣམས་ལ་ཉན་པའི་དབང་བསྐུར་བས། དེ་བཞིན་གཤེགས་པའི་བཀའ་ཕྱི་ནང་ཐམས་ཅད་ལ་ཐོགས་པ་མེད་པར་ཉན་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག། བདུན་པ་དབང་མ་ཐོབ་པའི་སྐྱོན་ནི། ཉན་དབང་མ་ཐོབ་ན་ཉན་པ་རྩོམ་པ་ལ་སོགས་འབྲས་བུ་མེད་ཅིང་བརླག་པའི་སྐྱོན་ནོ། །བརྒྱད་པ་ཡོན་ཏན་ནི། ཉན་པ་ལ་དབང་འབྱོར་པའི་ཡོན་ཏན་ཡོད་དོ། །གཉིས་པ་བསྒོམ་དབང་ལ་བརྒྱད་དེ། རྒྱུ་རྐྱེན་ངོ་བོ་འབྲས་བུ་གོ་རིམ་ལས་རིམ་སྐྱོན་ཡོན་ཏན་ནོ། །དང་པོ་ལ་མཚུངས་ལྡན་གྱི་རྒྱུ་ནི། སྙིང་གི་འདོམ་རྩ་དྲན་བྱེད་རེག་ཤེས་ཀྱི་ཐིག་ལེའོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི། ཕྲེང་བ། ཡི་དམ་གང་ཡིན་གྱི་རབ་གནས་ཅན་ནོ། །གཉིས་པ་རྐྱེན་ལ། དང་པོ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་བའི་སྐྱེས་བུ་དེ། མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། དབང་རྫས་རབ་གནས་དང་ལྡན་པའོ། །གསུམ་པ་བདག་པོའི་རྐྱེན་ནི། དབང་བསྐུར་ནུས་པའི་བླ་མ་སྟེ། ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་རྐྱེན་ནི། ཉན་དབང་གི་གོ་ཕྱེས་ནས་བསྒོམ་དབང་ཐོབ་མ་རག་པའོ། །གསུམ་པ་ངོ་བོ་ནི། བསྒོམ་དབང་ངོ་། བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་སྟེ། རྣོ་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། ཉན་དབང་གི་རྗེས་སུ་བསྒོམ་དབང་བསྐུར་བའོ། །དྲུག་པ་ལས་རིམ་ལ་ལྔ་ལས། བསམ་རྒྱུད་ནི། དབང་ཕྱུག་ཀུན་བཟང་ཡབ་ཡུམ་དུ་བསྒོམ་པའི་སྦྱོར་འཚམས་ནས། ཡི་དམ་གང་ཡིན་གྱི་ཁ་དོག་ཅན་གྱི་བྷྲུཾ་ཆད་དེ། སློབ་བུ་རྣམས་ཀྱི་སྙིང་གི་འདོམས་རྩར་འཕྲོས་པ་ལས། གཞལ་ཡས་ཁང་གདན་དང་བཅས་པ་སྔར་བཞིན་བསྐྱེད་ལ། ཆོ་ག་གསུམ་གྱིས་ལྷ་བཅྭ་བརྒྱད་བསྐྱེད་དེ། སློབ་བུས་མེ་ཏོག་དོར་བའི་དུས་སུ་རིན་པོ་ཆེའི་རིགས་ལ་མེ་ཏོག་ཕོག་ན། རིན་ཆེན་འབྱུང་ལྡན་གྱིས་གཙོ་བྱས་པའི་ལྷ་བཅྭ་བརྒྱད་པོ། བཤད་མ་ཐག་པའི་ཉན་དབང་གི་སྐབས་ལྟར་བསྐྱེད། གལ་ཏེ་པདྨའི་རིགས་ལ་ཕོག་ནས། སྣང་བ་མཐའ་ཡས་ཀྱི་གཙོ་བྱས་པའི་ལྷ་བཅྭ་བརྒྱད་པོ། འཆད་པར་འགྱུར་བའི་འཆད་དབང་གི་སྐབས་ལྟར་བསྐྱེད། དེ་བཞིན་དུ་ལས་ཀྱི་རིགས་ལ་མེ་ཏོག་ཕོག་ན། དོན་ཡོད་གྲུབ་པས་གཙོ་བྱས་པའི་ལྷ་བཅྭ་བརྒྱད་འཕྲིན་ལས་ཀྱི་སྐབས་ལྟར་བསྐྱེད། དེ་བཞིན་གཤེགས་པའི་རིགས་ལ་མེ་ཏོག་ཕོག་ན་རྣམ་པར་སྣང་མཛད་ཀྱིས་གཙོ་བྱས་པའི་ལྷ་བཅྭ་བརྒྱད་བསྐྱེད་དོ། །དབང་ཕྱུག་གི་ཐུགས་ཁ་ནས་དབུས་ཀྱི་འཁོར་ལོ་ལ་ༀ་དཀར་པོ་ཟུང་ལྔ་དང་། སྒོ་ཁྱུད་བཞི་ལ། ཧཱུཾ་ཛཿཧཱུཾ་ཧཱུཾ་ཧཱུཾ་བཾཿཧཱུཾ་ཧོཿ རྣམས་སྤྲོས་ལ་སྥ་ར་སང་གི་སྤྲོ་བསྡུས་འོད་དུ་ཞུ་བ་ལས། དབུས་ཀྱི་ལྟེ་བ་ནས་གོ་རིམ་བཞིན་འཁོར་ལོ་དང་དྲིལ་བུ། རྡོ་རྗེ་དང་མེ་ལོང་། ལྕགས་ཀྱུ་དང་སྤོས་ཁང་། འདའ་གཞུ་དང་ལྕགས་ཀྱུ། རྒྱ་གྲམ་དང་མར་མེ། ཐོད་དབྱུག་དང་ལྕག་ཀྱུ། རྡོ་རྗེ་རྩེ་ལྔ་དང་ཞགས་པ། ཐོད་སྦྲུལ་དང་ལྕགས་སྒྲོག །སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་རྣམས་སུ་གྱུར་པར་བསམ་ལ། ཙཀྲ་གྷཎྜ། བཛྲ་ཨ་དར་ཤ །ཨངྒུ་ཤ་དྷུ་པེ། ར་ག་ཨངྐུ་ཤ །བྷི་ཤྭ་བཛྲ་དྷི། པ་ཊ་ཨངྐུ་ཤ །བཛྲ་པ་ཤ །ཀ་པཱ་ལ། ཤྲཱིི་ཁ་། བྷི་ཤྭ་བཛྲ་གྷནྡྷེ། སླར་སྤར་སང་གི་སྤྲོ་བསྡུས། ཕྱག་མཚན་རྣམས་གོ་རིམ་ལྟར། ལྷར་གྱུར་པར་བསྒོམ་སྟེ། ༀ་བཛྲ་བཱེ་རོ་ཙ་ན་ༀ། ལཾ་ཏེ་ཤྭ་ར་ཏི་ༀ། རྣམ་པར་སྣང་མཛད་འཁོར་ལོ་བསྣམས་པ་ལ། སངས་རྒྱས་སྤྱན་མ་དྲིལ་བུ་བསྣམས་པས་འཁྱུད་པ། ༀ་བཛྲ་ས་ཏྭ་ༀ། ༀ་བཛྲ་ལ་སྱེ་ༀ། རྡོ་རྗེ་སེམས་དཔའ་དང་སྒེག་མོ་མ་མེ་ལོང་བསྣམས་པ། ཨོཾ་བཛྲ་རཱ་ཛ་ཨོཾ། ༀ་བཛྲ་དྷུཔྤེ་ༀ། རྡོ་རྗེ་རྒྱལ་པོ་ལྕགས་ཀྱུ་དང་། སྤོས་མེ་མ་སྤོས་ཁང་བསྣམས་པ། ཨོཾ་བཛྲ་ར་ག་ༀ། ༀ་བཛྲ་ཨངྒུ་ཤ་ༀ། རྡོ་རྗེ་ཆགས་པ་འདའ་གཞུ་དང་། རྡོ་རྗེ་སྐྱོ་ཁ་མ་ལྕགས་ཀྱུ་བསྣམས་པ། ༀ་བཛྲ་ས་དྷུ་ༀ། ༀ་བཛྲ་ཏེ་ཤ་ར་ཏི་ༀ། རྡོ་རྗེ་ལེགས་པ་སེ་གོལ་བརྡེབས་པ་དང་། རྡོ་རྗེ་གསལ་བཀྲ་མ་སྒྲོན་ལེ་བསྣམས་པ། ཡབ་ཡུམ་བཅུ་པོ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་རྒྱན་ཚུལ་དང་ལྡན་པར་བསྐྱེད། ༀ་ཡ་མན་ཏ་ཀྲི་ཏ་ཧཱུྃ། ༀ་བཛྲ་ཨངྒུ་ཤ་ཛ། ༀ་པྲཛྙཱ་ཏ་ཀྲིཏ་ཧཱུཾ་ཧཱུྃ། ༀ་བཛྲ་པ་ཤ་ཧཱུཾ། ༀ་པདྨ་ཏ་ཀྲིད་ཧཱུཾ། ༀ་བཛྲ་སྥོ་ཊ་པཾ། ༀ་བིག་ནན་ཏ་ཀྲིཏ་ཧཱུཾ། ༀ་བཛྲ་གྷནྜེ་ཧོ། ཞེས་སྒོ་བ་ཡབ་ཡུམ་བརྒྱད་པོ་བསྐྱེད་དོ། །སྐུ་མདོག་ཕྱག་མཚན་རིགས་གང་ཡིན་ཀྱང་ཀུན་མཐུན་སྟེ་སྔར་ཉན་དབང་དུ་བཤད་པ་བཞིན་ནོ། །དེ་བཞིན་དུ་མགོ་མ་ལ། ཡང་མེ་ཏོག་རྡོ་རྗེའི་རིགས་ལ་ཕོག་པའི་སློབ་མ་རྣམས་ལ་མི་སྐྱོད་པས་གཙོ་བྱས་པའི་ལྷ་བཅོ་བརྒྱད་བསྐྱེད་དོ། འཁོར་ལོའི་ལྟེ་བ་རྩིབས་དང་ལྡན་པ་ལས། ཧཱུཾ་ཟུང་ལྔ་དང་། སྒོ་བཞི་ལ་ཧཱུཾ་ཛཿཧཱུཾ་ཧཱུཾ་ཧཱུཾ་བཾ་ཧཱུཾ་ཧོ་རྣམས་འཕྲོས་པ་སྥར་སང་གི་སྤྲོ་བསྡུས་འོད་དུ་ཞུ་བ་ལས། ཕྱག་མཚན་དུ་གྱུར་པར་བསྒོམ་སྟེ། གོ་རིམ་བཞིན། རྡོ་རྗེ་དང་དྲིལ་བུ། འཁོར་ལོ་དང་དྲིལ་བུ། རིན་པོ་ཆེ་དང་དྲིལ་བུ། པདྨ་དང་དྲིལ་བུ། རལ་གྲི་དང་དྲིལ་བུ། ཐོད་དབྱུག་དང་ལྕགས་ཀྱུ། རྡོ་རྗེ་རྩེ་ལྔ་དང་ཞགས་པ། ཐོད་སྦྲུལ་དང་ལྕགས་སྒྲོགས། སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་རྣམས་བསམ་ལ། སྥར་སང་གི་འཕྲོ་འདུས་འོད་དུ་ཞུ་བ་ལས། ༀ་བཛྲ་ཨཀྵོ་བྷྱ་ཧཱུཾ། ༀ་བཛྲ་དྷ་རི་ཤྭ་ར་ཧཱུཾ། མི་སྐྱོད་པ་རྡོ་རྗེ་བསྣམས་པ། ཆོས་ཀྱི་དབྱིངས་ཕྱུག་མས་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། ༀ་བཛྲ་ས་ཏྭ་བཛྲ་ཧཱུཾ། ༀ་ཏིཥྛ་བཛྲ་ཧཱུཾ། སེམས་དཔའ་རྡོ་རྗེ་འཁོར་ལོ་བསྣམས་པ་དང་། བརྟན་མ་རྡོ་རྗེ་དྲིལ་བུ་བསྣམས་པ། ༀ་རཏྣ་བཛྲ་ཧཱུཾ། ༀ་ཛ་ལ་བཛྲ་ཧཱུཾ། ༀ་ཛྭ་ལ་བཛྲ་ཧཱུཾ། རིན་ཆེན་རྡོ་རྗེ་རིན་པོ་ཆེ་བསྣམས་པ། འབར་མ་རྡོ་རྗེ་དྲིལ་བུ་བསྣམས་པ། ༀ་དྷརྨ་བཛྲ་ཧཱུཾ། ༀ་པ་ཏྲ་བཛྲ་ཧཱུཾ། ཆོས་རྡོ་རྗེ་པདྨ་བསྣམས་པ། སྡུད་མ་རྡོ་རྗེ་དྲིལ་བུ། ༀ་ཀརྨ་བཛྲ་ཧཱུཾ། ༀ་ཙཀྲ་ལ་བཛྲ་ཧཱུཾ། ལས་ཀྱི་རྡོ་རྗེ་རལ་གྲི་བསྣམས་པ་དང་། བསྐྱོད་མ་རྡོ་རྗེ་དྲིལ་བུ། དེ་ལྟར་ཡུམ་ལྔ་ཆར་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། ཡབ་ཡུམ་བཅུ་ཁ་སྐུ་མདོག་མཐིང་ཁ། བརྒྱན་ཚུལ་དང་ལྡན་པར་བསྐྱེད། དེ་ལྟར་མི་བསྐྱོད་པས་གཙོ་བྱས་པའི་ལྷ་བཅྭ་བརྒྱད་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་ལ། དབང་བསྐུར། བྱིན་གྱིས་སླབས། ཡེ་ཤེས་པ་སྙན་གསན་དབབ་དྲངས་བསྟིམ་བརྟན། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། སྦྱོར་བའི་བརྡས་བསྐུལ་བ་ལ་སོགས་པ་སྔར་བཞིན་བྱའོ། །མདོར་ན་རང་གི་ཡི་དམ་གང་ཡིན་གྱི་དཀྱིལ་འཁོར་བསྐྱེད་ལ། བསྒྲག་ཚིག་ནི། ༀ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། རྒྱལ་བ་ཀུན་དང་མཉམ་པར་སྦྱོར། བརྗོད། བསྐུར་གནས་ནི། ལག་པར་ཕྲེང་བ་གཏད། སྟིམ་གནས་ནི། སྙིང་གི་འདོམ་རྩར་དྲན་བྱེད་རྟོག་ཤེས་ཀྱི་ཐིག་ལེ་ལ་སྟིམ། ལྔ་པ་སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། སྔར་ཕན་ཆད་ལྷ་རྟོག་དབྱེར་མེད་བསྒོམ་མི་ནུས་པའི་སྒྲིབ་པ་དག་ནས། ད་བསྒོམ་ནུས་པའི་ནུས་པ་དངོས་སུ་སྐྱེ་བར་བསྒོམ་ལ། བདེན་པ། བསྒོམ་པའི་དབང་བསྐུར་བས། ལྷ་དང་མི་རྟོག་པ་ཐམས་ཅད་ལ་ཐོགས་པ་མེད་པའི་ཏིང་ངེ་འཛིན་སྒོམ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག བདུན་པ་མ་ཐོབ་པའི་སྐྱོན་ནི། བསྐྱེད་རྫོགས་སྒོམ་མི་ནུས་པ་ལ་སོགས་པའི་སྐྱོན་ཡོད་དོ། །བརྒྱད་པ་ཡོན་ཏན་ནི། ཉན་བསྒོམ་མཐར་ཕྱིན་མངོན་དུ་གྱུར་པའི་ཡོན་ཏན་ཡོད་དོ། །གསུམ་པ་འཕྲིན་ལས་ཀྱི་དབང་ལ་བརྒྱད་ཀྱི་དང་པོ་ལ་རྒྱུ་ལ་མཚུངས་ལྡན་གྱི་རྒྱུ་ནི། ལག་པ་གཉིས་གྱི་འདོམ་རྩའི་བསྐྱོད་བྱེད་རེག་ཤེས་ཀྱི་ཐིག་ལེའོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི། རྒྱ་གྲམ་དོན་གྲུབ་གྱི་རབ་གནས་ཅན་ནོ། །གཉིས་པ་རྐྱེན་ལ་བཞིའི་དང་པོ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སློབ་བུ་སྟེ། མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། དབང་རྫས་རབ་གནས་དང་ལྡན་པའོ། །གསུམ་པ་བདག་པོའི་རྐྱེན་ནི། དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། བཞི་པ་དེ་མ་ཐག་པའི་རྐྱེན་ནི། སྒོམ་དབང་ཐོབ་པས་གོ་ཕྱེས་ནས། འཕྲིན་ལས་ཀྱི་དབང་ཐོབ་ལ་མ་རག་པའོ། །གསུམ་པ་ངོ་བོ་ནི། འཕྲིན་ལས་ཀྱི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་སྟེ་རྣོ་ལ་ངར་རྟགས་པ་ལྟ་བུའོ། །ལྔ་པ་གོ་རིམས་ནི། བསྒོམ་དབང་གི་རྗེས་སུ་འཕྲིན་ལས་ཀྱི་དབང་བསྐུར་རོ། །དྲུག་པ་ལས་རིམ་པ་ལྔའི་བསམ་རྒྱུད་ནི། དབང་ཕྱུག་ཡབ་ཡུམ་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་པའི་སྦྱོར་འཚམས་ནས་བྷྲུཾ་ལྗང་ཁུ་སློབ་བུའི་ལག་པ་གཉིས་ཀྱིས་འདོམས་རྩར་འཕྲོས་པ་ལས། གཞལ་ཡས་ཁང་གདན་དང་བཅས་པ་སྔར་བཞིན་བསྐྱེད་ལ། འཁོར་ལོ་གདན་གྱི་སྟེང་དུ། ཧཱ་ཟུང་ལྔ་དང་། སྒོ་ཁྱུད་ལ། ཧཱུཾ་ཛཿཧཱུཾ་ཧཱུཾ་ཧཱུཾ་བཾཿཧཱུཾ་ཧོ། རྣམས་སྤྲོས་ལ། སྥ་ར་སང་གི་སྤྲོ་བསྡུས་འོད་དུ་ཞུ་བ་ལས། བཛྲ་གྷཎྜེ། ཤང་ཁཱ་ནིཏྟི། རཀྵ་གྷཎྜེ། ཡཀྵ་གནྡྷེ། སནྡྷི་སྤར་ཤེ། ཎི་པ་ཏྲ་ཨངྐུ་ཤ། བཛྲ་པཱ་ཤ ཀ་པཱ་ལ། ཤྲི་ཁ་ལ། བི་ཤྭ་བཛྲ་གྷཎྜ། ཞེས་གོ་རིམ་བཞིན་དུ། རྡོ་རྗེ་རྒྱ་གྲམ་དང་དྲིལ་བུ། རལ་གྲི་དང་གར་གྱི་ཕུ་དུང་། རྡོ་རྗེའི་གོ་ཆ་དང་དུང་ཆོས། ཕག་རྒོད་ཀྱི་མཆེ་བ་དང་དྲིལ་བུ། ཁུ་ཚུར་དང་ལྷའི་ནམ་བཟར་གྱུར་པ། སྥར་སང་གི་སྤྲོ་བསྡུས་སྐུ་ཡོངས་སུ་རྫོགས་པར་བསྐྱེད་དོ། །བཛྲ་ཨ་མོ་ཀ་སིདྷི་ཨ། བཛྲ་ཏ་རེ་ཡེ་ཧ་ཞེས་པས། དོན་ཡོད་གྲུབ་པ་རྒྱ་གྲམ་བསྣམས་པ་ལ། སྒྲོལ་མ་དྲིལ་བུ་བསྣམས་པས་འཁྱུད་པ། ༀ་བཛྲ་ཀརྨ་ཧཾ། ༀ་བཛྲ་ནིཏྟི་ཧཾ། རྡོ་རྗེ་ལས་རལ་གྲི་བ སྣམས་པ་དང་། རྡོ་རྗེ་གར་མ་གར་བསྒྱུར་བ། ༀ་བཛྲ་རཀྵ་ཧཾ། ༀ་བཛྲ་གྷཎྜེ་ཧཾ། རྡོ་རྗེ་བསྲུང་བ་གོ་ཆ་བསྣམས་པ་དང་། རྡོ་རྗེ་དབྱུག་པ་མ་དྲིའི་དུང་ཆོས་བསྣམས་པ། ༀ་བཛྲ་ཡཀྵ་ཧཾ། ༀ་བཛྲ་གྷཎྜེ་ཧཾ། རྡོ་རྗེ་གནོད་སྦྱིན་ཕག་རྒོད་ཀྱི་མཆེ་བ་བསྣམས་པ་དང་། རྡོ་རྗེ་དྲིལ་བུ་མ་དྲིལ་བུ་བསྣམས་པ་དང་། ༀ་བཛྲ་སན་དྷི་ཧཾ། ༀ་ར་ཏི་ཧཾ། རྡོ་རྗེ་ཁུར་ཚུལ་ཁུ་ཚུར་བཅངས་པ་དང་། རྡོ་རྗེ་གནོད་སྦྱིན་རྨ་བྱའི་སྒྲོ་རྒྱ་གྲམ་བསྣམས་པ། ཡབ་ཡུམ་བཅུ་ཁ་ཡང་སྐུ་མ དོག་ལྗང་ཁུ་རྒྱན་ཚུལ་དང་ལྡན་པར་བསྐྱེད། ༀ་ཡ་མན་ཏ་ཀྲིད་ཧཱུཾ། བཛྲ་ཨངྒུ་ཤ་ཛ། ༀ་པྲཛྙཱ་ཏ་ཀྲིཏ་ཧཱུཾ། ༀ་བཛྲ་པ་ཤ་ཧཱུྃ། ༀ་པདྨ་ཏ་ཀྲྀཏ་ཧཱུཾ། བཛྲ་སྥོ་ཊ་བཾ། ༀ་བིག་ནན་ཏ་ཀྲྀཏ་ཧཱུཾ། ༀ་བཛྲ་གྷཎྜེ་ཧོ། ཞེས་སྒོ་ཁྱུད་བཞི་ལ་སྒོ་བ་ཡབ་ཡུམ་སྐུ་མདོག་ཕྱག་མཚན་སྔར་བཞིན་བསྐྱེད། དེ་ལྟར་བསྐྱེད་པའི་དམ་ཚིག་གི་དཀྱིལ་འཁོར་ལ། དབང་བསྐུར་བྱིན་གྱིས་བརླབས། ཡེ་ཤེས་པ་དབང་། དྲངས། སྟིམ། བརྟེན། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་སྦྱོར་བའི་བརྡས་བསྐུལ་བས་སྙོམས་པར་ཞུགས་པའི་བདེ་བས། ལྷ་བཅྭ་བརྒྱད་སློབ་བུ་དང་བཅས་པ་འོད་དུ་ཞུ་བ་ལས་དོན་ཡོད་གྲུབ་པར་བསམ་ལ། བསྒྲག་ཚིག་ནི། ༀ་ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། ལས་རྣམས་མ་ལུས་ཁྱོད་ཀྱིས་བྱོས། ཕོ་ཉ་མང་པོ་འདུ་འཕྲོ་ཀུན། ཁྱོད་ཀྱི་དགོངས་པ་བྱེད་པ་ཡིན། བརྗོད། བསྐུར་གནས་ནི་ལག་པར་དབང་རྫས་རྒྱ་གྲམ་གཏད། བསྟིམ་གནས། ལག་པ་གཉིས་འདོམ་རྩའི་སྐྱོད་བྱེད་ཀྱི་ཐིག་ལེ་ལ་སྟིམ། ལྔ་པ་ནི་སྔོན་ཆད་འཕྲིན་ལས་བཞིས་འདུལ་མ་ནུས་པའི་ནུས་པ་དངོས་སུ་སྐྱེ་བར་བསམ་ཞིང་། བདེན་པ། འཕྲིན་ལས་བཞིས་དབང་བསྐུར་བས། འཕྲིན་ལས་རྣམ་བཞིས་སྲིད་པ་གསུམ་སེམས་ཅན་མ་ལུས་པའི་དོན་ཇི་ལྟ་བ་འདུལ་བ་བཞིན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་སྐྱོན་དང་། བརྒྱད་པ་ཡོན་ཏན་ནི། གོང་དང་མཐུན་ནོ། བཞི་པ་འཆད་དབང་ལ་བརྒྱད་ཀྱི་དང་པོ་རྒྱུ་ལ་གཉིས་ཀྱི་དང་པོ་མཚུངས་ལྡན་གྱི་རྒྱུ་ནི། ལྕེའི་འདོམ་རྩ་མྱོང་བྱེད་རེག་ཤེས་ཀྱི་ཐིག་ལེའོ། །གཉིས་པ་ལྷན་ཅིག་པ་བྱེད་པའི་རྒྱུ་ནི། དུང་ཆག་ཤིང་འཁོར་ལོ་གསུམ་མཐའ་ཡས་ཀྱི་རབ་གནས་ཅན་ནོ། །གཉིས་པ་རྐྱེན་ལ་བཞིའི་དང་པོ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སྐྱེས་བུ་སྟེ། མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། དབང་རྫས་རབ་གནས་དང་ལྡན་པའོ། །གསུམ་པ་བདག་པོའི་རྐྱེན་ནི། དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། འཕྲིན་ལས་ཀྱི་དབང་ཐོབ་པས་གོ་ཕྱེས་ནས། འཆད་དབང་ཐོབ་མ་རག་པའོ། །གསུམ་པ་ངོ་བོ་ནི། འཆད་པའི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བ སྐྱེད་པ་སྟེ། རྣོ་མཚོན་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམས་ནི། འཕྲིན་ལས་ཀྱི་དབང་གི་རྗེས་སུ་འཆད་དབང་བསྐུར་རོ། །དྲུག་པ་ལས་རིམ་ལ། དྲུག་གི་དང་པོ་བསམ་རྒྱུད་ནི། དབང་ཕྱུག་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་སྦྱོར་འཚམས་ནས་བྷྲུཾ་སློབ་བུའི་ལྕེའི་སྟེང་དུ་འཕྲོས་པས། གཞལ་ཡས་ཁང་གདན་དང་བཅས་པ་སྔར་བཞིན་གསལ་ལ། འཁོར་ལོ་ལ་གདན་གྱི་སྟེང་དུ། ཧྲཱིཿཟུང་ལྔ་དང་། སྒོ་ཁྱུད་ལ་ཧཱུཾ་ཛཿཧུཾ་ཧཱུཾ་ཧཱུཾ་བོ་ཧཱུཾ་ཧོ། སྥ་ར་སང་གི་སྤྲོ་བསྡུས་འོད་དུ་ཞུ་བའི་འོད་ཕུང་ལས། པདྨ་གྷཎྜེ། པདྨ་གིཏྟི། ཏིག་ནཱ་ཨ་ལོ་ཀེ། ཙཀྲ་པོ་ཏ་བཀྵ་ཀོ་ཀེ་པ། དཎྜ་ཨངྒུ་ཤ །བཛྲ་པ་ཤ་ཀ་པ་ལ་ཤྲི་ཁ་ལ། བི་ཤྭ་བཛྲ་གྷཎྜེ། ཞེས་གོ་རིམ་བཞིན། པདྨ་དང་དྲིལ་བུ། པདྨ་དང་པི་ཝང་། རལ་གྲི་དང་མར་མེ། འཁོར་ལོ་དང་ལྕགས་སྒྲོག རྣམས་བསྐྱེད་ལ་སྥར་སང་གི་སྤྲོ་བསྡུས་འཁོར་ལོའི་ལྟེ་བ་ལ་སྣང་བ་མཐའ་ཡས་ཡབ་ཡུམ་པདྨ་དང་དྲིལ་བུ་བསྣམས་པ་བསྐྱེད། དེ་བཞིན་དུ་རྩིབས་བཞི་ལ། རྡོ་རྗེ་ཆོས་པདྨ་ཁ་འབྱེད་པ་དང་། རྡོ་རྗེ་གླུ་ལེན་པ་པི་ཝང་བསྣམས་པ། རྡོ་རྗེ་རྒྱུ་འཁོར་ལོ་དང་། རྡོ་རྗེ་ལྕགས་སྒྲོག་མ། ལྕགས་སྒྲོགས་བསྣམས་པ། རྡོ་རྗེ་སྨྲ་བ། རྡོ་རྗེ་ལྕེ་དང་། རྡོ་རྗེ་གསལ་ཀ་མ་སྒྲོན་མེ་བསྣམས་པ་བསྐྱེད། སྒོ་བ་ཡབ་ཡུམ་རང་རང་གིས་སྔགས་ཀྱིས་བསྐྱེད། དབང་བསྐུར། བྱིན་གྱིས་བརླབས། ཡེ་ཤེས་པ་དབབ། དྲངས་སྟིམ་བསྟན་མཆོད། སྦྱོར་བའི་བརྡས་བསྐུལ་སྙོམ་པར་ཞུགས་པ་རྗེས་ཆགས་ཀྱི་མེས། ལྷ་བཅྭ་བརྒྱད་སློབ་བུ་དང་བཅས་པ་འོད་དུ་ཞུ་བའི་འོད་ཕུང་དམར་པོ་ལས། སྣང་བ་མཐའ་ཡས་སུ་གྱུར་པར་བསམ། བསྒྲག་ཚིག་ནི། ༀ་གྱིས་བདུད་རྩི་བླ་མེད་ཀྱིས། དད་ལྡན་སྐྱེས་བུ་ངོམ་པར་བྱོས། རབ་འབྲིང་ཐ་མའི་བློ་ཅན་ལ། མཐུན་པར་གསང་བསྒྲག་གཞན་དུ་མིན། ཞེས་པས། བསྐུར་གནས་ནི། ལག་པ་སྟེ། དབང་རྫས། འཁོར་ལོ་དུང་ཆགས་ཤིང་གསུམ་ལས། འཁོར་ལོ་གདན་དུ་བྱས་ལ། ལག་པ་གཡས་སུ་དུང་དང་། གཡོན་དུ་ཆགས་ཤིང་གཏད་ལ། འབུད་ཅིང་བསྐོར་དུ་གཞུགས། བསྟིམ་གནས་ནི། ལྕེ་ལ་གནས་པའི་སྨྲ་བྱེད་རེག་ཤེས་ཀྱི་ཐིག་ལེ་ལ་སྟིམ་ཞིང་སྔོན་ཆད་སེམས་ཅན་གྱི་ཤེས་རྒྱུད་ལ། ཆོས་ཀྱི་འཁོར་ལོ་བསྐོར་མི་ནུས་པའི་སྒྲིབ་པ་དག་ནས། ད་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམ་ཞིང་། བདེན་པ། འཆད་པའི་དབང་བསྐུར་བས་སེམས་ཅན་ཐམས་ཅད་ཀྱི་ཤེས་པའི་རྒྱུད་ལ། ཐེག་པ་མཐའ་དག་གི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་དབང་མ་ཐོབ་པའི་སྐྱོན་ནི། དབང་མ་ཐོབ་པར་འཆད་པ་ལ་སོགས་བྱས་ན། འབྲས་བུ་མེད་ཅིང་བརླག་པར་འགྱུར་བའི་སྐྱོན་ཡོད་དོ། །བརྒྱད་པ་དབང་ཐོབ་པའི་ཡོན་ཏན་ནི། རྒྱལ་བའི་སྲས་སུ་འགྱུར་ཞིང་། ཚེ་རིང་བདེ་སྐྱིད་ཕུན་སུམ་འཚོགས་པ་དང་། ཕྱི་མར་མཐོ་རིས་དང་ཐར་པའི་བདག་པོར་འགྱུར་རོ། །ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་གྱི་དབང་ལ། བརྒྱད་ཀྱི་དང་པོ་རྒྱུ་ལ་གཉིས་ཀྱི་དང་པོ་མཚུངས་ལྡན་གྱི་རྒྱུ་ནི། ཡན་ལག་ལྔའི་འདམ་རྩ་ན་བསྐྱོད་བྱེད་རེག་ཤེས་ཀྱི་ཐིག་ལེ་ལྔ་གནས་པའོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི། རྡོ་རྗེ་དྲིལ་བུ་ཀུན་བཟང་ཡབ་ཡུམ་ཀྱི་རབ་གནས་ཅན་ནོ། །གཉིས་པ་རྐྱེན་ལ་བཞིའི་དང་པོའི་སློབ་མ་སྟེ། མི་མཐུན་ཕྱོགས་གྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་གྱི་རྒྱུ་དང་ལྡན་པའོ། གཉིས་པ་དམིགས་པའི་རྐྱེན་ནི། དབང་རྫས་རབ་གནས་དང་ལྡན་པའོ། །གསུམ་པ་བདག་པོའི་རྐྱེན་ནི། དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐེག་པའི་རྐྱེན་ནི། འཆད་དབང་ཐོབ་པས་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་གྱི་དབང་ཐོབ་པའི་སྒོ་ཕྱེ་སྟེ། ཐོབ་ལ་མ་རག་པའོ། །གསུམ་པ་ངོ་བོ་ནི། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱིི་དབང་ངོ་། །བཞི་པ་འབྲས་བུ་ནི་ནུས་པ་དངོས་སུ་བསྐྱེད་པ་སྟེ། རྣོ་མཚོན་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། འཆད་དབང་གི་རྗེས་སུ། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་རོ། །དྲུག་པ་ལས་རིམ་ལ་ལྔའི་དང་པོ་བསམ་རྒྱུད་ནི། དབང་ཕྱུག་ཡབ་ཡུམ་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་སྦྱོར་འཚམ་གྱི། བྷྲུཾ་ཆ་ལྔ་འཕྲོས་སྟེ། སློབ་བུའི་མགོ །ལག་འཐིལ་གཡས་གཡོན་རྣམས་སུ་འཕྲོས་པས། བྷྲུཾ་བི་ཤྭ་བཱི་ཤུད་དྷེའི་སྔགས་ལན་ལྔ་བརྗོད་པས། མགོ་ལ་སོགས་པའི་གནས་ལྔར་གཞལ་ཡས་ཁང་གདན་དང་བཅས་པ་ཆ་ལྔ་བསྐྱེད་ལ། མགོའི་གཞལ་ཡས་ཁང་གི་དབུས་ཀྱི་འཁོར་ལོ་ལ། ༀ་ཟུང་ལྔ། དེ་བཞིན་དུ་ལག་པ་གཡས་པ་ཧཱུཾ་ཟུང་ལྔ་ལག་པ་གཡོན་པ་ལ་སྭ་ཟུང་ལྔ། རྐང་པ་གཡོན་པ་ལ་ཨཾ་ཟུང་ལྔ། གཡས་པ་ལ་ཧཱ་ཟུང་ལྔ། ལུས་ཀྱི་སྤྱི་གཙུག་དང་། སྙིང་ཁ་ནུ་མ་གཡས། དཔུང་པ་གཡས། སོག་པ་གཡས། སོག་ཕྲག །སོག་པ་གཡོན། དཔུང་པ་གཡོན། ནུ་མ་གཡོན། བཤང་ལམ་རྣམས་སུ་ཧཱུཾ་ཟུང་རེ་རེ་བཀོད་ལ། སྥར་སང་གི་སྤྲོ་བསྡུས། ལྷ་བདུན་བཅུ་རང་རང་གི་ཕྱག་མཚན་དུ་གྱུར་ཏེ། དེ་ཡང་སྥར་སང་གི་སྤྲོ་བསྡུས། ལྷ་བདུན་བཅུ་རང་རང་གི་བསྐྱེད་སྔགས་ཀྱིས་སྐུ་ཡོངས་སུ་རྫོགས་པར་བསྐྱེད་དོ། །ཐོག་མར་སློབ་བུའི་མགོ་ལ་བསྐྱེད་པའི་གཞལ་ཡས་ཁང་གི་འཁོར་ལ་གནས་པའི་ཉི་ཟླ་པདྨའི་གདན་ལ། དབུས་ཀྱི་ལྟེ་བ་ལ། ༀ་ༀ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཙཀྲ་གྷཎྜེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ༀ་ཛི་ན་ཛི ཀ྄་ༀ། ལཾ་ཏ་ཤྭ་ར་ཏི་ༀ། ཞེས་རྣམས་སྣང་ཡབ་ཡུམ་བསྐྱེད། མདུན་གྱི་རྩིབས་ལ། ༀ་ༀ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་དྷ་ར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་སཏྭ་ༀ། བཛྲ་ལ་སྱ་ༀ། ཞེས་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་། ལ་སྱེ་མ་མེ་ལོང་བསྣམས་པ། གཡས་རྩིབས་ལ། ༀ་ༀ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨངྒུ་ཤ་དྷུཔྤེ་ༀ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ བཛྲ་ར་ཛ་ༀ། བཛྲ་དྷུ་པེ་ༀ། ཞེས་རྡོ་རྗེ་རྒྱལ་པོ་ལྕགས་ཀྱུ་བསྣམས་པ། དྷུ་པེ་མ་སྤོས་ཁང་བསྣམས་པ། རྒྱབ་ཀྱི་རྩིབ་ལ། ༀ་ༀ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ར་ག་ཨངྒུ་ཤ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ ། ༀ་བཛྲ་ར་ག་ༀ། ༀ་བཛྲ་ཨངྒུ་ཤ་ༀ། ཞེས་རྡོ་རྗེ་ཆགས་པ་འདའ་གཞུ་འགེངས་པ་དང་། རྡོ་རྗེ་ལྕགས་ཀྱུ་བསྣམས་པ། གཡོན་གྱི་རྩིབས་ལ། ༀ་ༀ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ས་དུ་ར་ཏི། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་ས་དྷུ་ༀ། བཛྲ་ར་ཏི་ༀ། ཞེས་རྡོ་རྗེ་ལེགས་པ་སེ་གོལ་བརྡེབ་པ་དང་། རྡོ་རྗེ་སྒྲོལ་མ་སྔོ་པོ་འཕྲེང་བ་བསྣམས་པ་བསྐྱེད། ལག་པ་གཡས་ཀྱི་གཞལ་ཡས་ཁང་གི་གདན་གྱི་སྟེང་དུ། འཁོར་ལོའི་ལྟེ་བ་ལ། ཧཱུཾ་ཟུང་ལྔ་སྤྲོས་ལ། ཆོ་ག་གསུམ་གྱིས་ལྷ་བསྐྱེད་དེ། ཧཱུཾ་ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་གྷཎྜ་། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ ། ༀ་བཛྲ་དྷྲིཀ྄་ཧཱུཾ། མུཾ་ད་དུ་ཤྭ་རི་ཧཱུཾ། ཞེས་མི་སྐྱོད་པ་ཡབ་ཡུམ་བསྐྱེད། མདུན་གྱི་རྩིབས་ལ། ཧཱུཾ་ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ས་ཏྭ་བཛྲ་ཧཱུཾ། ཏིཥྛ་བཛྲ་ཧཱུཾ། ཞེས་སེམས་དཔའ་རྡོ་རྗེ་དང་། བརྟན་མ་རྡོ་རྗེ་སྐུར་བརྟེན་མ། གཡས་སུ་ཧཱུཾ་ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། རཏྣ་ཛྭ་ལ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ་རཏྣ་བཛྲ་ཧཱུཾ། ཛྭ་ལ་བཛྲ་ཧཱུཾ། ཞེས་རིན་ཆེན་རྡོ་རྗེ་རིན་ཆེན་འབར་བ་དང་། འབར་མ་རྡོ་རྗེ་མེ་འོད་བསྣམས་པ། རྒྱབ་དུ་ཧཱུཾ་ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། དྷརྨ་སང་ཀྲ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། དྷརྨ་བཛྲ་ཧཱུཾ། ཞེས་ཆོས་ཀྱི་རྡོ་རྗེ་པདྨ་དང་། བསྡུད་མ་རྡོ་རྗེ་སྤོ་ཏི་བསྣམས་པ་གཡོན་དུ་ཧཱུཾ་ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ ། བི་ཤྭ་ཙཀྲ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཀརྨ་བཛྲ་ཧཱུྃ། ཙཀྲ་ལ་བཛྲ་ཧཱུྃ། ཞེས་རྡོ་རྗེ་འཕྲིན་ལས་ཤང་ལང་དང་། བསྐྱོད་མ་རྡོ་རྗེ་བ་དན་བསྣམས་པ་བསྐྱེད། ལག་པ་གཡོན་གྱི་གཞལ་ཡས་ཁང་གི་འཁོར་ལོའི་ལྟེ་བ་ལ། སྭ་སྭ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། རཏྣ་གྷཎྜེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། སྭ་རཏྣ་དྷྲིཀ྄་མཾ་མོ་ཧ་ར་ཏི་སྭཧཱ་ཞེས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་བསྐྱེད། མདུན་གྱི་རྩིབས་ལ། སྭཱ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། རཏྣ་མ་ལེ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ ། བཛྲ་རཏྣ་སྭཱ། བཛྲ་མ་ལྱེ་སྭཱ། ཞེས་རྡོ་རྗེ་རིན་ཆེན་རིན་པོ་ཆེའི་མྱུ་གུ་དང་ཕྲེང་བ་བསྣམས་པ། གཡས་སུ་སྭཱ་སྭཱ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། སུརྻ་པུཥྤེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ།། བཛྲ་སུརྻ་སྭཱ། བཛྲ་པུཥྤེ་སྭཱ། རྡོ་རྗེ་གཟི་བརྗིད་ཉི་མ་དང་། མེ་ཏོག་མ་མེ་ཏོག་བསྣམ་པ། རྒྱབ་དུ་སྭཱ་སྭཱ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཀེ་དུ་པ་ཤ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་ཀེ་དུ་སྭཱ། བཛྲ་པ་ཤ་སྭཱ། ཞེས་རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་ཞགས་པ་མ་ཞགས་པ་བསྣམས་པ། གཡོན་དུ་སྭཱ་སྭཱ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཧ་སྱེ་ར་ཏི་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་ཧ་སྱེ་སྭཱ་བཛྲ་རཏྣ་སྭཱ་ཞེས། རྡོ་རྗེ་གཞད་པ་ཚེམས་ཀྱི་འཕྲེང་བ་སྟོན་པ་དང་། རྡོ་རྗེ་བསིལ་ཡབ་རིན་པོ་ཆེའི་བསིལ་ཡབ་བསྣམས་པ་བསྐྱེད། རྐང་པ་གཡོན་གྱི་གཞལ་ཡས་ཁང་གི་འཁོར་ལོའི་ལྟེ་བ་ལ། ཨཾ་ཨཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། པདྨ་གྷཎྜེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ༀ་ཨ་རོ་ལིཀ྄ ཨཾ་པྱཾ་ར་ག་ར་ཏི་ཨཾ། ཞེས་སྣང་བ་མཐའ་ཡས་ཡབ་ཡུམ་བསྐྱེད། མདུན་རྩིབས་ལ། ཨཾ་ཨཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། དྷརྨ་གིཏྟི་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་དྷརྨ་ཨཾ། བཛྲ་གིཏྟི་ཨཾ་ཞེས། རྡོ་རྗེ་ཆོས་པདྨ་དང་། རྡོ་རྗེ་གླུ་ལེན་མ་པི་ཝཾ་བསྣམས་པ། གཡས་སུ་ཨཾ་ཨཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཏིག་སྣ་ལོ་ཀེ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་ཏིག་སྣ་ཨཾ། བཛྲ་ཨ་ལོ་ཀེ་ཨཾ་ཞེས། རྡོ་རྗེ་རྣོན་པོ་རལ་གྲི་དང་། རྡོ་རྗེ་མར་མེ་མ་མར་མེ་བསྣམས་པ། རྒྱབ་དུ་ཨཾ་ཨཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཙཀྲ་སྤོ་ཊ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་ཙཀྲ་ཨཾ། བཛྲ་སྥོ་ཊཨཾ། ཞེས་རྡོ་རྗེ་རྒྱུ་འཁོར་ལོ་དང་། རྡོ་རྗེ་ལྕགས་སྒྲོག་མ་ལྕགས་སྒྲོག་བསྣམས་པའོ། །གཡོན་དུ། ཨཾ་ཨཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། པཀྵ་ཀེ་པ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་པག་ཀྵ་ཨཾ། བཛྲ་ཀེ་ཀེ་པ་ཨཾ། ཞེས། རྡོ་རྗེ་སྨྲ་བ་རྡོ་རྗེའི་ལྕེ་དང་རྡོ་རྗེ་གསལ་ཀྲ་མ་རྡོ་རྗེ་བསྣམས་པར་བསྐྱེད། རྐང་པ་གཡས་པའི་གཞལ་ཡས་ཁང་གི་འཁོར་ལོའི་ལྟེ་བ་ལ། ཁངྒུ་ག ཎྜེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ༀ་བཛྲ་པྲཛྙཱ་དྷྲིཀ྄་ཧ། ༀ་བཛྲ་ར་ཏི་ན་ཞེས། དོན་ཡོད་གྲུབ་པ་ཡབ་ཡུམ་བསྐྱེད། མདུན་གྱི་རྩིབས་ལ། ཧ་ཧ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བི་ཤྭ་བཛྲ་ནིརྟི་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་ཀརྨ་ཧཱ་བཛྲ་ནིརྟི་ཧཱ། ཞེས། རྡོ་རྗེ་ལས་སྣ་ཚོགས་རྡོ་རྗེ་པདྨ། རྡོ་རྗེ་གར་མ་གར་བསྒྱུར་བའོ། །གཡས་སུ་ཧཱ་ཧཱ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། རཀྵ་གྷཎྜེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་རཀྵ་ཧཱ། བཛྲ་གྷཎྜེ་ཧཱ་ཞེས། རྡོ་རྗེ་བསྲུང་བ་གོ་ཆ་དང་། རྡོ་རྗེ་ཏྲི་མ་དབྱུག་པའོ། རྒྱབ་ཏུ་ཧཱ་ཧཱ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཏྲཾ་ཏྲཾ་གྷཎྜེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་ཡཀྵ་ཧཱ། བཛྲ་གྷཎྜེ་ཧཱ། ཞེས་རྡོ་རྗེ་གནོད་སྦྱིན་ཕག་རྒོད་ཀྱི་མཆེ་བ་དང་། རྡོ་རྗེ་དྲིལ་བུ་མ་དྲིལ་བུ་བསྣམས་པའོ། གཡོན་དུ་ཧཱ་ཧཱ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། སན་ཏི་པར་ཤེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་སན་ཏི་ཧཱ། བཛྲ་པར་ཤེ་ཧཱ་ཞེས། རྡོ་རྗེ་ཁུ་ཚུར་སྐུར་བརྟེན་པ་དང་། རྡོ་རྗེ་རེག་མ་ལྷའི་ནམ་བཟའ་པན་ཙ་ལི་ཀ་བསྣམས་པ་བསྐྱེད། ལུས་ཀྱི་གནས་བཅུར། ཧཱུཾ་ཟུང་བཅུ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། གིས་སྤྲོ་བསྡུས་འོད་དུ་ཞུ་བའི་འོད་ཕུང་ལས། བཛྲ་བྷནྷ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཅུས་ཁྲོ་བོ་བཅུའི་ཐུགས་ཕྱག་མཚན་རྡོ་རྗེ་དུང་དམར་བཅུར་གྱུར་པ་ལས། སྐུ་ཡོངས་སུ་རྫོགས་པར་བསྐྱེད། སྤྱི་གཙུག་ཏུ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་ཧཱུཾ་ལས། ཧཱུཾ་ཀ་ར་སྔོ་སྐྱ་གཡས་དཀར། གཡོན་དམར་བ། ཕྱག་དང་པོར་རྡོ་རྗེ་དང་དུང་དམར། བར་མ་གཉིས་མདའ་གཞུ། ཐ་མ་གཉིས་ཕུར་པ་འདྲིལ་བ། དུར་དྲོད་ཀྱི་ཆས་བརྒྱད་དང་། གར་དགུའི་བརྒྱན་པ་དང་འོད་ཀྱིས་ཡུམ་སྒྲ་འབྱིན་མ་དང་བཅས་པར་བསྐྱེད། དེ་བཞིན་དུ་འཆད་པར་འགྱུར་བའི་ཁྲོ་བོ་ཐམས་ཅད་ཀྱང་། དབུས་ཞལ་སྐུ་མདོག་དང་མཚུངས་པའོ། །ཕྱག་དང་པོ་གཉིས་རྡོ་རྗེ་དང་དུང་དམར། བར་མ་གཉིས་རང་བཏགས་ཀྱི་ཕྱག་མཚན་འཛིན་པ། ཐ་མ་གཉིས་རི་རབ་ཀྱི་ཕུར་པ་འདྲིལ་བ། དུར་ཁྲོ་ཀྱི་ཆས་བརྒྱད་ཀྱི་བརྒྱན་ཞིང་། རང་འོད་ཀྱི་ཡུམ་རྡོ་རྗེ་སྙེམ་མ་ལ་སོགས་པ། གཡས་གཙོ་བོ་ལ་འཁྱུད་ནས་གཡོན་པས་དུང་དམར་གཙོ་ལ་སྟོབས་པ་དང་བཅས་མེ་དཔུང་གི་ཀློང་ན་བཞུགས་པ་བསྐྱེད་དོ། །བི་ཛ་ཡ་ཧཱུཾ། ཞེས་བརྗོད་པས། སྙིང་ཁར་རྣམ་རྒྱལ་དཀར་པོ་ཞལ་གཡས་སྔོ་སྐྱ། གཡོན་སྔོན་པོ་ཁ་ཏྲཾ་ཏྲི་ཤུལ་བསྣམས་པའོ། །ནི་ལཾ་དྷཎྜ་ཧཱུཾ་ཧཱུཾ། ཞེས་ནུ་ཁ་གཡས་ལ་དབྱུག་པ་སྔོན་པོ་གཡས་དཀར། གཡོན་སྔོ་བ། དབྱུག་པ་དང་མེ་དཔུང་བསྣམས་པ། ཡ་མན་ཏ་ཀ་ཧཱུཾ་ཧཱུཾ་ཞེས། དཔུང་མགོ་གཡས་ལ། གཤིན་རྗེ་གཤེད་མཐིང་ཁ། གཡས་སྔོ། གཡོན་ལྗང་བེན་ཅོན་དང་དགྲ་སྟྭ་བསྣམས་པའོ། །སོག་སྟེང་གཡས་པར་ཨརྻ་ཨ་ཙ་ལ་ཧཱུཾ་ཧཱུཾ། ཞེས། མི་གཡོ་མགོན་པོ་སྐུ་མདོག་ལྗང་དམར། གཡས་མཐིང་། གཡོན་དམར་། སྤུ་གྲི་དང་ཞགས་པ་བསྣམས་པའོ། །སོག་ཕྲག་ཏུ་ཧྱ་གྷྲྀ་བ་ཧཱུཾ་ཧཱུཾ། ཞེས། རྟ་མགྲིན་དམར་པོ། གཡས་ལྗང་། གཡོན་དཀར། རལ་གྲི་དང་སྦྲུལ་ཞགས་འཛིན་པའོ། སོག་སྟེང་གཡོན་དུ་ཨ་པ་ར་ཛི་ཏ་ཧཱུཾ་ཧཱུཾ་ཞེས། གཞན་གྱིས་མི་ཐུབ་པ་སྔོན་པོ། གཡས་དམར་གཡོན་ལྗང་། བྷན་རྒྱ་དང་རྔ་ཡབ་བསྣམས་པ། དཔུང་མགོ་གཡོན་པར། ཨ་མྲི་ཏ་ཀུཎྜ་ལི་ཧཱུཾ་ཧཱུཾ་ཞེས། བདུད་རྩི་འཁྱིལ་པ་ལྗང་ཁུ། གཡས་སྔོ། གཡོན་སེར། རྒྱ་གྲམ་དང་དྲིལ་བུ་བསྣམས་པའོ། །ནུ་ཁ་གཡོན་པར་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཧཱུཾ། ཞེས། ཁམས་གསུམ་རྣམ་རྒྱལ་སེར་པོ། གཡས་ལྗང་གཡོན་དུ་ཁ་འཁོར་ལོ་དང་མཆེ་བ་འཛིན་པའོ། །བཤང་ཁར་མ་ཧཱ་བ་ལ་ཧཱུཾ་ཧཱུཾ། ཞེས་སྟོབས་པོ་ཆེ་དུང་ཁ་གཡས་སེར། གཡོན་དཀར། ཐོ་བ་དང་། བཏུན་ཤིང་བསྐྱེད་དོ། །དེ་ལྟར་ལྷ་ཚོགས་བདུན་བཅུ་པོ་ལ། ཤུ་ནྱ་ཏས་ཡེ་ཤེས་ལྔའི་དབང་བསྐུར་ལ། རང་རང་གི་རིགས་ཀྱི་བདག་པོ། དབུས་ན་གནས་པའི་རིགས་ལྔས་དབུ་བརྒྱན་པར་བསྒོམ་ལ། ཀཱ་ཡ་བཛྲ་ལ་སོགས་སྐུ་གསུང་ཐུགས་བྱིན་གྱིས་རླབས། རང་བཞིན་གྱིས་གནས་ནས་རང་འདྲ་བའི་ཡེ་ཤེས་པ། ས་མན་ཛ། སྙན་གསན་དབབས། ཨེ་ཧྱེ་ཧིས་སྤྱན་དྲངས། ཛ་ཧཱུཾ་བཾ་ཧོཿ སྟིམ། ཀ་ཡ་ཝཀ་ཙིཏྟས་བརྟན་པར་བྱས། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་པས། ལྷ་ཡབ་ཡུམ་ཐམས་ཅད་ཕན་ཚུན་མཁའ་གསང་བརླབས། སྦྱོར་བའི་བརྡས་བསྐུལ་ནས། སྙོམ་པར་ཞུགས་པའི་བདེ་བ་ཆེན་པོས། སློབ་བུ་དང་བཅས་པ་ཞུ་བར་གྱུར་པའི་འོད་ཕུང་སྔོན་པོ་ལས། རིགས་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་བསམ། བསྒྲག་ཚིག་ནི། ༀ་ཕྱོགས་བཅུ་དུས་བཞིའི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱིས་སྦྱིན་པ་མོས། །བསྐུར་གནས་ནི། ལག་པ་གཡས་གཡོན་དུ། དབང་ཕྱུག་གི་རྡོ་རྗེ་དང་དྲིལ་བུ་བསྣོལ་མ་གཏད་དེ། སྙིང་ཁར་བསྣོལ་དུ་བཅུག་ལ། བསྟིམ་གནས་ནི། ཡན་ལག་ལྔའི་རེག་ཤེས་ཀྱི་ཐིག་ལེ་ལ། སྟིམ་པས། སྔོན་ཆད་སློབ་མ་དཀྱིལ་འཁོར་དུ་ཞུགས་ཅིང་དབང་བསྐུར་བ་ལ་སོགས་པ་གཞན་དོན་བྱ་བར་མི་ནུས་པའི་སྒྲིབ་པ་དག་ནས། ད་དབང་ཕྱུག་ཆེན་པོར་གྱུར་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྤྱོད་ཅིང་སྒྲུབ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམ། བདེན་པ། རིགས་ཀྱི་བུ་འདི་རྣམས་ལ། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱིས་དབང་བསྐུར་བས། སློབ་མ་དཀྱིལ་འཁོར་དུ་ཞུགས་ཅིང་དབང་བསྐུར་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་བཀའ་རབ་འབྱམས་ཀྱིས་དབང་མ་ཐོབ་པའི་སྐྱོན་ནི། རྩ་རྒྱུད་ཀྱི་ལེའུ་བཅུ་པ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། ཞེས་གསུངས་སོ། །བརྒྱད་པ་དབང་ཐོབ་པའི་ཡོན་ཏན་ནི། དེ་ཉིད་ལས། དུས་འདི་ཚུན་ཆད་རྒྱལ་བའི་སྲས། ངན་སོང་ཐམས་ཅད་མེད་པ་དང་། ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། ཞེས་གསུངས་སོ། །དེ་དག་ནི་ནང་ནུས་པའི་དབང་གི་ལས་ཀྱི་རིམ་པ་སྟེ། ནང་ནུས་ཀྱི་དཀྱིལ་འཁོར་དུ་བསྐུར་པའོ། །དེ་ཡང་ཉན་དབང་དང་། བསྒོམ་དབང་ཐོབ་པས་བདག་དོན་ནུས། འཕྲིན་ལས་ཀྱི་དབང་འཆད་དབང་ཐོབ་པས་གཞན་དོན་ནུས། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཐོབ་པས། བདག་གཞན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་ནུས་པའི་ཕྱིར། ནུས་པའི་དབང་ཞེས་ཐ་སྙད་དུ་བྱའོ། །སྤྱི་དོན་གསུམ་པ་ཟབ་མོའི་དབང་ལ། གསང་རྒྱུད་ལེའུ་བཅུ་པ་ལས། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་མས། བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། རྡོ་རྗེ་ལམ་ནས་པད་མོར་དཀྱིལ། རྩེ་ནས་སྟིམ་ཞིང་དཀྱིལ་འཁོར་བསྒྱུར། ཞེས་པས། གསུམ་སྟེ། གསང་བའི་དབང་བསྐུར་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་། བདེ་བ་ཆེན་པོའི་དབང་བསྐུར་བའོ། །དང་པོ་ལ་བརྒྱད་ཀྱི་དང་པོ་རྒྱུད་ལ་གཉིས་ཀྱི། དང་པོ་མཚུངས་ལྡན་གྱི་རྒྱུ་ནི། ཀུན་རྫོབ་ཙམ་དུ་སྐྱེ་འགག་གནས་དམིགས་འགྲོ་འོང་གི་སེམས་རང་ཆས་སུ་གནས་པ་དེའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། ཁྲུས་གསུམ་བྱས། བརྒྱན་གསུམ་བཏགས། ཆོས་གསུམ་བཤད་པའི་བུ་མོ་མཚན་ཉིད་དང་ལྡན་པ་ལོ་ཉི་ཤུ་ལོན་པ་དེའོ། །གཉིས་པ་རྐྱེན་བཞི་ལ། དང་པོ་རྒྱུའི་རྐྱེན་ནི། གསང་དབང་བསྐུར་དུ་རུང་པའི་སྐྱེས་བུ་སྟེ། མི་མཐུན་ཕྱོགས་གྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། བུ་མོ་ལོ་ཉི་ཤུ་མ་ཡུམ་ལྔ་ལ་སོགས་པས་བྱིན་གྱིས་བ རླབས་པ་དེའོ། །གསུམ་པ་བདག་པོའི་རྐྱེན་ནི། གསང་དབང་བསྐུར་ནུས་པའི་བླ་མ་སྟེ། ཡོན་ཏན་བཅུ་བཞི་དང་ལྡན་པའོ། བཞི་པ། དེ་མ་ཐག་པའི་རྐྱེན་ནི། དབང་སྔ་མ་ནང་ནུས་དབང་ལྔ་ཐོབ་པས་གོ་ཕྱེ་ནས། གསང་དབང་འབྱུང་བའི་རྐྱེན་བྱེད་པ་སྟེ། གསང་དབང་ཐོབ་ལ་མ་རག་པ་དེའོ། །གསུམ་པ་དབང་གི་ངོ་བོ་ནི། གསང་བའི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་སྟེ། རྣོ་མཚོན་ལ་ངར་བརྟག་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། ནུས་དབང་གི་རྗེས་སུ་གསང་དབང་བསྐུར་རོ། །དྲུག་པ་ལས་རིམ་ལྔའི་དང་པོ་བསམ་རྒྱུད་ནི། ཐོག་མར་ཕྱག་རྒྱ་མ་མཚན་ཉིད་བརྟག་པ་ནི། དམ་ཚིག་རྡོ་རྗེ་གསལ་བཀྲ་ལས། པད་ཅན་དུང་ཅན་རི་མོ་ཅན། བ་གླང་ཅན་དང་ལྕུགས་ཕྲན་ཅན། སྡོང་གཅིག་མེ་རིག་ཆལ་བ་བརྒྱད། བསྙེན་གྲངས་སྙེད་རིང་སྟོད་སྨད་ཕྱེད། ཡན་ལག་ཕྲ་འཇམ་ཚིག་མིག་ཟླུམ། དཔྲལ་བའི་དབྱེས་ཆེ་མིག་ཀྱུས་རིང་། མིག་དཔྲལ་དཀྱིལ་ན་ཨུད་དཔལ་མདོག །མཆུར་ཞིང་གཉིས་ཀ་འབྲིང་དུ་བཤད། ལུས་ལ་ཆུ་རླུང་ག་བུར་དྲི། གསང་ཐུབ་ཤེས་རབ་སྤྱོད་པ་དལ། དད་ལྡན་འགྲོགས་ཤིང་དད་ཆེ་བ། ཅེས་གསུངས་པ་ལྟར། མཚན་ཉིད་དང་ལྡན་པ་བཀུག་ཅིང་། ཁྲུས་བྱས་བརྒྱན་བཏགས། བཟའ་བཏུང་ལོངས་སྤྱོད་མཎྜལ་དང་བཅས་པས་བླ་མ་ལ་ཕུལ། དེ་ནས་བླ་མས་ཡུམ་ལ་ཇི་ལྟར་འོས་པའི་དབང་བསྐུར། དེ་ནས་ཡབ་ཡུམ་གཉིས་བདག་བསྐྱེད་བསྒོམས་སྟེ། ཡབ་ཀུན་དུ་བཟང་པོར་སྒོམ་པའི་གནས་ལྔ་རིགས་ལྔ་ཡན་ལག་བཞི་ལ་སྒོ་བ་བཞི་བསྐྱེད། རྒྱས་པ་ལྟར་ན་བཞི་བཅུ་རྩ་གཉིས་ཀྱི་ལུས་དཀྱིལ་བསྒོམ། དཀྱིལ་འཁོར་བརྒྱས་བསྡུས་དང་། ཚོམ་བུ་གཅིག་གསུམ་ལྔ་པ་གོས་ཤུགས་ལ་ཤེས། ཡུམ་ཀུན་དུ་བཟང་མོར་སྒོམ། གནས་ལྔར་ཡུམ་ལྔ་འགོད། ཡན་ལག་བཞི་ལ་སྒོ་མ་བཞི་བསྐྱེད། རྒྱས་པར་སྤྲོ་ན། གོང་བཞིན་འགྲེ། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བ སྟིམ་མཆོད་བསྟོད། དེ་ནས་ཡབ་ཀྱི་གསང་བའི་ཧཱུཾ་ལས། རྡོ་རྗེ་དམར་པོ་རྩེ་ལྔ་པ་རྭ་ལྔ་ལ་ཡབ་ཀྱི་འབྲུ་ལྔ། དབུས་ཀྱི་རྩ་གསུམ་ལ། ༀ་ཨཱཿཧཱུཾ་གསུམ་སུམ་མདོར་ཕཊ། ཡུམ་གྱི་མཁའ་ལ་པདྨ་འདབ་བརྒྱད། ཟེ་འབྲུ་ལ་ཨེ་མཐིང་ཀ་མེད་འོད་དང་ལྡན་པ་བསྐྱེད་ལ། དམིགས་པའི་འཕྲོ་འདུ་དང་ལྡན་པས། ཞི་བའི་བསྙེན་པ་ཅི་རིགས་པར་བྱེད་དོ། །མདུན་བསྐྱེད་ནི། དཀྱིལ་འཁོར་སོར་བཞིའི་ཚད་དུ་བྱ་གསུངས་པ་དང་། མཚུངས་པར། ཀ་པཱ་ལའི་སྟེང་གི་མེ་ལོང་ལ་པདྨ་འདབ་བཞི་གྲུ་ཆད་སྒོ་འདོགས་ཅན་ལ་སོགས་བྲི་ཞིང་། ཡུམ་ལྔ་སྒོ་མ་དང་བཅས་པ་ལ་སོགས་བསྐྱེད། དཀྱིལ་འཛུབ་གང་ཚད་དུ་བྱ། གསུངས་པ་དང་མཚུངས་པར་མེ་ལོང་གི་སྟེང་གི་རྡོ་རྗེ་ལ་རིགས་ལྔ་སྒོ་བ་བཞི་དང་བཅས་པ་ལ་སོགས་པ་བསྐྱེད། སྤྱན་འདྲེན། མཆོད་བསྟོད། བསྙེན་པ་དང་བཅས་པ་བྱེད་དོ། །དེ་ནས་མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་གསང་དབང་གི་བདག་འཇུག་བླ་མ་ཡབ་ཡུམ་གཉིས་ཀས་ལེན་ནོ། །དེ་ནས་བུས་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། རྡོ་རྗེ་སློབ་དཔོན་ཡབ་ཡུམ་དགོངས། །འདོད་པ་འབྱུང་པ་རིན་ཆེན་གཏེར། །དགྱེས་པ་ཆེན་པོ་ཐབས་ལམ་གྱིས། ཆུ་བོ་བཞི་ལས་བདག་སྒྲོལ་མཛོད། ལན་གསུམ། སློབ་དཔོན་གྱིས་ལན་དུ། །བུ་ཁྱོད་བསྒྲོལ་དང་ཐབས་ལམ་འདི། །རྒྱལ་བ་ཡོངས་ཀྱིས་སྦས་པ་ཡིན། །ཐབས་ཆེན་གསང་བའི་ཐེག་པ་འདི། །གཙང་སྨེས་འཆིང་བ་སྦྱང་བའི་ཕྱིར། །དྲི་ཤ་ཆུ་རྣམས་བཟའ་བཏུང་དང་། །བྷ་གའི་ཡེ་ཤེས་དཀྱིལ་འཁོར་ལ། །འོ་དང་འཇིབ་དང་བསྒྲེང་བ་དང་། །སེམས་ཆུ་གདུང་བར་ཁྱོད་ནུས་སམ། བརྗོད་བུས་ལན་དུ། ཨེ་མ་ཧོ་ཐབས་ལམ་ཡེ་ཤེས་ཕྱིར། །བདག་ནི་ཅི་ཡང་མི་ནུས་མེད། །དེ་དག་བདག་གིས་སྤྱད་པར་བགྱི། །ཇི་ལྟར་སྤྱད་ཕྱིར་བདག་ལ་བསྩོལ། ལན་གསུམ། དེ་ནས་བླ་མས་ཡབ་ཡུམ་བདེ་བའི་བསྟན་ཆོས་བཤད། འོ་དང་འཁྱུད་པ་ལ་སོགས་པས་བདེ་བ་རྒྱས་པར་བྱེད། དེ་ནས་ཕྱག་རྒྱ་བཞིས་རོལ། ཡུམ་གྱིས་མཁའ་ལ་རྒྱལ་བའི་དལ་བསྐྱེད་ལ། ཐིག་ལེ་དབབ་ལ་མཆོད་པ་འབུལ། དེ་ནས་ཡུམ་གྱིས་བྱང་སེམས་དཀར་དམར་དུ་འདྲེས་པ་དེས། སློབ་བུ་ལ་དབང་བསྐུར་ཏེ། བྱ་དང་བྱེའུའི་ཚུལ་དུ་བསྐུར་བའི། བ་དང་བེའུའི་ཚུལ་དུ་བསྐུར་བའམ། བུང་བ་དང་མེ་ཏོག་གི་ཚུལ་དུ་བསྐུར་བའམ། ཡང་ན། མེ་ལོང་ཡུ་བ་ཅན་གྱི་བླང་ལ་བུ་རམ་སོགས་པའི་མངར་བསྲེག་ལ་ལྕེ་ཐོག་དུ་བཞུག་པས། དོན་དམ་རྟོག་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ། ཙིཏྟའི་སྙིང་གི་ནང་དུ་རིགས་དྲུག་གི་ས་བོན་ཡི་གེ་དྲུག་སྦྱངས། ལུས་ཀྱི་རྩ་གནས་ཐིག་ལེ་དང་བདེ་བས་གང་པར་བསྒོམས་ལ། བསྒྲག་ཚིག་ནི། ༀ་དྲི་མེད་སྐྱོན་བྲལ་ཤེལ་སྒོང་མུ་ཏིག་འདྲ། །པདྨ་རཱ་ག་ཆགས་པ་ཆེན་པོའི་གནས། །ཆོས་ཉིད་དག་པའི་འགྲོ་དོན་མཐར་ཕྱིན་ཞིང་། བྱང་ཆུབ་སེམས་ཀྱི་དབང་མཆོག་ཐོབ་བྱའི་ཕྱིར། བྷོ་དྷི་ཙིཏྟ་ཡབ་ཀྱི་བྱང་ཆུབ་སེམས། དོན་དམ་དབྱེར་མེད་བྱང་ཆུབ་ཆེན་པོའི་ངང་། སིན་དྷུར་དམར་པོ་ཡུམ་གྱི་བྱང་ཆུབ་སེམས། ཐར་པའི་ལམ་མཆོག་བདེ་བའི་ལམ་འདྲེན་ཞིང་། འཁོར་བའི་ལམ་ལས་ཀུན་རྒྱལ་དབང་ཐོབ་ཤོག། གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག །བྷོ་དྷི་ཙིཏྟ་ཀ་མ་ལ་སིདྷི་ཧཱུཾ། མཧཱ་སུ་ཀ་ཧོ། བསྐུར་གནས་ནི། ལྕེ་ཐོག་ཏུ་བདུད་རྩི་བཞག །སྟིམ་གནས་ནི། མཚུངས་ལྡན་གྱི་རྒྱུ་ལ་སྟིམ་མོ། །སྒྲིབ་པ་གང་དག་ནུས་པ་གང་དག་སྐྱེ་ནི། སྔར་ཕན་ཆད་གསང་དབང་མ་ཐོབ་པའི་སྒྲིབ་པ་དག་ནས། ལོངས་སྤྱོད་རྫོགས་པ་ཡི་སྐུ་ཐོབ་པའི་ནུས་པ་སྐྱེ་བར་བསམ་ལ། ཧོ། ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བས། ཐབས་ཤེས་གཉིས་སུ་མེད་པར་དབང་འབྱོར་ནས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་ཅིང་འདུ་འབྲལ་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག བདུན་པ་སྐྱོན་དང་། བརྒྱད་པར་ཡོན་ཏན་ནི། འོག་མ་རྣམས་དང་མཚུངས་སོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་བརྒྱད་ཀྱི་དང་པོ་རྒྱུ་ལ་གཉིས་ཀྱི་དང་པོ་མཚུངས་ལྡན་གྱི་རྒྱུ་ནི། དོན་དམ་དུ་སྐྱེ་བ་མེད། འགག་པ་མེད་གནས་པ་མེད། དམིགས་པ་མེད། འགྲོ་འོང་མེད་པའི་བྱང་ཆུབ་ཀྱི་སེམས་རང་ཆས་སུ་གནས་པའོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི། ཡུམ་ལོ་བཅུ་དྲུག་མ། ཁྲུས་བྱས། བརྒྱན་བཏགས་དབང་བསྐུར་པའོ། །གཉིས་པ་རྐྱེན་ལ་བཞིའི་དང་པོ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སྐྱེས་བུ་སྟེ་མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། དབང་རྫས་རབ་གནས་དང་ལྡན་པའོ། །གསུམ་པ་བདག་པོའི་རྐྱེན་ནི། དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། གསང་དབང་ཐོབ་པར་གོ་ཕྱེས་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ལ་མ་རག་པའོ། གསུམ་པ་ངོ་བོ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་སྐྱེས་པ་སྟེ། རྣོ་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། གསང་དབང་གི་རྗེས་སུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རོ། །དྲུག་པ་རིམ་པ་ལྔའི་དང་པོ་བསམ་རྒྱུད་ནི། གཟུངས་མ་ལོ་བཅུ་དྲུག་མཚན་དང་ལྡན་པ་བཀུག་ཅིང་ཁྲུས་བྱས། བརྒྱན་བཏགས། བཟའ་བཏུང་། ལོངས་སྤྱོད་མཎྜལ་དང་བཅས་པ་བླ་མ་ལ་འབུལ་ལོ། བླ་མས་ཕྱག་རྒྱ་མ་ལ་དགེ་བཅུ་བཤད། སྡོམ་པ་ཅི་རིགས་པ་འབོག །ཕྱིའི་དབང་རྣམས་བསྐུར། དེ་ནས་བླ་མ་དང་། ཕྱག་རྒྱ་མ་གཉིས་ཀས། བདག་བསྐྱེད་ལུས་དཀྱིལ་ལྟར་རྒྱས་པར་བསྒོམ་ལ། སྤྱན་འདྲེན་ལ་སོགས་མཆོད་བསྟོད་དང་། བསྙེན་པ་འབུམ་ཚར་ནས་མདུན་བསྐྱེད་མེ་ལོང་དང་། རྡོ་རྗེ་ལ་དམིགས་པའི་མདུན་བསྐྱེད་སྤྱན་འདྲེན་མཆོད་བསྟོད་བསྙེན་པ་ཡན་ཆད་ཚར་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་སྟེ། དེ་ནས་སློབ་བུས་ཐལ་མོ་སྦྱར་ལ། །རྡོ་རྗེ་དགའ་མ་བདག་ལ་དགོངས། །འདོད་པ་འབྱུང་བ་རིན་ཆེན་གཏེར། །དགྱེས་པ་ཆེན་པོས་ཐབས་ལམ་གྱིས། །ཆུ་བོ་བཞི་ལས་བདག་སྒྲོལ་ཅིག །ཅེས་བརྗོད་དེས། བུ་ཁྱོད་སྨྲོས་དང་ཐབས་ལམ་འདི། རྒྱལ་བ་ཡོངས་ཀྱིས་སྦས་པ་ཡིན། ཐབས་ཆེན་གསང་བའི་ཐེག་པ་རུ། གཙང་སྦྲས་འཆིང་བ་སྦྱང་བའི་ཕྱིར། དྲི་ཤ་ཆུ་དང་བཟའ་བཏུང་དང་། ངའི་བྷ་གའི་ཡེ་ཤེས་བཞི། འོ་དང་གཞིབ་དང་དྲངས་བ་དང་། སེམས་ཆུ་བཏུང་བར་སྤྱོད་ནུས་སམ། ལན་དུ། ཨེ་མ་ཧོ། ཐབས་ལམ་ཡེ་ཤེས་ཆེན་པོའི་ཕྱིར། བདག་ནི་ཅི་ཡང་མི་ནུས་མེད། དེ་དག་བདག་གིས་སྤྱད་པར་བགྱི། ཅི་ལྟར་སྤྱད་ཕྱིར་བདག་ལ་བསྩོལ། ལན་གསུམ་། དེ་ནས་གཉིས་པ་བསྒྲག་ཚིག་ནི། བླ་མས་རིག་མ་མཚན་ལྡན་གྱི་ལག་ནས་གཟུང་སྟེ། སློབ་མ་ལ་གཏད་པ་ནི། སྐྱེ་མེད་ཆོས་དབྱིངས་རིག་པ་འབྱུང་བའི་ཡུམ། མཚན་ལྡན་རིག་མ་མཆོག་གིས་བརྒྱན། ཐབས་དང་ཤེས་རབ་དབྱེར་མེད་རོལ་པ་ལས། ལྷག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྤྲོ། འཕགས་མཆོག་བདེ་བསྒྲུབ་འབྲས་བུ་ཀུན་མཉེས་པ། གཉིས་མེད་དོན་སྤྱོད་ཆོས་ཉིད་དག་པའི་བརྒྱན། དགྱེས་པའི་རོ་མཆོག་བདེ་ཆེན་དབང་ཐོབ་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་གུ་ཧྱེ་པྲཛྙཱ་ཤྭ་ར་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཞེས་བརྗོད། དེ་ནས་འདོད་པའི་བསྟན་ཆོས་ཀྱི་བདེ་བ་རྒྱས་པ་དང་། བདེ་བ་དབབ་པའི་ཐོབ་གཏུམ་མོ་སྦར་བ་དང་། རྩ་རླུང་ཐིག་ལེ་བསྒོམ་པའི་ཐབས་རྣམས་སློབ་ལ། ཤ་ཆེན་གྱི་ཚོད་མ་དང་། དྲི་ཆེན་གྱི་བཟའ་བ་དང་། ཨ་རུ་ར་དང་། ཉེའུ་ཤིང་ཁུ་བ་བཏུང་བ་དང་། ཁྲུས་བྱས་ཤིང་། ལུས་སྣུམ་དང་དྲི་ཞིམ་པོས་བྱུག་ལ། བརྒྱན་གྱིས་བརྒྱན། ལུས་སེམས་སྟོང་པ་ཉིད་ལས་ཀུན་ཏུ་བཟང་མོར་བསྐྱེད། གནས་ལྔར་ཡུམ་ལྔ་བགོད། ཡན་ལག་བཞི་ལ་སྒོ་མ་བཞི་འགོད། མཁའ་ག སང་ལས་པདྨ་འདབ་མ་བརྒྱད་ཨེ་མཐིང་ཁས་མཚན་པ། ཨེ་མཐིང་ཀ་མེ་འོད་དང་ལྡན་པ་བསྐྱེད། བུ་རྡོ་རྗེ་སེམས་དཔའ་བསྒོམས་ལ། གནས་ལྔར་རིགས་ལྔ་དང་། ཡན་ལག་བཞི་ལ་སྒོ་བ་བཞི་བསྐྱེད། གསང་བ་ཧཱུཾ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་བསྒོམ་པའི་རཱ་ལ། ཡབ་ཀྱི་འབྲུ་ལྔ་དང་། དབུས་ཀྱི་རྩ་གསུམ་ལ་འབྲུ་གསུམ་སུམ་མདོར་ཕཊ་བསྒོམ། དྲི་ཞིམ་པོ་སྦྲང་གི་སྦྱར་བའི་རིལ་བུ་མུར་ཞིང་པདྨ་ལ་བལྟས་སྟེ་ཡོངས་སུ་རྒྱས་ནས་ཕྱག་རྒྱ་བཞིས་རོལ་དུ་བཞུག །བྱང་སེམས་དབབ་སྟེ། སྤྱི་བོ་ནས་འཁོར་ལོ་བཞི་ལ་རིམ་པ་བཞིན་དབབ་ཅིང་། དགའ་བ་བཞིའི་ཡེ་ཤེས་བསྐྱེད་ལ། རང་རིག་ཡེ་ཤེས་ཀྱི་ངོ་བོ་ལྷག་པ་བྱང་ཆུབ་ཀྱི་སེམས་ངོ་བོ་རྡོ་རྗེ་ནོར་བུའི་རྩེར་ཕེབས་པའི་དུས་ན་གཟུང་ཞིང་བསྐྱིལ་སྟེ། དེ་ཡང་རླུང་བུམ་པ་ཅན་གཟུང་པ་དང་། ཡིག་འབྲུའི་སྦྱོར་བས་གཟུང་བ་དང་། ལུས་ཀྱི་འཁྲུལ་འཁོར་གྱི་གཟུང་བ་ལ་སོགས་པས་ཐིག་ལེས་བཟུང་པའི་དུས་ན། གཟུང་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་དབྱེར་མེད་ཀྱི་ཆོས་ཉིད། འོད་གསལ་དྲི་མ་མེད་པའི་དོན། ཅི་བཞིན་ཡེ་མཉམ་ཆེན་པོའི་དགོངས་པ་གཉིས་མེད་ཐིག་ལེ་ཉག་གཅིག་གི་རྟོགས་པ་ཅི་ལྟ་བ་བཞིན་ཉམས་སུ་མྱོང་ཞིང་ངོ་ཤེས་པར་གྱུར་ཏོ། །དེ་ནས་གཉིས་ཀའི་ལག་པ་ནས་བཟུང་ནས། བུ་ཁྱོད་འཁོར་བའི་རྒྱ་མཚོ་ལས། །གྲོལ་ཞིང་ཐར་ནས་སྐད་ཅིག་གིས། །རྡོ་རྗེ་ནམ་མཁའི་ཡེ་ཤེས་ཆེ། །བླ་མ་ཆེན་པོའི་སར་གནས་སུ། །ཐམས་ཅད་རིགས་ཀྱི་བདག་པོར་འགྱུར། །གཅིག་པུ་ས་བཟུང་མངའ་བརྙེས་ནས། །བདེ་ཁྱབ་ཆེན་པོའི་འཕྲིན་ལས་ཀྱིས། །ཁམས་གསུམ་སྲས་སུ་གཟུང་བར་བྱོས། །ཞེས་དབུགས་དབྱུངས་ལ། བཏང་རག་བཏང་ངོ་། །བསྐུར་གནས། ལུས་ཀྱི་དབང་པོ། བསྟིམ་གནས་བདེ་བ་ལ་བདེ་བ་སྟིམ་མོ། །བདུན་པ་དབང་མ་བསྐུར་བའི་སྐྱོན་ནི། དེ་ཁོ་ན་ཉིད་ཀྱི་དབང་བསྐུར་དུ་མི་རུང་པ་དང་། ཕྱག་རྒྱ་མོ་ལ་བརྟེན་པའི་བདེ་བ་ལམ་དུ་མི་རུང་བ་དང་། སྦྱོར་བ་ལམ་དུ་མི་སློང་བ་དང་། ལྷན་གཅིག་སྐྱེས་པའི་བདེ་ཆེན་དང་། རང་ངོ་མི་འཕྲོད་པའི་སྐྱོན་ཡོད་དོ། །བརྒྱད་པ་ཡོན་ཏན་ནི། ལམ་གྱི་དུས་ན་ས་བཅུ་གཅིག་པ་ཐོབ་པ་དང་། འབྲས་བུའི་དུས་ན་བདེ་བ་ཆེན་པོའི་སྐུ་ཐོབ་པའི་ཡོན་ཏན་ཡོད་དོ། །གསུམ་པ་བདེ་བ་ཆེན་པོའི་དབང་བསྐུར་བ་ལ་བརྒྱད་ཀྱི་དང་པོ། རྒྱུ་ལ་གཉིས་ཀྱི་དང་པོ་མཚུངས་ལྡན་གྱི་རྒྱུ་ནི། སྐྱེས་པ་ཉིད་ན་སྐྱེ་བ་མེད། འགག་པ་ཉིད་ན་འགགས་པ་མེད། གནས་པ་ཉིད་ན་གནས་པ་མེད། དམིགས་པ་ཉིད་ནས་དམིགས་པ་སྟེ། བདེན་གཉིས་ཡེ་ནས་དབྱེར་མེད་པར་རང་ཆས་སུ་གནས་པའོ། །གཉིས་པ་མཚུངས་ལྡན་གྱི་རྒྱུ་ནི་ཕྱག་རྒྱ་མོ་ལོ་བཅུ་གཉིས་མ་མཚན་ཉིད་དང་ལྡན་པའོ། །གཉིས་པ་རྐྱེན་ལ་བཞི་ལ་དང་པོ་རྒྱུའི་རྐྱེན་ནི། དབང་བསྐུར་དུ་རུང་པའི་སློབ་མ་སྟེ། མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་། མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། བུ་མོ་ལོ་བཅུ་གཉིས་མར་རབ་གནས་དང་ལྡན་པའོ། །གསུམ་པ་བདག་པོའི་རྐྱེན་ནི། དབང་བསྐུར་ནུས་པའི་བླ་མ་སྟེ། ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐེག་པའི་རྐྱེན་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས། བདེ་བ་ཆེན་པོའི་དབང་ཐོབ་པའི་སྒོ་ཕྱེ་སྟེ། དབང་ཐོབ་ལ་མ་རག་པའོ། །གསུམ་པ་དབང་གི་ངོ་བོ་ནི། བདེ་བ་ཆེན་པོའི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་སྐྱེས་པ་སྟེ། རྣོ་མཚོན་ལ་ངར་བཏགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྗེས་སུ་བདེ་བ་ཆེན་པོའི་དབང་བསྐུར་རོ། །དྲུག་པ་ལས་རིམ་ལ་ལྔའི་དང་པོ་བསམ་རྒྱུད་ནི། ཕྱག་རྒྱ་མ་ལོ་བཅུ་གཉིས་མ་བཀུག་ཅིང་། ཁྲུས་བྱ། བརྒྱན་བཏགས། བཟའ་བཏུང་ལོངས་སྤྱོད་མཎྜལ་དང་བཅས་པ་བླ་མར་འབུལ། དེ་ནས་བླ་མས་ཇི་ལྟར་འོས་པའི་ཡུམ་ལ་དབང་བསྐུར་ལ་སྦྱོར་བ་བྱས་སྟེ། གཟུགས་མའི་དོན་དམ་པའི་ལྟེ་བ་ནས། ཟླ་བ་ཚེས་པ་ལྟ་བུའི་ནང་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉུང་དཀར་ཙམ་ཞིག་རང་བཞིན་གྱིས་གནས་པ་ལ་ཏིང་ངེ་འཛིན་གྱིས་དམིགས་ཏེ། གསང་བའི་རྡོ་རྗེ་ཡེ་ཤེས་ཀྱི་རོ་ཅན་དང་། བྷ་གའི་ཐིག་ལེ་དང་། རེག་པར་བཅིངས་ཏེ། ཡབ་ཀྱི་ལྷག་པའི་བྷོ་དྷི་ཐིག་ལེ་དང་མཁའ་ལ་གནས་པ་དེ་བསྲེའོ། །དེ་ནས་རུ་བབ་ལ་པདྨའི་འཁྱམས་ན་བྷོ་དྷི་ཡོད་པ་ཐེབ་སྲིན་གྱིས་བླངས་ལ། གཟུངས་མའི་ལྕེ་ཐོག་ཏུ་བསྐུར་རོ། །དེ་ནས་ཡ བ་ཡུམ་གཉིས་ཀས་བདག་བསྐྱེད་ཞི་བའི་ལྷ་ཞེ་གཉིས་སྙིང་པོ་བརྗོད་པས་རྫོགས་པའི་ཚུལ་དུ་ལུས་དཀྱིལ་བསྐྱེད། ས་མན་ཛས་སྙན་གསན་དབབ། ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿསགཉིས་སུ་མེད་པར་སྟིམ་ལ། མཆོད་བསྟོད་བསྙེན་པ་ཅི་རིགས་པ་བྱ། མདུན་བསྐྱེད་ཀྱང་གོང་ལྟར་དུ་བསྙེན་པ་ཡན་ཆད་བྱས་ལ། བདག་འཇུག་བླངས། དེ་ནས་སློབ་བུའི་གུང་མོ་གཡས་པ་དང་། གཟུངས་མའི་གུང་མོ་གཡོན་པ་རཏྣའི་འཕྲེང་བས་བཅིངས་སྟེ། དེའི་མདོའ་ནས་སློབ་དཔོན་གྱིས་གཟུང་སྟེ། གཉིས་པ་བསྒྲག་ཚིག་ནི། བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱིས་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་སྟེར་བས་འདི་མི་སྤོངས། །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །རྫོགས་པའི་སངས་རྒྱས་ཁྱོད་ལས་བྱུང་། །སྤངས་ན་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྒོམ་པ་མ་ཤེས་ན། །རྡོ་རྗེ་སྐལ་པ་མཐའ་སླས་པ། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །དེའི་དོན་རྒྱས་པར་བཤད་དོ། །དེ་ནས་བུ་ལ། དགའ་བཞིའི་གདམ་ངག་འབོགས་ཏེ། ཕྱིའི་དགའ་བ་བཞི། ནང་གི་བཞི། གསང་བའི་བཞིའོ། །དེ་ལ་ཕྱི་ནི། ཐོག་མ་གཟུང་མ་མཐོང་པས་བདེ་བ་གཡོས་པ་དགའ་བའོ། །དེ་དུས་གཟུངས་མ་བྱིན་གྱིས་བརླབས་པ་དང་། སྲིན་ལག་སྤྲེལ་བ་ལ་སོགས་པ་བྱས་པས་བདེ་བ་སྐྱེ་བ་མཆོག་དགའོ། །འདོད་པའི་ཆོས་ཀྱི་ཆ་བྱེད་པ་ནི། དགའ་བྲལ་ལོ། །གཟུགས་མ་དང་རང་ལུས་རྡུལ་ཞིང་བེམ་གྱིས་སོང་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ནང་གི་བཞི་ནི། རང་དང་གཟུངས་མ་གཉིས་ཀ་ལ། འཁོར་ལོ་བཞི་བསྒོམ་སྟེ། བདེ་བ་ཆེན་པོའི་ཙཀྲ་ནི་དགའ་བ། ལོངས་སྤྱོད་དེ་ཙཀྲ་ནི་མཆོག་དགའོ། །དར་མ་ཙཀྲ་ནི་དགའ་བྲལ། སྤྲུལ་པའི་ཙཀྲ་ནི་ལྷན་སྐྱེས་སོ། གསང་བའི་བཞི་ནི། གུ་ཧྱ་བཛྲ་ཙ་བ་ནི་དགའ་བ། རྡོ་རྗེ་སྐེད་པ་ནི་མཆོག་དགའ། རྡོ་རྗེའི་བུམ་པ་ནི་དགའ་འབྲལ། རྡོ་རྗེའི་རྩེ་མོ་ནི་ལྷན་ཅིག་སྐྱེས་དགའོ། །དེ་རྣམས་རེ་རེ་ལ་ཡང་ཐིག་ལེ་བཞི་བཞི་རྩིས་པས་བཅུ་དྲུག་སྟེ། གཉིས་ཚོགས་ལམ། བཞི་སྦྱོར་ལམ། བཅུ་གསང་བའི་ས་བཅུ་ཤེས་པར་བྱའོ། །དེ་ལྟར་གདམ་ངག་ཕོག་ནས། བུས་སྦྱོར་བ་ལ་སྙོམ་པར་འཇུག་སྟེ། རྡོ་རྗེ་ལ་ཧཱུཾ་གཅིག་བཀོད་དེ་སྤྲོ་བསྡུ་ལ། རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར། དེའི་བུམ་པ་ལ་ༀ་ཨཱ་ཧཱུཾཿབསམ། རྩེ་མོ་ཡི་བུ་གར་ཕཊ་ནག་པོ། བྷ་ག་ལ་ཕཊ་ནག་པོ་གཅིག་བསམ། དེ་ལ་སྤྲོ་བསྡུས། པདྨ་འདབ་བཞི་པ། དེའི་དབུས་སུ་ཨེ་མཐིང་ཁ་གྲུ་གསུམ་པ ། དེའི་སྟེང་དུ་ཧཱུཾ་དམར་པོ་གཅིག་བསྒོམ། དེ་ནས་གཟུངས་མ་ལ་འདོད་པའི་བསྟན་ཆོས་ཀྱི་ཆ་རྣམས་བྱ། པདྨ་རྒྱས་པ་དང་། རྡོ་རྗེ་ཕྱེད་ཙམ་པདྨར་བསྡམས་སྟེ། དལ་བུས་བསྒུལ་བས། སྲ་བར་མྱོང་པས་འབྱུང་པ་སའི་རྡུལ་ཅུང་ཟད་གཤེར་བ་ཆུ་ཅུང་ཟད་དྲོ་བ་མེ། དེ་ནས་ཤེས་པ་ཞིབ་ཏུ་བརྟགས་པས་བདེ་བ་གཡོ་བ་རླུང་ངོ་། །དེ་ནས་བདེ་བ་བཟློག་སྟེ་ཐབས་ཀྱི་བཟློག་པ་དང་། ཏིང་ངེ་འཛིན་གྱི་བཟློག་པ། ཕྱག་རྒྱས་བཟློག་པ་གསུམ་ལས། དང་པོ་ནི་བདེ་བ་གཡོ་བ་ཙམ་ན། རྡོ་རྗེ་ཨེ་ཙམ་གཅིག་ཕ་ཚད་ལ་ཕྱུང་ལ། ལྟོ་བ་རྒལ་ཚིག་ལ་སྦྱར། སྟོད་ཀྱི་དབུགས་བསྡམས་ལ། བྷོ་དྷི་དེ་སླར་ལྡོག་པའོ། །ཏིང་ངེ་འཛིན་གྱི་བཟློག་པ་ནི། བདེ་བ་གཡོས་ཙམ་ན། སྟོད་ཀྱི་དབུགས་བསྡམས་ལ། རོ་རྐྱང་གཉིས་ཀྱི་རྩ་སྣ་དབུས་ཀྱི་ཀུན་དྷར་འབྲེལ་ནས་ཡོད་པའོ། །རོ་རྐྱང་ནས་དབུགས་ཞུགས་པ་ལས། ཀུན་དྷར་གྱི་ལྷག་པའི་བྷོ་དྷི་གྱེན་ལ་སྣ་འཁྱིལ་གྱིས་ལྡོག་ནས་དཀར་ཆིལ་གྱིས་ལྡོག་པར་བསམ་མོ། །ཕྱག་རྒྱས་ནི། རྡོ་རྗེའི་རྩ་བ་ནས་ཕར། སོར་མོ་གཉིས་ཀྱི་ཐུབ་ཚད་མནན་ལ་ལྡོག སྤྲུལ་པའི་འཁོར་ལོ་ནས་གྱེན་ལ་དེ་ལྟར་ལྡོག །རྡོ་རྗེའི་རྩ་བ་ནས་དང་། སྐེད་པ་དང་། རྩེ་མོ་ནས་རིམ་པར་ལྡོག །དེ་ལྟར་ལྡོག་ཙ་ན། རྡོ་རྗེ་རྩ་བའི་དགའ་བའི་ཐིག་ལེ་བཞིའི་ཐེག་ལེ་གསུམ་པ་ནས་རྡོ་རྗེ་སྐེད་པའི་མཆོག་དགའི། ཐིག་ལེ་གཉིས་པ་མ་ཆད་ནི་གཟུང་འཛིན་གྱི་རྟོག་པ་འགག་པའོ། །མཆོད་དགའི་ཐིག་ལེ་གཉིས་པ་ཡན་ཆད་ནི། མི་རྟོག་པ་སྐྱེ་བའོ། །དེ་ནས་རྡོ་རྗེ་རྩེ་མོ། ལྷན་གཅིག་སྐྱེས་པའི་གནས་སུ་ཟླ་བ་དང་ཉི་མའི་ཐིག་ལེ། རྡོ་རྗེ་དང་པདྨ། རང་རང་གི་ཁ་ནས་མ་ཤོར་བར་ཟིན་ཙམ་ནས། རང་རིག་པའི་དོན་ཉམས་སུ་མྱོང་བ་དེ་ཀུན་ཏུ་འོད་ཀྱི་སའོ། དེའི་དུས་སུ་རྒྱུའི་ཟུང་འཇུག་ཉི་ཟླ་འདྲེས་པས། འབྲས་བུའི་ཟུང་འཇུག་ཡེ་ཤེས་རང་སྣང་གི་ལྷ་དང་ལྷ་མོར་སྣང་བཞིན་དུ་རང་བཞིན་མེད་པའོ། །དེ་ཙམ་ན་ཞེན་པ་མེད་པའི་པདྨ་ཅན་གྱི་སའོ། །དེ་ལ་སྨོན་ལམ་གྱི་དབང་གིས་གཟུགས་སྐུ་གཉིས་འབྱུང་བ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་སའོ། །དེ་ནི་ཐེག་པ་འོག་མ་དང་སྒོ་བསྟུན་པའོ། །དེ་ནས་རྒྱུ་འབྲས་བཟློག་པའི་ཐེག་པ་ནི། ཉི་ཟླ་ཐིག་ལེ་རང་གི་གནས་སུ་རྩེ་མོ་ནས་ཚུར་བཟློག་པས་རིམས་གྱིས་བསྒྲོད་དེ། རྡོ་རྗེའི་རྩ་བར་བྱིན་པ་ནི་ཀུན་དུ་འོད་ཀྱི་སའོ། །དེ་ནས་སྤྲུལ་པའི་ཙཀྲར་ཕྱིན་པ་པདྨ་ཅན་ནོ། །ཐིག་ལེ་རང་གནས་སུ་ཕྱིན་པ་ལས། རང་བཞིན་ལྷུན་གྲུབ་གྱི་དཀྱིལ་འཁོར་མཐོང་བ་ནི། ཚོགས་ཆེན་གྱིས་མངོན་དུ་བྱས་པ་ཡིན་ནོ། །གལ་ཏེ་བྷོ་དྷི་ཤོར་ན། བྱང་སེམས་ཧཱུཾ་དམར་ཤ་ལྟག་བསམ་ལ། འཐེབ་སྲིན་གྱིས་བླངས་ལ་ཁོང་དུ་མིད་དོ། །གཟུངས་མ་ལ་ཡང་སྦྱིན་ནོ། །སྦྱོར་ལ་མི་རྟོག་པའི་བདེ་བ་སྐྱེས་པའི་དུས་སུ། དེ་ལ་བློ་འཇོག་ན། གཟུང་མ་མི་དགོས་པར་མི་རྟོག་པ་ལ་བློ་གནས་སོ། མི་རྟོག་པ་སངས་ན། ཡང་དབང་དོན་དེ་ལ་བློ་གཏད་པས། ཡང་མི་རྟོག་པ་སྐྱེའོ། །དེ་ལྟར་བསྒོམ་པའི་དོན་ལ་གནས་པར་བྱའོ། །བསྐུར་གནས་ལུས་ཀྱི་དབང་པོ་ལ་བསྐུར། བསྟིམ་གནས་ཐིག་ལེ་ལ་བསྟིམ། སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། བདེ་བ་ཆེན་པོའི་དབང་ཐོབ་པས་ཤེས་བྱའི་སྒྲིབ་པ་དག་ནས། བདེ་བ་ཆེན་པོའི་དབང་ཐོབ་པའི་ནུས་པ་སྐྱེ་བར་བསམ་ལ། སྨོན་ལམ་བརྗོད། བདུན་པ་དབང་མ་ཐོབ་པའི་སྐྱོན་ནི། སེམས་ཉིད་རྫོགས་པ་ཆེན་པོ་ཡང་དག་དོན་གྱི་ལྟ་བ་མི་རྟོགས་པ། གནས་ལུགས་ཆོས་ཉིད་ཀྱི་དོན་ཉམས་སུ་བླང་མི་རུང་པ་དང་། དངོས་གྲུབ་གཉིས་འཛིན་གྱི་མཚན་མ་སྣ་ཚོགས་ཀྱིས་འཆིངས་པ་དང་། སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ངོ་མ་འཕྲོད་པའི་སྐྱོན་ཡོད་དོ། །བརྒྱད་པ་ཐོབ་པའི་ཡོན་ཏན་ནི། ཀུན་ཏུ་བཟང་པོ་དབྱེར་བ་མེད་པའི་ས་ཐོབ་པ་དང་། འབྲས་བུའི་དུས་ན་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་ཐོབ་པོ། དེ་དག་རྒྱས་པར་ནི་སངས་རྒྱས་གསང་བས་མཛད་པའི་དབང་གི་སྐབས་ནས་དབང་གི་གལ་པོ་ལ་སོགས་པ་རྣམས་སུ་བལྟ་བར་བྱའོ། །དེ་དག་ནི་གསང་བ་ཟབ་མོའི་དབང་གི་ལས་ཀྱི་རིམ་པ་སྟེ། གསང་དབང་དང་། ཤེས་རབ་ཡེ་ཤེས་ནི་བྷ་གའི་དཀྱིལ་འཁོར་དང་དབྱེར་མེད་བདེ་བ་ཆེན་པོ་ནི་སེམས་ཀྱི་དཀྱིལ་འཁོར་དུ་བསྐུར་བའོ། །དེ་ཡང་གསང་དབང་ཐོབ་ནས། དམ་རྫས་བདུད་རྩི་ལྔ་ལ་ལོངས་སྤྱོད་པ་དང་། སྟེང་སྒོ་འཁོར་ལོའི་མན་ངག སྒོམ་པ། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས། ལས་ཀྱི་ཕྱག་རྒྱ་བསྟེན་པ་དང་། འོག་སྒོ་ཁམས་གསུམ་བསྲུབ་སྦྱོར་གྱི་མན་ངག་སྒོམ་པ་ལ་དབང་། དབྱེར་མེད་བདེ་བ་ཆེན་པོའི་དབང་ཐོབ་ནས། ཀུན་རྫོབ་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར། དོན་དམ་བསྐོར་བདུན་ངོ་བོ་ཉིད་ཀྱི་སྐུར་ལྷུན་གྱིས་གྲུབ་པ་ལས་མ་གཡོས་པར་རྟོགས་ཤིང་། རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་མངོན་དུ་འགྱུར་པའི་དོན་གསང་ངོ་། །དེ་ཡང་ཐོག་མ་གཉིས་ནི་དཀྱིལ་འཁོར་བྷ་ག་དང་། དབང་རྫས་ཉི་ཟླ་བྱང་ཆུབ་ཀྱི་སེམས་དང་། བསྐུར་ཚུལ། བ་དང་བེའུ། བྱ་དང་བྱེའུ། བུང་བ་དང་མེ་ཏོག་གི་ཚུལ་དང་། ཉམས་ལེན་ཀ་ར་ནའི་བསྟན་བཅོས་བརྒྱད་དམ་དྲུག་བཅུ་རྩ་བཞི་ལ་སོགས་པ་རྣམས་ནི། འཇིག་རྟེན་པ་རྣམས་ཀྱི་གཞད་གད་ཀྱི་གནས་སུ་འགྱུར་བའི་ཕྱིར་དང་། ཕྱི་མ་བློ་ཆུང་བ་རྣམས་ལ་རང་གསང་ཐབས་ཀྱི་ཆོད་ནས། རང་ལ་གནས་པའི་དོན་དེ། བསྟན་ཀྱང་མི་གོ་མཚོན་ཀྱང་མི་རྟོགས། ཡོན་ཏན་བརྗོད་ཀྱང་བྲོད་པའི་བློ་མི་སྐྱེ་བའི་ཕྱིར་གསང་བ་ཟབ་མོའི་དབང་ཞེས་ཐ་སྙད་དུ་བྱས་པའོ། །དོན་གསུམ་པ་རྗེས་ཀྱི་བྱ་བ་ལ་བདུན་སྟེ། དབང་རྟག་སྦྱིན་ཞིང་བཀའ་སྒོ་བ་དང་། བུམ་ཆུ་བླུད་ཞིང་སྨོན་ལམ་འདེབས་པ་དང་། དབང་ཕྱུག་གི་དབང་དབབ་ཅིང་སློབ་བུའི་ལུས་འབུལ་བ་དང་། བཏང་རག་གི་མཆོད་ཅིང་ཡོན་དབུལ་བ་དང་། རྩ་བའི་དཀྱིལ་འཁོར་གསལ་གདབ་ཅིང་ལྷག་བསྟན་སྐྱོང་བ་དང་། དཀྱིལ་འཁོར་བསྡུ་ཞིང་སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པ་དང་། ལམ་རྗེས་ཤིས་པར་བྱ་བའི་ཕྱིར། བཀྲ་ཤིས་འཇུག་བསྡུ་བའོ། །དང་པོ་ནི། དབང་བཅྭ་བརྒྱད་རྫོགས་པའི་སློབ་བུ་རྣམས་གྲལ་ལ་འཁོད་ལ། དབང་ཕྱུག་གི་རྡོ་རྗེ་དྲིལ་བུ་བསྣམས་ལ། །སངས་རྒྱས་ཀུན་གྱིས་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དང་རབ་བསྒྲུབས་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱི་ལོང་། ཞེས་བརྗོད་ཅིང་རྡོ་རྗེ་གསོར། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་དབང་ཆེན་དེས། །མྱ་ངན་འདས་དང་འཁོར་བ་ཡི། །ཆོས་ལ་འདོད་སྦྱིན་དབང་བསྐུར་རོ། །ཞེས་བརྗོད་ཅིང་དྲིལ་བུ་དཀྲོལ། བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང་། རྡོ་རྗེ་དྲིལ་བུ་བསྣོལ་ནས་སློབ་བུ་རྣམས་ཀྱི་ལག་པ་གཡས་གཡོན་དུ་སྦྱིན་ལ་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་དུ་བཞུག་གོ །ཀུན་རྫོགས་པའི་རྗེས་ཐོབ་སུ་བདེན་པ། རིགས་ཀྱི་བུ་འདི་རྣམས་ལ་དབང་རྟགས་རྡོ་རྗེ་དྲིལ་བུ་གཏད་དེ་དབང་བསྐུར་བས། ཐབས་དང་ཤེས་རབ་གཉིས་སུ་མེད་པས་འགྲོ་བ་སེནས་ཅན་གྱི་དོན་རྒྱུན་མི་འཆད་པ་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་བརྗོད་ནས་དབང་ཕྱུག་དབང་ཁྲི་ལ་འདུག །ཞབས་གཡས་པས་སློབ་བུའི་མགོ་ལ་བཞག་ཅིང་། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། རྡོ་རྗེ་སེམས་དཔའ་ང་ཡིན་པས། ང་ཡི་ཇི་སྐད་སྒོ་བ་བཞིན། བུ་ཁྱོད་ཀྱིས་ནི་བྱ་དགོས་སོ། །ཞེས་བསྒོ་བར་བྱའོ། །གཉིས་པ་ནི་དབང་ཕྱུག་བཞེངས་སྟེ། དབུས་ཀྱི་བུམ་པ་ཕྱག་དུ་བཞེས་ལ། དབུ་བརྒྱན་ཅོད་པཎ་འཕྲེང་བ་དང་། །གོ་ཆ་རྒྱ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡི་དབང་བསྐུར་བས། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིངས་བདེ་བ་ཕུན་སུམས་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་བརྗོད་ཅིང་། བུམ་ཆུ་ལྷག་མ་རྣམས། སློབ་བུ་རྣམས་ལ་སླུད་ཅིང་། ཏིཥྛ་བཛྲ་ཞེས་པས་དབང་བརྟན་པར་བསམ་ལ། བདེན་པ་བདག་རྡོ་རྗེ་ཆེ་གེ་མོས། རྡོ་རྗེ་ཆེ་གེ་མོ་ལ་སོགས་པའི། སློབ་བུ་རྣམས་སྒྱུ་འཕྲུལ་དྲ་བའི་དབང་བསྐུར་བས། དུས་འདི་ཕན་ཆད། ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་བྲལ་ནས། མཐོ་རིས་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་སྟེ། དེ་ལས་ཀྱང་རྒྱལ་བའི་སྲས། རིགས་ཕུན་སུམ་ཚོགས་པའི་སྲས་སུ་ངེས་པར་དབང་གི་འབྲས་བུ་མ་ལུས་པ་ཐོབ་ནས། སྲིད་པའི་སེམ་ཅན་མཐའ་དག་གི་དོན་ཡོངས་སུ་རྫོགས་པར་གྱུར་ཅིག །ཡུལ་ཕྱོགས་འདི་ལ་སོགས་སྟེ། རྒྱལ་ཁམས་ཐམས་ཅད་དུ་དུས་ཀྱི་འཁྲུག་པ་ཞི་བར་གྱུར་ཅིག །མཚོན་གྱི་སྐལ་པ་ཉམས་པར་གྱུར་ཅིག །མི་ནད་ཕྱུག་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ཆར་ཆུ་དུས་སུ་ཕེབས་པར༴ ལོ་ཆུ་རྟག་ཏུ་ལེགས་སྟེ། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་བསྐལ་པ་དང་ལྡན་པར་གྱུར་ཅིག །གསུམ་པ་ནི། དབང་ཕྱུག་གི་མདུན་དུ། དབང་བཅྭ་བརྒྱད་ཀྱི་དབང་རྫས་རབ་གནས་དང་ལྡན་པ་རྣམས་བསོགས་ལ། དབང་ཕྱུག་ཀུན་ཏུ་བཟང་པོར་གསལ་བའི་ཐུགས་ཁའི་ཧཱུཾ་ལས་འོད་འཕྲོས་པས། དབང་རྫས་རྣམས་རིམ་པས་སྔར་རབ་ཏུ་གནས་པའི་ལྷ་གསལ་བཏབ། ཧཱུཾ་ཞེས་བརྗོད་ཅིང་། དབང་ཕྱུག་གི་བསྐུར་གནས་རྣམས་སུ། རང་རང་གི་དབང་རྫས་གཏུགས་པས། འོད་དུ་ཞུ་ནས་རང་རང་གི་མཚུངས་ལྡན་གྱི་རྒྱུ་ལ་བསྟིམ་པས། སྔར་བས་ཀྱང་ནུས་པ་ཆེར་སྐྱེས་པར་བསམ་ལ། དབང་རྫས་ཐམས་ཅད་ཀྱི་རབ་གནས་བསྡུ་བ་ཟིན་པ་དང་། སླར་ཡང་ཐུགས་ཁའི་ཧཱུཾ་ལས་འོད་འཕྲོས་སྟེ། སྔར་དཔང་པོའི་ཚུལ་དུ་བཞུགས་པའི་མདུན་གྱི་ནམ་མཁའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་དུ་ཞུ་ནས་དབང་ཕྱུག་ལ་ཐིམ་པས། འོད་དང་གཟི་བྱིན་དང་ལྡན་པར་བསམ་མོ། །དེ་ནས་སློབ་བུ་རྣམས་ཀྱིས་ཕྱག་བྱས་ནས། གུས་པའི་ཚུལ་གྱིས་གཉིས་མེད་རྒྱལ་བའི་མཆོག་ལ་རབ་གནས་ཤིང་། སྐུ་གསུང་ཐུགས་ཀྱི་རོལ་པ་ཅིར་སྟོན་པའི། བླ་མེད་སྨན་པའི་རྒྱལ་པོ་དགོངས་སུ་གསོལ། ཟང་ཟིང་རྫས་ཀྱི་དགོས་པས་མ་འབྲེལ་ཀྱང་། བདག་འཛིན་སྡུག་བསྔལ་རྟོགས་པས་བཅིངས་པ་ཡི། འཁོར་བའི་འདམ་རྫབ་ཀློང་ནས་དྲངས་པའི་ཕྱིར། སྦྱོར་བས་དམིགས་པའི་མཆོད་པ་བཞེས་སུ་གསོལ། བརྗོད་ཅིང་། སྔར་ལུས་ཕུལ་འདོད་པའི་སློབ་བུ་རྣམས་ཀྱིས། ཅི་འབྱོར་པའི་ཡོན་གྱིས་ལུས་བསླུ་བར་བྱའོ། བཞི་པ་སློབ་བུའི་གཙོ་བོས། ཀ་པ་ལ་མཚན་དང་ལྡན་པ་བདུད་རྩིས་བཀང་བ་མར་ཆོལ་དང་བཅས་པ་བཏེགས་ལ། ཁྱོད་ནི་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཔལ། །དཔལ་གྱི་ཕྱག་རྒྱ་མང་པོ་ཐོབ་པའི་ཕྱིར། །དུས་གསུམ་ཀུན་ཏུ་སངས་རྒྱས་ཡིན་པའི་རྟགས། །རྡོ་རྗེ་ཆེ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཞེས་བརྗོད་ཅིང་། དབང་ཕྱུག་ཞལ་དུ་གྲངས་ལ། ཡོན་དབུལ་སྟེ། དེ་ཡང་དཀྱིལ་འཁོར་དུ་འཇུག་པའི་དུས་སུ། ཡོན་མ་ཕུལ་ན། སྐབས་འདིར་སྔར་བཤད་པའི། རྩ་རྒྱུད་ཀྱི་ལུང་དང་མི་འགལ་བར་ཕུལ་ལ། བསྔོ་བ་བྱ། སྨིན་ལམ་རྒྱ་ཆེན་བྲོ་གདབ་པོ། ལྔ་པ་ནི་བླ་མས། རྩ་བའི་དཀྱིལ་འཁོར་གསལ་གདབ། གཏོར་མ་རྣམས་ཕབ་ལ། ལྷག་མའི་དཀྱིལ་འཁོར་བསྐྱེད་པ་ནས། ལྷག་ཕུད་བསྲེ་བའི་བར་བྱས་ལ། ལས་སློབ་ཀྱིས། ལྷག་ཆོག་བཏང་ཞིང་བསྟན་མ་བསྐྱང་ནས། གཏོར་མ་རིན་ཆེན་མཆོད་བསྟོད་གྱིས། སེམས་ཅན་ཐམས་ཅད་ཡིད་ལ་གང་འདོད་པ་ཚིམ་པར་བྱའོ། །དྲུག་པ་ཐོག་མར་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་བཟང་ཞབས་བསིལ། བཞི་བསྣོལ་གྱིས་བཏང་རག་གི་ཚུལ་དུ་མཆོད་ནས། ཡི་གེ་བརྒྱ་བས་ལྷག་ཆད་བསྐང་ཞིང་། བཛྲ་མུཿཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ་སྟེ། དབང་ཕྱུག་གི་ངོ་བོ་བསྡམས་ཏེ། ཤར་སྒོའི་ཚངས་ཐིག་གི་ལམ་ནས་ཧཱུཾ་ཞེས་བརྗོད་ཅིང་། དབུས་ཀྱི་གཙོ་བོའི་གནས་ཀྱི་བར་དུ་བསྡུ། དེ་བཞིན་དུ། ལྷོ་དང་། ནུབ་དང་། བྱང་ནས་ཀྱང་དེ་གཞལ་ཡས་ཁང་ལྷ་ལ་བསྡུ། འཁོར་གཙོ་བོ་ལ་བསྡུ། གཙོ་བོ་ཐུགས་ཀའི་ས་བོན་ལ་བསྡུ། ས་བོན་ཡང་ན་དཀྱིལ་འཁོར་ལ་བསྡུ་སྟེ། ཡང་ན་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་ཡལ་ནས། སྟོང་པ་ཉིད་ཀྱི་ངང་ལ་ཅུང་ཞིག་བཞག །རྡུལ་ཚོན་རྣམས་བསྡུས་ནས། ཆུ་བོ་ཆེན་པོ་འམ། རི་མཐོན་པོའི་རྩེ་ལ་སྐྱལ། ཐིག་རྗེས་གསུབ། བུམ་ཆུ་དོན་དུ་གཉེར་པ་ཡོད་ན་སྦྱིན། མེད་ན་མིས་མ་འགོང་པའི་སར་སྤོ། རྫས་དང་ཡོ་བྱད་རྣམས་དབེན་པར་འཚགས་བྱའོ། དེ་ལྟར་རྟག་པའི་མཐའ་བསལ་ནས། སླར་ཡང་ཆད་པའི་མཐའ་བསལ་བའི་དོན་དུ། སྐདཅིག་དྲན་རྫོགས་སུ་ཡི་དམ་གང་ཡིན་དུ་རང་ཉིད་གསལ་བཏབ་ལ་གོ་བསྒོ། ལུས་བསྲུངས། དབང་ནོད་སྤྱོད་ལམ་བ ཞིར། ཡི་དམ་ལྷའི་ང་རྒྱལ་དང་ལྡན་ཞིང་། མི་འབྲལ་བའི་ངང་ནས། འོག་ཕྱོགས་ཀྱི་ཕུར་པ་ནས་རྩམས། མཚམས་ཕུར་བཅུ་པོ་ལུགས་བཟློག་ཏུ་བསྡུས་ལ། ཕུར་པའི་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ཡི་དམ་ལྷའི་ཐུགས་ཁར་བསྡུའོ། །དེ་ནས་སྒོ་བྱང་བསྡུས་ཏེ། ལྷའི་སྒོ་བྱང་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། བགེགས་ཀྱི་སྒོ་བྱང་ལ། མནན་བསྲེག་གང་རུང་བྱའོ། །དེ་ནས་ཕྱིའི་རྒྱལ་ཆེན་གྱི་ཐོ་རྣམས་ལུགས་བཟློག་ཏུ་བསྡུས་སྟེ། སྔར་ཐོ་འཛུགས་པའི་དུས་ཀྱི་མཆོད་པ་བཞིན་བཏང་རག་གི་མཆོད་ལ། རྒྱལ་ཆེན་གཤེགས་སུ་གསོལ་ལོ། །ཐོ་དགྱེལ་ལོ། །བདུན་པ་ནི། དཀྱིལ་འཁོར་གྱི་ཤུལ་དུ། ཁུད་དཀར་པོ་གཙང་མའི་སྟེང་དུ། ཅི་འབྱོར་པའི་བཀྲ་ཤིས་ཀྱི་རྫས། བདུད་རྩིར་བྱིན་གྱིས་བརླབས་ལ། བདུད་རྩི་འཁྱིལ་པས་མཚམས་བཅད། བཀྲ་ཤིས་རབ་མཆོག་དང་བཀྲ་ཤིས་བརྒྱད་པ་ལ་སོགས་པ་བརྗོད་ཅིང་། བཀྲ་ཤིས་ཀྱི་རྫས་དཀྱིལ་འཁོར་རོལ་པར་བྱའོ། །ཞག་གཅིག་གནས་བསྲུངས་ཞིང་། ཆོས་སྐྱོང་གཞི་བདག་ལ་བཏང་རག་བཏང་བ་དང་། སྐྱེ་བོ་ལ་སྦྱིན་པ་གཏོང་བ་ལ་སོགས་པ་བྱའོ། །དེ་དག་ནི་དབང་བསྐུར་བ་དང་། གནས་བསྲུངས་བའི་ལས་ཀྱི་རིམ་པ་སྟེ། ནུབ་བཞི་པ་སྟེ་ཐ་མའི་ཆོ་གའོ། །དགེའོ།། །།

གཉིས་པ་ནང་དབང་གི་ཆུ་བོ་ལས་སྒྱུ་འཕྲུལ་ཁྲོ་བོའི་དབང་གི་ཆོ་ག

༄༅། །གཉིས་པ་ཁྲོ་བོའི་དབང་ལ་གཉིས་ཏེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ལ། རྡོ་རྗེ་ལས་རིམ་ལས། ཚད་ཐིག་དང་། ཚོན་དང་བྲི་བའི་རྣམས་པ་དང་། རབ་གནས་སྦྱིན་བསྲེག་ཅེས་གསུངས་པས། བདུན་སྟེ། དཀྱིལ་འཁོར་གྱི་ཚད་དང་། ཐིག་གདབ་པ་དང་། དཀྱིལ་འཁོར་བྲི་བ་དང་། ཚོན་འགྱེད་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་རྣམ་པ་འགོད་པ་དང་། རབ་གནས་བྱེད་པ་དང་། སྦྱིན་བསྲེག་བྱེད་པའོ། །དང་པོ་ནི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཚད་དང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཚད་དང་། བུམ་དབང་གི་དཀྱིལ་འཁོར་གྱི་ཚད་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚད་དང་གསུམ། གོང་ཞི་བའི་སྐབས་དང་མཐུན་ནོ། །གཉིས་པ་ཐིག་ལ་བདུན་ལས། རྒྱུ། ཁ་དོག །གྲངས། མཁལ་བའི་གྲོགས། ཉེས་དམིགས། རབ་གནས་དང་ལྔ་ལས། རྒྱུ་ནི་མི་ཡི་རྒྱུས་པ་ལ་བྱེད་གསུངས། རབ་གནས་ཁྲོ་བོས་བྱེད། གཞན་ཞི་བའི་སྐབས་དང་འདྲ་བ་ལས། དེ་ནས་བྱེ་བྲག་ཏུ་མུ་ཁྱུད་བསྐོར་བ་ནི། ཁྲོ་བོའི་དཀྱིལ་འཁོར་བསྡུས་པ་དང་། འབྲིང་པོ་དང་། རྒྱས་པ་དང་གསུམ་ཞི་བའི་དཀྱིལ་འཁོར་འབྲིང་པོ་དང་བསྐོར་ལུགས་མཐུན། ཚོམ་བུ་གཅིག། གསུམ། ལྔ་པ་ཡང་མཐུན་པར་སྣང་། བྱེ་བྲག་ཏུ། ཚོམ་བུ་ལྔ་པ་དང་། དཀྱིལ་འཁོར་རྒྱས་པ་གཉིས་ཀྱི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་། ལྔ་ལ་འཁོར་ལོ་རྩིབས་བཞི་པ་རེ་རེ་བསྐོར། ཚོམ་བུ་གསུམ་པ་ལ། འཁོར་ལོའི་ལྟེ་བ་དང་། ཤར་ནུབ་ཀྱི་རྩིབས་གཉིས་ལ་རྩིབས་བཞི་པ་རེ་རེས་བསྐོར། ཚོམ་བུ་གཅིག་པ་ལ་འཁོར་ལོའི་ལྟེ་བར་འཁོར་ལོ་རྩིབས་བཞི་པ་གཅིག་བསྐོར་རོ། །གསུམ་པ་དཀྱིལ་འཁོར་བྲི་བ་ནི། གཞན་རྣམས་ཞི་བའི་སྐབས་དང་མཐུན་པ་ལ། ཆ་ཆེན་བཞི་པ་ལྷ་སྣམས་ལ་ཕྱེད་དུ་བགོས་པ་ཡི་ནང་མ་ལ། ནང་གི་ལྷ་སྣམས་དང་། བློ་འབུར་ཕྱོགས་མདོག་ལས། ཁ་དོག་ལྡོག་པ་ལ། ཕྲ་མེད་མ་བརྒྱད། སྒོ་མ་བཞི་དང་བཅས་པའི་གནས། ལྷ་རྣམས་ཀྱི་ཕྱི་མ་ལ་ཕྱོགས་མདོག་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་བཞུགས་གནས། ལྷ་རྣམས་ཕྱི་མའི་གྲུ་བཞི་དང་། སྒོ་བཞི་སྟེང་འོག་གཉིས་དང་བཅུར་ཁྲོ་བོ་ཡབ་ཡུམ་བཅུའི་གནས། བཞི་པ་ཚོན་ནི། ཕལ་ཆེར་ཞི་སྐབས་དང་མཐུན། ལྔ་པ་རྣམ་པ་དགོད་པ་ནི། ཞི་བའི་སྐབས་དང་མཐུན་ལ། བྱེ་བྲག་དུ་ཁྲོ་བོའི་དཀྱིལ་འཁོར་བསྡུས་པ། འབྲིང་པོ་རྒྱས་པ། ཚོམ་བུ་གཅིག་པ། ཚོམ་བུ་གསུམ་པ། ཚོམ་བུ་ལྔ་པའི་ཙ་ཀ་ལི་རྣམས་ལྷ་རང་རང་གི་བྱིན་བརླབས་དང་ལྡན་པ། རང་རང་གི་གནས་སུ་དགོད། གཞན་ཡང་གསུང་བརྟེན་དང་། ཐུགས་རྟེན་ཡང་ཅི་རིག་པར་དགོད། གཞན་ཡང་ཀ་པཱ་ལ་ལ་སོགས་པའི། དབང་རྫས། སྒྲུབ་རྫས། མཆོད་གཏོར་ལ་སོགས་རྣམས་སྟ་གོན་གྱི་སྐབས་ལྟར་ལེགས་པར་དགོད་པར་བྱའོ། དྲུག་པ་རབ་གནས་ལ་དགུ་སྟེ། སྔོན་དུ་བྱ་བའི་ཆོ་ག་དང་། ཏིང་ངེ་འཛིན་གྱི་སྐུ་བསྐྱེད་ཅིང་དབང་བསྐུར་བྱིན་བརླབས་བྱ་བ་དང་། ཡེ་ཤེས་དྲངས་ཞིང་བསྟིམ་པ་དང་། དབང་པོ་སོགས་སྐྱོན་བསལ་བ་དང་། ཆུ་བདུན་ཁྲུས་དང་སྐུ་ཕྱི་བ་དང་། མངའ་གསོལ་རྒྱས་པར་བྱ་བ་དང་། པུ་ཙ་གསུམ་དབུལ་པ་དང་། བདེན་བརྗོད་བཞུགས་སུ་གསོལ་བ་དང་། ཕྱག་བསྐོར་བྱ་ཞིང་སྨོན་ལམ་བཏབ་པའོ། །དང་པོ་ལ་གཉིས་སྟེ། བདག་མདུན་བུམ་པ་བསྐྱེད་པ་དང་། སྔོན་འགྲོ་དངོས་སོ། དང་པོ་ལ་གསུམ་སྟེ། བདག་བསྐྱེད་དང་། བུམ་བསྐྱེད་དང་། མདུན་བསྐྱེད་དོ། །དང་པོ་བདག་བསྐྱེད་ནི། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། དང་པོར་འཚམས་གཅད་དེ། ཧཱུཾ་ཧཱུཾ་བཛྲ་དྷྲིཀ྄ །མ་སུརྻ་མཎྜ་ལ་ཧཱུཾ། ༀ་བཛྲ་ཀྲོ་ཏ་ཤྲི་ཧེ་རུ་ཀ་ཧཱུཾ་ཨ་ཨ་ཧཱུཾ་ཕཊ། མ་སུརྻ་མཎྜ་ལ་ཧཱུཾ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ནི་ལ་དྷཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུཾ། བནྡྷ་བནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྷྲི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུནྚ་ལི་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡཱ་ཱཧཱུཾ། བྷིནྷ་བིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་མཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ན་མ་ས་མནྟ་བུདྡྷ་ནན། ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཎི་མ་ཧཱ་དམ་ཥོ་ཊ་ཀ་ཏྲ་བྷཻ་ར་ན་ཡ་ཨ་སི་མུ་སི་ལ་སཏ་ཤ་སཱ་ཧཱ་སྦྲ་ཡ་ༀ་ཨ་མྲི་ཏ་ཀུནྚ་ལི་ཧཱུཾ་ཧཱུཾ་ཁ་ཁ་ཁ་ཧཱི་ཁཱ་ཧཱི་ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། སྥོ་ཊ་སྥོ་ཊ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣན། བི་ན་ཡ་ཀ་ན། མ་ཧཱ་ག་ཎ་པ་ཏི། ཛི་བི་ཏནྟ་ཀཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ་རཾ་ༀ་བཛྲ་ས་མ་ཡ་ཛ་ཧཱུཾ། ཧཱུཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་ལྷ། །འདི་གཤེགས་བཞུགས་ཤིང་བདག་ལ་དགོངས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་གྱི་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བ་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་ཡུམ་གྱི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན་བཀོད་པ། །འདུ་བྲལ་མེད་པའི་ངང་དུ་རོ་གཅིག་པས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣག་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཡེ་ནས་གསལ་བ་ལ། །ཕྱི་ནང་གསང་བའི་དཀྱིལ་འཁོར་བཀོད་པ་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུངས་ཆེན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་བྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དབལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་རྣམས། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་བཏང་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུཾ་ཐུགས་རྗེའི་གདུང་འཚོབ་རྡོ་རྗེ་ཆེ་གེ་མོས། །འགྲོ་བའི་དོན་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ། །བླ་མེད་གོ་འཕང་བསྒྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་མདའ་ཀ་དམ་ཚིག་བསྟན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲ་འོ་འཚལ། །ཡུན་དུ་མི་གཏོང་མདའ་བར་མི་བགྱིད་ལ། །དོན་ལས་འགལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །བཟོད་བྱ་ལོང་ཡོད་མཉམ་པའི་ལེ་ལོ་ཡི། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །བསྒོམ་ལ་མི་བརྩོན་བསྙེན་བསྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོང་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་སྟེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་གསལ་དཀའ་བ་དང་། །མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་སྟེ། །ཉམས་དང་ཚོགས་འདྲེས་ཉམས་པ་བཀང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱི་མཐོལ་ལོ་བཤགས། །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་བརྗོད་མེད་སྤྲོས་ལས་འདས་པ་ལ། །རྣམ་རྟོག་གང་ཡང་དམིགས་པར་མ་གྱུར་སྟེ། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གི་ན། །ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ། །ༀ་རྣལ་འབྱོར་དབང་ཕྱུག་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེའི་དབང་གྱུར་ཅིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །ཧཱུཾ་ༀ། བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་མཆོག་གི་གྲུབ་པའི་ཚོགས་ཆེན་དང་། ལྷ་དང་ལྷ་མི་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །ཧཱུཾ། ༀ་བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་བསྒྲུབ་མ་ལགས་སྟེ། །འགྲོ་ལ་སྙིང་རྩེ་ཁོ་ན་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱེད་ཉིད་དཔང་དུ་གསོལ། །ཧཱུཾ་ཨོཾ། མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བ། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་པའི་སྤྱན་སྔར་བདག་གི་དམ་བཅས་པ། །སུན་པར་མི་བགྱིད་མགོན་པོ་བསླུ་མ་ལགས། །ཧཱུཾ་ༀ། དེང་ནས་བདག་གི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་བསྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གི་རྩོམ། །ཧཱུཾ་ༀ། ཀུན་དུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གི་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་བགྱིད། །ཧཱུཾ་ༀ། སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་ཁྱོད་ནི་ཡོངས་མི་སྤོང་། །ཧཱུཾ་ཧཱུཾ། ཨ་ལ་ལ་ཧོ། བྷ་ག་ཝན། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེ་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་འབྱུང་པའི་དུས་ལ་བབ། །དགྲ་བགེགས་དབྱུང་བའི་དུས་ལ་བབས། །དམ་ཚིག་བསྐང་པའི་དུས་ལ་བབ། །དངོས་གྲུབ་རྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་རྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཧཱུཾ། ༀ་བཛྲ་མཧཱ་ཀྲོ་དྷ་ཧཱུཾ་ཕཊ། 'བྷྲཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བྷྲཱུཾ་བི་ཤྭ་བི་ཤུ་དྷེ་བཛྲ་ཛྙཱ་ན་ཙཀྲ །སཱུརྻ། ཙཎྜ་རཏྣ། པདྨ། ཨེ་མཎྜ་ལ་ཧཱུཾ་ༀ་སྭཱ་ཨཾ་ཧཱ། མུཾ་ལཾ་མཾ་པཱཾ་ཏཾ་སྥར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་ཙཀྲ་རཏྣ་པདྨ་ཁངྒ། གྷཎྜ་སྥ་ར་ན་ཕཊ། སཾ་ཧ་ར་ར་ཎ་ཧཱུཾ། ཧཱུཾ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏཱི་ཤྭ་རི་ༀ་ཛི་ན་ཛིཀ྄ །ལཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲིཀ྄ །མཾ་མོ་ཧ་ར་ཏི། ཨཾ་ཨ་རོ་ལིག །པཱཾ་ར་ག་ར་ཏི། ཧ་པྲཛྙཱ་དྷྲིཀ྄། ཏཾ་བཛྲ་ར་ཏི། མཱ་སུཪྱཱ་མཎྜ་ལ་ཧཱུཾ། བཛྲ་ཨ་ཙཎྜ་མཎྜ་ལ་ༀ་ཕཊ། པཾ་པདྨ་མཎྜ་ལ་ཨེ་ཨཾ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡཱ་ཧཾ། ཛཿ་ཧཱུཾ་བཾ་ཧོཿ ཧཱུཾ་ཧཱུཾ་ཧཱུཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨ་ཙཎྜ་མཎྜ་ལ་ༀ། མ་སུཪྱཱ་མཎྜ་ལ། ཨཾ་ཙཎྜ་མཎྜ་ལ། པདྨ་དྷ་ར་ཧྲི། ༀ་ཨཱ་ཧཱུཾ། སརྦ་པཉྩ་ཨ་མྲི་ཏ་ཧཱུཾ་ཧྲི་ཐ། ༀ་བི་ཤྭ་བི་ཤུདྡྷེ་ཨ་མྲི་ཏ་ཧཱུཾ་ཕཊ། དྷ རྨ་ཨ་མྲི་ཏ་ཧཱུཾ་ཕཊ། ཧཱུཾ་ༀ་བཛྲ་ཡཀྵ་ཀྲོ་ཏ་ཧཱུཾ། ཕཊ་པདྨ་བཱ་ལིཾ་ཏ་བི་ཤྭ་ཙཀྲ་བྷྲུཾ། མ་སུརྻ་མཎྜ་ལ། ཧཱུཾ་ས་མ་ཡ་སྟྭཾ། སྥར་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། སཾ་པདྨ་མཎྜ་ལ། ཨཾ་ས་མ་ཡ་སྟྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨ་ཙཎྚ་མཎྚ་ལ་ༀ། ས་མ་ཡ་སྟྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ན་ཧཱུཾ། ༀ་བཱ་ལིང་ཏ། བྷ་ལཱ་བ་ཏི། གུ་ཧྱ་ས་མ་ཡེ་སྭཱ་ཧཱ། མ་སུཪྱཱ་མཎྜལ། རཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ན་ཧཱུཾ། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྚལ་ལ་ཧཱུཾ་ཁཾ། རཾ་ཡཾ་ཁཾ། ཨ་ཙཎྚ་མཎྚ་ལ་ༀ། སྥ་ར་ཕ་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ༀ་ཨ་ཧ་ར་ཨ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏོ། ན་མཿས་མན་ཏ་བུདྡྷ་ནན། ག་ག་ན་ས་མ་ཡེ་སྭཱཧཱ། མ་སུརྻ་མཎྜ་ལ། ༀ་བཛྲ་ཤྲཱི་ཨ་ལོཀྐེ་ཧྲི། དྷུ་སྥར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། པུ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨ་སྤ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ག་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་ཤྲཱི་བཛྲ་དྷུ་པེ་དྷུ། ༀ་ཤྲཱི་བཛྲ་པུཥྤེ་པུ། ༀ་ཤྲཱི་བཛྲ་ཨ་ལོཀྐེ་ཧྲི། ༀ་ཤྲི་བཛྲ་གནྡྷེ་གན། ཧཱུཾ་འཛིན་པའི་དབང་གི་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །སྒྱུ་འཕྲུལ་ཆེན་པོའི་ཏིང་འཛིན་བསྒོམ། །ཨེ་མ་ཧོ་ངོ་མཚར་སྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ཧོ། ཀུན་ཏུ་བཟང་པོ་ནི། བདེ་ཆེན་སྤྲོས་མེད་ཐིག་ལེ་ལས། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་པར་བྱའོ། །ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་བཛྲ་མཧཱ་ཀྲོདྷ་ཧཱུཾ་ཕཊ། ཧཱུཾ། ངེས་པ་ལས་ནི་རྡོ་རྗེ་ཆེ། །དེ་ལས་དཔལ་ཆེན་ཧེ་རུ་ཀ །འབར་བ་ཆེན་པོའི་གར་དགུ་ཡིས། །འཇིགས་པ་འདི་ནི་དུས་ལྟར་དྲག །ཨེ་ཧཾ་ར་ཀེཾ་རཾ། ཨེ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨེ་ཨཀྞི་མཎྜ་ལ། ཧཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཧཾ་ཀརྨ་རཀྵ་ཧཾ། དེ་དཀྱིལ་གཞལ་ཡས་སྟེང་གྱུར་པ། རླུང་ནག་དཀྱིལ་འཁོར་རྡོ་རྗེ་ཆེ། རྒྱ་གྲམ་དབང་ཆེན་གཏམས་པས་ཀྱང་། ཐམས་ཅད་འདེགས་པའི་ཤུགས་དང་ལྡན། རཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ར་རཀྵ་ས་མུ་ཏྲ་མཎྜ་ལ། ཀེཾ་ཕ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཀེཾ་ནི་རི་ཏི་མཎྜ་ལ། རཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། རཾ་བཛྲ་ཛྭ་ལ་རཾ། དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །ཁྲག་གི་རྒྱ་མཚོ་འཁྲུགས་པའི་དཀྱིལ། །ཀེང་རུས་ཆེན་པོ་རི་རབ་ཀྱི། །སྟེང་གི་འབར་བའི་ཀློང་དཀྱིལ་ན། །བྷྲུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བྷྲུཾ་བི་ཤྭ་བི་ཤུད་དྷེ་བཛྲ་བནྡྷཱ་ཛྙ་ན་ཙཀྲ་ད་ན་དི་མ་སུཪྱ་མཎྜལ། མ་ཧཱ་རུ་ཏྲ་ཧཱུཾ། དེ་ཝ་ཏིཥྛ་ནན། དུཥྚི་ཙཀྲ་ནན། ཏི་ར་བཾ། སྠི་ར་བཾ། ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུ་རྒྱ་ཡོངས་མ་ཆད་པའི། །ཕྱི་དང་ནང་མེད་ཀུན་དུ་ནང་། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་འཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །འབར་བའི་ཁྲོོ་བ་མང་པོ་འཁྲུག །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པོ་དོམ་གྱི་སྤར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ཧཱུཾ་ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། བཛྲ་མཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི། །ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །ཧི་ཧི་དགྱེས་པའི་གཟི་མདངས་ཀྱི། །རིན་ཆེན་པདྨ་རྒྱས་མཛད་དེས། །གཉིས་མེད་འཁྲིལ་བས་དགྱེས་པར་ཐིམ། །མ་སཱུརྻ་མཎྜ་ལ་ཧཱུཾ་བཛྲ། ཨ་ཙཎྜ་ལ་མཎྜ་ལ་ༀ་ཕཊ། སཾ་པདྨ་མཎྜ་ལ་ཨེ་ཨཾ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡཱ་མི། ཨ་ནུ་རཱ་ག་ཡཱ་ཧོ། ཛཿཧཱུཾ་བཾ་ཧོཿ ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧཱུཾ་ཕཊ་ཕཊ། ཧ་ལེ་ཧ་ལེ་ཧཱུཾ་ཕཊ། ཛྭ་ལ་རཾ་ཛྭ་ལ་རཾ་ཛྭ་ལ་རཾ་ༀ། ༀ་བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་མཧཱ་ཀྲོ་དྷ་ཤྭ་རི་ཧཱུཾ་ཕཊ། ༀ་ཤུདྡྷ་ཤྲཱི་ཧེ་རུ་ཀ །བུདྡྷ་མཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ༀ་རཏྣ་ཤྲཱི་ཧེ་རུ་ཀ །རཏྣ་མཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ༀ་པདྨ་ཤྲཱི་ཧེ་རུ་ཀ །པདྨ་མཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ༀ་ཀརྨ་ཤྲཱི་ཧེ་རུ་ཀ །ཀརྨ་མཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ། ཧེ་ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ་ཕཊ། ཧཱུཾ་ༀ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཐབས་དང་ཤེས་རབ་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་ལུས་རྟོགས་སྦྱངས། །གསེར་ཞུན་ལྟ་བུའི་སེམས་དག་ལ། །གསུང་གི་བྱིན་རླབས་འོད་ཀྱི་འབྲུ། །ༀ་ཨཱ་ཧཱུཾ། ཧཱུཾ་ཡ། ཡཾ་སྥ་ར་ཎ་ཕཊ་ཧཱུཾ་ཧཱུཾ། སྥ་ར་ན་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་གྷཎྜ་སྥ་ར་ཎ་ཕཊ། སཾ་ཧ་ར་ཧཱུྃ། ༀ་བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། མཁའ་གསང་བརླབ། བརྡས་བསྐུལ། བསྙེན་པ་དང་ནི་ཉེ་བ་བསྙེན་པོ། སྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་དང་ནི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ཀུན། །དགྱེས་མཉམ་མཆོག་གི་སྦྱིན་བས་བ སྟིམ། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུ ཥྚན། ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ་ཛཿ ༀ་ཨཱ་ཧཱུཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙ ཎྚ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷི་ཤྭ་རི་སརྦ་དུ ཥྚན་ཧཱུཾ་ཕཊ་ཛ། ༀ་རཏྣ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙནྚ་སརྦ་དུཥྚན། ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་མ་ཧཱ་སཱུརྻ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ད་མ་ཧཱུཾ་ཕཊ་ཛ། ༀ་པདྨ་མ་ཧཱ་ཤྲཱི་རི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་ཧྲིཿཤྲུ་ཏ་ས་མ་ཏེ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རི་ཁཱ་ཧི་ཧཱུཾ་ཕཊ་ཛཿ ༀ་ཀརྨ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་སརྦ་ཨ་མོ་གྷ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་བི་ཤྭ་ཧཱུཾ། ཕཊ་ཛཿ ༀ་ཨཱཿཧཱུཾ། ༀ་བཛྲ་གཱ་རི་ཧཱ། ༀ་བཛྲ་ཙ་རཱི་ཧཿ ༀ་བཛྲ་པྲ་མོ་ཧེ་ཧ། ༀ་བཛྲ་བེཏྟ་ལི་ཧ། ༀ་བཛྲ་སུཥྐ་སི་ཧཾ། ༀ་བཛྲ་གྷསྨ་རི་ཧཱ། ༀ་བཛྲ་སྨ་ཤཱ་ནཱི་ཧཱཿ ༀ་བཛྲ་ཙཎ་ཊ་ལཱི་ཧ། ཕཊ་ཛཿ ༀ་ཨཱཿཧཱུཾ། ༀ་བཛྲ་སིདྷ་མུ་ཁཱི་ཧི། ༀ་བཛྲ་བྱ་གྷྲི་མུ་ཁཱི་ཧི། ༀ་བཛྲ་ཤྲཱི་ག་ལ་མུ་ཁཱི་ཧེ། ༀ་བཛྲ་ཤྭ་ན་མུ་ཁཱི་ཧེ། ༀ་བཛྲ་གྷྲིདྷ་མུ་ཁཱི་ཧི། ༀ་བཛྲ་ཀང་ཀ་མུ་ཁཱི་ཧེ། ༀ་བཛྲ་ཁཱ་ཁ་མུ་ཁཱི་ཧི། ༀ་བཛྲ་ཨུ་ལུ་ཀཱ་མུ་ཁཱི་ཧེ། ཕཊ་ཛཿ ༀ་བཛྲ་ཨཱདྱ་ཏེ་ཛ་ཏེ་ང་ཛཿ ༀ་བཛྲ་ཨ་མུ་ཁཱི་ཧཱུཾ། ༀ་བཛྲ་ལོ་ཀེ་བཾ། ༀ་བཛྲ་བྷ སྨི་པ་ཡ་ལ་བ་ཏུ་ཧོ། །ཕཊ་ཛ། ༀ་ཨཱ་ཧཱུཾཿ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། བཛྲ་མ་ནུ་རཀྵ་སཱི། བྲཧྨ་ཎཱི། ར་ཏྲི། བེཥྞ་བེ། ཀུ་མཱ་རི། ཨིནྡྲི་ཎཱི། བཛྲ་སིང་ག་ལ། ཨ་མྲྀ་ཏཱ། ས་མྱ། དཎྜ་དཾ། རཀྵ་སཱི། བྷཀྵ་སཱི། ར་ཏི་བཛྲ། རུ་ཏི་རེ་མ་ཏི། ཨེ་ཀ་ཙ་རི་ཎཱི། མ་ནོ་ཧ་རཾ། སིདྡྷི་ཀཾ །བཱ་ཡ་བཱི། བཛྲ་མ་ཧཱ་ར་ཎ། བཛྲ་ཨགྣེ་ཡེ། བཱ་ར་ཧྲཱིཿ ཙ་མུཎྜི། སུ་ཏ་ནཾ། བ་རུ་ཎཱི། བཛྲ་མ་ཧཱ་ཀཱ་ལི། བཛྲ་ཙ་ཀཱ་ལ། བཛྲ་ཀུམྦྷ་ཀརྞ། བཛྲ་ལམྤོ་དཱ་ར། ཧཱུཾ་ཧ་ཧེ་ཕཊ། བྷྱོ་རཾ། ས་ལ་སོགས་སྟེ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་པར་འགྱུར། །དག་པའི་ཡེ་ཤེས་ཀྱི་སྦྱངས་པས། །སྨོས་ཅི་དགོས་སྟེ་དེ་ཉིད་ཡིན། །སྔོ་ནག་སྨུག་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་གཟུགས། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བསྒྲད། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །སྤྲུལ་དང་ཐོད་རློན་ཉི་ཟླའི་ཆས། །སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །རྡོ་རྗེ་དུང་ཆེན་གང་པ་དང་། །རལ་གྲི་སྒྲ་སྟ་བཤོལ་ལ་སོགས། །རང་རང་ལག་ཆ་ཚོགས་འཛིན་པ། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞིའི་ཕྱག་རྒྱ་རབ་མཛེས་ཤིང་། །སླས་དང་བྱི་མོ་བྲན་མོ་ཚོགས་ཀྱི་གཙོ། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་བསྟན་དང་ལག་ཆར་བཅས། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །དེ་ལྟར་དཀྱིལ་འཁོར་གསལ་བཀོད་ནས། །མཐའ་དབུས་མེད་པར་ཁྱབ་པ་ཡིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབར་བའི་དཀྱིལ་འཁོར་གསལ་བར་གནང་། །ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ༀ་མ་ཧཱ་ཨཱ་དར་ཤ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ༀ་མ་ཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ༀ་མ་ཧཱ་པྲ་ཏྱ་བེཀྵ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲིརྻ་ཨ་ནུཥྛ་ན་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཨ་ཙཎྜ་མཎྜ་ལ་ༀ། པཱཾ་པདྨ་མཎྜ་ཨཾ། མ་སུརྻ་མཎྜ་ལ་ཧཱུཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ན་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཧཱུཾ་ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨེ་ཧྱ་ཧི་ཨཱ་ན་ཡ་ཧོ། ཛཿཧཱུཾ། བཾ་ཧོ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ༀ་ཁྲོ་ལ་ཁྲོ་བས་ཞི་མཛད་པ། །ཐུགས་རྗེ་ཁྲོས་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ༀ་བཛྲ་ཀྲོ་དྷ་ས་མཱ་ཡ་སྟྭཾ། ༀ་བཛྲ་ཀྲོ་དྷ་ས་མཱ་ཡ་ཕཊ། ༀ་ཀྲོ་དྷ་ས་མཱ་ཡ་ཧོ། ༀ་ཨ་ལི་ཨཱུ་ལི། ཏ་ལི་ཏ་པཱ་ལི་དཾ ཥྚ་གོ་ན་ར་ཏྲི། ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོ། ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོ། ཧཱུཾ་ཧཱ་ཧེ་ཕཊ་བྷྱོ་རཾ། ༀ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚན་ས་མ་ཡ་མུ་ཏྲ་མཱ་རཾ་པྲ་བྷཉྫ་ཧཱུཾ་ཕཊ། ཀ་ཡ་ཝ་ཀྐ་ཙིཏྟ་དིཥྛ་བཛྲ། ༀ་ཤྲི་ཧེ་རུ་ཀ་མ་ཧཱ་སརྦ་དྷུཥྚན། ས་མ་ཡ་དྷུཥྚན། ཨ་པྲ་སྟམྦྷ་ཡ་ཀ་ཧཱུཾ་ཕཊ། ༀ་བཛྲ་གུཧྱ་ཏྱི ཤྱ་ཡ་ས་མ་ཡ་སྟྭཾ། ༀ་བཛྲ་གུ་ཧྱ་ཏྲིཥྱ་ས་མ་ཡ་ཕཊ། ཛཿཧཱུཾ་བཾ་ཧོ། ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དྷུ ཥྚ། ས་མ་ཡ། མུ་ཏྲ་མཱ་རཾ་པྲ་བྷཉྫ། བྷཀྵ་ཡ། བྷཀྵ་ཡ། བི་དྷཾ་ས་ཡ། ཧེ་བྷ་ག་ཝན། བུདྡྷ་ཀྵེ་ཏྲི་པྲ་ཏི་སྟམྦྷ་ཡ་ཧཱུཾ་ཕཊ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ངང་གི་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །མི་གནས་མི་དམིགས་ཆོས་སྐུར་དག་པ་ལ། །བདུད་འདུལ་ཁྲོ་བའི་མཆོག་གི་སྐུར་སྟོན་པ། །ཐུགས་རྗེ་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །བཅོམ་ལྡན་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་གཉེར་གནས་ཤིང་། །ཐབས་དང་ཤེས་རབ་འབྲེལ་པའི་དཀྱིལ་འཁོར་ནས། །མཁའ་འགྲོ་མི་ཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏི་ཙ་ཧོ། བདེ་བར་གཤེགས་པ་ཁྱོད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གི་སྤྱོད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །རྡོ་རྗེ་རྒྱལ་པོས་བྱིན་བརླབས་མཛོད། །དུས་ངན་མཐའ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབས། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་གྲུབ་གྱུར་ཅིག །ཧཱུཾ། ཧེ་རུ་ཀ་ཡི་ཀལྤོ་དང་། གསང་བའི་སྙིང་པོའི་རྒྱུད་དག་ལས། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྩེ་དགུ་རྩེ་ལྔ་ཏི་ར་གཡས། །དྲིལ་བུ་དུང་དམར་འཇིག་རྟེན་གཡོན། །དཔལ་ཆེན་རྡོ་རྗེ་ཐབས་ཀྱི་རྒྱ། །ཤེས་རབ་ཡུམ་གྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་ཤེས་རབ་ཐབས་ལ་རྟེན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །ཀྲོ་དྷི་ཤྭ་རི་དབྱིངས་ཀྱི་རྒྱ། །འབར་བའི་གདན་ལས་བཞེངས་ནས་ཀྱང་། །མཆོད་བཞེས་དམ་བསྐོངས་མཐུ་དང་དངོས་གྲུབ་སྩོལ། །ཤར་གྱི་ཁྲོ་བོའི་ཕྱག་རྒྱ་ནི། གཡས་དཀར་གཡོན་དམར་དབུས་སྨུག་ཞལ། །འཁོར་ལོ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་ཏྲི་ཤུལ་གཡོན། །དཔལ་ཆེན་བུདྡྷ་ཐབས་ཀྱི་རྒྱ། །ཤེས་རབ་ཡུམ་གྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག །གཡས་པས་ཤེས་རབ་ཐབས་ལ་རྟེན། །གཡོན་པ་དུང་དམར་གཙོ་ལ་སྟོབས། །ཀྲོ་དྡྷི་ཤྭ་རི་དབྱིངས་ཀྱི་རྒྱ། །འབར་བའི་གདན་ལས་བཞེངས་ནས་ཀྱང་། །མཆོད་བཞེས་དམ་བསྐོང་མཐུ་དང་དངོས་གྲུབ་སྩོལ། །ལྷོ་ཡི་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་སྔོ་གཡོན་དཀར་དབུས་སེར་ཞལ། །རིན་ཆེན་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་དགྲ་སྟ་གཡོན། །དཔལ་ཆེན་རཏྣ་ཐབས་ཀྱི་རྒྱ། །ཤེས་རབ་ཡུམ་གྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །གཡས་པ་ཤེས་རབ་ཐབས་ལ་རྟེན། །གཡོན་པ་དུང་དམར་གཙོ་ལ་སྟོབས། །ཀྲོ་སྟི་ཤྭ་རི་དབྱིངས་ཀྱི་རྒྱ། །འབར་བའི་གདན་ལས་བཞེངས་ནས་ཀྱང་། །མཆོད་བཞེས་དམ་བསྐོངས་མཐུ་དང་དངོས་གྲུབ་སྩོལ། །ནུབ་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། གཡས་དཀར་གཡོན་སེར་དབུས་དམར་ཞལ། །པདྨ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་རྔ་ཆུང་གཡོན། །དཔལ་ཆེན་པདྨ་ཐབས་ཀྱི་རྒྱ། །ཤེས་རབ་ཡུམ་གྱི་ཕྱག་རྒྱ་ནི། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་པས་ཤེས་རབ་ཐབས་ལ་རྟེན། །གཡོན་པ་དུང་དམར་གཙོ་ལ་སྟོབས། །ཀྲོ་ཏི་ཤྭ་རི་དབྱིངས་ཀྱི་རྒྱ། །འབར་བའི་གདན་ལ་བཞེངས་ནས་ཀྱང་། མཆོད་བཞེས་དམ་བསྐོངས་མཐུ་དང་དངོས་གྲུབ་སྩོོལ། བྱང་གི་ཁྲོ་བོའི་ཕྱག་རྒྱ་ནི། གཡས་དཀར་གཡོན་དམར་དཀྱིལ་ལྗང་ཞལ། །རྒྱ་གྲམ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་མཐོང་བཤོལ་གཡོན། །དཔལ་ཆེན་ཀརྨ་ཐབས་ཀྱི་རྒྱ། །ཤེས་རབ་ཡུམ་གྱི་ཕྱག་རྒྱ་ནི། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་། །གཡས་པས་ཤེས་རབ་ཐབས་ལ་རྟེན། །གཡོན་པ་དུང་དམར་གཙོ་ལ་སྟོབས། །ཀྲོ་དྷི་ཤྭ་རི་དབྱིངས་ཀྱི་རྒྱ། །འབར་བའི་གདན་ལས་བཞེངས་ནས་ཀྱང་། །མཆོད་བཞེངས་དམ་བསྐོངས་མཐུ་དང་དངོས་གྲུབ་གསོལ། །གནས་དང་ཡུལ་གྱི་ཕྱག་རྒྱ་ནི། ཀ་རི་བྷན་དམར་ཞིང་དབྱུག་སྔོ། །ཙ་རཱི་འདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། བེཏྟ་བྱིས་ཟ་རྡོར་འཕྱར་ནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། གྷསྨ་དུང་དམར་ཁྲག་འཐུང་ལྗང་། སྨེ་ཤ་མཐིང་ནག་བྱིས་སྙིང་ཟ། ཙཎྜ་སེར་སྐྱ་མཆོག་ལུས་འདྲལ། འབར་བའི་གདན་ལས་བཞེངས་ནས་ཀྱང་། མཆོད་བཞེངས་དམ་བསྐོང་མཐུ་དང་དངོས་གྲུབ་སྩོལ། སིདྷ་ཁ་རོ་སྣོལ་སེར་སེང་། བྱ་གྷྲི་གནས་ལྟག་སྣོལ་མར་སྟག །སྲི་ལ་ནག་པོ་བྱིས་ལྡག་ཝ། ཤྭ་ན་འདྲལ་ལྟ་མཐིང་ཁ་སྦྱང་། །གྲྀདྡྷ་མགྲིན་དམར་རྒྱུར་འདྲེན་རྒོད། །ཀང་ཀ་ཞིང་ཕྲག་སྣར་མགོ་རིང་། །ཁ་ཁ་ཁ་རོ་བན་གྲི་ནག །ཧུ་ལུ་ལྕགས་ཀྱུ་མཐིང་ཚོགས་འུག །འབར་བའི་གདན་ལས་བཞེངས་ནས་ཀྱང་། །མཆོད་བཞེས་དམ་བསྐོང་དབང་དང་དངོས་གྲུབ་གསོལ། །རྟ་གདོང་སྔོན་པོ་ལྕགས་ཀྱུ་འཛིན། །ཕག་གདོང་ནག་མོ་མཆེ་ཞགས་ཅན། །སེང་གདོང་ལྕགས་སྒྲོག་མེ་འབར་མ། །སྤྱང་གདོང་དྲིལ་བུ་སྣ་ཚོགས་མདོག །འབར་བའི་གདན་ལས་བཞེངས་ནས་ཀྱང་། །མཆོད་བཞེས་དམ་བསྐོངས་དབང་དང་དངོས་གྲུབ་སྩོལ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་པ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏྲི་ཤུལ་འཛིན། །རྟོག་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་ཨིནྜ་གདེངས། །རྡོ་རྗེ་སེར་མོ་ཙན་དན་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་པུཎྜ་རི། །བེ་ཅོན་ལྗང་ནག་དབྱུག་ཏོ་འཕྱར། །སྲིན་མོ་དམར་མོ་དུང་ཁྲག་མཐུང་། །ཟ་བ་ལྗང་ནག་བ་སུ་འདྲེན། །དགའ་བ་དམར་མོ་ཀ་ཏར་འཕྱར། །སྟོབས་ཆེན་དཀར་མོ་བཤོལ་འཛིན་མ། །རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །འདོད་པ་དམར་མོའི་མདའ་གཞུ་འགེངས། །ནོར་བསྲུངས་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཕྱར། །གསོད་བྱེད་དམར་མོ་རལ་གྲི་འཛིན། །མེ་མོ་དམར་མོ་གསལ་ཤིང་འཆང་། །ཕག་གདོང་ནག་མོ་མཆེ་ཞགས་ཅན། །རྒན་བྱེད་དམར་མོ་ཞིང་ཆུང་ཟ། །སྣ་ཆེན་དཀར་མོ་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །རྡོ་རྗེ་སེར་མོ་ར་མགོ་ཞགས། །རྡོ་རྗེ་དམར་མོ་ལྕགས་སྒྲོགས་སྡོམ། །རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས། །བྷྱོ། འབར་བའི་གདན་ལས་བཞེས་ནས་ཀྱང་། །མཆོད་བཞེས་དམ་བསྐོངས་དབང་དང་དངོས་གྲུབ་སྩོལ། །བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། ༀ་ཤྲཱི་ས་མནྟ་བྷ་ཏྲ་སརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤཱ་མུ་ཁེ་བྷྱ། སརྦ་ཏཏྑཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཧཱ། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་རྣམས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར། ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ། ན་མ་ས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱཧཱ། ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ་སརྦ་ཏ་ཐ་ག་ཏ་སིདྡྷི་ཧཱུཾ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུཾ། ༀ་ཤྲི་བཛྲ་རཱ་ག་དྷུ་པེ་དྷུ། ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། །ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སི དྡྷི་ཧཱུཾ། ས་མ་ཡོ་ཏ་མུ། སརྦ་མཧཱ་སུ་ཁ་སིདྡྷི་ཧཱུཾ། ༀ་ཤྲཱིི་བཛྲ་རཱ་ག་པུཥྤེ་པུ། ༀ་པ་ན་པེམ་པེ་ནུ་སུ་ར་ཏོ། །ཏི་པུ་པ་ར་མུ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུཾ། ས་མ་ཡོ་ཏ་མུ་སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུཾ། ༀ་ཤྲི་བཛྲ་ར་ག་ཨཱ་ལོ་ཀེ་ཧྲིཿༀ་པ་ན་པེཾ་པེ་ནུ་སུ་ར་ཏོ་ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུཾ། ས་མ་ཡོ་ཏ་མུ་སརྦ་མ་ཧཱ་སུ་ཁ་སིདྷི་ཧཱུཾ། ༀ་ཤྲཱི་བཛྲ་ར་ག་གནྡྷེ་གན། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་འགྲུབ་པར་མཛོད། །ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་འགྲུབ་པར་མཛོད། །ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་དག་པར་མཛོད། །ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་དག་པར་མཛད་དུ་གསོལ། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱི། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །འདི་ནི་སྔོན་གྱི་དམ་ཚིག་གོ །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་ཉིད་བསྐངས་བའི་མཆོག །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ཀྱི། །ཐུགས་རྗེ་དགོངས་ནས་བཞེས་སུ་གསོལ། །བཞེས་ནས་ཀུན་ཏུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒཾ་པྲ་ཏིཙྪ་ཧོ། ཤྲི་བཱ་ན་ཁ་རཾ་ཁ་ཧི། ཧཱུཾ་ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲོ་རྒྱལ་ཡབ་ལྔ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་བསྩོལ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒཾ་པྲ་ཏིཙྪ་ཧོ་ཤྲི་བཱ་ཱན་ཁ་རམ་ཁཱ་ཧི། དཔལ་ཆེན་སྐུ་ལ་གཉིས་མེད་ལྷུན་སྦྱོར་བའི། ཀྲོ་དྷི་ཤྭ་རི་ཡུམ་ཆེན་ལྔ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒཾ་པྲ་ཏིཙྪ་ཧོ་ཤྲི་བཱ་ཱན་ཁ་རམ་ཁཱ་ཧི། མཐིང་ཁ་མཆོག་རྣམས་རྡོ་རྗེ་གསང་བའི་ཡུམ། །ཀ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མས་སརྦ་ཏ་ཐཱ་ག་ཏ་ཨརྒཾཔྲ་ཏིཙྪ་ཧོ། ཤྲི་བཱ་ཱན་ཁ་རམ་ཁཱ་ཧཱི། རྡོ་རྗེ་མགོ་བརྙན་ཟ་བྱེད་མཆེ་གཤོག་ཅན། །སེང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་གསོལ། །ༀ་ན་མས་སརྦ་ཏ་ཐཱ་ག་ཏ་ཨརྒཾཔྲ་ཏིཙྪ་ཧོ། ཤྲཱི བཱ་ཱན་ཁ་རམ་ཁཱ་ཧཱི། སྒོ་བཞི་རབ་རྔམ་རྡོ་རྗེ་གདོང་མོའི་ཚོགས། །རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་གསོལ། །ༀ་ན་མས་སརྦ་ཏ་ཐཱ་ག་ཏ་ཨརྒཾ་པྲ་ཏིཙྪ་ཧོ། ཤྲི་བཱ་ཱན་ཁ་རཾ་ཁཱ་ཧི། དཔལ་ཆེན་འཁོར་ཚོགས་བཛྲ་ཨ་ར་ལི། །མཁའ་ལ་ཤུགས་འགྲོ་མ་སྲིང་རྒྱ་མཚོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་བརྩེ་དགོངས་དབང་དང་དངོས་གྲུབ་གསོལ། །ༀ་ན་མས་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒཾ་པྲ་ཏིཙྪ་ཧོ། ཤྲི་བཱ་ཱན་ཁ་རམ་ཁཱ་ཧི། བསྐལ་བ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ་རྣམས་ལ། །རྣམས་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་གསོལ། །ༀ་ན་མས་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒཾ་པྲ་ཏིཙྪ་ཧོ། ཤྲི་བཱ་ཱན་ཁ་རཾ་ཁཱ་ཧི། ཅི་བགྱི་བཀའ་ཉན་གིང་དང་ཕོ་ཉའི་ཚོགས། །འབར་མ་ལ་སོགས་ཕོ་ཉའི་ཚོགས་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། སྡོམ་ལ་གནས་ཤིང་རིག་འཛིན་གྲུབ་པའི་ས། །ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་གསོལ། །མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། དམ་ཚིག་དབང་དང་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་རྡོ་རྗེ་སློབ་དཔོན་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་གསོལ། །མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ཤེས་པའི་ཁྱད་པར་རིམ་པར་དབང་བསྐུར་བའི། །རྒྱལ་ཐེབ་ཅན་དང་ཀརྨ་གིང་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ཚེ་རབས་སྔོན་ནས་སྨོན་ལམ་འཕྲོ་འཐུད་པའི། །རྒྱལ་བའི་གདུང་འ ཚོབ་མཆེད་དང་ལྕམ་དྲལ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་གསོལ། །མཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ཡུན་རིངས་དུས་ནས་བསྙེན་ཞིང་བསྒྲུབས་པའི་ལྷ། །དམ་ཅན་རྒྱ་མཚོ་ཆོས་སྐྱོང་བསྲུངས་མ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་གསོལ། །མཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁ་ཧི། འཇིག་རྟེན་འདི་དང་སྔ་ཕྱི་གཉིས་ཀ་རུ། །ལུས་སྲོག་བསྐྱེད་པའི་དུས་གསུམ་ཕ་མ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་གསོལ། །མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རམ་ཁ་ཧི། ༀ་ཨཱཿཧཱུཾ། ལྕེའི་རྡོ་རྗེ་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམས་ནས། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །ཟོས་ནས་དངོས་གྲུབ་གསུམ་ཐོབ་འགྱུར། །ཀ་ཡ་སིདྷི་ༀ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཝ་ཀ་སིདྷི་ཨཱཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝ་ཀ་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧོཾ། ཙིཏྟ་སིདྷི་ཧཱུཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་ཙིཏྟ་བཛྲ་སྭབྷ་ཝ་ཨདྨ་ཀོ྅་ཧཾ། ཀ་ཡ་ཝ་ག་ཙིཏྟ་སིདྷི་ཏིཥྛ་བཛྲ། ཛཿཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་ཨི་དཾ་དྷུ་པེ། པུཥྤེ། དཱི་པ། གནྡྷེ། བྷ་ལིཾ་ཏ་པྲ་ཏིཙྪ་ཧོ། ཤྲཱི་བཱ་ཱན་ཁ་ཁ་ཁཱ་ཧི་ཁ་ཧི། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡི་རབ་བརྒྱན་སྟེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱའོ། །རཾ་རཾ། ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨ་ལ་ནི་རྡོ་རྗེ་ཞུགས། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་སམ་མཉེས་པར་བྱའོ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་ར་ག་ཡ་མི། ཨ་ནུ་ར་ག་ཡཱ་ཧཾ། ཛཿ་ཧཱུཾ་བཾ་ཧོ། ཧཱུཾ་ཧཱུཾ་ཧཱུཾ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །ཛཿཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨཱ་བཱེ་ཤ་ཡ། ཨ་བེ་ཤ་ཡ། པྲ་ཏིཙྪ་ཧོ། ཤྲི་བཱ་ཱན་ཁ་ཁཱ་ཁཱ་ཧི་ཁཱ་ཧི། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་པས། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་སྙིང་ཏི་རར་བཅས། །དམར་གྱི་ཨརྒཾ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཛཿཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་སརྦ་དུཥྚན་ས་མ་ཡ་མུ་ཏྲ་མཱ་རཾ་ཁ་ཁཱ་ཁ་ཧི་ཁཱ་ཧི། ཧྲི་ད་ཡ་བཱི་ས་ཧཱུཾ་ཕཊ། ང་ནི་ཟ་བྱེད་ཆེན་པོ་ཏེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །འདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱའོ། །ཛཿཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་མ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲི་ཏ། མ་ཧཱ་ཨརྒཾ་པྲ་ཏིཙྪ་ཧོ། ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ། ཧཱུཾ་བྷྱོ། ཧཱུཾ་བྷྱོ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པས། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིས། །གར་བྱས་གྲུབ་པོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཾ་ས་ལ་སོགས་བྲོ་མཆོག་གསོལ། །མེ་ཏོག་ལ་སོགས་ཙན་དན་དྲི། །བཟང་དགུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ནི་རེག་བྱའི་མཆོག །བྱིན་གྱིས་བརློབས་ཤིག་རྣལ་འབྱོར་པ། །གྲུབ་པའི་རྫས་འདི་ནི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་པ་མེད་པའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་མཆོག་སྟོན་ཀུན་གསོན་མཛད་ལ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །རྒྱས་བཏབ་རྨོངས་བྱེད་བསྣམས་སུ་གསོལ། །བདེ་མཆོག་ངོ་མཚར་བདེ་ལ་བཞུགས། ཧཱུཾ་ཨ་ལ་ལ་ཧོ་གནང་བར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །དམ་ཚིག་བདག་ལ་འཇུག་ཏུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་པ་དག་བསྣམས་སུ་གསོལ། །ཉོན་མོངས་ཐམས་ཅད་བསལ་བར་མཛོད། །ཧི་ཧི་དབང་ཕྱུག་སྐུ་གསུང་ཐུགས་ཀྱི་རྒྱལ་བ་རྒྱ་མཚོ་རྣམས། །ཨེ་ཧ་ཧི་ཨེ་ཧ་ཧི་ཚུར་བྱོན་འཁོར་དང་བཅས། ཛཿཧཱུཾ་བཾ་ཧོ། སྤྱན་འདྲེན་མ་ལུས་གཤེགས་སུ་གསོལ། ཀ་ལ་ཀི་ལ་ཧ་ཧ་དགའ་བའི་གཞད་མོས་ཁོང་། བདེ་དྲོངས་བདེ་སྤྱོད་ཨ་ཧོ་སུ་ཁ་ཤམྦ་ཡ། ཏིཥྛ་ཥི་ཥྱ། སློབ་མ་ཆུག་གཅིག་གནང་བར་མཛོད། རོལ་ཤིག་དགོངས་ཤིག་འདོད་པའི་བདག་ཉིད་ཏིཥྛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ད་ར་ད་ར། ཧ་ར་ཧར་ར་ཟོ་ཅིག་ངོ་མཚར་མཆོག་ཏུ་སྟོབས་པོ་ཁཱ་ཧི་ཁཱ་ཧི། བདུད་རྩི་ལ་སོགས་དམར་ཆེན་སྙིང་པོ་ལྔ། མཾ་ས་ལ་སོགས་ཚེ་འཕེལ་དཔའ་བོ་མཆོག །མཛྫ་མེ་ཛ་རཀྟ་རུ ཀྟི་ཏི་མ་ཏཾ། ཉེ་བར་སྒྲུབ་པའི་སྙིང་པོ་མ་ལུས་གྲུབ་པ་རྣམས། །དྲི་མེད་གཟི་ལྡན་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་རྒྱ་མཚོ་ཐམས་ཅད་དགྱེས་ཤིང་རོལ་དུ་གསོལ། །མྱོས་བྱེད་སྟོང་པས་ལྷག་པར་བདེ་བར་འདོད་པའི་གཟུགས་སྟོན་པ། །འདུལ་བའི་དབང་གིས་གཤིན་རྗེ་སྟོང་པས་ལྷག་པར་རབ་ཏུ་འཇིགས། །ཞི་བའི་སྐུ་ཡང་ཚངས་པ་སྟོང་པས་ཤིན་ཏུ་ལྷག་པར་སྟོན། །དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་དེ་བཞིན་གཤེགས་ཀུན་གྲུབ་པར་མཛོད། །ཐམས་ཅད་དག་པར་མོས་པས་ངོ་མཐོན་སྟོབས་ཀྱིས་རྣམ་པར་གནོན། དགྲ་བགེགས་ཐམས་ཅད་ཧི་ཧི་ཧེ་ཧེ་དབང་ཕྱུག་ཐམས་ཅད་ཤིག་ཤིག་རབ་ཏུ་ཤིག །རབ་གྱི་རྩལ་གྱིས་གནོན་པའི་སྟོབས་ཀྱི་ངོ་མཐོན་དབང་ཕྱུག་གནོན། །སྦྱོར་ཆེན་ཧུ་ལུ་ཧུ་ལུ་དམིག་གསུམ་པོ་ལས་གསུམ་དུ་དྲོངས། །རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱི་ངོ་མཐོན་མཐུ་ཆེན་གནོན། །མཉམ་སྦྱོར་རུ་ཏྲའི་སྙིང་ནས་དཔལ་མོས་དྲོངས་ཅིག་རབ་དྲོངས་ཅིག། །རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱི་ངོ་མཐོན་འཆང་ས་གནོན། །སྦྱོར་ཆེན་ཚངས་ལས་སྒྲོལ་མས་དྲོངས་ཤིག་སྨ་ར་ཐ། །རབ་ཀྱི་རྩལ་གྱི་གནོན་པའི་སྟོབས་ཀྱི་ངོ་མཐོན་དགའ་དབང་གནོན། །རྣལ་འབྱོར་ཀུན་གྱི་བདག་ལ་དགའ་དྲོངས་གཅིག། །ཧཱུཾ་ཨ་ལ་ལ་ཧོ། གདུག་ཅིང་ཁྲོ་ལ་གཏུམ་པའི་སེམས་ཅན་བསྒྲལ་བའི་ཕྱིར། །སྒྲུབ་བཞུགས་ཨ་ལ་ལ་ཧོ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། འཛའ་བོ་མི་ལ་བྱའམ་མི་བྱ་བ། །ཡོངས་སུ་རྟོགས་པ་དེ་དག་མེད་ཀྱང་སླ། །དེ་འདྲའི་འཛའ་བོ་སྒྱུ་མ་ཡིན་པས་ན། །དེ་ལ་འཛའ་ཞེས་སུ་ཞིག་ཟེར། །སྒོ་བ་གང་ལ་བྱ་འམ་མི་བྱ་བ། །ཡོངས་སུ་རྟོགས་པ་དེ་དག་མེད་ཀྱང་སླ། །དེ་འདྲའི་སྒོ་བ་སྒྱུ་མ་ཡིན་པས་ན། །དེ་ལ་དཔའ་ཞེས་སུ་ཞིག་ཟེར། །ཀོ་ཊ་བྷྱ། ཀོ་ཊ་བཱ། ཀོ་ཊཿ ཀོ་ཊ་པཉྩི། ཀུ་ཊི་ར་ཀཿ ཀོ་ལཱ་ཁྱ། ཀོ་ལཱ་བཱ། ཀོ་ལཿ ཀོ་ལ་པཉྩ། ཀོ་ལ་ཏ་ཐཱ། རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བའི། །བཅོམ་ལྡན་བདེ་གཤེགས་རྡོ་རྗེ་དཀྱིལ་འཁོར་དབྱིངས། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང་། །ཕྱག་བརྙན་གཏུམ་ཆེན་རྔམ་པའི་ཚོགས་ལ་སོགས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་རབ་རྫོགས་ཏེ། །དགྱེས་པར་རོལ་བའི་དུས་ཀྱི་མཆོད་པ་དམ་པར་སྦྱར་བ་འདི། །བཞེས་སྟེ་ཨ་ལ་ལ་སྟེ་དགྱེས་པར་མཛོད། །ༀ་བཛྲ་ཨེ་པ་ཧཱུཾ། སེ་པ་ཧཱུཾ། ས་མ་ཡ་བྷཀྵ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོ། ༀ་པྲ་ཏིཙྪ་ཧོ། ཧོ་སྤྲོས་པ་མེད་པའི་དབྱིངས། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན། དུས་གསུམ་དུ་གཤེགས་ཞིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ་བཅོམ་ལྡན་འདས་རྡོ་རྗེ་ཡེ་ཤེས་པ་ལ་སོགས་ཏེ། རིགས་ལྔའི་བདེ་བར་གཤེགས་པ་རིགས་མཆོག་བཟུངས་ཀྱི་དབྱིངས་ན་རྣམ་པར་བཞུགས་པ། འཁོར་ཕུན་སུམ་འཚོགས་པ་དང་བཅས་པ། ཐུགས་རྗེ་དང་བཅས་པ། ཐུན་མོང་མ་ཡིན་པའི་སྤྱོད་པས་རྣམ་པར་འཕྲོ་ཤིང་ཡེ་ཤེས་ཆེན་པོའི་རོལ་བ། རྨད་དུ་བྱུང་བའི་དྲག་ཤུལ། བླ་ན་མེད་པའི་ཐབས་རྒྱལ་བ་རྒྱ་མཚོ་དང་ལྡན་པའི་རྒྱལ་པོ། བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ །བཛྲ་ཊ་ཀྐི་ནི། ཡུམ་ཀྲོ་དྷི་ཤྭ་རི་དང་གཉིས་སུ་མེད་པ་རོལ་པའི་བྱིན་བརླབས་ལས་བྱུང་བ། རིགས་ལྔ། དཔལ་ཆེན་པོ་ཡབ་ཡུམ་དང་། ཀ་རིའི་ཚོགས་དང་། སིང་ཧའི་འཁོར་ནང་གི་རྣལ་འབྱོར་མ་དང་། ཕྱིའི་གྲུབ་པ་མོ་ཡེ་ཤེས་དང་ལས་ལ་སྐྱེས་པའི། འཁོར་བསམ་གྱི་མི་ཁྱབ་པ་ཐམས་ཅད་མཁྱེན་པ་དང་བྱིན་གྱིས་བརླབ་པ་དམ་པ་མཛད་དུ་གསོལ། གཞན་ཡང་རྣལ་འབྱོར་ཕོ་དང་རྣལ་འབྱོར་མོ། ཕོ་ཉ་ཕོ་དང་ཕོ་ཉ་མོ། ཅི་བགྱི་བཀའ་ཉན་ཐམས་ཅད་དང་། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་བྲལ་དགོངས་པ་རྣལ་འབྱོར་གྱི་དོན་གཅིག་རྩེ་གཅིག་ཏུ་དགོངས་ཤིང་། གསང་སྔགས་མ་ཧཱ་ཡོ་གའི་དོན་ལ་བཀའ་གཞུང་བཞིན་དུ་མཛད་པས་ཐམས་ཅད་མཁྱེན་པ་དང་བྱིན་གྱིས་བརླབས་པ་དམ་པ་མཛད་དུ་གསོལ་ལོ། །གཞན་ཡང་རྣལ་འབྱོར་གྱི་མཆོད་ཡོན་དམ་པ་ཕུད་ཀྱི་ཁྱད་པར་གྱི་མཆོག་འདི་ལས། ཆོས་ཉིད་ལས་ཆོས་འབྱུང་སྟེ། འབྱུང་བ་ཆེན་པོ་ཀུན་རྫོ བ་སྒྱུ་མའི་མཚན་ཉིད་ཙམ་བསྡུས་ནས། དེང་སྤྲུལ་པ་ལས་སྤྲུལ་པ་རོལ་ཅིང་། རྣལ་འབྱོར་གསང་བ་མཆོག་གི་མཆོད་པ་དམ་པ་ལོངས་སྤྱོད་རྫོགས་པའི་ཚུལ་དུ་སྦྱར་བ་འདི། བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ། དབང་མི་འཚལ་བའི་སླད་དུ་ཕུད་དང་གཙང་མར་སྦག་ཏེ། དགའ་འགུ་གུས་པའི་སེམས་ཀྱིས་མཆོད་པའི་ལྷ་མོ་ལྟར། འདོད་འཇོ་རྟག་པའི་ཚུལ་དུ་གར། ཡེ་ཤེས་ཀྱི་སྤྱི་གཙུག་ལ་བླངས་སྟེ། རྒྱལ་བའི་དཀྱིལ་འཁོར་རིན་པོ་ཆེའི་གཞལ་ཡས་ཁང་། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ། ཕྱུར་བུར་བསྐང་ནས་འབུལ་ཞིང་མཆིས་ན། ཐུགས་རྗེ་ཆེན་པོའི་དབང་གི་གཉིས་སུ་མེད་པའི། བདེ་བ་ཆེན་པོས་དགྱེས་པ་དང་ལྷུན་གྲུབ་ཏུ་དགོངས་སྟེ། ཡེ་ཤེས་ཆུ་ཟླ་ལྟ་བུར་སྒྱུ་མ་ལ་སྒྱུ་མར་རོལ་ཅིང་། སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་བཞེས་སུ་གསོལ་ལོ། །མཐོལ་གཤགས་བཟོད་པར་གསོལ་བ་ནི། དེང་བདག་ཅག་རྣམས་ཀྱི་དང་པོ་གསང་བའི་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེ་སྟེ། དམ་ཚིག་གཉན་པོ་མངོན་པར་ནོས་པ་ལས་རྩ་བ་དང་ཡན་ལག་གི་དམ་ཚིག་ལས་ཉམས་ཆགས་སུ་གྱུར་པ་དང་། ལྷ་ཉེ་བར་མ་བསྒོམས་པ་དང་། སྙིང་པོ་དག་པར་མ་བསྒྲངས་པ་དང་། སྦྱོར་སྒྲོལ་མང་པོའི་བར་བཀུམ་པ། དད་པ་ཅན་གྱི་ཚོགས་བཅགས་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ལས་འདས་པ། དམ་རྫས་དང་དུ་ལེན་རྔོ་མ་ཐོགས་པ། བསྙེན་ལས་ཡུན་ཐུང་པ། འཛབ་བཟླས་གྲངས་ཉུང་པ། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་པ། ལེ་ལོ་དང་སྙོམ་ལས་ཀྱི་དབང་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་ཀློང་དུ་མ་གྱུར་པ། སེམས་ཅན་གྱི་ཤེས་པ་རང་ཐད་དུ་གྱུར་པ། སྔ་སླད་དུ་དམ་ཚིག་ཉམས་ཆགས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་དུས་འདིར་ཤིན་དུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་བསམ་པ་ཐག་པས་མཐོལ་བཤགས་ཤིང་མཆིས་ན། དབྱིངས་ཉིད་མཁའ་དང་འདྲ་བའི་ངང་གི་སྐུ། བཟོད་པ་ཆེན་པོ་དང་དུ་བཞེས་ནས་ཚངས་པ་དམ་པའི་མཆོག་ཡིད་བཞིན་དུ་སྩལ་དུ་གསོལ། དངོས་གྲུབ་གསོལ་བ་ནི། ཤེས་བྱ་ཐབས་ཅད་ལ་ཐོག་པ་མེད་པའི་ཤེས་རབ་མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུ་དྲུང་ལྟ་བུའི་ལུས། དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གྱི་བླ་མ་མན་ཆད་ནས་དངོས་ཀྱི་སྐལ་བ་དང་། རྒྱུ་གང་ལགས་པ་དུས་ཕྱི་མ་ལ་བསྡད་མི་འཚལ་བར་དུས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ་ལོ། །འཕྲིན་ལས་དང་སྙན་དུ་གསོལ་བ་ནི། བདག་ཅག་འཁོར་དང་བཅས་པ་ལ་སྡང་བར་སེམས་པའི་དགྲ། གནོད་པར་སེམས་པའི་བགེགས། གདུག་པའི་དབལ། རྣོ་བའི་མཚོན་སྦྱར་བའི་དུག །ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་བཅུ། ཡེ་འབྲོག་སུམ་རྒྱ་དྲུག་བཅུ། སོ་སོའི་རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། མི་ཤིས་པའི་རྐྱེན་དེ་དག་ཐམས་ཅད་ཕྱིར་བཟློག་ཅིང་མིང་ཡང་མི་གྲགས་ཅིང་། ཞི་བ་ཆེན་པོ་མཛད་དུ་གསོལ། གལ་ཏེ་ཞི་བས་མི་འདུལ་ཞིང་མཆིས་ནའང་། དྲག་པོའི་འཕྲིན་ལས་ཀྱིས་དབང་དུ་བསྡུ་བ་དང་། སྤོར་ཞིང་སྤར་བ་དང་། གཟིར་ཅིང་མནན་པ་ལ་སོགས་ཏེ། འཕྲིན་ལས་དྲག་ཐལ་རྣམ་པ་བཞིས། ཇི་ལྟར་འདུལ་ཞིང་འཚམས་པ་བཞིན་དུ་མཛད་ནས་མིང་ཡང་མི་གྲགས་ཞིང་ཞི་བ་ཆེན་པོར་མཛད་དུ་གསོལ་ལོ། །བདག་ཅག་དམ་ཚིག་འདི་ལ་མངོན་དུ་བཞུགས་པ་རྣམས། བཅད་གཏུ བས་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཞིང་། གྲིབ་མས་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པས། སྐུ་ཡི་ཕྱོགས་ཙམ་མཐོང་བའི་མོད་ལ་འཚོ་བ་དང་། གཟི་བྱིན་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི །འོད་བཞིན་འཇིགས་རྟེན་ཁམས་འདིར་རྟག་ཏུ་འཆར་བ་དང་། ལུས་ངག་སེམས་དང་ཚེ་ནི་རྡོ་རྗེ་རབ་སྣང་སྟེ་། རེ་སྨོན་ཐམས་ཅད་དུས་འདིར་ཐོབ་པར་སྩལ་དུ་གསོལ། བྷྲུཾ་བི་ཤྭ་བི་ཤུད་དྷེ་ཕཊ་ཛཿ ཞེས་རྩ་བའི་དཀྱིལ་འཁོར་གོང་ལྟར་གསལ་གདབ། འཛབ་ཁང་དབྱེ། འཛབ་བསྐུལ་རྒྱས་པར་བྱའོ། །བསྡུས་པར། ཧཱུཾ་ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབ་པའི་ལྷ། །བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ །འཁོར་གྱི་གསང་བདག་ཡུམ་ཆེན་མཁའ་འགྲོའི་ཚོགས། །དམ་ཚིག་དངོས་གྲུབ་གསང་བའི་དཀྱིལ་འཁོར་འདིར། །ད་ལྟ་ཉིད་དུ་མངོན་གྱུར་ཅིག །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བརྗོད་དོ། །གཏུམ་ཆེན་དུས་མཐའི་མེ་ལྟར་འབར། འོད་ཟེར་ཉི་མ་འབུམ་གྱི་གཟི། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོ། ཧཱུཾ་ཧཱུཾ་རྔམ་པའི་ང་རོས་འབྲུག་སྟོང་ལྡིར། གཏུམ་ཆེན་རི་རབ་འབུམ་སྙིལ་སྐད། ཨ་ལ་ལའི་གད་བརྒྱང་ཆེ། །སྐྱུགས་པའི་འཐོར་རླུང་གཡེངས་པ་ཆེ་ཧོཿ ཧཱུཾ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཧཱུྃ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། འཕྲོས་པའི་དཀྱིལ་འཁོར་འཆར་ཆེན་འབེབས། དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། ཧཱུཾ། བདུད་ཀུན་གྱིས་ནི་བདུད་ཆེན་པོ། བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། འཇིགས་པའི་ཚོགས་ཀྱང་འཇིག་བྱེད་པ། འཇིགས་བྱེད་ཆེན་པོའི་ཐིག་ལེ་ཆེ། ཧོཿ ཧཱུཾ་རྡོ་རྗེ་བྲག་ཆེན་སྲ་བ་པོ། རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཧཱུཾ་ༀ་བི་ཤྭ་བི་ཤུདྡྷེ་ཨ་མྲི་ཏེ་ཧཱུཾ་ཕཊ། དྷརྨ་ཨ་མྲི་ཏེ་ཧཱུཾ་ཕཊ། ༀ་བཛྲ་ཡཀྵ་ཀྲོ་དྷ་ཧཱུཾ་ཕཊ། ༀ་བཛྲ་ཡཀྵ་ཀྲོ་དྷ་ཧཱུཾ། རཾ་ཡཾ་ཁཾ་པདྨ་བཱ་ལིང་ཏ་བཱི་ཤྭ་ཙཀྲ་ཧཱུཾ་བྷྲུཾ། མ་སུཪྱཱ་མནྚ་ལ་ཧཱུཾ་སྨ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨ་ཙཎྜ་མཎྜལ་ༀ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་བྷ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡེ་སྭ་ཧཱ། ཧཱུཾ་དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། མ་མོ་མཁའ་འགྲོའི་ཚོགས་རྣམས་དང་། ལྷ་དང་ལྷ་མིན་རྣལ་འབྱོར་པ། ཐུགས་དང་འཐད་པའི་གནས་ཆེན་འདིར། ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། ཛཿ་ཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨ་གདྡྷ་ཡ། ཨ་གདྡྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བཎྡྷ་ཡ། བཎྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། བཛྲ་ཊ་ཀི་ནི་ནན། ཧྲི་ད་ཡ། ཧཱུཾ་ཧཱུཾ། ཕཊ་ཕཊ། ༀ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་སརྦ་དུ་ཥྚན། ས་མ་ཡ་མུ་ཏྲ་པྲ་བྷཉྩ་ཧཱུཾ་ཕཊ། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོས། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་སྟེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཚོགས་མཆོད་དམ་པ་རྒྱ་ཆེར་་འདེགས་པ་འདི། །མཆོད་སྤྲིན་སྣ་ཚོགས་ནམ་མཁའི་མཐའ་དང་མཉམ། །འདོད་ཡོན་ལྷ་མོ་སྒེག་མོ་བསམ་ཡས་པ། །ཞིང་ཁམས་ཁྱབ་པའི་མཆོད་པ་སྤྲིན་ཕུང་འབུལ། །ༀ་ཨཱ་ཧཱུཾ། སུ་ར་ཏ་ཨུ་པ་བྷྱཿཀ་མ་ལཱ་བཛྲ་ཨ་མྲི་ཏ་ཧ་ར་ཎ་པྲ་ཏི་ཏིཙྪ་བྷ་ག་ཝན། ཛཿཧཱུཾ་བཾ་ཧོ། ཨ་ལ་ལ་ཧོ། ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐ་ག་ཏ་སི དྡྷི་ས་མ་ཡོ་ཏ་མུ་སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུཾ། དེ་ནས་ཚོགས་གསུམ་དུ་སྤྲོས་ལ། ཧཱུཾ་སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུ་ཡིས་དངོས་པོ་ཤིནྟུ་བསྒྱུར་བ་ཡི། །གར་བྱས་གྲུབ་པའི་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཾ་ས་ལ་སོགས་བྲོ་མཆོག་གསོལ། །མེ་ཏོག་ལ་སོགས་ཙན་དན་དྲི། །དྲི་བཟང་འབུལ་ལོ་བཞེས་སུ་གསོལ། །མི་མོ་ལ་སོགས་རེག་བྱའི་མཆོག །བྱིན་གྱིས་བརླབས་ཤིག་རྣལ་འབྱོར་པ། །གྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཛཿཧཱུཾ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨི་དམ། དྷུ་པ། པུཥྤ། གནྡྷ། དཱི་པ། བ་ལིཾ་ཏ་པྲ་ཏིཙྪ་ཧོ། ཤྲཱི་བཱ་ཱན་ཁ་ཁ་ཁཱ་ཧི་ཁ་ཧི། པར་བ་ནི། ཧཱུཾ་ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས། སྐྱེ་བ་འདི་ལ་ཐུག་པ་ཡན་ཆོད་དུ། ལུས་ཀྱི་སྡིག་པ་སྡིག་བྱས་ངན་དུ་སྤྱད། ངག་གི་ཚིག་འཁྱལ་སྨྲ་བ་ངན་དུ་བརྗོད། སེམས་ཀྱི་བློ་ནོར་ལོག་པ་བསམ་ལ་སོགས། འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་རྣམས། བཀྲམ་པའི་ལྷ་ཚོགས་ཁྱེད་ལ་གཟོད་པར་གསོལ། ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། དེའི་འཁོར་དུ་རྟོག་པའི་ལྷ་སྲིན་རྣམས། མི་ཡི་སྐྱོན་མཐོང་ཙམ་ལ་ཆད་པས་གཅོད། ནོངས་བགྱིས་འགལ་འཁྲུལ་མཆིས་ན་མཐོལ་ཞིང་གཤགས། མཐོལ་གཤགས་བཞེས་ནས་ཚངས་པ་སྩལ་དུ་གསོལ། ༀ་ཧཱུཾ་ཀ་རཾ་ཀ །བྱི་ལ་ཀུ་བིན། རོ་དྷ་རཾ་ནི་ཛི་མུ་ཏ་ནི་བ་ནོ། ཁ་ཊ྄ྃ་ག་གར་བྷྱོ་྄ཛ་ལ་ད་ན། ལ་ཎ་སཱུཏྟི་བ་སྟི་ཀ །ཤོ་བི་ཤི་ལ། ཨ་པ་ན་པདྨ་ཙན་དན། ནི་ཀ་བ་ཧཱུཾ་ཏ། ད་རེ་ཛ་པ་ས་སྟཾ། བན་དེ་རུ། བཛྲ་མ་ས་ར་སན། བ་མུ་ཀ །ཏིག་ནན་དཾཥྚ་ཀ་ར་ལ། ཐ་མ་ཐོད་པར་བསྡུས་སྟེ། ཨེ་རཾ། ཛྭ་ལ་རཾ། བཛྲ་ཛྭ་ལ་རཾ། ༀ་ཤྲཱི་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ༀ་ཕཊ་བ་ཧཱུཾ་བི་དྷ་རོ་ཧུ་ཏི། པཉྩ་ཏི། ཨ་ཤེ་ཥ། ནི་ཤེ་ཥ། བཱ་ཏ་བི་ན་ཡ། བིདྱཱ་ག་ཏེ། སརྦ་ཏ་ཐཱ་ག་ཏེ། ཙ་ལེ་པྲ་ཙ་ལེ། གུརྦ་གུརྦ། བི་གུརྦ་བི་གུརྦ། བཛྲ་སཾ་བ་ལེ་ཙ་ལེ་ཙ་ལེ་ཧཱུཾ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཧཱུཾ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱིས་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་དང་། བཅོམ་ལྡན་འདས་དཔལ་ཆེན་པོ་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། བདག་ཅག་ཀྱི་དགྲ་བགེགས་ཆེ་གེ་མོ་འདི། ཐང་ཅིག་ཡུད་ཙམ་ལ་དབང་དུ་ཁུགས་པར་གྱུར་ཅིག །འདིའི་རྒྱབ་རྟེན་དང་དཔུང་གཉེན་དུ་བྱེད་པའི་ཕོ་ལྷ་དང་ཡུལ་ལྷ་དང་། སྲོག་ལྷ་དང་། བན་བོན་གྱི་བསྲུངས་མ་བྱེད་པའི་ལྷ་རྣམས་ཉོན་ཅིག །ཆེ་གེ་མོ་འདི་ལས་ངན་པ་བྱེད་པ་ནི། དཀོན་མཆོག་གསུམ་གྱི་བཀའ་ལ་བསྡོ་བ་དང་། རིགས་ལ་སྙོགས་པ། མཆེད་ལ་འཁུ་བ། དམ་ལས་ལོག་པ་ཞེས་པ་དེ་ལྟ་བུ་བྱས་པས། འདི་ཡི་རྒྱབ་རྟེན་དང་དཔུང་གཉེན་མ་བྱེད་པར་ཡལ་བར་ཐོངས་ཤིག། གལ་ཏེ་རྒྱབ་བརྟེན་དང་དཔུང་གཉེན་བྱེད་པ་ན། ཁྱོད་ཉིད་ཀྱང་གནས་དང་བཅས་སྟེ་བཀུག་ཏ་རེ། ཁྱེད་ཉིད་ཀྱང་ལས་ངན་པ་འདིའི་སྡོང་གྲོགས་བྱེད་ན། མནར་མེད་པའི་སེམས་ཅན་དམྱལ་བར་ལྷུང་བ་སྟེ། དེ་ལྟ་བུའི་དོན་ཆུང་ངུ་ལ་ཉེན་ཆེན་པོ་ལ་མ་བསྡོ་བར་ཐོངས་ཤིག །གཞན་ཡང་ཡུལ་ཕྱོགས་འདིའི་ས་བདག་ལྷ་ཀླུ་ཉོན་ཅིག །ཁྱེད་ལ་ཕུར་བའི་རྩེ་མོ་མི་བཏོན། ཉུག་དཀར་གྱི་རྦབ་མི་སྒྲིལ། དྲག་པོ་ལས་ཀྱི་ཕོ་ཉ་མི་འགྱེད། གནོད་པའི་སྦྱོར་བ་གང་ཡང་མི་བྱེད་པས། མ་འཇིགས་མ་སྐྲག་པར་རང་རང་གི་གནས་སུ་འདུག་ལ། ངེད་ཀྱི་རྒྱབ་དང་དཔུང་གཉེན་གྱིས་ལ། དགྲ་བགེགས་འདི་དབང་དུ་བསྡུས་ཤིག ཧཱུཾ་བཟླས། ཨེ་ཡིག་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམ་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་འབུལ། །ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཐལ་བ་བཞིན་དུ་བརླག་ནས་ཀྱང་། །དྲག་པོའི་ལས་རྣམས་འགྲུབ་པར་མཛོད། །ལྷ་མོ་བློ་ལྡན་ཚོགས་ཀྱི་བདག །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལ་ནི་བརྙས་བྱེད་དང་། །རྣལ་འབྱོར་བར་དུ་གཅོད་པ་རྣམས། །དམ་ཚིག་གཉན་པོ་འདྲལ་བ་དང་། །རྡོ་རྗེ་སྤུན་ལ་འཁུ་བྱེད་རྣམས། །ཁྱེད་ཀྱིས་རྡུལ་དུ་བརླག་ནས་ཀྱང་། །གནོད་སེམས་མ་ལུས་གཏན་ནས་ཕྱུང་། །གང་ལ་བྱ་བ་ཁྱེད་ཤེས་ཀྱི། །དམིགས་པའི་གནས་ནས་ཁུག་ལ་ཤོག །ཧཱུཾ་ཧཱུཾ་ཧཱུཾ། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ། ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུཾ་ཕཊ། ཏྲི་ཡཾ་ཛ་ཛ་ཏྲི་ཡཾ་ཛ། ནྲི་ཡཾ་ཛ། ནྲི་ཡཾ་ཛ། བཛྲ་ཨཾ་གུ་ཤ་ཛ༔ པྲ་བེ་ཤ་ཕཊ། ཨ་བེ་ཤ་ཨ་ཨ། བཛྲ་ཨཾ་གུ་ཤ་ཛ། བཛྲ་པ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གཎྜ་ཧོ། བཟླས། ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། ཞེ་སྡང་འཇོམས་མཛད་བཛྲ་ཧེ་རུ་ཀ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་འཇོམས་མཛད་བུདྡྷ་ཧེ་རུ་ཀ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ང་རྒྱལ་ཚུལ་གྱིས་ངར་རྒྱལ་འཇོམས་མཛད་པ། །ང་རྒྱལ་འཇོམས་མཛད་རཏྣ་ཧེ་རུ་ཀ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འདོད་ཆགས་འཇོམས་མཛད་པདྨ་ཧེ་རུ་ཀ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཕྲག་དོག་ཚུལ་གྱི་ཕྲག་དོག་འཇོམས་མཛད་པ། ཕྲག་དོག་འཇོམས་མཛད་ཀརྨ་ཧེ་རུ་ཀ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། ཛཿདཀྱིལ་འཁོར་དེའི་ཕྱི་རོལ་ན། །ཕོག་པར་རྒྱོབ་ཅིག་ཀཻ་རི་མ། །སྙིང་ལ་གཟེར་ཅིག་ཙ་རི་མ། །དབང་དུ་བསྡུས་ཤིག་པྲ་མོ་ཧ། །བརྡུལ་དུ་བརློག་ཅིག་བེ་རྟ་ལི། །རྒྱུ་ཞགས་དྲོངས་ཤིག་པུཥྐ་སི། །ཤ་ཁྲག་འཐུངས་ཤིག་གྷསྨ་རི། །ཙིཏྟ་ཕུང་ཞིག་སྨེ་ཤ་ནི། །མགོ་ལུས་ཕྲོལ་ཤིག་ཙཎྜ་ལི། ཛཿ ཤ་ལ་རོལ་ཅིག་སེང་ཧ་མ། །རུས་པ་འཆོས་ཤིག་བྱ་གྲི་མ། ཁྲག་ལ་འཐུང་ཞིག་སྲི་ག་མ། །ལྤགས་ཆེན་ཕྲོལ་ཤིག་ཤྭ་ན་མ། །ནང་གྲོལ་དྲོངས་ཅིག་གྲི་དྷ་མ། ཞིང་ཆེན་ཁུར་ཅིག་ཀཾ་ཀ་མ། །ཧྲིལ་མིད་མཛོད་ཅིག་ཁ་ག་མ། །ཐོད་ཁྲག་འཐུང་ཤིག་ཨ་ལུ་མ། ཛཿ སྙིང་ནས་དྲོངས་ཤིག་ལྕགས་ཀྱུ་མ། །མགུལ་ནས་ཆིངས་ཤིག་ཞགས་པ་མ། །ཡན་ལག་སྡོམ་ཞིག་ལྕགས་སྒྲོག་མ། །མྱོས་པར་གྱིས་ཤིག་དྲིལ་བུ་མ། ཛཿ ཤར་ནས་གཤེགས་པའི་རྣལ་འབྱོར་བདུན། ཁྱེད་ཀྱི་ཞི་བའི་ལས་མཛོད་ཅིག །ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱེད་ཀྱིས་རྒྱས་པའི་ལས་མཛོད་ཅིག །ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན། ཁྱེད་ཀྱིས་དབང་གིས་ལས་མཛོད་ཅིག །བྱང་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱེད་ཀྱིས་དྲག་པོའི་ལས་མཛོདཅིག །གང་ལ་བྱ་བ་ཁྱེད་ཀྱིས་ཤེས། །དམིགས་པའི་གནས་ནས་ཁུག་ལ་ཤོག །བི་ཤྭ་སྤྲོ་དགུག །བསྟིམ། བཱའུ་བཟླས། ཛཿསྤྲུལ་པ་ཆེན་པོ་དུས་ལ་བབ། །སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་པ། །ཧཱུཾ་ཆེན་དགྲ་འབྱིན་ཕག་དང་རྨིགས་བུའི་མགོ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཤར་གྱི་ཕྱོགས་ནས་དགྲ་དང་བགེགས་འགུགས་པ། །རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཤར་ལྷོ་མཚམས་ནས་དགྲ་དང་བགེགས་འགུགས་པ། །དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ལྷོ་ཡི་ཕྱོགས་ནས་དགྲ་དང་བགེགས་འགུགས་མ། །གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ལྷོ་ནུབ་འཚམས་ནས་དགྲ་དང་བགེགས་འགུགས་མ། །མི་གཡོ་གཏུན་ཁུང་གཟིག་དང་ཁཱ་ཏའི་མགོ། །ཁྱེད་ཀྱི་དམ་ཚིག་དུས་མ་བབ། །ནུབ་ཀྱི་ཕྱོགས་ནས་དགྲ་དང་བགེགས་འགུགས་པ། །རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ནུབ་བྱང་འཚམས་ནས་དགྲ་དང་བགེགས་འགུགས་པ། །དཔལ་ལྡན་འདའ་བསྙེམས་སྤྱང་ཀི་ཁྲའི་མགོ །ཁྱེད་ཀྱིས་དམ་ཚིག་དུས་ལ་བབ། །བྱང་གི་ཕྱོགས་ནས་དགྲ་དང་བགེགས་འགུག་པ། །བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝང་མགོ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བྱང་ཤར་མཚམས་ནས་དགྲ་དང་བགེགས་འགུགས་པ། ཁམས་གསུམ་གསོད་བྱེད་དྲེད་དང་སྲེ་མོང་མགོ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །འོག་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་པ། །སྟོབས་ཆེན་སྐྱོད་མ་དོམ་དང་བྱི་བའི་མགོ །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །གང་ལ་བྱ་བ་ཁྱེད་ཀྱི་ཤེས། །དམིགས་པའི་གནས་ནས་ཁུག་ལ་ཤོག །སྤྲོ། དགུག །དབྱེ། བསྟིམ། གཟུང་བཅིངས། སྡོམ་མྱོས། བཱའུ་བཟླས། གྷ་ཏ་ཡའི་སྔགས་ཀྱི་ཕུར་བསྐོར་བྱ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཛཿ མ་སུཪྱཱ་མཎྜ་ལ། ཧཱུྃ་ༀ་སྭ་ཨཾ་ཧ། ཨ་ཙཎྜ་མཎྜ ལ། མུཾ་ལཱཾ་མཱཾ་པཱཾ་ཏཱཾ། སུ་ར་ཏ་སྟྭཾ། བཛྲ་ཨཉྫ་ལི་བཛྲ་བནྡྷ། ༀ་བཛྲ་ཨ་བེ་ཤ་ཨཱཿཧཱུཾ། ཨ་ཨ། ༀ་བཛྲ་ཀི་ལི་ཀི་ལི་ཡ་ཧཱུཾ་ཕཊ་ཛ། ༀ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་དིབྟ་ཙཀྲ་ཧཱུཾ་ཕཊ། ཧྲིཿཕུར་པ་ཧཱུཾ་ཕཊ། བཛྲ་ས་ཏྲ་རཱ་ཛ་ཡ་ཧཱུཾ་ཕཊ། ཀཱ་ཡ་ཝ་ཀ་ཙིཏྟ་ཏིཥྛ་བཛྲ་ནན། ༀ་གྷ་གྷ། གྷ་ཏ་ཡ། གྷ་ཏ་ཡ། སརྦ་དུཥྚན་མ་ཧཱ་ར་ཡ་ཧཱུཾ་ཕཊ། ཀི་ལི་ཀི་ལ་ཡ། སརྦ་པཱ་པཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀི་ལི་ཀི་ལ་ཡ། བཛྲ་དྷ་རོ་ཨ་ཛྙ་པ་ཡ་ཧོ། ཀཱ་ཡ་ཝ ཀྐ་ཙིཏྟ་བཛྲ་ཀཱི་ལ་ཡཱ་ཧཱུཾ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཧཱུཾ་ཨ་ཨ་ཡཾ་སྥ་ར་ཎ་ཧཱུཾ་ཕཊ། ཡུ་ཏི་ཛ། བོ་དྷི་ཙིཏྟ་ཛྙ་ན་སིདྷི་ཀུ་རུ་ཧཱུཾ། བཛྲ་ཏིཥྚ་ཎ་ༀ་ཧྲིཿཥྚི་བི་ཀྲི་ཏཱ། དགྲ་བགེགས་དམ་སྲི་སརྦ་ཤ་ཏྲུཾ། མཱ་ར་ཡ། ནཱ་ཤ་ཡཱ། སྟམྦྷ་ནི་སྟམྦྷ་ནི། ཧཱུཾ་བྷྲཱུཾ། ༀ་བྷྲཱུཾ། སྭཱ་བྷྲཱུཾ། ཧྲཱི་བྷྲཱུཾ། ཧཱཿབྷྲཱུཾ། བཛྲ་ཛྭ་ལ་ཙཀྲ་བྷྲཱུཾ། ཧཱུཾ། བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ། ཉི་མ་སྟོང་གི་འོད་ཟེར་གདལ་བ་ལྟར། །སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན། དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ། འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པ་ཡི། འཇིགས་བྱེད་རྔམ་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་སྟེ། གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། མི་ཟད་མཆེ་བས་བརྒྱན་པའི་ཞལ་གདངས་ཤིང་། ཁམས་གསུམ་ཟ་བར་བྱེད་པའི་སྐན་སྒྲ་ཅན། ཉི་ཟླ་འབར་བའི་ཅན་གྱི་སྡང་མིག་གིས། བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་ཁཱ་ཧི། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་ཁཱ་ཧི། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་ཁཱ་ཧི། ༀ་པདྨ་ཤྲཱི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རི་ཁཱ་ཧི། ༀ་ཀརྨ་ཤྲཱི་ཧེ་རུ་ཀ །ཀརྨ་ཀྲོ་དྷི་ཤྭ་རི་ཁཱ་ཧི། ཀ་རི་ཁྲོ་མོ་བརྒྱད་ཀྱི་ཞལ་དུ་ཁཱ་ཧཱི། སིདྷ་ཕྲ་མེན་བརྒྱད་ཀྱི་ཞལ་དུ་ཁཱ་ཧཱི། རྟ་གདོང་སྒོ་མ་བཞིའི་ཞལ་དུ་ཁཱ་ཧི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་ཞལ་དུ་ཁཱ་ཧི། ཡེ་ཤེས་ཁྲོ་བོ་བཅུའི་ཞལ་དུ་ཁཱ་ཧི། དམ་ཅན་ཆོས་སྐྱོང་བསྲུངས་མའི་ཞལ་དུ་ཁཱ་ཧི། དགྲ་བགེགས་འབྱུང་པོ་ཤ་ཁྲག་ཁ་རམ་ཁཱ་ཧི། ཛཿཧཱུཾ་བཾ་ཧོ། ཤྲི་ཧེ་རུ་ཀ་མཧཱ་བཛྲ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་ཏིཙྪ་ཧོ། ཤྲཱི་བཱ་ཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། འཆི་མེད་བདུད་རྩི་ཨ་མྲི་ཏ། །དུག་གི་ཕུང་པོ་འཇོམས་མཛད་པ། །རོ་ཡི་ཁམས་རྣམས་བློང་བར་བྱེད། །རྩི་མཆོག་སྨན་གྱི་མཆོད་བཞེས་སུ་གསོལ། མཧཱ་པཉྩ་ཨ་མྲི་ཏ་ཁཱ་ཧི། ཧོ། བདག་ཅག་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་བྲལ་རྣམས་ཀྱིས་མ་ཧཱ་མཾ་ས་གསོལ་བས། རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལོངས་སྤྱོད་ལ་མངའ་མཉེས་པར་གྱུར་ཅིག །ཛ་གད་དཔལ་བོ་གསོལ་པས། འགྲོ་བ་མང་པོ་དབང་དུ་འདུས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས། ཞི་ཁྲོའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་མངའ་མཉེས་པར་གྱུར་ཅིག །ཨ་ལ་ལ་ཧོ། མཉམ་ཉིད་མི་གཡོ་མཉམ་པའི་སངས་རྒྱས་པ། ངན་རྟོག་མཚན་པའི་སྤྱོད་ཡུལ་ངང་གིས་ཞི། གཟུང་འཛིན་མཚན་མ་ཀུན་ལས་འདས་པའི་དོན། མཉམ་རྫོགས་ཆེན་པའི་མཆོད་པ་རྣམ་པར་གྲོལ། ཨ་ལ་ལ་ཧོ། ཞེས་རོལ། བྷྲུཾ་བི་ཤྭ་བི་ཤུད་དྷེ་བཛྲ་བནྷ་ཛྙ་ན་ད་ནི་སཱུརྻ་ཙཎྜ་རཏྣ་པདྨ་མཎྜལ། མ་ཧཱ་རུ་ཏྲ་ཧཱུཾ། དེ་བ་ཏིཥྛ་ནན། སྟི་ར་བཾ། སྟི་ར་བཾ། ༀ་བཛྲ་ཤྲཱི་། བཛྲ་ཧེ་རུ་ཀ་ཧཱུཾ་ཕཊ྄། ཧཱུཾ་ཧ་ཧེ་ཕཊ། ཨ་ཙཎྚ་མཎྜ་ལ། ༀ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། པཾ་པདྨ་མཎྚ་ལ་ༀ། ཧཱུཾ་ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི་མཁའ་འགྲོ་ཀིཾ་དང་དབང་ཕྱུག་མ་མོའི་ཚོགས། ལྷག་མ་ཁ་ཆུའི་དམ་ལ་གཏོགས་པ་རྣམས། དམ་ཚིག་ཚུལ་བཞིན་མཆོད་ཀྱི་གཤེགས་སུ་གསོལ། ཧོཿལྷག་མ་དང་ཁ་ཆུའི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། སྒྲོལ་ཆེན་གྱི་གིང་ཕོ་དགུ་མོ་དགུ་བཅྭ་བརྒྱད། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། དཔལ་ལྡན་གཉན་གྱི་རེ་མ་ཏི། མ་མོ་ཆེན་མོ་བདུན། སྲིང་མོ་ཆེན་མོ་བཞི་འཁོར་དང་བཅས་པ་རྣམས་སྔོན་གྱིས་ཐུགས་དམ་ལས་མ་འདའ་བར་སྒྲུབ་པ་པོའི་སྡོང་གྲོགས་ལ་གཤེགས་ཤིག །ཨེ་ཨ་ར་ལི་ཧོཿཧྲིཾ་ཧྲིཾ་ཛཿཧཱུཾ་བཾ་ཧོ། ཊ་ཀི་ནི་ཨཱ་ཀ་ར་ཥ་ཡ། ཨ་ཀཪྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བན་དྷ་ཡ། བན་དྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། མོ་ཧ་ན། མོ་ཧ་ན། སརྦ་བཛྲ་ཊ་ཀི་ནཱི་ནཱཾ། ཧྲིཿད་ཡ།ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོ། ཊ་ཀི་ནི་ཧཱུཾ་ཛཿ ཧོཿ བདག་དང་ཆོས་སྐྱོང་བའི་རྒྱལ་པོ་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་གནོད་པ་དང་། རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲར་གྱུར་པ། བསྒྲལ་བའི་ཞིང་བཅུའི་རིགས་ལ་གཏོགས་པ་ཐམས་ཅད་སྒྲོལ་ཅིག །བཞེས་ཤིག་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དུ་གནས་སྤོར་ཅིག། ཛཿཧཱུཾ་བཾ་ཧོ། ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་ཏུཥྚན་ས་མ་ཡ་མུ་ཏྲ། མ་རཾ་པྲ་བྷཉྫ་ཏྲ། བཀྵ་ཡ། བཀྵ་ཡ། བི་དྷནྶ་ཡ། བི་དྷནྶ་ཡ། ཧི་བྷ་གན། བུདྡྷ་ཀྵེ་ཏྲེ་པྲ་ཏི་སྟམྦྷ་ཡ་ཧཱུཾ་ཕཊ། པཾ་པདྨ་མཎྜ་ལ། ༀ་བཛྲ་བནྡྷ་ཨ་མུ་ཀ །ཨ་ཀཪྵ་ཡ། ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། མོ་ཧ་ན། མོ་ཧ་ན། སརྦ་བཛྲ་ཊ་ཀི་ནི་ནཱཾ་ཧྲིཿད་ཡ། ཧ་ཧ་ཧི་ཧི་ༀ་ཨཱ་ཧཱུཾ། བཛྲ་ཊ་ཀི་ནི་པྲ་ཏིཙྪ་མ་ཧཱ་བ་ལིཾ་ཏ་ཧཱུཾ་ཕཊ་ཁཱ་ཧི། ༀ་བུདྡྷ་ཊཱཀྐི་ནི་པྲཏྪི་མ་ཧཱ་བྷ་ལིཾ་ཏ་ༀ་ཕཊ་ཁཱ་ཧི། ༀ་རཏྣ་ཊ་ཀི་ནི་པྲ་ཏྪི་མ་ཧཱ་བྷ་ལིཾ་ཏ་ཏྲཾ་ཕཊ་ཁཱ་ཧི། ༀ་པདྨ་ཊ་ཀི་ནི་པྲ་ཏིཙྪ་མ་ཧཱ་བ་ལིཾ་ཏ་ཧྲཱིཿ ཕཊ་ཁཱ་ཧཱི། ༀ་ཀརྨ་ཊ་ཀི་ནི་པྲ་ཏིཙྪ་མ་ཧཱ་བ་ལིཾ་ཏ་ཧཱ་ཕཊ་ཁ་ཧི། ༀ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲི་ཤ་སརྦ་བུདྡྷ་ཀྵི་ཊ་ཀྵོ་བྷ་ཀ་ར་ཧཱུཾ་ཕཊ། ཧཱུཾ། རྣམ་དག་ཆོས་དབྱིངས་ཞི་བ་ལས། ཐུགས་རྗེ་ཆེན་པོའི་སྤྲུལ་པ་འབྱུང་། །ཐབས་ཆེན་ཟླ་གསང་ཐིག་ལེ་ལས། །ཡལ་གམ་ཅན་རྣམས་འདུ་བར་མཛོད། །འདུ་མཛད་རྣམ་དག་འདི་བཞེས་ལ། །གྲུབ་པའི་ཚོགས་ཀྱི་བདག་མོ་རྣམས། །རེ་བ་བསྐངས་ཕྱིར་གནས་པ་རྣམས། །མངོན་སུམ་སྣང་བ་ཤར་བར་མཛོད། །ཧཱུཾ་རྡོ་རྗེ་ནམ་མཁར་འགྲོ་བ་རྣམས། །ཡི་དྭགས་སྟན་ལ་ཡང་དག་ཞོན། །གདུག་པའི་སེམས་ཀྱིས་སྡིག་བྱེད་ཅིང་། །དཔའ་བོ་བརྗིད་པའི་ག ཟུགས་འཛིན་མ། །སྐལ་ལྡན་རང་གི་ལག་ཆར་ལྡན། །ཤ་ཁྲག་དང་ནི་སྒྱུ་མ་རྣམས། །རྐང་དང་ཚིལ་བུ་ཟ་ཞིང་སྤྱོད། །དགའ་བར་བྱེད་དང་འདྲེན་བྱེད་མ། །སྤྲོ་བར་བྱེད་དང་བསོད་བྱེད་མ། །འབར་བར་བྱེད་དང་གཟི་བརྗིད་མ། །འཇོམས་བྱེད་མ་དང་བོང་བུའི་མགོ །ཆགས་བྱེད་མ་དང་ཆགས་བྲལ་མ། །འཁོར་ལོ་མ་དང་རྒྱས་འདེབས་མ། །སྣ་ཚོགས་ལུས་དང་བསྲུང་པ་མོ། །ཚོགས་ཀྱི་དཀྱིལ་འཁོར་བསྲུངས་བར་བྱེད། །གནོད་སྦྱིན་མོ་དང་ཡང་དག་འཕྲོག །བྱ་རོག་གདོང་སྟེ་མིག་གྲུང་ཞིང་། །འཇིགས་པའི་མིག་ལ་འཇིགས་པའི་གཟུགས། །ལག་པར་གྲི་དང་མཁར་ཞོང་ཐོག །བཞད་དང་འུག་པའི་གདོང་རིངས་མ། །ཁྲོས་པ་ཁྱི་དང་ཕག་གི་གདོང་། །གསུས་པོ་ཆེ་ལ་སྟོབས་ཆེན་པོ། །རྔ་བོང་བུའི་གདོང་འཛིན་ཅིང་། ཁྲོས་པས་ར་དང་བྱི་བའི་གདོང་། སྒྱུ་མའི་མགོ་ནས་ཟ་བྱེད་ཅིང་། ཀེང་རུས་དཀར་པོ་འཛིན་པ་སྟེ། ཁྲོས་པས་རུས་པ་འཕྲེང་བ་ཀླུབ། གསུས་པོ་ཆེ་ལ་བུམ་པ་འཛིན། ཕན་ཚུན་འཐབ་པ་རྩོམ པ་སྟེ། ལྕེ་སྤྱང་གི་ནི་འཁོར་གྱི་རྣམས། འཇིགས་བྱེད་གདོང་སྟེ་མཆེ་བ་འབྱིན། རྣམ་པར་བསྒྱུར་བའི་གཟུགས་འཛིན་མ། འཁོར་བཅས་མ་ལུས་གཤེགས་སུ་གསོལ། ཤར་ཉིད་དུ་ནི་བུམ་སྣ་སྟེ། ནུབ་ཏུ་ད་ཤ་གྲི་བའོ། ལྷོ་རུ་རྣམ་པར་འཇོམས་པ་སྟེ། བྱང་ཉིད་དུ་ནི་འབོད་སྒྲོགས་སོ། མདོར་ན་ཡེ་ཤེས་ལས་གྲུབ་པའི། རྡོ་རྗེ་ནམ་མཁར་འགྲོ་བ་རྣམས། དོན་གྱིས་སངས་རྒྱས་ཡིན་མོད་ཀྱང་། སྒྲུབ་པ་པོ་ལ་ཕན་འདོགས་ཕྱིར། བྲན་གྱིས་ཚུལ་དུ་ཁས་བླངས་སྟེ། གནས་འདིར་རྩེ་ཅིག་གཤེགས་ནས་ཀྱང་། མཆོད་པ་དམ་པ་འདི་བཞེས་ལ། བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། མཁའ་ལ་འགྲོ་བ་སུམ་བཅུ་རྩ་གཉིས་ཀྱི་ཞལ་དུ། མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧཱི། མ་ཧཱ་བཱ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧཱི། མ་ཧཱ་ཙིཏྟ་ཁཱ་ཧཱི། མ་ཧཱ་བ་སུ་ཏ་ཁཱ་ཧཱི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། མཁའ་འགྲོ་བསང་བ་རྒྱུད་ཀྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་མ་སུམ་བཅུ་རྩ་གཉིས་ལ། འཕྲིན་ལས་སུ་བཅོལ་བ་ནི། རྣལ་འབྱོར་པ་བདག་འཁོར་དང་བཅས་པ་རྣམས་ཀྱི་སྡང་བར་བྱེད་པའི་དགྲ་ཐུལ། གནོད་པང་བྱེད་པའི་བགེགས་ཆོམ། བསམ་པ་ལ་བར་ཆད་མ་བཏང་ཅིག །ས་མ་ཡ་དམ་ཚིག་དུས་ལ་བབ་པོ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །གིང་ཆེན་ཀ་རའི་ཚོགས་ཀྱི་བསྐོར་བ་ནི། དཔའ་བོ་ཚོགས་ཀྱི་ལས་རྣམས་ཀུན་བྱེད་པ། །ཁྲོ་བོ་ཆེན་པོ་བཛྲ་གིང་ཀ་ར། །ཁྲོ་བོ་ཆེན་མོ་ཁམས་གསུམ་དབུགས་བསྡུད་བཅས། །ཏ་ན་ག་ཎའི་འཕྲིན་ལས་དུས་ལ་བབ། །རྡོ་རྗེ་གནོད་སྦྱིན་རྡོ་རྗེ་སྲིན་པོ་དང་། །རྡོ་རྗེ་འབྱུང་པོ་རྡོ་རྗེ་ཤྭ་ན་དང་། །རྡོ་རྗེ་གཤིན་རྗེ་རྡོ་རྗེ་རོ་ལངས་དང་། རྡོ་རྗེ་འཆི་བདག་རྡོ་རྗེ་དུས་འཚམས་དང་། །དབང་བསྡུད་ལྕགས་ཀྱུས་འདྲེན་མ་ཆེན་མོ་དང་། ཁམས་གསུམ་གཡབ་མོས་བསྡུད་མ་ཆེན་མོ་དང་། །གཟུགས་མེད་རླུང་ལྟར་རྒྱུ་བ་ཆེན་མོ་དང་། །གར་གྱི་ཀློག་བཞིན་འགྱུ་བ་ཆེན་མོ་དང་། །རྦོད་སྟོང་ལེན་པར་བྱེད་པ་ཆེན་མོ་དང་། །སྣ་སྙན་ཕྲ་མ་ཟེར་བ་ཆེན་མོ་དང་། །ཁམས་གསུམ་སྙིང་རྗེས་གསོད་མ་ཆེན་མོ་དང་། །ཚོགས་ཀྱི་ཕྱག་ཚང་བྱེད་པ་མ་སོགས་སྟེ། རྡོ་རྗེ་བྱི་ནུ་ཕོ་མོ་འཁོར་དང་བཅས། ཁམས་གསུམ་བསྒྲོལ་བའི་གིང་ཆེན་བཅྭ་བརྒྱད་རྣམས། ལྟ་ན་ག་ནའི་ཚོགས་ཀྱི་གནས་ཆེན་འདིར། སྔོན་གྱི་ཐུགས་དམ་བཞིན་དུ་འདིར་གཤེགས་ལ། བདུད་རྩི་དམར་གྱི་ལོངས་སྤྱོད་འདི་བཞེས་ལ། དགྱེས་པའི་གར་གྱིས་རོལ་བའི་འཕྲིན་ལས་མཛོད། ཀིཾ་ཀ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གིཾ་ཆེན་བཅྭ་བརྒྱད་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་པ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། དཔལ་འབར་མཁའ་འགྲོ་མོ་རྒྱུད་ཀྱི་དམ་ཚིག་ལ་གཏོགས་པའི་གིང་ཆེན་བཅྭ་བརྒྱད་ལ་འཕྲིན་ལས་སུ་བཅོལ་བ་ནི། རྣལ་འབྱོར་པ་བདག་ལ་སྡང་པའི་དགྲ་ཐུལ། གནོད་པའི་བགེགས་ཆོམ། བསམ་པ་ལ་བར་ཆད་མ་བཏང་ཞིག། ས་མ་ཡ་དམ་ཚིག་གི་དུས་ལ་བབ་པོ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། དབང་ཕྱུག་ཚོགས་ཀྱི ས་བསྐོར་བ་ནི། གྲུབ་པའི་མ་ཚོགས་རྣལ་འབྱོར་མ། །སྙིང་རྗེ་བྱམས་པའི་སྤྱོད་ཡུལ་ཅན། །ཚངས་མ་ལ་སོགས་ཉི་ཤུ་བརྒྱད། །འཇིགས་རྟེན་རྣམས་ཀྱི་སྲིང་མོ་སྟེ། །ལག་ན་བློ་སྙིང་ནང་ཁྲོལ་ཐོགས། །ཁ་ལ་ཁྲག་དང་སྙིང་ལ་འཇིབ། །སྤུ་གྲི་སོ་ལ་སྐྲ་ཡེགས་མ། །མཆེ་བ་རྩེ་གསུམ་འབྲི་ཚུགས་ལྟ། །གད་བརྒྱངས་སྒྲ་འབྱིན་དུར་ཁྲོད་འབར། །གསོད་པའི་ལས་རྣམས་ཀུན་ལ་རྩོམ། །རྒྱལ་མོ་དང་ནི་བློན་མོ་དང་། །བྲན་མོ་དང་ནི་ཡང་བྲན་མོ། །གཡོག་དང་ཡང་གཡོག་འཁོར་དང་བཅས། །མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་། །འདས་པའི་དུས་ལ་སྔོན་བྱུང་བ། །དེ་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་སླངས་དམ་བཅས་པ། །འཇིགས་རྟེན་འདས་དང་འཇིག་བརྟེན་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །སྒྲུབ་པ་རྣམས་ཀྱི་ལས་བྱ་ཞེས། །རྡོ་རྗེ་བྱིན་ནས་མིང་རྟག་ཚེ། །དམ་བཅས་བཞིན་དུ་ཧེ་རུ་ཀའི། །བཀའི་གཏོར་མ་འདི་ལོངས་ལ། །ད་ལྟར་ཁྱེད་ཀྱི་གཟུགས་མཆོག་རྣམས། །མངོན་པར་སྟོན་ལ་གྲུབ་པར་ཕུལ། །ཇི་སྲིད་གྲུབ་མཆོག་མ་ཕུལ་ཞིང་། །ཁྱེད་རྣམས་མངོན་དུ་མ་གྱུར་ན། །བར་དུ་སྟ་ནའི་གནས་འདིར་རུ། །འདུག་པའི་ལས་རྣམས་ཀུན་གྱིས་ཤིག །རྣལ་འབྱོར་བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཞལ་དུ། །མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་པཱ་ལིང་ཏ་ཁ་རཾ་ཁཱ་ཧི། མཧཱ་རཀྟ་ཁ་རཾ་ཁཱ་ཧི། གསང་བའི་སྙིང་པོ་ཁྲོ་བོ་རང་བཞིན་གྱི་ལེའུ་བཅྭ་ལྔ་པ་ལ་གཏོགས་པའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་འཕྲིན་ལས་སུ་བཅོལ་བ་ནི། རྣལ་འབྱོར་པ་བདག་ཅག་ལ་སྡང་པར་བྱེད་པའི་དགྲ་ཐུལ། གནོད་པར་བྱེད་པའི་བགེགས་ཆོམ། བསམ་པ་ལ་བར་ཆད་མ་བཏང་ཅིག །ས་མ་ཡ་དམ་ཚིག་དུས་ལ་བབ་བོ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །མ་མོའི་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ལྡན་ནག་མོ་རེ་མ་ཏི། །ལྕགས་ཀྱི་དྲེལ་རྟ་རྐང་གསུམ་ཆིབས། །དྲཱ་བ་དགུའི་སྟེང་ལེབ་ན། །བྱི་རུ་དམར་པོའི་བརྒྱན་ལེབ་ཅན། ། ཉིད་ཀྱི་སྐུ་མདོག་མཐིང་ནག་ལ། །རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ། །ཞལ་ནས་མི་ཤ་རྟ་ཤ་འཛག །མིག་ནས་ཁྲག་འཛག་ཟུ་ལུ་ལུ། །དྲིལ་རྟ་རྐང་གསུམ་རབ་སྐྱོད་དེ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །མཚན་མོ་གཅིག་ལ་ཁྱབ་པར་ཉུལ། རྣལ་འབྱོར་ཆེན་མོ་ཨ་ལ་ལ། །གཡས་ན་གཤིན་རྗེའི་ཁྲམ་བམ་བསྣམས། དགྲ་བོ་ཁྲམ་ལ་གདབ་ཏུ་གསོལ། གཡོན་ན་བཙན་གྱི་ཤོ་རྡེའུ་འགྲེམ། དགྲ་བོ་ཤོ་དྷེའུ་ནག་པ་ཁྲོཾ། མཆན་ཁུག་གཡས་ན་བྱད་དམར་སྤེད། དགྲ་བགེགས་བྱད་དམར་ཀུས་ལ་ཐོབ། གཡོན་ན་ནད་ཀྱི་རྐྱལ་པ་སྤེད། དགྲ་ལ་ཡམས་ནད་རིམས་ནད་ཐོང་། འཕོངས་ནས་མཚོན་གྱི་གྲུ་གུ་ཐོགས། མཚོན་ནད་ཁྲག་དུ་སྐྱུག་ཏུ་ཆུག །རྣམ་ལྔ་དམར་གྱིས་མཆོད་པ་འདི་བཞེས་ལ། བདག་གི་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། ཧཱུཾ་རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས། དཔལ་ལྡན་ཤུགས་སྒྲོལ་གཙོ་མོ་སྟེ། །རི་རབ་སྙིལ་བའི་རྔམ་སྟབས་ཅན། །ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །རྡོ་རྗེ་ཀུན་གྲགས་གཤེགས་སུ་གསོལ། །ཐོད་རུས་འབར་བའི་དཀྱིལ་འཁོར་ནས། །མཛེས་པའི་ཚུལ་གྱི་འོད་འཕྲོ་ཞིང་། །འཇིག་རྟེན་འཆི་བདག་གཟི་འཕྲོག་མ། །ཀུན་ཏུ་བཟང་མོ་གཤེགས་སུ་གསོལ། །ཕྱག་རྒྱ་འབར་བའི་དཀྱིལ་འཁོར་ནས། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །བདུད་དཔུང་དྲག་སྙེམ་ཀུན་འདུལ་མ། །རྡོ་རྗེ་དྲག་སྙེམ་གཤེགས་སུ་གསོལ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས། །ཁྲོ་མོ་གཏུམ་ཆེན་ཟ་བྱེད་མ། །ཕོ་ཉ་མོ་སྟེ་དྲུག་བཅུའི་གཙོ། །ཤ་ཆེན་ཁྲག་ལ་ལོངས་སྤྱོད་ཅིང་། །གདུག་པ་མ་ལུས་ཀུན་འདུལ་མ། །རྡོ་རྗེ་ཆེན་མོ་ཡེ་ཤེས་མཆོག །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས། །རྡོ་རྗེ་དྲ་བའི་ཕྲེང་ཐོགས་ཤིང་། །བྱང་ཕྱོགས་རང་གི་འཁོར་འདུལ་མ། །རྡོ་རྗེ་འོད་ཆགས་གཤེགས་སུ་གསོལ། །འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་ནས། །ཞགས་པ་སྟོང་གི་གདེང་ལྡན་ཞིང་། །འཕྲིན་ལས་འབྱུང་པོ་ཀུན་འདུལ་མ། །རྡོ་རྗེ་གསལ་འཕྲོ་གཤེགས་སུ་གསོལ། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་དྲྭ་བའི་ཕྲེང་ཐོགས་ཤིང་། །བཀའ་ལས་འདའ་བའི་སྙིང་འབྱིན་མ། །དམ་ཚིག་ཉམས་པ་སྒྲོལ་བྱེད་མ། །རྡོ་རྗེ་གཡུ་སྒྲོན་གཤེགས་སུ་གསོལ། །མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་། །ཀུན་ཀྱང་ནག་མོ་རལ་པ་ཅན། །ཀུན་ཀྱང་ཁ་ནས་ཁྲག་འཛག་མ། །ཀུན་ཀྱང་མིག་ནས་མེ་འབར་མ། །རི་རབ་སྙིལ་བའི་རྔམ་སྟབས་ཅན། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །འཁོར་བཅས་མ་ལུས་གཤེགས་ནས་ཀྱང་། །རྣམ་ལྔ་དམར་གྱི་མཆོད་པ་འདི་བཞེས་ལ། །བདག་གི་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །གླིང་བཞི་འགྱོགས་མ་ལྷ་ཡི་སྲིང་། །ཤར་གྱི་འགྱོགས་མ་གཤེགས་སུ་གསོལ། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །ལྷོ་ཡི་འགྱོགས་མ་གཤེགས་སུ་གསོལ། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ནུབ་ཀྱི་འགྱོགས་མ་གཤེགས་སུ་གསོལ། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །བྱང་གི་འགྱོགས་མ་གཤེགས་སུ་གསོལ། །སྲིང་མོ་ཆེན་མོ་ཁྱེད་བཞི་ཡང་། །ཤིན་ཏུ་གདུང་བའི་དམ་ཚིག་ཅན། །ཁྲོ་དང་ཞི་བའི་ལས་མཛད་མ། །སྲིང་བཞི་སྤྲུལ་པ་མང་པོའི་འཕྲོ་འདུ་ཅན། །དམ་ཚིག་ཡལ་གམ་ཅན་ལ་བརྩེ་དགོངས་ལ། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །རྣམ་ལྔ་དམར་གྱིས་མཆོད་པ་འདི་བཞེས་ལ། །བདག་གི་བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །དཔལ་ལྡན་གཉེན་གྱི་རེ་མ་ཏི། །མ་མོ་ཆེན་མོ་བདུན་སྲིང་མ་ཆེན་མོ་བཞིའི་ཞལ་དུ་མཧཱ་པཉྩ་ཨ་མྲི་ཏ་ཁཱ་ཧི། མཧཱ་བཱ་ལིཾ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མ་མོ་སྲིད་པ་རྒྱུད་ལུང་གི་དམ་ཚིག་ལ་གཏོགས་པའི་དཔལ་ལྡན་གཉན་གྱི་རེ་མ་ཏི། མ་མོ་ཆེན་མོ་བདུན། སྲིང་མོ་ཆེན་མོ་བཞི་ལ་འཕྲིན་ལས་བཅོལ་བ་ནི། རྣལ་འབྱོར་པ་བདག་ལ་སྡང་བའི་དགྲ་ཐུལ། གནོད་པར་བྱེད་པའི་བགེགས་ཆོམ། བསམ་པ་ལ་བར་ཆད་མ་བཏང་ཅིག། ས་མ་ཡ་དམ་ཚིག་དུས་ལ་བབས་སོ། ༀ་བཛྲ་ཨེ་ས་ཧཱུཾ། སེ་ས་ཧཱུཾ། ས་མ་ཡ་བྷ་ཀྵ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོ་ༀ་པྲ་ཏིཙྪ་ཧོ། ཧོཿ བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀའི་འཁོར། ནང་གི་རྣལ་འབྱོར་མ་དང་། ཕྱིའི་གྲུབ་པ་མོ་དང་། ཡེ་ཤེས་ལས་ལ་གྲུབ་པའི་མ་སྲིང་ཐམས་ཅད་མཁྱེན་པ་དང་། བྱིན་གྱིས་བརླབས་པ་དམ་པ་མཛད་དུ་གསོལ། ཧོ་རྣལ་འབྱོར་གྱི་མཆོད་ཡོན་དམ་པ་ལོངས་སྤྱོད་རྫོགས་པའི་ཚུལ་དུ་སྦྱར་བ་འདི། རྡུལ་དང་ཕྱག་དར་དང་དྲི་མ་དང་། ཁ་ཆུ་ལ་སོགས་སྟེ་སོ་སོར་རང་རང་གི་དམ་ཚིག་གི་བརྟུལ་བཞུགས་ཀྱི་སོ་སོ་ནས་ཇི་ལྟར་དགྱེས་པ་བཞིན་དུ་བྱིན་གྱིས་བརླབས་ཏེ་ཕུལ་བས། ཕུད་ལ་དགྱེས་པ་རྣམས་ནི་ཕུད་ལ་བསྣམ་དུ་གསོལ་ལོ། །ལྷག་མ་དང་ཁ་ཆུ་ལ་དགྱེས་པ་རྣམས་ནི་སོ་སོའི་དམ་ཚིག་བཞིན་གསོལ་ནས་མཉེས་ཤིང་ཚིམ་པར་གྱུར་ཅིག །མཐོལ་གཤགས་བཟོད་པ་གསོལ་བ་ནི། བདག་གི་སྔར་སླད་དུ་གསང་བ་མཆོག་གི་བཀའ་ནོས་པ་དང་། དམ་ཚིག་རྩ་བ་དང་ཡན་ལག་ལས་ཚོར་བ་དང་མ་ཚོར་བའམ་ཉམས་པ་ཅི་མཆིས་པ་རྣམས་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་མཆིས་ན། དབྱིངས་ཉིད་ནམ་མཁའ་དང་འདྲ་བས་བཟོད་པ་དང་དུ་བཞེས་སྟེ། ཚངས་པ་དམ་པ་ཡིད་བཞིན་དུ་ཐོབ་པར་སྩལ་དུ་གསོལ་ལོ། །དངོས་གྲུབ་དུ་གསོལ་ན་ནི། རྡོ་རྗེ་ལྟ་བུའི་ཚེ། གཡུ་དྲུང་ལྟ་བུའི་ལུས། ཁྱད་པར་དུ་ཡང་ལས་རྣམ་བཞི། བསམ་པ་ཙམ་གྱིས་གྲུབ་པའི་དངོས་གྲུབ་ཀྱི་སྐལ་བ་དང་རྒྱུ་གང་ལགས་པ། དུས་ད་ལྟ་ཉིད་དུ་ཐོབ་པར་བསྩལ་དུ་གསོལ། འཕྲིན་ལས་སྙན་སྙུང་དུ་གསོལ་བ་ནི། སྡང་པར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས་གདུག་པའི་དབལ་གྱུར་པ། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་བཅུ། ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ། སོ་སོའི་རྨི་ལམ་ངན་པ་དང་། བལྟས་ངན་པ་དང་། མི་ཤིས་པའི་རྐྱེན་དེ་དག་ཐམས་ཅད་ཕྱིར་བཟློག་ཅིང་མིང་ཡང་མི་གྲགས་པར་ཞི་བ་ཆེན་པོར་མཛད་དུ་གསོལ་ལོ། །གལ་ཏེ་ཞི་བས་མི་འདུལ་པ་ཞིག་མཆིས་ནས་དྲག་པོའི་འཕྲིན་ལས་ཀྱི་དབང་དུ་བསྡུ་བ་དང་། སྤོར་ཞིང་སྤར་བ་དང་། གཟིར་ཅིང་མནན་པ་ལ་སོགས་ཏེ། འཕྲིན་ལས་བཞིས་ཇི་ལྟར་འདུལ་ཞིང་འཚམས་པར་མཛད་ནས། ཐམས་ཅད་ཞི་བ་ཆེན་པོར་མཛད་དུ་གསོལ་ལོ། །ཅེས་འདོད་པའི་དོན་ལ་གསོལ་བ་གདབ་པོ། རྡོ་རྗེ་དཔལ་ཆེན་ཁྲོ་རྒྱལ་ཕྱག་གཉན་ནི། ཐུགས་རྗེ་ཐབས་མཁས་ཡེ་ཤེས་སྤྲུལ་པ་དང་། །རང་རྒྱུད་དག་པས་རྣལ་འབྱོར་གྲུབ་པ་ཅན། །རྡོ་རྗེ་ལྕམ་དྲལ་མ་ལུས་དགོངས་སུ་གསོལ། །ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན་པ་ཡི། །སྙིང་ལ་གནས་པའི་དམ་ཚིག་བྱིན་བརླབས་པ། ཐེག་ཆེན་ཁྱེད་ཀྱིས་དང་དུ་བླངས་པ་དང་། ཞལ་མཆིས་གང་ལགས་རྗེས་སུ་དགོངས་པར་མཛོད། བདག་གི་མིག་ལ་སོགས་ཏེ་དབང་པོ་རྣམས། སོ་སོའི་རང་བཞིན་རྣམ་ཤེས་མ་སྦྱངས་པས། ཁྱེད་ཀྱི་སྐུ་གསུང་མི་ཐོས་མི་མཐོང་སྟེ། མུན་པའི་ཚོགས་དང་འདྲ་བ་མཆིས་མོད་ཀྱང་། འོན་ཀྱང་ཡིད་ཆེས་སེམས་ཀྱི་རྩེ་གཅིག་ཏུ། མངོན་སུམ་བཞིན་དུ་རྟག་ཏུ་རྗེས་དྲན་ན། དུས་གསུམ་མ་སྒྲིབ་ཀུན་དུ་ཁྱེད་མཁྱེན་པས། རྣལ་འབྱོར་ལྕམ་བྲལ་རྟག་ཏུ་བདག་ལ་གཟིགས། བདག་གི་རྡོ་རྗེ་དམ་ཚིག་མཆོག་གསུམ་པོ། ཁྱེད་ཀྱི་ཐུགས་དམ་མཆོག་ཀྱང་དེ་ལགས་ན། རིགས་མི་མཐུན་ཀྱང་དམ་ཚིག་གཅིག་གི་བསྡུས། ལྕམ་དྲལ་ཚུལ་དུ་ཉེ་ཞིང་གདུང་བར་མཛོད། ཡེ་ཤེས་མངོན་ཤེས་ལྡན་ཞིང་ཐུགས་བརྩེ་བའི། རྫུ་འཕྲུལ་རྨད་བྱུང་ཕན་པའི་དགོངས་པ་ཅན། གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་འ ཆེས་པའི། བདེན་པ་གསུང་ལ་རྟག་ཏུ་གྲོགས་མཛོད་ཅིག། གང་དག་བྱང་ཆུབ་སེམས་དང་ལྡན་པ་དང་། །སྐུ་གསུམ་རྣམ་འབྱོར་བརྩོན་པ་རྣམས་ལ་ནི། །ཀུན་ནས་བསྲུང་ཞིང་རེ་བ་བཀང་ངོ་ཞེས། །ཁྱེད་ཀྱི་ཐུགས་དམ་མཆོག་ཀྱང་དེ་ལགས་ན། བདག་ལ་བླ་མེད་བྱང་ཆུབ་སེམས་མཆིས་ཤིང་། །སྐུ་གསུམ་རྣལ་འབྱོར་བརྩོན་པར་བགྱིད་ལགས་ཀྱིས། །རྡོ་རྗེ་དམ་ཅན་མ་ལུས་རྒྱ་མཚོ་ཡི། །ཀུན་ནས་བསྲུང་ཞིང་རེ་བ་བཀང་དུ་གསོལ། །སྔོན་འདས་དུས་ན་དམ་ཆོས་འཇིག་པ་དང་། །ཞེ་སྡང་གདུག་པའི་དགྲ་བགེགས་གང་བྱུང་བར། །ལྷག་པར་ཁྱེད་ཀྱི་ཐུགས་དམ་དེར་བྱུང་ཞེས། །དྲག་ཤུལ་ཐབས་ཀྱི་སྤྱོད་པ་ཇི་ལྟ་བར། །ད་ལྟ་དུས་ངན་དམ་ཆོས་འཇིག་ལ་སོགས། །སྡིག་པའི་འབྲས་བུ་སྨིན་པར་ཁྱེད་ཀྱིས་མཁྱེན། །སྔོན་གྱི་ཐུགས་དམ་སྙན་པོ་རྗེས་དགོངས་སྟེ། །ཇི་ལྟར་འཚམས་པ་བཞིན་དུ་འཕྲིན་ལས་མཛོད། །མི་ལུས་མཐུ་དང་མངོན་ཤེས་མ་མཆིས་ཀྱང་། །དམ་ཚིག་ཕྱིར་ལུས་སྲོག་འཕང་པ་མེད། །སྐྱེས་ཆེན་ཁྱེད་ཀྱི་མཐུ་དང་ལྡན་འགྱུར་ཡང་། །འགྲོ་བའི་མགོན་སྐྱབས་ཅི་ཕྱིར་བསྐུལ་ལ་བཞེས། །མདའ་དཀའ་རྡོ་རྗེ་དམ་ཚིག་མཆོག་བསྲུངས་པར། །གྲུབ་པ་ཁྱེད་དང་བདག་ཏུ་འདྲ་བས་ན། །ཆོས་བསྲུངས་འགྲོ་དོན་བདག་གིས་མི་ལྕོགས་ན། །བྱིན་བརླབས་མཆོག་དང་ལྡན་པ་གྲུབ་པར་མཛོད། །ཐེག་ཆེན་རྣལ་འབྱོར་བསྐྱང་པར་ཞལ་མ ཆེས་པས། །དུས་དང་ཚད་མཁྱེན་མཐུ་དང་ལྡན་བཞིན་དུ། །སྐྱེས་ཆེན་ཁྱེད་ཀྱང་བཏང་སྙོམས་མཛད་ན་ནི། །དང་པོའི་དམ་བཅས་འགལ་བར་མི་འགྱུར་རམ། །གང་གིས་གང་ཉིད་དེ་ཡིས་དམ་བཅས་པ། །དེ་ཡི་དེ་ཉིད་དོན་དུ་གཉེར་འོས་སྟེ། །གཞན་གྱིས་བསྐུལ་ཞིང་གསོལ་གདབ་མི་འཚལ་བས། །ཁྱེད་ཀྱི་ཐུགས་དམ་འབྲས་བུ་མཆིས་པར་མཛོད། །སྲིད་པ་ལས་ཀྱི་དུས་ལ་མ་བབ་ཞེས། །འགྲོ་བ་འདུལ་བའི་འཕྲིན་ལས་མི་མཛད་ཅིང་། །ཐམས་ཅད་ཀུན་ཏུ་ལས་ཀྱི་མཐུ་བཙན་ན། །ཐུགས་རྗེ་བྱིན་བརླབས་ཡོང་ཡེ་སུ་ལ་བགྱི། །དབང་ཕྱུག་ལ་སོགས་བགྱི་པ་ཁས་འཆེས་ཀྱང་། །དངོས་པོར་ལྟ་བ་རྣམས་ཀྱིས་བགྱིད་མི་ནུས། །ཁྱོད་ནི་སྒྱུ་མའི་ཆོས་ལ་མངའ་མཉེས་པས། །སྒྱུ་མའི་རང་བཞིན་ཅིར་ཡང་གྲུབ་པར་མཛོད། །གང་ཞིག་ཆོས་དང་མི་འགལ་བརྩོན་པ་ལ། །འབད་པའི་འབྲས་བུ་མེད་པར་མི་འགྱུར་ན། །སྙིང་རྗེ་ཐབས་དང་ཤེས་རབ་ལྡན་པ་ལ། །རེ་བ་བསྐོང་བར་ལྟ་ནི་སྨོས་ཅི་འཚལ། །དམ་ཚིག་འདའ་ལ་སོགས་སྟེ་ཉེས་པ་གང་། །འཚེ་བ་འདི་ལ་བདག་གི་མྱོང་གྱུར་ན། །ཆོས་བསྲུངས་འགྲོ་དོན་ཀུན་གྱི་རྟོགས་པར་ནུས། །ཆོས་ལ་དབང་བསྒྱུར་ཁྱེད་ཀྱིས་བཟློག་དུ་གསོལ། །ཐེག་ཆེན་སྤྱོད་པའི་རྣལ་འབྱོར་ལྕམ་དྲལ་ལ། །ཉོན་མོངས་དམན་པའི་སེམས་ཀྱིས་མི་གསོལ་སྟེ། །འགྲོ་དོན་བྱང་ཆུབ་སེམས་ཀྱི་སྨྲེ་གསོལ་ན། །ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས། །མ་ཧི་གཙྪ། ༀ་བཛྲ་མཧཱ་ཀྲོ་དྷ་ཤྲི་ཧེ་རུ་ཀ་ཧཱུཾ། ཨ་ཨ་ཧཱུཾ་ཕཊ། ཧོ་བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲི་ཧེ་རུ་ཀའི་འཁོར་ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མོ་ཆེན་མོ་བཞི། དཀར་ཤམ་བཞིན་བཟང་མའི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི། བོད་ཁམས་སྐྱོང་པའི་བསྟན་མ་བཅུ་གཉིས། འཁོར་ཞིང་གི་བརྡུལ་བརྙེད་དང་བཅས་པ། སྔོན་གྱི་ཐུགས་དམ་ལས་མ་འདའ་བར། དཔལ་ཆེན་པོ་བཀའ་ཡི་ཕ་འབབ་བླངས་པ་དང་། སྒྲུབ་པ་པོའི་སྡོང་གྲོགས་ལ་གཤེགས་ཤིང་། ཊ་ཀི་ནི་ཧཱུཾ་ཛ། ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ་ཧཱུཾ། བཀའ་ཡི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་བསྐོང་མཆོད་པར་བཞེས། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་དུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་སྟེ། །ལྷབ་ལྷུབ་མང་པོའི་བརྒྱན་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བཅས། །འདིར་བྱོན་དམ་བསྐོངས་མཆོད་པ་བཞེས། །བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད། །གངས་དཀར་ཤ་མེད་རྡོ་རྗེའི་གཡུ་བུན་མ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གཟེར་ཆེན་མཁའ་ལ་རྒྱུ་བའི་རྡོ་རྗེ་རླུང་མོ་དང་། །སྨ་རི་རབ་འབྱམ་རྡོ་རྗེ་གྲག་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་སྟེ། །ལྷབ་ལྷུབ་མང་པོའི་བརྒྱན་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བཅས། །འདི་བྱོན་དམ་བསྐོངས་མཆོད་པར་བཞེས། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་རོལ་བ་རྡོ་རྗེ་སྨན་ཅིག་མ། །མ་བཙུན་ཨུ ག་ཆོས་རྡོ་རྗེ་གཡར་མོ་གསིལ། གཡུ་ཡི་དྲིལ་སྙན་རྡོ་རྗེ་གཟུགས་ལེགས་མ། །སྨན་བཙུན་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་སྟེ། །ལྷབ་ལྷུབ་མང་པོའི་བརྒྱན་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བྱོན། །བཅོལ་བའི་འཕྲིན་ལས་གྲུབ་བར་མཛོད། །ཆེ་ཞེས་ཆེན་མོ་ཁྱེད་རྣམས་ཀྱང་། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཨ་སུ་ར་ཡི་བྲག་ཕུག་ཏུ། །རྣམ་ལྔ་ཞིང་གི་མཆོད་བཀྲམ་ནས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །ཞིང་ཆེན་འགྱེལ་བའི་གདན་སྟེངས་སུ། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བསྒྲུབ་པ་པོ་ལ་གྲོགས་བྱའོ་ཞེས། །ཐར་པ་ཐོབ་ཕྱིར་མིང་བཏགས་ཏེ། །ནད་རྣམས་ཐམས་ཅད་བཟློག་པ་དང་། །དགྲ་བགེགས་ཐམས་ཅད་འདུལ་བ་དང་། །བསམ་པ་ཐམས་ཅད་སྒྲུབ་པོ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པ། །དམ་ཚིག་དེ་ལས་ཁྱེད་འདས་ན། །བཛྲ་ཡཀྵ་ཁྲོ་བོ་ཡིས། །སྙིང་གི་དཀྱིལ་ནས་ཁྲག་དྲངས་ནས། །འོ་དོད་འབོད་པར་གདོན་མི་ཟ། །དེ་བས་སྔོན་གྱི་ཐུགས་དམ་རྗེས་དགོངས་སྟེ། །མཆོད་པ་དམ་པ་འདི་བཞེས་ནས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ལ་ལ་ལེ་ལེ། ཏ་ཏ། ཏེ་ཏེ། མ་མ་སྲིང་འགྲོ་མ་ཧཱུཾ་བྷྱོ་ཧཱུཾ། བསྟན་མ་ཆེན་མོ་བཅུ་གཉིས་ཀྱི་ཞལ་དུ་མཧཱ་པཉྩ་ཨ་མྲི་ཏ་ཁཱ་ཧི། མ་ཧཱ་བཱ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། བསྟན་མ་ལས་རྒྱ་མཚོའི་རྒྱུད་ཀྱི་དམ་ཚིག་ལ་གཏོགས་པའི་བསྟན་མ་བཅུ་གཉིས་ལ་འཕྲིན་ལས་སུ་བཅོལ་བ་ནི། རྣལ་འབྱོར་པ་བདག་ཅག་གི་སྡང་བར་སེམས་པའི་དགྲ་ཐུལ། གནོད་པར་སེམས་པའི་བགེགས་ཆོམ། ཞིང་བཅུ་བརྡུལ་དུ་རློག །ས་མ་ཡ་དམ་ཚིག་དུས་ལ་དབབ་པོ། །ཡ་ཏི་གཙྪ། ཏྲཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཏྲཾ་རཏྣ་ཏྲཻ་ལོཀྵ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཏྲཾ། ༀ་ཨ་ཧཱུཾ། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐོང་གྱུར་ཅིག །ཕ་མ་ལ་སོགས་འགྲོ་དྲུག་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ༀ་སརྦ་པྲེ་ཏ་ནན། ཨ་མྲི་ཏེ་ཧཱུཾ། དེ་ནས་དཀྱིལ་འཁོར་བསྡུས་ཏེ། དེ་ནས་རྩ་བའི་དཀྱིལ་འཁོར་གསལ་བཏབ་ལ། ཧཱུཾ་ཧཱུཾ་ཧཱུཾ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ཨ་ཙཎྜ་མཎྜ་ལ་ཧི། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་ཀ་བ་ཙི་རཀྵ་རཀྵ། ཏྲུཾ་བཾ་ཧཾ། ༀ་ཊྲུཾ། ༀ་ཊྲུཾ། ༀ་ཊྲུཾ། ༀ་ཊྲུཾ། ༀ་ཊྲུཾ། ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། བཛྲ་ཀ་ལ་ཤ །ཨ་བྷི་ཥིཉྩ་ཧཱུཾ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ༀ་རཏྣ་ཤྲཱི་ཧེ་རུ་ཀ་བཛྲ་མཧཱ་་ཀྲོ་དྷ་ཤྭ་རི་ཧཱུཾ་ཕཊ། ༀ་པདྨ་ཤྲཱི་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ༀ་ཀརྨ་ི་ཧེ་རུ་ཀ་བཛྲ་མཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་མཾ། ༀ་བཛྲ་སརྦ་ས་ཏྭ་ས་མ་ཡ། ཞེས་སོགས་བརྗོད། བསྔོ་བ་སྨོན་ལམ་ལ་སོགས་བྱའོ། །ཤུ་བྷཾ།། །།

གསུམ་པ་སྒྲུབ་དབང་གི་ཆུ་བོ་ལས་འདུས་པ་མདོའི་དབང་ཆོག

གསུམ་པ་སྒྲུབ་དབང་གི་ཆུ་བོ་ལས། འདུས་པ་མདོའི་དབང་མཆོག་གོ །གསུམ་པ་བསྒྲུབ་དབང་གྲགས་པའི་ཆུ་བོ་ལ། རྫོགས་པ་ཨ་ནུ་ཡོ་ག་ལ་བསྒྲུབ་དབང་གྲགས་པའི་ཆུ་བོ་བྱ། ཞེས་གསུངས་པས། གཉིས་ཏེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ལ་ཚད་ཐིག་དང་། ཚོན་དང་བྲི་བའི་རྣམ་པ་དང་། རབ་གནས་སྦྱིན་བསྲེག །ཅེས་གསུངས་པས། བདུན་སྟེ། དཀྱིལ་འཁོར་གྱི་ཚད་དང་། ཐིག་གདབ་པ་དང་། དཀྱིལ་འཁོར་བྲི་བ་དང་། ཚོན་འགྱེད་པ་དང་། རྣམ་པ་འགོད་པ་དང་། རབ་གནས་བྱེད་པ་དང་། སྦྱིན་བསྲེག་གོ། །དང་པོ་ནི། དཀྱིལ་འཁོར་ཆུང་ཚད་ལ་ཁྲུ་གང་དང་། ཁྲུ་བཞིའོ། །འབྲིང་ཚད་ལ་ཁྲུ་བཅུ་གཉིས་དང་བཅུ་དྲུག་གོ། །དཀྱིལ་འཁོར་ཆེ་ཚད་ལ་ཁྲུ་ཉི་ཤུ། ཁྲུ་ཉི་ཤུ་རྩ་ལྔའོ། །དབང་གསུམ་པའི་དཀྱིལ་འཁོར་གྱི་ཚད་ལ། སོར་བཞི་དང་། འཛུབ་གང་ངོ་། །དེ་དག་ནི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚད་དོ། །གནས་ཁང་ཡང་དོག་དང་། སྦྱིན་བདག་འབྱོར་བ་ཆེ་ཆུང་དང་། ཕྱག་ལེན་མཁས་མི་མཁས་གྱིས་ཇི་ལྟར་རིགས་པར་བྱའོ། །ལྷག་པར་ཏིང་འཛིན་གྱི་དཀྱིལ་འཁོར་ལ། ཆུང་ཚད་རྒྱང་གྲགས་དང་། འབྲིང་དཔག་ཚད་དང་། རབ་ཚད་ནམ་མཁའི་དབྱིངས་བསམ་ཡས་པའོ། །དེ་དག་ཀྱང་སློབ་དཔོན་དགོངས་པ་ཟབ་མི་ཟབ་དང་། སློབ་བུ་ལས་དག་ཚབས་ཆེ་ཆུ ང་གི་དབང་གིས་འཆད་པར་གྱུར་པའི་རྟེན་དང་། བརྟེན་པ་ཡི་དཀྱིལ་འཁོར་བསྒོམ་པའི་དུས་སོ། གཉིས་པ་ཐིག་ལ་བདུན་ལ། རྒྱུ་ཁོག་གྲངས་འཁལ་བའི་གྲོགས། རབ་གནས་དང་ལྔ་ནི་གོང་སྟ་གོན་གྱི་སྐབས་སུ་བཤད་ཟིན་ལ། འདིར་གདབ་པའི་ཐབས་དང་། གཤེགས་གསོལ་གཉིས་སོ། །དང་པོ་ནི། ནང་བར་སྔ་བར་ལངས་སྟེ། བྷེ་ག་ར་ས་མ་ཡི། ཞེས་པའི་སྔགས་དང་། འདེགས་པའི་ཕྱག་རྒྱས་སྟ་གོན་གྱི་ལ་རྟེན་དང་། བརྟེན་པར་བཅས་པའི་དཀྱིལ་འཁོར་ནམ་མཁར་བཏེག་ལ་བཞུགས་པ་བསྒོམ། འབྲས་བུའི་ཚོམ་བུ་ལ་སོགས་རྣམས་བསྡུས་ལ་འགོལ་པར་བཞགས། དཀྱིལ་འཁོར་གྱི་ས་གཞི། བ་བྱུང་ལ་སོགས་པའི་དྲི་བཟང་རྣམས་དང་། མགོ་མ་ཡིད་སུམ་བཅུས་ལེགས་པར་ཆགས་ཆགས་གདབ། ལས་བུམ་གྱིས་ཆས་བསང་། དྲག་སྔགས་ཀྱིས་བསྐྲད་ལ། དབང་ཕྱུག་ཀུན་བཟང་གིས་ཏིང་འཛིན་གྱི་ཡེ་ཤེས་ཀྱི་ཐིག་སྐུད། ཐོག་མ་ནུབ་དུ་འདུག་ནས། ཐིག་སྣ་གཟུངས་མའི། སློབ་བུ་ཀུན་ཏུ་བཟང་མོར་བསྐྱེད་ལ་ཐིག་སྐུད་ཀྱི་སྣེ་མོ་གཏད། ཛྭ་ཛྭ། ཞེས་བརྗོད་ལ་ཤར་དུ་འདུག །ཐིག་སྐུད་སེམས་ཀྱི་རང་བཞིན་ཁ་དོག་ལྔར་བྲེངས་ཀྱིས་བསམ་ལ། ཧོ་དགོངས་སུ་གསོལ། བདག་རྡོ་རྗེ་སློབ་དཔོན་ཆེ་གེས། སློབ་མ་ཆེ་གེ་མོ་ལ་སོགས་པ་དབང་བསྐུར་བའི་ཕྱེད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་ལས། ཆེས་གསང་བ་ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་འདུས་པ་མདོའི་དཀྱིལ་འཁོར། ལྷག་པར་གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་པའི་ཐིག་འདེབས་པས། བདག་ལ་མཐུ་བསྟན་དུ་གསོལ། དབང་བསྐུར་དུ་གསོལ། བྱིན་གྱིས་བརླབས་དུ་གསོལ། རྡོ་རྗེ་ཡེ་ཤེས་ཀྱི་ཐིག་གདབ་དུ་གསོལ། ༀ་ཕྱོགས་བཅུ་མ་ལུས་དུས་གསུམ་གྱི། རྒྱལ་བ་སྲས་བཅས་ཐམས་ཅད་ཀུན། ཐིག་གི་སྒྲ་འདིས་རབ་བསྐུལ་ནས། བྱིན་གྱིས་བརླབས་པར་མཛད་དུ་གསོལ། ༀ་བཛྲ་སུ་ཏྲ་ས་མ་ཡ་མ་ཏིཀྲ་མ་ཧཱུཾ་ཕཊ། སྨིན་མཚམས་སམ། གསང་བའི་ཐད་ཀར་ཤར་ནུབ་ཀྱི་ཚངས་ཐིག་གདབ། དེ་ནས་ཐིག་འགྲོས་དང་བཅས་པས། སློབ་དཔོན་ལྷོ། སློབ་མ་བྱང་དུ་ཕྱིན་ལ། ཚིགས་བཅད་དང་། སྔགས་གོང་ལྟར་གྱིས་ཚང་ཐིག་གཉིས་པ་གདབ། དེ་ནས་སློབ་དཔོན་གཡས་བསྐོར་གྱིས་ཤར་ལྷོ་དང་། སློབ་མ་ནུབ་བྱང་དུ་བྱིན་ལ་གོང་བཞིན་ཟུར་ཐིག་གདབ། དེ་ནས་སློབ་དཔོན་ལྷོ་ནུབ་དང་། སློབ་མ་བྱང་ཤར་དུ་སོང་ལ་གོང་བཞིན་གདབ། མདུན་གྱི་ནམ་མཁའ་ལ་ཡེ་ཤེས་ལྔའི་དཀྱིལ་འཁོར་གསལ་བར་བསྒོམ། དེ་ནས་དམ་ཚིག་གི་ཐིག་སྐུད་སྔར་བཞིན་ཐོག་ལ། ཧོ་དགོངས་སུ་གསོལ་ཞེས་སོགས་དང་། ༀ་སརྦ་ཤྭ་དྷ་ནི་ཧཱུཾ་ཕཊ་བརྗོད་ལ། སྔར་བཞིན་ཚངས་ཐིག་ལ་སོགས་པ་གདབ་པས། སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་དང་ལྡན་པར་བསམ། དེ་ཡང་དཀྱིལ་འཁོར་གྱི་ལྟེ་བ་ནས་ཟུར་ཐིག་བཞི་རྒྱུད་ལ་སོར་གཉིས་ཀྱི་ཚད་ཡོད་པའི་ཤིང་བུས་ཆ་ཆེན་བཅྭ་ལྔ་བཅྭ་ལྔའི་མཚན་མ་རིམ་བཞིན་ད བྱེ། དེ་ནས་སོར་གསུམ་གྱི་ཚད་ཡོད་པའི་ཤིང་བུས་ཆ་ཆེན་ཉི་ཤུ་རྩ་བདུན་རྩ་བདུན་ཡོད་པའི་མཚན་མ་རིམ་བཞིན་བྱ། དེ་ནས་སོར་དྲུག་ཡོད་པའི་ཤིང་བུས་ཆ་ཆེན་བདུན་བདུན་ཡོད་པའི་མཚན་མ་བྱ། དེའི་སྟེང་དུ་ཐིག་མ་ནོར་བར་གདབ་བོ། །དེ་ནས་ཚངས་ཐིག་གཡས་གཡོན་དུ། ཕྱི་ནང་རང་རང་གི་ཆ་ཆེན་གྱི་ཚད་གྱི་ཆ་ཆེན་གཉིས་གཉིས་གདབ། དེ་ནས་དཀྱིལ་འཁོར་ནང་གི་ཆ་བྲན་གདབ་པ་ནི། ཤར་ནུབ་ཀྱི་ཚངས་ཐིག་གི་རྒྱུད་ལས། དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞི་མཉམ་དུ་གདབ། །ལྷོ་བྱང་དུའང་དེ་བཞིན་དུ་གདབ། །དེ་ནས་འཕྲེང་དུ་གདབ་པ་ནི། །གསུམ་པ་ཕྱིའི་ཆ་ཕྲན་གཅིག་གདབ། །བཞི་པ་ལྷ་སྣམ་ཕྱེད་དུ་གདབ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱེད་མ་གདབ། །བདུན་པ་ཆ་བཞི་མཉམ་དུ་གདབ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །དེ་ནས་མུ་ཁྱུད་བསྐོར་བ་ནི། །ཆ་བྲན་ལྔ་དང་དྲུག་པ་ནས་འཁོར་ལོའི་ལྟེ་བ་བསྐོར། བཅུ་གཅིག་པ་དང་བཅུ་གཉིས་པ་ནས་རྩི བས་རྩེའི་མུ་ཁྱུད་བསྐོར། ཆ་ཆེན་བདུན་པའི་ཐོག་ཏུ་གླང་གུར་དང་རྡོ་རྗེ་རྭ་བཞི་བསྐོར། ཆ་ཆེན་དགུ་པ་དང་བཅུ་པ་ལ་པད་རྭ་དང་རྡོ་རྗེ་རྭ་བ་དང་། མེ་རི་གསུམ་ཅི་རིགས་འཚམས་པར་བསྐོར་རོ། །ཆ་ཆེན་བཅུ་གཅིག་གི་ནང་ཆ་དང་། བཅོ་ལྔ་ཕྱི་མ་ལ་འཁོར་ལོ་རྩིབས་བརྒྱད་ཀྱི་མུ་ཁྱུད་བསྐོར། དཀྱིལ་འཁོར་བར་མ་ལ་ཤར་ནུབ་ཀྱི་ཚངས་ཐིག་གི་གཡས་གཡོན་དུ་ཆ་བྲན་གོང་བཞིན་གདབ། དེ་ནས་འཕྲེད་དུ་སྒོ་འཁྱམས་དགུ་པོ་ལ་འཁྱམས་དགུ་པ་དོར་ཞིང་། སྒོ་དགུ་པོ་ལ། དབུས་དོར་མཐའ་གཉིས་དང་། ཕྱེད་གདབ་ཕྱི་མ་གདབ་པ་ཁོ་ནའོ། །དཀྱིལ་འཁོར་ཕྱི་མ་ལ། ཤར་ནུབ་ཀྱི་ཚངས་ཐིག་གཡས་གཡོན་དུ་ཆ་བྲན་གོང་བཞིན་གདབ། འཕྲེད་དུ་ཆ་ཆེན་དང་པོ་ལྷ་རྣམ་དོར། གཉིས་པ་དབུས་དོར་མཐའ་གཉིས་གདབ་པ། རྩིག་པ་དང་། འདོད་སྣམ་དང་། ཕ་གུ་དང་། གསུམ་པ། ཕྱེད་གདབ། ཕྱི་མ་གདབ་པ་དྲྭ་བ་དང་། ཤར་བུ་དང་། མདའ་ཡབ་ཀྱི་ཐིག་ཡིན། བཞི་པ་དང་ལྔ་པ་དང་། དྲུག་པ་གསུམ་ཆ་བཞི་མཉམ་དུ་གདབ་པ། རྟ་བབས་སྣམ་བུ་བརྒྱད་དང་། ཀ་བ་ཆེན་མོའི་ཀ་གཞུ་དང་། རྟ་བབས་ཀྱི་ཀ་བ་གསུམ་སྟེ། བཅུ་གཉིས་ཀྱིས་ཐིག་གོ །བདུན་པ་དབུས་དོར་མཐའ་གཉིས་གདབ། ཆོས་འཁོར་གྱི་གདན་པདྨ་དང་། ཆོས་འཁོར་དང་གདུགས་ཀྱི་ཐིག་གོ །དེ་ནས་རྟ་བབས་ཀྱི་དཀྱིལ་དུ་གླང་གུར་དང་། མཐར་རྡོ་རྭས་བསྐོར། གདུགས་ཏོག་གི་ཕྱི་ནས་དུར་ཁྲོད་དང་། རྡོ་རྗེ་ར་བ་དང་། མེ་རི་རྣམས་ཇི་ལྟར་འོས་པས་བསྐོར་རོ། །དེ་ནས་ཡེ་ཤེས་ཀྱི་ཐིག་དམ་ཚིག་གི་ཐིག་དང་། གཉིས་སུ་མེད་པར་བ སྟིམ། ཐིག་དང་། ཐིག་སྐུད་ཀྱི་ལྷ་ལ་ཀུན་བཟང་། ཞབས་བསིལ་བཞི་བསྣོལ་གྱིས་མཆོད་ལ། ཐིག་གི་ལྷ་རྣམས་ཧྲཱིཿ ཞེས་སྒྲ་རིང་པོར་བརྗོད་ཅིང་ནམ་མཁར་བཏེག ཐིག་སྐུད་ཀྱི་ལྷ་བཛྲ་མུ། ཞེས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། གསུམ་པ་དཀྱིལ་འཁོར་བྲི་བ་ནི། དབང་ཕྱུག་རྒྱས་པའི་ཆས་སུ་ཞུགས་སྟེ། སྔར་རབ་ཏུ་གནས་པའི་ཚོན་རྣམས་ནི་དཀྱིལ་འཁོར་གྱི་སྟེང་དུ་ཉེར་ལྡོག་བྱས་ལ། ཞལ་ཤར་དུ་ཕྱོགས་པས། འགྱིང་ཕུར་བཏོན་ལ། ཕྱག་གཡས་པའི་སོར་མོ་ལྔ་ལ་ཉི་མ་ལ་གནས་པའི་དཔའ་བོ་འབྲུ་ལྔ་བསམ་ནས། ༀ་སརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ། སྔགས་བཟླས་ལ། ཡིག་འབྲུ་རྣམས་དང་ཚོན་རྩི་བསྲེ། མེད་ན་འཐེབ་འཛུབ་ཀྱིས་ཚོན་སྔོན་པོ་འཛིན་ལ། ཧཱུཾ་འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་སྒྲོལ་ཕྱིར། །རིམ་པ་དང་པོར་ཡང་དག་ལྡན། དངོས་གྲུབ་དམ་པ་སྩལ་དུ་གསོལ། བརྗོད་ལ། དབུས་བསྐོར། ཕུར་གྱི་ཤུལ་དུ་ཅུང་ཞིག་བླུག །དེ་ནས་རྩིག་པའི་ས་བྱང་ཤར་གྱི་མཚམ་སུ་རེ་ཁ་སྔོན་པོ་འཛུབ་གང་བ་གཅིག་ལེགས་པར་བྲི། དེའི་ལྷག་མ་སླར་དབུས་ཀྱི་ཁུང་བླུག །འོག་མ་ཀུན་གྱི་ཕྱག་ལེན་དེས་འགྲེ། ཚོན་དཀར་པོ་འཛིན་ལ། ༀ་འདི་ནི་མེ་ལོང་དག་པ་ཏེ། སེམས་ཅན་ཁམས་རྣམ་རབ་བསྒྲལ་ཕྱིར། །རིམ་པ་གཉིས་པར་ཡང་དག་ལྡན། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །རེ་ཁ་དཀར་པོ་བྲི། །ཚོན་དམར་པོ་འཛིན་ལ། །ཨཱཿའདི་ནི་སོར་རྟོག་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་བསྒྲལ་ཕྱིར། །རིམ་པ་གསུམ་པར་ཡང་དག་ལྡན། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །རེ་ཁ་དམར་པོ་བྲི། སེར་པོ་འཛིན་ལ། སྭཱ་འདི་ནི་མཉམ་ཉིད་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་བསྒྲལ་ཕྱིར། །རིམ་པ་བཞི་པར་ཡང་དག་ལྡན། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །རེ་ཁ་སེར་པོ་བྲི། ཚོན་ལྗང་ཁུ་འཛིན་ལ། ཧཱ་འདི་ནི་བྱ་གྲུབ་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་བསྒྲལ་ཕྱིར། །རིམ་པ་ལྔ་པར་ཡང་དག་ལྡན། །དངོས་གྲུབ་དམ་པ་བསྩལ་དུ་གསོལ། །བརྗོད་ལ་བྱང་ཤར་གྱི་འཚམ་སུ་རེ་ཁ་ལྗང་ཁུ་བྲི། ཕུད་ལྷག་དབུས་ཀྱི་ཁུང་བུར་བླུག་ལ། ཁམས་ལྔ་དག་པར་བྱ་བའི་དོན་དུ་འབྱུང་བ་རིམ་བརྩེགས་སྒོམ་པས་དོན་ཡེ་ཤེས་ལྔ་ཚོན་པའི་རྟགས་རིན་པོ་ཆེ་ལས་གྲུབ་པའི་རི་རབ་ཏུ་བསྒོམ། རི་རབ་དེའི་སྟེང་དུ་གཞལ་ཡས་ཁང་བཞེངས་པར་བསམ་ལ། ཀ་པ་ལས་བཀབ་ཟངས་གཞོངས་ཟེར་བ་སྣང་། ཐོར་མ་སོང་བར་བྱ་སྟེ། ཕྱིས་སྣང་རེ་ཁ་འདྲེན་པའི་དུས་སུ་འདྲེན་བརྟག་ཅིང་། མཚམས་སྦྱར་བའི་དོན་དུའོ། །དེ་ནས་ཞལ་ལུང་ཐོབ་པའི་སློབ་བུ་རྣམས་ཀྱིས་ལགས་སོར་ལྔ་ལ་ཉི་མ་ལས་གནས་པའི་དཔའ་བོ་འབྲུ་ལྔ་བཀོད་ལ་རེ་ཁ་བྲི་སྟེ། དབུས་སུ་འཁོར་ལོ་རྩིབས་བཞི་གྲུ་ཆད། གློ་འབུར། རྩིགས་པ་ལྔ་ལ་ནང་ནས་སྔོན་པོ་དཀར་པོ། དམར་པོ། སེར་པོ། ལྗང་ཁུ་ལྔར་གྱི་ཚོན་བཀྲ་དང་སྦྲེལ། འདོད་སྣམ། ཕ་གུ །དྲ་བ། ཤར་བུ། མདའ་ཡབ། མུན་པ། ཀ་བ། ཀ་བརྒྱན། གླང་གུར། རྟ་བབས་ཀྱི་ས་ལ་ཆ་བྲན་བཅུ་གཉིས་ཡོད་པ་ལ། དང་པོ་ཀ་གཞུ། དེའི་སྟེང་དུ་གཉིས་ལ་རྟ་རྐང་དང་ཆུ་སྐྱེས། བཞི་པ་ལ་ཀ་བ་ལྔ་པ་དང་དྲུག་པ་ལ་རིན་ཆེན་སྒྲོམ་དང་ཟ་ར་ཚགས། བདུན་པ་ཀ་བ་བརྒྱད་པ་དང་དགུ་པ་ལ་རྣམ་འཕྱང་དང་ཆུན་འཕྱང་། བཅུ་པ་ལ་ཀ་བ་བཅུ་གཅིག་པ་དང་བཅུ་གཉིས་པ་ལ་ཤར གཉིས་བུ་དང་སྣ་ཚོགས་ཁྱུང་མགོ །རྟ་བབས་བང་རིམ་བཞི་བྱས་ཀྱང་རུང་། དེའི་སྟེང་དུ་ཆོས་འཁོར་གྱི་གདན་པདྨ། ཆོས་འཁོར་རིམ་པ་བཅུ་གསུམ། གཡས་གཡོན་དུ་རི་དྭགས་ཕོ་མོ། སྟེང་དུ་གདུགས། རྟ་བབས་ཀྱི་གཡས་གཡོན་དུ་ཆུ་སྲིན་གྱི་ཁ་ནས་ཕྱུང་པའི་རྡོ་རྗེའི་ར་གཉིས་། གདུགས་ཀྱི་ཕྱི་རོལ་དུ་པདྨའི་ར་བ། རྡོ་རྗེ་དང་མེ་རིས་བསྐོར་བ། དཀྱིལ་འཁོར་བར་མ་ལ། འཁོར་ལོ་རྭའི་ལྟེ་བ་ཡི་མུ་ཁྱུད་འཁོར་ལོའི་རྩིབས་བརྒྱད། རྩིབས་རྩེའི་མུ་ཁྱུད་དང་། གྲུ་ཆད་བཞི། གློོ་འབུར་བཞི། ལྷ་རྣམ་དགུ །སྒོ་དགུ་བྲིའོ། །དཀྱིལ་འཁོར་ཕྱི་མ་ལ། ལྷ་རྣམ་རྩིག་པ་ལ་སོགས་དཀྱིལ་འཁོར་ནང་མ་དང་མཐུན་ལ། བྱེ་བྲག་ཏུ། པདྨའི་རྭ་བའི་ཚབ་མ ལ་དུར་ཁྲོད་བྲི། ཕྱི་རོལ་དུ་མ་ཏྲཾ་འམ་ཏུ་ཏྲ་བྲིའོ། །བཞི་པ་ཚོན་འགྱེད་པ་ནི། དབུས་ཀྱི་ལྟ་ེབ་མཐིང་ཁ། མུ་ཁྱུད་གདན་ནག་པོ་ལ་མི་ཐིག་དཀར་པོ། འཁོར་ལོ་རྩི་བཞི་སེར་པོ། རྩིབས་མཆན་སྔོན་པོ། མུ་ཁྱུད་གདན་དམར་པོ་ལ་མུ་ཐིག་སེར་པོ། གྲུ་ཆད་ཤར་དམར། ལྷོ་ལྗང་། ནུབ་དཀར། བྱང་སེར། ལྷ་རྣམས་དང་སྒོ་ཕྱོགས་མདོག །མུན་པ་དང་གླང་གུར་གྱི་ནང་ནག་པོ། ཀ་བ་ཕྱོགས་མདོག །ཀ་བརྒྱན་དེ་ལས་པོགས་པ། འདོད་རྣམས་དམར་པོ། ཕ་གུ་སེར་པོ། དྲྭ་བ་བཞི་ནག་པོ་ལ། དྲ་བ་དམར་པོ་དང་དཀར་པོའི་མུ་ཐིག །ཤར་བུ་གཞི་དམར་པོ་ལ་ཤར་བུ་དཀར་པོ་དངུལ་དམ་ཁ་ཐུར་དུ་བསྟན་པ་ལྟ་བུ། མདའ་ཡབ་གཞི་ནག་པོ་ལ། མདའ་ཡབ་དཀར་པོ་མཆོད་རྟེན་ནམ་རྩེ་ཕྲན་གྱི་གཟུགས། རྟ་བབས་བང་རིམ་བཞི། པདྨ་དང་ལྔ། རྩིགས་པ་ལྔ་དང་མཚུངས། ཆོས་འཁོར་དང་རི་དྭགས་སེར་པོ། གདུགས་ཤམ་དམར་པོ། གདུགས་ཐག་དཀར་པོ། ཏོག་སེར་པོ། རྡོ་རྗེའི་རྭ་ཕྱོགས་མདོག །པདྨའི་རྭ་བ་སྣ་ཚོགས། རྡོ་རྗེའི་རྭ་བ་གཞི་ནག་པོ་ལ་རྡོ་རྗེ་སེར་པོ། མེ་རི་སྣ་ཚོགས། དཀྱིལ་འཁོར་བར་མའི་ལྟེ་བའི་མུ་ཁྱུད། གཞི་ནག་པོ་ལ། མེའི་འཕྲེང་བ། འཁོར་ལོ་རྩིབས་བརྒྱད་སེར་པོ། རྩིབས་མཆན་དམར་པོ། ཕྱིའི་མུ་ཁྱུད་གཞི་ནག་པོ་ལ་རྡོ་རྗེ་ཕྲེང་བ་སེར་པོ། གྲུ་ཆད་དང་བློ་འབུར་ཕྱོགས་མདོག །ཁྱམས་དང་པོ་སེར་པོ། རྩིག་པ། འདོད་སྣམ། ཕ་གུ། དྲྭ་བ། ཤར་བུ། མདའ་ཡབ། མུན་པ་རྣམས་སྤྱི་དང་མཐུན། ཀ་བ་དང་། ཀ་བརྒྱན་མི་དགོས། འཁྱམས་གཉིས་པ་དཀར་པོ། རྩིག་པ་སོགས་འགྲེ། འཁྱམས་གསུམ་པ་དམར་པོ། བཞི་པ་སེར་པོ། ལྔ་པ་དམར་པོ། དྲུག་པ་དཀར་པོ། བདུན་པ་ནག་པོ། བརྒྱད་པ་ཕྱོགས་མདོག །དགུ་པ་ལྗང་ཁུ། བཅུ་པ་མཛེས་ཚོན། དཀྱིལ་འཁོར་ཕྱི་མའི་རྩིག་པ་ལ་སོགས་ནང་དང་འདྲ་བ་ལ་རྟ་བབས་སྣམ་བུ་བརྒྱད་པའི། རྟ་རྐང་སེར་པོ། ཆུ་སྐྱེས་དམར་པོ། རིན་ཆེན་སྒྲོམ་སེར་པོ། ཟར་ཚགས་སྣ་ཚོགས། སྣ་འཕྱང་འཕྲེང་བ་དཀར་ཆུན་འཕྱང་སེར་པོ། ཤར་བུ་དཀར་པོ། སྣ་ཚོགས་ཁྱུང་མགོ་དེ་ཉིད་དོ། །དུར་ཁྲོད་ལ་མེ་བརྒྱད། ཆུ་བརྒྱད། ཤིང་བརྒྱད། མཆོད་རྟེན་བརྒྱད། སྤྲིན་བརྒྱད། མཆོད་པའི་ལྷ་མོ་བརྒྱད། གྲུབ་ཐོབ་བརྒྱད། དྲང་སྲོང་བརྒྱད། མཁའ་འགྲོ་མ་བརྒྱད་ལ་སོགས་དང་། བྱ་དང་། གཅན་ཟན་དང་། འབྲུག། སྦྲུལ། ཀེང་རུས་ཚལ་བ། དུམ་བུ་ལ་སོགས་སྣ་ཚོགས་བྲིའོ། །ལྔ་པ་རྣམ་པ་འགོད་པ་ནི། ལྷ་ཡི་གནས་རྣམས་སུ་ལྷ་ཚོམ་རང་རང་གི་མདོག་ཅན་གདན་དང་བཅས་པ་འགོད། དཀྱིལ་འཁོར་ནང་མ་ཞི་བའི་གཞལ་ཡས་ཁང་དུ་བསྒོམ། བདག་ཉིད་ཀུན་བཟང་ཡབ་ཡུམ་དུ་བསྐྱེད། མཁའ་གསང་བྱིན་གྱིས་བརླབས། སྦྱོར་བའི་བརྡས་བསྐུལ། བྱང་ཆུབ་སེམས་ཀྱི་འོད་ཟེར་ལས་ཀུན་བཟང་ཡབ་ཡུམ་བཏོན་ལ། ཙག་ལི་ལ་བསྟིམ་ཞིང་། དཀྱིལ་འཁོར་གྱིས་དབུས་སུ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཙིཏྟ་ཧཱུཾ། ཨ་ཨ་ཨ་བཛྲ་ས་མནྟ། བརྗོད་ལ་འགོད། དེ་བཞིན་དུ་མི་བསྐྱོད་པ་ཡབ་ཡུམ་བཏོན་ལ། ཙཀ་ལི་ལ་སྟིམ་ཞིང་ཧཱུཾ་བཛྲ་དྷྲིག །མུཾ་དྷ་ཏུ་ཤྭ་རི། བརྗོད་ལ། ཀུན་བཟང་གི་མདུན་དུ་འགོད། དེ་བཞིན་དུ་རྩིབས་བཞི་ལ་རིགས་བཞི་ཡབ་ཡུམ་རྩིབས་མཆན་བཞི་ལ་ནང་གི་སེམས་དཔའ་ཡབ་ཡུམ། གྲུ་ཆད་བཞི་ལ་ཕྱིའི་སེམས་དཔའ་ཡབ་ཡུམ། ལྷ་སྣམ་ལ་ཐུབ་པ་དྲུག །སྒོ་བཞི་ལ་སྒོ་བ་ཡབ་ཡུམ་བཞི། གསང་གནས་ནས་བཏོན་ཙཀ་ལི་ལ་བ སྟིམ་པ་འགོད་དོ། །ཞི་བའི་དཀྱིལ་འཁོར། དེའི་སྟེང་དུ་ཁྲོ་བའི་གཞལ་ཡས་ཁང་བསྐྱེད་ལ། བདག་ཆེ་མཆོག་དུ་བསྐྱེད་ལ། མཁའ་གསང་བྱིན་གྱིས་བརླབས། བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། ཆེ་མཆོག་ཡབ་ཡུམ་བཏོན་ལ། ཙ་ཀ་ལི་ལ་སྟིམ་ལ། ༀ་ཨ་ཀྲ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ། བརྗོད་ལ། དབུས་མི་སྐྱོད་པའི་མདུན་དུ་འགོད། བཛྲ་ཧེ་རུ་ཀ་ཡབ་ཡུམ། ༀ་བཛྲ་ཤྲི་ཧེ་རུ་ཀ་ཧཱུཾ། བཛྲ་ཀྲོ་ཏི་ཤྭོ་རི་ཧཱུཾ་ཕཊ། དབུས་སུ་ཆེ་མཆོག་ཡབ་ཡུམ་གྱི་མདུན་དུ་དགོད། རིགས་བཞི་ཧེ་རུ་ཀ་ཡབ་ཡུམ་རང་རང་གི་སྔགས་ཀྱིས་ཕྱོགས་བཞིའི་རྩིབས་བཞི་ལ་འགོད། ལུང་གི་ཧེ་རུ་ཀ་ཡབ་ཡུམ་བཞི། རང་རང་གི་སྔགས་ཀྱིས་མཚམས་ཀྱིས་རྩིབས་བཞི་ལ་བཀོད། ཀ་རི་མ་ལ་སོགས་གནས་ཀྱི་མ་མོ་བརྒྱད། རང་རང་གི་སྔགས་ཀྱི་གྲུ་ཆད་བཞི། བློ་འབུར་བཞི་ལ་བཀོད། ཕྲ་མེན་མ་བརྒྱད་རང་རང་གི་སྔགས་ཀྱིས་འཁྱམས་དང་པོ་ལ་དགོད། འཁྱམས་གཉིས་པ་ལ་སྤོར་མ་བརྒྱད། ཨ་རཀྵ་མོ་ཧཱ། ཅེས་པས་བཀོད། སྒོ་བཞི་ཛཿ་ཧཱུཾ་བཾ་ཧོ་བཞི་ལས། གསང་ཡུམ་བཞི། ཤྲཱི་བཛྲ་མུ་ཀ་ར་ཡ་ཡ་ན་མ། ཤྲཱི་བཛྲ་གནྡྷ་པྲ་ཛྭ་ལ་ཡ་ན་མ། ཤྲཱི་བཛྲ་ར་ཀ་ཤ་ར་ཡ་ཡ་ན་མ། ཤྲཱི་བཛྲ་ཁ་ཊཾ་ག་པྲ་ཛྭ་ལ་ཡ་ཡ་ན་མ། ཅེས་པས་དགོད། འཁྱམས་གསུམ་པ་ལ། བྷྱ་ཉི་ཤུ་རྩ་བརྒྱད་ལས་དབང་ཕྱུག་ཉི་ཤུ་རྩ་བརྒྱད། རང་རང་གི་སྔགས་ཀྱིས་བཀོད། དེ་ཡན་ཆད་ནི་ཁྲག་མཐུང་རྩ་བའི་དཀྱིལ་འཁོར་ཞེས་བྱ། འཁྱམས་བཞི་པ་འཕྲིན་ལས་མྱུར་མགྱོགས་ཀྱི་དལ་ལ། ཨེ། སུམ་བཅུ་རྩ་གཉིས་ལས་མཁའ་འགྲོ་མ་སུམ་བཅུ་རྩ་གཉིས།་ཨེ་ཨ་ར་ལི་ཧཱུཾ། ཅེས་པས་འགོད། འཁྱམས་ལྔ་པ་ལ། ཧཱུཾ་བདུན་ལས་མ་མོ་བདུན། ཏིང་བཞི་ལས་སྲིང་མོ་བཞི། མ་མ་དྷ་ཏུ་ཧཱུཾ། བདུན་དང་། བཛྲ་དུན་ཏིང་བྷྱ་བཞིས་འགོད། འཁྱམས་དྲུག་པ། སྒྲོལ་བྱེད་གིང་གི་དཀྱིལ་འཁོར་ལ། ཧཱུཾ་བཅྭ་བརྒྱད་ལས། གིང་བཅྭ་བརྒྱད། གིང་ཀ་ར་ཧ་ཧ་རུ་ལུ་རུ་ལུ་བྷྱ་བཅྭ་བརྒྱད་ཀྱིས་འགོད། བར་བར་འཁྱམས་བདུན་པ་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ལ། ཧཱུཾ་དྲུག་བཅུ་ལས། ཁྲོ་བོ་དྲུག་བཅུ། ཀྲོ་དྷ་ཀྲོ་དྷི་ཧཱུཾ་དྲུག་ཅུ་འགོད། འཁྱམས་བརྒྱད་པ་མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར། ཤར་དུ་ཛ་དྲུག་ཅུ་ལས་དུང་གི་ཕོ་ཉ་དྲུག་བཅུ། བྷ་ན་བྷ་ན་ཨང་གུ་ཤ་ཛ། དྲུག་བཅུ་དྲུག་བཅུ་འགོད། ལྷོར་ཧཱུཾ་དྲུག་བཅུ་ལས་གསེར་གྱི་ཕོ་ཉ་དྲུག་བཅུ། ཧ་ལ་ཧ་ལ་པ་ཤ་ཱཧཱུཾ། དྲུག་བཅུ་འགོད། ནུབ་ཕྱོགས་སུ། བྃ་དྲུག་བཅུ་ལས། ཟངས་ཀྱི་ཕོ་ཉ་དྲུག་བཅུ། གརྫ་གརྫ་སྤོ་ཏ་བྃ་དྲུག་བཅུ་འགོད། བྱང་ཕྱོགས་སུ་ཧོ་དྲུག་བཅུ་ལས། ལྕགས་ཀྱི་ཕོ་ཉ་དྲུག་བཅུ། པ་ཙ་པ་ཙ་གན་དྷེ་ཧོ་དྲུག་ཅུ་འགོད། འཁྱམས་དགུ་པ་དང་ལྔ་པ་དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར་ཏེ། ལྔ་པ་གོང་དུ་སོང་ནས་དགུ་པ་ལ་མ་དྲུག་བཅུ་ལས། འོག་ཕྱོགས་ཀྱི་མ་མོ་དྲུག་བཅུ། མ་མ་ཤྭ་ར་ཧཱུཾ་དྲུག་བཅུ་འགོད། འཁྱམས་བཅུ་པ་ལ་རིགས་འཛིན་རྩལ་འཆང་གི་དཀྱིལ་འཁོར། རིགས་འཛིན་བརྒྱུད་པའི་བླ་མ་རྣམས། མ་ཧཱ་གུ་རུ་ཤ་རི་རཾ། ཅེས་བརྗོད་ཅིང་། བླ་མ་དང་ཙ་ཀ་ལི་དབྱེར་མེད་དགོད་དོ། །དེ་ནས་བུམ་པ་འགོད་པ་ནི། ཁྲོ་བོ་གསང་བའི་བུམ་པ་སྟེ། ཀ་པ་ལ་ལྔ། རྡོ་རྗེ་སློབ་དཔོན་དང་། ཡུམ་བཞིས་འཛིན། ཞི་བའི་བུམ་པ་ལྔ་རྒྱལ་ཐེབ་ལ་སོག་པས་འཛིན། དབྱངས་དང་བཅས་པས། ཧཱུཾ་བུམ་པ་མ་ལགས་རྒྱལ་པོ་ལགས། །རྒྱལ་པོ་སྔགས་ཀྱིས་བཏབ་ནས་ཀྱང་། །རྒྱལ་པོ་ཆེན་པོར་མངའ་གསོལ་ཀྱིས། །རྒྱལ་པོའི་ཚུལ་དུ་བཞུགས་སུ་གསོལ། །བརྗོད་ལ། སྔགས་ལྟ་གོན་གྱི་སྐབས་བཞིན། བུམ་པ། ཀ་པཱ་ལ། རྡོ་རྗེ་དང་བཅས་པ་སྔར་ལྟ་གོན་གྱི་སྐབས་ལྟར་ལེགས་པར་བཀོད། གཞན་ཡང་མཆོད་རྫས་དང་། སྒྲུབ་རྫས་དང་། དབང་རྫས་ལ་སོགས་རྣམས་དང་། གཞན་ཡང་། མདའ་བརྒྱད། དར་སྣ་དང་བཅས་པ། གྲི་བརྒྱད། མེ་ལོང་དང་བཅས་པ། ཕུར་བུ་བརྒྱད། བྲུབ་ཁུང་དང་བཅས་པ། འཕན་བླ་རེས་ལ་སོགས་མཆོད་པར་འོས་པའི་རྒྱན་ཀུན་གྱིས་ལེགས་པར་བརྒྱན་པར་བྱའོ། །དེ་ནས་དཀྱིལ་འཁོར་ལ་སོགས་དེ་རྣམས་ལ་བྱིན་ཕབས་ཏེ། སྤོས་དཀར་གྱིས་དུད་པ་བཏང་ནས། རོལ་མོའི་སྒྲ་སྣ་ཚོགས་བསྒྲག་ཅིང་། རྣལ་འབྱོར་པ་ཕོ་རྣམས་ཀྱིས་ཆས་གོས་བཟང་པོ་དང་བཅས་པས་ཧས་སྟི་གཡབ་ཅིང་དཀྱིལ་འཁོར་བསྐོར། མོ་རྣམས་ཆས་གོས་བཟང་པོ་དང་བཅས་པས་ཕྲེང་བས་གཡབ་ཅིང་། དཀྱིལ་འཁོར་བསྐོར་ལ། ཧཱུཾ་ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་ནས། རྣལ་འབྱོར་དབང་ཕྱུག་རིགས་ཀྱི་ཡུམ་དང་བཅས། །རྒྱས་པའི་བསྲུང་མར་གྱུར་པའི་དམ་ཚིག་ཅན། །མཆོད་དོ་བླ་མ་རྣམས་ལ་སྐྱབས་སུ་མཆི། །ཧཱུཾ་མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །བཅོམ་ལྡན་ཆེ་མཆོག་ཁྲོ་རྒྱལ་འཁོར་དང་བཅས། །སྔགས་ཚིག་བཤུགས་ཀྱི་བརྡའ་ཡིས་སྤྱན་འདྲེན་གྱིས། །ཕྱག་རྒྱ་གར་གྱི་མཆོད་པས་གཡབ་དོར་ན། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་རྗེས་དགོངས་ལ། །ཐུགས་དམ་བརྡའ་ལ་དགོངས་ཏེ་གཤེགས་སུ་གསོལ། །ཧཱུཾ་ཆོས་ཉིད་བདེ་བ་ཆེན་པོའི་སྐུ་བྱུང་བ། །བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་གཤེགས་སུ་གསོལ། །དུར་ཁྲོད་དྲེག་པའི་ཚོགས་རྣམས་འཇོམས་མཛད་པ། །རྒྱུད་ལུང་ཁྲོ་རྒྱལ་ཡབ་ཡུམ་༴ ཡེ་ཤེས་འབར་མ་བརྒྱད་ཀྱི༴ ཀེ་རི་ཁྲོ་མོ་བརྒྱད་པོ༴ ཆོས་ཉིད་མཁའ་ལྟར་དག་པའི༴ སེང་ཧ་ཕྲ་མེན་བརྒྱད་པོ་གཤེགས༴ འབར་བའི་བར་ཁྱམས་དུར་ཁྲོད་ནང་ཤོད་དུ། །སྤོར་མ་གསང་ཡུམ་ཚོགས་རྣམས༴ ཚད་མེད་བཞི་རྫོགས་གསང་བའི༴ རྟ་གདོང་སྒོ་མ་འཁོར་བཅས༴ དམ་ཚིག་ལྷུན་གྱིས་གྲུབ་པའི༴ དབང་ཕྱུག་མིང་སྲིང་འཁོར་བཅས༴ ཞེ་སྡང་འབར་བ་ཐུགས་ཀྱི༴ ཁྲོ་རྒྱལ་སྲིན་པོ་འཁོར་༴ དུར་ཁྲོད་འབར་བ་ཆེན་པོའི་དཀྱིལ་འཁོར་ནས། །མཁའ་འགྲོ་སུམ་བཅུ་རྩ་གཉིས་༴ སྒྲོལ་བྱེད་འབར་བ་ལས་ཀྱི༴ རྡོ་རྗེ་གིང་ཆེན་འཁོར་བཅས༴ ཅི་བགྱིས་བ ཀའ་ཉན་ལས་ཀྱི༴ ཕོ་ཉ་སྡེ་མོ་འཁོར་བཅས༴ ལས་རྣམས་ཡོངས་སུ་གྲུབ་པའི༴ ཡེ་ཤེས་མ་མོའི་ཚོགས་རྣམས༴ སྡོམ་པ་ས་ལ་གནས་པའི་དཀྱིལ་འཁོར་ནས། །རིག་འཛིན་རྩལ་འཆང་འཁོར་བཅས་གཤེགས་སུ་གསོལ། །དེང་གི་གནས་མཆོག་དུར་དྲོད་ཚོགས་རེ་སྤྲོ། བནྡྷ་གསར་སྙིང་ཚོགས་ནི་རྫ་ལྟར་ལྷག །ཀེང་རུས་གསར་རྙིང་ཚོགས་ནི་རི་ལྟར་སྤུངས། །རཀྟ་གསར་རྙིང་ཚོགས་ནི་མཚོ་ལྟར་བ སྐྱིལ། །མཾ་ས་གསར་རྙིང་ཚོགས་ནི་ཐང་དུ་བརྡལ། །ཞིང་ཆེན་གསར་སྙིང་ཚོགས་ནི་རླུང་ལྟར་དཔུངས། །བྱང་ཆུབ་སེམས་ཀྱི་ཚོགས་ནི་གངས་ལྟར་ཆགས། །བརྒྱན་ཆ་གསར་རྙིང་ཚོགས་ནི་སྤྲིན་ལྟར་གཏིབས། །ཏ་ན་ག་ནའི་ཚོགས་ནི་དབྱིངས་ན་རོལ། །རྡོ་རྗེ་མཆེད་ལྕམ་ལྷ་དང་ལྷ་མོ ར་རོལ། །མ་མོ་མཁའ་འགྲོའི་ཚོགས་ནི་ནམ་མཁར་འཐིབས། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་སྤྱན་འདྲེན་ན། །ཐུགས་དམ་བརྡའ་ལ་དགོངས་སྟེ་གཤེགས་ནས་ཀྱང་། །དཀྱིལ་འཁོར་ཆེན་པོ་འདི་ལ་བྱིན་ཕོབ་ལ། །བསྒྲུབ་པའི་རྟགས་དང་མཚན་མ་བསྟན་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་ཀྱི་སིདྡྷི་སྩོལ། །ༀ་བཛྲ་ས་མ་ཡ་སིདྡྷི་ཕེཾ་ཕེཾ། །བཛྲ་ཡོ་གི་ནི་ས་མ་ཡ་ཛཿ བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཅེས་བརྗོད་པས་ལྷ་ཚོགས་དེ་རྣམས་དཀྱིལ་འཁོར་དང་ཙ་ཀ་ལིའི་ཐོག་དུ་བྱོན་ཏེ། པྲ་བེ་ཤས་སྒོ་ཕྱེ། །པྲ་བྷེ་ཤས་གཉིས་སུ་མེད་པར་ཐིམ་པས་ལྷ་རྣམས་གཟི་བྱིན་དང་ལྡན་་པར་བསམ་མོ། དྲུག་པ་རབ་གནས་ལ་བརྒྱད་དེ། སྔོན་དུ་བྱ་བའི་ཆོ་ག་དང་། ཏིང་ངེ་འཛིན་གྱི་དལ་བ སྐྱེད་པ་དང་། རང་བཞིན་གྱིས་དཀྱིལ་འཁོར་སྤྱན་དྲངས་ནས་བསྟིམ་པ་དང་། དབང་པོ་སྐྱོན་གསལ་གྱི་ཆོས་བདུན་བྱ་བ་དང་། མེ་ལོང་ཕུལ་ལ་ཆུ་བདུན་གྱིས་སྐུ་ཁྲུས་གསོལ་ཞིང་སྐུ་ཕྱི་བ་དང་། ཆེ་བའི་ཡོན་ཏན་དང་རྒྱན་ཆ་རྣམས་ཀྱི་དབང་བསྐུར་ཞིང་མངའ་གསོལ་བ་དང་། ཕྱི་ནང་གསང་བའི་མཆོད་པ་རྫོགས་པར་ཕུལ་བ་དང་། བདེན་པའི་བྱིན་བརླབས་དམིགས་ཤིང་བརྟན་པར་བཞུགས་སུ་གསོལ་བ་ཏེ། དེ་ལ་ཡོན་བདག་ལ་སོགས་པས་བསྐོར་བ་བྱ་ཞིང་ཕྱག་འཚལ་ནས་མི་འབྲལ་ཞིང་མངོན་དུ་གྱུར་ཅིག །ཅེས་སྨོན་ལམ་གདབ་པོ། དང་པོ་ལ་གཉིས་སྟེ། བསྒྲུབ་མཆོད་དང་། སྔོན་འགྲོའོ། །དང་པོ་ལ་གསུམ་སྟེ། བདག་བསྐྱེད་དང་། བུམ་བསྐྱེད་དང་། མདུན་བསྐྱེད་དང་། དང་པོ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འ ཚལ་ལོ། །གསང་སྔགས་མ་ཧཱ་ཡོ་གའི་ཞི་ཁྲོ་རྣམ་པ་གཉིས་ལ། རྣལ་འབྱོར་པ་རྒན་པོ་རྣམས་ཀྱི་དོན་ཆེད་དུ་ལྟ་བ་དང་རྟོགས་པ་གསལ་བ་དང་། །སྒོམ་བདེ་བ་དང་། བསྒྲུབ་ཐག་ཉེ་བ་དང་། འབྲས་བུ་མཐར་ཕྱིན་པར་བྱ་བའི་ཕྱིར། རྒྱུད་ལས་ལུང་དུ་བསྒྱུར་སྟེ། དེ་ལས་རྒྱུད་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་མངོན་དུ་བྲིས། ཏིང་ངེ་འཛིན་གྱིས་དལ་བསྒོམ། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ནས། མཆོད་ཅིང་བསྒྲུབ་པས། ཚེ་གཅིག་གི་སངས་རྒྱས་པ་ནི་འགྲོ་དོན་ལས་ཀྱི་དཀྱིལ་འཁོར་རོ། ལུང་གི་གཟུགས་བརྙན་གྱི་དལ་དངོས་སུ་མི་དགོས་སྟེ། ལུས་ལ་ལྷ་བཀོད་ཡིད་ཀྱི་གསལ་བཏབ་ནས་ཞེས་བྱུང་བས། ལུས་ལ་ལྷ་བཀོད་ནས་སྙིང་པོ་བཟླས་པ་ཙམ་གྱིས། སྐུ་གསལ་བར་བསྒོམ་པ་ནི་ལས་ཐམས་ཅད་ཀྱང་མ ཚོན་བྱེད་ཀྱི་སངས་རྒྱས་པ་ནི་བདག་དོན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། དེ་ལ་ལུང་དུ་གྱུར་པས། ལུང་ལྔ་སྟེ། མཚམས་ཀྱི་ལུང་དང་། སྨན་གྱི་ལུང་དང་། ཚོགས་དང་གཏོར་མའི་ལུང་དང་། ཞི་བའི་ལུང་དང་། ཁྲོ་བོའི་ལུང་དང་། དེ་ལ་དཔའ་པོ་ནི། བདག་ལུས་ཀྱི་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་ཏེ་བཅུར་ཉི་དཀྱི ལ་བཅུ་དང་། ཕྱོགས་སྐྱོང་ཕོ་མོ་བཅུའི་སྟེང་། ༀ་ཧཱུྃ་ཀ་ར་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ། ཞེས་སོགས་རྩ་བའི་སྔགས་བཅུ་བརྗོད་པས། ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ། སྟོད་ཞལ་གསུམ་ཕྱག་དྲུག་ཏུ་བསྒོམ་ལ། སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་གྱིས་ཐལ་ཕྱུར་བར་བསྒོམས་ལ། ཚིག་འདི་བརྗོད་པས། མཚམས་འདིར་ཐམས་ཅད་མ་འདུས་པ་མེད་དོ། །སྨན་ལུང་ནི་པདྨ་བནྡྷར་བདུད་རྩི་དཔའ་བོར་སྦྱངས་ལ། དཔའ་བོ་འབྲུ་ལྔ་དང་། ཆེ་མཆོག་ཡབ་ཡུམ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མ་བསྐྱེད་རྫོགས་པའི་ཚུལ་དུ་སྐུ་བསྐྱེད་ལ། དེ་བདུད་རྩི་ཆེན་པོར་བྱིན་གྱིས་བརླབས་ཏེ་ཞུ་བ་ལ་འདི་བརྗོད་དོ། །ཚོགས་གཏོར་ལུང་ནི། ཚོགས་གཏོགས་ལུང་རྒྱུད་ཆེན་པོ་ནས་འབྱུང་བ་ལྟར་བརླབས་ཏེ་འདི་བརྗོད་དོ། །དེ་ནས་ཞི་ལུང་ལ། བྷྲུཾ་བི་ཤ་བི་ཤུདྡྷེ་བརྗོད་པ། ཕྱི་སྣོད་ཐམས་ཅད་སྣ་ཚོགས་དག་པའི་གཞལ་ཡས་ཁང་། རང་བཞིན་རྣམ་པར་དག་ཅིང་འདུས་མ་བྱས་པའི་ཕོ་བྲང་ཆོས་ཀྱི་དབྱིངས། དབང་ཆེན་ཡུ མ་ལྔའི་མཁའ་ཀློང་ནས། དུས་གསུམ་དུ་ཡངས་དོག་དང་། ཕྱི་ནང་། འཕོ་འགྱུར། མཐོ་དམན་མེད་པའི་དབུས་ན། བདག་གི་ལུས་སེམས་ཀྱི་རྒྱལ་པོ་ཆེན་པོར་ལྷུན་གྱིས་གྲུབ་པ། ལྷའི་དཀྱིལ་འཁོར་དུ་ཡེ་ནས་ཡིན་པས་བདག་གི་སྤྱི་གཙུག །ༀ་ཛྙ་ན་ཙཀྲ་ཛྭ་ལ་མ་དྷ་ལ་ཞེས་བརྗོད་པས། ཡེ་ཤེས་ཀྱི་འཁོར་ལོ་རྩིབས་བཞི་པ། འབར་བའི་ཟེར་དང་བཅས་པར་གྱུར་པའི་སྟེང་དུ། རིགས་ལྔའི་སངས་རྒྱས་ཕུང་པོ་ལྔ་ལས་གྲུབ་ཀྱང་། བཞུགས་གནས་བདག་གི་ད བུའི་གཙུག་འཁོར་ལོའི་དབུས་སུ། སེང་གེ་དང་། རཏྣ། ཉི་ཟླ། པདྨ་དང་། ཕྱོགས་བཞི་ལ་གླང་པོ་དང་། རྟ་དང་། རྨ་བྱ་དང་། ཤང་ཤང་ཏིའུ་སྟེ་། ཕྱོགས་བཞི་དབུས་དང་ལྔར་བཀོད་པའི། དབུས་ཀྱི་སེང་གེའི་སྟེང་དུ། ཧཱུཾ་བཛྲ་དྷྲིཀ྄་ཅེས་བརྗོད་པས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས་རྒྱུད་དང་མཐུན་པར་གསལ་ཞིང་བསྐྱེད། དེ་བཞིན་དུ་ཚངས་མ་ལ་འཁོར་ལོའི་སྟེང་དུ་རྣམ་པར་སྣང་མཛད། རྣ་བ་གཡས་པའི་སྟེང་དུ་རིན་འབྱུང་། ལྟག་པར་སྣང་མཐའ། རྣ་བ་གཡོན་པར་གདོན་མི་ཟ་བ་རྣམས་རྩ་སྔགས་བརྗོད་པ་ཙམ་གྱིས་སྐུ་གསལ་གྱིས བསྐྱེད། ཡུམ་ཆེན་མོ་ལྔ་དོན་གྱིས་འབྱུང་ལྔས་གྲུབ་ཀྱང་། རྡོ་རྗེ་སེམས་དཔའི་མདུན་དུ་མུཾ་དྷ་དུ་ཤྭ་རི་ཞེས་བརྗོད་པས། ཀུན་ཏུ་བཟང་མོ་ཞལ་གཅིག་ཕྱག་གཉིས་རྒྱན་དང་ཆ་ལུགས་གཙོ་བོ་ཆ་མཐུན་པར་བསྐྱེད། དེ་བཞིན་དུ་ཡུམ་ལྔ་ཆར་ཡང་གཙོ་བོའི་མདུན་དུ་ཐབས་ཤེས་རབ་ཀྱི་ཚུལ་དུ་སྒོམ། སེམས་དཔའ་བརྒྱད་རྣམས་ཤེས་བཞི། དབང་པོ་བཞི་ལས་གྲུབ་ཀྱང་། ལུས་ལ་འགོད་ན། མིག་གཡས་པ་ལ་ཀྵི་ཧི་ར་ཙ་ཡ་ཞེས་བརྗོད་པས། སའི་སྙིང་པོ་ཝལ་གྱིས་བསྐྱེད། དེ་བཞིན་རྣ་བ་གཡས་བཛྲ་པ་ཎི། སྣ་གཡས་ནམ་སྙིང་། ལྕེ་གཡས་སྤྱན་རས་གཟིགས། མི་གཡོན་བྱམས་པ། སྣ་བ་གཡོན་སྒྲིབ་སེལ། སྣ་གཡོན་ཀུན་བཟང་། །ལྕེ་གཡོན་འཇམ་དཔལ། དེ་བཞིན་དུ་སེམས་མ་བརྒྱད་ཀྱང་ཡུལ་བཞི་དང་། དུས་བཞི་ལ་གྲུབ་ཀྱང་། སེམས་དཔའ་བརྒྱད་ཀྱི་མདུན་དུ་རྩ་སྙིང་བརྗོད་པས། ཐབས་ཤེས་རབ་ཚུལ་དུ་གསལ་བར་བསྐྱེད། ཕྲག་གོང་གཡས་གཡོན་སྟེ་ཀེ་མདུན་རྒྱབ་དུ་ཁྲོ་བོ་བཞི་དང་། ཁྲོ་མོ་བཞི་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་གསལ་བར་བསྐྱེད། དཔྲལ་བ་དང་ལྕེ་སྟེང་སྙིང་ཁར། ལྟེ་བ། གསང་བ། ཞབས་མཐིལ་དྲུག་དུ་ཐུབ་པ་དྲུག་རིམ་གྱིས་བསྒོམ། སྙིང་ཁར་ཀུན་བཟང་། སོག་ཕྲག་ཏུ་བཟང་མོ་ལ་སོགས་པ་རྩ་བའི་སྔགས་བཟླས་པ་ཙམ་གྱིས་སྐུ་གསལ་བར་བསྐྱེད་ནས། ཡེ་ཤེས་ལྔ་དང་ལྡན་པས་དབང་བསྐུར་ཞིང་། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། ལུས་ལ་ལྷ་བཀོད། སེམས་གསལ་བཏབ་པ་དེ་རང་བཞིན་གྱི་སངས་རྒྱས་པ་ཡིན་ཀྱང་། ཤེས་རབ་ཞན་པས་རང་བཞིན་དང་། ཏིང་འཛིན་གཉིས་སུ་མེད་པར་རྟོགས་པར་བྱ་བའི་ཕྱིར། སྤྱན་དྲངས་པ་ཡང་རྒྱུད་ལྟར་ཚིགས་བཅད་ཀྱིས་སྤྱན་དྲངས་མི་དགོས་ཏེ། རྩ་བའི་སྔགས་ཀྱི་སྤྱན་དྲངས་པས། ཐམས་ཅད་དེའི་ངང་དུ་མ་འདུས་པ་མེད་པས། ༀ་ཨེ་ཧྱ་ཧི་བྷ་ག་ཝ ན་ཧཱུཾ་བཛྲ་དྷྲིག་མུཾ་དུ་ཤྭ་རི། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ་ཞེས། ཀུན་བཟང་ཡབ་ཡུམ་ཡན་ཆད་བརྗོད་པས། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བཅས་པ་བྱོན་པར་བསམ་མོ། །གཉིས་སུ་མེད་པས་ཐ་མི་དད་ཅིང་དབྱེར་མེད་པར་ཕྱག་བ ཙལ་བ་ཡང་ཧཱུཾ་བཛྲ་དྷྲིཀ྄ །ན་མོ་མུཾ་དྷ་ཏུ་ཤྭོ་རི་ན་མོ། །ཨ་ལ་ལ་ཧོ། ཞེས་རྫོགས་པར་བརྗོད་པས། གཉིས་སུ་མེད་པའི་འདྲེས་པ་ཆེན་པོར་ཕྱག་ཚལ་ལོ། །དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དབྱེར་མེད་པས་ཆོས་ཀྱི་སྐུ་རྟག་པ་ཆེན་པོ་འགྱུར་བ་མེད་པར་བརྟན་ཞིང་མི་འགྱུར་བ་བཞུགས་སུ་གསོལ་བ་ནི། དྷརྨ་ཀཱ་ཡ་བཛྲ་དྷྲིཀ྄་མཱུ་དྷ་ཏུ་ཤྭ་རི། སྟི་ར་བཛྲ་སུ་ར་ཏ་སྟྭཾ། ཞེས་བརྟན་ཞིང་མི་འགྱུར་བར་བཞུགས་སུ་གསོལ་ནས། མཆོད་ཅིང་འཕྲིན་ལས་བཅོལ་བ་ནི། ལུང་གི་འཕྲིན་ལས་བཞིན་ནོ། །དེ་ནས་བསྒྲུབ་ཅིང་མཐར་ཕྱིན་པར་བྱ་བ་ནི། ལུས་ཀྱི་སྒུལ་བསྐྱོད་ཐམས་ཅད་དམ་ཚིག་གི་ཕྱག་རྒྱ་ཡིན་པར་ཤེས་པར་བྱས་ལ་མི་འགྱུར་བར་བསྒྲུབ་པ་དང་། ངག་གི་བཟླས་བརྗོད་ཐམས་ཅད་ཆོས་ཉིད་ཀྱི་སྙིང་པོ་ཡིན་པར་རྟོགས་པར་བྱས་ལ། མི་འདའ་བར་བསྒྲུབ་པ་དང་། སེམས་ཀྱི་དྲན་རྟོག་ཐམས་ཅད་ཏིང་འཛིན་གྱི་རང་བཞིན་ཡིན་པར་ཡིད་ཆེས་པར་བྱས་ལ། མ་ཡེངས་པར་བསྒྲུབས་ན། ཆོས་ཐམས་ཅད་ལྷ་དལ་གྱི་རང་བཞིན་དུ་མི་འགྲུབ་པ་མེད་དོ། །དེའི་དོན་མཐར་ཕྱིན་པར་བྱ་བའི་འཕྲིན་ལས་མཛད་དོ། །ཞི་བའི་དོན་ཐམས་ཅད་མ་འདུས་པ་མེད་དོ། །ཞི་བའི་ལུང་གི་སྒོམ་ཁོག་རྫོགས་སོ། ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་ལུང་དུ་བསྒྱུར་བ་ལ། འདི་ནི་ཡེ་ཤེས་ལྷའི་ལུང་སྟེ། དེ་ཡང་དང་པོ་ལས་དང་བྱ་བ་ཅི་དང་ཅི་རྩམ་ཀྱང་། ཡི་དམ་ལྷ་མ་བསྒོམ་ན་མི་འགྲུབ་སྟེ། ལུང་ལས། ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། ཞེས་འབྱུང་བས། བདག་ཉིད་མ་ཧཱ་ཡོ་གའི་གཞུང་ལྟར། ཏིང་འཛིན་རྣམ་གསུམ་གྱིས་ཤེས་པའི་རྒྱུད་དག་པར་སྦྱངས་ནས། ཆོ་ག་གསུམ་གྱིས་ལྷ་སྐུ་ཕྱག་རྒྱ་གསལ་བར་བསྐྱེད། ཆོ་འཕྲུལ་ཆེན་པོ་བཞི་དང་ལྡན་པར་བསྒོམ་ནས། དེ་ཉིད་ལུང་གི་འབྲས་བུ་མཐར་ཕྱིན་པར་བྱ་བའི་ཕྱིར། འཕྲིན་ལས་འདི་མཛད་དོ། །ཨེ་ཡཾ་རཀྟ་ཀེ་རཾ་ཞེས་པས། རླུང་དང་ནམ་མཁའ་ཤ་ཁྲག་གི་རྒྱ་མཚོ་དང་། ཀེང་རུས་ཀྱི་རི་རབ་དང་། དུར་ཁྲོད་ཀྱི་མེ་རི་སྣ་ཚོགས་པ་འབར་བའི་མཁའ་ཀློང་ཡུལ་ལྔའི་དལ་གྱི་སྟེང་དུ། བྷྲུཾ་སྨུག་ནག་འབར་བ་ལས། བྷྲུཾ་བི་ཤྭ་བི་ཤུདྡྷེ་ཛྙ་ན་ཙཀྲ་སུ་རཡ་མཎྜལ་དེ་བ་ཏིཥྛ་ཏི་ར་བྃ་ཞེས་པས། སྟོང་གསུམ་ཁམས་གསུམ་ཀྱི་སྲིད་གསུམ་གྱི་གནས་འདི་ཉིད་ཡེ་ནས་རྣམ་དག་དུར་ཁྲོད་ཀྱི་གཞལ་ཡས་ཁང་རྒྱ་མཐའ་དབུས་མེད་པ། དུར་ཁྲོད་ཀྱིས་ཐོད་རུས་རྣམ་པ་སྣ་ཚོགས་པས་རྩིགས་པ་ལྷའི་རྒྱལ་པོ་དྲེགས་པ་ཅན་བདུད་ཀྱི་རྒྱལ་པོའི་གདུང་བྱས་པ་ཏི་ར་ཆུང་ངུ་མང་པོའི་གྲལ་ལྕམ་བྱས་པ། རུ་ཏྲ་དྲེགས་པའི་ཁོག་པས་གཞལ་ཡས་གང་གི་དབྱིབས་བྱས་པ། དུར་ཁྲོད་ཀྱི་བརྒྱན་གཞུང་དུ་མ་དང་མཐུན་པས། ཡེ་ཤེས་ཀྱི་མེ་རི་སྨུག་ནག་འབར་བའི་ནང་དུ། བདག་གི་ལུས་ཉིད་ལས། ནང་ཁྲོལ་གྱི་དལ་བྲི། དོན་སྙིང་ལྔས་ཁ་དོག་ལྔའི་ཚོན་ཕྱེ། ཉི་མ་འཁོར་ལོ་ལྟེ་བ་ལ། ལོང་ཀ་ཟུར་བཞི་འཁོར་ལོ་རྩིབས། ནུ་མ་བྱང་ཆུབ་ཀྱི་འཕྲིན་ལས་དུ་འབྲེལ་བ་ལས། ཧེ་རུ་ཀ་དོན་གྱི་ཡེ་ཤེས་ཀྱི་རྩ་དགུ་ཧཱུཾ་དགུ་ལས་གྲུབ་ཀྱང་། བདག་གི་ལུས་ལ་བསྒོམ་པ་ནི། ལུང་ལས། ༀ་མ་ཧཱ་ཨ་ཁྲ་ཤྲི་ཧེ་རུ་ཀ་ཞེས་བརྗོད་པས། བདག་གི་ལུས་ཉིད་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པར་བསྒོམ། ལུས་ཀྱི་གཡོན་དུ། ཡུམ་དགུ་དུར་དྲོད་ཀྱི་ཀློང་དགུ་ལས་གྲུབ་ཀྱང་ལུས་ཀྱི་གཡོན་ཤེས་རབ་ཀྱི་རང་བཞིན་ཡིན་པས། ཨ་ཀྲ་ཀྲོ་ཏི་ཤྭ་རི་སྒོམ། ཙིཏྟ་རྩ་དགུ་ཁམས་གསུམ་ས་དགུ་རང་བྱུང་ཡེ་ཤེས་སུ་གསལ་བ་ཧེ་རུ་ཀ་ཡབ་ཡུམ་བཅྭ་བརྒྱད་དུ་བསྐྱེད་དོ། །ཙི་ཏ་གུ་ཧྱ་ཧེ་རུ་ཀ་ཡབ་ཡུམ། ཙི་ཏའི་དཀྱིལ་འཁོར་དུ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་སྒོམ། འདི་རྣམས་ཀྱི་སྐུ་མདོག་ཕྱག་མཚན་མ་ཧ་སུ་ཀ་དང་མཐུན། འཚེར་པ་ལས་བཛྲ་ཧེ་རུ་ཀ་ཡབ་ཡུམ། དེ་བཞིན་དུ་མཆིན་པ་ལ་བུདྷ་ཧེ་རུ་ཀ་ཡབ་ཡུམ། གྲོད་པ་ལ་རཏྣ་ཡབ་ཡུམ། གློ་བ་ལ་པད་མ་ཧེ་རུ་ཀ་ཡབ་ཡུམ། མཁྲིས་པ་ལ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་སྒོམ། མ་མོ་བརྒྱད་དང་འཕྲ་མེད་བརྒྱད། དུར་དྲོད་ཀྱི་ཡུལ་བརྒྱད་དང་གནས་བརྒྱད་ལས་གྲུབ་ཀྱང་། ལུས་ལ་བཀོད་ན་གཡས་ཀྱི་རྩིབས་མ་བརྒྱད་ལ་མ་མོ་བརྒྱད། གཡོན་གྱི་རྩིབ་མ་བརྒྱད་ལ་འཕྲ་མེན་བརྒྱད། ཕྲག་གཡས་སུ་རཀྵ་ཧེ་རུ་ཀ་ཡབ་ཡུམ། ཕྲག་གཡོན་དུ་ས་ནུ་ཧེ་རུ་ཀ་ཡབ་ཡུམ། བརླ་གཡོན་དུ་གུ་ཧྱ་ཧེ་རུ་ཀ་ཡབ་ཡུམ། བརླ་གཡས་དུ་ཡཀྴ་ཧེ་རུ་ཀ་ཡབ་ཡུམ་བསྒོམ། ལུས་ཀྱི་མདུན་རྒྱབ་ཕྱོགས་མཚམས་བརྒྱད་དུ་སྤོར་མ་བརྒྱད། དེ་ཡང་བརྒྱད་ལས་སྨུག་ནག་མདུང་དང་། རལ་གྲི་ཐོག་པ་བསྐྱེད་དོ། །ཡན་ལག་བཞི་ལ་ཕཊ་བཞི་ལ་སྒོ་བ་བཞི། སྒལ་ཚིག་ཉེར་བརྒྱད་ལ་བྷྱོ་ལས་དབང་ཕྱུག་ཉེར་བརྒྱད་སྨུག་ནག་ཏྲི་ཤུལ་ཅན་བསྐྱེད་དོ། །རུས་མགོ་ལ་ཧཱུཾ་མཐིང་ནག་དྲུག་བཅུ་ལས་ཁྲོ་བོ་ཁྲོ་མོ་ཐོད་ཁྲག་རྡོ་རྗེ་དཀྲུགས་ཏེ་གསོལ་བ་དྲུག་བཅུ་རུ་བསྐྱེད་དོ། །སོ་སུམ་བཅུ་རྩ་གཉིས་ལ་ཨེ་སོ་གཉིས་ལས་ཌ་ཀི་སོ་གཉིས་སྨུག་ནག་གྲི་ཐོགས་པ་བསྐྱེད་དོ། །རྩ་སུམ་བརྒྱ་དྲུག་བཅུ་ལ་བུམ་སུམ་བརྒྱ་དྲུག་བཅུ་ལས་ཕོ་ཉ་སུམ་བརྒྱ་དྲུག་བཅུ་ཐོད་ཁྲག་རྡོ་རྗེ་དཀྲུགས་ཏེ་གསོལ་བ་བསྐྱེད། ལྟེའུ་རྩིབས་བཅྭོ་བརྒྱད་ལ་ཧ་ལས་གིང་བཅྭ་བརྒྱད་གྲི་དང་ཐོད་པ་ཐོགས་པ་དམར་ནག་བསྐྱེད་དོ། །ནམ་ཚིམ་རྩིབས་མ་བཞི་ལ་གསང་བའི་ཡུམ་བཞི་བསྒོམ། གཟུགས་དྲུག་མགོ་དང་བདུན་ལ་མ་མོ་ཆེན་མོ་བདུན་བསྒོམ། ནེའུ་སེག་བཞི་ལ་སྲིང་མོ་བཞི་བསྒོ། འདི་རྣམས་རྩ་སྔགས་བཟླས་པ་ཙམ་གྱིས་བསྐྱེད་དོ། །རྫོགས་པའི་ཚུལ་དུ་བསྐྱེད་དོ། །རྩ་བའི་སྔགས་དང་སྐུ་མདོག་ཕྱག་མཚན་དབང་གི་སྐབས་སུ་གསལ་ལོ། །སྐྲ་བཞི་ཁྲི་བཞི་འབུམ་དང་། བ་སྤུ་བྱེ་བ་བཞི་ཁྲི་བཞི་འབུམ་ནི། སྤྲུལ་པའི་ཕོ་ཉ་དང་། ཡང་སྤྲུལ་བཞི་ཁྲི་བཞི་འབུམ་ཡང་ནག་མོ་ཁ་ཤོག་ཅན་གྱི་ཚོགས་དང་། རྡོ་རྗེ་ལྕགས་ཀྱུ་དང་། འཛིན་བྱེད་དང་། སྒྲོལ་བྱེད་ལ་སོགས་པ་སྤྲུལ་པའི་ཕྱག་ཉན་རྣམ་པར་སྣ་ཚོགས་པར་བསྒོམ་པས། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བདག་གི་ལུས་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་འདུས་ལ། དེ་ཐམས་ཅད་དཀྱིལ་འཁོར་གྱི་ལྷའི་རང་བཞིན་དུ་སངས་རྒྱས་པས། འདི་ལྟར་བསྒོམ་ན་སངས་རྒྱ་བ་ལས། འཕྲིན་ལས་ལུང་གིས་མ་ཟིན་པ་ཕལ་ནི། ལྟུང་གྲིབ་དང་གོལ་ས་ཆེ་བས། ཐར་པའི་གནས་སུ་མི་འགྱུར་ཞིང་འགྲོ་བའི་དོན་མི་རྫོགས་པས། འདི་ལྟར་བསྒོམ་ན་ལྟ་སྤྱོད་སྒྲུབ་པ་དང་གསུམ་གྱིས་དོན་མ་འདུས་པ་མེད་དོ། །དེ་ནས་གང་ཟག་གསར་བུ་ཡིད་ཆེས་པར་བྱ་བའི་ཕྱིར། རང་བཞིན་ལྷུན་གྲུབ་ཀྱི་དལ་རྩ་བའི་སྔགས་ཀྱིས་སྤྱན་དྲངས་ལ། མཚན་བརྗོད་ཅིང་ཕྱག་འཚལ་བཞུགས་སུ་གསོལ་བ་དང་། མཆོད་པ་ལ་སོགས་པ་དང་། འཕྲིན་ལས་སྔ་མ་བཞིན་དུ་བརྗོད་ནས། བཟླས་བརྗོད་ཀྱི་ཡན་ལག་ནི། ཆོས་ཐམས་ཅད་དང་སངས་རྒྱས་ཐམས་ཅད་ནི་རང་གི་ལུས་ངག་ཡིད་གསུམ་དུ་འདུས་ལ། དེ་ཡང་རང་གི་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ཐུགས་ཀྱི་སྙིང་པོ་ཐོན་ཚད་དུ་བཟླའོ། །དེ་ནས་མཐར་ཕྱིན་པའི་འབྲས་བུ་འཕྲིན་ལས་སུ་འདི་བརྗོད་དོ། །ལུང་འདི་རྣམས་རྒྱུད་ཀྱི་གཞུང་གོམས་པར་བྱས་ནས། ལུང་འདི་ལ་ཞུགས་ན་རི་པ་འཕྲལ་སྐྱེ་ལ། འདི་མཛད་པ་ཉིད་ཀྱིས་སངས་རྒྱའོ། །རང་ཆོད་ཅན་དང་། ཤེས་རབ་ཞན་པའི་སྤྱོད་ཡུལ་མ་ཡིན་ནོ། །ལུང་འདི་རྣམས་ལས་རྣ་བར་བརྒྱུད་པ་ལས། ཡི་གེ་བྲིས་ཀྱང་མི་རུང་ངོ་། །བྲིས་ན་ལུང་འཁྱམས་ཏེ་འགྲོའོ། །ཁྲོ་བོའི་སྒོམ་ལུང་བཀོད་པའོ། །ལུས་ལ་ལྷ་བཀོད། ཡིད་ཀྱི་གསལ་བཏབ་ནས། ན་མོ་ཧཱུཾ་གི་གཟི་བྱིན་བསྐྱེད་ཞེས་གསུང་ངོ་། ལུང་གི་ཞི་ཁྲོའི་སྒོམ་ཁོག་རྫོགས་ས྄ཧྭོ྅྅྅། ། མདོའ་དབང་གི་ལྷག་གཏོར་བཞུགས་སོ། ༈ ན་མོ་གུ་རུ་འདུས་པ་མདོ་དབང་ལྷག་མ་བཏང་སྟེ། སྣོད་དྲི་ཆུས་བཤལ་ལ། དེར་ལྷག་མ་ཀུན་བསྡུས་ལ། མར་མེ་གཅིག་བཏང་སྟེ། དེ་ནས་གོམས་པ་བདུན་བཅུ་འཕགས་པར་འཕྲིན་ལས་བཞི་ལས་གང་བྱེད་མཎྜལ་བྱ། རྡོ་རྗེ་དྲི་ཆུའི་དལ་བྱ། རྡོ་རྗེ་སློབ་དཔོན་རྩ་བའི་དལ་ལ་མཉམ་པར་བཟུང་། ལས་འཁན་ལ་སོགས་པས་སྒོ་བ་ཡན་ཆད་སྔགས་ཀྱིས་གསལ་གདབ། དེ་ནས་ལྷག་མའི་འགྲོན་སྙན་གསན་དབབ། ལས་ཀྱི་རྡོ་རྗེ་བརྗོད། པདྨའི་མུ་ཏྲ་བཅས་ལ། ལྷག་མ་ཁ་ཆུ་དམ་ཚིག་ལ་གཏོགས་པ་རྣམས་སྔོན་གྱིས་ཐུགས་དམ་ལ་མ་འདའ་བར་བསྒྲུབ་པ་པོ་བདག་གི་སྡོང་གྲོགས་ལ་གཤེགས་ཅིག །ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཧྲིཾ། ཞེས་ཐལ་མོ་ལན་གསུམ་བརྡབ་པོ། ལྷག་མ་འགྲོན་བྱོན་ལ་མ་རེག་པར་བསམ། ཊ་ཀི་ནིའི་མུ་ཏྲས་སྤྱན་དྲངས། བདག་གིས་དལ་གྱི་ཕྱི་རོལ་དུ་ཟིལ་གྱིས་མནན། རྟ་གདོང་གི་དབང་དུ་བསྡུ། པདྨའི་མུ་ཏྲས་གདན་འབུལ། དེ་ནས་རིགས་དབྱེ། དེ་ནས་ཁ་ཆུས་གདབ། ཧཱུཾ་བཅོམ་ལྡན་རཏྣ་ཧེ་རུ་ལ། ཀ་རཱིའིི་ཚོགས་ཀྱི་བསྐོར་བ་ནི། །བྱང་ཆུབ་སེམ་དཔའ་བརྒྱད་རྣམས་ཀྱིས། །མ་མོ་ཁྲོ་མོ་བརྒྱད་དུ་སྤྲུལ། །སྲིན་མོ་ཆེན་མོ་བརྒྱད་དུ་བརྟུལ། །བྱང་ཆུབ་ས་ཡི་སྙིང་པོ་ཡིས། །ཁྲོ་མོ་ཆེན་མོ་ཀ་རཱིར་སྤྲུལ། །སྲིན་མོ་ཆེན་མོ་ཀེ་ཐོད་བརྟུལ། །ལྷག་མ་བྱིན་ནས་དམ་ལ་རྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆེད་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། བཅོལ་པའི༴ མཁས་བླང་དམ་བཅས་ཇི་བཞིན་དུ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་བསྲུངས་ཅིག །བྱང་ཆུབ་ནམ་མཁའི་སྙིང་པོ་ཡིས། །ཁྲོ་མོ་ཆེན་པོ་ཙ་རིར་སྤྲུལ། །སྲིན་མོ་ཆེན་མོ་མདའ་འཕེན་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱང་ཆུབ་སྤྱན་རས་གཟིགས་དབང་གིས། །ཁྲོ་མོ་ཆེན་མོ་པྲ་མོར་སྤྲུལ། །སྲིན་མོ་ཆེན་མོ་འཛིན་བྱེད་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱི་ཡི༴ བྱང་ཆུབ་ཕྱག་ན་རྡོ་རྗེ་ཡིས། །ཁྲོ་མོ་ཆེན་མོ་བེ་ཏར་སྤྲུལ། །སྲིན་མོ་ཆེན་མོ་ཟ་བྱེད་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱང་ཆུབ་སེམས་དཔའ་མེ་ཏྲི་ཡིས། །ཁྲོ་མོ་ཆེན་མོ་པུཥྐར་སྤྲུལ། །སྲིན་མོ་ནང་རོལ་འདྲེན་མ་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱང་ཆུབ་སྒྲིབ་པ་རྣམ་སེལ་གྱིས། །ཁྲོ་མོ་ཆེན་མོ་གྷསྨར་སྤྲུལ། །སྲིན་མོ་ཆེན་མོ་རབ་འཇིགས་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱང་ཆུབ་ཀུན་ཏུ་བཟང་པོ་ཡིས། །ཁྲོ་མོ་ཆེན་མོ་སྨེ་ཤར་སྤྲུལ། །སྲིན་མོ་ཆེན་མོ་སྲོག་ཅོད་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱང་ཆུབ་ཆེན་པོ་འཇམ་དཔལ་གྱིས། །ཁྲོ་མོ་ཆེན་མོ་ཙན་ཌར་སྤྲུལ། །སྨེ་ཤ་ཆེན་མོ་སྨྱོན་མ་བརྟུལ། །དཔལ་ཆེན་རཀྵ་ཧེ་རུ་ལ། །ཕྲ་མེན་ཚོགས་ཀྱི་བསྐོར་བ་ནི། །མཆོད་པའི་ལྷ་མོ་བརྒྱད་རྣམས་ཀྱིས། །སེང་ཧ་ཕྲ་མེན་བརྒྱད་དུ་སྤྲུལ། །སྲིན་མོ་མགོ་བརྙན་བརྒྱད་རྣམས་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཤར་ཕྱོགས་ལྷ་མོ་ལཱ་སེ་མ། །འཕྲ་མེན་ཆེན་མོ་སེང་མགོར་སྤྲུལ། །སྲིན་མོ་འཇོམས་བྱེད་སེང་མགོ་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག ལྷོ་ཕྱོགས་ལྷ་མོ་མཱ་ལེ་མས། །འཕྲ་མེན་ཆེན་མོ་སྟག་མགོར་སྤྲུལ། །སྲིན་མོ་ཟ་བྱེད་སྟག་མགོར་བརྟུལ། །ནུབ་ཕྱོགས་ལྷ་མོ་གཱིིརྟི་མས། །འཕྲ་མེན་ཆེན་མོ་ཝ་མགོར་སྤྲུལ། །སྲིན་མོ་ལེན་བྱེད་ཝ་མགོར་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱང་ཕྱོགས་ལྷ་མོ་ནིར་ཏི་མས། །འཕྲ་མེན་ཆེན་མོ་སྤྱང་མགོར་སྤྲུལ། །སྲིན་མོ་ར་རོ་ཁྱིམ་མགོ་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཤར་ལྷོ་ལྷ་མོ་དྷུ་པེ་མས། །འཕྲ་མེན་བྱ་རྒོད་མགོ་རུ་སྤྲུལ། །སྲིན་མོ་བྱ་རྒོད་མགོ་ཅན་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ལྷོ་ནུབ་ལྷ་མོ་མེ་ཏོག་མས། །འཕྲ་མེན་ཀཾ་ཀའི་མགོ་ཅན་སྤྲུལ། །སྲིན་མོ་ཀངྐའི་མགོ་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ནུབ་བྱང་ལྷ་མོ་ཨ་ལོ་ཀེ །འཕྲ་མེན་བྱ་རོག་མགོ་ཅན་སྤྲུལ། །སྲིན་མོ་འཇོམ་བྱེད་བྱ་རོག་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱང་ཤར་ལྷ་མོ་དྲི་ཆབ་མས། །འཕྲ་མེན་ཧུ་ལུ་མུ་ཀ ར་སྤྲུལ། །སྲིན་མོ་རྐུ་བྱེད་འུག་མགོ་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །དཔལ་ཆེན་རཀྵ་ཧེ་རུ་ཀ སྒོ་མའི་ཚོགས་ཀྱིས་བསྐོར་བ་ནི། །ཚད་མེད་སྒོ་བ་བཞི་རྣམས་ཀྱིས། །ཏ་ཀྲིད་སྒོ་མ་བཞི་རུ་སྤྲུལ། །ཤར་ཕྱོགས་བྱམས་པ་ལྕགས་ཀྱུ་མས། །སྒོ་མ་རྟ་གདོང་དཀར་མོ་སྤྲུལ། །སྲིན་མོ་རྟའི་མགོ་ཅན་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ལྷོ་ཕྱོགས་སྙིང་རྗེ་ཞགས་པ་མས། །སྒོ་མ་ཕག་མགོ་ཞགས་པར་སྤྲུལ། །སྲིན་མོ་ཕག་གི་མགོ་ཅན་བརྟུལ། །ནུབ་ཕྱོགས་དགའ་བ་ལྕགས་སྒྲོགས་མས། །སྒོ་མ་དྲེད་མགོ་ལྕགས་སྒྲོགས་སྤྲུལ། །སྲིན་མོ་དྲེད་ཀྱི་མགོ་ཅན་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱང་ཕྱོགས་བཏང་སྙོམས་དྲིལ་བུ་མས། །སྒོ་མ་ཆེན་མོ་སྤྱང་མགོར་སྤྲུལ། །སྲིན་མོ་སྤྱང་ཀུའི་མགོ་ཅན་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཧཱུཾ་བཅོམ་ལྡན་རཀྵ་ཧེ་རུ་ལ། །སྤོར་མའོ་ཚོགས་ཀྱིས་བསྐོར་བ་ནི། དཔལ་ཆེན་ཐུགས་རྗེའི་སྦྱོར་བ་ལས། །ཐུབ་དྲུག་ཡིད་ཆོས་བརྒྱད་པོ་ཡིས། །སྤོར་མ་ཆེན་པོ་བརྒྱད་དུ་སྤྲུལ། །ཕྱོགས་སྐྱོང་བརྒྱད་ཀྱི་བུ་མོ་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཀུན་ཏུ་བཟང་པོ་གནས་གྱུར་པས། །སྤོར་མ་ཉི་ཟེར་ཞགས་པ་སྤྲུལ། །འབར་མ་ཉི་ཟེར་ཞགས་པ་བརྟུལ། །ཡི་དྭགས་ཐུབ་པ་གནས་གྱུར་པས། །སྤོར་མ་གློག་འཕྲེང་འཛིན་མར་སྤྲུལ། །འབར་མ་ཆེན་མོ་གློག་འཕྲེང་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །མིའི་ཐུབ་པ་གནས་གྱུར་པས། །སྤོར་མ་མདུང་ཐུང་འཕེན་དུ་སྤྲུལ། །འབར་མ་གཏུམ་མོ་མདུང་ཐུང་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །དམྱལ་བའི་ཐུབ་པ་གནས་གྱུར་པས། །སྤོར་མ་གཤིན་རྗེ་རལ་གྲི་སྤྲུལ། །འབར་མ་གཤིན་རྗེ་རལ་གྲི་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཀུན་ཏུ་བཟང་མོ་གནས་གྱུར་པས། །སྤོར་མ་དྲིལ་འཁྲོལ་མ་རུ་སྤྲུལ། །འབར་མ་རྡོ་རྗེ་དྲིལ་འཁོར་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ལྷ་ཡི་ཐུབ་པ་གནས་གྱུར་པས། །སྤོར་མ་སྐར་མདའ་གདོང་དུ་སྤྲུལ། །འབར་མ་ཐོག་འབེབས་སྐར་མདའ་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ལྷ་མིན་ཐུབ་པ་གནས་གྱུར་པས། །སྤོ ར་མ་གླག་ཤ་སྡེབ་དུ་སྤྲུལ། །འབར་མ་འབོད་གྲོགས་སྣ་ཚོགས་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱོལ་སོང་ཐུབ་པ་གནས་གྱུར་པས། །སྤོར་མ་ཁྱུག་ཐོགས་མ་རུ་སྤྲུལ། །འབར་མ་ཆེན་མོ་ཁྱུང་ཐོགས་བརྟུལ། །དཔལ་ཆེན་རཀྴ་ཧེ་རུ་ལ། །གསང་བའི་ཡུམ་བཞིས་བསྐོར་བ་ནི། །དཔལ་ཆེན་ཐུགས་གྱིས་སྦྱོར་བ་ལས། །ཡི་གེ་ཧཱུཾ་བཞི་སྤྲུལ་བྱས་ན། །དེ་ལས་གསང་བའི་ཡུམ་བཞི་སྤྲུལ། །དེ་བཞིན་སྲིན་མོ་བཞི་བརྟུལ་སྟེ། །ཤར་ཕྱོགས་བདེ་བ་ཟ་བྱེད་མས། །སྲིན་མོ་ཟ་བྱེད་ཁྲག་འཐུང་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ལྷོ་ཕྱོགས་བདེ་བ་རྨོངས་བྱེད་མས། །སྲིན་མོ་ཆེན་མོ་རུས་འཆའ་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ནུབ་ཕྱོགས་བདེ་བ་རྒྱས་འདེབས་མས། །སྲིན་མོ་དུར་ཁྲོད་རོ་རྐུན་བརྟུལ། །བྱང་ཕྱོགས་བདེ་བ་ཚེ་འཕེལ་མས། །སྲིན་མོ་ཆེན་མོ་དུར་ཁྲོད་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །བྱང་ཕྱོགས་བདེ་བ་ཚེ་འཕེལ་མས། །སྲིན་མོ་ཆེན་མོ་དུར་ཁྲོད་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཧཱུཾ་དཔལ་ཆེན་རཀྴ་ཧེ་རུ་ཀ །དབང་ཕྱུག་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ལས། །ཚངས་པ་ལ་སོགས་ཡེ་ཤེས་པའི། །དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས། །ལས་ཀྱི་དབང་མོ་མགོ་རྙན་ཚོགས། །འཇིག་རྟེན་རྣམས་ཀྱི་སྲིང་མོ་སྟེ། །ལག་ན་བློ་སྙིང་ནང་ཁྲོལ་ཐོགས། །ཉི་ཤུ་རྩ་བརྒྱད་ཚོགས་སུ་སྤྲུལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །འགལ་བྱེད་གནོད་པའི་ཚོགས་རྣམས་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེ་དམ་ལས་བྲོ་སྐྱལ་སྟེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །ཧཱུཾ་དཔལ་ཆེན་རཀྴ་ཧེ་རུ་ལ། །མཁའ་འགྲོ་ཚོགས་ཀྱི་བསྐོར་བ་ནི། །དཔལ་ཆེན་སྐུའི་འོད་ཟེར་ལས། །སེམས་དཔའ་སུམ་བཅུ་རྩ་གཉིས་ཀྱིས། །མཁའ་འགྲོ་སུམ་བཅུ་རྩ་གཉིས་སྤྲུལ། །སྲིན་མོ་སུམ་བཅུ་རྩ་གཉིས་བརྟུལ། །ལྷག་མ༴ རྡོ་རྗེ༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ བཅོལ་པའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །སེམས་དཔའ་རྡོ་རྗེ་སེམས་དཔའ་ཡིས། །མཁའ་འགྲོ་ཟ་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་དགའ་བྱེད་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་སྟེ། །གཏན་གྱི་བྲན་དུ་མཆིད་གྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོམ་བའི་འཕྲིན་ལས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །སེམས་དཔའ་རྡོ་རྗེ་རྒྱལ་པོ་ཤར་༢ཡིས། །མཁའ་འགྲོ་འདྲེན་བྱེད་མ་རུ་སྤྲུལ། །སྲིན་མོ་སྒྱུ་མ་འདྲེད་མ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལ་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་དམ་བཅས་ཁས་བླངས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །ཤར༣། སེམས་དཔའ་རྡོ་རྗེ་ཆགས་པ་ཡིས། །མཁའ་འགྲོ་སྤོར་བྱེད་མ་རུ་སྤྲུལ། །སྲིན་མོ་སྤོར་མ་ཆེན་མོ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེ་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐལ་བསྲུངས་ཅིག །ཤར༤། སེམས་དཔའ་རྡོ་རྗེ་ལེགས་པ་ཡིས། །མཁའ་འགྲོ་རྡོ་རྗེ་གསོད་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གསོད་བྱེད་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་གྱི་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་ཏེ། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག ། ལྷོ༡།སེམས་དཔའ་རྡོ་རྗེ་རིན་ཆེན་གྱིས། །མཁའ་འགྲོ་འབར་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འབར་མ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་པའི་ལས་རྣམས་གྲུབ་པ་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །ལྷོ༢། སེམས་དཔའ་རྡོ་རྗེ་ཉི་མ་ཡིས། །མཁའ་འགྲོ་གཟི་བརྗིད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གཟི་བརྗིད་བརྟུལ། །ལྷག་མ་བྱིན་ནས་དམ་ལ་རྟགས། །རྡོ་རྗེ་དམ་ལས་བྲོ་སྐྱལ་སྟེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱི་དམ་བཅས་ཁས་བླངས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་བསྲུངས་ཅིག །ལྷོ༣། སེམས་དཔའ་རྡོ་རྗེ་རྒྱ་མཚན་གྱིས། །མཁའ་འགྲོ་བདུད་བཞི་རྒྱལ་བྱེད་སྤྲུལ། །སྲིན་མོ་རྒྱལ་བྱེད་དབང་ལྡན་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་བསྲུངས་ཅིག །ལྷོ༤། སེམས་དཔའ་རྡོ་རྗེ་གཞད་པ་ཡིས། །མཁའ་འགྲོ་འཇོམས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཇོམས་མ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་སྟེ། །གཏན་གྱིས་བྲན་དུ་མཆིད་གྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་བསྲུངས་ཅིག །ནུབ༡། སེམས་དཔའ་རྡོ་རྗེ་ཆོས་རབ་གྱིས། །མཁའ་འགྲོ་ཆགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་ཆགས་བྱེད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་བསྲུངས་ཅིག །ནུབ་༢སེམས་དཔའ་རྡོ་རྗེ་རྣོན་པོ་ཡིས། །མཁའ་འགྲོ་ཆགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་ཆགས་བྱེད་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །ནུབ༣། སེམས་དཔའ་རྡོ་རྗེ་འཁོར་ལོ་ཡིས། །མཁའ་འགྲོ་འཁོར་ལོ་ཅན་མ་སྤྲུལ། །སྲིན་མོ་ཆེན་མོ་འཁོར་ལོ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱི་དམ་བཅས་ཁས་བླངས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་སྲུངས་ཤིག །ནུབ༤། སེམས་དཔའ་རྡོ་རྗེ་སྨྲ་བ་ཡིས། །མཁའ་འགྲོ་རྒྱས་འདེབས་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་རྒྱས་མ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས༴ སྔོན་གྱི༴ རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འ གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་བསྲུངས་ཅིག། བྱང་༡། སེམས་དཔའ་རྡོ་རྗེ་སྣ་ཚོགས་ཀྱིས། །མཁའ་འགྲོ་སྣ་ཚོགས་གཟུགས་སུ་སྤྲུལ། །སྲིན་མོ་ཆེན་པོ༴ ལྷག་མ་བྱིན་ནས་དམ་ལ་རྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐར་སྲུངས་ཅིག། བྱང་༢། སེམས་དཔའ་རྡོ་རྗེ་གོ་ཆ་ཡིས། །མཁའ་འགྲོ་ཆེན་མོ་སྲིན་མོར་སྤྲུལ། །སྲིན་མོ་ཆེན་མོ་མིང་སྲིང་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མའི་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་བསྲུངས་ཅིག། བྱང་༣། སེམས་དཔའ་རྡོ་རྗེ་ཆེ་བ་ཡིས། །མཁའ་འགྲོ་གནོད་སྦྱིན་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གནོད་སྦྱིན་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །བྱང་༤། སེམས་དཔའ་རྡོ་རྗེ་ཁུ་ཚུར་གྱིས། །མཁའ་འགྲོ་ཡང་དག་འཕྲོག་ཏུ་སྤྲུལ། །སྲིན་མོ་ཆེན་མོ་འཕྲོག་མ་བརྟུལ། །ལྷག་མ་བྱིན་ནས་དམ་མ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །ཤར༡། གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །བྱང་ཆུབ་སེམས་དཔའ་འབར་འཕྲོ་ཡིས། །མཁའ་འགྲོ་བྱ་རོག་གདོང་དུ་སྤྲུལ། །སྲིན་མོ་ཆེན་མོ་དམིག་འབྱིན་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །ཤར༢། བྱང་ཆུབ་ཀུན་ཏུ་བཟང་པོ་ཡིས། །མཁའ་འགྲོ་འཇིགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཇིགས་བྱེད་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་སྟེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་བསྲུངས་ཅིག །ཤར༣། བྱང་ཆུབ་ཟླ་འོད་གཞོན་ནུ་ཡིས། །མཁའ་འགྲོ་འུག་པའི་མགོ་རུ་སྤྲུལ། །སྲིན་མོ་ཆེན་མོ་མུན་མཐོང་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་ཏེ། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་བསྲུངས་ཅིག །ཤར་༤།བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས། །མཁའ་འགྲོ་གཞད་གདོང་མ་རུ་སྤྲུལ། །སྲིན་མོ་བཞད་ཀྱི་མགོ་ཅན་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཤིག །ལྷོ༡།བྱང་ཆུབ་དྲ་བ་ཅན་གྱིས་ཀྱང་། །མཁའ་འགྲོ་ཁྱི་མགོ་མ་རུ་སྤྲུལ། །སྲིན་མོ་ཁྱིའི་མགོ་ཅན་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འ གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །ལྷོ༢། བྱང་ཆུབ་རྡོ་རྗེའི་སྙིང་པོ་ཡིས། །མཁའ་འགྲོ་ཕག་གདོང་མ་རུ་སྤྲུལ། །སྲིན་མོ་ཕག་གི་མགོ་ཅན་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འ གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ལྷོ༣། བྱང་ཆུབ་ནམ་མཁའ་མཛོད་ཀྱིས་ཀྱང་། །མཁའ་འགྲོ་མགྱོགས་མགོ་མ་རུ་སྤྲུལ། །སྲིན་མོ་རྔ་མོང་མགོ་ཅན་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །ལྷོ༤། བྱང་ཆུབ་འོད་དཔག་མེད་པ་ཡིས། །མཁའ་འགྲོ་བོང་བུའི་མགོ་རུ་སྤྲུལ། །སྲིན་མོ་བུང་བུའི་མགོ་ཅན་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །ནུབ༡། བྱང་ཆུབ་ངན་སོང་ཀུན་སྐྱོང་གིས། །མཁའ་འགྲོ་ར་མགོ་མ་རུ་སྤྲུལ། །སྲིན་མོ་ར་ཡི་མགོ་ཅན་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་བསྲུངས་ཤིག །ནུབ༢། བྱང་ཆུབ་རྒྱལ་བའི་ཡེ་ཤེས་ཀྱིས། །མཁའ་འགྲོ་བྱི་ལའི་མགོ་ཅན་སྤྲུལ། །སྲིན་མོ་བྱི་ལའི་མགོ་ཅན་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་སྟེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག། ནུབ༣། བྱང་ཆུབ་བློ་གྲོས་མི་ཟད་པས། །མཁའ་འགྲོ་ཀེང་རུས་མ་རུ་སྤྲུལ། །སྲིན་མོ་ཀེང་རུས་འཛིན་མ་བརྟུལ། །ལྷག་མ་བྱིན་ནས་དམ་ལ༴ རྡོ་རྗེའི་དམ་ལ་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ་། སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས༡། ནུབ༤། བྱང་ཆུབ་སྤོབས་པ་བརྩེགས་པ་ཡིས། །མཁའ་འགྲོ་རུས་འཕྲེང་ཅན་དུ་སྤྲུལ། །སྲིན་མོ་རུས་པའི་འཕྲེང་ཅན་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་སྲུངས་ཅིག། བྱང་༡། བྱང་ཆུབ་བྱམས་པ་མེ་ཏྲི་ཡིས། །མཁའ་འགྲོ་བུ་སྣ་མ་རུ་སྤྲུལ། །སྲིན་མོ་བུམ་སྣའི་ཆུང་མ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཅིག། བྱང་༢། བྱང་ཆུབ་ངན་སོང་ཀུན་འདྲེན་གྱིས། །མཁའ་འགྲོ་རྣམ་ཐར་འཇོམས་མར་སྤྲུལ། །གཤིན་རྗེ་རྣམ་འཇོམས་ཆུང་མ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་ཏེ། །རྡོ་རྗེ་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །བྱང་༣། བྱང་ཆུབ་སྤོས་ཀྱི་གླང་པོ་ཡིས། །མཁའ་འགྲོ་དྷ་ཤ་གྲཱི་བར་སྤྲུལ། །མདའ་ཤ་གྲཱི་བའི་ཆུང་མ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་དྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁ་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །བྱང་༤། བྱང་ཆུབ་དོན་ཡོད་གྲུབ་པ་ཡིས། །མཁའ་འགྲོ་འབོད་གྲོགས་མ་རུ་སྤྲུལ། །གནོད་སྦྱིན་འབོད་སྒྲོགས་ཆུང་མ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འ གྲུབ་པར་མཛོད། །ཕྱིའི་དལ་མཐའ་སྲུངས་ཅིག །ཧཱུཾ་དཔལ་ཆེན་རཀྵ་ཧེ་རུ་ལ། །ཕོ་ཉ་ཚོགས་ཀྱིས་བསྐོར་བ་ནི། །འོད་ཟེར་སུམ་བརྒྱ་དྲུག་བཅུ་ལས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་སྤྲུལ། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡིས། །བགེགས་རིགས་སུམ་བརྒྱ་དྲུག་ཅུ་བརྟུལ། །ཤར་ཕྱོགས་འོད་ཟེར་དཀར་པོ་ལས། །ཤར་གྱི་མི་མོ་དྲུག་ཅུར་སྤྲུལ། །དྲི་ཟའི་གདོན་ཚོགས་དྲུག་ཅུ་བརྟུལ། །ལྷོ་ཕྱོགས་འོད་ཟེར་མཐིང་ཁ་ལས། །ལྕགས་ཀྱི་མི་མོ་དྲུག་བཅུ་སྤྲུལ། །གཤིན་རྗེའི་གདོན་ཚོགས་དྲུག་ཅུ་བརྟུལ། །ནུབ་ཕྱོགས་འོད་ཟེར་དམར་པོ་ལས། །ཟངས་ཀྱི་མི་མོ་དྲུག་ཅུར་སྤྲུལ། །ཀླུའི་གདོན་ཚོགས་དྲུག་ཅུ་བརྟུལ། །བྱང་ཕྱོགས་འོད་ཟེར་ལྗང་ཁུ་ལས། །གཡུའི་མི་མོ་དྲུག་བཅུར་སྤྲུལ། །གནོད་སྦྱིན་གདོན་ཚོགས་དྲུག་ཅུ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས༴ སྔོན་གྱི༴ རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །སྟེང་གི་འོད་ཟེར་དཀར་པོ་ལས། །གསེར་གྱིས་མི་མོ་དྲུག་ཅུར་སྤྲུལ། །ཡབ་བདུད་གདོན་ཚོགས་དྲུག་ཅུ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་སྟེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འ གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །འོག་གི་འོད་ཟེར་སྣ་ཚོགས་ལས། །བསེའི་ལྷ་མོ་དྲུག་ཅུ་སྤྲུལ། །མ་མོའི་གདོན་ཚོགས་དྲུག་ཅུ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་མ་འདའ་བར། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཅིག །ཧཱུཾ་དཔལ་ཆེན་རཀྴ་ཧེ་རུ་ལ། །གིང་ཆེན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་རཀྴ་ཧེ་རུའི་ཞལ་བཞད་པས། །རྡོ་རྗེ་གིང་ཆེན་བཅྭ་བརྒྱད་སྤྲུལ། །གདོན་གྱིས་རྒྱལ་པོ་བཅྭ་བརྒྱད་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་སྟེ། །གཏན་གྱིས་བྲན་དུ་མཆིད་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་ཏེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འ གྲུབ་པར་མཛོད། །ཕྱིའི་དལ་མཐའ་བསྲུངས་ཅིག །།ཧཱུཾ་དཔལ་ཆེན་རཀྴ་ཧེ་རུ་ལ། །མ་བདུན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ཡིས། །ཡི་གེ་ཧཱུཾ་བདུན་སྤྲུལ་པ་ལས། །གསང་བའི་མ་མོ་བདུན་དུ་སྤྲུལ། །སྲིན་མོ་ཆེན་མོ་བདུན་པོ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཧཱུཾ་དཔལ་ཅེན་རཀྴ་ཧེ་རུ་ལ། །སྲིང་མོ་བཞི་ཡིས་བསྐོར་བ་ནི། །གླིང་བཞི་དབང་བསྒྱུར་ཆེན་མོ་བཞིས། །སྲིང་མོ་ཆེན་མོ་བཞི་རུ་སྤྲུལ། །བགེགས་ཀྱི་རྒྱལ་པོ་བཞི་པོ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བརྟགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆིད་ཀྱིས འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག ། ལུང་གི་ལྷག་མ། །།ཨཐྎ།། ༈ བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །དཔལ་ཆེན་བཛྲ་ཧེ་རུར་སྤྲུལ། །དབུས་ཀྱི་ཡི་དྭགས་དྲེགས་པར་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས། །དཔལ་ཆེན་བུདྷ་ཧེ་རུར་སྤྲུལ། །ཤར་གྱི་དྲི་ཟའི་སྲིན་པོ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །དཔལ་ཆེན་རཏྣ་ཧེ་རུར་སྤྲུལ། །ལྷོའི་གཤིན་རྗེའི་སྲིན་པོ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བཅོམ་ལྡན་སྣང་བ་མཐའ་ཡས་གྱིས། །དཔལ་ཆེན་པདྨ་ཧེ་རུར་སྤྲུལ། །ནུབ་ཀྱི་ཀླུའི་སྲིན་པོ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས། །དཔལ་ཆེན་ཀརྨ་ཧེ་རུར་སྤྲུལ། །བྱང་ཕྱོགས་གནོད་སྦྱིན་སྲིན་པོ་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །རིགས་ཀྱི་ཡུམ་ཆེན་ལྔ་རྣམས་ཀྱིས། །ཁྲོ་མོ་ཆེན་མོ་ལྔ་རུ་སྤྲུལ། །སྲིན་མོ་ཆེན་མོ་ལྔ་རྣམས་བརྟུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱིས་བྲན་དུ་མཆིད་ཀྱི་འཚལ། །སྔོན་གྱིས་ཁས་བླངས་དམ་བཅས་སྟེ། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །སྔོན་གྱིས་དམ་ལས་མ་གཡེལ་བར། བཀའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་ཆེན་པོ་ཇི་བཞིན་དུ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མཛོད། །ཨཐྎ། ལུང་གི་ལྷག་མ་རྫོགས་སོ། །བར་ཁྱམས་དང་པོ་སེང་ཁྱམས། །གཉིས་པ་སྤོར་ཁྱམས་གསུམ་པ་དབང་མོའི་ཁྱམས། །བཞི་པ་མཁའ་འགྲོའི་ཁྱམས། །ལྔ་པ་སྟེང་གི་ཁྲོ་བོ་ཁྲོ་མོ་ཡབ་ཡུམ་དྲུག་བཅུའི་ཁྱམས། །དྲུག་པ་འོག་གི་མ་མོ་དྲུག་བཅུའི་ཁྱམས། །བདུན་པ་ཕྱོགས་བཞི་ཕོ་ཉ་ཉིས་བརྒྱ་བཞི་བཅུའི་ཁྱམས། །བརྒྱད་པ་གིང་བཅྭ་བརྒྱད་ཀྱི་ཁྱམས། །དགུ་པ་མ་བདུན་སྲིང་བཞིའི་ཁྱམས། །བཅུ་པ་རིགས་འཛིན་གྱིས་ཁྱམས་སོ། །མངྒ་ལཾ། །ཞུས་དག །