cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སུམ་ཅུ་པ།

གླེགས་བམ། ཨ༽

རྨོག་སྟོན་རྡོ་རྗེ་དཔལ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

མདོ་དབང་ཁམས་ལུགས་སུ་གྲགས་པ་སྦྲང་རྩིའི་ཆུ་རྒྱུན་པོད་གསུམ་པ་གཉིས་པ་ནང་དབང་གི་ཆུ་བོ་ལས་སྒྱུ་འཕྲུལ་ཁྲོ་བོའི་དབང་གི་ཆོ་ག རྨོག་སྟོན་རྡོ་རྗེ་དཔལ།

གཉིས་པ་ནང་དབང་གི་ཆུ་བོ་ལས། སྒྱུ་འཕྲུལ་ཁྲོ་བོའི་དབང་གི་ཆོ་ག་བཞུགས་སོ། །ༀ་སྭ་སྟི། ཁྲོ་བོ་དམ་པ་བརྒྱན་གྱི་མངོན་པ་རྟོགས་པ་མཚམས་མེད་པ་ལྔའི་དྲི་མ་འཁྲུད་པར་།བྱེད་པའི་ཆུ་རྒྱུན་ཞེས། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ཞི་བའི་ཚུལ་ལས་མ་གཡོས་ཀྱང་། །གཟུག་དག་གར་དགུའི་རོ་ཡིས་བདུད་དཔུང་འཇོམས། །ཀུན་བཟང་ཧེ་རུ་ཀ་དཔལ་ལྷའི་ལྷ། །གང་ཞིག་གུས་པས་རབ་ཏུ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང་། །དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། དེ་ལྟར་མངོན་པར་རྟོགས་པ་འདི་ལ་དོན་བཞིས་ཤེས་པར་བྱ་སྟེ། སྔོན་དུ་བྱ་བའི་རིམ་པ་དང་། །སྔོན་གྱི་གླེང་བཞིས་ཁྲོ་བོར་བསྒོམ་པའི་དགོས་ཆེད་དང་། ཏིང་ངེ་འཛིན་གྱི་རིམ་པ་དངོས་དང་། འཇུག་པའི་རིམ་པའོ། །དེ་ལ་སྔོན་དུ་བྱ་བའི་རིམ་པ་རྣམས་ལེགས་པར་ཚར་ནས་དངོས་གཞི་ཁྲོ་བོར་སྒོམ་པའི་དགོས་པ་རྣམས་ནི། འཛིན་པའི་དབང་གི་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བསྟན་པའི་ཕྱིར། །སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་བསྒོམ། དེའི་དོན་གཟུང་འཛིན་གྱི་རྒྱུད་མཐུ་བ རྟས་པས་སྔགས་ལ་གོལ་བའི་རྒྱུད་གདུག་པ་རུ་ཏྲ་ཁྲོ་བོའི་ང་རྒྱལ་གྱིས་བཏུལ་བ་བཞིན། བདག་གི་ཞེ་སྡང་ལ་སོགས་པའི་དུག་གསུམ་སྐུ་གསུམ་དུ་གནས་གྱུར་པའི་ཐབས་ལ། སྣང་སྟོང་གཉིས་མེད་ཀྱི་ཏིང་འཛིན་བསྒོམ་པར་བྱ། གསུམ་པ་ལ་གསུམ་ལས། ཏིང་ངེ་འཛིན་བསྒོམ་པ་དང་། རྟེན་གཞལ་ཡས་ཁང་བསྐྱེད་པ་བརྟེན་པ་ལྷ་བསྐྱེད་དང་གསུམ་ལས། དང་པོ་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །དེའི་དོན་ཕྱི་ནང་གི་གདོས་པ་ཐམས་ཅད་རང་གི་སེམས་སུ་སྣང་བའི་ཕྱིར། མ་སྐྱེས་པའི་སྐྱེས་པ་གཉིས་སུ་མེད་པའི་དེ་བཞིན་ཉིད་བསྒོམ་པ་སྨྲ་བསམ་ལས་འདས་པའི་ངང་ལ་ཡིད་བཞག་པའོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། ཨེ་མ་ཀུན་ཏུ་བཟང་མོ་ནི། །བདེ་ཆེན་སྤྲོས་བྲལ་ཐིག་ལེ་ལ། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་སྒོམ་པར་བྱ། །དེའི་དོན། བདག་དང་ཡུལ་གཉིས་ཀ་མི་དམིགས་པར། རང་བྱུང་གི་ཡེ་ཤེས་ནམ་མཁའ་ལྟ་བུར་སངས་རྒྱས་པར་གསལ་བའི་སྙིང་རྗེ་ཆེན་པོའི་ཡེ་ཤེས་སྒོམ་མོ། རྒྱུའི་ཏིང་ངེ་འཛིན་ནི། མཁའ་མཉམ་དབྱིངས་ཉིད་དག་པ་ལས། །བདེ་གཤེགས་ཐུགས་ཀྱི་རང་བཞིན་ནི། །སེམས་ཉིད་ཡི་གེ་ཧཱུཾ་དུ་སྣང་། །ཐམས་ཅད་ཡེ་ཤེས་འབྱུང་གནས་རྒྱུ། །དེའི་དོན་རང་གི་རིག་པ་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཡི་གེ་ཧཱུཾ་མཐིང་ནག་འབར་བར་སྒོམ། དེ་ཡོངས་སུ་གྱུར་བ་ལས། བཛྲ་ཧེ་རུ་ཀ་གར་དགུ་དང་ལྡན་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་རྩེ་ལྔ་པ་དང་ཐོད་པ་འཛིན་པ་རིན་པོ་ཆེ་དང་། དུར་ཁྲོད་ཀྱི་ཆས་བརྒྱད་དང་རུས་པའི་བརྒྱན་གྱིས་སྤྲས་པ། ཞབས་གཡས་བརྐྱང་བ། གཡོན་སྐུམ་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། །རློན་པའི་དོ་ཤལ་བྱས་པ་མཁའ་ལ་སྒོམ། །རྟེན་གཞལ་ཡས་ཁང་སྒོམ་པ་ནི། །དེ་ཞུ་བ་ལས། ཨེ་ཡཾ་རཾ་ཀེཾ་རཾ་བྷྲཱུྂ་རྣམས་སུ་གྱུར། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་མཐིང་ནག་འབར་བ་དང་བཅས་པའི་ནང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བརྡུངས་བའི་རྣམ་པ་མཆོག་མ་དང་འཆང་གཟུང་ལ་ཡཾ་དང་བ་དན་གྱིས་མཚན་པ་དེའི་སྟེང་དུ། རཾ་ལས་རཀྟའི་རྒྱ་མཚོ་གཏིང་མཐའ་མེད་པ་ཟླུམ་པོ་ར་ཡིས་མཚན་པ། དེའི་སྟེང་དུ་ཀེཾ་ལས་ཀེང་རུས་ཀྱི་རི་རབ་དཔག་ཚད་བརྒྱད་ཁྲི་གྱེན་དུ་འཕགས་པ། གནམ་ལྕགས་ཀྱི་གཟེར་གྱིས་གདའ་པ། གསེབ་ནས་རཀྟའི་ཆུ་འབབ་པ། མཆུར་བཞིར་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་གཏམས་པ་ལ་ཀེང་གིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་མར་ནག་རཾ་གྱིས་མཚན་པ། ཧཱུཾ་དེའི་དཀྱིལ་གཞལ་ཡས་བརྟེན་གྱུར་པའི་རླུང་ནག་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་དབང་ཆེན་གཏམས་པས་ཀྱང་། ཐམས་ཅད་འདེགས་པའི་ཤུགས་དང་ལྡན་པ། །ཅེས་པས་གསལ་བཏབ། དེའི་སྟེང་དུ་བྷྲཱུྂ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱིས་དོན་བྱས། ཚུར་འདུས་བྷྲུཾ་ཞུ་བ་ལས། བྷྲུཾ་བཱི་ཤྭ་བི་ཤུདྡྷེ། བྷནྡྷ་ཛྙ་ན་ཙཀྲ་མཎྜལ་ལ་དེ་བ་ཏི་ར་ནན་ཏུ་ཀྲི་ཙཀྲ་ནན་ཏཾ་རཾ་བཾ། ཞེས་བརྗོད་པས། གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་པ་རྡོ་རྗེའི་ར་བ་ཟླུམ་པོ། །གྲུ་ཆད་བཞི་པ་འཁྱམས་གཉིས་སྒོ་བཞི་མུ་ཁྱུད་དང་བཅས་པ། ནང་དུ་མཆོག་བརྒྱད་ཀྱི་ཀ་བའི་སྟེང་དུ། །ཚངས་པའི་གདུང་བཞི་མིག་མང་རིས་སུ་ཕུབ་པ་ལ། ཞིང་གི་ལྕམ་དང་གྲལ་མ་ལ་སྦྲུལ་ནག་གི་ཐོག་བྱས་པ། ཞིང་གི་སྒོ་ལ་སྐར་མའི་ཟེར་སྒྲུལ་འབར་བའི་སྐྱེས་བུ། རུས་སྤལ་གྱིས་མ་ཐེམ་བྱས་ཤིང་། །གྲུ་ཆད་ཐོད་སྐམ་གྱིས་རྩིགས་པ་སྒོ་དང་རྩིག་པ་ཕྱི་ནང་ཉིས་རིམ་གྱི་སྒོ་ཕྱི་མ་བཞིའི་ཐད་སོར། ཞིང་གི་ཀ་བ་བཞི་བཞིས་བཏེག་པའི་སྟེང་དུ། རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ་དང་། ཀེང་རུས་གྱིས་གདུགས་བྱས་པ་ཞིང་དང་ཆུ་སྲིན་གྱི་རྒྱལ་མཚན་ལ་སོགས་པས་མཛེས་པར་བརྒྱན་པ། ཕྱིའི་འཁྱམས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། ནང་ནས་རིམ་པ་བཞིན་ནག་པོ་ལྗང་ཁུ་དམར་པོ་སེར་པོ། དཀར་པོའི་རྩིགས་པ་ལྔ་དང་ལྡན་པ། །རྩིགས་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཆང་བ་ཟླ་གཡབ་དང་པུ་ཤུས་མཛེས་པར་བརྒྱན་པ། དབུས་བྱུར་པོར་གྱུར་པའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པས་མཚན་པ། རྩིགས པའི་རྩ་བའི་སྟེགས་བུ་ལ། །འདོད་ཡོན་གྱི་ལྷ་མོ་རྣམས་ཀྱིས་ཧེ་རུ་ཀ་ལ་མཆོད་པ། འཁྱམས་ནང་མ་ཐོད་པའི་རྩིག་པ་བྱས་ཤིང་། ཉི་ཟླའི་མཐོང་ཁུང་དང་གཟའ་བརྒྱད་ཀྱི་གློ་སྐར། ཐོད་པའི་ཁ་བད་ལས་རྒྱུ་ཞགས་འཕྱངས་པས་ཧཱུཾ་གི་ཐོག་དང་མེ་འབར་བ་སྣོལ་བར་འཁྲུག་པ། དེ་ལྟ་བུའི་གཞལ་ཡས་ཁང་གི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཕྱོགས་སྐྱོང་བ་བརྒྱད་ཤིང་བརྒྱད། ཞིང་སྐྱོང་བརྒྱད། ཀླུ་བརྒྱད། སྤྲིན་བརྒྱད། གཞན་ཡང་མཆོད་རྟེན་བརྒྱད། ཆུ་བརྒྱད། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བརྒྱད། རྣལ་འབྱོར་མ་བརྒྱད། མཁའ་འགྲོ་དང་། མཁའ་འགྲོ་མ་དང་། འབྱུང་པོ་དང་། རོ་དང་། རོ་ལངས་དང་། ཤ་ཟ་ལ་སོགས་པས་གང་བའི། གཞལ་ཡས་ཁང་གི་ནང་དུ། འཁོར་རྩིབས་བཞི་མུ་ཁྱུད་དང་བཅས་པའི་ལྟེ་བའི་དབུས་སུ། བདུད་བཞིའི་ངོ་བོ་རུ་ཏྲ་ཕོ་མོ་བྱི་ཆིངས་སུ་སྣོལ་བའི་སྟེང་ན་དོམ་བརྒྱད་གཉིས་གཉིས་གཤིབས་ཏེ་ཕྱོགས་བཞིར་བལྟས་པའི་སྟེང་ན་ཉི་མ། རྩིབས་ཤར་དུ་དྲི་ཟའི་སྟེང་དུ་ཁྱུ་མཆོག་བརྒྱད་ཀྱི་སྟེང་དུ་ཉི་མ། ལྷོར་གཤིན་རྗེའི་སྟེང་དུ་མ་ཧེ་བརྒྱད་ཀྱི་སྟེང་དུ་ཉི་མ། ནུབ་ཏུ་ཀླུ་བྱི་ཆིངས་ཀྱི་སྟེང་དུ་གཟིག་བརྒྱད་ཀྱི་སྟེང་དུ་ཉི་མ། བྱང་དུ་གནོད་སྦྱིན་བརྒྱད་ཀྱི་སྟེང་དུ་ཉི་མ། རྩིབས་མཆན་རྣམས་སུ་ཀོའུ་རི་ལ་སོགས་པའི་གདན་རེ་རེ་ལ། །འཁྱམས་ནང་མར་སིང་ཧ་མའི་གདན་རོ་རློན་པ་རེའོ། །སྒོ་ནང་མར་སྒོ་མའི་གདན་རོ་རེ་རེ། འཁྱམས་ཕྱི་མར་དབང་པོ་རྣམས་ཀྱི་གདན་ཞིང་སྐམ་པོ་རེ་རེ་བསམ་ལ། དུར་ཁྲོད་ཆེན་པོ་རབ་འཇིགས་པའི། ། ཁྲག་གི་རྒྱ་མཚོ་འཁྲུག་པའི་དཀྱིལ་། ཀེང་རུས་ཆེན་པོའི་རི་རབ་གྱིས། །སྟོང་གི་འབར་བའི་ཀློང་དཀྱིལ་ན། །ཡེ་ཤེས་འབར་བའི་གཞལ་ཡས་ཁང། །ཕྱོགས་བཅུ་རྒྱ་ཡངས་མ་ཆད་པའི། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞིའི་རྣམ་པར་བརྒྱན། །ཀུན་དུ་གྲུ་བཞི་སྒོ་ཁྱུད་ལྡན། །འབར་བའི་བར་འཁྱམས་གཉིས་ཀྱི་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །འབར་བའི་འཕྲོ་བ་མང་པོ་འཁྲུགས། ། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པོ་དོམ་གྱི་སྤར་བས་ནི། དབང་ཕྱུག་ལྷ་ཆེན་ལ་སོགས་གཟུངས། །ཅེས་པས་གདབ། དེ་རྣམས་ཀྱིས་རྟེན་གཞལ་ཡས་ཁང་བསྐྱེད་པའོ། །བརྟེན་པ་ལྷ་བསྐྱེད་པ་ནི། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱེ་བ་དང་། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱའོ། །དང་པོ་ནི། ༀ་བཛྲ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཞེས་བརྗོད་པས། དབུས་ཀྱི་གདན་གྱི་སྟེང་དུ། བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཞལ་གཡས་དཀར་བ་གཡོན་དམར་བ། དབུས་མཐིང་ནག །ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་པ། བར་མ་རྩེ་ལྔ་པ། ཐ་མ་ན་ཏི་ར། གཡོན་གྱི་དང་པོ་དྲིལ་བུ། བར་བ་ཐོད་པ་ཁྲག་གི་བཀང་བ། ཐ་མ་ན་འཇིག་རྟེན་སྣམས་པ། ཞབས་གཡས་རྐྱང་བ། གཡོན་བསྐུམ་པ། གར་དགུ་དང་ལྡན་པ་བསྐྱེད། །ཧཱུཾ་ངེས་པ་ལས་ནི་རྡོ་རྗེ་ཆེ། །དེ་ལས་དཔལ་ཆེན་ཧེ་རུ་ཀ །འབར་བ་ཆེན་པོ་གར་དགུ་ཡིས། །འཇིགས་པ་ཡིས་ནི་དུས་ལྟར་དྲག །ཅེས་པས་གསལ་གདབ། བཛྲ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ཅེས་བརྗོད་པས། ལུས་དང་གྲིབ་མའི་ཚུལ་དུ་ཧེ་རུ་ཀའི་ཐུགས་ཀ་ནས་ཡུམ་བཏོན་ཏེ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པ་ཡབ་ལ་འཁྱུད་ཅིང་རྡོ་རྗེ་སྣམས་པ། གཡོན་པ་དུང་དམར་གཙོ་ལ་སྟོབས་པ། གཉིས་ཀ་དུར་ཁྲོད་ཆས་བརྒྱད་དང་། རུས་པ་དང་། རིན་པོ་ཆེ་ལ་སོགས་པས་བརྒྱན་པར་བསྐྱེད། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི། །ཁྲོ་མོ་དབང་ཕྱུག་སྔོན་ཕྱུང་ནས། ཧེ་ཧེ་དགྱེས་པའི་གཟི་མདངས་ཀྱི། རིན་ཆེན་པདྨ་རྒྱས་མཛད་ནས། །གཉིས་མེད་འཁྲིལ་བའི་དགྱེས་པས་ཐིམ། །ཅེས་པས་གསལ་གདབ། དེ་ནས་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ཏེ། མ་སུརྻ་མཎྜལ་ཧཱུཾ། བཛྲ་པདྨ་མཎྜ ལ་ཅེས་པས། ཡབ་ཀྱི་གསང་བའི་གནས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་ལྔ་ལ་ཡབ་ཀྱི་འབྲུ་ལྔས་མཚན་པ། རྡོ་རྗེའི་བུམ་པའི་ནང་དུ། ༀ་ཨཱ་ཧཱུཾ། གསུམ་གྱིས་བསྐོར་བ། རྩེ་མོར་ཕཊ་ནག་པོས་གཅད་པ། ཡུམ་གྱི་མཁའ་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཨཿས་མཚན་པ། དབུས་དང་ཕྱོགས་བཞིའི་འདབ་མ་ལ། ཡུམ་གྱི་འབྲུ་ལྔ་བསམ། དེ་ནས་བརྡས་བསྐུལ་སྟེ་ས་མ་ཡ་སྟཾ། ས་མ་ཡ་ཧོ། ཨ་ནུ་ར་ག་ཡ་མི། ཛ་ཧཱུཾ་བཾ་ཧོ། བོ་དྷི་ཙིཏྟ་ཧཱུྃ། ཅེས་ཡབ་ཡུམ་དགྱེས་པའི་རོལ་བྱང་སེམས་འཕྲོས་པས། བྱང་སེམས་དཀར་དམར་འདྲེས་པ་ལས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ། ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུཾ། ཅེས་བརྗོད་པས། ཁྲོ་བོ་དཔག་ཏུ་མེད་པ་བྱང་སེམས་ལས། །འཕྲོས་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་གཡོས་པས། གདུག་པ་ཅན་ཐམས་ཅད་ཅིག་ཅར་དུ་བརྟུལ་བར་གྱུར། ༀ་བཛྲ་ཤྲཱི་ཧེ་རུ་ཀ། བཛྲ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ཅེས་བརྗོད་པས། སྟོང་པའི་ངང་ལས་དབུས་ཀྱི་ཁྲོ་བོ་ཐམས་ཅད་གཅིག་དུ་གྱུར་ནས་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་རང་བཞིན་དུ་གྱུར་ཏེ། གོང་དུ་བཤད་པའི་ཡབ་ཡུམ་ལ་ཐིམ། ཆོས་ཀྱི་དབྱིངས་གྱི་ཡེ་ཤེས་ཀྱི་ངོ་བོར་གྱུར། ༀ་བུདྡྷ་ཤྲི་ཧེ་རུ་ཀ །བུདྡྷ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ཅེས་བརྗོད་པས། ཤར་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་སུ་གྱུར་པའི་བྷུདྡྷ་ཧེ་རུ་ཀ་སྐུ་མདོག་སྨུག་གོ །དེས་འགྲེའོ། །ༀ་རཏྣ་ཤྲཱི་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ལྷོར་མཉམ་ཉིད་ཡེ་ཤེས་ལས་གྱུར་པའི་རཏྣ་ཧེ་རུ་ཀ་ལྷོའི་གདན་ཐོག་ཏུ་བསྐྱེད་པའོ། །ༀ་པདྨ་ཤྲཱི་ཧེ་རུ་ཀ །པདྨ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ཅེས་བརྗོད་པས། ནུབ་ཏུ་སོར་སོར་རྟོག་པའི་ཡེ་ཤེས་ལས་གྱུར་པའི་ཁྲོ་བོ་ཐམས་ཅད་གཅིག་ཏུ་གྱུར་ནས། པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་གྱུར་པའོ། །ༀ་ཀརྨ་ཤྲཱི་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ཅེས་པས། བྱང་དུ་བྱ་བ་གྲུབ་པའི་ཡེ་ཤེས་ལས་གྱུར་པའི་ཁྲོ་བོ་ཐམས་ཅད་ཀརྨ་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་སྟེ་ལྗང་ནག་གོ །དེ་ནས་བྱང་སེམས་ལས་ཧ་བརྒྱད་བཏོན། རྩིབས་མཆན་ལ་ཕྱོགས་བཞི་མཚམས་བཞི་ལ་གནས་པའི་ཁྲོ་མོ་བརྒྱད་དུ་གྱུར། དེ་ནས་ཡབ་ཡུམ་རོལ་པའི་བྱང་སེམས་ལས་ཧེ་བརྒྱད་བཏོན། འཁྱམས་ནང་མའི་ཕྱོགས་བཞི་མཚམས་བཞི་ལ་གནས་པའི་སེང་ཧ་མ་བརྒྱད་དུ་གྱུར། ཡང་བྱང་སེམས་ལས་ཕཊ་བཞི་བཏོན། །སྒོ་ནང་མ་བཞིར་གནས་པའི་སྒོ་མ་བཞིར་གྱུར། །འདི་རྣམས་ཀྱི་སྔགས་ཡིད་ཀྱིས་བརྗོད་ནས་བསྐྱེད་ཀྱང་ཆོག་གསུངས། ལྷ་ཐམས་ཅད་གཙོ་བོ་ལ་ཞལ་བསྟན་ལ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་རྣམས་བདག་སྲས་ཡིན་ལ། དེ་ནས་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱས་སྟེ། བདག་རྒྱུའི་ཧེ་རུ་ཀ་མཚོན་གང་བ་དེ་གཙོ་བོའི་ཐུགས་ཁ་ནས་བྱུང་སྟེ། སྲིན་པོའི་བུ་ད གུའི་ཆ་བྱེད་བཟུང་ནས་ཤར་སྒོར་ཕྱིན་ལ། ཐལ་མོ་སྦྱར་བ་ལ་སོགས་པ་བྱས་ནས་སྒྲིབ་པ་སྦྱང་ཕྱིར་རིགས་དེ་བཞིན་གཤེགས་པའི་སྲས་ཀྱིས། །ཞེས་གསོལ་བ་གདབ་པ་ནི། །ༀ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་གཅིག །ཅེས་པས་གསོལ་བ་གདབ་པར་བྱ། དེ་ནས་ལྷ་ཐམས་ཅད་ཀྱི་སྦྱོར་མཚམ་སུ། །སྐུ་གསུང་ཐུགས་ཀྱི་གནས་གསུམ་ལས། །ༀ་ཨཱཿཧཱུཾ་ཅེས་པ་འོད་འཕྲོས་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག །བདག་གི་སེམས་གསེར་ཞུན་མ་ལྟ་བུ་འམ་དངུལ་ཞུན་མ་ལྟ་བུ་དཀར་ལྡེང་ལྡེང་གནས་པ་ལས། ༀ་ཨཱཿཧཱུཾ་གསུམ་འཕྲོས་པས། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ནས། བྱང་སེམས་ཀྱི་ཆུ་དེ་ཧཱུཾ་མཐིང་ནག་གཅིག་ཏུ་གྱུར། ཨ་ཡཾ་ཞེས་བརྗོད་པས། ཧཱུཾ་དེ་ཟླ་བའི་སྟེང་དུ་བཞག་ལ་རླུང་གིས་བཏེགས། །གཡས་ཕྱོགས་ནས་ལྷ་རྣམས་ལ་བསྐོར་བ་ལན་གསུམ་བྱས། གཙོ་བོའི་ཐུགས་ཀར་ཐིམ་པས་ཡབ་ཡུམ་རོལ་འོད་དུ་ཞུ་བ་ལས། ཧཱུཾ་ཧཱ་ཧེ་ཕཊ། ཅེས་པའི་སྒྲ་བྱུང་བས། རྩ་བའི་ལྷ་ཁྲག་འཐུང་ཡབ་ཡུམ་དང་ཁྲོ་མོ་ཉི་ཤུ་ཡང་འོད་དུ་ཞུ། དབུས་ཀྱི་གདན་ཐོག་ན་གནས་ལ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཟེར་གྱི་ལུས་རྟོགས་སྦྱངས། གསེར་ཞུན་ལྟ་བུའི་སེམས་དག་ལས། ། གསུམ་གྱི་བྱིན་བརླབས་འོད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུའི་དབྱིངས། ། རྡོ་རྗེ་ལས་བྱུང་ཡུམ་གྱི་མཁའ། །ཆོས་ཀུན་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །ཧཱུཾ་ཧཱ་ཧེ་ཕཊ་ཅེས་བྱུང་ནས་ནི། །བྱང་ཆུབ་སེམས་སུ་གཅིག་པར་ཐིམ། ཅེས་པས་གསལ་གདབ། ༀ་བཛྲ་མ་ཧཱ་ཤྲཱིི་ཧེ་རུ་ཀ །མ་ཧཱ་ཙཎྚ་ས་ཏྭ་དུཥ་ཌ ཎ་ཏ་ཀ་ཧ་ན་དྷ་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་ད་ར་མ་ཧཱ་ཀྲོ་ཏི་ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་བརྗོད་པས། དབུས་ཀྱི་གདན་གྱིས་སྟེང་དུ། བཛྲ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་གོང་དུ་བཤད་པའི་མཚན་ཉིད་བསྟན་པ། ཞབས་གཡས་བརྐྱང་བས་རུ་ཏྲའི་གདན་ལ་གནན་པ། གཡོན་བསྐུམ་པས་རུ་ཏྲ་མོའི་ནུ་མ་བྲང་ནས་རྫིས་པ། སྐབས་འདིར་ལྷ་ཀུན་ཚང་བར་བསྐྱེད་ན། སྐུ་མདོག་ཕྱག་མཚན་འོག་ནས་འབྱུང་བ་བཞིན་ཤེས་པར་བྱ། བསྙེན་པ་དང་ནི་ཉེ་བསྙེན་པ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་སྙམ་མཆོག་གི་མཆོད་པ་སྟིམ། །དེ་ནས་ཡབ་ཀྱི་གསང་བའི་གནས་བྱིན་གྱིས་རློབས་པ་ནས། ཡུམ་གྱི་མཁའ་བྱིན་གྱིས་རློབས་པ་འདྲ་ལ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཞེས་སོགས་ཀྱིས་བསྐུལ་བས། ཡབ་ཡུམ་གཉིས་སྙོམ་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས། ཀུན་ཏུ་བཛྲ་དྷྲིཀ྄ །ཅེས་པའི་སྒྲ་གྲགས་པས། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔལ་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས་ཐུགས་ཁར་ཞུ། ཡབ་ཀྱི་གསང་བའི་གནས་ནས་བབས། ཡུམ་གྱི་མཁར་ཐིག་ལེ་བཞིར་གྱུར། །དེ་རྣམས་ཉི་ཟླ་ཁ་སྦྱོར་གྱི་སྤྲོས་པས་བྱང་སེམས་ལ་ཧཱུཾ་ཧ་ཧེ་ཕཊ། ཞེས་པའི་ཡི་གེ་འབྲུ་བཞིར་གྱུར། །དེ་རྣམས་ཡོངས་སུ་གྱུར་པ་ལས། རྩ་བའི་ལྷ་རྣམས་ཡུམ་གྱི་མཁར་ཚར་བར་བསྐྱེད་ལ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་ས་ཏྭ་དུཥྚ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། དེའི་སྔགས་རྣམས་མགོ་དཔྱད་དང་འཇུག་གི་འགྲེའོ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ། ༀ་སརྦ་ཏ་ཐཱ་ག་མ་ཧཱ་ཀྲོ་ཏི་ཤྭ་རི་སརྦ་དུཥྚན་ཧཱུཾ་ཕཊ། བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་བརྗོད་པས། ཡུམ་གྱིས་མཁའ་ནས་བཛྲ་ཧེ་རུ་ཀ་ཡབ་ཡུམ་ཐོན། །སྐུ་མདོག་ཕྱག་མཚན་གོང་ལྟར་གྱུར་པས་གཙོ་བོ་ཡབ་ཡུམ་ལ་ཐིམ། ༀ་སརྦ་ཏ་ཐཱ་ག་མ་ཧཱ་ཀྲོ་ཏི་ཤྭ་རི་སརྦ་དུཥྚན་ཧཱུཾ་ཕཊ། ཞེས་བྷུདྷ་ཧེ་རུ་ཀའི་སྔགས་བརྗོད་པས་བུདྡྷ་ཧེ་རུ་ཀ་ཡུམ་གྱི་མཁའ་ལས་ཤར་རྩིབས་སུ་ཁྱུ་མཆོག་གི་སྟེང་དུ། སྐུ་མདོག་སྨུག་ནག་ཞལ་གསུམ་ཕྱག་དྲུག་པ། །ཞལ་གཡས་དཀར་གཡོན་སེར་དབུས་སྨུག་པོ། ཕྱག་གཡས་ཀྱི་དང་པོ་ན་འཁོར་ལོ། །བར་པ་ན་རྡོ་རྗེ། ཐ་མ་ན་ཏི་ར་དྲིལ་བུ། གཡོན་གྱི་དང་པོ་ན་དྲིལ་བུ། །བར་མ་ན་དུང་དམར། །ཐ་མ་ན་དྲི་ཤུལ་བསྣམས་པ། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། ། ཡུམ་གྱི་ཕྱག་གཡས་ཡབ་ལ་འཁྱུད་པ། །གཡོན་དུང་དམར་གཙོ་ལ་སྟོབས་པ། ཡུམ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་གཙོ་བོ་དང་མཐུན་པ་བརྒྱན་ཡང་འདྲ། །ཕྱག་མཚན་གཡས་པའི་གཙོ་བོ་དང་པོ་དང་མཐུན་ལ། །ཤམ་ཐབས་གཟིག་ཡིན། །ༀ་རད་ན་མ་ཧཱ་ཤྲཱི་ཧེ་རུ་ཀ༴ །ༀ་མ་ཧཱ་སུ་རྻ་མ་ཧཱ་ཀྲོ་ཏི་ཤྭ་རི་བ་ཊ་བཱ་མུ་ཁེ་ཧཱུཾ་ཕཊ། ཅེས་བརྗོད་པས། ལྷོ་རུ་རཏྣ་ཧེ་རུ་ཀ་ཡུམ་གྱི་མཁའ་ལས་ཐོན། གདན་ཐོག་ཏུ་སྐུ་མདོག་སེར་ནག་ཞལ་གསུམ་ཕྱག་དྲུག །གཡས་སྔོ་གཡོན་མར་དབུས་སེར། །ཕྱག་གཡས་དང་པོ་ན་རིན་ཆེན་བར་མ་རྡོ་རྗེ། །ཐ་མ་ཏི་ར། གཡོན་དང་པོ་ན་དྲིལ་བུ། བར་མ་དུང་དམར། །ཐ་མ་ན་དགྲ་སྟྭ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། ༀ་པདྨ་མ་ཧཱ༴ ༀ་ཧྲཱིཿཤུ་ཏ་པ་མ་ཏེ་པདྨ་མ་ཧཱ་ཀྲོ་ཏི་ཤྭ་རི་ཁཱ་ཧི་ཧཱུཾ་ཕཊ། ཅེས་པས་ནུབ་ཏུ་པདྨ་ཧེ་རུ་ཀ་ཡུམ་གྱི་མཁའ་ལ་ཐོན། སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་གཡོན་སེར་དབུས་དམར་བ་ཕྱག་གཡས་དང་པོ་ན་པདྨ། བར་མ་ན་རྡོ་རྗེ། ཐ་མ་ན་ཏི་ར། གཡོན་གྱི་དང་པོ་ན་དྲིལ་བུ། བར་མ་ན་དུང་དམར། ཐ་མ་ན་གསང་བའི་རྔེའུ་ཆུང་། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། །ཡུམ་པདྨ་ཀྲོ་ཏི་དམར་མོ་པདྨ་དང་དུང་དམར་བསྣམས་ནས་ཡབ་ལ་འཁྱུད་པ། ༀ་ཀརྨ་མ་ཧཱ༴ ༀ་སརྦ་མོ་གྷ་མ་ཧཱ་ཀྲོ་ཏི་ཤྭ་རི་བི་ཤྭ་ཧཱུཾ་ཕཊ། ཅེས་བརྗོད་པས། བྱང་དུ་ཀརྨ་ཧེ་རུ་ཀ་ཡུམ་གྱི་མཁའ་ལས་བྱང་གི་གདན་ཐོག་ཏུ་འཁོད། སྐུ་མདོག་ལྗང་ནག་ཞལ་གསུམ་ཕྱག་དྲུག་ཞལ་གཡས་དཀར་གཡོན་དམར་བ། དབུས་ལྗང་བ། གཡས་ཀྱི་དང་པོ་སྣ་ཚོགས་རྡོ་རྗེ། བར་མ་ན་རྡོ་རྗེ། ཐ་མ་ན་ཏི་ར། གཡོན་གྱི་དང་པོ་ན་དྲིལ་བུ། བར་མ་ན་དུང་དམར། ཐ་མ་ན་ཐོང་གཤོལ་བསྣམས་པ། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། །ཡུམ་ཀར་མ་ཀྲོ་ཏི་སྣ་ཚོགས་རྡོ་རྗེ་དང་དུང་དམར་བསྣམས་ནས་ཡབ་ལ་འཁྱུད་པ། ཡབ་ཡུམ་བཅུ་པོ་རུས་པ་དང་རིན་པོ་ཆེ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། གར་དགུའི་དང་པོ་ནི། སྒེག་པ་དཔལ་བ་མི་སྡུགས་པ། ། རྒོད་པ་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམས་དང་ཞི་བ་ཡིས། །གར་དགུའི་ཉམས་དང་ལྡན་པ་ཉིད། ཡུམ་རྣམས་ལ་རུས་པའི་རྒྱན་དང་། མི་མགོ་སྐམ་པོའི་དོ་ཤལ་བྱས་པ། གཟིག་གི་ལྤགས་པའི་ཤམ་ཐབས་ཅན་ནོ། །ཡང་འཁོར་ལོའི་རྩིབས་མཆན་ནང་མར་ཁྲོ་མོ་ཉི་ཤུ་སོ་སོའི་གདན་རེ་རེ་བསམ། ཡུམ་གྱི་མཁའ་ལ་ཧ་ལས་ཀ་རི་སོགས་བཏོན་ཏེ། ༀ་བཛྲ་ག་རཱི་ཧཱ། ཅེས་བརྗོད་པས། ཡུམ་གྱིས་མཁའ་ལས་ག་རི་ཐོན་ཏེ། ཤར་གྱི་རྩིབས་མཆན་ལ་ག་རི་སྔོན་མོ་ཕྱག་གཡས་པས་ཞིང་དབྱུག་གཡོན་པས་བནྡྷ་བསྣམས་པ། ༀ་བཛྲ་ཙ་རི་ཧ། ཡུམ་གྱི་མཁའ་ལས་ཐོན་པ་ཀུན་ལ་འགྲེ། །ལྷོར་ཙ་རི་མ་སེར་མོ་མདའ་གཞུ་འགེངས་པ། ༀ་བཛྲ་པྲ་མོ་ཧེ་ཧ། ནུབ་ཀྱི་རྩིབས་མཆན་ལ་པྲ་མོ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པ། །ༀ་བཛྲ་བཱེ་ད་ལི་ཧ། བྱང་གི་རྩིབས་མཆན་ལ། བཱེ་ཏ་ལྗང་ནག་ཕྱག་གཡས་པས་རྡོ་རྗེ་འཆང་ཞིང་། གཡོན་པ་ཞིང་ཆུང་ཟ་བ། ༀ་བཛྲ་པུཀྐ་སི་ཧ། ཤར་ལྷོའི་རྩིབས་མཆན་ལ་པུཀྐ་སི་དམར་སེར་ཕྱག་གཡོན་པ་ཞིང་ཆུང་བསྣམས་ཤིང་གཡས་པས་དེའི་རྒྱུ་མ་འདྲེན་པ། ༀ་བཛྲ་གྷསྨ་རཱི་ཧ། ལྷོ་ནུབ་ཀྱི་རྩིབས་མཆན་ལ་གྷསྨ་རི་ལྗང་ཁུ། ཕྱག་གཡོན་པས་ཐོད་པ་དུང་དམར་གང་བ་བསྣམས་ཤིང་། གཡས་པ་རྡོ་རྗེའི་སྐྱ་བས་དཀྲུག་པ། ༀ་བཛྲ་སྨེ་ཤ་ནི་ཧ། ནུབ་བྱང་གི་རྩིབས་མཆན་ལ་སྨེ་ཤཱ་ནི་མཐིང་ཁ་ཕྱག་གཉིས་ཀྱིས་བྱིས་པའི་སྙིང་ཞལ་དུ་གསོལ་བའོ། །ༀ་བཛྲ་ཙཎྚ་ལི་ཧཱ། བྱང་ཤར་གྱི་རྩིབས་མཆན་ལ། ཙནྜ་ལི་སེར་སྐྱ་ཕྱག་གཉིས་ཀྱིས་ཞིང་ཁོག་པའི་སྟོད་སྨད་འཕྲལ་བ། འདི་རྣམས་ཁྲོ་མོའི་ཞལ་ཡིན། ཡང་ཡུམ་གྱི་མཁའ་ལས། ཁྱམས་ནང་མའི་ཕྱོགས་མཚམས་སུ། ༀ་བཛྲ་སེང་ཧ་མུ་ཁ་ཧེ། ཤར་དུ་སེང་ཧ་མུ་ཁ་སྨུག་ནག་སེང་གེའི་མགོ་བོ་ཅན་ཕྱག་གཉིས་བྲང་ཁར་བསྣོལ་ཞིང་ཁའི་ནང་དུ་རོ་ཐོགས་ནས་རལ་པ་བསིགས་པ། ༀ་བཛྲ་བྱ་གྷྲི་མུ་ཁ་ཧེ། ལྷོར་བྱཱ་གྷྲི་མ་དམར་མོ་སྟག་གི་མགོ་ཅན་ཕྱག་གཉིས་ཐུར་དུ་བསྣོལ་ནས་མིག་གཉིས་འབུར་ཚུགས་སུ་ལྟ་བ། ༀ་བཛྲ་སྲི་གྷ་ལ་མུ་ཁེ་ཧེ། ནུབ་ཏུ་སྲི་ལ་མ་ནག་མོ་ཝའི་མགོ་ཅན་ཕྱག་གཡས་སྤུ་གྲི་ཐོགས་ཤིང་། གཡོན་པ་རྒྱུ་མ་གཟུང་ནས་ཁྲག་ལྡག་པ། །ༀ་བཛྲ་ཤྭ་ན་མུ་ཁ་ཧེ། བྱང་དུ་ཤྭ་ན་སྐུ་མདོག་མཐིང་ནག་སྤྱང་མོའི་མགོ་བོ་ཅན་ཕྱག་གཉིས་རོའི་ཁ་ཕྱེ་ནས་མིག་འབུར་ཚུགས་སུ་ལྟ་བ། ༀ་བཛྲ་ཀྲི་ཏ་མུ་ཁ་ཧེ། གྲུ་ཆད་ཀྱི་ཤར་ལྷོར་ཀྲི་དྷ་མ་དམར་སེར་བྱ་རྒོད་ཀྱི་མགོ་ཅན་ཞིང་ཆེན་ཕྲག་པ་ལ་བཀལ་ནས་ཀོང་རུས་ཕྱག་དུ་ཐོགས་པ། ༀ་བཛྲ་ཀཾ་ཀ་མུ་ཁཱ་ཧེ། ལྷོ་ནུབ་ཏུ་ཀཾ་ཀ་མུ་ཁ་དམར་ནག་དུར་བྱའི་མགོ་ཅན། ཞིང་ཆེན་ཕྲག་པ་ལ་བཀལ་ནས་ཕྱག་གཉིས་ཀྱི་འཛིན་པ། ༀ་བཛྲ་ཁཱ་ཁ་མུ་ཁ་ཧེ། ནུབ་བྱང་དུ་ཁཱ་ཁ་མ་ནག་མོ་བྱ་རོག་གི་མགོ་ཅན་ཕྱག་གཡོན་ན་བནྡྷ་བསྣམས་ཤིང་གཡས་ན་རལ་གྲི་ཐོགས་ནས་བློ་སྙིང་ཟ་བ། ༀ་བཛྲ་ཨུ་ལུ་ཀ་མུ་ཁ་ཧེ། བྱང་ཤར་དུ་ཨུ་ལུ་མ་མཐིང་ཀ་འུག་པའི་མགོ་ཅན། ཕྱག་གཡས་པ་རྡོ་རྗེ་གཡོན་པ་རལ་གྲི་ཐོགས་པ། ཐམས་ཅད་གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ། དུར་ཁྲོད་རིན་པོ་ཆེའི་རྒྱན་གྱིས་མཛེས་པ། །སྒོ་ནང་མ་བཞིར་ཡུམ་གྱི་མཁའ་ལས། ༀ་བཛྲ་ཨརྻ་རེ་ཛ་བཱི་དྷཾ་ཛ། ཤར་སྒོར་རྟ་གདོང་མ་དཀར་མོ། །ཕྱག་གཡས་ན་ལྕགས་ཀྱུ། གཡོན་པ་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ། ༀ་བཛྲ་ཧ་ཡ་མུ་ཁི་ཧཱུཾ། ལྷོ་སྒོར་ཕག་གདོང་མ་སེར་མོ་ཕྱག་གཉིས་རྒྱུ་མའི་ཞགས་པ། ཕག་རྒོད་ཀྱི་མཆེ་བས་མཚན་པ་བསྣམས་པ། ༀ་བཛྲ་ལོ་ཀ་བཾ། ནུབ་སྒོར་སེང་གེའི་མགོ་ཅན་དམར་མོ་ཕྱག་གཉིས་ལྕགས་སྒྲོགས་བསྣམས་པ། ༀ་བཛྲ་བྷ་སྨི་བ་ལ་ཡ་བ་ཏི་ཧོ། བྱང་སྒོར་སྤྱང་ཁུའི་མགོ་ཅན་སྣ་ཚོགས་མདོག །ཞལ་དང་སྤྱན་གཉིས་ནས་ཞལ་གྱི་བར་དཀར་པོ། ཞལ་གྱིས་འོག་ནས་སྐེད་པའི་བར་དམར་སྐྱ། བླ་གཉིས་སེར་སྐྱ། ལྷག་མ་རྣམས་སྔོན་པོ། ཕྱག་གཉིས་དྲིལ་བུ་བསྣམས་པ། རྒྱན་ཆ་ལུགས་རྣམས་གོང་དང་མཐུན་ལ། འདི་ཡན་རྣམས་ཡུམ་གྱི་མཁའ་ལས་སྔགས་བརྗོད་པས་རང་གི་གནས་སུ་སྐྱེད་པའོ། །དབང་མོ་རྣམས་ཁྱམས་ཕྱི་མ་ལ་ཕྱོགས་རེ་རེ་གདན་ཞིང་སྐམ་པོ་དྲུག་དྲུག་འགོད་ལ་སྔགས་བརྗོད་པ་ཙམ་གྱིས་ཀྲོང་ཀྲོང་བསྐྱེད། ཤར་འཁྱམས་སུ། བྷྱོ་མ་ནུ་རག་ཤ་སི་སྲིན་མོ་སྨུག་ནག་གཡག་གི་མགོ་ཅན། ཕྱག་གཡོན་པས་ཐོད་ཁྲག་བསྣམས་པ། །དབང་མོ་ཐམས་གཡས་པས་རྡོ་རྗེ་ཐུགས་ཁར་འཛིན་པ་ཀུན་ལ་འགྲེ། བྷྱོ་པྲ་ཧ་མ་ཎཱི། ཚངས་པ་དམར་སེར་སྦྲུལ་གྱི་མགོ་ཅན་ཕྱག་གཡོན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། བྷྱོ་རོའུ་དྲི་ལྷ་ཆེན་དཀར་ལྗང་གཟིག་གི་མགོ་ཅན་ཕྱག་གཡས་ཏྲི་ཤུལ་འཛིན་པ། བྷྱོ་བེཎཱ་ཡ། གཏོག་འདོད་སྔོན་མོ། །སྲིན་མོའི་མགོ་ཅན་ཕྱག་གཡོན་པ་འཁོར་ལོ་བསྣམས་པ། བྷྱོ་ཀཱོ་མ་རི། གཞོན་ནུ་དམར་མོ་ཕ་ཝཾ་གི་མགོ་ཅན་ཕྱག་གཡོན་པ་མདུང་ཐུང་བསྣམས་པ། བྷྱོ་ཨིནྚ་ཡ་ཎཱི། བརྒྱ་བྱིན་དཀར་མོ་དྲེད་ཀྱི་མགོ་ཅན་ཕྱག་གཡོན་པ་བམ་དབྱུག་འཛིན་པ་ཤར་དུ་གནས་པའོ། བྷྱོ་བཛྲ་སིང་ག་ལམ། རྡོ་རྗེ་དམར་མོ་དོམ་གྱི་མགོ་ཅན། ཕྱག་ག ཡོན་པས་དུང་ཆོས་ཀྱི་ནང་ནས་ཙན་དན་གྱི་ཆུ་འཐུང་བ། བྷྱོ་ཨ་མྲི་ཏ་བདུད་རྩི་དམར་མོ། ཆུ་སྲིན་གྱིས་མགོ་ཅན། གཡོན་པ་པདྨ་བསྣམས་པ། བྷྱོ་སུའུ་མེ། ཟླ་བ་དཀར་མོ་སྡིག་པའི་མགོ་ཅན། གཡོན་པ་མེ་ཏོག་སྤུན་དྷ་རི་བསྣམས་པ། བྷྱོ་དནྜ་དཾ། བེ་ཅོན་ལྡན་ལྗང་ནག་ཁྲའི་མགོ་ཅན། གཡོན་པ་དབྱུག་ཐོ་བསྣམས་པ། བྷྱོ་རཀ་ཤ་སཱི། སྲིན་མོ་དམར་མོ་ཝའི་མགོ་ཅན་དུང་ཆོས་ཀྱི་ནང་ནས་ཁྲག་འཐུང་བ། བྷྱོ་བཀ་ཤ་སཱི། ཟ་བ་ལྗང་ནག་སྟག་གི་མགོ་ཅན་གཡོན་པས་རྒྱུ་མ་འདྲེན་པ་བསྣམས་པ། ལྷོར་གནས་པའོ། བྷྱོ་ར་ཏི་བཛྲ། དགའ་བ་དམར་མོ་རྒོད་ཀྱི་མགོ་ཅན། གཡོན་པ་ཀ་ཏར་འཕྱར། བྷྱོ་རུ་དྷི་ར་མཏྟཱ། སྟོབས་ཆེན་དམར་མོ་རྟའི་མགོ་ཅན་གཡོན་པས་གཤོལ་འཛིན་པ། བྷྱོ་ཨེ་ཀ་ཙ་རི་ཎི། རྡོ་རྗེ་སེར་མོ་ཁྱུང་གི་མགོ་ཅན་གཡོན་པས་སྤུ་གྲི་བསྣམས་པ། བྷྱོ་མ་ནོ་ཧ་རཾ། འདོད་པ་དམར་མོ་ཁྱིའིི་མགོ་ཅན་མདའ་གཞུ་འཛིན་པ། བྷྱོ་སི་ཏི་ཀཾ །ནོར་བསྲུང་དཀར་མོ་པུ་ཤུད་ཀྱི་མགོ་ཅན་གཡོན་པས་བུམ་པ་འཛིན་པ། བྷྱོ་བཱ་ཨ་བཱི། རླུང་ལྷ་སྔོན་མོ་ཤ་བའི་མགོ་ཅན་བ་དན་འཛིན་པ་ནུབ་དུ་གནས་པའོ། །བྷྱོ་མ་ཧཱ་མཱ་ར་ན། གསོད་བྱེད་ལྗང་ནག་སྤྱང་ཀིའི་མགོ་ཅན་གཡོན་པས་རལ་གྲི་འཛིན་པ། བྷྱོ་བཛྲ་ཨག་ནེ་ཡེ། མེ་མོ་དམར་མོ་སྐྱིན་གྱི་མགོ་ཅན་གཡོན་པ་གསལ་ཤིང་འཛིན་པ། བྷྱོ་བཱ་ར་ཧི། ཕག་མོ་ནག་མོ་ཕག་གི་མགོ་ཅན་ཞགས་པ་འཛིན་པ། བྷྱོ་ཙ་མུན་ཏི། རྒན་བྱེད་དམར་མོ་ཁ་ཁའི་མགོ་ཅན་གཡོན་ཞིང་ཆུང་བསྣམས་པ། བྷྱོ་སུ་ཏ་ནཾ། སྣ་ཆེན་དཀར་མོ་གླང་གི་མགོ་ཅན་གཡོན་པས་ཐོད་ཁྲག་ཞལ་དུ་སྟོབས་པ། བྷྱོ་བ་རུ་ཎི། ཆུ་ལྷ་དཀར་མོ་སྦྲུལ་གྱི་མགོ་ཅན་ཞགས་པ་འཛིན་པ་བྱང་དུ་གནས་པའོ། བྷྱོ་བཛྲ་མ་ཧཱ་ཀཱ་ལི། རྡོ་རྗེ་ནག་པོ་ཁུ་བྱུག་གི་མགོ་ཅན་ལྕགས་ཀྱུ་འཛིན་པ། བཛྲ་ཙ་ཀཱ་ལི། རྡོ་རྗེ་སེར་མོ་རའི་མགོ་ཅན་ཞགས་པ་འཛིན་པ། བྷྱོ་བཛྲ་ཀུམྦྷ་ཀ རྞ། རྡོ་རྗེ་དམར་མོ་སེང་གེའི་མགོ་ཅན་ལྕགལ་སྒྲོག་བསྣམས་པ། བཛྲ་ལམ་བྷོ་ད་ར། རྡོ་རྗེ་ལྗང་ནག་སྐྱ་ཀའི་མགོ་ཅན་དྲིལ་བུ་བསྣམས་པའོ། །ཕྱི་མ་བཞི་པོ་ཕྱོགས་ཀྱི་སྒོ་བཞིར་རིམ་པ་བཞིན་དུ་གནས་སོ། །དེ་ནས་ལྷ་ཐམས་ཅད་ཧཱུཾ་ཧཱ་ཧེ་ཕཊ་བྷྱོ་རཾ། ཞེས་བརྗོད་པས། མེ་དཔུང་གི་དབུས་ན་གནས་སོ། །དབང་མོ་རྣམས་ཀྱི་སྔགས་གྱི་མགོར་བྷྱོ་བཏགས་པར་བྱའོ། །སྒོ་བ་རྣམས་ལ་གདན་ཞིང་སྐམ་པོ་རེ་བསམ། དེ་ལ་སོགས་པར་ཕྱག་རྒྱར་བཅས། །རྣམས་གྲོལ་རིམ་པར་ཐོབ་པར་འགྱུར། །དག་པའི་ཡེ་ཤེས་ཀྱིས་སྦྱངས་བ། །སྨོས་ཅི་དགོས་ཏ་དེ་ཉིད་ཡིན། །སྨུག་ནག་སྔོ་ནག་སེར་ནག་དང་། དམར་ནག་ལྗང་ནག་འཇིག་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོག། །སྦྲུལ་དང་ཐོད་འཕྲེང་ཉི་ཟླར་བཅས། །སྟོང་གི་འཇིག་རྟེན་འཁོར་དང་བཅས། །རྡོ་རྗེ་དུང་ཆེན་གང་པ་དང་། །རལ་གྲི་དགྲ་སྟ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་ལྡན། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞི་ཕྱག་རྒྱ་རབ་མཛེས་ཤིང་། །སླས་དང་བྱི་མོ་ཚོགས་ཀྱི་གཙོ། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆར་བཅས། ཅི་བགྱིས་ཞེས་ཏེ་ཆས་སྟེ་གནས། །དེ་ལྟར་དཀྱིལ་འཁོར་གསལ་བཀོད་ནས། མཐའ་དབུས་མེད་པར་ཁྱབ་པ་ཡིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། འབར་བའི་དཀྱིལ་འཁོར་གསལ་བར་སྣང་། །ཞེས་པས་གསལ་གདབ། དེ་ལྟར་བསྐྱེད་པའི་ལྷ་རྣམས་ཀྱིས་དཔྲལ་བར་ༀ༔ ལས་ཟླ་བའི་སྟེང་དུ་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། །མགྲིན་པར་ཨཱཿལས་པདྨའི་སྟེང་དུ་གསུང་རྡོ་རྗེ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། ཐུགས་ཀར་ཧཱུཾ་ལས་ཐུགས་རྡོ་རྗེ་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཉི་མའི་སྟེང་དུ་བསྐྱེད་ཅིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡཱ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཝ་ག་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་ཨདྨ་ཀོ྅་ཧཾ། བརྗོད་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་ཡིན་མཉམ་པའི་ང་རྒྱལ་འཛིན་པའོ། །དེ་ནས་རང་གི་སྙིང་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གནས་ནས་ཁྲོ་བོའི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསྐོར་བ་མདུན་གྱི་ནམ་མཁའ་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས་ཤིང་། ཧཱུྃ་ཧ་ཧེ་ཕཊ་བྷྱོ། ས་པ་རི་ཝ་ར་བཛྲ་ས་མ་ཛ་ཛ་ཧཱུཾ་བཾ་ཧོ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། །ཞེས་པས་སྤྱན་དྲངས་ལ། ༀ་ཕྱོགས་དུས་དཀྱིལ་འཁོར་བདག་གི་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་སོ། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལས། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡིན། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་བའི་དམ་ཚིག་མཆོག །ཅེས་པས་སྙན་གསན་དབབ། །ༀ་བཛྲ་པུས་པེ་ཧཱུཾ་ཞེས་དང་། དྷུ་པེ། ཨ་ལོ་ཀ། གནྡྷེ། ནེ་ཝི་ཏེ། ཤབ་ཏ། ཞེས་མཆོད་པ་རྣམས་ཀྱིས་མཆོད། ༀ་བཛྲ་ཨཾ་གྷུ་ཤ་ཛཿ ༀ་བཛྲ་པ་ཤ་ཧཱུཾ། ༀ་སྤོ་ཊ་བཾ། ༀ་ཨ་བེ་ཤ་ཧོ། ཞེས་ཕྱག་རྒྱ་དང་བཅས་པས་གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་ཡང་། བཛྲ་ས་མ་ཡ་ཛཿ དབང་གི་ལྷ་རིགས་ལྔ་ཡབ་ཡུམ་བཞི། བྱང་སེམས་ཁྲོ་བོ་བཅུ་རྣམས་སྤྱན་དྲངས་ལ་མཆོད་པས་མཆོད་ཅིང་། བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས། །བཅོམ་ལྡན་བདག་ཉིད་ཆེན་མོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་བསྐུར་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ་ཞེས་གསོལ་བ་བཏབ་པས། དེ་བ་རྣམས་ཀྱིས་དབང་བསྐུར་རིགས་མས་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དབང་བསྐུར་བའི་ཆུ་རྒྱུན་གྱིས་རྐང་མཐིལ་ཡན་ཆད་གང་། དྲི་མ་དག་དབང་བཞི་རྫོགས་པར་ཐོབ། ལྷག་མ་ཡར་ལུད་པས་གཙོ་བོ་ཡབ་ཡུམ་ལ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱིས་དབུ་བརྒྱན། ཤར་དང་ཤར་ལྷོའི་ལྷ་རྣམས་ལ། བྷུདྡྷ་ཧེ་རུ་ཡབ་ཡུམ་གྱིས་དབུ་བརྒྱན། ལྷོ་དང་ལྷོ་ནུབ་ཀྱི་ལྷ་ཐམས་ཅད་ལ་རཏྣ་ཧེ་རུ་ཡབ་ཡུམ་གྱིས་དབུ་བརྒྱན། །ནུབ་དང་ནུབ་བྱང་གི་ལྷ་རྣམས་ལ། པདྨ་ཧེ་རུ་ཡབ་ཡུམ་གྱིས་དབུ་བརྒྱན། བྱང་དང་བྱང་ཤར་གྱི་ལྷ་རྣམས་ལ་ཀརྨ་ཧེ་རུ་ཡབ་ཡུམ་གྱིས་དབུ་བརྒྱན་པའོ། ༀ་མ་ཧཱ་ཤུ་ནྱེ་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་དར་ཤ་ཛྙ་ནབཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མན་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏ་པྲ་བྷེ་ཤ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛན་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ཞེས་བརྗོད་པས། རིགས་ལྔ་ཡེ་ཤེས་ལྔ་གང་ཡིན་པའོ། །ཞེས་ང་རྒྱལ་འཛིན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཞེས་བརྗོད་པས། སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིན་པའི་ང་རྒྱལ་འཛིན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུ་ཙ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ཞེས་པས་མཆོད་པ་འཕྲིན་ལས་ཐམས་ཅད་ཀྱི་ང་རྒྱལ་བསྐྱེད་དོ། །དེ་ནས་རང་བཞིན་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ཀ་དབྱེར་མེད་དུ་འགྱུར་བ་ལ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། །ཞེས་རིག་པའི་མེ་ཏོག་དོར། ༀ་ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་བརླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་གསོལ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་སྟྭཾ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་སྭཾ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧོ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། །ཅེས་བརྗོད་པས། རང་བཞིན་གྱིས་ལྷ་རྣམས་ཀྱི་ཐུགས་ཁ་ནས། །ཕཊ་ནག་པོ་གྲངས་མེད་པ་འཕྲོས་པས། །བདག་གི་སྒོ་གསུམ་གྱི་སྡིག་པ་སྦྱངས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། །དེའི་དྲིན་གྱི་ལན་དུ་མཆོད་པ་ནི། ཨ་ལ་ིཨུ་ལི་ཏ་ལི་ཏ་པཱ་ལི་དཤྟཾ་གོ་ཎཱ་ར་ཏྲི་ཁ་རཾ་ཡོ་ནི་ཁ་ཧི་ཧོ། ཧཱུཾ་ཧ་ཧེ་ཕཊ་བྷྱོ། ཞེས་པས་ལྷ་རྣམས་ལ་མཆོད་པའི་ཚེ། རང་བཞིན་ཏིང་ངེ་འཛིན་གྱི་ལྷ་སྤྲོས་ནས་མཆོད་པས་ཧཱུཾ་ཧ་ཧེ་ཕཊ་བྷྱོ་ཞེས་པས་རང་རང་ལ་བ སྟིམ་པ་ནི་ཧཱུཾ་གིས་རིགས་ལྔ་བསྟིམ། ཧ་ཡིས་ཀོ་རི་མ་བསྟི མ་ཧེ་ཡིས་ཕྲ་མེན་མ་ཕཊ་ཀྱི་སྒོ་མ། བྷྱོ་ཡིས་དབང་བོ་བསྟིམ་མོ། །རཾ་གྱི་མེ་དཔུང་གི་དབུས་ན་བཞུགས་སོ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་ཧོ། སརྦ་དུཥྚ ན་ས་མ་ཡ་མུ་ཏྲ་པྲ་བ་ན་ཙཀྲ་ཧཱུྃ་ཕཊ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མ་སྟྭཾ། ཨ་ཝ་སྟཾ་བྷ་ཡ་ཀ་ཧཱུྃ། བཛྲ་གུ་ཧྱེ་ཏྲི་ཤ་ཧ། ས་མ་ཡ་སྟྭཾ། ༀ་བཛྲ་གུ་ཧྱེ་བྲི་ཤ་ཧོ་ས་མ་ཡ་ཧོ། བཛྲ་གུ་ཧྱ་ཏྲི་ཤ་ཧོ། ས་མ་ཡ་ཕཊ། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མ་ར་པྲ་བན་ཙཀྲ་བ་ག་ཤ་ཡ་བ་ག་ཤ་ཡ། བི་ཏང་ས་ཡ། བི་ཏཾ་ས་ཡ། ཧེ་བྷ་ག་ཝན་བུ་རེ་ཤ་ཏི་སྟྭཾ་པ་ཡ་ཀ་ཧཱུྃ་ཕཊ། ཅེས་པས། བདག་གི་དངོས་གྲུབ་མ་ཐོབ་ཀྱི་བར་རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་མེད་དུ་བཞུགས་པར་བསམ། སྐབས་འདིར་ཐོད་པ་ཚར་གསུམ་གྱིས། །དམ་ཚིག་བསྐུལ་བ་དང་། ཁྱུང་གཤོག་གིས་ཟིལ་གྱིས་མནན་པ་བསྐྱེད་རྫོགས་དང་མཐུན་པར་བྱས་ན་རུང་བར་འདིར་གཏུམ་ཆེན་གྱི་བསྟོད་པ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལ་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ངང་གི་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །མི་གནས་མི་དམིགས་ཆོས་སྐུར་དག་པ་ལས། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྟོན་པ། །ཐུགས་རྗེས་གཟིགས་ལྡན་གདུག་པ་ཐབས་ཀྱི་འདུལ། །བཅོམ་ལྡན་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཐབས་དང་ཤེས་རབ་འབྲེལ་པའི་དཀྱིལ་འཁོར་ནས། །མཁའ་འགྲོ་མི་ཟད་འབར་པའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ནམ་མཁའ་ལུས་ཅན་གར་ཡང་ཐོག་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། སརྦ་ཏ་ཐཱ་ག་ཏ་བ་ན་ཏྲ་ནི་ཀ་རེ་ཡ་མི། མ་ཧཱ་ཡོ་གི་ནི་པྲ་ཏི་པུ་ཧོ། དམ་བཅའ་བ་ནི། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅའ་ལ། བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་ལ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་བརླབས་མཛད། །དུས་ངན་ཐལ་མའི་ལོ་ཀ་འདིར། །སངས་རྒྱས་མཛད་བཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འ གྲུབ་གྱུར་ཅིག །ཕྱག་རྒྱའི་མཆོད་པ་བྱ་བ་ནི། ལྷ་གང་དང་གང་གི་ཕྱག་རྒྱ་འཆའ་བའི་ཚེ། ཕྱག་རྒྱ་བཞི་དང་ལྡན་པར་བྱས་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལས་ཀྱི་ཕྱག་རྒྱ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དམ་ཚིག་གི་ཕྱག་རྒྱ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ཕྱག་རྒྱ་ཆེན་པོ་ཞེས་དྲན་ཞིང་མཆོད། བཛྲ་ཧེ་རུ་ཀའི་ཕྱག་རྒྱ་ནི། གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྩེ་དགུ་རྩེ་ལྔ་ཏི་ར་གཡས། །དྲིལ་བུ་དུང་དམར་འཇིག་རྟེན་གཡོན། །དཔལ་ཆེན་རྡོ་རྗེ་ཐབས་ཀྱི་རྒྱ། །ཤེས་རབ་ཡུམ་གྱིས་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་ཤེས་རབ་ཐབས་ལ་བ རྟེན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །ཀྲོ་ཏི་ཤྭ་རི་དབྱིངས་ཀྱི་རྒྱ། །ཤར་གྱི་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་སེར་དབུས་སྨུག་ཞལ། །འཁོར་ལོ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་ཏྲི་ཤུལ་གཡོན། །དཔལ་ཆེན་བུདྡྷ་ཐབས་ཀྱི་རྒྱ། །ཤེས་རབ་ཡུམ་གྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག །གཡས༴ གཡོན་པ༴ ཀྲོ་ཏི༴ ལྷོ་ཡི༴ གཡས་སྔོ་གཡོན་དམར་དབུས་སེར་པོ། །རིན་ཆེན་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་དགྲ་སྟྭ་གཡོན། །དཔལ་ཆེན་རད་ན༴ ཤེས་རབ་ཡུམ་གྱི༴ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །གཡས༴ གཡོན༴ ཀྲོ་ཏི༴ ནུབ་ཀྱི༴ གཡས་དཀར་གཡོན་སེར་དབུས་དམར༴ པདྨ་རྡོ་རྗེ་ཏི་ར༴ དྲིལ་བུ་དུང་དམར་རྔ་ཆུང་གཡོན། །དཔལ་ཆེནཔདྨ༴ ཤེས་ར བ༴ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས༴ གཡོན༴ ཀྲོ་ཏི༴ བྱང་གི༴ གཡས་དཀར་གཡོན་དམར་དབུས་ལྗང། །རྒྱ་གྲམ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་ཐོང་གཤོལ༴ དཔལ་ཆེན་ཀརྨ༴ ཤེས་རབ་ཡུམ༴ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་། །གཡས༴ གཡོན༴ ཀྲོ་ཏི༴ འབར་བའི༴ མཆོད་བཞེས༴ གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །གོ་རི་བན་དམར་ཞིང་དབྱུག་སྔོ། །ཙ་རི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་འཆང། །བེ་ཏ་བྱི་ཟ་རྡོ་ཕྱར་ནག །པུཀྐ་དམར་སེར་བྱི་རྒྱུ་འདྲེན། །གསྨ་དུང་དམར་འཕྲུལ་འཐུང་ལྗང་། །སྨེ་ཤ་མཐིང་ཁ་བྱི་སྙིང་ཟ། །ཙཎྜ་སེར་སྐྱ་མཆོག་ལུས་འབྲལ། ། འབར་བའི༴ མཆོད༴ སེང་ཧ་ཁ་རོ་སྣོལ་སེར་སེང་། །བྱ་གྷྲི་གནས་ལྟག་བསྣོལ་མར་སྟག །སྲི་གྷ་ནག་མོ་བྱིས་ལྡག་ཝ། །ཤྭ་ན་འདྲལ་ལྟ་གཐིང་ཀ་སྤྱང་། །གྲི་དྷ་མགྲིན་དམར་ཁྱུང་མགོ་རྒོད། །ཀཱང་ཀ་ཞིང་ཕྲག་སྣར་མགོ་རིང་། །ཁཱ་ཁ་ཁ་རོ་བན་གྲི་ནག །ཧཱུ་ལུ་ལྕགས་ཀྱུ་མཐིང་ཚོགས་འུག །འབར་བའི༴ མཆོད༴ སྒོ་བཞི་རབ་རྔམ་ཕྱག་རྒྱ་ནི། །རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན། །ཕག་གདོང་སེར་མོ་མཆེ་ཞགས་ཅན། །ཉི་ཟླ་ལྕགས་སྒྲོགས་མེ་འབར་མ། །ཐལ་བྱེད་དྲིལ་ཁྲོལ་སྣ་ཚོགས་མདོག། །འབར་བའི༴ མཆོད༴ འཇིག་རྟེན་འདས་དང་འཇིག་རྟེན་པའི། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་པ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏྲི་ཤུལ་ལ། །གཏོང་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་ལོ་དུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་ཨིནྟྲ་གདེངས ། །རྡོ་རྗེ་སེར་མོ་ཙན་དན་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་པུན་ཌ་རི། །བེ་ཆེན་ལྗང་ནག་དབྱུག་ཐོ་འཆང། །སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ཟ་བ་ལྗང་ནག་བ་སུ་འདྲེན། །དགའ་བ་དམར་མོ་ཀ་དར་འཆང་། །སྟོབས་ཆེན་དམར་མོ་གཤོལ་འཛིན་མ། །རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །འདོད་པར་དམར་མོ་མདའ་གཞུ་འགེངས ། །ནོར་བསྲུངས་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཆང་། །གཅོད་བྱེད་ལྗང་ནག་རལ་གྲི་སོ། །མེ་མོ་དམར་མོ་གསལ་ཤིང་འཆང་། །ཕག་མོ་ནག་མོ་མཆེ་ཞགས་ཅན། །རྒྱལ་བྱེད་དམར་མོ་ཞིང་ཆུང་ཟ། །སྣ་ཆེན་དཀར་མོ་ཐོད་ཁྲག་འཐུང་། །ཆུ་ལྷ་དཀར་མོ་སྦྲུལ་ཞགས་འཛིན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། རྡོ་རྗེ་སེར་མོ་ར་མགོ་ཞགས། །རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ། །རྡོ་རྗེ་ལྗང་ནག་དྲིལ་ཁྲོལ་དགྱེས། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་བསྐོངས་མཐུ་དང་དངོས་གྲུབ་གསོལ། །ཀུན་ཏུ་བཟང་པོའི་མཆོད་པ་འདི། །བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ཤྲཱི་པ་ཏྲ་ན་མ་སརྦ་ཏ་ཐཱ་ག་ཏོ་བྷྱོ། བི་ཤྭ་མུ་ཁེ་བྷྱེ། སརྦ་ཏཏྟཾ་ཨུད་ག་ཏེ་སྦ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭ་ཧཱ། ཕྱག་རྒྱ་དང་ཞབས་བསིལ་གྱིས་མཆོད་པ་ནི། ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨ་ཧ་ར་སརྦ་བཛྲ་བིདྱ་དྷ་ར་པུ་ཛི་ཏེ། །ན་མ་ས་མན་ཏ་བུདྡྷ་ན ན་ག་ག་ན་ཁཾ་ས་མ་ཡེ་སྭ་ཧཱ། ལྷ་མོ་བཞི་བསྣོལ་ནི། དེ་ནས་སྤོས་ལ་སོགས་པའི་མཆོད་པ་ནི། གདུགས་མ་དཀར་མོ་རྡོ་རྗེས་མཚན་པའི་སྤོས་བསྣམས་པ། མེ་ཏོག་མ་སེར་མོ་མེ་ཏོག་གི་ཟ་མ་ཏོག་བསྣམས་པ། མར་མེ་མ་དམར་མོ་མར་མེའི་གདུ་བུ་བསྣམས་པ། དྲི་མ་ལྗང་ཁུ་དྲིའི་དུང་ཆོས་བསྣམས་པ་ནམ་མཁར་བསྒོམ་ལ། ངག་ཏུ། ༀ་པ་ནེ་པེཾ་པེ་ནུ་སུ་ར་ཏོ། ཏྭི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུཾ། ས་མ་ཡོ་ཏ་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུཾ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཀ་སིདྡྷི་ཧཱུཾ། ༀ་ཤྲི་བཛྲ་རཱ་ག་དྷུ་པེ་དྷུ། བཛྲ་པུཥྤེ་པཱུ། བཛྲ་ཨ་ལོ་ཀེ་ཧྲི། བཛྲ་གཎྜེ་གན། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། ༀ་ཨཱཿཧཱུཾ། དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །ༀ་ཨཱཿཧཱུཾ། དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། ༀ་ཨཱཿཧཱུཾ། དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་ཐམས་ཅད་དག་ཅིང་གྲུབ་པར་མཛོད། ལྷ་མོ་རྣམས་གཙོ་བོ་ལ་ཐིམ། །དེ་ནས་སྨན་གྱིས་མཆོད་པ་ནི། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔའི་དངོས། ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། ། རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས། །ཐུགས་དམ་དབྱིངས་ཉིད་བསྐང་བའི་མཆོག །ཅེས་ཆེ་བའི་ཡོན་ཏན་བསམ་ལ། །ཐོག་མར་རྩ་བའི་བླ་མ་དང་། །སྒྱུ་འཕྲུལ་གྱི་བླ་མ་རྣམས་ཀྱི་མཚན་དངོས་སུ་མཆོད་ལ། །བདུད་རྩི་གཡོན་པའི་འཐེབ་སྲིན་གྱིས་བླངས་ལ། སྨིན་མཚམས་སུ་གཏོར། འདི་ནི་སྔོན་གྱི་དམ་ཚིག་ཆེ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེ་དགོངས་ནས་བཞེས་སུ་གསོལ། །བཞེས་ནས་ཀུན་དུ་དགྱེས་མཛོད་ལ། འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཙ་ཧོ། ཤྲཱི་ཝན་ཁ་རམ་ཁཱ་ཧི། ཧཱུཾ་ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ལྔ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་བསྩོལ། །མ་ཧཱ་པཉྩ་ཨ་མྲི་ཏ་ཁ་ཧཱི། དཔལ་ཆེན་སྐུ་ལ་གཉིས་མེད་ལྷུན་སྦྱོར་བའི། ཀྲོ་དྷི་ཤྭ་རི་ལ་སོགས་ཡུམ་ཆེན་ལྔ་རྣམས་ལ། རྣམ་དག༴ ཐུགས་རྗེ༴ མཐིང་ཁ་མཆོག་རྣམས་རྡོ་རྗེ་གསང་བའི་ཡུམ། །ཀོ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ རྡོ་རྗེ་མགོ་བརྙན་ཟ་བྱེད་མཆེ་གཤོག་ཅན། །སེང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ སྒོ་བཞི་རབ་རྔམས་རྡོ་རྗེ་གདོང་མོའི་ཚོགས། །རྟ་གདོང་ལ་སོགས་སྒོ་མ་བཞི་རྣམ་ལ། རྣམ་དག༴ ཐུགས༴ དཔལ་ཆེན་འཁོར་ཚོགས་བཛྲ་ཨ་ར་ལི། །མཁའ་འགྲོ་ཤུགས་འགྲོ་མ་སྲིང་རྒྱ་མཚོ་ལ། །རྣམ་དག༴ ཐུགས༴ ཅི་བགྱིས་ལ་སོགས་གིང་དང་ཕོ་ཉའི་ཚོགས། །འབར་མ་ལ་སོགས་བཀའ་སྡོད་ཚོགས་རྣམས་ལ། །རྣམ་དག༴ ཐུགས༴ སྡོམ་ལ་གནས་ཤིང་རིག་འཛིན་གྲུབ་པའི་ས། ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་ལ། །རྣམ་དག༴ ཐུགས༴ དམ་ཚིག་དབང་དང་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་རྡོ་རྗེ་སློབ་དཔོན་ལ། །རྣམ་དག༴ ཐུགས༴ ཤེས་པའི་ཁྱད་པར་རིམ་པར་དབང་བསྐུར་བའི། །རྒྱལ་ཐེབ་སྤྱན་དང་ཀར་མའི་ཀིང་རྣམས་ལ། །རྣམ་དག༴ ཐུགས༴ འཇིག་རྟེན་འདི་དང་ཕྱི་མ་གཉིས་ཀ་རུ། །དམ་ཚིག་གཟུངས་ཀྱི་འབྲེལ་པའི་རྡོ་རྗེ་མཆེད་ལྕམ་ལ། །རྣམ་དག༴ ཐུགས༴ མ་ཧཱ་པཉྩ་ཨ་མྲི་ཏ་ཁཱ་ཧི། ལྕེའི་རྡོ་རྗེ་དམ་ཚིག་ལ། རྡོ་རྗེ་ཅན་གྱི་ཧཱུཾ་སྒོམ་སྟེ། །བདུད་རྩི་ལྔ་ལ་སྦྱར་བའི་སྨན། མྱོང་ན་དངོས་གྲུབ་གསུམ་ཐོབ་འགྱུར ། །ༀ་ཨཱཿཧཱུཾ། ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཾ། ཙི་ཏ་སིདྡྷི་ཧཱུཾ། ཏིཥྛ་བཛྲ། ཞེས་བརྗོད་པས། །དངོས་གྲུབ་ཐོབ་པས་བརྟན་པར་བྱའོ། །དེ་ན་རྨད་དུ་བྱུང་བའི་གཏོར་མ་འབུལ་བ་ནི། ཛ་ཧཱུཾ་བཾ་ཧོ། ལན་གསུམ་བརྗོད་པས། འདོད་ཡོན་གྱི་ལྷ་མོ་གཏོར་མའི་གཟུགས་ཉིད་དུ་གྱུར་ཏེ། གཟུགས་ཀྱི་ལྷ་མོ་མེ་ལོང་བསྣམས་པ། སྒྲའི་ལྷ་མོ་དམར་མོ་པི་ཝཾ་ཅན། དྲིའི་ལྷ་མོ་ལྗང་ཁུ་དྲི་དུང་ཆོས་ཅན། རོའི་ལྷ་མོ་དམར་མོ་ཞལ་ཟས་བསྣམས་པ། རེག་བྱའི་ལྷ་མོ་ལྗང་ཁུ་ན་བཟའ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་བསྣམས་པ། ཆོས་ཀྱི་ལྷ་མོ་དཀར་མོ་དྷརྨ་་ཆོས་འབྱུང་ཐོག་པ། གཏོར་མའི་གཟུགས་ཀྱི་རྣམ་པར་གྱུར། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཞལ་ནས། འོད་ཀྱི་སྦུ་གུ་བྱུང་གཏོར་མ་ལ་གསོལ་བར་བསམ་ཞིང་། ངག་ཏུ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨི་དཾ་དྷུ་པ་པུས་པ་དྷི་པ་གནྷེ། བྷ་ལིང་ཏ་པྲ་ཏི་ཛ་ཧོ། །ཤྲི་མཱ་ན་ཁ་ཁ་ཁ་ཧི་ཁ་ཧི། ཞེས་འབུལ་ལོ། །གསང་ནན་གྱི་མཆོད་པ་ནི། བླ་མེད་མཆོག་གི་པ་དམ་པ་སྦྱར་བ་ནི། །ཡེ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོ། འདོད་པའི་ཡོན་ཏན་ལྔའི་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧཱི། སྒྲོལ་བའི་མཆོད་པ་ནི། རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། ཡེ་ཤེས་མེ་ཆེན་སྒོམ་བྱས་ཏེ། །ཐམས་ཅད་མ་ལུས་བསྲེག་པར་བྱའོ། །སྲིད་གསུམ་བསྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །རཾ་སྦྱོར་བའི་མཆོད་པ་ནི། ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨ་ལ་ནི་རྡོ་རྗེ་ཞུགས། །འཁྲིལ་བའི་མཆོད་སྦྱིན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱའོ། །ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཨ་ནུ་ར་ག་ཡ་མི། ཨ་ནུ་ར་ག་ཡ་ཧོ། འདོད་ཡོན་གྱི་མཆོད་པ་ནི། བཟའ་དང་བཅས་དང་བཏུང་དང་སྒོ། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། ཆོས་ཉིད་ལ་ནི་ཆོས་ཉི་རོལ། རཀྟའི་མཆོད་པ་ནི། ཛཿཧཱུཾ་བུཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨ་བེ་ཤ་ཡ། ཨཱ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཤྲཱི་མཱ་ན་ཁ་རཾ་ཁ་ཧི། གཉིས་པ་ཧེ་རུ་ཡི་གནས་བཅུ་དང་། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ། དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་སྙིང་ཙིཏྟར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་སྐྱིལ། ། མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱི། མ་ལུས་གཤེགས་ནས་བསྣམས་སུ་གསོལ། ཛ་ཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་རཱུ་ཏྲ་མཱ་ར་ཡ། ཁ་ཁ་ཁཱ་ཧཱི་ཧྲི་དྷ་ཡ་སི་པ་ཧཱུཾ་ཕཊ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་ཀ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་ཟ་བར་བྱའོ། །ཛཱཿཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་མ་ཧཱ་མཱཾ་ས། མཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཀེཾ་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲི་ཏ། མ་ཧཱ་ཨརྒྷཾ་པྲ་ཏིཙྪ་ཧོ། ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། རྒོད་དང་གཤེད་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པའི། སྐུའི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། གར་བཅས་བསྒྲུབ་པའི་རྣལ་འབྱོར་པས། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། ཟླ་བ་ལ་སོགས་སྙིང་པོ་ཅན། །མཾ་ས་ལ་སོགས་རོ་མཆོག་སྩོལ། །མེ་ཏོག་ལ་སོགས་ཙན་དན་དྲི། །བཟང་དགུར་དབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་བརླབས་ཤིག་རྣལ་འབྱོར་པ། བསྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཅེས་པས་བསྟོད། གཟིགས་པ་རྣམས་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམས་པ་སྣ་ཚོགས་འོ་བྱེད་འཁྱུད་པའི་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོག་བསྟན་ཀུན་གསོལ་ལ། །རྣམ་པ་སྣ་ཚོགས་ངོ་མཚར་བསྟན་དུ་གསོལ། ། རྒྱས་སྟོན་རྨོངས་བྱས་རྣམས་སུ་གསོལ། །བདེ་མཆོག་ངོ་མཚར་བདེ་ལ་བཞུགས། །ཧཱུཾ་ཨ་ལ་ལ་ཧོ་སྣང་བར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །དམ་ཚིག་བདག་ལ་བཞུགས་སུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་པ་དག་བསྣམས་སུ་གསོལ། །ཉོན་མོངས་ཐམས་ཅད་གསལ་བར་མཛོད། །ཧི་དབང་ཕྱུག་སྐུ་གསུང་ཐུགས་ཀྱི་བདག་ཉིད་རྒྱལ་བ་རྒྱ་མཚོའི་ཚོགས། ཨེ་ཧྱ་ཨི་ཧི་ཚུར་བྱོན་འཁོར་དང་བཅས། ཛཿཧཱུཾ་བཾ་ཧོཿསྤྱན་འདྲེན་མ་ལུས་གཤེགས་སོ་གསོལ། ཀ་ལ་ཀི་ལ་ཧ་ཧ་དགའ་བའི་གཞད་མོས་ཁེངས། །བདེ་སྤྱོད་བདེ་དྲངས་ཨ་ཧོ་སུ་ཀ་ཀྵི་པ་ཀ །ཏི་ཏ་ཤི་ཤ་སློབ་མ་བཞུགས་ཤིག་སྣང་བར་མཛོད། རོལ་ཞིག་དགོངས་ཤིག་འདོད་པའི་བདག་ཉིད་ཏི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དྷ་ར་དྷ་ར་ཧ་ར་ཧ་ར། ཟོ་ཅིག་ངོ་མཚར་མཆོག་ཏུ་སྟོབས་སོ། །ཁ་ཁ་ཁཱ་ཧཱི། བདུད་རྩི་དམར་ཆེན་སྙིང་པོ་ལྔ། མཾ་ས་ལ་སོགས་ཚེ་འཕེལ་མཆོག །མ་རྩ་མེ་རྩ་རཀྵ་ཏ་རུ་ཏི་རེ་མ་ཏ། ཉེ་བར་སྒྲུབ་པའི་སྙིང་པོ་སྒྲུབ་རྫས་རྣམས་། །དྲི་མེད་གཟི་ལྡན་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། །ཡེ་ཤེས་རྒྱ་མཚོ་ཐམས་ཅད་དགྱེས་ཤིང་རོལ་དུ་གསོལ། །དེ་རྣམས་ཀྱིས་མཆོད་ཅིང་འཕྲིན་ལས་བཅོལ་བའོ། །མཉེས་བྱེད་སྟོངས་པས་ལྷག་པའི་བདེ་བ་འདོད་པའི་གཟུགས་སྟོན་པ། །འདུལ་བའི་དབང་གིས་གཤིན་རྗེ་སྟོང་པས་ལྷག་པར་རབ་ཏུ་སྟོན། །དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་དེ་བཞིན་གཤེགས་ཀུན་འགྲུབ་པར་མཛོད། །ཐམས་ཅད་དག་པར་མོས་པས་ངོ་མཐོང་སྟོབས་ཀྱིས་ནོན་པར་མནོན། ཧི་ཧི་ཧི་ཧི། དབང་ཕྱུག་ཐམས་ཅད་ཤིག་ཤིག་རབ་ཏུ་ཤིག །རབ་ཀྱི་རྩ་ལ་གནོན་པའི་སྟོབས་ཀྱི་ངོ་མཐོང་དབང་ཕྱུག་ནོན། སྦྱོར་ཆེན་ཧཱུ་ལུ་ཧུ་ལུ་མི་གསུམ་པ་ལས་གསུམ་གྲུ་དྲངས། ། རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱི་ངོ་མཐོང་མཐུ་ཆེན་ནོན། །མཉམ་སྦྱོར་རུ་ཏྲ་མ་ཏྲ་སྙིང་ལས་དཔལ་མོ་དྲོངས་ཤིག་རབ་དྲོངས་ཤིག །རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱིས་ངོ་མཐོང་ཚངས་པ་ནོན། སྦྱོར་ཆེན་ཚངས་པ་དྲོངས་ཤིག་རབ་དྲོངས་ཤིག །སྨ་ར་ཐ་རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱི་ངོ་མཐོང་དགའ་དབང་ནོན། །མཉམ་སྦྱོར་ཀུན་གྱིས་བདག་ལ་དགའ་དྲོངས་ཤིག་ཨ་ལ་ལ་ཧོ། གདུག་ཅིང་ཁྲོ་རྒྱལ་རབ་ཏུ་གཏུམ་པས་སེམས་ཅན་བསྒྲལ་བའི་ཕྱིར། བསྒྲུབ་ཞུགས་ཨ་ལ་ལ་ཧོ། སུམ་བྷ་ནི་སུམ་བྷ་ཧཱུཾ། མཛའོ་མི་ལ་བྱའམ་མི་བྱ་བ། ཡོངས་སུ་རྟོགས་པ་དེ་དག་མིང་ཀྱང་སླ། །དེ་འདྲའི་འཛའོ་སྒྱུ་མ་ཡིན་པས་མེད་ཀྱང་སླ། དེ་འདྲའི་སྒྲོལ་བ་སྒྱུ་མ་ཡིན་པ་དེ་ལ་དཔའ་ཞེས་སུ་ཞིག་ཟེར། ཞེས་འཕྲིན་ལས་བཅོལ། ཀྲོ་ཏ་ཀྵ། ཀྲོ་ཏ་བྷ། ཀྲོ་ཏ་ཀྲོ་ཏ། སཙྪ། ཀ་ཏི་ར་ག །ཀོ་ལ་ཀོ་ལ་ཀོ་ལ། བ་ས་ཀྵ། ཀ་ལ་ཏ་ཐཱ། ཞེས་གནོད་་སྦྱིན་གྱི་སྐད་ཀྱི་བསྟོད། རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། །སྟོན་ཀ་ཟླ་གསལ་དྲི་མེད་ཞལ་མངའ་བ། །བཅོམ་ལྡན་བདེ་གཤེགས་རྡོ་རྗེ་དཀྱིལ་འཁོར་དབྱིངས། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང་། ཕྱག་བརྙན་གཏུམ་ཆེན་རྔམ་པའི་ཚོགས་ལ་སོགས། བསོད་ནམས་ཡེ་ཤེས་ཚོགས་ནི་ཞིང་རབ་རྫོགས། དགྱེས་པ་གར་གྱི་མཆོད་པ་སྦྱར་བ་འདི་བཞེས་ཤིག །ཨ་ལ་ལ་སྟེ་དགྱེས་པར་མཛོད། ཅེས་པར་རོལ་མོའི་ཁྱད་པར་བཅུ་སྦྱར་ལ་འབུལ །ༀ་བཛྲ་ཨེ་ས་ཧཱུཾ། བེ་ས་ཧཱུཾ། ས་མ་བག་ཤ་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོ། ཨརྒྷཾ་པྲ་ཏ་ིཛ་ཧོ། མཆོད་ཅིང་བཤགས་པའོ། །ཧོ་སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ན། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། རིགས་ལྔའི་བདེ་བར་གཤེགས་པའི་རིགས་མཆོག་གཟུངས་ཀྱི་ཡུམ་གྱི་དབྱིངས་ན་རྟག་ཏུ་རྣམ་པར་བཞུགས་པ། འཕགས་པའི་ཚོགས་ཕུན་སུམ་ཚོགས་པ་དང་བཅས་པ་ཐུགས་རྗེའི་དབང་གིས་ཤིན་ཏུ་ཁྲོས་ཤིང་ཡེ་ཤེས་ཆེན་པོའི་རོལ་པ་རྨད་དུ་བྱུང་བའི་དྲག་ཤུལ། བླ་ན་མེད་པའི་ཐབས་རྒྱ་མ ཚོ་དང་ལྡན་པའི་རྒྱལ་པོ། བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ། བཛྲ་ཌ་ཀི་ནི། ཡུམ་ཀྲོ་དྷི་ཤྭ་རི་མ་དང་གཉིས་སུ་མེད་པའི་རོལ་པའི་བྱིན་རླབས་ལས་བྱུང་བ། རིགས་ལྔའི་དཔའ་ཆེན་པོ་ཡབ་ཡུམ་ག་རིའི་ཚོགས། སེང་ཧའི་འཁོར་ཕྱི་ཡི་གྲུབ་པ་མོ་དང་། ནང་གི་རྣལ་འབྱོར་མ་དང་། ཡེ་ཤེས་དང་ལས་ལས་སྐྱེས་པ་ཐམས་ཅད་མཁྱེན་པ་དང་བྱིན་རླབས་དམ་པ་མཛད་དུ་གསོལ། གཞན་ཡང་རྣལ་འབྱོར་ཕ་དང་། །རྣལ་འབྱོར་མ་དང་། ཕོ་ཉ་ཕོ་དང་། ཕོ་ཉ་མོ་དང་ཅི་བགྱིས་དང་། །བཀའ་ཉན་ཐམས་ཅད་དང་། ཕྱོགས་བཅུ་དུས་གསུམ་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ །དགོངས་པ་རྣལ་འབྱོར་གྱི་དོན་ལ་ཐུགས་རྩེ་གཅིག་ཏུ་དགོངས་ཤིང་གསང་སྔགས་མ་ཧཱ་ཡོ་གའི་དོན་གཞུང་དུ་མཛད་པ་ཐམས་ཅད་མཁྱེན་པ་དང་བྱིན་གྱིས་བརླབས་པ་དམ་པ་མཛད་དུ་གསོལ། གཞན་ཡང་རྣལ་འབྱོར་གྱི་མཆོད་ཡོན་དམ་པ་ཕུད་ཀྱི་ཁྱད་པར་གྱི་མཆོག་འདི་ལས། ཆོས་ཉིད་ལས་ཆོས་ཉིད་བྱུང་སྟེ། འབྱུང་བ་ཆེན་པོ་ཀུན་རྫོབ་ཀྱི་མཚན་ཉིད་རྩམ་ལས་བསྡུས་ནས། དེང་སྤྲུལ་པ་ལ་སྤྲུལ་པ་རོལ་ཞིང་རྣལ་འབྱོར་གསང་བ་མཆོག་གི་མཆོད་པ་དང་། ལོངས་སྤྱོད་རྫོགས་པའི་ཚུལ་དུ་སྦྱར་བ་འདི། བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་དབང་མི་འཚལ་བའི་སླད་དུ། ཕུད་དང་གཙང་མར་དཔགས་ཏེ། དགའ་མགུ་གུས་པའི་སེམས་ཀྱིས་མཆོད་པའི་ལྷ་མོ་ལྟར། འདོད་འཇོས་རྟོགས་པའི་ཚུལ་དུ་གར་ཡེ་ཤེས་ཀྱི་སྤྱི་གཙུག་ལ་བླངས་ཏེ། རྒྱལ་བའི་དཀྱིལ་འཁོར་རིན་པོ་ཆེའི་གཞལ་ཡས་ཁང་ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པ་བྱུར་བུར་བཀང་སྟེ། འབུལ་ཞིང་མཆིས་ན། ཐུགས་ཆེན་པོའི་དབང་གིས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དགྱེས་པའི་ལྷུན་དུ་དགོངས་ཏེ། ཡེ་ཤེས་ཆུ་ཟླ་ལྟ་བུར་སྒྱུ་མ་ལ་སྒྱུ་མ་རོལ་ཞིང་དགོངས། སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་བཞེས་སུ་གསོལ། དེང་ཡོན་བདག་དང་བདག་ཅག་རྣམས་ཀྱི་ས་དང་པོ་གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོའི་སྒོར་ཁས་འ ཆེས་ཏེ། དམ་ཚིག་གཉན་པོ་མངོན་པར་ནོས་པ་ལས། །རྩ་བ་དང་ཡན་ལག་གི་དམ་ཚིག་ཆ་གསུམ་སུ་གྱུར་བ། ལྷ་ཉེ་བར་མ་སྒོམ་སྒོམས་པ་སྙིང་པོ་དག་པར་མ་བཟླས་པ། སྦྱོར་སྒྲོལ་མང་པོའི་བར་སྐུམ་པ། །དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། །མཆོད་པ་ལོ་ཟླ་ལས་འདས་པ། དམ་རྫས་དང་དུ་ལེན་པ་རྔོ་མ་ཐོགས་པ། །བསྙེན་པ་ལ་ཡུན་ཐུང་པ། འཛབ་ལས་ལ་གྲངས་ཉུངས་པ། ཏིང་ངེ་འཛིན་ཐངས་ལྷོད་དུ་གྱུར་བ། །ལེ་ལོ་དང་སྙོམས་ལས་གྱིས་དབང་དུ་གྱུར་བ། དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་བ། སེམས་ཅན་གྱི་རང་བཞིན་དུ་གྱུར་པ། སྔ་སླད་དུ་དམ་ཚིག་གི་ཆགས་ཉམས་སུ་གྱུར་པ་ཅི་འཆིས་པ་ཐམས་ཅད། དུས་འདིར་ཤིན་ཏུ་གནོང་ཤིང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ཤིང་མཆིས་ན། དབྱིངས་ཉིད་ནམ་མཁའ་དང་འདྲ་བའི་ངང་གི་སྐུ་བཟོད་པ་ཆེན་པོ་དང་དུ་བཞེས་ཏེ། ཚངས་པ་མཆོག་གི་ཡིད་བཞིན་དུ་ཐོབ་པར་མཛད་དུ་གསོལ་ལོ། །དངོས་གྲུབ་ཏུ་གསོལ་བ་ནི་ཐོགས་པ་མེད་པའི་ཤེས་རབ། །མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། གཡུང་དྲུང་ལྟ་བུའི་ལུས། །དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་བླ་མ་མན་ཆད་ནས། །དངོས་གྲུབ་ཀྱི་སྐལ་བ་དང་རྒྱུ་གང་ལགས་པ། དུས་ཕྱི་མ་ལས་སྡད་མི་འཚལ་བར། །དུས་འདི་ཉིད་དུ་ཐོབ་པར་སྩལ་དུ་གསོལ། །འཕྲིན་ལས་དང་སྙན་སྙུང་དུ་གསོལ་བའི་མདོ་ནི། བདག་ཅག་འཁོར་དང་བཅས་པ་ལ་སྡང་བར་སེམས་པའི་དགྲ། གནོད་པར་བྱེད་པའི་བགེགས། སྡུག་པའི་དབལ་དུ་གྱུར་པ། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འཕྲོག་སུམ་བརྒྱ་དྲུག་ཅུ། སོ་སོའི་རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། མི་ཤིས་པའི་རྐྱེན་དེ་དག་ཐམས་ཅད་བཟློག་ཅིང་། མིང་ཡང་མི་གྲགས་ཅིང་ཞི་བ་ཆེན་པོར་མཛད་དུ་གསོལ། །གལ་ཏེ་ཞི་བས་འདུལ་དུ་མ་བཏུབ་ན། དྲག་པོའི་འཕྲིན་ལས་ཀྱི་དབང་དུ་བསྡུ་བ་དང་། སྤྲོ་ཞིང་སྤར་བ་དང་། གཟིར་ཞིང་གནན་པ་ལ་སོགས་སྟེ། །འཕྲིན་ལས་དྲག་ཤུལ་རྣམ་པ་བཞིས། །ཇི་ལྟར་འདུལ་ཞིང་འཚམས་པ་བཞིན་དུ་མཛད་ནས། མིང་ཡང་མི་གྲགས་ཅིང་ཞི་བ་ཆེན་པོར་མཛད་དུ་གསོལ། །བདག་ཅག་དམ་ཚིག་འདི་སྔོན་དུ་བཞུགས་པ་རྣམས། གཅད་གཏུབ་ལུས་ལ་འབྱུང་བར་མི་འགྱུར་ཞིང་། །གྲིབ་མས་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བའི་མོད་ལ་འཚོ་བ་དང་། གཟི་མདངས་ལུས་ལ་ཕོག་པས་ཉི་མའི་འོད་ཟེར་སྟོང་ཕྲག་གི། ། འོད་བཞིན་འཇིག་རྟེན་ཁམས་འདིར་བྱུང་པ་དང་། ལུས་ངག་ཡིད་གསུམ་ཚེ་འདིར་རྡོ་རྗེ་རབ་སྣང་ཞིང ། །རེ་སྨོན་ཐམས་ཅད་དུས་འདི་ཉིད་དུ་ཐོབ་པར་སྩལ་དུ་གསོལ། །ཅེས་སྨོན་ལམ་གདབ་ཅིང་། དེ་ལྟར་བསྐྱེད་པའི་ལྷ་རྣམས་སྣང་ལ་རང་བཞིན་མེད་པ་དབང་པོའི་གཞུ་དང་འདྲ་བ་ལ་ཡིད་མཉམ་པར་བཞག་གོ །བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་གསུམ་བསྟན་པ་ཡང་སྐབས་འདིར་ཤེས་པར་བྱའོ། །དེ་ནསབཟླས་པའི་རྣལ་འབྱོར་ནི། བྷྲུཾ་བི་ཤྭ་བི་ཤུ དྡྷེ་བཛྲ་ཛྙ་ན་ཙཀྲ། བྷྲུཾ་ཛ༔ བཛྲ་ཤྲཱི་ཧེརུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་ཛ། ཞེས་བརྗོད་པས་གཞལ་ཡས་ཁང་མདུན་དུ་ཕྱེ་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྒྱུའི་ཧེ་རུ་ཀ་ལྟ་བུའི་ཡེ་ཤེས་སེམས་དཔའ་བསྒོམ་ཞིང་། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་རང་གི་མདོག་དང་མཐུན་པའི་ལྟེ་བར། རང་གི་ས་བོན་གྱིས་མཚན་པ། དེའི་འཁོར་ཡུག་ཏུ་རང་གི་ཉེ་སྐོང་དང་སྙིང་པོ་རྩ་སྔགས་ཀྱིས་བསྐོར་བ་གཡས་ཕྱོགས་སུ་འཁོར་བའི་འོད་ཟེར་ཕར་འཕྲོས་པས། །རང་གི་ཞལ་ནས་ཐོན་ཡུམ་གྱི་ཞལ་དུ་ཞུགས་ཐུགས་ཁར་ཐིམ། བདག་དང་བསྒྲུབ་བྱའི་སྡིག་པ་དང་སྒྲིབ་པ་དང་སྡུག་བསྔལ་ཐམས་ཅད་ཞི། ཚེེ་དང་བསོད་ནམས་རྒྱས། འགྲོ་བ་ཐམས་ཅད་དབང་དུ་བསྡུས། བགེགས་དང་ལོག་པར་འདྲེན་པ་ཚར་བཅད་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་བརླབས་འཇུག་པར་བསམ་ལ་བཟླས། ངག་ཏུ་ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་ཀུན་གཞི་སྐྱེ་བ་མེད་པའི་ཀློང་གདལ་ནས། །སྟོང་གསུམ་ཐམས་ཅད་དུར་ཁྲོད་གཞལ་ཡས་ཁང་། །རང་འབྱུང་ཡིད་ཀྱི་རིག་པར་རང་ཤར་བས། །རྒྱུད་དྲུག་ཐམས་ཅད་ཁྲག་འཐུང་རོལ་པའི་སྐུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་སྡེ་གདལ་བས། །སྒྲ་སྐད་ཐམས་ཅད་བཟླས་བརྗོད་སྔགས་ཀྱི་ཚིག །དྲན་རྟོགས་ཐམས་ཅད་ཁྲག་འཐུང་རོལ་པའི་ཐུགས། །འདི་ཡང་གསང་བའི་དཀྱིལ་འཁོར་དམ་པ་སྟེ། །བློ་ཆུང་ཐེག་དམན་རྣམས་ཀྱི་སྤྱོད་ཡུལ་མིན། །རྣལ་འབྱོར་ཆེན་པོ་རྣམས་ཀྱི་ནན་ཏན་བྱའོ། །ༀ་རུ་ལུ༴ ༀ་ནི་ཡེ་ཤེས་རྣམ་པ་ལྔ། །རུ་ལུ་གོང་མ་ཀོ་རི་ཁྲོ་མོ་བརྒྱད། །རུ་ལུ་འོག་མ་སེང་ཧ་ཕྲ་མེན་བརྒྱད། །ཧཱུཾ་ནི་དཔལ་གྱི་སྒོ་མ་བཞི། བྷྱོ་ནི་དབང་ཕྱུག་ཉི་ཤུ་བརྒྱད། ཧཱུཾ་ཁྲོ་བོ་ཆེན་པོ་བཅུ། རུ་ལུ་འབྲུ་བརྒྱད་གླུ་བླངས་པས། །སྔོན་གྱི་རྒྱལ་བ་གླུ་ཡི་བསྒྲུབ། ། རིག་འཛིན་རྡོ་རྗེ་གླུ་ཡི་འདྲེན། །རྣལ་འབྱོར་དབང་ཕྱུག་གླུ་ཡིས་བསྒྲུབས། །བསྟན་པ་རྒྱ་མཚོ་གླུ་ཡིས་སྤེལ། །སྲིད་པའི་བུ་མོ་གླུ་ཡིས་བརྟེན། །བདུད་དང་སྲིན་པོ་གླུ་ཡིས་བཏུལ། །དུས་གསུམ་རྒྱལ་བ་གླུ་ཡིས་མཉེས། །དངོས་གྲུབ་བརླབས་ཆེན་གླུ་ཡིས་འབེབས་། །རྣལ་འབྱོར་ཆེན་པོ་གླུ་བླངས་ངོ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་གཏུམ་ཆེན་དུས་མཐའ་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱིས་གཟིར། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་དམག་ཟ་བྱེད་ཆེ། །ཧོ། ཧཱུཾ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ཨ་ཧ་ལའི་ག ད་རྒྱང་ཅན། །སྤྱུག་པའི་མཐོར་རླུང་གསང་བ་ཆེ། ཧོ། ཧཱུཾ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་དུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུཾ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་རྒྱལ་པོ་ཆར་ལྟར་འབེབས། །དཀྱིལ་འཁོར་ཡིད་བཞིན་འབེབས་པའི་གཏེར། །སྣ་ཚོགས་ཁྲོས་པས་ཐིག་ལེ་ཆེ་ཧོ། །ཧཱུཾ་བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པས། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཧཱུཾ་རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་བོ་བདུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་དེ་མཐོར་རླུང་ཆེ་ཧོ། །ཞེས་པས་བསྟོད་པར་བྱའོ། །དེ་ནས་ཚོགས་བྱ་སྟེ། ཚོགས་ཀྱི་ཡོ་བྱད་རྣམས་ཚང་བར་བསགས་ལ། །ཨ་མྲི་ཏས་བསང་། གཏོར་མ་ལྟར་འདོད་ཡོན་དུ་བྱིན་བརླབས། བྷ་ལིང་ཏའི་སྔགས་བརྗོད་མི་དགོས། མགྲོན་སྤྱན་དྲངས་ཏེ། དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང ། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་དང་། །ལྷ་དང་ལྷ་མིན་རྣལ་འབྱོར་དང་། །ཐུགས་དང་འཐད་པའི་གནས་ཆེན་འདིར། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཛཿཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨ་གད་ཏ་ཡ། ཨ་གད་ཏ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བན་དྷ་ཡ། བན་དྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། སརྦ་བཛྲ་ཏ་ཀི་ནི་ནན། ཧྲི་ཏ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཛཿཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚ ན་ས་མ་ཡ། མུ་ཏྲ་པྲ་བན་ཙཀྲ་ཧཱུཾ་ཕཊ། ཨེ་ཧྱ་ཧི་བྷ་ག་ཝན། ཛཿ་ཧཱུཾ་བཾ་ཧོ་རུ་ལུ་རུ་ལུ། ཛཿཧཱུཾ་བཾ་ཧོ། ཏྲི་ཤཾ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛ༔ཧཱུཾ་བཾ་ཧོ། ཤྲཱིི་ཧེ་རུ་ཀ་ཨེ་ཧྱེ་ཧི་ཏྲི་ཤ་ཧོ། ༀ་ཨེ་ཨ་ར་ལི། ཧྲིཾ་ཧྲིཾ་ཧྲཱིཾ་ཞེས་བརྗོད་པས་མདུན་གྱི་ནམ་མཁའ་ལ་སྤྲིན་ཕུང་བཞིན་བྱོན་པར་བསམ། སྤྱིིར་མཆོད་པ་བྱ་སྟེ། །བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་ནི། ཡེ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོ། འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ༀ་ཨཱཿཧཱུཾ་སུ་ཏ་ཨུ་པ་བྷྱཿཀ་མ་ལ་བཛྲ་ཨམྲི་ཏ་ཧ་ར་ན། པྲ་ཏི་ཛ། བྷ་ག་ཝཱན་ཛ༔ཧཱུཾ་བཾ་ཧོ། ཨ་ལ་ལ་ཧོ། ༀ་པ་ན་པེཾ་སོགས། སརྦ་མ་ཧཱ་སུ་ཀ་སིདྡྷི་ཧཱུཾ། ༀ་ཨཱཿཧཱུཾ། ཞེས་པའི་བར་བརྗོད། དེ་ནས་ཚོགས་གསུམ་སྤྲོས་ཏེེ། དང་པོ་ལ། སྒེག་པ་དཔལ་བ་འཇིགས སུ་རུང་བ་དང་། །རྒོད་དང་གཤེད་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པའི། །སྐུའི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་བྱས་སྒྲུབ་པའི་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཆེ། །མཾ་ས་ལ་སོགས་རོ་མཆོག་སྩོལ། །མེ་ཏོག་ལ་སོགས་ཙན་དན་དྲི། །བཟང་དགུར་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་ཚོགས། །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །བསྒྲུབ་པའི་རྫས་འདི་ཐམས་ཅད་ལ། ཧཱུཾ་དང་ཕཊ་ཀྱི་ལྡན་པར་མཛོད། འབར་མ་ལ། ཚེ་རབས་ཐོག་མེད་ཚུན་ཆད་ནས། ད་ལྟའི་ལུས་ནི་བླངས་པ་ཡན་ཆད་དུ། །ལུས་ཀྱི་སྡིག་བྱས་སྡིག་པ་ངན་དུ་སྤྱད། ངག་གི་ཚིག་འཁྱལ་སྨྲས་པ་ངན་དུ་བརྗོད། །སེམས་ཀྱི་བློ་ནོར་ལེགས་པར་བསམ་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གི་ནོངས་བགྱིས་པ། །བཀྲམ་པའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེའི་འཁོར་དུ་རྟོགས་པའི་ལྷ་སྲིན་རྣམས། མི་ཡི་སྐྱོན་མཐོང་ཙམ་ལ་རྣམས་པར་རྟོག །ནོངས་གྱིས་འགལ་འཁྲུལ་མཆིས་ན་མཐོལ་ཞིང་བཤགས། །མཐོལ་བཤགས་བཞེས་ལ་ཚངས་པ་སྩལ་དུ་གསོལ། །ༀ་ཧཱུཾ་ཀ་རི་ཀ །བྱཱ་རི་ཀུ་ལཾ་ཤ་བ་རོ་དྷ་རོ། ནི་ལ་ཛ་མུན་ཐ། བ་ནོ་གད ན་ཁ་ཏྲོང་ཀ་ག་རྦོ། ཛ་ལ་ད་ནཱ་ལ་བ་སུར་ཏི་བ་ཏ་ཀ་ཤོ་བོ་ཤ་ལ། ཨ་སམ་ན་པདྨ་རྩན་དྲེ་ནི། ཀ་མ་ཧཱུཾ་ཏ་ཏ་རི། རཀྟ་ཙིཏྟ་ཀྲོཾ་ཛ་ལ་པ་ཏཾ་བན་དྷེ་ཧེ་རུ་བཛྲ་མ་ས་རན་ནན། བ་མུ་ཁ་ཏིག་ན་དཥྚཀ་རི་ལཾ་ལྟ་བ་འཁྲུལ་དང་དམ་ཉམས་པ་ཐམས་ཅད་བསྐང་ངོ་། །ཞེས་པས་དབུལ། ཐ་མ་ལ་ཀ་པཱ་ལ་མཚན་ལྡན་གྱི་ནང་དུ་ཞལ་ཟས་བསྡུས་ཏེ། ཨེ་རཾ་ཨེཾ་རཾ་ཞེས་བརྗོད་པས་སྣོད་ལ་དལ་གྲུ་གསུམ་མཐིང་ནག་མེ་དཔུང་འབར་བར་གྱུར། ཛྭ་ལ་རཾ་ཛྭ་ལ་རཾ། ཞེས་བཅུ་ཁྲོ་བོ་མཐིང་ནག་མཚོན་ཆ་སྣ་ཚོགས་ཐོགས་པར་བསམ། བ་ཧཱུཾ་བེ་ཏ་ཞེས་བརྗོད་པས་ཁྲོ་བོ་རྣམས་རབ་ཏུ་ཁྲོས་ཐབས་སུ་ལས་ལ་ཆས་པར་གྱུར། བདེན་པ་བདར། སྡེ་བརྒྱད་ཀྱིས་དགྲ་བགེགས་གྱི་རྒྱབ་བརྟེན་མི་བྱེད་བར་དགོངས། ཕོ་ཉ་བཏང་ལ་ངག་དུ། ཛཿ་ཧཱུཾ་བཾ་ཧོ། ཞེས་སྒོ་བའི་སྔགས་དང་ཕྱག་རྒྱས་ཏྲི་ཡཾ་ཛཿ ནྲི་ཡཾ་ཛ། སྙིང་ཁ་ནས་བཀུག་པས། ལྕགས་ཀྱི་སྡིག་པ་མགོ་དགུ་པ་ཁ་བརྒྱད་པས་སྙིང་དཀར་ནག་མཚམས་ནས་བཟུང་། ངག་ཏུ་ༀ་བཛྲ་ཀི་ལི་ཀི་ལི་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། རང་གི་ཐུགས་ཁ་ནས་ཁྲོ་བོ་སྤྲོས་ནས། ཕུར་པ་ལ་ཐིམ་པས། ཕུར་པ་ཀི་ལ་ཡ་ཞལ་གཅིག་ཕྱག་གཉིས་གཡས་དགྲ་སྟ་ལྟག་པར་འཕྱར་བ། གཡོན་ཕུར་པ་སྙིང་ཁར་གཟིར་བ། ལྟེ་བ་མན་ཆད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ། མེ་འབར་བའི་དབུས་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཅིང་། །བདག་ཧེ་རུ་ཀར་ང་རྒྱལ་བ་དང་། ཕུར་པ་ཀི་ལ་ཡར་གསལ་བ་དང་། །ལིང་དགྲ་བགེགས་སུ་གསལ་བ་དང་། གསུམ་པ་དེ་དང་ལྡན་པས་གདབ་སྟེ། ངག་ཏུ་གྷ་ཏ་ཡ་བརྗོད་ཅིང་ཕུར་བསྐོར་བྱས་ལ་སྙིང་དཀར་གདབ་ལ། རྣམ་པར་ཤེས་པ་འོག་མིན་དུ་སྤར་ལ། །བོ་དྷི་ཙིཏྟ་ཛྙ་ན་སིདྡྷི་ཀུ་ཏུ་ཧཱུཾ། ཞེས་བརྗོད་པས་ཕུར་པ་སྙིང་ཁར་བསྡུས་ལ། ཨ། བཻ་ཌཱུར་སྔོན་པོ་རིན་ཆེན་རི་རབ་ལ། ། ཉི་མ་སྟོང་གི་འོད་ཟེར་གདལ་བ་ལྟར། སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །འོད་དཔུང་སྟུག་པོ་སྤྲིན་ལྟར་འཁྲིགས་པ་ཡི། །འཇིགས་བྱེད་རྔམ་སྟབས་རྐྱང་བསྐུམ་ཚུལ་དུ་བཞུགས། །ཟ་བྱེད་བསྐལ་པའི་མེ་དཔུང་འབར་འདྲ་ཏེ། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། །མི་ཟད་མཆེ་བས་བརྒྱན་པའི་ཞལ་གདངས་ཤིང་། །ཁམས་གསུམ་ཟ་བར་བྱེད་པའི་སྐན་སྒྲ་ཅན། །ཉི་ཟླ་འབར་བའི་སྤྱན་གྱི་གདང་མིག་གིས། བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་ཁ་ཧི། ཞེས་ལྷ་ཚངས་པའི་སྔགས་ཀྱིས་བཏབ་ལ། དེའི་ལྷག་མ་ལོངས་སྤྱད་པར་བྱའོ། ། དེ་ནས་ལྷག་མ་བྱ་སྟེ་གཏོར་མ་ཤོད་དུ་ཕབ། ལྷག་ཕུད་བསྲེ། གཏོར་མར་མེ་དམར་སྐྱ་གཅིག་བཏང་། དེ་ནས་གཏོར་གཞོང་ཨེ་བྷྲུཾ་ཞེས་པས། ཕྱི་ཁྱམས་གྲུ་གསུམ་པའི་ནང་གཞལ་ཡས་ཁང་དུ་བསམ། དེར་རྩ་བའི་ལྷ་བསྐྱེད་ལ། ༀ་ལས་འོད་ཟེར་འཕྲོས་འདུས་པ་ལས། །གཏོར་མ་བདུད་རྩིར་གྱུར་པར་བསམ། །དེ་ནས་ལྷག་མའི་ལྷ་སྙན་གསན་དབབ་པ་ནི། ཧཱུཾ་ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །མཁའ་འགྲོ་གིང་དང་དབང་ཕྱུག་མ་མོའི་ཚོགས། །ལྷག་མའི་ཁ་ཆུ་དམ་ལས་གཏོགས་པ་རྣམས། །དམ་ཚིག་ཚུལ་བཞིན་མཆོད་ཀྱི་ད་ཚུར་བྱོན། །ཧོ། ལྷག་མ་དང་ཁ་ཆུའི་དམ་ཚིག་ལ་རྟོག་པའི་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། གིང་ཆེན་བརྒྱད། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། མ་བདུན་སྲིང་བཞི། འཁོར་དང་བཅས་པ་རྣམས་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་གཤེགས་ཤིག །ཛཿཧཱུཾ་བཾ་ཧོ། ཌཱ་ཀི་ཧཱུཾ་ཛ། ཨེ་ཨ་ར་ལ་ཧྲིཾ་ཧྲིཾ། སྤྱན་དྲངས་པ་ནི་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་ཌཱ་ཀི་ནི་ཌཱ་ཀི་ནི། ཨ་ཀར་ཤ་ཡ། ཨ་ཀར་ཤ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བན་དྷ་ཡ། བན་དྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ། ཧྲི་ཏ་ཡཾ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོ། ཌཱ་ཀི་ཧཱུཾ་ཛ། ཞེས་དགུག་གོ །བདག་དང་རྡོ་རྗེ་སློབ་དཔོན་དང་། ཆོས་སྐྱོང་བའི་རྒྱལ་པོ་དང་། དཀོན་མཆོག་གསུམ་གྱི་སྐུ་དགྲ་ལ་སོགས་པ་ཐམས་ཅད་སྒྲོལ་ཞིག་བཞེས་ཤིག །སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དུ་གནས་སྤོར་གཅིག གདན་འབུལ་ཞིང་དབང་བསྡུ་བ་ནི། རྟ་གདོང་གི་ཕྱག་རྒྱ་བཅས་ལ། ༀ་པདྨ་བ་ཌ་བྷ་མུ་ཀ །ཨ་ཀར་ཤ་ཡ། ཨ་ཀར་ཤ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བན་དྷ་ཡ། བན་དྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ ཧྲི་ཏ་ཡན། ཧ་ཧ་ཧི་ཧི། ༀ་ཨཱཿཧཱུཾ། ཞེས་དབང་དུ་བསྡུས་ཟིལ་གྱིས་མནན་དུའང་རུང་ངོ་། །དེ་ནས་རིགས་ལྔར་ཕྱེ་ལ་མཆོད་དེ། ༀ་བཛྲ་ཌཱ་ཀི་ནི་པྲ་ཏིཙྪ་མཾ་བ་ལིང་ཏ་ཧཱུཾ་ཕཊ། ༀ་བུདྷ་དྷཱ་ཀི་ནི་པྲ་ཏིཙྪ་མཾ་བྷ་ལིངྟ་ༀ་ཕཊ། ༀ་རཏྣ་ཊཱ་ཀི་ནི་པྲ་ཏིཙྪ་མཾ་བྷ་ལིངྟ་ཏྲཾ་ཕཊ། ༀ་པདྨ་ཌ་ཀི་ནི་པྲ་ཏིཙྪ་མཾ་བྷ་ལིངྟ་ཧྲཱིཿཕཊ། ༀ་ཀརྨ་ཊ་ཀི་ནི་པྲ་ཏིཙྪ་མཾ་བྷ་ལིངྟ་ཨ་ཕཊ། ཞེས་མཆོད་ཅིང་། དེ་ནས་ཁ་ཆུས་གདབ་པ་ནི། །ཐོད་ཕྲེང་གི་ཕྱག་རྒྱས་བཅིངས་ལ། །ༀ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲཱི་ཤ་སུ རྦ་བུདྡྷ་ཀྵེ་ཏྲ་པཱ་ལ་ཀྵོ་བྷ་ཀ་ར་ཧཱུྃ་ཕཊ། ཞེས་བརྗོད་ལ་ཁ་ཆུས་གདབ་བོ། །དེ་ནས་མཁའ་འགྲོ་མ་མཆོད་དེ། །ཧཱུཾ་རྣམ་དག་ཆོས་ཉིད་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱུང་། །ཐབས་ཆེན་ཟླ་གསང་ཐིག་ལེ་ལས། །ཡལ་གཾ་ཅན་རྣམས་འདུ་བར་མཛོད། །འདུ་མཛད་རྣམ་དག་འདི་བཞེས་ལ། །གྲུབ་པ་ཚོགས་ཀྱི་བདག་མོ་རྣམས། །རེ་བ་བསྐང་ཕྱིར་གནས་པ་རྣམས། །མངོན་སུམ་སྣང་བ་ཤར་བར་མཛོད། །ཧཱུཾ་རྡོ་རྗེ་ནམ་མཁར་འགྲོ་བ་རྣམས། །ཡི་དྭགས་སྟན་ལ་ཡང་དག་ཞོན། །གདུག་པའི་སེམས་ཀྱིས་སྡིགས་བྱེད་ཅིང་། །དཔའ་བོ་བརྗིད་པའི་གཟུགས་འཛིན་མ། །སྐལ་ལྡན་རང་གི་ལག་ཆར་ལྡན། །ཤ་ཁྲག་དང་ནི་སྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་ཞིང་བྱོན། །དགའ་བར་བྱེད་དང་གསོད་པར་བྱེད། །འབར་བྱེད་མ་དང་གཟིར་བྱེད་མ། །འཇོམས་བྱེད་མ་དང་བུང་བུའི་མགོ །ཆགས་བྱེད་མ་དང་ཆགས་བྲལ་མ། །འཁོར་ལོ་མ་དང་རྒྱས་འདེབས་མ། །སྣ་ཚོགས་ལུས་དང་བསྲུང་བ་མ། །ཚོགས་ཀྱི་དཀྱིལ་འཁོར་བསྲུངས་བར་བྱེད། །གནོད་སྦྱིན་མོ་དང་ཡང་དག་འཕྲོག །བྱ་རོག་གདོང་དེ་མི་དུག་ཞིང་། །འཇིགས་པའི་མིག་ལ་འཇིགས་པའི་གདོང་། ལག་ན་གྲི་དང་མཁར་གཞོང་ཐོགས། །གཞད་དང་འུག་པའི་གདོང་རིངས་མ། །ཁྲོས་པས་ཁྱི་དང་ཕག་གི་གདོང་། །གསུས་པོ་ཆེ་དང་ལྟོ་འཆང་པོ། །རྔ་མོང་བུང་བུའི་གདོང་འཛིན་མ། །ཁྲོས་པས་ར་དང་བྱི་ལའི་གདོང་། །སྒྱུ་མའི་མགོ་ནས་ཟ་བྱེད་ཅིང་། །ཀེང་རུས་དཀར་པོ་འཛིན་པ་སྟེ། །ཁྲོས་པས་རུས་པའི་འཕྲེང་བས་ཀླུབས། །གསུས་པོ་ཆེ་ལ་བུམ་པ་འཛིན། །ཕན་ཚུན་འཐབ་པར་བརྩོན་པར་བྱེད། །ལྕེ་སྤྱང་གིས་ནི་འཁོར་གྱིས་བསྣམས། །འཇིགས་བྱེད་གདོང་ནི་མཆེ་བ་འཛིན། །རྣམ་པར་འགྱུར་བ་གཟུགས་འཛིན་མ། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཤར་ཉིད་ནས་ནི་བུམ་སྣ་སྟེ། །ལྷོ་རུ་རྣམ་པར་འཇོམས་པར་མོ། །ནུབ་ནས་མདའ་ཤར་འགྲི་བ་སྟེ། །བྱང་ཉིད་དུ་ནི་འབོད་འགྲོགས་སོ། །མདོར་ན་ཡེ་ཤེས་ལས་གྲུབ་པའི། །རྡོ་རྗེ་ནམ་མཁར་འགྲོ་བ་རྣམས། །དོན་གྱིས་སངས་རྒྱས་ཡིན་མོད་ཀྱང་། །བསྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ཏེ། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །གནས་འདིར་རྩེ་གཅིག་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། མཁའ་འགྲོ་སུམ་བཅུ་རྩ་གཉིས་མ་ཧཱ་པཉྩ་ཨ་མྲི་ཏ་ལ་ཁ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། །མ་ཧཱ་བྷ་ལི་ཏ་ལ་ཁ་ཧི། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །གིང་ཆེན་ཀ་རའི་ཚོགས་ཀྱི་བསྐོར་བ་ནི། དཔའ་བོ་ཚོགས་ཀྱི་ལམ་རྣམས་ཀུན་གྱི་ལམ་རྣམས་ཀུན་འབྱེད་པ། ཁྲོ་བོ་ཆེན་པོ་བཛྲ་གིང་ཀ་ར། །ཁྲོ་མོ་ཆེན་མོ་ཁམས་གསུམ་དབུགས་བསྡུད་མ། །ཏ་ན་གྷ་ནའི་འཕྲིན་ལས་དུས་ལ་བབས། །རྡོ་རྗེ་གནོད་སྦྱིན་རྡོ་རྗེ་སྲིན་པོ་དང་། །རྡོ་རྗེ་འབྱུང་པོ་རྡོ་རྗེ་ཤྭ་ན་དང་། །རྡོ་རྗེ་གཤིན་རྗེ་རྡོ་རྗེ་རོ་ལངས་དང་། །རྡོ་རྗེ་འཆི་བདག་རྡོ་རྗེ་དུས་མཚམས་དང་། །དབང་བསྡུ་ལྕགས་ཀྱུ་འདྲེན་པར་ཆེན་མོ་དང་། ཁམས་གསུམ་གཡབ་མོས་འདུད་པ་ཆེན་མོ་དང་། །གར་གྱི་གློག་ལྟར་ཆེན་མོ་དང་། །སྣོད་སྟོང་ལེན་པར་བྱེད་པ་ཆེན་མོ་དང་། །རྣ་བརྙན་ཕྲ་མེད་ཟེར་བ་ཆེན་མོ་དང་། །ཁམས་གསུམ་སྙིང་རྗེས་གསོད་པ་ཆེན་མོ་དང་། །ཚོགས་ཀྱི་ཕྱག་ཚང་བྱེད་པ་ཆེན་མོ་སྟེ་ལ་སོགས་སྟེ། །རྡོ་རྗེ་བྱི་སྐུ་ཕོ་མོ་འཁོར་བཅས་ལ། །ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅོ་བརྒྱད་རྣམས། །ཏ་ན་ག་ནའི་ཚོགས་གྱི་གནས་ཆེན་འདིར། །སྔོན་གྱི་ཐ་ཚིག་བཞིན་དུ་འདིར་གཤེགས་ཤིག །བདུད་རྩི་དམར་ཆེན་ལོངས་སྤྱོད་འདི་བཞེས་ལ། །དགྱེས་པ་གར་གྱི་རོལ་ཞིང་འཕྲིན་ལས་མཛོད། །གིང་ཀ་ར་ཧ་ཧ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གིང་ཆེན་བཅོ་བརྒྱད་མ་ཧཱ་པ ན་ཙ་ཨ་མྲྀ་ཏ་ལ་ཁ་ཧི། མ་ཧཱ་ཱརཀྟ༴ མ་ཧཱ་བྷ་ལིང་ཏ༴ བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །དབང་ཕྱུག་ཚོགས་ཀྱི་བསྐོར་བ་ནི། །གྲུབ་པའི་མ་ཚོགས་རྣལ་འབྱོར་མ། །སྙིང་རྗེ་བྱམས་པའི་སྤྱོད་ཡུལ་ཅན། །ཚངས་པ་ལ་སོགས་ཉི་ཤུ་བརྒྱད། །འཇིག་རྟེན་རྣམས་ཀྱི་སྲིང་མོ་ནི། །ལག་པར་བློ་སྙིང་ནང་ཁྲོལ་ཐོགས། །མཁའ་ལ་ཁྲག་བ རླངས་སྙིམ་པར་འཛིན། །སྤུ་གྲི་སོ་ལ་སྐྲ་ཡངས་མ། །མཆེ་བ་གཙིགས་ཤིང་འབྲི་ཚུག་ལྟ། །གད་བརྒྱངས་སྒྲ་འབྱིན་དུར་ཁྲོད་འབར། །བསོད་པའི་ལས་རྣམས་ཀུན་ལ་བརྩོན། །རྒྱལ་མོ་དང་ནི་བློན་མོ་དང་། །བྲན་མོ་དང་ནི་ཡང་བྲན་མོ། །གཡོག་དང་ཡང་གཡོག་འཁོར་དང་བཅས། །མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །ལྷག་མ་ཟ་བར་དམ་བཅས་ཤིང་། །འགྲུབ་པ་རྣམས་ཀྱིས་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་རེ་བཅས། །དམ་བཅས་བཞིན་དུ་ཧེ་རུ་ཀའི། །བཀའི་གཏོར་མ་འདི་ལོངས་ལ། །དེ་སྔར་ཁྱེད་ཀྱི་གཟུགས་མཆོག་རྣམས། །མངོན་པར་སྟོན་ལ་གྲུབ་མཆོག་འབུལ། །ཇི་སྲིད་གྲུབ་མཆོག་མ་ལུས་ཤིང་། །ཁྱེད་རྣམས་མངོན་དུ་མ་གྱུར་ཅིག །བར་དུ་ཏ་ནའི་གནས་ཆེན་འདིར། །འདུག་ལ་ལས་རྣམས་གྲུབ་མཛོད་ཅིག །དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་མ་ཧཱ་པ ན་ཙ་ཨ་མྲྀ་ཏ་ལ་ཁ་ཧི། མ་ཧཱ་རཀྟ༴ མ་ཧཱ་བ་ལིང་ཏ༴ བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། མ་བདུན་ཚོགས་ཀྱི་བསྐོར་བ་ནི། །རྒྱ་མཚོ་ཆེན་མོའི་དཀྱིལ་འཁོར་ནས། །དཔལ་ལྡན་ཤུགས་སྒྲོལ་གཙོ་མོ་སྟེ། །རི་རབ་བརྙིལ་བའི་རྔམ་སྟོབས་ཅན། །ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །རྡོ་རྗེ་ཀུན་གྲགས་གཤེགས་སུ་གསོལ། །ཐོད་རུས་འབར་བའི་དཀྱིལ་འཁོར་ནས། །མཛེས་པའི་ཚུལ་གྱིས་འོད་འཕྲོ་ཞིང་། །འཇིག་རྟེན་འཆི་བདག་གསལ་འཕྲོ་མ། །ཀུན་ཏུ་བཟང་མོ་གཤེགས་སུ་གསོལ། །ཕྱག་རྒྱ་འབར་བའི་དཀྱིལ་འཁོར་ནས། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །བདུད་དཔུང་དགྲ་རྣམས་ཀུན་འདུལ་མ། །རྡོ་རྗེ་གྲགས་སྙེམས་གཤེགས་སུ་གསོལ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས། ཁྲོ་མོ་གཏུམ་ཆེན་ཟ་བྱེད་མ། །ཕོ་ཉ་མོ་སྟེ་དྲུག་བཅུའི་ཚོགས། །ཤ་ཆེན་ཁྲག་ལ་ལོངས་སྤྱོད་ཅིང་། །གདུག་པ་མ་ལུས་ཀུན་འདུལ་མ། །རྡོ་རྗེ་ཆེན་མོ་ཡེ་ཤེས་མཆོག །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཁྲག་གི་རྒྱ་མཚོ་དཀྱིལ་འཁོར་ནས། །རྡོ་རྗེ་འདྲ་བའི་འཕྲེང་ཐོགས་ཤིང་། །བྱང་ཕྱོགས་རང་གི་འཁོར་འདུལ་མ། །རྡོ་རྗེ་འདོད་ཆགས་གཤེགས་སུ་གསོལ། །འོད་དབུང་འབར་བའི་དཀྱིལ་འཁོར་ནས། །ཞག་པ་སྟོང་གི་གདེངས་ལྡན་མ། །འཕྲིན་ལས་འབྱུང་པོ་འདུལ་མཛད་མ། །རྡོ་རྗེ་གསལ་འཕྲོ་གཤེགས་སུ་གསོལ། །དབང་ཕྱུག་ཆེན་མོའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་འདྲ་བའི་འཕྲེང་ཐོགས་ཤིང་། །བཀའ་ལས་འདས་པའི་སྙིང་ནས་འདྲེན། །དམ་ཚིག་ཉམས་རྣམས་སྒྲོལ་བར་བྱེད། །རྡོ་རྗེ་གཡུ་སྒྲོན་གཤེགས་སུ་གསོལ། །མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་། །ཀུན་ཀྱང་ནག་མོ་རལ་པ་ཅན། །ཀུན་ཀྱང་ཁ་ནས་ཁྲག་འཛག་མ། ཀུན་ཀྱང་མིག་ནས་མེ་འབར་མ། རི་རབ་བརྙིལ་བའི་རྔམ་སྟོབས་ཅན། འཁོར་བཅས་མ་ལུས་གཤེགས་སུ་གསོལ། །རྣམས་ལྔ་དམར་གྱིས་མཆོད་པ་འདི་བཞེས་ལ། །བདག་གི་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །མ་མོ་ཆེན་མོ་བདུན་ལ་མ་ཧཱ་པཉྩ་ཨམྲྀ་ཏ་ལ༴ མ་ཧཱ་རཀྟ༴ མ་ཧཱ་བྷ་ལིང་ཏ༴ འཕྲིན་ལས་བཅོལ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །སྲིང་མོ་བཞི་ཡིས་བསྐོར་བ་ནི། གླིང་བཞི་འགྱོགས་མ་ལྷའི་སྲིང་། ཤར་གྱི་འགྱོགས་མ་གཤེགས་སུ་གསོལ། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །ལྷོའི་འགྱོགས་མ་གཤེགས་སུ་གསོལ། །དམར་མོ་གཡག་ཐོད་ཀླུའི་སྲིང་། །ནུབ་ཀྱི་འགྱོགས་མ་གཤེགས་སུ་གསོལ། །ནག་མོ་སེར་ཆེན་གནོད་སྦྱིན་སྲིང་། །བྱང་གི་མགྱོགས་མ་གཤེགས་སུ་གསོལ། །སྲིང་མོ་ཆེན་མོ་ཁྱེད་རྣམས་ཀྱང་། ཤིན་ཏུ་གདུངས་པའི་དམ་ཚིག་ཅན། །ཞི་དང་ཁྲོ་བོའི་ལས་མཛད་མ། །གསེར་གྱི་སྤྲུལ་པ་མང་པོའི་ཁྲི་སྟེང་ནས། །དམ་ཚིག་ཡལ་གམ་ཅན་ལ་བ རྩེ་དགོངས་མ། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །རྣམ་ལྔ་དམར་གྱིས་མཆོད་པ་འདི་བཞེས་ལ། །བདག་གི་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །སྲིང་མོ་བཞི་ལ་མ་ཧཱ་པཉྩ་ཨ་མྲྀ་ཏ་ལ༴ མ་ཧཱ་རཀྟ༴ མ་ཧ་བྷ་ལིང་ཏ༴ །འཕྲིན་ལས་བཅོལ། ༀ་བཛྲ་ཨེ་ས་ཧཱུཾ། ཞེས་བརྗོད། ཧོ་བཅོམ་ལྡན་འདས་དཔལ་ཆེན་ཤྲཱི་ཧེ་རུ་ཀའི་འཁོར་ཕྱི་ཡི་གྲུབ་པ་མོ་དང་། ནང་རྣལ་འབྱོར་མ་ཡེ་ཤེས་དང་ལས་ལ་སྐྱེས་པ་ཐམས་ཅད་མཁྱེན་པ་དང། བྱིན་གྱིས་བརླབས་པ་དམ་པ་མཛད་དུ་གསོལ། །རྣལ་འབྱོར་གྱི་མཆོད་ཡོན་དམ་པ་ལོངས་སྤྱོད་རྫོགས་པའི་ཚུལ་དུ་སྦྱར་བ་འདི། བརྡུལ་དང་ཕྱག་དར་དང་དྲི་མ་ཁ་ཆུ་ལ་སོགས་ཏེ་སོ་སོའི་དམ་ཚིག་བརྟུལ་ཞུགས་ཀྱིས་སོ་སོ་ནས་ཇི་ལྟར་དགྱེས་པ་བཞིན་ཕུལ། དགྱེས་པ་རྣམས་ནི་ཕུལ་ལ་བསྣམས་སུ་གསོལ། །ལྷག་མ་ཁ་ཆུ་ལ་དགྱེས་པ་རྣམས་ནི་སོ་སོའི་དམ་ཚིག་བཞིན་དུ་གསོལ་ནས་མཉེས་ཞིང་ཚིམ་པར་གྱུར་ཅིག །བདག་ཅག་གི་གསང་བའི་སླད་དུ་གསང་བ་མཆོག་གི་བཀའ་ནོས་པ་ལས། །དམ་ཚིག་རྩ་བ་དང་ཡན་ལག་དག་ལས་ཚོར་བ་དང་མ་ཚོར་བར་ཉམས་པ་ཅི་མཆིས་རྣམས། ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས་ཤིང་མཆིས་ན། བཟོད་པ་བཞེས་སྟེ་ཚངས་པ་དམ་པ་ཡིད་བཞིན་ཐོབ་པར་མཛད་དུ་གསོལ། དེ་ནས། ཡ་ཧི་གཙྪ་ཞེས་ལྷག་མའི་ལྷ་སླར་རང་གནས་སུ་གཤེགས། ཧཱུཾ་ཞེས་བརྗོད་པས་གཏོར་གཞོང་གི་ལྷ་རྣམས་རང་གི་ཐུགས་ཁར་བསྡུ། བྷྱོ་སྔོན་གྱིས་བསྐལ་པ་དང་པོ་ལ། འོག་མིན་ཆོས་གྱི་ཕོ་བྲང་དུ། །བཅོམ་ལྡན་དཔལ་ཆེན་གར་གྱིས་དབང་ཕྱུག་དེས། །སྲིད་པའི་མ་མོ་དམ་ལ་བཏག་པའི་ཚེ། །ཀོ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད། །སིང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད། །རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ཀྱི། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །བཀའི་གཏོར་མ་བླངས་བར་མ་ཆད་དམ། །བཅོལ་བའི་ལས་རྣམས་བྱ་བར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་མདའ་བར། །རྣམ་ལྔ་དམར་གྱི་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྷྱོ་དུས་སྐབས་དེའི་འོག་རོལ་དུ། རྒྱ་གར་རྡོ་རྗེ་གདན་གྱི་གཙུག་ལག་ཏུ། །སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཡི། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །མཁའ་འགྲོ་ཆེན་མོ་སུམ་བཅུ་རྩ་གཉིས་དང་། །མགོན་པོ་ཆེན་པོ་བདུད་བཅུ་རྩ་གཉིས་ཀྱི། །སོ་སོའི་གཟུགས་མཆོག་དམ༴ བཀའི་གཏོར་མ༴ བཅོལ་བའི་འཕྲིན་ལས༴ སྔོན་ཚེ་ཞལ་བཞེས༴ རྣམ་ལྔ་དམར་གྱི༴ རྣལ་འབྱོར་བཅོལ་བའི༴ བྷྱོ་དུས་སྐབས་དེའི་འོག་རོལ་དུ། ལྷོ་བྲག་མཁར་ཆུ་དཔལ་གྱི་དབེན་གནས་སུ། །སློབ་དཔོན་ཆེན་པོ་ནམ་མཁའི་སྙིང་པོ་ཡིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ནས། །གནམ་ལྕགས་ཕུར་པ་བྲག་ལ་བཏབ་པའི་ཚེ། །མ་བདུན་སྲིང་བཞི་འཁོར་དང་བཅས་རྣམས་ཀྱིས། །སོ་སོའི་གཟུགས༴ བཀའི་གཏོར་མ༴ བཅོལ་བའི༴ སྔོན་ཚེ༴ རྣམ་ལྔ་དམར༴ བྷྱོ་དུས་སྐབས་དེའི་འོག་རོལ་དུ། སྤ་གྲོ་སྟག་ཚང་སེང་གེའི་དབེན་གནས་སུ། །སློབ་དཔོན་ཆེན་པོ་དཔལ་གྱི་སེང་གེ་ཡིས། །ཡང་དག་ལྷ་དགུའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོར་བཅས་ཀྱིས། །སོ་སོའི་གཟུགས༴ བཀའ་ཡི༴ བཅོལ་པའི༴ སྔོན་ཚེ༴ རྣམ་ལྔ༴ རྣལ་འབྱོར༴ བྷྱོ་དུས་སྐབས་དེའི་འོག་རོལ་དུ། ཡར་ལུང་གངས་ཀྱི་ཕུག་རིང་ཆེན་མོ་རུ། །སློབ་དཔོན་ཆེན་པོ་ཛྙ་ན་ཀུ་མཱ་རས། །ཕུན་སུམ་ཚོགས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས། །ལྕེ་སྤྱངས་ལ་སོགས་འཁོར་དང་བཅས་རྣམས་གྱིས། །སོ་སོའི་གཟུགས༴ བཀའ་ཡི༴ བཅོལ་པའི༴ སྔོན་ཚེ༴ རྣམ་ལྔ༴ རྣལ་འབྱོར༴ བྷྱོ་དུས་སྐབས་དེའི་འོག་རོལ་ཏུ། བྲག་དམར་བསམ་ཡས་ཆུ་རྒྱུན་ནི་སེང་དུ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། མན་ངག་ལྟ་བའི་རྫོང་འཕྲང་བཤད་པའི་ཚེ། །བོད་ཁམས་སྐྱོང་པའི་བརྟན་མ་བཅུ་གཉིས་ཀྱིས། །རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། སོ་སོའི་གཟུགས་མཆོག་དམ་བསྟན་ནས་ཀྱང་། །བཀའ་ཡི༴ བཅོལ་པའི༴ སྔོན་ཚེ༴ རྣམ་ལྔ༴ རྣལ་འབྱོར༴ བྷྱོ་ཤར་ཕྱོགས་མ་བདུན་བཀའི་གཏོར་མ་ལོངས། །ཁྱོད་ཀྱིས་ཞི་བའི་འཕྲིན་ལས་གྲུབ་པར་མཛོད། །ལྷོའི་མ་བདུན་བཀའི་གཏོར་མ་ལོངས། ཁྱེད་ཀྱིས་རྒྱས་པའི་འཕྲིན་ལས་གྲུབ་པར་མཛོད། །ནུབ་ཀྱི་མ་བདུན་བཀའི་གཏོར་མ་ལོངས། ཁྱོད་ཀྱིས་དབང་གི་འཕྲིན་ལས་གྲུབ་པར་མཛོད། །བྱང་གི་མ་བདུན་བཀའི༴ ཁྱེད་ཀྱིས་དྲག་པོའི་འཕྲིན༴ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །རྣམ་ལྔ་དམར་གྱིས་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ༀ་བཛྲ་ཀྲོ་དྷ་མཧཱ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ། ཧོ་ནག་མོ་བཞིན་མི་སྡུག་གི་བུ་མོ་ཆེན་མོ་བཞི་དང་། །དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མ་ཆེན་མོ་བཞི་དང་། །དཀར་མོ་མདངས་ཅན་གྱི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི་དང་། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ། དཔལ་ཆེན་པོའི་བཀའ་ཕ་བབས་བླངས་པ་དང་། སྒྲུབ་པ་པོའི་སྟོང་གྲོགས་ལ་དེང་མཆོད་པའི་གནས་འདིར་གཤེགས་ཤིག །ༀ་ཨེ་ཨ་ར་ལི་ལི། ཧྲིང་ཧྲིང་ཏ་ཀི་ནི་ཧཱུཾ་ཛ་ཞེས་སྤྱན་དྲངས། ཟིལ་གྱིས་གནོན། ཧཱུཾ་བཀའི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །མཐུ་དང་རྫུ་འཕྲུལ་རྩལ་འཆང་མ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་ཡ་མ་སྐྱོང་། །གངས་དཀར་ཤ་མེད་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་མཆེད་བཞི་ཡང་། །ལྷབ་ལྷུབ་མང་པོ་རྒྱན་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བཅས། །འདིར་གཤེགས་དམ་དགོངས་འཕྲིན་ལས་མཛོད། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གཏེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་སྐྱོང་། །སྨ་རི་རབ་འབྱམ་རྡོ་རྗེ་བགེགས་ཀྱི་གཙོ། །གནོད་སྦྱིན་ཆེན་མོ་མཆེད་བཞི་ཡང་། །ལྷབ་ལྷུབ༴ བྲན༴ འདིར་གཤེགས༴ བསྐོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་ལ་རོལ་རྡོ་རྗེ་སྨན་བཙུན་མ། །ཨུ་ཆོས་རྡོ་རྗེ་དབྱར་མོ་སིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །སྨན་བཙུན་ཆེན་མོ་ཁྱེད་བཞི་ཡང་། ལྷབ་ལྷུབ་མང་པོའི༴ བྲན༴ འདིར་གཤེག༴ བསྟན་སྐྱོང་ཆེན་མོ་ཁྱེད་རྣམས་ཀྱང་། ཨ་སུ་ར་བའི་བྲག་ཕུག་ཏུ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རིགས་ལྔ་དཔལ་ཆེན་སྤྱན་སྔ་རུ། །ཞིང་ཆེན་མཆོག་གི་རྫས་བཀྲམ་ནས། རྣམས་ལྔ་དམར་གྱི་མཆོད་པ་འདི་བཞེས་ལ། །ལག་ཏུ་རྡོ་རྗེ་བྱིན་ན ས་ནི། །ཐར་པ་ཐོབ་པའི་མིང་ཡང་རྟགས། །རྡོ་རྗེ་འཆང་གི་གྲལ་དུ་བཞག། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ཚིག་འདི་ལས་ཁྱེད་མ་འདའ། །དམ་ཚིག་འདི་ལས་འདས་གྱུར་ན། །བཛྲ་ཡཀྴ་དྲག་པོ་ཡིས། །སྙིང་གི་དཀྱིལ་ནས་ཁྲག་ཕྱུང་སྟེ། སྒྲོལ་གིང་མང་པོས་ལས་བྱས་ནས། །འོ་དོད་འབོད་པར་གདོན་མི་ཟ། །དེ་བས་ངོས་ཀྱི་བཀའ་ཉོན་ལ། །རྣམ་ལྔ་དམར་གྱི་མཆོད་པ་འདི་བཞེས་ལ། བོད་ཁམས་རྟག་ཏུ་བདེ་བ་དང་། ནད་དང་རིམས་ནད་མེད་པར་མཛོད། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ། །བདག་གི་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ལ་ལ། ལེ་ལེ་ཏ་ཏ། ཏི་ཏི། མ་མ་སྲིང་འགྲོ་མ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བརྟན་མ་བཅུ་གཉིས་ཞལ་དུ་མ་ཧཱ་པཉྩ་ཁ་ཧཱི། རཀྟ་ཁ་ཧི། མ་ཧཱ་བྷ་ལིང་ཏ་ཁ་ཧི། ཞེས་མཆོད་པ་འབུལ། འཕྲིན་ལས་བཅོལ། ཡ་ཧི་གཙ་ཛ། ཞེས་གཤེགས་སུ་གསོལ། ཏྲེ་རཏྣ་ཏྲེ་ལོ་ཀྱ་སཾ་ཧ་ར་ན་ཧཱུཾ་ཕཊ། རྒྱལ་བ་མཆོད་པས་མཉེས་གྱུར་གཅིག །དམ་ཅན་ཐུགས་དམ་བསྐོང་གྱུར་ཅིག །ཕ་མ་ལ་སོགས་འགྲོ་དྲུག་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མྱུར་དུ་སངས་རྒྱས་ཤོག །སརྦ་པྲེ་ཏ་ནི་ཨ་མྲི་ཏ་ཧཱུཾ། ཞེས་གཏོར་མ་བྱིན་པར་བསྔོ། དེ་ནས་གཏོར་གཞོང་རྣམས་བཤལ། འཕྲིན་ལས་རྣམ་བཞིའིི་བྲོ་བྱ་བ་ནི། སོར་མོ་རྣམས་ལུ་གུ་རྒྱུད་དུ་བྱས་ལ་འདི་སྐད་དོ། །ཧཱུཾ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས །གཏི་མུག་བདེ་གཤེགས་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས། །ཞི་བ་ཆེན་པོ་ཐུགས་རྗེ་ཡིས། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །ཞི་བར་གྱུར་ཅིག་ཤན་ཏིང་ཀུ་རུ་ཡེ་སྭ་ཧཱ། ཧཱུཾ། སངས་རྒྱས་ཀུན་གྱི་སྐུ༴ ང་རྒྱལ་རཏྣ་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི༴ ཤིན་ཏུ་དྲག་པོའི༴ ཚེ་དང་དངོས་གྲུབ་རྒྱས་མཛད་མ། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ། །རྒྱས་པར་གྱུར་ཅིག་པུཥྚིང་ཀུ་རུ་ཡེ་སྭཱ་ཧཱ། ཧཱུཾ་སངས་རྒྱས་ཀུན་གྱི་སྐུ༴ འདོད་ཆགས་པདྨ་འཁོར༴ འཇིག་རྟེན་ཁམས་ནི༴ ཤིན་ཏུ་ཆགས་པའི་སེམས་ཅན་རྣམས། །ཡིད་ཙམ་གྱིས་ནི་དབང་དུ་བསྡུས། །དབང་དུ་མ་གྱུར་གཅིག་ཀྱང་མེད། །དབང་མཛད་ལྷ་ལ༴ དབང་དུ་བསྡུས་ཤིག་པ་ཤང༴ ཧཱུཾ་སངས་རྒྱས་ཀུན་གྱི་སྐུ༴ ཞེ་སྡང་རྡོ་རྗེ་འཁོར་བཅས་རྣམས། འཇིག་རྟེན་ཁམས་ནི༴ ཤིན་ཏུ་གདུག་པའི་སེམས་ཅན་རྣམས། ཡུད་ཙམ་གྱིས་ནི་བསྡུས་བསྡུས་ནས། བསྡུས་སུ་མ་གྱུར༴ བརླག་མཛད་ལྷ་ལ༴ དབང་དུ་བསྡུས་ཅིག་མ་ར་ཡ་མ་ར་ཡ་སྭ་ཧཱ། སུམ་བྷ་ནི་བརྗོད། དེ་ནས་སླར་ལོག་ཏེ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་བརྗོད་པས། དཀྱིལ་འཁོར་གསལ་གདབ་མཆོད་པ་རྣམས་ཀྱིས་མཆོད་ཅིང་བསྟོད་པ་ཅི་ཤེས་པས་བསྟོད། བཛྲ་ཊཱ་ཀི་ནིའི་སྔགས་བརྗོད། ཧཱུཾ་ཧཱུཾ་ཞེས་བརྗོད་པས། མཚམས་ཀྱི་ཁྲོ་བོ་རྣམས་གཙོ་བོ་ལ་བསྡུ། དབང་པོ་རྣམས་རིགས་ལྔར་བསྡུས་ཏེ། ཕྱོགས་བཞིའི་གཙོ་བོ་བཞི་དང་དབུས་སུ་བརྒྱད་འཁྲིལ། ཐ་མར་ལྔ་ལྔ་འཁྲིལ་སྒོ་མ་རིགས་བཞི་ལ་བསྡུས་སོ། །སིང་ཧ་མ་བརྒྱད་ཡུམ་བཞི་ལ་བསྡུས་སོ། །ཁྲོ་མོ་བརྒྱད་ཡབ་ལ་བསྡུས་སོ། །རིགས་ལྔ་ཁྲག་འཐུང་གི་ཡབ་གཙོ་བོ་ལ་བསྡུས། ཡུམ་ཀུན་ཀྲོ་ཏི་ལ་བསྡུས། ཀྲོ་ཏི་ཡབ་ལ་བསྡུས། ཡབ་ཡེ་ཤེས་སེམས་དཔའ་ལ་བསྡུས། རྡོ་རྗེ་བུམ་པའི་ཧཱུཾ་ལ་བསྡུས་སོ། ཧཱུཾ་ཞབས་ཀྱུ་ལ་བསྡུས། ཞབས་ཀྱུ་འ་ལ། འ་ཧ། ཧ་ཟླ་ཚེས། ཟླ་ཚེས་ཐིག་ལེ་ལ་བསྡུས། ཐིག་ལེ་མི་དམིགས་པར་གྱུར་། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཞེས་བརྗོད་པས། སླར་དཔལ་ཆེན་པོར་བསྐྱེད་ལ། གོ་བགོ་བ་ནི་སྦྱི་བོར་ཧཾ་བསམ། འོད་དུ་ཞུ། རྒྱ་གྲམ་གྱི་ཕྱག་རྒྱ་བཅས་ལ། ༀ་བཛྲ་ཀཱ་བ་ཙི་རཀྵ་རཀྵ་ཧཾ་ཞེས་གོ་བགོ །རྡོ་རྗེ་རྒྱ་གྲམ་གྱིས་གོ་ཆས་ལུས་ཁེབ་པར་དམིགས་ལ། ཁྲོ་བོ་ཤིན་ཏུ་མི་ཟད་པས་བསྲུང་བར་བསམ། ལུས་བསྲུངས་བ་ནི། ༀ་ཊྱཾ་ཞེས་བརྗོད་ཅིང་འཛུབ་མོ་གཉིས་ལ་ཧཱུཾ་བསམ་སྟེ་ལྟེ་བར་སྣོལ་བས། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་། ཁྲོ་བོ་མི་འཆི་ཐབས་སྦྱོར་གཉིས་ཀྱིས། ལྟེ་བར་ཞབས་བསྣོལ་ནས་ལུས་བསྲུངས་བར་བསམ། དེ་ནས་བཅུ་དྲུག་མཛོད། སྙིང་ཁ། ལྟག་པ། ཚོགས་མ། སྤྱི་བོར་དྲངས་ལ། །ཁྲོ་བོ་གཉིས་ཀྱི་སྔར་བཞིན་བསྲུང་། ཐོད་སྐམ་ཕྱག་རྒྱ་བྱས་ལ། དབང་བསྐུར་བ་ནི། ༀ་བཛྲ་ཀ་པཱ་ལ་མ་ལེ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ། ཞེས་མགོའི་གནས་ལྔར་གཏུམ་གོ །དར་དཔྱངས་ཀྱི་ཕྱག་རྒྱ་བཅིངས་ལ། ༀ་བཛྲ་ཨརྻ་ལཾ་བྷོ་དྷ་ར་མ་ལེ་ཨ་བྷི་ཥིཉྩ་ཧྲཱིཿ ཧྲཱིཿ ཧྲཱིཿ ཞེས་བརྗོད་པས་དར་མཐིང་ཀ་གཡས་དང་། དམར་པོ་གཡོན་འཆང་བར་བསམ་ལ། ཏཥྱ་ཧོ། ཞེས་ལན་གསུམ་ཐལ་མོ་བཏབ་ལ་དབང་ཐོབ་པའི་ང་རྒྱལ་གཟུང་པའོ། །ཧེ་རུ་ཀའི་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། དེ་ནས་སོ་སོའི་ལག་ཏུ་མེ་ཏོག་ཐོགས་རོལ་མོ་བཟུང་ནས། ༀ་ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་ཚོགས་གནོད་པའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས༴ དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔ་གདུང་པའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །འཇུག་སྤྱོད་ལམ་གྱིི་རྣལ་འབྱོར་ནི་གཞན་དུ་ཤེས་པར་བྱའོ། །དེ་ནས་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་བསྡུས་པའི་མངོན་རྟོགས་དང་ལས་བྱང་ངོ་། །ཁྲོ་བོའི་དཀྱིལ་འཁོར་འབྲིང་བོའི་མངོན་རྟོགས་ལ། ཏིང་ངེ་འཛིན་རྣམས་གསུམ་ནས་རྟེན་གཞལ་ཡས་ཁང་། བརྟེན་པ་ལྷའི་དཀྱིལ་འཁོར་ལ་ལྔ་བཅུ་རྩ་བརྒྱད་སྒོམ་པ་ཡན་ཆད་དཀྱིལ་འཁོར་བསྡུས་པ་དང་མཐུན་ལ་བྱེ་བྲག་ཏུ། ཁྲོ་བོ་བཅུ། ལྷ་རྣམས་ཕྱི་མའི་ཟུར་བཞི་དང་། དབང་མོ་ཉེར་བརྒྱད་ཀྱི་སྒོ་མ་བཞིའི་བཞུགས་གནས་ཀྱི་རྒྱབ་བཞི་དང་། སྟེང་འོག་གཉིས་སྟེ་བཅུར་བསྐྱེད་པའོ། ཡང་གཞལ་ཡས་ཁང་གི་ཕྱི་རོལ། དུར་ཁྲོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུར་བསྐྱེད་པ་སྟེ། བཛྲ་ཀྲོ་ཏ་ཧཱུཾ་ཀ་ར་ཧཱུཾ་ལས། ཧཱུཾ་ཀ་ར་སྔོ་སྐྱ་མདའ་གཞུ་བསྣམས་པ་སྟེང་དུ་བསྐྱེད། བི་ཛ་ཡ་ཧཱུཾ། རྣམ་རྒྱལ་དཀར་པོ་ཁ་ཊཾ་དང་། ཏྲི་ཤུལ་བསྣམས་པ་ཤར་དུ་བསྐྱེད། ནེ་ལན་དན་ཏྲ་ཧཱུཾ། ཤར་ལྷོར་དབྱུགས་པ་སྔོན་པོ་དབྱུག་པ་དང་མེ་དཔུང་བསྣམས་པ། ཡ་མན་ཏ་ཀ་ཧཱུཾ། ལྷོར་གཤིན་རྗེ་གཤེད་མཐིང་ཀ །བེ་ཅོན་དང་དགྲ་སྟ་བསྣམས་པ། ཨ་ཨརྻ་ཨ་ཙ་ལ་ཧཱུཾ། ལྷོ་ནུབ་ཏུ་མི་གཡོ་མགོན་པོ་ལྗང་དམར། སྤུ་གྲི་དང་ཞགས་པ་བསྣམས་པ། ཧ་ཡ་གྷྲི་ཝ་ཧཱུཾ། ནུབ་ཏུ་རྟ་མགྲིན་དམར་པོ་རལ་གྲི་དང་སྦྲུལ་ཞགས་བསྣམས་པ། ཨ་པ་ར་ཙིཏྟ་ཧཱུཾ། ནུབ་བྱང་དུ། གཞན་གྱིས་མི་ཐུབ་པ་སྔོན་པོ་བན་དྷ་དང་རྔ་ཡབ་བསྣམས་པ། ཨ་མྲི་ཏ་ཀུནྚ་ལི་ཧཱུཾ། བྱང་དུ་བདུད་རྩི་འཁྱིལ་པ་ལྗང་ཁུ། རྒྱ་གྲམ་དང་དྲིལ་བུ་བསྣམས་པ། ཏྲེ་ལོ་ཀྵ་པི་ཛ་ཡ་ཧཱུཾ། བྱང་ཤར་དུ། ཁམས་གསུམ་རྣམ་རྒྱལ་སེར་པོ་འཁོར་ལོ་དང་མཆེ་བ་འཛིན་པ། མ་ཧ་བ་ལ་ཧཱུཾ། འོག་ཏུ་སྟོབས་པོ་ཆེ་དུད་ཁ་ཐོ་བ་དང་གཏུན་ཤིང་བསྣམས། ཁྲོ་བོ་དེ་རྣམས་དུར་ཁྲོད་ཀྱི་ཆས་བརྒྱད་དང་གར་དགུ་ཡིས་བརྒྱན་པའོ། །དེ་ལྟར་ལྷ་དྲུག་བཅུ་རྩ་བརྒྱད་པོ་དེ་དག་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས། ཡེ་ཤེས་ལྔའི་དབང་བསྐུར་སྙན་གསན་དབབ། །སྤྱན་དྲངས་པ་ལ་སོགས་བསྙེན་པ་ཡན་ཆད་གོང་དཀྱིལ་འཁོར་བསྡུས་པ་དང་མཚུངས་སོ། །ཁྲོ་བོའི་དཀྱིལ་འཁོར་རྒྱས་པའི་མངོན་རྟོགས་ལ་ཏིང་ངེ་འཛིན་རྣམ་གསུམ་ནས། རྟེན་གཞལ་ཡས་ཁང་ཡན་ཆད་དཀྱིལ་འཁོར་བསྡུས་པ་དང་མཐུན་ལ། གཞལ་ཡས་ཁང་གི་འོག་གཞི་འཁོར་ལོ་སྔོན་པོ་རྩིབས་བཞི་ལྟེ་བ་ལྔའི་དབུས་ལྔ། འཁོར་ལོ་སེར་པོ་རྩིབས་བཞི་པ་རེ། ཕྱིའི་རྩིབས་མཆན་དམར་པོ། གྲུ་ཆད་བཞི་ཕྱོགས་མདོག །ལྷ་རྣམས་ནང་མ། བློ་འབུར་དང་བཅས་པ་ཕྱོགས་མ་ལོག་པ། ཕྱིའི་ལྷ་རྣམས་སྒོ་དང་བཅས་པ་ཕྱོགས་མདོག །དེ་ནས་ལྷ་བསྐྱེད་པ་ནི། དབུས་ལྟེ་བའི་འཁོར་རྩིབས་བཞི་སེར་པོའི་དབུས་སུ། བདུད་བཞི་འམ་བརྒྱད་དམ་ཉི་མའི་སྟེང་དུ་བཛྲ་ཧེ་རུ་ཀ་སྔོན་པོ། ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པ། རྩིབས་བཞི་ལ་རང་རང་གི་གདན་ལ་རྡོ་རྗེ་ཧེ་རུ་ཀའི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་བསྐྱེད། ཤར་རྩིབས་ཀྱི་དབུས་ཀྱི་འཁོར་ལོ་སེར་པོ་རྩིབས་བཞིའི་དབུས། དྲི་ཟ་ཁྱུ་མཆོག་ཉི་མའི་སྟེང་དུ། བུདྡྷ་ཧེ་རུ་ཀ་དཀར་པོ་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པ། ། རྩིབས་བཞི་ལ་རང་རང་གི་གདན་ལ་བྷུདྡྷ་ཧེ་རུ་ཀའི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བསྐྱེད། ལྷོ་རྩིབས་ཀྱི་འཁོར་ལོ་སེར་པོ་རྩིབས་བཞིའི་དབུས་སུ། གཤིན་རྗེ་མ་ཧེ་ཉི་མའི་སྟེང་དུ། རཏྣ་ཧེ་རུ་ཀ་སེར་པོ་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པ། རྩིབས་བཞི་རང་རང་གི་གདན་ལ། རཏྣ་ཧེ་རུ་ཀའི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་བསྐྱེད། ནུབ་རྩིབས་ཀྱི་འཁོར་ལོ་སེར་པོ་རྩིབས་བཞིའི་དབུས་སུ་ཀླུ་གཟུགས་ཉི་མའི་སྟེང་དུ། པདྨ་ཧེ་རུ་ཀ་དམར་པོ་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པ། རྩིབས་བཞི་ལ་རང་རང་གི་གདན་ལ། པདྨ་ཧེ་རུ་ཀའི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་བསྐྱེད། བྱང་རྩིབས་ཀྱི་འཁོར་ལོ་སེར་པོ་རྩིབས་བཞིའི་དབུས་སུ། གནོད་སྦྱིན་བརྒྱད་སྔགས་བརྒྱད་ཉི་མའི་སྟེང་དུ། ཀརྨ་ཧེ་རུ་ཀ་ལྗང་ཁུ་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པ། རྩིབས་བཞི་ལ་རང་རང་གི་གདན་ལ། ཀརྨ་ཧེ་རུ་ཀའི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་བསྐྱེད་དོ། །ཕྱིའི་འཁོར་ལོའི་རྩིབས་མཆན་བཞི་གྲུ་ཆད་བཞི་དང་བརྒྱད་ལ། ག་རི་མ་ལ་སོགས་གནས་ཀྱི་ལྷ་མོ་བརྒྱད་བསྐྱེད། ལྷ་སྣམས་ནང་མའི་ཕྱོགས་བཞི་མཚམས་བརྒྱད་ལ་ཕྲ་མེན་མ་བརྒྱད་བསྐྱེད། བློ་འབུར་བཞི་ལ་སྒོ་མ་བཞི། ལྷ་རྣམས་ཕྱི་མ་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་བསྐྱེད། སྐུ་མདོག་ཕྱག་མཚན་ནི་གོང་དང་མཐུན་ནོ། །ཁྲོ་བོ་ཡབ་ཡུམ་ཉི་ཤུ་བསྐྱེད་པ་ནི། ༀ་བཛྲ་ཀྲོ་ཏ་ཧཱུཾ་ཀ་ར་ཧཱུཾ། ཧཱུཾ་ལས་སྟེང་དུ་ཧཱུཾ་ཀ་ར་སྔོ་སྐྱ་མདའ་གཞུ་བསྣམས་པ། རང་འོད་ཀྱི་ཡུམ་དང་བཅས་པ་བསྐྱེད། བི་ཛ་ཡ་ཧཱུཾ་ཧཱུཾ་ལས། ཤར་དུ་རྣམ་པར་རྒྱལ་བ་དཀར་པོ་ཁ་ཊཱཾ་དང་ཏྲི་ཤུལ་བསྣམས་པ། རང་འོད་ཀྱི་ཡུམ་དང་བཅས་བསྐྱེད། འདི་མན་ཡུམ་འགྲེ། ནི་ལན་ད ན་ཏྲ་ཧཱུཾ་ཧཱུཾ་ལས་ཤར་ལྷོར་དབྱུག་པ་སྔོན་པོ་དབྱུག་པ་དང་མེ་དཔུང་བསྣམས་པ། ཡ་མན་ཏ་ཀ་ཧཱུཾ་ཧཱུཾ། ལྷོ་གཤིན་རྗེ་གཤེད་མཐིང་ཁ་བེ་ཅོན་དང་དགྲ་སྟ། ལྷོ་ནུབ་ཨརྻ་ཨ་ཙ་ལ་ཧཱུཾ་ཧཱུཾ། ཞེས་མི་གཡོ་མགོན་པོ་སྐུ་མདོག་ལྗང་དམར་ཞལ་གསུམ་ཕྱག་དྲུག་སྤུ་གྲི་དང་ཞགས་པ་བསྣམས་པ། ཧ་ཡ་གྷི་ཝ་ཧཱུཾ་ཧཱུཾ། རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་རལ་གྲི་དང་སྦྲུལ་ཞགས་བསྣམས་པ། ཨ་པ་ར་ཛི་ཏ་ཧཱུཾ་ཧཱུཾ་། ནུབ་བྱང་གཞན་གྱིས་མི་ཐུབ་པ་སྔོན་པོ། བདྷ་དང་རྔ་ཡབ་བསྣམས་པའོ། །ཨར་མྲི་ཏ་ཀུན་ཌ་ལི་ཧཱུཾ་ཧཱུཾ། བྱང་དུ་བདུད་རྩི་འཁྱིལ་པ་ལྗང་ཁུ། རྒྱ་གྲམ་དང་དྲིལ་བུ་བསྣམས་པ། ཏྲེ་ལོ་ཀྵ་བི་ཛ་ཡ་ཧཱུཾ་ཧཱུཾ། བྱང་ཤར། ཁམས་གསུམ་རྣམ་རྒྱལ་སེར་པོ་འཁོར་ལོ་དང་མཆེ་བ་བསྣམས་པ། མ་ཧཱ་བ་ལ་ཧཱུཾ་ཧཱུཾ། འོག་ཏུ་སྟོབས་པོ་ཆེ་དུད་ཁ་ཐོ་བ་དང་གཏུན་ཤིང་བསྣམས་པ། ཁྲོ་བོ་དེ་རྣམས་དུར་ཁྲོད་ཀྱིས་ཆས་བརྒྱད་དང་། གར་དགུའི་བརྒྱན་པ། རང་འོད་ཀྱིས་ཡུམ་རྣམས་ལ་འཁྱུད་པ། ཡུམ་རྣམས་ཀྱིས་གཡས་པས་གཙོ་བོ་ལ་འཁྱུད་པ། གཡོན་དུང་དམར་གཙོ་བོ་ལ་སྟོབས་པ། མེ་དཔུང་གི་ཀློང་ན་བཞུགས་པ་བསྐྱེད་དོ། །དེ་ནི་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་བརྒྱས་པའི་མངོན་རྟོགས་སོ། །དེ་ལྟར་ལྷ་བརྒྱ་བཅོ་བརྒྱད་པོ་དེ་དག་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནས། བསྙེན་པའི་བར་ཡན་ཆད་གོང་ཁྲོ་བོའི་དཀྱིལ་འཁོར་བསྡུས་པའི་སྐབས་ལྟར་རོ། །ཁྲོ་བོའི་ཚོམ་བུ་གཅིག་པའི་སྔོན་རྟོགས་ལ། ཏིང་ངེ་འཛིན་རྣམ་གསུམ་ནས། རྟེན་གཞལ་ཡས་ཁང་ཡན་ཆད་དཀྱིལ་འཁོར་བསྡུས་པ་དང་མཐུན་ལ། འཁོར་ལོའི་དབུས་སུ་བདུད་བཞི་ཉི་མའི་གདན་ལ། བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ་རྩིབས་བཞི་རང་རང་གི་གདན་ལ། བཛྲ་ཧེ་རུ་ཀའི་རིགས་ཆུང་གི་ཧེ་རུ་ཀ་ཡབ་ཡུམ་བརྒྱད། ཁྲོ་མོ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ། བདུན་བཅུ་དོན་བརྒྱད་བསྐྱེད་དོ། །དེ་ལ་སྐུ་གསུང་ཐུགས་བྱིན་རླབས་ནས་བསྙེན་པ་ཡན་ཆོད་དཀྱིལ་འཁོར་བསྡུས་པ་དང་མཐུན་ནོ། །ཚོམ་བུ་གསུམ་པའི་མངོན་རྟོགས་ལ། ཏིང་ངེ་འཛིན་རྣམ་གསུམ་ནས་རྟེན་གཞན་ཡས་ཁང་ཡན་ཆད་དཀྱིལ་འཁོར་བསྡུས་པ་དང་མཐུན། འཁོར་ལོའི་ལྟེ་བའི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བཞིའི་དབུས་སུ། བདུད་བཞི་སེང་གེ་ཉི་ཟླའི་གདན་ལ། བཛྲ་ཧེ་རུ་ཀ་སྔོན་པོ་ཞལ་གསུམ་ཕྱག་དྲུག་ཡབ་ཡུམ་ལ། རྩིབས་བཞི་ལ་རང་རང་གི་གདན་ལ། བཛྲ་ཧེ་རུ་ཀའི་རིགས་ཆུང་གི་ཧེ་རུ་ཀ་ཡབ་ཡུམ་བརྒྱད། ཤར་རྩིབས་ཀྱི་དཀྱིལ་འཁོར་རྩིབས་བཞིའི་དབུས་སུ། དྲི་ཟ་དང་མ་ཧེའི་ཉི་མའི་གདན་ལ། བུདྡྷ་ཧེ་རུ་ཀ་དཀར་པོ་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པ། རྩིབས་བཞི་ལ་རང་རང་གི་གདན་ལ། བུདྡྷ་ཧེ་རུ་ཀའི་རིགས་ཆུང་གི་ཧེ་རུ་ཀ་ཡབ་ཡུམ་བརྒྱད། ནུབ་རྩིབས་ཀྱི་དབུས་སུ་གཤིན་རྗེ་དང་སྟག་གི་གདན་ལ། པདྨ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་ཡབ་ཡུམ་དམར་པོ། རྩིབས་བཞི་རང་རང་གི་གདན་ལ་པདྨ་ཧེ་རུ་ཀའི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་དེ། ཕོ་བྲང་གི་ལྷ་སུམ་བཅུ། མཁའ་འགྲོ་མ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ། དགུ་བཅུ་གོ་བརྒྱད་བསྐྱེད་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནས། བསྙེན་པ་ཡན་ཆད་གོང་དཀྱིལ་འཁོར་བསྡུས་པ་དང་མཐུན་ནོ། །ཚོམ་བུ་ལྔ་པའི་དཀྱིལ་འཁོར་ཀྱི་མངོན་རྟོགས་ལ། ཏིང་ངེ་འཛིན་རྣམ་གསུམ་ནས། རྟེན་གཞལ་ཡས་ཁང་ཡན་ཆད་གོང་དཀྱིལ་འཁོར་བསྡུས་པ་དང་མཐུན་ལ། འཁོར་ལོ་སྔོན་པོ་རྩིབས་བཞི་ལྟེ་བ་དང་ལྔའི་སྟེང་དུ། འཁོར་ལོ་སེར་པོ་རྩིབས་བཞིའི་དབུས་དང་རྩིབས་བཞི་ལ། བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ་སོགས་པའི་ཕོ་བྲང་གི་ལྷ་ལྔ་བཅུ། ལྷ་མོ་ཉི་ཤུ་དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ། བརྒྱ་དང་བཅོ་བརྒྱད་བསྐྱེད་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལ་སོགས། བསྙེན་པ་ཡན་ཆད་གོང་དཀྱིལ་འཁོར་བསྡུས་པ་དང་མཐུན་ནོ། །གསུམ་པ་མདུན་བསྐྱེད་ལ་དྲུག་སྟེ། ཁྲོ་བོའི་དཀྱིལ་འཁོར་བསྡུས་པ་དང་། འབྲིང་པོ་དང་། རྒྱས་པ་དང་། ཚོམ་བུ་གཅིག་དང་། ཚོམ་བུ་གསུམ་པ་དང་། ཚོམ་བུ་ལྔ་པའོ། །དེ་དག་ཇི་ལྟར་བསྐྱེད་པའི་ཚུལ་ནི། གོང་བུམ་བསྐྱེད་དང་མཐུན་ལ། བར་སྐབས་སུ་ཚིག་ཁ་བསྒྱུར་རོ། །གཉིས་པ་རབ་གནས་ཀྱི་སྔོན་འགྲོ་དངོས་ནི། སྐུ་གཟུགས་ལ་སོགས་རབ་གནས་ཀྱི་རྟེན་ཐམས་ཅད་ལ་བ་བྱུང་ལྔ་དང་། མར་ཁུ་ཤིང་ཤུན་ལྔས་ཕྱིས་ཏེ། དེ་ནས་ཐོད་པའི་འཕྲེང་བ་ཐོགས་ལ། ཧོ་མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་མདོ་སྒྱུ་སེམས་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་ཐམས་ཅད། བདག་རྡོ་རྗེ་ཆེ་གེ་མོ་ལ་གསན་ཅིང་དགོངས་སུ་གསོལ། །དེང་ཡོན་བདག་ཆེ་གེ་མོ་ལ་སོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད། འཁོར་བའི་རྒྱ་མཚོ་གནས་ནས་བསྒྲལ་ཞིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། བདག་རྡོ་རྗེ་ཆེ་གེ་མོས་མདོའ་སྒྱུ་སེམས་གསུམ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་རབ་ཏུ་གནས་པ་བགྱི་བར་འཚལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། །བྱིན་གྱིས་བརླབས་དུ་གསོལ། །དབང་བསྐུར་དུ་གསོལ། །རབ་གནས་ཡེ་ཤེས་དང་ལྡན་པར་མཛད་དུ་གསོལ། །ཞེས་བརྗོད་ལ། གནང་བ་ཐོབ་པར་བསམ་མོ། །གཉིས་པ་རབ་གནས་ཀྱི་རྟེན་ལྷར་བསྐྱེད་པ་ནི། ཤུ་ནྱ་ཏ་ཉེར་གཅིག་བརྗོད། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསལ་བར་བསྒོམ། དེ་ནས་བདག་གི་ཐུགས་ཀ་ནས་ཧཱུཾ་ལས་བྱུང་བའི་ཡེ་གེ་ལྔ་བྱུང་ནས་ཁྲོ་བོའི་འབྱུང་རིམ་བསྐྱེད། བྷྲུཾ་ལས་གཞལ་ཡས་ཁང་རྒྱན དང་ལྡན་པར་བསྐྱེད། གདན་སྟེངས་སུ་སྐུ་རྣམས་ཀྱང་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་གསལ་བ་ལས། བདག་ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་ཆུབ་སེམས་ལས་ལྷ་གང་ཡིན་པའི་ཡིག་འབྲུ་བཏོན་ནས་བཀོད་དེ། གཉིས་སུ་མེད་པར་གསལ་བ་ལས། ཆོ་ག་གསུམ་གྱི་ལྷ་རྣམས་དམ་པ་རྒྱན་བཞིན་བསྐྱེད། དཀྱུས་ལྟར་དབང་བསྐུར། བྱིན་གྱིས་བརླབས་པར་བསམ་ལ། ཧཱུཾ་ཆོས་དབྱིངས་མཉམས་པ་ཆེན་པོ་ལ། །ཡེ་ཤེས་གསལ་བར་གནས་པ་དང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །སྐྱེ་མེད་ཆོས་ལ་དབང་ཐོབ་ཤོག །ཤུནྱ་ཏ་ཛྙ་ན་ཉ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ༀ་དག་ཅིང་གསལ་བའི་རང་བཞིན་སྟེ། སྐྱོན་མེད་སེམས་ཉིད་རིན་པོ་ཆེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། སྲིད་པ་གསུམ་ལ་དབང་བསྒྱུར་ཤོག །ཨ་ད་ཤ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། སྭཱ་ཁམས་གསུམ་རེ་བསྐོང་རྒྱལ་པོ་སྟེ། ཡིད་བཞིན་རེ་བསྐོངས་གཏེར་གྱིས་མཆོག །མཉམ་པ་ཉིད་ཀྱིས་ཡེ་ཤེས་ཀྱིས། འགྲོ་བའི་རེ་བསྐོངས་རྒྱལ་པོར་ཤོག །ས་མན་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ༀ་སྐྱེ་འགག་མེད་པའི་དངོས་གྲུབ་སྟེ། ། ཉེས་པའི་སྐྱོན་བྲལ་དྲི་མེད་པ། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །སྲིད་གསུམ་ཉེས་མིག་བྲལ་བར་ཤོག །པྲ་ཏྱ་བེ་ཀྵ་ན་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། །དབྱིིངས་ཀྱི་དཀྱིལ་འཁོར་མཐར་ཕྱིན་ཅིང་། གྲུབ་པ་ལས་ཀྱི་བྱེ་བྲག་ལས། བྱ་བ་ནན་ཏན་ཡེ་ཤེས་ཀྱིས། སྐྱེ་འགྲོ་དབྱིངས་སུ་སྒྲོལ་བར་ཤོག །ཀྲི་ཏྱཾ་ནུཥྛ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ན་མོ་འདུས་པ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་ལ། །རིགས་ལྔའི་དབུ་བརྒྱན་གྱི་དབང་བསྐུར་བས། དེང་ཡོན་གྱི་བདག་པོ་དང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་རིགས་ལྔ་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག ༀ་བདེ་གཤེགས་སྐུ་ཡི་ངོ་བོ་ལས། །མི་ཤིག་རྡོ་རྗེ་རྒྱལ་བའི་གཙོ། །སྔགས་དང་ཕྱག་རྒྱ་ལྔན་པ་ཡིས། །རྡོ་རྗེ་སྐུ་ཡི་གཙོ་བོར་ཤོག །ༀ་སརྦ་ཏ་ཐཱ་ཱག་ཏ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཨཱཿ བདེ་གཤེགས་གསུང་གི་ངོ་བོ་ལས། །མི་ཤིགས་རྡོ་རྗེ་ཆོས་ཀྱི་དབྱིངས། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེ་གསུང་གི་ངོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཝཀྐ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ཧཱུཾ་བདེ་གཤེགས་ཐུགས་ཀྱི་ངོ་བོ་ལས། མི་ཤིག་རྡོ་རྗེ་ཆོས་ཀྱི་དབྱིངས། སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེ་ཐུགས་ཀྱི་གཙོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། སྭ་མི་འགྱུར་བའི་ཞིང་ཁམས་ན། མ་སྐྱེས་པའི་འབྲས་བུ་ལ། མ་འགགས་པ་ཡི་ལོངས་སྤྱོད་འབྱུང་། མ་བསགས་པའི་ལོངས་སྤྱོད་འབྱུང་། །ཅིར་ཡང་འགྱུར་བའི་ཡེ་ཤེས་ཀྱིས། །རང་དབང་ཐབས་ཀྱིས་བསྒྱུར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཙ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ཧཱ་ཐབས་དང་ཤེས་རབ་གཉིས་མེད་པའི། །འདོད་ཆགས་ཆེན་པོའི་ཏིང་འཛིན་ལས། ལས་དང་དངོས་གྲུབ་ཀུན་སྣང་བ། །མ་ལུས་ཉམས་པ་སྦྱོར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ན་མོ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔས་བྱིན་གྱིས་རླབས་པས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་བརྒྱན་གྱི་འཁོར་ལོ་དང་ལྡན་པར་གྱུར་ཅིག །གསུམ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམ་པ་ནི། སྒྱུ་འཕྲུལ་ལྟར་ན། དམ་ཅན་གྱི་སྤྱན་འདྲེན་སྐབས་འདིར་བྱེད་དོ། །མདོ་ལྟར། ཧཱུཾ་ཡེ་ཤེས་རབ་སྣང་སངས་རྒྱས་ཀུན་གྱིས་གནས། འཁོར་ལོ་དུར་ཁྲོད་ད་ལ་རབ་རིབ་ཅན། རྣམ་བཞི་དབྱིབས་ཚུལ་སྒོ་དགུ་སྒོ་རྩེར་ལྡན། རང་བཞིན་ལྷུན་གྲུབ་དེ་ལ་བཞེས་སུ་གསོལ། ཚད་མེད་རྣམས་བཞི་རང་སྣང་རང་བྱུང་བ། རྡོ་རྗེ་རཏྣ་པདྨ་རྒྱ་གྲམ་རྩེགས། །རྒྱུ་མཐུན་གླིང་བཞིར་འགྲོ་བའི་དོན་མཛད་པ། བླ་མེད་དལ་ལ་བཞི་པོ་གཤེགས་སུ་གསོལ། བཅོམ་ལྡན་སྤྲུལ་སྐུའི་མཛད་པ་ལས་བྱུང་བ། ལྷ་ལས་བབ་པའི་དལ་ལ་གཤེགས་སུ་གསོལ། པདྨ་ཅན་གྱིས་མཛད་པ་ལས་བྱུང་བ། བྱང་ཆུབ་ཆེན་པོའི་དལ་ལ་གཤེགས་སུ་གསོལ། ཆོས་ཀྱི་འཁོར་ལོའི་མཛད་པ་ལས་བྱུང་བ། །གསེར་མདོག་འོད་ཅན་ད་ལ་གཤེགས་སུ་གསོལ། །བཀྲ་ཤིས་སྒོ་མང་མཛད་པ་ལས་བྱུང་བ། །སྒོ་མ་བཞི་པོའི་དལ་ལ་གཤེགས་སུ་གསོལ། །ཤར་ནས་བྱམས་ལྡན་མཐར་ལེགས་གཡུང་དྲུང་རྫོགས། །ལྷོ་ནས་ཡིད་བཞིན་ལྷུན་གྲུབ་ཀ་ནི་ཀ །བྱང་ནས་ཁམས་གསུམ་སྨད་དྲག་བདེ་བ་རྒྱས། ནུབ་ནས་པདྨ་བསམ་འདས་རིན་ཆེན་རྩེགས། བྱིན་གནས་དལ་ལ་བརྒྱད་པོ་གཤེགས་སུ་གསོལ། །ལ་ལ་བྱིན་བརླབས་རཏ་ན་སྐུར་སྣང་ཡང་། ནུབ་བྱང་རྒྱལ་པོའི་མིག་ནད་ཞི་མཛད་པ། །ཐུགས་རྗེའི་དལ་ལ་རྣམ་གཉིས་གཤེགས་སུ་གསོལ། །དྲེགས་པའི་རྒྱལ་པོ་དུར་ཁྲོད་བརྒྱད་ཀྱི་རྟེན། །མ་མོའི་གནས་དང་སིདྡྷི་ཀུན་གྱི་གཞི། །བདེ་བྱེད་བརྟེན་དང་རི་བོ་ཏ་ལ་སོགས། །སྒྲུབ་པའི་དལ་ལ་བརྒྱད་པོ་གཤེགས་སུ་གསོལ། །མཁའ་སོགས་འབྱུང་དང་འབྱུང་འགྱུར་མ་ལུས་པ། །རང་བྱུང་ཡེ་ཤེས་སྣང་བའི་བྱིན་རླབས་ཀྱིས། །གདུལ་བྱ་ཅིར་སྣང་འདུལ་བ་དོན་མཛད་པ། །ཡིད་ཀྱི་དལ་ལ་བརྒྱད་པོ་གཤེགས་སུ་གསོལ། །དེ་དག་རྣམས་ཀྱང་ཐེག་པ་སོ་སོ་ཡི། །ཐ་དད་རྣམས་ལ་མཐུན་པར་སྐུར་བཞེངས་པའི། །སྤྲུལ་པའི་དལ་ལ་ཇི་རྙེད་བཞུགས་སུ་གསོལ། །འགྲོ་བའི་དོན་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོ། ཨེ་ཧྱ་ཧི་བྷ་ག་ཝན། ཛཿཧཱུཾ་བཾ་ཧོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨེ་ཨ་ར་ཨི་ཧྲེང་ཧྲེང་། ཕྱོགས་བཅུ་དལ་ལའི་ཚོགས་ནི་སྤྱན་དྲངས་སོ། །ཐབས་ཆེན་མ་འདྲེས་རྣམ་ཐར་ཅིར་སྣང་ཡང་། །དུས་བཞིའི་རྒྱལ་པོ་རང་རིག་ཉིད་དུ་འདུས། ད་ལ་རྣམས་གསུམ་རང་རིག་མིང་གི་ཕྱིར། །སྙིང་པོ་བྱང་ཆུབ་མཐར་ནི་བ རྟན་པར་བཞུགས། །ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ། སེམས་ཅན་དོན་ཕྱིར་ནན་ཏན་མཛད། །ཆོས་སྐུ་མུ་མཐའ་དཔག་མི་རིགས། །ཐབས་མཁས་ཕྱག་རྒྱ་རྒྱུ་འབྲས་རྫོགས། །རང་བྱུང་རོལ་པ་རང་སྣང་ཡང་། །དུས་གསུམ་རྒྱལ་བ་བཞུགས་གནས་ཁང་། །རང་བཞི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་ཀྱི་བྱིན་རླབས་ཅིར་ཡང་སྣང་། །སྣ་ཚོགས་ཐབས་ཀྱི་འགྲོ་བའི་དོན་མཛད་པ། །སྤྲུལ་པའི་དལ་ལ་བརྒྱད་པོ་དང་། །བླ་མེད་དལ་ལ་རྣམ་བཞི་པོ། །བྱིན་རླབས་རོལ་པའི་དལ་ལ་བརྒྱད། །ཐུགས་རྗེའི་ད ལ་ལ་ལ་སོགས་པ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །ཁམས་གསུམ་ཞིང་དུ་སྤྱོར་ལ་ཕྱག་འཚལ་ལོ། །བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེའི་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལ་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །མཉམས་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །མིག་གནས་མི་དམིགས་ཆོས་སྐུ་དག་པ་ལ། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྟོན་པ། །ཐུགས་རྗེས་གཟིར་ལྡན་གདུགས་པ་ཐབས་ཀྱི་འདུལ། །བཅོམ་ལྡན་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་ན། །མཁའ་འགྲོ་མི་ཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་། ཞིང་ཁམས་དག་པ་ཟད་མི་ཤེས་པའི་བདེན་པ་དང་། ཁྲོ་བོའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་དང་པུ་ཙ་འབུལ་བས། དཀྱིལ་འཁོར་གྱི་ལྷ་རྣམས་དང་གཉིས་སུ་མེད་པའི་དོན ། དེང་ཡོན་བདག་དང་། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཀུན་བཟང་འབུལ་ཞིང་། བདེན་པ་འགྲེ། ཀུན་ཏུ་བཟང་པོའི་པཱུ་ཙ་འབུལ། བདག་དཔལ་ཆེན་པོའི་མཆོད་པ་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་སྟེ། དེང་ཡོན་བདག་ལ་སོགས་པའི་སེམས་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །བཞི་པ་དབང་པོའི་སྐྱོན་གསལ་བ་ལ། གསེར་གྱི་ཐུར་མ་ཐོགས་ལ། རིན་ཆེན་རྒྱུ་ལས་བྱས་པ་ཡིས། །གསེར་གྱིས་ཐུར་མས་སྤྱན་ཕྱེས་པས། །དབང་པོ་རྣམས་ཀྱི་སྐྱོན་བསལ་ནས། །ཡེ་ཤེས་སྤྱན་མངའ་ཐོབ་པར་ཤོག །ༀ་བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། བདེན་པ་གསེར་གྱིས་ཐུར་མས་ལྷ་རྣམས་ཀྱི་སྤྱན་ཕྱེས་པས། བདག་དང་ཡོན་བདག་དང་སེམས་ཅན་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག །སྙན་བཞར་ཐོགས་ལ་རིན་ཆེན་རྒྱུ་ལས་བྱས་པ་ཡིས། །གསེར་གྱི་སྙན་བཞར་སྙན་གསལ་བས། །དབང་བོ་རྣམས་ཀྱིས་སྐྱོན་གསལ་ནས། །ཡེ་ཤེས་སྙན་རྣམས་ཐོབ་པར་ཤོག །བདེན་པ། ལྷ་རྣམས་ཀྱིས་སྙན་ཕྱིས་པས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྙན་དང་ལྡན་བར་གྱུར་ཅིག །རྨང་ཚེར་ཐོགས་ལ། རིན་ཆེན་རྒྱུ་ལས་བྱས་པ་ཡིས། །གསེར་གྱི་རྨང་ཚེར་ཤངས་ཀྱི་སྤུ་གཏོགས་པས། །ཤངས་ཀྱི་དབང་པོའི་སྐྱོན་རྣམས་བསལ་བ་ཡིས། ། སེམས་ཀྱི་རྣམ་གྲངས་མ་ལུས་ཐོབ་པར་ཤོག །བདེན་པ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཤངས་གསལ་བས། བདག་དང་ཡོན་བདག་དང་། སེམས་ཅན་ཐམས་ཅད་ཀྱི་དྲི་མ་སེལ་བར་གྱུར་ཅིག །ལྗགས་གཞར་ཐོགས་ལ། གསེར་གྱིས་རྒྱུ་ལས་བྱས་པ་ཡིས། །ལྗགས་ཀྱི་དྲི་མ་གཞར་བ་ཡིས། །གསུང་རབ་སོར་སོར་འཆད་པར་ཤོག །བདེན་པ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་དྲི་མ་བསལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཆོས་འཆད་པར་གྱུར་ཅིག །མཚེམས་ཤིང་ཐོག་ལ། རཏྣའི་རྒྱུ་ལས་བྱས་པ་ཡིས། ཚེམས་ཀྱི་ཤིང་བུ་འདི་ཡིས་ནི། ཚེམས་ཀྱི་དྲི་མ་བསལ་བ་དང་། མཉམ་པར་བཞག་པ་ཐོབ་པར་ཤོག །བདེན་པ། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་དྲི་མ་བསལ་བ་དང་། མཉམ་པར་བཞག་པ་ཐོབ་པར་གྱུར་ཅིག །དུང་གི་སོ་མང་ཐོགས་ལ། རཏྣའི་རྒྱུ་ལ་བྱས་པ་ཡིས། །དུང་གི་སོ་མང་དབུ་སྐྲ་བསིལ། །དབུ་སྐྲ་ལྕང་ལོའི་སྐྱོན་བསལ་ནས། །ཉོན་མོངས་དྲི་མ་དག་པར་ཤོག །བདེན་པ༴ དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་དབུ་སྐྲ་ཤད་པས། བདག་དང་ཡོན་བདག་སེམས་ཅན་ཐམས་ཅད་ཀྱི་དྲི་མ་དག་པར་གྱུར་ཅིག །གསེར་གྱི་ཆེན་པ་ཐོགས་ལ། རཏྣའི་རྒྱུ་ལས་བྱས་པ་ཡིས། གསེར་གྱི་ཆེན་པ་བཏབ་པ་ཡིས། །དབུ་སྐྲ་ཞལ་གྱི་སྤུ་བྲེགས་པས། །ཉོན་མོངས་ཟུང་རྔུ་བྲལ་བར་ཤོག །བདེན་པ༴ དཀྱིལ་འཁོར་ཀྱི་ལྷ་རྣམས་ཀྱི་དབུ་སྐྲ་གསེར་གྱི་སྤུ་གྲིས་བསལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཟུང་རྔུ་དང་བྲལ་བར་གྱུར་ཅིག །མེ་ལོང་བསྟན་ལ། བདེ་གཤེགས་སྐུ་ལ་མེ་ལོང་འདི་བསྟན་པས། བདག་དང་སེམས་ཐམས་ཅད་ཀྱིས། ཆོས་རྣམས་གཟུགས་བརྙན་ལྟར་རྟོགས་ནས། འགྲོ་བས་ལྟ་བའི་འོས་སུ་འགྱུར་བར་ཤོག །བདེན་པ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་མེ་ལོང་ཕུལ་བས། ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུར་རྟོགས་ཏེ། བརྗོད་དུ་མེད་པའི་དོན་བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ལྔ་པ་ཆུས་ཁྲུས་གསོལ་བ་ལ། ཤུན་གྱི་ཆུ་ཁྲུས་གསོལ་ལ། དོན་དམ་བཅུད་ཀྱི་ཐིག་ལེ་ཆེན་པོ་འདི། འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། ལྷན་གཅིག་སྐྱེས་པའི་སྒྲིབ་པ་ཀུན་དག་ནས། །ཨ་ཨ་སྒྲིབ་པ་ཀུན་དག་ནས། བྱང་ཆུབ་སེམས་ཀྱི་རླན་དང་ལྡན་པར་ཤོག །བྷོ་དྷི་ཙིཏྟ་ཛྙ་ན་བི་ཤུདྡྷེ་ཧཱུཾ་ཧཱུཾ། བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས༴ ཤུན་གྱིས་སྐུ་ཁྲུས་གསོལ་བའི་བྱིན་རླབས་ཀྱིས། བདག་དང་ཡོན་བདག་དང་མཐའ་ཡས་པའི་སེམས་ཐམས་ཅད་ཀྱིས་ལྷན་གཅིག་སྐྱེས་པའི་སྒྲིབ་པ་ཡོངས་སུ་དག་ནས་བདེ་ཆེན་བྱང་ཆུབ་ཀྱི་སེམས་ཀྱི་རླན་དང་ལྡན་པའི་སྒོ་ནས་འགྲོ་བའི་དོན་བྱེད་པར་གྱུར་ཅིག །ཐལ་ཆེན་གྱིས་ཆུས་ཁྲུས་གསོལ་བ། ལྷག་པའི་ཐལ་བས་འཕྲིན་ལས་རྫོགས་པའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །བདག་གཞན་གཉིས་འཛིན་སྒྲིབ་པ་ཀུན་དག་ནས། །གཉིས་སུ་མེད་པའི་དོན་དང་ལྡན་པར་ཤོག །ༀ་བཛྲ་བྷི་ས་སྨི་ཏི་ཛྙཱ་ན་བི་ཤུདྡྷེ་ཧཱུཾ། བདེན་པ། ཐལ་ཆེན་གྱིས་ཆུས་ཁྲུས་གསོལ་བས། ཀུན་ཏུ་བརྟགས་པའི་སྒྲིབ་པ་དག་ནས། གཉིས་སུ་མེད་པའི་དོན་དང་ལྡན་པའི་སྒོ་ནས་འགྲོ་བའི་དོན་བྱེད་པར་གྱུར་ཅིག །བྱང་ཆུབ་སེམས་ལ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །དཀར་ལ་དག་པ་གཉིས་མེད་ཡེ་ཤེས་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། རྡོ་རྗེ་རིགས་ཀྱིས་སིདྷི་ཐོག་པར་ཤོག །ༀ་བྷོ་དྷི་ཙིཏྟ་ཛྙ་ན་བི་ཤུདྡྷེ་ཧཱུཾ། བདེན་པ། མེ་ལོང་ལྟ་བུའི་ཡེ་ཤེས་གསལ་བ་ལ། རྟོགས་པ་མེད་པའི་དོན་རྟོགས་ནས། རྡོ་རྗེ་རིག་ཀྱི༴ བྱང་ཆུབ་སེམས་ཀྱི་ཁྲུས་གསོལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་སེམས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ཐོབ་པར་གྱུར་ཅིག །དྲི་ཆེན་ལ། དྲི་ཆེན་གསང་བའི་རྫས་ཆེན་དམ་རྫས་མཆོག །སྐྱེ་ཤི་མེད་པ་རྡོ་རྗེའི་རང་བཞིན་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །དེ་བཞིན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་ཨཱ་ཡུཿ ཛྙ་ན་བྷི་ཤུདྡྷེ་ཧཱུཾ། བདེན་པ། དྲི་ཆེན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི། ཡེ་ནས་ཡོད་མེད་སྟོང་པའི་དོན་རྟོགས་ནས། །དེ་བཞིན་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །མཾ་སའི་ཆུས་ཁྲུས་བྱེད་ལ། ཁམས་གསུམ་པའི་རྒྱུད་དྲུག་སེམས་ཅན་རྣམས། །དུག་གསུམ་བསྒྲལ་བའི་ཤ་ཆེན་བཅུད་ཀྱིས་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །རཏྣ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག ། ༀ་མ་ཧཱ་མཾ་ས་ཛྙ་བི་ཤུདྡྷེ་ཧཱུཾ། བདེན་པ་ཤ་ཆེན་ཆུ་ཡིས་ཁྲུས་གསོལ་བས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ང་དང་བདག་འཛིན་མེད་རྟོགས་ནས། །རཏྣ་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །རཀྟས་ཁྲུས་བྱེད་ལ། པདྨ་ར ཀྟ་གསང་བ་དབང་གི་རྫས། ཆགས་པར་མེད་པའི་གསལ་ལ་དངས་པའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་མ་ཧཱ་པདྨ་རཀྟ་ཏི་ལ་ཀ་བི་ཤུདྡྷེ་ཧཱུཾ། བདེན་པ། པདྨ་རཀྟ་ཁྲུས་གསོལ་བས། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །ཆོས་སྤྱི་དང་རང་གི་མཚན་ཉིད་དོན་རྟོགས་ནས། །པདྨ་རིགས་ཀྱི་སིདྷི་ཐོབ་པར་ཤོག །དྲི་ཆུས་ཁྲུས་བྱས་ལ། དྲི་ཆུ་ཀུན་གྱིས་གསོས་བྱེད་ལས་ཀྱི་རིགས། །ཐམས་ཅད་ཁྲུས་བྱེད་བདུད་རྩི་ཆེན་པོའི་ཆུ། །འཇིགས་བྱེད་སྐུ་ལ་ཁྲུས་ཆབ་འདི་གསོལ་བས། །ལས་ཀྱི་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །ༀ་བཛྲ་མ་ཧཱ་མ་མ་ཀུ་ཀུ་ཛྙ་ན་བྷི་ཤུདྡྷེ་ཧཱུཾ། བདེན་པ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། བདག་གཞན་དངོས་གྲུབ་དོན་རྟོགས་ནས། ལས་ཀྱི་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །ཁྲུས་རས་ཕུལ་ལ། ཡང་དག་ཉིད་དུ་དག་མོད་ཀྱང་། །འཇིག་རྟེན་སྲིད་ཞུའི་ཚུལ་གྱིས་ནི། །ཕྱག་དང་ཞབས་ནི་བསིལ་མཛོད་ལ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཕྱག་དང་ཞབས་བསིལ་གསོལ་བས། ཕྱི་ནང་གི་དྲི་མ་ཐམས་ཅད་དག་པའི་དོན་རྟོགས་པར་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་སྭ་བྷ་ཝ་བྷི་ཤུད་དྷེ་ཧཱུཾ། རས་ཀྱིས་སྐུ་ཕྱིས་ལ། ཐུགས་རྗེ་ལྷུན་གྲུབ་ཁྲག་འཐུང་དཀྱིལ་འཁོར་ལོ། སྐུ་ལ་སྲིད་ཞུ་གུས་ཕྱིར་རས་ཀྱིས་སྐུ་ཕྱིས་པས། ལས་དང་ཉོན་མོངས་བག་ཆགས་ཀུན་བྱང་ནས། སྤྱོད་ལམ་རྣམ་པར་དག་པའི་སྐུ་ཐོབ་ཤོག །བདེན་པ། རས་ཀྱི་སྐུ་ཕྱིས་པས་གཟུགས་འཛིན་ལས་བྱུང་བའི་ལས་དང་ཉོན་མོངས་པའི་དྲི་མ་དག་ནས་སྤྱོད་ལམ་རྣམ་པར་དག་པའི་སྒོ་ཐོབ་པར་ཤོག །དྲུག་པ་མཆོད་པ་འབུལ་བ་ནི། ལྷ་མོ་བཞི་བསྣོལ་གྱི་སྔགས་བརྗོད་པས་ཁྲག་ལ། ཡོན་ཏན་ལྷུན་རྫོགས་སངས་རྒྱས་སྐུ་མཆོག་ལ། ཁྲག་གི་མཛེས་པའི་མེ་ཏོག་འདི་ཕུལ་བས། །ལོག་ལྟའི་ཉོན་མོངས་ཐ་བ་ཀུན་བྲལ་ནས། །ལྟ་བས་མི་ངོམ་མཛེས་པའི་སྐུ་ཐོབ་ཤོག །བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ། ཁྲག་གི་མེ་ཏོག་གིས་མཆོད་པ་ཕུལ་བས། བདག་དང་ཡོན་བདག་དང་། སེམས་ཅན་ཐམས་ཅད་ཐ་བ་བྲལ་ཏེ་ཚོགས་ཐམས་ཅད་ཡོངས་སུ་རྫོགས་ནས་ལྟ་བས་མི་ངོམས་པའི་སྐུ་ཐོབ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་དག་པར་བྱེད་པར་གྱུར་ཅིག ། ཚིལ་ཆེན་གྱི་ཆུ་ལ། མཆོག་ཏུ་རྣམ་པར་དག་པའི་སྐུ་མངའ་བའི། །འཇིགས་བྱེད་ཆེན་པོའི་སྐུ་ལ་འདི་ཕུལ་བས། །དམ་ཚིག་སྡོམ་པའི་ཉེས་པ་ཀུན་བྲལ་ནས། །ཡེ་ཤེས་ཐུགས་རྗེ་མ་ལུས་འཛིན་པར་ཤོག །བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ་ཚིལ་ཆེན་གྱི་མཆོད་པ་ཕུལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཐེག་པ་སོ་སོའི་དྲི་མ་ལས་གྲོལ་སྟེ། དམ་ཚིག་རྣམ་པར་དག་ནས། ཐུགས་རྗེ་ཆེན་པོས་ཕྱོགས་ལུང་བསྟོན་པའི་ཕུང་པོ་ཡོངས་སུ་འཛིན་པའ་ིསྐུ་ཐོབ་པར་གྱུར་ཅིག །མར་མེ་ལ། མཆོག་ཏུ་རྣམ་པར་དག་པའི་སྐུ་མངའ་ཡིས། འཇིགས་བྱེད་ཆེན་པོའི་སྐུ་ལ་མུན་པ་སྣང་བྱེད་འདི་ཕུལ་བས། མ་རིག་འཐིབས་པོའི་མུན་པ་ཀུན་བྲལ་ནས། སངས་རྒྱས་སྤྱན་མངའ་ཡོངས་སུ་རྫོགས་པར་ཤོག །བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ། མར་མའི་མཆོད་པ་ཕུལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ལྷན་ཅིག་གནས་པའི་མ་རིག་ལས་བྱུང་བའི་རབ་རིབ་ཡོངས་སུ་དག་ནས། སངས་རྒྱས་ཀྱི་སྤྱན་ལྔ་ཐོབ་པར་གྱུར་ཅིག །དྲི་ཆབ་ལ། སྙིགས་མ་ལྔ་ཉིད་འབྲས་བུ་ཡོངས་རྫོགས་པའི། །སངས་རྒྱས་སྐུ་ལ་དྲི་ཆབ་འདི་ཕུལ་བས། །མྱ་ངན་ཟུ་ངུའི་དུཿཁ་ཀུན་བྲལ་ནས། །འོད་ཟེར་མ་ལུས་འགྱེད་པའི་སྐུ་ཐོབ་ཤོག །བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ་དྲི་ཆབ་འདི་ཕུལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད། མྱ་ངན་ཟུ་ངུ་གདུང་བ་ཀུན་བྲལ་ནས། འོད་ཟེར་མཐའ་ཡས་འགྱེད་པ་ཐོབ་པར་ཤོག །བདུད་རྩི་ལ། ཡེ་ཤེས་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡིས། འཇིགས་བྱེད་སྐུ་ལ་བདུད་རྩི་འདི་ཕུལ་བས། དུག་ལྔའི་གདོད་ནས་སེམས་སུ་དག་གྱུར་པའི། ཡེ་ཤེས་སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག། སྨན་མཆོད་གཞུང་ལྟར་བྱ། བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ་བདུད་རྩི་སྨན་གྱི་པཱུ་ཙ་ཕུལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་དུག་ལྔ་མ་སྤངས་གནས་སུ་དག་ནས། ཡེ་ཤེས་སྐུ་ལྔ་ལྷུན་གྱིས་གྲུབ་པར་གྱུར་ཅིག །གཏོར་མ་འབུལ་བ་ནི། ཆོས་རྣམས་ལོངས་སྤྱོད་ཡོངས་སུ་རྫོགས་པ་ཡིས། འཇིགས་བྱེད་ཆེན་པོའི་སྐུ་ལ་གཏོར་མ་འདི་ཕུལ་བས། རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག ། གཞུང་གི་བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ་རྨད་དུ་བྱུང་བའི་གཏོར་མ་ཕུལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་རྫས་སུ་སྤྱོད་པའི་གདུང་པ་ཐམས་ཅད་བྲལ་ནས། གསང་བའི་སྤྱོད་པ་ཡོངས་སུ་རྫོགས་པར་གྱུར་ཅིག །རཀྟ་ཚར་གསུམ་ཚིག་བརྗོད་ལ། འཇིགས་བྱེད་ཆེན་པོའི་སྐུ་ལ། རཀྟ་ཚར་གསུམ་གྱི་པཱུ་ཙ་ཕུལ་བས། བདག་དང་ཡོན་བདག་སོགས་བྱང་ཆུབ་སེམས་ཀྱི་སེམས་དབྱེར་མེད་པར་རྟོགས་ནས། སེམས་ཉིད་དབྱེ་བ་མེད་པ་ཐོབ་པར་གྱུར་ཅིག །བསྒྲལ་མཆོད་བཏང་ལ། ཡེ་ཤེས་སྤྱོད་ཡུལ་ཡོངས་སུ་དག་པ་ཡིས། །འཇིགས་བྱེད་སྐུ་ལ་ཏ་ན་འདི་ཕུལ་བས། ཁམས་གསུམ་དུག་གསུམ་དག་གྱུར་སྟེ། །སྐུ་གསུང་ཐུགས་ཀྱི་སིདྡྷི་ལྷུན་གྱིས་གྲུབ། རི་རབ་ཆེན་པོ་བརྗིད་པའི་དོན་རྟོགས་ཤོག །བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ་ཏ་ནའི་མཆོད་པ་ཕུལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱི་དུག་གསུམ་ཡོངས་སུ་དག་ནས། སྐུ་གསུམ་གྱི་འཁོར་ཡོངས་སུ་འ གྲུབ་པར་གྱུར་ཅིག །གཞུང་གི་སྦྱོར་མཆོད་བྱས་ལ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ཡིས། འཇིགས་བྱེད་ཆེན་པོའི་སྐུ་ལ་གྷ་ན་འདི་ཕུལ་བས། ཕྱི་ནང་བྱང་ཆུབ་སེམས་སུ་རྣམ་དག་སྟེ། མཐའ་ཡས་སྙིང་པོར་འཇུག་པ་ཐོབ་པར་ཤོག །འཇིགས་བྱེད་ཆེན་པོའི་སྐུ་ལ་ཐབས་དང་ཤེས་རབ་གྷ་ན་སྦྱོར་བའི་མཆོད་པ་ཕུལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐབས་དང་ཤེས་རབ་ཀྱི་སྤྱོད་པས་སྣོད་བཅུད་ཐིག་ལེ་ཆེན་པོ་ཡོངས་སུ་དག་སྟེ། མཐའ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ཐོབ་པར་སྤྱོད་ཡུལ་ཡོངས་སུ་དག་སྟེ། མཐོང་བ་མེད་པ་མཐོང་བ་ལ་སོགས་པའི་ཐབས་ཡོངས་སུ་རྫོགས་པར་གྱུར་ཅིག །གླུ་ཡེ་ཤེས་ཀྱི་པུ་ཙ་ཕུལ་ལ། བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ། གླུ་ཡེ་ཤེས་ཀྱི་པུ་ཙ་ཕུལ་བས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཆེ་བའི་ཡོན་ཏན་ཐམ་ཅད་མངོན་པར་མཐོང་བས་ཀུན་གྱིས་བཀུར་བའི་གནས་སུ་གྱུར་ཅིག །གར་ཡེ་ཤེས་མ། ལས་བཞིའི་བྲོས་མཆོད་ལ། བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ། བྲོ་གར་ཡེ་ཤེས་ཀྱི་པཱུ་ཙ་ཕུལ་བས། བདག་དང་ཡོན་བདག་དང་། སེམས་ཅན་ཐམས་ཅད་ཐབས་ལ་མཁས་པའི་རྫུ་འཕྲུལ་གྱི་བྱ་བ་མང་པོས་བདག་དང་གཞན་གྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་ཅིག །རོལ་མོ་ཡེ་ཤེས་ལ། རྣམ་དག་སྒྲིབ་སྤངས་བརྫོད་ལ། བདེན་པ། འཇིགས་བྱེད་ཆེན་པོའི་སྐུ་ལ། རོལ་མོ་ཡེ་ཤེས་ཀྱི་པཱུ་ཙ་ཕུལ་བས། བདག་དང་ཡོན་བདག་ཚངས་པའི་གསུང་གི་ཆོས་སྒྲ་ཆེན་པོ་ཐོས་ནས། རྒྱུན་མི་འཆད་པའི་དོན་བརྡའ་འཕྲོད་པར་གྱུར་ཅིག །བདུན་པ་ཆེ་བའི་ཡོན་ཏན་མངའ་གསོལ་བ་ལ་བཅོ་ལྔ་ལས། དང་པོ་དཔལ་ཆས་བརྒྱད་ཀྱི་ནི། ཐོད་ཕྲེང་སྐམ་པོ་དབུལ་བ། གསང་བ་ཡེ་ཤེས་ལྔའི་བདག །རིགས་མཆོག་ལྔ་དང་ལྡན་པ་ཡིས། །ཁམས་གསུམ་དབང་པོ་མངའ་གསོལ་བས། །ཐོད་འཕྲེང་ཐུགས་རྗེེ་ཆེན་པོའི་གཟུགས། །ཚིག་བྲལ་ཐོད་སྐམ་རཏྣ་འཕྲེང་། །མི་བརྗེད་གཟུངས་དང་ཏིང་འཛིན་གྱིས། །འཇིགས་བྱེད་སྐུ་ལ་མངའ་གསོལ་ལོ། །སྦྲུལ་ཆུན། ཅོད་པན་ཆོས་མཆོག་སྦྲུལ་ཆུན་ལ། ཡེ་ཤེས་སྦྲུལ་གྱིས་ཆས་བརྒྱད་ནི། ཞེ་སྡང་གནས་སུ་དག་པའི་རྟགས། འཇིགས་བྱེད་སྐུ་ལ་སྦྲུལ་ཆུན་འདི་ཕུལ་བས། དབྱིངས་ཕྱུག་གསུམ་དང་ལྡན་པར་ཤོག །ༀ་ན་ག་ར་ཙ་ཧཱུ་ལུ་ཧུ་ལུ་ཨ་བྷི་ཥི ཉྩ་ཧཱུཾ། གཡང་གཞི་ལ། གཡང་གཞི་ཁྱབ་པའི་ཐུགས་རྗེ་དེ། འགྲོ་དྲུག་ཡོངས་སུ་ཁྱབ་པ་ཡིས། །ང་རྒྱལ་དག་ནས་ཐབས་ལ་མཁས་པ་ཡིས། འཇིགས་བྱེད་འགྲོ་དོན་རྫོགས་གྱུར་ཅིག །ༀ་བཛྲ་ཏིགྣ་ཨ་བྷི་ཥིཉྩ་ཧཱུཾ། གླང་ཆེན་ཀོ་བ་ལ། ཀོ་རློན་ཆོས་སྐུ་བརྗིད་པ་ཆེ། །གཏི་མུག་གནས་སུ་དག་པའི་རྟགས། །འཇིགས་བྱེད་སྐུ་ལ་ཀོ་རློན་འདི་ཕུལ་བས། །སྟོབས་བཅུ་ཡོངས་སུ་རྫོགས་པར་ཤོག །ༀ་ད་ར་པ་ཤ་ཨ་བྷི་ཥིཉྩ་ཧཱུཾ། སྟག་ཤམ་ལ། དཔའ་བོ་སྟག་གི་ཤམ་ཐབས་ནི། ཕྲག་དོག་གནས་སུ་དག་པའི་རྟགས། འཇིགས་བྱེད་སྐུ་ལ་སྟག་ལྤགས་འདི་ཕུལ་བས། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ཤོག །ༀ་བྱ་ཀྲི་ཛ་ར་མ་ཨ་བྷི་ཥིཉྩ་ཧཱུཾ། ཞལ་ལ། ཞག་གི་ཟོ་རིས་མཚན་པ་ནི། །ཧེ་རུ་ཀའི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །སངས་རྒྱས་ཀུན་དང་བཅིངས་པའི་ཕྱིར། །འཇིགས་བྱེད་ཀུན་ལ་མངའ་དབུལ་བྱ། །ༀ་མ་ཧཱ་བྷོ་དྷི་ཙིཏྟ་སིདྡྷི་ཀུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ཞག་གི་ཟོ་རིས་ཀྱི་མངའ་གསོལ་ཕུལ་བས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། ཐུགས་དམ་གཅིག་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །རཀྟ་ལ། རཀྟའི་ཐིག་ལེ་བརྒྱན་པ་ནི། །ཧེ་རུ་ཀའི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཌཱཀྐི་ཀུན་དང་གཅིག་པའི་ཕྱིར། །རཀྟའི་ཐིག་ལེ་མཚན་པ་ནི། །འཇིགས་བྱེད་སྐུ་ལ་མངའ་དབུལ་བྱ། །ༀ་རཀྟ་ཏི་ལ་ཁ་ཁ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། རཀྟའི་ཐིག་ལེས་མངའ་དབུལ་བས། ཌཱཀྐི་ཀུན་དང་ཐུགས་དམ་གཅིག་པར་གྱུར་ཅིག །ཐལ་ཆེན་ལ། ལྷག་མའི་ཐལ་བས་མཚན་པ་ནི། ཧེ་རུ་ཀའི་གནས་བཅུ་དང་། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། གིང་ཆེན་ཀུན་ལ་བརྒྱན་པ་ནི། འཇིགས་བྱེད་སྐུ་ལ་མངའ་དབུལ་བྱ། ༀ་མ་ཧཱ་ཀེཾ་ནི་རི་ཏི་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། ཐལ་ཆེན་གྱིས་མངའ་དབུལ་བས། སྒྲོལ་བྱེད་ཀྱི་གིང་ཐམས་ཅད་དང་། ཐུགས་དམ་གཅིག་པ་གྱུར་ཅིག །གདན་ལ། ཆགས་སྡང་སྙོམས་པ་དྲེགས་པ་ཁྱོ་ཤུགས་དང་། །རང་བཞིན་འོད་གསལ་ཞིང་ཆེན་ཞི་བའི་གདན། །འཇིགས་བྱེད་ཆེན་པོའི་སྐུ་ལ་གདན་ཕུལ་བས། འབྲས་བུའི་ཆོས་རྣམས་ཡོངས་སུ་རྫོགས་པར་ཤོག །ༀ་མ་ཧཱ་སུརྱ་ཏི་ར་ཛ་ཨ་བྷི་ཥིཉྩ་ཧཱུཾ། དུར་དང་དེ་ལས་སེམས་ཅན་དང་ཉི་ཟླ་ལ་སོགས་པའི་གདན་དུ་བསམ་ལ། དུར་ཁྲོད་དྲེགས་པ་ཕོ་མོ་དང་། །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པོ་དོམ་དང་ཉི་ཟླའི་གདན། །ཞབས་བཞི་བདུད་བཞི་འདུལ་བའི་རྟགས། །དྲེག་པ་གདན་གྱིས་མངའ་གསོལ་ལོ། བདེན་པ། དྲེགས་པ་གདན་གྱིས་མངའ་གསོལ་བས། །བདུད་བཞི་འདུལ་བའི་དབང་། བདག་དང་ཡོན་བདག་དང་སེམས་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཁྲོ་བོ་ཆེན་པོ་ཡོན་ཏན་གྱི་སྒོ་ནས་མངའ་གསོལ་བ་ནི། བཅུ་གཅིག་ལས། སྐུ་མདོག་ཧཱུཾ་གི་འཕྲོ་འདུ་ལས། བདེན་པ། དཔལ་ཆེན་ཧེ་རུ་ཀའི་ལྷ་རྣམས་སྐུ་མདོག་གི་མངའ་གསོལ་བས། གཏིང་དཔག་དཀའ་བའི་ཆོས་ཉིད་དང་། ཐུགས་རྗེ་འབྱུང་བའི་རྒྱུད་དང་། འདུལ་དཀའ་དྲག་པོའི་འཕྲིན་ལས་དང་གསུམ། མ་བགོས་པའི་སེམས་ཉིད། མ་སླད་པའི་ཡེ་ཤེས་དཔག་དཀའ་བའི་ཆོས་ཉིད་དང་། ཅིར་ཡང་འགྱུར་བའི་འཕྲིན་ལས་གསུམ་ལྷུན་གྱིས་གྲུབ་པའི་འཕྲིན་ལས། ཐབས་ལ་མཁས་པའི་མཛད་སྤྱོད། ཁྱད་པར་འཕགས་པའི་ཆེ་བ་དང་གསུམ་། ཐབས་དང་ཤེས་རབ་ཀྱི་འབྲེལ་པ། གང་ཡང་མ་སྤངས་པའི་ལྟ་བ། མ་ཆད་པའི་མཛད་སྤྱོད་གསུམ། གང་ཡང་མི་འདོར་བའི་མཛད་སྤྱོད། ཅིར་ཡང་སྟོན་པའི་ཕྲིན་ལས། ཐམས་ཅད་མི་འགགས་པར་སྣང་བའི་རོལ་མོ་རྣམས་བདག་དང་ཡོན་བདག་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རྣམས་དང་། སྲིད་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་གཅིག །འབྲུ་གསུམ་འཕྲོ་འདུས་པ་ལས། དབུ་གསུམ་གསལ་བར་བྱས་པས། བདེན་པ། ཧེ་རུ་ཀའི་དཀྱིལ་འཁོར གྱི་ལྷ་རྣམས་ལ་དབུ་གསུམ་གྱིས་མངའ་གསོལ་བས། རྣམ་པར་ཐར་པའི་སྒོ་གསུམ་དང་། དགུ་ཕྲུགས་སུ་ལྷུན་གྱིས་གྲུབ་སྟེ། ཁམས་གསུམ་ས་དགུའི་དོན་མཛད་པ། སློབ་མ་ཆེ་གེ་ལ་སོགས་པ་ཁམས་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཡི་གེ་ལྔའི་མུཾ་སྤྲོས་བསྡུས་པས། ཕྱག་དྲུག་བཅོ་བརྒྱད་དུ། གསལ་བར་བྱས་ལ། བདེན་པ། དཔལ་ཧེ་རུ་ཀ་ལ་སོགས་པ་ལ། ཕྱག་དྲུག་བཅོ་བརྒྱད་ཀྱིས་མངའ་གསོལ་བས། ཡེ་ཤེས་ཆེན་པོ་དྲུག་དང་། སྟོང་པ་བཅོ་བརྒྱད་ཀྱིས་འབྲས་བུས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཛ་བཞི་སྤྲོས་བསྡུས་པས། བདེན་པ། ཞབས་བཞིའི་བརྒྱད་ཀྱིས་མངའ་གསོལ་བས། རྫུ་འཕྲུལ་གྱིས་རྐང་བ་དང་། རྣམ་པར་ཐར་པ་བརྒྱད་ཀྱིས་བདུད་བཞི་ཟིལ་གྱིས་ནོན་པའི་འབྲས་བུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཛའི་འཕྲོ་འདུ་ལས་རལ་པ་མཐོན་མཐིང་ལྕང་ལོ་བསམ་ལ། བདེན་པ༴ ཆེ་གེའི་ལྷ་ལ་རལ་པས་མངའ་གསོལ་བས། ཁྱབ་པའི་ཐུགས་རྗེེ་དང་། མཐར་མི་ལྟུང་བའི་ལྟ་བ་གསུམ་བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ལྕེ་ལ། ཨཾ་འཕྲོ་འདུས་ལྕེ་གློག་དམར་ལྟ་བུ་བསམ་ལ། བདེན་པ༴ ཁྱབ་བྱེད་ལྗགས་ཀྱི་མངའ་གསོལ་བས། སྒྲའི་ཡན་ལག་བསམ་མི་ཁྱབ། གདུལ་བྱ་སྨིན་པར་བྱེད་པ་ཡི། །བདག་དང་ཡོན་བདག་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཥྱའི་འཕྲོ་འདུ་ལས། མཆེ་བ་དཀར་བོ་བསམ་ལ ། བདེན་པ། དཔལ་ཧེ་རུ་ཀའི་ལྷ་ལ་མཆེ་བའི་མངའ་གསོལ་བས། སྐྱེ་ཤི་རྩ་བ་གཅོད་པའི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་པའི་འབྲས་བུས། བདག་དང་ཡོན་བདག་དང་། སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །མ་ལས་སྤྱན་མེ་དཔུང་འབར་བར་བསྐྱེད་ལ། བདེན་པ། དཔལ་ཆེན་པོ་ལ་སྤྱན་གྱིས་མངའ་གསོལ་བས། ཆོས་ཉིད་མི་འགྱུར་བའི་སྤྱན་དང་། ཐུགས་རྗེས་ཁྱབ་པའི་སྤྱན་དང་། ཡེ་ཤེས་མ་གཡོས་པའི་སྤྱན་དང་དོན་རྣམས་པ། ལྷུན་གྱིས་གྲུབ་བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཛ་སྤྲོས་བསྡུས། རལ་པ་ཁམས་ནག་ཏུ་བསྐྱེད་ལ། བདེན་པ ། དཔལ་ཆེན་པོ་ལ་རལ་པའི་མངའ་གསོལ་བས། ཁྱབ་པའི་ཐུགས་རྗེ་དང་། དབང་དྲག་འཇོམས་པའི་འཕྲིན་ལས་དང་། མཐར་མ་ལྷུང་བའི་ལྟ་བ་གསུམ། ཡོན་བདག་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ར་ལས་སྨིན་མ་དམར་སེར་འཁྱུག་པ་བསམ། བདེན་པ། ཐབས་ཆེ་བ་དང་། ཐབས་མང་བ་དང་། ཐབས་མཁས་པས་གདུལ་བྱ་ཆུད་མི་གསོན་པ། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཀ་ལས་སྨ་ར་སེར་པོ་མེ་སྟག་འཕྲོ་བ་བསམ། བདེན་པ། ཁྲོ་བོ་དང་ཕྲ་མེན་མ་ལ་སོགས་པ་དང་། སྤྲུལ་པ་མང་པོས་དོན་མཛད་ཀྱང་། རིགས་པའི་ཡེ་ཤེས་མ་གཡོས་པའི་དོན་བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཧཱུཾ་དྲུག་བརྒྱད་ཕྱག་མཚན་གསལ་བས། བདེན་པ། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡི། དུག་གསུམ་དབང་དུ་བསྡུད་ཅིང་། རིག་པ་གསུང་གི་བརྡའ་སྤྲོད་པ་དང་། འཁོར་བ་མ་སྤངས་པ་སྤྱད་པའི་དོན། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །རེའི་འཕྲོ་འདུས་རིན་པོ་ཆེའི་མགུར་ཆུ་བསམ། བདེན་པ། ཆེ་གེའི་ལྷ་རྣམས་ལ་རིན་པོ་ཆེའི་མགུར་ཆུས་མངའ་གསོལ་བས། གསུང་ལྔའི་ཡོན་ཏན་མཐར་ཕྱིན་ནས། ཆོས་ཐམས་ཅད་ཀྱི་དོན་མ་འདྲེས་པར་སྟོན་ཞིང་། གདུལ་བྱ་ཐམས་ཅད་ཆུད་མི་གསོན་པའི་དོན། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཧཱུཾ་གི་འཕྲོ་འདུ་ལས། རོལ་པ་ཉི་ཤུ་དང་ལྡན་པར་བསྐྱེད་ལ། བདེན་པ། དཔལ་ཆེན་པོ་ལ་རོལ་པ་ཆེན་པོ་ཆོས་ཀྱི་འབྲུག་དང་། ཆོས་ཀྱི་ཆབ་དང་། ཡེ་ཤེས་ཀྱི་གློག་དང་། ཆོས་ཀྱི་གླུ་དང་། ཕྱག་གི་གར་དང་། རྔ་སྒྲ་དང་། དུང་དང་། ཀིང་ཀོ་ཏ་དང་། གླིང་བུ་དང་། མཛེས་པའི་བརྒྱན་དང་། རྔམ་པའི་ཆས་དང་། བླང་དོར་མེད་པར་གསོལ་བ་དང་། མཉེས་པའི་མཆོད་པ་དང་། མི་འབྲལ་བའི་གཟུངས་དང་། གསལ་བའི་ཡེ་ཤེས་དང་། མི་གཡོ་བའི་ཏིང་ངེ་འཛིན་དང་། སྤྲུལ་པ་དང་། སྣང་སྲིད་ཀྱིས་ཕྱག་རྒྱ་གསལ་བའི་བདེན་པ་དང་། ཆོས་ཀྱི་རོ་མཉམ་པ་སྣང་། སྣང་བ་མ་གཡོས་པ་ཟུང་དུ་འཇུག་པ་དང་། དེ་ལྟར་ཡོན་ཏན་གྱི་རོལ་པ་ཉི་ཤུ་དང་ལྡན་པའི་དབང་། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཏྲཾ་ཐུགས་ཀར་འཕྲོ་འདུས་པ་ལས། ཡོན་ཏན་གྱིས་ཆེ་བ་ཉི་ཤུ་དང་ལྡན་པར་བསྐྱེད་ལ་བདེན་པ་གཉེན་པོ་མེད་པས་ཆེ་བ་དང་། འགྲན་ཟླ་མེད་པའི་ཆེ་བ་དང་ཁྱད་པར་འཕགས་པས་ཆེ་བ་དང་། ཆེ་བཙན་གཅིག་བུས། དུས་ཆེ་བས། ཚམས་རྔམས་རླབས་ཀྱིས། རྨད་དུ་བྱུང་བས། ཐམས་ཅད་དུ་མ་ཕམ་པས། མངའ་དབང་་རྫོགས་པས། ཀུན་ནས་རྒྱལ་བས། ཡོངས་སུ་མི་ནུབ་པས་། ཐམས་ཅད་ཀྱི་གོས་པ་མེད་པས། ཡོངས་སུ་གསལ་བས། འདོད་པས་རྫོགས་པས། ཀུན་འཆད་པས། མ་ལུས་སྲེགས་པས། དབུའི་ཆེ་བས། བརྒྱན་གྱིས་སྣ་ཚོགས་འཛིན་པས། མཆེ་བས་མནན་པས་ཆེ་བ་དང་། དེ་ལྟར་ཆེ་བ་ཉི་ཤུ་ཡོན་ཏན་བདག་དང་། རྣལ་འབྱོར་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །པའི་འཕྲོ་འདུ་ལས་བརྗིད་ཉི་ཤུ་དང་ལྡན་པར་བསམ། བདེན་པ། དཔལ་ཆེན་པོ་ལ་བརྗིད་ཆེ་ཉི་ཤུས་མངའ་གསོལ་བས། སྐུ་ཆེ་ཡན་ལག་རགས་པ་བརྗིད་ཆེ། གྲངས་མང་བརྒྱན་དུ་མཚམས་པས་བརྗིད་ཆེ། བསྐུར་འོས་གཙོ་བོར་མཐོང་བས༴ ཁྱད་པར་བཞུགས༴ ཡིད་དང་འཐད་པས༴ གདངས་ཆེ་སྟོང་གསུམ་གང་བས༴ ཚིག་ཉུང་ཐེ་ཚོམ་ཆོད་པས༴ བདག་ལ་ཉེ་ཚེར་སྟོན་པས༴ ཁྱད་པར་ཡོན་ཏན་མཐོ་བས༴ སྤངས་པས་རེ་དོག་མེད་པས༴ གསལ་བས་མཐའ་གཉིས་སྤངས་པས༴ ཐུགས་རྗེ་ཐུགས་དམ་རྫོགས་པས༴ མ་རྨོངས་ཐབས་ཀྱིས་འདུལ་བ་མེད་པས༴ ཟད་མི་ཤེས་པས༴ གཅིག་ལ་འདོད་དགུར་དབང་སྒྱུར་བས་བརྗིད༴ གནོད་སྦྱོར་ཕམ་པར་མཛད་པས༴ ཐབས་མཁས་སྐྱོན་གྱིས་མ་གོས་པ༴ མི་སྙིང་ཉམས་བག་རོལ་བས༴ དགོས་འདོད་ལྷུན་གྱིས་གྲུབ་པས་བརྗིད་པ་ཆེ་བ་བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཤའི་འཕྲོ་འདུས ། རྔམས་ཉི་ཤུ་ལྡན་པར་བསམ། བདེན་པ ། དཔལ་ཆེན་པོ་ལ་རྔམ་ཉི་ཤུ་མངའ་གསོལ་བས། སྐུ་ཕྲག་པ་ཡངས་པ་རྔོམས། ལུང་བསྟན་པ་རྒྱ་མཚོའི་རྔོམ། ཐུགས་ཆོས་ཉིད་ནམ་མཁའི་རྔོམ ། སྣང་བ་ཐམས་ཅད་རི་རབ་ལྟར་ཅིར་ཡང་འགྱུར་བའི་གར་སྟབས་ལྟར་རྔོམ། ཟིལ་གྱིས་ནོན་པས་ཁྱད་པར་དུ་བྱུང་བ་རྔོམ། མཚམས་རྔམ་སྟོབས་སུ་ཟད་པར་སྡུམ་པའི་ཞལ་གྱི་རྔོམ། ཅིར་ཡང་འགྱུར་བའི་ལྗགས་སྐྱེ་ཤི་རྩད་གཅོད་ཀྱི་རྔམ། གོ་བར་བསྒྲོགས་པའི་དབྱངས་ཏིང་འཛིན་ནམ་མཁའི་སྐར་ཚོགས་ལྟར་རྔོམ། འཕྲིན་ལས་རྒྱ་མཚོའི་རླབས་ལྟར་རྔོམ། ཡོན་ཏན་ས་གཞིའི་སྐྱེ་ཁྲུངས་ལྟར་རྔོམ། གནས་ཀྱི་འཕྲོ་འདུ་དུར་ཁྲོད་ལྟར་གནོན་པས་ཞིང་གི་ཁྱད་པར་བླ་ན་མེད་པར་རྔོམ་པ་དང་། སྤྱོད་པའི་ཁྱད་པར་ཐམས་ཅད་འགྲུབ་ལ་མེ་སྦྱོར་བས་རྔོམ་པ་དང་། རྔོམ་ཉི་ཤུ་དབང་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཨོའི་སྤྲོ་བསྡུས། ཆོ་འཕྲུལ་ཉི་ཤུ་དང་ལྡན་པར་བསམ་ལ། བདེན་པ། དཔལ་ཆེན་པོ་ལ། ལས་ཀྱིས་ཆོ་འཕྲུལ་དང་། བསམ་གཏན་གྱི་དང་། ཆོས་ཉིད་ཀྱི་དང་། ཐུགས་རྗེའི་རང་བཞིན་གྱིས་དང་། རྫུ་འཕྲུལ་གྱི་དང་། ཆོས་སྣང་བ། ཀུན་བརྗོད་པ། རྗེས་སུ་བསྟན་པའི། ཅིར་ཡང་སྣང་བའི། རྣམ་པར་གྱུར་བའི། ཆོས་ཉིད་ཡེ་ཤེས་ཀྱི། ཐུགས་རྗེའི་སྤྲུལ་པའི། གར་ཚམ་པར་འདུལ་བའི་། གང་གིས་འདུལ་བའི། གང་གིས་བསྒྱུར་བའི། གང་གིས་ཐེ་གཅིག་པའི། གང་ལྟར་མཛེས་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་ཉི་ཤུ་པའི་དབང་། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཨེའི་འཕྲོ་འདུས་དཔལ་གྱི་ཆས་བརྒྱད་་དུ་བསམ་ལ། བདེན་པ། དཔལ་ཆེན་པོ་ལ་ཞལ་གསུམ་གདངས་པའི་ཞལ། འཛིན་པ་ཕྱག་གིས་ཆས། བརྒྱན་བཞི་མཛེས་པའི་ཆས། གདུང་བྱེད་མཆེ་བའི་བརྒྱན། ཟིལ་ནོན་གཤོག་པ། འཐིབས་པ་རལ་པའི་ཆས། ཞབས་བཞི་བརྗིད་པའི་ཆས། དམར་པོ་ཁྲག་གི་ཆས། རྒྱལ་བྱེད་ལྗགས་ཀྱི་ཆས། དེ་ལྟར་ཆས་བརྒྱད་ཀྱིས་མངའ་གསོལ་བས། ཆས་བརྒྱད་ཀྱི་དབང་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །འདིར་ཁྲོ་བོའི་སྨོན་ལམ་ཆ་ལྔ་གདབ། འདོད་དོན་གསོལ། འཛབ་བྱ། ཚོགས་གཞུང་བཞིན་འབུལ། བདེན་པ། ཆེ་གེ་མོའི་ཚོགས་ཀྱི་པཱུ་ཙ་ཕུལ་བས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས། བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །བརྒྱད་པ་ཡོན་བདག་གིས་མེ་ཏོག་ཐོགས་ལ། གུ་རུས་གཡོན་དུ་ཡུངས་དཀར། གཡས་རྡོ་རྗེ་གསོར་ཞིང་། ན་མོ་ཕྱོགས་བཅུ་དུས་བཞིའི་ཏ་ཐཱ་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཞིང་ཁམས་དག་པ་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱི་འདུས་པ་ཆེན་པོའི་ལྷ་རྣམས་ལ་དབང་བསྐུར་། སྤྱན་དྲངས། ཕྱག་བཙལ། ཐུན་མོང་གི་པཱུ་ཙ་ལྔ་དབུལ། དབང་པོའི་སྐྱོན་གསལ། ཆུས་ཁྲུས་གསོལ། ཁྱད་པར་པཱུ་ཙ་གསུམ། སྦྱོར་སྒྲོལ་གྱི་པཱུ་ཙ། གླུ་ཡེ་ཤེས། གར་ཡེ་ཤེས། རོལ་མོ་ཡེ་ཤེས་ཀྱི་པཱུ་ཙ་འབུལ། དབང་གི་ཆས་བརྒྱད་ཀྱིས་མངའ་གསོལ། སྨོན་ལམ་བཏབ་པའི་བྱིན་རླབས་ཀྱིས། རྟེན་རབ་ཏུ་གནས་པའི་ལྷ་རྣམས་ཀྱིས། སྐུ་གསུང་ཐུགས་མཉེས་པའི་འབྲས་བུའི་དབང་། སློབ་མ་བདག་ཅག་དང་ཁམས་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཅེས་བརྗོད། ཀ་ཡ་ཝཀྐ་ཙིཏྟ་བཛྲ། ཞེས་དབང་བསྟན་པར་བྱས། ས་མ་ཡ་ཏིཥྛ་ལྷན ཞེས་བཞུགས་སུ་གསོལ་བར་བྱའོ། ཡུངས་དཀར་གཏོར། དགུ་པ་ཡོན་བདག་གིས་བསྐོར་བ་བྱ། སློབ་དཔོན་གྱིས་སྨོན་ལམ་བཏབ་སྟེ། ཧོ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་བདེན་པ་དང་། ཆོས་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་བརྒྱན་གྱིས་འཁོར་ལོ། སངས་རྒྱས་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་འཁོར་དང་བཅས་པའི་ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། དེ་རིང་སློབ་མ་ཆེ་གེ་མོས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བསྐྱེད་ནས། སྐུ་དང་བརྒྱན་ཆ་རྫོགས་པར་བཞེས་སུ་གསོལ་བ་དང་། ཡོ་བྱད་ཕུན་གསུམ་ཚོགས་པར་བསགས། སྒོ་གསུམ་དཀའ་བ་བརྡོས་ཏེ། རབ་གནས་གཞུང་བཞིན་བྱས་ནས། བརྟན་པར་བཞུགས་སུ་གསོལ་བའི་བྱིན་རླབས་ཀྱི་ཡོན་བདག་དང་། བདག་ཆེ་གེ་མོ་དང་། སློབ་མ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་ཐམས་ཅད་དང་། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད། དཀྱིལ་འཁོར་འདི་དང་ནམ་ཡང་མི་འབྲལ་ཞིང་། དེ་དག་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་དཀྱིལ་འཁོར་འདིའི་ངོ་བོར་གྱུར་ནས། ལྷུན་གྱིས་གྲུབ་པར་གྱུར་ཅིག །ཞེས་བརྗོད། བཀྲ་ཤིས་ཞལ་སྤྲོ་བར་བྱའོ། །ལྷ་ཕྱག་བྱ། ལྷ་མི་གཤེགས། ལྷག་མ་བཏང་། དཀྱིལ་འཁོར་བསྡུ། དགེ་བ་བསྔོ། ལུས་བསྲུང་གོ་བགོ། རྒྱུན་གྱིས་ཏིང་ངེ་འཛིན་ལ་གནས་པར་བྱའོ། །བྷྱོ་ཧཱུཾ་ཀ་ར་ཞེས་ཁྲོ་བོ་ཡི་གེ་བརྒྱ་པས་གཤེགས། ཁྲོ་བོའི་རབ་གནས་འདི། སྒྱུ་འཕྲུལ་ཁྲོ་བོ་དང་། འདུས་པ་མདོའི་ཁྲོ་བོའི་དབང་གིས་སྐབས་གཉིས་ཀར་སྦྱར་རོ། སྤྱི་དོན་བདུན་པ་སྦྱིན་བསྲེག་ནི། གོང་ཞི་བའི་དབང་བསྐུར་གི་སྐབས་སུ་ཡོད་པ་འདིར་བླངས་ལ། སྦྱིན་བསྲེག་ལག་ལེན་རྒྱས་པར་བྱེད་དོ། མདོའ་དབང་གི་སྐབས་སུའང་སྦྱོར། དེ་བདུན་པོ་གཅིག་ཏུ་དྲིལ་བ་ལས། དཀྱིལ་འཁོར་ལས་ཀྱི་རིམ་པ་དེ་སོང་ནས། གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་གཉིས་སྟེ། སློབ་དཔོན་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་བཞུགས་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་སྟེ། སློབ་དཔོན་དཀྱིལ་འཁོར་དུ་འཇུག་པ་དང་། དབང་ལེན་པའོ། དང་པོ་ནི། ལེའུ་དགུ་པ་ལས། ཀུན་བྱས་དབྱུག་རིག་པས་འཇུག་ཅེས་གསུངས་པས། དགུ་པ་ནས་དབྱུག །བཅུ་པ་ནས་སློབ་དཔོན། བཅུ་གཅིག་པ་ནས་བླ་མ་ཞེས་བྱ་སྟེ། མཚན་གསུམ་དང་ལྡན་པ་དེ་ཉིད་ཁྲུས་བྱས་ལ། ཆས་གོས་ལྔ་པོ་ཀུན་དང་ལྡན་པར་བྱས་ལ། དཀྱིལ་འཁོར་གྱིས་ཤར་སྒོར་གུས་པས་འདུག་ལ། དུར་ཁྲོད་ཀྱི་མེ་ཏོག་འཕྲེང་བས་སྙིམ་པ་བཀང་ཞིང་ཐུགས་ཀར་ཐལ་མོ་སྦྱར་ནས། འཇིགས་བྱེད་ཆེན་པོ་ཁྲོ་བོའི་ལྷ་རྣམས་མངོན་སུམ་དུ་བྱས་ནས། རིགས་པའི་མེ་ཏོག་དོར་པ་ནི། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུཾ་ཞེས་པ་དང་། ༀ་ཁྲོ་ལ་ཁྲོས་བས་ཞི་མཛད་པ། ཞེས་པའི་ཚིག་བཞི་དང་། ༀ་བཛྲ་ཀྲོ་ཏ་ས་མ་ཡ་སྟྭཾ། ཧོ་ཕཊ། ཅེས་བརྗོད། དེ་དཀྱིལ་འཁོར་དུ་མེ་ཏོག་དོར་བས། ལྷ་རྣམས་སྔོན་གྱིས་ཐུགས་དམ་རྗེས་སུ་དྲན་པས། སྐུ་གསུང་ཐུགས་ཀྱི་གནས་ནས་ཡི་གེ་འབྲུ་གསུམ་གྱི་འོད་འཕྲོས་ཏེ། བདག་གིས་ལུས་ངག་ཡིད་གསུམ་ལ་ཐིམ་པས། སྒོ་ཐ་མལ་དུ་འཛིན་པའི་རྟོག་པ་སྦྱངས་ནས། སྐུ་གསུང་ཐུགས་ཀྱི་གཟི་བརྗིད་དང་ལྡན་པར་བསམ་མོ། །དེ་ནས་བཟོད་པར་གསོལ་ཏེ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། ཕོ་བྲང་དཀྱིལ་འཁོར་སྙིང་པོ་འདིར། བདག་གི་སློབ་མ་བཞུགས་པར་བགྱི། བཟོད་པ་མཛད་དེ་དགོངས་སུ་གསོལ། ཞེས་བརྗོད་དེ་མེ་ཏོག་བླངས་ལ་དབུ་ལ་བཅིངས། ལྷ་དང་བདག་དབྱེར་མེད་པར་དགྱེས་ནས། འཛུམ་པ་དང་བཅས་པས། སློབ་མ་དཀྱིལ་འཁོར་དུ་ཆུག་ལ། དབང་བསྐུར་ཅིག་ཅེས་པའི་གནང་བར་ཐོབ་པར་བསམ་པ་ནི། སློབ་དཔོན་བདག་བཅུག་པ་ཅེས་བྱའོ། །རྒྱས་པར་སྤྲོ་ན་སློབ་མ་དཀྱིལ་འཁོར་དུ་བཞུགས་པ་བཞིན་འཇུག་གོ །གཉིས་པ་དབང་ལེན་པ་ནི། སློབ་མ་ལ་དབང་བསྐུར་བ་བཞིན་ཕྱི་ནང་གསང་གསུམ་གྱི་དབང་ལེན་ནོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་བཞུག་ཅིང་དབང་བསྐུར་བ་ལ་གཉིས་སྟེ། དཀྱིལ་འཁོར་བཞུགས་པ་དང་། དབང་བསྐུར་བའོ། །དང་པོ་ལ། དེ་ནས་སློབ་མ་བཞུགས་པར་བྱ། ཅེས་པ་དང་། ལས་རིམ་ལས། ཁྲུས་དགབ་དྲི་དང་ལུས་འབུལ་དང་། བགེགས་བསྐྲད། ལྷར་བརླབས་དམ་ཚིག་སྦྱིན། དེ་ཉིད་དབོག་དང་ཆུ་ནན་དང་། །བསྒྲགས་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །སྤྱན་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོད་ཡོན་དང་ཅེས་གསུང་པས། །བཅུ་དྲུག་སྟེ། དང་པོ་ཁྲུས་ནི། དྲི་ཆུས་བཀྲུ་བར་གསུངས་ཀྱང་། ཕྱག་ལེན་ལ། ལས་བུམ་གྱི་ཆུས་སློབ་མ་རྣམས་ཁྲུས་དག་པར་བྱའོ། གཉིས་པ་གདོང་གཡོགས་བཅིང་བ་ནི། རས་སམ་དར་དམར་པོས་སློབ་མའི་གདོང་བཀབ་སྟེ་རིན་པོ་ཆེའི་མེ་ཏོག་གཏད་དོ། །གསུམ་པ་ཅི་ལ་དགའ་དྲི་བ་ནི། གུ་རུས་འདི་སྐད་དོ། །ཁྱོད་ནི་འདོད་པ་ཅི་ལྟ་བུ། བུ་ཁྱོད་དགའ་བ་ཅི་ལ་དགའ། །ལན་གསུམ། སློབ་མས་ལན་ནི། བདག་ནི་སྐལ་ལྡན་བདེ་ཆེན་ལ། །རབ་དགྱེས་འཕྲུལ་ལ་བདག་དགའ་སྟེ། །བླ་མེད་བྱང་ཆུབ་བསྒྲུབ་བྱའི་ཕྱིར། །སྐལ་བ་བཟང་པོ་ཐོབ་པར་འཚལ། ཅེས་ལན་གསུམ་བརྗོད། དེ་ནས་གྲལ་བྱེད་པ་ནི། སློབ་མ་མང་ན་གུ་རུའི་ཕྱག་གི་རྡོ་རྗེ་རྩེ་མོ། གྲལ་དང་པོའི་སློབ་བུའི་ལག་དུ་བྱིན་ལ། གཞན་རྣམས་ལག་པ་གཅིག་ལ་གཅིག་དྲིལ་ལ་དྲངས། ཉུང་ན་རེ་རེ་ནས་དྲངས་སྟེ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས་ནས་ནི། སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་རྣམས། དྭངས་བའི་ཡིད་ཀྱི་རབ་ཏུ་བླངས་བར་བགྱི། ཞེས་བརྗོད་དོ། །གོམས་པ་གསུམ་ནང་དུ་བཅུག་ལ། རིམ་པས་དྲངས་ལ། དབང་སྟེགས་པདྨ་འདབ་བརྒྱད་པ་རེ་བྲི་བའམ། བསྒོམ་པའི་སྟེང་དུ་བཞག་གོ །བཞི་པ་ལུས་འབུལ་བ་ནི། སློབ་བུ་རྣམས་ལངས་ཏེ། སྤྱི་བོར་ཐལ་མོ་སྦྱར་ལ། འདས་པའི་སངས་རྒྱས་རྟོགས་པ་མངོན་དུ་གྱུར་པ་རྣམས་ལ་ལུས་འབུལ་བར་བགྱིའོ། །ༀ་སརྦ་བྷུདྡྷ་པཱུ་ཙ་སསྠ་ན་ཡ་ཨད་མ་ནི། ནིརྱ་ཡ་མི། ལན་གསུམ་ཕྱག་འཚལ་ལོ། །ཐལ་མོ་སྨིན་མཚམས་སུ་སྦྱར་ལ། ད་ལྟར་གྱིས་སངས་རྒྱས་བླ་མ་རྣམས་ལ་ལུས་འབུལ་བར་བགྱིའོ། །ༀ་ཨ་ཙརྱ་པཱུ་ཙ་སསྠ་ན་ཡ་ཨ་མ་ནཾ། ནིརྱ་ཏ་ཡ་མི། ལན་གསུམ་ཕྱག་འཚལ་ལོ། ཐལ་མོ་སྙིང་ཁར་སྦྱར་ལ། མ་འོངས་པའི་སངས་རྒྱས་ཐམས་ཅད་ལ་ལུས་འབུལ་བར་བྱའོ། །ༀ་ས་ག་ལ་ས་ཏ་པུ་ཙ་སསྠ། ན་ཡ་ཨ་མ་ནམ། ནིརྱ་ཏ་ཡ་མི། ཞེས་ཕྱག་གསུམ་འཚལ་ལོ། །ལྔ་པ་བགེགས་བསྐྲད་པ་ནི། སློབ་བུའི་ཀླད་པ་དུང་ཁང་གི་ནང་དུ། བྷྲུཾ་ལས་གཞལ་ཡས་ཁང་ཟླ་ཁཾ། སྒོ་གཅིག་པའི་དབུས་སུ་ཧཱུཾ་མཐིང་སྐྱ། སྒོ་ཁྱུད་ལ་ཧཱུཾ་ལྗང་ནག་བསམ། དེ་ལས་འོད་འཕྲོས་པ་སྣོད་བཅུད་ཀུན་ལ་ཁྱབ་སྟེ་སླར་འདུས་པས་འགྲ་ོབའི་ཚེ་བསོད་ནམས་ཀྱི་བཅུད་ཐམས་ཅད་བསྡུས་ནས་ཧཱུཾ་གཉིས་ལ་ཐིམ་འོད་དུ་ཞུ་བ་ལས། ༀ་བཛྲ་ཀྲོ་ཏ་ཧཱུཾ་ཀ་ར་ཧཱུཾ་ཕཊ། ཅེས་ཟླ་གམ་གྱི་དབུས་སུ། ཉི་མའི་གདན་ལ། ཧཱུཾ་ཀ་ར་སྔོ་སྐྱ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་བསྐྱེད། ༀ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུཾ་ཕཊ། ཅེས་སྒོ་ཁྱུད་ལ། མི་གཡོ་མགོན་པོ་ལྗང་ནག་རལ་གྲི་དང་སྡིགས་མཛུབ་ཅན་བསྐྱེད་ལ། ཁྲོ་བོ་གཉིས་འོད་དུ་ཞུ་ནས་བུའི་ལུས་ལ་ཐིམ་པས། བསྐལ་པའི་བར་དུ་སྐྱེ་འཇིགས་མེད་པ་རྡོ་རྗེ་ལྟ་བུར་གྱུར་བར་བསམ་མོ། །དེ་ནས་གུ་རུས་ཡུངས་དཀར་གཏོར་ཞིང་། བི་ཤ་བཛྲའི་སྔགས་ཀྱིས། ཁྲོ་བོའི་སྤྲུལ་པ་གྲངས་མེད་པ་སྤྲོས་པས། ས་ཐམས་ཅད་གཡོས་ཤིང་། འུར་འུར་དང་ཆེམ་ཆེམ་ལ་སོགས་བྱུང་ཏེ། ཁམས་གསུམ་ཐམས་ཅད་ཁྲོ་བོའི་སྤྲུལ་པས་དབྱིངས་ནས་བགེགས་ཐམས་ཅད་སྟོང་གསུམ་གྱི་སྟོང་ཆེན་པོའི་ཕ་རོལ་དུ་བསྐྲད་ཅིང་། ཁྲོ་བོ་རྣམས་ཚུར་འདུས་པས། ཕྱོགས་མཚམས་ཐམས་ཅད་ཁྲོ་བོ་དང་རྡོ་རྗེའི་གུར་དུ་གྱུར་བར་བསམ་མོ། དྲུག་པ་ལྷར་བསྐྱེད་པ་ནི། བུའི་སེམས་ཉིད་ཧཱུཾ་རིང་པོ་ལས། སྐད་གཅིག་གི་དཔལ་ཆེན་པོ་ཧེ་རུ་ཀའི་སྐུར་དྲན་རྫོགས་སུ་དཀྲོངས་ཀྱི་བསྐྱེད། དེའི་གནས་གསུམ་དུ་ༀ་ཨཱཿཧཱུཾ་གསུམ་ལ་སྤྲོས་བསྡུས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དུ་བརླབས་ལ་གནས་གསུམ་དུ་རྡོ་རྗེས་གཏུག་གོ །བུའི་སྦྱི་བོར་ཧཾ་ལྗང་ཁུ་ཞུ་བ་ལས་བཛྲ་ཀརྨ་རཀྴ་ཧཾ་བརྗོད་པས་རྒྱ་གྲམ་གྱི་གོ་ཁྲབ་ཀྱིས་ལུས་མགོ་མཇུག་ཁྱབ་པར་བསམ་ལ། དེ་ནས་གཡས་པའི་མཛུབ་མོ་ཧཱུཾ་ལས། རྡོ་རྗེ་གནོད་སྦྱིན་མཐིང་ནག་མཆེ་ཞགས་ཅན་དང་། གཡོན་པའི་མཛུབ་མོ་ཧཱུཾ་ལས། མི་འཆི་ཐལ་སྦྱོར་དམར་པོ་རལ་གྲི་དང་སྡིགས་མཛུབ་ཅན་བསྐྱེད་ལ། ༀ་བཛྲ་ཀཱ་བ་ཙི་རཀྵ་རཀྵ་ཧཱུཾ་ཧཱུཾ། ཅེས་བརྗོད་ཅིང་འཛུབ་མོ་གཉིས་ལྟེ་བར་བསྣོལ་བས། ཁྲོ་བོ་གཉིས་ཞབས་ཕྱིར་བལྟས་སྟེ་རྟིང་པ་སྤྲད་ནས་བཞུགས་པར་བསྒོམ། དེ་ནས་བཅུ་དྲུག་མདོར་གྲངས་པས། ཁྲོ་བོ་གཉིས་ཞབས་ལ་རྡོ་རྗེ་ལུ་གུ་རྒྱུད། བྲིང་གིས་བྱུང་ནས་གདམས་པར་བསམ་ཞིང་། བཅུ་དྲུག་མདོ་ཡང་ཁྲོ་བོ་གཉིས་ཀྱི་བསྲུངས་བར་བསྒོམས། དེ་བཞིན་དུ་དེ་ནས་སྙིང་ཁ་དང་། མགྲིན་པ་དང་། ལྟག་ཁུང་དང་། སྨིན་མཚམས་སུ། སྤྱི་གཙུག་དང་བདུན་དུ་བསྲུང་ངོ་། །དེ་ནས་རྡོ་རྗེ་ལུ་གུ་རྒྱུད་གཡས་གཡོན་ནས་ཅོད་པཎ་གྱི་ཚུལ་དུ་འཕྱང་པའི་སྣ་ལའང་ཁྲོ་བོ་གཉིས་ཀྱི་བར་ཆད་བསྲུང་བར་བསམ་མོ། །བདུན་པ་དམ་ཚིག་སྦྱིན་པ་ནི། སློབ་མ་རྣམས་ཀྱིས། ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཉེས་པར་མཛོད། །ཨ་ལ་ལ་སྟེ་དམ་ཚིག་བསྐོངས། ཨ་ལ་ལ་སྟེ་དངོས་གྲུབ་བསྩོལ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །མི་ཕྱེད་རྡོ་རྗེ་སྐུ་རང་བཞིན། །དེང་བདག་བྱིན་གྱིས་བརླབས་ནས་ནི། རྡོ་རྗེ་སྐུ་རུ་མཛད་དུ་གསོལ། །ཞེས་གསོལ་བ་གདབ། དབང་ཕྱུག་གིས་བན་དྷར་བདུད་རྩི་ཅུང་ཟད་བླུག་ལ། ༀ་ཨཱཿཧཱུཾ། སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིག་འབྲུ་གསུམ་གསལ་བར་བསྒོམ་ཞིང་། ༀ་བཛྲ་ཨ་མྲི་ཏ་ཧཱུཾ་ཧྲཱིཿ ཋཱ། ལན་གསུམ་གྱིས་བདུད་རྩིར་བརླབས་ནས། ཕྱག་ག ཡས་རྡོ་རྗེ་དང་བཅས་པའི་སྲིན་ལག་གི་བདུད་རྩི་གནས་གསུམ་དུ་བཞག་ལ། ༀ་ཨཱཿཧཱུཾ་གསུམ། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དུ་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨད་མ་ཀོ྅་ཧཾ། ཞེས་སློབ་དཔོན་གྱིས་བརྗོད། ཡང་སློབ་མས། དཔལ་ལྡན་རྡོ་རྗེ་གསུང་འཆང་བ་། མི་ཕྱེད་རྡོ་རྗེ་གསུང་རང་བཞིན། དེང་བདག་བྱིན་གྱིས་རླབས་ནས་ནི། །རྡོ་རྗེའི་གསུང་དུ་མཛད་དུ་གསོལ། །ཡང་སློབ་དཔོན་གྱིས། ༀ་སརྦ་ཏ་ཐཱ་ག་ཏ་ཝ་ཀ་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ་བརྗོད། ཡང་སློབ་མས། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །མི་ཕྱེད་རྡོ་རྗེ་ཐུགས་རང་བཞི ན། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །ཞེས་གསོལ་བ་གདབ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨད་མ་ཀོ྅་ཧཾ། ཅེས་དམ་ཚིག་ཐོབ་པར་སློབ་མས་བསམ་མོ། བརྒྱད་པ་དམ་ཚིག་འབོག་པ་ནི། དབང་ཕྱུག་གིས་རྡོ་རྗེས་སློབ་མའི་སྙིང་ཁར་བཞག་ལ། སངས་རྒྱས་ཀུན་གྱི་གསང་བ་འདིས། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པའི། ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟགས་གནས་ཤིང་། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་བགོའོ ། །དགུ་པ་ཆུ་ནན་བྱ་བ་ནི། སློབ་བུ་དེ་གསང་སྔགས་ལ་མི་བཟློག་པར་རིགས་ངེས་ཤིང་བརྟན་པར་བྱ་བའི་ཕྱིར་ནན་ཏན་བྱ་བ་སྟེ་འདི་ལ་གཉིས་ལས། དང་པོ་ཉེས་སྐྱོན་བརྗོད་པའི་ཆུ་ནན་བྱ་བ་ནི། ཙནྡན་དཀར་དམར་སྦྱར་བའི་ཆུ་རྡོ་རྗེ་གནོད་སྦྱིན་དུ་བསྐྱེད་ལ། ༀ་བཛྲ་ཡཀྵ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་དང་བཅས་པས་འོད་དུ་ཞུ་བར་བསམ་ནས། ཐར་ལམ་འདྲེན་པའི་བླ་མ་དང་། །བྱང་ཆུབ་འདྲེན་པའི་སྤུན་རྣམས་ལ། །སྒོ་གསུམ་ཟོལ་མེད་བསྐུར་བ་དང་། །གསང་བའི་ཡིད་ཀྱིས་བསྲུང་བྱ་ཞིང་། །ཧེ་རུ་ཀ་ལ་རྟག་གནས་ན། །མཐའ་ཡས་སེམས་ཅན་བུ་བཞིན་སྐྱོངས། །སངས་རྒྱས་ཀུན་དང་མཉམས་སྦྱོར་བའི། །སྡོམ་པ་ལ་ནི་གང་འདས་པ། །ལྷ་རྣམས་དང་ནི་མི་རྣམས་དང་། །བསྒྲུབ་པ་པོ་དང་རྣལ་འབྱོར་རྣམས། །དེ་ཀུན་འཁྲོས་ནས་ཁྲག་ཆེན་པོ། །ཉམས་པའི་སྙིང་ནས་དྲངས་སྟེ་འཐུང་། །ས་མ་ཡ་ཨི་དན་ཏེ་ན་ར་ཀ ན། ཅེས་ཆུ་རྡོ་རྗེ་བླངས་ལ། སློབ་བུའི་ལྕེ་ལ་ལན་གསུམ་བཞག་སྟེ་སྙིང་ལ་ཐིམས་པས། དམ་ཉམས་ན་ཆུའི་རྡུལ་ཕྲ་རག་ཐམས་ཅད་ཧཱུཾ་དུ་གྱུར་པ་ལས། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས་རང་བཞིན་ལྕགས་ཀྱི་སྡིག་པ་མགོ་དགུ་པའི་རྣམ་པ་གྲངས་མེད་པར་གྱུར་ནས། འདིར་ཚེ་སྲོག་གིས་བར་ཆད་བྱེད་ལ། ཕྱི་མ་རྡོ་རྗེ་དམྱལ་བར་སྐྱེ་བར་བྱེད་པའོ། །གཉིས་པ་ཡོན་ཏན་བརྗོད་པའི་ཆུ་ནན་ནི། བདུད་རྩི་སྦྱར་བའི་ཆུ་ཧེ་རུ་ཀར་བསྐྱེད་པ་འོད་དུ་ཞུ་བར་བསམ་ནས་འདི་སྐད་དུ། དེ་ལྟར་བས་ན་བུ་ཁྱོད་ཀྱིས། དམ་ཚིག་འདི་རྣམས་བསྲུངས་བར་གྱིས། དམ་ཚིག་བསྲུངས་ན་དངོས་གྲུབ་པས། རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ༀ་བཛྲ་ཨུ་ཏ་ག་ཧཱུཾ་ཧྲཱི་ཐཱ། ཅེས་རྡོ་རྗེ་ལྕེ་ལ་ལན་གསུམ་བཞག་སྟེ། སྙིང་ལ་བསྟིམ་པས། དམ་མ་ཉམས་ན་ཆུ་དེ་ཧཱུཾ་ལས་ཡེ་ཤེས་སེམས་དཔར་གྱུར་ནས། བདེ་ལེགས་ཐམས་ཅད་འབྱུང་ཞིང་། ཚེ་གཅིག་གིས་སངས་རྒྱས་པར་བྱེད་པའོ། །བཅུ་པ་དམ་ཚིགས་བསྒྲགས་བ་ནི། རྒྱལ་བས་གསུངས་པའི་ཡེ་ཤེས་གང་། དིང་འདིར་དངོས་གྲུབ་མཆོག་དུ་གསུངས། དམ་ཚིག་ཆེ་བའི་ཆེན་པོ་མཆོག །བྱེ་བྲག་མེད་པས་དེང་ནས་སྤྱོད། །དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་རྟེན་པར་མི་བྱ་སྟེ། །མཉམ་ཉིད་རིག་པའི་ཀློང་ཞུགས་ནས། །ཅི་ལའང་ཐོག་པ་མེད་པར་སྦྱོད། །ཞེས་བརྗོད་ཅིང་དེའི་དོན་ལེགས་པར་བཤད་དོ། །བཅུ་གཅིག་པ་མེ་ཏོག་དོར་བ་ནི། བུ་རྣམས་རིམ་པར་དལ་གྱི་ཤར་སྒོ་ནས་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་ཁྱད་པར་ཅན་ཐོགས་ལ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། གསང་མཆོག་རྫས་ཀྱི་མེ་ཏོག་དོར་ནས་ཀྱང་། བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། སྐལ་ལྡན་རྣལ་འབྱོར་བདག་ཅག་རྣམས་ལ་སྩོལ། ༀ་པྲ་ཏི་ཙིཏྟ་བཛྲ་ཧོ། ཞེས་དོར་ཏེ། གང་ལ་ཕོག་པའི་རིགས་ཀྱི་ལྷར་བཟུང་། རིགས་ལས་གྲས་པའི་གསང་མཚན་གདགས་སོ། བཅུ་གཉིས་པ་ལྷ་དབབ་ལ་གཉིས་ལས། དང་པོ་ཕྱིའི་ལྷ་དབབ་པ་ནི། དམ་ཚིག་གིས་རྒྱ་ཕྱག་རྒྱས་དཀྱིལ་འཁོར་གྱི་སྟེང་ནས་མེ་ཏོག་བླངས་ལ། བུ་རྣམས་ལུས་རྣམ་སྣང་གིས་ཆོས་བདུན་དུ་བྱས་པའི་སྤྱི་གཙུག་དུ་བཞག་ལ། པྲ་བེ་ཤ་ཡ་ཕཊ྄། ཅེས་ཁ་ཕྱེ་ནས་ཨ་བེ་ཤ་ཡ། ཅེས་ལྷ་གང་ཡིན་པ་བུའི་སྤྱི་གཙུག་ནས་སྙིང་ཁར་ཐིམ་པས། སློབ་བུའི་ལྷའི་གཟི་བརྗིད་དང་ལྡན་པར་བསམ་ཞིང་། ལས་མཁན་གྱིས་སྤོས་ཀྱིས་བདུག། རོལ་མོ་སྒྲོགས། ནང་གི་དབབ་པ་ནི། གུ་རུས་དཔལ་ཆེན་པོའི་སྒོམ་ཐབས་སློབ་ཅིང་བསྒོམ་དུ་བཞུགས་སྙིང་པོ་སྦྱིན། བཅུ་གསུམ་པ་ལྷ་སྒོམ་པ་འབྲལ་དུ་མི་རུང་བ་ནན་ཏན་བྱ་བ་ནི། ཐམས་ཅད་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །སྒྱུ་འཕྲུལ་དྲ་བ་ཁྲོ་བོའི་དཀྱིལ་འཁོར་འདིར་ཞུགས་ནས་ལྷ་སྒོམ་པ་དང་མ་བྲལ་བའི་ཡོན་ཏན་ནི། རང་གིས་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུམ་དང་བསྐལ་བ་མཉམ་པའི་ཡེ་ཤེས་ཐོབ་སྟེ། འདོད་པའི་དོན་ཅི་བསྒྲུབ་ཀྱང་ཉེ་བར་འགྲུབ་ཅིང་། ཚེ་གཅིག་ལུས་གཅིག་ལ་དངོས་གྲུབ་ཡ་མཚན་ཆེན་པོ་སངས་རྒྱས་ཀྱི་གོ་འཕངས་ཐོབ་པར་འགྱུར་སྟེ། རྩ་རྒྱུད་ལས། སྐལ་པ་མཉམ་བའི་ཡེ་ཤེས་ཏེ། །གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །ཞེས་དང་། ལམ་རིམ་ལས། བདག་ཉིད་ལྷ་དང་མཉམས་སྦྱོར་བས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །གསུངས་སོ། །འོ་ན་ལྷ་བསྒོམ་པ་ལ་ཕན་ཡོན་ཆེན་པོ་འདུག་མོད། མ་བསྒོམ་ན་སྐྱོན་ཅི་ཡོད་སྙམ་ན། ཡི་དམ་གྱི་ལྷ་སྤངས་ནས་དགེ་བ་གཞན་སྤྱད་ཀྱང་། དོན་མེད་པར་འགྱུར་ཞིང་། དད་པ་མེད་པའི་སྟོབས་ཀྱི་དམ་ཚིག་ཉམས་ན་ཀུན་ཏུ་ཉོན་མོངས་པས་ངན་སོང་གསུམ་གྱིས་སྡུག་བསྔལ་མྱོང་བ་དང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ལམ་ལ་བཀོད་ནས། རིགས་ཆད་པའི་གནས་གྱུར་སྟེ། གསང་སྙིང་ལས། དད་མེད་ཉམས་ན་ཕུང་བར་འགྱུར། ཞེས་དང་། རྡོ་རྗེ་ལས་རིམ་ལས། ལྷ་སྤངས་དགེ་སྤྱད་དོན་མེད་དེ། གང་ཞིག་ཕྱག་རྒྱ་འདི་སྤངས་ན། ཉོན་མོངས་ངན་སོང་གསུམ་དུ་སྐྱེ། བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། ། བླ་མེད་འགྲོ་བའི་རྒྱུན་ཡང་ཆད། །རིགས་ཆད་ཉིད་དུ་གནས་པར་འགྱུར། །ཞེས་སོ། །བཅུ་བཞི་པ་མིག་དབྱེ་བ་ནི། གུ་རུས་རྡོ་རྗེ་གསེར་གྱི་ཐུར་མའི་ཚུལ་དུ་ཐོགས་ལ། དེ་རིང་དད་པའི་ཤུགས་ཀྱི་ནི། །དཀྱིལ་འཁོར་དེང་འདིར་ལྟ་བར་གྱིས། །སྔགས་དང་ཕྱག་རྒྱའི་རིགས་སུ་འཁྲུངས། །ཁྱེད་ནི་དམ་ཚིག་འདི་ལྟ་བུ། །གསང་བ་བསྟན་པའི་སྣོད་དུ་རུང་། །དམ་ཚིག་མཆོག་དུ་གྱུར་བར་བྱེད། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་མིག་ཕྱིས་ལ་གདོང་གཡོགས་དཀྲོལ་ལོ། །འོད་ཟེར་གྱིས་ཐུར་མས་མ་རིག་པའི་མིག་ཕྱིས་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་སུ་མཐོང་པའི་ང་རྒྱལ་བྱའོ། །བཅོ་ལྔ་པ་དཀྱིལ་འཁོར་བསྟན་པ་ནི། ཆགས་ཤིང་གསེར་གྱིས་སྤྲས་པ་ལ་སོགས་ཐོགས་ལ། དཀྱིལ་འཁོར་གྱི་དོན་རྟགས་འདི་ཡིན་ཞེས་ངོ་སྤྲད་པར་བྱ་སྟེ། འདི་སྐད་དུ། ཆོས་དབྱིངས་སྤྲོས་པ་དང་བྲལ་བས། །ལྟེ་བ་སྤྲོས་མེད་ཟླུམ་པོའི་ཚུལ། །ཡེ་ནས་རྒྱུ་འབྲས་གཉིས་མེད་ཕྱིར། །རྡོ་རྗེ་རྭ་བས་ཡོངས་སུ་བསྐོར། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །འཁོར་འདས་ཡེ་ནས་གཉིས་མེད་པའི། །ཕྱི་རིམ་རྡོ་རྗེའི་མུ་ཁྱུད་ལྡན། །ཚད་མེད་བཞི་དང་ལྡན་པའི་ཕྱིར། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །ལྷག་པའི་ཡེ་ཤེས་འཕྲིན་ལས་བཞི། །དོན་བརྟགས་བློ་བུར་བཞིར་བཤད་དོ། །རོ་ལངས་གསེར་དུ་གྲུབ་པའི་ཕྱིར། །ཆེ་བའི་ཡོན་ཏན་བརྒྱན་པ་སྟེ། །གྲུ་བཞི་ཀུན་འཁོར་འཁྱམས་ན་བཤད། །སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་བཤད། །ཐོད་པ་སྐོམ་རློན་གནམ་ལྕགས་གཟེར། །ཡོངས་སུ་བསྐོར་བས་སྐུ་ལྔ་འགྲུབ། །ཕལ་གྱིས་རྟོགས་དཀའ་སྦྱོད་ཡུལ་མིན། མུན་པ་པ་ཏིས་འཁོར་བར་བསྐོར། །ཞིང་ཆེན་སྨུག་པའི་ཀ་བ་དང་། །ཞིང་ལྤགས་སྒོ་ལ་སྐར་མའི་གཟེར། །རུས་སྦལ་མ་ཐེམ་ཆུ་སྲིན་ཡ་ཕུག་བྱས། །ཞིང་ཆེན་སྐམ་པོའི་སྒོ་སྐྱེས་དང་། །གཟའ་བརྒྱད་གདུང་མ་ཉེར་བརྒྱད་ལྕམ། །སྦྲུལ་ནག་འབར་བས་ཐོགས་པ་བྱས། །ཟླ་བ་རྡོ་རྗེས་ཕྱེད་མཚན་བརྒྱད། །འཁོར་བ་མ་སྤངས་དོར་བ་མེད། འཇིགས་རྟེན་གནས་པའི་དྲེགས་གདུག་རྣམས། །དངོས་བརྟུལ་གཞལ་ཡས་བརྒྱན་དུ་བྱས། དོན་དམ་ཆོས་ཉིད་གཉིས་འཛིན་བྲལ། །ཆེ་བའི་ཡོན་ཏན་མ་འགགས་བརྡལ། །དེ་སྟེང་འདོད་པའི་ལྷ་མོ་དྲུག །གར་བཅས་བར་སྣང་ཁམས་སུ་འཁྲིགས། །འདོད་ཡོན་གཉིས་མེད་ལོངས་སྤྱོད་རོལ། །རིན་ཆེན་སེང་མགོ་ཐོད་པ་གསུམ། །མཛེས་པར་བསྣོལ་བའི་ཕ་གུ་གདགས། །ལོངས་སྤྱོད་ཟིལ་མནོན་སྲིན་པོ་འདུལ། །དབྱེར་མེད་ངང་ལ་ལྡན་པའི་བརྡའ། །ཁ་ནས་རྒྱུ་མ་མུ་ཏིག་ཆུ་འཁོར་ཧ། །དྲ་བ་དྲ་ཕྱེད་ཚུལ་དུ་བལྟམས། །ཐབས་ཆེན་མ་འདྲེས་ཅིར་ཡང་གསལ། །སྦྲུལ་དང་རྒྱུ་མའི་ཆུན་འཁོར་གྱིས། །མདའ་ཡབ་ཚུལ་དུ་བསྐོར་བར་གནས། །ཆགས་སྡང་གཉིས་མེད་རང་གྲོལ་དོན། །འབར་བའི་བར་འཁྱམས་ཕྱི་མ་ནི། །ཁྲག་མཚོ་ཁོལ་མས་རབ་ཏུ་བསྐོར། །ལས་ཀྱིས་སྲིན་པོ་བརྟུལ་བ་དང་། །ཆགས་པའི་ཡེ་ཤེས་སྟོབས་པའི་བརྡའ། །ཡེ་ཤེས་བཞི་ནས་འཇུག་པའི་ཕྱིར། །སྒོ་བཞི་སྒོ་ཁྱུད་ལྡན་པར་ཤར། །རང་བཞིན་སྐུ་ལྔ་གྲུབ་པའི་ཕྱིར། །རིན་ཆེན་ཁ་དོག་ལྔ་ཡིས་རྩིགས། །རིན་ཆེན་འབར་བའི་ཀ་བ་ལ། །ཆུ་སྲིན་ཀ་ལོ་རུས་སྦལ་གདན། །རིན་ཆེན་གདུང་བརྒྱད་མགོ་བསྣོལ་བ། །རིན་ཆེན་རྣམ་མངས་དྲལ་ཕྱམ་གཏམས། །མ་རིག་མུན་པ་གསལ་བའི་ཕྱིར། །ཟླ་ཕྱེད་རྡོ་རྗེ་ཕྱེད་མཚན་ནོ། །ཅིས་ཀྱང་དབྱེར་མེད་མཚོན་པའི་ཕྱིར། །བཅུ་གཅིག་རྡོ་རྗེའི་སྟེང་དུ་གཏམས། །གཟུགས་སོགས་ལྷ་མོ་དྲུག་གིས་ཀྱང་། །བར་གྱིས་འཁྱམས་ནས་མཆོད་པར་འབུལ། །རིན་ཆེན་སྟེང་ན་སེང་མགོ་གནས། །མུ་ཏིག་འཕྲེང་བ་ཧཾ་དང་ཤར། །དྲ་བ་དྲ་ཕྱེད་ཡོངས་སུ་བསྐོར། །མདའ་ཡབ་རིན་ཆེན་སེ་བརྡར་རིས། །ཆེ་བའི་ཡོན་ཏན་མ་འགགས་དང་། །ཆོས་རྣམས་ལྷུན་གྲུབ་མཚོན་པའོ། །བམ་རིལ་ཁོག་སྐམ་ཡན་ལག་ནི། །རིང་ཐུང་དབང་པོའི་འཕྲེང་བ་དང་། །རྟ་བབས་ཆོས་ཀྱིས་འཁོར་ལོ་ལྡན། །གདུགས་བཅས་ཞིང་འཕན་བ་དན་དང་། ཆུ་སྲིན་སྐེ་ནས་དར་འཕྱང་འཕྱོ། །དཔག་བསམ་ཤིང་ཆེན་ལྟ་བས་བསྐོར། །རྡོ་རྗེ་རྭ་ཡིས་ཕྱོགས་སྐྱོང་བཞི། །དེ་དག་ཀུན་གྱིས་དོན་བསྟན་ནས། །འཁོར་འདས་གཉིས་མེད་རྟོགས་བྲལ་མཚོན། །ཇི་ལྟར་སྣང་ཡང་དབྱེར་མེད་ལས། །མ་འདས་རྡོ་རྗེ་རྭ་བས་བསྐོར། །བསྐལ་པའི་མེ་རི་དམར་ནག་གིས། །འཕྲོ་ཞིང་ཀུན་ཏུ་ཁྱབ་པར་བསྐོར། ཉོན་མོངས་བག་ཆགས་ཕྲ་རགས་ཀུན། །ཡེ་ཤེས་ཆེན་པོར་འབར་འཕྲོ་སྣང་། །སྤྲུལ་པའི་མེ་རི་འཕྲོ་འདུ་ཁྱུག །ཕྱི་དང་ནང་མེད་ཀུན་ཏུ་གསལ། །ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །ཧེ་རུ་ཀའི་གནས་བཅུ་དང་། །དེ་དཀྱིལ་འཇིགས་བྱེད་ཁང་པར་གནས། །དེ་སྟེང་འཇིགས་བྱེད་འབར་བའི་གདན། །མ་ཆགས་རྣམ་པར་དག་པའི་ཕྱིར། །པདྨ་མཛེས་པའི་གདན་དང་ལྡན། །ཐུགས་རྗེ་ཡོངས་ལ་སྙོམས་པའི་ཕྱིར། །ཉི་མའི་གདན་མཆོག་ལྡན་པའོ། །དྲེགས་པ་ལྷ་ཆེན་ཕོ་མོ་རྣམས། །དངོས་གཟིར་བྱི་ཆིངས་བསྣོལ་ནས་མནན། །གཏུམ་ཞིང་དྲེགས་པའི་སེམས་ཅན་ལྔ། །དྲུག་ལྔ་ཚར་གཅོད་གདན་དུ་སྣང་། འཁོར་བ་གཙང་དམེ་རྟོག་པའི་རོ། སྐམ་རློན་ཞིང་བརྒྱད་གདན་དུ་བྱས། ཕྱོགས་སྐྱོང་བཅུ་འདུལ་ཐུགས་རྗེ་ཁྱབ། །སྐལ་པའི་མེ་ལ་ཁྲོ་རྒྱལ་གདན། །དེ་སྟེང་འཇིགས་བྱེད་ལྷ་གནས་པ། །འཁོར་བའི་རྟོག་པ་དྲུག་ཅུ་བརྒྱད། །གནས་གྱུར་མ་སྤངས་རང་སར་གྲོལ། །སྐུ་མདོག་ཕྱག་མཚན་ཆ་བྱད་རྣམས། །རྒྱུད་གཞན་དག་ཏུ་ཤེས་པར་བྱོས། །ཞེས་འཇིགས་བྱེད་རོལ་པའི་རྒྱུད་ལས་གསུངས་པ་བཞིན་དུ་རྟེན་གཞལ་ཡས་ཁང་གི་དོན་རྟོགས་རྣམས་བཤད་ལ། རྟེན་པ་ལྷའི་དོན་ཡང་དེ་ཉིད་ལས། འཁོར་བའི་རྟོགས་པ་དྲུག་ཅུ་བརྒྱད། གནས་གྱུར་མ་སྤངས་རང་སར་གྲོལ་ཞེས་གསུངས་པ་ཡང་། ཉོན་མོངས་པ་ལྔའམ། ཕུང་པོ་ལྔ། ཁྲག་འཐུང་རིགས་ལྔ། ཚོགས་བརྒྱད་གནས་ཀྱི་མ་མོ་བརྒྱད། དེའི་ཡུལ་བརྒྱད་ཕྲ་མེན་བརྒྱད། ཕྱིན་ཅི་ལོག་བཞི་སྒོ་མ་བཞི། རྒལ་ཚིག་ཉེར་བརྒྱད་དབང་ཕྱུག་མ་ཉེར་བརྒྱད། མི་དགེ་བཅུ་པོ་ཁྲོ་བོ་བཅུར་གནས་གྱུར་ཞིང་དག་སྟེ། རྟོག་པ་དེ་མ་སྤངས་པར་རང་སར་གྲོལ་བའོ། །དེའི་སྐུ་མདོག་ཕྱག་མཚན་ཆ་བྱས་རྣམས་རྩ་བའི་རྒྱུད་དང་། བཤད་རྒྱུད་བླ་མ་ལ་སོགས་པར་ཤེས་པར་བྱའོ། །དཀྱིལ་འཁོར་རྒྱས་བསྡུས་དང་། ཚོམ་བུ་གཅིག་གསུམ་ལྔ་པའི་དབང་ལ་ཡང་ཅི་རིགས་པར་ལྷ་ངོ་སྤྲད་དོ། །བཅུ་དྲུག་པ་ཚོགས་དང་ཡོན་འབུལ་བ་ནི་གོ་སླ་བའོ། །གཉིས་པ་ཞུགས་པའི་ཡོན་ཏན་ནི། འཇིགས་བྱེད་སྟངས་དཔྱལ་གཉིས་སམ་ལྔ། །བྱས་སྟེ་དང་ལྡན་རབ་ཞུགས་ནས། ། འོག་མིན་ཆེན་པོ་ཉིད་ཞུགས་དང། །འདོད་པ་ཡིད་འོང་མཉམས་པར་འགྱུར་རོ། །ཅེས་གསུངས་སོ། །གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ལ་གསུམ་གྱི་དང་པོ་ཁྲི་རྩིག་པ་ནི། གུ་རུའི་འཛུབ་མོ་གཉིས་རྩེ་བསྣོལ་ནས་བཛྲ་བེ་ཀ་ཨ་ཀྲ་ས་མ་ཡམ། ཞེ་ས་བརྗོད་དེ། དཀྱིལ་འཁོར་ནམ་མཁའ་ལས་བཏེགས་པར་བསམ་ལ། རྡུལ་ཚོན་དལ་གྱི་དབུས་སུ་རྡོ་རྗེ་རྒྱལ་པོའི་ཁྲི་རྩིགས་པར་སངས་རྒྱས་གསང་བས་བཤད་ལ། ཕྱག་བཞེས་ཀྱི་སྐབས་སུ་དལ་གྱི་ཤར་ཕྱོགས་སུ་དབང་ཁྲི་ཆེན་པོ་ལ་རྡོ་རྗེ་རྒྱལ་པོ་བཞུགས་སྟེ། དལ་གྱིས་དབུས་སུ་ཞུགས་པའི་ཏིང་འཛིན་དང་ལྡན་པར་མཛད་དོ། །གཉིས་པ་བཟོད་པར་གསོལ་བ་ནི། བླ་མས་རུ་ལུ་གར་གྱི་བྲོ་ཡིས་དཀྱིལ་འཁོར་བསྐོར་ལ། འདི་སྐད་དུ། གསང་བ་མཆོག་གི་དཀྱིལ་འཁོར་དུ། ། སློབ་བུའི་རེ་བ་བསྐང་བ་དང་། སེམས་ཅན་དོན་ཕྱིར་བདག་བརྩོན་ན། །བཟོད་པ་མཛད་དེ་དགོངས་སུ་གསོལ། །ཞེས་བརྗོད་པས་ལྷ་རྣམས་ཀྱིས་གནང་བ་ཐོབ་པར་བསམ་མོ། །གསུམ་པ་དགོངས་སུ་གསོལ་བ་ནི། སློབ་དཔོན་ཁྲི་སྟེང་སུ་བཞུགས་ལ། ༀ་བཛྲ་ས་མ་ཡ་ཛ། ཞེས་རྡོ་རྗེ་གོ་འབྱེད་བསྡུ་བའི་ཕྱག་རྒྱས། ཕྱོགས་དུས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ཏེ། ནམ་མཁའ་ལ་བཞུགས་པར་བསམ་ལ་གསོལ་བ་གདབ་སྟེ། ཧོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། འཇིགས་བྱེད་ཆེན་པོ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས་དགོངས་སུ་གསོལ། བདག་རྡོ་རྗེ་ཆེ་གེ་མོས་སློབ་མ་རྣམས་ལ། སྒྱུ་འཕྲུལ་དྲ་བ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་དུ་དབང་བསྐུར་བར་འཚལ་བས། བདག་ལ་མཐུ་གཏད་དུ་གསོལ། བྱིན་གྱིས་རླབས་ཏུ་གསོལ། དབང་བསྐུར་དུ་གསོལ། ཞེས་བརྗོད་ལ། དབུ་བརྒྱན་དཀོན་སྟེ་ཐོད་སྐམ་གྱིས་ཕྱག་རྒྱས་དབུའི་གནས་ལྔར་གཏུག་ཅིང་། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱིས་ཆུ་རྒྱུན་ཕབ་ནས། དོན་ཡེ་ཤེས་ལྔ་ལ་སོགས་པའི་དབང་ཐམས་ཅད་རྫོགས་པར་བསྐུར། དབང་ཐོབ་པའི་རྟགས་སུ་དབུ་ལ་ཁྲག་འཐུང་རིགས་ལྔས་བརྒྱན་པར་བསམ་སྟེ། ཤུ་ནྱ་ཏ་ལ་སོགས་པས་ང་རྒྱལ་བྱ་ཞིང་། དབང་བསྐུར་བྱིན་པའི་ནུས་མཐུ་དང་ལྡན་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཕྱི་ཕན་པའི་དབང་དང་། ནང་ནུས་པའི་དབང་དང་། གསང་བ་ཟབ་མོའི་དབང་བསྐུར་ཞི ང་སྦྱིན་པའོ། །དང་པོ་ལའང་འདི་ཉིད་ལས། ལྷ་དབང་ཕྱག་མཚན་བརྒྱན་ཆས་དང་། སྒྲུབ་རྫས་ཞེས་པས། སྦྱི་དོན་བཞི་སྟེ། ཕྱག་རྒྱ་ལྷའི་དབང་དང་། རྣ མ་པ་ཕྱག་མཚན་གྱི་དབང་དང་། རྒྱན་ཆས་རྟགས་ཀྱི་དབང་དང་། བསྒྱུབ་པ་རྫས་ཀྱི་དབང་དང་། དང་པོ་ལ་བརྒྱད་ཀྱི། དང་པོ་རྒྱུ་ལ་གཉིས་ཀྱི། དང་པོ་ཚོགས་རིགས་སྣང་དང་བཅས། དང་པོ་མཚུངས་ལྡན་གྱི་རྒྱུ་ནི། རྟོགས་ཚོགས་རིགས་སྣང་དང་བཅས་པའོ། །གཉིས་པ་ལྷན་གཅིག་བྱེད་པའི་རྒྱུ་ནི། དབང་རྫས་ལྷ་རང་རང་གི་རབ་གནས་ཅན་ནོ། །གཉིས་པ་རྐྱེན་ལ་བཞིའི་དང་པོ་བདག་པོའི་རྐྱེན་ནི། དབང་ཕྱུག་ལུང་ཐོབ་ཅིང་། བསླབ་པ་བཅུ་རྫོགས་པའི་བྱིན་རླབས་དང་ལྡན་པའོ། །གཉིས་པ་རྒྱུའི་རྐྱེན་ནི། སློབ་བུ་སྣོད་ཀྱི་སྐྱོན་དང་བྲལ་ཞིང་། ཡོན་ཏན་དང་ལྡན་པའོ། །གསུམ་པ་དམིགས་པའི་རྐྱེན་ནི། དབང་རྫས་རབ་གནས་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི། འཇུག་ཆོག་ཐོབ་པས་གོ་ཕྱེས་ནས། ཕྱག་རྒྱའི་དབང་ཐོབ་པའི་རྐྱེན་བྱས་སྟེ་ཐོབ་མ་རགས་པའོ། །གསུམ་པ་ངོ་བོ་ནི། ཕྱག་རྒྱའི་དབང་ངོ་། བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་བསྐྱེད་པ་སྟེ། རྣོ་མཚོན་ལ་ངར་བརྟགས་པ་ལྟ་བུའོ། །ལྔ་པ་གོ་རིམ་ནི་འཇུག་ཆོག་གི་རྗེས་སུ་ཕྱག་རྒྱའི་དབང་བསྐུར་རོ། དྲུག་པ་ལས་རིམ་ལ་ལྔའི། དང་པོ་བས་རྒྱུད་ནི། རྟོགས་ཚོགས་ཐམས་ཅད་མ་སྤངས་རྒྱལ་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་སྟེ། སློབ་བུ་ཧེ་རུ་ཀར་བསྐྱེད་ལ། གཙོ་བོའི་ཙཀ་ལི་ནས་རིམ་པར་བླངས་ཀྱི། སློབ་བུའི་ལག་དུ་གཏད་དེ་ལྷ་གཅིག་ལས་གཉིས་སུ་ཕྱེ་བའི་ཚུལ་དུ་སློབ་བུ་ལ་ཐིམ་པས། ཐ་མལ་གྱིས་རྟོགས་པ་སྦྱངས་ནས། ལྷ་དེ་ཉིད་ཀྱི་སྐུ་དང་ཡེ་ཤེས་སུ་གྱུར་བར་བསམ་ཞིང་། ལྷ་ཀུན་ལ་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་བསྒྲགས་ཚིག་ནི། ཨེ་མ་ང་ནི་རང་བྱུང་བའི། དཔལ་ཆེན་ཁྲོ་རྒྱལ་ཉིད་ནི་སྐུ། །ཡེ་ཤེས་འབར་བའི་རྡོ་རྗེ་འདི། །ང་ཡིས་ཁྱོད་ཀྱིས་ལག་ཏུ་སྦྱིན། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ༀ་བཛྲ་ཀྲོ་དྷ་མ་ཧཱ་ཤྲི་ཧེ་རུ་ཀ །མ་ཧཱ་ཀྲོ་ཏི་ཤྭ་རི་ཨབྷི་ཥིཉྩ་ཧཱུཾ། གསུམ་པ་བསྐུར་གནས་ནི་མགོ། བཞི་པ་བ སྟིམ་གནས། རྣམ་པར་ཤེས་པའི་ཕུང་པོ་དང་། ནམ་མཁའི་ཁམས་སུ་སྟིམ། ལྔ་པ་བསྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། རྣམ་པར་ཤེས་པའི་ཕུང་པོ་དང་། འབྱུང་པ་ནམ་མཁར་འཛིན་པའི་རྟོགས་པར་རང་ཁ་མ་དག་ནས། ཕུང་ཁམས་བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་རྟོགས་པའི་ནུས་པ་དངོས་སུ་སྐྱེ་བར་བསམ་ལ། དྲུག་པ་བདེན་པ་བརྗོད་པ་ནི། ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཞིང་ཁམས་དག་པ་མི་ཟད་པ་བརྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། འཇིགས་བྱེད་ཆེན་པོའི་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། རྡོ་རྗེ་སློབ་དཔོན་བདག་གིས་རིགས་ཀྱི་བུ་འདི་རྣམས་ལ། དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱིས་དབང་བསྐུར་བས། ཉོན་མོངས་པ་ཞེ་སྡང་དང་། འབྱུང་བ་ནམ་མཁར་འཛིན་པའི་རྟོགས་པ་གནས་སུ་དག་ནས། མེ་ལོང་ལྟ་བུའི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ནས། ཉོན་མོངས་པ་ཞེ་སྡང་གི་མཐའ་ལ་གནས་པ་རྣམས་དུས་གཅིག་ལ་བསྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་མ་ཐོབ་པའི་སྐྱོན་ནི། རྩ་རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་སོ། །བརྒྱད་པ་ཐོབ་བའི་ཡོན་ཏན་ནི། དེ་ཉིད་ལས། དུས་ནི་ཚུན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་སོ། །བསམ་རྒྱུད། བསྒྲགས་ཚིག་ནི། ཨེ་མ་ཧོ་ང་ནི་རང་འབྱུང་བའི། དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ཡེ་ཤེས་འབར་བའི་འཁོར་ལོ་འདི། །ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན། །འཁོར་ལོ་འདི་ནི་ཁྱོད་ཀྱི་ལོངས ། །ༀ་བྷུདྡྷ་ཤྲི་ཧེ་རུ་ཀ །བུདྡྷ་ཀྲོ་དྷི་ཤྭ་རི། ཨ་བྷྲི་ཥིཉྩ་ཧཱུཾ། བསྐུར་གནས་མགོ། སྟིམ་གནས་རྟོགས་ཚོགས། སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། ན་མོ་ཕྱོགས་བཅུའི་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཞིང་ཁམས་དག་པ་མི་ཟད་པ་བརྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། འཇིགས་བྱེད་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྡོ་རྗེ་སློབ་དཔོན་བདག་གིས་རིགས་ཀྱི་བུ་འདི་རྣམས་ལ། དཔལ་ཆེན་པོ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་ཀྱིས་དབང་བསྐུར་བས། ཉོན་མོངས་པ་གཏི་མུག་དང་འབྱུང་བ་སར་འཛིན་གྱི་རྟོག་པ་གནས་སུ་དག་ནས་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ནས། ཉོན་མོངས་པ་གཏི་མུག་མཐའ་ལས་གནས་པས་རྣམས། དུས་གཅིག་ལ་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག་བསམ་རྒྱུད། བསྒྲགས་ཚིག་ནི། ཨེ་མ་ཧོ་ང་ནི་རང་འབྱུང་བའི། དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ཡེ་ཤེས་འབར་བའི་རིན་ཆེན་འདི། །ང་ཡིས་ཁྱོད་ཀྱིས་ལག་དུ་སྦྱིན། །རིན་ཆེན་འདི་ནི་ཁྱོད་ཀྱིས་ལོང་། །ༀ་རཏྣ་ཀྲོ་དྷ་མཧཱ་ཤྲི་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཤྭ་རི་ཨབྷི་ཥིཉྩ་ཧཱུཾ་བསྐུར་གནས་མགོ །སྟིམ་གནས་རྟོག་ཚོགས། སྒྲིབ་བ་གང་དག །ནུས་པ་གང་སྐྱེ་ནི། ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་འཕྲིན་ལས་ཞིང་ཁམས་དག་པ་མི་ཟད་པ་བརྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། འཇིགས་བྱེད་ཆེན་པོའི་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་བརླབས་ཀྱིས། རྡོ་རྗེ་སློབ་དཔོན་བདག་གིས་རིགས་ཀྱི་བུ་འདི་རྣམས་ལ། དཔལ་ཆེན་པོ་རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱིས་དབང་བསྐུར་བས། ཉོན་མོངས་པ་ང་རྒྱལ་དང་། འབྱུང་བ་ཆུར་འཛིན་པ་གནས་སུ་དག་ནས་མཉམ་པ་ཉིད་ཀྱིས་ཡེ་ཤེས་སུ་ལྷུན་གྱིས་གྲུབ་སྟེ། ཉོན་མོངས་པར་ང་རྒྱལ་གྱི་མཐའ་ལ་གནས་པ་རྣམས་དུས་གཅིག་བསྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །པདྨ་བླ་ན་མེད་པ་འདི། །ང་ཡིས་ཁྱོད་ཀྱིས་ལག་དུ་སྦྱིན། །པདྨ་འདི་ནི་ཁྱོད་ཀྱིས་ལོངས ། །ༀ་པདྨ་ཀྲོ་ཏ་མ་ཧཱ་ཤྲི་ཧེ་རུ་ཀ །པདྨ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། བསྐུར་བ་གནས་མགོ །བསྟིམ་གནས་རྟོག་ཚོགས། སྒྲིབ་པ་གང་དག། ནུས་པ་གང་སྐྱེ་ནི། བདེན་པ་པདྨ་ཧེ་རུ་ཀ་ཡབ་ཡུམ་ཀྱི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་དང་འབྱུང་པ་མེར་འཛིན་པ་གནས་སུ་དག་ནས། སོ་སོར་རྟོགས་པའི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་སྟེ། ཉོན་མོངས་པ་འདོད་ཆགས་ཀྱི་མཐའ་ལ་གནས་པ་རྣམས་དུས་གཅིག་ལ་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད་བསྒྲགས་ཚིགས་ནི། །ཨེ་མ་ཧོ་ང་ནི་རང་འབྱུང་བའི། དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ཡེ་ཤེས་འབར་བའི་རལ་གྲི་འདི། །ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན། །རལ་གྲི་འདི་ནི་ཁྱོད་ཀྱིས་ལོང་། །ༀ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲི་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་མགོ། བསྟིམ་གནས་རྟོགས་ཚོགས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། བདེན་པ། ཀརྨ་ཧེ་རུ་ཡབ་ཡུམ་གྱིས་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་དང་། འབྱུང་པ་རླུང་དུ་འཛིན་པ་གནས་སུ་དག་ནས། བྱ་བ་ནན་ཏན་གྱིས་ཡེ་ཤེས་སུ་ལྷུན་གྱིས་གྲུབ་སྟེ། ཉོན་མོངས་པ་ཕྲག་དོག་གི་མཐའ་ལ་གནས་པ་རྣམས་དུས་གཅིག་ལ་བསྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །མ་མོ་བརྒྱད་ཀྱི་དབང་། བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། །ཁྲག་འཐུང་ཀུན་གྱི་ཞིང་དབྱུག་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སྲིད་གསུམ་རྡུལ་དུ་བརླག་པའི་ཕྱིར། །རྡོ་རྗེ་ཞིང་དབྱུག་ཁྱོད་ཀྱིས་ལོང་། །ༀ་བཛྲ་ཀ་རཱིི་ཧ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས༴ སྟིམ་གནས་སྒྲིབ་པ་གང་དག །ནུབ་པ་གང་སྐྱེ་ནི། བདེན་པ། རིགས་ཀྱི་བུ་འདི་ལ་ཀ་རི་མའི་དབང་བསྐུར་བས། ཡེ་ཤེས་ཀྱི་དབྱུག་ཏོས་སྲིད་པ་གསུམ་གྱི་རྡུལ་གཏན་ནས་འཇོམས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། སྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱི་མདའ་གཞུའི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཆགས་པའི་ཐུགས་རྗེ་དོན་མཛད་ཕྱིར། །རྡོ་རྗེ་མདའ་གཞུ་ཁྱོད་ཀྱིས་ལོངས། །ༀ་བཛྲ་ཙ་རཱི་ཧ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས༴ སྟིམ་གནས་སྒྲིབ་པ་གང་དག །ནུབ་པ་གང་སྐྱེ་ནི། བདེན་པ་བརྗོད། ཙ རི་མའི་དབང་བསྐུར་བས། ཐབས་དང་ཤེས་རབ་ཀྱི་མདའ་གཞུས་ཆགས་པ་ཆེན་པོའི་ཐུགས་རྗེ་འགྲོ་དོན་མཛད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་ཀྱི་རྒྱལ་མཚན་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཁམས་གསུམ་ཀུན་ལས་རྒྱལ་བའི་ཕྱིར། །རྡོ་རྗེ་རྒྱལ་མཚན་ཁྱོད་ཀྱིས་ལོངས། །ༀ་བཛྲ་པྲ་མོ་ཧེ་ཧ་ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས༴ སྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། བདེན་པ་བརྗོད། པྲ་མོ་ཧ་ཡིས་དབང་བསྐུར་བས། ཆུ་སྲིན་གྱི་རྒྱལ་མཚན་གྱིས་ཁམས་གསུམ་གྱིས་བདུད་ལས་རྒྱལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ན ི། ཨེ་མ་ཧོ་ང་ནི་རང་འབྱུང་བའི། ཁྲག་འཐུང་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །རྣམ་རྟོག་རྡུལ་དུ་བརླག་པའི་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ༀ་བཛྲ་བེ་ཏ་ལཱི་ཧ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། སྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། བདེན་པ་བརྗོད། བཱེ་ཏ་ལིས་དབང་བསྐུར་བས། ཡེ་ཤེས་རྡོ་རྗེས་རྣམ་པར་རྟོགས་པ་རྡུལ་དུ་བརླག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱིས་རྒྱུ་ཞགས་དབང་། །བདེ་ཆེན་དབྱིངས་སུ་དྲངས་བའི་ཕྱིར། །རྡོ་རྗེ་རྒྱུ་ཞགས་ཁྱོད་ཀྱིས་ལོངས། །ༀ་བཛྲ་པུཥྐ་སི་ཧ། ཨབྷི་ཥིཉྩ་ཧཱུཾ། བསྐུར་གནས། སྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། བདེན་པ་བརྗོད། འདི་ལ་པུཥྐ་སིས་དབང་བསྐུར་བས། འདྲེན་བྱེད་རྒྱུ་ཞགས་ཀྱིས་ལོག་རྟོག་བདེ་ཆེན་གྱིས་གནས་སུ་འདྲེན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱིས་དུག་ཁྲག་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སྣོད་བཅུད་མ་ལུས་གསོལ་མཛད་ཕྱིར། །རྡོ་རྗེ་ཁྲག་འཐུང་ཁྱོད་ཀྱིས་ལོངས ། །ༀ་བཛྲ་ཀསྨ་རི་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། བསྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ། བདེན་པ་བརྗོད། ཀསྨ་རིས་དབང་བསྐུར་བས། ཆགས་པའི་དུང་ཁྲག་གིས་སྣོད་བཅུད་མ་ལུས་གསོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱི་སྙིང་ཟན་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །རྡོ་རྗེ་སྙིང་ཟན་ཁྱོད་ཀྱིས་ལོངས ། །ༀ་བཛྲ་སྨེ་ཤ་ནཱི་ཧ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། སྟིམ་གནས། སྒྲིབ་པ་གང་དག །ནུས་པ་གར་སྐྱེ། བདེན་པ། སྨེ་ཤ་ནི་དབང་བསྐུར་བས། ཟ་བྱེད་སྙིང་ཟན་གྱིས་འགྲོ་བ་མ་ལུས་པ་སྡུག་བསྔལ་ལས་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱིས་མགོ་ལུས་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སེམས་ཅན་མ་ལུས་བསྡམས་པའི་ཕྱིར། །རྡོ་རྗེ་མགོ་ལུས་ཁྱོད་ཀྱིས་ལོངས ། །ༀ་ཙནྡྷ་ལཱི་ཧ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་། །སྟིམ་གནས་། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། བདེན་པ་བརྗོད། ཙན་དྷ་ལིས་དབང་བསྐུར་བས། ཐབས་ཤེས་རབ་མགོ་ལུས་ཀྱི་སེམས་ཅན་གྱི་ཉོན་མོངས་པ་ཐམས་ཅད་སྡོམ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཕྲ་མེན་བརྒྱར་ཀྱི་དབང་། བསམ་རྒྱུད། བསྒྲགས་ཚིགས། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱི་སེང་གདོང་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །རྩལ་གྱིས་ཐམས་ཅད་མནན་པའི་ཕྱིར། །རྡོ་རྗེ་སེང་གདོང་ཁྱོད་ཀྱིས་ལོངས ། །ༀ་བཛྲ་སིང་ཧ་མུ་ཁ་ཧེ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། སྟིམ་གནས ། སྒྲིབ་པ་གང་དག །ནུས་པ་གང་སྐྱེས་ནི། བདེན་པ་བརྗོད། སེང་གེ་གདོང་གིས་དབང་བསྐུར་བས། མི་འཇིགས་པའི་རྩལ་གྱིས་ལོག་ལྟ་ཐམས་ཅད་ཟིལ་གྱིས་ནོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་འབྱུང་བའི། ཁྲག་འཐུང་ཀུན་གྱིས་སྟག་གདོང་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །དཔའ་བརྟུལ་དབྱིངས་སུ་ཟ་བའི་ཕྱིར། །རྡོ་རྗེ་སྟག་གདོངས་ཁྱོད་ཀྱིས་ལོང་། །ༀ་བཛྲ་བྱཱ་ཀྲི་མུ་ཁེ་ཧེ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། སྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། བདེན་པ་བརྗོད། སྟག་གདོང་གི་དབང་བསྐུར་བས། ཟ་བྱེད་ཀྱི་དཔའ་བརྟུལ་གྱི་རྣམ་རྟོག་དབྱིངས་སུ་ཟ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་འབྱུང་བའི། ཁྲག་འཐུང་ཀུན་གྱི་ཝ་གདོང་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སྒྲིབ་བྱེད་ཐམས་ཅད་མཐོང་བའི་ཕྱིར། །རྡོ་རྗེ་ཝ་གདོང་ཁྱོད་ཀྱིས་ལོངས ། །ༀ་བཛྲ་ཤྲཱི་ལ་མུ་ཁཱི་ཧེ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། སྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ། བདེན་པ་བརྗོད། ཝ་གདོང་གི་དབང་བསྐུར་བས། སྒྲིབ་བྱེད་ཐམས་ཅད་ཤེས་རབ་ཀྱིས་སྤྱན་ཐོབ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱིས་སྤྱང་གདོང་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཐམས་ཅད་མ་ལུས་ཟ་བའི་ཕྱིར། །རྡོ་རྗེ་སྤྱང་གདོང་ཁྱོད་ཀྱིས་ལོངས ། །ༀ་བཛྲ་ཤྭ་ན་མུ་ཁཱི་ཧེ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། སྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ། བདེན་པ་བརྗོད། སྤྱང་གདོང་གིས་དབང་བསྐུར་བས། ཟ་བྱེད་ཀྱི་ཐུགས་རྗེས་ལས་དང་ཉོན་མོངས་པ་ཐམས་ཅད་ཟ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱིས་བྱ་རྒོད་དབང་། དེ་རིང་ཁྱོད་ལ་སྦྱིན་པར་བྱ། མགྱོགས་པ་ཐམས་ཅད་སྙེག་པའི་ཕྱིར། རྡོ་རྗེ་བྱ་རྒོད་ཁྱོད་ཀྱིས་ལོངས། ༀ་བཛྲ་གྷྲིི་དྷ་མུ་ཁཱི་ཧེ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས༴ སྟིམ་གནས༴ སྒྲིབ་པ་གང་དག། ནུས་པ་གང་སྐྱེ། བདེན་པ་བརྗོད། བྱ་རྒོད་གདོང་གིས་དབང་བསྐུར་བས། མགྱོགས་པ་ཐམས་ཅད་སྙེགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད་བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། །ཁྲག་འཐུང་ཀུན་གྱིས་ཀཾ་ཀའི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སྲིད་གསུམ་མ་ལུས་བསྡུ་བའི་ཕྱིར། །རྡོ་རྗེ་ཀཾ་ཀ་ཁྱོད་ཀྱིས་ལོངས ། ༀ་བཛྲ་ཀཾ་ཀ་མུ་ཁ་ཧོ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། སྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེས། བདེན་པ་བརྗོད། ཀཾ་ཀ་གདོང་གིས་དབང་བསྐུར་བས། སྲིད་པ་གསུམ་པོ་དབང་དུ་བསྡུ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་འབྱུང་བའི། ཁྲག་འཐུང་ཀུན་གྱིས་ཁ་ཁའི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །རྣམ་རྟོག་རྡུལ་དུ་བརླག་པའི་ཕྱིར། །རྡོ་རྗེ་བྱ་རོག་ཁྱོད་ཀྱིས་ལོངས ། །ༀ་བཛྲ་ཁ་ཁ་མུ་ཁཱི་ཧེ། ཨ་བྷི་ཥིཉྩ་ཧཱུཾ་བསྐུར་གནས། སྟིམ་གནས། སྒྲིབ་པ་གང་དག ནུས་པ་གང་སྐྱེ། བདེན་པ་བརྗོད། བྱ་རོག་གདོང་གིས་དབང་བསྐུར་བས། རྣམ་པར་རྟོག་པ་བརླག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱིས་ཧུ་ལུའི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཡེ་ཤེས་སྒྲོན་མས་གསལ་བའི་ཕྱིར། །རྡོ་རྗེ་འུག་པ་ཁྱོད་ཀྱིས་ལོང་། །ༀ་བཛྲ་ཧུ་ལུ་མུ་ཁཱི་ཧེ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། སྟིམ་གནས། སྒྲིབ་བ་གང་དག །ནུས་པ་གང་སྐྱེ། བདེན་པ་བརྗོད་འུག་པའི་གདོང་ཀྱིས་དབང་བསྐུར་བས། ཡེ་ཤེས་ཀྱི་སྒྲོན་མེས་མ་རིག་པའི། མུན་པའི་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྒོ་མ་བཞིའི་དབང་། བསམ་རྒྱུད། སྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱིས་ལྕགས་ཀྱུའི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཐུགས་རྗེ་ཐམས་ཅད་དྲངས་བའི་ཕྱིར། །རྡོ་རྗེ་ལྕགས་ཀྱུ་ཁྱོད་ཀྱིས་ལོང་། །ༀ་བཛྲ་ཨརྻ་ཏེ་ཛ་ཏེ་ང་ཛ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། སྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ། བདེན་པ་བརྗོད། རྡོ་རྗེ་ལྕགས་ཀྱུ་མ་ཡིས་དབང་བསྐུར་བས། བྱམས་པའི་ཐུགས་རྗེ་བདེ་ཆེན་དབྱིངས་སུ་འདྲེན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིག་ནི། ཨེ་མ་ཧོ་ང་ནི་རང་འབྱུང་བའི། ཁྲག་འཐུང་ཀུན་གྱིས་མཆེ་ཞགས་དབང་། དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཐུགས་རྗེས་ཐམས་ཅད་འཆིང་བའི་ཕྱིར། །རྡོ་རྗེ་མཆེ་ཞགས་ཁྱོད་ཀྱིས་ལོངས ། ༀ་བཛྲ་ཨ་མོ་ཀ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་བརྗོད། ཕག་གདོང་ཞགས་པ་མ་ཡིས་དབང་བསྐུར་བས། སྙིང་རྗེ་ལས་ཀྱི་རྣམ་རྟོག་དང་མཚན་མས་འཆིང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ང་ནི་རང་འབྱུང་བའི། །ཁྲག་འཐུང་ཀུན་གྱི་ལྕགས་སྒྲོགས་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཐུགས་རྗེས་ཐམས་ཅད་སྡོམ་པའི་ཕྱིར། །རྡོ་རྗེ་ལྕགས་སྒྲོགས་ཁྱོད་ཀྱིས་ལོངས། ༀ་བཛྲ་ལོ་ཀ་བཾ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། བསྟིམ་གནས། སྒྲིབ་བ་གང་དག །ནུས་པ་གང་སྐྱེས། བདེན་པ་བརྗོད། སེང་གདོང་ལྕགས་སྒྲོགས་མ་ཡིས་དབང་བསྐུར་བས། དགའ་བའི་ཐུགས་རྗེ་ལོག་ལྟ་ཐམས་ཅད་ཆོས་ཉིད་དུ་སྡོམ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲག་འཐུང་ཀུན་གྱི་དྲིལ་བུའི་དབང་། །དེའི་རིང་ཁྱོད་ལ་སྦྱིན་པར་བྱ། །ཐུགས་རྗེས་རྡུལ་དུ་རླགས་པའི་ཕྱིར། །རྡོ་རྗེ་དྲིལ་བུ་ཁྱོད་ཀྱི་ལོངས ། །ༀ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། བསྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ། བདེན་པ་བརྗོད། །སྤྱང་གདོང་དྲིལ་བུ་མས་དབང་བསྐུར་བས། བཏང་སྙོམས་ཀྱིས་ཐུགས་རྗེ་ལོག་ལྟ་རྡུལ་དུ་བ རླག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དབང་ཕྱུག་ཉེར་བརྒྱད་ཀྱི་དབང་། བསམ་རྒྱུད། བསྒྲགས་ཚིགས་ནི། ཨེ་མ་ཧོ་ང་ནི་རང་བྱུང་བ། ། སླས་དང་བྱི་མོ་བྲན་མོའི་ཚོགས། །དབང་ཕྱུག་ཉི་ཤུ་བརྒྱད་ཀྱིས་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱའོ། །ལས་ཀྱི་སྲིན་མོའི་ཆུང་མ་སྟེ། །མི་ཡི་སྲིན་མོ་དབང་ཕྱུག་འབར། །ཕྱག་མཚན་ཐོད་ཁྲག་འབར་བའི་དབང་། །དབང་མཆོག་དེས་ནི་དབང་བསྐུར་རོ། །མ་ནུ་རཀྵ་སི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ལྷ་ཆེན་བཱིཥྞའི་ཆུང་མ་སྟེ། །ཚངས་པ་དམར་སེར་གདོང་བཞིར་འབྱིན། །ཕྱག་མཚན་པདྨ་འབར་བའི་དབང་། །དབང་མཆོག་དེས་ནི་དབང་བསྐུར་རོ། །བྲ་ཧ་མ་ཎི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། མ་ཧཱ་དེ་བའི་ཆུང་མ་སྟེ། །ལྷ་ཆེན་དཀར་ལྗང་དབང་ཕྱུག་མ། །རྒྱལ་མཚན་ཏྲི་ཤུལ་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །ར་ཏྲི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ལྷ་ཆེན་ཁྱབ་འཇུག་ཆུང་མ་སྟེ། །འཇུག་སྲེད་འདོད་པའི་དབང་ཕྱུག་འབར། །ཕྱག་མཚན་འཁོར་ལོ་འབར་བའི་དབང་། །དབང་མཆོག༴ བེཥྞ་བཻ་བྷྱོ། ཨ་བྷི་ཥིཉྩ་ཧཱུྃ། གཞོན་ནུ་སྨིན་དྲུག་ཆུང་མ་སྟེ། །གཞོན་ནུ་དམར་མོ་དབང་ཕྱུག་འབར། །ཕྱག་མཚན་མདུང་ཐུང་འཕེན་པའི་དབང་། །དབང་མཆོག༴ ཀུ་མཱ་རི་བྷྱོ། ཨ་བྷི་ཥིཉྩ་ཧཱུྃ། ལྷ་ཆེན་རྒྱལ་སྦྱིན་ཆུང་མ་སྟེ། །རྒྱལ་སྦྱིན་དཀར་མོ་དབང་ཕྱུག་འབར། །ཕྱག་མཚན་ཨིནྡྲ་གདེངས་པའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། ཨིནྡྲ་ཎཱི་བྷྱོ། ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་ཧོ་ང་ནི་རང་བྱུང་བའི། །སླས་དང་བྱིན་མོ་བྲན་མོའི་ཚོགས། །ཤར་གྱི་མ་དྲུག་དབང་ཕྱུག་རྣམས། །དགྲ་བགེགས་ཐམས་ཅད་ཞི་བའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཏྲི་ཤ་ཀ་ཡི་ཆུང་མ་སྟེ། །རྡོ་རྗེ་སེར་མོ་དབང་ཕྱུག་འབར། །ཕྱག་མཚན་ཙནྡྷ་འཐུང་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །བཛྲ་སིངྒ་ལཾ་བྷྱོ། ཨ་བྷི་ཥིཉྩ་ཧཱུྃ། གཟའ་ཆེན་ཉི་མའི་ཆུང་མ་སྟེ། །བདུད་རྩི་དམར་མོ་པདྨའི་དབང་། །ཕྱག་མཚན་པདྨ་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །ཨ་མྲི་ཏཾ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། གཟའ་ཆེན་ཟླ་བའི་ཆུང་མ་སྟེ། །ཟླ་བ་དཀར་མོ་དབང་ཕྱུག་འབར། །ཕྱག་མཚན་པུན་དྷ་རི་ཀའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །སོའུ་མེ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། གཤིན་རྗེའི་བེ་ཅོན་ཆུང་མ་སྟེ། །བེ་ཅོན་ལྗང་ནག་དབང་ཕྱུག་མ། །ཕྱག་མཚན་བེ་ཅོན་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །དཎྜ་དཾ་བྷྱོ། ཨ་བྷི་ཥིཉྩ་ཧཱུྃ། ཟ་བྱེད་སྲིན་པོའི་ཆུང་མ་སྟེ། །སྲིན་མོ་དམར་མོ་དབང་ཕྱུག་འབར། །ཕྱག་མཚན་ཐོད་ཁྲག་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་སྐུར་རོ། །རཀྵ་སི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། མ་ཧཱ་ཀཱ་ལིའི་ཆུང་མ་སྟེ། །ཟ་བ་ལྗང་ནག་དབང་ཕྱུག་འབར། །བ་སུ་ཞགས་པ་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །བཀྵ་སི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ཨེ་མ་ཧོ་ང་ནི་རང་བྱུང་བའི། སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷོ་ཡི་མ་དྲུག་དབང་ཕྱུག་རྣམས། །ཚེ་དབང་བསོད་ནམས་རྒྱས་པའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །བྷྲིཾ་གི་རི་ཏིའི་ཆུང་མ་སྟེ། །དགའ་བ་དམར་མོ་དབང་ཕྱུག་འབར། །ཕྱག་མཚན་ཀ་དར་འཕྱར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །ར་ཏི་བཛྲ་བྷྱོ། ཨ་བྷི་ཥིཉྩ་ཧཱུྃཾ། གནོད་སྦྱིན་སྟོབས་བཟང་ཆུང་མ་སྟེ། །སྟོབས་ཆེན་དཀར་མོ་དབང་ཕྱུག་འབར། །ཕྱག་མཚན་གཤོལ མདའ་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་སྐུར་རོ། །རུ་དྷི་ར་མརྟཱ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། དགའ་བྱེད་དབང་ཕྱུག་ཆུང་མ་སྟེ། །རྡོ་རྗེ་སེར་མོ་དབང་ཕྱུག་འབར། །ཕྱག་མཚན་སྤུ་གྲི་འབར་བའི་དབང་། དབང་མཆོག་དེས་ཀྱང་དབང་བསྐུར་རོ། །ཨེ་ཀ་ཙ་ར་ཎཱི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ཀརྨ་དེ་མི་ཆུང་མ་སྟེ། །འདོད་པ་དམར་མོ་དབང་ཕྱུག་འབར། །ཕྱག་མཚན་མདའ་གཞུ་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །མ་ནོ་ཧ་རཾ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ནོར་སྲུངས་འཛམ་ལྷའི་ཆུང་མ་སྟེ། །ནོར་བསྲུངས་དཀར་མོ་དབང་ཕྱུག་འབར། །ཕྱག་མཚན་གཏེར་གྱིས་བུམ་པ་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །སིདྡྷི་ཀཾ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། རླུང་ལྷ་ཆེན་པོའི་ཆུང་མ་དེ། །རླུང་ལྷ་སྔོན་མོ་དབང་ཕྱུག་འབར། །ཕྱག་མཚན་བ་དན་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །བཱ་ཡ་བཱི་བྷྱོ་ཨ་བྷི་ཥིཉྩ་ཧཱུཾ། ཨེ་མ་ཧོ་ང་ནི་རང་བྱུང་བའི། སླ྄ས་དང་བྲན་མོ་བྱི་མོའི་ཚོགས། །ནུབ་ཀྱི་མ་དྲུག་དབང་ཕྱུག་རྣམས། །ཐམས་ཅད་དབང་དུ་བསྡུ་བའི་ཕྱིར། །དེ་ཕྱིར་ཁྱོད་ལ་སྦྱིན་པར་བྱ། །སྲིན་པོ་གསོད་བྱེད་ཆུང་མ་སྟེ། །གནོད་བྱེད་ལྗང་ནག་དབང་ཕྱུག་འབར། །ཕྱག་མཚན་རལ་གྲི་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །མ་ཧཱ་མ་ར་ན་བཛྲ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། མེ་ལྷ་དྲང་སྲོང་ཆུང་མ་སྟེ། །མེ་མོ་དམར་མོ་དབང་ཕྱུག་འབར། །ཕྱག་མཚན་མེའི་གསལ་ཤིང་འཛིན། དབང་མཆོག་དེས་ཀྱང་དབང་བསྐུར་རོ། །ༀ་བཛྲ་ཨགྣེ་ཡེ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ས་བདག་ཕག་ཆེན་ཆུང་མ་སྟེ། །ཕག་མོ་ནག་མོ་དབང་ཕྱུག་འབར། །ཕྱག་མཚན་ཞགས་པ་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །བྷ་ར་ཧི་བྷྱོ། ཨ་བྷྱི་ཥིཉྩ་ཧཱུཾ། གཤིན་རྗེ་རྒན་བྱེད་ཆུང་མ་སྟེ། །རྒན་བྱེད་དམར་མོ་དབང་ཕྱུག་འབར། །ཕྱག་མཚན་ཞིང་ཆུང་ཟ་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །ཙ་མུཎྜི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། བཱི་ན་ཡ་ཀའི་ཆུང་མ་སྟེ། །སྣ་ཆེན་དཀར་མོ་དབང་ཕྱུག་འབར། །ཕྱག་མཚན་ཐོད་ཁྲག་འཐུང་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །སུ་ཏ་ནཾ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། བ་རུ་ཎའི་ཆུང་མ་སྟེ། ཆུ་ལྷ་སྔོན་མོ་དབང་ཕྱུག་འབར། །ཕྱག་མཚན་སྦྲུལ་ཞགས་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །བ་རུ་ནི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ཨེ་མའོ་ང་ནི་རང་བྱུང་བའི། སླས་དང་བྱི་མོ་བྲན་མོའི་ཚོགས། །བྱང་གི་མ་དྲུག་དབང་ཕྱུག་རྣམས། །དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར། །དེ་རིང་ཁྱོད་ལ་བྱིན་པར་བྱ། །ནག་མོ་ཆེན་པོའི་ཆུང་མ་སྟེ། །མ་ཧཱ་ཀ་ལ་དབང་ཕྱུག་འབར། །ཕྱག་མཚན་ལྕགས་ཀྱུ་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །བཛྲ་མ་ཧཱ་ཀ་ལ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ཤན་པ་ར་མགོའི་ཆུང་མ་དེ། །ཙ་ཀཱ་སེར་མོ་དབང་ཕྱུག་འབར། །ཕྱག་མཚན་ཞགས་པ་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །བཛྲ་ཙ་ཀཱ་ལ་བྷྱོ། །ཨ་བྷི་ཥིཉྩ་ཧཱུཾ། བུམ་སྣ་ཆེན་པོའི་ཆུང་མ་དེ། །བུམ་བྷ་ཀརྞ་དབང་ཕྱུག་འབར། །ཕྱག་མཚན་ལྕགས་སྒྲོགས་འབར་བའི་དབང་། །དབང་མཆོག་དེས་ཀྱང་དབང་བསྐུར་རོ། །བཛྲ་ཀུམྦྷ་ཀརྞ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ནག་པོ་གསུས་འཛིན་ཆུང་མ་སྟེ། །ལམ་བྷོ་ཏ་ར་དབང་ཕྱུག་འབར། །ཕྱག་མཚན་དྲིལ་བུ་འབར་བའི་དབང་། །དབང་མཆོག༴ ལམ་པོ་དྷ་ར་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ཨེ་མ་ཧོ་ང་ནི་རང་འབྱུང་བའི། །སླས་དང་བྱི་མོ་བྲན་མོའི་ཚོགས། སྒོ་མ་བཞི་ཡི་དབང་མཆོག་རྣམས། ལས་བཞི་ཐམས་ཅད་བསྒྲུབ་པའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །བསྐུར་གནས། བསྟིམ་གནས སྒྲིབ་པ་གང་དག ནུས་པ་དང་སྐྱེ བདེན་པ་བརྗོད། དབང་ཕྱུག་མ་ཉེར་བརྒྱད་ཀྱི་དབང་བ སྐུར་བས། །ཁམས་དང་སྐྱེ་མཆེད་ཀྱི་རྟོགས་པ་དག་ནས། །འཕྲིན་ལས་རྣམ་བཞི་བསམ་པ་ཙམ་གྱིས་ལྷུན་གྱིས་གྲུབ་པའི་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་མ་ཐོབ་པའི་སྐྱོན་དང་། །བརྒྱད་པ་ཐོབ་པའི་ཡོན་ཏན་ནི་གོ་སླའོ། །ད་ནི་ཁྲོ་བོའི་དཀྱིལ་འཁོར་བསྡུས་པའི་ཕྱག་རྒྱའི་དབང་ལ་བཅོ་བརྒྱད། ཁྲོ་བོའི་དཀྱིལ་འཁོར་འབྲིང་པོའི་ཕྱག་རྒྱའི་དབང་ལ་ལྷ་དྲུག་བཅུ་རྩ་བརྒྱད་ཡོད་དོ། །གོང་གི་ལྔ་བཅུ་རྩ་བརྒྱད་པོ་བླངས་ལ་འདིར་བསྐུར། དེ་ནས་ཁྲོ་བོ་བཅུའི་དབང་བསྐུར་བ་ལ། བསམ་རྒྱུད། བསྒྲགས་ཚིགས། ཨེ་མ་ང་ནི་རང་འབྱུང་བའི། ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །སྟེང་གི་ཕྱོགས་ནས་བགེགས་བྱུང་བ། །ཉི་ཟླའི་གདོན་ཚོགས་ཐམས་ཅད་ཀུན། །ཧཱུཾ་ཆེན་ཀ་ར་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་རིགས་ཀྱི་བུ་འདི་ལ་ཁྲོ་བོ་ཧཱུཾ་ཀ་རའི་དབང་བསྐུར་བས། ཉི་ཟླ་ཚངས་པའི་གདོན་འདུལ་ཞིང་། །འདོད་པ་ལོག་པའི་སྐྱོན་སྤངས་སྟེ། །སྐྱེ་བ་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །ཤར་གྱིས་ཕྱོགས་ནས་བགེགས་བྱུང་བ། །དྲི་ཟའི་གདོན་ཚོགས་ཐམས་ཅད་ཀུན། །རྣམ་པར་རྒྱལ་བ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་བརྗོད། ཁྲོ་བོ་རྣམ་པར་རྒྱལ་བས་དབང་བསྐུར་བས། དྲི་ཟའི་གདོན་ཚོགས་འདུལ་ཞིང་། །མ་བྱིན་པ་ལེན་པའི་སྐྱོན་སྤངས་ཏེ། ཡོ་བྱད་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །ཤར་ལྷོ་ཕྱོགས་ནས་བགེགས་བྱུང་བ། །དྲང་སྲོང་གདོན་ཚོགས་ཐམས་ཅད་ཀུན། །དབྱུག་པ་སྔོན་པོ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་ནི་ལ་ཏན་ཏྲ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་བརྗོད། ཁྲོ་བོ་དབྱུག་པ་སྔོན་པོས་དབང་བསྐུར་བས། དྲང་སྲོང་གི་གདོན་ཚོགས་འདུལ་ཞིང་། །ལོག་པར་ལྟ་བའི་སྐྱོན་སྤངས་སྟེ། ཡེ་ཤེས་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཨེ་མ་ཧོ་ང་ནི་རང་བྱུང་བའི། །ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །ལྷོའི་ཕྱོགས་ནས་བགེགས་བྱུང་བ། །གྲུལ་བུམ་གདོན་ཚོགས་མ་ལུས་ཀུན། །གཤིན་རྗེ་གཤེད་པོ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་དབང་བསྐུར་བས། །གྲུལ་བུམ་གྱི་གདོན་འདུལ་ཞིང་། སྲོག་གཅོད་པའི་སྐྱོན་སྤངས་ཏེ་ཚེ་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །ལྷོ་ནུབ་ཕྱོགས་ནས་བགེགས་བྱུང་བ། །སྲིན་པའི་གདོན་ཚོགས་ཐམས་ཅད་ཀུན། །མི་གཡོ་མགོན་པོ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་དྷ་ཨརྻ་ཨ་ཙ་ལ་ཧཱུཾ། བྷནྷ་བྷནྡ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་བརྗོད། མི་གཡོ་མགོན་པོས་དབང་བསྐུར་བས། །སྲིན་པོའི་གདོན་འདུལ་ཞིང་། རྫུན་གྱིས་སྐྱོན་སྤངས་སྟེ་མོས་པ་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །ནུབ་ཀྱི་ཕྱོགས་ནས་བགེགས་བྱུང་བ། །ཀླུའི་གདོན་ཚོགས་ཐམས་ཅད་ཀུན། །རྟ་མགྲིན་རྒྱལ་པོ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་བརྗོད། ཁྲོ་བོ་རྟ་མགྲིན་གྱིས་དབང་བསྐུར་བས། ཀླུ་དབང་གི་གདོན་འདུལ་ཞིང་། ཕྲ་མའི་སྐྱོན་སྤངས་ཏེ་ཆོས་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཨེ་མ་ཧོ་ང་ནི་རང་བྱུང་བའི། །ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །ནུབ་བྱང་ཕྱོགས་ནས་བགེགས་བྱུང་བ། །རླུང་ལྷའི་གདོན་ཚོགས་ཐམས་ཅད་ཀུན། །གཞན་གྱིས་མི་ཐུབ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ༴ ཁྲོ་བོ་གཞན་གྱིས་མི་ཐུབ་པས་དབང་བསྐུར་བས། རླུང་ལྷའི་གདོན་འདུལ་ཞིང་། ངག་འཁྱལ་བའི་སྐྱོན་སྤངས་སྟེ་སེམས་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །བྱང་གི་ཕྱོགས་ནས་བགེགས་བྱུང་བ། །གནོད་སྦྱིན་གདོན་ཚོགས་ཐམས་ཅད་ཀུན། །བདུད་རྩི་འཁྱིལ་བ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་ཨ་མྲི་ཏ་ཀནྡ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ༴ ཁྲོ་བོ་བདུད་རྩི་འཁྱིལ་བས་དབང་བསྐུར་བས། གནོད་སྦྱིན་གྱི་གདོན་འདུལ་ཞིང་། །ངག་རྩུབ་ཀྱི་སྐྱོན་སྤངས་ཏེ། ལས་ལ་དབང་བའི་དམ་པ་ཐོབ་པར་གྱུར་ཅིག །ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །བྱང་ཤར་མཚམས་ནས་བགེགས་བྱུང་བ། །ཀླུའི་གདོན་ཚོགས་ཐམས་ཅད་ཀུན། །ཁམས་གསུམ་རྣམ་རྒྱལ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ༴ ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་དབང་བསྐུར་བས། དབང་ལྡན་གྱིས་གདོན་འདུལ་ཞིང་། །གནོད་སེམས་ཀྱི་སྐྱོན་སྤངས་ཏེ། །རྫུ་འཕྲུལ་གྱི་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཨེ་མ་ཧོ་ང་ནི་རང་བྱུང་བའི། ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །འོག་གི་ཕྱོགས་ནས་གདོན་བྱུང་བ། ས་བདག་གདོན་ཚོགས་ཐམས་ཅད་ཀུན། །སྟོབས་ཆེན་རྒྱལ་པོ་ཉིད་ཀྱིས་བཟློག །ༀ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོོ་ཊ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་བརྗོད། ཁྲོ་བོ་སྟོབས་པོ་ཆེའི་དབང་བསྐུར་བས། ས་བདག་གདོན་འདུལ་ཞིང་། བརྣབ་སེམས་ཀྱིས་སྐྱོན་སྤངས་ཏེ། སྨོན་ལམ་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐྱོན་དང་ཡོན་ཏན་ནི་གོ་སླའོ། །དྲུག་བཅུ་རྩ་བརྒྱད་པོ་དེ་ནི། ཁྲོ་བོ་འབྲིང་པོའི་ཕྱག་རྒྱའི་དབང་ངོ་། །ཁྲོ་བོའི་དཀྱིལ་འཁོར་རྒྱས་པའི་ཕྱག་རྒྱའི་དབང་ལ། དཀྱིལ་འཁོར་ལྟེ་བའི་བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ་བཛྲ་ཧེ་རུ་ཀའི་རིགས་ཆུང་གི་སེམས་དཔའ་ཡུབ་ཡུམ་བརྒྱད་དེ་བཅུ། ཤར་རྩིབས་ཀྱི་དབུས་སུ་བུདྡྷ་ཧེ་རུ་ཀ་འཁོར་ཡབ་ཡུམ་བཅུ། ལྷོ་རྩིབས་ཀྱི་དབུས་སུ་རཏྣ་ཧེ་རུ་ཀ་འཁོར་བཅས་ཡབ་ཡུམ་བཅུ། ནུབ་རྩིབས་ཀྱི་དབུས་སུ་པདྨ་ཧེ་རུ་ཀ་འཁོར་བཅས་ཡབ་ཡུམ་བཅུ། བྱང་རྩིབས་ཀྱི་དབུས་སུ་ཀརྨ་ཧེ་རུ་ཀ་འཁོར་བཅས་ཡབ་ཡུམ་བཅུ། གྲུ་ཆད་བཞི་མ་མོ་བརྒྱད་དང་། །ལྷ་རྣམས་ནང་མའི་ཕྲ་མེན་མ་བརྒྱད་དང་། གློ་འབུར་བཞིའི་སྒོ་མ་བཞི་དང་། ལྷ་རྣམས་ཕྱི་མའི་དབང་མོ་ཉེར་བརྒྱད་དང་། དུར་ཁྲོད་ཀྱི་ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ། བརྒྱ་བཅོ་བརྒྱད་ཀྱི་ལྷ་དབང་། དོན་བརྒྱད་ཀྱིས་གཏན་ལ་ཕབ་ལ། ལེགས་པར་བསྐུར་རོ། །ཚོམ་བུ་གཅིག་པའི་ལྷ་དབང་ལ། །འཁོར་ལོ་རྩིབས་བཞི་ལྟེ་བ་དང་ལྔའི་བཛྲ་ཧེ་རུ་ཀ་འཁོར་བཅས་ཡབ་ཡུམ་བཅུ། ལྷ་མོ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ། །བདུན་བཅུ་དོན་བརྒྱད་ཀྱི་ལྷ་དབང་དང་། དོན་བརྒྱད་ཀྱིས་གཏན་ལ་ཕབ་ནས་ལེགས་པར་བསྐུར་རོ། །ཚོམ་བུ་གསུམ་པའི་ལྷ་དབང་ལ་འཁོར་ལོའི་ལྟེ་བའི་དབུས་ཀྱི་བཛྲ་ཧེ་རུ་ཀ་འཁོར་བཅས་ཡབ་ཡུམ་བཅུ། ཤར་རྩིབས་ཀྱི་དབུས་སུ་བུདྷ་ཧེ་རུ་ཀ་འཁོར་བཅས་ཡབ་ཡུམ་བཅུ། ནུབ་རྩིབས་དབུས་ཀྱི་པདྨ་ཧེ་རུ་ཀ་འཁོར་བཅས་ཡབ་ཡུམ་བཅུ་སྟེ་སུམ་བཅུ། །གནས་ཡུལ་སྒོ་མ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ་དགུ་བཅུ་གོ་བརྒྱད། ལྷ་དབང་དོན་བརྒྱད་ཀྱི་གཏན་ལ་ཕབ་ནས། །ལེགས་པར་བསྐུར་རོ། །ཚོམ་བུ་ལྔ་བའི་ལྷ་དབང་ལ། །ཕོ་བྲང་དབུས་ཀྱི་རིགས་ལྔའི་ཁྲོ་བོ་འཁོར་བཅས་ཡབ་ཡུམ་བཅུ་སྟེ་ལྔ་བཅུ། ལྷ་མོ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ་བརྒྱ་དང་བཅོ་བརྒྱད་ཀྱི་དབང་། དོན་བརྒྱད་ཀྱིས་བཏན་ལ་ཕབ་ནས་བསྐུར་རོ། །དཀྱིལ་འཁོར་རྒྱས་པ་ལ་སོགས་པའི་དཀྱིལ་འཁོར་བཞི་པོའི་བསྒྲགས་ཚིགས་དང་། ཙ་ཀ་ལི་རྣམས་གཞུང་གཞན་ནས་བླངས་སྟེ་འདིར་ལེགས་པར་བསྐུར་རོ། །སྐབས་སུ་ཁོ་བོས་མ་གཟིགས་སོ། །གཉིས་པ་ཕྱག་མཚན་གྱི་དབང་ནི། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། །ཅེས་གསུངས་པ་ལྟར། དོན་བརྒྱད་ཀྱིས་གཏན་ལ་ཕབ་ནས་བསྐུར། །བྲེ་བྲག་དུ་ལས་རིམ་ལ། །བསམ་རྒྱུད། བསྒྲགས་ཚིག་ནི། རྡོ་རྗེ་དུང་ཆེན་གང་བ་དང་། འཁོར་ཡུག་རལ་གྲི་དགྲ་སྟ་གཤོལ། །ཐུགས་མཚན་རང་རྟགས་འབར་བ་ཡིས། །ཕྱག་རྒྱ་དྲུག་གི་དབང་བསྐུར་རོ། །ༀ་བཛྲ་ལོ་ཀ །ཀ་པཱ་ལ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས། བསྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ། བདེན་པ༴ ཕྱག་མཚན་དྲུག་གི་དབང་བསྐུར་བས། ཁམས་གསུམ་གྱི་གདུག་པ་ཅན་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་བརྒྱན་ཆས་རྟགས་ཀྱི་དབང་བསྐུར་ལ་བཅུ་གཉིས་ལས། དང་པོ་ཐོད་བའི་དབུ་བརྒྱན་གྱི་དབང་ལ། དོན་བརྒྱད་ཀྱིས་གཏན་ལ་ཕབ་ཏེ་གོང་ལྟར་ལས། བྱེ་བྲག་ལས་རིམ་གྱིས། བསམ་རྒྱུད། བསྒྲགས་ཚིགས་དབུ་བརྒྱན་ཐོད་པའི་འཕྲེང་བས་བརྒྱན། །དབུ་སྐྲ་ཁམས་ནག་རལ་པ་ཅན། །སྲིད་རྩེར་འདས་པའི་འཇིག་རྟེན་ཁམས། །སྟོང་གསུམ་མི་འཇིགས་དབང་དུ་བསྡུ། །དུས་གསུམ་སངས་རྒྱས་དབུ་བརྒྱན་འདིས། །རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ། །ཀ་པཱ་ལ་ཀ་མཱ་ལ་མུ་ཀུ་ཊ། ཨ་བྷི་ཥིཉྩ་ཧཱུཾ། ༀ་ཨཱཿ་ཧཱུཾ་ཏྲཱཾ་ཧྲཱིི་ཨཱ། ཐོད་པའི་དབུ་བརྒྱན་གྱིས་དབང་བསྐུར་བས། །ཁམས་གསུམ་དབང་དུ་བསྡུད་ཅིང་། །སྲིད་གསུམ་ཟིལ་གྱིས་མནན་ཏེ། །འཁོར་བ་ཕྱག་མས་འདེབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་ཁྲོ་བོའི་གསང་བུམ་གྱིས་དབང་ནི། བདུད་རྩི་བུམ་པ་རབ་གནས་ལྡན། །སྒྲིབ་ཚོགས་དག་པར་དབང་བསྐུར་བས། །ཆུ་རྒྱུན་ཕབ་པས་རིགས་ལྔར་གསལ། །སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག །ༀ་བཛྲ་ཤྲི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུཾ། བུདྡྷ་ཤྲི་ཧེ་རུ་ཀ །བུད་དྷ་ཀྲོ་ཏི་ཤྭ་རི་ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུཾ། རཏྣ་ཤྲི་རི་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཤྭ་རི་ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུཾ། ༀ་པདྨ་ཤྲི་ཧེ་རུ་ཀ །པདྨ་ཀྲོ་ཏི་ཤྭ་རི་ཀ་ལཀྵ་ཨ་བྷི་ཥིཉྩ་ཧཱུཾ། ༀ་ཀརྨ་ཤྲི་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཤྭ་རི་ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། ཁྲོ་བོ་གསང་བའི་བུམ་པས་དབང་བསྐུར་བས། །ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཁྲག་འཐུང་རིགས་ལྔའི་ཚོགས་སུ་གསལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་སྙིང་པོ་ལྔའི་དབང་ནི། སློབ་མའི་སྤྱི་མགྲིན་སྙིང་ལྟེ་གསང་ལྔར་གདན་ལྔའི་སྟེང་དུ་ཧཱུཾ་ལྔ་བཀོད་ཏེ། འཕྲོ་འདུས་འོད་དུ་ཞུ་བ་ལས། ཁྲག་འཐུང་རིགས་ལྔ་གསལ་བར་བསྐྱེད་ལ། ཧཱུཾ་ཁྲག་འཐུང་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་འཕྲིན་ལས་ངོ་བོ་ལས། །སྔགས་དང་ཕྱག་རྒྱ་ལྡན་པ་ནི། །དཔལ་ཆེན་རིགས་ལྔའི་ངོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨ་མ་ཀོ྅་ཧ། ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་ལ་སོགས་པ་བརྗོད། སྙིང་པོ་ལྔའི་དབང་བསྐུར་བས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་དང་དབྱེར་མེད་དུ་གྱུར་ཏེ། འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་ཤུན་གྱི་ཅོད་པཎ་གྱི་དབང་ནི། ཤུན་གྱིས་ཅོད་པཎ་ར བ་གནས་ལྡན། །ཤེས་བྱ་ཐོགས་མེད་མཁྱེན་པ་དང་། །རྟག་ཆད་ཟིལ་གྱིས་གནོན་པའི་དབང་། །བུ་མཆོག་འདི་ལ་སྦྱིན་པར་བྱ། ༀ་ཨརྱ་ལཾ་པོ་དྷ་ར་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། ཤུན་གྱི་ཅོད་པཎ་ཀྱི་དབང་བསྐུར་བས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་དུ་མཁྱེན་ཅིང་རྟག་ཆད་ཟིལ་གྱི་མནན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་པ་གོ་ཆའི་དབང་ནི། ཧཱུཾ་མི་ཤིག་རྡོ་རྗེ་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱིས་ཡ་ལད་ཏེ། ཁྱབ་བའི་ཚུལ་དུ་དྲ་བ་ཡིས། །ཅིས་ཀྱང་མི་ཚུགས་གོ་ཆའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ༀ་བཛྲ་ཡ ཀྵ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གོ་ཁྲབ་གྱི་དབང་བསྐུར་བས། །བདུད་དང་མུ་སྟེགས་ལ་སོགས་པ་ཕས་ཀྱི་རྒོལ་བས་མི་ཚུགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དྲུག་པ་རུས་པའི་འཕྲེང་བའི་དབང་ནི། གཟུངས་དང་ཏིང་འཛིན་སྟོབས་དང་མི་འཇིགས་པ། །ཆེ་བའི་ཡོན་ཏན་འཕེལ་བར་གྱུར་པ་འདིས། སྔགས་འཆང་གང་ལ་དབང་ནི་བསྐུར་བ་ཡི། །རིག་འཛིན་གནས་སུ་འདུ་འབྲལ་མེད་པར་ཤོག །ༀ་བཛྲ་ཀ་པཱ་ལ་མ་ལ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། རུས་པའི་ཕྲེང་བའི་དབང་བསྐུར་བས། །གཟུངས་དང་ཏིང་ངེ་འཛིན་དང་མི་འཇིགས་པ་ལ་སོགས་པ་ཆེ་བའི་ཡོན་ཏན་ཐོབ་ནས། རིག་འཛིན་གྱི་གནས་སུ་འདུ་འབྲལ་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་བརྒྱན་ཆ་བཞིའི་དབང་ནི། །ཐེག་མཆོག་གླང་ཆེན་ཀོ་རློན་དང་། སྡུད་བྱེད་ཞིང་གི་གཡང་གཞི་དང་། །གཉེན་བཅུག་འཁྲིལ་བའི་སྦྲུལ་ཆུན་དང་། །དཔའ་བརྟུལ་སྟག་གི་ཤམ་ཐབས་དང་། །རྒྱན་ཆ་བཞི་ཡིས་དབང་བསྐུར་རོ། །ག་ཛ་ཙརྨ་ན་ར་ཙརྨ་བྱཱ་གྷྲི་ཙརྨ་ནཱ་ག་སརྦ་ཙརྨ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། གླང་ཆེན་ཀོ་རློན་གྱི་དབང་བསྐུར་བས། ཐེག་པ་རིམ་པ་དགུ་ག་ལ་མངའ་མཉེས་པའི་དབང་དང་། ཞིང་ཆེན་གཡང་གཞིའི་དབང་བསྐུར་བས། ཚད་མེད་པ་བཞིས་འགྲོ་དོན་བྱེད་པའི་དབང་དང་། སྟག་ཤམ་གྱི་དབང་བསྐུར་བས། འཁོར་བའི་གཡུལ་ལས་རྒྱལ་བའི་དབང་དང་། སྦྲུལ་ཆུན་གྱི་དབང་བསྐུར་བས། །འགྲོ་བ་ཐམས་ཅད་འཁོར་བ་ནས་འདྲེན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་ཐོད་རློན་འཕྲེང་བའི་དབང་ནི། དོན་དམ་སྤྲོས་མེད་སྒྱུ་མའི་ཁོང་སེང་ཅན། །དབང་པོ་རྣམ་ལྔ་ཡེ་ཤེས་ལྔ་དང་ལྡན། ཤ་ཁྲག་རློན་པ་ཐུགས་རྗེ་ཆེན་པོའི་ངང་། །ལྕང་ལོ་མང་པོ་འགྲོ་དོན་མཛད་པའི་རྟགས། །ང་རྒྱལ་མ་སྤངས་ཐོད་པའི་འཕྲེང་བ་འདི། །དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས། །ཀ་པཱ་ལ་མ་ལ་ཨ་བྷི་ཥིཉྩ་ཧཱུཾ། ཐོད་རློན་འཕྲེང་བས་དབང་བསྐུར་བས། སྤྲོས་མེད་ཡེ་ཤེས་ལྔའི་ཐུགས་རྗེས་འགྲོ་དོན་མཛད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དགུ་པ་བྱུག་པའི་རྟགས་གསུམ་གྱི་དབང་ནི། ཐུགས་རྗེས་ཆགས་པའི་རཀྟ་དང་། དོན་དམ་བཅུད་ཀྱི་ཞག་གི་ཟོ་རིས་དང་། གདུག་པ་ཐལ་བར་རླག་པའི་ཐེག་ལེ་དང་། ལྷག་པའི་རྟགས་ཆེན་གསུམ་གྱིས་དབང་བསྐུར་རོ། །སརྦ་ཏ་ཐ་ག་ཏ་རཀྟ་མེ་ད་བྷསྨི་ཧོ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། ཞག་གི་ཟོ་རིས་ཀྱི་དབང་བསྐུར་བས། སངས་རྒྱས་ཀུན་དང་ཐུགས་དམ་གཅིག་པའི་དབང་དང་། རཀྟའི་ཐིག་ལེས་དབང་བསྐུར་བས། མ་མོ་མཁའ་འགྲོ་དབང་དུ་བསྡུད་པའི་དབང་དང་། ཐལ་ཆེན་གྱིས་ཚོམ་བུས་དབང་བསྐུར་བས། གིང་ཆེན་བྲན་བཞིན་དུ་བསྡུད་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་པ་རྡོ་རྗེ་གཤོག་པའི་དབང་ནི། རྡོ་རྗེ་ཁྱུང་གཤོག་གཡས་གཡོན་གདེངས་པ་ཡིས། །སྲིད་གསུམ་གདུག་པ་ཟིལ་གྱིས་གནོན་པ་ལྟར། །ཐུགས་རྗེའི་བྱིན་རླབས་ཡེ་ཤེས་ཅིར་ཡང་འཆར། །སྤྲུལ་སྐུས་འགྲོ་དོན་མཛད་པའི་དབང་བསྐུར་རོ། །བཛྲ་རཏྣ་བི་དང་ས་ཕ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། རྡོ་རྗེའི་གཤོག་པས་དབང་བསྐུར་བས། །གདུག་པ་ཐམས་ཅད་ཟིལ་གྱིས་མནན་ཏེ། སྲིད་པ་གསུམ་ན་འགྲན་ཟླ་མེད་པའི་སྐུ་ཐོབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་གཅིག་པ་མེ་དཔུང་གི་དབང་ནི། རང་རྟགས་འབར་བ་ཡེ་ཤེས་མེ། །ཁམས་གསུམ་ཉོན་མོངས་སྲེག་བྱེད་པའི། བསྐལ་པ་མེའི་ཆས་མཆོག་སྟེ། །དབང་མཆོག་འདིས་ཀྱང་དབང་བསྐུར་རོ། །ཛྙ་ན་ཛྭ་ལ་རཾ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། སྲེག་བྱེད་མེ་དཔུང་གིས་དབང་བསྐུར་བས། དཔལ་ཆེན་པོའི་ཐུགས་ལས་ཡེ་ཤེས་རྣམས་པ་ལྔས་ཁམས་གསུམ་གྱི་ཉོན་མོངས་པ་དུག་ལྔ་སྲེག་པར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་གཉིས་པ་དྲེགས་པ་གདན་གྱི་དབང་ནི། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་དང་ཉི་ཟླའི་གདན། །ཞབས་བཞི་བདུད་བཞི་འདུལ་བའི་རྟགས། །དྲེགས་པ་གདན་གྱིས་དབང་བསྐུར་རོ། །རཀྴ་སུརྻ་ཙནྚ་མན་ཊ་ལ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། དྲེགས་པ་གདན་གྱིས་དབང་བསྐུར་བས། ཁམས་གསུམ་གྱིས་དྲེགས་པ་ཅན་ཐམས་ཅད་འདུལ་ཞིང་ཚར་གཅད་དེ། ཆགས་སྡང་དང་རྣམ་རྟོག་ཐམས་ཅད་ཟིལ་གྱིས་ནོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་བསྒྲུབ་པ་རྫས་ཀྱི་དབང་ལ་བཅོ་ལྔ་ལས། དང་པོ་དམ་རྫས་བདུད་རྩི་ལྔའི་དབང་ལ། དོན་བརྒྱད་ཀྱིས་གཏན་ལ་ཕབས་ཏེ་གོང་ལྟར་ལ་བྱེ་བྲག་ལས་རིམ་གྱིས་བསམ་རྒྱུད། བསྒྲགས་ཚིགས། གཙང་རྨེ་མེད་པའི་ཟས་མཆོག་དྲི་ཆེན་འདིས། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་གྱུར་ནས། །དེ་བཞིན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །སྐྱེ་མེད་བྱང་ཆུབ་སེམས་ཀྱི་རྫས་མཆོག་འདི། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །སྟོང་པ་ཉིད་ཀྱི་ཡེ་ཤེས་མངོན་གྱུར་ནས། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཁམས་གསུམ་བསྒྲལ་བའི་ཤ་ཆེན་རྫས་མཆོག་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །མཉམ་པ་ཉིད་གྱི་ཡེ་ཤེས་མངོན་གྱུར་ནས། །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཐུགས་རྗེ་ཆགས་པ་རཀྟའི་རྫས་མཆོག་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །སོ་སོར་རྟོག་པའི་ཡེ་ཤེས་མངོན་གྱུར་ནས། །པདྨ་རིགས་ཀྱིས་དངོས་གྲུབ་ཐོབ་པར་ཤོག །ལས་རྣམས་སྒྲུབ་པའི་རྫས་མཆོག་དྲི་ཆུ་འདིས། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །བྱ་བ་གྲུབ་པའི་ཡེ་ཤེས་མངོན་གྱུར་ནས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །མ་ཧཱ་བ་སུ་ཏ། བོ་དྷི་ཙི་ཏ། མཾ་ས། རཀྟ་ཀུ་ཀུ་ཏ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། དམ་རྫས་བདུད་རྩི་ལྔའི་དབང་བསྐུར་བས། རིགས་ལྔའི་དངོས་གྲུབ་ཐོབ་ནས་ཡེ་ཤེས་ལྔ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་ཤ་ལྔའི་དབང་ནི། ཤ་ཆེན་མཆོག་གི་དམ་ཚིག་གིས། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོ་ཤ་ཡིས་དམ་ཚིག་གིས། །མངོན་ཤེས་ལྔ་པོ་ཐོབ་པར་འགྱུར། །བ་གླང་ཤ་ཡིས་དམ་ཚིག་གིས། །རྡོ་རྗེ་འགུག་བའི་མཆོག་ཏུ་འགྱུར། རྟ་ཤ་དག་གིས་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དམ་ཚིག་མཆོག་གིས་ནི། །མངོན་ཤེས་ལྔ་དང་ལྡན་པར་འགྱུར། །མ་ཧཱ་མཱཾ་ས། མཱཾ་ས་ག་ཛ། མཱཾ་ས་ག། མཱཾ་ས་རུ་ར་ག མཱཾ་ས་ཀུ་ཀུ་ར་ཨབྷི་ཥིཉྩ་ཧཱུཾ། བདེན་པ། ཤ་ལྔས་དབང་བསྐུར་བས། རིག་འཛིན་གྱི་གཙོ་བོ་འགྲུབ་སྟེ་མངོན་པར་ཤེས་པ་ལྔ་དང་དགུག་པ་དགུ་དང་། ལུས་གཞན་ལ་མི་སྣང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་བྷན་དྷར་རཀྟའི་དབང་ནི། བྷཏྷ་སྣོད་ཡངས་བཅུད་ཀྱི་ཁྲག་མཚོ་གསོལ། །རྔམ་པའི་ཞལ་ཏུ་དུག་གསུམ་ཟ་བར་མཛད། །སྔགས་འཆང་གང་ལ་དབང་འདི་བསྐུར་བ་ཡིས། །རིག་འཛིན་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ༀ་ཀ་པཱ་ལ་མ་ཧཱ་རཀྟ་ཨ་བྷི་ཥིཉྩ་ཧཱུཾ། བྷནྡྷ་རཀྟས་དབང་བསྐུར་བས། དུག་གསུམ་ཞལ་དུ་གསོལ་བའི་རིག་འཛིན་རྒྱལ་བའི་གོ་འཕང་མཉེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་ཞིང་གི་རྒྱལ་མཚན་གྱི་དབང་ནི། ཚུལ་ཁྲིམས་གོས་ཀླུབས་ཞིང་གི་རྒྱལ་མཚན་འདི། །ཡེ་ཤེས་ལྔ་དང་ལྡན་པ་བརྗིད་པའི་རྟགས། །ཚར་གསུམ་སྒེགས་པ་སྦྲུལ་གྱི་ལྕང་ལོས་བརྒྱན། །ཡན་ལག་ལྕུག་ཕྲན་ཤེས་བྱའི་ཅོད་པཎ་བརྒྱན། །སོར་འཕྲེང་རིན་ཆེན་སྦྱིན་པའི་རྣ་ཆར་ལྡན། །དབྱིག་མདོག་རྡོ་རྗེ་གཤམ་གྱིས་བརྗིད་བག་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པར་བྱ། །བཛྲ་ཏི་ར་ཀ་རུ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་ཞིང་གི་རྒྱན་གྱིས་དབང་བསྐུར་བས། །བདུད་བཞི་དང་མཐའ་གཉིས་ལས་རྒྱལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་པ་ཞིང་གི་གདུགས་ཀྱི་དབང་ནི། གཉིས་མེད་ཡེ་ཤེས་རྟོག་བྲལ་བས། །རྨོངས་སོགས་སེམས་ཕྱིར་རང་བཞིན་སྟོང་། །ལོག་འབྱུང་རྒྱུ་འབྲས་གདུང་པ་ལས། །ཐུགས་རྗེ་སྐྱོབས་པའི་དབང་བསྐུར་རོ། །ༀ་བཛྲ་ཙིཏྟ་ཏི་ར་བཾ། ཨ་བྷི་ཥིཉྩ་ཧཱུཾ། ཞིང་ལྤགས་གདུགས་ཀྱི་དབང་བསྐུར་བས། ལོག་པའི་རྒྱུ་འབྲས་ཐམས་ཅད་གཉིས་མེད་རྟོག་འབྲལ་གྱིས་ཡེ་ཤེས་ཀྱི་ཐུགས་རྗེས་སྐྱོབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དྲུག་པ་ཁ་ཊཾ་དྲིལ་བུའི་དབང་ནི། རྡོ་རྗེ་ཁ་ཊཾ་དྲིལ་བུའི་སྒྲ་བསིལ་བས། ཐམས་ཅད་ཕབ་ན་སླར་ཡང་ནི། །ཁམས་གསུམ་དག་ཀྱང་འཚོ་བར་བྱེད། །སྐལ་ལྡན་ཁམས་གསུམ་སྨིན་པར་བྱེད། །ༀ་བཛྲ་ཁ་ཊཾ་ཁ་ཤབྟ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། ཁ་ཊཾ་དང་དྲིལ་བུས་དབང་བསྐུར་བས། དྲིལ་བུས་དེ་བཞིན་གཤེགས་པ་ཐམས་ཅད་སྙན་གསན་འབེབས་ཤིང་། ཁ་ཊཾ་གིས་ཁམས་གསུམ་གྱིས་གདུགས་པ་ཅན་ཐམས་ཅད་བསྒྲལ་ཏེ། སངས་རྒྱས་ཀྱི་ས་ལ་སྦྱོར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་ཕུར་པའི་དབང་ནི། བསྒྲུབ་པའི་རྫས་མཆོག་རྡོ་རྗེ་ཀི་ལ་ཡ། །དཔལ་ལྡན་རྡོ་རྗེ་འཆང་གི་བྱིན་རླབས་ཀྱིས། །སྔགས་འཆང་གང་ལ་དབང་འདི་བསྐུར་བ་ཡིས། །ཕྱི་ནང་བར་ཆོད་བགེགས་རྣམས་ཚར་གཅོད་ཤོག །ༀ་བཛྲ་ཀཱི་ལི་ཀི་ལ་ཡ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕུར་པས་དབང་བསྐུར་བས། ཕྱི་ནང་གི་བར་དུ་གཅོད་པའི་དགྲ་བགེགས་ཚར་གཅོད་པའ་ིདབང་དམ་པ་ཐོབ་བར་གྱུར་ཅིག །བརྒྱད་པ་རྡོ་རྗེ་དང་དྲིལ་བུའི་དབང་ནི། ཐབས་དང་ཤེས་རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །མྱ་ངན་འདས་དང་འཁོར་བ་ཡིས། །ཆོས་ལ་འདོད་བཞིན་དབང་བསྒྱུར་ཅིག །ༀ་པྲ་ཛྙཱ་ས་མ་ཡོ་གི་ནི་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། རྡོ་རྗེ་དྲིལ་བུས་དབང་བསྐུར་བས། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་ལོངས་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དགུ་པ་རྔའི་དབང་ནི། གསང་བའི་རྔ་ཆུང་ཆེན་པོ་འདི། །ཁམས་གསུམ་ཆོས་སྒྲ་ཆེན་པོར་བསྒྲགས། །ང་རྒྱལ་དྲག་ཤུལ་བདུད་འཇོམས་པའི། །ཕྱག་མཚན་འདིས་ཀྱང་དབང་བསྐུར་རོ། །ༀ་བཛྲ་ཌཱ་མ་རུ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། རྔེའུ་ཆུང་གིས་དབང་བསྐུར་བས། ཆོས་ཉིད་སྐྱེ་བ་མེད་པའི་སྒྲ་བསྒྲགས་ཏེ། །བདུད་དང་སྲིན་པོ་ཟིལ་གྱིས་མནན་ནས་མ་མོ་མཁའ་འགྲོ་དབང་དུ་བསྡུད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་པ་ཡུངས་དཀར་གྱི་དབང་ནི། མཐར་བྱེད་ཚར་ཤ་པ་ནི་མཚོན་ཆར་ལྡན། །ཡུངས་དཀར་རྒྱལ་པོའི་བྱིན་རླབས་ཤ་རི་རཾ། །བར་ཆོད་བགེགས་ཀྱི་ཚོགས་འཇོམས་རྫས་མཆོག་འདི། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །ༀ་བཛྲ་ཚར་ཤ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། ཡུངས་དཀར་གྱིས་དབང་བསྐུར་བས་འགྲོ་བའི་དོན་དུ་སྤྲུལ་བ་འགྱེད་ཅིང་གདུག་པ་ཅན་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་གཅིག་པ་ཤེས་རབ་གཟུང་མའི་དབང་ནི། དོན་དམ་རང་བཞིན་སྤྲོས་དང་བྲལ། །དྲི་མེད་རྣམ་དག་བྱང་ཆུབ་སེམས། ཞིང་བྱེད་གཟུངས་མ་རྒྱལ་མོའི་དབང་། སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །པྲ་ཛྙ་དྷ་རི་ར་ཛ་ཨ་བྷི་ཥིཉྩ་ཧཱུཾ། ཤེས་རབ་གཟུངས་མའི་དབང་བསྐུར་བས། ཁམས་གསུམ་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་ལ་དབང་བསྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་གཉིས་པ་ཕྲེང་བའི་དབང་ནི། གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས། །བྱང་ཆུབ་ཆོས་རྣམས་རྟོགས་པའི་བརྒྱན། །མི་འཇིགས་ཆོས་དང་དཔེ་བྱད་མཚན། །འབྲས་བུའི་ཆོས་ལ་དབང་བསྐུར་རོ། །ༀ་བཛྲ་མཱ་ལ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། ཕྲེང་བས་དབང་བསྐུར་བས། དཔལ་ཆེན་པོ་དང་མ་མོ་མཁའ་འགྲོ་རྣམས་ཉེ་བར་བསྙེན་ནས་དངོས་གྲུབ་ལེན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་གསུམ་པ་རྡོ་རྗེ་ཚེ་ཡི་དབང་ནི། སྐྱེ་ཤི་མེད་པ་རྡོ་རྗེ་ཚེའི་དབང་། །རང་རིག་བྱང་སེམས་གདོད་ནས་སྐྱེ་ཤི་མེད། །གཞན་གྱིས་མི་འཕྲོག་བདུད་ལས་ཡེ་ནས་རྒྱལ། །འཆི་མེད་རྡོ་རྗེ་ཚེའི་དབང་བསྐུར་རོ། །ༀ་བཛྲ་ཨ་ཡུ་ཥེ་ཨ་ཡུ་ཛྙ་ན་ཨ་བྷི་ཥིཉྩ་ཧཱུཾ། འཆི་མེད་ཚེའི་དབང་བསྐུར་བས། །བར་ཆད་ཀྱིས་བདུད་ལས་རྒྱལ་ཏེ། །དཔལ་ཆེན་པོའི་ཐུགས་རྗེས། སྐྱེ་ཤི་མེད་པའི་དོན་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་བཞི་པ་བཟའ་བཏུང་གི་དབང་ནི། བཟའ་དང་བཅའ་དང་བཏུང་དང་མགོ། །རང་རིག་གསང་བའི་ལོངས་སྤྱོད་བརྒྱན། །གཉིས་མེད་རོལ་པའི་དབང་བསྐུར་བས། །ལོངས་སྤྱོད་ཆེན་པོའི་དབང་ཐོབ་ཤོག །ཨ་ལི་ཨུ་ལི། ཏ་ལི་ཏ་པ་ལི། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ། བཟའ་བཏུང་གིས་དབང་བསྐུར་བས། འདོད་ཡོན་ཐམས་ཅད་ཆོས་ཉིད་ལ་ཆོས་ཉིད་རོལ་ཏེ། འཛིན་མེད་དུ་ལོངས་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅོ་ལྔ་པ་མིང་གི་དབང་ནི། །ཡང་དག་བླ་མེད་དཀྱིལ་འཁོར་དུ། །མཚན་ཡང་རྡོ་རྗེ་མིང་བཏགས་པས། །སྔགས་འཆང་མིང་དབང་བསྐུར་བ་ཡིས། །རིག་འཛིན་རྒྱལ་ཞིང་གྲགས་གྱུར་ཅིག །གུ་ཧྱ་རཏྣ་ན་མ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་མིང་གིས་དབང་བསྐུར་བས། །རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་རིག་འཛིན་དང་སངས་རྒྱས་ཞིང་ཁམས་ཐམས་ཅད་དུ་མཚན་ངེས་པ་ཅན་གྲགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཞེས་དུང་འབུད། རོལ་མོ་དཀྲོལ་ལ་ངེས་ཤེས་དང་སྤྲོ་བ་བསྐྱེད་དོ། །དེ་ཡང་ལྷ་དབང་ཕྱག་མཚན་བརྒྱན་ཆ་བསྒྲུབ་རྫས་དང་བཅས་པའི་དབང་ཡིན་ནོ། །གཉིས་པ་ནང་ནུས་པའི་དབང་ལ། ཉན་བསྒོམ། འཆད་ལས་རབ་འབྱམས་ལྔ་གསུངས་པ་ལྔ་སྟེ། ཉན་དབང་། སྒོམ་དབང་དང་། འཆད་དབང་། འཕྲིན་ལས་ཀྱི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །དང་པོ་ལ། རྒྱུ་དང་སྐྱོན་དང་། ངོ་བོ་དང་། འབྲས་བུ་དང། གོ་རིམ་དང་ལྔ་྄ལེགས་པར་བཤད་ལ། དྲུག་པ་ལས་རིམ་ལ་ལྔའི་དང་པོ་བསམ་རྒྱུད་ནི། སློབ་བུའི་རྣ་བ་ལ་བྱང་ཆུབ་སེམས་ཀྱིས་ཐིག་ལེ་བྱས་ལ། དེར་བྷྲུཾ་ལས་འཁོར་ལོར་རྩིབས་བཞི་གྲུ་ཆད་སྒོ་བཞི་དང་བཅས་པའི་གཞལ་ཡས་ཁང་དུ་ཏྲཾ་ཟུང་ལྔ་ཕཊ་བཞི་ལས། རཏྣ་ཧེ་རུ་ཀ་ཡབ་ཡུམ་ལ། རིན་ཆེན་རིགས་ཆུང་གིས་ཁྲོ་བོ་ཡབ་ཡུམ་བརྒྱད། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་སེར་ནག་རིན་ཆེན་ཐོད་ཁྲག་བསྣམས་པ་དང་། སྒོ་མ་བཞི་སྟེ་ལྷ་གཙོ་འཁོར་བཅུ་བཞི་བསྐྱེད་ལ་དབང་བསྐུར་བྱིན་རླབས་བྱ། དབབ། དྲངས་བསྟིམ། བརྟེན་ཅུང་ཟད་མཆོད་ལ། རོལ་པས་འོད་དུ་ཞུ་ནས་དབུ་ལ་ཐིམ་པས་སྒྲིབ་པ་སྦྱངས་སྟེ། སློབ་བུ་རཏྣ་ཧེ་རུ་ཀར་བསྐྱེད། དབང་རྫས་མདོ་རྒྱུད་ཀྱི་པོ་ཏི་ལག་ཏུ་གཏད་ལ། གཉིས་པ་བསྒྲགས་ཚིག་ནི། ཏྲཾ་གསང་བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལ་ཉན་པར་བྱ། །གསང་བའི་དོན་ཉིད་བསྒྲགས་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །དྷརྨ་ཨ་བྷི་ཥིཉྩ་ཧཱུཾ། གསུམ་པ་བསྐུར་གནས་མགོའམ་ལག་ཏུ་པོ་ཏི་གཏད། བཞི་པ་སྟིམ་གནས་རྣ་བའི་མདོ་རྩ་སྒྲ་ཉན་བྱེད་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམ། ལྔ་པ་སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། བདེན་པ་བརྗོད། ཉན་པའི་དབང་བསྐུར་བས། སྤྱིར་དེ་བཞིན་གཤེགས་པའི་བཀའ་རྒྱུད་གསུང་རབས་ཀྱི་ཆོས་མ་ལུས་པ་དང་། ཁྱད་པར་དུ་བསྐྱེད་རྫོགས་གསུམ་གྱི་ཆོས་མ་ལུས་པ་དང་། ཁྱད་པར་དུ་ཐོགས་མ་མེད་པར་ཉན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་སྒོམ་པའི་དབང་ལ། རྒྱུ་དང་རྐྱེན་དང་ངོ་བོ་དང་འབྲས་བུ་དང་གོ་རིམ་དང་། ལྔ་ལེགས་པར་བཤད་ལ། དྲུག་པ་ལས་རིམ་ལ་ལྔའི་དང་པོ་བསམ་རྒྱུད་ནི། སློབ་བུའི་སྙིང་ཁར་བདུད་རྩིའི་ཐིག་ལེ་བྱས་ལ། དེར་བྷྲུཾ་ལས་འཁོར་ལོ་རྩིབས་བཞི་གྲུ་ཆད་སྒོ་དང་བཅས་པའི་གཞལ་ཡས་སུ། སློབ་བུ་རང་གི་རིགས་ཀྱི་ལྷ་གང་ཡིན་པའི་གཙོ་བོ་ཡབ་ཡུམ་ལ། རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་དང་། སྒོ་མ་བཞི་སྟེ་གཙོ་འཁོར་བཅུ་བཞི་བསྐྱེད་ལ། དབང་བསྐུར་བྱིན་རླབས་དང་། དྲངས་པ་ལ་སོགས་པ་སྔར་བཞིན་བྱས་པས། འོད་དུ་ཞུ་ནས་བུ་ལ་ཐིམ་པས། སྒྲིབ་པ་སྦྱངས་ཏེ། སློབ་བུ་རིགས་ཀྱི་ལྷ་གང་ཡིན་དུ་བསྐྱེད་ལ། དབང་རྫས་ཕྲེང་བ་གཏད་དེ། གཉིས་པ་བསྒྲགས་ཚིག་ནི། ཧཱུཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལས། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཞེས་ལན་གསུམ་བརྗོད་ལ། ཡི་དམ་ལྷའི་སྒོམ་ཐབས་དང་། རུ་ལུའི་དྲངས་ཐབས་ལ་སོགས་པ་ཅི་རིགས་བསྟན། གསུམ་པ་བསྐུར་གནས་ལག་ཏུ་ཕྲེང་བ་གཏད། བཞི་བསྟིམ་གནས་སྙིང་གི་འོད་རྩ་ན་དྲན་པ་རེག་ཤེས་ཀྱི་ཐིག་ལེ་ལ་སྟིམ། ལྔ་པ་སྒྲིབ་པ་གང་དག །ནུས་གང་སྐྱེ་ནི། བདེན་པ་བརྗོད། སྒོམ་པའི་དབང་བསྐུར་བས། བསྐྱེད་རྫོགས་གསུམ་གྱིས་དོན་ལ་མ་ལུས་པ་སྒོམ་པར་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་འཕྲིན་ལས་ཀྱི་དབང་ལ། རྒྱུ་རྐྱེན། ངོ་བོ་འབྲས་བུ། གོ་རིམ་དང་། ལྔ་ལེགས་པར་བཤད་ལ། དྲུག་པ་ལས་རིམ་ལ། ལྔའི་དང་པོ་བསམ་རྒྱུད་ནི། བུའི་ལག་པ་གཉིས་ལ་བདུད་རྩིའི་ཐེག་ལེ་བྱ། དེར་བྷྲཱུཾ་ལས་འཁོར་ལོ་རྩིབས་བཞི་གྲུ་ཆད་སྒོ་དང་བཅས་པའི་གཞལ་ཡས་སུ། ཧ་ཟུང་ལྔ་དང་ཕཊ་བཞི་ལས། ཀརྨ་ཧེ་རུ་ཀ་ཡབ་ཡུམ་ལ་ལས་ཀྱི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད། སྒོ་མ་བཞི་སྟེ་ལྷ་གཙོ་འཁོར་བཅུ་བཞི་བསྐྱེད་ལ། དབང་བསྐུར་བྱིན་བརླབ་དྲང་བ་ལ་སོགས་པ་སྔར་བཞིན་བྱས་པས། འོད་དུ་ཞུ་ནས་བུ་ལ་ཐིམ། སྒྲིབ་པ་སྦྱངས་ཏེ། བུ་ཀརྨ་ཧེ་རུ་ཀར་བསྐྱེད་ལ། དབང་རྫས་རྡོ་རྗེ་རྒྱ་གྲམ་གཏད་ལ། གཉིས་པ་བསྒྲགས་ཚིག་ནི། ༀ་ཁྱེད་ནི་རྡོ་རྗེ་ལས་ཡིན་ཏེ། །ལས་རྣམས་མ་ལུས་ཀུན་བྱོས་ཤིག །ཕོ་ཉ་མང་པོ་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། གསུམ་པ་བསྐུར་གནས་རྒྱ་གྲམ་ལག་ཏུ་གཏད། བཞི་པ་བསྟིམ་གནས། ལག་པ་གཉིས་ཀྱི་འདོམ་རྩ་ན་སྐྱོད་བྱེད་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམ། ལྔ་པ་བསྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། བདེན་པ་བརྗོད། འཕྲིན་ལས་ཀྱི་དབང་བསྐུར་བས། །འཕྲིན་ལས་རྣམ་བཞི་ལ་ཐོགས་པ་མེད་པར་སྦྱོད་ཅིང་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག བཞི་པ་འཆད་པའི་དབང་ལ། རྒྱུ་རྐྱེན་ངོ་བོ། འབྲས་བུ། གོ་རིམ་དང་ལྔ་ལེགས་པར་བཤད་ལ། དྲུག་པ་ལས་རིམ་ལ་ལྔའི་དང་པོ་བསམ་རྒྱུད་ནི། བུའི་ལྕེ་ལ་བདུད་རྩི་ཐེག་ལེ་བྱས་ལ། །དེར་བྷྲུཾ་ལས་འཁོར་ལོ་རྩིབས་བཞི་གྲུ་ཆད་སྒོ་དང་བཅས་པའི་གཞལ་ཡས་སུ། ཧྲཱིཿ ཟུང་ལྔ་དང་ཕཊ་བཞི་ལས་པདྨ་ཧེ་རུ་ཀ་ཡབ་ཡུམ་ལ། པདྨ་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད། སྒོ་མ་བཞི་སྟེ་ལྷ་གཙོ་འཁོར་བཅུ་བཞི་བསྐྱེད་ལ་དབང་བསྐུར་བྱིན་བརླབ་དང་། དྲངས་བ་ལ་སོགས་པ་བྱས་པས་འོད་དུ་ཞུ་ནས། བུ་ལ་ཐིམ་པས་སྒྲིབ་པ་སྦྱངས་ཏེ། སློབ་བུ་པདྨ་ཧེ་རུ་ཀ་རེ་བསྐྱེད་ལ། དམ་རྫས་འཁོར་ལོ་ལག་པ་གཡས་སུ་གཏད། གཡོན་དུ་ཆོས་ཀྱི་དུང་། པང་དུ་མདོ་རྒྱུད་ཀྱི་པོ་ཏི་གཏད་ལ། གཉིས་པ་བསྒྲགས་ཚིག་ནི། ༀ་ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམ་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲགས་གཞན་དུ་མིན། །དྷ རྨ་ཙ ཀྲ་ཨ་བྷི་ཥིཉྩ་ཧཱུཾ། གསུམ་པ་བསྐུར་གནས། འཁོར་ལོ་དུང་། པོ་ཏི་ལག་ཏུ་གཏད། བཞི་པ་སྟིམ་གནས། ལྕེའི་འདོམ་རྩ་སྨྲ་བྱེད་རེག་ཤེས་ཀྱི་ཐེག་ལེ་ལ་སྟིམ། ལྔ་པ་བསྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། བདེན་པ་བརྗོད། འཆད་པའི་དབང་བསྐུར་བས། སྤྱིར་དེ་བཞིན་གཤེགས་པའི་གསུང་རབས་ཀྱི་བསྟན་པ་མཐའ་དག་དང་། ཁྱད་པར་དུ་གསང་བའི་བསྟན་པ་མཐའ་དག་ཐོགས་པ་མེད་པར་བཤད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ལ། རྒྱུ་རྐྱེན་ངོ་བོ་འབྲས་བུ་གོ་རིམ་དང་ལྔ་ལེགས་པར་བཤད་ལ། དྲུག་པ་ལས་རིམ་ལྔའི་དང་པོ་བསམ་རྒྱུད་ནི། སློབ་བུའི་ལུས་ཀྱི་ཡན་ལག་ཆ་རྣམ་པ་ལྔ་ལ་བདུད་རྩིའི་ཐེག་ལེ་བྱས་ལ། གཞལ་ཡས་ཁང་ཆ་ལྔར་བསྐྱེད་པའི་ནང་དུ། ལག་པ་གཡས་པ་ལ་ཧཱུཾ་ཟུང་ལྔ་ལས་བཛྲ་ཧེ་རུ་ཀ །མགོ་ལ་ༀ་ཟུང་ལྔ་ལས་བྷུདྷ་ལག་པ་གཡོན་ལ་སྭཱ་ཟུང་ལྔ་ལས་རཏྣ། རྐང་པ་གཡོན་ལ་ཨཾ་ཟུང་ལྔ་ལས་པདྨ། རྐང་པ་གཡས་ཧ་ཟུང་ལྔ་ལས། ཀརྨ་ཧེ་རུ་ཀ་ཡབ་ཡུམ་ཏེ། རང་རང་གི་རིགས་ཆུང་དང་བཅས་པའི་དཀྱིལ་འཁོར་ཆ་ལྔ་སྟེ། ལྷ་ལྔ་བཅུ་བསྐྱེད། དེའི་ཐ་མར་ཕྱོགས་མཚམས་ཀྱི་ཁྲོ་བོ་ཁྲོ་མོ་ཉི་ཤུ་སྟེ། བདུན་ཅུ་བསྐྱེད་ལ། དབང་བསྐུར་ལ་སོགས་རིམ་པར་བྱས་པས། ལྷ་འོད་དུ་ཞུ་ནས་བུ་ལ་ཐིམ་པས། །སྒྲིབ་པ་ཐམས་ཅད་སྦྱངས་ཏེ། སློབ་བུ་ཆེ་མཆོག་ཧེ་རུ་ཀར་བསྐྱེད་ལ། དབང་རྫས་རྡོ་རྗེ་དྲིལ་བུ་སྦྱིན་ཏེ། གཉིས་པ་བསྒྲགས་ཚིགས་ནི། ༀ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡིས། །སྐུ་གསུང་ཐུགས་གྱི་རྡོ་རྗེ་ཆེ། དཀྱིལ་འཁོར་ཀུན་གྱིས་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པར་སྦྱོད། །བཛྲ་གྷཎྡྷེ་ཨ་བྷི་ཥིཉྩ་ཧཱུཾ། གསུམ་པ་བསྐུར་གནས་ལག་པར་རྡོ་རྗེ་དྲིལ་བུ་གཏད་ལ། བཞི་པ་བསྟིམ་གནས་ཡན་ལག་ལྔའི་ཐིག་ལེ་ལ་སྟིམས། ལྔ་པ་སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། བདེན་པ་བརྗོད། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བས། རྡོ་རྗེ་རྒྱལ་པོའི་ས་འཛིན་ཅིང་། །དཀྱིལ་འཁོར་ཐམས་ཅད་ཀྱིས་བྱེད་པ་པོའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་རོལ་མོའི་སྒྲ་སྦྱོར། གསུམ་པ་ཟབ་མོའི་དབང་ནི། དེ་ཉིད་ལས། གསང་བ་རྣམས་གསུམ་མོ། །ཞེས་པས་བདེ་བའི་ཡེ་ཤེས་སུ་མྱོང་བར་བྱེད་པ་གསང་བའི་དབང་དང་། ཉམས་སུ་མྱོང་བར་བྱེད་པ་དེ་གསལ་བར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དང་། གསལ་བ་འདི་བསྟན་པར་བྱེད་པ་བདེ་བ་ཆེན་པོའི་དབང་བསྐུར་བྱེད་པ་དང་གསུམ་སྟེ། དེ་ཡང་སྔ་མ་ནི་གསང་བ་དངོས་ཡིན་ལ། གཉིས་པ་ནི་གསང་ཆེན་ཞེས་བྱའོ། །དེ་དག་ལ་འདི་ཉིད་ནས་དབང་གསུམ་སྦྱིན་པ་དགོས་ཆེད་དང་། ངོ་བོ་ངེས་ཚིག་གྲངས་ངེས་དང་། །ཐབས་ཀྱི་ཡོན་ཏན་སྐྱོན་རྣམས་སྡོམ། །ཞེས་བདུན་བདུན་དུ་བཤད་དེ། དེ་ལ་དང་པོ་དབང་གསུམ་པ་ཞེས་བྱ་བ། གསང་དབང་ལ་དོན་བདུན་ལས། དང་པོ་དགོས་ཆེད་ནི། ཐབས་ལམ་གྱི་འབྲེལ་ཚུལ་གྱིས་དབང་བཞི་པ་ལ་སོགས་པ་སྔོན་དུ་བྱེད་པ་དང་། རྫོགས་རིམ་ཐོབ་པར་བྱ་བ་དང་། ལས་སྒྲིབ་དང་སྡོམ་ཉམས་སྦྱོངས་བའི་ཕྱིར། གཉིས་པ་ངོ་བོ་ནི། རང་བཞིན་གྱིས་འོད་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་སྡོམ། སློབ་དཔོན་ཡབ་ཡུམ་ལ་ལྡན་པ་ཐོབ་བྱ་དོན་གྱི་ཡེ་ཤེས་དེ་མཚོན་པར་བྱེད་པ་ཉི་ཟླ་གཉིས་འདྲེས་ཀྱི་ཐིག་ལེ་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་བའོ། །གསུམ་པ་ངེས་ཚིག་ནི། འདོང་ཆགས་སྤྱོད་པའི་ཡེ་ཤེས་ཀྱི་ངོ་བོར་རང་སྣང་ཞེན་པས་སྒྲིབ་ནས་ཡེ་ཤེས་སུ་མ་མྱོང་བས་གསང་ཞེས་བྱ་ལ། དེ་ཉིད་བླ་མ་ཡབ་ཡུམ་གྱི་ཐབས་བསྡམས་པས་བྱིན་གྱིས་བརླབས་པའི་ཆུ་རྒྱུད་ལས། ཡེ་ཤེས་ཀྱི་ཆ་མྱོང་བའི་ཕྱིར་གསང་དབང་ཐོབ་པ་ཞེས་ཐ་སྙད་དུ་བརྗོད་དོ། །བཞི་པ་གྲངས་ངེས་པ་ནི། བླ་མ་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་གསུམ་གྱི་ཕྱིར། ཐབས་ཤེས་རབ་གཉིས་སུ་མེད་པའི་གསང་དབང་དང་། གསུམ་དུ་གྲངས་ངེས་སོ། །ལྔ་པ་དབང་ཐབས་ནི། ཕྱག་རྒྱ་མཚན་ཉིད་ལྡན་པ་དགུ ག་ཅིང་། ཁྲུས་བྱ་བརྒྱན་བརྟགས། བཟའ་བཏུང་ལོངས་སྤྱོད་མཎྜལ་དང་བཅས་པ་བླ་མ་ལ་འབུལ། དེ་ནས་བླ་མས་ཡུམ་ལ་ཅི་ལྟར་འོས་པའི་དབང་བསྐུར། དེ་ནས་ཡབ་ཡུམ་གཉིས་བདག་བསྐྱེད་བསྒོམས་ཏེ། ཡབ་ཧེ་རུ་ཀར་བསྒོམས་པའི་གནས་ལྔར་ཁྲག་འཐུང་རིགས་ལྔ་ཡན་ལག་བཞི་ལ་སྒོ་བ་བཞི་བསྐྱེད། ཡུམ་ཁྲོ་མོར་བསྒོམ་པའི་གནས་ལྔར། །ཁྲོ་མོ་ལྔ་འགོད། ཡན་ལག་བཞི་ལ་སྒོ་མ་བཞི་བསྐྱེད། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། མཆོད་བསྟོད། དེ་ནས་ཡབ་ཀྱི་གསང་བའི་རྡོ་རྗེ་ཧཱུཾ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ། རྭ་ལྔ་ལ་ཡབ་ཀྱི་འབྲུ་ལྔ། དབུས་ཀྱི་རྩ་གསུམ་ལ་ༀ་ཨཱ་ཧཱུཾ་གསུམ་སུམ་མདོར་ཕཊ། ཡུམ་གྱི་མཁའ་ལ་པདྨ་འདབ་མ་བརྒྱད། །ཟེ་འབྲུ་ལ་ཨེ་མཐིང་ཁ་འོད་དང་ལྡན་པ་བསྐྱེད་ལ། དམིགས་པའི་འཕྲོ་འདུ་དང་ལྡན་པས། ཁྲོ་བོའི་བསྙེན་པ་ཅི་རིགས་པར་བྱེད་དོ། །མདུན་བསྐྱེད་ནི་དཀྱིལ་འཁོར་སོར་བཞིའི་ཚད་དུ་བྱ་གསུང་པས། ཀ་པཱ་ལའི་སྟེང་གི་མེ་ལོང་ལ་པདྨ་འདབ་བཞི་གྲུ་ཆད་སྒོ་མདོག་ཅན་བྲི་ཞིང་། ཡུམ་ལྔ་སྒོ་མ་དང་བཅས་པ་བསྐྱེད། དཀྱིལ་འཁོར་འཛུབ་གང་ཚད་དུ་བྱ་གསུངས་པས། མེ་ལོང་གི་རྡོ་རྗེ་ལ་རིགས་ལྔ་ཁྲག་འཐུང་སྒོ་མ་བཞི་དང་བཅས་པ་བསྐྱེད། སྤྱན་འདྲེན་མཆོད་བསྟོད་བསྙེན་པ་དང་བཅས་པ་བྱེད་དོ། །དེ་ནས་མདུན་བསྐྱེད་ཀྱི་ལྷ་ཚོགས་ལ། གསང་དབང་གི་བདག་འཇུག་བླ་མ་ཡབ་ཡུམ་གཉིས་ཀས་ལེན་ནོ། །དེ་ནས་བུས་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། རྡོ་རྗེ་སློབ་དཔོན་ཡབ་ཡུམ་དགོངས། །འདོད་པ་འབྱུང་བ་རིན་ཆེན་གཏེར། །དགྱེས་པ་ཆེན་པོ་ཐབས་ལམ་ཀྱིས། །ཆུ་བོ་བཞི་ལས་བདག་བསྒྲོལ་མཛོད། །ལན་གསུམ་བརྗོད། སློབ་དཔོན་གྱིས། བུ་ཁྱོད་བསྒྲོལ་དང་ཐབས་ལམ་འདི། །གཙང་རྨེ་འཆིང་བ་སྦྱང་པའི་ཕྱིར། །དྲི་ཤ་ཆུ་ཡི་བཟའ་བཏུང་དང་། །བྷ་གའི་ཡེ་ཤེས་དཀྱིལ་འཁོར་ལ། །འོད་དང་འཇིབ་དང་བསྒྲེང་བ་དང་། །སེམས་ཆུ་བཏུང་བར་ཁྱོད་ནུས་སམ། ། བརྗོད། བུས། ཨེ་མ་ཧོ། ཐབས་ལམ་ཡེ་ཤེས་ཕྱིར། བདག་ནི་ཅི་ཡང་མི་ནུས་མེད། །དེ་དག་བདག་གིས་སྦྱད་པར་བགྱི། །ཅི་ལྟར་སད་ཕྱིར་བདག་ལ་སྩོལ། །ལན་གསུམ། དེ་ནས་བླ་མས་ཡུམ་ལ་བདེ་བའི་ཐབས་བསྟན་ཆོས་བཤད ། །འོ་དང་མཆོད་པ་ལ་སོགས་པས་བདེ་བ་རྒྱས་པར་བྱེད། དེ་ནས་ཕྱག་རྒྱ་བཞིས་རོལ། ཡུམ་གྱི་མཁའ་ལ་རྒྱལ་བའི་དཀྱིལ་འཁོར་བསྐྱེད་ལ། ཐིག་ལེ་དབབ་ལ། མཆོད་པ་འབུལ། དེ་ནས་ཡབ་ཡུམ་གྱིས་བྱང་སེམས་དཀར་དམར་དུ་འདྲེས་པ་དེ། །སློབ་བུ་ལ་དབང་བསྐུར་ཏེ། བྱ་དང་བྱེའུ་ཚུལ་དུའམ། བ་དང་བེའུ་ཚུལ་དུ་བསྐུར་བའམ། བུང་བ་དང་མེ་ཏོག་གི་ཚུལ་དུ་བསྐུར་བའམ། ཡང་ན་མེ་ལོང་ཡུ་བ་ཅན་གྱིས་བླངས་ལ། བུ་རམ་ལ་སོགས་པའི་མངར་དང་བསྲེས་ལ། ལྕེ་ཐོག་ཏུ་བཞག་པས་དོན་དམ་རྟོག་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ། ཙིཏྟ་སྙིང་གི་ནང་དུ་རིག་དྲུག་གི་ས་བོན་ཡི་གེ་དྲུག་སྦྱངས། ལུས་ཀྱི་རྩ་གནས་ཐིག་ལེ་དང་བདེ་བས་གང་བར་བསྒོམ་ལ། བསྒྲག་ཚིགས་ནི། ༀ། དྲི་མེད་སྐྱོན་བྲལ་ཤེལ་སྒོང་མུ་ཏིག་འདྲ། །པདྨ་རཱ་ག་ཆགས་པ་ཆེན་པོའི་གནས། །ཆོས་ཉིད་དག་པའི་འགྲོ་དོན་མཐར་ཕྱིན་ཞིང་། །བྱང་ཆུབ་སེམས་ཀྱིས་དབང་མཆོག་ཐོབ་བྱའི་ཕྱིར། །བྷོ་དྷི་ཙིཏྟ་ཡབ་ཀྱི་བྱང་ཆུབ་སེམས། །དོན་དམ་དབྱེར་མེད་བྱང་ཆུབ་ཆེན་པོའི་ངང་། །སིནྡྷུ་དམར་པོ་ཡུམ་གྱི་བྱང་ཆུབ་སེམས། །ཐར་པའི་ལམ་མཆོག་བདེ་བའི་ལམ་འདྲེན་ཞིང་། །འཁོར་བའི་ལམ་ལས་ཀུན་རྒྱལ་དབང་ཐོབ་ཤོག །གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག །བྷོ་དྷི་ཙིཏྟ་ཀཱ་མ་ལ་སིདྡྷི་ཧཱུྃ། མ་ཧཱ་སུ་ཁ་ཧོ། བསྐུར་གནས་ནི། ལྕེ་ཐོག་ཏུ་བདུད་རྩི་བཞག །བསྟིམ་གནས་ནི། མཚུངས་ལྡན་གྱི་རྒྱུ་ལ་བསྟིམ་མོ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། སྔོན་ཕན་ཆད་གསང་དབང་མ་ཐོབ་པའི་སྒྲིབ་པ་དག་ནས། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་ནུས་པ་སྐྱེ་བར་བསམ་ལ། ཧོ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། ཐབས་ཤེས་གཉིས་སུ་མེད་པར་དབང་འབྱོར་ནས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་ཅིང་། འདུ་འབྲལ་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་རྐྱེན་དང་། བརྒྱད་པ་ཡོན་ཏན་ནི་འོག་མ་རྣམས་དང་མཚུངས་སོ། ༈ །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་བརྒྱད་ཀྱི་དང་པོ་རྒྱུ་ལ་གཉིས་ཀྱི་མཚུངས་ལྡན་གྱི་རྒྱུ་ནི། དོན་དམ་སྐྱེ་བ་མེད། འགག་པ་མེད། གནས་པ་མེད། དམིགས་པ་མེད། འགྲོ་འོང་མེད་པའི་བྱང་ཆུབ་ཀྱི་སེམས་རང་ཆས་སུ་གནས་པའོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི་ཡུམ་ལོ་བཅུ་དྲུག་མ་ཁྲུས་བྱས། རྒྱན་བཏག་དབང་བསྐུར་བའོ། །གཉིས་པ་རྐྱེན་ལ་བཞི་ལས། དང་པོ་རྒྱུའི་རྐྱེན་ནི་དབང་བསྐུར་དུ་རུང་བའི་སྐྱེས་བུ་སྟེ་མི་མཐུན་ཕྱོགས་ཀྱི་རྒྱུ་དང་བྲལ་ཞིང་མཐུན་ཕྱོགས་ཀྱི་རྒྱུ་དང་ལྡན་པའོ། །གཉིས་པ་དམིགས་པའི་རྐྱེན་ནི། དབང་རྫས་རབ་གནས་དང་ལྡན་པའོ། །གསུམ་པ་བདག་པོའི་རྐྱེན་ནི། དབང་བསྐུར་ནུས་པའི་བླ་མ་ཡོན་ཏན་བཅུ་བཞི་དང་ལྡན་པའོ། །བཞི་པ་དེ་མ་ཐག་པའི་རྐྱེན་ནི་གསང་དབང་ཐོབ་པར་གོང་ཕྱེས་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་མ་རག་པའོ། །གསུམ་པ་ངོ་བོ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་སྐྱེས་པ་སྟེ་རྣོ་ལ་ངར་བཏགས་པ་ལྟ་བུའོ། །ཐུན་མིན་གྱི་འོད་རང་གི་འོད་གསལ་ལས། འདིར་ཕྱི་མ་ཁོ་ནའོ། །ལྔ་པ་དབང་བསྐུར་ཐབས་ནི། གཟུངས་མ་ལོ་བཅུ་དྲུག་མཚན་ལྡན་མ་བཀུག་ཅིང་། ཁྲུས་བྱ་བརྒྱན་བཏགས་བཟའ་བཏུང་ལོངས་སྤྱོད་མཎྚལ་དང་བཅས་པ་བླ་མ་ལ་འབུལ། བླ་མས་ཕྱག་རྒྱ་མ་ལ་དགེ་བཅུ་བཤད། སྡོམ་པ་ཅི་རིགས་འབོག །ཕྱིའི་དབང་རྣམས་བསྐུར། དེ་ནས་བླ་མ་དང་ཕྱག་རྒྱ་མ་གཉིས་ཀས་བདག་བསྐྱེད། ལུས་དཀྱིལ་ལྷར་བསྒོམ་ལ། སྤྱན་འདྲེན་ལ་སོགས་མཆོད་བསྟོད་དང་། བསྙེན་པ་འབུམ་ཚར་ནས། མདུན་བསྐྱེད་མེ་ལོང་དང་། རྡོ་རྗེ་ལ་དམིགས་པའི་མདུན་བསྐྱེད་སྤྱན་འདྲེན་མཆོད་བསྟོད་བསྙེན་པ་ཡན་ཚར་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་སྟེ། དེ་ནས་སློབ་བུས་ཐལ་མོ་སྦྱར་ལ། རྡོ་རྗེ་དགའ་མ་བདག་ལ་དགོངས། །འདོད་པ་འབྱུང་བ་རིན་ཆེན་གཏེར། །དགྱེས་པ་ཆེན་པོ་ཐབས་ལམ་གྱིས། །ཆུ་བོ་བཞི་ལས་བདག་སྒྲོལ་གཅིག །ཅེས་བརྗོད་དོ། །བུ་ཁྱོད་བསྒྲོལ་དང་ཐབས་ལམ་འདི། །རྒྱལ་བ་ཡོངས་ཀྱིས་སྦས་པ་ཡིན། །ཐབས་ཆེན་གསང་བའི་ཐེག་པ་རུ། །གཙང་སྦྲས་འཆིང་བ་སྦྱང་བའི་ཕྱིར། །དྲི་ཤ་ཆུ་ཡི་བཟའ་བཏུང་དང་། །ང་ཡི་བྷ་གའི་ཡེ་ཤེས་བཞི། །འོད་དང་འཇིབ་དང་དྲང་བ་དང་། །སེམས་ཆུ་བཏུང་པར་ཁྱོད་ནུས་སམ། ལན་དུ། ཨེ་མ་ཧོ། ཐབས་ལམ་ཡེ་ཤེས་ཕྱིར། བདག་ནི་གང་ཡང་མི་ནུས་མེད། །དེ་དག་བདག་གིས་སྦྱད་པར་བགྱི། །ཅི་ལྟར་སད་ཕྱིར་བདག་ལ་སྩོལ། །ལན་གསུམ། དེ་ནས་བླ་མས། རིག་མའི་ལག་ནས་བཟུང་སྟེ། སློབ་མ་ལ་གཏོད་པ་ནི། སྐྱེ་མེད་ཆོས་དབྱིངས་རིག་པ་འབྱུང་པའི་ཡུམ། །མཚན་ལྡན་རིག་མ་མཆོག་གི་བརྒྱན། །ཐབས་དང་ཤེས་རབ་དབྱེར་མེད་རོལ་པ་ལས། །ལྷག་པ་བྱང་ཆུབ སེམས་ཀྱི་དཀྱིལ་འཁོར་སྤྲོ། །འཕགས་མཆོག་བདེ་བསྒྲུབ་འབྲས་བུ་ཀུན་མཉེས་སོ། །གཉིས་མེད་དོན་སྤྱོད་ཆོས་ཉིད་དག་པའི་བརྒྱན། །དགྱེས་པའི་རོ་མཆོག་བདེ་ཆེན་དབང་ཐོབ་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧེ་པྲ་ཛྙཱ་ཤྭ་ར་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ཞེས་བརྗོད། དེ་ནས་འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པ་དང་། བདེ་བ་དབབ་པའི་ཐབས་གཏུམ་མོ་སྦར་བ་དང་། རྩ་རླུང་ཐིག་ལེ་བསྒོམ་པའི་ཐབས་རྣམས་བསླབས་པ་དང་། ཤ་ཆེན་གྱི་ཚོད་མ་དང་། དྲི་ཆེན་གྱི་བཟའ་བ་དང་། ཨ་རུ་ར་དང་། ཉེའུ་ཤིང་གི་ཁུ་བ་བཏུང་བ་དང་། ཁྲུས་བྱས་ཤིང་། ལུས་སྣུམ་དང་། དྲི་ཞིམ་པོས་བྱུག་ལ་རྒྱན་གྱིས་བརྒྱན། ལུས་སེམས་སྟོང་པ་ཉིད་ལས། ཁྲོ་མོར་བསྒོམ་གནས་ལྔར་ཁྲོ་མོ་ལྔ་འགོད། ཡན་ལག་བཞི་ལ་སྒོ་མ་བཞི་འགོད། ནམ་མཁའ་བཾ་ལས་པདྨ་འདབ་བརྒྱད་པ་ཨེ་མཐིང་ཁས་མཚན་པ་འོད་དང་ལྡན་པ་བསྐྱེད། སློབ་བུ་བུདྡྷ་ཧེ་རུ་ཀར་བསྒོམས་ལ། གནས་ལྔར་རིགས་ལྔ་དང་། ཡན་ལག་བཞི་ལ་སྒོ་མ་བཞི་བསྐྱེད་ལ། གསང་བ་ཧཱུཾ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་བསྒོམས་པའི་རྭ་ལ་ཡབ་ཀྱི་འབྲུ་ལྔ་དང་། དབུས་ཀྱི་རྩ་གསུམ་ལས་འབྲུ་གསུམ་མདོར་ཕཊ་སྒོམ། དྲི་ཞིམ་པོ་སྦྲང་གིས་སྦྱར་བའི་རིལ་བུ་མུར་ཞིང་། པདྨ་ལ་བལྟས་ཏེ་ཡོངས་སུ་རྒྱས་ནས། ཕྱག་རྒྱ་བཞིས་རོལ་དུ་གཞུག །བྱང་སེམས་དབབ་སྟེ། སྤྱི་བོ་ནས་འཁོར་ལོ་བཞི་ལ་རིམ་བཞིན་དབབ་ཅིང་། དགའ་བ་བཞིའི་ཡེ་ཤེས་བསྐྱེད་ལ། །རང་རིག་ཡེ་ཤེས་ཀྱི་ངོ་བོ། ལྷག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེའི་ནོར་བུ་རྩེར་ཕེབས་པའི་དུས་ན་གཟུང་ཞིང་བསྐྱིལ་སྟེ། དེ་ཡང་རླུང་བུམ་པ་ཅན་གཟུང་བ་དང་། ཡིག་འབྲུའི་སྦྱོར་བས་གཟུང་བ་དང་། ལུས་ཀྱི་འཕྲུལ་འཁོར་གྱིས་བཟུང་བ་ལ་སོགས་པས། ཐིག་ལེ་བཟུང་བའི་དུས་ན་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་བའི་ལྷན་གཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་དབྱེར་མེད་ཀྱི་ཆོས་ཉིད་འོད་གསལ་དྲི་མ་མེད་པའི་དོན། ཅི་བཞིན་ཡེ་མཉམ་ཆེན་པོའི་དགོངས་པ་གཉིས་མེད་ཐིག་ལེ་ཉག་གཅིག་གི་རྟོགས་པ་ཅི་ལྟ་བ་བཞིན་ཉམས་སུ་མྱོང་ཞིང་ངོ་ཤེས་པར་གྱུར་ཏོ། །གཉིས་ཀའི་ལག་པ་ནས་གཟུང་ནས། །བུ་ཁྱོད་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་ཞིང་ཐར་ནས་སྐད་ཅིག་གིས། །རྡོ་རྗེ་ནམ་མཁའི་ཡེ་ཤེས་ཆེ། །བླ་མ་ཆེན་པོའི་སར་གནས་སུ། །ཐམས་ཅད་རིགས་ཀྱི་བདག་པོར་འགྱུར། །གཅིག་པུ་ས་བཟུང་མངའ་མཉེས་ནས། །བདེ་ཁྱབ་ཆེན་པོའི་འཕྲིན་ལས་ལས། །ཁམས་གསུམ་སྲས་སུ་བཟུང་བར་བྱོས། །ཞེས་དབུགས་ཕྱུང་ལ། བཏང་རག་བཏང་ངོ་། །དྲུག་པ་ཡོན་ཏན་ནི། རང་བྱུང་གི་ཡེ་ཤེས་འཆར་བ་དང་། ཆོས་སྐུ་ཐོབ་པའོ། །བདུན་པ་མ་ཐོབ་པའི་སྐྱོན་ནི། ཐབས་མེད་པ་དང་། མངལ་གྱིས་ཡི་དྭགས་སུ་བཏུང་བ་དང་། མཐར་ཐུག་གི་འབྲས་བུ་མི་འབྱུང་པའོ། །གསུམ་པ་བདེ་བ་ཆེན་པོའི་དབང་ལའང་བདུན་ལས། དང་པོ་དགོས་ཆེད་ནི། དོན་དམ་གྱིས་ཤེས་བྱ་སྦྱང་བ་དང་། དུག་གིས་དུག་སྦྱང་བའི་ཆེད་དོ། །གཉིས་པ་ངོ་བོ་ནི། འདོད་ཆགས་ཀྱི་རོ་བདེན་པ་གཉིས་མེད་ཀྱི་ཡེ་ཤེས་རང་ལ་གནས་པ་ཐོབ་བྱ་ཉིད་རྒྱུ་རྐྱེན་འཛོམ་པའི་མཐུ་ལས་བྱུང་བའོ། །གསུམ་པ་ངེས་ཚིག་ནི། གཉིས་མེད་ཀྱི་ཡེ་ཤེས་སྐྱེ་འཇིག་མེད་ཀྱི། གཟུང་འཛིན་སྤངས་པར་རང་བྲལ་བས། བདེ་བ་དང་ལྡན་པ་ཞེས་བྱ་ལ། དེ་གང་ལ་སྣང་བས་ན། ཐོབ་པ་ཞེས་བྱའོ། །བཞི་པ་གྲངས་ནི། དཔེའི་དང་། དོན་གྱི་བདེ་བའོ། །དེ་གཉིས་ཀྱིས་ཀྱང་། རྟེན་ཅན་དང་རྟེན་མེད་གཉིས་དང་མཚོན་བྱེད་དང་མཚོན་བྱ་གཉིས། དངོས་དང་རྗེས་འཇུག་གཉིས། དངོས་པོ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་དང་རང་བཞིན་གྱིས་གཉིས་སུ་ཤེས་པར་བྱའོ། །ལྔ་པ་བསྐུར་ཐབས་ནི། ཕྱག་རྒྱ་མ་ལོ་བཅུ་གཉིས་མ་བཀུག་གཅིང་ཁྲུས་བྱ། བརྒྱན་བརྟགས། བཟའ་བཏུང་ལོངས་སྤྱོད་མཎྜལ་དང་བཅས་པ་བླ་མ་ལ་འབུལ། དེ་ནས་ཇི་ལྟར་འོས་པའི་ཡུམ་ལ་དབང་བསྐུར་ལ་སྦྱོར་བ་བྱ་སྟེ། གཟུངས་མའི་དོན་དམ་པའི་ལྟེ་བ་ན། ཟླ་བ་ཚེས་པ་ལྟ་བུའི་ནང་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་པོ་ཡུངས་དཀར་ཙམ་ཞིག་རང་བཞིན་གྱིས་གནས་པ་ལ་ཏིང་འཛིན་གྱིས་དམིགས་ཏེ་གསང་བའི་རྡོ་རྗེ་ཡེ་ཤེས་ཀྱི་རོ་ཅན་དང་། བྷ་གའི་ཐེག་ལེ་དང་། རེག་པར་བཅིངས་ཏེ། ཡབ་ཀྱི་ལྷག་པའི་བྷོ་དྷི་ཐེག་ལེ་དང་མཁའ་ལ་གནས་པ་དེ་བསྲེའོ། །དེ་ནས་རྒྱུ་བབ་ལ། པདྨའི་ཁྱམས་ན་བྷོ་དྷི་ཡོད་པ་འཐེབ་སྲིན་ཀྱིས་བླངས་ལ། གཟུངས་མའི་ལྕེ་ཐོག་ཏུ་བསྐུར་རོ། །དེ་ནས་ཡབ་ཡུམ་གཉིས་ཀ ས། །བདག་བསྐྱེད་ཁྲོ་བའི་དཀྱིལ་འཁོར་སྙིང་པོ་བརྗོད་ལ་རྫོགས་པའི་ཚུལ་དུ་ལུས་དཀྱིལ་བསྐྱེད་ས་མན་ཛས་སྙན་གསན་དབབ། ཨེ་ཧྱ་ཧིས་སྦྱན་དྲངས། ཛ༔ཧཱུཾ་བཾ་ཧོ༔གཉིས་སུ་མེད་པར་བསྟིམ་ལ། མཆོད་བསྟོད་བསྙེན་པ་ཅི་རིགས་པ་བྱ། མདུན་བསྐྱེད་ཀྱང་གོང་བཞིན་དུ་བསྙེན་པ་ཡན་ཆད་བྱས་ལ། བདག་འཇུག་བླངས། དེ་ནས་སློབ་བུའི་གུང་མོ་གཡས་པ་དང་གཟུངས་མའི་གུང་མོ་གཡོན་རཏྣ་ཕྲེང་བས་བཅིངས་ཏེ། དེའི་མདོ་ནས་སློབ་དཔོན་གྱིས་བཟུང་སྟེ། བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱི་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་གཏེར་བས་འདི་མི་སྤོངས། རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །རྫོགས་པའི་སངས་རྒྱས་ཁྱོད་ལས་བྱུང་། །སྤངས་ན་རྡོ་རྗེ་དབྱིངས་ཕྱུག་རྩལ། །དགུག་དང་བསྒོམ་པ་མ་ཤེས་ན། །རྡོ་རྗེ་བསྐལ་བ་མཐའ་ཀླས་པ། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །དེའི་དོན་རྒྱས་པར་བཤད་དོ། །དེ་ནས་བུ་ལ། དགའ་བ་བཞིའི་དབང་གདམ་ངག་འབོག་སྟེ། ཕྱིའི་དགའ་བ་བཞི། ནང་གི་དགའ་བ་བཞི། གསང་བའི་བཞིའོ། །དེ་ལ་ཕྱི་ནི། ཐོག་མ་གཟུངས་མ་མཐོང་བས་བདེ་བ་གཡོས་པས་དགའ་བའོ། །དེ་ནས་གཟུངས་མ་བྱིན་གྱིས་བརླབས་པ་དང་། སྲིན་ལག་སྦྲེལ་བ་ལ་སོགས་པ་བྱས་པས་བདེ་བ་སྐྱེས་པ་མཆོག་དགའ་འོ། །འདོད་པའི་བསྟན་བཅོས་ཀྱི་ཆ་བྱེད་པ་དགའ་བྲལ་ལོ། །གཟུང་མ་དང་རང་ལུས་རྔུལ་ཞིང་བེམས་ཀྱིས་སོང་བ་ནི། ལྷན་གཅིག་སྐྱེས་པའི་དགའ་བའོ། །ནང་གི་བཞི་ནི། རང་དང་གཟུང་མ་གཉིས་ཀ་ལ་འཁོར་ལོ་བཞི་སྒོམས་ཏེ། བདེ་བ་ཆེན་པོའི་ཙ་ཀྲ་ནི་དགའ་བ། ལོངས་སྤྱོད་ཀྱི་ཙ ཀྲ་ནི་མཆོག་དགའ། དྷརྨ་ཙཀྲ་ནི་དགའ་བྲལ། སྤྲུལ་པའི་ཙཀྲ་ནི་ལྷན་སྐྱེས་སོ། །གསང་བ་བཞི་ནི། གུ་ཧྱ་བཛྲ་རྩ་བ་ནི་དགའ་བ། རྡོ་རྗེའི་སྐེད་པ་ནི་མཆོག་དགའ། རྡོ་རྗེའི་བུམ་པ་ནི་དགའ་བྲལ། རྡོ་རྗེའི་རྩེ་མོ་ནི། ལྷན་གཅིག་སྐྱེས་དགའ་འོ། །དེ་རྣམས་རེ་རེ་ལ་ཡང་། ཐིག་ལེ་བཞི་བཞི་རྩིས་པས་བཅུ་དྲུག་སྟེ། གཉིས་ཚོགས་ལམ། བཞི་སྦྱོར་ལམ། བཅུ་གསང་བའི་ས་བཅུར་ཤེས་པར་བྱའོ། །དེ་ལྟར་གདམ་ངག་ཕོག་ནས་བུས་སྦྱོར་བ་ལ་སྙོམས་པར་འཇུག་སྟེ། རྡོ་རྗེ་ཧཱུཾ་གཅིག་བཀོད་དེ་སྤྲོ་བསྡུ་ལ་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར། དེའི་བུམ་པ་ལ། ༀ་ཨཱཿ ཧཱུཾ་བསམ། རྩེ་མོའི་བུ་གར་ཕཊ་ནག་པོ་བྷ་ག་ལ་ཕཊཿནག་པོ་གཅིག་བསམ། དེ་ལ་སྤྲོ་བསྡུས་པདྨ་འདབ་མ་བཞི་པ། དེའི་དབུས་སུ་ཨེ་མཐིང་ག་གྲུ་གསུམ་པ་དེའི་སྟེང་དུ་ཧཱུཾ་དམར་པོ་གཅིག་བསྒོམས། དེ་ནས་གཟུངས་མ་ལ་འདོད་པའི་བསྟན་བཅོས་ཀྱི་ཆ་རྣམས་བྱ། པདྨ་རྒྱས་པ་དང་། རྡོ་རྗེ་ཕྱེད་ཙམ་པདྨར་བསྡམས་ཏེ། དལ་བུས་བསྒུལ་བས། སྲ་བས་མྱོང་བ་འབྱུང་བ་ས། རྡུལ་ཅུང་ཟད་གཤེར་བ་ཆུ། ཅུང་ཟད་དྲོ་བ་མེ། དེ་ནས་ཤེས་པ་ཞིབ་ཏུ་བལྟས་པས་བདེ་བ་གཡོས་པ་རླུང་ངོ་། །དེ་ནས་བདེ་བ་བཟློག་སྟེ། ཐབས་ཀྱིས་བཟློག་དང་། ཏིང་འཛིན་གྱིས་བཟློག་པ། ཕྱག་རྒྱས་པ་གསུམ་ལས། དང་པོ་ནི་བདེ་བ་གཡོ་བ་ཙམ་ན། རྡོ་རྗེ་ཨེ་ཙམ་གཅིག་ཕ་ཚད་ལ་ཕྱུང་ལ་ལྟོ་བ་རྒལ་ཚིག་ལ་སྦྱར ། སྟོད་ཀྱི་དབུགས་བསྡམ་ལ། བྷོ་དྷི་སླར་བཟློག་པའོ། །ཏིང་ངེ་འཛིན་གྱིས་བཟློག་པ་ནི། བདེ་བ་གཡོས་ཙམ་ན་བསྟོད་ཀྱི་དབུགས་བསྡམས་ལ། རོ་རྐྱང་གཉིས་ཀྱིས་རྩ་སྣ་དབུས་གྱི་ཀུན་དྷར་འབྲེལ་ནས་ཡོད་པའི། རོ་རྐྱང་ནས་དབུགས་ཞུགས་པ་ལས། ཀུན་དྷར་ལྷགས་པའི་བྷོ་དྷི་གྱེན་ལ་འཁྱིལ་གྱིས་ལྡོག་ནས་དཀར་ཆིལ་གྱིས་ལྡོག་པར་བསམ་མོ། ཕྱག་རྒྱས་ནི། རྡོ་རྗེའི་རྩ་བ་ནས་ཕར་སོར་གཉིས་ཀྱིས་ཐུབ་ཚད་དུ་མནན་ལ་ལྡོག །སྤྲུལ་པའི་འཁོར་ལོ་ནས་གྱེན་ལ་དེ་ལྟར་ལྡོག །རྡོ་རྗེའི་རྩ་བ་ནས་སྐེད་པ་དང་། རྩེ་མོ་ནས་རིམ་པར་ལྡོག། དེ་ལྟར་ལྡོག་རྩ་ན། རྡོ་རྗེའི་རྩ་བར་དགའ་བའི་ཐིག་ལེ་བཞིའི་ཐེག་ལེ་གསུམ་པ་ནས། རྡོ་རྗེ་སྐེད་བའི་མཆོག་དགའི་ཐིག་ལེ་གཉིས་པ་ནི། མི་རྟོག་པ་སྐྱེ་བའོ། །དེ་རྡོ་རྗེ་རྩེ་མོ་ལྷན་གཅིག་སྐྱེས་པ་གནས་སུ་ཟླ་བ་དང་། ཉི་མའི་ཐེག་ལེ་རྡོ་རྗེ་དང་། པདྨ་རང་རང་གི་ཁ་ནས་མ་ཤོར་བར་ཟིན་ཙ་ན། རང་རིག་པའི་དོན་དམ་ཉམས་སུ་མྱོང་བ་དེ་ཀུན་ཏུ་འོད་ཀྱི་སའོ། །དེའི་དུས་སུ་རྒྱུའི་ཟུང་འཇུག་ཉི་ཟླ་འདྲེས་པས། འབྲས་བུའི་ཟུང་འཇུག་ཡེ་ཤེས་རང་སྣང་གི་ལྷ་དང་། ལྷ་མོར་སྣང་བཞིན་དུ་རང་བཞིན་མེད་པའོ། །དེ་ཙམ་ན་ཞེན་པ་མེད་པ་པདྨ་ཅན་གྱི་སའོ། ། དེ་ལ་སྨོན་ལམ་གྱི་དབང་གིས་གཟུགས་སྐུ་གཉིས་འབྱུང་བ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །དེ་ནི་ཐེག་པ་འོག་མ་དང་སྒོ་བསྟུན་པའོ། །དེ་ནས་རྒྱུ་འབྲས་ལྡོག་པའི་ཐེག་པ་ནི། ཉི་ཟླ་ཐིག་ལེ་རང་གི་གནས་སུ་རྩེ་མོ་ན་ཚུར་ལྡོག་པས། །རིམ་གྱིས་བསྒྲོད་དེ། རྡོ་རྗེའི་རྩ་བར་ཕྱིན་པ་ནི། ཀུན་དུ་འོད་ཀྱི་སའོ། །དེ་ནས་སྤྲུལ་པའི་ཙ ཀྲར་ཕྱིན་པ་ནི་པདྨ་ཅན་ནོ། །ཐིག་ལེ་རང་གནས་སུ་ཕྱིན་པ་ལ་དགྱེ། རང་བཞིན་ལྷུན་གྲུབ་གྱི་དཀྱིལ་འཁོར་མཐོང་བ་ནི། ཚོགས་ཆེན་གྱི་ས་མངོན་དུ་བྱས་པ་ཡིན་ནོ། །གལ་ཏེ་བྷོ་དྷི་ཤོར་ན། བྱང་སེམས་ཧཱུྃ་དམར་པོ་ཤ་རྟག་ཏུ་བསམ་ལ། མཐེབ་སྲིན་གྱིས་བླང་ལ་ཁོང་དུ་མིད་དོ། །གཟུངས་མ་ལའང་བྱིན་ནོ། །སྦྱོར་ལམ་གྱིས་མི་རྟོགས་པའི་བདེ་བ་སྐྱེས་པའི་དུས་སུ། དེ་ལ་བློ་འཇོག་ན་གཟུངས་མ་མི་དགོས། མི་རྟག་པར་བློ་གནས་ནས་མི་རྟོག་པ་སངས་ན་ཡང་དབང་དོན་དེ་ལ་བློ་གཏད་པས། ཡང་མི་རྟོག་པ་སྐྱེའོ། །དེ་ལྟར་སྒོམ་པའི་དོན་ལ་གནས་པར་བྱའོ། །དྲུག་པ་ཡོན་ཏན་ནི། ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འབྱིན། རྒྱུ་འབྲས་ཀྱིས་ལམ་རྫོགས་པའོ། །བདུན་པ་སྐྱོན་ནི་དེ་ལས་བཟློག་པ་ཉིད་དོ། །དེ་ལྟར་ཕྱིན་ནང་ཟབ་མོའི་དབང་རྣམས་ལ་བྱེ་བྲག་ཏུ་དབང་གི་རྣམས་གྲངས་སུམ་ཅུ་སོ་བདུན་དུ་ངེས་པར་བསྟན་ཏེ། དེ་ལས་མང་བ་འདིར་སངས་རྒྱས་གསང་བས་མ་བཀྲལ་ལ། ཉུང་ན་གཞུང་ནས་བཤད་པའི་དབང་མི་ཚང་བའི་ཕྱིར་ཏེ། མན་ངག་གི་གཞུང་འདི་ཉིད་ལ་ལེགས་པར་སྦྱད་པས་ཤེས་སོ། །སྤྱི་དོན་ཐ་མ་འཇུག་བསྡུ་བ་ནི་རྗེས་ཀྱི་བྱ་བ་ལས། དང་པོ་དབང་གི་ཡོན་ཏན་བརྗོད་པ་ནི། བླ་མས་གསང་བུམ་ཕྱག་ཏུ་བཞེས་ལ་འདི་སྐད་དོ། །ཕྱག་རྒྱ་དབུ་རྒྱན་སྙིང་པོ་དང་། །གཙོ་བོ་རུས་པའི་ཕྲེང་བ་དང་། །གཟི་མདངས་རྒྱལ་མཚན་ཞིང་གི་གདུགས། །ཅེས་པ་དང་། ལྷ་དང་ཕྱག་མཚན་བརྒྱན་ཆས་དང་། །སྒྲུབ་རྫས་གསང་བའི་དབང་གསུམ་མོ། །ཉན་སྒོམ་འཆད་ལས་རབ་འབྱམས་ལྔ། །ཞེས་དང་། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ཞིང་ཁམས་དག་པ་ཟད་མི་ཤེས་པ་བརྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། འཇིགས་བྱེད་ཆེན་པོ་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་བྱིན་གྱིས་བརླབས་གྱིས། བདག་རྡོ་རྗེ་ཆེ་གེ་མོས་རིགས་ཀྱི་བུ་འདི་རྣམས་སྒྱུ་འཕྲུལ་དྲ་བ་ཁྲག་འཐུང་ཁྲོ་བོའི་དབང་ལྔ་ཡོངས་སུ་རྫོགས་པར་བསྐུར་བས། དུས་འདི་ནས་བཟུང་སྟེ་རྒྱལ་བ་རྣམས་ཀྱི་སྲས་ཀྱིས་དམ་པར་དགོངས་ཤིང་། ངན་སོང་གསུམ་གྱི་དུཿ ཁ་ཐམས་ཅད་དང་བྲལ་ནས། མཐོ་རིས་བདེ་བ་ཐམས་ཅད་དང་ལྡན་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་བདག་པོ་རྒྱལ་བ་སྐུ་ལྔའི་གོ་འཕང་བསྒྲོད་དེ་ཡི་གེ་འཁོར་ལོ་ཚོགས་ཆེན་ཀྱི་ས་ལ་ལྷུན་གྱིས་གནས་པར་གྱུར་ཅིག །གཞན་ཡང་དབང་བསྐུར་ཆེན་པོ་འདིའི་བྱིན་གྱིས་བརླབས་ཀྱིས། ཡུལ་ཕྱོགས་འདི་དང་རྒྱལ་ཁམས་ཐམས་ཅད་དུ་ཡང་། དུས་ཀྱི་འཁྲུགས་པ་ཞི་བ་དང་། མཚོན་གྱི་བསྐལ་པ་ཉམས་པ་དང་། མི་ནད་དང་ཕྱུགས་ནད་རྒྱུན་ཆད་པ་དང་། ཆར་ཆུ་དུས་སུ་ཕེབས་པ་དང་། ལོ་ཕྱུག་རྟག་ཏུ་ལེགས་ཏེ། སེམས་ཅད་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཅེས་བསྒྲགས་པའོ། །དེ་ནས་གཉིས་པ་དབང་བསབ་པར་བྱ་སྟེ། ཧཱུཾ་ཧཱུཾ་ཅེས་བརྗོད་པས། ནམ་མཁའ་ལ་བཞུགས་པའི་ལྷ་ཚོགས་གཞལ་ཡས་ཁང་དང་བཅས་པ་ཐམས་ཅད་འོད་དུ་ཞུ་ནས། རྡོ་རྗེ་སློབ་དཔོན་བདག་ཉིད་ལ་ཐིམ་པས། སྐུ་གསུང་ཐུགས་ཀྱི་གཟི་བྱིན་བཀྲག་དང་གཟི་མདངས་སུ་ལྡན་སྟེ། སྔོན་བས་ཀྱང་མཐུ་ཆེ་བར་བསམ་པ་ནི། དབང་བསབ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་ཉིད་ལ་ཤིན་དུ་གཅེས་པ་ཡིན་ནོ། །དེ་ནས་གསུམ་པ་སྨོན་ལམ་གདབ་སྟེ། སློབ་དཔོན་གྱིས་ཁྲི་ལས་བབས་ཏེ། རྡོ་རྗེ་དྲིལ་བུ་ཐོགས་ཤིང་། ཡུམ་གྱིས་མར་མེ་ཐོགས་ནས། །མཆེད་ལྕམ་ཐམས་ཅད་ཐལ་མོ་སྦྱར་ནས། དབྱངས་དང་བཅས་པས། ཧོ། བསམ་རྫོགས་ལྷུན་གྲུབ་ཕྱོགས་བཅུའི་རྒྱལ་བ་དང་། །རྒྱལ་སྲས་དཔའ་བོ་རྣལ་འབྱོར་ཀུན་གཤེགས་པའི། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ལུང་དང་མན་ངག་ཟབ་མོ་ཀུན་བསྡུས་པ། །གསང་སྔགས་ནང་ནས་སྒྱུ་འཕྲུལ་དབང་གི་རིགས། །ཐེག་པའི་ནང་ནས་སྤྱི་བླུགས་རྒྱལ་ཐབས་ཏེ། །ཡང་གསང་གཏེར་དུ་སྤས་བའི་མན་ངག་འདིས། །འགྲོ་བ་ཀུན་གྱིས་སྤྱོད་ཡུལ་མ་ཡིན་ཡང་། །ཁམས་གསུམ་འཁོར་བའི་དུཿ ཁ་བརྩད་གཅད་ཕྱིར། །དུར་ཁྲོད་གསང་བ་མཆོག་གི་དབང་བསྐུར་བས། །བློ་སྦྱངས་སྐལ་བར་ལྡན་པའི་བུ་རྣམས་ཀྱིས། །གསང་བ་བྱང་ཆུབ་སེམས་ཀྱི་དོན་རྟོགས་ཤོག །གཞན་ཡང་སྐུ་དང་གསུང་ཐུགས་ཡོན་ཏན་ལས། ངོ་མཚར་རྨད་བྱུང་འབྲས་བུ་ཅི་སྙེད་པ། ཐབས་ཤེས་འགྲོ་དོན་ལྷུན་གྱིས་གྲུབ་པར་ཤོག །ཅེས་དྲིལ་བུ་གསིལ་ཞིང་མེ་ཏོག་དོར་ལ། རུ་ལུ་གར་གྱིས་དཀྱིལ་འཁོར་ལན་གསུམ་བསྐོར་རོ། །དེ་ནས་བཞི་པ་བསླབ་བྱ་བརྗོད་དེ། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཧེ་རུ་ཀ་ནི་ང་ཡིན་གྱིས། །ང་ཡིས་འདི་སྐད་བགོ་བ་བཞིན། །བུ་ཁྱོད་ཀྱིས་ནི་བྱ་དགོས་སོ། །ཅེས་བརྗོད་དོ། །ཡི་དམ་བསྒོམ་ཐབས་དང་། དམ་ཚིག་བསྲུང་ལུགས་དང་། བསླབས་བྱ་ཐམས་ཅད་ནན་ཆགས་སུ་བྱའོ། །དེ་ནས་ལྔ་པ་གཏོར་མ་བཏང་པར་བྱ་སྟེ། གཏོར་མ་རྣམས་ཆ་གསུམ་དུ་གཅད་ལ། ཆ་དང་པོ་དེ། ཆོས་ཀྱི་དབྱིངས་ཀྱི་གཏོར་མ་ཞེས་བྱ་སྟེ། གཏེར་དུ་སྦ་བའི་ཆོ་ག་བྱ། བར་པ་དེ་ཡེ་ཤེས་རོལ་བའི་གཏོར་མ་ཞེས་བྱ་སྟེ། སྦྱིན་བསྲེག་བྱ། ཐ་མ་དེ་ཐུགས་རྗེ་སྤྲུལ་པའི་གཏོར་མ་ཞེས་བྱ་སྟེ། ལས་མཁན་གྱི་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད། ལྷག་མ་བཏང་། ཕྱིར་བསྟན་མ་སྐྱངས་ལ། ནང་དུ་ལས་བཞིའི་བྲོ་བྱའོ། །དེ་ནས་དྲུག་པ་བཀྲ་ཤིས་གསོལ་ཏེ། དཀར་ཚལ་བཏེགས་ལ་མེ་ཏོག་དོར་ཞིང་། བཀྲ་ཤིས་ཀྱི་ཆོ་ག་རྒྱས་པར་བྱའོ། །དེ་ནས་བདུན་པ། བླ་མ་ལ་བཏང་རག་བཏང་ཞིང་། །བུ་རྣམས་ཀྱིས་ཕྱག་འཚལ་ཞིང་ཞབས་ལ་སྦྱི་བོས་གཏུག་གོ །དེ་ནས་བརྒྱད་པ་དཀྱིལ་འཁོར་བསྡུ། གོ་བགོ །ལུས་བསྲུངས་བྱ། བུམ་ཆུ་ལྷག་མས་མཆེད་ལྕམ་རྣམས་ཁྲུས་བྱ། དཀྱིལ་འཁོར་ཞབས་བསིལ་རྡུལ་ཚོན་སྨན་མ་དང་། བུམ་པའི་ཁ་བརྒྱན་དང་། སྦྱིན་བསྲེག་གི་ཐལ་བ་རྣམས་ཆུ་བོ་ཆེན་པོ་ལ་བསྐྱལ། ཞག་གཅིག་གནས་བསྲུང་ངོ་། །དེ་ནས་དགུ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། སྤྱོད་ལམ་ཐམས་ཅད་ལྷ་དང་མ་བྲལ་བར་བྱ་སྟེ། །འོད་དུ་བསྟིམ་ནས། བདག་ཉིད་སྤྱོད་ལམ་འགྲོ་འདུག་ཉལ། །ལོངས་སྤྱོད་དུས་བཞིར་ཉམས་བླངས་ཚེ། །རིག་ཕྱིར་ཐམས་ཅད་དཀྱིལ་འཁོར་ལྷར། །གསལ་བྱས་ཐ་སྙད་ཞེན་ལས་གྲོལ། ཞེས་གསུངས་པ་བཞིན་ནོ། །སྒྱུ་འཕྲུལ་ཁྲོ་བོའི་དབང་གི་ཐེམ་སྐས་རྫོགས་སོ། །དེ་ལྟར་སྒྱུ་འཕྲུལ་ཁྲོ་བོའི་དབང་རྫོགས་ནས། ལྷ་དབང་དེ་དག་ཆགས་པར་བྱེད་པའི་རྟེན་དུ་ལྷ་སྒོམ་པ་དང་། མན་ངག་བསྒོམ་པ་གཉིས་ལས། ལྷ་བསྒོམས་པ་ནི། སྔར་མེ་ཏོག་ཕོག་པའི་ལྷ་གང་ཡིན་པ་དེ། འདི་ལྟར་ཡིན་གྱིས་ངོ་སྤྲད། དེའི་རྗེས་སུ་སྙིང་པོ་རྗེས་གནང་བྱིན་པས་གསུངས་ངོ་སྤྲད། དབང་རྫས་མགོ་ཐོག་ཏུ་བཞག་ནས་དབང་བསྐུར་བས། འཕྲིན་ལས་ངོ་སྤྲད། དེ་ཡང་ཐོག་མ་ནས་ཡིན་པ་ལ་ཡིན་པ་ལྟར་ངོ་སྤྲད་ཞེས་པ་ནི། གསེར་སྤྲང་ངོ་ཤེས་པ་ལྟ་བུ་སྟེ། དེ་ནི་ལྷ་ངོ་སྤྲད་པའོ། །དེ་ནས་ཉེ་བར་མཚོན་ནས། སྣང་གྲགས་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་དཀྱིལ་འཁོར་དུ་ལོངས་སྤྱོད་པ་ནི་ལམ་དུ་འཁྱེར་བའོ། །ལྷར་སྣང་བ་ཐམས་ཅད་སེམས་ཉིད་དུ་ཐག་ཆོད་པ་ནི་ལྷ་ལ་ལྷར་རོལ་བའོ། །ཐམས་ཅད་ལྷའི་རང་བཞིན་དུ་བལྟ་བའོ། །དེའི་ངང་ལ་གནས་པ་བསྒོམ་པ། སྤྱོད་ལམ་རྣམ་བཞི་ལྷ་དང་མི་འབྲལ་བ་ནི་སྤྱོད་པའོ། །དེ་ལས་མི་འདའ་བ་ནི་དམ་བཅའ། ནར་སོན་པ་འབྲས་བུའོ། །རྣལ་འབྱོར་གྱིས་འདུག་ཚུལ་ནི། གླང་པོ་ཆེ་རྒུན་ཆང་གིས་མྱོས་པ་ལྟ་བུའོ། །ཐད་ཀ་ནི་ངང་སྒོམ་ཆུང་ངུའི་ཐད་ཀར་སློབ་སྟེ། དེ་ཡང་བདག་ཅག་ལྷར་གསལ་བའི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་གཅིག་བསྒོམས། དེ་ནས་ཁྲུ་གང་གིས་མཐོ་བར་ཐིག་ལེ་དཀར་པོ་སྲན་མ་ཙམ་གཅིག་བསྒོམས། དེ་ནས་སྣ་བུག་གཡོན་ནས་འོད་དམར་པོ་སྲན་མ་ཙམ་གཅིག་བྱུང་ནས། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཕོག་པས། དེས་བདག་རྐྱེན་བྱས་ནས་ཐིག་ལེ་དམར་པོ་ལས་འོད་འཕྲོས་པས། སེམས་ཅན་གྱི་དོན་བྱས། བྱང་ཆུབ་སེམས་དཔའ་ལ་ཕོག་པས་ཐུགས་མཉེས་པའི་མཆོད་པ་ཕུལ། འོད་དེ་ཚུར་འདུས་ཐེག་ལེ་དམར་པོ་ལ་ཐིམ་པས། །ཐིག་ལེ་འོད་དུ་ཞུ་བར་བསམ་ཡང་སྣ་བུག་གཡོན་ནས་འོད་དཀར་པོར་བྱུང་ནས། གོང་གི་ཐིག་ལེ་དཀར་པོ་ལ་ཕོག་པས། འོད་འཕྲོས་སེམས་ཅན་གྱི་དོན་བྱས། །དེ་བཞིན་གཤེགས་པ་ལ་ཕོག་པས་ཐུགས་མཉེས་ཚུར་འདུས། ཐིག་ལེ་དཀར་པོ་ལ་ཐིམ། དེ་བབས་ནས་དམར་པོ་ལ་ཐིམ་པས། སྙིང་ཁ་སྙིང་གི་དཀྱིལ་དུ་ཐིམ་པས། དཀར་དམར་འདྲེས་ནས་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཐིམ། དེ་ཉིད་སྙིང་གི་དཀྱིལ་དུ་དཀར་དམར་འདྲེས་པའི་ངོ་བོ་བདེ་སྟོང་གཉིས་མེད་ཀྱི་ངང་ལ་བློ་སྐྱུར་བཞག་གོ །དེ་ནི་ལྷ་བསྒོམས་པའི་མན་ངག་ཅེས་བྱའོ། །མན་ངག་བསྒོམ་པ་ལ་སྟེང་སྒོ་དང་འོག་སྒོ་གཉིས་ལས། དང་པོ་ནི་ངང་སྒོམས་འབྲིང་པོའི་ཐད་ཀར་སླེབ་སྟེ། རང་གི་ལུས་རྐྱལ་སྟོང་སང་ངེ་བའི་ནང་ན། རྩ་ཨ་ཝ་དྷུ་ཏི་སྦོམ་ཕྲ་མདའ་སྙུག་ཙམ་ཕྱི་དམར་ལ་ནང་དཀར་བ། ཡར་སྣ་རྩེའུ་ཆུང་ལ་ཐུག་པ། མར་སྣ་གཉེར་མོ་ཆེ་ལ་ཐུག་པ་དེ་ནི་སྲོག་ཤིང་ཡིན། སྒྲོམ་མདོའི་འཁོར་ལོ་དང་འོག་སྒོ་རླུང་གི་འཁོར་ལོ་ལ་གཉིས་ཁྲི་འཕངས་ཡིན་ནོ། །ལྟེ་བ་བང་རིམ་སྙིང་ག་ཆོས་ཀྱི་འཁོར་ལོ་བུམ་པ་མགྲིན་པ་ལོངས་སྤྱོད་ཆོས་འཁོར། གླད་པ་གདུགས་སྟེ། ལུས་མཆོད་རྟེན་ཆེན་པོ་གཅིག་ཏུ་བསྒོམ། དེ་སྤྱི་བོར་སྲོག་མི་ཤིག་པའི་ཐིག་ལེ། ཧཾ་གྱི་རང་བཞིན་སྲན་མ་ཙམ་གཅིག་གནས་པ་ལས་འོད་ཕྱོགས་བཅུར་འཕྲོས་པས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་གོང་གི་ཡིག་གེ་ཧཾ་གྱི་ཐེག་ལེ་ལ་ཕོག་པས། དེ་འོད་དུ་ཞུ་ནས། རང་གི་རྩ་བའི་བླ་མ་ནི་མཆོད་རྟེན་གྱི་ཏོག་གི་ཚུལ་དུ་བཞུགས་པར་བསྒོམ། དེ་ལ་ཤེས་པ་བཅུག་བས་བླ་མ་ཡང་འོད་དུ་ཞུ་ནས། སྤྱི་བོ་ཚངས་པའི་བུ་ག་ནས་རང་གི་སྙིང་གི་དཀྱིལ་དུ། རང་གི་ཤེས་པ་དང་འདྲེས་པ་ལ་བློ་སྐྱུར་ལ་བཞག་གོ །ད་འོག་སྒོ་བདེ་བ་སྒོམ་པ་ནི། ཡང་རང་གི་སྦྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་གཅིག་བསྒོམ། དེ་ལས་མདའ་གང་གིས་མཐོ་བར་ཐེག་ལེ་དཀར་པོ་སྲན་མ་ཙམ་གཅིག་སྒོམ། དམར་པོ་དེ་ཤེས་རབ་ཀྱི་ཆ་ཡིན་ལ། དཀར་པོ་ཐབས་ཀྱི་ཆ་ཡིན་ནོ། །དེ་ནས་ཐིག་ལེ་དམར་པོ་དེ་ལ་ཤེས་པ་བཅུག་པས། ཆགས་པའི་རང་བཞིན་ཡིན་པས་འདར་བར་བསྒོམ། དེ་འདར་བས་བདག་རྐྱེན་བྱས་ནས་ཐེག་ལེ་དཀར་པོའང་འདར་སྟེ། མར་ལ་དེ་བབས་ནས་དམར་པོ་ལ་ཐིམ་པས། དཀར་དམར་དབྱེར་མེད་དུ་འདྲེས་ནས། སྤྱི་གཙུག་ནས་མར་ཐིམ་པས། སྙིང་གི་དཀྱིལ་དུ་བདེ་སྟོང་དབྱེར་མེད་དུ་བློ་སྐྱུར་ལ་བཞག་གོ །དེ་དག་མ་ཧཱ་ཡོ་གའི་དབང་གི་མན་ངག་སྒོམ་འདེབས་ཡིན་ནོ། །མ་ཧཱ་ཡོ་གའི་དབང་གི་ཐེམ་སྐས་རྫོགས་སོ། །སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞུས་དག།

གཉིས་པ་ནང་དབང་གི་ཆུ་བོ་ལས་མདོ་དབང་གི་ཁྲོ་བོའི་མངོན་རྟོགས་ཁྲོ་བོའི་དབང་གི་ཆོ་ག

གཉིས་པ་ནང་དབང་གི་ཆུ་བོ་ལས། མདོ་དབང་གི་ཁྲོ་བོའི་མངོན་རྟོགས། ཁྲོ་བོའི་དབང་གི་ཆོ་གའོ། །དེ་ནས་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ལ། འབྱུང་པ་རིམ་རྩེགས་ནི། ཨེ་ལས་ཆོས་འབྱུང་གྲུ་གསུམ་པ་མཐིང་ནག །རྒྱ་འཁྱོན་ནམ་མཁའ་དང་མཉམ་པ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྲ་ཞིང་མཁྲེགས་པ་ཁ་དོག་དུཿཁ་དབྱིབས་རྡོ་རྗེ་རྒྱ་གྲམ། །བཾ་ལས་ཁྲག་གི་རྒྱ་མཚོ་རྦ་བརླབས་འཁྲུགས་པ་དབྱིབས་ཟླུམ་པོ། མཾ་ལས་ཤ་ཆེན་གྱིས་གཞི་སྲ་ཞིང་འཐས་པ་དབྱིབས་པ་གྲུ་བཞི། ཀཾ་ལས་ཀེམ་རུས་ཀྱིས་རི་རབ་ཁ་ཁྱེར་དང་རྒྱ་མཉམ་པ། གསེར་གྱི་རི་བདུན། ཁྲག་གི་རོལ་མཚོ་བདུན་མཚོ་ཆེན་ལ། གླིང་བཞི། གླིང་ཕྲན་བརྒྱད། མཐའི་ལྕགས་རི་དང་བཅས་པ། རི་རབ་ཀྱི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་ཕྱེད་དམར་སྤྲོས་པས་རླུང་གིའོད་ཟེར་དང་འདྲེས། མེ་རླུང་ཚུབས་མ་ཡར་བྱུང་བ་ལས། །མེ་རིའི་གུར་ཁང་དམར་པོ། ཧཱུཾ་ལས་མེའི་ནང་དུ། རྡོ་རྗེའི་གུར་ཁང་མཐིང་ནག །འོག་གཞི་རྡོ་རྗེ་བྲག་གི་སྟེང་དུ། སྣ་ཚོགས་རྡོ་རྗེ་རྒྱ་གྲམ། ཤར་གསུམ་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ནག་ལེབ་མོ་གྲུ་བཞི། ཟུར་ལ་བང་རིམ་བཞི་བཞི་དང་ལྡན་པའོ། །དེ་ནས་གཞལ་ཡས་ཁང་རྣམས་ནི། བྷྲཱུཾ་སྥ་ར་ཎ་ཕཊཿ སཾ་ཧ་ར་ཎ་ཧཱུྃཿ བྷཱུཾ་བྷི་ཤྭ་བྷི་ཤུད་དྷེ་བྷན་དྷ་ཛྙཱ་ན། ཙཀྲ་སཱུརྻཙན་ཏྲ་པདྨ་ཨེ་ཀ་མཎྜལ་ལ། དེ་བ་ཏི་ར་ནན ། དུ་ཏི་ཙཀྲ་ནན། རུ་ཏྲ་ཀྲོ་དྷི་ཏི་ར་བཾ། བྷྲཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སངས་རྒྱས་ཞིང་ཁམས་ཐམས་ཅད་ཁྱབ། དེ་བཞིན་གཤེགས་པའི་སྲས་སུ་དགོངས། བྱང་ཆུབ་སེམས་དཔའི་སྤུན་དུ་དགོངས། མ་མོ་དང་མཁའ་འགྲོས་རྗེ་བོར་དགོངས། གཞལ་ཡས་ཁང་གི་ཆེ་བའི་ཡོན་ཏན་ཐམས་ཅད་སྣང་བའི་ཚུལ་གྱིས་བསྡུས་སྟེ། བྷྲཱུཾ་ལ་ཐིམ་འོད་དུ་ཞུ་སྟེ། ཡེ་ཤེས་འབར་བའི་གཞལ་ཡས་ཁང། གྲུ་བཞི་ལ་སྒོ་བཞི་པ། ཕྱི་ནང་བཅུ་རིམ་དུ་ཡོད་པ། དེ་ཡི་དྲི་ར་གའི་རྩིགས་པ། ནང་མི་མགོ་རློན་པ། བར་ར་རི། ཕྱི་སྐམ་པོ་ལས་རྩིགས་པ། ཤ་ཆེན་དང་རཀ་ཏའི་རྩིགས་འཇིམ། ཐོད་པའི་དཔྲལ་བ་ནས་རྡོ་རྗེའི་ཐོག་འཕྲོ་བ། མིག་ནས་མེ་འབར་བ། རྣ་བ་ནས་ཞག །སྣ་ནས་རླུང་འཚུབ་པ། ཁ་ནས་རཀྟ་འབབས་པ། དེ་རྒྱབ། པན་ཙ་ར་གའི་རྩིགས་པ། སྔོན་པོ། དཀར་པོ། དམར་པོ། སེར་པོ། ལྗང་ཁུ། རྨང་དང་རྩེ་མོ་ཕྱིར་ངོམ་པ། དེ་རྒྱབ་ཨེ་རག་གི་རྩིགས་པ། ཤར་འཁོར་ལོ་དཀར་པོ། ལྷོ་རིན་ཆེན་སེར་པོ། ནུབ་པདྨ་དམར་པོ། བྱང་རལ་གྲི་ལྗང་ཁུ་གཟུགས་བརྙན་གྱིས་ཚུལ་དུ་འཆར་བ། རྩེ་རྩིག་ཕྱིར་ངོམ་པའི་སྟེང་དུ། ཐོད་པའི་ཕ་གུ་སེར་པོ་བཞི་གཉིས་སྣ་གཅིག་ནོན། དེའི་ནང་ངོས་ལ་འདོད་སྣམས་དམར་པོ། ལེབ་མོའི་སྟེང་ནས། ཞིང་གི་བཀའ་གདུང་བཅུ་དྲུག་དང་། རྩིབ་མའི་བཀྲག་རྩི་བྲེས་པ། ཀ་ཐུང་བཅུ་དྲུག་གིས་གམ་དུ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་པ། ཀ་གདུང་གི་སྟེང་དུ་གཟའ་ཆེན་བརྒྱད་ཀྱི་དམར་པོ་གྲུ་བཞིར་བྲེས་པའི་ཕྱི་ངོས་ལ་ཐོད་སྐཾ་གྱི་ཤར་བུ་བསྒྲིགས་པ། ནང་ལྷ་རྣམས་ཀྱི་ཕྱོགས་བཞི་མཚམས་བརྒྱད་དུ། ས་བདག་སྦལ་པ་སེར་པོ་བརྒྱད་ཀྱི་ཀ་གདན། དེའི་སྟེང་དུ་ལྷ་ཆེན་བརྒྱད་ཀྱི་ཀ་བ། ཉི་ཟླའི་ཀ་ཞུ་དང་བཅས་པ་བརྒྱད་བཙུགས་པ། དེའི་སྟེང་དུ་ཀླུ་ཆེན་བརྒྱད་ཀྱི་གདུང་མ་བཞི་ཟུར་དུ་བྲེས་པའི་སྟེང་ནས། ཕྱིའི་མཛེས་གདུང་གི་ཐོག་དུ། རྒྱུ་སྐར་ཉེར་བརྒྱད་ཀྱིས་བྲེས་པའི་ཁ་ནས། སྦྲུལ་ནག་གི་དྲ་བ་ལ་དྲིལ་བུ་གཡེར་ཁ་དང་། རྒྱུ་མ་ལ་དྲིལ་བུ་ཚོན་འཆང་བ། དྲ་ཁུག་གི་སྦྲུལ་མགོས ཙིཏྟའི་ཕོལ་ཕྱིངས་འཛིན་པའི་སྟེང་དུ་ཉི་ཟླའི་གདན་བཏིང་བ། གནོད་སྦྱིན་ཉེར་བརྒྱད་ཀྱིས་ཆམ་འཐུད་བྱས། དེའི་སྟེང་དུ་ཞིང་བྲན་གྱི་དྲལ་གྲབ་རྩིག་གཤོག་གི་ས་ཚགས། ཤ་ཆེན་གྱིས་ནག་ལེབ། རཀྟའི་སྤྱིན་ཐབས། དེའི་སྟེང་དུ་རྡོ་རྗེའི་མོ་གྱོ་རིང་ཡུག་ཏུ་སོང་པའི་རྩེ་མོར་པདྨ་ཕྱེད་པ་མར་འཕྱང་བ། ཕོ་གྱོ་རིང་ཡུག་ཏུ་སོང་པའི་རྩེ་མོར་མཆོད་རྟེན། ཡར་བསྒྲིགས་པ། མཆོད་རྟེན་གྱི་ནང་། ཕྱོགས་མཚམས་བརྒྱད་དུ། གདུགས་བརྒྱད། འཕན་བརྒྱད། བ་དན་བརྒྱད་ཡོད་པ། ཟུར་བཞིར་གནམ་ལྕགས་ཀྱི་གཟེར་ཆེན་གདབ་པ། དེས་ནི་ལྷ་རྣམས་ནང་མ་ཁེབས་པའོ། །དེའི་སྟེང་དུ་ཀ་ཐུང་གི་ཁ་ལ། མཛེས་གདུང་གྲུ་བཞིར་བྲེས་པ། ནང་པད་ཁར་རྩིགས་པ་གྲུ་བཞིའི་སྟེང་དུ་གདུང་ཟླུམ་བྲེས་པ། གདུང་ཟླུམ་གྱི་སྟེང་ནས་མཛེས་གདུང་གི་ཁ་ལ་ཕྱམ་ཉི་ཤུ་རྩ་བཞི་བྲེས་པའི་ཁ་ལ་དྲ་བ་ལ་སོགས་པ་དང་། རྡོ་རྗེའི་གྱོ་བ་ལ་སོགས་ཀྱི་གྲུ་ཆད་བཞི་བཀབབ་པ། དེའི་སྟེང་དུ་ཕྱི་ཀ་གདུང་གི་ཁ་ལ་མཛེས་གདུང་གྲུ་བཞིར་བྲེས་པའོ། ནང་བད་དཀར་རྩིགས་པ་ཟླུམ་པོའི་ཁ་ལ་གདུང་མ་གྲུ་བཞིར་བྲེས་པ། དེའི་ཐོག་དུ་ཕྱམ་ཉུ་ཤུ་བྲེས་པའི་ཁ་ལ་དྲ་བ་ལ་སོགས་དང་། གྱོ་མོ་ལ་སོགས་ཀྱིས། རྩིབས་མཚན་བཞི་བཀབ་པའོ། །དེའི་སྟེང་དུ་ཕྱི་ཀ་ཐུང་གི་ཁ་ལ་མཛེས་གདུང་གྲུ་བཞི་བྲིས་པའོ། །ནང་བད་དཀར་རྩིགས་པ་གྲུ་བཞི་གཏིང་དུ་གདུང་མ་ཟླུམ་པོར་བྲེས་པ། དེའི་སྟེང་ཕྱམ་བཅུ་དྲུག་བྲེས་པའི་ཁ་ལ་དྲ་བ་ལ་སོགས་དང་། རྡོ་རྗེ་མཐིང་ནག་གི་གྱོ་མོ་ལས་གྱེས་རྩིབས་བཞི་བཀབ་པའོ། །དེའི་སྟེང་དུ་བུམ་གདན་གྲུ་བཞི། བུམ་པ་ཟླུམ། བྲེ་སྐེ་དང་བྲེ་གྲུ་བཞི་ཆོས་འཁོར་དང་གདུགས་ཟླུམ། དར་འཕྱངས་ཉི་ཟླ་རྡོ་རྗེ་ཏོག་དང་བཅས་པའོ། །དེ་ནི་འཁྱམས་དང པོའི་རིམ་པའོ། །འཁྱམས་དགུ་པོ་ཀུན་ལ་ཕྱི་རྩིགས་པ་ནས། ཤར་བུའི་བར་འདྲ་བ་ལ། ནང་མ་ཐམས་ཅད། ལྷ་རྣམས་ཀྱི་ནང་ཟུར་ནས་ཀ་བ་ཕྱོགས་བཞི་མཚམས་སུ་གཙུགས་པའི་ཐོག་ཏུ་གདུང་གྲུ་བཞིར་བྲེས་པའི་སྟེང་དུ་ཕྱམ་ཉི་ཤུ་རྩ་བརྒྱད་ཀྱི་ཁ་ལ་དྲ་བ་ལ་སོགས་དང་། རྡོ་རྗེ་གྱོ་སོགས་ཀྱིས་ལྷ་རྣམས་བཀབ་པ་དང་། དེ་ནས་རིམ་བཞིན་དུ་བང་རིམ་བཞི་དང་། བུམ་པ་བཞི་ལ་སོགས་པའང་ནང་དང་མཐུན་པར་གསལ་བ། མཆོད་རྟེན་གྱི་ནང་དུ་མཆོད་རྟེན་བཅུ་བ རྩིག་པ་ལྟ་བུའོ། །རྒྱལ་ཆེན་ཕོ་མོས་སྒོ་སྐྱེས་བྱས་པ། གནམ་ལྕགས་ཡ་ཐེམ། ཁྲོ་ཆུའི་མ་ཐེམ། ཞིང་ཕྲན་ལ་སྦྲུལ་ནག་གིས་སྒོ་སྲོག་བྱས་པའི་སྒོ་ལེབ། རྡོ་རྗེའི་འདེན་བུ། སྒོ་ཐོག་དུ་བཅུ་གཅིག་རྡོ་རྗེའི་དྲ་མིག །སྒོ་ཁང་ནང་གིས་རྒྱན་དགུ་དང་བཅས་པའོ། །སྒོ་ཐེམ་གྱི་ཕྱི་རྒྱབ་ཏུ། སྟེགས་རྟ་བབས་བང་རིམ་བཞི་བཞི། སྒོ་ཁང་གི་ཕྱི་ཟུར་བཞི་ནས་ཀ་བ་བཞི་བཞིའི་ཁ་ལ། །གླང་གུར་དང་བཅས་པ་བརྒྱན་རྟ་བབས་བང་རིམ་བཞི་བཞི་པདྨ་དང་བཅས་པ་ལ། ཕྱིའི་བརྒྱན་དགུས་མཛེས་པ། དེའི་སྟེང་དུ་ཡུ་བ་ཆོས་འཁོར་བཅུ་གསུམ་དང་བཅས་པའི་ཞིང་ལྤགས་ཀྱི་གདུགས། དར་དཔྱངས། ཉི་ཟླ་རྡོ་རྗེའི་ཏོག་དང་བཅས་པའོ། །ཆོས་འཁོར་གཡས་གཡོན་དུ་འབྲུག་གི་རི་དྭགས་གཉིས་གཉིས་འབྲུག་སྒྲ་སྒྲོགས་པའོ། །གཞལ་ཡས་ཁང་གི་ཕྱི་རོལ་དུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའོ། །གཞལ་ཡས་ཁང་གི་ནང་འཁོར་ལོའི་ལྟེ་བ་དང་། རྩིབས་བརྒྱད་ལ། རིན་པོ་ཆེའི་ཁྲི་ལ་སོགས་པའི་གདན་དྲུག་བ རྩེགས་གཞན་རྣམས་ལ་རང་རང་གི་གདན་བསམ་མོ། །དེ་ནས་ལྷ་བསྐྱེད་པ་ནི། ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། དཀྱིལ་འཁོར་གྱི་དབུས་སུ། ཆེ་མཆོག་སྐུ་མདོག་མཐིང་ནག་དབུ་ཉེར་གཅིག་སྟེ། དང་པོའི་དབུས་མ་མཐིང་། གཡས་གསུམ་སེར་དམར་ལྗང་། གཡོན་གསུམ་དམར་སྔོ་ལྗང་། དེའི་སྟེང་དབུས་སེར་གཡས་གཉིས་ལྗང་དམར་གཡོན་གཉིས་མཐིང་དཀར། དེའི་སྟེང་དབུས་མཐིང་། གཡས་གཉིས་སེར་ལྗང་། གཡོན་གཉིས་དམར་དཀར། དེའི་སྟེང་དབུས་སྨུག །གཡས་དཀར་གཡོན་ལྗང་། རྩེ་མོ་དམར་པོ་རྟ་དབུ་ལྗང་ཀུས་རྟ་སྐད་བསྒྲོགས་པ། ཕྱག་ཞེ་གཉིས་ཀྱི་དང་པོ་གཉིས་ཀུན་བཟང་ཡབ་ཡུབ་ཐུགས་ཁར་བསྣོལ་ནས་འཛིན་པ། གཡས་འོག་མ་ཉི་ཤུ་ན། རིགས་ལྔ། སེམས་དཔའ་བརྒྱད། ཁྲོ་བོ་བཞི། ལྷ། ལྷ་མིན་གྱིས་ཐུབ་པ། ཉི་ཤུ་བསྣམས་པ། གཡོན་འོག་མ་ཉི་ཤུ་ན། ཡུམ་ལྔ། སེམས་མ་བརྒྱད། ཁྲོ་མོ་བཞི། བྱོལ་སོང་། ཡི་དྭགས་དམྱལ་བའི་ཐུབ་པ་ཉི་ཤུ་བསྣམས་པ། དུར་ཁྲོད་ཆས་བརྒྱད་དང་། དཔལ་ཆས་བརྒྱད་གྱིས་བརྒྱན་པ། རལ་པ་དམར་སེར། མེ་རི་མེ་དཔུང་གི་ཀློང་ན་བཞུགས་པ། བྱོལ་སོང་བཅོ་བརྒྱད་ཀྱི་ཁྲི་ལ། །དྲེགས་པ་པད་ཟླ་ཉི་མའི་སྟེང་དུ། ཡུམ་ཁྲོ་མོ་རྣམ་ཞལ་མ་སྐུ་མདོག་མཐིང་ནག་དབུ་དགུའི་དབུས་མ་མཐིང་ཀའི་ཞལ་ཆེ་མཆོག་གི་གསང་བའི་རྡོ་རྗེ་དང་སྦྱོར་བ། གཡས་ཞལ་བཞི་ལྗང་དམར། མཐིང་སེར་བའི་ཞལ་བཞི། ཆེ་མཆོག་ཞབས་གཡས་པ་བཞི་དང་སྦྱོར་བ། གཡོན་ཞལ་བཞི། དམར་། ལྗང་དཀར་། དམར་གྱི་ཞལ་བཞི་ཆེ་མཆོག་ཞབས་གཡོན་པ་བཞི་དང་སྦྱོར་བ། ཕྱག་བཅོ་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་ཐོད་པ་ཐུགས་ཀར་བསྣམས་པ། གཡས་ཀྱི་འོག་མ་བརྒྱད་ཀྱི་གནས་མ་བརྒྱད་ཀྱི་ལྷ་མོ་བརྒྱད་བསྣམས་པ། གཡོན་གྱི་འོག་མ་བརྒྱད་ཀྱི་ཡུལ་མ་ཕྲ་མེན་བརྒྱད་བསྣམས་པ། གནས་མ་བརྒྱད་དང་ཡུལ་མ་བརྒྱད་ཀྱིས་ཐོད་པ་བཅུ་དྲུག་བསྣམས་པའང་སྣང་ངོ་། །ཞབས་བཞི་ཉི་མ་ལ་སོགས་པའི་གདན་ལ་བཞེངས་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ལ་སོགས་པ་ཡབ་དང་འདྲ་བ་ལ། གཟིག་གིས་ཤམ་ཐབས་ཅན་གསལ་བར་བསྐྱེད་དོ། །ༀ་བཛྲ་ཤྲི་ཧེ་རུ་ཀ་ཧཱུཾ། བཛྲ་ཀྲོ་ཏི་ཤྭ་རི་ས་མ་ཡ་ཧཱུཾ། ཆེ་མཆོག་ཡབ་ཡུམ་གྱིས་མདུན་དུ། བཛྲ་ཧེ་རུ་ཀ་མཐིང་ནག །ཞལ་གསུམ་ཕྱག་དྲུག །དབུ་ཞལ་མཐིང་ཁ། གཡས་ཞལ་དཀར། གཡོན་ཞལ་དམར། ཕྱག་དང་པོ་གཉིས་ཐུགས་ཁར་རྡོ་རྗེ་དང་དྲིལ་བུ། གཡས་འོག་མ་གཉིས་ཁ་ཊཾ་དང་རྔེའུ་ཆུང་། གཡོན་འོག་མ་གཉིས་ཐོད་ཁྲག་དང་རྔ་ཡབ། ཡུམ་སྔོ་སྐྱ་གཡས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་ཁྲག་ཡབ་ལ་སྟོབས་པ། དོམ་གྱི་གདན་ལ་བཞེངས་པ། མེ་དཔུང་གི་ཀློང་ན་བཞུགས་པའོ། །ༀ་བུདྡྷ་ཤྲི་ཧེ་རུ་ཀ་ཧཱུཾ། བུདྡྷ་ཀྲོ་དྷི་ཤྭ་རི་ཧཱུཾ། ཤར་རྩིབས་ལ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་སྨུག་ནག གཡས་དཀར་གཡོན་དམར། ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ་ཐུགས་ཁར་བསྣོལ་བ། གཡས་འོག་མ་གཉིས་པདྨ་དང་རྩེ་གསུམ། །གཡོན་འོག་མ་གཉིས་བན་དམར་སྡིག་མཛུབ། ཁྱུ་མཆོག་གི་གདན་ལ་བཞུགས་པ། རཏྣ་ཤྲི་ཧེ་རུ་ཀ་ཧཱུཾ། རཏྣ་ཀྲོ་ཏི་ཤྭ་རི་ཧཱུཾ། ལྷོ་རྩིབས་ལ། རཏྣ་ཧེ་རུ་ཀ་སེར་ནག །གཡས་དཀར་གཡོན་དམར། ཕྱག་དང་པོ་གཉིས་རིན་ཆེན་དང་དྲིལ་བུ་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་རྩེ་གསུམ་དང་རལ་གྲི །གཡོན་འོག་མ་གཉིས་བྷན་དམར་དང་རལ་གྲི་འཛིན་པ། དྲེགས་པ་མ་ཧེའི་གདན་ལ་བཞུགས་པ། ༀ་པདྨ་ཤྲི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་ཏི་ཤྭ་རི་སྟྭཾ། ནུབ་རྩིབས་ལ། པདྨ་ཧེ་རུ་ཀ་དམར་ནག །གཡས་དཀར་གཡོན་མཐིང་། ཕྱག་དང་པོ་གཉིས་པདྨ་དང་དྲིལ་བུ་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་དགྲ་སྟྭ་དང་རྩེ་གསུམ། །གཡོན་འོག་མ་གཉིས་ཐོད་ཁྲག་དང་རལ་གྲི། སྟག་གི་གདན་ལ་བཞེངས་པ། ༀ་ཀརྨ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ། ཀརྨཱ་ཀྲོ་ཏི་ཤྭ་རི་སྟྭཾ། བྱང་རྩིབས་ལ། ཀརྨ་ཧེ་རུ་ཀ་ལྗང་ནག །གཡས་དཀར་གཡོན་དམར། དང་པོ་གཉིས་རྒྱ་གྲམ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་རྩེ་གསུམ་དང་གཤོལ། གཡོན་འོག་མ་གཉིས་བྷན་དམར་དང་ཏི་ར་བསྣམས་པ། དྲེགས་པ་ཁྱོ་ཤུགས་གཟིག་གི་གདན་ལ་བཞུགས་པ། །ཡུམ་ཐམས་ཅད་སྐུ་མདོག་ཡབ་དང་འདྲ་བ། གཡས་པས་ཡབ་ལ་འཁྱུད་ཅིང་། གཡོན་པ་ཐོད་ཁྲག་ཡབ་ལ་སྟོབས་པ། ཡབ་ཡུམ་ཀུན་དཔལ་ཆས་དང་། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ། །ༀ་མ་ཧཱ་རཀ་ཤ་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུ ཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། མ་ཧཱ་རཀྵ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ཤར་ལྷོའི་རྩིབས་ལ། རཀ་ཤ་ཧེ་རུ་ཀ་མཐིང་ནག །དབུ་དགུ་ཕྱག་བཅོ་བརྒྱད་པ་ཞལ་དང་པོ་གསུམ་དབུས་མཐིང་། གཡས་དཀར་གཡོན་དམར། དེའི་སྟེང་མ་གསུམ་དབུས་སྨུག །གཡས་ལྗང་། གཡོན་དཀར། དེའི་སྟེང་མ་གསུམ། དབུས་མཐིང་གཡས་དཀར་གཡོན་དམར། ཕྱག་བཅྭ་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་དུང་དམར་བསྣམས་ནས་ཡུམ་ལ་འཁྱུད་པ། གཡས་འོག་མ་བརྒྱད་ན་དགྲ་སྟྭ། གཡོན་འོག་མ་བརྒྱད་ན་མདུང་རྩེ་གསུམ། ཡུམ་རཀ་ཤ་ཧེ་རུ་ཀ དུང་ཁྲག་སྟོབས་པ་དང་འཁྲིལ་བ། དྲེགས་པ་བསྣོལ་བའི་གདན་ལ་བཞེངས་པ། ༀ་མ་ཧཱ་རཀྴ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚ ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་མ་ཧཱ་ཡཀྴ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། ལྷོ་ནུབ་ཀྱི་རྩིབས་ལ། ཡཀྴ་ཧེ་རུ་ཀ་མཐིང་ནག་ཡབ་ཡུམ་ཞལ་དབུས་མ་མཐིང་། གཡས་ཞལ་དཀར། གཡོན་ཞལ་དམར། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་རྩེ་གསུམ་དང་རྔ་ཆུང་། གཡོན་འོག་མ་གཉིས་རལ་གྲི་དང་སྟ་རེ། ཡུམ་གཟིག་ཤཾ་དྲེགས་པ་བསྣོལ་པའི་གདན་ལ། །ༀ་མ་ཧཱ་ས་ནུ་ཤྲི་ཧེ་རུ་ཀ་མ་ཧཱ་ཙན་དྷ་སརྦ་དུ ཥྚན་ཏ་ཀ་ཧ་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་མ་ཧཱ་ས་ནུ་ཀྲོ་ཏི་ཤྭ་རི་ཛ་ལ་ཧཱུཾ་ཕཊ། ནུབ་བྱང་གི་རྩིབས་ལ། ས་ནུ་ཧེ་རུ་ཀ་དམར་ནག་གཡས་དཀར་གཡོན་སྔོ། དང་པོ་གཉིས་རྡོ་རྗེ་དང་ཐོད་ཁྲག །གཡས་འོག་མ་གཉིས་རྩེ་གསུམ་དང་རྔ་ཆུང་། གཡོན་འོག་མ་གཉིས་བན་དམར་དང་ཁ་ཊཾ་ཁ། གྷུ་ཡ་ཤྲི་ཧེ་རུ་ཀ་ཧཱུཾ། གྷུ་ཡ་ཀྲོ་ཏི་ཤྭ་རེ་སྟྭཾ། བྱང་ཤར་གྱི་རྩིབས་ལ། གྷུ་ཡ་ཧེ་རུ་ཀ་ལྗང་ནག །གཡས་དམར། གཡོན་སེར། ཕྱག་དང་པོ་གཉིས་རལ་གྲི་དང་བན་དམར་བསྣམས་ནས་ཡུམ་ལ་འཁྱུད་པ། བར་མ་གཉིས་གཏུན་ཤིང་དང་རྩེ་གསུམ། ཐ་མ་གཉིས་གླང་ཆེན་ལྤགས་པ་གསོལ་བ། དྲེགས་པའི་གདན་ལ་ཡུམ་སྔར་བཞིན་ནོ། །ༀ་བཛྲ་ཀོའུ་རི་ཧ། ཤར་གྱི་གློ་འབུར་ལ་ཀོ་རཱི་མ་དཀར་མོ། །ཕྱག་གཡས་ཞིང་དབྱུག །གཡོན་ཐོད་ཁྲག །ཞིང་ལྤགས་ཀྱི་ན་བཟའ་སྟོད་དུ་གཡོག་པ། གཟིག་གི་ཤམ་ཐབས། ཐོད་སྐམ་གྱི་དབུ་བརྒྱན། ཐོད་རློན་གྱི་དོ་ཤལ། ཕྱག་གདུབ། ཞབས་ག དུབ་ལ་སོགས་པ་དང་ལྡན་པའོ། །ཞིང་གི་གདན། བཛྲ་ཙོ་རི་ཧི། ལྷོའི་གློ་འབུར་ལ། ཙོ་རི་སེར་མོ་མདའ་གཞུ་འགེངས་པ། ༀ་བཛྲ་པྲ་མོ་ཧེ་ཧ། ནུབ་ཀྱི་གློ་འབུར་ལ་པྲ་མོ་དམར་མོ། གཡས་ཆུ་སྲིན་གྱིས་རྒྱན་མཚན། གཡོན་ཐོད་ཁྲག །ༀ་བཛྲ་བེ་ཏཱ་ལཱི་ཧཱ། བྱང་གི་གློ་འབུར་ལ། བེ་ཏཱ་ལཱི་ནག་མོ་གཡས་རྡོ་རྗེ། གཡོན་ཞིང་ཞལ་དུ་གསོལ་བ། ༀ་བཛྲ་པུཀྐ་སཱི་ཧ། ཤར་ལྷེའི་གྲུ་ཆད་ལ། པུཀྐ་དམར་སེར། ཕྱག་གཡོན་པས་ཞིང་བསྣམས་ནས། གཡས་པས་དེའི་རྒྱུ་མ་ཞགས་པས་འདྲེན་པ། ༀ་བཛྲ་གྷ ས་མ་རཱི་ཧཱ། ལྷོ་ནུབ་ཀྱི་གྲུ་ཆད་ལ། གྷསྨ་རི་ལྗང་ཁུ་གཡོན་པས་ཐོད་ཁྲག གཡས་པ་རྡོ་རྗེས་དཀྲུག་ཅིང་གསོལ་པ། ༀ་བཛྲ་སྨེ་ཤ་ནཱི་ཧ། ནུབ་བྱང་གི་གྲུ་ཆད་ལ། སྨེ་ཤ་ནི་མཐིང་ནག །ཕྱག་གཉིས་ཀྱིས་ཞིང་བཟུང་ལ། དེའི་གློ་སྙིང་ཟ་བའོ། །ༀ་བཛྲ་ཙནྚ་ལི་ཧ། བྱང་ཤར་དུ་གཏུམ་མོ་སེར་མོ། ཕྱག་གཉིས་ཀྱིས་ཞིང་བཟུང་ནས་མགོ་ལུས་བྲལ་བའོ། །ༀ་བཛྲ་སིང་ཧ་མུ་ཁཱི་ཧི། འཁྱམས་དང་པོའི་ལྷ་སྣམས་དང་པོ་ཤར་དུ། སིར་ཧ་མུ་ཁཱི་སེར་མོ། མགོ་སེང་གེ་དཀར་མོའི་ཁ་ནས་རོ་ཟ་བ། ཕྱག་གཉིས་ཀྱི་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་ཐུགས་ཀར་བསྣོལ་བ། ༀ་བཛྲ་བྱ་གྷྲི་མུ་ཁཱི་ཧེ། ལྷོར་བྱ་གྷྲི་མུ་ཁཱི་དམར་མོ་སྟག་མགོ་སེར་མོ། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་ཐུགས་ཀར་བསྣོལ་བ། བཛྲ་སྲིངྒ་ལ་མུ་ཁི་ཧི། ནུབ་ཏུ་སྲིངྒ་ལ་མུ་ཁེ་ནག་མོ་ཝ་སེར་པོའི་མགོ་ཅན། ཕྱག་གཉིས་ཀྱི་ཞིང་གི་ལྤགས་པ་བསྣམས་ནས་དེའི་ཆུ་སེར་ལྡག་པ། ༀ་བཛྲ་ཤྭ་ན་མུ་ཁཱི་ཧེ། བྱང་དུ་ཤོ་ན་མུ་ཁི་འཐིང་ནག་སྤྱང་ཀའི་མགོ་ཅན། ཕྱག་གཉིས་ཞིང་བཟུང་ནས་དེའི་གློ་སྙིང་ཟ་བའོ། །ༀ་བཛྲ་གྷྲཱིདྡྷ་མུ་ཁི་ཧེ། ཤར་ལྷོར་གྲཱིང་ཌྷ་མུ་ཁཱི་དམར་མོ་བྱ་རྒོད་དཀར་པོའི་མགོ་ཅན། གཡས་གྲི། གཡོན་ཐོད་ཁྲག །བཛྲ་ཀཾ་ཀ་མུ་ཁཱི་ཧེ། ལྷོ་ནུབ་ཏུ་ཀཾ་ཀ་མུ་ཀི་སྐུ་མདོག་དམར་མོ། ཕྱག་གཉིས་ཀྱིས་ཞིང་ཕྲག་པ་ལ་ཁུར་བ། བཛྲ་ཀཾ་ཀ་མུ་ཁཱི་ཧ། །ནུབ་བྱང་དུ་ཁ་ཁ་མུ་ཁཱི་ནག་མོ། གཡས་གྲི་གཡོན་ཐོད་ཁྲག །ཞལ་ན་རོ་ཐོགས་པ། ༀ་བཛྲ་ཨུ་ལུ་མུ་ཁཱི་ཧེ། །བྱང་ཤར་དུ་ཧུ་ལུ་མུ་ཁི་མཐིང་ཁ་འུག་པ་སེར་པོའི་མགོ་ཅན། གཡས་ལྕགས་ཀྱུ་གཡོན་ཐོད་ཁྲག །ༀ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛ། ཤར་སྒོར་རྟ་གདོང་ལྕགས་ཀྱུ་མ་དཀར་མོ་རྟའི་གདོང་ཅན། གཡས་ལྕགས་ཀྱུ། གཡོན་ཐོད་ཁྲག །ༀ་བཛྲ་ཨ་མུ་ཁཱེ་ཧཱུཾ། ལྷོ་སྒོར་ཕག་གདོང་ཞགས་པ་མ་སེར་མོ། ཞགས་པ་བསྣམས་པ། ༀ་བཛྲ་ལོ་ཀ་བཾ། ནུབ་སྒོར་སྤྲེལ་གདོང་དམར་མོ་ལྕགས་སྒྲོགས་བསྣམས་པའི་མདོ་མིག་སྨིན་མཚམས་སུ་ཡོད་པའི་ནང་མ་ཉི་ཟླ་གའུ་ནང་དུ་རྣལ་འབྱོར་བའི་ཚེ་འཛིན་པ། ༀ་བཛྲ་བྷསྨི་པ་ལ་ཡ་བྷ་ཏོ་ཧོ། བྱང་སྒོར་སྤྱང་གདོང་མ་ལྗང་ཁུ། །གཡས་དྲིལ་བུ་གཡོན་ཐོད་ཁྲག་བསྣམས་པ། །བརྒྱན་ཆ་ལུགས་གོང་དང་མཐུན་པའོ། སྒོ་འཁྱམས་གཉིས་པ་ལ། ༀ་བཛྲ་ཨ་པྲ་ཏི་ཧ་ཨ རྻ་ནི་ཙ་ཏུ ར་ཏ་ར་ཕཊ། ཨ་རཀ་མོ་ཧཱུྃ། ལྷ་སྣམས་ཀྱི་ཤར་དུ། མི་ཟད་སྣ་ཚོགས་མདོག གཡས་ཉི་ཟེར་གཡོན་ཞགས་པ། གསང་སྔགས་འགྲེ། ལྷོར་གཏུམ་མོ་སེར་མོ་མདུང་བསྣམས་པ། སྔགས་འགྲེ། ནུབ་རྡོ་རྗེ་མཚོན་མེ་མ་དམར་མོ་གཡས་དྲིལ་བུ་གཡོན་ཐོད་ཁྲག །སྔགས་འགྲེ། བྱང་དུ་ཐོག་མེད་མ་སྔོ་ནག །དཀར་མདའ་བསྣམས་པ། སྔགས་འགྲེ། ཤར་ལྷོར་མེ་ཁྱེར་མ་དམར་ནག །གློག་གི་འཕྲེང་བ་བསྣམས་པ། སྔགས་འདྲེ། ལྷོ་ནུབ་གཤིན་རྗེ་མ་སྔོ་ནག་རལ་གྲི་དང་དགྲ་སྟ་བསྣམས་པ། སྔགས་འདྲེ། ནུབ་བྱང་དུ། གནོད་སྦྱིན་མོ་མཐིང་ནག་ཁྱུང་ཐོགས་པ། སྔགས་འདྲེ། བྱང་ཤར་དུ་འཇིགས་རྟེན་མ་སྨུག་ནག །གླང་ཤ་བསྣམས་པ། ༀ་ཤྲཱི་བཛྲ་མུཏྒ་ར་མུ་ཁ་ཤྭ་ར་ཡ་ཡ་ན་མ་ཧཱུཾ། ཤར་སྒོར་མིག་གཅིག་མ་དཀར་མོ། །རྡོ་རྗེ་དང་དྲིལ་བུ་བསྣམས་པ། ༀ་ཤྲི་བཛྲ་ར་ག་མ་ཤྭ་ར་ཡཱ་ཡ་ན་མ་ཧཱུཾ། ལྷོ་སྒོར་ཚེ་འཕེལ་མ་སེར་མོ་མདའ་གཞུ་འགེངས་པ། །ༀ་ཤྲི་ཁ་ཊཾ་ཁ་པྲ་ཛྭ་ལ་ཡ་ཡ་ན་མ་ཧཱུཾ། ནུབ་སྒོར་དམར་མོ་དབང་སྡུད་མ། ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ། ༀ་ཤྲི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡ་ན་མ་ཧཱུཾ། བྱང་སྒོར་ལྗང་ནག་རལ་གཅིག་མ། གསུང་རབ་དྲིལ་བུ་ཁྲོལ་བ། སྒོ་འཁྱམས་གསུམ་པ་ལ། ཤར་སྟོད་ནས་རིམ་པ་ལྟར་མ་དྲུག་བསྐྱེད། མ་ནུ་རཀ་ཤ་སི་བྷྱོ། དབང་ཕྱུག་ཆེན་མོ་མི་སྲིན་མོ། སྐུ་མདོག་དམར་ནག་རྡོ་རྗེ་དང་ཐོད་རློན་བསྣམས་པ། དེ་ཉིད་གནས་གྱུར་པ། མི་སྲིན་མ་དམར་སེར་གཡག་གི་མགོ་ཅན། ཞིང་ཆེན་དང་ཏྲི་ཤུལ་བསྣམས་པ། པྲ་མ་ནི་བྷྱོ། ཚངས་མ་སྐུ་མདོག་དམར་སེར། པདྨ་བསྣམས་པ། དེ་ཉིད་གནས་གྱུར་པ། ཚངས་མ་དམར་སྐྱ་སྦྲུལ་མགོ་ཅན། རྩེ་ལྔ་དང་བན་དམར་བསྣམས་པ། རོ་ཏྲི་བྷྱོ། འཁྲུག་མོ་སྐུ་མདོག་དཀར་མོ་རྡོ་རྗེ་དང་ཏྲི་ཤུལ་བསྣམས་པ། །དེ་ཉིད་གནས་གྱུར་པ་ཁྲོ་མོ་དམར་སེར་གཟིག་མགོ་ཅན། དབྱུག་ཐོ་དང་སྙིང་འབྱིན་པ། ༀ་བཛྲ་བེཥྞ་བེ་བྷྱོ། དབང་མོ་མ་སྐུ་མདོག་དཀར་མོ་ཨིན་ཏྲ་གདེང་བ་དང་། ཏྲི་ཤུ་ལ་བསྣམས་པ། དེ་ཉིད་གནས་གྱུར་པ་ཨིན་ཏྲ་དཀར་དམར་སྲེ་མོང་མགོ་ཅན། བྱི་སྙིང་ཟ་བ་དང་། ཐོད་ཁྲག་བསྣམས་པ། བཛྲ་ཀུ་མ་རི་བྷྱོ། རྟོག་འདོད་མ་སྔོན་མོ་རྡོ་རྗེ་དང་འཁོར་ལོ་བསྣམས་པ། དེ་ཉིད་གནས་གྱུར་པ། ཁྱབ་འཇུག་སེར་མོ་ཕ་ཝང་གི་མགོ་ཅན་འཁོར་ལོ་བསྣམས་པ། བཛྲ་ཨིནྟྲ་མ་ནི་བྷྱོ། གཞོན་ནུ་མ་དམར་མོ་རྡོ་རྗེ་དང་མདུང་བསྣམས་པ། དེ་ཉིད་གནས་གྱུར་པ་དབང་མོ་དམར་སྐྱ། དྲེད་ཀྱི་མགོ་ཅན་བཾ་དབྱུག་བསྣམས་པ། །ལྷོའི་མ་མོ་དྲུག་ནི། ༀ་བཛྲ་སིངྒ་ལཾ་བྷྱོ། ཞི་བ་མ་དམར་མོ། རྡོ་རྗེ་དང་ཐོད་ཁྲག །དེ་ཉིད་གནས་གྱུར་པ། ཞི་བ་དམར་མོ་སྐུ་མདོག་དམར་མོ་དོམ་གྱི་མགོ་ཅན། རྒྱུ་ཞགས་བསྣམས་པ། བཛྲ་ཨ་སྨྲི་ཏ་བྷྱོ། བདུད་རྩི་མ་སྐུ་མདོག་དམར་མོ་རྡོ་རྗེ་དང་པདྨ་བསྣམས་པ། དེ་ཉིད་གནས་གྱུར་པ། བདུད་རྩི་མ་སྔོན་མོ་ཆུ་སྲིན་གྱི་གདོང་པ་ཅན། རིན་པོ་ཆེའི་བུམ་པ་བསྣམས་པ། ༀ་བཛྲ་སོའུ་མྱག་མ་བྷྱོ། ཞི་བ་མ་སྐུ་མདོག་དཀར་མོ། རྡོ་རྗེ་དང་པུཎྡྷ་རི་ཀ་བསྣམས་པ། དེ་ཉིད་གནས་གྱུར་པ། ཞི་བ་མོ་སྔོ་སྐྱ་སྡིག་པའི་མགོ་ཅན། བམ་རིལ་ཁོག་སྨད་བསྣམས་པ། བཛྲ་དྷ་ན་དམ་བྷྱོ། བེ་ཅོན་མ་སྐུ་མདོག་སྔོན་མོ་རྡོ་རྗེ་དང་དབྱུག་ཏོ་འཕྱར་བ། དེ་ཉིད་གནས་གྱུར་པ། བེ་ཅོན་ནག་མོ་ཁྲའི་མགོ་ཅན། བཾ་ཆེན་གྱི་ཐོད་རློན་བསྣམས་པ། བཛྲ་རཀ་ཤ་སི་བྷྱོ། སྲིན་མོ་སྐུ་མདོག་དམར་སེར་རྡོ་རྗེ་དང་ཐོད་ཁྲག །དེ་ཉིད་གནས་གྱུར་བ། སྲིན་མོ་དམར་ནག་ཝའི་མགོ་ཅན། ཞིང་གི་རྒྱུ་མ་འདྲེན་པ། ༀ་བཛྲ་བག་ཤ་སི་བྷྱོ། ཟ་བ་མོ་སྐུ་མདོག་དམར་ནག་རྡོ་རྗེ་དང་བ་སུ་འདྲེན་པ། དེ་ཉིད་གནས་གྱུར་པ། ཟ་བྱེད་ནག་མོ་སྟག་གི་མགོ་ཅན་དང་། བམ་ཆེན་གྱི་སྙིང་འབྱིན་པ། ནུབ་ཀྱི་མ་དྲུག་ནི། བཛྲ་ར་ཏི་ཧཾ་བྷྱོ། དགའ་བ་མོ་སྐུ་མདོག་དཀར་མོ། རྡོ་རྗེ་དང་ག་དར་བསྣམས་པ། དེ་ཉིད་གནས་གྱུར་པ། དགའ་བྱེད་དམར་མོ་བྱ་རྒོད་ཀྱི་མགོ་ཅན། ཁོག་ཆེན་བསྣམས་པ། བཛྲ་རུ་ཏི་རི་མ་ཏི་བྷྱོ། ཁྲག་འཐུང་མྱོས་མ་སྐུ་མདོག་དཀར་མོ། རྡོ་རྗེ་དང་གཤོལ་བསྣམས་པ། དེ་ཉིད་གནས་གྱུར་པ། ཁྲག་འཐུང་དམར་ནག་རྟའི་མགོ་ཅན། རྡོ་རྗེར་དབྱུག་དང་དུང་དམར་བསྣམས་པ། བཛྲ་ཨེ་ཀ་ཙ་ར་མ་བྷྱོ། རྡོ་རྗེ་སེར་མོ་རྡོ་རྗེ་དང་སྤུ་གྲི། དེ་ཉིད་གནས་གྱུར་པ། གཅིག་པུ་དཀར་དམར་ལྡིང་གི་མགོ་ཅན། རྡོ་རྗེ་དང་བན་དྷ་བསྣམས་པ། ཨཾ་མ་ནུ་ཧ་རཾ་བྷྱོ། ཡིད་འཕྲོག་མ་སྐུ་མདོག་དམར་མོ། མདའ་གཞུ་ཐོགས་པ། དེ་ཉིད་གནས་གྱུར་པ། ཡིད་འཕྲོག་དམར་སེར་ཁྱིའི་མགོ་ཅན། ཞིང་སྡོམ་ཟ་བ། ༀ་བཛྲ་སིདྡྷི་ཀཾ་བྷྱོ། གྲུབ་མོ་སྐུ་མདོག་དཀར་མོ་རྡོ་རྗེ་དང་བུམ་པ་བསྣམས་པ། དེ་ཉིད་གནས་གྱུར་པ། གྲུ་མོ་དཀར་དམར་པུ་ཤུད་ཀྱི་མགོ་ཅན། པདྨ་དང་བྱི་སྙིང་ཟ་བ། བཛྲ་བ་ཡ་བེ་བྷྱོ། རླུང་མོ་སྐུ་མདོག་སྔོ་ནག །རྡོ་རྗེ་དང་བ་དན་འཕྱར་བ། དེ་ཉིད་གནས་གྱུར་པ། རླུང་མོ་དམར་སྐྱ་ཤ་བའི་མགོ་ཅན། རོ་ཟ་བའོ། བྱང་གི་མ་དྲུག་ནི། བཛྲ་མ་ཧཱ་མ་ར་ན་བྷྱོ། ཁྱོ་མེད་མ་སྐུ་མདོག་དམར་ནག་རྡོ་རྗེ་དང་རལ་གྲི། དེ་ཉིད་གནས་གྱུར་པ། གསོད་བྱེད་ལྗང་ནག་སྦྱང་ཁུའི་མགོ་ཅན། བམ་ཆེན་དང་རྔ་ཆུང་འཛིན་པ། ༀ་བཛྲ་ཨགྣ་ཡེ་བྷྱོ། མེ་ལྷ་མོ་སྐུ་མདོག་དམར་མོ་རྡོ་རྗེ་དང་གསལ་ཤིང་འཛིན་པ། དེ་ཉིད་གནས་གྱུར་པ། མེ་ལོང་ལྗང་དམར་སྐྱིིན་གྱི་མགོ་ཅན། སྲེག་རྒྱུ་འདྲེན་པ་ༀ་བཛྲ་བཱ་ཱར་ཧི་བྷྱོ། སྣ་ཆེན་མ་སྐུ་མདོག་དམར་ནག །རྡོ་རྗེ་དང་ཐོད་ཁྲག་འཐུང་བ། དེ་ཉིད་གནས་གྱུར་པ། སྣ་ཆེན་ལྗང་དམར་གླང་གི་མགོ་ཅན། བཾ་ཆེན་ལ་ལོངས་སྦྱོད་པ། ༀ་བཛྲ་བྷ་ན་བྷྱོ། ཆུ་ལྷ་མོ་སྐུ་མདོག་དཀར་མོ་སྔོ་སྦྲུལ་ཞགས་པ་འཛིན་པ། དེ་ཉིན་གནས་གྱུར་པ་ལས། ཀླུ་མོ་ལྗང་ནག་སྦྲུལ་མགོ་ཅན། བདུད་རྩི་དུང་དམར་གསོལ་བ། ༀ་མ་ཧཱ་ཀ་ལ་བྷྱོ། གཉིས་ཤར་སྒོར་ནག་མོ་སྐུ་མདོག་ནག་པོ། རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ། དེ་ཉིད་གནས་གྱུར་པ་ནག་མོ་ཁུ་བྱུག་གི་མགོ་ཅན་དང་། ལྕགས་ཀྱུ་བསྣམས་པ། ༀ་བཛྲ་མ་ཧཱ་ཀ་ལ་ཡེ་བྷྱོ། ལྷོ་སྒོར་ར་མགོ་མ་སྐུ་མདོག་དམར་སེར་ཞགས་པ་བསྣམས་པ། དེ་ཉིད་ཀྱི་སྤྲུལ་པ་ར་གདོང་མ། སྔོན་མོ་ར་མགོ་ཅན་ཞགས་པ་བསྣམས་པ། ༀ་བཛྲ་བུམ་པ་ཀ་ལ་མ་བྷྱོ། ནུབ་ཏུ་བུམ་སྣ་མ་སྐུ་མདོག་སྔོ་ནག་ལྕགས་སྒྲོགས་བསྣམས་པ། དེའི་སྤྲུལ་པ་བེ་ཅོན་མ་དམར་མོ། སེང་གེ་མགོ་ཅན། ལྕགས་སྒྲོགས་བསྣམས་པ། ༀ་ལམ་པོ་ད་ར་བྷྱོ། བྱང་སྒོར་པུས་འཛིན་མ་སྐུ་མདོག་ལྗང་ནག་རྡོ་རྗེ་དང་དྲིལ་བུ་འཁྲོལ་བ། དེའི་སྤྲུལ་པ་གསུས་འཛིན་མ་ལྗང་དམར། སྐྱ་ཀའི་མགོ་ཅན། དྲིལ་ཆེན་དང་དུང་དམར་བསྣམས་པ། དེ་ལྟར་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་པོ་ཀུན། ཞིང་ལྤགས་ཀྱི་སྟོད་གཡོགས། གཟིག་ལྤགས་ཀྱི་ཤམ་ཐབས། དར་དང་རིན་ཆེན་བརྒྱན་ཀྱིས་བརྒྱན་པ། མཛེས་པས་བརྒྱན་པ། ཞིང་སྐམ་ཚལ་པའི་གདན་དང་བཅས་པའོ། །དེ་ནས་འཁྱམས་སྒོ་བཞི་པའི་མཁའ་འགྲོ་མ་སུམ་བཅུ་རྩ་གཉིས་ལ། ཤར་དུ་དྲུག །ལྷོར་དྲུག །ནུབ་དུ་དྲུག །བྱང་དུ་དྲུག །མཚམས་བཞིར་བཞི། སྒོ་བཞིར་བཞི་བསྐྱེད་དོ། །མ་ཧཱ་བཛྲ་དྷ་ར། མཁའ་འགྲོ་དགའ་བྱེད་དཀར་མོ་རྡོ་རྗེ་བསྣམས་པ། ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། འདྲེན་བྱེད་དཀར་སྐྱ། ལྕགས་ཀྱུ་བསྣམས་པ། བཛྲ་མ་ཧཱ་ཧེ་ལ་བ་ཏི་ཧཱུྃ། བསོད་བྱེད་མ་དཀར་མོ་མདའ་གཞུ་འགེངས་བ། ༀ་ཀུ་མ་ར་པྲ་ཡེ་ཧཱུྃ། སྤོར་བྱེད་དཀར་སྐྱ་སྤུ་གྲི་བསྣམས་པ། མ་ཧཱ་བཛྲ་མ་ཏི་ཧཱུྃ། འབར་བྱེད་མ་མཐིང་ནག་རིན་ཆེན་བསྣམས་པ། བཛྲ་ཏྲི་ཤྲཱི་སྨ་ར་ཡ་ཧཱུྃ། གཟི་བརྗིད་མ་མཐིང་ཁ། ཉི་མའི་ཐགས་པ་འཛིན་པ། བཛྲ་ཙགྣེ་ན་ཧཱུྃ། ཁྲོ་གཉེར་མ་མཐིང་ནག་འཕྱར་དར་འཛིན་པ། མ་ཧཱ་བཛྲ་ཀྲོ་དྷི་ཧཱུཾ། འཇོམས་བྱེད་མ་མཐིང་ཁ་མཆུ་འགྲམས་ཞིང་ཁ་གདངས་བསྣམས་པ། ༀ་མ་ཧཱ་ཨ་སྨྲི་ཏོཏྤ་ཏི་ཧཱུྃ ། ཆགས་ཆེན་མ་དམར་ནག །པདྨ་དང་ཐོད་ཁྲག་བསྣམས་པ། མ་ཧཱ་སོའུ་མ་ཧཱུྃ། ཆགས་བྲལ་མ་དམར་ནག །རལ་གྲི་དང་ཁ་ཊཾ། མ་ཧཱ་བཛྲ་ཙནྡེ་ཧཱུྃ། འཁོར་ལོ་མ་དམར་སེར་འཁོར་ལོ་བསྣམས་པ། མ་ཧཱ་ར་མ་ནི་ཧཱུྃ། རྒྱས་འདེབ་མ་དམར་མོ། །ལྕེ་དང་ལྕགས་ཀྱུ་བསྣམས་པ། མ་ཧཱ་ཨ་སྨྲི་ཏི་ཀ་པ་ལ་ཧསྟི་ཏ་ཀི་ཧཱུྃ། སྣ་ཚོགས་ལུས་འཆང་མ་ལྗང་ཁུ་རྒྱ་གྲམ་དང་སྟྭ་རེ་བསྣམས་པ། བཛྲ་སུ་མ་ཧཱུྃ། བསྲུང་བ་མོ་ལྗང་ཁུ་གོ་ཁྲབ། བཛྲ་སྨྲི་ཏ་སུ་ཏ་དཎྜ་རི་ཧཱུྃ། གནོད་སྦྱིན་མ་ལྗང་མོ། མཆེ་བ་དང་སྒྲོམ་བུ་བསྣམས་པ། བཛྲ་བི་ལ་ཀེ །ཡང་དག་འཕྲོག་བྱེད་མ་ལྗང་ཁུ། རྡོ་རྗེ་ཁུ་ཚུར་བསྣམས་པ་བྷི་བྷ་རི་རམ་ཧཱུྃ། བྱ་རོག་གདོང་མ་ནག་མོ། དྲི་དང་མཁར་གཞོང་བསྣམས་པ། བཛྲ་ཤ་ནི་ཀྵ་ཧཱུྃ། འཇིག་བྱེད་མ་དཀར་སྔོ་མཆེ་བ་གཙིགས་མ་དཀར་མོ། རིན་ཆེན་དང་དུང་དམར་འཛིན་པ། བཛྲ་ཤ་ནི་ཏ་ཀ་ཧཱུྃ། །ཐམས་ཅད་སྒྲོལ་བྱེད་དཀར་སྔོ་གཞད་ཀྱི་མགོ་ཅན། སྙིང་དང་ཐོད་རྔ་འཛིན་པ། ༀ་བཛྲ་པི་ཏ་ཀ་ཧཱུྃ། །ལས་བྱེད་མ་དཀར་སྔོ་འུག་པའི་མགོ་ཅན། ཀེཾ་རུས་འཛིན་པ། ༀ་བཛྲ་ཨ་ན་ཡ་ཧཱུྃ། དུར་ཁྲོད་འཇོམས་མ་ཁྱིའི་མགོ་ཅན་མཐིང་ནག་ཀེཾ་རུས་འཛིན་པ། ༀ་བཛྲ་བེ་ཀེ་ཧཱུྃ། རྟོག་བྲལ་མ་མཐིང་ནག་ཕག་མགོ་ཅན། ཚིལ་དང་སྙིང་ཟ་བ། བཛྲ་དུ་ལ་ཡ་ཧཱུྃ། འདོད་འཇོམས་མ་སྔོ་ནག་རྔ་མོའི་མགོ་ཅན། མིའི་གློ་བ་འདྲེན་པ། ཏ་ཀི་བི་ཀ་ཏེ་ཐོན་དབྱུག་མ་སྔོ་མོ། བོང་བུའི་མགོ་ཅན་དགྲ་སྟྭ་བསྣམས་པ། བཛྲ་ཏི ར་ཤི་ཏ་ཧཱུྃ། །འཇོམས་མ་དམར་མོ་རའི་མགོ་ཅན། སྤུ་གྲི་དང་། སྙིང་འཛིན་པ། ཀཱ་ལི་པྲ་བེ་ཤ་ཧཱུྃ། སྒྲོལ་བྱེད་མ་དམར་ནག་བྱི་ལའི་མགོ་ཅན། །རུས་པ་འཆའ་བ། ཨུས་སྟིདྨ་ས་ཧཱུྃ། ཞེ་སྡང་འཇོམ་བྱེད་མ་དམར་ལྗང་། །སེང་གེའི་མགོ་ཅན། ཀེཾ་རུས་དང་མི་མགོ་འཛིན་པ། །བཛྲ་ཀ་རན་ཛ། ཀུན་རྫོགས་མ་དམར་སེར་ལྕེ་སྤྱང་གི་མགོ་ཅན། རུས་འཕྲེང་འཛིན་པ། སརྦ་ཨ་ཏ་རི་ཧཱུྃ། སྲིན་མོ་བུམ་སྣ་དམར་སེར་སེང་གེ་མགོ་ཅན། རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ། །བ་ལ་ཏ་ཀི་ཧཱུྃ། གཤིན་རྗེ་རྣམ་འཇོམས་ལྗང་ཁུ། གྲི་དང་ཞགས་པ་འཛིན་པ། བཛྲ་སརྦ་བྷནྡྷ་ཨ་ཧཱུྃ། དྷ་ཤ་གྷྲི་ཝ་ལྗང་ནག །སེང་གེའི་མགོ་ཅན། ལྕགས་སྒྲོགས་དང་དྲིལ་བུ་བསྣམས་པ། བཛྲ་སཱ་བྷན་ཨ་ཀི་ཧཱུྃ། མཁའ་འགྲོ་འབོད་འགྲོགས་ལྗང་ནག །དྲིལ་བུ་དང་དགྲ་སྟ་བསྣམས་པའོ། །ཐམས་ཅད་ཐོད་པ་སྐམས་རློན་ཞིང་ལྤགས་གཟིག་ལ་སོགས་ཁྲོ་བོའི་རྒྱན་ཆས་དུ་མས་བརྒྱན་པའོ། །སྒོ་འཁྱམས་ལྔ་པའི་ཕྱོགས་བཞིར་མ་བདུན། སྒོ་བཞིར་སྲིང་མོ་བཞི་སྟེ། མ་མ་དྷ་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། རྡོ་རྗེ་ཀུན་དྲག་མ་དམར་སྔོ་རི་རབ་ཐོགས་པ། མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། ཀུན་ཏུ་བཟང་མོ་དམར་མ་ནམ་མཁའི་དཀྱིལ་འཁོར་ཐོགས་པ། མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། རྡོ་རྗེ་ཀུན་གྲགས་མ་སྔོན་མོ། །ཉི་ཟླའི་རྒྱན་འཛིན་པ། མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། རྡོ་རྗེ་ཡེ་ཤེས་མ་དམར་མོ། །བང་ཐོད་འཛིན་པ། མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། །རྡོ་རྗེ་འོད་ཆགས་མ་སྔོན་མོ། །རྡོ་རྗེ་དྲ་བའི་ཕྲེང་བ་ཐོགས་པ། །མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། རྡོ་རྗེ་འོད་འཕྲོ་མ་སྔོན་མོ་ཞགས་པ་འཛིན་པ། མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། རྡོ་རྗེ་གཡུ་སྒྲོན་མ་དམར་མོ། །རལ་གྲི་དང་ཐོད་ཁྲག་བསྣམས་པ། །སྲིང་མོ་བཞི་ནི། བཛྲ་དུན་ཏིང་བྷྱོ། །གླིང་བཞི་འགྱོགས་མ་ལྷའི་སྲིང་མོ་དཀར་མོ། བྱ་རྒོད་ཀྱི་རྒྱལ་མཚན་འཛིན་པ། རྒོད་ཐུལ་གསོལ་བ་བཛྲ་དུན་ཏིང་བྷྱོ། མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་མོ་སེར་མོ་སྟག་གི་རྒྱལ་མཚན་དང་། སྟག་ཐུལ་གསོལ་བ། བཛྲ་དུན་ཏིང་བྷྱོ། དམར་མོ་གཡག་ཐོད་ཀླུའི་སྲིང་མོ། །ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ། །ཆུ་སྲིན་གྱིས་ཐུལ་བ་གསོལ་བ། །བཛྲ་དུན་ཏིང་བྷྱོ། ནག་མོ་སྡེར་ཆེན་གནོད་སྦྱིན་གྱི་སྲིང་མོ། རྨ་བྱའི་རྒྱལ་མཚན་འཛིན་ཅིང་། རྨ་བྱའི་ཐུལ་པ་གསོལ་བའོ། །སྒོ་འཁྱམས་དྲུག་པ་གིང་ཆེན་བཅྭ་བརྒྱད་བསྐྱེད་པ་ནི། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ཧཱུཾ། དཔལ་ཆེན་ལས་ཀུན་བྱེད་མཐིང་ནག་རལ་གྲི་དང་། བྷན་དྷ་ཐོགས་པ་ༀ་བཛྲ་ཀ་ཏཪྴི་ཤྭ་ར་ཧཱུཾ། ཁྲོ་མོ་ཁམས་གསུམ་དབང་བསྡུད་མ་སྔོ་ནག །ཐོད་ཁྲག་དང་རལ་གྲི་འཛིན་པ། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་ཀ་ཏར་གིང་ཀ་ར་དམར་ནག་བྷན་དྷ་དང་ག་ཏར་འཛིན་པ། ༀ་བཛྲ་ཀ་ཏི་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ཆེན་གནོད་སྦྱིན་ལྗང་ནག །ཕྱག་གཉིས་སྡིགས་མཛུབ་འཕྱར་བ། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ཧཱུཾ། རྡོ་རྗེ་གིང་ཆེན་སྤྱང་ཀི་དམར་ནག་སྤྱང་གདོང་ཅན། སྤུ་གྲི་འཛིན་པ། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ཆེན་ཡ་མ་མཐིང་ནག་བེ་ཅོན་དང་དགྲ་སྟ་བསྣམས་པ། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ཆེན་རོལ་པ་དམར་ནག །བྷན་དྷ་དང་ཕལ་ཚབ་བསྣམས་པ། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ཆེན་འཆི་བདག་ལྗང་སེར། རྡོ་རྗེ་གསོར་བ། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ཆེན་དུས་མཚམས་ལྗང་ནག །ཤག་ཏི་བྷན་དྷ་བསྣམས་པ། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ཆེན་རོ་ལངས་སེར་ནག་ཞིང་གི་དབྱུག་པ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ཆེན་འཇོམས་པ་སྨུག་ནག །རྡོ་རྗེ་ཐོ་བ་ཐོགས་པ། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ལྕགས་དབང་བསྒྱུར་མ། ལྕང་ནག་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུྃ། རྡོ་རྗེ་གིང་ལྕམ་དབང་བསྒྱུར་ལྗང་ནག་ལྕགས་ཀྱུ་བསྣམས་པ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ལྕམ་འཕྲུལ་མོ་དམར་མོ་ཞིང་ལག་ན་ཐོད་པ་བསྣམས་པའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ིཧཱུཾ། རྡོ་རྗེ་གིང་ལྕམ་གློག་འགྱུ་མ། རྡོ་རྗེ་དང་པདྨ་བསྣམས་པ། ༀབཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ཆེན་མཐུ་མོ་ཆེ། ལྗང་ནག་ལྕགས་ཀྱི་ཐོ་བ་བསྣམས་པ། ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ལྕམ་རྩམ་མོ་ཆེ། །མཐིང་ནག་རྡོ་རྗེ་དང་དགྲ་སྟ་ཐོགས་པ། ༀ་བཛྲ་ཀ་ཏ་རི་ཤ །ཤྭ་རི་ཧཱུཾ། རྡོ་རྗེ་གིང་ལྕམ་བསྒྲོལ་བྱེད་མ། སྨུག་ནག་བྷན་དྷ་དང་གྲི་ཐོགས་པ། ༀ་བཛྲ་ཀ་ཏི་རི་ཤ །ཤྭ་རི་ཧཱུཾ། རྡོ་རྗེ་གིང་ལྕམ་ཟ་བྱེད་མ། ལྗང་ནགས་ལྕགས་ཀྱུ་དང་བན་དྷ་བསྣམས་པ། དེ་ཐམས་ཅད་སྟག་ཤམ་དང་གཟིག་ཤམ་ལ་སོགས་ཁྲོ་བོ་དང་། ཁྲོ་མོའི་རྒྱན་དུ་མས་བརྒྱན་པའོ། །སྒོ་འཁྱམས་བདུན་པ་སྟེང་གི་ཁྲོ་བོ་ཁྲོ་མོ་དྲུག་ཅུ་སྟེ། ཤར་དུ་ཁྲོ་བོ་ཡབ་ཡུམ་དྲུག །ལྷོ་ན་དྲུག །ནུབ་ན་དྲུག །བྱང་ན་དྲུག །སྒོ་བཞི་ན་བཞི། སྟེང་འོག་གཉིས་ན་གཉིས་སྟེ་དྲུག་ཅུ་གསལ་བར་བསྐྱེད་དེ། ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། རྣམ་པར་རྒྱལ་བ་དཀར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་གཡས་རྡོ་རྗེ། ཕྱག་གཡོན་ཐོད་ཁྲག །ཡུམ་སྙེ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་པས་ཡབ་ལ་འཁྱུད་ཅིང་། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབས་པ། གཉིས་ཀ་དྲི་ཟའི་གདན་ལ་བཞེངས་པའོ། །ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཁྲོ་བོ་དབྱུག་སྔོན་ཅན་སྔོན་པོའི་རིན་ཆེན་དང་སྡིག་མཛུབ། ཡུམ་རྡོ་རྗེ་སྡེར་མོ་མེ་ལྷའི་གདན་ལ་བཞེངས་པ། །ༀ་ཀྲོ་ཏ་ཀྲོ་རི་ཤྭ་རི་ཧཱུཾ། ཁྲོ་བོ་གཤིན་རྗེ་གཤེད་མཐིང་ནག །དབྱུག་ཏོ་དང་ཞགས་པ། །ཡུམ་དུར་ཁྲོད་བདག་མོ་ཐོད་པ། །གཤིན་རྗེའི་གདན་ལ་བཞེངས་པ། ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། མི་གཡོ་བ་སེར་དམར་རལ་གྲི་དང་། །སྡིག་མཛུབ་ཅན། རྡོ་རྗེ་གཏུན་ཁུང་མ་ཐོད་པ་སྲིན་པོའི་གདན་ལ༴ །ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། །རྟ་མགྲིན་དམར་པོ་མདའ་གཞུ་དང་པདྨ། ཡུམ་གཏུམ་མོ་ཐོད་པ། ཀླུའི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཁྲོ་བོ་གཞན་གྱི་མི་ཐུབ་པ་སྔོ་ལྗང་ཁུ། །དགྲ་སྟ་དང་གཏུན་ཤིང་བསྣམས་པ། ། ཡུམ་མདའ་སྙེམས་མ་ཐོད་པ། །རླུང་ལྷའི་གདན་ལ༴ །ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། བདུན་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་བསྣམས་པ། ཡུམ་རླུང་འབྱིན་མ་དུང་དམར། གནོད་སྦྱིན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་ནག་པོ་རྡོ་རྗེ་དང་ཐོ་བ། ཡུམགསོད་བྱེད་མ་དུང་དམར། དབང་ལྡན་གྱིས་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཁྲོ་བོ་སྟོབས་པོ་ཆེ་དུད་ཁ་རྔ་ཡབ་ཐོགས་པ། ཡུམ་སྤྱོད་མ་དུང་དམར། ས་གདོན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཁྲོ་བོ་ཧཱུཾ་མཛད་དམར་སྐྱ་མདའ་གཞུ་བསྣམས་པ། ཡུམ་སྒྲ་འབྱིན་མ་དུང་དམར། ཉི་ཟླ་གཟའ་སྐར་རྣམས་གདོན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། བཛྲ་ཀི་ལ་མཐིང་ནག་ཕུར་པ་བསྣམས་པ། ཁྲོ་མོ་རྒྱས་འདེབས་དུང་དམར། དགྲ་དང་ལྷ་གདོན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། རྨེ་རྩེགས་མཐིང་ནག་རྡོ་རྗེ་བསྣམས་པ། །ཁྲོ་མོ་མདའ་འབྱིན་དུང་དམར། བདུད་དང་རུ་ཏྲའི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། བཛྲ་ཡག་ཤ་ལྗང་ཁུ། སྡིག་མཛུབ་ཅན། ཡག་མོ་དུང་དམར་རྨུ་གདོན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཁྲོ་ཆེན་དམར་ནག་རྡོ་རྗེ་བསྣམས་པ། ཁྲོ་མོ་དབང་བསྒྱུར་མ་དུང་དམར། མོ་གདོན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཁྲོ་བོ་ཟ་འོག་ལྗང་ཁུ་སྦྲུལ་བསྣམས་པ། །ཁྲོ་མོ་ཟ་འོག་མོ་ཐོད་ཁྲག །སྨུ་གདོན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། །ཁྲོ་བོ་རབ་་འཁྲུག་སྔོན་པོ་རལ་གྲི་བསྣམས་པ། །ཁྲོ་མོ་རབ་འཇིགས་མ་ཐོད་ཁྲག །གདོན་ཆེན་བཅྭ་བརྒྱད་ཀྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། མ་ཧཱ་ཀ་ལ་དམར་ནག་ཞགས་པ་བསྣམས་པ། ཁྲོ་མོ་རལ་སྒྲེང་མ་ཐོད་ཁྲག །ཡ་བདུད་ཀྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། །མི་འཆི་ཐལ་སྦྱོར་སྔོན་པོ། ཐལ་མོ་གདབ་པ། ཁྲོ་མོ་འཇོམས་བྱེད་མ་དུང་དམར་སྲི་ཅན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། གུ་ལངས་སྨུག་ནག་གཏུན་ཤིང་སྟོབས་པ། ཁྲོ་མོ་ལས་ཀུན་མ་བན་དམར། ཁམས་གསུམ་བསད་པ་དང་གསོ་བར་མཛད་པ། ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། རབ་རྔམ་ལྗང་ནག རྡོ་རྗེ་དང་དུང༴ གཏུམ་ཆེན་མ། ཐོད་ཁྲག་དང་ཙིཏྟ་སྟོབས་པ་ཟ་བྱེད་ཀྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། འཇིག་རྟེན་གསུམ་སྣང་སྔོ་ནག་བེ་ཅོན་དང་སྡིག་འཛུབ། མི་ཕམ་མ་དུང་དམར་ཤར་གདོན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། འཇིག་རྟེན་གསུམ་འདུལ་དམར་ནག་ཐོ་བ་འཕྱར་བ་ཁྲོ་མོ་ལྕགས་ཀྱུ་མ་ལྕགས་ཀྱུ། ཤར་གདོན་གྱིས་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། འཇིག་རྟེན་དམར་ནག་རལ་གྲི་དང་སྡིག་མཛུབ། ཁྲོ་གཉེར་མ་ཐོད་ཁྲག །ལྷོ་གདོན་གྱི༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། འཇིག་རྟེན་གསུམ་འཁྱིལ་སྔོ་ནག་དབྱུག་ཐོ་འཕྱར་བ། ཁྲོ་མོ་དུང་དམར་མ་དུང་དམར་དང་ཞགས་པ། ལྷོ་གདོན་གྱིས་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། པད་རྒྱལ་དམར་ནག་བེ་ཅོན་དང་རྡོ་རྗེ། རོལ་ལང་མ་ཐོད་ཁྲག །ནུབ་གདོན་གྱི་གདན་ལ། ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། བེ་ཅོན་སྔོན་པོ་རིན་པོ་ཆེ་བསྣམས་པ། །ཁྲོ་མོ་ལྕགས་སྒྲོགས་མ་ལྕགས་སྒྲོགས་བསྣམས་པ། ནུབ་གདོན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཀ་ཏི་བཛྲ་གྲི་དང་སྡིགས་མཛུབ། རལ་ཅིག་མ་དུང་ཁྲག །བྱང་གདོན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། རྡོ་རྗེ་གོ་ཆ་མཐིང་ནག་གོ་ཆ་བསྣམས་པ། ཁྲོ་མོ་དྲིལ་འཁྲོལ་མ་ཐོད་ཁྲག་དང་དྲིལ་བུ། བྱང་གདོན་གྱི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། རྔམ་ཆེན་སྨུག་ནག་བེ་ཅོན་དང་སྡིག་འཛུབ་ཅན། ཁྲོ་མོ་དབང་སྡུད་མ་ཐོད་ཁྲག །བདུད་དང་སྲིན་པོའི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། རྡོ་རྗེ་ཐོ་བ་དུད་ཀ་ཐོ་བ་བསྣམས་པ། ཁྲོ་མོ་ཟ་བྱེད་དུང་ཁྲག །མ་མོ་གཤིན་རྗེའི་གདན་ལ༴ ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། སྒོ་འཁྱམས་བརྒྱད་པ་ལ། ཕོ་ཉ་དྲུག་ཅུ་ཚན་བཞི་གསལ་བར་བསྐྱེད་དེ། དེ་ཡང་ཤར་ཕྱོགས་སུ་དུང་གི་ཕོ་ཉ་དྲུག་ཅུ་བསྐྱེད་པ་ནི། དགྲ་དང་དྲི་ཟའི་གདོན་འདུལ་ཕྱིར། འཇིགས་བྱེད་ཕོ་ཉ་སྐུ་སྤྲུལ་པ། ཤར་ཕྱོགས་འོད་ཟེར་དཀར་པོ་ལས། དུང་གི་མི་མོ་དྲུག་ཅུ་སྤྲུལ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ རྡོ་རྗེ་འབར་བའི་ཕོ་ཉ་མོ། མཐོང་བྱེད་མ་དཀར་མོ་ལྕགས་ཀྱུ་བསྣམས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་འཛིན་བྱེད་དཀར་མོ་ཞགས་པ་འདེབས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཐོག་མེད་ཀི་ལ་དཀར་མོ། མིག་གསལ་སྙིང་གི་ཞགས་པ་འཕེན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་འབིགས་པ་མོ་དཀར་མོ་ཤེལ་གྱིས་མདའ་འཕེན་པ། ༀ་བྷ་ན་བྷ་ན༴ ཕོ་ཉ་རོ་ལངས་མ་དཀར་མོ། ལག་ན་གྲི་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་དྲག་མོ་དཀར་མོ། ལག་ན་མདུང་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ །ཕོ་ཉ་མི་བསྲུན་མ་དཀར་མོ་གཡབ་མོ་འདེབས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་གཏུམ་མོ་དཀར་མོ། སྙིང་འབྱིན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་སྒྲོལ་བྱེད་མ་དཀར་མོ་ཙིཏྟ་བསྣམས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་གར་བྱེད་མ་དཀར་མོ། སླུ་འབྲིད་མཛད་མ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་རྡོ་རྗེ་གསལ་མ་དཀར་མོ། དུང་འཕྲེང་གླད་ལ་བསྐོར་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་སྟོད་མ་དཀར་མོ་དར་དཀར་གྱིས་གཡབ་མོ་འདེབས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་འགུགས་བྱེད་མ་དཀར་མོ། བདུད་ཀྱི་སྙིང་འབྱིན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཐོག་མེད་མ་དཀར་མོ། །ལག་ན་ཟངས་གྲི་བསྣམས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་སྐྱོད་མ་དཀར་དམར་རླུང་གི་ཞགས་པ་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཆང་བདག་མོ་དཀར་མོ་འཛིན་བྱེད་ཞགས་པ་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཕྲ་མེན་མ་དཀར་དམར། མར་མེའི་སྒྲོན་བསྣམས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་མྱུར་བྱེད་མ་དཀར་དམར་གློག་གི་ཞགས་པ་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་བསྐུལ་བྱེད་མ་དཀར་དམར་དཀར་མདའ་འཕེན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་གསལ་བཀྲ་མོ་དཀར་དམར། རྡོ་རྗེའི་ཞགས་པ་འཕེན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཡང་དག་མ་དཀར་དམར་དུང་གི་ལེན་འཕྲན་བརྡེབ་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཆེན་མོ་དཀར་སེར་རྡོ་རྗེ་རྩེ་གཅིག་འཕེན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་གནོན་མཛད་མ་དཀར་སེར། རྡོ་རྗེ་བྲག་འཕེན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་དབང་ཕྱུག་མ་དམར་སེར་ཏྲི་ཤུ་གཟེར་མོ་འཛིན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་སྲེད་མོ་དཀར་སེར། ལྕགས་ཀྱུ་དམར་པོ་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཁ་འབར་མ་དམར་སེར་སྤྲིན་གྱི་གོ་ཟུ་བསྣམས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོཉ་གསལ་བཀྲ་མ་དམར་སེར་དུང་གི་ཙཀྲ་འཕེན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཁྲོ་མོ་དཀར་སེར། ཁྲོ་མོའི་གཟུངས་འཆང་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་འཆང་མ་དཀར་སེར་རྡོ་རྗེ་ཕུར་བུ་འཆང་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་གཏུམ་མོ་མ་དཀར་སེར་རྡོ་རྗེ་ཐོ་བ་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕ་ོཉ་ཁྲོས་མ་དམར་སེར་རྡོ་རྗེ་བེ་ཅོན་འཕྱར་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ལས་བྱེད་མ་དམར་སེར་རལ་གྲི་འཛིན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་དུས་མཚན་མ་དམར་སེར་ལག་ན་ཤག་ཏི་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཐར་པ་མོ་དམར་སེར་གཏུན་ཤིང་འཛིན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་བསྐུལ་མ་དམར་སེར་ལག་ན་ལྕགས་ཀྱུ་འདེབས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་དཔལ་མོ་དམར་སེར་རས་ཀྱི་ཞགས་པ་འདེབས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་སྐྱོད་ཆེན་མ་དམར་སེར་རླུང་གི་རྐྱལ་པ་ཐོགས་པ། ༀ་རྦ་ན་རྦ་ན་ཨ་གྷུ་ཤ་ཛ། ཕོ་ཉ་ལུས་ཁྲོ་མ་དཀར་སེར། །ལྕགས་ཀྱི་ཚ་ཚ་འཕྲོ་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ངག་འཕྲོ་མ། དམར་སེར་འགུགས་བྱེད་ལྕགས་ཀྱུ་བསྣམས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཡིད་གཏུམ་མ་དམར་སེར། སེན་མོས་སྙིང་འབྱིན་པ། ༀ་བྷ་ན་བྷ་ན་ཨཾ་གྷུ་ཤ་ཛཿ ཕོ་ཉ་བདེ་ཆེན་མ་དམར་སེར་རལ་བའི་གཡབ་མོ་འདེབས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་གསོད་བྱེད་མ་དཀར་མོ། དུང་གི་ཞགས་པ་བསྣམས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་རླུངས་པ་མ་དཀར་མོ་དུང་གི་རླངས་པ་ཅན། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་བསོད་བྱེད་མ་དཀར་མོ། །ཤེལ་གྱི་གྲི་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཟ་བ་མོ་དཀར་སྔོ། མཾ་ས་ཤ་ཆེན་གསོལ་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཁྲག་འཐུང་མ་དམར་སྔོ་ཐོད་ཁྲག་འཐུང་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་འཆང་བ་མོ་དཀར་སྔོ། ཀེཾ་རུས་འཆང་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཚེ་ལེན་མ། དཀར་སྔོ། དར་གྱི་གཡབ་དར་འདོར་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་མདངས་ལེན་མ་དཀར་སྔོ། དུང་གི་སྤར་བུ་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་སྲོག་འཕྲོག་མ། དཀར་སྔོ་ཙིཏྟ་འབྱིན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་སྙིང་འབྱིན་མ་དཀར་སྔོ། །སྙིང་འཕྲེང་བ་འདྲེན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་གཅོད་བྱེད་མ། དཀར་ལྗང་ཤེལ་གྱི་དགྲ་སྟྭ་འཕྱར་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་བསྐུལ་བྱེད་མ། །དཀར་སྔོ་ཕྱག་སེན་ལྕགས་ཀྱུ་ཅན། །ཞིང་བཅུ་བསྒྲལ་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་སྣ་ཚོགས་གཟུགས་བསེ་ཡི་ལྷན་དཀར་ཟ་སློག་གྱོན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཕྲ་མེན་སྙོན་མ། དཀར་ལྗང་ཤེལ་གྱི་རྡོ་རྗེ་འཕེན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་འཇུག་བྱེད་མ་དཀར་ལྗང་། ཕྱག་ན་གྲི་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་ཡིད་འཕྲོག་མ་དཀར་ལྗང་། །མཚོན་གྱི་གྲུ་གུ་ཐོགས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་རོ་རྐུན་མ། དཀར་ལྗང་ཞིང་གི་རོ་ཁུར་བ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་རྫུ་བྱེད་མ་དཀར་ལྗང་རླུང་གི་ཞགས་པ་འདེབས་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་འཇིགས་བྱེད་མ། དུང་གི་མཆེ་བ་འཛིན་པ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཕོ་ཉ་བཅུད་ལེན་མ་དཀར་ལྗང་། གཡུའི་ཟ་མ་རྟོག་བསྣམས་པའོ། ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ འཇིགས་བྱེད་ཐུགས་རྗེའི་སྤྲུལ་བ་དགྲ་དང་ཀླུ་གདོན་འདུལ་བའི་ཕྱིར། དགྲ་དང་གཤིན་རྗེའི་གདོན་འདུལ་ཕྱིར། །འཇིགས་བྱེད་ཕོ་ཉ་སྐུ་སྤྲུལ་པ། །ལྷོ་ཕྱོགས་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུ་བྱུང་། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཡོན་ཏན་གྱི་ཕོ་ཉ་དབྱིངས་ཕྱུག་མ། །སེར་ནག་མེའི་ཞགས་འཕེན་པ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཡོན་ཏན་ཕོ་ཉ་ཊ་ཀི་མ། །སེར་ནག་གྱད་གྱི་དོར་སྟབས་སུ་བཞེངས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་མཐུ་ཆེན་འབེབས་མ་དམར་སེར། བ་དན་འཕྱར་བ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་པྲ་བ་མོ་སེར་ནག་རྡོ་རྗེའི་གོ་གྱོན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་མ་མཆོངས་མོ་སེར་ནག བྱན་ལག་ཐོགས་པ། མཆོང་སྟབས་བྱེད་པ་རི་ལུང་སླེབས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཁྲོ་གཏུམ་ཅན་སེར་ནག་སྡང་མིག་སྟག་ལ་ཞོན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་བཙོན་བྱེད་མ་སེར་ནག་རླུང་གི་ཞགས་པ་འཕེན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་འཇིགས་བྱེད་གདོང་སེར་ནག ཁ་བགྲད་མཆེ་བ་གཙིགས་པ། ལག་གཉིས་གདེང་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཤ་ཟ་མ་སེར་ནག་རོ་དབྱུག་ཀླད་ལ་བསྐོར་ཞིང་ཤ་ཟ་བ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཁྲག་འཐོར་མ་སེར་ནག་མི་མགོ་རློན་པའི་ཕོར་པར་མི་སྙིང་ཁྲག་ཞག་བླུག་ཅིང་འཐོར་བ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་སོ་གཅིག་མ་སེར་མོ། ཁ་གཅིག་མིག་གཅིག་སོ་གཅིག་ལག་གཅིག །རྡོ་རྗེ་རྩེ་གཅིག་མདའ་འཕེན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་རལ་པ་སྲིང་མ་སེར་མོ། རལ་པའི་གོ་ཟུ་ཅན། གཡས་ལྕགས་ཀྱུ། གཡོན་སྡིགས་མཛུབ་ཅན། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་འཁྲིལ་བྱེད་མ་སེར་མོ་སྔོ་དམར་ཞགས་པ་འཕེན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་འཛུལ་བྱེད་མ། སེར་མོ་གསེར་གྱི་རལ་གྲི་ཐོགས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་མྱུར་བྱེད་མ། སེར་མོ་མཚོན་གྱི་གྲུ་གུ་ཐོགས་པ། འུག་པ་དང་སྲིན་བྱར་རྫུབ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་མཐུ་མོ་ཆེ་སེར་མོ། ཐོག་གི་ཆར་འབེབས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ནག་མོ་རལ་པའི་ཞགས་པ་འཕེན། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་རྟོག་འཇོམས་མ་སེར་མོ། བྷན་རློན་དུ་དམ་རྫས་བྱུག་ནས་གསོལ་བ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་རྟོག་མེད་མ་དུང་གི་གཞོང་པ་ཐོགས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཡངས་མ་སེར་མོ། སྤྲིན་དམར་ག་ཤ་ཅན། གློག་གི་ཕྲེང་བ་ཀླད་ལ་བསྐོར་བ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་སྣ་ཚོགས་ལུས་དམར་སྐྱ། ཟ་འོག་སྟོད་གཡོགས་ཅན། རྔ་མོང་དམར་སྐྱ་རྫུ་བར་བྱེད་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་སྡང་མིག་མ་དམར་སྐྱ། ལྕགས་ཀྱི་བྱ་ཁྲ་ཐོགས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་དུར་ཁྲོད་མ་དམར་སྐྱ། ཞིང་གི་གཡང་གཞི་བསྡེབ་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་མིག་འགྲོ་མ། དམར་སྐྱ་ཁྱུང་ལ་ཞོན་ཅིང་། གློག་ཞགས་འདེབས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་བདེ་འགྲོ་བ་སེར་མོ། མཆོང་གི་བྱ་གླག་དམར་མོ་བཅིབས་པ། གཡུའི་ཟོར་འཕེན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་རྒྱས་བྱེད་མ་སེར་སྐྱ། ཉི་ཟླའི་འཁོར་ལོ་འཕེན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་འཛུམ་བྱེད་མ་སེར་མོ། མཚོན་གྱི་གྲུ་གུ་བརྡེག་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཁྲག་མྱོས་མ། དམར་མོ་མཆུ་རིང་ངུར་བྱའི་གདོང་། སྙིང་ཁྲག་འཐུང་བ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་རྔམ་འཚིག་མ་དམར་མོ། རྔམས་ཅིང་བཅོལ་ནས་གང་ལ་ཡང་འཚིག་ཅིང་འགྲོ་བ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། མགྱོགས་བྱེད་མ་སེར་སྐྱ། མགྱོགས་མ་རླུང་ལ་ཞོན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་གཏུམ་མོ་དམར་སེར། སྤུ་གྲི་དང་། སྙིང་འབྱིན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་མདུང་ཐུང་དམར་སེར། གཡས་གཡོན་མདུང་འཕེན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་གློག་འགྱུ་མ་དམར་སེར། གློག་གི་ཞགས་པ་འཛིན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཐོག་འབེབས་མ། དམར་སེར་ཐོག་གི་ཚྭ་ཚྭ་འཕྲོ་བ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་སྤོར་བྱེད་མ་དམར་སེར་ཞིང་ཆེན་ཞལ་དུ་གསོལ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་འཁྲུག་བྱེད་མ། དམར་སེར་རི་རབ་བརྩེ་ནས་འཇོམས་པ། རྒྱ་མཚོ་གཏིང་ནས་དཀྲུགས་པར་བྱེད་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་དབང་ཕྱུག་མ་སྨུག་ནག །ཁྲག་འཐུང་ཞིང་སྙིང་འབྱིན་པར་བྱེད་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཀ་མ་ལ་སྨུག་ནག་མཛུབ་མོས་རི་རབ་རྩེ་ལ་གཡེངས་པ། རྐང་པས་རྒྱ་མཚོའི་གཏིང་ནས་དཀྲུག་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་གསལ་བཀྲ་མ་དམར་སེར། ཉི་ཟེར་ཞགས་པ་འཛིན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཁ་བསྐྱུར་མ་དམར་སེར་དུང་གི་དགོ་བ་ཞོན་ཅིང་རྒྱ་གྲམ་འཛིན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཀུན་སྒྲོལ་མ་དམར་ལྗང་རལ་གྲི་ཀླད་ལ་བསྐོར་ཞིང་སྲམ་དང་ཆུ་བྱར་སྤྲུལ་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་མྱོས་བྱེད་མ་དམར་ལྗང་། སྙིང་དཀར་དམར་མཚམས་ནས་འཛིན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཁྲག་འཐུང་མ་དམར་ལྗང་། །ཐོད་ཁྲག་ཞལ་དུ་གསོལ་བ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་འབར་མ་དམར་ལྗང་། རིན་པོ་ཆེའི་འབར་བ་ཐོགས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་མི་ཟད་མ་དམར་ལྗང་། གནམ་ས་ཐགས་སུ་ཐག་པ། སྐྱེ་ཤི་རྩད་གཅོད་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་འཕྲོག་བྱེད་མ་དམར་པོ་ལྕགས་ཀྱུ་དང་ཙིཏྟ་ཐོགས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་བསྒྲོལ་བྱེད་མ་སེར་ལྗང་། སྐྱེ་འགྲོའི་ཙིཏྟ་འབྱིན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་སྣ་ཚོགས་སྟོབས་སེར་ལྗང་། ཞིང་གི་རྐང་ལག་འཛིན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཡིད་འཕྲོག་མ་སེར་ལྗང་ན་ཆུང་གི་ཚུལ་དུ་རྫུ་བ། འགལ་བར་བྱེད་པའི་ཡིད་འཕྲོག་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་སྲོག་ལེན་མ་སེར་ལྗང་། མི་སྙིང་དང་རུས་པའི་ཞགས་པ་འཕེན་མ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་བཅུད་ལེན་མ་སེར་སྨུག །ཟངས་ཀྱི་མཆུ་ཅན་གྲི་བསྣམས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་ཚེ་རྐུན་མ་བསེའི་གའུ་དམར་པོ་ན། ཛ་དམར་ཕོ་ཉས་ཚེ་རྐུ་བར་བྱེད་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་དབང་མོ་ཆེ་སེར་སྨུག སེང་གེ་དཀར་མོ་ལ་ཞོན་པ། དམར་སེར་ཉི་ཟླ་རྒྱུས་པའི་ཞགས་པ་འཕེན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་དྲེགས་འཇོམས་མ་དམར་སེར། གོ་གྱོན་ནས་བདུད་དཔུང་འཇོམས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་སྡུད་བྱེད་མ་དམར་མོ། འགྲོ་བའི་ཚེ་འཕྲོག་ནས་གར་བྱེད་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་བླ་འཛིན་མ་དམར་སེར། དགྲ་བོའི་བླ་བཀུག་ནས་འཛིན་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་སྲོག་འཛིན་མ། སེར་སྨུག་ལྕགས་ཀྱུ་བསྣམས་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་རྩ་དཀྲོལ་མ་སེར་མོ། སུམ་རྒྱ་དྲུག་ཅུའི་རྩ་བ་ལ་རྒྱུ་བ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་གནས་འབྱིན་མ་སེར་སྨུག །འབྲུག་གི་སྒྲ་འབྱིན་པ། ས་དགུ་གཏིང་ནས་འཇོམས་པར་བྱེད་པ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ། ཕོ་ཉ་གནས་སྟོད་མ་སེར་མོ། སེམས་ཅན་ཐམས་ཅད་ཐར་ལམ་ལ་འགོད་པར་མཛད་པའོ། །འཇིགས་བྱེད་ཐུགས་རྗེའི་སྤྲུལ་པ། །དགྲ་དང་ཀླུ་གདོན་འདུལ་བའི་ཕྱིར། །ནུབ་ཕྱོགས་འོད་ཟེར་དམར་པོ་ལས། ཟངས་ཀྱི་མི་མོ་དྲུག་བཅུ་སྟེ། །ༀ་གར་རྫ་གར་རྫ་སྥོ་ཊ་བཾ། གསུང་གི་ཕོ་ཉ་ཐོག་འཕེན་མ། ལག་ན་ཐོག་ཆེན་འབེབས་པ། ༀ་གར་རྫ་གར་རྫ་སྥོ་ཊ་བཾ། གསུང་གི་ཕོ་ཉ་འབྲུག་སྒྲོགས་མ། དམར་ནག་འབྲུག་ལ་འཆིབས་སུ་འཆིབས། ༀ་ག་རྫ་གརྫ་སྥོ་ཊ་བཾ། གསུང་གི་ཕོ་ཉ་ཆར་འབེབས་མ། སྤྲིན་ཆེན་གློག་པ་གསོལ་བ། ༀ་ག་རྫ༴ གསུང་གི་ཕོ་ཉ་འོད་འགྱེད་མ། དམར་ནག་འཇའ་ཚོན་གྱི་ནང་ན་བཞུགས་པ། ༀ་གརྫ༴ ཕོ་ཉ་བཀྲག་གསལ་མ་དམར་ནག་གཡུའི་ལན་འཕྲན་ཅན། ༀ་གརྫ༴ ཕོ་ཉ་འཇའ་ཚོན་མ་དམར་ནག །འཇའ་ཚོན་གྱི་ཞགས་པ་ཐོགས་པ། ༀ་གརྫ༴ ཕོ་ཉ་འོད་འཕྲོ་མ་དམར་ནག་ཉི་མའི་ཟེར་འཕྲོ་བ། ༀ་གརྫ༴ ཕོ་ཉ་འོད་གསལ་མ་དམར་ནག་མེ་འོད་ཕྱག་བསྣམས་པ། ༀ་གརྫ༴ ཕོ་ཉ་ཁྲག་འཐུང་མ་དམར་ནག །ཐོད་ཁྲག་འཐུང་བ། ༀ་གརྫ༴ ཕོ་ཉ་དབང་ཕྱུག་མ་དམར་ནག །རྡོ་རྗེ་པདྨ་བསྣམས་པ། །ༀ་གརྫ༴ ཕོ་ཉ་ས་བདག་མ་དམར་སྔོ། །ལྕགས་ཀྱི་ཕག་མགོ་ཐོགས་པ། ༀ་གརྫ༴ ཕོ་ཉ་འགུགས་བྱེད་མ། དམར་སྔོ། རྡོ་རྗེ་ལྕགས་ཀྱུ་བསྣམས་པ། ༀ་གརྫ༴ ཕོ་ཉ་དཀར་ཤམ་མ། དམར་སྔོ་བསེའི་གོ་ཟུ་ཅན། ༀ་གརྫ༴ ཕོ་ཉ་སྒྲོགས་མ་དམར་སྔོ་ཞིང་གི་རྔ་ཆུང་བརྡུང་བ། །ༀ་གརྫ༴ ཕོ་ཉ་ཡིད་གཞུང་མ། དམར་སྔོ། ལག་གཉིས་ཁུ་ཚུར་བཅངས་པ། ༀ་གརྫ༴ ཕོ་ཉ་ལྟ་ན་མཛེས་དམར་སྔོ། མེ་ཏོག་ཆུན་འཕྱང་ཅན། ༀ་གརྫ༴ ཕོ་ཉ་སེམས་འཕྲོག་མ། །དམར་སྔོ། གཡུའི་ཉི་མ་བསྣམས་པ། ༀ་གརྫ༴ ཕོ་ཉ་བདུད་འཇོམས་མོ། །དམར་སྔོ། །མི་ཐོད་དང་རྟ་མགོ་ཐོགས་པ། ༀ་གརྫ༴ ཕོ་ཉ་འགྱོགས་བྱེད་མ་དམར་སྔོ་ཁྱུང་ཆེན་ཆིབས་སུ་ཆིབས་པ། །ༀ་གརྫ༴ ཕོ་ཉ་གསོད་བྱེད་མ་དམར་སྔོ་དུང་ཐོགས་ཅིང་སེང་གེ་ལ་ཞོན་པ། ༀ་གརྫ༴ ཕོ་ཉ་སྙིང་འབྱིན་མ་དམར་ལྗང་ཙིཏྟ་ཐོགས་པ། ༀ་གརྫ༴ ཕོ་ཉ་དམར་འཐུང་མ་ལྗང་དུང་ཁྲག་འཐུང་བ། ༀ་གརྫ༴ ཕོ་ཉ་རྐང་འཇིབས་མ་དམར་ལྗང་། བྱི་བའི་མགོ་ཅན། ཟས་སུ་རྐང་དང་བཅུད་འཇིབས་པ། །ༀ་གརྫ༴ ཕོ་ཉ་ལས་བྱེད་མ་དམར་ལྗང་འབྲུག་སྔོན་ཆིབས་སུ་འཅིབས་པ། ༀ་གརྫ༴ ཕོ་ཉ་ཞགས་ཐོགས་མ་སྔོན་མོ། ཞགས་པ་ཐོགས་པ་རླུང་ལ་ཞོན་པ། ༀ་གརྫ༴ ཕོ་ཉ་ཟླ་འཕྲོག་མ་དམར་ལྗང་། སྐྱི་བསེར་གྱི་རྟ་ལ་ཞོན་པ། ༀ་གརྫ༴ ཕོ་ཉ་ཐོགས་མེད་མ་དམར་ལྗང་། རལ་གྲི་རྣོན་པོ་ཐོགས་པ། ༀ་གརྫ༴ ཕོ་ཉ་ཟ་བྱེད་མ་དམར་མོ། སྟག་ལ་ཞོན་པ་གཙང་རྨེ་མེད་པ་ཟ་བ། ༀ་གརྫ༴ ཕོ་ཉ་མྱོས་བྱེད་མ་དམར་ལྗང་ལྕགས་ཀྱི་ཐོ་བ་ཐོགས་པ། ༀ་གརྫ༴ ཕོ་ཉ་སྨུག་བྱེད་མ་དམར་ལྗང་། །ལྕགས་ཀྱི་དྲ་བ་ཐོགས་པ། ༀ་གརྫ༴ ཕོ་ཉ་རྫུ་བྱེད་མ་དམར་སེར། ར་སྐྱེས་ཁམས་པ་ལ་ཞོན་པ། ༀ་གརྫ༴ ཕོ་ཉ་འཁྲུགས་བྱེད་མ་དམར་སེར ། རྒྱ་མཚོ་ཧུབ་ཀྱིས་འདེབས་པ། ༀ་གརྫ༴ ཕོ་ཉ་དྲག་མོ་དམར་སེར་གཏུམ་པོ་དོམ་ལ་ཞོན་པ། ༀ་གརྫ༴ ཕོ་ཉ་སྐེམ་མ་དམར་སེར་ཁྲག་གི་ལན་ཕྲན་ཅན། ༀ་གརྫ༴ ཕོ་ཉ་འཇོམ་མ་དམར་སེར་བྱ་སྤང་རྟའི་མགོ་ཅན། །ཀླད་ཆེན་འདྲལ་བར་བྱེད་པ། །ༀ་གརྫ༴ ཕོ་ཉ་རབ་དགའ་མ་དམར་སེར་ལག་ན་ཟངས་གྲི་ཐོགས་པ། ༀ་གརྫ༴ ཕོ་ཉ་འཛིན་མ་དམར་སེར་སྦྲུལ་ཞགས་བསྣམ་པ། ༀ་གརྫ༴ ཕོ་ཉ་གློག་འགྱུ་མ་དམར་སེར། ཁྲ་ཐོགས་པ། ༀ་གརྫ༴ ཕོ་ཉ་གཡུལ་འཇོམས་མ་དམར་སེར་ལག་ན་ཤཀ་ཏི་ཐོགས་པ། ༀ་གརྫ༴ ཕོ་ཉ་ལྷ་འབྲེལ་མ། དམར་སེར་རྡོ་རྗེའི་ཐོགས་འབེབས་པ། ༀ་གརྫ༴ ཕོ་ཉ་སྲོག་འབྲེལ་མ། །དམར་སྨུག་ཀ་ཏ་ར་བསྣམས་པ། ༀ་གརྫ༴ ཕོ་ཉ་མྱུར་བྱེད་དམར་སྨུག་གློག་གི་ཞགས་པ་ཅན། ༀ་གརྫ༴ ཕོ་ཉ་རིངས་བྱེད་མ་བུད་མེད་ལུས་ལ་མཆུ་མོ་ཆེ། །རི་ལུང་མེད་པར་རྗེས་ཀྱི་འགེངས་པ། ༀ་གརྫ༴ ཕོ་ཉ་སྲོག་བྱེད་མ་དམར་སྨུག་ལག་ན་གྲི་ཐོགས་པ། ༀ་གརྫ༴ ཕོ་ཉ་གློག་བྱེད་མ་དམར་སྨུག་རྡོ་རྗེ་དང་བེ་ཅོན་བསྣམས་པ། ༀ་གརྫ༴ ཕོ་ཉ་ཐོ་བ་མ་དམར་སྨུག་རྡོ་རྗེ་ཐོ་བ་ཐོགས་པ། ༀ་གརྫ༴ ཕོ་ཉ་གཏུན་ཁུང་མ་དམར་སྨུག་ལག་ན་གཏུན་ཁུང་ཐོགས་པ། ༀ་གརྫ༴ ཕོ་ཉ་ཞགས་འཕེན་མ་དམར་སྨུག་བདུད་ཀྱི་ཞགས་པས་གང་ལ་དམིགས་འཛིན་པར་བྱེད་པ། ༀ་གརྫ༴ ཕོ་ཉ་མེ་ཁྱེར་མ་དམར་སྨུག་དུར་ཁྲོད་ཀྱི་མེས་ཕྱི་ནང་བསྲེག་པར་བྱེད་པ། ༀ་གརྫ༴ ཕོ་ཉ་སྡུད་བྱེད་མ་དམར་སྨུག་གསེར་གྱི་ཕྲེང་བ་ཐོགས་པ། ༀ་གརྫ༴ ཕོ་ཉ་གཡེངས་བྱེད་མ་དམར་སྐྱ། །རླུང་གི་འཁོར་ལོ་ཐོགས་པ། ༀ་གརྫ༴ ཕོ་ཉ་བདུད་འཇོམས་མ་དམར་སྐྱ་གཏུན་དང་ཐོ་བ་ཐོགས་པ། ༀ་གརྫ༴ ཕོ་ཉ་དཔལ་མོ་སྲིད་པའི་དཔལ་འཕྲོག་པར་བྱེད་པ་དམར་སྐྱ་ལྕགས་ཀྱུ་གསེར་གཡུ་སྤེལ་མའི་ནམ་ཟ་གསོལ་བ། ༀ་གརྫ༴ ཕོ་ཉ་དབང་ཕྱུག་མ་དམར་སྐྱ། །རྡོ་རྗེ་རྩེ་གསུམ་དང་ཐོད་ཁྲག་འཐུང་བ། ༀ་གརྫ༴ ཕོ་ཉ་གྲགས་པ་མོ་དམར་སྐྱ། །མི་མགོ་དང་དུང་འབུད་པ། ༀ་གརྫ༴ ཕོ་ཉ་གཏུམ་བག་ཅན་དམར་སྨུག །དགྲ་བོའི་སྙིང་འབྱིན་ཅིང་ཆོ་ངེ་འདེབས་པ། ༀ་གརྫ༴ ཕོ་ཉ་ཀ་ལ་ཡངས་པ་དམར་སྐྱ་ཀ་ལིའི་མཚོན་ཐོགས་པ། ༀ་གརྫ༴ ཕོ་ཉ་བདེ་ཚོགས་མ་དམར་སྐྱ། །པད་ཁྲག་ཁྲག་གིས་ཆར་འབབས་པས། མ་མོ་འབུམ་སྡེ་བྲན་དུ་འཁོལ་བ། ༀ་གརྫ༴ ཕོ་ཉ་ཧ་ལའི་གདོང་། དམར་སྐྱ་བདུད་རྩི་ཐོགས་པ། ༀ་གརྫ༴ ཕོ་ཉ་རབ་བརྗིད་མ་དམར་སྐྱ། མི་མགོ་རྣམ་གསུམ་གྱིས་འཕྲེང་བ་སྦྲེང་ཞིང་གླད་ལ་བསྐོར་བས་དགྲ་བགེགས་ལ་རྒྱལ་བར་མཛད་པའོ། །དགྲ་དང་གནོད་སྦྱིན་འདུལ་བའི་ཕྱིར། །འཇིགས་བྱེད་ཕོ་ཉ་སྐུ་སྤྲུལ་པ། བྱང་ཕྱོགས་འོད་ཟེར་སྔོན་པོ་ལས། །གཡུའི་མི་མོ་དྲུག་བཅུར་སྤྲུལ། ༀ་པ་ཙ་པ་ཙ་གྷ ནྡྷ་ཧོ། ཧེ་ཤ་དྷ་ར་ས་མ་ཡཱ་སྭཱ་ཧཱ། ལས་ཀྱི་ཕོ་ཉ་མོ་ལྗང་ནག །རྡོ་རྗེ་རྒྱ་གྲམ་ཐོགས་པ། ༀ་པ་ཙ་པ་ཙ་གྷནྡྷ་ཧོ། ཨེ་ཤ་དྷ་ར་ས་ཡ་སྭཱ་ཧཱ། འཕྲིན་ལས་ཀྱི་ཕོ་ཉ་འཇོམས་མ་ཆེན་མོ། ལྗང་སྔོན་ཁྱུང་གི་ཁྲ་ཐོགས་པ། ༀ་པ་ཙ་པ་ཙ་གྷནྡྷ་ཧོ། ཨེ་ཤ་ར་སྭཱ་ཧཱ། འཕྲིན་ལས་ཁ་ལོ་བསྒྱུར་བར་མཛད་མ་ལྗང་སྔོན་དྲེད་ཀྱི་གཡང་གཞི་རྡེབ་པ། ༀ་པ་ཙ་པ་ཙ༴ ཕོ་ཉ་དབང་ཕྱུག་མ་ལྗང་སྔོན་ཐོད་རློན་ཁྲག་གི་གང་བ་བསྣམས་པ། །གཡག་ཁལ་ལ་ཞོན་པ། ༀ་པ་ཙ་པ་ཙ༴ ཕོ་ཉ་འགུག་བྱེད་མ་ལྗང་སྔོ་མི་མག ོ་དུང་དུ་འབུད་པ། ༀ་པ་ཙ༴ ཕོ་ཉ་བསྐུལ་བྱེད་མ་ལྗང་སྔོན། སྙན་པའི་གླུ་ལེན་པ། ༀ་པ་ཙ༴ ཕོ་ཉ་གྲུབ་པ་མོ་ལྗང་སྔོན་གཡུའི་འཁོར་ལོ་འཆང་བ། ༀ་པ་ཙ༴ ཕོ་ཉ་མཐར་ཕྱིར་མ་ལྗང་ཁུ་གཡུའི་ཐོར་ཙུག་ཅན། ལས་གང་བཅོལ་བྱེད་པ། ༀ་པ་ཙ༴ ཕོ་ཉ་མཐར་བྱེད་མ་ལྗང་ཁུ། རྡོ་རྗེ་རྒྱ་གྲམ་ཐོགས་པ། ༀ་པ་ཙ༴ ཕོ་ཉ་ཆུད་མི་ཟ་བ་ལྗང་སྔོན་དུང་གི་མཆེ་བ་འཛིན་པ། ༀ་པ་ཙ༴ ཕོ་ཉ་དབང་བསྒྱུར་མ་ལྗང་དམར། ཆུ་སྲིན་གྱི་རྒྱལ་མཚན་ཐོགས་པ། ༀ་པ་ཙ༴ ཕོ་ཉ་ཐོགས་མེད་མ། འདབ་ཆགས་བྱའི་རྒྱལ་པོ་ལ་ཞོན་པ་ལྗང་ཁུ། འཇིགས་སུ་རུང་བའི་མཚོན་ཆ་འཕྱར་བ། ༀ་པ་ཙ༴ ཕོ་ཉ་གྲུབ་པ་མ་ལྗང་དམར་ཤེལ་གྱི་ཟ་མ་ཏོག་བསྣམས་པ། ༀ་པ་ཙ༴ ཕོ་ཉ་གསལ་བྱེད་མ་ལྗང་དམར་མེའི་ཞགས་པ་འཕེན་པ། ༀ་པ་ཙ༴ ཕོ་ཉ་དབང་མོ་ཆེ་ལྗང་དམར་རྡོ་རྗེ་ལྕགས་ཀྱུ་འཛིན་པ། ༀ་པ་ཙ༴ ཕོ་ཉ་དམ་ཚིག་མ་ལྗང་དམར། མེ་ཞགས་སྡིག་འཛུབ་ཅན། ༀ་པ་ཙ༴ ཕོ་ཉ་བྱ་ར་མ་ལྕགས་ཀྱི་སྤྱང་ཁུ་གཡུའི་མིག་ཅན། བལྟས་པས་མཐོང་ཞིང་། མཐོང་པས་འཛིན་པ། ༀ་པ་ཙ༴ ཕོ་ཉ་སྟངས་འཛིན་མ་ལྗང་དམར། རྩིབས་ཀྱི་བྱང་བུ་ཐོགས་པ། ༀ་པ་ཙ༴ ཕོ་ཉ་སྟངས་གཅོད་ལྗང་དམར་བརྩིས་ཀྱི་ཁྲམ་ཐོགས་པ། ༀ་པ་ཙ༴ ལས་ཀྱི་ཕོ་ཉ་གསལ་འཛིན་མ་དམར་ལྗང་། ཕམ་རྒྱལ་ལྡེའུ་འགྱེད་པ། ༀ་པ་ཙ༴ ཕོ་ཉ་བསྐུལ་བྱེད་མ་ལྗང་སེར་། ལྕགས་ཀྱུ་མདའ་འཕེན་པ། ༀ་པ་ཙ༴ ཕོ་ཉ་དབང་མོ་ལྗང་སེར་ཁྲག་གི་ཕོར་བ་ཐོགས་པ། ༀ་པ་ཙ༴ ཕོ་ཉ་ཕག་མོ་ལྗང་སེར། ཕག་མགོ་ཐོགས་པ། ༀ་པ་ཙ༴ ཕོ་ཉ་སྤྱན་བརྒྱ་མོ་མགོ་ལུས་མེད་པར་མིག་གིས་གང་བ ། ༀ་པ་ཙ༴ ཕོ་ཉ་མིག་སྟོང་མ་དབུ་སྟོང་། ཕྱག་སྟོང་། སྤྱན་སྟོང་དང་ལྡན་པ། ༀ་པ་ཙ༴ ཕོ་ཉ་འོད་འདེབས་མ། འཇའ་ཚོན་གྱི་ལུས་ལ་འོད་ཀྱི་མིག །བལྟས་པས་མི་མཐོང་བ་གང་ཡང་མེད་པ། ༀ་པ་ཙ༴ ཕོ་ཉ་རླུང་ཞོན་མ་ལྗང་ཁུ་ལ ག་ན་ལྕགས་ཀྱི་དགྲ་སྟྭ་ཐོགས་པ། །རླུང་ནག་འཚུབ་མ་ལ་ཞོན་པ། ༀ་པ་ཙ༴ ཕོ་ཉ་རྫུ་འཕྲུལ་ཅན་ལྗང་སེར། སྦྲུལ་ནག་སྟོང་གི་ཞགས་པ་འཕེན་པ། །ལྟས་ངན་རྔ་མོང་གྭ་པ་ལ་ཞོན་པ། ༀ་པ་ཙ༴ ཕོ་ཉ་རྒྱུ་བ་མོ་ཅིར་ཡང་མ་ངེས་གཟུགས་སུ་སྟོན་པ་རེ་འགའ་ཆུ་སྲིན་སྦྲུལ་གྱིས་ཡུ་བ་སྤུ་གྲི་ཐོགས་པ། ༀ་པ་ཙ༴ ཕོ་ཉ་དབང་ཕྱུག་རྒྱལ་ལྗང་སེར། །མདུང་རྩེ་གསུམ་འཕྱར་བ། ༀ་པ་ཙ༴ ཕོ་ཉ་དྲག་རྒྱལ་མོ་ལྗང་ནག །དྲེད་ཀྱི་མགོ་ཅན་སྟག་ལ་ཞོན་པ་གྲི་ཐོད། ༀ་པ་ཙ༴ ཕོ་ཉ་དཔལ་བཤམ་མ་ལྗང་ནག་དམར་གྱི་གཏོར་མ་གླད་ལ་བསྐོར་བ། ཁྲག་གི་གཏོར་མའི་ཞགས་པ་འཕེན་པ། ༀ་པ་ཙ༴ ཕོ་ཉ་ཡཀ་ཤ་མོ་ལྗང་ནག་གནོད་སྦྱིན་གྱི་མགོ་ཐོགས་པ། ༀ་པ་ཙ༴ ཕོ་ཉ་ཁྲོ་བག་ཅན། བུད་མེད་ཀྱི་ལུས་ལ་སྐྱེས་པའི་མགོ། ཕྱེད་ཀ་ཞི་བ། ཕྱེད་ཀ་ཁྲོ་བོ། ༀ་པ་ཙ༴ ཕོ་ཉ་མཆེ་བ་ཅན། ལག་གཉིས་རྡོ་རྗེ་མཆེ་བ་འདེབས་པ། ༀ་པ་ཙ༴ ལས་ཀྱི་ཕོ་ཉ་དབང་སྐུར་མ། རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཅན། ༀ་པ་ཙ༴ ཕོ་ཉ་དངོས་གྲུབ་བདག་མོ་ལྗང་ནག་འདོད་ཡོན་ལྔ་ལ་རོལ་བ། ༀ་པ་ཙ༴ ཕོ་ཉ་སྒྲོལ་བྱེད་མ་ཆེན་པོ་ལྗང་ནག་གཅོད་པའི་ཕལ་ཚབ་ཐོགས་པ། ༀ་པ་ཙ༴ ཕོ་ཉ་མངའ་བདག་མོ་ལྗང་ནག་རྔ་ཆུང་བརྡུངས་བ། ༀ་པ་ཙ༴ ཕོ་ཉ་འོད་འཕྲོ་མ་ལྗང་ནག །ཤག་ཏི་ཐོགས་པ། ༀ་པ་ཙ༴ ཕོ་ཉ་དྲག་མོ་ལྗང་ནག་གྲུ་གསུམ་མཐིང་ནག་ཐོགས་པ། ༀ་པ་ཙ༴ ཕོ་ཉ་ཁྲོས་སྐྱེས་མ་ལྗང་སྨུག་གློ་ནག་ས་ལ་བརྡེབ་པ། ༀ་པ་ཙ༴ ཕོ་ཉ་མྱུར་འགྲུབ་མ་ལྗང་དཔལ་སྔོན་པོ་ལག་ན་རལ་གྲི་ཐོགས་པ། ༀ་པ་ཙ༴ ཕོ་ཉ་ཆུད་མ་ཟོས་མ། །ལྗང་སྨུག་རིན་ཆེན་མེ་སྒྲོན་ཐོགས་པ། ༀ་པ་ཙ༴ ཕོ་ཉ་འདུལ་བྱེད་མ་ལྗང་སྨུག །སྲིན་པོའི་ཐོད་པ་ཐོད་པ། ཕོ་ཉ་རྒྱ་མཚོ་མ། སྣ་ཚོགས་ལུས་འཆང་རྒྱ་མཚོ་སྐྱོམ་པ། ༀ་པ་ཙ༴ ཕོ་ཉ་ལྟུང་འཛིན་མ །སེམས་ཅན་ལྕགས་ཀྱུའི་འཛིན་པ། ༀ་པ་ཙ༴ ཕོ་ཉ་སྒྲོལ་བྱེད་མ་དམར་སྨུག །རི་རབ་ཐོགས་པ། ༀ་པ་ཙ༴ ཕོ་ཉ་ཀུན་གཉེན་མ་ལྗང་སྨུག་གཡུའི་ཞགས་པ་འདེབས་པ། ༀ་པ་ཙ༴ ཕོ་ཉ་འདུལ་མཁན་མོ། སྐྱེས་བུ་ན་ཆུང་གི་གཟུགས་འཆང་བ། ༀ་པ་ཙ༴ ཕོ་ཉ་གོམས་པ་མོ་ལྗང་ཁུ་དུག་གི་མདའ་འཕེན་པ། སྙིང་དཀར་ནག་གི་མཚམས་སུ་བརྡེག་པ། ༀ་པ་ཙ༴ ཕོ་ཉ་ལས་མཁན་མ་ལྗང་སྐྱ་མཆེ་བའི་ཟོར་འཕེན་པ། ༀ་པ་ཙ༴ ཕོ་ཉ་དབང་སྒྱུར་མ་ཉི་ཟླ་གཟའ་སྐར་གྱིས་སློག་པ་གྱོན་པ། གླིང་བཞི་ལག་ན་ཐོགས་པ། ༀ་པ་ཙ༴ ཕོ་ཉ་མཆོག་སྒྲོལ་མ་ལྗང་སྐྱ་མཆོག་གི་ཙིཏྟ་འབྱིན་པ། ༀ་པ་ཙ༴ ཕོ་ཉ་རྒྱུག་འཛིན་མ་ལྗང་ཁུ། ཤེལ་དང་ལོང་ཐང་གི་སྤུ་བུ་བསྣམས་པ། ༀ་པ་ཙ༴ ཕོ་ཉ་རྔམས་པ་མོ་ལྗང་སྐྱ་ཤ་ཁྲག་རློན་པ་ཟ་བ། ༀ་པ་ཙ༴ ཕོ་ཉ་སོ་སྐྱེས་མ་ལྗང་སྐྱ་འདེབས་པའི་ལས་ལ་མྱུར་བ། ༀ་པ་ཙ༴ ཕོ་ཉ་གཏུམ་མོ་ལྗང་སྐྱ། ཉི་མ་དང་ཟླ་བའི་འཁོར་ལོ་འཕེན་པ། ༀ་པ་ཙ༴ ཕོ་ཉ་མིག་དམར་མ་ལྗང་སྐྱ། །ཁྲག་ཆང་གི་མྱོས་པར་བྱེད་པ། མིག་རྩ་དམར་བ་རའི་གདོང་པ་ཅན། ༀ་པ་ཙ་པ་ཙ་གྷནྡྷ་ཧོ། ཨེ་ཤ་ར་ཡ་སྭཱ་ཧཱ། འཕྲིན་ལས་ཕོ་ཉ་སེན་མོ་ཅན་དམར་སྨུག་སེན་མོ་ལྕགས་ཀྱུས་བསྒྲལ་བའི་ཞིང་བཅུ་འཛིན་པར་བྱེད་པའོ། ། སྒོ་འཁྱམས་དགུ་པ་ལ། འོག་གི་མ་མོ་དྲུག་བཅུ་བསྐྱེད་པ་ནི། ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀྱི། །དགྲ་དང་འབྱུང་པོ་བསྒྲལ་བའི་ཕྱིར། །སྐུའི་འོད་ཟེར་སྨུག་ནག་ལས། མ་མོ་ལས་བྱེད་དྲུག་བཅུར་སྦྲུལ། མ་མ་ཤྭ་ར་ཧཱུཾ། མ་མོ་རལ་གཅིག་མ། འཇིགས་པའི་གཟུགས་མཐིང་ནག །ཏྲི་ཤུལ་དང་ནད་རྐྱལ་ཐོགས་པ། མ་མ་ཤྭ་ར་ཧཱུཾ། མ་མོ་སྤལ་མོ་ཐལ་མདོག །ཐོད་ཁྲག་དང་གཡང་གཞི། དུར་ཁྲོད་རྒྱན་གྱིས་བརྒྱན་པ། མ་མོ་ཤྭ་ར་ཧཱུཾ། དུར་ཁྲོད་ཚོགས་ཀྱི་རལ་ཅན་མ། མིའི་ཐོད་པ་ཐོགས་པ། འཕྲེང་བས་བརྒྱན་པ། མ་མ༴ འགྲེའོ། །རོལ་ཅན་མ་མཐིང་སྐྱ། ཁྲག་རལ་གོས་སུ་གོན་པ། ཕྱག་གི་སྐྱེ་འགྲོའི་ཙིཏྟ་བསྣམས་པ། མ་མ༴ ཁམས་གསུམ་སྡུད་པའི་མཚན་མ་དམར་མོ། །ཐོད་ཁྲག་འཐུང་བ། མ་མ༴ རྒྱུ་དྲུག་སྒྲོལ་བའི་མ་ཆེན་མོ། སྨུག་ནག་མེ་འབར་བ། རྒྱ་མཚོའི་གོས་གོན་པ། མི་སྙིང་དང་རུས་འཕྲེང་གླད་ལ་བསྐོར་བ། མ་མ༴ སྲིད་གསུམ་ཟ་བྱེད་མ། དམར་ནག །གནམ་ས་གཉིས་ཀྱི་གོས་གོན་པ། མ་མ༴ སྣང་སྲིད་ཡོངས་ལ་དབང་བསྒྱུར་མ། །སེར་ནག་ཉི་ཟླའི་ཐོད་བཅིངས་པ། གནམ་ས་གཉིས་ལ་དབང་བྱེད་མ། མ་མ༴ མཐུ་རྩལ་སྙེམས་མ་ལྗང་ནག་ཞིང་གི་གོ་ཟུ་གསོལ་བ། ལག་པ་གཡས་ཀྱིས་ནམ་མཁའ་འདེགས་པ། མ་མ༴ ཤ་ཁྲག་གསུར་ལ་དགའ་བ་མ། མི་ཤ་རྟ་ཤ་ཟས་སུ་ཟ་བ ། མི་ཁྲག་རྟ་ཁྲག་སྐོམ་དུ་འཐུང་བ། མ་མ༴ སྒྲོལ་བྱེད་མ་ཆེན་མོ། མཐིང་ནག་ནང་འཁྲོལ་བློ་སྙིང་འབྱིན་པ། མ་མ༴ ཟ་བྱེད་ཆེན་མོ་སྔོ་ནག་གཡུའི་ཟ་མ་ཏོག་བསྣམས་པ། མ་མ༴ རྔམ་བྱེད་མ་སེར་ནག འབྲུག་སྔོན་འཆིབས་སུ་བཅིབས་པ། དགྲ་དང་ཉམས་པའི་སྙིང་འབྱིན་པ། མ་མ༴ འཛིན་བྱེད་ཆེན་མོ་སེར་ནག་ཐོད་ཁྲག་དང་ལྕགས་ཀྱུ་བསྣམས་པ། མ་མ༴ བགེགས་ཆེན་འཇོམས་མ་སྔོ་ནག སྤུ་གྲི་དང་ཐོ་བ་ཐོགས་པ། མ་མ༴ ཞིང་བཅུ་སྒྲོལ་བྱེད་མ་ལྗང་ནག བྷན་དྷ་དང་གྲི་ཐོགས་པ། མ་མ༴ ཆད་པ་གཅོད་པའི་མི་མོ་སྔོན་ནག་ཞིང་གི་གཡང་གཞི་བརྡེབ་པ་དང་། སྙིང་འབྱིན་པ། མ་མ༴ འབྱུང་པོ་སྒྲོལ་བྱེད་མ། བྷན་དྷ་དང་གྲི་ཐོགས་པ། མ་མ༴ གཤིན་རྗེ་སྒྲོལ་བྱེད་མ་བྷནྷ་དང་གྲི་ཐོགས་པ། མ་མ༴ ཀླུ་སྒྲོལ་བྱེད་མ། །བྷན་དྷ་དང་གྲི་ཐོགས་པ། མ་མ༴ གནོད་སྦྱིན་སྒྲོལ་བྱེད་མ་ལྗང་ནག་བྷནྡ་དང་གྲི་ཐོགས་པ། མ་མ༴ སྲིན་མོ་བསྒྲོལ་བྱེད་མ་ཆེན་མོ་སྔོ་ནག་བྷནྷ་དང་གྲི་ཐོགས་པ། མ་མ༴ སྲིན་མོ་བསྒྲོལ་བྱེད་ཆེན་མོ་སྨུག་ནག །བྷནྷ་དང་གྲི་ཐོགས་པ། མ་མ༴ གཟུགས་ལ་དབང་བའི་དབང་མོ། དཀར་མོ་ཞིང་གི་དབྱུག་པ་ཐོགས་པ། མ་མ༴ ཁྲག་མ་དབང་བའི་དབང་མོ་སྔོན་མོ་ཐོད་ཁྲག་དཀྲུགས་ཅིང་འཐུང་བ། མ་མ༴ དྲོད་ལ་དབང་བའི་དབང་མོ། དམར་མོ་ལག་ན་ཙིཏྟ་བསྣམས་པ། མ་མ༴ དབུགས་ལ་དབང་མོ་ལྗང་ནག་ཐོད་ཁྲག་དང་ཞགས་པ་ཐོགས་པ། མ་མ༴ བཀྲག་མདངས་ལ་དབང་བའི་དབང་མོ་སེར་ནག་རལ་གྲི་དང་ཐོད་ཁྲག་འཐུང་བ། མ་མ༴ སྲོག་ལ་དབང་མ་སྨུག་ནག་གྲི་དང་ཐོད་ཁྲག་བསྣམས་པ། མ་མ་ཤྭ་ར་ཧཱུྃ། ཁྲག་འཐུང་མ་བྱ་རྒོད་མགོ་སེར་ལྗང་རལ་གྲི་དང་ཐོད་ཁྲག་འཐུང་བ། མ་མ༴ མ་མོ་ཟ་བྱེད་སྟག་གི་མགོ་ཅན་དམར་སེར་ཐོད་ཁྲག་གསོལ་བ། མ་མ༴ མ་མོ་འཇིགས་བྱེད་མ། ཆུ་སྲིན་གྱི་མགོ་ཅན་ཁྲག་གསོལ་བ། མ་མ༴ མ་མོ་དུར་ཁྲོད་རྒྱན་བྱེད་མ། །མི་ལྤགས་རློན་པའི་ན་བཟའ་གསོལ་བ། བགེགས་འདུལ་བར་བྱེད་པ། མ་མ༴ གར་གྱི་དབང་མོ། དབུ་རྒྱན་སྤྱན་སྟོང་དང་ལྡན་པའོ། །མ་མ༴ པདྨ་གར་གྱི་དབང་ཕྱུག་མ། ལག་ན་མི་མགོའི་ཕོར་བའི་ནང་དུ། མི་སྙིང་ཚིལ་བུས་བཀང་ནས་གསོལ་བ། མ་མ༴ ས་བདག་པདྨ་ཕྲེང་བ་དམར་ནག ཕྱག་ན་བྷན་དྷ་ཁྲག་གི་བཀང་གསོལ་བ། མ་མ༴ སྲིད་གསུམ་བདག་མོ། གཡས་རི་རབ་རྩེ་གསུམ་ནས་བརྙིལ་བར་བྱེད་པ། གཡོན་རྒྱ་མཚོའི་གཏིང་ནས་རྙོག་པར་བྱེད་པ། མ་མ༴ རྒྱ་མཚོའི་གཏིང་གི་མཐུ་མོ་ཆེ། །ཆུ་སྲིན་ལྤགས་པའི་ན་བཟའ་གསོལ། །སྦྲུལ་ནག་འབུམ་གྱི་གདེངས་ཀ་ཅན། །མ་མ༴ མ་མོ་རྡོ་རྗེ་ཐོ་བ་མོ། སྔོ་ནག་རྡོ་རྗེ་ཐོ་བ་ཐོགས་པ། མ་མ༴ མ་མོ་རྡོ་རྗེ་གཏུན་ཁུང་མ། མཐིང་ནག་དགྲ་བོ་གཏུན་ཏུ་བརྡུང་བར་བྱེད་པ། མ་མ༴ རྡོ་རྗེ་དུར་ཁྲོད་བདག་མོ་སྔོན་ནག མི་མགོ་རྡོ་རྗེ་དབྱུག་པ་གདེངས་བ། མ་མ༴ རྡོ་རྗེ་སྲིང་མོ་སྔོ་ནག །རྡོ་རྗེ་རྩེ་གསུམ་འཕྱར་བ། མ་མ༴ རྡོ་རྗེ་གསལ་བཀྲ་དམར་ནག །མིའི་རྒྱུ་ཞགས་འཕེན་པ། མ་མ༴ རྡོ་རྗེ་ཁྲག་འཐུང་མ་ལྗང་ནག །བྷན་དྷ་རཀྟས་བསྐང་བ་གསོལ་བ། མ་མ༴ ནག་མོ་དྲེལ་ཞོན་མ། ནད་ཀྱི་རྐྱལ་པ་གང་དུ་རྟགས་པ། མཚོན་གྱིས་གྲུ་གུ་གླད་ལ་བསྐོར་བ། མ༴ དུས་བཞི་རྒྱལ་མོ། སྲིད་པ་གསུམ་ལ་དབང་བྱེད་ཅིང་། སྐུ་ཅིར་ཡང་བསྒྱུར་བར་བྱེད་པ། མ་མ༴ མ་མོ་གནས་ཉུལ་མ། སྤྱང་ཁུའི་མགོ་ཅན་མི་ཤ་ཟ་བ ། མ་མ༴ མ་མོ་རྫུ་བྱེད་མ་སྟག་དང་དོམ་དང་། གཅན་གཟན་གདུག་པའི་གཟུགས་སུ་སྤྲུལ་པ། མ་མ༴ འཛུམ་བྱེད་ཕོ་ཉ་མ། ཁྲ་ལྟར་འཛུམ་ཞིང་། ཁྱི་ལྟར་ཟུག་པ། མ་མ༴ གནམ་ས་ཕྱེད་ཀྱི་བདག་མོ་རི་ལུང་མེད་པར་གཟུགས་གྱིས་ཁེབ་པ། ཆེ་ཆུང་མེད་པར་འཇོམས་པར་བྱེད་པ། མ་མ༴ མ་མོ་རྒྱུག་བྱེད་མ། བུད་མེད་ལུས་ལ་འཇའ་ཚོན་གྱི་གོས་གོན་པ། མ་མ༴ ཕོ་ཉ་ཟ་བྱེད་མ་བུད་མེད་ཀྱི་ལུས་ལ་སྟག་གིས་གོས་གོན་པ། ཟས་སུ་གཙང་རྨེ་མེད་པར་ཟ་བ། མ་མ༴ རྡོ་རྗེ་ཡ་བྱིན་མ། དཀར་ཁྲ་ལྕགས་ཀྱུ་དང་ཕུར་བུ་འཛིན་པ། མ་མ༴ རྡོ་རྗེ་བསེ་སྦྱིན་རྩལ་མོ་ཆེ། སྔོ་ནག་ཞགས་པ་དང་། ཕུར་བུ་འཛིན་པ། མ་མ༴ རྡོ་རྗེ་དེ་བྱིན་དབང་མོ་ཆེ། དམར་མོ་རྡོ་རྗེ་ལྕགས་སྒྲོགས་དང་ཕུར་བུ་བསྣམས་པ། མ་མ༴ རྡོ་རྗེ་ཕག་བྱིན་མ་ལྗང་ནག རྡོ་རྗེ་དྲིལ་བུ་དང་། ཕུར་བུ་བསྣམས་པ། མ་མ༴ ས་བདག་རྒྱལ་མོ་སེར་ནག །གསེར་གྱི་བུམ་པ་བསྣམས་པ། མ་མ༴ ཕྱི་འཁོར་སྐྱོང་བའི་བདག་མོ། །བརྒྱན་དང་ཆ་ལུགས་མཛེས་པའི་ཚུལ་ཅན་ནོ། །མ་མ༴ འཕྲོག་སྲིན་རྗེ་མོ་བུད་མེད་བཟང་སྡུག་འོད་ཆགས་མ་བཀྲ་ཤིས་པ། རལ་བ་གྱེན་དུ་བསིག་པ། མ་མ་ཤ་ར་ཧཱུཾ། ཁྲོ་ཚིགས་མྱུར་བའི་མ་མོ། །བུད་མེད་ཁྲག་གི་ལས་འཕྲན་ཅན་ནོ། །སྒོ་འཁྱམས་བཅུ་པ་ལ། བླ་མ་རིག་འཛིན་བརྒྱུད་པ་རྣམས་བསྐྱེད་དེ། །རྫོགས་པ་ཆེན་པོའི་བརྒྱུད་པ་དང་། །ལུང་ཨ་ནུ་ཡོ་གའི་བརྒྱུད་པ་དང་། སྒྱུ་འཕྲུལ་གྱི་བརྒྱུད་པ་དང་གསུམ་ཤར་སྟོད་དེ་བྱང་ཤར་ནས། བྱང་ཤར་གྱི་བར་དུ་རིམ་པ་ལྟར་བསྐྱེད། དེ་ཡང་། ཐོག་མར་རྫོགས་ཆེན་བརྒྱུད་པ་ནི། ཆོས་ཀུན་ཏུ་བཟང་པོ་ཡབ་ཡུམ་སྐུ་མདོག་སྔོན་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། རུས་པ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་ཆེན་ལ་སོགས་པའི་ཁྲི་དང་པདྨ་ཉི་མ་ཟླ་བའི་གདན་ལ་སྐྱིལ་ཀྲུང་གི་བཞུགས་པ། དེའི་གཡོན་དུ་རྒྱལ་བ་རིགས་ལྔ་སེང་གེ་ལ་སོགས་པའི་ཁྲི་སོགས་སྤྱི་དང་མཐུན་པར་བསྐྱེད། དེའི་གཡོན་དུ་སྡུད་པ་པོ། འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་གཉིས་སྤྱི་དང་མཐུན་པར་བསྐྱེད། ༀ་གུ་རུ་མཧཱ་ཤ་རི་རཾ། གི་ལི་ཧཱུཾ། སློབ་དཔོན་དགའ་རབ་རྡོ་རྗེ་རབ་བྱུང་གི་ཚུལ་དུ་གདན་ལ་བཞུགས་པ། འཇལ་དཔལ་བཤེས་གཉེན་དགེ་སློང་རྡོ་རྗེ་འཛིན་པའི་ཚུལ། རྒྱལ་པོ་དྷ་ཧེ་ན་ཏ་ལོ་རྒྱལ་པོའི་གཟུགས། སྲས་ར་ཛ་ཧསྟི་རྒྱལ་བུའི་གཟུགས་ཅན། སྲས་མོ་ཝ་ར་ནི་བཙུན་མོའི་ཚུལ། ཀླུའི་རྒྱལ་པོ་འཇོག་པོ་ཀླུའི་ཚུལ། གསེར་མདོག །སྦྲུལ་མགོའི་གདེང་ཀ་སྦྲུལ་གྱི་ཁྲི་ལ་པད་དཀྱིལ་བཞུགས་པ། རྒྱ་མཚོའི་ནང་ནའོ། རྒྱལ་པོའི་སྲས་མོ་གནོད་སྦྱིན་བྱང་ཆུབ་མོ། །བུད་མེད་ཀྱི་གཟུགས་ཅན་རྡོ་རྗེ་འཛིན་པ། སྨད་འཚོང་མ་ཨ་ར་ལི་བུད་མེད་གྱི་ཚུལ་རྡོ་རྗེ་འཛིནཔ། ཁ་ཆེའི་སློབ་དཔོན་ཨ་ཀྵོ་བྷྱཿརབ་བྱུང་གི་ཆ་ལུགས། ཁྱིའི་མཁན་པོ་ཀུ་ཀུ་ར་ཛཱ་རས་དཀར་བཅིངས་པ། བེར་གོན་པ། གཟུང་མ་སྨད་འཚོང་མ་བུདྡྷ་མཱ་ཏི་བུད་མེད་ཀྱི་ཆ་ལུགས་རྡོ་རྗེ་འཛིན་པ། སྨད་འཚོང་མ་བུདྡྷ་ས་མ་ཡ། བུད་མེད་ཀྱི་གཟུགས་རྡོ་རྗེ་འཛིན་པ། ཨོ་རྒྱན་རྒྱལ་པོ་མ་ཧཱ་ར་ཛ་ནི་རྒྱལ་བུ་དགེ་སློང་རྡོ་རྗེ་འཛིན་པ། སྲས་མོ་གོ་མ་དེ་བྱི་ནི། བུད་མེད་ཀྱི་ཆ་ལུགས་རྡོ་རྗེ་འཛིན་པ། ཨཱ་ཙརྻ་ཨ་ལོ་ཀེ་ཁ་ཆེའི་མཁན་པོ་རབ་སྣང་དང་གཅིག་ཡིན་སྙམ། མཆན། དགེ་སློང་གི་ཆ་ལུགས་རྡོ་རྗེ་འཛིན་པ། ཀུ་ཀུ་རཱ་ཛ་ཕྱི་མ་རས་དཀར་དང་བེར་ཐུལ། སློབ་དཔོན་མ་ཧཱ་ར་ཛ་དགེ་སློང་གི་ཆ་ལུགས་རྡོ་རྗེ་འཛིན་པ། །སློབ་དཔོན་དྲང་སྲོང་བྷ་ཥི་ཏི། དྲང་སྲོང་གཅེར་བུ་ཐོར་གཙུག་ཅན། སྨད་འཚོང་མ་བདག་ཉིད་ཆེན་མོ། བུད་མེད་ཀྱི་ཚུལ་རྡོ་རྗེ་འཛིན་པ། སློབ་དཔོན་ནཱ་ག་རྫུ་ན། དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ། སློབ་དཔོན་དེ་བ་རཱ་ཙ་ནི། དགེ་སློང་རྡོ་རྗེ་འཛིན་པ། འཇམ་དཔལ་བཤེས་གཉེན་ཕྱི་མ། དགེ་སློང་རྡོ་རྗེ་འཛིན་པ། རིག་འཛིན་དགེ་བསྙེན་ལེགས་སྐྱེས་རབ་བྱུང་གི་ཚུལ་རྡོ་རྗེ་འཛིན་པ། སློབ་དཔོན་དྷརྨ་ར་ཙ་དགེ་སློང་རྡོ་རྗེ་འཛིན་པ། སློབ་དཔོན་བུད་དྷ་གུག་ཏ་ཕུ་ཏུང་དང་ཆོས་གོས་ཅན་རྡོ་རྗེ་འཛིན་པ། སློབ་དཔོན་ཤྲཱི་སེང་ཧ་པཎ་ཆེན་གྱི་ཆ་ལུགས། སློབ་དཔོན་བྷི་མ་མི་ཏྲ་དགེ་སློང་རྡོ་རྗེ་འཛིན་པ། དགེ་སློང་ཀུན་དགའ་མ། དགེ་སློང་གི་ཆ་བྱད་རྡོ་རྗེ་འཛིན་པ། སློབ་དཔོན་བེ་རོ་ཙ་ན་ཕུ་རུང་དང་ཆོས་གོས་ཅན་རྡོ་རྗེ་འཛིན་པ། སློབ་དཔོན་གཡུ་སྒྲ་སྙིང་པོ་དགེ་སློང་གི་ཚུལ་རྡོ་རྗེ་འཛིན་པ། མཁས་པ་ཡེ་ཤེས་གཞོན་ནུ། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་སངས་རྒྱས་ཡེ་ཤེས། གནུབས་ཁུ་ལུང་པ་ཉོན་ཡོན་ཏན་རྒྱ་མཚོ། །སྲས་ཡེ་ཤེས་རྒྱ་མཚོ། མཁས་པ་ཉང་ཅན་ཤེར་མཆོག །མྱང་ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། །སྐྱོ་སྟོན་ཤཱཀྱ་ཡེ་ཤེས། གསང་བདག་མདའ་ཚ་ཧོར་པོ། འགྲོ་མགོན་དམ་པ་ཤཱཀ་རྒྱལ། མཁས་པ་ལྕེ་སྟོན་པ། དེའི་སྲས་བླ་མ་ཐང་སྟོང་འབུམ་མེད། ཆོས་རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཅན་མཁས་གྲུབ་ཆེན་པོ། །མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་གཅིག་དྲིན་ཅན་ཟུར་མོ། །ཟུར་མོ་དགེ་འདུན་འབུམ་མ། ཟུར་སྟོན་ཤཱཀྱ་བཤེས་གཉེན། བླ་མ་བྲའོ་ཆོས་འབུམ། མཁས་པ་ཤཱཀྱ་འབུམ་པ། བཤེས་གཉེན་དཀོན་མཆོག་བཟང་པོ། རིག་འཛིན་རྡོ་རྗེ་བཟང་པོ། འཕགས་མཆོག་རྡོ་རྗེ་རྣམ་རྒྱལ། །རྗེ་དཔལ་འབྱོར་རྒྱལ་མཚན། །དོན་གྲུབ་ལེགས་པ་དཔལ་འབར་རྣམས་དགེ་སློང་རྡོ་རྗེ་འཛིན་པའི་ཆ་ལུགས་པ་ཅི་ལྟར་འོས་བར་བསྒོམ། ༈ དེ་ནས་ལུང་ཨ་ནུ་ཡོ་ག་མདོ་དབང་བརྒྱུད་པའི་བླ་མ་རྣམས་བསྐྱེད་པ་ནི། རྒྱལ་བ་ཀུན་བཟང་ཡབ་ཡུམ་སྔོན་མོ། རྡོ་རྗེ་སེམས་དཔའ་ལ་སོགས་རིགས་ལྔ། སྡུད་པ་པོ་འཇམ་དཔལ་དང་ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས་དམ་པའི་རིགས་ཅན་ལྔ་གོང་ལྟར་བསྐྱེད། དེ་ནས་དགེ་སློང་ཀུ་ཀུ་རཱ་ཙ། རྒྱལ་པོ་ཛ། རྒྱལ་པོ་ཤཱཀྱ་སྤུ་གྲི། །སྲས་མོ་གོ་མ་དེ་བྱི། ཀ་མ་ལ་ཤྲི་ལ། ཨཙརྻ་ན་མི་ཏྲ། སློབ་དཔོན་རྡོ་རྗེ་གཞད་པ། །སློབ་དཔོན་ཉེ་འབྱེད་སེང་གེ །སློབ་དཔོན་ཏི་མ་ཏི། སློབ་དཔོན་སོགས་སྐྱ་དེ་བ། སློབ་དཔོན་སྒེགས་པ་རྡོ་རྗེ། སློབ་དཔོན་ཛྙ་ན་ཀུ་མ་ར། སོག་པོ་དཔལ་གྱི་ཡེ་ཤེས། མཁར་ཆེན་དཔལ་གྱི་དབང་ཕྱུག །སློབ་དཔོན་ནམ་མཁའ་སྙིང་པོ། སློབ་དཔོན་ཆོས་བློན་དེ་བ། རྒྱ་གར་མཁན་པོ་ཆོས་རྒྱལ་སྐྱོང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། ཁུ་ལུངས་ཀྱི་གནུབ་སྟོན་ཡོན་ཏན་རྒྱ་མཚོ། སྲུང་ལེགས་པའི་སྒྲོན་མ། ཞུ་བསོད་ནམས་ཤཱཀྱ། ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། ཆུ་བར་གྱི་གླན་ཤཱཀྱ་བཟང་པོ། ཤངས་པ་ལྷ་རྗེ་འགར། སྲེག་སྟོན་རྡོ་རྗེ་རྒྱལ་མཚན། གླན་སྟོན་རྡོ་རྗེ་འོད། མགོས་བླ་མ་དྷརྨ་བཛྲ། མགོས་དངོས་གྲུབ་མགོན། སྲས་མགོ་བསམ་འཕེལ་ནོར་བུ། འགོས་སྟོན་པ་བསོད་ནམས་གྲགས་པ། ཡང་ན་གླན་རྡོ་རྗེ་འོད་ནས། གླན་བརྩོན་འགྲུས་སེང་གེ། གླན་བསོད་ནམ་རྒྱལ་པོ། ལྷ་རྗེ་ལྷ་འབུམ། གླན་སྟོན་ཆོས་ཀྱི་སེང་གེ །གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། འབྲོ་བསམ་འགྲུབ་རྡོ་རྗེ། ཟུར་ཤཱཀྱ་འབྱུང་གནས། ཟུར་མོ་དགེ་འདུན་འབུམ། ཟུར་ཤཱཀྱ་བཤེས་གཉེན། མཁས་གྲུབ་ཆོས་འབུམ་པ། བླ་མ་དཀོན་མཆོག་བཟང་པོ། རིག་འཛིན་རྡོ་རྗེ་བཟང་པོ། འཕགས་མཆོག་རྡོ་རྗེ་རྣམ་རྒྱལ། དཔལ་འབྱོར་རྒྱལ་མཚན། སྤྲུལ་སྐུ་དོན་གྲུབ་དཔལ་འབར་ལེགས་པ་རྣམས་དགེ་སློང་རྡོ་རྗེ་འཛིན་པར་བསྒོམ་མོ། ༈ རྒྱུད་མ་ཧཱ་ཡོ་ག་སྒྱུ་འཕྲུལ་བརྒྱུད་པའི་བླ་མ་བསྐྱེད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྒྱལ་བ་རིགས་ལྔ། །སྡུད་པ་པོ་རིགས་གསུམ་མགོན་པོ། དམ་པའི་རིགས་ཅན་ལྔ་སྟེ། ༀ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། རིག་འཛིན་ལྷ་དབང་རྒྱ་བྱིན། གསེར་མདོག་ནོར་བུ་བསམ་འཕེལ་འཛིན་པ། ཕྱེད་སྐྱིལ་དཀྲུང་དུ་བཞུགས་པ། ༀ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། རིག་འཛིན་ཀླུ་རྒྱལ་འཇོག་པོ། གསེར་མདོག་སྦྲུལ་མགོ །ཐལ་མོ་སྦྱར་བའི་བར་དུ་ནོར་བུ་འཛིན་པ། ༀ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། རིག་འཛིན་གནོད་སྦྱིན་སྐར་མདའ་གདོང་། དཀར་སེར་ཕྱེད་དཀྱིལ་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ། ༀ་མ་ཧཱ་༴ རིག་འཛིན་ལང་ཀ་མགྲིན་བཅུ། དཀར་སྨུག་སྐྲ་བརྫིས་རོའི་གདན་ལ་རྐྱང་སྐུམ་དུ་བཞུགས་པ། ༀ་མ་ཧཱ༴ རིག་འཛིན་རྒྱལ་པོ་ལི་ཙ་བྱི། རབ་བྱུང་གི་ཚུལ་སྐྱིལ་ཀྲུང་གི་བཞུགས་པ། ༀ་མ་ཧཱ༴ ཀུ་ཀུ་རཱ་ཛ། རྒྱལ་པོ་ཛ། སིདྷ་ར་ཛ། རྒྱལ་པོ་ཨུ་པ་ར་ཛ། སྲིང་མོ་གོ་མ་དེ་ཝཱིར། ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ། རོ་ལངས་བདེ་བའི་དངོས་གྲུབ། རྡོ་རྗེ་གཞད་པ། ཟ་ཧོར་གྱི་རྒྱལ་པོ། པྲ་ཧ་ཏི། སློབ་དཔོན་སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། རྨ་རིན་ཆེན་མཆོག །མཁས་པ་གཙུག་གྱེར་རྣམ་གཉིས། ཞང་རྒྱལ་བའི་ཡོན་ཏན། གནུབས་སངས་རྒྱས་ཡེ་ཤེས། །ཁུ་ལུགས་ཡོན་ཏན་རྒྱལ་མཚོ། སྲས་ཡེ་ཤེས་རྒྱ་མཚོ། མྱང་ཤེས་རབ་མཆོག མྱང་ཡེ་ཤེས་འབྱུང་གནས། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། གླན་ཤཱཀྱ་བྱང་ཆུབ། གསང་བདག་ཤཱཀྱ་སེང་གེ །རྩད་ཙ་ཤཱཀ་རྡོར། རྩད་སྟོན་ཤཱཀྱ་འབྱུང་གནས ། གླན་སྟོན་རྡོ་རྗེ་འོད་པོ། གླན་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཆོས་ཀྱི་སེང་གེ །གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། །འབྲོ་བན་བསམ་འགྲུབ་རྡོ་རྗེ། ཟུར་ཤཱཀྱ་འབྱུང་གནས། ཟུར་མོ་དགེ་འདུན་འབུམ། ཟུར་ཤཱཀྱ་བཤེས་གཉེན། མཁའ་གྲུབ་ཆོས་འབུམ་པ། ཤཱཀྱ་འབུམ་པ། བཤེས་གཉེན་དཀོན་མཆོག་བཟང་པོ། རིག་འཛིན་ཆོས་ཀྱི་རྗེ་རྡོ་རྗེ་བཟང་པོ། འཕགས་མཆོག་རྡོ་རྗེ་རྣམ་རྒྱལ། རྗེ་དཔལ་འབྱོར་རྒྱལ་མཚན། རྒྱལ་བ་དོན་གྲུབ་ལེགས་པ་དཔལ་འབར་རྣམས་ཕལ་ཆེན་དགེ་སློང་རྡོ་རྗེ་འཛིན་པ་ཤ་སྟག་ཏུ་བསྒོམ་མོ། ༈ །ལྷ་ཚོགས་དེ་དག་རྣམས་ལ་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས། ས་མ་ཛཿས་སྙན་གསན་དབབ། ཧེ་ཧྱ་ཧིས་སྤྱན་དྲངས། ཛ་ཧཱུཾ་བཾ་ཧོས་བ སྟིམ། ཀ་ཡ་ཝ་ཀ་ཙི་ཏས་བརྟན་པར་བྱས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། །སྒྲུབ་དང་གདུག་བ་འདུལ་བ་ཡིས། །འབར་བ་ཁྲོ་བོའི་ལྷ་ཚོགས་ལ། སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཅེས་ཕྱག་མཚལ། ཕྱག་རྒྱའི་མཆོད་པ་འབུལ། སྣང་སྲིད་ཀུན་བཟང་གི །ལྷ་མོ་བཞི་བསྣོལ་གྱི། སྨན་རཀ་གཏོར་གསུམ་གྱི། ལྷག་པ་ཏིང་ངེ་འཛིན་གྱིས། སྦྱོར་བ་ཡིས། བསྒྲོལ་བ་ཡིས། དམ་རྫས་ཀྱི། འདོད་ཡོན་གྱིས། གླུ་ཡེ་ཤེས་རྣམས་དབྱངས་དང་བཅས་པས་ཞི་ཁྲོ་ལྟར། རྒྱས་པར་འབུལ་ལོ། །རྒྱ་མཚོར་ལྔའི་སྨོན་ལམ་གདབ། །དེ་ནས་འཛབ་ཁ་དབྱེ་བའོ། ༈ །དེ་ནས་འཇབ་སྟོན་ནི། ཧཱུཾ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འཁོར་ལོ་འབར་བ་དབུས་ཀྱི་ལྟེ་བ་ལ། །བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །སྟོན་པ་ཀུན་ཏུ་བཟང་པོ་གནས་གྱུར་པ། །རྒྱལ་བ་ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ། །ཆེ་བའི་ནང་ན་ཡང་ཆེ་བླ་ན་མེད། །ཆེ་བཙན་འགྲན་ཟླ་བྲལ་བ་ཀུན་གྱི་མཆོག །སྐུ་གསུང་ཐུགས་ཀྱིས་བདག་ལ་ཕྱག་འཚལ་བསྟོད། །འབར་བའི་དབུ་ནི་ཉི་ཤུ་རྩ་གཅིག་གིས། །ས་ནི་ཉི་ཤུ་རྩ་གཅིག་རིམ་པས་མནན། །གཡས་གཡོན་ཕྱག་ནི་བཞི་བཅུ་རྩ་གཉིས་ན། །རྒྱལ་བ་སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས། །ཞབས་བརྒྱད་བསྒྲད་པས་ཁྲོ་མོའི་དབུ་བརྒྱད་བརྫིས། །ཉི་མ་སྟོང་གི་འོད་ཟེར་སྐུ་ལ་བརྗིད། །དཔལ་གྱི་ཆས་བརྒྱད་དུར་ཁྲོད་བརྒྱན་རྣམས་རྫོགས། །ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཀུན་ཏུ་བཟང་མོ་ཆོས་ཉིད་གནས་གྱུར་པ། །དཔལ་འབར་ཁྲོ་མོ་ཀུན་གྱི་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ནས་སྐུ་བསྐྱེད་ཐུགས་རྗེར་ལྡན། །ཁྲོ་མོ་རྣམ་ཞལ་མ་ལ་ཕྱག་འཚལ་བསྟོད། །འཛབ་བསྙེན་ནི། ༀ་ཨ་ཀྲ་མ་ཧཱ་ཀྲོ་ཏི་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཅེས་ཅི་ནུས་བསྒྲང་། ཧཱུཾ་བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་སྐུ་གདུག་པ་འདུལ། །དབུ་གསུམ་དང་པོར་བྱུང་བ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་གསུང་ཐུགས་དང་ལྡན་པའི་དབུ། །ཁམས་གསུམ་མྱ་ངན་འདས་པའི་ཞལ། །དབུ་གསུམ་བར་དུ་རྔམ་པ་ནི། །གཡས་སྔོ་གཡོན་ལྗང་དབུས་མཐིང་ཞལ། །ཐབས་དང་ཤེས་རབ་སེམས་ཀྱི་དབུ། །སྲིད་གསུམ་དབྱིངས་སུ་རྫོགས་པའི་ཞལ། །དབུ་གསུམ་ཐོག་མར་རྔམ་པ་ནི། །གཡས་མཐིང་གཡོན་མཐིང་དབུས་མཐིང་ཞལ། །ལུང་དང་མན་ངག་སེམས་ཀྱི་དབུ། །ཁམས་གསུམ་རེ་བ་བསྐོང་པའི་ཞལ། །བཅོ་བརྒྱད་ཕྱག་རྒྱ་རོལ་བ་ནི། །སྟོང་པ་བཅྭ་བརྒྱད་དབྱིངས་སུ་ཐིམ། །བཅྭ་བརྒྱད་ཕྱག་རྒྱ་བསྣམས་པ་ནི། །རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། །བྷན་དྷ་ཞིང་ཆུང་ཏི་ར་གཡོན། །ཞིང་ཞགས་ཉི་མ་ཁྱུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོ་ག་བུ་གཡས། །ཀླུ་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅྭ་བརྒྱད་དབྱིངས་སུ་རྫོགས། །ཁྲོ་རྒྱལ་བརྒྱན་རྣམས་སྐུ་ལ་བརྗིད། །རྒྱུད་རྒྱལ་ཆེ་མཆོག་ཧེ་རུ་ཀ །དབང་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །ༀ་སརྦ་ཏ་ཐཱ་ག་ཏ་ཤྲི་ཧེ་རུ་ཀ་ཧཱུཾ། སརྦ་ཏ་ཐཱ་གྷུ་ཧྱ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། །ཧཱུཾ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་འབར་བའི་ལྟེ་དབུས་ན། །དྲེགས་པ་བསྣོལ་བའི་གདན་སྟེངས་སུ། །བཅོམ་ལྡན་མི་སྐྱོད་གནས་གྱུར་པ། །ཁྲག་འཐུང་ཞེ་སྡང་འཇོམས་པའི་སྐུ། །འཇིགས་བྱེད་ཆེན་པོའི་སྐུར་བསྐྱེད་པ། །མཆོད་ཅིང་བྱིན་བརླབས་གསལ་སྒྲུབ་པ། །བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ནམ་མཁའ་ཀུན་བཟང་གནས་གྱུར་པ། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བ། །ཐབས་དང་ཤེས་རབ་གཉིས་སུ་མེད། །བཛྲ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། ༀ་བཛྲ་ཀྲོ་ཏི་ཤྲི་ཧེ་རུ་ཀ་ཧཱུཾ། །བཛྲ་ཀྲོ་དྷི་ཤྭ་རི་ཧཱུཾ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། །ཧཱུཾ་དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །འབར་བ་འཁོར་ལོ་རྩིབས་བརྒྱད་ཀྱི། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །དྲི་ཟ་བསྣོལ་བའི་གདན་སྟེང་ན། །རྣམ་པར་སྣང་མཛད་གནས་གྱུར་པ། །ཁྲག་འཐུང་གཏི་མུག་འཇོམས་པའི་སྐུ། །འཇིགས་བྱེད་སྨུག་ནག་འབར་བར་གསལ། །མཆོད་ཅིང་བསྒྲུབ་ཏེ་བྱིན་རླབས་བ། །བུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་སྦྱན་མ་གནས་གྱུར་པ། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །སྤྱན་དྲངས་མཆོད་ཅིང་བསྒྲུབ་པའི་ལྷ། །བུདྡྷ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། །ༀ་བུདྡྷ་ཤྲི་ཧེ་རུ་ཀ །བུདྡྷ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་འབར་བའི་འཁོར་ལོ་རྩིབས་བརྒྱད་ཀྱི། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གཤིན་རྗེ་བསྣོལ་བའི་གདན་སྟེངས་ན། །རིན་ཆེན་འབྱུང་ལྡན་གནས་གྱུར་པ། །ཁྲག་འཐུང་ཆེན་པོ་ང་རྒྱལ་འཇོམས། །འཇིག་བྱེད་སེར་ནག་འབར་བར་གསལ། །སྤྱན་དྲངས་མཆོད་ཅིང་སྒྲུབ་པའི་ལྷ། །རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཧཱུཾ་མ་མ་ཀི་ནི་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་སྐུར་བྱུང་པ། །ཡབ་ཡུམ་ཐབས་དང་ཤེས་རབ་མ། སྤྱན་དྲངས་མཆོད་ཅིང་བསྒྲུབ་པའི་ལྷ། །རཏྣ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། །ༀ་རཏྣ་ཤྲི་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཤྭ་རི་ཧཱུཾ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །འབར་བའི་འཁོར་ལོ་རྩིབས་བརྒྱད་ཀྱིས། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཀླུ་དབང་བསྣོལ་བའི་གདན་སྟེངས་ན། །སྣང་བ་མཐའ་ཡས་གནས་གྱུར་པ། །དཔལ་ཆེན་ཁྲག་འཐུང་འདོད་ཆགས་འཇོམས། །འཇིགས་བྱེད་དམར་ནག་རལ་པ་ཅན། །སྤྱན་དྲངས་མཆོད་ཅིང་བསྒྲུབ་པའི་ལྷ། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ན་བཟའ་དཀར་མོ་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་སྐུར་བྱུང་སྟེ། །ཡབ་ཡུམ་ཐབས་དང་ཤེས་རབ་ལ། །གཉིས་མེད་བྱང་ཆུབ་སེམས་བསྒྲུབ་པ། །པདྨ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། །ༀ་པདྨ་ཤྲི་ཧེ་རུ་ཀ །པདྨ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། །ཧཱུཾ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འབར་བའི་འཁོར་ལོ་རྩིབས་སྟེངས་ནས། །གནོད་སྦྱིན་བསྣོལ་བའི་གདན་སྟེངས་ན། །དོན་ཡོད་གྲུབ་པ་གནས་གྱུར་པ། །འཇིགས་བྱེད་ཁྲག་འཐུང་ཕྲག་དོག་འཇོམས། །ལྗང་ནག་མེ་འབར་འཇིགས་པའི་སྐུ། །གསལ་བར་བྱེད་ཅིང་མཆོག་བསྒྲུབ་པ། །ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །དམ་ཚིག་སྒྲོལ་མ་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོར་སྐུར་སྟོན་པ། །་ལྷག་མ་བྱང་ཆུབ་སེམས་འཕྲོས་པ། །ཡབ་ཡུམ་ཐབས་དང་ཤེས་རབ་ལ། ཀརྨཱ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། །ༀ་ཀརྨཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀརྨཱ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་རུ་ལུ༴ ཧཱུཾ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ན། །མཐུ་སྟོབས་མངའ་བདག་གནས་གྱུར་པ། །སྒྲོལ་བྱེད་ཆེན་པོ་བདུད་རྣམས་འཇོམས། །བདུད་དང་སྲིན་པོ་བསྒྲོལ་ལ་བརྩོན། །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །རཀ་ཤ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ལྷ་མོ་རཀ་ཤ་གནས་གྱུར་པ། །ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལ། །རཀ་ཤ་ཀྲོ་ཏི་ཤྭ་རིའི་སྐུ་ལ་ཕྱག་འཚལ་བསྟོད། །ༀ་རཀ་ཤ་ཤྲི་ཧེ་རུ་ཀ །རཀ་ཤ་ཀྲོ་ཏི་ཤྭ་རི་ཧཱུཾ། །ༀ་རུ་ལུ༴ ཧཱུཾ་དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །འབར་བའི་འཁོར་ལོ་རྩིབས་བརྒྱད་ཀྱིས། །ལྷོ་ནུབ་འཁོར་ལོའི་རྩིབས་སྟེངས་ནས། །བཛྲ་ས་མ་ཡ་གནས་གྱུར་པ། །དཔལ་ཆེན་དམ་ཚིག་མངའ་མཛད་པ། །སེར་ནག་འཇིགས་པའི་ཆ་ལུགས་ཅན། །བསྐལ་པ་བརྒྱར་ཡང་བདག་གི་ལྷ། །ས་ནུ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཡུམ་ཆེན་དམ་ཚིག་གནས་གྱུར་པ། །ཁྲོ་མོ་དམ་ཚིག་བྱ་ར་མཁན། །སངས་རྒྱས་སེམས་ཅན་མདའ་མི་བྱེད། །དམ་ཚིག་དབྱིངས་སུ་བསྐུལ་བྱེད་མ། ས་ནུ་ཀྲོ་ཏི་ཤྭ་རི་མ་ལ་ཕྱག་འཚལ་བསྟོད། །ༀ་ས་ནུ་ཤྲི་ཧེ་རུ་ཀ །ས་ནུ་ཀྲོ་ཏི་ཤྭ་རི་ཧཱུཾ། །ༀ་རུ་ལུ༴ ཧཱུཾ་དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ནུབ་བྱང་འཁོར་ལོའི་རྩིབས་སྟེངས་ན། །མཁྱེན་རབ་མངའ་བདག་གནས་གྱུར་པ། །བསྒྲོལ་བྱེད་ཆེན་པོ་དྲེགས་པ་འདུལ། ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམས་རྟག་དུ་གསང་བའི་ལྷ། །ཞེ་སྡང་འཁོར་ལོ་བསྒྲོལ་ལ་བརྩོན། །གྷུ་ཡ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །རྫུས་སྐྱེས་འཇོམས་མ་གནས་གྱུར་པ། །ཁྲོ་མོ་ཡབ་ཀྱི་ཆ་ལུག་འཛིན། །ཡབ་ཡུམ་ཐབས་དང་ཤེས་རབ་ལ། །གྷུ་ཡ་ཀྲོ་ཏི་སྐུ་ལ་ཕྱག་འཚལ་བསྟོད ། །ༀ་གྷུ་ཡ་ཤྲི་ཧེ་རུ་ཀ །གྷུ་ཡ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་རུ་ལུ༴ ཧཱུཾ་དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །བྱང་ཤར་འཁོར་ལོ་རྩིབས་སྟེང་ན། །ཐུགས་རྗེའི་མངའ་བདག་གནས་གྱུར་པ། བསྒྲོལ་བྱེད་མ་མོ་མཁའ་འགྲོ་འདུལ། ། ཐལ་ནག་མདོག་འདྲ་འཇིགས་པའི་གཟུགས། །གང་བསྒྲུབ་མཐུ་དང་དབང་རྩོལ་བའི། །ཡཀ་ཤ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་བདག་མོ་གནས་གྱུར་པ། །ཁྲོ་མོ་དབང་ཕྱུག་ཀུན་གྱི་རྗེ། །སྤྲུལ་པ་ཀུན་གྱིས་ཡང་སྤྲུལ་མ། །ཐབས་དང་ཤེས་རབ་དབྱེར་མེད་མ། །ཡཀ་ཤ་ཀྲོ་ཏིའི་སྐུ་ལ་ཕྱག་འཚལ་བསྟོད། །ༀ་ཡཀ་ཤ་ཤྲཱི་ཧེ་རུ་ཀ །ཡཀ་ཤ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་རུ་ལུ༴ ཧཱུཾ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་གློ་འབུར་གྲུ་ཆད་བཞི་པོ་ནས། །ཀོའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ནི། །གདུག་པ་ཐབས་ཀྱི་འདུལ་བའི་དྲག་ཤུལ་ཅན། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ཅིར་ཡང་སྟོན། །ཡེ་ཤེས་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །ༀ་བཛྲ་ཀ་རི་ཧ། ༀ་བཛྲ་ཙ་རཱི་ཧ། ༀ་བཛྲ་པྲ་མོ་ཧེ་ཧ། ༀ་བཛྲ་བཻ་ཏ་ལི་ཧ། ༀ་བཛྲ་པུཀྐ་སཱི་ཧ། ༀ་བཛྲ་གྷས་མ་རི་ཧ། ༀ་བཛྲ་སྨེ་ཤཱ་ནཱི་ཧ། ༀ་བཛྲ་ཙནྚ་ལི་ཧ། ༀ་རུ་ལུ༴ ཧཱུཾ་ཚོགས་ཆེན་འདུས་པ་འབར་བ་ཡི། །བར་འཁྱམས་དང་པོ་མདོག་སེར་ན། །སེང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ནི། །ཡེ་ཤེས་ལས་ལ་འགྱེད་པའི་ཕྲ་མེན་མ། །རྣམ་སྦྲུལ་ལས་གྱི་འགྲོ་བའི་དོན་མཛད་པ། །སིང་ཧ་ཕྲ་མེན་བརྒྱད་ལ་ཕྱག་འཚལ་བསྟོད། ༀ་བཛྲ་སིང་ཧ་མུ་ཁེ་ཧེ། །ༀ་བཛྲ་བྱཱ་གྷྲི་མུ་ཁེ་ཧེ། ༀ་བཛྲ་ཤྲཱི་ག་ལ་མུ་ཁེ་ཧེ། ༀ་བཛྲ་ཤྭ་ན་མུ་ཁེ་ཧེ། ༀ་བཛྲ་གྲི་དྷ་མུ་ཁེ་ཧེ། ༀ་བཛྲ་ཀང་ཀ་མུ་ཁཱི་ཧེ། ༀ་བཛྲ་ཁ་ཁ་མུ་ཁེ་ཧེ། ༀ་བཛྲ་ཨུ་ལུ་ཀ་མུ་ཁཱི་ཧེ། ༀ་རུ་ལུ༴ བར་འཁྱམས་སྒོ་བཞིའི་ཤར་ལྷོ་ནུབ་བྱང་བཞིར། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ། །རྟ་གདོང་ཕག་གདོང་སེང་གདོང་སྤྱང་གདོང་བཞི། ཞི་རྒྱས་དབང་དྲག་ལས་ལ་ཐོགས་མེད་བརྩོན། རྟག་ཆད་བདག་འཛིན་མཚན་མ་ལྟ་ལས་གྲོལ། །ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད། །ༀ་བཛྲ་ཨརྻ་ཏེ་ཛ་ཏེ་ང་ཛ། ༀ་བཛྲ་བ་ར་ཧ་མུ་ཁེ་ཧཱུཾ། ༀ་བཛྲ་ལོ་ཀེ་བཾ། ༀ་བཛྲ་བྷ་ལི་ཾས་མ་ཡ་བ་ཏོ་ཧོ། ༀ་རུ་ལུ༴ ཧཱུཾ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་དུ། འབར་བའི་བར་འཁྱམས་གཉིས་པ་མདོག་དཀར་ན། །ཆོས་ཉིད་རྣམ་དག་ངང་ལ་རང་སྣང་བའི། །སྣ་ཚོགས་ཅིར་ཡང་འགྱུར་བའི་སྐུ་མངའ་ཞིང་། སྲིད་གསུམ་ཞིང་དུ་སྦྱོར་བས་ག ཡང་གཞི་གསོལ། སྤོར་མ་ཆེན་མོ་བརྒྱད་ལ་ཕྱག་འཚལ་བསྟོད། ༀ་བཛྲ་ཨ་པྲ་ཏི། ཨཱརྱ་ནི། ཙ་ཏུར་ཏ་ར་ཕཊ། ཨ་རག་མོ་ཧཱུཾ། ༀ་རུ་ལུ༴ བར་འཁྱམས་དེའི་ཤར་ལྷོ། ནུབ་བྱང་སྒོར། དགྱེས་པ་བསྐྱེད་པའི་གསང་བའི་ཡུམ་ཆེན་བཞི། གཉིས་མེད་རོལ་པའི་བྱིན་རླབས་སྣ་ཚོགས་འཕྲོ། ཤེས་རབ་ཡུམ་ཆེན་བཞི་ལ་ཕྱག་འཚལ་བསྟོད། ༀ་ཤྲི་བཛྲ་མུ་ཀ་ར་མུ་ཁ་ཤྭ་ར་ཡ། །ཡཱ་ན་མཿ ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡ་ན་མཿ ཤྲཱི་བཛྲ་ཁ་ཊྭཱཾ་ག པྲ་ཛྭ་ལ་ཡ་ཡ་ན་མཿ ཤྲི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡཱ་ན་མ། ༀ་རུ་ལུ༴ ཚོགས་ཆེན་འདུས་པའི་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་འཁྱམས་གསུམ་པ་མདོག་དམར་ན། སྲིན་མོ་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །དྲེག་པ་ལྷ་ཆེན་རྣམས་ཀྱི་ཆུང་མ་དེ། །དབང་དྲག་ལས་ལ་ཐོགས་པ་མེད་པར་སྦྱོད། །དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བསྟོད། །བྷྱོ་བཛྲ་མ་ནུ་རཀྴ་སི། བྷྱོ་བཛྲ་པྲ་ཧ་མ་ཎི། བྷྱོ་བཛྲ་ར་ཏྲི། བྷྱོ་བཛྲ་བེཥྞེ་བེ། བྷྱོ་བཛྲ་ཀ་མ་རི། བྷྱོ་བཛྲ་ཨིན་ཏྲ་མ་ནི། བྷྱོ་བཛྲ་སིངྒ་ལཾ། བྷྱོ་བཛྲ་ཨ་སྨྲི་ཏ། བྷྱོ་བཛྲ་ས་མྱ། བྷྱོ་བཛྲ་ཌཎྜ་དཾ། བྷྱོ་བཛྲ་རཀྵ་སི། བྷྱོ་བཛྲ་བྷ ཀྵ་སི། བྷྱོ་བཛྲ་ར་ཏི་ཏཾ། བྷྱོ་བཛྲ་རུ་དྷི་ར་མ་ཏི། བྷྱོ་བཛྲ་ཨེ་ཀ་ཙ་ར་མ། བྷྱོ་བཛྲ་མ་ནུ་ཧ་རཾ། བྷྱོ་བཛྲ་སིདྷི་ཀཾ །བྷྱོ་བཛྲ་བ་ཡ་བེ། བྷྱོ་བཛྲ་མ་ཧཱ་མ་ར་ཎ། བྷྱོ་བཛྲ་ཨག་ནེ་ཡེ། བྷྱོ་བཛྲ་བཱ་ར་ཧཱི། བྷྱོ་བཛྲ་ཙ་མུན་ཊི། བྷྱོ་བཛྲ་སུ་ཏ་ནཾ། བྷྱོ་བཛྲ་བ་རུ་ནི། བྷྱོ་བཛྲ་མཧཱ་ཀ་ལི། བྷྱོ་བཛྲ་ཙ་ཀ་ལཱི། བྷྱོ་བཛྲ་ཀུམ་བྷ་ཀརྞ། བྷྱོ་བཛྲ་ལཾ་པོ་དྷ་ར། ༀ་རུ་ལུ༴ ཧཱུཾ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། འབར་བའི་བར་འཁྱམས་བཞི་པ་གསེར་མདོག་ན། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅནའཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱི་གྲོགས་མཛད་མ། །མཁའ་འགྲོ་གསུམ་བཅུ་གཉིས་ལ་ཕྱག་འཚལ་བསྟོད། ༀ་ཨེ་ཨ་ར་ལི་ཧཱུཾ། མ་ཧཱ་བཛྲ་དྷ་ར། ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། བཛྲ་མ་ཧཱ་ཧེ་ལ་བ་ཏི། ༀ་ཀུ་མ་ར་པྲ་ཡེ། མ་ཧཱ་བཛྲ་མ་ཏི། བཛྲ་ཏྲཱི་ཤྲཱི་སྨ་ར་ཡ། བཛྲ་ཙཀ་ནེ་ན། མ་ཧཱ་བཛྲ་ཀྲོ་ཏ་ཧཱུཾ། ༀ་མ་ཧཱ་ཨ་སྨྲྀ་ཏོད་པ་ཏི། མ་ཧཱ་སོའུ་མ། མ་ཧཱབཛྲ་ཙིཏྟ། མ་ཧཱ་ར་མ་ནི། མ་ཧཱ་ཨ་སྨྲྀ་ཏི་ཀ་པཱ་ཱལ་ཧསྟི་ཏ་ཀི །བཛྲ་སུ་མ། བཛྲ་ཨ་སྨྲྀ་ཏ་སུ་ཏ་དནྜ་རི། བཛྲ་བི་ལ་ཀེ །བི་བྷ་རི་རཾ། བཛྲ་ཤ་ནི་ཀྵ། །བཛྲ་ཤ་ནི་ཏ་ཀ །ༀ་པ་ཏ་ཀ །ༀ་བཛྲ་ཨ་ན། ༀ་བཛྲ་པེ་ཀི་ནི། བཛྲ་ཛ་དུ་ལ་ཡ་ཏ་ཀི་བི་ཀ་ཏེ། བཛྲ་ཏ་ར་ཤི་ཏ། ཀ་ལི་པྲ་བེ་ཤ །ཨུས་ཏིང་མ་ས། བཛྲ་ཀ་རན་ཛ། སརྦ་ཨ་ཏ་རི། པ་ལ་ཏ་ཀི། བཛྲ་སརྦ་བྷནྡྷ་ཨ། བཛྲ་ས་བྷ་ན་ཨ་ཀི། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱིས། །འབར་བའི་བར་འཁྱམས་ལྔ་པ་དམར་པོ་ལ། །འཇིག་རྟེན་དྲེགས་པ་འདུས་པ་མ་མོའི་ཚོགས། །ཕྱི་འཁོར་འདུས་ཞིང་ནང་འཁོར་སྐྱོང་མཛད་པ། །དུར་ཁྲོད་མ་བདུན་ལས་ཀྱི་སྲིང་མོ་བཞི། །བགེགས་བསྲུངས་མ་མོ་རྣམས་ལ་ཕྱག་འཚལ་བསྟོད། མ་མོ་དྷ་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། བདུན་ཀ་འགྲེས། བཛྲ་དུན་ཏིང་བྷྱོ། བཞི་ཀ་འགྲེས། ༀ་རུ་ལུ་རུ་ལུ༴ ཧཱུཾ་ཚོགས་ཆེད་འདུས་པ་དབང་གི་དཀྱིལ་འཁོར་ཀྱི། འབར་བའི་བར་འཁྱམས་དྲུག་པ་མདོག་དཀར་ན། །ཁམས་གསུམ་བསྒྲོལ་བའི་གིང་ཆེན་བཅྭ་བརྒྱད་ནི། །སྲིད་གསུམ་ལས་ལ་ཐོགས་མེད་བསྒྲོལ་ལ་བརྩོན། །བསྒྲལ་བའི་ཞིང་བཅུ་བསྟན་ནས་བརླགས་པར་བྱེད། །གིང་ཆེན་གིང་ལྕམ་ཚོགས་ལ་ཕྱག་འཚལ་བསྟོད། །གིང་ཀ་ར་ཧ་ཧ། ༀ་བཛྲ་ཀ་ཏ་རི་ཤ །ཤྭ་རི་ཧཱུཾ། བཅྭ་བརྒྱད་པོ་ཀུན་ལ་འགྲེ། ༀ་རུ་ལུ༴ ཧཱུཾ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་གྱི། །འབར་བའི་བར་འཁྱམས་བདུན་པ་མདོག་ནག་ན། བཅོམ་ལྡན་ཧཱུཾ་མཛད་ས་གསུམ་བརྗིད་ཀྱི་གནོན། ཁམས་གསུམ་འདུལ་མཛད་ཡེ་ཤེས་ལྷའི་ལྷ། །འཇིགས་བྱེད་འབར་བས་གདུག་པའི་ཚོགས་རྣམས་འཇོམས། །ཁྲོ་བོ་ཁྲོ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །ༀ་ཀྲོ་ཏ་ཀྲོ་ཏི་ཧཱུཾ། ཅེས་ཀུན་འགྲེའོ། །ༀ་རུ་ལུ༴ ཧཱུཾ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱིས། འབར་བའི་བར་འཁྱམས་བརྒྱད་པ་ཕྱོགས་མཚོན་ན། ཡེ་ཤེས་ཐུགས་རྗེས་ཕྱོགས་བཅུར་ཁྱབ་པ་ཡིན། །གདོན་བགེགས་འདུལ་བའི་ལས་ལ་ཐོགས་པ་མེད། །ཅི་བགྱིས་བཀའ་ཉན་ལས་ལ་མྱུར་མཛད་པའི། །ཕྱོགས་བཞི་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །ༀ་བྷ་ན་བྷ་ན་ཨེ་ཤ་ར། ཨཾ་གྷུ་ཤ་ཛ། ༀ་ཧ་ལ་ཧ་ལ་ཨེ་ཤ་ར་པ་ཤ་ཧཱུཾ། ༀ་གར་རྫ་གརྫ། ཨེ་ཤ་རི་སྥོ་ཊ་བཾ། ༀ་པ་ཙ་པ་ཙ་ཨེ་ཤ་ར་གྷནྜེ་ཧོ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། འབར་བའི་བར་འཁྱམས་དགུ་པ་མདོག་ལྗང་ན། ཁམས་གསུམ་ཡོངས་སུ་ལས་ལ་དབང་བ་ཡི། །མ་ཆེན་རྒྱལ་མོ་སྲིད་པ་གསུམ་གྱིས་བདག ། ཡུམ་ཆེན་ལས་ལ་དབང་པའི་དབང་མོ་ཆེ། །མ་མོ་དྲུག་བཅུའི་ཚོགས་ལ་ཕྱག་འཚལ་བསྟོད། །མ་མ་ཤྭ་ར་ཧཱུཾ། ཀུན་ལ་འགྲེ། ༀ་རུ་ལུ༴ ཅེས་རིམས་པར་བསྙེན་ནོ། །ཧཱུཾ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་འཁྱམས་བཅུ་པ་མཛེས་མཚོན་ན། །རིག་འཛིན་བླ་མས་བྱིན་རླབས་ལྡན་པའི་ཚོགས། །ལྷུན་གྲུབ་ཕྱག་ཆེན་ཚེ་དབང་རྣམ་སྨིན་གྱི། །རྒྱ་གར་བོད་གྱིས་གྲུབ་ཐོབ་མ་ལུས་རྣམས། །བསྐྱེད་རྫོགས་གསུམ་གྱི་སིད་དྷི་འདིར་སྩོལ་གཅིག །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། མ་ཧཱ་གུ་རུ་སིདྷི་ཧུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་ལྟར་མདུན་བསྐྱེད། བུམ་བསྐྱེད། བདག་བསྐྱེད་དང་གསུམ་པོ་དེས་བསྙེན་བསྒྲུབ་ཀྱི་རིམ་པ་དེ་སོང་ནས། རབ་གནས་ཀྱི་སྔོན་འགྲོ་ལ་སོགས་དོན་བརྒྱད་པོ་ནི། གོང་སྒྱུ་འཕྲུལ་ཞི་ཁྲོའི་སྐབས་ནས་ཡོད་པ་འདིར་བླངས་ལ། བུམ་བསྐྱེད། མདུན་གྱིས་དཀྱིལ་འཁོར་ལྷ་རྣམས་དང་། གཞན་ཡང་ཙཀ་ལི་ལ་སོགས་དབང་རྫས་རྣམས་དང་། སྐུ་གསུང་ཐུགས་གྱི་རྟེན་ལ་སོགས་དང་། སློམ་མ་རྣམས་ཀྱང་ལྷ་ཞི་ཁྲོ་ལ་སོགས་པར་བསྒོམས་ལ། རབ་གནས་རྒྱས་པར་བྱེད། དེ་ཡང་། ཐོག་མར་ཞི་བའི་རབ་གནས་བྱེད་དོ། །བདུན་པ་སྦྱིན་བསྲེགས་ནི། གོང་སྒྱུ་འཕྲུལ་ཞི་བའི་སྐབས་ན་ཡོད་པ་འདིར་བླངས་ལ། ཞི་བའི་སྦྱིན་སྲེག་རྒྱས་པའི་སྦྱིན་སྲེག་དབང་གི་སྦྱིན་བསྲེག །དྲག་པའི་སྦྱིན་སྲེག་རྣམས་བྱེད་དོ། །དེ་ཡང་ཞི་ཁྲོ་གཉིས་ཀྱི་དབྱེ་བས་བརྒྱད་ཡོད་དོ། །བྱེ་བྲག་ཏུ། ས་ཆོ ག་གི་དུས་སུ་ཞི་བའི་སྦྱིན་སྲེག་བྱེད། སློབ་བུ་སྟ་གོན་གྱིས་དུས་སུ། ཀུན་གྱི་རྨི་ལམ་ངན་ན་དྲག་པའི་སྦྱིན་སྲེག །དབང་བསྐུར་བའི་དུས་སུ། དབང་གི་སྦྱིན་སྲེག་བྱེད་དོ། །དེ་ལྟར་རབ་གནས་སྦྱིན་སྲེག་རབ་གནས་རྣམ་པ་འགོད་པ། ཚོན་བྲི་བ། ཐིག་ཚད་དང་། བདུན་གྱིས་དཀྱིལ་འཁོར་ལས་ཀྱི་རིམ་པ་དེ་སོང་ནས། གཉིས་པ་འཇུག་དབང་གི་རིམ་པ་ལ། ལས་རིམ་ལས་འཇུག་པ་དང་། ཅེས་པ་དང་། ཡོན་ཏན་རྣམ་བཅུས་རྒྱས་ཤེས་བྱ། །ཅེས་དང་དབང་ཕྱུག་འཇུག་དང་བཟོད་གསོལ་དང་། ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་རླབས་དམ་ཚིག་སྦྱིན། །དེ་ཉིད་དབོག་དང་ཆུ་མནན་དང་། །བསྒྲགས་དང་རིན་ཆེན་དོར་བ་དང་། །ལྷ་བབ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་བསྟན་པ་དང་། །ཚོགས་མཆོད་ཡོན་དང་རྣམ་བཅྭ་བརྒྱད། འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཅེས་དང་། ཐུགས་ཐིག་ལས། དེ་བརྩོན་གསུམ་དང་བརྟུལ་བཞུགས་གསུམ། །གང་ལ་སྣང་བ་དེ་ཡི་སྣོད། །ཅེས་པས། གཉིས་ཏེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་པ་དང་། དབང་ལེན་པའོ། །དང་པོ་ལ་གཉིས་ཏེ། འཇུག་པ་དང་གཟོད་པར་གསོལ་བའོ། དང་པོ་ནི། དབང་ཕྱུག་གི་སྙིམ་པར་མེ་ཏོག་གི་འཕྲེང་བ་ཐོགས་ཏེ། དཀྱིལ་འཁོར་གྱི་ཤར་སྒོར་གུས་པས་འདུད་དེ་དཀྱིལ་འཁོར་དེ་ཉིད་འོག་མིན་གྱི་གནས་རྟེན་དང་བརྟེན་པར་བཅས་བར་དམིགས་ལ། ཡེ་ཤེས་རྒྱལ་པོས་གསོལ་བ་གདབ་པ། ༀ་བཛྲ་ས་མ་ཡ་ༀ། ཨཾ་བཛྲ་ས་མ་ཡ་ཨཾ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧ་བཛྲ་ས་མ་ཡ་ཧ། ཞེས་རིག་པའི་མེ་ཏོག་དོར། ཁྲོ་བོ་ལྟར་ན། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ༀ། །ཅེས་སོགས་ལྔ་དང་། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཅེས་པའི་ཚིགས་བཞི་དང་། ༀ་བཛྲ་ཀྲོ་ཏ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧོ་ཕཊ། ཅེས་བརྗོད་ལ། དཀྱིལ་འཁོར་དུ་མེ་ཏོག་དོར། གོ་རིམ་བཞིན་ཡེ་ཤེས་རྡོ་རྗེའི་དམ་ཚིག་དུས་ལ་བབ་བོ། །དེའི་ངང་དུ་བསྡུས་ཤིག །དགྱེས་པར་མཛོད་ཅིག །ཅེས་པ་སྟེ། དེ་ལྟར་གནས་བསྐུལ་བ་ནི། དབང་ཕྱུག་དཀྱིལ་འཁོར་དུ་འཇུག་པའོ། །དེ་དག་ནི་བསྡུས་པའི་རིམ་པའོ། །རྒྱས་པ་ལྟར་ན། སློབ་མ་དཀྱིལ་འཁོར་དུ་འཇུག་པ་ལྟར། དོན་བཅུ་དྲུག་པོ་དང་། ཞུགས་པའི་ཡོན་ཏན་དང་བཅས་པས་འཇུག་གོ །གཉིས་པ་སློབ་བུ་འཇུག་པར་གསོལ་བ་གདབ་བ་ནི། ༀ་རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་བཞུགས་པར་བྱ། །ཞེས་བརྗོད་ཅིང་། སྙིམ་པོའི་མེ་ཏོག་དཀྱིལ་འཁོར་ལྷ་ལ་དོར་བའི་བློས། དོར་པའི་ཚུལ་བྱས་པས། དེ་ནས་བདག་གི་ལུས་ངག་ཡིད་གསུམ་ལ་འོད་དཀར་དམར་མཐིང་གསུམ་འཕྲོས་ནས། དལ་གྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕོག་པས། ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཆོད་པ་ཆེན་པོས་མཉེས་པར་བྱས། ཁྱད་པར་དུ་འང་། །དལ་གྱི་གཙོ་བོའི་སྟེང་ནས། །རང་གང་མོས་པའི་བླ་མ་བཞུགས་པ་དེ་ཡང་། མཆོད་པས་མཉེས་པར་བྱའོ། དེ་ནས་ཐལ་མོ་སྦྱར་ལ་ངག་ཏུ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྩ་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས་དང་། ལྷ་དང་མཁའ་འགྲོ་རིག་པ་འཛིན་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་སློབ་དཔོན་གིས་སེམས་ཅན་ཐམས་ཅད་གྱིས་དོན་བྱ་བ་དང་། །སློབ་མ་འདི་རྣམས་འཁོར་བ་ལས་ཡོངས་སུ་བསྒྲལ་བར་བྱ་བའི་སླད་དུ། འདུས་པ་ཆེན་པོའི་དབང་བསྐུར་བར་འཚལ་གྱིས། །བདག་ལ་ངག་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་དུ་གསོལ། དབང་བསྐུར་དུ་གསོལ། ཞེས་ལན་གསུམ་བརྗོད་པས། བླ་མ་དང་དལ་གྱི་གཙོ་བོའི་སྐུ་གསུང་ཐུགས་ལ་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་རྟོག་པ་རང་རྒྱུད་པ་དག་ནས་ལྷའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་རང་བཞི ན་དུ་བསམ། དེས་མཚོན་ནས་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་བྱུང་ནས་བདག་ལ་ཐིམ་པས་བདག་དང་ལྷ་ཐ་དད་མེད་པར་བསམ། དེ་ནས་ལྷ་ཐམས་ཅད་ཞལ་འཛུམ་པ་དང་བཅས་ནས། རིགས་ཀྱི་བུ་འཕྲིན་ལས་ཅི་དགའ་བར་སྤྱོད་ཅིག་ཅེས་སྣང་བ་ཐོབ་པར་བསམ་མོ། །གཉིས་པ་དབང་ལེན་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སློབ་མ་ལ་དབང་ཇི་ལྟར་བསྐུར་བ་བཞིན། སློབ་དཔོན་རང་གིས་ཀྱང་དབང་ལེན་ནོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་སྟེ། དཀྱིལ་འཁོར་དུ་ཞུགས་པ་དང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ་དཀྱིལ་འཁོར་དུ་བཞུགས་པ་དང་། འཇུག་པའི་ཡོན་ཏན་ནོ། །དང་པོ་ལ་བཅུ་དྲུག་སྟེ། ཁྲུས་དང་། གདོང་གཡོགས། དགབ་པ་དང་། དྲི་བ་དང་། ལུས་འབུལ་བ་དང་། བགེགས་བསྐྲད་བ་དང་། ལྷར་རླབས་པ་དང་། དམ་ཚིག་སྦྱིན་པ་དང་། དམ་ཚིག་དབོག་པ་དང་། དམ་ཚིག་གི་སླུད་པ་དང་། དམ་ཚིག་བསྒྲགས་པ་དང་། རིན་ཆེན་དོར་བ་དང་། ལྷ་དབབ་པ་དང་། ལྷ་བསྒོམ་པར་ནན་ཏན་བྱ་བ་དང་། སྤྱན་དབྱེ་བ་དང་། དཀྱིལ་འཁོར་བསྟན་པ་དང་། ཚོགས་མཆོད་དང་། ཡོན་འབུལ་བའོ། །དང་པོ་ཁྲུས་ནི། སློབ་བུ་རྣམས་ཕྱིར་ཕྱུང་ནས། དྲི་བཟང་པོའི་ཆུས་ཁྲུས་བྱས་ལ། གོས་གསར་པ་དང་ལྡན་པར་བྱས་ལ། རྡོ་རྗེ་རྒྱལ་ཐེབས་གྱིས་ནང་ནས་གུ་གུལ་གྱི་དུད་པ་ཐོགས་ལ། བདུད་རྩི་འཁྱིལ་པའི་སྔགས་རིང་གི་བགེགས་བསྒྲད། ཕྱི་ནས་ལས་མཁན་གྱིས་སྣ་དྲངས་ལ་རུས་གར་གྱི་དབྱངས་བརྗོད་ཀྱི་དལ་དང་རྡོ་རྗེ་སློབ་དཔོན་ལ་བསྐོར་བ་ལན་གསུམ་བྱས་ལ་གྲལ་རིམ་དུ་བཞུགས་སོ། །གཉིས་པ་མིག་དར་དགབ་པ་ནི། མ་རིག་པ་དང་འདོད་ཆགས་ཀྱི་དྲི་མས་གཉིས་མེད་ཀྱི་ཡེ་ཤེས་སྒྲིབས་སོ་ཞེས་པའི་རྟགས་སུ། རས་སམ་དར་དམར་པོས་མིག་བཀབ་ཅིང་། དར་ལ་སོགས་པས་ལས་བྱས་པའི་མེ་ཏོག་རིན་པོ་ཆེ་འབྲས་བུའི་ཕྲེང་བ་ཅན་ནམ། དབྱར་གྱི་དུས་སུ་མེ་ཏོག་དངོས་ཀྱང་རུང་སྟེ། སྙིམ་པར་ཐོགས་ལ། གནས་ཁང་གི་ནང་དུ་གུས་པ་དང་བཅས་པའི་ཚུལ་གྱི་འདུག་ལ། རྡོ་རྗེ་སེམས་གཙོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་སྟེ། །དཀྱིལ་འཁོར་ཆེན་པོར་བཞུགས་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་བསྩོལ། །ཞེས་སློབ་བུ་རྣམས་ཀྱིས། བདག་དཀྱིལ་འཁོར་དུ་ཆུག་གཅིག་པར་གསོལ་བ་གདབ་པར་བྱའོ། །གསུམ་པ་དྲི་བ་ནི། བུ་ཁྱོད་དགའ་བ་ཅི་ལ་དགའ། །བུ་ཁྱོད་དད་པ་ཅི་ལ་དད། །ཁྱོད་ཀྱིས་དགོས་པ་ཅི་ལྟ་བུ། །ད་ལྟ་ཉིད་དུ་འདིར་སྨྲོས་ཤིག ། ཅེས་བྱ། སློབ་བུ་རྣམས་ཀྱིས། བདག་ནི་སྐལ་ལྡན་བདེ་ཆེན་དེ། །རབ་དགྱེས་འཕྲུལ་ལ་བདག་དགའོ། །བྱང་ཆུབ་སེམས་ལ་བདག་དད་དོ། །ཐེག་ཆེན་ཆོས་ལ་བདག་མོས་སོ། །ཅེས་ལན་གསུམ་བྱས་ལ། ཡང་བུ་རྣམས་ཀྱིས་གསོལ་བ་གདབ་པ་ནི། ཨེ་མ་བདེ་གཤེགས་སྙིང་པོ་ནས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱེད་ཀྱི་རབ་ཀྱི་བསྟན་དུ་གསོལ། །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱིས། །རྡོ་རྗེ་ལམ་ནས་དྲང་ནས་ཀྱང་། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །བྱིན་རླབས་དབང་མཆོག་བླངས་བར་བགྱིའོ། །ཅེས་དབང་བླངས། བཞི་པ་ལུས་འབུལ་བ་ནི། ཧཱུཾ་རང་ལུས་གདོས་བས་བཅིངས་པའི་ཕུང་པོ་འདི། བདག་མེད་རྒྱལ་བའི་ཞིང་དུ་སྦྱོར་བའི་ཕྱིར། །ལུས་སྲོག་རྫས་ཀྱི་མཆོད་པ་དམ་པ་འདི། །བླ་མེད་སྨན་པའི་མཆོད་པ་དམ་པར་འབུལ་ལགས་ན། གཉིས་སུ་མེད་པའི་ཚུལ་གྱིས་དགོངས་ནས་སུ། །བླང་དོར་མེད་པའི་ཚུལ་གྱིས་བཞེས་སུ་གསོལ། །ཅེས་ལུས་འབུལ་ལོ། །ལྔ་པ་བགེགས་བསྐྲད་པ་ནི། དབང་ཕྱུག་གི་ཐུགས་ཀའི་ས་བོན་ལས། ཡི་གེ་བྷྲུཾ་ཏེ། སློབ་མ་རྣམས་ཀྱི་དཔྲལ་བར་འཕྲོས། །བྷྲུཾ་བི་ཤྭ་བྷི་ཤུ དྷེ། ཞེས་བརྗོད་པས། ཟླ་ཁམ་དམར་པོའི་གཞལ་ཡས་ཁང་གནམ་སྒོ་གཅིག་པ་སྒོ་ཁྱུད་ཅན་གཅིག་བསྒོམ། དེའི་ནང་དུ་ཧཱུཾ་ཞེས་བརྗོད་པས། སློབ་མའི་ཚེ་ཡི་དངོས་པོ་ཐམས་ཅད་ཧཱུཾ་ལ་བསྡུས། ༀ་བཛྲ་ཧཱུྃ་ཀ་ར་ཧཱུཾ་ཕཊ། ཞེས་བརྗོད་པས། ཧཱུཾ་ཀ་ར་སྔོན་པོ་ཚེའི་བུམ་པ་བསྣམས་པ་གཅིག་ཏུ་བསམ། ཟླ་ཁམས་ཀྱི་གནམ་སྒོ་ལ། ༀ་བཛྲ་ཀྲོ་ཏ་ཨརྻ་ཨ་ཙ་ལ་ཧཱུཾ་ཕཊ། ཞེས་བརྗོད་པས། ཁྲོ་བོ་མི་གཡོ་བ་ལྗང་ནག །རལ་གྲི་དང་སྡིག་མཛུབ་ཅན་སྐྱེས་ནས་སྒོ་བསྲུང་བར་བསམ་ནས། ཡི་དམ་ལྷའི་ང་རྒྱལ་ཀྱིས་བྷི་ཤྭ་བཛྲ་སྔགས་ཀྱིས་སྤྲུལ་པ་སྤྲོ། བདེན་པ་བརྗོད་པའི་རྗེས་ལ། འདིར་འདུས་པའི་སློབ་བུ་རྣམས་ལ་གནོད་ཅིང་འཚེ་བའི་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག་བྱེར་ཅིག །ༀ་སུམ་བྷ་ནི་སུམ་བྷ་ནི་ཧཱུཾ། ཞེས་ལན་གསུམ་གྱིས་བསྐྲད་དོ། །དྲུག་པ་ལྷར་བརླབས་པ་ནི། བདག་ཉིད་དཔལ་ཆེན་པོ་གསལ་བའི་སོར་མོ་བཅུ་ལ་་ཉི་ཟླའི་གདན་གྱི་སྟེང་དུ་ཡེ་གེ་འབྲུ་བཅུ་བཀོད་ལ། རིགས་ལྔ་ཡབ་ཡུམ་གྱིས་འཕྲོ་འདུ་བྱས་ནས་བདེན་པ་བརྗོད་པ་ནི། ན་མོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། གང་ཟག་འདི་རྣམས་ཀྱི་རྒྱུད་ལ་གནས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བ་དམན་ཞིང་ཤེས་རབ་ཞན་པའི་སྒྲིབ་པ་དང་། ཁྱད་པར་དུ་གསང་སྔགས་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་ཞུགས། གསང་བ་ཟབ་མོའི་དབང་ནོད་པ་ལ་བསྒྲིབ་པ་ཐམས་ཅད་སྐད་གཅིག་ཙམ་ལ་བྱང་ཞིང་དག་པར་གྱུར་ཅིག །བཛྲ་བྷནྷ་ཏྲ་ཐ། ཞེས་བརྗོད་པས། སྒྲིབ་པ་མ་ལུས་པ་བསྲེག་སྦྱངས་ནས། །སེམས་ཉིད་ཤེལ་སྒོང་ལྟ་བུར་གྱུར་པར་བསམ། དེ་ཀ་ལ་བཛྲ་ཨ་བེ་ཤ་ཨ་ཨ། ཅེས་བརྗོད་པས། གོང་གི་ཁྲོ་བོ་འོད་དུ་ཞུ་ནས་ལུས་བཀྲག་དང་ལྡན་པར་བསམ་ལ། །རང་གང་མོས་པའི་ལྷའམ་སྔར་ཕོག་པའི་ལྷར་བསྐྱེད་ལ། །གོ་བགོས་ལུས་བསྲུངས་བྱས་ལ་བཞག་གོ །བདུན་པ་དམ་ཚིག་སྦྱིན་པ་ནི། དེ་ནས་ཡང་སློབ་བུ་རྣམས་ཀྱིས་ཐལ་མོ་སྦྱར་ལ། ངག་ཏུ། རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་འདྲེན་པའི་དཔལ་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །བྱམས་མགོན་ཁྱེད་ལ་སྐྱབས་སུ་མཆི། །ཅེས་སྐྱབས་སུ་གསོལ། གུ་རུས་ལན་དུ། སངས་རྒྱས་དང་ནི་ཐམས་ཅད་ཀྱིས། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཕྱག་རྒྱ་བྱས། །དབང་བསྐུར་སྣང་བ་ཆེན་པོ་སྦྱིན། །ཅེས་བརྗོད། དེ་ནས་དམ་ཚིག་གི་སྡོམ་པ་བླང་ཞིང་རྡོ་རྗེ་སློབ་དཔོན་བསྐུལ་བ་ནི། སློབ་བུས། ཨ་ལ་ལ་སྟེ་མཆོད་པར་འབུལ། ཨ་ལ་ལ་སྟེ་མཉེས་པར་མཛོད་ཨ་ལ་ལ་སྟེ་དངོས་གྲུབ་བསྩོལ། །ཨ་ལ་ལ་སྟེ་དམ་ཚིག་བསྐོངས། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་ཇི་ལྟར་སྩོལ་བ་སྟར། །བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །སློབ་དཔོན་གྱིས། ༀ་བཛྲ་ཨ་མྲི་ཏ་ༀ་ཨཱཿཧཱུཾ་ཧྲཱི་ཐཱ། ཅེས་བརྗོད་ནས་རྡོ་རྗེ་བདུད་རྩི་ལྕེ་ཐོགས་དུ་བཞག་པས། དམ་ཚིག་གི་སྣོད་དང་ལྡན་པར་བསམ། །དེ་ནས་དམ་ཚིག་གི་སྒོ་ནས་འབོག་སྟེ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །མི་ཕྱེད་རྡོ་རྗེའི་སྐུ་རང་བཞིན། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེའི་སྐུ་རུ་མཛད་དུ་གསོལ། །དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །མི་ཕྱེད་རྡོ་རྗེ་གསུང་རང་བཞིན། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེའི་གསུང་དུ་མཛད་དུ་གསོལ། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །མི་ཕྱེད་རྡོ་རྗེ་ཐུགས་རང་བཞིན། །དེ་དག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །དམ་ཚིག་སྡོམ་པ་ཆེན་པོ་འདི་སྔར་གྱི་རྒྱལ་བ་རྣམས་ཀྱི་ཐུགས། །ད་ལྟ་ང་ཡི་སྙིང་ལ་གནས། །དེ་ནས་མཆེད་ལྕམ་ཀུན་གྱིས་སྲོག །ཅེས་བརྗོད་ལ། ༀ་ཨཱཿཧཱུཾ་གསུམ་གྱིས་སྦྱིན། བརྒྱད་པ་དམ་ཚིག་འབོག་པ་ནི། བུའི་སྙིང་ཁར་རྡོ་རྗེ་བཞག་ལ། །སངས་རྒྱས་ཀུན་གྱིས་གསང་བ་འདི། །དམ་ཉམས་མ་འདྲེས་གང་ལ་ནི། །ནམ་ཡངས་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟག་གནས་སྟེ། །མ་ལུས་སེམས་ཅན་དོན་གྱིས་ཤིག །དགུ་པ་ཆུ་ནན་བྱ་བ་ནི། ཙན་དན་དཀར་དམར་སྦྱར་བའི་ཆུ། །རྡོ་རྗེ་གནོད་སྦྱིན་དུ་བསྐྱེད་ལ། སྔར་གྱིས་དམ་ཚིག་དེ་དག་མ་བསྲུངས་ན་སྐྱོན་ཡོད་དོ། ། བར་སྒྲགས་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོ་གྱུར། །རྡོ་རྗེ་ཆུ་འདི་ལྟུང་བར་བགྱིས། །བཛྲ་ཡཀྵ་ཧཱུཾ། ཞེས་ལན་གསུམ་སྦྱིན། བསྲུངས་ན་ཡོན་ཏན་ཡོད་དོ་བར་བསྒྲགས་པ་ནི། དེ་ལྟར་བས་ན་བུ་ཁྱོད་ཀྱི། །དམ་ཚིག་འདི་དག་བསྲུངས་བར་བགྱིས། དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་གཅིག །ༀ་བཛྲ་ཨུ་ཀ་ཏྲ། ཧཱུཾ་ཐ་ཞེས་སྦྱིན། བཅུ་པ་དམ་ཚིག་བསྒྲགས་པ་ནི། རྒྱལ་བས་བསྲུངས་པའི་ཡེ་ཤེས་གང་། །དེ་རིང་དངོས་གྲུབ་མཆོག་ཏུ་བྱ། །དམ་ཚིག་ཆེ་བའི་ཆེན་པོ་མཆོག །བྲེ་བྲག་མེད་པར་ཁྱོད་ཀྱིས་སྤྱོད། །དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་བརྟེན་པར་མི་བྱ་དེ། །མཉམ་ཉིད་རིགས་པའི་ཀློང་བཞུགས་ནས། །ཅི་ལ་ཡང་ཐོགས་པ་མེད་པར་སྦྱོད། །ཀྱེ་མ་རྒྱལ་བའི་རིགས་སུ་གྱུར་པའི་བུ་ཁྱོད་རྣམས། །རྡོ་རྗེ་སློབ་དཔོན་སྙིང་ལྟར་ཁུར། །རྡོ་རྗེ་མཆེད་ལ་མིག་བཞིན་གྱིས། །ཡི་དམ་ལྷ་ནི་དཔོན་ལྟར་ཁུར། །གསང་བའི་དམ་ཚིག་རང་མཚན་ལྟར། །ནམ་ཡང་དེ་བཞིན་སེམས་པར་བགྱིས། །སེམས་ཅན་ཐམས་ཅད་བུ་ལྟར་གཟུང་། །རྒྱལ་བའི་བཀའ་ལས་མ་འདའ་ཅིག །ཅེས་བསྒྲགས་སོ། །དེ་ནས་མནའ་བགགས་སྟེ། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །དམ་ཚིག་སྡོམ་པ་ཆེན་པོ་འདི། །ལྷ་རྣམས་དང་ནི་མི་རྣམས་དང་། །བསྒྲུབ་པ་པོ་དང་རྣལ་འབྱོར་པ། །དེ་དག་ཉམས་ན་ཁྲག་ཆེན་པོ། །ཉམས་པའི་སྙིང་ནས་དྲངས་སྟེ་འཐུང་། །ཨི་ཏན་ཏེ་ན་ར་ཀན། ཞེས་བསྒྲགས་སོ། །བཅུ་གཅིག་པ་མེ་ཏོག་དོར་བ་ནི། མེ་ཏོག་ལ་སོགས་རིན་ཆེན་ཕྲེང་། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཐུགས་རྗེ་བཟུང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་འབབ་གྱུར་ཅིག །ༀ་པྲ་ཏི་ཛ་བཛྲ་ཧོ། །ཅེས་བརྗོད་ནས་རིགས་གང་ལ་ཕོག་པ་བརྟག་གོ །བཅུ་གཉིས་པ་ལྷ་དབབ་པ་ནི། སྔར་རིགས་གང་ལ་ཕོག་པ་དེ་དམ་ཚིག་གི་ཕྱག་རྒྱས་རང་གི་སྙིང་གི་དཀྱིལ་དུ་སྟིམ་མོ། །བཅུ་གསུམ་པ་ལྷ་སྒོམ་པའི་ནན་ཏན་བྱ་བ་ནི། ལྷ་མ་སྒོམ་པའི་སྐྱོན་དང་། བསྒོམ་པའི་ཡོན་ཏན་བཤད་དེ། དང་པོ་ནི་དད་མེད་ཉམས་ན་ཕུང་བར་འགྱུར། ཅེས་པ་དང་། ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། ཅེས་བྱ་དང་། གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ཅེས་པ་ལ་སོགས་གསུངས་སོ། །བསྒོམ་པའི་ཡོན་ཏན་ནི། བདག་ཉིད་ལྷ་དང་མཉམས་སྦྱོར་ན། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ལྷ་ཡི་སྐུ་ཉིད་གསལ་སྒོམས་ན། །བསོད་ནམས་ཆེན་པོ་འགྲུབ་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་རྫོགས་པར་འགྱུར། །ཅེས་གསུངས་སོ། །བཅུ་བཞི་པ་མིག་དབྱེ་བ་ནི། གུ་རུས་ལག་ཏུ་རྡོ་རྗེ་ཐོགས་ལ། དེ་རིང་དད་པའི་ཤུགས་ཀྱི་ནི། །དཀྱིལ་འཁོར་བཟང་པོ་འདི་ལྟོས་ལ། །སངས་རྒྱས་གསུང་གི་རིགས་སུ་འཁྲུངས། །སངས་རྒྱས་དངོས་གྲུབ་ཐམས་ཅད་ནི། །བརྟེན་ནས་ཐོབ་པར་གྱུར་པ་ཡིན། །བཛྲ་ཙ ཀྵུ་པྲ་བེ་ཤ་ཕཊ། ཅེས་མིག་དབྱེ། མ་རིག་པའི་མུན་པ་བསལ་ནས་རང་ལ་ཡེ་ནས་གནས་པའི་དཀྱིལ་འཁོར་ཀྱི་དོན་མཐོང་བར་བསམ་མོ། །བཅྭ་ལྔ་དཀྱིལ་འཁོར་བསྟན་པ་ལ། །ཐོག་མར་ཞི་བའི་དཀྱིལ་འཁོར་བསྟན་པ་ནི། ཕྱི་རོལ་ན་མེ་རིའི་དཀྱིལ་འཁོར། དེའི་ནང་ན་རྡོ་རྗེའི་གུར། དེའི་ནང་དུ་པདྨའི་ཚལ། །དེའི་ནང་དུ་གཞལ་ཡས་ཀྱི་ཁང་པ། གྲུབ་བཞི་སྒོ་བཞི། བརྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ཡོངས་སུ་རྫོགས་པ། དེའི་ནང་དུ་སྒོ་འཁྱམས། གློ་འབུར། གྲུ་ཆད ། རྩིབས་མཆན། རྩིབས་བཞི། ལྟེ་བ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། དེའི་དབུས་སུ་ཀུན་བཟང་ཡབ་ཡུམ། །མི་སྐྱོད་པ་ཡབ་ཡུམ། རྩིབས་བཞི་ལ་རིགས་བཞི་ཡབ་ཡུམ། རྩིབས་མཆན་བཞི་ལ་ནང་གི་སེམས་དཔའ་ཡབ་ཡུམ། གྲུ་ཆད་བཞི་ལ་ཕྱིའི་སེམས་དཔའ་ཡབ་ཡུམ། །ལྷ་བསྣམས་ལ་ཐུབ་པ་དྲུག །སྒོ་བཞི་ལ་སྒོ་བ་ཡབ་ཡུམ་རྣམས་སྣང་ལ་རང་བཞིན་མེད་པར་མེ་ལོང་ནང་གི་གཟུགས་བརྙན་བཞིན། མངོན་སུམ་དུ་མཐོང་བ་དེ་ཁྱོད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་སྐལ་ཡིན་པས་ངོ་ཤེས་པར་གྱིས་ཤིག །གཉིས་པ་ཁྲོ་བོའི་དཀྱིལ་འཁོར་བསྟན་པ་ནི། ཕྱི་རོལ་ན་མེ་རིའི་གུར་ཁང་། དེའི་ནང་དུ་དུར་ཁྲོད་བརྒྱད། དེའི་ནང་དུ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། གྲུ་བཞི། གོ་བཞི། རྒྱན། རྟ་བབས་ལ་སོགས་པས་མཚན་ཉིད་ཡོངས་སུ་རྫོགས་པ་དབུ་རྩེ་དང་། བར་ཁྱམས་བཅུ་རིམ་དུ་ཡོད་པ། དེའི་ནང་དུ་གློ་འབུར། གྲུ་ཆད། རྩིབས་མཆན། རྩིབས་བརྒྱད་ལྟེ་བ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། དེ་ནས་ལྷ་ངོ་བསྟན་པ་ནི། འཁོར་ལོའི་ལྟེ་བ་ཆེ་མཆོག་ཧེ་རུ་ཀ་དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་ན་ཞི་བ་བཞི་བཅུ་རྩ་གཉིས་བསྣམས་པ། །གསང་བའི་རྡོ་རྗེ་ཡུམ་ཁྲོ་མོ་གནམ་ཞལ་མའི་ཞལ་དབུས་མ་དང་སྦྱོར་བ། ཞབས་བརྒྱད་ཀྱིས་ཁྲོ་མོའི་ཞལ་བརྒྱད་སྦྱོར་བ། དེའི་འོག་ཏུ་ཡུམ་ཁྲོ་མོ་གནམ་ཞལ་མ་སྐུ་མདོག་དུད་ཁ་དབུ་དགུ་ཕྱག་བཅྭ་བརྒྱད་པ། ཕྱག་དང་པོ་གཉིས་རྡོ་རྗེ་ཐོད་ཁྲག་ཐུགས་ཀར་བསྣམས་པ། གཡས་ཀྱི་འོག་མ་བརྒྱད་ཀྱིས་ལྷ་མོ་ཀ་རི་མ་ལ་སོགས་བརྒྱད་བསྣམས་པ། གཡོན་གྱིས་འོག་མ་བརྒྱད་ན། སིང་ཧ་མ་ལ་སོགས་བརྒྱད་བསྣམས་པ། ཞབས་བཞི་དང་ལྡན་པ། དེའི་མདུན་དུ་བཛྲ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་ཡབ་ཡུམ་སྔོན་པོ། ཕྱོགས་ཀྱི་རྩིབས་བཞི་ལ་རྒྱུད་ཀྱི་ཧེ་རུ་ཀ་ཡབ་ཡུམ་བཞི། མཚམས་ཀྱི་རྩིབས་བཞི་ལ། ལུང་གི་ཧེ་རུ་ཀ་ཡབ་ཡུམ་བཞི། གློ་འབུར་བཞི་དང་གྲུ་ཆད་བཞི་ལ་གནས་ཀྱི་མ་མོ་བརྒྱད། ལྷ་སྣམས་དང་པོ་ལ་ཕྲ་མེན་མ་བརྒྱད། སྒོ་བཞི་ལ་སྒོ་མ་བཞི། ལྷ་སྣམས་གཉིས་པ་ལ་སྤོར་མ་བརྒྱད། སྒོ་བཞི་ལ་གསང་ཡུམ་བཞི། འཁྱམས་གསུམ་ལ་དབང་ཕྱུག་མ་ཉི་ཤུ་རྩ་བཞི། །སྒོ་བཞི་ལ་སྒོ་མ་བཞི། ཁྱམས་བཞི་པ་ལ་མཁའ་འགྲོ་མ་སུམ་ཅུ་སོ་གཉིས། །འཁྱམས་ལྔ་པ་ལ་མ་བདུན་སྲིང་བཞི། འཁྱམས་དྲུག་པ་ལ་གིང་ཆེན་བཅྭ་བརྒྱད། འཁྱམས་བདུན་པ་ལ་སྟེང་གི་ཁྲོ་བོ་དྲུག་བཅུ། སྒོ་འཁྱམས་བརྒྱད་པ་ལ་ཕོ་ཉ་དྲུག་ཅུ་རྩ་བཞི། འཁྱམས་དགུ་པ་ལ་འོག་གི་མ་མོ་དྲུག་བཅུ། ཁྱམས་བཅུ་པ་ལ་རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག་དང་། མན་ངག་ཨ་ཏི་ཡོ་གའི་བླ་མ་བརྒྱུད་རིམ་རྣམས་དང་། རིག་འཛིན་རྩལ་འཆང་རྣམས་བཞུགས་ཏེ། །ལྷ་ཚོགས་དེ་རྣམས་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་བཞུགས་པ་བལྟོས་ཤིག །མངོན་སུམ་མཐོང་བ་དེ་ཁྱེད་རང་རྣམས་ཀྱིས་ཡི་དམ་གྱི་ལྷ་སྐལ་ཡིན་པས་ངོ་ཤེས་པར་གྱིས་ཤིག །བཅུ་དྲུག་པ་ཚོགས་དང་ཡོན་འབུལ་བ་ནི། ཚོགས་མཆོད་རྒྱ་ཆེན་པོ་དང་། བླ་མ་མཉེས་པའི་ཡོན་རྒྱ་ཆེན་པོ་འབུལ་ལོ། །གཉིས་པ་དཀྱིལ་འཁོར་དུ་བཞུགས་པའི་ཡོན་ཏན་ནི། གསང་བ་སྙིང་པོའི་རྒྱུད་ལས། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་བཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་གསུངས། ཞུགས་པའི་ཡོན་ཏན་ནི་བཞི་སྟེ། དཀྱིལ་འཁོར་འདིར་ཞུགས་པས། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པའི་ཡོན་ཏན་དང་། ལས་དང་པོ་བ་ལྷག་པ་གཟུགས་བརྙན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་ཀྱང་། སྔོན་འོག་མིན་དུ་ཐར་ལམ་པ་ཞུགས་པ་དང་སྐལ་བ་དང་མཉམ་པའི་ཡོན་ཏན་དང་། འདུས་པ་མདོའི་དཀྱིལ་འཁོར་འདི་ལ་མོས་པ་ཙམ་ཡང་སྐྱེ་བ་སྔོན་རོལ་ནས་ཡི་དམ་གྱི་ལྷ་བསྙེན་པའི་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱིས་ཉེ་བའི་སྲས་སུ་དགོངས་པར་འགྱུར་བའི་ཡོན་ཏན་དང་། དཀྱིལ་འཁོར་འདིར་ཞུགས་ནས་དམ་ཚིག་མ་ཉམས་ན། ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་དག་ནི་རྡོ་རྗེ་ལས་རིམ་ལྟར་དུ་བྲིས་པའོ། །དགོངས་འདུས་ལྟར་ན་རུ་ཏྲ་དཀྱིལ་འཁོར་དུ་ཞུགས་པའི་ཆོ་ག་དོན་སུམ་བཅུས་སྟོན་པ་ལྟར་བྱས་ཀྱང་འཐད་དོ། །གཉིས་པ་སློབ་མ་ལ་དབང་བསྐུར་བ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ། དང་པོ་ནི། སློབ་དཔོན་ཆས་གོས་དང་ལྡན་པས་བརྒྱན་བརྟགས། དབུ་བརྒྱན་ཐོར་གཙུག་ལ་སོགས་མཛེས་པར་བྱས། མཎྚལ་མཛེས་བྱས་པའི་སྟེང་དུ་ཚོམ་བུ་འགོད། །འཁོར་ལོའི་གདན་ཕུལ་ནས། དབང་སྟེགས་བཟང་པོའི་སྟེང་དུ་བཞུགས། སློབ་མ་ལ་སོགས་ཀུན་ཡང་ཆས་གོས་དང་ལྡན་པར་བྱས། སློབ་དཔོན་གྱིས་ཕྱག་དུ་གསེར་གཡུ་ལ་སོགས་པ་ཕུལ་ལ་བརྗིད་དང་ལྡན་པར་དབང་བསྐུར་བ་ནི་རྒྱལ་པོ་ལྟར་བསྐུར་བ་ཡིན་གསུངས། ཡང་སློབ་དཔོན་གྱི་ཆས་ཆེ་ཆུང་ལ་སོགས་པ་ལེགས་པར་བྱས། ཁྲུས་བྱ་སྟེ་ལུས་གཙང་མ་དང་དྲི་བཟང་པོས་ལེགས་པར་བྱུགས། གཙང་མའི་གོས་གྱོན། དཔྲལ་བ་མགྲིན་པ་སྙིང་ཁ་ལ་སོགས་པར་དྲི་བཟང་པོའི་ཐིག་ལེ་བྱས་ནས་གཙང་སར་བཞུགས་པ་ལ། སློབ་མ་ལ་སོགས་པ་རྣམས་ཁྲུས་ལེགས་པར་བྱས་དྲི་བཟང་པོས་བྱུགས་ཏེ། གཙང་མའི་གོས་གོན། གཙང་མའི་ཟས་ཟོས་ནས། སྐྱོན་གྱི་མ་གོས་པ་རྣམ་པར་དག་པས། དབང་བསྐུར་བ་ནི་བྲམ་ཟེ་ལྟར་དབང་བསྐུར་བ་བྱ་བ་ཡིན་གསུང་། ཡང་སློབ་དཔོན་ཡང་ཡེ་ཤེས་ལྷའི་ངང་ལ། གཙང་རྨེའི་རྟོགས་པ་ཐམས་ཅད་བྲལ་ནས། བརྟུལ་ཞུགས་ཆེན་པོའི་ངར་དང་ལྡན་པར་གནས་པ་ལ་དབང་བསྐུར་བ་ནི་གདོལ་པ་ལྟར་བསྐུར་བ་ཡིན་གསུངས། དེ་ལྟར་དེ་དག་ནི་ལྡོག་པ་ཐ་དད་པར་སྣང་ཡང་དབང་བསྐུར་བའི་དུས་གསུམ་ཀ་འགྲུབ་སྟེ། གཅིག་ཏུ་བྱུང་བ་ཡིན་གསུང་། །དེ་ནས་ཆེ་མཆོག་ཆེན་པོའི་ང་རྒྱལ་དུ་བཞུགས་ལ། སྤྱི་བོ་ནས་རྟའི་ཤུག་གླུ་ཕྱོགས་བཅུར་འཚེར་བསྒྲགས་པས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་བྱོན་ནས། བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ། །དབང་བསྐུར་བའི་ནུས་པ་དང་ལྡན་པར་བྱས། །ཡང་བརྒྱུད་པའི་བླ་མ་རྣམས་ཀྱང་བྱོན་རྟའི་རྣ་བ་གཉིས་ཕུཾ་ཕུཾ་གྱིས་གསེབ་དུ་བརྒྱུད་པའི་ངོ་བོ་བླ་མ་ཡིན་པས། བླ་མ་རིན་པོ་ཆེ་དེ། འོད་ཀྱི་ཕུང་པོ་འོད་ཟེར་དང་བཅས་པ་གཅིག་ཏུ་བསྒོམས་ནས། སློབ་མ་རྣམས་ཀྱིས་བག་ཆགས་དང་སྣོད་ངན་པའི་དྲི་མ་དག་པར་བསམ་སྟེ། དེ་དག་ནི་འཕྲིན་ལས་ཀྱི་སྲོག་ཤིང་ཡིན་ཞེས་གསུངས་སོ། །སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སེམས་ཀྱི་དཔའ་བསྐྱེད། སེམས་ཅན་འདི་དག་འཁོར་བ་ལས་བསྒྲལ་ནས་ཐར་པའི་ལམ་ལ་འགོད་དུ་ཡོད་པ་འདི་རེ་དགའ་སྙམས་པའི་ང་རྒྱལ་ལས། རྣལ་འབྱོར་པ་རང་འདོད་སྐད་གཅིག་ཙམ་ཡང་མེད་པར་ཐག་བཅད་པ་ནི་འཕྲིན་ལས་ཀྱི་གཞུང་ཤིང་གསུང་། དེ་ནས་སློབ་མ་རྣམས་ལ་དཔེར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དེ་དགོས་འདོད་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། རང་གི་ཅི་ལྟར་གསོལ་བ་གཏབ་པ་བཞིན་འབྱུང་པ་ལྟར་དུ། བླ་མ་ཡང་དགོས་འདོད་ཐམས་ཅད་ཀྱི་འབྱུང་གནས་ནོར་བུ་རིན་པོ་ཆེ་ལྟ་བུ་ལགས་པས། ཇི་ལྟར་གསོལ་བ་བཏབ་པ་ལྟར་འབྱུང་བས། གསོལ་བ་ཐོབ་ཅིག་ཅེས་པར་བསྐུལ་ལ། །སློབ་བུས་གསོལ་བ་གདབ་བ་ནི། །སངས་རྒྱས་རྡོ་རྗེ་འཛིན་པ་ལ། །ས་མཐའི་སེམས་དཔའ་ཆེན་པོ་ཡིས། །ཇི་ལྟར་མཆོད་ཅིང་ཞུས་པ་ལྟར། དེ་བཞིན་སྐལ་ལྡན་བདག་ཅག་ལ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །དབང་རྣམས་རིམ་པར་བསྩལ་དུ་གསོལ། །ཅེས་གསོལ་བ་གདབ་བོ། །གུ་རུས་ལན་དུ། སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བགྱིས་པས། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །ཅེས་བརྗོད། དེ་ནས་དབྱངས་དང་བཅས་པས། འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །སློབ་བུ་རྣམས་ལ་དབང་བསྐུར་བས། སེམས་ཅན་དོན་དུ་བདག་བརྩོན་ན། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཧཱུཾ་ཛ། ཅེས་ལན་གསུམ་བརྗོད་པས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྲིན་ཕུང་བཞིན་དུ་བྱོན་ནས་དབང་བསྐུར་ཅིག་པར་བཀའ་བསྩལ་བར་བསམ། དེ་ནས་ཤུ་ནྱ་ཏ་ལ་སོགས་པའི་སྔགས་བརྗོད་ལ་དབུ་བརྒྱན་བསྒོམ། ཀཱ་ཡ་ཝཀྐ་ཙིཏྟ་སྔགས་བརྗོད་ནས། བདག་ཉིད་སྐུ་གསུང་ཐུགས་ཀྱི་གཟི་བརྗིད་དང་ལྡན་པར་བསམ་ལ། ཚིག་ཏུ། །རྒྱལ་བ་སངས་རྒྱས་ཐམས་ཅད་ཀུན། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །དང་བའི་ཡིད་ཀྱིས་བཞུགས་ནས་ཀྱང་། །བྱིན་རླབས་དབང་མཆོག་ནོད་པར་མཛོད། །བརྗོད་དོ། །གཉིས་པ་དངོས་གཞི་ལ། ཀུན་འདུས་ལས། དབང་མཆོག་སུམ་ཅུ་རྩ་དྲུག་ཡིན། །ཕྱིའི་དབང་དང་ནང་གི་དབང་། །བསྒྲུབ་བའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱི་རྫོགས་པར་འགྱུར། །ཅེས་དང་། དབང་དོན་རྒྱས་པ་ལས། བཅུ་ཡིས་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་སྔགས་ནང་པ་ཏེ། བཅུ་གསུམ་བླ་མེད་ཆེན་པོར་གྲགས། །རྣམ་པ་གཉིས་ཀྱིས་ཁྱད་པར་གྱིས། །དབང་མཆོག་སུམ་བཅུ་རྩ་དྲུག་རྫོགས། །ཞེས་གསུངས་པས། བཞི་སྟེ། ཕྱི་དབང་ལ་ཙཀ་ལི་བདུན་བཅུ་དོན་བཞི་བཞུགས་དང་། །ནང་དབང་ལ་ཙཀ་ལི་བདུན་རྒྱ་དང་བཞི་བཞུགས་དང་། བསྒྲུབ་དབང་ལ་ཙཀ་ལི་སོ་གཉིས་ཀུན་དྲིལ་བས། མདོ་དབང་ལ་ཙཀ་ལི་བརྒྱད་བརྒྱ་དང་ལྔ་བཅུ་དང་གཅིག་བཞུགས། གསང་དབང་ངོ་། །དང་པོ་དབང་ལ་བཅུ་སྟེ། ཞི་བ་ཕྱག་རྒྱའི་དབང་ལ་ཞེ་བརྒྱད་དང་། ཕྱག་མཚན་གྱི་དབང་གཅིག་དང་། གཟུངས་མའི་དབང་དང་། བུམ་པའི་དབང་གཅིག་དང་། བཀྲ་ཤིས་རྫས་བརྒྱད་དབང་དང་། རིན་ཆེན་སྣ་༧ བདུན་གྱི་དབང་དང་། གདན་ཁྲིའི་དབང་དང་། བརྒྱན་ཆས་རྟགས་ཀྱིས་དབང་༢དང་། རྡོ་རྗེ་མིང་གི་དབང་༡དང་། དབང་༡ཕྱུག་འཁོར་ལོའི་དབང་ངོ་། །དང་པོ། ཞི་བ་ཕྱག་རྒྱའི་དབང་ལ་སྦྱི་དོན་བཅུ་གསུམ་སྟེ། རང་གི་ངོ་བོ། རྒྱུ་རྐྱེན་གནས། ངེས་ཚིག །སྒྲིབ་པ་ཚད་དང་ཆོས། སྣོད་འབྲས་དགོས་པ་སྐྱོན་ཡོན་ནོ། །རྫས་ལ་རབ་གནས་ཡེ་ཤེས་དང་། ཐ་མི་དད་པའི་ཐོབ་བྱ་སྟེ། རང་གི་ངོ་བོ་ཞེས་བྱའོ། །རྒྱུ་གཉིས་མཚུངས། རྒྱུ་རང་ལ་གནས། །ཐབས་ཀྱི་ཡན་ལག་ལྷན་གཅིག་དབྱེ། །དབང་གི་ཤེས་པ་རྐྱེན་བཞི་སྟེ། །ཀུན་གཞི་བག་ཆགས་རྒྱུ་ཡི་རྐྱེན། །སློབ་དཔོན་དབང་ལྡན་བདག་པོའི་རྐྱེན། །ཐོབ་པར་བྱ་རྒྱུད་དམིགས་པའི་རྐྱེན། །གཅིག་ཐོབ་གཅིག་གིས་གོ་འབྱེད་པ། །དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །མགོ་སྙིང་དང་ནི་ཡན་ལག་ནས། །ཁྱད་པར་ཅན་གྱི་ནུས་མཆོག་དང་། །རྒྱུན་མི་འཆད་དང་འཁྲུ་ཕྱིར་རོ། །ལས་དང་ཉོན་མོངས་ཤེས་བྱ་ཡིས། །སྒྲིབ་པ་རིམ་པར་སྦྱོང་བའོ། །དབང་ཐོབ་ཚད་ནི་རྣམ་པ་གསུམ། །གོ་མ་འགགས་དང་རྒྱུད་ནས་ཐོབ། །མངོན་སུམ་དག་ཏུ་ཐོབ་པའོ། །རང་གིས་ཐོབ་ནས་གཞན་ལ་བསྐུར། །ཕྱི་མར་འབྲས་བུ་འབྱུང་པ་དང་། །དེ་དུས་རིག་པ་ཤར་བའོ། །ཕྱི་ནང་གསང་བ་མཐར་ཐུག་པའི། །ཆོས་ནི་རིམ་པར་ཉན་དུ་རུང་། །དད་བརྩོན་བརྟུལ་ཞུགས་ལྡན་པ་སྣོད། །བདག་གཞན་གཉིས་པའི་བརྩོན་འགྲུས་ལྡན། །སྤྱོད་དང་རིགས་དང་ཉམས་པར་ལྡན། །འབྲས་བུ་མཐོ་རིམ་མཐོང་བའོ། །ལམ་མཐར་ཕྱིན་དང་ནུས་མཐར་ཕྱིན། །རིག་འཛིན་དང་ནི་བདེ་གཤེགས་སོ། །ལམ་ལྔ་བསྒྲོད་པ་དགོས་པའོ། །དབང་མ་ཐོབ་པར་ལས་བརྩམས་པ། །འབྲས་བུ་མེད་ཅིང་བརླགས་པར་འགྱུར། །དབང་ཐོབ་ཕན་ཆད་རྒྱལ་བའི་སྲས། །ཚེ་རིང་ལོངས་སྤྱོད་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཡོན་ཏན་ཁྱད་པར་བསམ་མི་ཁྱབ། །ནོངས་བཟོད་དགེ་རྩ་ཀུན་དོན་བསྔོ། །དབང་དོན་བསྡུས་པ་བཅུ་གསུམ་པོ་འདི། །ཕྱི་དབང་བཅུ། ནང་དབང་བཅུ་གཅིག །བསྒྲུབ་དབང་བཅུ་གསུམ། གསང་དབང་གཉིས་དང་པོ་དྲུག་པོ་རེ་རེ་ནས་སྦྱར་ལ་བཤད་དོ། །བྱང་ཆུབ་སེམས་མཆོག་ཡེ་ཤེས་རྡོ་རྗེའི་ཐུགས། །སྲིད་གསུམ་དབང་བསྡུད་ཐམས་ཅད་མཁྱེན་པའི་དཔལ། །སྙེམས་པ་མི་མངའ་འགྲོ་བའི་སྐྱབས་མཛད་པ། །ཀུན་བཟང་རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །གདོད་ནས་མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས། །མི་སྐྱེ་མི་འགགས་དངོས་པོ་འཛིན་དང་བྲལ། །འབྱུང་བྱེད་ཐམས་ཅད་སྐྱེས་པ་ཡུམ་གྱི་ཚུལ། །བཟང་མོ་བྱའང་མོ་ལ་ཕྱག་འཚལ་ལོ། །ཨེ་མའོ་ཀུན་བཟང་རྡོ་རྗེ་ཡིད། །རིག་པ་ཚུལ་སྣང་སངས་རྒྱས་པས། །སང ས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ། །ཀུན་ཏུ་བཟང་པོའི་དབང་མཆོག་ཁྱོད་ལ་སྦྱིན། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཕྱི་ཡི་ཡུལ་ལ་སངས་རྒྱས་པས། །སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས། །ཐབས་དང་ཤེས་རབ་འབྲེལ་བའི་ཡུམ། །ཀུན་ཏུ་བཟང་མོའི་དབང་མཆོག་ཁྱོད་ལ་སྦྱིན། །ཨ་ཨ་ཨ། བཛྲི་བྷ་ཏྲ་ས་མནྟ་ཨཱ། ཨ་བྷི༴ མ་སྐྱེས་རྡོ་རྗེ་ཐབས་ལ་རོལ། །དོན་དམ་དབྱེར་མེད་རོལ་མཛད་པས། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །རྣམ་ཤེས་ཕུང་པོ་སངས་རྒྱས་པས། །རྡོ་རྗེ་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱིས་ཐུགས་ཡིན་པས། །རྡོ་རྗེ་སེམས་དཔའི་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་པ་ནམ་མཁའ་སངས་རྒྱས་པས། །ནམ་མཁའ་ཁམས་ཀྱི་དབང་ཕྱུག་མ། །རྡོ་རྗེ་རིགས་ཀྱི་ཡུམ་ཡིན་པས། །ཀུན་ཏུ་བཟང་མོའི་དབང་མཆོག་ཁྱོད་ལ་སྦྱིན། །ཧཱུཾ་བཛྲ་དྷྲིག །མཱུཾ་དྷ་ཏྭེ་ཤྭ་རི། ཨ་བྷི་ཥིཉྩ་ཧཱུཾ། གཟུགས་ཀྱི་ཕུང་པོ་སངས་རྒྱས་པས། །དེ་བཞིན་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱིས་སྐུ་ཡིན་པས། །རྣམ་པར་སྣང་མཛད་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་པ་ས་གཞི་སངས་རྒྱས་པས། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བདེ་ཆེན་རིགས་ཀྱི་ཡུམ་ཡིན་པས། །སངས་རྒྱས་སྤྱན་གྱི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་ཛི་ཛྷིག་ལཾ་དེ་ཤྭ་ར་ཏི། །ཨ་བྷི་ཥིཉྩ་ཧཱུཾ། ཚོར་བའི་ཕུང་པོ་སངས་རྒྱས་པས། རིན་ཆེན་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་ཡོན་ཏན་གྱིས། །རིན་ཆེན་འབྱུང་ལྡན་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་བ་ཆུ་རྣམས་སངས་རྒྱས་པས། །རིན་ཆེན་དབྱིངས་ཀྱི་དབང་ཕྱུག་མ། །རིན་ཆེན་དབྱིངས་ཀྱི་ཡུམ་ཡིན་པས། །མ་མ་ཀི་ཡི་དབང་མཆོག་ཁྱོད་ལ་སྦྱིན། །སྭ་རཏྣ་དྷྲིག །མཾ་མོ་ཧ་ར་ཏི། ཨ༴ འདུ་ཤེས་ཕུང་པོས་སངས་རྒྱས་པས། །པདྨ་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱིས་གསུང་ཡིན་པས། །སྣང་བ་མཐའ་ཡས་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་བ་མེ་ནི་སངས་རྒྱས་པས། །པདྨ་དབྱིངས་ཀྱི་དབང་ཕྱུག་མ། །པདྨ་རིགས་ཀྱི་ཡུམ་ཡིན་པས། །གོས་དཀར་མོ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཨཾ་ཨ་རོ་ལིག །པྱཾ་ར་ག་ཏ་ཏི། །ཨ་བྷི༴ འདུ་བྱེད་ཕུང་པོ་སངས་རྒྱས་པས། །ལས་ཀྱི་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་འཕྲིན་ལས་མཆོག་ཡིན་པས། །དོན་ཡོད་གྲུབ་པའི་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་བ་རླུང་ལ་སངས་རྒྱས་པས། །ལས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། །སྣ་ཚོགས་འདུལ་བའི་ཡུམ་ཡིན་པས། །དམ་ཚིག་སྒྲོལ་མའི་དབང་མཆོག་ཁྱོད་ལ་སྦྱིན། །ཧཱ་པྲ་ཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། །ཨ་བྷི༴ མིག་གི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མཐོང་པའི་དཔལ། །བདག་གི་མིག་ལ་བསྐྱེད་བྱས་པས། །ས་ཡིས་སྙིང་པོའི་དབང་མཆོག་ཁྱོད་ལ་སྦྱིན། །གཟུགས་སུ་སྣང་བ་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་དཀར་མོའི་སྐུ། །ཕྱི་ཡིས་གཟུགས་སུ་བསྐྱེད་བྱས་པས། །ལྷ་མོ་ལ་སྱེའི་དབང་མཆོག་ཁྱོད་ལ་སྦྱིན། །ཀྵི་ཧི་ར་ཙ་ཡ། ཧཱུཾ་ལ་སྱེ་ས་མ་ཡ་སྟྭཾ། ཨ་བྷི༴ སྣའི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་སྣམས་པའི་དཔལ། །བདག་གི་སྣ་ལས་བསྐྱེད་བྱས་པས། །ནམ་མཁའ་སྙིང་པའི་དབང་མཆོག་ཁྱོད། །དྲི་ཡི་ཡུལ་རྣམས་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་བཻཌཱུ་རྱ། །ཡུལ་གྱི་དྲི་ལས་བསྐྱེད་བྱས་པས། །ལྷ་མོ་མ་ལེའི་དབང་མཆོག་ཁྱོད་ལ་སྦྱིན། །ཏྲཾ་ཨ་གར་བྷ་ཡ། ཏྲཾ་མ་ལེ་ས་མ་ཡ་ཧོ། ཨ་བྷི༴ ལྕེ་ཡིས་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མྱོང་པའི་དཔལ། །བདག་གི་ལྕེ་ལ་བསྐྱེད་བྱས་པས། །སྤྱན་རས་གཟིགས་ཀྱི་དབང་མཆོག་ཁྱོད༴ བྲོ་ཞིང་ཡུལ་རྣམས་སངས་རྒྱས་པས ། །བྱང་ཆུབ་ལྷ་མོ་ར་གའི་མདོག །བྲོ་མཆོག་ཡུལ་ལ་བསྐྱེད་བྱས་པ། །ལྷ་མོ་གཱིར་ཏིའི་དབང་མཆོག༴ ཧྲཱིཿ ཧཱ་ཧཱུཾ། པད་མ་པ་ད་མ་ཧྲཱི་གིར་ཏི་ར་གོ་ཧཾ། ཨ་བྷི་ཥིཉྩ་ཧཱུཾ། རྣ་བའི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་ཐོས་པའི་དཔལ། །རྣ་བ་ཉིད་ལ་བསྐྱེད་བྱས་པས། །ཕྱག་ན་རྡོ་རྗེའི་དབང་མཆོག་ཁྱོད༴ སྒྲ་ཡི་ཡུལ་རྣམས་སངས་རྒྱས་པས། བྱང་ཆུབ་ལྷ་མོ་ཨིནྟྲ་ནི། །ཡུལ་གྱིས་སྒྲ་ལས་བསྐྱེད་བྱས་པས། །ལྷ་མོ་ནིརྟིའི་དབང་མཆོག༴ ཛྲཱིཾ་ཀུ་རུ་པ་ཎ། །ཨཾ་ནིཏྟ་ར་ག་ཡཱ་མི། ཨ་བྷི༴ མཐོང་པའི་དབང་པོས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མཐོང་བར་བྱེད། །དེ་ཉིད་ལས་ནི་བསྐྱེད་བྱས་པས། །བྱམས་པ་མཻ་ཏྲིའི་དབང་མཆོག༴ དབྱར་དགུན་སྟོན་དཔྱིད་སངས་རྒྱས་པས། །དུས་བཞི་ཡུལ་རྣམས་སེམས་མའི་སྐུ། །འདས་དུས་ལས་ནི་བསྐྱེད་བྱས་པས། བཛྲ་དྷུ་པེའི་དབང་མཆོག༴ མེ་དྷཱ་ར་ཎི་སྭཱ་ཧཱ། ཛ་དྷུ་པེ་པྲ་བཱེ་ཤ །ཨ་བྷི༴ སྣོམ་པའི་དབང་པོ་སངས་རྒྱས་པ། བྱང་ཆུབ་ཆེན་པོ་སྣོམ་པར་བྱེད། །སྣོམ་པ་ཉིད་ལས་བསྐྱེད་བྱས་བས། །སྒྲིབ་པ་རྣམས་སེལ་དབང་མཆོག༴ དེ་བཞིན་ཉིད་ལས་སངས་རྒྱས་པས། །ལྷ་མོའི་འོད་ལྡན་མཛེས་མའི་སྐུ། །དེ་ཉིད་ལས་ནི་བསྐྱེད་བྱས་པས། །བཛྲ་པུཥྤེའི་དབང་མཆོག༴ ཐླྷིཾ་ནིསྶཱ་པ་རཾ་པ་ཡ་སྭཱ་ཧཱ། །ཧཱུཾ་པུཥྤེ་ཨ་བེ་ཤ། ཨ་བྷི༴ མྱོང་བའི་དབང་པོ་སངས་རྒྱས་པ། །བྱང་ཆུབ་ཆེན་པོ་མྱོང་བྱེད་དཔལ། །དབང་པོ་དེ་ལ་བསྐྱེད་བྱས་བས། །ཀུན་ཏུ་བཟང་པོའི་དབང༴ ཡུལ་དུས་བཞིི་ཡང་སངས་རྒྱས་པས། །ལྷ་མོ་མུན་སེལ་འོད་ཀྱི་མཆོག །ཡུལ་དེ་ཉིད་ལ་བསྐྱེད་བྱས་པས། །བཛྲ་ཨ་ལོ་ཀེའི་དབང༴ ཧཱུཾ་སྭ་ར་ཙ་ཡ་སྭཱ་ཧཱ། །བཾ་དི་པ་སུ་གི་རཱི། ཨ་བྷི༴ ཐོས་པའི་དབང་པོ་སངས་རྒྱས་པ། །བྱང་ཆུབ་ཐུགས་རྗེ་ཐོབ་པར་བྱེད། །ཐོབ་པའི་དབང་པོ་དེས་བསྐྱེད་པས། །འཇམ་དཔལ་གཞོན་ནུའི་དབང༴ དུས་བཞིའི་དུས་ཉིད་སངས་རྒྱས་པས། །ལྷ་མོ་འཇམ་དེས་བདེ་ལྡན་མ། །དུས་དེའི་ཡུལ་ལ་སྐུ་བསྐྱེད་པ། །བཛྲ་གྷནྷེའི་དབང༴ མུཾ་ཤྲི་ཨ་རཾ་ག་ཡ་སྭཱ་ཧཱ། །ཧོ་གྷནྡེ་ཙིཏྟ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུཾ། ཕྱིན་ཅི་ལོག་བཞི་སངས་རྒྱས་པ། །འཇོམས་བྱེད་ཁྲོ་བོ་རེག་པ་སྟེ། །རེག་པ་ཉིད་ལ་སྐུར་བསྐྱེད་པས། །གཤིན་རྗེ་གཤེད་པོའི་དབང་མཆོག༴ དེ་ཡི་ཡུལ་བཞི་སངས་རྒྱས་པས། །ཆད་པ་མ་ཡིན་ཁྲོ་བོ་སྟེ། །དེ་ཉིད་ལ་ནི་སྐུར་བསྐྱེད་པ། རོ་ལངས་མ་ཡི་དབང་མཆོག༴ ༀ་ཡ་མན་ཏ་ཀྲིད་ཕཊ། ༀ་བཛྲ་དྷ་ར་ཀྲོ་ཏི་ཤྭ་རི་ཛྭཱ་ལ་ནི་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ཕྱི་ཅི་ལོག་བཞི་སངས་རྒྱས་པ། །འཇོམས་བྱེད་ཁྲོ་བོའི་རེག་བྱ་སྟེ། །རེག་བྱ་ཉིད་ལ་སྐུར་བསྐྱེད་པས། །གཞན་གྱིས་མི་ཐུབ་དབང༴ དེ་ཡིས་ཡུལ་བཞི་སངས་རྒྱས་པ། །རྟག་པར་མ་ཡིན་ཁྲོ་བོ་སྟེ། །མི་ཕཾ་མ་ཡི་དབང༴ ༀ་བིག་ནན་ཏ་ཀྲིད་ཕཊ། །ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཨ། ཨ་བྷི་ཥིཉྩ༴ ཕྱིན་ཅི་ལོག་བཞི་སངས་རྒྱས་པ། །འཇོམས་བྱེད་ཁྲོ་བོ་རེག་བྱེད་ཐུང་། །རེག་བྱེད་ཉིད་ལ་སྐུར་བསྐྱེད་ལ། །ཁྲོ་ཆེན་རྟ་མགྲིན་དབང༴ ལྟ་བཞི་ལོག་བཞི་སངས་རྒྱས་པ། །བདག་ཏུ་མ་ཡིན་ཁྲོ་མོ་ཉིད། །ཡུལ་དེ་ཉིད་ལ་སྐུར་བསྐྱེད་པས། །ཁྲོ་གཉེར་མ་ཡིས་དབང༴ ༀ་པདྨ་ཏ་ཀྲིད་ཧཱུཾ་ཕཊ། ༀ་པདྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཨ་བྷི༴ ཕྱིན་ཅི་ལོག་བཞི་སངས་རྒྱས་པ། །འཇོམས་བྱེད་ཁྲོ་བོ་རེག་ཤེས་བྱུང་། །རེག་ཤེས་ཉིད་ལ་སྐུར་བསྐྱེད་པས། །བདུད་རྩི་འཁྱིལ་པའི་དབང་མཆོག༴ ལྟ་བཞི་ཡུལ་བཞི་སངས་རྒྱས་པས། །མཚན་མར་མ་ཡིན་ཁྲོ་མོར་བྱུང་། །ཡུལ་དེ་ཉིད་ལ་སྐུར་བསྐྱེད་པས། །རལ་གཅིག་མ་ཡིས་དབང་མཆོག༴ ༀ་པྲཛྙཱ་ཏ་བྲིད་བཛྲ་ཧོ་ཕཊ། ༀ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་བཛྲ་ཧཱུཾ་ཕཊ། ཨ་བྷི༴ ཕྲག་དོག་ཐམས་ཅད་སངས་རྒྱས་པ། །བརྒྱ་བྱིན་ལྷ་ཡི་དབང་པོ་བྱུང་། །དེ་ཉིད་རྒྱུ་ལ་སྐུར་བསྐྱེད་པས། །ལྷ་ཡི་ཐུབ་པའི་དབང༴ ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ཨ་བྷི༴ སངས་རྒྱས་ཐམས་ཅད་སངས་རྒྱས་པ། །ལྷ་མ་ཡིན་ལ་ཐག་བཟངས་རིས། །དེ་ཉིད་ལས་ནི་སྐུ་བསྐྱེད་པ། །ལྷ་མིན་ཐུབ་པའི་དབང༴ ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འདོད་ཆགས་ཐམས་ཅད་སངས་རྒྱས་པས། །བཅོམ་ལྡན་ཤཱཀྱ་ཐུབ་པར་བྱུང་། །དེ་ཉིད་རྒྱུ་ལས་སྐུར་བསྐྱེད་པ། །མི་ཡི་ཐུབ་པའི་དབང༴ ༀ་མུ་ནེ་སྲུཾ་སྭཱ་ཧཱ། ཨ་བྷིས༴ གཏི་མུག་ཐམས་ཅད་སངས་རྒྱས་པ། །བྱོལ་སོང་ཉིད་ལ་སེང་རབ་བརྟན། །དེ་ཉིད་རྒྱུ་ལས་སྐུར་བསྐྱེད་པ། །བྱོལ་སོང་ཐུབ་པའི་དབང༴ ༀ་མུ་ནེ་ཧཱུཾ་སྲུཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། སེར་སྣ་ཐམས་ཅད་སངས་རྒྱས་པ། །སངས་རྒྱས་ཁ་འབར་སྐུ་བྱུང་སྟེ། །སེར་སྣ་ཉིད་ལས་བསྐྱེད་བྱས་པའི། །ཡི་དྭགས་ཐུབ་པའི་དབང༴ ༀ་མུ་ནེ་ཏྲཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཞེ་སྡང་ཡེ་ནས་སངས་རྒྱས་པ། །སྟོན་པ་ཆོས་ཀྱི་རྒྱལ་པོར་བྱུང་། ཞེ་སྡང་རྒྱུ་ལས་བསྐྱེད་བྱས་པའི། །དམྱལ་བའི་ཐུབ་པའི་དབང་མཆོག༴ ༀ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འདི་ནི་ཕྱག་རྒྱ་བཞི་བཅུ་རྩ་གཉིས་ཀྱི་དབང་ངོ་། །གཉིས་པ་ཕྱག་མཚན་ལྔའི་དབང་ལ། རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་གྱིས་ལེགས་པར་བཤད་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཉིད། །འཇོམས་བྱེད་རྡོ་རྗེ་རང་སྣང་བ། །རྡོ་རྗེ་སེམས་དཔའི་བདག་ཉིད་དེ། །མི་ཕྱེད་རྡོ་རྗེའི་དབང་ཐོབ་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །རྡོ་རྗེ་སེམས་དཔའི་ཕྱག་མཚན་གྱི་རྡོ་རྗེས་དབང་བསྐུར་བས། མེ་ལོང་ལྟ་བུའི་ཡེ་ཤེས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་བར་གྱུར་ཅིག །ༀ་མ་ཧཱ་ཨཱ་དར་ཤ་ཛྙ་ན་བཛྲ་སྭ་བྷ་ཝ་ཨཏ་མ་ཀོ྅་ཧཾ། ཨ་བྷི༴ སྟོང་པ་ཉིད་ཀྱི་ཡེ་ཤེས་ཉིད། །འཁོར་ལོ་ཆེན་པོ་རང་སྣང་བས། །རྣམ་པར་སྣང་མཛད་བདག་ཉིད་དེ། །ཆོས་ཀྱིས་འཁོར་ལོས་ཁྱོད་དབང་བསྐུར། །སྐལ་ལྡན་ཁྱོད་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་གསེར་གྱི་འཁོར་ལོས་དབང་བསྐུར་བས། སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག །ༀ་མ་ཧཱ་ཤུ་ནྱེ་ཏ་ཛྙ་ན༴ ཨ་བྷི་ཥིཉྩ་ཧཱུཾ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད། །ཡིད་བཞིན་ནོར་བུ་རང་སྣང་བ། །རིན་ཆེན་འབྱུང་ལྡན་བདག་ཉིད་དེ། །དགོས་འདོད་སྦྱིན་པའི་དབང་ཐོབ་ཤོག །སྐལ་ལྡན་ཁྱོད་ལ་རིན་པོ་ཆེའི་རིགས་ཀྱི་ཕྱག་མཚན་རིན་པོ་ཆེ་འབར་བས་དབང་བསྐུར་བས། མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག །ༀ་མ་ཧཱ་ས་མནྟ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཨ་བྷི༴ སོ་སོར་རྟོགས་པའི་ཡེ་ཤེས་ཉིད། །བག་ཆགས་མེད་པར་རང་སྣང་བ། །སྣང་བ་མཐའ་ཡས་བདག་ཉིད་དེ། །སྦྱོད་བཞིན་མ་ཆགས་དབང་ཐོབ་ཤོག །སྐལ་ལྡན་ཁྱོད་ལ་པདྨ་རིགས་ཀྱི་སྣང་བ་མཐའ་ཡས་ཀྱི་ཕྱག་མཚན་པདྨས་དབང་བསྐུར་བས། གསུང་གི་རིན་ཆེན་སྣང་བ་མཐའ་ཡས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག །ༀ་མ་ཧཱ་པྲ་ཏྱ་པྲ་བེ་ཤ་ཛྙ་ན༴ ཨ་བྷ༴ བྱ་བ་གྲུབ་པའི་ཡེ་ཤེས་ཉིད། །རལ་གྲི་དངོས་པོ་རང་སྣང་བས། །དོན་ཡོད་གྲུབ་པའི་ངོ་བོ་སྟེ། །སྒྲིབ་པ་གཅོད་པའི་དབང་ཐོབ་ཤོག །སྐལ་ལྡན་ཁྱོད་ལ་ལས་ཀྱི་རིགས་གྱི་དོན་ཡོད་གྲུབ་པའི་ཕྱག་མཚན་རལ་གྲིས་དབང་བསྐུར་བས། །འཕྲིན་ལས་དོན་ཡོད་གྲུབ་བའི་སྐུ་གསུང་ཐུགས་ཀྱི་སྒྲིབ་པ་དང་བག་ཆགས་གཅོད་པའི་དབང༴ ༀ་མ་ཧཱ་ཀྲི་ཏྱ་ཨ་ནུ་ཛྙ་ན༴ ཨ་བྷི༴ གསུམ་པ་ཤེས་རབ་གཟུངས་ཀྱི་དབང་ནི། རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་གྱིས་ལེགས་པར་བཤད་ལ་རྟོགས་དང་ལྡན་པར་འགྱུར་པ་ཡིས། །མཐའ་གཉིས་དོན་དུ་མི་གཏོང་པའི། །གཟུངས་ཀྱི་དབང་མཆོག་ཁྱོད་ལ་སྦྱིན། །གཉིས་མེད་ཡོངས་སུ་རྫོགས་པ་ན། །ཐམས་ཅད་བདེ་བ་ཆེན་པོའི་ངང་། བྱང་ཆུབ་སེམས་དཔའི་དོན་དུ་འབྲེལ། །ཤེས་ར བ་ཆེན་པོའི་རྫོགས་དབང་སྦྱིན། །དྲིལ་བུའི་ཕྱག་རྒྱ་མ་ཉིད་གཏད། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅ ཧཾ། ཨ་བྷི༴ བཞི་པ་བཀྲ་ཤིས་བུམ་པའི་དབང་ལ། །རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་གྱིས་ལེགས་པར་བཤད་ལ། བཀྲ་ཤིས་ཆེན་པོའི་བུམ་དབང་འདི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་འགྱུར་བ་ཡིས། །དབང་མཆོག་དེ་ཡང་སྦྱིན་པར་བྱ། །བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ལྔ་པ་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་ལ། རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་གྱིས་ལེགས་པར་གཏན་ལ་ཕབ་ལ། གསང་བའི་བསྟན་པ་རྒྱས་ནས་ནི། །ཡུན་རིང་རྣམ་པར་གྱུར་པ་ཡིས། །བཀྲ་ཤིས་རྫས་ཀྱི་དབང་མཆོག་ཀྱང་། །རྣམས་པ་ཆེན་པོ་སྦྱིན་པར་བྱ། །དང་པོ་དུརྦ། དུརྦ་ཆེན་པོ་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་ཚེ་ནི་རབ་གྲུབ་པས། །སྐྱེ་ཤིའི་སྡུག་བསྔལ་རྒྱུན་གཅད་དེ། །དུར་པའི་བཀྲ་ཤིས་དེས་ནི་ཚེ་བརྟན་ཤོག །གཉིས་པ་ལི་ཁྲི། ལི་ཁྲི་དམར་བ་དབང་གི་རང་བཞིན་ཉིད། །ཆོས་ཀུན་མ་ལུས་དབང་དུ་བྱེད་པ་སྟེ། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བསྟན་གྱུར་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བརྟན་གྱུར་ཅིག །གསུམ་པ་མེ་ལོང་། མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡོན་ཏན་རྒྱ་མཚོ་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་སྒྲིབ་པ་དག་གྱུར་ཅིག །བཞི་པ་བ་དུང་། དུང་གིས་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡོན་ཏན་རྒྱ་མཚོ་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་ཚིག་ལ་ལོངས་སྤྱོད་ཤོག །ལྔ་པ་གྷི་ཝཾ། གྷི་ཝང་དུག་གསུམ་འཇོམས་པའི་སྨན་ཡིན་ཏེ། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་བར་ཤོག །དྲུག་པ་བིལ་བ། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་མཆོག །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ནི་འཇིག་རྟེན་གྲུབ་པར་ཤོག །བདུན་པ་བ་ཞོ། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །གཉེན་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་སྟེ། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་བ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བར་ཤོག །བརྒྱད་པ་ཡུངས་དཀར། ཡུངས་དཀར་རྡོ་རྗེས་བགེགས་ཚོགས་འདུལ། །བགེགས་རྣམས་འཇོམས་པའི་མཐུ་སྟོབས་ལྡན། །དགྲ་བགེགས་ཀུན་ལས་རྒྱལ་མཛད་པའི། །བྱིན་བརླབས་ཆེན་པོའི་དབང་ཐོབ་ཤོག །དེ་ཡན་ཆད་ཀྱིས་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་དེ་སོང་ནས། དྲུག་པ་རྒྱལ་སྲིད་སྣ་བདུན་གྱི་དབང་ལ། །རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་གྱིས་ལེགས་པར་བཤད་ལ། དོན་རྣམས་གྲུབ་པར་གྱུར་པ་ཡི། །འདོད་དགུ་རེ་བསྐོངས་རིན་པོ་ཆེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས། །རྒྱལ་པོ་མཆོག་ཏུ་དབང་བསྐུར་རོ། །དང་པོ་བཙུན་མོ། ཤེས་རབ་དབྱིངས་ལས་སྤྲུལ་པའི་ལྷ། །དགོངས་པའི་དོན་གྲུབ་བཙུན་མོ་སྟེ། །མཐུ་དང་དད་པས་སྤྲེལ་བར་བྱེད། །འདི་ནི་བཙུན་མོ་དབང་གི་བཀྲ་ཤིས་སོ། །གཉིས་པ་གླང་པོ། སྟོབས་མཆོག་ཕ་རོལ་གནོད་པའི་སྟོབས་མངའ་བ། །གདུག་པ་ཆེན་པོ་གཞན་གྱིས་མི་ནོན་པའི། །ཕ་རོལ་གཞན་གྱིས་རྫུ་འཕྲུལ་གནོན་མཛད་པ། །འདི་ནི་མཐུ་སྟོབས་དབང་གི་བཀྲ་ཤིས་སོ། །གསུམ་པ་ནོར་བུ། དགོས་འདོད་བསྐོངས་པའི་ནོར་བུ་རིན་པོ་ཆེ། །ཐམས་ཅད་ཀུན་གྱི་ཡིད་དང་མཐུན་པར་ཤོག །ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡི། །འདི་ནི་རེ་བ་ཡིད་བཞིན་བསྐོང་བའོ། །བཞི་པ་དམག་དཔོན། དྲག་ཤུལ་ངེས་པས་ཕ་རོལ་འཇོམས་མཛད་པ། ཉོན་མོངས་མི་ཤེས་གཡུལ་ངོ་སེལ་བ་འདི། རྣམ་པར་རྟོག་པ་ཅིས་ཀྱང་མི་ཚུགས་པའི། །འདི་ནི་གཉེན་པོས་འདུལ་བའི་དབང་མཆོག་གོ །ལྔ་པ་རྟ་མཆོག་རྫུ་འཕྲུལ་ཐོགས་མེད་ཀུན་ཏུ་མྱུར་བའི་ཤུག །གར་ཡང་བགྲོད་པའི་དོན་ལ་མྱུར་བ་དང་། །རྫུ་འཕྲུལ་སྣ་ཚོགས་ཀུན་དུ་སྟོན་པ་ཡིས། །འདི་ནི་ཐོགས་པ་མེད་པའི་དབང་གི་བཀྲ་ཤིས་སོ། །དྲུག་པ་འཁོར་ལོ། དུས་གསུམ་རྒྱས་བས་བསྐོར་བའི་འཁོར་ལོ་འདི། །མི་ཁོམ་རྒྱུན་ཆད་རྒྱུ་དང་འབྲས་བུར་སྟོན། །འཁོར་ལོ་དབང་ཕྱུག་དམ་པ་རིན་པོ་ཆེ། །བླ་མེད་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །བདུན་པ་བློན་པོ། མཛངས་པའི་ཕུལ་ཕྱིན་བློན་པོ་རིན་པོ་ཆེ། ལེགས་ཉེས་ཀུན་རྩལ་གཅོད་པའི་དོན་ལ་མཁས། །ཡོ་ཁལ་དོ་བསྲོང་མཛངས་པའི་འཕྲུལ་བག་ཅན། །འདི་ནི་བློན་པོ་དབང་གི་བཀྲ་ཤིས་སོ། །འདི་ཡན་ཆད་ཀྱིས་རྒྱལ་སྲིད་སྣ་བདུན་གྱི་དབང་སོང་ནས། དང་པོ་སེང་གེ། བདུན་པ་གདན་ཁྲིའི་དབང་ལ་རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་ཀྱིས་ལེགས་པར་བཤད་ལ། རང་རིག་རྟོགས་པའི་ཡེ་ཤེས་ནི། །ཅེས་ཀྱང་མ་གོས་ཐམས་ཅད་འཇོམས། །སེང་གེའི་གཟུགས་ཀྱི་དབང་བསྐུར་བས། །མི་འཇིགས་བཞི་ཡི་དབང་ཐོབ་ཤོག །གཉིས་པ་གླང་ཆེན། སེམས་ཉིད་རྟོགས་པའི་རིག་པ་ཡིས། །མཚན་མ་ཐམས་ཅད་ཟིལ་གྱི་གནོན། །གླང་ཆེན་གཟུགས་ཀྱི་དབང་བསྐུར་བས། །སངས་རྒྱས་སྟོབས་ཀྱི་དབང་ཐོབ་ཤོག །གསུམ་པ་རྟ་མཆོག །ཐམས་ཅད་སེམས་སུ་རྟོགས་གྱུར་ནས། །གར་མ་བསྒྲོད་པ་ཀུན་ཏུ་ཕྱིན། །རྟ་མཆོག་གཟུགས་ཀྱི་དབང་བསྐུར་བས། །རྫུ་འཕྲུལ་རྐང་པའི་དབང་ཐོབ་ཤོག །བཞི་པ་རྨ་བྱ། ཉོན་མོངས་སེམས་སུ་གང་ཤེས་པ། །སྤྱོད་བཞིན་མི་གོས་དབང་དུ་བྱེད། །རྨ་བྱའི་གཟུགས་ཀྱི་དབང་བསྐུར་བས། །རྒྱལ་བའི་དབང་བཅུ་ཐོབ་པར་ཤོག །ལྔ་པ་ཤང་ཤང་། ཤེས་བྱ་བདག་ཏུ་གང་རྟོགས་པ། །ལྟོས་པ་མེད་པར་ཐམས་ཅད་གསལ། །ཤང་ཤང་ཁྱུང་གི་དབང་བསྐུར་བས། །ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག །རིན་ཆེན་པདྨ་སེང་གེའི་ཁྲི། །བླ་མར་གྱུར་པའི་གདན་མཆོག་སྟེ། །ཁྱད་པར་ཆེན་པོར་གྱུར་པའི་དབང་། །ཁྲོ་ཆེན་དགེ་ལ་བཞག་པར་བྱ། །ཡོན་ཏན་སྐྱོན་མེད་མི་འཇིགས་བཞི། །སྟོབས་དང་རྫུ་འཕྲུལ་དབང་བཅུ་ལས། །དེ་སོགས་ཡོན་ཏན་ཐོབ་གྱུར་པ། །སྨོན་ལམ་བདེན་པ་འགྲུབ་གྱུར་ཅིག །དེ་ཡི་ཐོག་ཏུ་རིན་པོ་ཆེའི་ཁྲི་དབང་བསྐུར་བ་ནི། སེམས་ཉིད་དགོས་འདོད་ལྷུན་གྲུབ་པས། །རྟོགས་པས་མ་བཙལ་རང་ལ་གནས། །རིན་ཆེན་ཁྲི་ཡིས་དབང་བསྐུར་བས། །ཡོན་ཏན་བརྟན་པའི་དབང་ཐོབ་ཤོག །བདུན་པ་གདན་ཁྲིའི་དབང་སོང་ནས། བརྒྱད་པ་བརྒྱན་ཆས་བརྟགས་ཀྱི་དབང་ལ། རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་གྱིས་ལེགས་པར་གཏན་ལ་ཕབ་ལ། ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་བརྒྱན། །རིགས་ལྔའི་རཏྣ་དབུ་བརྒྱན་འདི་བཅིངས་བས། །ཡེ་ཤེས་ལྔ་དང་རིགས་ལྔ་དབྱེར་མེད་པའི། །རིགས་ལྔའི་དབུ་བརྒྱན་དབང་མཆོག་ཐོབ་པར་ཤོག །ༀ་ན་མ་སརྦ་ཏ་ཐ་ག་ཏ་གྷུ་ཧྱ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ས་ཏྭ་སྭ་བྷ་ཝ་ཨད་མ་ཀོ྅་ཧཾ། དར་གྱི་ཅོད་པན་མེ་ཏོག་ཕྲེང་བ་སོགས། དབང་མཆོག་བརྗིད་པའི་བརྒྱན་གྱིས་ཀླུབས། དཔུང་བརྒྱན་དོ་ཤལ་སེན་མོ་དོ། །མགུལ་རྒྱན་རྐང་གདུབ་ལག་གདུབ་རྣམས། དབང་མཆོག་རྒྱལ་པོ་དེ་ལ་སྦྱིན། །དེས་རྒྱན་ཆས་ཀྱི་དབང་དེ་སོང་ནས། དགུ་པ་རྡོ་རྗེ་མིང་གི་དབང་ལ་རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་གྱིས་ལེགས་པར་བཤད་ལ། དབང་ཐོབ་མཛེས་པས་བརྗིད་པའི་རྒྱལ་པོ་དེ། །དབང་ཕྱུག་ཡིན་པས་དེ་ལ་ཀུན་ཕྱག་འཚལ། རྡོ་རྗེ་དབང་ཕྱུག་དབང་ཕྱུག་ཞེས་པ་ནི། །ཀུན་གྱི་སྒྲ་ཆེན་འབོད་ཅིང་བསྒྲགས་པར་བྱེད། །བདེན་པ་དེ་ཡིས་གྲགས་པ་མིང་དབང་ཐོབ་པར་འགྱུར། །གསང་བ་ཆེན་པོའི་རིགས་ཚོགས་སུ། །འདི་ནས་བདག་གིས་འཇུག་པར་བྱ། །ཕྱིར་མི་ལྡོག་པར་ལུང་བསྟན་ཕྱིར་། །བདག་ལ་གསང་སྦྱོར་བྱེད་པར་གསོལ། །དེ་ནས་གསང་མཚན་གདགས་པ་ནི། དབང་ཕྱུག་རྟགས་པ་རྩལ། དབང་ཕྱུག་ལྷུན་གྲུབ་རྩལ། དབང་ཕྱུག་འགྱུར་མེད་རྩལ། དབང་ཕྱུག་མཐར་ཕྱིན་རྩལ། དབང་ཕྱུག་བདེ་བྱེད་རྩལ། དབང་ཕྱུག་རྫོགས་པ་རྩལ། དབང་ཕྱུག་དྲི་མེད་རྩལ། དབང་ཕྱུག་འོད་ཟེར༴ དབང་ཕྱུག་ཟླ་འབར༴ དབང་ཕྱུག་གྲུབ་པ༴ དབང་ཕྱུག་སྒྲིབ་མེད༴ དབང་ཕྱུག་ཀུན་སྒྲིབ་རྩལ། དབང་ཕྱུག་ལྡོག་བྱེད༴ དབང་ཕྱུག་འཇིགས་མེད༴ དབང་ཕྱུག་རྟོག་མེད༴ དབང་ཕྱུག་ངེས་འབྱུང༴ དབང་ཕྱུག་རིན་ཆེན༴ དབང་ཕྱུག་རྫོགས་པ༴ དབང་ཕྱུག་ཀུན་གྲགས༴ དབང་ཕྱུག་བསྟན་པ༴ དབང་ཕྱུག་ཁྱབ་བྱེད༴ དབང་ཕྱུག་འོད་འབར༴ དབང་ཕྱུག་མཉམས་པ༴ དབང་ཕྱུག་སྤྲོས་མེད༴ དབང་ཕྱུག་འཕྲིན་ལས༴ དབང་ཕྱུག་ལས་རབ༴ དབང་ཕྱུག་བླ་མེད༴ དབང་ཕྱུག་འོད་འཕྲོ༴ དབང་ཕྱུག་དཔལ་འབར༴ དབང་ཕྱུག་མོས་རབ༴ དབང་ཕྱུག་ལེགས་པ༴ དབང་ཕྱུག་སྤྲོས་མེད༴ དབང་ཕྱུག་དད་པ༴ དབང་ཕྱུག་སྨོན་ལམ༴ དབང་ཕྱུག་ཉི་ཤར༴ དབང་ཕྱུག་ཡེ་ཤེས་རྩལ༴ ཞེས་བརྗོད་དོ། །དེས་མིང་དབང་སོང་ནས། །དབང་ཕྱུག་འཁོར་ལོའི་དབང་ལ། རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་གྱིས་བཤད་ལ། འོག་ཏུ་གསེར་གྱི་འཁོར་ལོ་དག་བརྗིད་པའི་དོན་དུ་འབྲུ་བཀོད་ནས། གཞན་དོན་འདི་ལ་ཕན་པའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་མཛོད། །ༀ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ། འཁོར་ལོས་དབང་བསྐུར་བས། འཁོར་ལོས་བསྒྲུར་བའི་རྒྱལ་ཐབས་ཀྱི་འཇིག་རྟེན་ཁ་ལོ་གྱེན་ལ་བསྒྱུར་བའི་དབང་ཐོབ་པར་གྱུར་ཅིག །སྤྱི་དོན་གཉིས་པ་ནང་དབང་ལ། །ཐོག་མར་རྐྱང་ཕྱག་འཚལ་ལ། །གསོལ་བ་གདབ་བ་ནི། སངས་རྒྱས་རྡོ་རྗེ་འཛིན་པ་ལ། ། ས་མཐའི་སེམས་དཔའ་ཆེན་པོ་ཡིས། །ཇི་ལྟར་མཆོད་ཅིང་ཞུས་པ་ལྟར། །དེ་བཞིན་སྐལ་ལྡན་བདག་ཅག་ལ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། །དབང་རྣམས་རིམ་པ་རྩལ་དུ་གསོལ། །ཅེས་གསོལ་གདབ་པོ། གུ་རུས་ལན་དུ། སངས་རྒྱས་དག་ནི་ཐམས་ཅད་ཀྱི །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །དབང་བསྐུར་སྣང་བ་ཆེན་པོ་སྦྱིན། །ཅེས་བརྗོད་དོ། །ནང་དབང་བཅུ་གཅིག་སྟེ་ཉན་པའི་དབང་། ཕྲིན་ལས་ཀྱི་དབང་དང་། འཆད་པའི་དབང་དང་། རྡོ་རྗེ་སློབ་དཔོན་གྱིས་དབང་དང་། གདན་ཁྲིའི་དབང་དང་། རིན་ཆེན་སྣ་བདུན་གྱི་དབང་དང་། །ཕྱག་རྒྱ་ལྷའི་དབང་དང་། ཡེ་ཤེས་ལྔའི་དབང་དང་། སྐུ་གསུང་ཐུགས་ཀྱི་དབང་དང་། བཀྲ་ཤིས་བརྟགས་བརྒྱད་ཀྱི་དབང་དང་། །ཐིག་ལེ་མིང་གི་དབང་ངོ་། །དང་པོ་ཉན་དབང་ནི། ངོ་བོ་དང་། རྒྱུ་རྐྱེན་དང་། བསྐུར་བ་དང་། བསྟིམ་པའི་གནས་དང་། ངེས་ཚིག་དང་། སྒྲིབ་པ་དང་། ཐོབ་ཚད་དང་། ཆོས་དང་། འབྲས་བུ་དང་། དགོས་པ་དང་། སྐྱོན་དང་། ཡོན་ཏན་དང་། བཅུ་གསུམ་གྱིས་ལེགས་པར་བསྟན་ལ་ཕབ་ཅིག་འཆད། བུ་རིན་འབྱུང་དུ་བསྐྱེད་ལ། །གསང་བའི་སྐུ་རུ་འདིར་ཞུགས་ནས། །སྤོ་ཏི་ལག་ཏུ་སྦྱིན་བྱས་པས། །དམ་པའི་མཛོད་ཆེན་ཐེག་པ་གསུམ། མ་ལུས་ཉན་པའི་དབང་ཐོབ་ཤོག །སརྦ་ཏ་ཐཱ་ག་ཏ་གརྦྷ་སརྦ་དྷརྨ་སིདྡྷི་ཧཱུཾ། སློབ་བུའི་ལྕེ་ལ་མཐའ་ཡས་བསྐྱེད་ལ། དེ་ལྟར་རེ་འདོད་བསྐོངས་ནུས་བུ་མཆོག་དེ། །རྒྱལ་པོ་རྒྱལ་རིགས་རྒྱུན་དུ་བྱུང་བས་ན། །ཏན་ཏྲ་ལ་སོགས་དམ་པའི་མཛོད་གསུམ་སྦྱིན། །དེས་ཉན་དབང་སོང་ནས། སློབ་བུ་དོན་གྲུབ་དུ་བསྐྱེད་ལ། གཉིས་པ་འཕྲིན་ལས་ཀྱི་དབང་ལ། རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་གྱིས་བཤད་ལ། ཞི་རྒྱས་དབང་དང་དྲག་པོ་ཡིས། །རིགས་སུ་གྱུར་པ་མ་ལུས་པ། ཁྱོད་ཀྱི་དགོས་པ་བྱེད་པར་འགྱུར། །ལམ་རྣམས་རྒྱ་མཚོ་ཐམས་ཅད་གྲུབ་པའི་བརྟགས། །རྡོ་རྗེ་རྒྱ་གྲམ་ལ་སོགས་བསྣམས་པའི་རྫས། །བུ་མཆོག་དེ་ལ་ཐབས་ཀྱིས་སྦྱིན་པར་བྱའོ། །དེས་འཕྲིན་ལས་ཀྱི་དབང་དེ་སོང་ནས། གསུམ་པ་འཆད་དབང་ལ། རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་གྱིས་ལེགས་པར་བཤད་ལ་འཆད་དབང་། གསེར་གྱི་འཁོར་ལོ་རྩིབས་དང་མུ་ཁྱུད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་བྱས་བས། །འཇིག་རྟེན་ཀུན་ལ་ཁ་ལོ་བསྒྱུར་བའི་དབང་། །དབང་བསྐུར་འཁོར་ལོ་དབང་ཆེན་ཐོབ་པར་ཤོག །ལོ་ཀ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ། །གཞན་གྱི་རེ་འདོད་བསྐོང་བའི་བུ་མཆོག་དེ། །རྒྱལ་པོ་རྒྱལ་རིགས་བརྒྱུད་དུ་བྱུང་བ་བཞིན། །རྒྱལ་ཚ བ་ཆོས་ཀྱི་རྒྱུད་དུ་བྱུང་བས་ན། །ཏན་ཏྲ་ལ་སོགས་པའི་མཛོད་གསུམ་སྦྱིན། །བདེན་པ། བཀའ་གསང་པའི་ཐེག་པ་མཐའ་དག་འཆད་པའི་དབང་ཐོབ་པར་གྱུར་ཅིག །དེས་འཆད་དབང་སོང་ནས་། བཞི་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ། རྒྱུ་རྐྱེན་ལ་སོགས་པའི་དོན་གསུམ་གྱིས་ལེགས་པར་བཤད་ལ། རྡོ་རྗེ་རྒྱལ་པོའི་དབང་ཧཱུཾ་ལས་སློབ་བུ་རྡོ་རྗེ་སེམས་དཔའ་བསྐྱེད་ལ། ༀ ཁྱོད་ཀྱིས་སློབ་མའི་ཚོགས་ཀུན་སློབ་ནུས་པས། །བསྟན་པ་སྒྲོག་པའི་ས་ལ་གནས་བྱའི་ཕྱིར། །རྡོ་རྗེ་རྒྱལ་པོ་དཔལ་གྱི་དབང་མཆོག་འདི། །ཐེག་ཆེན་དགུ་ཡི་བརྟགས་དང་བཅས་སྟེ་སྦྱིན། །བདེན༴ རྡོ་རྗེ་སློབ་དཔོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེས་རྡོ་རྗེ་སློབ་དཔོན་གྱི་དབང་དེ་སོང་ནས། བཞི་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ། རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་གྱིས་ལེགས་པར་བཤད་ལ། ལྔ་བ་གདན་ཁྲིའི་དབང་ལ། རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་་གསུམ་གྱིས་གཏན་ལ་ཕབ་ལ། དང་པོ་ཐབས་ཤེས་ཉི་ཟླའི་གདན་དང་དྲེགས་པ་ཟིལ་གནོན་གྱི་དབང་ནི། མཐའ་གཉིས་མུན་པ་སེལ་བྱེད་པའི། །ཉི་ཟླ་གཉིས་ཀྱི་དབང་བསྐུར་བས། །ཤེས་རབ་ཐབས་སུ་འབྲེལ་པ་ཡི། །བདག་གཞན་དོན་ཀུན་རྫོགས་པ་ཤོག །དབང་ཕྱུག་ལ་སོགས་དྲེགས་པའི་ཚོགས། སྨོན་ལམ་ཆེན་པོས་རྟེན་བྱེད་པའི། །དྲེགས་པ་བསྣོལ་བའི་དབང་གདན་འདིས། །བསྟན་པ་ཟིལ་གནོན་དབང་ཐོབ་ཤོག །གཉིས་པ་བརྟུལ་ཞུགས་ཐོགས་མེད་ཀྱི་དབང་ནི། མཉམ་རྫོགས་བརྟུལ་ཞུགས་ཆེན་པོ་ཡིས། །ཐམས་ཅད་ལ་ཡང་ཐོག་མེད་ཕྱིར། །དོན་གྱི་གཟུགས་ཀྱི་དབང་བསྐུར་བས། །བརྟུལ་ཞུགས་གསུམ་གྱི་དབང་ཐོབ་ཤོག །གསུམ་པ་རྟོག་པ་ཟིལ་གནོན། རང་སྣང་ཡོན་ཏན་མང་པོས་བརྗིད། །རྩོལ་བ་ཟིལ་གྱི་གནོན་བྱེད་ཕྱིར། །ཁྱུ་མཆོག་གཟུགས་ཀྱི་དབང་བསྐུར་བས། །ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག །བཞི་པ་ཡོན་ཏན་ཕུན་ཚོགས་བརྗིད་པའི་དབང་། ཕུང་པོ་ཁམས་སོགས་དོན་རིག་ནས། །ཡོན་ཏན་མང་པོ་བརྗིད་སྣང་ཕྱིར། །མ་ཧེའི་གཟུགས་ཀྱིས་དབང་བསྐུར་བས། །ཀུན་ཏུ་བརྗིད་པའི་དབང་ཐོབ་ཤོག །ལྔ་པ་མཐུན་འཇུག་གི་ལས་ལ་མཁས་པའི་དབང་། ཐབས་ཀྱི་རོལ་པ་སྣ་ཚོགས་ཀྱིས། གདུལ་བྱ་ཀུན་ལ་མཐུན་འཇུག་ཕྱིར། །གཟིག་གི་གཟུགས་ཀྱི་དབང་བསྐུར་བས། །ཐབས་ལ་མཁས་པའི་དབང་ཐོབ་ཤོག །དྲུག་པ་ས་རྣམས་མངོན་དུ་མཐར་ཕྱིན་པའི་དབང་། རྒྱུ་འབྲས་གཉིས་མེད་སེམས་ཉིད་ལ། །ས་དང་ས་ཡི་རིམ་བྲལ་ཕྱིར། །སྟག་གི་གཟུགས་ཀྱི་དབང་བསྐུར་བས། །ཁྱད་པར་ས་འཕགས་ཐོབ་པར་ཤོག །དེས་གདན་ཁྲིའི་དབང་དེ་སོང་ནས། །བདུན་པ་རིན་ཆེན་སྣ་བདུན་གྱི་དབང་ལ། །རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་གྱིས་བསྟན་ལ་ཕབ་ཅིང་བཤད། འཁོར་ལོས་འཁོར་ཞིང་གཅོད་པའི་རྟག །སྐྱེ་བ་རྣམས་བཞི་རྒྱུན་གཅོད་པའི། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །སྐྱེ་བཞི་བསྒྲོལ་བའི་དབང་ཐོབ་ཤོག བཙུན་མོ། །དབྱིངས་ཕྱུག་ལ་སོགས་བདེ་བའི་ཡུམ། །ཐུགས་རྗེས་གཟུངས་ཀྱི་རིགས་མ་དེ། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །ཐབས་ལ་སྤྱོད་པའི་དབང་ཐོབ་ཤོག བློན་པོ། །ཆོས་རྣམས་ཀུན་ལ་ཐོགས་མེད་པའི། བློ་གྲོས་ཀུན་ལྡན་རྡོ་རྗེ་སེམས། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །ཤེས་བྱ་མཁྱེན་པའི་དབང་ཐོབ་ཤོག །ཁམས་གསུམ་རྡོ་བ་ཀུན་འདུལ་བ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་སྟེ། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །དཔུང་བཞི་འདུལ་བའི་དབང་ཐོབ་ཤོག བདེན་པ། །འཁོར་ལོས་སྐྱེ་བཞི་བསྒྱུར་བ་ཡི། །ཡི་དམ་ལྷ་ཡབ་ཡུམ་ཀྱི་ཐབས་ཀྱི་སྤྱོད་པ་ལ་འཇུག་པའི། །སེམས་དཔའ་རྡོ་རྗེ་བློ་གྲོས་ཕུན་སུམ་ཚོགས་པའི། ཁྲོ་བོ་སྟོབས་པོ་ཆེས་དཔུང་བཞི་འདུལ་བའི་དབང་ངོ་། གླང་པོ། །ཐེག་པ་ཐབས་ལ་གནས་པ་རྣམས། །ཟིལ་གནོན་ཐེག་ཆེན་གླང་ཆེན་གཟུགས། །དེ་རིང་ཁྱོད་ལ་སྦྱིན་བྱས་ནས། །རྡོ་བ་ཟིལ་གནོན་དབང་ཐོབ་ཤོག །ཐམས་ཅད་བདག་ཉིད་ཁྱབ་ཆེན་པོ། །དབང་ཕྱུག་ཀུན་འགྲོ་རྟའི་གཟུགས ། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །ཐོགས་མེད་རྫུ་འཕྲུལ་དབང་ཐོབ་ཤོག ནོར་བུ། །ཀུན་རྫོགས་སེམས་ཉིད་རིག་པར་ལྡན། །བསམ་པས་འབྱུང་བ་རིན་པོ་ཆེ། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །གདུལ་བྱ་མ་ལུས་རེ་བསྐོངས་ཤོག བདེན་པ། །བྱང་སེམས་སྤོས་གླང་གིས་སྟོབས་བཅུའི། །ཁྲོ་བོ་རྟ་མགྲིན་གྱི་རྫུ་འཕྲུལ་ཀ་བཞིའི། རྡོ་རྗེ་རིན་ཆེན་གྱིས་དགོས་འདོད་བསྐོངས་པའི་དབང་ངོ་། །དེས་རིན་ཆེན་སྣ་བདུན་གྱིས་དབང་དེ་སོང་ནས། བདུན་པ་ཕྱག་རྒྱའི་དབང་ལ། རྒྱུ་རྐྱེན་ལ་སོགས་པའི་དོན་བཅུ་གསུམ་དང་ལྡན་བས། སྟོན་པ་ཀུན་ཏུ་བཟང་པོ་གནས་གྱུར་པ། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ། །སྐུ་དང་ཕྱག་རྒྱ་མངོན་རྫོགས་པ། །ཆེ་མཆོག་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། ཀུན་ཏུ་བཟང་མོ་ཆོས་ཉིད་གནས་གྱུར་པས། །ཁྲོ་མོ་ཀུན་གྱི་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ལས་སྐུར་བསྐྱེད་པས། །ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་ཨ་ཀྲ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་སེམས་དཔའ་གནས་གྱུར་པ། །ཁྲག་འཐུང་ཞེ་སྡང་འཇོམས་པའི་སྐུ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་ནས། །མཆོད་ཅིང་བྱིན་བརླབས་ཀྱིིས་བསྒྲུབས་པས། །བཛྲ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། ནམ་མཁའ་ཀུན་བཟང་གནས་གྱུར་པས། །ཁྲོ་མོ་དབང་ཕྱུག་སྐུར་གསལ་མ། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཡབ་ཡུམ་མཆོད་ཅིང་གསལ་བསྒྲུབ་པས། །བཛྲ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་ས་མ་ཡ་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་པར་སྣང་མཛད་གནས་གྱུར་པ། །ཁྲག་འཐུང་གཏི་མུག་འཇོམས་པའི་སྐུ། །འཇིགས་བྱེད་སྨུག་ནག་འབར་བར་གསལ། །མཆོད་ཅིང་བསྒྲུབ་ཏེ་བྱིན་བརླབས་པ། །བྷུད་དྷ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། སངས་རྒྱས་སྤྱན་མ་གནས་གྱུར་པས། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །སྤྱན་དྲངས་མཆོད་ཅིང་བསྒྲུབས་པ་ཡི། །བྷུད་དྷ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། བྷུད་དྷ་ཤྲི་ཧེ་རུ་ཀ །བྷུད་དྷ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་འབྱུང་ལྡན་གནས་གྱུར་པ། །ཁྲག་འཐུང་ཆེན་པོ་ང་རྒྱལ་འཇོམས། །འཇིགས་བྱེད་སེར་ནག་འབར་བ་ལ། །སྤྱན་དྲངས་མཆོད་ཅིང་བསྒྲུབས་པ་ཡི། །རཏྣ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། མ་མ་ཀི་ལ་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་སྐུར་བྱུང་བས། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །སྤྱན་དྲངས་མཆོད་ནས་བསྙེན་བསྒྲུབས་པའི། །རཏྣ་ཀྲོ་ཏི་ཤྭ་རིའ་ིདབང་མཆོག་ཁྱོད་ལ་སྦྱིན། ༀ་རཏྣ་ཤྲི་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཤྭ་རི་སྟྭཾ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཨ་བྷི༴ སྣང་བ་མཐའ་ཡས་གནས་གྱུར་པ། །དཔལ་ཆེན་ཁྲག་འཐུང་འདོད་ཆགས་འཇོམས། །དམར་ནག་འབར་བའི་རལ་པ་ཅན། །བསྒོམས་ཤིང་མཆོད་དེ་བསྒྲུབས་པ་ཡི། །པདྨ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། ན་བཟའ་དཀར་མོ་གནས་གྱུར་པས། །འཇིགས་བྱེད་ཁྲོ་མོའི་སྐུར་སྣང་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གཉིས་མེད་བྱང་ཆུབ་སེམས་བསྒྲུབས་པས། །པདྨ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། པདྨ་ཤྲི་ཧེ་རུ་ཀ །པདྨ་ཀྲོ་ཏི་ཤྭ་རི་སྟྭཾ། ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དོན་ཡོད་གྲུབ་པ་གནས་གྱུར་པ། །འཇིགས་བྱེད་ཁྲག་འཐུང་ཕྲག་དོག་འཇོམས། །ལྗང་ནག་མེ་འབར་འཇིགས་པའི་གཟུགས། །གསལ་བར་བསྐྱེད་ཅིང་མཆོག་བསྒྲུབས་པས། །ཀརྨ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། དམ་ཚིག་སྒྲོལ་མ་གནས་གྱུར་པས། །འཇིགས་བྱེད་ཁྲོ་མོ་ཆ་ལུགས་འཆང་། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །ལྷག་མ་བྱང་ཆུབ་སེམས་འཕྲོས་པས། །ཀརྨ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་ཀརྨ་ཤྲཱི་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱ྄ོ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མཐུ་སྟོབས་མངའ་བདག་གནས་གྱུར་པ། །བསྒྲོལ་བྱེད་ཆེན་པོས་བདུད་རྣམས་འཇོམས། །ཐོད་དབྱུག་སྲིན་པོ་སྒྲོལ་ལ་བརྩོན། །མཐིང་ནག་འབར་བའི་ཆ་ལུགས་ཅན། །རཀ་ཤ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། ལྷ་མོ་རལ་གཅིག་གནས་གྱུར་པས། །ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །རཀྵ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་མ་ཧཱ་རཀྵ་ཤྲི་ཧེ་རུ་ཀ་མ་ཧཱ་ཙནྡྷ་སརྦ་དུ ཥྚ་ད་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། མ་ཧཱ་རཀྴ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། བི་ཤི་ཀ་ཧཱུཾ་ཕཊ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མའི་སྭཱ་ཧཱ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་བྷི༴ ཐུགས་རྗེའི་མངའ་བདག་གནས་གྱུར་པས། །བསྒྲོལ་བྱེད་མ་མོ་མཁའ་འགྲོ་འདུལ། །མཐིང་ནག་མདོག་འདྲ་འཇིགས་པའི་གཟུགས། །གང་བསྒྲུབས་མཐུ་དང་དཔུང་བསྩལ་བའི། །ཡཀྵ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། འཇིག་རྟེན་བདག་མོ་གནས་གྱུར་པས། །ཁྲོ་མོ་དབང་ཕྱུག་ཀུན་གྱིས་རྗེ། །སྤྲུལ་པ་ཡང་སྤྲུལ་ཀུན་གྱི་མ། །ཐབས་དང་ཤེས་རབ་དབྱེར་མེད་ལས། །ཡཀྵ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་མ་ཧཱ་ཡཀྴ་ཤྲི་ཧེ་རུ་ཀ་མ་ཧཱ་ཙནྡྷ་སརྦ་དུཥྚན་དྷ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་མ་ཧཱ་ཡཀྵ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། བི་ཤེ་ཀ་སྭཱ་ཧཱ། ཨེ་ཤ་རི་སིདྷི་ན་མའི། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བཛྲ་ཡཀྴ་གནས་གྱུར་པས། །དཔལ་ཆེན་དམ་ཚིག་མངའ་མཛད་པའི། །ལྗང་ནག་ཆ་ལུགས་འཇིགས་པ་ཅན། །བསྐལ་པ་བརྒྱར་ཡང་དམ་ཚིག་ལྷ། །ས་ནུ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །ཡུམ་ཆེན་དམ་ཚིག་གནས་གྱུར་པའི། །ཁྲོ་མོ་དམ་ཚིག་བྱ་ར་མཁན། །སངས་རྒྱས་སེམས་ཅན་འདའ་མི་བྱེད། །དམ་ཚིག་དབྱིངས་སུ་བསྐུལ་བྱེད་པའི། །ས་ནུ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་མ་ཧཱ་ས་ནུ་ཤྲི་ཧེ་རུ་ཀ །མཧཱ་ཙནྡྷ སརྦ་དུཥྚན་དྷ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་མཧཱ་ས་ནུ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཤི་ཤི་ཀ་སྭ་ཧཱ། ཨེ་ཀ་ཤར་སིདྡྷི་ན་མ། བི་ཤི་ཙ་ནི་མ་ག་ལ་སི དྡྷི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མཁྱེན་རབས་བདག་པོ་གནས་གྱུར་པ། །གསང་བའི་དོན་ལ་མངའ་མཛད་པ། །ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམས་རྟག་ཏུ་གསང་བའི་ལྷ། །གྷུ་ཧྱ་ཧེ་རུ་ཀའི་དབང་མཆོག་ཁྱེད་ལ་སྦྱིན། གསང་བའི་ལྷ་མོ་གནས་གྱུར་པ། །ཁྲོ་མོ་ཡུམ་ཆེན་གསང་བའི་ལྷ། །གསང་བའི་དོན་ལ་བསྐུལ་བྱེད་མ། ། གྷུ་ཧྱ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་གྷུ་ཧྱ་ཤྲི་ཧེ་རུ་ཀ །མ་ཧ་ཙཎྜ༴ ༀ་མ་ཧཱ་གྷུ་ཧྱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཱུཕཊ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ ཨ་བྷི་ཥིཉྩ་ཧཱུཾ། དེས་ཁྲོ་བོ་ཡབ་ཡུམ་ཉི་ཤུའི་དབང་དེ་སོང་ནས། གློ་འབུར་དང་གྲུ་ཆད་ཀྱི་ལྷ་མོ་བརྒྱད་ཀྱི་དབང་ནི། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་བརྒྱད་ཀྱི་ཕྱི་རིམ་ལ། །གྲུ་ཆད་བཞི་དང་གློ་འབུར་དུ། །ཁྲོ་མོ་བརྒྱད་ཀྱིས་བསྐོར་བ་ནི། ས་ཡི་སྙིང་པོ་གནས་གྱུར་པས། །སྲིན་མོ་ཆེན་མོ་ཀེང་ཐོད་བརྟུལ། །དམར་མོ་མཐུ་རྩལ་རྐུ་བྱེད་མའི། །བཛྲ་ཀྲོ་ཏིའི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་ཀ་རི་ཧཱ་ཧ་ཧ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མ། །བེ་ཤེ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ནམ་མཁའི་སྙིང་པོ་གནས་གྱུར་པ། །སྲིན་མོ་ཆེན་མོ་མདའ་འཕེན་བརྟུལ། །རྐུན་མོ་མཐུ་རྩལ་ལས་བྱེད་མ། །བཛྲ་ཙོ་རིའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་ཙོ་རི་ཧ་ཧ་ཧ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྤྱན་རས་གཟིགས་དབང་གནས་གྱུར་པ། །སྲིན་མོ་ཆེན་མོ་འཛིན་བྱེད་བརྟུལ། །རྨོངས་མོའི་མཐུ་རྩལ་འབྲལ་བྱེད་མ། །བཛྲ་པྲ་མོ་ཧ་ཡི༴ །བཛྲ་པྲ་མོ་ཧ་ཧ་ཧ། སྔགས་འགྲེ། ཨ་བྷི་ཥིཉྩ་ཧཱུཾ། ཕྱག་ན་རྡོ་རྗེ་གནས་གྱུར་པ། །སྲིན་མོ་བེ་ཏ་ནག་མོ་བཏུལ། །ཐལ་བྱེད་མཐུ་རྩལ་ཉམས་བྱེད་མ། །བཛྲ་བེ་ཏ་ལིའི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་པེ་ཏ་ལེ་ཧ་ཧ་ཧ། སོགས་འགྲེ། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཆུབ་བྱམས་པ་གནས་གྱུར་པ། །སྲིན་མོ་ནང་གྲོལ་འདྲེན་མ་བརྟུལ། །སྤོས་མོའི་མཐུ་རྩལ་འཆིངས་བྱེད་མ། །བཛྲ་པུས་ཀ་སིའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་པུཀྐ་སི་ཧ་ཧ་ཧ། སོགས་འགྲེ། ཨ་བྷི༴ སྒྲིབ་པ་རྣམ་སེལ་གནས་གྱུར་པས། །ལྷོ་ནུབ་སྲིན་མོ་རབ་འཇིགས་བཏུལ། །རྨེ་ཤའི་མཐུ་རྩལ་སྨྱོ་བྱེད་མའི། །བཛྲ་གྷསྨ་རིའི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་གྷསྨ་རི་ཧ་ཧ་ཧ། སོགས་སྔགས། ཨ་བྷི་ཥིཉྩ་ཧཱུཾ། ཀུན་ཏུ་བཟང་པོ་གནས་གྱུར་པས། །ནུབ་བྱང་སྲིན་མོ་སྲོག་གཅོད་བརྟུལ། །གཏུམ་མོའི་མཐུ་རྩལ་དབང་བྱེད་མའི། །བཛྲ་སྨེ་ཤ་ནི་ཡི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་སྨེ་ཤ་ནི་ཧ་ཧ་ཧ། སོགས་འགྲེས། ཨ་བྷི་ཥིཉྩ་ཧཱུཾ། འཇམ་དཔལ་གཞོན་ནུ་གནས་གྱུར་པས། །བྱང་ཤར་སྲིན་མོ་སྨྱོན་མ་བརྟུལ། །མ་ཚོགས་མཐུ་རྩལ་སྨྱོ་བྱེད་མའི། །བཛྲ་ཙན་དྷ་ལི༴ །བཛྲ་ཙན་དྷ་ལ་ཧ་ཧ་ཧ། སོགསའགྲེ། ཨ་བྷི་ཥིཉྩ་ཧཱུཾ། དེས་ལྷ་མོ་བརྒྱད་ཀྱི་དབང་དེ་སོང་ནས། སྒོ་འཁྱམས་དང་པོའི་ཕྲ་མེན་མ་བརྒྱད་དང་། སྒོ་མ་བཞིའི་དབང་ནི། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །གྲུ་ཆད་བློ་འབུར་ཕྱི་རིམ་དུ། ། བར་འཁྱམས་ཕྱོགས་བཞི་མཚམས་བརྒྱད་དུ། །ཕྲ་མེན་བརྒྱད་ཀྱི་བསྐོར་བ་ནི། །བཛྲ་ལཱ་སྱ་གནས་གྱུར་པ། །ཤར་ཕྱོགས་སྲིན་མོ་སེང་མགོ་བཏུལ། །ཕྲ་མེན་མཐུ་རྩལ་གཟི་བྱིན་མ། །བཛྲ་སེང་ཧ་མུ་ཁའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་སེང་ཧ་མུ་ཁ་ཧེ་ཧེ་ཧེ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨ་བྷ༴ བཛྲ་མ་ལེ་གནས་གྱུར་པ། །ལྷོ་ཕྱོགས་སྲིན་མོ་སྟག་མོ་བཏུལ། །ཕྲ་མེན་མཐུ་རྩལ་འཇོམས་བྱེད་མའི། །བྱཱ་གྷྲྀ་མུ་ཁའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་བྱཱ་གྷྲྀ་མུ་ཀ་ཧེ་ཧེ་ཧེ། ཨ་བྷི་ཥིཉྩ་ཧཱུཾ། བཛྲ་གྷིཏྟི་གནས་གྱུར་པ། །ནུབ་ཕྱོགས་སྲིན་མོ་སྲོག་ལེན་བཏུལ། །ཕྲ་མེན་མཐུ་རྩལ་འཛིན་བྱེད་མ། །སྲི་ལ་མུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་སྲི་ལ་མུ་ཁ་ཧེ༴ ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ནིརྟི་གནས་གྱུར་པ། །བྱང་ཕྱོགས་སྲིན་མོར་ར་རོ་བརྟུལ། །ཕྲ་མེན་མཐུ་རྩལ་འཛིན་བྱེད་པའི། །བཛྲ་ཤྭ་ན་མུ་ཁེའི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་ཤྭ་ན་མུ་ཁི་ཧེ༴ ཨ་བྷི་ཥིཉྩ་ཧཱུཾ། བཛྲ་དྷུ་པེ་གནས་གྱུར་པ། །ཤར་ལྷོ་སྲིན་མོ་ཁྲག་འཐུང་བཏུལ། །ཕྲ་མེན་མཐུ་རྩལ་འགྱོགས་བྱེད་མའི། །བཛྲ་གྲཱི དྷ་མུ་ཁའི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་གྲཱི་ཌྷ་མུ་ཀ་ཧེ༴ ཨ་བྷི་ཥིཉྩ་ཧཱུཾ། བཛྲ་པུ ཥྤེ་གནས་གྱུར་པས། །ལྷོ་ནུབ་སྲིན་མོ་ཀང་ཀ་བརྟུལ། །ཕྲ་མེན་མཐུ་རྩལ་ཁྱབ་བྱེད་མའི། །བཛྲ་ཀཾ་ཀ་མུ་ཁའི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་ཀཾ་ཀ་མུ་ཀ་ཧེ༴ ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ཨ་ལོ་ཀེ་གནས་གྱུར་པས། །སྲིན་མོ་འཇོམས་པར་བྱེད་པ་བཏུལ། །ཕྲ་མེན་མཐུ་བརྩལ་ཟ་བྱེད་མའི། །བཛྲ་ཁ་ཁ་མུ་ཁའི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་ཁ་ཁ་མུ་ཀ་ཧེ༴ །ཨ་བྷི་ཥིཉྩ་ཧཱུཾ། བཛྲ་གྷནྡྷེ་གནས་གྱུར་པ། །བྱང་ཤར་སྲིན་མོ་སྐེམ་བྱེད་བཏུལ། །ཕྲ་མེན་མཐུ་རྩལ་མྱོས་བྱེད་མ། །བཛྲ་ཧུ་ལུ་མུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་ཧུ་ལུ་མུ་ཀ༴ ཨ་བྷི་ཥིཉྩ་ཧཱུཾ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །གྲུ་ཆད་བར་འཁྱམས་ཕྱི་རིམ་ལ། །རྣམ་པར་ཐར་བའི་སྒོ་བཞི་རུ། །ཚད་མེད་སྒོ་མ་བཞིས་བསྐོར་བ། །ལྷ་མོ་བྱམས་མ་གནས་གྱུར་བ། །ཤར་སྒོའི་སྲིན་མོ་རྟ་མགོ་བརྟུལ། །བྱམས་ཆེན་རྣལ་འབྱོར་མགོན་མཛད་མའི། །བཛྲ་ཨདྒུ་ཤའི་དབང་མཆོག་བུ་ལ་སྦྱིན། བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛ་ཕཊ། རུ་ལུ་རུ་ལུ་སོགས། ཨ་བྷི༴ ལྷ་མོ་སྙིང་རྗེ་གནས་གྱུར་པ། །སྒོ་མ་སྲིན་མོ་ཕག་མགོ་བཏུལ། །ཐུགས་རྗེས་གཞན་ལ་ཕན་འདོགས་པའི། །བཛྲ་པ་ཤའི་དབང་རྣམས་བུ་ལ་སྦྱིན། །བཛྲ་ཨ་མུ་ཀ་ཧཱུཾ་ཕཊ། རུ་ལུ་རུ་ལུ་སོགས། ཨ་བྷི་ཥིཉྩ་ཧཱུཾ། དགའ་བ་ཆེན་པོ་གནས་གྱུར་པ། །ནུབ་སྒོའི་སྲིན་མོ་དྲེད་མགོ་བཏུལ། །དགའ་བ་རྣལ་འབྱོར་སྟོབས་མཛད་མའི། །བཛྲ་ཨ་ལོ་ཀེའི་དབང་རྣམས་བུ་ལ་སྦྱིན། བཛྲ་ལོ་ཀ་བཾ་ཕཊ། རུ་ལུ་རུ་ལུ་སོགས། ཨ་བྷི་ཥིཉྩ་ཧཱུཾ། བཏང་སྙོམས་ཆེན་མོ་གནས་གྱུར་པས། །བྱང་སྒོའི་སྲིན་མོ་སྤྱང་མགོ་བཏུལ། །བཏང་སྙོམས་ཆེན་པོས་དོན་མཛད་པ། །བཛྲ་བྷསྨི་པ་ལིའི༴ བཛྲ་བྷསྨི་པ་ལ་ཡ་བ་ཏོ་ཧོཿཕཊ། རུ་ལུ་རུ་ལུ་སོགས། ཨ་བྷི་ཥིཉྩ་ཧཱུཾ། དེས་ཕྲ་མེན་མ་བརྒྱད་དང་སྒོ་མ་བཞིའི་དབང་དེ་སོང་ནས། །སྒོ་འཁྱམས་གཉིས་པ་སྤོར་མ་བརྒྱད་གསང་བ་ཡུམ་བཞིའི་དབང་ནི། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །རྣམ་ཐར་སྒོ་བཞིའིི་སྒོ་ཁྱུད་ལ། །སྣམ་བུའི་ཕྱོགས་བཞི་མཚམས་བརྒྱད་དུ། །སྤོར་མ་བརྒྱད་ཀྱིས་བསྐོར་བ་ནི། །ནང་གི་དབང་པོ་གནས་གྱུར་པས། །སྲིན་མོ་འབར་མ་ཉི་ཞགས་བརྟུལ། །མི་ཟད་སྣ་ཚོགས་ཉི་ཟེར་ཞགས། །ཤར་གྱི་སྤོར་མའི་དབང་རྣམས་བུ་ལ་སྦྱིན། །ༀ་བཛྲ་ཨ་པྲ་ཏི་ཏ་ཨརྱ་ནི་ཙ་ཏུ་ར་ཏ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ཨ་ཤ་ར་མི་ཡི་སྟོན་པ་གནས་གྱུར་པས། །སྲིན་མོ་འབར་མ་གཏུམ་མོ་བརྟུལ། །གཏུམ་མོ་སེར་ནག་མདུང་ཐུང་འཕེན། །ལྷོའི་སྤོར་མའི་དབང་རྣམས་བུ་ལ་སྦྱིན། །ༀ་བཛྲ་ཨ་པྲ་ཏི་ཨརྱ་ནི་ཙ་དུར་ར་ཕཊ། ཨ་བྷི༴ ཀུན་ཏུ་བཟང་མོ་གནས་གྱུར་པས། །སྲིན་མོ་འབར་མ་སྒྲ་འབྱིན་བརྟུལ། །རྡོ་རྗེ་མཚོན་ཎ་དྲིལ་འཁྲོལ་མའི། །ནུབ་ཀྱི་སྤོར་མའི་དབང་རྣམས་བུ་ལ་སྦྱིན། །བཛྲ་ཨ་པྲ་ཏི་ཨརྻ་ནི་ཙ་དུར་ཏ་ར་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ལྷ་མིན་སྟོན་པ་གནས་གྱུར་པ། །སྲིན་མོ་འབར་མ་ཐོགས་མེད་བཏུལ། །ཐོགས་མེད་སྔོ་ནག་སྐར་མདའ་གདོང་། །བྱང་གི་འབར་མའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་བཛྲ་ཨ་པྲ་ཏི། །ཨརྻ་ནི་ཙ་དུར་ཏ་ར་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ཡི་དྭགས་ཐུབ་པ་གནས་གྱུར་པས། །འབར་མ་སྲིན་མོ་མེ་གདོང་བཏུལ། །མེ་ཁྱེར་དམར་ནག་གློག་འཕྲེང་འཛིན། །ཤར་ལྷོའི་སྤོར་མོའི་དབང་རྣམས་བུ་ལ་སྦྱིན། །ༀ་བཛྲ་ཨ་པྲ་ཏི་ཨརྻ་ནི་ཙ་དུར་ཏ་ར་ཕཊ། ཨ་བྷི༴ དམྱལ་པའི་སྟོན་པ་གནས་གྱུར་པ། །སྲིན་མོ་འབར་མ་རལ་ཅན་བརྟུལ། །གཤིན་རྗེ་སྔོ་ནག་རལ་གྲི་དགྲ། །ལྷོ་ནུབ་སྤོར་མའི་དབང་རྣམས་བུ་ལ་སྦྱིན། །ༀ་བཛྲ་ཨ་པྲ་ཏི་ཨརྱ་ནི་ཙ་དུར་ཏ་ར་ཕཊ། །ཨ་བྷི་ཥིཉྩ་ཧཱུཾ། ལྷ་ཡི་སྟོན་པ་གནས་གྱུར་པས། །འབར་མ་སྲིན་མོ་གནོད་སྦྱིན་བཏུལ། །གནོད་སྦྱིན་མཐིང་ནག་ཁྱུང་ཐོགས་མ། །ནུབ་བྱང་འབར་མའི་དབང་རྣམས་བུ་ལ་སྦྱིན། །ༀ་བཛྲ་ཨ་པྲ་ཏི་ཨརྱ་ནི་ཙ་དུར་ཏ་ར་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བྱོལ་སོང་སྟོན་པ་གནས་གྱུར་པས། །སྲིན་མོ་གླང་སྣ་འབར་མ་བཏུལ། །འཇིགས་རྟེན་སྨུག་ནག་གློག་ཤ་རྡེབས། །བྱང་ཤར་འབར་མའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་བཛྲ་ཨ་པྲ་ཏི། ཨརྱ་ནི་ཙ་ཏུར་ཏ་ར་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། དཀར་མོ་མིག་གཅིག་རྒྱས་འདེབས་མ། །སེར་མོ་རལ་ཅན་རྨོངས་བྱེད་མ། །དམར་མོ་དབང་བསྡུད་ཟ་བྱེད་མ། ལྗང་མོ་ལས་མཁན་ཚེ་འཕེལ་ལ། །གསལ་བའི་ཡུམ་བཞི་དབང་འདི་བུ་ལ་སྦྱིན། །ༀ་བཛྲ་ཁ་ཁ་མུ་ཁ་ཤ་ར་ཡ་ཡཱ་ན་མ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སེར་མོར་རལ་ཅན་རྨོངས་བྱེད་མ། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མོའི། །ལྷོ་ཕྱོགས་གཡས་ན་འཁྲིལ་བ་ཡི། །སངས་རྒྱས་ཀུན་གྱིས་གཟུགས་མཛད་མ། །གསང་བའི་ཡུམ་འདིའི་དབང་བསྐུར་རོ། །ༀ་ཤྲི་བཛྲ་ར་ག་ས་མ་ཡ་ཡཱ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དམར་མོ་དབང་བསྡུད་ཟ་བྱེད་མ། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མོ། །ནུབ་ཀྱི་ཕྱོགས་ནས་རྒྱབ་ཏུ་འཁྲིལ། སངས་རྒྱས་ཀུན་གྱིས་གཟུགས་མཛད་མ། །གསང་བའི་ཡུམ་འདིས་དབང་བསྐུར་རོ། །ༀ་ཤྲི་བཛྲ་ཁ་ཊཾ་ཀ་པྲ་ཛྭ་ལ་ཡ་ཡཱ་མ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ལྗང་མོ་ལས་མཁན་ཚེ་འཕེལ་མ། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མོ། །བྱང་ཕྱོགས་གཡོན་ནས་འཁྲིལ་བ་ཡི། །སངས་རྒྱས་ཀུན་གྱིས་གཟུགས་མཛད་མ། །གསང་བའི་ཡུམ་འདིས་དབང་བ སྐུར་རོ། །ༀ་ཤྲི་བཛྲ་གྷནྜེ་པྲ་ཛྭ་ལ་ཡ་ཡཱ་ན་མཿ ཨ་བྷི༴ དེས་སྤོར་མོ་བརྒྱད་དང་གསང་ཡུམ་བཞི་དང་བཅུ་གཉིས་ཀྱི་དབང་དེ་སོང་ནས། །སྒོ་འཁྱམས་གསུམ་པའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་ནི། དབང་གི་དཀྱིལ་འཁོར་ཆེན་པོ་འདིར། །ཕྱིར་རིམ་ལྕགས་རི་ནག་པོ་ཡི། །སྒོ་བཞིའི་སྣམ་བུ་ངོས་བཞི་ལ། །དབང་ཕྱུག་ཚོགས་ཀྱི་བསྐོར་བ་ལ། །སྲིན་པོའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་མིང་སྲིང་མོ། ། སྐུ་མདོག་དམར་ནག་ཐོད་རློན་འཆང་། །དེ་ཉིད་ལས་ནི་གནས་གྱུར་པས། །མི་སྲིང་དམར་སེར་ཞིང་ཆེན་ཏྲི་ཤུལ་གཡག །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །མ་ནུ་རཀྵ་སི་ཡི་དབང་མཆོག་ཁྱོད་ལ་སྦྱིན། མ་ནུ་རཀ་ཤ་སཱི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ཚངས་པའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཚངས་མ་སྟེ། །སྐུ་མདོག་དམར་སེར་པདྨ་བསྣམས། །དེ་ཉིད་ལས་ནི་གནས་གྱུར་པས། །ཚངས་པ་དམར་སྐྱ་རྩེ་ལྔ་བྷན་དམར་སྤྲུལ། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །བཛྲ་པྲ་ཧ་མ་ནཱིའི་དབང་མཆོག་བུ་ལ་སྦྱིན། བཛྲ་པྲ་ཧ་མ་ནི་བྷྱོ། ཨ་བྷི༴ ལྷ་ཆེན་ཁྱབ་འཇུག་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་འཁྲུག་མོ་སྟེ། །སྐུ་མདོག་དཀར་མོ་ཏྲིལ་ཤུལ་ལ། །དེ་ཉིད་ལས་ཀྱང་གནས་གྱུར་པ། །ཁྲོ་མོ་དམར་སེར་དབྱུག་ཐོ་སྙིང་འབྱིན་གཟིག །རོལ་པའི་རྫུ་འཕྲུལ་བྱིན་བརླབས་ཀྱིས། །བཛྲ་རོའུ་ཏྲིའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་རོའུ་ཏྲཱི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། རྒྱ་བྱིན་ཆུང་མ་གནས་གྱུར་པས། །དབང་ཕྱུག་མ་ཆེན་དབང་མོ་སྟེ། །སྐུ་མདོག་དཀར་མོ་ཨིནྟྲ་གདེང་། །དེ་ཉིད་ལས་ཀྱང་གནས་གྱུར་པ། །ཨིནྟྲ་དཀར་དམར་བྱི་ཟ་དུང་དམར་སྤྲེ། །ཆེ་བའི་ཡོན་ཏན་བསམ་ཡས་པ། བཛྲ་བེ་སྣ་བེ་ཡེ་དབང་མཆོག་བུ་ལ་སྦྱིན། །བཛྲ་བེ་སྣ་བེ། ཨ་བྷི་ཥིཉྩ་ཧཱུཾ། ཁྱབ་འཇུག་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་འཇུག་སྲེད་མོ། །རྟོག་འདོད་སྔོན་མོ་འཁོར་ལོ་འཆང་། །དེ་ཉིད་ལས་ནི་གནས་གྱུར་པ། །ཁྱབ་འཇུག་སེར་མོ་འཁོར་ལོ་ཕ་ཝ་དྲིལ། །དྲེགས་པའི་མཐུ་སྟོས་བསམ་ཡས་པའི། །བཛྲ་ཀུ་མ་ར་ཡ་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་ཀུ་མ་རི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། གཞོན་ནུ་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་དམར་མོ་སྟེ། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །དེ་ཉིད་ལས་ཀྱང་གནས་གྱུར་པ། །དབང་མོ་དམར་སྐྱ་བམ་དབྱུག་ཁོག་ཆེན་དྲེད། །ཡོན་ཏན་མཐུ་རྩལ་བསམ་ཡས་པ། །བཛྲ་ཨིནྟྲའི་དབང་མཆོག་བུ་ལ་སྦྱིན། །བཛྲ་ཨིནྟྲ་ཡ་མི་བྷྱོ། །ཨ་བྷི༴ ལྷ་མོ་ཁྱོ་མེད་གནས་གྱུར་པ། །དབང་ཕྱུག་ཆེན་མོ་དམར་མོ་སྟེ། །ཞི་བ་དམར་མོ་ཙན་དྷན་འཐུང་། །དེ་ཉིད་ལས་ཀྱང་གནས་གྱུར་པ། །དམར་མོ་རྒྱུ་ཞགས་དམར་མོ་དོམ། །ཡིད་ཀྱི་འདོད་པ་བསམ་ཡས་པའི། །བཛྲ་སིང་ཀ་ལ་ཡི་དབང་རྣམས་བུ་ལ་སྦྱིན། །ༀ་བཛྲ་སིང་ཀ་ལེ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ཉི་མའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་བདུད་རྩི་མོ། །སྐུ་མདོག་དམར་མོ་པདྨ་བསྣམས། །དེ་ཉིད་ལས་ཀྱང་གནས་གྱུར་པ། །བདུད་རྩི་སྔོན་མོ་ཆུ་སྲིན་རིན་ཆེན་བུཾ། །སྨན་གྱི་མཐུ་སྟོབས་བསམ་ཡས་པ། །བཛྲ་ཨ་མྲྀ་ཏའི་དབང་མཆོག་བུ་ལ་བྱིན། བཛྲ་ཨམྲྀ་ཏ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ཟླ་བའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཞི་མ་མོ། །སྐུ་མདོག་དཀར་མོ་པུན་དྷ་རི། །དེ་ཉིད་ལས་ཀྱང་གྱུར་པ་ཡི། །ཞི་བ་སྔོ་སྐྱ་བཾ་རིལ་ཁོག་སྨད་སྡིག །བདུད་རྩི་བྱང་ཆུབ་སེམས་ཀྱི་མཐུས། །བཛྲ་སོའུ་མེའི་དབང་མཆོག་བུ་ལ་སྦྱིན། བཛྲ་སེའུ་མྱག་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། བེ་ཅོན་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་བེ་ཅོན་མོ། །སྐུ་མདོག་སྔོན་མོ་དབྱུག་ཐོ་འཆང་། །དེ་ཉིད་ལས་ཀྱང་གནས་གྱུར་པས། །བེ་ཅོན་ནག་མོ་བཾ་ཆེན་ཐོད་རློན་ཁྲ། །དྲག་ཤུལ་ལྡན་པའི་མཐུ་སྟོབས་ཀྱིས། །དོམ་གྱིས་དབང་མཆོག་བུ་ལ་བྱིན། །བཛྲ་ད་ན་དམ་བྷྱོ། །ཨ་བྷི༴ སྲིན་མོ་ཁྱོ་མེད་གནས་གྱུར་པ། །དབང་ཕྱུག་ཆེན་མོ་སྲིན་མོ་སྟེ། །སྐུ་མདོག་དམར་སེར་ཐོད་ཁྲག་འཐུང་། །དེ་ཉིད་ལས་ཀྱང་གནས་གྱུར་པ། །སྲིན་མོ་དམར་ནག་ཞིང་ཆེན་རྒྱུ་འདྲེན་ཝ། །དྲག་པོའི་མཐུ་སྟོབས་བསམ་ཡས་པའི། །བཛྲ་རཀྵ་སིའི་དབང་རྣམས་བུ་ལ་སྦྱིན། །བཛྲ་རཀྵ་སི་བྷྱོ། ཨ་བྷི་༴ མ་ཧཱ་ཀ་ལའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཟ་བ་མོ། །སྐུ་མདོག་དམར་ནག་བ་སུ་འདྲེན། །དེ་ཉིད་ལས་ཀྱང་གནས་གྱུར་པ། །ཟ་བྱེད་ནག་མོ་བཾ་ཆེན་སྙིང་འབྱིན་སྟག །མཐུ་སྟོབས་གཞན་གྱིས་མི་ཐུབ་པའི། །བཛྲ་བགྴ་སི་ཡི་དབང་མཆོག་བུ་ལ་སྦྱིན། །བཛྲ་བག་ཤ་སི་བྷྱོ། ཨ་བྷི༴ འབྲིང་གི་རི་ཏིའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་དགའ་མོ་སྟེ། །སྐུ་མདོག་དཀར་མོ་དཀར་དར་འཆང་། །དེ་ཉིད་ལས་ཀྱང་གནས་གྱུར་པ། །དགའ་བྱེད་དམར་མོ་ཁོག་ཆེན་བགེགས་རྒྱལ་དགོད། །མཐུ་དང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་མངའ། །བཛྲ་ར་ཏི་ཧ་བྷྱོོ། ཨ་བྷི་ཥིཉྩ་ཧཱུཾ། སྟོབས་བཟང་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཁྲག་འཐུང་མྱོས། །སྐུ་མདོག་དཀར་མོ་གཤོལ་འཆང་མ། །དེ་ཉིད་ལས་ཀྱང་གནས་གྱུར་པ། །ཁྲག་འཐུང་དམར་ནག་རྡོར་དབྱུག་དུང་དམར་རྟ། མཐུ་སྟོབས་རྫུ་འཕྲུལ་བསམ་ཡས་པའི། །བཛྲ་རུ་ཏྲི་ར་མ་ཏྲཾ་གྱི་དབང་རྣམས་བུ་ལ་སྦྱིན། བཛྲ་རུ་ཏྲི་རེ་མ་ཏི་བྷྱོ། ཨ་བྷི་ཥིཉྩ༴ རྣམ་ཐོས་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་གཅིག་པུ་སྤྱོད། །རྡོ་རྗེ་སེར་མོ་སྤུ་གྲི་གཅོད། །དེ་ཉིད་ལས་ཀྱང་གནས་གྱུར་པ། གཅིག་པུ་དཀར་དམར་རྡོ་རྗེ་བྷན་དྷ་ལྡིང་། །འབྱོར་པའི་ལོངས་སྤྱོད་བསམ་མི་ཁྱབ། །བཛྲ་ཨེ་ཀ་ཙ་ར་དབང་རྣམས་བུ་ལ་སྦྱིན། །བཛྲ་ཨེ་ཀ་ཙ་ར་མ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། འདོད་པ་ལྷའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཡིད་འཕྲོག་མ། །སྐུ་མདོག་དམར་མོ་མདའ་གཞུ་ཐོགས། །དེ་ཉིད་ལས་ཀྱང་གནས་གྱུར་པ། །ཡིད་འཕྲོག་དམར་སེར་བཞི་བསྡོམ་བྱི་ཟ་ཁྱི། །འདོད་པའི་ཡོན་ཏན་ཀུན་རྫོགས་པའི། །བཛྲ་མ་ནུ་ཏའི་དབང་རྣམས་བུ་ལ་སྦྱིན། བཛྲ་མ་ནུ་ཧ་རི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ནོར་བསྲུངས་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་གྲུབ་མོར་བྱུང་། །སྐུ་མདོག་དཀར་མོ་བུམ་པ་འཛིན། །དེ་ཉིད་ལས་ཀྱང་སྐུར་གྱུར་པ། །གྲུབ་མོ་དཀར་དམར་པདྨ་བྱི་ཟ་ཤུད། ལྷག་པར་ནོར་གྱིས་ལོངས་སྤྱོད་ཆེ། །བཛྲ་སི་ཏི་ཀཾ་གྱི་དབང་རྫོགས་བུ་ལ་སྦྱིན། བཛྲ་སི་ཏི་ཀཾ་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། རླུང་ལྷའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་རླུང་མོར་བྱུང་། །སྐུ་མདོག་སྔོ་ནག་བ་དན་འཕྱར། །དེ་ཉིད་ལས་ཀྱང་སྐུ་སྤྲུལ་པས། །རླུང་མོ་དམར་སྐྱ་རོ་ཟ་ཤ་པོ་མགོ །འགྱོགས་བྱེད་ཤུག་འཆང་དངོས་གྲུབ་ཅན། །བཛྲ་བ་ཡ་བེ་ཡི་དབང་རྫོགས་བུ་ལ་སྦྱིན། བཛྲ་བ་ཡ་བེ་བྷྱོ། ཨ་བྷི་ཥིཉྩ། །འཇིག་རྟེན་སྐྱོང་བའི་ཁྱོ་མེད་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཁྱོད་མེད་མ། སྐུ་མདོག་དམར་ནག་རལ་གྲིས་གཅོད། །དེ་ཉིད་ལས་ཀྱང་གནས་གྱུར་པ། །གསོད་བྱེད་ལྗང་ནག་བཾ་ཆེན་རྔ་ཆུང་སྤྱང་། །བསྒྲོལ་བྱེད་མཐུ་སྟོབས་བསམ་ཡས་པའི། །བཛྲ་མ་ཧཱ་ར་མ་ནིའི་དབང་ཆེན་བུ་ལ་སྦྱིན། །བཛྲ་མ་ཧཱ་མ་ར་བྷྱོ། ཨ་བྷི༴ ཨགྣེ་མེ་ལྷའི་ཆུང་མ་གནས་གྱུར་པ། །སྐུ་མདོག་དམར་མོ་གསལ་ཤིང་འཛིན། །དབང་ཕྱུག་ཆེན་མོ་མེ་མོར་བྱུང་། །དེ་ཉིད་ལས་ཀྱང་སྐུར་སྤྲུལ་པ། །མི་མོ་ལྗང་དམར་རྒྱུ་འདྲེན་སྐྱིན། །རྣམ་རྟོག་བག་ཆགས་འཇིག་རྟེན་ཀུན་བསྲེག་བས། །བཛྲ་ཨག་ནེ་མའི་དབང་རྫོགས་བུ་ལ་སྦྱིན། །བཛྲ་ཨག་ནེ་ཡེ་བྷྱོ། །ཨ་བྷི་ཥིཉྩ༴ ས་བདག་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཕག་མོར་སྤྲུལ། །སྐུ་མདོག་དམར་ནག་མཆེ་བ་བསྣམས། །དེ་ཉིད་ལས་ཀྱང་སྐུར་སྤྲུལ་པ། །ལྗང་སེར་བྱི་ཟ་གྲི་ཐོགས་ཕག །འཇིག་རྟེན་ཁམས་ཀྱི་དཔལ་གཅིག་མ། །བཛྲ་ད་རའི་དབང་རྫོགས་བུ་ལ་སྦྱིན། །བཛྲ་ད་རེ་བྷྱོ། ཨ་བྷི་ཥིཉྩ༴ གཤིན་རྗེའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་རྒན་བྱེད་མ། །རྒན་བྱེད་དམར་སྨུག་བྱི་རོའི་རྒྱུ་མ་ཟ། །དེ་ལས་འཇིགས་པའི་སྐུ་སྤྲུལ་པ། །འབར་མ་ལྗང་སྔོན་རྒྱུ་འདྲེན་ཁྲག་འཐོར་ཁྲ། །མ་མོའི་མཐུ་དབང་ཀུན་རྫོགས་པའི། །བཛྲ་ཙ་མུན་ཌིའི་དབང་མཆོག་བུ་ལ་སྦྱིན། བཛྲ་ཙ་མུན་ཌི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། བཱི་ན་ཡ་ཀའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་མ་མོ་སྣ་ཆེན་མོ། །སྐུ་མདོག་དམར་ནག་ཐོད་ཁྲག་འཐུང་། །དེ་ཉིད་འཇིགས་པའི་སྐུར་སྤྲུལ་པ། །སྣ་ཆེན་ལྗང་དམར་བཾ་ཆེན་ལོངས་སྤྱོད་གླང་། །བགེགས་ཆེན་ཀུན་འདུལ་མཐུ་སྟོབས་ཀྱིས། །བཛྲ་སུ་ཏ་ནའི་དབང་མཆོག་བུ་ལ་སྦྱིན། །བཛྲ་སུ་ཏ་ནཾ་བྷྱོ། ཨ་བྷི་ཥིཉྩ༴ ཆུ་ལྷའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཆུ་ལྷ་མོ། །སྐུ་མདོག་དཀར་སྔོ་སྤྲུལ་ཞགས་འཛིན། །དེ་ལས་འཇིགས་པའི་སྐུར་སྤྲུལ་པ། །ཀླུ་མོ་ལྗང་ནག་བདུད་རྩི་དུང་དམར་སྦྲུལ། །རིན་ཆེན་གཏེར་གྱི་ལོངས་སྦྱོད་བསམ་ཡས་པའི། །བཛྲ་བ་རུ་ཎ་ཡི་དབང་མཆོག་བུ་ལ་སྦྱིན། བཛྲ་བ་རུ་ཎི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ནག་པོ་ཆེན་པོའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ནག་མོ་སྟེ། །སྐུ་མདོག་ནག་མོ་ཨཾ་གྷུ་ཤ །འཇིགས་བྱེད་འབར་བའི་སྐུ་སྤྲུལ་པས། །ནག་མ་ོལྕགས་ཀྱུ་ཁུ་བྱུག་པུ་ཏྲ་མགོ། །ཐམས་ཅད་འཛིན་བྱེད་མཐུ་ཀུན་རྫོགས་པ་ཡི། །བཛྲ་མ་ཧཱ་ཀ་ལའི་དབང་མཆོག་བུ་ལ་སྦྱིན། །བཛྲ་མ་ཧཱ་ཀ་ལི་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ར་གདོང་ཁྱོ་མེད་གནས་གྱུར་བ། །དབང་ཕྱུག་ཆེན་མོ་ར་མགོ་མ། སྐུ་མདོག་དམར་སེར་ཞགས་པ་བསྣམས་། །འཇིགས་བྱེད་འབར་བའི་སྐུར་སྦྲུལ་པ། །ར་གདོང་སྔོན་མོ་རྒྱུ་ཞགས་འདྲེན་པའི་ར། །འཁོར་བ་མི་གཏོང་འཆི་བདག་དབང་མོ་ཆེ། བཛྲ་ཙཀྲའི་དབང་མཆོག་བུ་ལ་སྦྱིན། བཛྲ་ཙཀྲ་ལ་བྷྱོ། ཨ་བྷི༴ བུམ་སྣའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་བུམ་སྣ་སྔོ་ནག་མ། །སྐུ་མདོག་སྔོ་ནག་ལྕགས་སྒྲོགས་སྡོམ། །འཇིགས་བྱེད་འབར་བའི་སྐུ་སྤྲུལ་པ། །བེ་ཅོན་ལྕགས་སྒྲོགས་ཀུན་འཇོམས་སེང་། །དགྲ་བགེགས་བདུད་སྲིན་དབང་མོ་ཆེ། །བཛྲ་བུཾ་པ་ཀ་ལའི་དབང་ཆེན་བུ་ལ་སྦྱིན། །བཛྲ་གུམ་བྷ་ཀརྞ་བྷྱོ། ཨ་བྷི༴ གསུས་པོ་ཆེའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་གསུས་འཛིན་ཆེན་མོར་བྱུང་། །སྐུ་མདོག་ལྗང་ནག་དྲིལ་བུ་འཁྲོལ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པ། །གསུས་འཛིན་ལྗང་དམར་དྲིལ་ཆེན་དུང་དམར་སྐྱོག །ང་རྒྱལ་དྲེགས་པའི་ཞིང་བཅུ་གནས་སྤོར་བ། །བཛྲ་ལམྦྷོ་དྷ་རའི་དབང་ཆེན་བུ་ལ་སྦྱིན། །བཛྲ་ལམྦྷོ་པོ་དྷ་ར་བྷྱོ། ཨ་བྷི༴ དེས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་མགོ་བརྙན་མེད་པ་དང་། མགོ་བརྙན་ཡོད་པ་གཉིས་གཉིས་ཏེ་ལྔ་བཅུ་རྩ་དྲུག་གི་དབང་དེས་སོང་ནས། འཁྱམས་བཞི་པ་ལ་མཁའ་འགྲོ་མ་སུམ་བཅུ་སོ་གཉིས་ཀྱི་དབང་ནི། དབང་གི་དཀྱིལ་འཁོར་ཆེན་པོ་འདིར། །ཕྱི་རིམ་ལྷག་མའི་དཀྱིལ་འཁོར་དུ། །ཕྱོགས་བཞི་མཚམས་བརྒྱད་སྒོ་བཞི་རུ། །མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ནི། །རྡོ་རྗེ་སེམས་དཔའ་གནས་གྱུར་པ། །མཁའ་འགྲོ་དག་བྱེད་རྡོ་རྗེ་བསྣམས། །མཁའ་འགྲོ་རྡོ་རྗེ་རིགས་དབང་ཕྱུག །མ་ཧཱ་བཛྲ་ད་རའི་དབང་རྣམས་བུ་ལ་སྦྱིན། མ་ཧཱ་བཛྲ་ད་ར། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་རྒྱལ་པོ་གནས་གྱུར་པ། །འདྲེན་བྱེད་དཀར་སྐྱ་ལྕགས་ཀྱུ་མ། མཁའ་འགྲོ་འཛིན་བྱེད་ཆེན་མོ་སྟེ། ། ཀྲོ་ཏིཤྭ་རིའི་དབང་རྣམས་བུ་ལ་སྦྱིན། །ཀྲོ་ཏི་ཤྭ་རི་ཧཱུཾ། ཨ༴ རྡོ་རྗེ་ཆགས་པ་གནས་གྱུར་པ། །གསོད་བྱེད་ཐབས་ཀྱི་མདའ་འགེངས་མ། །མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྗོགས། །བཛྲ་མ་ཧཱ་མ་ཏི་དབང་རྣམས་བུ་ལ་སྦྱིན། བཛྲ་མ་ཧཱ་ཧེ་ལ་བ་ཏི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ལེགས་པ་གནས་གྱུར་པ། །སྤོར་བྱེད་དཀར་སྐྱ་སྤུ་གྲི་ཐོགས། །མཁའ་འགྲོ་ཉོན་མོངས་གཅོད་མཛད་མ། །བཛྲ་ཀུ་མ་རི་ཡི་དབང་རྣམས་བུ་ལ་སྦྱིན། བཛྲ་ཀུ་མཱ་ར་པྲ་ཡེ་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་རིན་ཆེན་གནས་གྱུར་པ། །འབར་བྱེད་མཐིང་ནག་རིན་ཆེན་འབར། །མཁའ་འགྲོ་དགོས་འདོད་བསྐོངས་བ་ཡི། །མ་ཧཱ་བཛྲ་མ་ཏིའི་དབང་རྣམས་བུ་ལ་སྦྱིན། མ་ཧཱ་བཛྲ་མ་ཏི་ཧཱུཾ། ཨ་བྷི་ཥིཉྩ༴ རྡོ་རྗེ་ཉི་མ་གནས་གྱུར་པ། །མཁའ་འགྲོ་གཟི་བརྗིད་འོད་ཐོགས་མ། །རྣམ་རྟོག་མུན་སེལ་མཐུ་དབང་རྫོགས། །བཛྲ་ཏྲི་ཤྲཱི་སྨ་རའི་དབང་རྣམས་བུ་ལ་སྦྱིན། བཛྲ་ཏྲི་ཤྲཱི་སྨ་ར་ཡ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་རྒྱལ་མཚན་གནས་གྱུར་པ། །ཁྲོ་གཉེར་མཐིང་ནག་ཞིང་དར་འཕྱར། །བདུད་བཞི་རྒྱལ་བྱེད་དབང་ལྡན་པ་མ། བཛྲ་ཙཀ་ནའི་དབང་རྣམས་བུ་ལ་སྦྱིན། བཛྲ་ཙཀ་ནེ་ན་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གཞད་པ་གནས་གྱུར་པ། །འཇོམས་བྱེད་ཞིང་གི་ཁ་གདངས་མ། །དུར་ཁྲོད་བགེགས་འཇོམས་ཟ་བྱེད་མའི། །མ་ཧཱ་བཛྲ་ཀྲོ་ཏིའི་དབང་རྣམས་བུ་ལ་སྦྱིན། མ་ཧཱ་བཛྲ་ཀྲོ་ཏི་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཆོས་རབ་གནས་གྱུར་པས། །ཆགས་བྱེད་དམར་ནག་པདྨ་བསྣམས། །ཉེས་པའི་སྐྱོན་བྲལ་ལེགས་པའི་དབང་རྫོགས་པ། །མ་ཧཱ་ཨ་མྲྀ་ཏོད་པ་ཏིའི་དབང་རྣམས་བུ་ལ་སྤྱིན། མ་ཧཱ་ཨ་མྲྀ་ཏོཏྤ་ཏི་ཧཱུྃ། ཨ་བྷི༴ རྡོ་རྗེ་རྣོན་པོ་གནས་གྱུར་པ། །ཆགས་བྲལ་དམར་ནག་གྲི་ཐོགས་མ། །མཁའ་འགྲོ་བསྒྲོལ་བྱེད་མཐུ་དབང་རྫོགས། །མ་ཧཱ་སོའུ་མའི་དབང་རྣམས་བུ་ལ་སྦྱིན། མ་ཧཱ་སོའུ་མ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་འཁོར་ལོ་གནས་གྱུར་མ། །འཁོར་ལོ་དམར་སེར་འཁོར་ལོ་འཕེན། །མཁའ་འགྲོ་གཅོད་བྱེད་མཐུ་དབང་རྗོགས། མ་ཧཱ་བཛྲ་ཙན་ཏིའི་དབང་རྣམས་བུ་ལ་སྦྱིན། མ་ཧཱ་བཛྲ་ཙན་ཏི་ཧཱུཾ། །ཨ་བྷི༴ རྡོ་རྗེ་སྨྲ་བ་གནས་གྱུར་པ། །རྒྱས་འདེབས་དམར་ནག་ལྕེ་འབེབས་མ། ཐོགས་མེད་ལྕགས་ཀྱི་དབང་བསྐུར་མ། །མ་ཧཱ་ར་མ་ནིའི་དབང་རྣམས་བུ་ལ་སྦྱིན། མ་ཧཱ་ར་མ་ནི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་འཕྲིན་ལས་གནས་གྱུར་པ། །སྣ་ཚོགས་ལུས་ཅན་རྒྱ་གྲམ་ཐོགས། །མཁའ་འགྲོ་འཕྲིན་ལས་རྫོགས་པའི་དབང་། །མ་ཧཱ་སྨྲྀ་ཏི་ཀ་པ་ལ་ཧསྟི་ཏ་ཀའི་དབང་རྣམས་བུ༴ མ་ཧཱ་སྨྲྀ་ཏི་ཀ་པ་ལ་ཧས་ཏི་ཀ་པ་ལ་ཧསྟི་ཏ་ཀི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་བསྲུངས་བ་གནས་གྱུར་པ། །བསྲུང་བ་ལྗང་མོ་གོ་ཆ་ཐོགས། །འཇིགས་ཀུན་བསྲུངས་བ་མཁའ་འགྲོ་མ། །བཛྲ་སུ་མའི་དབང་རྣམས་བུ་ལ་སྦྱིན། །བཛྲ་སུ་མ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གནོད་སྦྱིན་གནས་གྱུར་པ། །གནོད་སྦྱིན་ལྗང་མོ་མཆེ་བ་འབྱིན། །དམ་ཉམས་བསོད་པའི་མཁའ་འགྲོ་མ། །མྲི་ཏ་སུ་ཏ་དཎྜ་རི་ཡི་དབང་མཆོག༴ །མྲི་ཏ་སུ་ཏ་དཎྜ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཁུ་ཚུར་གནས་གྱུར་པ། །ཡང་དག་འཕྲོག་ལྗང་མུ་ཏིག་འཕྱར། །བརྡུལ་དུ་རློག་བྱེད་མཁའ་འགྲོ་མ ། །བཛྲ་བི་ལ་ཀའི་དབང་རྣམས་བུ་ལ་སྦྱིན། བཛྲ་བི་ལ་ཀ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། །དཔའ་བར་འགྲོ་བ་གནས་གྱུར་པ། །བྱ་རོག་གདོང་ལ་མིག་འབྱིན་མ། །ལག་ན་གྲི་དང་མཁར་གཞོང་ཐོགས། །རྣམ་ཤེས་འཇོམས་པ་མཁའ་འགྲོའི་དབང་། །བི་བྷ་རི་རམ་གྱི་དབང་རྣམས་བུ་ལ་སྦྱིན། །བི་བྷ་རི་རམ་ཧཱུཾ། ཨ་བྷི༴ ཀུན་བཟང་སེམས་དཔའ་གནས་གྱུར་པས། །འཇིགས་བྱེད་དཀར་སྔོ་མཆེ་གཙིགས་མ། །རད་ན་དུང་དམར་འཇོམས་དབང་རྫོགས། །ཤ་ནི་ཤ྄ཀའི་དབང་རྣམས་བུ་ལ་སྦྱིན། ཤ་ནི་ཤ྄ཀ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཟླ་འོད་གཞོན་ནུ་གནས་གྱུར་པ། །གཞད་མགོ་དཀར་སྔོ་སྙིང་འབྱིན་མ། །ཐམས་ཅད་སྒྲོལ་བ་མཁའ་འགྲོའི་དབང་། །ཤ་ནི་ཏ་ཀའི་དབང་རྣམས་བུ་ལ་སྦྱིན། ཤ་ནི་ཏ་ཀི་ཧཱུཾ། ༀ་བྷི་ཥིཉྩ་ཧཱུཾ། བཟང་སྐྱོང་སེམས་དཔའ་གནས་གྱུར་པ། །འུག་གདོང་དཀར་སྔོ་ཀེང་རུས་འཕྱར། །ལས་བྱེད་ལྷག་བསྡུད་གཞི་དབང་ཀུན། པི་ཏ་ཀའི་དབང་རྣམས་བུ་ལ་སྦྱིན། །པི་ཏ་ཀ་ཧཱུཾ། ཨ་བྷི་ཥིཉྩ༴ དྲ་འོད་སེམས་དཔའ་གནས་གྱུར་པས། །ཁྱི་མགོ་མཐིང་ནག་ཀེང་རུས་འཆའ། །དུར་ཁྲོད་འཇོམས་པའི་མཐུ་ལྡན་པས། །བཛྲ་ཨ་ན་ཡའི་དབང་རྣམས་བུ་ལ་སྦྱིན། བཛྲ་ཨ་ཡ་ཧཱུཾ། །ཨ་བྷི༴ རྡོ་རྗེ་སྙིང་པོ་གནས་གྱུར་པ། །མཐིང་ནག་མཾ་ས་ཕག་གི་མགོ །གཙང་རྨེ་མེད་པར་ཟ་བྱེད་མའི། །པེ་ཀ་ནི་ཡི་དབང་རྣམས་བུ་ལ་སྦྱིན། པེ་ཀཱེ་ནི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ནམ་མཁའི་མཛོད་སེམས་གནས་གྱུར་པ། །སྔོ་ནག་བློ་འདྲེན་རྔ་མོང་མགོ །ཡི་དྭགས་འདོད་འཇོམས་མཁའ་འགྲོ་མ ། །ཛ་དུ་ལ་ཡི་དབང་རྣམས་བུ་ལ་སྦྱིན། ཛ་དུ་ལ་ཡ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འོད་དཔག་མེད་པ་གནས་གྱུར་པ། །ཐོན་དབྱུག་དགྲ་སྟ་བོང་བུའི་མགོ །དབང་བྱེད་འཇོམས་པའི་མཁའ་འགྲོ་མ། །ཏ་ཀི་བི་ཀ་ཏེའི་དབང་རྣམས་བུ་ལ་སྦྱིན། ཏ་ཀི་བི་ཀ་ཏེ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མྱ་ངན་ཀུན་འཇོམས་གནས་གྱུར་པ། །དམར་ནག་སྤུ་གྲི་རའི་མགོ །དགྲ་བགེགས་འཇོམས་གཅོད་མཁའ་འགྲོ་མ། །བཛྲ་ཏ་ར་ཤི་ཡི་དབང་རྣམས་བུ་ལ་སྦྱིན། །བཛྲ་ཏ་ར་ཤི་ཏ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྒྱལ་བའི་ཡེ་ཤེས་གནས་གྱུར་པ། །དམར་ནག་རུས་འཆའ་བྱི་ལའི་མགོ །མ་ལུས་སྒྲོལ་བྱེདམཁའ་འགྲོ་མ། །ཀ་ལི་པྲ་བེ་ཤའི་དབང་རྣམས་བུ་ལ་སྦྱིན། །ཀ་ལི་པྲ་བེ་ཤ་ཧཱུཾ། ཨ་བྷི༴ བློ་གྲོས་མི་ཟད་གནས་གྱུར་པ། །དམར་ལྗང་ཀེང་རུས་དཀར་པོ་འཛིན། །ཞེ་སྡང་འཇོམས་པའི་མཁའ་འགྲོ་མ། །ཨུས་ཏིང་མ་སའི་དབང་རྣམས་བུ་ལ་སྦྱིན། །ཨུས་ཏིང་མ་ས་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྤོབས་པ་རྩེགས་པ་གནས་གྱུར་པ། །དམར་སེར་རུས་ཕྲེང་ལྕེ་སྤྱང་གདོང་། །དངོས་པོ་ཀུན་འཇོམས་མཁའ་འགྲོ་མ། །ཀ་རན་ཛ་ཡི་དབང་རྣམས་བུ་ལ་སྦྱིན། །ཀ་རན་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བྱམས་པ་སེམས་དཔའི་གནས་གྱུར་པ། །མཁའ་འགྲོ་སྲིན་མོ་བུམ་སྣ་མ། །རྡོ་རྗེ་ལྕག་ཀྱུ་ཀ་ཏ་རི། སརྦ་ཨ་ཏ་རའི་དབང་རྣམས་བུ་ལ་སྦྱིན། སརྦ་ཨ་ཏ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྤོས་ཀྱི་གླང་པོ་གནས་གྱུར་པ། །མཁའ་འགྲོ་གཤིན་རྗེ་རྣམ་འཇོམས་པ། །ཞགས་པ་ནྲི་ཐོགས་འཛིན་ཞིང་སྒྲོལ། །ས་ལ་ཏ་ཀའི་དབང་རྣམས་བུ་ལ་སྦྱིན། །ས་ལ་ཏ་ཀི་ཧཱུཾ། །ༀ་བྷི་ཥིཉྩ༴ ངན་སོང་ཀུན་འདྲེན་གནས་གྱུར་བ། །མཁའ་འགྲོ་འདབ་ཤ་འགྲི་བ་སྟེ། །ལྕགས་སྒྲོགས་སྤུ་གྲི་ཟ་བྱེད་མ། །བཛྲ་བྷནྡྷ་ཨའི་དབང་རྣམས་བུ་ལ་སྤྱིན། །བཛྲ་སརྦ་བྷནྡྷ་ཨ་ཧཱུཾ། །ཨ་བྷི༴ དོན་གྲུབ་སེམས་དཔའི་གནས་གྱུར་པ། །མཁའ་འགྲོ་ཆེན་མོ་འབོད་གྲོགས་མ། །དྲིལ་བུ་དགྲ་སྟ་སྤོར་ཞིང་སྒྲོ། །བཛྲ་ས་བྷ་ན་ཨ་ཀིའི་དབང་རྣམས་བུ་ལ་སྦྱིན། བཛྲ་ས་བྷན་ཨ་ཀི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དེས་མཁའ་འགྲོ་སུམ་བཅུ་རྩ་གཉིས་ཀྱི་དབང་དེ་སོང་ནས། འཁྱམས་སྒོ་ལྔ་པ་མ་བདུན་སྲིང་བཞིའི་དབང་བསྐུར་བ་ནི། རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས། །དཔལ་ལྡན་ཤུག་སྒྲོལ་གཙོ་མོ་སྟེ། །རི་རབ་སྙིལ་བའི་མཐུ་མོ་ཆེ། །རྡོ་རྗེ་ཧཱུཾ་གྲགས་དབང་འདི་བུ་ལ་སྦྱིན། །མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ནམ་མཁའ་སྟོང་པའི་དཀྱིལ་འཁོར་ནས། །ཐམས་ཅད་ཀུན་ལ་ཁྱབ་མཛད་ཅིང་། །མ་ལུས་ཡོངས་སུ་དབང་བསྒྱུར་མ། །ཀུན་ཏུ་བཟང་མོའི་དབང་ནི་བུ་ལ་སྦྱིན། །མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འཇའ་ཚོན་འབར་བའི་དཀྱིལ་འཁོར་ནས། །མཛེས་པའི་ཚུལ་གྱི་འོད་འཕྲོ་ཞིང་། །མ་རིག་མུན་པ་སེལ་མཛད་པ། རྡོ་རྗེ་ཀུན་གྲགས་དབང་འདི་བུ་ལ་སྦྱིན། །མ་མ་ད་དུ་ཀྲོ་ཏི་ཤྭ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས། །ཕོ་ཉ་མ་སྟེ་དྲུག་བཅུའི་གཙོ། །ཤ་ཆེན་ཁྲག་ལ་ལོངས་སྤྱོད་པའི། །རྡོ་རྗེ་ཡེ་ཤེས་མཆོག་གི་དབང་འདི་བུ་ལ་སྦྱིན། །མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས། །རྡོ་རྗེ་དྲྭ་བའི་ཕྲེང་ཐོག་ཤིང་། །འཕྲིན་ལས་འབྱུང་པོ་ཀུན་འདུལ་བ། །རྡོ་རྗེ་འདོད་ཆགས་དབང་འདི་བུ་ལ་སྦྱིན། །མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །ཞགས་པ་སྟོང་གི་གདེང་ལྡན་ཞིང་། །བྱང་ཕྱོགས་རང་གི་འཁོར་འདུལ་བ། །རྡོ་རྗེ་འོད་འཕྲོ་དབང་འདི་བུ་ལ་སྦྱིན། །མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །དམ་ཚིག་ཉམས་རྣམས་གསོལ་བྱེད་ཅིང་། །བཀའ་ལས་འགལ་བའི་སྙིང་འཕྲོག་མ། རྡོ་རྗེ་གཡུ་སྒྲོན་དབང་འདི་བུ་ལ་སྦྱིན། །མ་མ་ད་དུ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གླིང་བཞི་འགྱོགས་མ་ལྷའི་སྲིང་། །སྐུ་ལ་བྱ་རྒོད་ཐུལ་གསོལ་པ། །ཐུགས་དམ་རྣམས་འབྱོར་གྲོགས་ལ་བརྩོན། །ལྷ་ཡི་སྲིང་མོའི་དབང་འདི་བུ་ལ་སྦྱིན། །བཛྲ་དུན་ཏིང་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །སྐུ་ལ་སྟག་གི་ཐུལ་བ་གསོལ། །ཐུགས་དམ་རྣམས་འབྱོར་གྲོགས་ལ་བརྩོན། ། སྲིང་མོ་འདིའི་དབང་རྣམས་བུ་ལ་སྦྱིན། བཛྲ་དུན་ཏིང་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། དམར་མོ་གཡག་ཐོད་ཀླུའི་སྲིང་། །སྐུ་ལ་ཆུ་སྲིན་ལྤགས་པ་གསོལ། །ཐམས་ཅད་རྣམས་འབྱོར་གྲོགས་ལ་བརྩོན། །སྲིང་མོ་འདིའི་དབང་ཡང་བུ་ལ་སྦྱིན། །བཛྲ་དུན་ཏིང་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །དམ་ཚིག་ཅན་ལ་རྩེ་དགའ་བའི། །སྲིང་མོ་འདིའི་དབང་ཡང་བུ་ལ་སྦྱིན། །བཛྲ་དུན་ཏིང་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། དེས་མ་བདུན་སྲིང་བཞིའི་དབང་དེ་སོང་ནས། །འཁྱམས་དྲུག་པ་གིང་བཅྭ་བརྒྱད་ཀྱི་དབང་ནི། དཔའ་བོ་ཆེན་པོ་ལས་རྣམས་ཀུན་བྱེད་པ། །མཐིང་ནག་རལ་གྲི་བྷན་དྷ་བསྣམས། །གང་ལ་དམིགས་པ་བསྒྲོལ་བྱེད་པའི། །རྡོ་རྗེ་གིང་གི་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། ཁྲོ་མོ་ཆེན་མོ་ཁམས་གསུམ་དབང་བསྡུད་མ། །སྔོ་ནག་ཐོད་ཁྲག་འཇམ་དཔལ་ཐོགས། །བསྒྲོལ་བའི་ལས་ལ་འབའ་ཞིག་དགྱེས། །རྡོ་རྗེ་གིང་མོའི་དབང་ཡང་བསྐུར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཀ་ཏར་བཛྲ་གིང་ག་ར། །དམར་ནག་བྷནྷ་རྡོ་རྗེ་ཀ་ཏར་བསྣམས་། །མ་ཐོགས་མྱུར་དུ་བསྒྲོལ་བའི་འཕྲིན་ལས་མཛོད། །རྡོ་རྗེ་གིང་འདིའི་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ཧཱུཾ། ༀ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ཆེན་གནོད་སྦྱིན་ནི། །ལྗང་ནག་ཕྱག་གཉིས་སྡིག་མཛུབ་འཕྱར། །དམ་ཚིག་ཉམས་རྣམས་བསྒྲོལ་བྱེད་པའི། །རྡོ་རྗེ་གིང་འདིའི་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ཆེན་སྤྱང་གི་ནི། །དམར་ནག་སྤྱང་མགོ་སྤུ་གྲི་ཐོགས། །གསོད་པའི་ལས་ལ་ཤིན་ཏུ་དགྱེས། །རྡོ་རྗེ་གིང་འདི་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ཆེན་གཤིན་རྗེ་ནི། །མཐིང་ནག་བེ་ཅོན་དགྲ་སྟ་བསྣམས། །མ་ལུས་བསྒྲོལ་བའི་གིང་ཆེན་ཏེ། །རྡོ་རྗེ་གིང་འདིའི་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ཆེན་རོལ་པ་ནི། །དམར་ནག་བྷནྡ་ཕལ་ཚབ་བསྣམས། །དགྲ་བགེགས་མ་ལུས་ཉམ་ཐག་གཅོད། །རྡོ་རྗེ་གིང་འདིའི་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ཆེན་འཆི་བདག་ནི། །ལྗང་སེར་རྡོ་རྗེ་གསོར་ཞིང་རྡེག། །དྲག་ཤུལ་བསྒྲོལ་པའི་མཐུ་སྟོབས་ཅན། །རྡོ་རྗེ་གིང་འདིའི་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ཆེན་དུས་མཚམས་ནི། །ལྗང་ནག་ཤག་ཏིང་བྷནྡྷ་བསྣམས། །དགྲ་དང་འབྱུང་པོ་ཀུན་འཇོམས་པའི། །རྡོ་རྗེ་གིང་འདིའི་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ན་ཤྭ་ར་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ཆེན་རོ་ལངས་ནི། །སེར་ནག་ཞིང་གི་དབྱུག་པ་འཕྱར། །གང་ལ་དམིགས་པ་ཡུད་ཀྱི་འཇོམས། །རྡོ་རྗེ་གིང་འདིའི་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ཆེན་འཇོམས་པ་ནི། །སྨུག་ནག་རྡོ་རྗེ་ཐོད་བ་ཐོགས། །བགེགས་ཀྱི་དཔུང་རྣམས་ཡུད་ཀྱི་འཇོམས། །རྡོ་རྗེ་གིང་ཆེན་འདིའི་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ལྕགས་དབང་བསྡུད་ནི། །ལྗང་ནག་རྡོ་རྗེ་ལྕགས་ཀྱུ་འདྲེན། །གང་ལ་དམིགས་པ་ཡུད་ཀྱིས་བསྒྲོལ། །རྡོ་རྗེ་གིང་ཆེན་དབང་ཡང་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། ཨ་བྷི༴ རྡོ་རྗེ་གིང་ལྕམ་དབང་བསྒྱུར་མ། །ཁམས་གསུམ་ཞིང་གི་གཡབ་མོ་འདེབས་། །མཐུ་དང་རྫུའཕྲུལ་བསམ་མི་ཁྱབ། རྡོ་རྗེ་གིང་ལྕགས་དབང་འདི་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ལྕགས་འཕྲུལ་མོ་ཆེ། །གཟུགས་མེད་རླུང་ལྟར་རྒྱུ་བྱེད་ཅིང་། །གང་མ་དམིགས་པ་ཡིད་ཀྱིས་འགྲུབ། །རྡོ་རྗེ་གིང་མོ་དབང་འདི་བསྐུར་བར་བྱའོ། །ༀ་ཀ་ཏ་རི་ཤ་ཤྭ་ར་ཧཱུཾ། ༀ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ལྕགས་གློག་འགྱུ་མ། རྫུ་འཕྲུ ལ་གར་གྱི་གློག་ལྟར་འགྱུ། །ཅིར་ཡང་བསྒྱུར་བའི་མཐུ་མོ་ཆེ། །རྡོ་རྗེ་གིང་མོའི་དབང་འདི་བསྐུར་བར་བྱའོ། །ༀ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ལྕགས་མཐུ་མོ་ཆེ། །ལྗང་ནག་ལྕགས་ཀྱི་ཐོ་བ་ཐོགས། །རྦོད་སྟོང་བཅོལ་བ་ལེན་པར་བྱེད། །རྡོ་རྗེ་གིང་མོ་དབང་འདི་བསྐུར་བར་བྱའོ། །ༀ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ལྕགས་རྩལ་མོ་ཆེ། །མཐིང་ནག་རྡོ་རྗེ་དགྲ་སྟ་ཐོགས། །འཕྲིན་ལས་རྣ་ཉན་འཕྲ་མ་ཟེར། །རྡོ་རྗེ་གིང་མོའི་དབང་འདི་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ལྕམ་སྒྲོལ་བྱེད་མ། །སྨུག་ནག་བྷན་དྷ་གྲི་ཐོགས་མ། །འཕྲིན་ལས་སྲིད་གསུམ་བསྒྲོལ་བྱེད་བའི། །རྡོ་རྗེ་གིང་མོ་དབང་འདི་བསྐུར་བར་བྱའོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧུཾ། དེས་གིང་ཆེན་བཅོ་བརྒྱད་ཀྱི་དབང་དེ་སོང་ནས། །སྒོ་འཁྱམས་བདུན་པ་ལ་སྟེ་འོག་གི་ཁྲོ་བོ་ཁྲོ་མོ་དྲུག་བཅུས་དབང་བསྐུར་བ་ནི། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི །གྲི་གདོན་མང་པོ་གདུལ་བའི་ཕྱིར། །སྐུ་ཡི་ཁ་དོག་མཐིང་ནག་ལས། །ཁྲོ་བོ་ཁྲོ་མོ་དྲུག་བཅུ་སྤྲུལ། །རྣམ་རྒྱལ་མདོག་དཀར་རྡོ་རྗེ་ཐོ་བ་ཐོགས། །སྙེམས་མས་གཙོ་འཁྱུད་ཐོད་ཁྲག་གཙོ་ལ་སྟོབས། །མཐུ་བརྩལ་ཆེ་ལྡན་དྲི་ཟའི་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོས་དབང་མཆོག་ཐོབ་པར་ཤོག །ༀ་ཀྲོ་ཏ་ཀྲོ་ཏི་ཤྭ་ར་ིཧཱུཾ། ཨ་བྷི༴ དབྱུག་པ་སྔོན་པོ་སྡིག་མཛུབ་རིན་ཆེན་སྔོ། །རྡོ་རྗེ་སྡེར་མོ་གཙོ་འཁྱུད་དུང་དམར་གཙོ་ལ་སྟོབས ། །མཐུ་རྩལ་ཆེ་བས་དྲང་སྲོང་གདོན་འདུལ་བའི། ཁྲོ་བོ་ཁྲོ་མའི་དབང་མཆོག་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གཤིན་རྗེ་གཤེད་པོ་མཐིང་ནག་དབྱུག་ཐོ་ཞགས། །རྡོ་རྗེ་དུར་ཁྲོད་དུང་དམར་ཡབ་ལ་སྟོབས། །ང་རྒྱལ་མཐུ་ཆེན་གཤིན་རྗེའི་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་མཆོག་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མི་གཡོ་མགོན་པོ་རལ་གྲི་ཁུ་ཚུར་ཐོགས། །རྡོ་རྗེ་གཏུན་ཁུང་དུང་དམར་གཙོ་ལ་སྟོབས། །རྫུ་འཕྲུལ་མཐུ་ཆེན་སྲིན་པོ་འདུལ་བ་ཡི། །ཁྲོ་བོ་ཡབ་ཡུམ་དབང་ནི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྟ་མགྲིན་མདོག་དམར་པདྨ་མདའ་གཞུ་བསྣམས། །རྡོ་རྗེ་གཏུམ་མོ་སྣོད་བཅུད་གཙོ་ལ་འབུལ། །ཐུགས་རྗེ་མཐུ་བརྩལ་གཏི་མུག་ཀླུ་འདུལ་བའི། །ཁྲོ་བོ་ཡབ་ཡུམ་དབང་ནི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གཞན་གྱིས་མི་ཐུབ་དགྲ་སྟ་གཏུན་ཤིང་སྔོ། །རྡོ་རྗེ་མདའ་སྙེམས་དུང་དམར་གཙོ་ལ་སྟོབས། །མཐུ་དང་རྫུ་འཕྲུལ་རླུང་གདོན་འདུལ་མཛད་པ། །ཁྲོ་བོ་ཡབ་ཡུམ་དབང་འདི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་འཕྱར། །རྡོ་རྗེ་རླུང་འབྱིན་དུང་དམར་གཙོ་ལ་མཆོད། །དྲག་པོ་མཐུ་ཡི་གནོད་སྦྱིན་གདོན་འདུལ་བའི། །ཁྲོ་བོ་ཡབ་ཡུམ་དབང་འདི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་བྷི་ཥིཉྩ་ཧཱུཾ། ཁམས་གསུམ་རྣམ་རྒྱལ་རྡོ་རྗེ་ཐོ་བ་གནག །རྡོ་རྗེ་གསོད་བྱེད་དམར་གྱི་མཆོད་པ་འདྲེན། །དྲག་ཤུལ་མཐུ་ཡིས་འབྱུང་པོའི་གདོན་འདུལ་བའི། །ཁྲོ་བོ་ཡབ་ཡུམ་དབང་འདི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྟོབས་ཆེན་དུད་ཁ་བུད་དུང་རྔ་ཡབ་ཐོགས། །རྡོ་རྗེ་སྐྱོད་ཆེན་དུང་ཁྲག་ཡབ་ལ་མཆོད། །མཐུ་སྟོབས་ལྡན་པས་ས་བདག་གདོན་འདུལ་བའི། །ཁྲོ་བོ་ཡབ་ཡུམ་དབང་འདི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་མཛད་དམར་སྐྱ་རྡོ་རྗེ་མདའ་གཞུ་འགེངས། །སྒྲ་འབྱིན་དུང་དམར་ཞལ་དུ་སྟོབས་། །ཉི་ཟླ་གཟའ་སྐར་ཡས་གདོན་འདུལ་མཛད་པ། །ཁྲོ་བོ་ཁྲོ་མོའི་དབང་འདི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ཀི་ལ་མཐིང་ནག་ཕུར་བུ་འདྲིལ། །ཁྲོ་མོ་རྒྱས་འདེབས་བན་དྷ་རཀྟས་བཀང་། །མཐུ་དབང་ཆེ་བས་དགྲ་དང་ལྷ་གདོན་འདུལ། །ཁྲོ་བོ་ཡབ་ཡུམ་དབང་འདི་ཐོག་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཁྲོ་བོ་རྨེ་རྩེགས་མཐིང་ནག་རྡོ་རྗེ་ཐོག །ཁྲོ་མོ་འདམ་འབྱིན་དུང་ཆེན་དམ་རྫས་བཀང་། །མི་གཙང་རྟོག་འཇོམས་བདུད་དང་རུ་ཏྲ་འདུལ། །ཁྲོ་བོ་ཁྲོ་མོའི་དབང་འདི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ཡཀ་ཤ་ལྗང་ནག་སྡིག་འཛུབ་རྩེ། །ཁྲོ་མོ་ཡག་མོ་དུམ་ཆེན་སྙིང་ཁྲག་བཅས། །དམ་ཚིག་ཉམས་དང་དམ་སྲི་འདུལ་མཛད་པའི། །ཁྲོ་བོ་ཡབ་ཡུམ་དབང་འདི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཁྲོ་ཆེན་དམར་ནག་རྡོ་རྗེ་ཐོ་བ་ཐོགས། །གཙོ་མོ་དབང་བསྐུར་མགོ་གཅད་རཀྟས་བཀང་། །མཐུ་རྩལ་ཆེན་བས་མོ་གདོན་འདུལ་མཛད་པ། །ཁྲོ་བོ་ཁྲོ་མོའི་དབང་འདི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཁྲོ་བོ་ཟ་འོག་ཐོད་སྦྲུལ་སྣ་ཚོགས་མདོག །ཁྲོ་མོ་ཟག་མོ་རྡོ་རྗེ་ཐོད་ཁྲག་སྟོབས། །རྫུ་འཕྲུལ་མཐུ་ཡིས་ཀླུ་གདོན་འདུལ་མཛད་པའི། །ཁྲོ་བོ་ཁྲོ་མོའི་དབང་འདི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་བྷི་ཥིཉྩ་ཧཱུཾ། ཁྲོ་བོ་རབ་འཁྲུག་སྔོ་ནག་རལ་གྲི་འཕྱར། །ཁྲོ་མོ་རབ་འཇིགས་ཐོད་ཁྲག་ཞལ་དུ་སྟོབས། །མཐུ་རྩལ་ཆེན་པོས་གདོན་ཆེན་བཅྭ་བརྒྱད་འདུལ། །ཁྲོ་བོ་ཡབ་ཡུམ་དབང་འདི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཁྲོ་བོ་མ་ཧཱ་ཀ་ལ་དམར་ནག་ཞགས། །ཁྲོ་མོ་རལ་པ་སྒྲེང་མ་ཐོད་ཁྲག་སྟོབས། །མཐུ་རྩལ་ཆེ་བས་ཡབ་བདུད་འདུལ་མཛད་པའི། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མི་འཆི་ཐལ་སྦྱོར་སྔོ་ནག་ཐལ་མོ་བརྡེབ། །ཁྲོ་མོ་འཇོམས་ཆེན་དུང་ཆེན་ཞལ་དུ་གསོལ། །མཐུ་རྩལ་ཆེ་བས་སྲིད་ཅན་བརྡུལ་དུ་རློགས། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཁྲོ་ཆེན་གུ་ལང་སྨུག་ནག་གཏུན་ཤིང་བརྡེག །ཁྲོ་མོ་ལས་ཀུན་བན་དྷ་དམར་གྱིས་བཀང་། །མཐུ་རྩལ་ཆེ་བས་ཁམས་གསུམ་གསད་གསོའ་མཛད། །ཡབ་ཡུམ་འདི་གཉིས་དབང་མཆོག་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རབ་རྔམ་ལྗང་ནག་རྡོ་རྗེ་དུང་དམར་འཁྲུགས། །གཏུམ་ཆེན་ཐོད་ཁྲག་ཙིཏྟ་གཙོ་ལ་སྟོབས། །མཐུ་རྩལ་ཆེ་བས་བརྗེད་བྱེད་གདོན་རྣམས་འདུལ། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འཇིག་རྟེན་གསུམ་སྣང་བེ་ཅོན་སྡིག་མཛུབ་མཐིང་། །ཁྲོ་མོ་མི་ཕམ་དེ་བཞིན་དུང་ཆེན་སྟོབས། །མཐུ་རྩལ་ཆེ་བས་སྒོ་བསྲུངས་ཤར་གདོན་འདུལ། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འཇིག་རྟེན་གསུམ་འདུལ་དམར་ནག་ཐོ་བ་འཕྱར། །ཁྲོ་མོ་ལྕགས་ཀྱུ་དེ་བཞིན་ལྕགས་ཀྱུ་དང་། །ཤར་སྒོ་བསྲུང་ཞི་ཤར་གདོན་འདུལ་བའི་བདག །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འཇིག་རྟེན་གསུམ་འཇིག་དམར་ནག་རལ་གྲི་སྡིག །ཁྲོ་གཉེར་ཐོད་ཁྲག་དེ་བཞིན་ཞལ་དུ་འབུལ། །མཐུ་རྩལ་ཆེ་བས་དེ་བཞིན་ལྷོ་གདོན་འདུལ། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་བྷི་ཥིཉྩ་ཧཱུཾ། འཇིགས་རྟེན་གསུམ་འཇིག་སྔོ་ནག་དབྱུག་ཐོ་འཕྱར། །ཁྲོ་མོ་ཞག་པ་དུང་དམར་ཞགས་པ་ཐོགས། །ལྷོ་སྒོ་བསྲུང་ཞིང་ལྷོ་གདོན་འདུལ་བའི་བདག །ཡབ་ཡུམ་འདི་གཉིས་དབང་མཆོག་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་བྷི་ཥིནྩ་ཧཱུཾ། པད་རྒྱལ་དམར་ནག་རྡོ་རྗེ་བེ་ཅོན་འཕྱར། །རོ་ལངས་ཐོད་ཁྲག་དེ་བཞིན་གཙོ་ལ་སྟོབས། །མཐུ་རྩལ་ཆེ་བས་སྒོ་བསྲུངས་ནུབ་གདོན་འདུལ། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བེ་ཅོན་སྔོན་པོ་རིན་ཆེན་བེ་ཅོན་འཕྱར། །ཁྲོ་མོ་ལྕགས་སྒྲོགས་དེ་བཞིན་དུང་ཆེན་འབུལ། །ནུབ་ཕྱོགས་སྒོ་བསྲུངས་ནུབ་གདོན་འདུལ་བ་ཡི། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཀ་ཏི་བཛྲ་དམར་ནག་རལ་གྲི་འཛུབ། །རལ་གཅིག་དུང་ཁྲག་གཙོ་བོའི་ཞལ་དུ་སྟོབས། །མཐུ་རྩལ་ཆེ་བས་སྒོ་བསྲུངས་བྱང་གདོན་འདུལ། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གིང་ཆེན་མཐིང་ནག་རྡོ་རྗེ་བསྣམས། །ཁྲོ་མོ་དྲིལ་འཁྲོལ་ཐོད་ཁྲག་དྲིལ་བུ་བསྣམས། །བྱང་ཕྱོགས་སྒོ་བསྲུངས་བྱང་གདོན་འདུལ་མཛད་པའི། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་བྷི་ཥིཉྩ་ཧཱུཾ། ཁྲོ་བོ་རྔམ་ཆེན་སྨུག་ནག་བེ་ཅོན་འཛུབ། །ཁྲོ་མོ་དབང་བསྡུད་ཐོད་ཁྲག་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་བདུད་དང་སྲིན་པོ་འདུལ། །ཁྲོ་བོ་ཁྲོ་མོའི་དབང་ནི་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཐོ་བ་དུད་ཁ་ཐོ་བ་འཕྱར། །ཁྲོ་མོ་ཟ་བྱེད་དུང་ཁྲག་ཡབ་ལ་སྟོབས། །མཐུ་རྩལ་ཆེ་བས་མ་མོ་གཤིན་རྗེ་འདུལ། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དེས་ཁྲོ་བོ་ཁྲོ་མོ་དྲུག་ཅུའི་དབང་དེ་སོང་ནས། སྒོ་འཁྱམས་བརྒྱད་པ་ཕོ་ཉ་དྲུག་བཅུ་ཚན་བཞིའི་དབང་བསྐུར་བ་ནི། དབང་གི་དཀྱིལ་འཁོར་ཆེན་པོ་འདིར། །སྐུའི་འོད་ཟེར་རྣམས་དྲུག་ལས། །སུམ་བརྒྱ་དྲུག་ཅུའི་དོན་བསྒྲལ་ཕྱིར། །ཕོ་ཉ་གསུམ་བརྒྱ་དྲུག་ཅུར་སྤྲུལ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པས། །དྲི་ཟའི་དགྲ་གདོན་འདུལ་བའི་ཕྱིར། །ཤར་ཕྱོགས་འོད་ཟེར་དཀར་པོ་ལས། །དུང་གི་མ་མོ་དྲུག་བཅུར་སྤྲུལ། །རྡོ་རྗེ་འབར་བའི་ཕོ་ཉ་མ། །དཀར་མོ་མཐོང་བྱེད་ལྕགས་ཀྱུ་མ། །ཡིད་ཀྱི་ཕྱིན་ཅིང་བསམ་པ་འགྲུབ། །དབང་འདིར་ཁྱོད་ལ་དབང་བསྐུར་བར་བྱ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་སྡེར་མོ་ཕོ་ཉ་མོ། །དཀར་མོ་འཛིན་བྱེད་ཞགས་པས་འདེབས། །གར་ཡང་ཐོགས་མེད་གློག་འགྱུ་བས། །དུས་འདིར་བུ་མཆོག་ཁྱོད་ལ་བསྐུར། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཕོ་ཉ་རྡོ་རྗེ་ཀི་ལ་ཡ། །དཀར་མོ་ཐོགས་མེད་དམིགས་གསལ་མ། །འཛིན་བྱེད་སྙིང་གི་ཞགས་འཕེན་པའི། །རྣལ་འབྱོར་བུ་ལ་བདག་གི་སྦྱིན། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་རྡོ་རྗེ་འབིགས་མ་མོ། །དཀར་མོ་ཤེས་གྱི་འདའ་འཕེན་མ། །གང་ལ་དམིགས་པ་འགྲུབ་བྱེད་མའི། །དུས་འདིར་བདག་གིས་བུ་ལ་སྦྱིན། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་རོ་ལངས་མོ། །དཀར་མོ་ལག་ན་གྲི་ཐོགས་མ། །འགྱོགས་བྱེད་དུར་ཁྲོད་ཁྱབ་འགྲོའི་དབང་། །བདག་གི་དེ་རིང་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་དྲག་མོའི་སྐུ། །དཀར་མོ་ལག་ན་མདུང་ཐོག་མ། །གང་ལ་མངགས་པ་གྲུབ་བྱེད་པའི། །དབང་འདིར་ཁྱོད་ལ་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་མགྱོགས་པ་མོ། །དཀར་མོ་མི་སྲིང་གཡབ་མོས་འདེབས། །ཏིང་འཛིན་ཡིད་ཀྱི་ཕོ་ཉའི་དབང་། །རྣལ་འབྱོར་བུ་ལ་སྦྱིན་པར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཕོ་ཉ་རྡོ་རྗེ་གཏུམ་མོ་ནི། །དཀར་མོ་སྙིང་འབྱིན་ཆོ་ངེས་འདེབས། །སྒྲོལ་བྱེད་ཙིཏྟ་ཕོ་ཉའི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཕོ་ཉ་རྡོ་རྗེ་འབེབས་མ་ནི། །དཀར་མོ་གར་བྱེ་བ སླུ་བྲིད་ཅན། །ལས་ལ་འདྲིད་པའི་ཕོ་ཉའི་དབང་། །སྙིང་གི་བུ་ལ་བསྐུར་བར་བྱ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཕོ་ཉ་རྡོ་རྗེ་གསལ་མ་ནི། །དཀར་མོ་དུང་འཕྲེང་གླད་ལ་བསྐོར། །ས་མ་ཡའི་ཁུས་འདེབས་མའི། །དབང་འདི་ཁྱོད་ལ་སྦྱིན་པར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ༀ་བྷི་ཥིཉྩ་ཧཱུཾ། ཕོ་ཉ་རྡོ་རྗེ་བསྟོད་མ་ནི། །དཀར་སྐྱ་དར་དཀར་གཡབ་འདོར་མ། །རྒྱལ་བས་ཡོན་ཏན་ཆེར་བསྟོད་པས། །རྡོ་རྗེ་ཕོ་ཉའི་དབང་ཆེན་འདི། །རྟགས་དང་བཅས་ཏེ་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་འགུགས་མ་ཕོ་ཉ་མོ། །བདུད་ཀྱི་སྙིང་འཇུག་མ་མ་ཡིས། །འགྲུབ་པར་མི་འགྱུར་གང་ཡང་མེད། །རྡོ་རྗེ་ཕོ་ཉའི་དབང་ཆེན་འདི། །སྐུ་དང་བཅས་ཏེ་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ཕོ་ཉ་བསྐྱོད་མ་ནི། དཀར་དམར་རླུང་གི་ཞགས་པ་ཐོགས། །རྣལ་འབྱོར་འཕྲིན་ལས་བསྐྱོད་པ་ནི། །རྡོ་རྗེ་ཕོ་ཉ་དབང་ཆེན་ཡིན། །སྐུ་དང་བཅས་སྟེ་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ཐོགས་པ་མེད། །དཀར་དམར་ལག་ན་ཟངས་གྲི་འཕྱར། །དཔའ་བོ་ཆེན་མོ་ཐོགས་མེད་པས། །རྡོ་རྗེ་ཕོ་ཉ་དབང་ཆེན་ཡིན། །སྐུ་དང་བཅས་ཏེ་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་འཆང་བདག་མོ། །དཀར་དམར་འཛིན་བྱེད་ཞགས་ཐོག་མ། །རླུང་ཡང་འཆོར་བ་མེད་པར་འདེབས། །རྡོ་རྗེ་ཕོ་ཉའི་དབང་ཆེན་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ཕྲ་མེན་མ། །དཀར་དམར་མེའི་སྒྲོན་ཁྱེར་མ། །དོན་དང་རྟགས་སུ་བཅས་ཏེ་འཛིན། །རྡོ་རྗེ་ཕོ་ཉའི་དབང་ཆེན་ཡིན། །སྐུ་དང་བཅས་ཏེ་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་མྱུར་བྱེད་མ། །དཀར་དམར་གློག་གི་ཞགས་ཐོགས་མ། །གང་བཟུང་ཡུད་ཀྱིས་འདེབས་པར་བྱེད། །རྡོ་རྗེ་ཕོ་ཉའི་དབང་ཆེན་ཡིན། །སྐུ་དང་བཅས་ཏེ་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་བསྐུལ་བྱེད་མ། །དཀར་དམར་མེའི་འོད་འཕེན་མ། །ཐུགས་དམ་བསྐུལ་ཞིང་འཕྲིན་ལས་མཛོད། །རྡོ་རྗེ་ཕོ་ཉའི་དབང་ཆེན་ཡིན། །སྐུ་དང་བཅས་ཏེ་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གསལ་བཀྲ་ཕོ་ཉ་མོ། །དཀར་དམར་རྡོ་རྗེའི་ཞགས་འཕེན་མ། །སུས་ཀྱང་མི་བཟློག་ཐུབ་པར་དཀའ། །རྡོ་རྗེ་ཕོ་ཉའི་དབང་ཆེན་ཡིན། །སྐུ་དང་བཅས་ཏེ་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ཡང་དག་མོ། །དཀར་དམར་དུག་གི་ལན་ཕྲན་འདེབས། །ཁམས་གསུམ་ས་དགུ་ཡུད་ཀྱིས་ཁྱབ། །རྡོ་རྗེ་ཕོ་ཉའི་དབང་ཆེན་འདི། །སྐུ་དང་བཅས་ཏེ་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ༴ ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་རྩེ་མོ་ནི། །དཀར་སེར་རྡོ་རྗེ་རྩེ་གཅིག་འཕེན། །ཐུགས་དམ་དབང་གི་རྟགས་སྟོན་པ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་ཏེ་བསྐུར། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ྄། རྡོ་རྗེ་ཕོ་ཉའི་གནོད་མཛད་མ། །དཀར་སེར་རྡོ་རྗེ་བྲག་འཕེན་མ། །རི་རབ་རྩེ་ཡང་གནོད་བྱེད་པས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་ཏེ་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨབྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་དབང་ཕྱུག་མ། །དམར་སེར་ཏྲི་ཤུལ་གཟེར་མོ་འཛིན། །དུག་གསུམ་ནད་རྣམ་འཇོམས་བྱེད་པའི། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་ཏེ་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་སྲེད་མོ་ནི། །དཀར་སེར་ཨཾ་གུ་དམར་པོ་རྣམས། །བརྡབས་པ་ཙམ་གྱིས་གང་ཡང་འགུགས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་ཏེ་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ཁ་འབར་མོ། །དམར་སེར་སྤྲིན་གྱི་གོ་ཟུ་ཅན། །ཁ་ནས་མེ་འབར་རྒྱ་མཚོ་བསྲེག །རྡོ་རྗེ་ཐུགས་ཀྱི་རྒྱ་མཚོའི་དབང་། །སྐུ་དང་བཅས་ཏེ་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་གསལ་བཀྲ་མ། །དཀར་སེར་དུང་གྱི་འཁོར་ལོ་འཕེན། །གང་ལ་བྱ་བས་ས་ལེ་གསལ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ཁྲོ་མོ་ནི། །དཀར་སེར་ཁྲོ་མོའི་གཟུགས་འཆང་བས། །དེ་བཞིན་གཡང་གཞི་ལག་ན་བརྡེབ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི༴ རྡོ་རྗེ་ཕོ་ཉ་འཆང་མོ་ནི། །དཀར་སེར་རྡོ་རྗེ་ཕུར་བུ་འཆང་། གང་ལ་བྱ་བའི་སྙིང་ལ་འདེབས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ། རྡོ་རྗེ་ཕོ་ཉ་གཏུམ་པ་མོ། །དཀར་སེར་རྡོ་རྗེ་ཐོ་བ་ཐོགས། །གང་ལ་དམིགས་པ་ཡུད་ཀྱིས་འཇོམས། །རྡོ་རྗེ་ཐུགས་ཀྱིས་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། །རྡོ་རྗེ་ཕོ་ཉ་ཁྲོས་མ་ནི། །དམར་སེར་རྡོ་རྗེ་བེ་ཅོན་འཕྱར། །ཁྲོས་བཞིན་གདོད་ལ་དཔལ་བརྟུལ་ཆེ། རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ། ཨ་བྷི༴ རྡོ་རྗེ་ཕོ་ཉ་ལས་བྱེད་མ། །དམར་སེར་གཅོད་བྱེད་རལ་་གྲི་བསྣམས། །སེམས་ཅན་སྐྱེ་ཤི་རྩད་གཅོད་པས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་བཅས་སྟེ་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་དུས་མཚན་མོ། །དམར་སེར་ལག་ན་ཤག་ཏི་ཐོགས། །མ་ལུས་འཇོམས་པའི་ལས་བྱེད་པས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ཐར་པ་མོ། །དམར་སེར་ལག་ན་གཏུན་ཤིང་འཛིན། །རྡུལ་དུ་རློག་པའི་ལས་མཛད་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི༴ རྡོ་རྗེ་ཕོ་ཉ་ཀུ་ལ་མ ། །དམར་སེར་ལག་ན་ལྕགས་ཀྱུ་འདེབས། །མ་ལུས་འཛིན་པའི་གིང་ཆེན་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་བསྐྱེད་ཆེན་མའི། །དམར་སེར་རླུང་གི་རྐྱལ་བ་ཐོགས། །རྡོ་རྗེ་སྐལ་པའི་མེ་ཆེན་གཏོང་། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་དཔལ་འབར་མ། །དམར་སེར་རས་ཀྱི་ཞགས་པ་འདེབས། །དཔལ་ཆེན་སྐུ་ལ་སྦྱོར་མཛད་པའི། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་བསྐུར་བར་བྱའོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི༴ རྡོ་རྗེ་ཕོ་ཉ་སྐྱོད་ཆེན་མའི། །དམར་སེར་རླུང་གི་རྐྱལ་བ་ཐོག །རྡོ་རྗེ་བསྐལ་པའི་མེ་ཆེན་གཏོང་། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་བསྐུར་བར་བྱ། །ༀ་བྷ་ན་བྷ་ན་ཨཾ༴ ཨ་བྷི༴ །རྡོ་རྗེ་ཕོ་ཉ་ལུས་ཁྲོ་མ། །དཀར་སེར་ལྕགས་ཀྱི་ཚ་ཚ་འཕྲོ། །བ་སྤུ་སྲ་ཁྲེགས་རྡོ་རྗེའི་སྐུ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ངག་འཕྲོག་མ། །དམར་སེར་ལྐུགས་བྱེད་ལྕགས་ཀྱུ་ཅན། །སྨྲ་བ་ངག་གི་ལྕེ་འཕྲོག་མའི། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ཡིད་གཏུམ་མ། །དཀར་སེར་སེན་མོས་སྙིང་འབྱིན་མ། །ཐུགས་རྗེས་བདུད་སྲིན་འདུལ་བཞིན་བརླགས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་སྡེ་ཆེན་མོ། །དམར་སེར་རལ་པའི་གཡབ་མོ་འདེབས། །ཐུགས་རྗེས་བསྒྲལ་བའི་ཞིང་བཅུ་སྒྲོལ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་གསོད་བྱེད་མ། །དཀར་སྔོ་དུང་གི་ཞགས་པ་ཅན། །ཐུགས་རྗེས་ཞིང་བཅུ་བསྒྲོལ་ལ་བརྩོན། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་བླངས་པ་མོ། །དཀར་སྔོ་དུང་གི་བླངས་པ་བསྣམས། །དཀར་སྔོ་དུང་གི་བླངས་པ་བསྣམས། །ཐུགས་རྗེས་བདུད་དང་སྲིན་པོ་བསྒྲོལ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་གསོད་བྱེད་མོ། །དཀར་སྔོན་ཤེལ་གྱི་གྲི་ཐོགས་མ། །གསད་པའི་ལས་ལ་འབའ་ཞིག་དགྱེས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ཟ་བ་མོ། །དཀར་སྔོ་མཾ་ས་ཤ་ཆེན་གསོལ། གཏི་མུག་བརྟན་ནས་ཟད་མཛད་པའི། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ཁྲག་འཐུང་མ། །དམར་སྔོན་བན་དྷ་ཐོད་ཁྲག་འཐུང་། །འདོད་ཆགས་གཏད་ནས་ཟད་མཛད་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ༴ ཨ་བྷི༴ རྡོ་རྗེ་ཕོ་ཉ་འཆའ་བ་མོ། །དཀར་སྔོ་ཀེང་རུས་ཁྲ་ཁྲལ་འཆའ། ཞེ་སྡང་གཏན་ནས་ཟད་མཛད་མའི། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨེ་ཤ་ར་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ༴ རྡོ་རྗེ་ཕོ་ཉའི་ཚེ་ལེན་མ། །དཀར་སྔོ་དར་གྱི་གཡབ་དོར་བས། །སྡང་བའི་དགྲ་བོའི་ཚེ་ལེན་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་མདངས་ལེན་མ། །དཀར་སྔོ་དུང་གི་བར་འུ་ཐོགས། །གང་ལ་དམིགས་པའི་མདངས་འཕྲོག་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་སྲོག་འཕྲོག་མ། །དཀར་མོ་ལག་གཡས་ཙིཏྟ་འབྱིན། །སྐད་གཅིག་ཡུད་ལ་ཉམས་པ་ལེན། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་སྙིང་འབྱིན་མ། །དཀར་སྔོ་སྙིང་གི་འཕྲེང་བ་བགྲང་། །རྣམ་ཤེས་ཕུང་པོ་གཏན་སྟོབས་པའི། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་བརྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་གཅོད་བྱེད་མ། །དཀར་ལྗང་ཤེལ་གྱི་དགྲ་སྟྭ་འཕྱར། །རྒྱུད་དྲུག་འཁོར་བ་རྩད་ནས་གཅོད་པ་མ། རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་བསྐུལ་བྱེད་མ། །དཀར་མོ་ཕྱག་སེན་ལྕགས་ཀྱུ་ཅན། །ཞིང་བཅུ་བསྒྲལ་ནས་ཐུགས་དམ་བསྐུལ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་སྣ་ཚོགས་གཟུགས། །བསེའི་ལྷན་དཀར་ཟབ་སློག་གྱོན། །མ་ལུས་བསྒྲོལ་བའི་བྱ་ར་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་སྨྱོན་མ་ནི། །དཀར་ལྗང་ཤེལ་གྱི་རྡོ་རྗེ་འཕེན། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེས། །རྡོ་རྗེ་ཐུགས་གྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་འཇུགས་བྱེད་མ། །དཀར་ལྗང་ཕྱག་ན་གྲི་ཐོགས་མ། །གསོད་ཅིང་གཏུམ་པའི་རྫུ་འཕྲུལ་ཅན། རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་ཡིད་འཕྲོག་མ། །དཀར་ལྗང་མཚོན་གྱི་གྲུ་གུ་ཐོགས། །སྣ་ཚོགས་འོད་ཀྱི་བྱད་དུ་འཛུད། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་རོ་རྐུན་མ། །དཀར་ལྗང་ཞིང་གི་རོ་ཁུར་མ། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་རྫུ་བྱེད་མ། །དཀར་ལྗང་རླུང་གི་ཞགས་པ་འདེབས། །ཅིར་ཡང་སྤྲུལ་བའི་སྐུ་གཅིག་མའི། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་འཇིགས་བྱེད་མ། །དཀར་ལྗང་དུང་གི་མཆེ་བ་འབྱིན། །འཇིགས་ཤིང་སྐྲག་པའི་རྫུ་འཕྲུལ་ཅན། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དབང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཕོ་ཉ་བཅུད་ལེན་མ། །དཀར་ལྗང་གཡུའི་ཟ་མ་ཏོག །ཁམས་གསུམ་ཚེ་བསྡུད་ཕོ་ཉ་མོ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་བཅས་དབང་བསྐུར་རོ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛ་ཧཱུཾ། །ཨ༴ དེས་ཤར་ཕྱོགས་ཀྱི་ཕོ་ཉ་དྲུག་བཅུའི་དབང་བསྐུར་དེ་སོང་ནས། ལྷོ་ཕྱོགས་ཀྱི་ཕོ་ཉ་དྲུག་བཅུའི་དབང་བསྐུར་བ་ནི། དགྲ་དང་གཤིན་རྗེ་གདོན་འདུལ་ཕྱིར། །འཇིགས་བྱེད་ཕོ་ཉ་སྐུ་སྤྲུལ་པའི། །ལྷོ་ཕྱོགས་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུ་བྱུང་། །ཡོན་ཏན་ཕོ་ཉ་དབྱིངས་ཕྱུག་མ། །སེར་ནག་མེའི་ཞགས་པ་ཐོགས། །ཅི་བགྱི་ཞེས་ཀྱང་ཐོགས་པ་མེད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་མཁའ་འགྲོ་མ། །སེར་ནག་སྡིག་འཛུབ་གྱད་འདོར་ཅན། །ལྷག་མ་ལེན་ཞིང་བསྒྲུབ་ལ་འགོ །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཡོན་ཏན་མཐུ་འབེབས་མ། དམར་སེར་བ་དན་གཡབ་འདོར་མ། །བསྒྲུབ་བ་པོ་ལ་མཐུ་བྱིན་འབེབས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་པྲ་བ་མོ། །སེར་ནག་རྡོ་རྗེ་གོ་གྱོན་པས། །ཅིས་ཀྱང་མི་ཚུགས་རྡོ་རྗེའི་སྐུ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་འཆོངས་མོ་ཆེ། །སེར་ནག་འཕྱོངས་སྟོབས་བྱ་ལག་ཐོགས། །རི་ལུངས་ཀུན་སླེབས་འཕྱོངས་བྱེད་པའི། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་བཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་ཁྲག་འཐོར་མ། །མི་མགོ་ཕོར་པ་རློན་པ་རུ། །མི་སྙིང་ཁྲག་ཞགས་བཀང་ཞིང་འཐོར། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་ཤ་ཟ་མ། །མི་ཁོག་དབྱུག་པ་ཀླད་ལ་བསྐོར་། །མཾ་ས་ཟ་ཞིང་བདུད་ཁྱིམས་འཇོམས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་འཇིགས་གདོང་མ། །ཁ་བགྲད་མཆེ་གཙིགས་ལག་གཉིས་གདེངས། །སྟོབས་ཆེན་མཐུ་ཡང་འཇོམས་བྱེད་པའི། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཕོ་ཉ་བརྩོན་བྱེད་མ། །སེར་ནག་རླུང་གི་ཞགས་པ་འཕེན། །གྱེན་འཐུར་མེད་པར་རྒྱུག་ཅིང་འཛིན། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་ཁྲོ་གཏུམ་ཅན། །སེར་ནག་སྡང་མིག་སྟག་ལ་ཞོན། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་སོ་གཅིག་མ། །སེར་མོ་ཁ་མིག་སོ་ལག་གཅིག །རྡོ་རྗེ་རྩེ་གཅིག་མདའ་འཕེན་མའི། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་རལ་བསིག་མ། །སེར་མོ་རལ་པའི་གོ་ཟུ་ཅན། །གཡོན་སྡིག་གཡས་པ་ལྕགས་ཀྱུ་འདེབས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་འཁྲིལ་བྱེད་མ། །སེར་མོ་སྔོ་དམར་ཞགས་པ་འཕེན། །རྫུ་ནི་གཉེན་དང་གྲུང་མོར་རྫུ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་འཛུལ་བྱེད་མ། །སེར་མོ་གསེར་གྱིས་གྲི་ཐོགས་ནས། །རྫུ་ནི་སྦྲུལ་དང་སྲེ་མོར་རྫུ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་མྱུར་བྱེད་མ། །སེར་མོ་མཚོན་གྱི་གྲུ་གུ་རྡོག །རྫུ་ནི་འུག་པ་སྲིན་བྱར་རྫུ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་མཐུ་མོ་ཆེ། །སེར་མོ་ཐོག་གི་ཆར་འབེབས་མ། །གནམ་ས་རི་ལུང་ཀུན་ཁྱབ་པའི། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་ནག་མོ་ནི། །ནག་མོ་རལ་པའི་ཞགས་པ་འཕེན། །ཁམས་གསུམ་བྷྱོ་དང་ཁུས་འདེབས་མའི། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་རྟོག་འཇོམས་མ། །སེར་མོ་བནྡྷ་རློན་པ་རུ། །དམ་རྫས་སྣ་ལྔ་ཟ་ཞིང་སྤྱོད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་རྟོག་མེད་མ། །སེར་མོ་དུག་གི་གཞོང་ཐོགས་མ། །གང་ལ་བཅོལ་ཀྱང་འཚེག་ཅིང་འཚེ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་ཡངས་པ་མ། །སེར་མོ་སྤྲིན་དམར་ག་ཤ་ཅན། །གློག་གི་འཕྲེང་བ་ཀླད་ལ་བསྐོར་། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་སྣ་ཚོགས་ལུས། །དམར་སྐྱ་ཟ་འོག་སྟོད་གཡོག་ཅན། །རྔ་མོང་གྭ་པར་རྫུ་བྱེད་པའི། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་སྡང་མིག་མ། །དམར་སྐྱ་ལྕགས་ཀྱི་ཁྲ་ཐོགས་མ། །དགྲ་དང་བགེགས་ལ་གླག་ལྟར་འཛུམས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པ་ཤ་ཧཱུཾ། ཨ་བྷི༴ རིན་ཆེན་ཕོ་ཉ་དུར་ཁྲོད་མ། །དམར་སྐྱ་ཞིང་གི་གཡང་གཞི་བརྡེབས། །མཁས་པས་དགྲ་བགེགས་བསྒྲོལ་བྱེད་པའི། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་དམིགས་འགྲོ་མ། །ཁྱུང་ལ་ཞོན་ཞིང་གློག་ཞགས་འདེབས། །གང་ལ་དམིགས་པ་ཡིད་ཀྱི་འགྲུབ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་བདེ་འགྲོ་མ། །འཆོང་གི་བྱ་གླག་དམར་པོ་ལྕིབས། །སོར་མོ་གཡུའི་ཟོར་བ་འདེབས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་རྒྱས་འདེབས་མ། །སེར་སྐྱ་ཉི་ཟླའི་འཁོར་ལོ་འཕེན། །ཚེ་དང་ཕུང་པོར་བཅས་པ་འཇོམས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་འཛུམ་བྱེད་མ། །སེར་སྐྱ་མཚོན་གྱི་གྲུ་གུ་རྟོགས། །རྫུ་ནི་བུ་ཆུང་སྤྲེའུར་རྫུ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་ཁྲག་མྱོས་མ། །དམར་མོ་མཆུ་རིངས་དུར་བྱ་གདོང་། །རྩ་ལ་རྒྱུག་ཞིང་སྙིང་ཁྲག་འཐུང་། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་རྔམ་ཚིག་མ། །མངག་ཅིང་བཅོལ་བའི་ལས་མཆིས་ན། །རང་ལ་རུང་ཡང་འཚིག་ཅིང་ཁྲོ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། །ཨ་བྷི༴ ཡོན་ཏན་ཕོ་ཉ་འགྱོགས་བྱེད་མ། །སེར་མོ་མགྱོགས་མ་རླུང་ལ་ཞོན། །གར་ཡང་མི་གཏོང་མཐུ་མོ་ཆེ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ན་ཧ་ན་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་གཏུམ་པ་མོ། །དམར་སེར་སྤུ་གྲིས་སྙིང་འབྱིན་མ། །ཉམས་པ་དགྲ་བགེགས་ག ཉའ་ཐག་གཅོད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་མདུང་ཐུང་འཕེན། །དམར་སེར་གཡོན་གདེངས་གཡས་མདུང་འཕེན། །བདུད་དང་སྲིན་པོ་ཚར་གཅོད་མ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་གློག་འགྱུ་མ། །དམར་སེར་གློག་གི་ཞགས་པ་འཛིན། །ནམ་མཁའི་མཐོངས་ནས་འཁྲིམས་སྟེ་རྒྱུག །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ༴ ཡོན་ཏན་ཕོ་ཉ་ཐོག་འབེབས་མ། །དམར་སེར་ཐོག་གི་ཚ་ཚ་འཕྲོ། །རྒྱ་མཚོ་གཏིང་ཡང་སྐེམས་པར་བྱེད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་སྤོར་བྱེད་མ། །དམར་སེར་ཞིང་ཆེན་ཞལ་དུ་གསོལ། །ཞིང་ཆེན་གཏན་ནས་ལེན་པ་ཡིས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། །ཨ་བྷི་ཥིཉྩ༴ ཞིང་ཆེན་ཕོ་ཉ་འཁྲུགས་བྱེད་མ། །རི་རབ་རྩེ་ནས་འཇོམས་བྱེད་པས། །རྒྱ་མཚོ་གཏིང་ནས་འཁྲུག་པར་བྱེད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་དབང་ཕྱུག་མ། །སྨུག་ནག་དུར་ཁྲོད་ཁྲག་འཐུང་མ། །སྒྲོལ་བྱེད་སྙིང་འབྱིན་གྲི་ཐོག་མའི། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་ཀ་ལ་ཡན། །འཛུབ་མོས་རི་རབ་རྩེ་ལ་གཡེངས། །རྐང་པས་རྒྱ་མཚོ་གཏིང་ནས་འཁྲུག །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་གསལ་བཀྲ་མ། །དམར་སེར་ཉི་ཟེར་ཞགས་པ་འཛིན། །གང་ལྟར་སོང་ཀྱང་མི་གཏོང་སྟེ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་ཁ་བསྒྱུར་མ། །དམར་སེར་དུང་གི་རྒོ་བ་ཞོན། །རི་ལུང་མེད་པར་རྗེས་ཀྱི་འགེངས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་ཀུན་སྒྲོལ་མ། །དམར་ལྗང་རལ་གྲི་ཀླད་ལ་བསྐོར། །སོ་བྱ་སྲམ་དང་ཆུ་བྱར་སྤྲུལ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་མྱོས་བྱེད་མ། །དམར་ལྗང་ར་རོ་སྨྱོ་རྫུ་ཅན། །དཀར་དམར་སྙིང་གི་མཚམས་ནས་འཛིན། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ་། རིན་ཆེན་ཕོ་ཉ་ཁྲག་འཐུང་མ། །དམར་ལྗང་ཐོད་ཁྲག་ཞལ་དུ་གསོལ། །སྐྱེ་འགྲོ་ཡོངས་ཀྱི་ཁྲག་འཐུང་མ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་འབར་མ་ནི། །དམར་ལྗང་རིན་ཆེན་འབར་བ་ཐོགས། །རྣལ་འབྱོར་ཡིད་ལ་ཅི་འདོད་འགྲུབ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་མི་ཟད་མ། །གནམ་ས་གཉིས་ཀྱང་ཐགས་སུ་འཐག །སྐྱེ་འཆི་གཉིས་ཀྱང་རྩ་བ་གཅོད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་འཕྲོག་བྱེད་མ། །གཡས་ན་ལྕགས་ཀྱུ་ཙིཏྟ་འབྱིན། །གཡོན་ན་གའུ་སྲོག་འཕྲོག་མ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་སྒྲོལ་བྱེད་མ། །སེར་ལྗང་སྐྱེ་འགྲོའི་ཙིཏྟ་འབྱིན། །མ་ལུས་སྒྲོལ་བའི་མཐུ་བོ་ཆེ། །ཕོ་ཉ་འདིར་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་སྣ་ཚོགས་སྟོབས། །སེར་ལྗང་ཞིང་གི་རྐང་ལག་འཛིན། །དུས་གསུམ་མ་ལུས་ཞལ་དུ་སྟོབ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་ཡིད་འཕྲོག་མ། །སེར་ལྗང་ན་ཆུང་ཚུལ་དུ་རྫུ། །འགལ་བར་བྱེད་པའི་ཡིད་འཕྲོག་མ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི༴ ཡོན་ཏན་ཕོ་ཉ་སྲོག་ལེན་མ། །མི་སྙིང་རྒྱུས་པའི་ཞགས་པ་འཕེན། །ཞིང་བཅུ་གཏན་ནས་ལེན་པར་བྱེད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་བཅུད་ལེན་མ། །སེར་སྨུག་ཟངས་ཀྱི་མཆུ་རིངས་མ། །བཀའ་ལས་འགལ་བའི་བཅུད་འཇིབ་པས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་ཆོམ་རྐུན་མ། །བསེའི་གའུ་དམར་པོ་ན། །ཛ་དམར་ཕོ་ཉས་ཆོམ་རྐུན་མ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་དབང་མོ་ཆེ། །སེར་སྨུག་སེང་གེ་དཀར་མོ་ཞོན། །ཉི་ཟླ་རྒྱུས་པའི་ཞགས་པ་འཕེན། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་དྲག་འཇོམས་མ། །འཇིག་པའི་གོ་གྱོན་བདུད་དཔུང་འཇོམས། །མྱུར་བའི་གཟུགས་འཆང་ཐུགས་རྗེ་ཆེ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་བདུད་བྱེད་མ། །དགྲ་བོ་བརླའི་གཉེན་པོ་ཆེ། །ཇི་ལྟར་འདུལ་བ་བཞིན་དུ་སྤྲུལ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཱཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་བླ་འཛིན་མ། །དགྲ་བོ་བླའི་གཉེན་པོར་ཆེ། །ཇི་ལྟར་འདུལ་བ་བཞིན་དུ་སྤྲུལ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་སྲོག་འཛིན་མ། །སེར་སྨུག་ལྕགས་ཀྱུའི་ཕྱག་རྒྱ་ཅན། །སེམས་ཅན་ཀུན་གྱི་སྲོག་འཛིན་མ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་རྩ་འགྲོ་མ། །སུམ་བརྒྱ་དྲུག་བཅུའི་རྩ་ལ་རྒྱུག །དམ་ཉམས་དགྲ་བགེགས་རྩ་རྒྱུས་འབྲས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་ཕོ་ཉ་གནས་འབྱིན་མ། །སེར་སྨུག་འབྲུག་གི་སྒྲ་འབྱིན་པས། །ས་དགུའི་གཏིང་ནས་འཇོམས་པར་བྱེད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུ། ཨ་བྷི༴ ཡོན་ཏན་ཕོ་ཉ་གནས་བསྟོད་མ། །ཐུགས་རྗེ་ཆེན་པོས་གང་བསྒྲལ་བ། །བྱང་ཆུབ་ཐར་ལམ་བདེ་ལ་འགོད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ཨ་བྷི༴ དེས་ལྷོ་ཕྱོགས་ཀྱིས་ཕོ་ཉ་དྲུག་བཅུའི་དབང་བསྐུར་བ་དེ་སོང་ནས། ནུབ་ཕྱོགས་ཀྱི་ཕོ་ཉ་དྲུག་བཅུའི་དབང་བསྐུར་བ་ནི། ཐུགས་རྗེ་འཇིགས་བྱེད་སྤྲུལ་པ་ཡི། །དགྲ་དང་ཀླུ་གདོན་འདུལ་བའི་ཕྱིར། །ནུབ་ཕྱོགས་འོད་ཟེར་དམར་པོ་ལས། །ཟངས་ཀྱི་མི་མོ་དྲུག་བཅུ་བྱུང་། །གསུང་གི་ཕོ་ཉ་ཐོག་འབེབས་མ། །དམར་ནག་ལག་ན་ཐོག་ཆེན་འབེབས། །གང་ལ་དམིགས་པ་ཡུད་ཀྱི་བསྲེག །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གར་རྫ་གར་རྫ་ཕོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་ཆར་འབེབས་འབྲུག་སྒྲོག་མ། །དམར་ནག་འབྲུག་ཆེན་ཆིབས་སུ་ཆིབས། །སྟོང་གསུམ་ཀུན་གྲགས་མཐུ་མོ་ཆེ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །ༀ་གར་རྫ་གར་རྫ་ཕོ་ཊ་བཾ། ཨ་བྷི༴ གསུང་གི་ཕོ་ཉ་འཆར་འབེབས་མ། །དམར་ནག་སྤྲིན་ཆེན་སློག་པ་ཅན། །དུག་དང་བདུད་རྩིའི་ཆར་འབེབས་མའི། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་གར་རྫ་གར་རྫ་ཕོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་འོད་འགྱེད་མ། །དམར་ནག་འཇའ་ཚོན་འོད་འཕྲོ་མ། །མུན་པའི་ནང་ནས་སྒྲོན་གསལ་བའི། །ཕོ་ཉའི་དབང་མཆོག་འདི་ཡང་བྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་བཀྲག་གསལ་མ། །དམར་ནག་གཡུའི་ལན་ཕྲན་ཅན། །འཇིག་རྟེན་ཁམས་ཀྱི་དབང་ཕྱུག་མ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨབྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་འཇའ་ཚོན་མ། །དམར་ནག་འཇའ་ཚོན་ཞགས་པ་ཐོགས། །རྫུ་འཕྲུལ་ཅིས་ཀྱང་མི་ཚུགས་པའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་འོད་འཕྲོ་མ། །དམར་ནག་ཉི་མའི་འོད་འཕྲོ་མ། །འཕྲིན་ལས་མྱུར་འགྱོགས་ཐོགས་པ་མེད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་འོད་གསལ་མ། །དམར་ནག་མེ་འོད་ཕྱག་ན་བསྣམས། །འཁོར་བའི་བག་ཆགས་བསྲེགས་མཛད་མ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་ཁྲག་འཐུང་མ། །དམར་ནག་ཐོད་ཁྲག་སྐོམ་དུ་འཐུང་། །མ་ལུས་ཡོངས་ཀྱི་ཁྲག་འཐུང་མ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིནྩ་ཧཱུཾ། །པདྨའི་ཕོ་ཉ་དབང་ཕྱུག་མ། །དམར་ནག་རྡོ་རྗེ་པདྨ་ཅན། །སྲིད་པ་གསུམ་ན་མཐུ་མོ་ཆེ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་ས་བདག་མོ། །དམར་སྔོ་ལྕགས་ཀྱི་ཕག་མགོ་ཐོགས། །ས་ཆེན་དགུ་ཡང་འཁྲུག་བྱེད་མ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་ཕོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་འགུགས་བྱེད་མ། །དམར་སྔོ་རྡོ་རྗེ་ལྕགས་ཀྱུ་ཅན། །དམ་ལས་འདས་པ་འགུག་བྱེད་པའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥི་ཉྩ་ཧཱུཾ། གསུང་གི་ཕོ་ཉ་དམར་ཤམ་མོ། །དམར་སྔོ་བསེའི་གའུ་ཅན། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥི་ཉྩ་ཧཱུཾ། པདྨའི་ཕོ་ཉ་སྒྲོགས་མ་ནི། །དམར་སྔོ་ཞིང་གི་རྔེའུ་ཆུང་བརྡུང་། །སྒྲོ་ཆེན་བདུད་བཞི་ཟིལ་གྱིས་མནོན། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི༴ གསུང་གི་ཕོ་ཉ་ཡིད་གཞུང་མ། །དམར་སྔོ་ལག་ན་ཁུ་ཚུར་འཆང་། །འཁོར་བ་གནས་ནས་སྤོར་མཛད་མའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་ལྟ་ན་མཛེས། །དམར་སྔོ་མེ་ཏོག་ཆུན་འཕྱང་ཅན། །ཡིད་འོང་འཕྲིན་ལས་ཀུན་མཛད་མའི། །ཕོ་ཉའི་དབང་མཆོག་འདི་ཡང་བུ་ལ་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི༴ གསུང་གི་ཕོ་ཉ་སེམས་འཕྲོག་མ། །དམར་སྔོ་ག ཡུའི་ཉི་མ་ཐོགས། །སྐྱེ་འགྲོ་ཡོངས་ཀྱི་བདུད་འབེབས་པས། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་བདུད་འབེབས་མ། །དམར་སྔོ་མི་ཐོད་རྟ་ཐོད་ཐོགས། །སྐྱེ་འགྲོ་ཡོངས་ཀྱི་བདུད་འབེབས་པས། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །གརྫ་གརྫ་སྤོ་ཊ་བཾ། ཨ་བྷི་༴ གསུང་གི་ཕོ་ཉ་འགྱོག་བྱེད་མ། །དམར་སྔོ་ཁྱུང་ཆེན་ཆིབས་སུ་ཆིབས། །ཟིལ་གྱིས་མནོན་པའི་འཕྲིན་ལས་མཛོད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་གསོད་རྐྱེན་མ། །དམར་སྔོ་སེང་ཞོན་མདུང་ཐོགས་མ། །གང་དུ་དམིགས་པ་ཡུད་ཀྱིས་ཕྱིན། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་སྙིང་འབྱིན་མ། །དམར་ལྗང་ལག་ན་ཙིཏྟ་བསྣམས། །དམ་ལས་འདས་པའི་སྙིང་འབྱིན་པའི། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི༴ པདྨའི་ཕོ་ཉ་དམར་འཐུང་མ། །དམར་ལྗང་དུང་ཆེན་ཁྲག་འཐུང་མ། ཁམས་གསུམ་ཡོངས་ཀྱི་སྙིང་ཁྲག་འཐུང་། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །གརྫ་གརྫ་སྤོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་རྐང་འཇིབ་མ། །དམར་ལྗང་བྱི་ལའི་མགོ་བོ་ཅན། །ཟས་སུ་རྐང་དང་བཅུད་འཇིབ་མ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་ལས་བྱེད་མ། །དམར་ལྗང་འབྲུག་སྔོན་ཆིབས་སུ་ཆིབས། །འཇིག་རྟེན་ཁམས་ཀྱང་སྐད་གྱི་འགེངས། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི༴ གསུང་གི་ཕོ་ཉ་ཞགས་ཐོགས་མ། །སྔོན་མོ་ཞགས་ཐོགས་རླུང་ལ་ཞོན། །ཁྱོད་ཀྱིས་མི་གཟིགས་གང་ཡང་མེད། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཊ་བཾ། ཨ་བྷི་ཥིཉྩ༴ པདྨའི་ཕོ་ཉ་བླ་འཕྲོག་མ། །དམར་ལྗང་སྐྱི་སེར་རྟ་ལ་ཞོན། །སྐུ་སྨད་རེ་བས་དཀྲིས་མཛད་མ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྤོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་ཐོགས་མེད་མ། །དམར་ལྗང་རལ་གྲི་རྣོན་པོ་ཐོགས། །དམ་ལས་འགལ་བ་བསྒྲོལ་བྱེད་པའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་ཟ་བྱེད་མའི། །དམར་ལྗང་སྟག་ཆེན་སྡེར་མང་ཞོན། །གཙང་རྨེ་མེད་པར་ཟ་བྱེད་པའི། །ཕོ་ཉའི་དབང་མཆོག་འདི་ཡང་བསྐུར། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི༴ གསུང་གི་ཕོ་ཉ་མྱོས་བྱེད་མ། །དམར་ལྗང་ལྕགས་ཀྱི་ཐོ་བ་ཐོགས། །མགོ་དང་ཀླད་པ་འགས་བྱེད་བའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྤོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་རྨུག་བྱེད་མ། །དམར་ལྗང་ལྕགས་ཀྱི་དྲ་བ་ཐོགས། །གང་ལ་བྱ་བ་གཟུང་ཞིང་སྡོམས། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྤོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་རྫུ་བྱེད་མ། །དམར་སེར་ར་སྐྱེས་ཁམས་པ་ཞོན། །ཅིར་ཡང་སྤྲུལ་ཅིང་རྫུ་བྱེད་མའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྤོ་ཊ་བཾ། །ཨ་བྷི༴ པདྨའི་ཕོ་ཉ་འཁྲུག་བྱེད་མ། །དམར་སེར་རྒྱ་མཚོ་ཧུབ་ཀྱིས་འདེབས། །ཀླུ་ཡི་གནས་ཀྱང་འཇོམས་པར་བྱེད། ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་དྲག་མོ་ནི། །དམར་སེར་གཏུམ་པོ་དོམ་ལ་ཞོན། །གཏི་མུག་དྲེགས་པ་འཇོམས་པའི་དབང་། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་སྐེམས་མ་ནི། །དམར་སེར་ཁྲག་གི་ལན་ཕྲན་ཅན། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི༴ གསུང་གི་ཕོ་ཉ་འཇོམས་མ་ནི། །དམར་སེར་སྤང་ཏིའི་མགོ་བོ་ཅན། །གཏིང་མུག་ཀླད་ཆེན་འདྲལ་བྱེད་མ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། །པདྨའི་ཕོ་ཉ་རབ་དགའ་མ། །དམར་སེར་ལག་ན་ཟངས་གྲི་ཐོགས། །འཛུམ་ཞིང་འགུག་པའི་ལས་ལ་འགྱོགས། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི༴ པདྨའི་ཕོ་ཉ་གློག་འགྱུ་མ། །དམར་སེར་རྫུ་འཕྲུལ་ཁྲ་ཐོགས་མ། །དམ་ལས་ལོག་པའི་སྙིང་འཛིན་པའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་གཡུལ་འཇོམས་མ། །དམར་སེར་ལག་ན་ཤག་ཏི་ཐོགས། །དགྲ་དང་བདུད་ཀྱི་དཔུང་འཇོམས་པའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་ལྷ་འབྲེལ་མ། །དམར་སེར་རྡོ་རྗེའི་ཐོག་འབེབ་མ། སྲིད་པ་གསུམ་ཡང་རྩེ་ནས་འཇོམས་། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་སྲོག་འབྲེལ་མ། །དམར་སྨུག་འཇོམས་པའི་ཀ་ཏ་རི། །གསོད་ཅིང་འཇོམས་པའི་ཕོ་ཉ་སྟེ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི༴ པདྨའི་ཕོ་ཉ་མྱུར་བྱེད་མ། །དམར་སྨུག་གློག་གི་ཞགས་པ་ཅན། །ཐུགས་ཆེ་ཤུགས་འཆང་ཕོ་ཉ་སྟེ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་རིངས་བྱེད་མ། །བུད་མེད་ལུས་ལ་འཆོངས་མོ་ཆེ། །རི་ལུང་མེད་པར་རྗེས་ཀྱིས་འགེངས། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་སྲོག་བྱེད་མ། །དམར་སྨུག་ལག་ན་གྲི་ཐོགས་ཤིང་། །མཐའ་ཡས་སེམས་ཅན་བསྒྲོལ་ལ་མཁས། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་ཀློག་བྱེད་མ། །དམར་སྨུག་རྡོ་རྗེ་བེ་ཅོན་ཅན། །ཁམས་གསུམ་བརྡུལ་དུ་རློག་བྱེད་པས། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ༴ ཨ༴ པདྨའི་ཕོ་ཉ་ཐོ་བ་མ། །དམར་སྨུག་རྡོ་རྗེ་ཐོ་བ་འཕྱར། །ཁམས་གསུམ་དབང་དང་སྲིན་པོ་འཇོམས། །ཕོ་ཉའི་དབང་མཆོག་འདི་ཡང་བསྐུར། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་གཏུན་ཁུང་མ། །དམར་སྨུག་ལག་ན་གཏུན་ཁུང་ཐོགས། །ཆེ་ཆུང་མེད་པར་འཇོམས་བྱེད་མའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་ཞགས་འཕེན་མ། །དམར་སྨུག་བདུད་ཀྱི་ཞགས་པ་ཡིས། །གང་ལ་དམིགས་པ་འཛིན་བྱེད་པའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་མེ་ཁྱེར་མ། །དམར་སྨུག་དུར་ཁྲོད་མེ་ཆེན་གྱིས། ཕྱི་ནང་མེད་པར་སྲེག་བྱེད་མའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ༴ པདྨའི་ཕོ་ཉ་བདུད་བྱེད་མ། །དམར་སྨུག་གསེར་གྱི་བྲེ་བ་ཐོགས། །དུག་གསུམ་ཞལ་དུ་སྡུད་བྱེད་མ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི༴ གསུང་གི་ཕོ་ཉ་གཡེང་བྱེད་མ། །དམར་སྐྱ་རླུང་གི་འཁོར་ལོ་ཐོགས། །རི་རབ་གླིང་བཞི་གཡེངས་བྱེད་མའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་བསྡུས་འཇོམས་མ། །དམར་སྐྱ་གཏུན་དང་ཐོ་བ་ཐོགས། །ལྔ་ཕུང་རྡུལ་དུ་རླག་མཛད་པའི། །ཕོ་ཉའི་དབང་མཆོག་འདི་ཡང་བསྐུར། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་དཔལ་མོ་ནི། །དམར་སྐྱ་སྲིད་པའི་དཔལ་འཕྲོག་མ། །གསེར་གཡུ་སྤེལ་མའི་ན་བཟའ་གསོལ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་དབང་ཕྱུག་མ། །རྡོ་རྗེ་རྩེ་གསུམ་ཐོད་ཁྲག་འཐུང་། །སྲིད་པ་གསུམ་ན་དབང་ཆེན་གྲགས་པ་ཡིས། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་གྲགས་པ་མོ། །དམར་སྐྱ་མི་མགོ་དུང་དུ་འབུད། །སྟོང་གསུམ་གདུག་པ་ཟིལ་གྱིས་མནོན། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ༴ པདྨའི་ཕོ་ཉ་གཏུམ་བག་ཅན། །དགྲ་བོའི་སྙིང་འབྱིན་ཆོ་ངེས་འདེབས། །གང་ལ་འབབས་ཀྱང་ཐོགས་མེད་པའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ༴ ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་ཀི་ལ་ཡ། །དམར་སྐྱ་ཀི་ལའི་མཚོན་ཐོགས་མ། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྤོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། པདྨའི་ཕོ་ཉ་སྡེ་ཚོགས་མ། །པདྨ་ཁྲག་གི་ཆར་འབེབས་པས། །མ་མོ་འབུམ་སྡེ་བྲན་དུ་འཁོལ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །གརྫ་གརྫ་སྤོ་ཊ་བཾ། །ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་ཧ་ལའི་གདོང་། །མི་བཟད་མཐུ་ཆེན་བདུད་རྩི་ཐོགས། །ཧ་ལ་ཧ་ལའི་དུག་ཀྱང་འཇོམས། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་སྥོ་ཊ་བཾ། །ཨ་བྷི༴ པདྨའི་ཕོ་ཉ་རབ་བརྗིད་མ། །མི་མགོ་རྣམ་གསུམ་ཕྲེང་བ་བགྲང་། །ཀླད་ལ་བསྐོར་བས་དགྲ་བགེགས་འཇོམས། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན་པར་བྱ། གརྫ་གརྫ་སྥོ་ཊ་བཾ། །ཨ༴ གསུང་གི་ཕོ་ཉ་འཛིན་པ་མ། །ཞི་ཀླད་སྐོར་བས་དགྲ་ལས་རྒྱལ། །སྦྲུལ་ཞགས་དང་བཅས་ཞེ་སྡང་གཅོད། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །གརྫ་གརྫ་ཕོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། དེས་ནུབ་ཕྱོགས་ཀྱི་ཕོ་ཉ་དྲུག་བཅུའི་དབང་བསྐུར་བ་དེ་སོང་ནས། བྱང་ཕྱོགས་གི་ཕོ་ཉ་དྲུག་བཅུའི་དབང་བསྐུར་བ་ནི། དགྲ་དང་གནོད་སྦྱིན་འདུལ་བའི་ཕྱིར། །འཇིགས་བྱེད་ཕོ་ཉ་སྐུ་སྤྲུལ་པ། །བྱང་ཕྱོགས་འོད་ཟེར་སྔོན་པོ་ལས། །གཡུའི་མི་མོ་དྲུག་ཅུ་སྤྲུལ། །ལས་ཀྱི་ཕོ་ཉ་རྡོ་རྗེ་མ། །ལྗང་སྔོན་རྡོ་རྗེ་རྒྱ་གྲམ་ཐོགས། །འཕྲིན་ལས་རྣམ་བཞིའི་ཕོ་ཉ་མཛད། །ཕོ་ཉའི་སྐུ་འདིས་དབང་སྦྱིན་ནོ། །པ་ཙ་པ་ཙ་གྷཎྜེ་ཧོ། །ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་འཇོམས་མ་ཆེན་མོ་ནི། །ལྗང་སྔོན་ཁྱུང་གི་ཁ་ཊཾ་ཐོགས། །གཏི་མུག་ཀླུ་ལ་དབང་བསྒྱུར་བའི། །ཕོ་ཉའི་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜེ་ཧོ། །ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཁ་ལོ་བསྒྱུར་མཛད་མ། །ལྗང་སྔོན་དྲེད་ཀྱི་གཡང་གཞི་བརྡེབ། །རྫུ་འཕྲུལ་རྔ་མོ་གཟུགས་འཆང་མ། །ཕོ་ཉའི་སྐུ་འདིས་ཀྱང་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་དབང་ཕྱུག་མ། །ལྗང་སྔོན་ཐོད་རློན་ཁྲག་གིས་བཀང་། །འབྲོག་ཆེན་གཡག་པོ་ཁལ་དུ་ཞོན། །ཕོ་ཉའི་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷ ཎྚ་ཧོ། །ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་གྲུབ་བྱེད་མ། །ལྗང་སྔོན་མི་མགོ་དུང་དུ་འབུད། །ཁམས་གསུམ་མ་ལུས་སྒྲས་འགེངས་མ། །ཕོ་ཉའི་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་བསྐུལ་བ་མ། །ལྗང་སྔོན་སྙན་པའི་སྤྱུག་པས་འདེབས། །ཐུགས་དམ་གཉན་པོ་རྒྱུད་ཀྱང་བསྐུལ། །ཕོ་ཉའི་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨ་བྷི་ཥིཉྩ་ཧཱུཾ། །ལས་ཀྱི་ཕོ་ཉ་གྲུབ་པ་མོ། །ལྗང་སྔོན་གཡུའི་འཁོར་ལོ་འཆང་། །འཕྲིན་ལས་ནན་ཏན་མཐུ་མོ་ཆེ། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི༴ འཕྲིན་ལས་ཕོ་ཉ་མཐར་ཕྱིན་མ། །ལྗང་སྨུག་གཡུའི་ཐོར་ཚུག་ཅན། །ལས་སུ་བཅོལ་ན་ཀུན་ཀྱང་འགྲུབ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །པ་ཙ་པ་ཙ་གྷ ཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་མཐར་ཕྱིན་པས། ལྗང་སྨུག་རྡོ་རྗེ་རྒྱ་གྲམ་ཐོགས། །ལས་སུ་བཅོལ་ན་མཐར་ཕྱིན་པས། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་ཆུད་མི་ཟ། །ལྗང་སྔོན་དུང་གི་མཆེ་བ་ཅན། །འགྱོགས་པའི་ལས་ལ་ཆུད་མི་ཟ། །ཕོ་ཉའི་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་དབང་བསྒྱུར་མ། །ལྗང་དམར་ཆུ་སྲིན་རྒྱལ་མཚན་ཐོགས། །འཛིན་བྱེད་མི་གཏོར་རྫུ་འཕྲུལ་ཅན། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་ཐོགས་མེད་མ། །འདབ་ཆགས་བྱའི་རྒྱལ་པོ་ཞོན། །འཇིགས་སུ་རུང་པའི་མཚོན་ཆ་འཕྱར། །ཕོ་ཉ་འདི་ཡི་དབང་སྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། །ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་དངོས་གྲུབ་མ། །ལྗང་དམར་ཤེལ་གྱི་ཟ་མ་ཏོག །དགྲ་བོ་དབང་དང་དངོས་གྲུབ་འཕྲོག །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་གསལ་བྱེད་མ། ལྗང་དམར་མེའི་ཞགས་པ་འཕེན། །མུན་པའི་སྨག་ནས་འདྲེན་བྱེད་པའི། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ༴ ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་དབང་མོ་ཆེ། ལྗང་དམར་རྡོ་རྗེ་ལྕགས་ཀྱུ་འཛིན། །སྤྲེའུ་དང་ནི་བྱི་ལའི་གདོང་འགྱེད་མའི། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་དམ་ཚིག་མ། །ལྗང་དམར་མེ་ཞགས་སྡིག་མཛུབ་ཐོགས། །དམ་ཚིག་ཀུན་གྱི་རྗེས་གཅོད་མ། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་བྱ་ར་མ། །ལྕགས་ཀྱི་སྤྱང་ཁུ་གཡུ་མིག་ཅན། །བལྟས་པས་མཐོང་ཞིང་མཐོང་བས་འཛིན། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷ་ཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། །ལས་ཀྱི་ཕོ་ཉ་སྟངས་འཛིན་མ། །ལྗང་དམར་རྩིས་ཀྱི་བྱང་བུ་ཐོགས། །ལེགས་ཉེས་གཉིས་ཀྱི་བཏང་འཛིན་མ། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་རྗེས་གཅོད་མ། །དམར་ལྗང་རྩིས་ཀྱི་ཁྲམ་ཐོགས་པས། །དགེ་སྡིག་གཉིས་ཀྱི་བཏང་འཛིན་མ། །ཕོ་ཉའི་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་གསལ་འཛིན་མ། །ཕམ་རྒྱལ་རྡེའུ་དང་ཤོ་འགྱེད་པས། །ཕམ་རྒྱལ་གཉིས་ཀྱི་གསལ་འཛིན་པས། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་བསྐུལ་བྱེད་མ། །ལྗང་སེར་ལྕགས་ཀྱི་མདའ་འཕེན་མ། །གནམ་ས་ཀུན་ཀྱང་བསྐུལ་བར་བྱེད། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་དབང་མོ་རྐུ། །ལྗང་སེར་ཁྲག་གི་ཕོར་པ་ཐོགས། །མ་ཐོགས་ལས་ལ་མྱུར་བྱེད་པའི། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི༴ ལས་ཀྱི་ཕོ་ཉ་ཕག་མོ་ནི། །ལྗང་སེར་ཕག་མགོ་ཐོ་བ་འཕྱར། །ཆེ་ཆུང་མེད་པར་བརྡུལ་དུ་རློག །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་སྤྱན་བརྒྱ་མོ། །མགོ་ལུས་མེད་པ་མིག་གིས་གང་། །སྟོང་གསུམ་མ་ལུས་གསལ་ཞིང་བཀྲ། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི༴ ལས་ཀྱི་ཕོ་ཉ་མིག་སྟོང་ལྡན། །དབུ་སྟོང་སྤྱན་སྟོང་ཕྱག་ཀྱང་སྟོང་། །སྟོང་གསུམ་སྟོང་ལ་དབང་ཆེར་ཆགས། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་འོད་མགྱོགས་མ། །འཇའ་ཚོན་ལུས་ལ་འོད་ཀྱི་མིག །བལྟས་པས་མི་མཐོང་ཅི་ཡང་མེད། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་རླུང་ཞོན་མ། །ལག་ན་ལྕགས་ཀྱི་དགྲ་སྟ་བསྣམས། །རླུང་ནག་འཚུབ་མ་ཆིབས་སུ་འཆིབས། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་རྫུ་འཕྲུལ་ཅན། །སྤྲུལ་ནག་སྟོང་གི་ཞགས་པ་འཕེན། །ལྟས་ངན་རྔ་མོང་ག་པ་ཞོན། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། པ་ཙ་པ་ཙ་གྷ ཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་རྒྱུ་བ་མོ། །ཅིར་ཡང་མ་ངེས་གཟུགས་སུ་སྟོན། །ཕྱེད་མགོ་ཆུ་སྲིན་སྤྲུལ་གྱིས་ལུས། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། ། པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་དབང་ཕྱུག་རྒྱལ། །ལྗང་སེར་མདུང་ཐུང་རྩེ་གསུམ་འཕྱར། །དུག་གསུམ་རྩད་ནས་ལེན་བྱེད་པའི། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། །ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་གྲགས་རྒྱལ་མ། །ལྗང་ནག་སྟག་ཞོན་དྲེད་ཀྱི་མགོ །འཇིག་རྟེན་ཁམས་འདིར་མཐུ་ཆེར་གྲགས། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་དཔལ་ཤམ་མ། །དམར་གྱི་གཏོར་མ་ཀླད་ལ་བསྐོར། །ཁྲག་གི་གཏོར་མ་ཞགས་པ་འཕེན། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། །ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་ཡག་ཤ་མོ། །ལྗང་ནག་གནོད་སྦྱིན་མགོ་བོ་ཐོགས། །གང་ལ་བྱ་བ་ཐོད་ཟོར་འཕེན། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་ཁྲོ་བག་ཅན། །བུད་མེད་ལུས་ལ་སྐྱེས་པའི་མགོ །ཆེད་འགའ་ཞི་སྟེ་ཆེད་འགའ་ཁྲོ། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤ ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་མཆེ་བ་མོ། །ལག་གཉིས་རྡོ་རྗེ་མཆེ་བས་འདེབས། །བྱུག་པས་མི་ཟིན་གཅིག་ཀྱང་མེད། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་དབང་བསྐུར་མ། །རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཅན། །ཀུན་གྱིས་མངའ་བདག་དབང་མོ་ཆེ། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤེ་ར་ས་ཡ་སྭཱ་ཧཱ། །ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་དངོས་གྲུབ་བདག །ལྗང་ནག་འདོད་སྤྱོད་ལྔ་པ་རོལ། །དངོས་གྲུབ་རྣམ་གསུམ་དུས་འདིར་སྩོལ། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི༴ ཕོ་ཉ་སྒྲོལ་བྱེད་ཆེན་མོ་ནི། །ལྗང་ནག་གཅོད་པའི་ཕལ་ཚབ་བསྣམས། །གང་ཡང་གསོན་པར་མི་བྱེད་པའི། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨབྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་མངའ་བདག་མོ། །སྲིད་གསུམ་གྲགས་པའི་རྔ་ཆུང་བརྡུང་། །མ་ལུས་གདུག་པ་ཟིལ་གྱིས་མནོན། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་འོད་འཕྲོ་མ། ལྗང་ནག་གཅོད་པའི་ཤག་ཏི་ཐོགས། །སྲིད་གསུམ་གསལ་བའི་འོད་འཕྲོ་མ། །ཕོ་ཉའི་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིནྩ་ཧཱུཾ། ལས་ཀྱི་ཕོ་ཉ་དྲག་མོ་ནི། །ལྗང་ནག་གྲུ་གསུམ་མཐིང་ནག་ཐོགས། །དྲག་པོ་ལས་ཀྱི་ཕོ་ཉ་མོ། །ཕྱག་རྒྱའི་སྐུ་འདིའི་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨེ་ཤ་ར་ཛ་ཡན་ཏི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་འཕྲལ་རྐྱེན་མ། །ལྗང་སྨུག་སླེའུ་ནག་ས་ལ་བརྡེབས། །རང་ལ་རང་ཡང་ཚིག་ཅིང་ཁྲོ། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་མྱུར་གྲུབ་མ། །འཇམ་དཔལ་རྣོན་པོ་ལག་ན་ཐོགས། །ཧ་ཧ་རུ་ལུའི་སྒྲ་སྒྲོག་མའི། །ཕྱག་རྒྱ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། །ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་ཆུད་མི་ཟོས། །ལྗང་སྨུག་རེ་ཆེན་མེ་སྒྲོན་ཐོགས། །གདུང་བས་བརྩེ་ཞིང་ཕན་འདོགས་པའི། །ཕྱག་རྒྱའི་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་འདུལ་བྱེད་མའི། །ལྗང་སྨུག་སྲིན་པོའི་ཐོད་པ་ཐོགས། ཁྱོད་ཀྱི་མི་འདུལ་གང་ཡང་མེད། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ༴ ཨེ་ཤ་ར་ཛ་ཡན་ཏི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་རྒྱ་མཚོ་མ། །སྣ་ཚོགས་ལུས་འཆང་རྒྱ་མཚོ་རླབས། །འཛམ་བུ་གླིང་བཞི་གཡོ་བྱེད་མའི། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷ ཎྜ་ཧོ། །ཨེ་ཤ་ར་ཛ་ཡན་ཏི་སྭཱ་ཧཱ། །ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་ལྟུང་འཛིན་མ། སེམས་ཅན་ཞིང་བཅུ་བསྒྲལ་བ་ལ། །དམྱལ་བར་ལྟུང་ངེས་ལྕགས་ཀྱུས་འཛིན། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ལྷ་མོ་སྒྲོལ་བྱེད་མ། །དམར་སྨུག་འཇོམས་བྱེད་རི་རབ་འདྲིལ། །རྡུལ་དུ་བརླག་པའི་ལས་མཛད་མ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ་ར་ཛ་ཡན་ཏི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་རང་དབང་མོ། །ལྗང་སྨུག་གཡུའི་ཞགས་པ་འདེབས། །འཇིག་རྟེན་ལས་ཀྱི་གཉེན་གཅིག་མ། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ་ར་ཛ་ཡན་ཏི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་འདུལ་མཁན་མོ། །སྐྱེས་བུ་ན་ཆུང་གཟུགས་འཆང་བས། །ཇི་ལྟར་དམིགས་པ་བཞིན་དུ་འདུལ། །ཕྱག་རྒྱ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ ར་ཛ་ཡན་ཏི་སྭཱ་ཧཱ། །ལས་ཀྱི་ཕོ་ཉ་གོམ་པ་མོ། །ལྗང་ཁུ་ཉུངས་ཀྱི་མདའ་འཕེན་མ། །དཀར་ནག་སྙིང་གི་མཚམས་སུ་བརྡེག །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་ལས་ལ་མཁས། །ལྗང་སྐྱ་མཆེ་བའི་ཟོར་འཕེན་མ། །ལོག་པའི་ཕྱོགས་རྣམས་བཟློག་བྱེད་མའི། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ ལས་ཀྱི་ཕོ་ཉ་དབང་བསྒྱུར་མ། །ཉི་ཟླ་གཟའ་སྐར་སློག་པ་གྱོན། །འཛམ་བུ་གླིང་བཞི་ལག་ན་ཐོགས། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ལྷ་མོ་མཆོག་སྒྲོལ་མ། ། ལྗང་སྐྱ་མཆོག་གི་ཙིཏྟ་འབྱིན། །སྐྱེ་ཤི་གཉིས་ཀྱི་རྩ ད་གཅོད་མ། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་རྒྱུ་སྒྲོལ་མ། །ཐུགས་དམ་གཉན་པོ་རྒྱུད་བསྐུལ་ཕྱིར། །ཤེལ་དང་ལུང་ཐང་སྦུ་བུ་བསྣམས། །ཕོ་ཉ་འདི་ཡིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ་ར་ཤ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ཕོ་ཉ་རྔམ་པ་མོ། །ལྗང་སྐྱ་ཤ་ཁྲག་རློན་པ་ཟ། །གསོད་པའི་ལས་ལ་རྔམ་པ་མོ། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་སྤྲོ་རྐྱེེན་མོ། །ལྗང་སྐྱ་འདེབས་པའི་ལས་ལ་མྱུར། །ཛ་ཛ་ཧ་ཧའི་སྒྲས་འདེབས་མ། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨ་བྷི་ཥིཉྩ་ཧཱུཾ། འཕྲིན་ལས་ལྷ་མོ་གཏུམ་པ་མོ། །ཉི་མ་ཟླ་བའི་འཁོར་ལོ་འཕེན། །གཏུམ་པས་འདོད་ཁམས་ལྷ་མི་བཙན། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། །ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལས་ཀྱི་ཕོ་ཉ་དམིག་དམར་མ། །ཁྲག་གི་ཆར་པས་མྱོས་པར་བྱེད། །མིག་རྩ་དམར་ལ་ར་གདོང་ཆེ། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྚ་ཧོ་ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། །འཕྲིན་ལས་ཕོ་ཉ་སེན་མོ་ཅན། །དམར་སྨུག་སེན་མོ་ལྕགས་ཀྱུས་བལྟམས། །བསྒྲལ་བའི་ཞིང་བཅུ་འཛིན་བྱེད་པའི། །ཕྱག་རྒྱ་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷཎྜ་ཧོ། ཨེ་ཤ་ར་ས་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། དེས་བྱང་ཕྱོགས་ཀྱི་ཕོ་ཉ་དྲུག་བཅུའི་དབང་བསྐུར་བ་དེ་སོང་ནས། སྒོ་ཁྱམས་དགུ་པ་འོག་གི་མ་མོ་དྲུག་བཅུའི་དབང་བསྐུར་བ་ནི། ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀྱིས། །དགྲ་དང་འབྱུང་པོ་བསྒྲལ་པའི་ཕྱིར། །སྐུ་ཡིས་འོད་ཟེར་སྨུག་ནག་ལས། །མ་མོ་ལས་བྱེད་དྲུག་བཅུར་སྤྲུལ། །རལ་པ་གཅིག་མ་མ ཐིང་ཁ་འཇིགས་པའི་གཟུགས། །ཏྲི་ཤུལ་རལ་གྲི་དྲིལ་བུ་ནད་རྐྱལ་ཐོགས། །མ་མོ་འདི་ཡིས་དབང་ཡང་བསྐུར་བར་བྱའོ། །མ་མེ་རཀ་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྦས་པའི་མ་མོ་ཐལ་མདོག་ཐོད་ཁྲག་འཐུང་། །གཡང་གཞི་དུར་ཁྲོད་བརྒྱན་གྱིས་མཛེས་པར་ཀླུབས། ། སྲིད་པ་གསུམ་ན་མཐུ་ཆེ་རྩལ་དྲག་པ། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱའོ། །མ་མེ་ཤྭ་རི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དུར་ཁྲོད་ཚོགས་ཀྱི་མ་མོ་རལ་བ་ཅན། །མི་ཐོད་ཕྲེང་བས་སྐུར་བརྒྱན་རབ་ཏུ་བརྗིད། །ཁམས་གསུམ་འདི་ན་མཐུ་ཆེན་ཁྱོད་ལ་འདུད། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཟ་བྱེད་རྔམ་པའི་མ་མོ་ཆེན་མོ་ནི། །མཐིང་སྐྱ་ཁྲག་གི་རལ་པ་གོས་སུ་གོན། །ཕྱག་གི་སྐྱེ་འགྲོ་ཡོངས་ཀྱི་ཙིཏྟ་བཟུང། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱ། །མ་མ་རཀྴ་ཧཱུཾ། ཨབྷི་ཥིཉྩ་ཧཱུཾ། ཁམས་གསུམ་སྡུད་པའི་མ་མོ་ཆེན་མོ་ནི། །དམར་མོ་ཐོད་ཁྲག་སྐོམ་དུ་འཐུང་བྱེད་པས། །ང་རྒྱལ་དྲེག་པའི་འཁོར་ཀྱང་འཇོམས་བྱེད་པའི། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྒྱུ་དྲུག་སྒྲོལ་བའི་མ་མོ་ཆེན་མོ་ནི། །སྨུག་ནག་མེ་འབར་རྒྱ་མཚོ་གོས་སུ་གྱོན། །མི་སྙིང་རྒྱུས་པའི་ཕྲེང་བ་ཀླད་ལ་བསྐོར། །མ་མོ་འདི་ཡིས་དབང་ཡང་བསྐུར་བར་བྱ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྲིད་གསུམ་ཟ་བྱེད་མ་མོ་ཆེན་མོ་ནི། །དམར་ནག་གནམ་ས་གཉིས་ཀྱང་གོས་སུ་གོན། །བདུད་དང་སྲིན་པོའི་ཚོགས་ཀྱང་འདར་ཞིང་མདུད། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྣང་སྲིད་ཡོངས་ལ་དབང་བསྒྱུར་བའི། །སེར་ནག་ཉི་ཟླ་ཐོད་དུ་བཅིངས། །གནམ་ས་གཉིས་ལ་དབང་བྱེད་པའི། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མཐུ་རྩལ་སྙེམས་པའི་མ་མོ་ནི། །ལྗང་ནག་ཞིང་གི་གོ་ཟུ་གསོལ། །ལག་པ་གཡས་ཀྱི་ནམ་མཁའ་འདེགས། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱ། མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཁྲོ་ཆེན་ཤ་ཁྲག་གསུར་ལ་དགའ། །མི་ཤ་རྟ་ཤ་ཟས་སུ་ཟ། ། མི་ཁྲག་རྟ་ཁྲག་སྐོམ་དུ་འཐུང་། མ་མོ་འདི་ཡི་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྒྲོལ་བྱེད་མ་མོ་ཆེན་མོ་ནི། །མཐིང་ནག་ནང་ཁྲོལ་གློ་སྙིང་འབྱིན། །ལས་སུ་དམ་ཉམས་སྒྲོལ་ལ་བརྩོན། །མ་མོ་འདིས་ཀྱང་དབང་ཡང་བསྐུར། །མ་མ་རཀྴ་ཧཱུཾ། ཨ་བྷི༴ མ་མོ་ཟ་བྱེད་ཆེན་མོ་ནི། །སྔོ་ནག་གཡུའི་ཟ་མ་ཏོག །ཉམས་པ་ལེན་ཅིང་བསྒྲུབ་ལ་སྟོབས། །མ་མོ་འདི་ཡི་དབང་ཡང་བསྐུར། །མ་མ་རཀྴ་ཧཱུཾ། ཨ་བྷི༴ རྔམ་བྱེད་མ་མོ་ཆེན་མོ་ནི། །གནམ་གྱི་འབྲུག་སྔོན་ཆིབས་སུ་ཆིབས། །དགྲ་དང་ཉམས་པའི་སྙིང་འབྱིན་མ། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འཛིན་བྱེད་མ་མོ་ཆེན་མོ་ནི། །སེར་ནག་ཐོད་ཁྲག་ལྕགས་ཀྱུ་ཐོགས། །མ་ལུས་སྒྲོལ་བའི་གིང་ཆེན་མོ། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱ། །མ་མ་རཀྴ་ཧཱུཾ། ཨ་བྷི༴ བགེགས་ཆེན་འཇོམས་པའི་མ་མོ་ནི། །སྔོ་ནག་སྤུ་གྲི་ཐོ་བ་ཐོགས། །བགེགས་ཀྱི་རྒྱལ་པོའི་སྙིང་ལ་འགེམས། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱའོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྒྲོལ་བྱེད་མ་མོ་ཆེན་མོ་ནི། ལྗང་ནག་བྷཉྩ་གྲི་ཐོགས་མ། །འཇིག་རྟེན་ཁམས་ཀྱི་དབང་མོ་ཆེ། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱའོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཆད་བས་གཅོད་པའི་མ་མོ་ནི། །སྔོ་ནག་ཞིང་གི་གཡང་གཞི་བརྡེབས། །དམ་ཚིག་ཉམས་པའི་སྙིང་འབྱིན་མ། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱ། །མ་མ་རཀྴ། ཨ་བྷི་ཥིཉྩ་ཧཱུཾ། འབྱུང་པོ་བསྒྲོལ་བྱེད་མ་མོ་ནི། །བན་དྷ་གྲི་ཐོགས་འབྱུང་པོ་བསྒྲོལ། །ཤར་གྱིས་ཕྱོགས་ནས་ལས་བྱེད་པའི། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱའོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གཤིན་རྗེ་སྒྲོལ་བྱེད་མ་མོ་ནི། །བནྷ་གྲི་ཐོགས་གཤིན་རྗེ་སྒྲོལ། །ལྷོ་ཡི་ཕྱོགས་ནས་ལས་བྱེད་པའི། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཕྱོགས་ཀླུ་སྒྲོལ་ཆེན་མོ་ནི། །བནྡྷ་གྲི་ཐོགས་ཀླུ་ཆེན་སྒྲོལ། །ནུབ་ཀྱི་ཕྱོགས་ནས་ལས་ཕྱེད་པའི། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གནོད་སྦྱིན་མ་མོ་ཆེན་མོ་ནི། །ལྗང་ནག་བནྡྷ་གྲི་ཐོགས་མ། །བྱང་གི་ཕྱོགས་ནས་ལས་བྱེད་མ། །མ་མོ་འདི་ཡི་དབང་བསྐུར་རོ། །མ་མོ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྲིན་པོ་སྒྲོལ་བྱེད་མ་མོ་ནི། །སྔོ་ནག་བནྡྷ་གྲི་ཐོགས་མ། །སྟེང་གི་ཕྱོགས་ཀྱི་ལས་བྱེད་པའི། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྲིན་པོ་སྒྲོལ་བྱེད་མ་མོ་ནི། སྨུག་ནག་བནྡྷ་གྲི་ཐོགས་མ། །འོག་གི་ཕྱོགས་ནས་ལས་བྱེད་མའི། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མོ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གཟུགས་ལ་དབང་པའི་དབང་མོ་ཆེ། །དཀར་མོ་ཞིང་གི་དབྱུག་པ་ཅན། །དགྲ་བོའི་གཟུགས་རྣམས་འཕྲོག་བྱེད་པའི། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཁྲག་ལ་དབང་པའི་དབང་མོ་ཆེ། །སྔོན་མོ་ཐོད་ཁྲག་དཀྲུག་ཅིང་འཐུང་། །དགྲ་བོའི་ཁྲག་རྣམས་འཕྲོག་བྱེད་མ། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དྲོད་ལ་དབང་བའི་དབང་མོ་ཆེ། །དམར་མོ་ལག་ན་ཙིཏྟ་བསྣམས། །སྡང་པ་དགྲ་བོའི་དྲོད་འཕྲོག་མ། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དབུགས་ལ་དབང་བའི་དབང་མོ་ཆེ། །ལྗང་ནག་ཐོད་ཁྲག་ཞགས་པ་ཐོགས། །དགྲ་བོའི་དབུགས་རྣམས་འཕྲོག་བྱེད་པའི། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུ། ཨ་བྷི༴ བཀྲག་མདངས་དབང་བའི་དབང་མོ་ཆེ། སེར་ནག་རལ་གྲི་ཐོད་ཁྲག་འཐུང་། །འཇིག་རྟེན་ཁྱབ་པའི་མཐུ་མོ་ཆེ། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་ཟ་བྱེད་སྟག་གི་མགོ །དམར་སེར་ཐོད་ཁྲག་ཞལ་དུ་གསོལ། །གདུག་པའི་ཚོགས་འཇོམས་རྫུ་འཕྲུལ་ཅན། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་འཛིན་བྱེད་ཆུ་སྲིན་མགོ །ཤ་ཁྲག་གསུར་ལ་དགའ་བྱེད་པས། །འཇིག་རྟེན་འདི་ན་དབང་རེ་ཆེ། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་ཆེན་མོ་དུར་ཁྲོད་བརྒྱན། །མི་ལྤགས་རློན་པ་ན་བཟའ་གསོལ། །དུར་ཁྲོད་བགེགས་ཆེན་འདུལ་མཛད་མ། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་གར་གྱི་དབང་མོ་ཆེ། །དབུ་སྟོང་སྤྱན་སྟོང་ཀུན་ལ་ཁྱབ། །མ་ལུས་སྒྲོལ་བའི་གིང་ཆེན་མོ། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། པདྨ་གར་གྱིས་དབང་ཕྱུག་མ། །ལག་ན་མི་མགོའི་ཕོར་པ་རུ། །མི་སྙིང་ཚིལ་བུས་བཀང་ཞིང་གསོལ། །མ་མོ་འདི་ཡིས་དབང་ཡང་བསྐུར། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ས་བདག་ཆེན་མོ་པདྨ་འཕྲེང་། །དམར་ནག་བནྡྷ་ཁྲག་གིས་བཀང་། །མིག་རྩ་དམར་ཞིང་རྔམ་པ་ཆེ། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མོ་རཀྴ་ཧཱུཾ། ཨ་བྷི༴ སྲིད་པ་གསུམ་གྱི་མངའ་བདག་མོ། །རི་རབ་རྩེ་ནས་བསྙིལ་བྱེད་ཅིང་། །རྒྱ་མཚོ་གཏིང་ནས་རྙོག་བྱེད་པས། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྒྱ་མཚོ་གཏིང་གི་མཐུ་མོ་ཆེ། །ན་བཟའ་ཆུ་སྲིན་ལྤགས་པས་གཡོགས། །སྦྲུལ་ནག་འབུམ་གྱི་གདེངས་ཀ་ཅན། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མོ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་རྡོ་རྗེ་ཐོ་བ་མ། །སྔོ་ནག་མི་བསྲུན་ཐོ་བ་ཐོགས། །སྲིན་པོའི་ཚོགས་ཀྱང་འདར་ཞིག་གཡོ། མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་རྡོ་རྗེ་གཏུན་ཁུང་མ། །མཐིང་ནག་དགྲ་བོ་གཏུན་དུ་བརྡུང་། །གང་ལ་བྱ་བ་བརྡུལ་དུ་རློག །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་རྡོ་རྗེ་དུར་ཁྲོད་བདག །སྔོ་ནག་མི་མགོ་རྡོ་རྗེ་དབྱུག །གདུག་པའི་ཚོགས་ཀྱང་འཇོམས་པར་བྱེད། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་རྡོ་རྗེ་གདེང་མོ་ནི། །སྔོ་ནག་རྡོ་རྗེ་རྩེ་གསུམ་འཕྱར། །གདུག་ཅིང་གཏུམ་ལ་དྲག་ཤུལ་ཆེ། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་རྡོ་རྗེ་གསལ་བཀྲ་མ། །དམར་ནག་མེ་ཡིས་རྒྱུ་ཞགས་འཕེན། །བཀའ་ལས་འགལ་བ་འཛིན་བྱེད་མ། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་རྡོ་རྗེ་ཁྲག་འཐུང་མ། །ལྗང་སེར་བནྡྷ་རཀྟས་བཀང་། །བཀའ་ལས་འགལ་བའི་སྙིང་ཁྲག་འཐུང་། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་ནག་མོ་དྲེད་ཞོན་མ། །ནད་ཀྱི་རྐྱལ་པ་གོང་དུ་བཏང་། །མཚོན་གྱི་གྲུ་གུ་ཀླད་ལ་བསྐོར། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དུས་བཞི་རྒྱལ་མོ་མཐུ་མོ་ཆེ། སྲིད་པ་གསུམ་ལ་དབང་བྱེད་ཅིང་། །ཅིར་ཡང་འགྱུར་བའི་སྐུ་མངའ་བ། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་གནས་ཉུལ་སྤྱང་ཀུའི་མགོ །མི་ཤ་ཟ་ཞིང་བདུད་ཁྱིམ་འཇོམས། །བལྟས་པས་བདུད་རྣམས་བརླག་བྱེད་པའི། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་རྫུན་བྱེད་སྟག་དང་དོམ། །གཅན་གཟན་གདུག་པའི་གཟུགས་སུ་སྤྲུལ། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་འཛུམ་བྱེད་ཕོ་ཉ་མོ། །ཁྲ་ལྟར་འཇུམས་ཞིང་ཁྱི་ལྟར་ཟུགས། །གང་ལ་དམིགས་པ་ཡུད་ཀྱི་ལེན། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་གནམ་ས་ཕྱེད་ཀྱི་བདག །རི་ཀླུང་མེད་པར་གཟུགས་ཀྱིས་ཁེངས། །ཆེ་ཆུང་མེད་པར་འཇོམས་པར་བྱེད། །མ་མོ་འདི་ཡིས་དབང་ཡང་བསྐུར་། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་ཆེན་མོ་རྒྱུག་བྱེད་མ། །བུད་མེད་ལུས་ལ་འཇའ་ཚོན་གོས། །བང་ནི་རི་ཀླུང་མེད་པར་རྒྱུག །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་མོ་ཕོ་ཉ་ཟ་བྱེད་མ། །བུད་མེད་ལུས་ལ་སྟག་གིས་མགོ། །ཟས་སུ་གཙང་རྨེ་མེད་པར་ཟ། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཡ་བྱིན་ཕོ་ཉ་མོ། །དཀར་བཀྲ་ལྕགས་ཀྱུ་ཕུར་བུ་འཛིན། །གང་ལ་བྱ་བ་གྲུབ་བར་བྱེད། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིནྩ་ཧཱུཾ། རྡོ་རྗེ་ཕག་འབྱིན་ཐོགས་པ་མེད། །དཀར་ནག་ལྕགས་སྒྲོགས་ཕུར་བུ་ཐོགས། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་དེ་བྱིན་དབང་གྲུབ་མ། །ལྗང་ནག་དྲིལ་བུ་ཕུར་བུ་འཕེན། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི༴ ས་བདག་རྒྱལ་མོ་ཆེན་མོ་འདི། །སེར་ནག་གསེར་གྱི་བུམ་པ་ཅན། །ཚེ་སྲོག་ཀུན་ལ་དབང་བསྒྱུར་མའི། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཕྱི་འཁོར་སྐྱོང་པའི་མངའ་བདག་མོ། །བརྒྱན་དང་ཆ་ལུགས་མཛེས་པའི་ཚུལ། །གནས་ནི་གཡའ་དང་གངས་ལ་བཅའ། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འབྲོག་སྲིན་རྣམས་གྱི་རྗེ་མོ་ནི། །བུད་མེད་བཟང་སྡུག་འོད་ཆགས་ལ། །སྐྲ་བཤིས་རལ་པ་གྱེན་དུ་གསིགས། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི༴ འཁྲོ་ཚིག་མྱུར་བའི་མ་མོ་ནི། །བུད་མེད་ཁྲག་གི་ལན་ཕྲན་ཅན། །ནག་མོ་ལག་ན་ཐོད་པ་ཐོགས། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་བསེ་བྱིན་རྩལ་མོ་ཆེ། །སྔོ་ནག་ཞགས་པ་ཕུར་བུ་འཛིན། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོ་འདི་ཡིས་དབང་བསྐུར་རོ། །མ་མ་རཀྴ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྒོ་ཁྱམས་བཅུ་པའི་རིག་འཛིན་རྩལ་འཆང་གི་རྒྱ་དང་དགུ་བཅུ་གོ་གཉིས་ཀྱི་དབང་བསྐུར་བ་ནི། ཐོག་མར་རྫོགས་ཆེན་རྒྱུད་པའི་བླ་མ་རྣམས་ཀྱི་དབང་བསྐུར་བ་ནི། །བླ་མ་རྣམས་ཁྱེད་རང་རྣམས་ལ་ཐིམ་པས། །ཐུགས་ལྔ་ལྷུན་གྲུབ་ཀྱིས་སངས་རྒྱས་ཐོབ་ནས་འགྲོ་དོན་ལྷུན་གྱིས་གྲུབ་པར་བསྒོམ་ཅིག ། ༈ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཐུགས་ལྔ་ལྷུན་གྲུབ་ཀུན་བཟང་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཐུགས་ལྔས་འགྲོ་དོན་ལྷུན་གྱིས་གྲུབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། དབུས་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་དབྱིངས་ཡེ་ཤེས་རྡོར་སེམས་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཆོས་དབྱིངས་ཡེ་ཤེས་འགྲོ་དོན་ལྷུན་གྲུབ་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ཤར་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །མེ་ལོང་ཡེ་ཤེས་རྣམ་སྣང་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མེ་ལོང་ཡེ་ཤེས་འགྲོ་དོན་ལྷུན་གྲུབ་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །མཉམ་ཉིད་ཡེ་ཤེས་རིན་འབྱུང་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མཉམ་ཉིད་ཡེ་ཤེས་འགྲོ་དོན་ལྷུན་གྲུབ་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཕྱོགས་ཆོས་ཀྱི་དབྱིངས་ཀྱིས་ཕོ་བྲང་ནས། སོར་རྟོག་ཡེ་ཤེས་སྣང་མཐའ་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སོར་རྟོགས་ཡེ་ཤེས་འགྲོ་དོན་ལྷུན་གྲུབ་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །བྱ་གྲུབ་ཡེ་ཤེས་དོན་གྲུབ་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །བྱ་གྲུབ་ཡེ་ཤེས་འགྲོ་དོན་ལྷུན་གྲུབ་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །མཁྱེན་རབས་མངའ་བདག་འཇམ་དཔལ་ཐུགས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཤེས་རབ་ཕུན་སུམ་ཚོགས་པར་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །སྙིང་རྗེའི་མངའ་བདག་སྤྱན་གཟིགས་ཐུགས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྙིང་རྗེ་ཕུན་སུམ་ཚོགས་པར་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །མཐུ་སྟོབས་མངའ་བདག་ཕྱག་རྡོར་ཐུགས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །མཐུ་སྟོབས་ཕུན་སུམ་ཚོགས་པར་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་དགའ་རབ་རྡོ་རྗེ་ནི། །རབ་བྱུང་ཚུལ་སྟེ་གསང་བའི་མཚན། །རྡོ་རྗེ་བདེ་བྱེད་རྩལ་ཞེས་བྱ། །འོག་མིན་གནས་བཞུགས་བྱིན་བརླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་སྩོལ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི། །དགེ་སློང་རྡོ་རྗེ་འཛིན་པའི་ཚུལ། །གསང་མཚན་རྡོ་རྗེ་གཞོན་ནུ་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་བུ་ལ་དབང་བསྐུར་སྩོལ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། རྒྱལ་པོ་དྷ་ན་ཏ་ལོ་རྒྱལ་གཟུགས་འཛིན། །མཚན་ནི་རྡོ་རྗེ་དགའ་བྱེད་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛད་གནས་འདིར་གཤེགས། །སྐལ་ལྡན་བུ་ལ་དབང་བསྐུར་སྩོལ། །ༀ་གུ་རུ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུཾ། ཐུ་བོ་རཱ་ཛ་ཧསྟི་སྲས། རྒྱལ་བུའི་ཚུལ་འཛིན་གསང་བའི་མཚན། །རྡོ་རྗེ་གསལ་བ་རྩལ་ཞེས་བྱ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད༴ སྐལ་ལྡན་བུ་ལ་དབང་བསྐུར་སྩོལ། །ༀ་གུ་རུ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུཾ། སྲས་མོ་བ་ར་ན་སི་ནི། །བཙུན་མོའི་ཚུལ་འཛིན་རྡོ་རྗེ་སྒོམ། །གསང་མཚན་རྡོ་རྗེ་མཛེས་པ་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཀླུ་རྒྱལ་གསང་མཚན་རྡོ་རྗེ་ནི། །སྒྱུ་འཕྲུལ་རྩལ་ཏེ་ཀླུའི་ཚུལ། །སྦྲུལ་འཁྲིལ་ཁྲི་ལ་པད་སྐྱིིལ་ཀྲུངས། རྒྱ་མཚོ་ནང་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྒྱལ་པོའི་སྲས་མོ་གནོད་སྦྱིན་མོ། །བུད་མེད་གཟུགས་ཅན་རྡོ་རྗེ་འཛིན། །བྱང་ཆུབ་ཞེས་བྱ་གསང་བའི་མཚན། །རྡོ་རྗེ་གཡུ་དྲུང་རྩལ་ཞེས་བྱ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྨད་འཚོང་བཟུང་མོ་ཨ་ར་ལི། །བུད་མེད་ཚུལ་ལ་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་དབྱིངས་ལ་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཁ་ཆེའི་སློབ་དཔོན་ཨ་ཀྵ་བྷེ། །རབ་བྱུང་ཆ་ལུགས་དངོས་གྲུབ་སྩོལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཀུ་ཀུ་ར་ཙ་རས་དཀར་བཅིངས། བེར་གྱོན་རྡོར་འཛིན་གསང་བའི་མཚན། །རྡོ་རྗེ་དྲག་པོ་རྩལ་ཞེས་བྱ། །འོག་མིན་གནས་བཞུགས་བྱིན་བརླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གཟུངས་མ་སྨད་འཚོང་བུདྡྷ་མ། །བུད་མེད་ཆ་ལུགས་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་ཡང་དག་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གིས་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྨད་འཚོང་བུདྡྷ་ས་མ་ཡ། བུད་མེད་གཟུགས་འཛིན་གསང་བའི་མཚན། །རྡོ་རྗེ་ཉི་འོད་རྩལ་ཞེས་བྱ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྲས་མོ་གོ་མ་དེ་བྱི་ནི། །བུད་མེད་ཆ་ལུགས་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་དངོས་གྲུབ་རྩལ། །འོག་མིན་གནས་ཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དགེ་སློང་ཨ་མོ་ཀོ་ཞེས་པ། །དགེ་སློང་ཆ་ལུགས་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་གཡུང་དྲུང་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཀུ་ཀུ་ར་ཛ་ཕྱི་མ་ནི། །རས་དཀར་བེར་གྱོོན་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་མ་ཧཱ་ར་ཛ་ནི། །དགེ་སློང་ཆ་ལུགས་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་སྒེག་པ་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཨོ་རྒྱན་མ་ཧཱ་ར་ཙ་ནི། །རྒྱལ་ཕུ་དགེ་སློང་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ༴ འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་དྲང་སྲོང་བྱི་ཤ་ནི། །དྲང་སྲོང་གཅེར་པུ་ཐོར་ཚུགས་ཅན། །གསང་མཚན་རྡོ་རྗེ་ལྷུན་གྲུབ་རྩལ། འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི༴ སློབ་དཔོན་ན་ག་འཛུ་ན་ནི། །དགེ་སློང་རྡོ་རྗེ་འཛིན་པ་སྟེ། །གསང་མཚན་རྡོ་རྗེ་ཐོགས་མེད་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྨད་འཚོང་བདག་ཉིད་ཆེན་མོ་ནི། །བུད་མེད་ཚུལ་ལ་རྡོ་རྗེ་འཛིན། །རྡོ་རྗེ་འོད་མཆོག་རྩལ་ཞེས་བྱ། །འོག་མིན་གནས་བཞུགས་བྱིན་བརླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་དེ་བ་ར་ཙ་ནི། །དགེ་སློང་ཚུལ་ལ་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་གསང་བ་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འཇམ་དཔལ་བཤེས་གཉེན་ཕྱི་མ་ནི། །དགེ་སློང་ཚུལ་ཅན་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་ངེས་པ་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རིག་འཛིན་དགེ་བསྙེན་ལེགས་ཞེས་པ། །གསང་མཚན་རྡོ་རྗེ་མཆོག་རབ་རྩལ། །དགེ་སློང་ཚུལ་ལ་རྡོ་རྗེ་འཛིན། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ༴ ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་དྷརྨ་ར་ཛ་ནི། །དགེ་སློང་ཚུལ་ཅན་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་མི་འགྱུར་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་བུདྡྷ་གུ་ཧྱ་ནི། །དགེ་སློང་ཚུལ་ལ་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་གསང་རྫོགས་རྩལ། །འོག་མིན་གནས་གཞུགས་བྱིན༴ བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་བི་མ་མི་ཏྲ་ནི། །དགེ་སློང་ཚུལ་ལ་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་གྲོ་བོ་ལོད། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དགེ་སློང་མོ་ནི་ཀུན་དགའ་མ། །བུད་མེད་ཚུལ་ལ་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་ཤེས་རབ་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐད་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་སྤ་གོར་བཻ་རོ་ཙ། །འདུལ་བ་ཆོས་གོས་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་ཁྱུང་བཤོག་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་གཡུ་སྒྲ་སྙིང་པོ་ནི། །དགེ་སློང་ཚུལ་ལ་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་བདེ་འབྱིན་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཱཤ་རི་རཾ་གི་ལི་ཧཱུཾ། ཨབྷི་ཥིཉྩ་ཧཱུཾ། མཁས་པ་ཡེ་ཤེས་གཞོན་ནུ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས ། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སོག་པོ་དཔལ་གྱི་ཡེ་ཤེས་ནི། །གསང་མཚན་རྡོ་རྗེ་བཞད་པའི་གཏེར། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས ། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གི་ལི་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། གནུབས་སྟོན་སངས་རྒྱས་ཡེ་ཤེས་ནི། །སྔགས་འཆང་ཆེན་པོ་རྡོ་རྗེ་འཛིན། །གསང་མཚན་རྡོ་རྗེ་ཡང་དབང་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གནུབས་སྟོན་ཡོན་ཏན་རྒྱ་མཚོ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྲས་མཆོག་ཡེ་ཤེས་རྒྱ་མཚོ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མཁས་པ་མྱང་ཆེན་ཤེས་མཆོག་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི༴ མྱང་སྟོན་ཡེ་ཤེས་འབྱུང་གནས་ནི། །འོག་མིན་གནས་བཞུགས་བྱིན་བརླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས ། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཟུར་ཆེན་ཤཀྱ་འབྱུང་གནས་ནི ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཟུར་ཆུང་ཤེས་རབ་གྲགས་པ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གསང་བདག་མདའ་ཚ་ཧོར་པོ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། འགྲོ་མགོན་དམ་པ་ཤཱཀ་རྒྱལ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས་། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མཁས་པ་ལྕེ་སྟོན་ཆེན་པོ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མཁས་པ་དེ་ཡི་སྲས་མཆོག་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བླ་མ་ཐང་སྟོན་འབུམ་མེ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཆོས་རྗེ་བླ་སྐྱབས་རྡོ་རྗེ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཱཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དྲིན་ཆེན་མཁས་གྲུབ་ཆོས་རྗེ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མཁའ་འགྲོ་དཔལ་གྱི་ཡེ་ཤེས་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱིི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མ་གཅིག་དྲིན་ཆེན་ཟུར་མོ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཟུར་མོ་དགེ་འདུན་འ བུམ་མ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ནི། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཟུར་སྟོན་ཤཱཀྱ་བཤེས་གཉེན་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས ། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བླ་མ་བྲ་བོ་ཆོས་འབུམ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མཁས་པ་ཤཱཀྱ་འབུམ་པ་ནི། ། འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བཤེས་གཉེན་དཀོན་མཆོག་བཟང་པོ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གཱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མཚུངས་མེད་རྡོ་རྗེ་བཟང་པོ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྗེ་བཙུན་རྡོ་རྗེ་རྣམ་རྒྱལ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་ཨཱཿཧཱུཾ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བྱང་སེམས་དཔལ་འབྱོར་རྒྱལ་མཚན་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །བདག་གི་གྲོགས་མཛོད་གནས་འདིར་གཤེགས། །སྐལ་ལྡན་རྣམས་ལ་དབང་བསྐུར་རོ། །ༀ་ཨཱཿཧཱུཾ་གུ་རུ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དེ་རྣམས་ཀྱི་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཀྱི་དབང་བསྐུར་བ་དེ་སོང་ནས། དེ་ནས་ལུང་ཨ་ནུ་ཡོ་ག་མདོའི་དབང་གི་བླ་མ་རྒྱུད་བའི་དབང་བསྐུར་བ་ནི། མདོ་དབང་གི་བླ་མ་བརྒྱུད་པ་རྣམས། །ཁྱོད་རང་རྣམས་ལ་ཐིམས་པས། གསུང་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་ཐོབ་ནས་འགྲོ་དོན་ལྷུན་གྱིས་གྲུབ་པར་བསྒོམས་ཤིག ། ༈ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །གསུང་ལྔ་ལྷུན་གྲུབ་ཀུན་བཟང་ཡབ་ཡུམ་གྱི། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གསུང་ལྔས་འགྲོ་དོན་ལྷུན་གྱིས་གྲུབ་པར་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། དབུས་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ངོ་བོ་ཉིད་སྐུའི་གསུང་ནི་ནམ་མཁའ་བཞིན། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་བས། །མེད་པའི་གསུང་གིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ཤར་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་ཀྱི་སྐུ་ཡི་གསུང་ནི་ཉི་མ་བཞིན། །རྣམ་སྣང་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་བས། །རྣམ་དག་གསུང་གི་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ལོངས་སྤྱོད་རྫོགས་པའི་གསུང་ནི་མེ་ལོང་བཞིན། །རིན་ཆེན་འབྱུང་ལྡན་ཡབ་ཡུམ་དབང་བསྐུར་བས། །ཡོངས་སུ་སྨིན་པའི་གསུང་གིས་འགྲོ་དོན་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །གསང་བའི་སྐུ་ཡི་གསུང་ནི་སེང་གེ་བཞིན། །སྣང་བ་མཐའ་ཡས་ཡབ་ཡུམ་དབང་བསྐུར་བས། །གསང་བ་དམ་པའི་དབང་གི་འགྲོ་དོན་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྤྲུལ་སྐུའི་གསུང་ནི་གསུང་གཅིག་བསམ་མི་ཁྱབ། །དོན་ཡོད་གྲུབ་པ་ཡབ་ཡུམ་དབང་བསྐུར་བས། །རྒྱུན་དུ་འབྱུང་བའི་གསུང་གི་འགྲོ་དོན་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །མཁྱེན་རབས་མངའ་བདག་འཇམ་དཔལ་གསུང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཤེས་རབ་ཕུན་སུམ་ཚོགས་པར་ཤོག །མཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །སྙིང་རྗེའི་མངའ་བདག་སྤྱན་གཟིགས་གསུང་། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྙིང་རྗེ་ཕུན་སུམ་ཚོགས་པར་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། །རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །མཐུ་སྟོབས་མངའ་བདག་ཕྱག་རྡོར་གསུང་། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །མཐུ་སྟོབས་ཕུན་སུམ་ཚོགས་པར་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རིག་འཛིན་ལྷ་དབང་རྒྱ་བྱིན་ནི། །བསམ་འཕེལ་ནོར་བུ་དེ་མངའ་མཉེས། །གསེར་མདོག་ཕྱེད་དཀྲུང་གསང་བའི་མཚན། རྡོ་རྗེ་དེ་བ་ཀོ་ཤི་ཀ །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། །རིག་འཛིན་ཀླུ་རྒྱལ་འཇོག་པོ་ནི། །གསེར་མདོག་སྦྲུལ་མགོ་ཡིད་བཞིན་ཅན། །ཐལ་སྦྱར་དབུས་འཛིན་གསང་བའི་མཚན། །རྡོ་རྗེ་ན་ག་དེ་བ་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་གནོད་སྦྱིན་ཞིང་ཁམས་ན། །རིག་འཛིན་གནོད་སྦྱིན་སྐར་མདའ་གདོང་། །དཀར་སེར་ཕྱེད་སྐྱིལ་རིན་ཆེན་སྒྲོམ། །གསང་མཚན་རྡོ་རྗེ་གློག་འབྱིན་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ནུབ་སྲིན་པོའི་འཇིག་རྟེན་ན། །རིག་འཛིན་ལང་ཀ་མགྲིན་བཅུ་ནི། །དཀར་སྨུག་སྒྲ་རྗེས་རོ་སྟེངས་སུ། །བརྐྱང་སྐུམ་ཞབས་བཞི་བརྗིད་པའི་སྐུ། །གསང་མཚན་རྡོ་རྗེ་གྲུབ་པ་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། གླིང་བཞི་མི་ཡི་འཇིག་རྟེན་ན། །རིག་འཛིན་རྒྱལ་པོ་ལི་ཙ་བྱི། །རབ་ཆུང་ཚུལ་གྱིས་སྐྱིལ་ཀྲུང་བཞུགས། །གསང་མཚན་དྲི་མེད་གྲགས་པ་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་ཀུ་ཀུ་ར་ཛ་ནི། །གསང་མཚན་རྡོ་རྗེ་ཆེ་མཆོག་རྩལ། །བཅྭོ་བརྒྱད་ཏན་ཏྲ་རྟོག་པར་གྱུར། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྒྱ་གར་རྒྱལ་པོ་ཛ་ཞེས་བྱ། །གསང་མཚན་རྡོ་རྗེ་ཉི་འོད་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །རྒྱལ་པོ་ཤཱཀྱ་པུ་ཏྲི་ཡི། །གསང་མཚན་རྡོ་རྗེ་གསང་མཛེས་རྩལ། །དེ་ཡིས་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །སྲས་མོ་གོ་མ་དེ་བྱི་ཡི། །གསང་མཚན་རྡོ་རྗེ་ཟླ་མཛེས་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །སློབ་དཔོན་ཀ་མ་ཤི་ལ་ནི། །གསང་མཚན་རྡོ་རྗེ་ཁྱུང་ཆེན་རྩལ། །དེ་ཡི་དབང་མཆོག་ཁྱོདལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །ཨ་ཙར་འཛིན་ན་མི་ཏྲ་ཡ། །གསང་མཚན་རྡོ་རྗེ་དྲེགས་པ་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །སློབ་དཔོན་རྡོ་རྗེ་གཞད་པ་ཡི། །གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་ཉི་འབྱེད་སེང་གེ་ཡང་། །བཞུགས་ནི་འོག་མིན་གནས་ན་བཞུགས། །གསང་མཚན་རྡོ་རྗེ་གསལ་ཆེན་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །སློབ་དཔོན་ཏི་ར་མ་ཏི་ནི། །གསང་མཚན་རྡོ་རྗེ་ཡང་དག་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །སློབ་དཔོན་སོགས་ཀྱ་དེ་བ་ནི། །གསང་མཚན་རྡོ་རྗེ་དད་པ་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །སློབ་དཔོན་བསྒེགས་པ་རྡོ་རྗེ་ཡང་། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །སློབ་དཔོན་ཛྙ་ན་ཀུ་མ་ར། །གསང་མཚན་རྡོ་རྗེ་གྲུབ་པ་གཏེར། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་་ཨ་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །སོག་པོ་དཔལ་གྱི་ཡེ་ཤེས་ནི། །གསང་མཚན་རྡོ་རྗེ་གཞད་པ་གཏེར། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་ཱགུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །མཁར་ཆེན་དཔལ་གྱི་དབང་ཕྱུག་ནི། །གསང་མཚན་རྡོ་རྗེ༴ དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །སློབ་དཔོན་ནམ་མཁའི་སྙིང་པོ་ཡི། །གསང་མཚན་རྡོ་རྗེ་ཁམས་གསུམ་རྒྱལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། སློབ་དཔོན་ཆོས་བློན་དེ་བ་ཡི། །གསང་མཚན་རྡོ་རྗེ་ངེས་ཅན་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །རྒྱ་གར་མཁན་པོ་ཆོས་རྒྱལ་སྐྱོངས། །གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །སངས་རྒྱས་ཡེ་ཤེས་རིན་པོ་ཆེ། །གཡུང་དྲུང་རིན་ཆེན་གཏེར་གནས་སུ། །ཡི་དམ་གསལ་བར་བསྒོམ་པའི་ཚེ། །སྟོབས་ཀྱི་རྡོ་རྗེ་སྲས་མཆོག་འདི། །ནམ་མཁའི་མཐོང་ནས་ཡས་མར་བབས། །རང་གི་ལག་པ་གཡས་པས་ཟིན། །ཡེ་ཤེས་རྡོ་རྗེའི་དབང་མཆོག་ཐོབ། །འོལ་མོ་ཚལ་དུ་སྒོམ་པའི་ཚེ། །མངོན་སུ་དྲི་ཟ་ཕྲུ་གུ་བྱུང་། །སངས་རྒྱས་ཁྱོད་ཡིན་མཚན་ཡང་བཏགས། །དམ་པའི་དོན་ལ་དམ་ཚིག་བསྲེས། །རྡོ་རྗེ་མིང་གི་དབང་ཡང་ཐོབ། །གངས་བཟང་གནས་སུ་སྒོམ་པའི། །གནོད་སྦྱིན་གྲུ་གུ་མངོན་དུ་བྱུང་། །འདོད་ཡོན་ལྔ་ཡི་མཆོད་པ་སྟོབས། །ཡུན་གྱི་འཁོར་དུ་དམ་ཡང་བཅས། །ཆེ་བའི་ཡོན་ཏན་དབང་ཡང་ཐོབ། །གླིང་དགུ་མཚོ་འགྲམ་སྒོམ་པའི་ཚེ། །ཀླུ་ཕྲུག་སྤུན་གསུམ་མངོན་བྱུང་སྟེ། །རོ་བརྒྱ་ལྡན་པའི་ཟས་མཆོག་ཕུལ། །ཡང་དག་སློབ་མར་དམ་ཚིག་མནོས། །གདུག་པ་སེལ་བའི་དབང་ཡང་ཐོབ། །དུར་ཁྲོད་ལྷས་སུ་སྒོམ་པའི་ཚེ། །ཡི་དྭགས་ཕྲུ་གུ་མངོན་དུ་བྱུང་། །ཞབས་ལ་ག ཏུགས་ཏེ་མཆི་མ་ཕྱུང་། །ཅི་བསྒོ་ཉན་པར་གཉེར་དམ་བཀོད། །མཐུ་རྩལ་བརྙེས་པའི་དབང་ཡང་ཐོབ། །ཕྱི་རབ་སློབ་མ་གང་བྱུང་རྣམས། །འདྲེན་པའི་ལས་བྱང་ཆེན་པོ་འདིས། །ཕན་པ་ལྷ་ཡི་དབང་མནོས་ལ། །བསྐུར་ཐབས་དབང་བསྐུར་རྒྱལ་པོ་སྦྱིན། །དབང་མཆོག་འདི་རྣམས་ཐོབ་པར་ཐོབ། །ༀ་རཏྣ་མ་ཧཱ་གུ་རུ༴ འོག་མིན་གནས་ན་བཞུགས་པ་ཡི། །ཁུ་ལུང་ཡོན་ཏན་རྒྱ་མཚོ་ཡི། །སྐལ་ལྡན་རྣམས་ལ་དབང་མཆོག་སྦྱིན། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་རཏྣ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། །འོག་མིན་གནས་ན་བཞུགས་པ་ཡི། །སྲུ་ནི་ལེགས་པའི་སྒྲོན་མ་ཡི། །སྐལ་ལྡན་རྣམས་ལ་དབང་མཆོག་སྦྱིན། །དབང་མཆོག་འདི་ཡང་ཐོབ་པར་ཤོག །ༀ་རཏྣ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །ཞུ་ནི་བསོད་ནམས་ཤཱཀྱ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པ་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །ཟུར་ཆུང་ཤེས་རབ་གྲགས་པ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་བར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །གླན་ནི་ཤཱཀྱ་བཟང་པོ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །ཤངས་པ་ལྷ་རྗེ་འགར་སྟོན་གྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །སྲེག་སྟོན་རྡོ་རྗེ་རྒྱལ་མཚན་གྱིས། །གསང་མཚན་རྡོ་རྗེ་འཇིགས་མེད་རྩལ། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨབྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །གླན་གྱི་སྟོན་པ་རྡོ་རྗེ་འོད། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །མགོ་ཡི་དྷརྨ་བཛྲ་ཡི། །ཆོས་ཀྱི་རྡོ་རྗེ་རྩི་ལུང་པ། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །མགོས་ནི་དངོས་གྲུབ་མགོན་པོ་ཡིས། །སིདྷི་ན་ཐའི་མཚན་འཛིན་པ། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །མགོས་ནི་བསམ་འཕེལ་ནོར་བུ་ཡི། །མ་ཧཱ་གུ་རུ་ཡིད་བཞིན་མཚན། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །སྒྲོ་སྟོན་བསོད་ནམས་གྲགས་པ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །གླན་ནི་བརྩོན་འགྲུས་སེང་གེ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །གླན་ནི་བསོད་ནམས་རྒྱལ་པོ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །གླན་སྟོན་ཆོས་ཀྱི་སེང་གེ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ནས་བཞུགས་པ་ཡི། །ལྷ་རྗེ་ཆེན་པོ་ལྷ་འབུམ་གྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །གླན་སྟོན་སངས་རྒྱས་དཔལ་བ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །གླན་སྟོན་བསོད་ནམས་མགོན་པོ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །འབྲེལ་ནི་བསམ་འགྲུབ་རྡོ་རྗེ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །ཟུར་ནི་ཤཱཀྱ་འབྱུང་གནས་ཀྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །ཟུར་མེད་དགེ་འདུན་འབུམ་མ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །ཟུར་སྟོན་ཤཱཀྱ་བཤེས་གཉེན་གྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡི། །མཁས་གྲུབ་བྲ་བོ་ཆོས་འབུམ་གྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །བཤེས་གཉེན་དཀོན་མཆོག་བཟང་པོ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །བླ་མ་རྡོ་རྗེ་བཟང་པོ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །འཕགས་ཆེན་རྡོ་རྗེ་རྣམ་རྒྱལ་གྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨབྷི་ཥིཉྩ་ཧཱུཾ། འོག་མིན་གནས་ན་བཞུགས་པ་ཡིས། །མཁས་བཙུན་དཔལ་འབྱོར་རྒྱལ་མཚན་གྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་ལུང་ཨ་ནུ་ཡོ་གའི་མདོ་དབང་གི་བརྒྱུད་པའི་བླ་མ་རྣམས་ཀྱི་དབང་བསྐུར་བ་དེ་སོང་ནས། དེ་ནས་རྒྱུད་མ་ཧཱ་ཡོ་ག་སྒྱུ་འཕྲུལ་གི་དབང་གི་བརྒྱུད་པ་རྣམས་ཀྱི་བླ་མས་དབང་བསྐུར་བ་ནི། སྒྱུ་འཕྲུལ་དབང་རྒྱུད་ཀྱི་བླ་མ་རྣམས་ཁྱེད་རང་རྣམས་ལ་ཐིམ་པས། སྐུ་ལྔ་ལྷུན་གྲུབ་ཀྱིས་སངས་རྒྱས་ཐོབ་ནས་འགྲོ་དོན་ལྷུན་གྱིས་གྲུབ་པར་སྒོམས་ཤིག །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྐུ་ལྔ་ལྷུན་གྲུབ་ཀུན་བཟང་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་ལྔས་འགྲོ་དོན་ལྷུན་གྱིས་གྲུབ་པར་ཤོག །རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། དབུས་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ངོ་བོ་ཉིད་སྐུ་རྡོར་སེམས་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་ཡི་སྒོ་ནས་འགྲོ་དོན་ལྷུན་གྲུབ་ཤོག །རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ཤར་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་ཀྱི་སྐུ་ནི་རྣམ་སྣང་ཡབ་ཡུམ་གྱི། སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་ཡི་སྒོ་ནས་འགྲོ་དོན་ལྷུན་གྲུབ་ཤོག །རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ལོངས་སྤྱོད་རྫོགས་སྐུ་རིན་འབྱུང་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུའི་སྒོ་ནས་འགྲོ་དོན་ལྷུན་གྲུབ་ཤོག །རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །གསང་བའི་སྐུ་ནི་སྣང་མཐའ་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་ཡི་སྒོ་ནས་འགྲོ་དོན་ལྷུན་གྲུབ་ཤོག །རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྤྲུལ་པའི་སྐུ་ནི་དོན་གྲུབ་ཡབ་ཡུམ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་ཡི་སྒོ་ནས་འགྲོ་དོན་ལྷུན་གྲུབ་ཤོག །རཏྣ་གུརུ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །མཁྱེན་རབས་མངའ་བདག་འཇམ་དཔལ་སྐུ། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །ཤེས་རབ་ཕུན་སུམ་ཚོགས་པར་ཤོག །རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །སྙིང་རྗེའི་མངའ་བདག་སྤྱན་གཟིགས་སྐུ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྙིང་རྗེ་ཕུན་སུམ་ཚོགས་པར་ཤོག །རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །མཐུ་སྟོབས་མངའ་བདག་ཕྱག་རྡོར་སྐུ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །མཐུ་སྟོབས་ཕུན་སུམ་ཚོགས་པར་ཤོག །རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། །རྣམ་དག་ལྷ་ཡིས་དཀྱིལ་འཁོར་ནས། །རིག་འཛིན་ལྷ་དབང་རྒྱལ་བྱིན་གྱིས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྐུའི་འགྲོ་དོན་ལྷུན་གྲུབ་ཤོག །རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་ཀླུ་རྒྱལ་འཇོག་པོ་ཡིས། །སྐལ་ལྡན་རྣམ་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་རྒྱལ་པོ་སྐར་མདའ་གདོང་། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡི་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་རྒྱལ་པོ་ལང་ཀ་མགྲིན། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་རྒྱལ་པོ་ལི་ཙ་ཡི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡིས་དཀྱིལ་འཁོར་ནས། །རིག་འཛིན་ཀུ་ཀུ་ར་ཛ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡི་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་ཆེན་པོ་རྒྱལ་པོ་ཛས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡི་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་ཆེན་པོ་སིདྷ་ར་ཙ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་སྲིང་མོ་གོ་པཱ་ལི། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡི་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨབྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་ཀུ་ཀུ་ར་ཙ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རོ་ལངས་བདེ་བའི་དངོས་གྲུབ་ཀྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་རྡོ་རྗེ་གཞད་པ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །ཟ་ཧོ ར་རྒྱལ་པོ་པྲ་ཧ་ཏི། །སྐལ་ལྡན་རྣམས་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨབྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། སློབ་དཔོན་སངས་རྒྱས་གསང་བ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨབྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨབྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་བཱི་མ་མི་ཏྲ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨབྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡིས་དཀྱིལ་འཁོར་ནས། །རིག་འཛིན་རྨ་ནི་རིན་ཆེན་མཆོག །སྐལ་ལྡན་བུ་ལ་དབང་སྐུར་བས། སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡིས་དཀྱིལ་འཁོར་ནས། །རིག་འཛིན་ཀྱེ་རེ་མཆོག་སྐྱོང་གིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡི་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་རྒྱལ་པོ་ཡོན་ཏན་རྒྱལ་པོ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་སངས་རྒྱས་ཡེ་ཤེས་ཀྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་ཡོན་ཏན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །ཁུ་ལུང་ཡོན་ཏན་རྒྱ་མཚོ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡིས་དཀྱིལ་འཁོར་ནས། །རིག་འཛིན་ཡེ་ཤེས་རྒྱ་མཚོ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡིས་དཀྱིལ་འཁོར་ནས། །རིག་འཛིན་ཉང་ནི་ཤེས་རབ་མཆོག །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མཧཱ་གུ་རུ་ཧཱུཾ། ཨ་བྷིཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །མྱང་ནི་ཡེ་ཤེས་འབྱུང་གནས་ཀྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་ཟུར་ཆེན་ཤཱཀ་འབྱུང་གིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་ཟུར་ཆུང་ཤེས་རབ་གྲགས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་ཤཱཀྱ་བྱང་ཆུབ་ཀྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །གསང་བདག་ཤཱཀྱ་སེང་གེ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །ཙག་ཚ་ཤཱཀྱ་རྡོ་རྗེ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །བཙན་ཙ་ཤཱཀྱ་འབྱུང་གནས་ཀྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །གླན་སྟོན་རྡོ་རྗེ་འོད་པོ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །གླན་སྟོན་བསོད་ནམས་རྒྱལ་མཚན་གྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག ། མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །དཔལ་ལྡན་ཆོས་ཀྱི་སེང་གེ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། ། གླན་ནི་སངས་རྒྱས་དཔལ་བ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་ངོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །གླན་ནི་བསོད་ནམས་མགོན་པོ་ཡིས། །སྐལ་ལྡན་རྣམས་ལ་དབང་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །ཟུར་སྟོན་ཤཱཀྱ་འབྱུང་གནས་ཀྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །ཟུར་མོ་དགེ་འདུན་འབུམ་མ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །ཟུར་སྟོན་ཤཱཀྱ་བཤེས་གཉེན་གྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡིས་དཀྱིལ་འཁོར་ནས། །རིག་འཛིན་ཆེན་པོ་ཆོས་འབུམ་གྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་ཤཱཀྱ་འབུམ་པ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་དཀོན་མཆོག་བཟང་པོ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་དཀྱིལ་འཁོར་ནས། །རིག་འཛིན་རྡོ་རྗེ་བཟང་པོ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །མ་ཧཱ་གུ་རུ་ཧཱུཾ། །ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་གཞལ་ཡས་ནས། །རིག་འཛིན་བཛྲ་བི་ཛ་ཡིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག ། མ་ཧཱ་གུ་རུ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་ལྷ་ཡི་གཞལ་ཡས་ནས། །རིག་འཛིན་དཔལ་འབྱོར་རྒྱལ་མཚན་གྱིས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །སྐུ་ཡིས་འགྲོ་དོན་ལྷུན་གྲུབ་ཤོག །ༀ་མ་ཧཱ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དེས་བླ་མ་བརྒྱུད་པའི་དབང་བསྐུར་བ་དེ་སོང་། དེའི་གོང་དུ་འོག་གི་མ་མོ་དྲུག་བཅུ། དེའི་གོང་དུ་ཕོ་ཉ་དྲུག་བཅུ་ཚན་བཞི། དེའི་གོང་དུ་སྟེང་གི་ཁྲོ་བོ་ཁྲོ་མོ་དྲུག་བཅུ། དེའི་གོང་དུ་གིང་ཕོ་དགུ་མོ་དགུ། དེའི་གོང་དུ་མ་བདུན་སྲིང་བཞི། །དེའི་གོང་དུ་མཁའ་འགྲོ་སོ་གཉིས། །དེའི་གོང་དུ་དབང་མོ་ཉེར་བརྒྱད། །དེའི་གོང་དུ་སྤོར་མ་བརྒྱད། གསང་ཡུམ་བཞི། དེའི་གོང་དུ་ཕྲ་མེན་མ་སྒོ་མ་བཞི། དེའི་གོང་དུ་གནས་མ་བརྒྱད། དེའི་གོང་དུ་ཁྲག་འཐུང་ཉི་ཤུ་སྟེ། ཕྱག་རྒྱའི་ལྷ་བདུན་རྒྱའི་དབང་དེ་སོང་ནས། ༈ །སྤྱི་དོན་བརྒྱད་པ་ཡེ་ཤེས་ལྔའམ་དགུའི་དབང་ནི། རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་དང་ལྡན་པས། མར་མེའི་དབང་བསྐུར་བ་ནི། དཔལ་ཆེན་ཡབ་ཡུམ་གསང་བའི་ཐུགས་མཆོག་པས། །སྐྱེ་མེད་དབྱིངས་ནས་ཡེ་ཤེས་མར་མེ་གསལ། །ཀུན་གཞི་གནས་གྱུར་སྤྱན་གྱི་ཡེ་ཤེས་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། བཛྲ་ཛྙ་ན་ཨ་ལོ་ཀེ་ཤྭ་རི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། མར་མེས་དབང་བསྐུར་བས། དཔལ་ཆེན་པོའི་ཡེ་ཤེས་དགུ་ལ་མ་སྐྱེས་པ་ཆོས་ཀྱི་དབྱིངས། མ་འགག་པ་མེ་ལོང་། མི་ཉེས་པ་མཉམས་ཉིད། མ་འདྲེས་པ་སོར་རྟོག །མཐར་ཕྱིན་པ་བྱ་གྲུབ། མ་གཡོས་བ་སྟོང་པ་ཀློང་དུ་གྱུར་བ་འདའ་ཀ །བདག་ཉིད་ཆེན་པོའི་ངང་དུ་གྱུར་པ། །དབྱིངས་སུ་བསྒྲོལ་བའི་ཡེ་ཤེས། །བདེ་བ་ཆེན་པོའི་ཡེ་ཤེས། །ཀློང་དུ་གྱུར་པའི་ཡེ་ཤེས་དམ་པ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེས་ཡེ་ཤེས་ལྔའམ་དགུའི་དབང་དེ་སོང་ནས། རིགས་ལྔའི་ཙཀ་ལི་གཏད་དེ། ཡེ་ཤེས་ཆེན་པོའི་དོན་ལྡན་པས། །ཡེ་ཤེས་ལྔ་ཡི་རྟགས་མཆོག་ཕྱག་རྒྱ་ཡིས། །གནས་ལྔར་གཏུག་སྟེ་ཐུགས་ཀྱི་དབང་མཆོག་སྦྱིན། །མ་ཧཱ་ཤུཛྙ་ཏ་ཛྙ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། ཨ་བྷི་ཥིཉྩ་ཧཱུཾ། དགུ་པ་སྐུ་གསུང་ཐུགས་ཀྱི་དབང་ནི། རྒྱུ་རྐྱེན་ལ་སོགས་བཅུ་གསུམ་དང་ལྡན་པས་གནས་གསུམ་དུ་རྡོ་རྗེ་གསུམ་བསམ་སྟེ། སྐུའམ་ཕྱག་མཚན་གཏད་ལ། སྐུ་དང་གསུང་ཐུགས་རྡོ་རྗེ་དབང་། །རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་འདི། །རྡོ་རྗེ་ཅན་ལ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐ་ག་ཏ། ཀ་ཡ་ཝ་ག་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། བཅུ་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་ནི། །རྒྱུ་རྐྱེན་ལ་སོགས་བཅུ་གསུམ་དང་ལྡན་པས། །དབང་མཆོག་ཐོབ་པའི་བུ་མཆོག་དེ། །དོན་དམ་འགྲུབ་པའི་བཀྲ་ཤིས་ཕྱིར། །བདུད་འདུལ་བཀྲ་ཤིས་རྫས་མཆོག་རྣམས། །རྟགས་ཀྱི་བརྒྱན་ཏེ་སྦྱིན་པར་བྱ། །ཕྱག་མཐིལ་འཁོར་ལོ་ཆོས་འཁོར་དབང་། །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཕྱག་ཞབས་མཐིལ་ལ་མངོན་པར་གསལ་བར་སྟོན། །འདི་ནི་འཁོར་ལོ་དབང་གི་བཀྲ་ཤིས་ཤོག །ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ། ཕྱག་ཞབས་ལས་བཞིའི་དོན་མཛད་དབང་། །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །རྡོ་རྗེས་ཕྱོགས་རྣམས་ཀུན་ལ་ཁྱད་པར་འཕགས། །ཉ་ཤ་གཅིག་ལ་མངོན་པར་གསལ་བར་སྟོན། །འདི་ནི་གསེར་ཉ་དབང་གི་བཀྲ་ཤིས་ཤོག །ཨ་བྷིཥིཉྩ་ཧཱུཾ། དཔལ་གྱི་བེའུ་ཐམས་ཅད་མཁྱེན་པའི་དབང་། །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ལས་ནི་རྣམ་པར་རྒྱལ། །ཐུགས་ཁ་ཉིད་ལ་མངོན་པར་གསལ་བར་སྟོན། །འདི་ནི་དཔལ་བེ་དབང་གི་བཀྲ་ཤིས་ཤོག །ཨ་བྷི་ཥིཉྩ་ཧཱུཾ། མགུར་ཆུ་ཐུགས་རྗེས་ཀུན་འཛིན་དབང་། །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལ་ཁྱད་པར་འཕགས། །མགུར་གྱི་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་བུམ་པའི་དབང་གི་བཀྲ་ཤིས་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ལྗགས་ཀྱི་པདྨ་གོས་པ་མེད་པའི་དབང་། །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལ་ཁྱད་པར་འཕགས། །ལྗགས་ཀྱི་མཆོག་ལ་ངེས་པར་གསལ་བར་སྟོན་། །འདིས་ནི་པདྨ་དབང་གི་བཀྲ་ཤིས་ཤོག །ཨ་བྷི་ཥིཉྩ་ཧཱུཾ། དུང་གིས་རྒོལ་བ་དཔལ་བཀོང་སྒྲོགས་པའི་དབང་། །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལ་ཁྱད་པར་འཕགས། །ཚེམས་ཀྱི་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་དུང་གི་དབང་གི་བཀྲ་ཤིས་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྒྱལ་མཚན་བདུད་བཞི་དག་ལས་རྒྱལ་བའི་དབང་། །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་དངོས་པོ་ཀུན་ལས་ཁྱད་པར་འཕགས། །འདི་ནི་རྒྱལ་མཚན་དབང་གི་བཀྲ་ཤིས་ཤོག །ཨ་བྷི་ཥིཉྩ་ཧཱུཾ། དབུ་སྐྲ་གདུང་གསིལ་གདུགས་ཀྱི་དབང་། གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །དབུ་སྐྲའི་མཆོག་ལ་མངོན་པ་གསལ་བར་སྟོན། །འདི་ནི་གདུགས་ཀྱི་དབང་གི་བཀྲ་ཤིས་ཤོག །ཨ་བྷི་ཥིཉྩ་ཧཱུཾ། དེས་བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་དེ་སོང་ནས། བཅུ་གཅིག་པ་ཐིག་ལེ་མིང་གི་དབང་། རྒྱུ་རྐྱེན་ལ་སོགས་བཅུ་གསུམ་དང་ལྡན་པས། འོ་ཁྱེད་རང་རྣམས་ལ་ཐིག་ལེ་མིང་གི་དབང་བསྐུར་བ་ཡིན་པས། གསོན་ཅིག །ཐིག་ལེ་རྫོགས་པ་རྩལ། ཐིག་ལེ་དྲི་མེད་རྩལ། ཐིག་ལེ་མཐར་ཕྱིན་རྩལ། ཐིག་ལེ་འགྱུར་མེད་རྩལ། ཐིག་ལེ་ཉི་ཟེར་རྩལ། ཐིག་ལེ་མཉམ་རྫོགས་རྩལ། ཐིག་ལེ་ཀུན་འབྱུང་རྩལ། ཐིག་ལེ་བསྐྱེད་མོས་རྩལ། ཐིག་ལེ་བརྟན་པ་རྩལ། ཐིག་ལེ་ཟློག་བྱེད་རྩལ། ཐིག་ལེ་ཁྱབ་བྱེད་རྩལ། ཐིག་ལེ་གཡོ་མེད་རྩལ། ཐིག་ལེ་གྲུབ་པ་རྩལ། ཐིག་ལེ་སྲ་བརྟན་རྩལ། ཐིག་ལེ་རིན་ཆེན་རྩལ། ཐིག་ལེ་ཆགས་མེད་རྩལ། ཐིག་ལེ་འོད་ཟེར་རྩལ། ཐིག་ལེ་རབ་འབར་རྩལ། ཐིག་ལེ་ཉི་མ་རྩལ། ཐིག་ལེ་གྲགས་པ་རྩལ། ཐིག་ལེ་རབ་འབར་རྩལ། ཐིག་ལེ་བདེ་ཆེན་རྩལ། ཐིག་ལེ་གཞོན་ནུ་རྩལ། ཐིག་ལེ་ཡེ་ཤེས་རྩལ། །ཐིག་ལེ་སྟོན་ཆེན་རྩལ། །ཐིག་ལེ་ཤེས་རབ་རྩལ། །ཐིག་ལེ་བློ་གྲོས་རྩལ། ཐིག་ལེ་ལས་གྲུབ་རྩལ། ཐིག་ལེ་མེ་ཏོག་རྩལ། ཐིག་ལེ་ཀུན་འབྱུང་རྩལ། ཐིག་ལེ་བྱིན་རླབས་རྩལ། ཐིག་ལེ་མི་འགྱུར་རྩ། ཐིག་ལེ་ཚངས་པ་རྩལ། ཐིག་ལེ་ཀུན་འདུལ་རྩལ། ཐིག་ལེ་ཡོན་ཏན་རྩལ། ཞེས་ཐིག་ལེ་མིང་གི་དབང་དམ་པ་ཐོབ་པར་གྱུར་ཅིག །སྣ་བའི་དབང་པོ་ལ་ཐིག་ལེ་བྱེད་དོ། །དེ་རྣམས་ཀྱི་ནང་དབང་བཅུ་གཅིག་སོང་ནས། སྤྱི་དོན་གསུམ་པ་སྒྲུབ་དབང་ལ་བཅུ་གསུམ་སྟེ། ཤེས་རབ་རིགས་པའི་གཏན་ཚིག་གི་དབང་དང་། སྙིང་རྗེ་རྟགས་ཀྱི་དབང་། འགྲོ་དོན་རྫོགས་པའི་དབང་། དུག་གསུམ་དག་པའི་དབང་དང་། །སྲིད་གསུམ་བསྒྲོལ་བའི་དབང་དང་། །སྐྱོན་གྱིས་མ་གོས་རྣམ་དག་གི་དབང་དང་། ལས་རྣམས་རྫོགས་པའི་དབང་དང་། །གཉིས་མེད་འཁྲིལ་བའི་དབང་དང་། །གསང་བ་སྦྱོར་བའི་དབང་དང་། །ཀུན་ལ་དབང་བ་འདོད་ཡོན་ཀྱི་དབང་དང་། བསྒྲུབ་པའི་རྒྱལ་པོ་དཀྱིལ་འཁོར་གཙོ་བོའི་དབང་དང་། ཐམས་ཅད་བསྒྲུབ་པ་རྫས་ཀྱི་དབང་དང་། གཉིས་སུ་མེད་བ་རྡོ་རྗེ་མིང་གི་དབང་ངོ་། །དང་པོ་ཤེས་རབ་རིགས་པའམ། །རིགས་མའི་དབང་དང་ནི། རྒྱུ་རྐྱེན་ལ་སོགས་པ་དོན་བཅུ་གསུམ་དང་ལྡན་པས། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལ། །སེམས་ཀྱི་དབང་བསྒྱུར་ཐོབ་པ་ཡིས། །ཤེས་རབ་ཆེན་པོའི་རིགས་པའི་དབང་། །སེམས་ཉིད་དོན་གྱི་གཏན་ཚིག་སྦྱིན། །ཨ་བྷི་ཥིཉྩ་ཧཱུཾ། གསང་བ་སྦྱོར་བའི་ཤེས་རབ་མ། །དྲི་མེད་རྣམ་དག་ལྷ་མོ་ཞིག །མཚན་ལྡན་རྒྱན་གྱིས་བརྒྱན་བྱས་ལ། །དབང་ཐོབ་ཁྱོད་ལ་སྦྱིན་པར་བྱ། །པྲ་ཛྙ་ཨ་བྷི་ཥིཉྩ་ཧཱུཾ། དེས་ཤེས་རབ་རིགས་མའི་དབང་སོང་ནས། གཉིས་པ་སྙིང་རྗེ་རྟགས་ཀྱི་དབང་ངམ་ཁམས་གསུམ་དབང་བསྒྱུར་གྱི་དབང་ནི། རྒྱུ་རྐྱེན་ལ་སོགས་བཅུ་གསུམ་དང་ལྡན་པས། བྱ་བའི་བསམ་པ་ཀུན་བྲལ་ཞིང་། རྩོལ་མེད་གནས་པའི་བྱང་ཆུབ་སེམས། །སྙིང་རྗེ་ཆེན་པོ་བདེ་མཆོག་གིས། །ཁམས་གསུམ་ཀུན་ལ་དབང་བསྐུར་སྦྱིན། ཨ་བྷི་ཥིཉྩ་ཧཱུཾ། དེས་སྙིང་རྗེ་རྟགས་ཀྱི་དབང་དེ་སོང་ནས། གསུམ་པ་འགྲོ་དོན་རྫོགས་པའི་དབང་ངམ། ཡི་གེ་འཁོར་ལོའི་དབང་ནི། རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་དང་ལྡན་པས། ཉོན་མོངས་ལྔ་པོ་གནས་དག་ནས། །ཡེ་ཤེས་ལྔ་པོ་ཐོབ་བྱའི་ཕྱིར། །ཡི་གེ་འཁོར་ལོའི་དབང་མཆོག་འདི། །དབང་ཐོབ་བུ་ལ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐ་ག་ཏ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུཾ། དེས་ཡི་གེ་འཁོར་ལོའི་དབང་དེ་སོང་། དེ་ནས། ཡང་གསུམ་པ་མཐོང་གཤོལ་གྱི་དབང་ནི། སྲིད་གསུམ་འགྲོ་བའི་དོན་རྣམས་ཀུན། །ཐམས་ཅད་རྫོགས་པར་ནུས་པ་ཡིས། །རྟགས་ཀྱི་དབང་མཆོག་དམ་པ་འདི། །ཐོང་གཤོལ་འབར་བ་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧཱུཾ། བཞི་པ་དུག་གསུམ་སྤྲུགས་པ་ག་བུ་རྣམས་གསུམ་གྱི་དབང་ནི། སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡིས། །དུག་གསུམ་རྩད་ནས་ཟ་བྱེད་པ། །ག་བུ་གསུམ་གྱིས་དབང་བསྐུར་བས། །སངས་རྒྱས་སྐུ་གསུམ་ཐོབ་པར་ཐོབ། །ཨ་བྷི་ཥིཉྩ་ཧཱུཾ། དུག་གསུམ་གཏིང་ནས་སྤྲུགས་པ་ཡིས། །རྟག་ཆེན་ག་བུ་གསུམ་གྱི་ནང་། །དམར་ཆེན་ཁྲག་གིས་བཀང་ནས་ཀྱང་། །དབང་ཐོབ་དེ་ཡིས་ལག་དུ་སྦྱིན། །ཨ་བྷི་ཥིཉྩ་ཧཱུཾ། ལྔ་པ་སྲིད་གསུམ་བསྒྲོད་བའི་གྲིའི་དབང་ནི། རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་དང་ལྡན་པས། ཐོག་མ་མེད་པའི་ཤེས་རབ་ཀྱིས། །དུག་གསུམ་རྩད་ནས་གཅད་པའི་ཕྱིར། །རལ་གྲི་ལ་སོགས་མཚོན་ཆ་ཡིས། །དབང་མཆོག་དམ་པ་ཁྱོད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུཾ། དྲུག་པ་སྐྱོན་གྱིས་མ་གོས་རྣམ་དག་པདྨའི་དབང་ནི། རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་དང་ལྡན་པས། །འཁོར་བའི་ཆོས་ལ་ཅི་སྤྱད་ཀྱང་། །སྐྱོན་གྱིས་གོས་པར་མི་འགྱུར་བའི། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། །རྣམ་དག་རྫས་ཀྱི་པདྨ་སྦྱིན། །ཉོན་མོངས་འཁོར་བའི་ཆོས་རྣམས་ལ། །སྤྱད་ཀྱང་ཐབས་ཀྱིས་མི་གོས་པའི། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། །པདྨའི་དབང་མཆོག་ཁྱོད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུཾ། བདུན་པ་ལས་རྣམས་རྫོགས་པ་ཏི་ར་དབྱུག་པའི་དབང་ནི། །རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་དང་ལྡན་པས། །ལས་རྣམས་རྫོགས་པར་བྱེད་པ་ཡིས། །དབང་མཆོག་དམ་པ་རྟགས་ཆེན་འདི། ཏི་རའི་དབྱུག་པ་ཆེན་པོ་དག །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །རྣམ་བཞི་ལས་ཀྱི་འདུལ་བ་ཡིས། །ཕྱག་རྒྱ་ཆེན་པོ་བསྟན་པ་ནི། །ཏི་ར་ཆེན་པོ་དབྱུག་པའི་དབང་། སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུཾ། བརྒྱད་པ་གཉིས་མེད་འཁྲིལ་བ་སྦྲུལ་ནག་ཆུན་པོའི་དབང་ནི། །རྒྱུ་རྐྱེན་ལ་སོགས་དོན་བཅུ་དང་ལྡན་པ། སྔོན་གྱི་དཔལ་ཆེན་ཧེ་རུ་ལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། །ཐུགས་རྗེ་ཞེ་སྡང་གནས་སུ་དག །དེ་བཞིན་རྣལ་འབྱོར་ཆེ་གེ་ལ། །སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། །བདུད་དང་སྲིན་པོ་ཀུན་བཅོམ་ནས། །འཇིགས་བྱེད་ཆེན་པོའི་མཐུ་དང་ལྡན་པར་ཤོག །ཡབ་ཡུམ་གཉིས་མེད་འཁྲིལ་བ་ཡིས། །ཆོས་ཉིད་ངང་ནི་གཉིས་མེད་རྟགས། །སྤྲུལ་ནག་འཁྲིལ་བའི་ཆུན་པོ་འདིས། །དབང་ཐོབ་དེ་ཡི་ལག་དུ་སྦྱིན། །ཨ་བྷི་ཥིཉྩ་ཧཱུཾ། དགུ་པ་གསང་བ་སྦྱོར་བ་ཤེས་རབ་ལྷ་མོའི་དབང་ནི། །རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་དང་ལྡན་པས། །དོན་དམ་རང་བཞི ན་སྤྲོས་དང་བྲལ། །དྲི་མེད་རྣམ་དག་བྱང་ཆུབ་སེམས། །ཞི་བྱེད་གཟུགས་མ་རྒྱལ་མོའི་དབང། །སྐལ་ལྡན་རྣམས་འབྱོར་ཁྱོད་ལ་སྦྱིན། ཨ་བྷི་ཥིཉྩ་ཧཱུཾ། བཅུ་པ་ཀུན་ལ་དབང་བ་འདོད་ཡོན་ལྔའི་དབང་ནི། །རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་དང་ལྡན་པས། དབང་ཐོབ་རྒྱལ་པོ་ཆེན་པོ་དེ། །ཀུན་གྱི་བདག་པོ་ཡིན་པས་ན། །རོལ་མོ་དྲི་དང་ཞལ་ཟས་དང་། །འདོད་ཡོན་ལྔ་ལ་སོགས་པ་དང་། ཉེ་བའི་ལོངས་སྤྱོད་བརྒྱན་རྣམས་ཀུན། །ཐམས་ཅད་ཐམས་ཅད་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧཱུཾ། བཅུ་གཅིག་པ་སྒྲུབ་པའི་རྒྱལ་པོ་རྡོ་རྗེ་གཙོ་བོའི་དབང་ནི། །རྒྱུ་རྐྱེན་ལ་སོགས་དོན་བཅུ་གསུམ་དང་ལྡན་པས། སྒྲུབ་བའི་རྒྱལ་པོ་དེ་ལ་ནི། །བསྒྲུབ་བའི་ལས་ལ་དབང་ཐོབ་ཕྱིར། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །རྒྱལ་བ་ཐམས་ཅད་བསྒྲུབ་པ་དང་། །ཚེ་དང་སྨན་ལ་སོགས་པ་རྣམས། །བསྒྲུབ་པ་མ་ལུས་ཀུན་བསྒྲུབ་ཅིག །ཅེས་བསྒྲུབ་དབང་བསྐུར་རོ། །དབུ་བརྒྱན་ནི་ཐོད་པའི་ཞལ་ཡས་ཁང་ལྔར་གྱུར་པའི་ནང་དུ། ཧེ་རུ་ཀ་བསམ་སྟེ། སངས་རྒྱས་ཀུན་གྱི་རིན་པོ་ཆེ། ། དཔག་ཏུ་མེད་པའི་འོད་དང་ལྡན། རིགས་མཆོག་ཕྱག་རྒྱ་ལྔ་ལྡན་པས། །ཁམས་གསུམ་བདག་པོས་དབང་བསྐུར་རོ། །ༀ་རཏྣ་མུ་གུ་ཏ་ཨབྷི་ཥིཉྩ་ཧཱུཾ་ཏྲཾ་ཏྲཾ་ཏྲཾ། རིགས་ཀྱི་བུ་ཁྱོད་ལ་དབུ་བརྒྱན་གྱིས་དབང་བསྐུར་བས། །དྲེགས་པ་བདུད་དང་སྲིན་པོ་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅོད་པན་གྱི་དབང་ནི། སློབ་མ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ལ་མངའ་མཉེས་ཤིང་། གདུག་པ་ཅན་འདུལ་བ་དང་། །ཆོས་ཀྱི་རྒྱལ་པོ་བྱེད་པ། །རྒྱལ་བ་ཚེ་དཔག་ཏུ་མེད་པར་སྒོམ་ལ། །འདི་སྐད་དོ། །ཅོད་པན་མི་འགྱུར་མངའ་མཉེས་པའི། །ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་དབང་། །ཁམས་གསུམ་ཀུན་གྱིས་དབང་ཕྱུག་ཆ། ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །དྷརྨ་ར་ཙ་ཤྭ་ར་སྭཱ་ཧཱ། ཅོད་པན་གྱིས་དབང་བསྐུར་བས། ཆོས་ཀྱི་རྒྱལ་སྲིད་ཆེན་པོ་མངའ་མཉེས་ནས། །ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་གྱུར་ཅིག །ཕྲེང་བའི་དབང་ནི། ཕྲེང་བ་མྱ་ངན་འདས་པའི་ཆོས་ལ་སྤྱོད། །འགྲོ་ཀུན་ཡང་དག་ཆོས་ཀྱི་དོན་ལ་འཛུད། །མེ་ཏོག་ཕྲེང་བ་ལ་སོགས་དབང་བསྐུར་བས། །གཟུངས་དང་ཏིང་འཛིན་ལྡན་པའི་དབང་ཐོབ་ཤོག །རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཧཱུཾ། མེ་ཏོག་ཕྲེང་བས་དབང་བསྐུར་བས། །གཟུངས་དང་ཏིང་ངེ་འཛིན་དང་ལྡན་གྱུར་ཅིག །སྔོན་གྱི་དཔལ་ཆེན་ཧེ་རུ་ལ། །ཐོད་ཕྲེང་ཚར་གསུམ་དབང་བསྐུར་བས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་དང་། །དུག་གསུམ་གནས་སུ་དག་ནས་ཀྱང་། །ཐམས་ཅད་འདུལ་བའི་དབང་ཐོབ་ཤོག ། ཨ་བྷི་ཥིཉྩ་ཧཱུཾ། །སྔོན་གྱི་དཔལ་ཆེན་ཧེ་རུ་ལ། །བདུད་དང་སྲིན་པོ་ལ་སོགས་པ། །བཅོམ་ལྡན་སྐུ་ལ་བསྡོས་པའི་ཚེ། །ཞིང་གི་གཡང་གཞི་གསོལ་ནས་ཀྱང་། །འཁོར་བ་རྡུལ་དུ་བརླག་མཛད་བཞིན། །དེ་བཞིན་རྣལ་འབྱོར་ཆེ་གེ་ལ། །ཞིང་གིས་གཡང་གཞིས་དབང་བསྐུར་བས། །ཐམས་ཅད་འཇོམས་པའི་དབང་ཐོབ་ཤོག །སྔོན་གྱི་དཔལ་ཆེན་ཧེ་རུ་ལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །གླང་པོ་ཆེ་ཡིས་ཀོ་རློན་གྱིས། །གཏི་མུག་གནས་སུ་དག་བྱའི་ཕྱིར། །ཁམས་གསུམ་རྒྱལ་པོར་གྱུར་པ་བཞིན། །དེ་རིང་རྣལ་འབྱོར་ཆེ་གེ་ལ། །གླང་ཆེན་ཀོ་བས་དབང་བསྐུར་བས། །གཏི་མུག་ཆོས་སྐུར་ལྷུན་གྲུབ་ནས། །མཐུ་དཔུང་ཆེན་པོ་འཇོམས་པར་ཤོག །སྔོན་གྱི་དཔལ་ཆེན་ཧེ་རུ་ཀས། །སྟག་གི་ཤམ་ཐབས་གསོལ་པ་ཡིས། །བདུད་དང་སྲིན་པོ་ཀུན་བསྒྲལ་ནས། །མ་ཚོགས་མཁའ་འགྲོ་དབང་དུ་བསྡུད། །དེ་བཞིན་རྣལ་འབྱོར་ཆེ་གེ་ལ། །སྟག་གིས་ཤམ་ཐབས་དབང་བསྐུར་བས། །དཔའ་བོ་བདུད་ལས་རྒྱལ་བ་དང་། །རྣམ་རྟོགས་འཇོམས་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། སྔོན་ཚེ་དཔལ་ཆེན་ཧེ་རུ་ལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁྱུང་གིས་གཤོག་པས་དབང་བསྐུར་བས། །བདུད་དང་སྲིན་པོ་ཟིལ་གྱིས་མནན། །དེ་བཞིན་རྣལ་འབྱོར་དབང་ཕྱུག་ལ། །ཁྱུང་གི་གཤོག་པས་དབང་བསྐུར་བས། །རྡོ་རྗེ་ཁྱུང་ལྟར་ཐོགས་མེད་པས། །མཁའ་ལྟར་ཡོངས་ལ་ཁྱབ་པར་ཤོག །ཧཱུཾ་འབར་མ་འཕྲོ་བ་ཡེ་ཤེས་ཐུགས་རྗེར་ལྡན། །ཡེ་ཤེས་གསལ་བས་ཕྱོགས་བཅུའི་མུན་པ་སེལ། །བསྐལ་བའི་མེ་དབུང་འབར་བར་དབང་བསྐུར་བས། །མཚན་མ་འཛིན་རྟོག་བསྲེག་པའི་དབང་ཐོབ་ཤོག །ༀ་བཛྲ་བཛྲ་ཛྭ་ལ་རི་ཛྙ་ན་ཧཱུཾ། ཨ་བྷི་ཥིཉྩ་ཧཱུྃ། དེས་བསྒྲུབ་བའི་རྒྱལ་པོ་དཀྱིལ་འཁོར་གཙོ་བོའི་དབང་དེ་སོང་ནས། བཅུ་གཉིས་པ་ཐམས་ཅད་བསྒྲུབ་པ་རྫས་ཀྱི་དབང་ནི། རྒྱུ་རྐྱེན་ལ་སོགས་བཅུ་གསུམ་དང་ལྡན་པས་རྡོ་རྗེ་དྲིལ་བུ་སྦྱིན་ལ། དབྱིངས་དང་ཡེ་ཤེས་གཉིས་མེད་པས། །ཐུགས་མཆོག་རྟོགས་པའི་རིག་པས་བརྒྱན། །རྡོ་རྗེ་དྲིལ་བུས་དབང་བསྐུར་བས། །ཐབས་དང་ཤེས་རབ་དབང་ཐོབ་ཤོག །བཛྲ་གྷནྡྷ་ཤ་རི་སྭཱ་ཧཱ། །རྡོ་རྗེ་དྲིལ་བུས་དབང་བསྐུར་བས། སྐུ་དང་ཡེ་ཤེས་ལྡན་པའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག །ཉུང་དཀར་སྦྱིན་ལ། ཉུང་དཀར་རྒྱལ་པོ་བྱིན་རླབས་ཤ་རི་རམ། །བར་ཆད་བགེགས་ཀྱི་ཚོགས་འཇོམས་བསྒྲུབ་རྫས་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །བར་ཆད་བགེགས་རྣམས་བརྡུལ་དུ་བརླག་པར་ཤོག །ཉུང་དཀར་གྱི་དབང་བསྐུར་བས། །སྤྲུལ་པ་འགྱེད་པ་དང་། དགྲ་བགེགས་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཕུར་པ་སྦྱིན་ལ། དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས། །ཐར་བྱེད་བགེགས་རྣམས་ཚར་གཅོད་མཚོན་ཆར་ལྡན། །རྡོ་རྗེ་ཀི་ལ་ཡ་ཡི་དབང་བསྐུར་བས། །ལོག་འདྲེན་དགྲ་བགེགས་ཚོགས་རྣམས་འཇོམས་པར་ཤོག །བཛྲ་ཀི་ལི་ཀི་ལ་ཡ་ཨ་བེ་ཤ་སྭཱ་ཧཱ། ཕུར་བས་དབང་བསྐུར་བས། །ཡ་མ་དམ་སྲི་བར་ཆོད་བསྒྲོལ་བའི་དབང་ཐོབ་པར་གྱུར་ཅིག །བནྷ་སྦྱིན་ལ་སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་པ་བསྒོམ་ལ་འདི་སྐད་དོ། །མཚན་མའི་རྟོག་བྲལ་བནྡྷའི་རྫས་མཆོག་འདི། །སྔོན་གྱིས་སྐྱེས་མཆོག་བསྒྲུབ་པའི་རྫས་ཡིན་ཏེ། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་རོ། །སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་པར་ཤོག །དྷརྨ་ཀ་ཡ་ཤ་ར་སྭཱ་ཧཱ། བནྡྷས་དབང་བསྐུར་བས། སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་གྱུར་ཅིག །རྔ་ཆུང་གཏད་ལ། ཤེས་རབ་གསང་བའི་སྒྲ་སྒྲོགས་རྔ་མཆོག་འདི། ཁམས་གསུམ་ཀུན་ལ་སྒྲ་སྒྲོགས་པས། །ང་རྒྱལ་དྲག་ཤུལ་བདུད་འཇོམས་པའི། །རྒྱལ་མཚན་འདི་ཡི་དབང་བསྐུར་རོ། །པྲ་ཛྙ་ཙ་མ་ར་ཤ་རི་སྭཱ་ཧཱ། རྔ་ཆུང་གིས་དབང་བསྐུར་བས། ཆོས་སྐྱེ་བ་མེད་པའི་སྒྲ་སྒྲགས་ནས། །བདུད་དང་སྲིན་པོ་ཟིལ་གྱིས་མནན་ཏེ། །མ་མོ་དང་མཁའ་འགྲོ་དབང་དུ་འདུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བྱང་སེམས་སྦྱིན་ལ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །དཀར་ལ་དག་པས་གཉིས་མེད་བྱང་ཆུབ་སེམས། །སྐལ་ལྡན་རྣམས་འབྱོར་འདི་ལ་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཨ་ཏ་རི་ཤ །བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས། །མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་སྟེ། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །དྲི་ཆེན་སྦྱིན་ལ། དྲི་ཆེན་བདུད་རྩི་ཆེན་པོའི་རང་བཞིན་འདི། །རྣམ་རྟོགས་དུག་སེལ་བདུད་རྩི་བདག་ཉིད་དེ། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །དེ་ནི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །མ་ཧཱ་ཤ་ཛྙ་ཏ། དྲི་ཆེན་གྱིས་དབང་བསྐུར་བས། །སྟོབས་ཆེན་པོ་ཡེ་ཤེས་རྟོགས་ཏེ། །དེ་བཞིན་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཤ་ཆེན་སྦྱིན་ལ། མ་རིགས་ཁམས་གསུམ་འཁོར་བའི་སེམས་ཅན་འདི། །གནས་ན་བསྒྲོལ་མཛད་རྫས་མཆོག་འདི། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ས་མཎྜ། ཤ་ཆེན་གྱིས་དབང་བསྐུར་བས། མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་ཏེ། རིན་ཆེན་གྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །རཀྟ་སྦྱིན་ལ། གསང་བ་དབང་གི་རྫས་མཆོག་རཀྟ་འདི། །ཆགས་མེད་བདེ་ལ་སྤྱད་པས་དམར་ལ་དངས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །པྲ་ཏ་པྲ་བེ་ཤ །རཀྟས་དབང་བསྐུར་བས། སོ་སོར་རྟོགས་པའི་ཡེ་ཤེས་རྟོགས་ཏེ། པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །དྲི་ཆུ་སྦྱིན་ལ། རང་བྱུང་དག་པས་ལས་མཆོག་རིགས་ཀྱི་རྫས། །ཕྱི་ནང་གསོས་གྱུར་བདུད་རྩིའི་རིགས་ན་འདི། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཀྲི་ཏ་དྲི་ཆུས་དབང་བསྐུར་བས། །བྱ་བ་ནན་ཏན་གྱི་ཡེ་ཤེས་རྟོགས་ཏེ། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །བདུད་རྩི་ཨ་མྲི་ཏ་སྦྱིན་ལ། ཐམས་ཅད་སྨན་ནི་བདུད་རྩི་མཆོག །རྒྱལ་བ་ཀུན་གྱིས་བསྒྲུབ་པའི་ལམ། །ར་ས་ཡ་ནས་དབང་བསྐུར་བས། །བདུད་རྩིའི་བཅུད་དང་ལྡན་པར་ཤོག །སརྦ་ཨ་མྲི་ཏ་ཤ་རི་སྭཱ་ཧཱ། བདུད་རྩིས་དབང་བསྐུར་བས། །སྐྱེ་བ་མེད་པའི་སྐུ་ཐོབ་པར་གྱུར་ཅིག །བཅུ་གསུམ་པ་གཉིས་སུ་མེད་པ་རྡོ་རྗེ་མིང་གི་དབང་ནི། །རྡོ་རྗེ་བདུད་འདུལ་རྩལ། རྡོ་རྗེ་གཟི་འབར་རྩལ། རྡོ་རྗེ་ཁྱུང་ཆེན་རྩལ། རྡོ་རྗེ་ཤོག་རྒོད་རྩལ། རྡོ་རྗེ་དྲག་པོ་རྩལ། རྡོ་རྗེ་འབར་བ་རྩལ། རྡོ་རྗེ་ཐོག་མེད་རྩལ། རྡོ་རྗེ་གྲུབ་མཆོག་རྩལ། རྡོ་རྗེ་དྲག་མཆོག་རྩལ། རྡོ་རྗེ་ཟླ་ཤར་རྩལ། རྡོ་རྗེ་བདུད་འཇོམས་རྩལ། རྡོ་རྗེ་སྲ་བརྟེན་རྩལ། རྡོ་རྗེ་ལྷུན་གྲུབ་རྩལ། རྡོ་རྗེ་གཏེར་ཆེན་རྩལ། རྡོ་རྗེ་བཞད་པ་རྩལ། རྡོ་རྗེ་ཀུན་གྲགས་རྩལ། རྡོ་རྗེ་གཏེར་བཞད་རྩལ། རྡོ་རྗེ་ཁྲོ་མཆོག་རྩལ། རྡོ་རྗེ་གཞོན་ནུ་རྩལ། རྡོ་རྗེ་མཛེས་པ་རྩལ། རྡོ་རྗེ་དབྱིངས་ཕྱུག་རྩལ། རྡོ་རྗེ་འོད་མཆོག་རྩལ། རྡོ་རྗེ་ངེས་གྲུབ་རྩལ། རྡོ་རྗེ་གཡུང་དྲུང་རྩལ། རྡོ་རྗེ་བདེ་ལྡན་རྩལ། རྡོ་རྗེ་ཆོས་འབྱམས་རྩལ། རྡོ་རྗེ་ཀུན་འབར་རྩལ། རྡོ་རྗེ་ཟླ་འཕྲེང་རྩལ། རྡོ་རྗེ་སྒྲིབ་མེད་རྩལ། རྡོ་རྗེ་བརྩོན་འགྲུས་རྩལ། །རྡོ་རྗེ་ནམ་མཁའ་རྩལ། །རྡོ་རྗེ་ཚེད་མེད་རྩལ། རྡོ་རྗེ་བྱམས་པ་རྩལ། རྡོ་རྗེ་མགོན་བྱེད་རྩལ། རྡོ་རྗེ་མོས་པ་རྩལ། རྡོ་རྗེ་མྱུ་གུ་རྩལ། ཞེས་རྡོ་རྗེའི་མིང་གི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་རྣམས་ཀྱི་བསྒྲུབ་དབང་བཅུ་གསུམ་སོང་ནས། །སྤྱི་དོན་བཞི་པ་གསང་དབང་ལ་གཉིས་ཏེ། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། དང་པོ་ནི། དེ་དོན་རྣམ་པ་བཅུ་གསུམ་སྟེ། །རང་གི་ངོ་བོ་རྒྱུ་རྐྱེན་ནས། །ངེས་ཚིག་སྒྲིབ་པ་ཚད་དང་ཆོས། །སྣོད་འབྲས་དགོངས་པ་སྐྱོན་ཡིན་ནོ། །རྫས་ལ་རབ་གནས་ཡེ་ཤེས་དང་། །ཐ་མི་དད་པའི་ཐོབ་བྱ་སྟེ། །རང་གི་ངོ་བོ་ཞེས་བྱའོ། །རྒྱུ་གཉིས་མཚུངས་རྒྱུ་རང་ལ་གནས། །ཐབས་ཀྱི་ཡན་ལག་ལྷན་ཅིག་བྱེད། །དབང་བའི་ཤེས་པ་རྐྱེན་བཞི་སྟེ། །ཀུན་གཞི་བག་ཆགས་རྒྱུའི་རྐྱེན། སློབ་དཔོན་དབང་ལྡན་བདག་པོའི་རྐྱེན། །ཐོབ་བར་བྱ་རྒྱུ་དམིགས་པའི་རྐྱེན། །གཅིག་ཐོབ་གཅིག་གི་གོ་བྱེད་པ། །དེ་མ་ཐག་པའི་རྐྱེན་ཞེས་བྱ། །མགོ་སྙིང་ཡན་ལག་ལག་པ་གནས། །ཁྱད་པར་ཅན་གྱིས་ནུས་འཇོག་དང་། །རྒྱུན་མི་ཆད་དང་འཁྲུ་ཕྱིར་རོ། །ལས་དང་ཉོན་མོངས་ཤེས་བྱ་ཡིས། །སྒྲིབ་པ་རིམ་པར་སྦྱོང་བའོ། །དབང་ཐོབ་ཚད་ནི་རྣམ་པ་གསུམ། །གོ་མ་འགག་དང་རྒྱུ་ནས་ཐོབ། །མངོན་སུམ་དག་ཏུ་ཐོབ་པའོ། །རང་གིས་ཐོབ་ནས་གཞན་ལ་བསྐུར། ཕྱི་མར་འབྲས་བུ་འབྱུང་བ་དང་། །དེ་བཞིན་དུས་རིག་པ་ཤར་བའོ། །ཕྱི་ནང་གསང་བ་མཐར་ཐུགས་པའི། །ཆོས་ནི་རིམ་པར་གཉན་དུ་རུང་། །དད་བརྩོན་རྟགས་དྲུག་ལྡན་པ་སྣོད། །བདག་གཞན་གཉིས་པའི་བརྩོན་འགྲུས་ལྡན། །སྤྱོད་དང་རིག་དང་མཉམ་པར་ལྡན། །འབྲས་བུ་མཐོ་རིས་མཐོང་བའོ། །ལམ་མཐར་ཕྱིན་དང་ནུས་པ་མཐར་ཕྱིན་སྔ། །རིག་འཛིན་དང་ནི་བདེ་གཤེགས་སོ། །ལམ་ལྔ་བསྒྲོད་པ་དགོས་པའོ། །དབང་མ་ཐོབ་པར་ལས་བརྩམ་པས། །འབྲས་བུ་མེད་ཅིང་བརླག་པར་འགྱུར་། །དབང་ཐོབ་ཕན་ཆད་རྒྱལ་བའི་སྲས། །ཚེ་རིང་ལོངས་སྤྱོད་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཡོན་ཏན་ཁྱད་པར་བསམ་མི་ཁྱབ། །དབང་དོན་གོ་རིམ་བསྟན་པའོ། །ཆོ་ག་དངོས་ནི། །དང་པོར་ཕྱག་རྒྱ་མཚན་ལྡན་བཙལ། ཁྲུས་བྱས། རྒྱན་གྱིས་བརྒྱན་ལ། བླ་མ་ལ་འབུལ། གུ་རུས་མདུན་དུ་བཞགས་སྟེ་སྒྲིབ་པ་བྲལ། །ལུས་སེམས་སྟོང་པ་ཉིད་ལས་ཀུན་ཏུ་བཟང་མོར་བརླབས། གནས་ལྔར་ཡུམ་ལྔ་དགོད། ཡན་ལག་བཞི་ལ་སྒོ་མ་བཞི་དགོད། མཁའ་ལ་པཾ་ལས་པདྨ་འདབ་མ་བརྒྱད་པའི་དབུས་སུ། ཨེ་མཐིང་ཁ་འོད་དང་ལྡན་པ་གཅིག་བསམ། སློབ་དཔོན་གྱི་བདག་ཀུན་ཏུ་བཟང་པོར་བརླབས། །གནས་ལྔར་རིགས་ལྔ། ཡན་ལག་བཞི་ལ་སྒོ་བ་བཞི་དགོད། གསང་གནས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བསྒོམ། དེ་ནས་ཡུམ་ལྷར་གསལ། དབུ་བརྒྱན་ཅོད་པན་གྱི་དབང་སྦྱིན། །དེ་ནས་བུས་ཐལ་མོ་སྦྱར་ལ། །རྡོ་རྗེ་དགའ་མ་བདག་ལ་དགོངས། །འདོད་པ་འབྱུང་བ་རིན་ཆེན་གཏེར། །དགྱེས་པ་ཆེན་པོ་ཐབས་ལམ་གྱིས། །ཆུ་བོ་བཞི་ལས་བདག་སྒྲོལ་མཛོད། །ཅེས་ཞུ། དེའི་ལན་དུ། བུ་ཁྱོད་སྒྲོལ་དང་ཐབས་ལམ་འདི། །རྒྱལ་བ་ཡོངས་ཀྱི་སྦས་པ་ཡིན། །ཐབས་ཆེན་གསང་བའི་ཐེག་པ་འདི། །གཙང་རྨེའི་འཆིང་པ་སྦྱང་བའི་ཕྱིར། །དྲི་ཤ་ཆུ་རྣམས་བཟའ་བཏུང་དང་། །ངའི་བ་གའི་ཡེ་ཤེས་བཞི། །འོ་དང་ལྗིབ་དང་དྲང་བ་དང་། །སེམས་ཆུ་བཏུང་བར་སྤྱོད་ནུས་སམ། །བུས་ལན་དུ། ཨེ་མ་ཧོ་ཐབས་ལམ་ཡེ་ཤེས་ཕྱིར། བདག་ནི་ཅི་ལ་ཡང་མི་ནུས་མེད། དེ་དག་བདག་གིས་སྤྱད་པར་བགྱི། ཅི་ལྟར་བདེ་ཕྱིར་བདག་ལ་བརྩོལ། དེ་ནས་དམ་རྫས་ལ་འཛེམ་བའི་ཉེས་དམིགས་བཤད། དེ་ནས་ཡོལ་བས་སྤྱད་ལ། ཡུམ་གྱིས་མཁའ་ལ་དཀྱིལ་འཁོར་བསྐྱེད་ལ་དྲང་སྟིམ་བརྟན་པར་བྱ། དེ་ནས་རོལ་བས། །ཉི་ཤུ་ཆ་རྫོགས་པར་འགྱུར། རོལ་པ་འདོད་པའི་དངོས་པོ་སྤང་བར་བྱས་ལ། མཁའ་ལ་བྱང་སེམས་འཕྲོས་པ་མཁའི་དཀྱིལ་འཁོར་མཆོད། བྱང་ཆུབ་ཀྱི་སེམས་སླར་བཟློག་སྟེ། མཁའི་དཀྱིལ་འཁོར་ཀུན་འོད་དུ་ཞུ་བ་དང་། བྱང་སེམས་དང་ཐ་མི་དད་པ་སྟེ། རྡོ་རྗེའམ། ལྕེ་རྣམ་གཉིས་གང་རུང་གིས་བླངས་ཏེ། སློབ་བུ་བརྡས་བོས་ཏེ། སྐུལ་ཚིག་བ རྗོད་ལ། བ་དང་བེའུ་འམ། བྱ་དང་བྱིའུའི་ཚུལ་དུ་རྩེ་ནས་བསྟིམ། ཁུ་བ་ཧཱུཾ་དཀར་པོའམ། །རྡོ་རྗེ་སེམས་དཔའ་ཕྲ་མོ་འགའ་ཞིག་འཕྲོས། །སྒོ་གསུམ་གྱིས་སྒྲིབ་པ་སྦྱངས། ཙིཏྟའི་ཡི་གེ་དྲུག་སྦྱངས། སློབ་མའི་སྒོ་གསུམ་དུ་ཡེ་ཤེས་སེམས་དཔའ་གསལ་བར་བསམ་པ་ལས། ཤེས་པ་ཧཱུཾ་རིང་པོ་ལས་ལྷར་བསྐྱེད་དེ། ༀ་མི་འགྱུར༴ ཅེས་བརྗོད་དོ། །དེ་ལྟར་གསལ་བ་ལ་དབང་སྦྱིན། །བདེ་བ་ཆོས་ཀྱི་སྐུ་ཞེས་བཤད། །གཉེར་ལ་གཏད་པ་སྒྱུ་འཕྲུལ་དང་མཐུན་པར་བྱའོ། །གཏང་རག་བཏང་། གསང་དབང་རྫོགས། ༈ གཉིས་པ་ཤེས་རབ་ཡེ་ཤེས ཀྱི་དབང་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ཀའི་ལྷན་ཐབས་སོ། །དང་པོ་ནི། གོང་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་དང་། རྒྱུ་རྐྱེན་དང་བསྐུར་གནས་དང་། །ངེས་ཚིག །སྒྲིབ་པ་གང་དག་དང་། དབང་ཐོབ་པའི་ཚད་དང་། ཆོས་གང་ཉན་བར་དབང་དང་། དབང་གི་སྣོད་དང་། དབང་ཐོབ་པའི་འབྲས་བུ་དང་། དབང་ཐོབ་བའི་དགོས་ཆེད་དང་། །དབང་མ་ཐོབ་བའི་སྐྱོན་དང་། །དབང་ཐོབ་པའི་ཡོན་ཏན་དང། བཅུ་གསུམ་པོ་ལེགས་པར་བཤད་ལ་ངོ་སྤྲད་དོ། ཆོ་ག་དངོས་ནི། ལས་ཀྱི་མུ་ཏྲ་མཚན་ལྡན་རྙེད་ནས། དགའ་བ་བཅུའི་ཆོས་བཤད། སྡོམ་པ་འབོག །དེ་ནས་ཕྱིའི་དབང་རྣམས་བསྐུར་ལ་ལྷ་སྒོམ་དུ་བཞུགས། ལྷ་བསྙེན་འབུམ་ཚར་ནས། གསང་དབང་བསྐུར། འདོད་པའི་བསྟན་ཆོས་རྣམས་རིམ་པར་བསླབས། རང་གི་བདེ་བ་དབབ་པའི་ཐབས། གཏུམ་མོ་སྦར་བ་དང་། རྩ་རླུང་ཐིག་ལེ་བསྒོམས་བའི་ཐབས། གང་བདེ་བ་རྣམས་བསླབས་ལ། བདེ་བ་དང་ལྡན་ནས་ཤ་ཆེན་གྱི་ཚོད་མ་དང་། དྲི་ཆེན་བཟའ་བ་དང་། ཨ་རུ་ར་དང་། ཉེ་ཤིང་ཁུ་བ་བཏུང་བ་དང་། ཁྲུས་བྱ་ཞིང་། ལུས་གུ་གུམ་དང་དྲི་ཞིམ་པོས་བྱུག་ལ་ཁྲུས་གསུམ་བྱས་ནས། །རྩ་བའི་དཀྱིལ་འཁོར་བསྟན་དུ་རུང་། དེ་ནས་བརྒྱན་གྱིས་བརྒྱན་ལ། གུ་རུ་ལ་ཕུལ། གུ་རུས་མདུན་དུ་བཞག་ལ། ལུས་སེམས་སྟོང་པ་ཉིད་ལ་ཀུན་ཏུ་བཟང་མོར་བརླབས། གནས་ལྔར་ཡབ་ཡུམ་ལྔ། ཡན་ལག་བཞི་ལ་སྒོ་མ་བཞི་དགོད། །མཁའ་སཾ་ལས། པདྨ་འདབ་མ་བརྒྱད་པའི་ཟེ་འབྲུ་ཨེ་མཐིང་ཀ་མེ་འོད་དང་ལྡན་པར་བརླབས། བུ་རྡོ་རྗེ་སེམས་དཔར་བསྒོམ་ལ། །རིགས་ལྔ་དང་སྒོ་བ་བཞི་བསྒོམ། །གསང་བར་ཧཱུཾ་ལས་རྡོ་རྗེ་དམར་པོ་རྩེ་ལྔར་བསྒོམ་པའི་རྭ་ལྔ་ལ་ཡབ་ཀྱི་འབྲུ་ལྔ་དང་། །དབུས་ཀྱི་རྩ་གསུམ་འབྲུ་གསུམ་བཀོད། །མདོར་ཕཊ་བསྒོམ། དེ་ནས་བུས་ཐལ་མོ་སྦྱར་ལ། །རྡོ་རྗེ་དགའ་མ་བདག་ལ་དགོངས། །འདོད་པ་འབྱུང་པ་རིན་ཆེན་གཏེར། །དགྱེེས་པ་ཆེན་བོ་ཐབས་ལམ་གྱིས། །ཆུ་བོ་བཞི་ལས་བདག་སྒྲོལ་གཅིག །ཅེས་བརྗོད། བུ་ཁྱོད་སྒྲོལ་དང་ཐབས་ལམ་འདི། །རྒྱལ་བ་ཡོངས་ཀྱི་སྦས་པ་ཡིན། །ཐབས་ཆེན་གསང་བའི་ཐེག་པ་རུ། །གཙང་རྨེ་འཆིང་བ་སྦྱང་བའི་ཕྱིར། །དྲི་ཤ་ཆུ་རྣམས་བཟའ་བཏུང་དང་། །ངའི་བ་གའི་ཡེ་ཤེས་བཞི། །འོ་དང་གཞིབ་དང་དྲང་བ་དང་། །སེམས་ཆུ་བཏུང་པར་སྤྱོད་ནུས་སམ། །ལན་དུ། ཨེ་མ་ཧོ། ཐབས་ལམ་ཡེ་ཤེས་ཕྱིར། བདག་ནི་ཅི་ཡང་མི་ནུས་མེད། །དེ་དག་བདག་གིས་སྤྱད་པར་བགྱིས། །ཅི་ལྟར་པད་ཕྱིར་བདག་ལ་རྩོལ། །ཞེས་བརྗོད། དེ་ནས་དབང་རྫས་མ་འཛོམས་པའི་ཉེས་དམིགས་བཤད་ནས། བྱིན་ལ་ལོངས་སྤྱོད་དོ། །དེ་ནས་དྲི་ཞིམ་པོ་སྦྲང་གིས་སྦྱར་བའི་རིལ་བུ་མུར་ཞིང་། གུ་རུས་ཆས་རྣམས་བྱས་ཞིང་པདྨ་ལྟ་སྟེ། ཡོངས་སུ་རྒྱས་ནས་བདེ་བ་ཆེན་པོ་ཆོས་ཀྱི་སྐུ། ཅེས་པའི་ཚིག་གིས་ཕྱག་རྒྱ་གཏད་དོ། །དྲུག་ཏུ་རོལ་དུ་བཞུགས། ཐབས་དང་ཏིང་ངེ་འཛིན་ལ་བརྟེན་བདེ་བ་བརྙེད་ནས། ༀ་མི་འགྱུར་བའི༴ ཞེས་བརྗོད། དེ་ནས་གཉིས་ཀའི་ལག་པ་ནས་བཟུང་ལ། །བུ་ཁྱོད་འཁོར་བའི་རྒྱ་མཚོ་ལས། གྲོལ་ཞིང་ཐར་ནས་སྐད་ཅིག་གིས། །རྡོ་རྗེ་ནམ་མཁའི་ཡེ་ཤེས་ཆེ། །བླ་མ་ཆེན་པོའི་ས་གནས་སུ། །ཐམས་ཅད་རིགས་ཀྱི་བདག་པོར་འགྱུར། །སྤྱི་དཔལ་བཅུའི་མངའ་མཉེས་ནས། །བདལ་ཁྱབ་ཆེན་པོའི་འཕྲིན་ལས་ལས། ཁམས་གསུམ་སྲས་སུ་གཟུངས་པར་བྱའོ། །ཅེས་དབང་ཕྱུག་ལ་གཏང་རག་བཏང་ངོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྡུས་པ་རྗོགས་སོ། ༈ གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་རྒྱས་པ་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསང་བའི་དབང་ཐོབ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། གནས་པ་བསྐུར་བའི་ལས་རིམ་ནི། གཟུངས་མ་མཚན་ལྡན་རྙེད་ནས། ཞི་བ་ཡི་ཚོགས་ཡན་ཆད་བྱ། དེ་མ་གྲུབ་ན་པུ་ཙ་ལྔ་བཤམ་སྟེ། སྐད་ཅིག་ལས་ཞི་དལ་བསྐྱེད། ལྷ་ཞེ་གཉིས་ཀྱི་སྙིང་པོ་བརྗོད་ལ། རྫོགས་ཚུལ་དུ་བསྐྱེད། ས་མན་ཛཿས་སྙན་གསན་དབབ། ཨེ་ཧ་ཧིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་བསྟིམ་ལ། །ཀུན་བཟང་ནས། པུ་ཙ་རབ་ཏུ་དགའ་ཡན་ཆད་འབུལ། དེ་ནས་གཟུངས་མ་ཁྲུས་བྱས་ཏེ། རྒྱན་གྱིས་བརྒྱན་ཏེ་གུ་རུ་ལ་འབུལ་ལོ། །གུ་རུས་གསང་དབང་གི་ཡུམ་དང་། མཐུན་པར་བྱིན་གྱིས་བརླབས། དེ་ནས་གཟུངས་མ་དང་སྦྱོར་བ་བྱས་ཏེ། །གཟུངས་མའི་དོན་དམ་པའི་ལྟེ་བ་ན། །ཟླ་བ་ཚེས་པ་ལྟ་བུའི་ནང་ན་བྱང་ཆུབ་ཀྱི་སེམས་ཐིག་ལེ་དཀར་པོ་ཡུངས་དཀར་ཙམ་ཞིག་རང་བཞིན་གྱི་གནས་པ་ལ། །ཏིང་ངེ་འཛིན་གྱི་དམིགས་ཏེ། གསང་བའི་རྡོ་རྗེ་ཡེ་ཤེས་ཀྱི་རོ་ཅན་དང་བ་གའི་ཐིག་ལེ་དང་རེག་པ་བཅིངས་ཏེ། ཡབ་ཀྱི་ལྷག་པའི་བྷོ་དེ་ཐིག་ལེ་མཁའ་ལ་གནས་པ་དེ་ལ་སྤྲོའོ། །དེ་ནས་གུ་རུ་བབ་ལ་པདྨའི་ཁྱིམ་ནས་བྷོོ་དེ་ཡོད་པ་ཐེབས་སྲིན་གྱིས་བླངས་ལ་གཟུངས་མའི་ལྕེ་ཐོག་ཏུ་དབང་བསྐུར་རོ། །དེ་ནས་བུ་བོས་ལ། བུའི་གུང་མོས་གཡས་པ་དང་། །གཟུངས་མའི་གུང་མོ་གཡོན་པ། །རཏྣའི་ཕྲེང་བས་བཅིངས་ཏེ། །དེའི་མདོ་ནས་གུ་རུས་བཟུངས་ཏེ། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱི་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་གཏེར་བས་འདི་མ་སྦོངས། །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱིས། །རྫོགས་པའི་སངས་རྒྱས་ཁྱོད་ལ་འབྱུང་། །སྤངས་ན་རྡོ་རྗེ་དབྱིངས་ཕྱུག་རྩལ། །སྐུ་གསུང་ཐུགས་དང་བསྒོམ་པ་མ་ཤེས་ན། །རྡོ་རྗེ་སྐལ་པ་མཐའ་འདས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །དེའི་དོན་རྒྱས་པར་བཤད་དོ། །དེ་ནས་གཟུངས་མ་ཕྱི་ལོག་ལ་བཏང་ལ། བུ་ལ་དགའ་བཞིའི་གདམ་ངག་འབོག་སྟེ། ཕྱིའི་དགའ་བ་བཞི། ནང་གི་བཞི། གསང་བའི་བཞིའོ། །དང་པོ་ཕྱིའི་བཞི་ཐོག་མར་གཟུངས་མ་མཐོང་བས་བདེ་བ་གཡོ་བ་དགའ་བ། དེ་ནས་གུ་རུས་གཟུང་མ་བྱིན་གྱིས་བརླབས་པ་དང་སྲིན་ལག་སྦྲེལ་བ་ལ་སོགས་བྱས་པས། བདེ་བ་སྐྱེ་བ་མཆོག་དགའོ། །འདོད་པའི་བསྟན་ཆོས་ཀྱི་ཆད་འབྱེད་པ་ནི་དགའ་བྲལ་ལོ། །གཟུངས་མ་དང་རང་ལུས་དངུལ་ཞིང་། །བེམ་གྱི་སོང་བ་ནི་ལྷན་གཅིག་སྐྱེས་དགའོ། །ནང་གི་དགའ་བ་བཞི་ནི། རང་རང་གཟུངས་མ་གཉིས་ཀ་ལ་འཁོར་ལོ་བཞི་བསྒོམ་སྟེ། བདེ་བ་ཆེན་པོ་ཙཀྲ་ནི་དགའ་བ། ལོངས་སྤྱོད་ཀྱི་ཙཀྲ་ནི་མཆོག་དགའ་འོ། །དྷར་མ་ཙཀྲ་ནི་དགའ་བྲལ་སྤྲུལ་པའི་ཙཀྲ་ནི་ལྷན་གཅིག་སྐྱེས་པའི་དགའ་བའོ། །གསང་བ་བཞི་ནི། གྷྱ་ཧྱ་བཛྲའི་རྩ་བ་ནི་དགའ་བ། །རྡོ་རྗེའི་སྐེད་པ་མཆོག་དགའ། །རྡོ་རྗེའི་བུམ་པ་ནི་དགའ་བྲལ། །རྡོ་རྗེའི་རྩེ་མོ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་རྣམས་རེ་རེ་ལའང་ཐིག་ལེ་བཞི་བཞི་རྩིས་པས་བཅུ་དྲུག་སྟེ། གཉིས་ཚོགས་ལམ། བཞི་སྦྱོར་ལམ། བཅུ་གསང་བའི་ས་བཅུར་ཤེས་པར་བྱའོ། །དེ་ནས་བུའི་རྡོ་རྗེ་ལ་ཧཱུཾ་གཅིག་བཀོད་དེ་སྤྲོ་བསྡུས་ལ་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར། དེའི་བུམ་པ་ལ། ཨཱོཾ་ཨཱཿཧཱུཾ་བསམ། རྩེ་མོའི་བུ་གར་ཕཊ་ནག་པོ་གཅིག་བསམ། དེ་ལ་སྤྲོ་བསྡུ་བྱས་པས་པདྨ་འདབ་བཞི་པ། དེའི་དབུས་སུ་ཨེ་མཐིང་ཀ་གྲུ་གསུམ་པ། དེའི་སྟེང་དུ་ཧཱུཾ་དམར་པོ་བསྒོམ། །དེ་ནས་གཟུངས་མ་ལ་འདོད་པའི་བསྟན་ཆོས་ཀྱི་ཆས་རྣམས་བྱ། ཐ་མ་པདྨ་རྒྱས་པ་དང་། གཟུངས་མ་བོས་ལ་རྡོ་རྗེ་ཕྱེད་ཙམ་པད་མར་བུ་སྦྱོར་བཅུག་ལ་བལྟས་ཏེ། དལ་བུས་བསྐུལ་བས། སྲ་བ་མྱོང་པས་སའི་རླུང་། །ཅུང་ཟད་གཤེར་བ་ཆུའི་རླུང་། །ཅུང་ཟད་དྲོ་བ་མེའི་རླུང་། དེ་ནས་ཤེས་པ་ཞི བ་དུ་བཏགས་པས། བདེ་བ་གཡོ་བ་རླུང་གི་རླུང་། དེ་ནས་བདེ་བ་བཟློག་སྟེ། ཐབས་ཀྱི་བཟློག་པ་དང་། ཏིང་འཛིན་གྱིས་བཟློག་པ་དང་། །ཕྱག་རྒྱ་མས་བཟློག་པ་དང་གསུམ་ལས། དང་པོ་ནི་བདེ་བ་གཡོ་བ་ཙམ་ན་རྡོ་རྗེ་ཨེན་ཙམ་གཅིག་ཕ་ཚད་དུ་ཕྱུང་ལ། ལྟོ་བ་སྒལ་ཚིག་ལ་སྦྱར། སྟོད་ཀྱི་སྦུག་སྡོམ་པས། བྷོ་དེ་སླར་བཟློག་པའོ། །ཏིང་འཛིན་གྱིས་བཟློག་པ་ནི། བདེ་བ་གཡོ་ཙམ་ན་སྟོད་ཀྱི་སྦུག་སྡོམ་ལ། རོ་རྐྱང་གཉིས་ཀྱི་རྩ་སྣ། དབུས་ཀྱི་ཀུ་དྷར་འབྲེལ་བ་ཡོད་པའི་རོ་རྐྱང་ནས་དབུགས་བཞུགས་པ་ཡིས། ཀུན་དྷར་གྱི་ལྷག་པའི་ངོ་བོ་དེ། གྱེན་ལ་སྣེ་འཁྱིལ་གྱི་བཟློག་ནས། །དཀར་ཆིལ་གྱིས་ལོག་པར་བསམ་མོ། །ཕྱག་རྒྱས་བཟློག་པ་ནི། རྡོ་རྗེའི་རྩ་ན་ཕར་སོར་མོ་གཉིས་ཀྱིས་ཐུབ་ཚད་མནན་པས་བཟློག །སྤྲུལ་བའི་འཁོར་ལོ་ནས་གྱེན་ལ་དེ་ལྟར་བཟློག་གོ །རྡོ་རྗེ་རྩ་བ་ནས་དང་། སྐེད་པ་དང་རྩེ་མོ་ནས་རིམ་པར་བཟློག་གོ །དེ་ལྟར་བཟློག་ཙམ་ན། རྡོ་རྗེ་རྩ་བའི་ཐིག་ལེ་བཞིའམ་གསུམ་པ་ནས་རྡོ་རྗེ་སྐེད་པའི། མཆོག་དགའི་ཐེག་ལེ་གཉིས་པ་མན་ཆད་ནི་གཟུང་འཛིན་གྱི་རྟོགས་པ་འགག་པའོ། །མཆོག་དགའི་ཐིག་ལེ་གཉིས་པ་ཡན་ཆད་ནི། མི་རྟོགས་པ་སྐྱེ་བའོ། །དེ་ནས་རྡོ་རྗེ་རྩེ་མོའི་ལྷན་གཅིག་སྐྱེས་པའི་གནས་སུ་ཟླ་བ་དང་ཉི་མའི་ཐིག་ལེ། རྡོ་རྗེ་དང་པདྨ་རང་གི་ཁ་ནས་མ་ཤོར་བར་ཟིན་ཙམ་ན། རང་རིག་པའི་དོན་ཉམས་སུ་མྱོང་བ་དེ་ཀུན་གྱི་འདོད་པའོ། །དེའི་དུས་སུ་རྒྱུ་ཡིས་ཟུང་འཇུག་ཉི་ཟླ་འདྲེས་པའོ། །འབྲས་བུ་ཟུང་འཇུག་ཡེ་ཤེས་རང་སྣང་གི་ལྷ་དང་ལྷ་མོར་སྣང་བཞིན་དུ་རང་བཞིན་མེད་པའོ། །དེ་ཙམ་ན་ཞེན་པ་མེད་པས་པདྨ་སྤྱན་གྱིས་འོ། །དེ་ལ་སྨོན་ལམ་གྱི་དབང་གིས་གཟུགས་སྐུ་གཉིས་འབྱུང་བ་ནི། ཡེ་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །དེ་ནི་ཐེག་པ་འོག་མ་པ་དང་སྒོ་བསྟུན་པའོ། །དེ་ནས་རྒྱུ་འབྲས་བཟློག་པའི་ཐེག་པ་ནི་ཉི་ཟླ་ཐིག་ལེ་རང་གི་གནས་སུ་རྩེ་མོ་ནས་ཚུར་བཟློག་པས། རིམ་གྱིས་བསྒྲོད་དེ་རྡོ་རྗེའི་རྩ་བར་ཕྱིན་པ་ནི་ཀུན་དུ་འོད་ཀྱི་སའོ། །དེ་ནས་སྤྲུལ་པའི་ཙཀྲར་ཕྱིན་པ་པདྨ་སྦྱིན་ནོ། །ཐིག་ལེ་རང་གནས་སུ་ཕྱིན་པར་བགྱི། རང་བཞིན་ལྷུན་གྲུབ་གྱི་དང་པོ་མཐོང་བ་ནི་ཚོགས་ཆེན་གྱི་ས་མངོན་དུ་བྱས་པ་ཡིན། གལ་ཏེ་བྷོ་དྷི་ཤོར་ན། བྱང་སེམས་ཧཱུཾ་དམར་པོ་ཤ་རྟག་ཏུ་བསམ་ལ། མཐེབ་སྲིན་གྱིས་བླངས་ལ་ཁོང་དུ་མིད་དོ། །གཟུངས་མ་ལ་ཡང་སྦྱིན་ནོ། །སྦྱོར་ལམ་གྱི་མི་རྟོགས་པའི་བདེ་བ་སྐྱེས་པའི་དུས་སུ། དེ་ལ་བློ་འཇོག་ན་གཟུངས་མ་མི་དགོས་མི་རྟོགས་པར་བློ་གནས་ནས། །མི་རྟོག་པ་སངས་ནས་ཡང་དབང་དོན་དེ་ལ་བློ་གཏད་པས། ཡང་མི་རྟོགས་པ་སྐྱེའོ། །དེ་ལྟར་བསྒོམ་པའི་དོན་ལ་གནས་པར་བྱའོ། །ཤེས་རབ་ཡེ་ཤེས་ལ་ཕྱི་ནང་གསང་བ་གསུམ་སྟེ། ཕྱི་ནི་རྣལ་འབྱོར་པ་བདག་ཡེ་ཤེས་ཡིན་གཟུངས་མ་ཤེས་རབ་ཡིན། ཤེས་རབ་ལ་བརྟེན་ནས་ཡེ་ཤེས་སྐྱེ་བ་ཡིན། །ཡེ་ཤེས་ལ་བརྟེན་ནས་ཤེས་རབ་ཀྱི་བདེ་བ་མྱོང་བ་ཡིན་ནོ། །ནང་གི་ནི་རྡོ་རྗེ་དང་པདྨའོ། །མཁའ་གྲུ་གསུམ་དུ་གནས་པ་ནི་ཤེས་རབ་དེ་གཉིས་འཕྲད་པའི་བདེན་པ་གཉིས་ཡེ་ཤེས་ཡིན། གསང་བ་ནི། ཐིག་ལེ་རང་རེའི་གནས་སུ་འགྲོངས་པ་ནི་ཤེས་རབ། དེ་ལ་སངས་རྒྱས་ཀྱི་ས་གསུམ་གྱི་ཉམས་སྐྱེས་པ་ཡེ་ཤེས་ཡིན་ནོ། གཉིས་པ་དབང་གཉིས་ཀའི་ལྷན་ཐབས་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་ན་མོ། བརྟུལ་ཞུགས་ཀྱི་སྐབས་སུ་ལོག་པའི་བརྟུལ་ཞུགས་མུ་སྟེགས་ཀྱིའོ། །བརྟུལ་ཞུགས་ཆུང་ངུ་ནི། ཐེག་པ་འོག་མའི་སྤྱོད་པ་བརླབས་པོ་ཆེ་རྣམས་སོ། བརྟུལ་ཞུགས་ཆེན་པོ་ནི། ཐབས་དང་ཤེས་རབ་རྒྱུན་དུ་སྦྱོར་བ་ལ་བྱ་སྟེ། གསང་འདུས་ལས། རིག་པའི་བརྟུལ་ཞུགས་དྲིས་པའ་ིལན་དུ། ཐམས་ཅད་ཆོས་ནི་གཉིས་མེད་པ། སྣང་བ་གཉིས་ཀྱི་མཚོན་པ་ཡིན། །དེ་བས་རྟགས་སུ་འཁོར་བར་རྒྱུ། །ཁྱོད་ཀྱིས་འབྲལ་བར་མ་བྱེད་ཅིག །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་སྤོངས་བྱེད་པ། །དེ་ལ་དངོས་གྲུབ་མཆོག་མེད་འགྱུར། །ཞེས་པ་དང་། སྙིང་པོ་ལས་མཉམ་པའི་བརྟུལ་ཞུགས་གི་དཀྱིལ་མོ་དྲུང་དུ་བཞུགས། ཅེས་པས། ཡབ་ཡུམ་སྦྱོར་བའི་དཀྱིལ་མོར་བཞུགས་པའོ། །ཡབ་ཡུམ་སྦྱོར་བའི་བརྟུལ་ཞུགས་ཆེན་པོའོ། དཀྱུས་ལ་ཡུམ་ཅེས་པས་ཡུམ་ལྔ་དངོས་སུ་བཀོད་པའོ། །མཛེས་པ་སེམས་མ་ནི། ལྷ་མོ་བཅུ་གཉིས་ཏེ་དེ་ནི་དངོས་སུ་སྤྲོ་བས་ཀྱང་། སྦྱོར་བའི་དུས་སུ་ཚང་བ་སྟེ། །དང་པོ་ལག་པ་གཡས་ཀྱིས་གཟུངས་མ་འཛིན་པ་ལྕགས་ཀྱུ་མ་དེ། སྟོད་ལ་འཁྱུད་པ་ཞགས་པའོ། །ཕྱག་རྒྱས་བསྡམས་པ་ལྕགས་སྒྲོག་མའོ། །སྦྱོར་བའི་བརྡས་བསྐུལ་བའི་སྒྲ་ནི་དྲིལ་བུ་མོའོ། ཆས་ཀྱི་སྒེག་སྟེ་ཡིད་དུ་འོང་བ་ནི་ལཱ་སྱེ་མོའོ། དེ་ལྟར་མཛེས་པས་ཡབ་ཡུམ་སྐུ་ཡང་། །ཕྱག་རྒྱར་འབྲེལ་གསུང་བརྡས་འབྲེལ། ཐུགས་ཀྱང་ཡིད་དུ་འོང་པར་འབྲེལ་ཏེ་སྐུ་གསུང་ཐུགས་འབྲེལ་བ་མ་ལྱེ་མའོ། །ཧ་སའི་སྒྲ་གྲགས་པ་གྷིར་ཏི་མའོ། །བདེ་བས་ཚིམ་པ་དྷུ་པེ་མ། བྱང་ཆུབ་སེམས་འཐོར་བ་པུ ཥྤེ་མ། རོ་མྱོང་པ་ཆོས་ཀྱི་སྐུར་གསལ་བ་མར་མེ་མ། བྱང་ཆུབ་སེམས་ཉིད་མཁའ་ལ་བསིལ་དྲོད་ལྡན་སྟེ་འཇམ་པ་དྲི་ཆབ་མའོ། །དེ་རྣམས་དང་ལྡན་པས་ཡབ་ཡུམ་གྱི་སྐུ་དང་བཀོད་པའི་ལྷ་རྣམས་མཉེས་པ་ཁོ་ན་པུ་ཙའོ། །དེ་ལྟར་བརྒྱད་ཅུ་པ་ལས། །སྒེག་དང་འཛིན་དང་དེ་བཞིན་ཏེ། །བསྡུས་དང་འཁྲིལ་བས་དོན་འགྲུབ་ཕྱིར། །སྡོམ་པ་མི་ལྟུང་དབང་བསྒྱུར་ཏེ། །བདེ་བའི་སྒྲ་སྙན་ཕྱོགས་བཅུར་གཡོས། །ཀུན་ཏུ་ཚིམ་བྱེད་བྲོ་བསྲུངས་ཐིམ། །ཤིན་དུ་སྒེགས་པས་གཟི་བྱིན་འབར། །ཡིད་བཞིན་རིན་ཆེན་འཕྲེང་བ་འབར། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོས། །ལྷ་མཛེས་རིན་ཆེན་ཕུང་པོར་འབར། །འོད་གསལ་འཕྲོ་བས་ཀུན་ཏུ་ཁྱབ། །བདུད་རྩི་གསིལ་དྲོད་འཇམ་དཔལ་དབྱངས། །ཅེས་སོ། །ནང་གི་པདྨར་ལྷ་བཀོད་པ་ནི། །ནང་གི་པདྨ་ཕར་འདས་པ་ནི། སངས་རྒྱས་རིན་པོ་ཆེ་ཡིས་སྣོད་དོ། །དེའི་དཀྱིལ་ན་དོན་དམ་པའི་ལྟེ་བའོ། །དེ་ན་གསང་བའི་ཡེ་ཤེས་ཀྱང་ཡོད་དོ། །ནང་གི་པདྨར་སྣ་རྩེར་སྔགས་ཀྱི་ལྷ་ཞེ་གཉིས། དཀྱིལ་འཁོར་དང་བཅས་པ་བསྐྱེད། དེའི་སྒོར་ཧཱུཾ་དམར་པོ་བསྒོམ། དེའི་རྩར་ཕཊ་སྔོན་པོ་བསྒོམ། ཧཱུཾ་གིས་སྒོ་ཕྱེ་བ་ནི་རྡོ་རྗེའི་རྩ་སྒོ་ཕྱེ་བའོ། །སངས་རྒྱས་ཞེ་གཉིས་ཐབས་གཅིག་དུ་བཞུགས་པ་ནི། པདྨ་ཡི་དཀྱིལ་འཁོར་ལ་བྱང་སེམས་ཧཱུཾ་དུ་སྤྲོས་པ་ཕོག་པས། ལྷ་ཐམས་ཅད་ཀྱང་འོད་དུ་ཞུ་བས་ཧཱུཾ་དུ་གྱུར་ཏེ། དེ་ནས་ཧཱུཾ་རྡོ་རྗེ་སེམས་དཔའ་ཉི་ཚེར་གྱུར་ཏོ། །མར་ལ་བཏང་པ་སྲིན་ལག་གི་རྟ་བབས་ལ་དགུག་གོ། །ལུང་གསུམ་རྒྱུད་ཀྱི་ཧེ་རུ་ཀར་བསྐྱེད་པ་ལ། ཐོད་པའི་དབུ་བརྒྱན་དང་། ཤུན་གྱི་ཅོད་པན་གྱིས་དབང་བསྐུར་རོ། །ཐིག་གཏད་པའི་འབྲུ་བཤད་དང་། རྫོགས་པའི་རྫོགས་པ་གཉིས་མཐུན་ཏེ། སྤྱིར་རྣལ་འབྱོར་པ་ཆོས་ཀྱི་སྐུ་ཐོབ་པར། །བྱེད་ན་རྣམ་པར་མི་རྟོགས་པའི་ཡེ་ཤེས་མ་རྙེད་པར་ཆོས་སྐུ་ཐོབ་པར་བྱ་བའི་ཐབས་མི་སྲིད། དེ་ལ་བརྩོལ་བ་གཞན་གྱི་སྒོ་ནས་བློ་ཅི་ལྟར་བཞག་ཀྱང་དེ་ཉིད་རྟོགས་པ་མིན་ལ། གསང་སྔགས་འདིའི་གཞུང་གི་དགའ་བ་རྙེད་ན་རང་བཞིན་དགའ་བ་རྙེད་ནས། རང་བྱུང་གི་མི་རྟོགས་པའི་ཡེ་ཤེས་ཤུགས་ཀྱི་འབྱུང་ནས། རྟོགས་པ་གང་ཡང་མ་སྤངས་པར་དག་ནས། འདི་ཐབས་ཀྱི་རང་བཞིན་ཡིན་པས། །ཐབས་ཀྱི་ཐེག་པ་ཞེས་བྱའོ། །དེ་ལ་དགའ་བ་བཞི་སྟེ། དགའ་བ། མཆོག་དགའ། ཆད་པའི་དགའ། རང་བཞིན་གྱི་དགའ་བའོ། །དེའི་རྟགས་བཞི་ནི། ལུས་རྔུལ་ཞིང་འདར་བ་མདོག་འགྱུར་བ་དང་། མཆི་མ་འོང་བ་དང་། གཟུང་འཛིན་གྱི་དྲན་པ་ཉམས་པའོ། །གནས་བཞི་ནི། དགའ་བ་རྡོ་རྗེའི་རྩ་བ། མཆོག་དགའ་ནོར་བུ་ཆད་པའི་གནས་རྩེ་མོ། རང་བཞིན་གྱི་དགའ་བའི་གནས་ནི་དབུའི་དཀྱིལ་ལོ། །དང་པོ་ཐིག་ལེ་ཡོན་ཏན་ཚང་བ་བྱིན་གྱིས་བརླབས་ཏེ། ངོ་བོ་ཆོས་ཉིད་དུ་ཤེས་པས་འདོད་པ་སྐྱེ་བའི་བཞི་མདོར་ཤེས་ནས་སྦྱོར་བ་ལུས་རྔུལ། དེ་ནས་བྱང་ཆུབ་སེམས་ཀྱི་སེམས་རྩ་བ་ཕྱིན་པས། དགའ་བའི་དབང་པོ་དང་པོ་ཐོབ་རྩ་ན་དབུགས་ཕྱེད་མར་བཅད་དང་སྡམས། ལྟེ་བར་ཚིག་པར་ཀུག་ནས། ཏིང་ངེས་ཀྱང་། བྱང་ཆུབ་སེམས་སླར་བཟློག་པས། སྤྲུལ་པའི་ཙཀྲ་གཉིས་ལ་ཏིང་གིས་འབྱུང་ངོ་། །དེ་ལྟར་ཡུན་རིང་དུ་བསླབས་པས། ལན་གཅིག་མདོག་དམར་ལམ་ལམ་འབྱུང་བ་དང་། །མདོག་པ་འཐུན་པོར་བྱ་སྟེ་གཟུང་ངོ་། །དེ་ན་ཡུན་རིང་དུ་བསླབ་པས་འཇུག་མཆི་མ་འོང་། བྷོ་དེ་ཐིག་ལེ་ཆེ་ཆུང་གང་ཡང་རུང་བར་ཕྱིར་ཆད་ནས། སླར་དབུའི་དཀྱིལ་འཁོར་དུ་དྲོངས་པ་ནི་ཆད་པའི་དགའ་བའོ། །དེ་གསུམ་ཀྱང་བྱང་སེམས་དབུའི་དཀྱིལ་དུ་འཛིན་ནུས་པའི་དུས་ན་དགའ་བ་ནི་སྐྱེ། མྱོང་ཚོར་ནི་མེད། ཡུལ་སེམས་ནི་གང་ཡང་སྣང་བ་མེད་དེ། །རྟོགས་པ་ཐམས་ཅད་དང་བྲལ་ནས། སེམས་ཉིད་དེ་ཚེའི་ཡེ་ཤེས་སུ་གསལ་སྟེ། ཅི་ཡང་མི་གནས་པར་འདུག་པ་དེ་ནི་མི་རྟོགས་པའི་ཡེ་ཤེས་ཆེན་པོ་ཞེས་བྱའོ། །དེ་ཡང་རེས་ཙམ་རེ་འབྱུང་། དེ་ནས་གོམ་ཤིང་ཡུན་ཇེ་རིང་ཇེ་རིང་ན། མཇུག་ཉིན་མཚན་ཕྱད་པར་འོང་སྟེ། དེའི་ཕྱིར་དབང་གི་གལ་པོ་ལས། ཡང་ནི་རྡོ་རྗེ་དབྱིངས་ཕྱུག་རྩ་ཞེས་པ་བྱ། དེ་ནི་དཔེར་ན་མཚོ་བྱེད་གཞོན་ནུས་དུག་ཉིད་རྩིར་བྱས་པ་དང་། དཔེར་ན་སྐལ་པའི་མེས་ལོ་ཀ་སྲེག་པའི་དུས་ན། རི་རབ་གླིང་བཞི་ཉིད་མེད་གྱུར་པ་བཞིན། །འདོད་ཆགས་ཉིད་ཆོས་ཀྱི་སྐུ་མི་རྟོག་པའི་ཡེ་ཤེས་སུ་གྱུར་པ་ནི། །འཕྱར་པོ་དང་བློ་དམན་པ་ལ་གསང་དགོས་པས། །དེའི་ཕྱིར་གསང་བའི་ཐེག་པ་ཞེས་བྱའོ། །དེའི་ཕྱིར་རྡོ་རྗེ་ཐེག་པའོ། །ཤེས་པ་གསུམ་བདེ་བ་ཆེན་པོ་ལ་འདུས་པ་ནི། །རྡོ་རྗེ་སེམས་དཔའི་འོད་ཀྱི་ཤེས་པ་ཡེ་ཤེས་སུ་གྱུར། དེའི་འོད་ཀྱི་ཕུང་ཁམས་སྐྱེ་མཆེད་ཀུན་སྲེག་སྟེ་རྡོ་རྗེ་སེམས་དཔའི་སྐུ་ཉིད་ཀྱང་འོད་དུ་ཞུ་ནས། མདོ་མ་ཧཱ་སུ་ཁ་ལ་འདུས་པས། མ་ཧཱ་སུ་ཀ་ཉིད་ཆོས་ཉིད་ཀྱི་འོད་གསལ། །ངོ་བོ་མེད་པ་མཐའ་ཐམས་ཅད་དང་བྲལ་བར་བསྒོམ་པ་ནི། རྒྱལ་ཐབས་སྤྱི་བླུག་གི་དབང་སྟེ། །ཡེ་ཤེས་བླ་མའི་ས་ནོན་ནོ། །ཚོགས་མཆོད་དུས་སུ། ཡུམ་ལ་ལྷ་འབོག་བུམ་པ་དབུ་བརྒྱན། ཅོད་པན། ཕྲེང་བ། ཉན་བསྒྲུབ་ཀྱི་དབང་བསྐུར་རོ། །ཡུམ་ལ་གསང་དབང་བསྐུར་བའི་ཏིང་ངེ་འཛིན་མཐུན། ཚིག་མི་དགོས་སོ། །ཡུམ་གྱིས་ཀྱང་གུ་རུ་ལ་ཡོན་དབུལ་ལོ། །ཡེ་ཤེས་སྙིང་པོའི་དལ་ལ་མ་ཧཱ་སུ་ཀའི་བཞུགས་པའི་ཚོགས་བརྒྱད་གང་ཡང་མ་ཡིན་པ་ནི། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ། །འོད་ཁ་དོག་སྣ་ཚོགས་ཡེ་ཤེས་ཐམས་ཅད་དང་ལྡན་པ་ཅི་ཡང་བཏག་གིས་མི་མངོན་པ་ཉི་མའི་སྙིང་པོ་ཞེས་བྱའོ། །ཐབས་ཀྱི་ཕྱག་རྒྱ་ནི། གཡས་པའི་སོར་མོ་སྟེ། ལྟེ་བ་ནས་སོར་གསུམ་གྱི་འོག་ན། སོར་གཅིག་ནི་དོན་དམ་པའི་ལྟེ་བ་སྟེ། ཡབ་ཡུམ་གཉིས་ཀའི་སངས་རྒྱས་རིན་པོ་ཆེའི་སྣོད་དོ། །དེ་ནས་མར་སོར་བཞི་ནི། མེའི་ཡུལ་ལོ། །ཡཾ་དམར་སྐྱ་ནི་གཞལ་ཡས་ཁང་ན་ཡེ་ནས་ཡོད་པའོ། །མ་ཧཱ་སུ་ཀ་ལ་མཛུད་པ་ནི། །དང་པོ་ནི། གདང་བཅུན་མང་པོ་བྱས་པས་དྲོད་གཡོས་ཏེ། ཡཾ་ལས་རླུང་གི་མེ་སྦར། མེས་སྤྲུལ་པའི་ཙཀྲ་བསྲེགས། དེའི་འོད་གྱེན་དུ་བྱུང་བས། །ལོངས་སྤྱོད་ཀྱི་ཙཀྲ་ལན་གསུམ་བསྐོར་སྟེ། ངལ་གསོས་ནས་རྐན་ཕུག་ནས་ཕྱིར་སྨིན་འཕྲག་དུ་བྱུང་། དེ་ནས་རྣ་བ་གཡོན་དུ་བྱུང་། དེ་ནས་མར་སྤྱི་གཙུག་ཚངས་པའི་བུ་ག་ནས་ཀླད་པར་ཞུགས་ཏེ། དྲོད་ཀྱིས་ཀླད་པ་ཆོས་ཀྱི་སྐུ་སྤྱན་དྲངས་སྟེ། ལམ་སྔ་མ་བཞིན་ནོ། །ཡེ་ཤེས་ཕབ་པས། འཁོར་ལོ་གཉིས་པ་གཡོས་ནས། དོན་དམ་པའི་ལྟེ་བའི་དཀྱིལ། དེ་ནས་ལམ་ནས་སྤྲོས། དེ་བཞིན་དུ་མང་དུ་བྱུང་བས་དགའ་བ་ཐོབ་ནས། སྐད་གཅིག་པ་བྱེད་པ་ནི་གཏུམ་མོ་སྤར་བ་ཞེས་བྱའོ། །ཟླ་ཚེས་གཉིས་ན་ལ་ལ་མ་དང་ར་ས་མ་སྟེ། ཤིན་དུ་ཕྲ་བའོ། །དེ་གཉིས་ཀྱི་བར་ན། ཨ་བ་རྡུ་ཏིས་ཀ་བ་དག་ལྟ་བུའི་ནང་ན། ཉུང་དཀར་ཙམ་བསམ་མོ། །རྐྱང་མ་ཅེས་པ་གཉིས་ནི། དེ་ལ་ཐིག་ལེ་བསྐྱང་པ་ནི། བདག་ལྟ་བུ་སོར་བཞི་དོན་དམ་པའི་ས་རུ་བསྒོམས། དེ་ལྟར་ཐབས་གསུམ་མོ། །སྙིང་ལ་པདྨ་དམར་པོ། འདབ་བཞི་ལ། སྙིང་གི་འབྱུང་བ་བཞི། ཊ་ཀི་བཞིར་བསྐྱེད་པ་སྐུ་མདོག་ཕྱག་མཚན་རིགས་དང་མཐུན་ནོ། །སྣམ་གཅིག་ཌ་ཀི་མ་མེད་པའི་པདྨའི་ལྟེ་བར། ཉི་ཟླ་ཁ་སྦྱར་བའི་བར་དུ་ཐིག་ལེ་བསམ་ལ། ཟླ་བའི་བུ་ག་ནས་ལྟའོ། །ཉི་ཟླ་དང་ཐིག་ལེ་ནི་སྔ་མ་ཡང་ཡོད་དེ། སྣང་གཅིག་དུ་ཉི་ཟླ་པདྨ་གང་ཡང་མེད་དོ། །མ་ཧཱ་སུ་ཀ་ཉུང་དཀར་རྩི་དཀར་ལ་མཚེར་བ་བལྟས་ན་ཅིར་ཡང་སྣང་བ། དེ་ནི་ཡེ་ཤེས་གང་ཡང་རྟགས་ཀྱིན། མི་མངོན་པས་སྣང་ལ་རང་བཞིན་མེད་པ་དེ་ལ་སེམས་རྩེ་གཅིག་གཏོད། སྣམས་གཅིག་ཏུ་བདེ་བ་ཆེན་པོ་གོང་མ་ལྟ་བུར་བསམ་ལ། དེ་ལ་བསྐུ ལ་སྟེ། འོད་འཕྲོས་པས་སྒོ་གསུམ་སྦྱང་སྟེ་ཡེ་ཤེས་ཀྱི་འོད་དུ་གྱུར་པའི། དཀྱིལ་དུ་ཐིག་ལེ་གོང་མ་བཞིན་དུ་བསམ་སྟེ། དགའ་བ་བྱུང་ན། འོད་ཀྱི་ཁམས་གསུམ་ཀུན་སྲེགས་ནས་ཡེ་ཤེས་ཐིག་ལེར་བསྒོམས་པ་ནི་ཐབས་མྱུར་བའོ། །རྫོགས་པའི་རྫོགས་པ་ནི། སྤྱོད་པ་ལས་འབྱུང་སྟེ། སྔར་བཤད་ཟིན་ཏོ། །ཨ་ནི་མ་སྐྱེས་པ་སྟེ། ཡུམ་གྱི་སྒོ་གསུམ་ཡེ་ནས་མ་སྐྱེས་པའི། ཆོས་ཉིད་དུ་ཡོད་པ་དེ་ཤེས་ན། དཔེར་ན་ནམ་མཁའ་ལ་འདོད་པ་སྐྱེས་པའི་གཞི་མེད་པ་བཞིན་དུ་རྟོགས་ནས། །གཟོད་ཡུམ་ལ་སྤྱད་དོ། །གར་གསུམ་ནི། འཁྱུད་པ་དང་། བསྐྱོད་པ་དང་། ཐབས་དུ་མས་གཡན་པ་བསྐྱེད་པའོ། །སངས་རྒྱས་ཀྱི་ཡོན་ཏན་བརྩལ་མི་དགོས་པ་ནི། །རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྫོགས་ཏེ། ཡུམ་གྱི་ངོ་བོ་ཤེས་པས་ཡུམ་བཟང་ངན་གང་ཡང་འཛིན་པ་ནི། །སྦྱིན་པའོ། །དེ་ཤེས་ནས་སྤྱོད་པ་ནི་འབྲས་བུའོ། །སྤྱད་ཀྱང་ཆགས་པས་མི་གོས་པ་ནི། །ཚུལ་ཁྲིམས་སོ། །དེས་བདག་སངས་རྒྱས་ཀྱི་རིགས་སུ་ཆད་པ་ནི། འབྲས་བུའོ། །དགའ་བ་ཐོབ་པ་ལ་མི་སྐྲག་པ་ནི་བཟོད་པའོ། །ཡབ་ཡུམ་ལྷར་གསལ་བ་ནི། འབྲས་བུའོ། །བདེ་བ་མ་ཐོབ་པའི་བར་དུ་འབད་པ་ནི། བརྩོན་འགྲུས་སོ། །དེ་རྙེད་པ་འབྲས་བུའོ། །མ་སྐྱེས་བར་མ་ཡེངས་པ་བསམ་གཏན་ནོ། །རང་བཞིན་གྱི་དགའ་བ་རྙེད་པ་འབྲས་བུའོ། །ཐིག་ལེ་ཤེས་པས་ཤེས་རབ། དེར་གསལ་བས་འབྲས་བུས་སའོ། །ཡང་རོལ་པས་དགའ་བ་སྐྱེད་པས་དང་པོའོ། །དགའ་བའི་ཆགས་པས་མ་གོས་པ་ས་གཉིས་པའོ། །རྡོ་རྗེའི་རྩ་བར་ཕྱིན་པས་ས་གསུམ་པའོ། །མཁའ་ལ་འཕྲོ་བས་ས་བཞི་པའོ། །དགའ་བ་མ་རྙེད་བར་དུ་སྦྱངས་བས་ས་ལྔ་པའོ། །རང་བཞིན་གྱི་དགའ་བ་མྱོང་པས་ས་དྲུག་པའོ། །མྱོང་ནས་དངོས་པོ་མི་གནས་པ་ས་བདུན་པའོ། །དེ་མ་ཡལ་བར་དུ་མཚན་མས་བློ་མི་གཡོ་བས་ས་བརྒྱད་པའོ། །དེ་ཙམ་ན་དེ་བཞིན་ཤིན་དུ་གསལ་བས་ས་དགུ་པའོ། །དེས་འགྲོ་བའི་དོན་ནུས་པ་དང་། །ཡུལ་ཐམས་ཅད་ཀྱི་རེ་བ་བསྐོངས་པས་ས་བཅུ་པའོ། །རང་བཞིན་གྱི་དགའ་བ་དེ་བདག་གཅིག་པུ་ཙམ་མིན་སྟེ། ཐམས་ཅད་ལ་བརྡལ་བས་ཀུན་དུ་འོད། །དེ་རྙེད་ན་ཁམས་གསུམ་གྱི་བུད་མེད་ཀུན་ལ་སྤྱད་ཀྱང་སྐྱོན་གྱིས་མ་གོས་ཤིང་ཡོན་ཏན་འབྱུང་བས་པདྨ་ཅན་ནོ། །ཡབ་ཡུམ་ཀྱི་ཕུང་པོ། ཁམས་སྐྱེ་མཆེད་ལྷར་གསལ་བ་འཁོར་ལོ་ཆེན་པོའོ། །རྣལ་འབྱོར་པ་དེས་སྦྱོར་བས་མ་ཟད་སྤྱོད་པ་ཅི་བྱས་པ་ཐམས་ཅད་ཡེ་ཤེས་ཀྱི་སྤྱོད་པར་མཉམ་པས་ཐབས་དང་མཉམ་པའི་སའོ། །རང་བཞིན་གྱི་དགའ་བ་དེ་ཡང་རྒྱལ་བས་ཉོས་པ་མིན་པར། །བདག་ཆོས་ཐམས་ཅད་མ་སྐྱེས་པའི་ཡེ་ཤེས་གསལ་བས་ཡེ་ཤེས་བླ་མའི་སའོ། །རྣལ་འབྱོར་བ་དེ་ལ་ཅི་བྱས་པ་ཐམས་ཅད་བསོད་ནམས་ཀྱི་ཚོགས་སུ་རྫོགས་སྟེ། སྒོ་གསུམ་གྱི་སྤྱོད་པ་གང་ཡང་བཟང་ངན་མེད་པ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཡང་མ་རྩལ་བར་གནོན་ནོ། །དེ་བས་ཐབས་འདི་ལ་ནན་ཏན་སྐྱེད། ཡོན་ཏན་གྱི་སྐབས་འདི། ཚོལ་གཅིག་འདི་རྙེད་ན་ཀུན་ཡོད་དོ། །ཞེས་བྱ་བའི་དོན་ཏོ། །མན་ངག་ཉི་ཚེ་བཀོལ་བའི་བཀོལ་བྱང་རྫོགས་སོ། །དེ་གསུམ་གྱི་ཤེས་རབ་ཡེ་ཤེས་ཀྱི་དབང་དེ་སོང་། དེའི་གོང་དུ་གསང་བའི་དབང་། དེ་གཉིས་པོས་གསང་བའི་དབང་གཉིས་པོ་དེ་སོང་། དེའི་གོང་བསྒྲུབ་དབང་བཅུ་གསུམ་པོ་དེ་སོང་། དེའི་གོང་དུ་ནང་དབང་བཅུ་གཉིས། དེའི་གོང་དུ་ཕྱི་དབང་བཅུ། དེ་བཞིས་མདོ་དབང་སུམ་ཅུ་སོ་དྲུག་པོ་དེ་སོང་ནས། དེ་ལྟར་དབང་རྫོགས་ནས། དབང་དེ་དག་ཆགས་པར་བྱེད་པའི་རྟེན་ནི། ཐེག་པ་ནི། ཨ་ནུ་ཡོ་གའི་ཐེག་པ། ལྟ་བ་དབྱིངས་ཡེ་ཤེས་དབྱེར་མེད། །དེའི་ངང་གནས་པ་ནི་བསྒོམ་པ། །སྤྱོད་ལམ་རྣམས་བཞི་དབྱིངས་དང་ཡེ་ཤེས་ཀྱི་ངང་ལ་སྤྱོད་པ་ནི་སྤྱོད་པ། དེ་ལ་མི་འདའ་བའི་དམ་ཚིག་ནི། མཐར་ཕྱིན་པའི་འབྲས་བུའོ། །སྐབས་ཀྱི་བསྒོམ་ཆེན་གྱི་འདུག་ཚུལ་ནི། ཆུ་བོ་ཆེན་པོའི་གཞུང་བཞིན་འཕེལ་འགྲིབ་མེད་པའོ། །བསྒོམས་པའི་ཐབས་ནི་ངང་བསྒོམ་ཆེན་པོའི་ཐད་ཀར་སླེབས་སྟེ། དེ་ཡང་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་ཕུག་རོན་གྱི་སྒོ་ང་ཙམ་གཅིག་བསྒོམ། དེ་ལས་འོད་འཕྲོས་ནས་སྤྱི་གཙུག་ཚངས་པའི་བུ་ག་ནས་ཡར་སྐར་མདའ་བཞིན་ཐོན་ནས། ཐིག་ལེ་གཅིག་པོ་དེ་ཉིད་ལ་ཐིག་ཕྲན་བསམ་གྱི་མི་ཁྱབ་པ་འཕྲོས་ནས། ཇེ་ཆེ་ཇེ་ཆེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁེངས་པར་བསམ། ཐིག་ཕྲན་ཐམས་ཅད་ཚུར་འདུས་ནས་ཐིག་ལེ་བཞི་པོ་ལ་ཐིམ་པས། ཐིག་ཕྲན་རྣམས་དང་བཞི་པོ་གཉིས་སུ་མེད་པའི་དབྱིངས་ཡེ་ཤེས་དབྱེར་མེད་པ། སྲས་བདེ་བ་ཆེན་པོ་ངང་ལ་གནས་པར་བྱའོ། །ཅེས་པ་ནི་ཀུན་ལ་མེད་བའི་གདམ་ངག་གོ །ད་ནི་འགགས་སུ་བཤད་ན་གང་གིས་གང་ལ་གང་བསྟན་པ། །ཅིའི་ཕྱིར་དང་དགོས་པའི་གནས། །འདི་ནི་ནང་གི་འགག་དུ་བསྟན། ཅེས་པས། གང་དུ་གསུངས་བའི་གནས་ནི་པདྨ་མེ་ཏོག་འཇའ་ཚོན་གྱིས་གནས་སོ། །གང་གིས་བསྐུར་བའི་སློབ་དཔོན་ནི། སློབ་དཔོན་ཆེན་པོ་རོ་ལངས་བདེ་བའི་དུར་ཁྲོད་བ་ཅེས་བྱ་བ་དེས། གང་ལ་བསྐུར་ན་སློབ་དཔོན་ཆེན་པོ་ཧཱུཾ་མཛད་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན་ལ་སོགས་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ལ་བསྐུར། གང་བསྐུར་བའི་དབང་ནི། དབང་མཆོག་སུམ་བཅུ་རྩ་དྲུག་སྟེ། ཕྱི་དབང་བཅུ། ནང་དབང་བཅུ་གཅིག །བསྒྲུབ་དབང་བཅུ་གསུམ། གསང་བ་ཟབ་མོའི་དབང་གཉིས་བསྐུར་རྒྱུ་མཚན་ནི་མི་ལུས་ལྷ་རུ་བསྒྲུབ་པའི་ཕྱིར་དབང་བསྐུར། དགོས་པའི་འབྲས་བུ་ནི། ཡི་གེ་འཁོར་ལོ་ཚོགས་ཅན་གྱི་ས་ཐོབ་པ་ཁོ་ནའོ། །དེས་བསྒྲུབ་དབང་གྲགས་པའི་ཆུ་བོ། །དེ་བསྟན་ཟིན་ཏོ།། །།ཞུས་དག།

བཞི་པ་མན་ངག་གི་དབང་ལས་སེམས་སྡེ་བཅོ་བརྒྱད་ཀྱི་དབང་གི་ཆོ་ག

བཞི་པ་མན་ངག་གི་དབང་ལས། སེམས་སྡེ་བཅྭ་བརྒྱད་ཀྱི་དབང་གི་ཆོ་གའོ། །སྤྱི་དོན་བཞི་པ་མན་ངག་གི་ཆུ་བོ་ལ། །རྫོགས་ཆེན་ཨ་ཏི་ཡོ་གའི་ཐེག་པ་ལ། །གསང་བ་མན་ངག་ཆུ་བོ་བྱ། །ཅེས་གསུངས་པས། གསང་བ་མན་ངག་གི་ཆུ་བོ་ཞེས་ཀྱང་བྱ། སེམས་སྡེ་བཅྭ་བརྒྱད་དཀྱིལ་དབང་ཞེས་ཀྱང་བྱ། །དབང་བཞི་པ་ཚིག་དབང་རིན་པོ་ཆེའི་དབང་ཞེས་ཀྱང་བྱ། །རིག་པ་རྩལ་གྱི་དབང་ཞེས་ཀྱང་བྱ། །དེ་ལྟ་བུའི་དབང་དེ་ལ་གཉིས་ཏེ། །སེམས་སྡེ་བཅོ་བརྒྱད་ཀྱི་དབང་དང་། །ཞར་ལ་དངོས་གྲུབ་ལེན་པའི་ཆོ་གའོ། །དང་པོ་རྫོགས་ཆེན་སེམས་སྡེ་བཅྭ་བརྒྱད་ཀྱི་དབང་ནི། བཅོམ་ལྡན་འདས་དཔལ་ཀུན་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཐུབ་དབང་བསྟན་པ་མར་འགྲིབ་ཚེ། །ལས་ཀྱི་ཚེ་ཐུང་བཀའ་དོན་ཉམ། །བསྟན་སྙིང་གྲུབ་མཐའ་ངན་པས་དཀྲུགས། །གཉེན་པོས་མི་ནོན་བསྒྲུབ་བརྩོན་ཞན། །དེ་ཚེ་དེ་བ་བཟང་སྐྱོང་གིས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །བསྐུལ་ཞིང་གསོལ་བ་འདི་ལྟར་བཏབ། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །བརྩོལ་བའི་ཐེག་པ་མཐར་སྟོན་ནས། །རྩོལ་མེད་ཐེག་པ་མི་གསུང་བར། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པ་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་བསྐུལ་སངས་རྒྱས་ཀུན་གྱི་ཀྱང་། །ཡུལ་དང་འཕྲད་པའི་ཐུགས་རྗེ་ཡིས། །རྩོལ་བྲལ་ཐེག་པ་བསྟན་པ་ཡི། །དུས་ལ་བབས་པར་མཁྱེན་གཟིགས་ནས། །ཐུགས་རྗེའི་རྣམས་སྤྲུལ་གསང་བདག་གིས། །ལྷ་ཕྲུག་ཀུན་དགའ་སྙིང་པོ་ལ། །དུས་མཐའི་སྐད་གཅིག་ཉིད་ལ་ནི། །ཨ་ཏི་རྩ་བའི་རྒྱུད་ཆེན་པོ། །ཀློང་དགུ་བམ་པོ་ཉི་ཁྲི་གསུངས། །སྡེ་གསུམ་དག་ལས་སེམས་ཀྱི་སྡེ། །ཤན་འབྱེད་ལ་ཟླ་རང་གྲོལ་རྒྱུད། །དེ་དག་ཀུན་གྱིས་ངེས་པའི་དོན། །སྐལ་ལྡན་སྨིན་པར་བྱེད་པའི་ཐབས། །བདག་བརྟགས་ཡེ་ཤེས་ངོས་གཟུང་དང་། །སྤྱི་བླུགས་ཐུགས་ཕྲད་ལྷུག་པ་དང་། །ཀློང་རྡོལ་རང་གྲོལ་དོང་སྤྲུགས་དང་། ཡེ་གསལ་བདེ་ཆེན་གྱིན་འདའ་དང་། མི་གཡོ་རྫོགས་པ་ངང་རང་འཁྲུངས། བཏང་སྙོམས་རྩེ་གཅིག་ལྷུན་གྲུབ་བོ། །རེ་རེ་འང་མན་ངག་བཅྭ་བརྒྱད་དེ། དབང་སྡེ། སྤྱོད་དང་འཕྲིན། བསྐུར་ཐབས་དེས། ངོ་སྤྲོད་གདམ་ངག །དགོངས་འབྲེལ་གླུ། ཉམས་རིན་རིགས་དབྱེ་ཐེམས་ཡིག་སྒྲོན། །འོད་སྐབས་གྲུབ་མཐའ། གཏད་བརྒྱའོ། །དེ་ལྟར་སུམ་བརྒྱ་ཉི་ཤུ་བཞི། ། སྐལ་ལྡན་འབད་མེད་གྲོལ་བར་བྱེད། དེ་དོན་ལག་དུ་བླངས་པ་ནི། །མཁས་པ་ཉི་ཤུ་རྩ་གཅིག་སོགས། བླ་མ་བརྒྱུད་པའི་རིམ་པ་རྣམས། །སྙན་ནས་སྙན་དུ་བ རྒྱུད་པ་ཡིས། །ཞལ་གྱི་གདམས་པ་ཡི་གེར་བཀོད། །འདིར་ཤིན་ཏུ་རྣལ་འབྱོར་གྱིས། ཐེག་པའི་ལུགས་ཀྱིས། སྐལ་ལྡན་འབད་མེད་དུ་གྲོལ་བར་བྱེད་པ་ལ་འབྲེལ་བ་བཞི་དང་ལྡན་པ་ཅིག་དགོས་པར་བཞེད་དེ། བཞི་གང་ཞེ་ན། རྒྱུད་དབང་དང་འབྲེལ་པ་དང་། །དབང་གདམས་ངག་དང་འབྲེལ་བ། །གདམས་ངག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་བྱིན་བརླབས་དང་འབྲེལ་བའོ། །དེ་ལ་རྒྱུད་ནི། ལ་ཟླ་བ་རྒྱལ་པོའི་རྒྱུད། ཤན་འབྱེད་པ་བྲམ་ཟེའི་རྒྱུད། རང་གྲོལ་མངོན་གསུམ་དུ་སྟོན་པ་མན་ངག་གི་རྒྱུད་སྡེ་རྩ་བཤད་དང་བཅས་པ་རྣམས་ཡིན་ལ། །དེ་ལས་ཀྱང་རྒྱལ་པོའི་རྒྱུད་བསྐོར། །ཀུན་བྱེད་རྒྱལ་པོ་མ་བུ་དགུ་བསྐོར་ལ་སོགས་པ་རྣམས་ཀྱི་ནང་ནས་ཕྱུང་བ། །ཀལྤ་དུམ་བུའི་རྒྱུད་དམ། སྙིང་པོའི་མན་ངག་གི་རྒྱུད། །སེམས་སྡེ་མ་བུ་བཅྭ་བརྒྱད་དུ་གྲགས་པ་འདི་རྣམས་ཡིན་ནོ། །རྒྱུད་དེ་རྣམས་དང་འབྲེལ་བའི་དབང་ནི། བདག་རྟག་པའི་མན་ངག་གི་རིག་པ་རྩལ་གྱིས་དབང་བསྐུར་བས། སྐྱེས་བུ་སྙིང་བཏོན་པ་ལྟ་བུ་ལ་སོགས་པ། རིག་པའི་རྩལ་དབང་བཅྭ་བརྒྱད་པོ་འདི་ཡིན་ནོ། །དབང་དང་འབྲེལ་བའི་གདམ་ངག་ནི། གདེང་། སྦྱོད། འཕྲིན་ལས་ལ་སོགས་པ་རྣམས་ཡིན་ནོ། །གདམས་ངག་དང་འབྲེལ་པའི་ཕྱག་བཞེས་ནི། འཆད་པར་འགྱུར་བའི་ཕྱག་བཞེས་ཀྱི་ཡི་གེ་རིས། བླ་མ་བརྒྱུད་པའི་རིམ་པའི་ཕྱག་ལེན་བཞིན་བདག་གི་སྡེབས་པ་འདི་ཡིན་ནོ། །ཕྱག་བཞེས་འདི་བླ་མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་ཚུལ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བདག་ཡན་ཆོད་བརྒྱུད་པ་མ་ཆད་ཅིང་། མ་ཉམས་པའི་ཕྱིར་བྱིན་རླབས་དང་འབྲེལ་པ་ཡིན་ནོ། །དེ་ཡང་གང་ཞེ་ན། ཆོས་སྐུ་ཀུན་ཏུ་བཟང་པོ། །ལོངས་སྐུ་རིགས་ལྔའི་སངས་རྒྱས། །སྤྲུལ་སྐུ་གསང་བདག་ཕྱག་རྡོར། །ཡང་སྦྲུལ་དགའ་རབ་རྡོ་རྗེ། །མཁས་པ་ཉི་ཤུ་རྩ་གཅིག །སྒྲ་བསྒྱུར་བཻ་རོ་ཙ་ན། །རྒྱལ་མོ་གཡུ་སྒྲ་སྙིང་པོ། །མཁས་པ་ཡེ་ཤེས་གཞོན་ནུ། །སོག་པོ་དཔལ་གྱི་ཡེ་ཤེས། །གནུབས་ཆེན་སངས་རྒྱས་ཡེ་ཤེས། །གནུབས་ཆུང་ཡོན་ཏན་ཡབ་སྲས། །མཁས་པ་མྱང་ཆེན་ཤེར་མཆོག །ཉང་བན་ཡེ་ཤེས་འབྱུང་གནས། །ཟུར་ཆེན་ཤཱཀྱ་འབྱུང་གནས། །ཟུར་ཆུང་ཤེས་རབ་གྲགས་པ། །སྐྱོ་སྟོན་ཤཱཀྱ་ཡེ་ཤེས། །གསང་བདག་མདའ་ཚ་ཧོར་པོ། །འགྲོ་མགོན་དམ་པ་ཤཱ ཀ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། བླ་མ་ཐན་སྟོན་འབུམ་མེད། ཆོས་རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཆེན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱིས་ཡེ་ཤེས། མ་གཅིག་དྲིན་ཆེན་ཟུར་མོ་རྣམས་རིམ་པ་ནས་རིམ་པར། བྱིན་རླབས་ཀྱི་ན་བུན་མ་ཡལ། །དབང་དང་གདམ་ངག་གི་ཆར་རྒྱུན་མ་ཆད་པར་གསོལ་འདེབས་གྱི་འབྲུག་སྒྲ་མ་ཆགས་པ་ཡིན་ནོ། །བརྒྱུད་རིམ་གྱི་རྣམ་ཐར་རྒྱས་པ་རྒྱ་འགྲམ། བོད་འགྲམ་གཉིས་ལས་ཤེས་པར་བྱའོ། །དེ་ལྟར་འབྲེལ་བ་བཞི་ལྡན་གྱིས་སྒོ་ནས། སྐལ་ལྡན་སྨིན་པར་བྱེད་པའི་དབང་འདི་ལ། སྤྱི་དོན་གསུམ་གྱིས་སྟོན་ནོ། །སྔོན་འགྲོ་དང་དངོས་གཞི་དང་རྗེས་ཀྱི་བྱ་བའོ། །དང་པོ་སྔོན་འགྲོ་ནི། བླ་མ་མཚན་ཉིད་དང་ལྡན་པས། སློབ་མའི་མཚན་ཉིད་ཡོངས་སུ་རྟགས་སྟེ། ཡོ་བྱད་གཞུང་བཞིན་བསོག་ཏུ་བཅུག་ནས། གནས་མཚན་ཉིད་དང་ལྡན་པར། བཀྲ་ཤིས་པའི། གཟའ་སྐར་ལ་སོགས་པ་འཛོམས་པའི་དུས་སུ། །ཨ་ནུ་མན་ཆད་ཀྱི་དབང་གིས་སྨིན་པར་བྱས་པའམ། གཞན་དུ་ན་སྒྱུ་འཕྲུལ་གྱིས་བསྲེ་བའི་ཆོ་ག་རྒྱས་པར་བྱ། གནས་ཁང་དང་བསྟུན་པའི་ས་སྟེགས་ཆེ་ཆུང་གང་ཡང་རུང་བ་ལ། །དྲི་བཟང་དང་། བ་བྱུང་ལྔས་ལེགས་པར་བྱུགས་ལ། ཐིག་ཆེན་བརྒྱད་གདབ། དེ་ཡང་དཀྱུས་ཐིག་གི་ཆ་སུམ་བཅུ་ཚོ་པ་གཉིས་སུ་ཕྱེས་ཏེ། ས་སྟེགས་དེའི་བརྒྱད་ཆ་ཕྱིར་དོར་བའི་ཟླུམ་ཐིག་གཅིག་བསྐོར། དེའི་དབུས་ཀྱི་ཚངས་ཐིག་ནས། ཕྱིའི་ཟླུམ་ཐིག་གི་བར་ཕྱེད་མར་བཅལ་བའི། ཟླུམ་ཐིག་གཅིག་བསྐོར། ཟླུམ་ཐིག་ཕྱི་ནང་གཉིས་ཀ་ལ་ཡང་། པད་མ་ཆེ་ཆུང་དང་བཏུན་པའི་མུ་ཁྱུད་ཀྱི་དོན་དུ་ནང་མའི་ཕྱི་ངོས་དང་། ཕྱི་མའི་ནང་ངོས་སུ་ཟླུམ་ཐིག་རེ་སྐོར། །དེ་ནས་ཚོན་འགྱེད་ལུགས་ནི་པད་མ་འདབ་མ་བཅུ་དྲུག་ཁ་དོག་དམར་པོ་ལ། །མུ་ཁྱུད་ནང་མ་འོད་ཟེར་གྱིས་འཕྲེང་བ་དང་ཕྱི་རྡོ་རྗེའི་ཕྲེང་བ། དེའི་ཕྱི་རོལ་དུ་ཤར་ཕྱོགས་སུ་སྙིང་གི་རྩེ་མོའི་རྣམ་པ་དང་། ནུབ་ཕྱོགས་སུ་སྙིང་སྒྲོམ་ཀྱིས་རྣམ་པ། མཐའ་སྐོར་ལ་སྙིང་ཤུན་སྙིང་ཚིལ་དང་བཅས་པའི་རྣམ་པ་བྲི། དབུས་ཀྱི་ལྟེ་བ་ལ་ཨ་དཀར་པོ་གཉིས། དབུ་ཤར་ནུབ་དུ་བསྟན་པ་བྲིས་ལ། རྩའི་རྣམས་པ། ཁ་དོག་དམར་སྐྱའི་ཚོན་གྱིས་སྦྲེེལ། པད་འདབ་བཅུ་དྲུག་ལ། ཨ་བཅུ་དྲུག་དབུ་ཕྱིར་བསྟན་དུ་བྲིས་ལ། རྩའི་རྣམ་པ་དམར་སྐྱས། དཀྱིལ་འཁོར་ཐམས་ཅད་དབུས་ཀྱི་ལྟེ་བ་ལ་སྦྲེས་ལོ། །དེ་ནི་ཚོན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ནོ། །དེ་ཅི་མཚོན་ན། སྙིང་རིན་ཆེན་འབར་བའི་དབུས་ན། རྣམ་པར་ཤེས་པའི་ཚོགས་བརྒྱད། ཡུལ་དང་བཅས་པ་ཡེ་ནས་དག་ཅིང་། ཐམས་ཅད་ཀྱང་རྒྱུ་རྐྱེན་མེད་པར་རང་བྱུང་། བྱེད་པོར་མེད་པར་ལྷུན་གྱིས་གྲུབ་པའི་ཀུན་ཏུ་བཟང་པོ་བཅྭ་བརྒྱད་རང་ཅག་གནས་སོ་ཞེས་པའི་བརྡའོ། །དེ་ནས་དཀྱིལ་འཁོར་ཆེ་ན། ཨ་དེ་རྣམས་ཀྱིས་སྟེང་དུ་ཁྲིའུ་འམ་མན་འཛིའི་སྟེང་དུ། བུམ་པ་བཅྭ་བརྒྱད་དཀར་ཞལ་ནས་ཕྱུང་ལ། མཆུའི་འོག་དུ་ཙིཏྟ་དམར་པོའི་གཟུགས་རེ་ལ་གནས་པའི་ཨ་དཀར་པོ་རེ་རེ་བྲི། ནང་དྲི་བཟང་གི་བདུད་རྩི། ལྔ་དང་བཅས་པའི་ཆུ་སུམ་གཉིས་གང་བ་བླུགས་ལ། ངག་ཏུ་ཨ་ཞེས་བརྗོད་པས། ཨ་དཀར་པོ་རེ་རེ་འོད་དུ་ཞུ་བས། མ་སྐྱེས་པའི་ཆོས་ཉིད། མ་འགགས་པའི་བདུད་རྩིའི་ཆུ། རྒྱུ་རྐྱེན་མེད་པར་རང་བྱུང་ནས་བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པར་མོས་པ་བྱས་ལ། །བུམ་པའི་མགུལ་རས་གཟུང་གིས་བཅིངས་ཤིང་འབྲས་བུ་དང་བཅས་པའི་ཤིང་། དུག་བྱའི་སྒྲོ་དང་བཅས་བས་ཁ་བརྒྱན་ལ་རྡོ་རྗེར་གླུ་གསུངས་པའི་ཙཀ་ལི་རྣམས་ཀྱིས་ཀྱང་མཚན་པར་བྱའོ། །གལ་ཏེ་དཀྱིལ་འཁོར་ཆུང་ནས་བུམ་པར་མི་ཤོང་ན། བུམ་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་མཐར་བསྐོར་སྟེ། པད་འདབ་ཀྱི་ཨ་རེའི་ཐད་དཀར་བུམ་པ་རེ་འགོད། དེ་ནས་ཇི་ལྟར་འབྱོར་པའི་དཀྱིལ་འཁོར་གྱི་བརྒྱན་གྱི་གནས་ཁང་གཟི་བྱིན་དང་ལྡན་པར་བྱས་ལ། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ། དཀྱིལ་འཁོར་གྱི་མཐའ་ནང་གི་སྨན་རག་གཏོར་གསུམ་དང་། ཕྱིའི་མཆོད་པ་ཆུ་གསུམ། བཞི་བསྣོལ་དང་བཅས་པས་བསྐོར་བར་བྱའོ། །དེ་ཡུལ་ལྷ་དང་གཞི་བདག་ལ་སོགས་པ་ལ་གསེར་སྐྱེམས་སམ། ཆ་གསུམ་གྱིས་ཚིམ་པར་བྱས་ལ། བར་ཆད་ཀྱི་མི་ཚུགས་པར་བྱ་བའི་ཕྱིར། ཕྱི་ནང་གིས་མཚམས་བཅད་ལ། བླ་མ་ཁ་ཤར་བལྟས་ཀྱི་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ལ། དབང་གི་ཁྲི་ལ་འདུག་ཅིང་། མཆེད་རྣམས་ཀྱང་གྲལ་རིམ་གྱི་འཁོད་ནས། ཚུལ་ཕྱག་དང་གྲལ་ཕྱག་བྱ་ཞིང་། །རྒྱུད་དག་པར་བྱ་བའི་ཕྱིར་ན་རག་དོང་སྤྲུགས་ཀྱི་ཆོ་ག་དང་། ཚོགས་ཀྱི་འཁོར་ལོ་བྱས་ནས་མ་མགོན་ལྕམ་དྲལ་བསྐང་ཞིང་། བར་ཆད་མི་འབྱུང་བའི་འཕྲིན་ལས་བཅོལ་ལ། མཆེད་ལྕམ་རྣམས་གཉིད་ཀྱི་བདེ་བས་ཚིམ་པར་བྱའོ། །དེ་དག་གི་སྔོན་དུ་འགྲོ་བའི་རིམ་པ་སྟེ། ནུབ་དང་པོ་སྟ་གོན་གྱི་ཆོ་ག་རྫོགས་སོ། །སྤྱི་དོན་གཉིས་པ་དབང་གི་དངོས་བཞི་ནི། དབང་བཅྭ་བརྒྱད་པོ་རེ་རེ་ལ་ཞག་རེ་རེའམ། ཉིན་མཚན་གང་རུང་རེ་རེའམ་སྔ་དྲོ་ཕྱི་དྲོ་སྲོད་དང་གསུམ་ལ་དབང་རེ་རེ་བསྐུར་བ་ཡང་རུང་སྟེ། དབང་རེ་རེ་ལ་ཡང་དོན་ཆིངས་བཅྭ་བརྒྱད་བཅྭ་བརྒྱད་ཀྱིས་སྟོན་ཀྱང་། བླ་མ་རྣམས་ཕྱག་བཞེས་སུ་མཛད་ཙ་ན། །དོན་ཆིངས་དགུའི་བར་དུ་ནོར་བུ་ལུགས་སུ་བསྐུར་ནས། །དོན་ཆིངས་བཅུ་པ་མན་དབང་ཐམས་ཅད་རྫོགས་པའི་རྗེས་སུ། དབང་གི་གཏད་རྒྱའམ། རྒྱབ་ཆོས་སུ་མཛད་དོ། །དེ་ལ་ཐོག་མར་ཁྱུང་ཆེན་དང་རྗེས་སུ་འབྲེལ་བ། དབང་དང་པོ་བསྐུར་བ་ལ། སྟོད་ཀྱི་དོན་ཀྱི་དོན་ཆིངས་དགུས་སྟོན་པ་ལས། དང་པོ་དབང་ནི། བདག་བརྟགས་པའི་མན་ངག་གིས་རིགས་པ་རྩལ་གྱི་དབང་བསྐུར་བས། སྐྱེས་བུའི་སྙིང་བཏོན་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས། གདེང་ཅི་ཐོབ་ན་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བའི་གདེང་རྒྱ་མཚོའི་རྦ་རླབས་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་བའ་ིསྤྱོད་པ་ནི། རིགས་པ་སྣ་ཚོགས་སུ་འཆར་བའི་སྤྱོད་པ་གནང་བཀག་མེད་པ་སྟེ། རྩི་སྨན་སྣ་ཚོགས་ལྟ་བུའོ། །བཞི་པ་དེ་ལྟ་བུའི་དོན་གང་ཟག་གིས་རྒྱུད་ལ་འཁྱེར་བའི་འཕྲིན་ལས་ནི། སྔོན་དུ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་དོན་དུ། ཚུལ་ཕྱག་ནས་རྩམ་ཏེ། ཡི་དམ་གང་བྱེད་ཀྱི་འཕྲིན་ལས་གཞུང་བསྲང་ལ་ཚོགས་མཆོད་བྱའོ། །དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་ལ་ཟླ་བ། ཀུན་བཟང་དོན་གྱི་འཕྲིན་ལས། མཆོད་མཁན་རྣམས་ཀྱིས་གཞུགས་སྲང་ཞིང་། །བླ་མས་བྱ་རྩོལ་མེད་པའི་འཕྲིན་ལས་ཀྱི་ངང་ལ་གནས་པར་བྱ་བ་དང་ངག་ཏུ་འང་བརྗོད་པར་བྱའོ། །དེ་ལ་ཡང་དགུ་སྟེ། མཚམས་བཅད་བཤགས་པར་དཀྱིལ་འཁོར་ལས། །ཕྱག་འཚལ་མཆོད་དང་བཟླས་པ་དང་། །གཏོར་ཚོགས་རྗེས་ཀྱི་སྨོན་ལམ་དགུས། །བྱ་རྩོལ་མེད་པའི་འཕྲིན་ལས་རྫོགས། །དེ་ལ་དང་པོ་མཚམས་བཅད་པ་ནི། ནམ་མཁའ་ཆེ་ལས། མི་རྟོག་ཡེ་ཤེས་བགེགས་གསལ་ནས། ཤེས་པས། །མཆོད་མཁན་རྣམས་ཀྱིས་དབྱངས་དང་བཅས་པའམ། །མེད་ཀྱང་རུང་སྟེ། དོན་ཡིད་ལ་བསམ་ཞིང་ཚིག་འདི་སྐད་བརྗོད་དེས་འོག་མ་རྣམས་ལ་ཡང་འདྲེའོ། །ཧཱུཾ་རྗེ་བཙུན་ང་ནི་རྒྱལ་བ་ཀུན་གྱི་ཡབ། །ཐམས་ཅད་ངར་བརྗོད་རིག་འཛིན་ཀུན་གྱིས་རྗེ། །ཐམས་ཅད་ངར་འདུས་རྣལ་འབྱོར་ཡོངས་ཀྱི་དཔོན། །སྲིད་གསུམ་ཆར་ལྟར་འབབ་ཀྱང་ང་མི་གཤེར། །ཁམས་གསུམ་ཆུ་ལྟར་འཁྲུགས་ཀྱང་ང་མི་འཁྱེར། །རྒྱུད་དྲུག་མེ་རུ་འབར་ཡ ང་ང་མི་ཚིག །སྟོང་གསུམ་རླུང་ལྟར་གཡོས་ཀྱང་ང་མི་སྐྱོན། །དུག་ལྔ་མུན་ལྟར་འཐིབས་ཀྱང་ང་མི་འཐོམ། །ཡེ་ཤེས་ཉི་མ་ཤར་ཡང་གསལ་རྒྱུ་མེད། །མ་རིག་མུན་པ་བྱུང་ཡང་གནག་རྒྱུ་མེད། །སྐྱེ་ཤི་རིས་སུ་ཆད་ཀྱང་འཆི་རྒྱུ་མེད། །ཉོན་མོངས་དུག་གསུམ་གནས་ཀྱང་སྤང་རྒྱུ་མེད། །དངོས་གྲུབ་རྣམ་གསུམ་ཡིན་ཡང་ཆགས་རྒྱུ་མེད། །ཆོས་སྐུ་འགྱུར་མེད་གྲུབ་ཀྱང་སྩོལ་བ་མེད། །རང་འབྱུང་ཉིད་དུ་གནས་པ་རག་མི་ལུས། །སྙིང་པོ་ལྷུན་གྱིས་གྲུབ་པས་རྟེན་མི་འཆའ། །མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་གནས་པས། བགེགས་ཀྱི་རྒྱལ་པོ་རྟོག་པ་མ་སྤངས་བཅོམ། །ཨ་མ་ཧཱ་ཤུནྱ་ཏ་ཛྙཱ་ན་ཨ་ཞེས་བརྗོད་ཅིང་། དེ་དག་གིས་དོན་བགེགས་ལ་སོགས་པའི་བར་ཆད་ཐམས་ཅད་རྒྱུན་མེད་པར་རང་བྱུང་། བྱེད་པ་པོ་མེད་པར་ལྷུན་གྲུབ་ཏུ་ཐག་བཅད་ལ་བར་ཆད་ཐམས་ཅད་རང་བྱུང་། རང་བཞིན་རང་རླག་དུ་བསམ་ལ། །དེའི་ངང་ལ་བྱ་རྩོལ་མེད་པར་གནས་པ་ནི་མཚམས་ཀྱི་མཆོག་གོ་ཞེས་བརྗོད་དོ། །གཉིས་པ་བཤགས་པ་བྱ་བ་ནི། བརྗོད་མེད་ལས། རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། ཞེས་པས། ཧཱུཾ་ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ། །གཟུང་འཛིན་གཉིས་སུ་ལྟ་བ་ཐང་རེ་ཆད། །དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས། །སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །གཙང་རྨེ་གཉིས་སུ་ལྟ་བ་ཐང་རེ་ཆད། །བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཀུན་བཟང་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ། །བདག་དང་གཞན་དུ་བལྟ་བ་ཐང་རེ་ཆད། །ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས། །མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །བྱང་ཆུབ་སེམས་ལ་སྐྱེ་འཆི་མེད་པ་ལ། །འདི་དང་ཕྱི་མར་བལྟ་བ་ཐང་རེ་ཆད། །སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས། །འཆི་མེད་གཡུང་དྲུང་ཀློང་དུ་བཤགས་་པར་བགྱིས། །ཐིག་ལེ་ཆེན་པོ་གྲ་ཟུར་མེད་པ་ལ། །གཟུགས་དང་རྫས་སུ་ལྟ་བ་ཐང་རེ་ཆད། །གྲ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས། ཀུན་ཟླུམ་ཐིག་ལེ་ཀློང་དུ་བཤགས་པར་བགྱི། །དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལ། །ཐོག་མ་ཐ་མར་ལྟ་བ་ཐང་རེ་ཆད། །འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱི། །རང་འབྱུང་ཡེ་ཤེས་རྩོལ་བ་མེད་པ་ལ། །རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད། །སྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །རང་འབྱུང་བཙལ་མེད་ཀློང་དུ་བཤགས་པར་བགྱི། །རིག་པ་ཡེ་ཤེས་གཟུང་འཛིན་མེད་པ་ལ། །རྟག་ཆད་གཉིས་སུ་བལྟ་བ་ཐང་རེ་ཆད། །གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས། །རིག་པ་ཡེ་ཤེས་ཀློང་དུ་བཤགས་པར་བགྱི། །ཆོས་དབྱིངས་རྣམ་དག་སྤྲོས་པ་མེད་པ་ལ། །ཟུག་ངུ་གཉིས་སུ་ལྟ་བ་ཐང་རེ་ཆད། །མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་དབྱིངས་རྣམ་དག་ཀློང་དུ་བཤགས་པར་བགྱི། །གཞལ་ཡས་ཁང་ལ་ཡང་དོག་མེད་པ་ལ། །ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད། །ཡང་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས། །གཞལ་ཡས་ཡང་དོག་མེད་པའི་ཀློང་དུ་བཤགས་པར་བགྱི། ། ཡུམ་གྱི་མངལ་ལ་མཐོ་དམན་མེད་པ་ལ། །སྟེང་དང་འོག་དུ་ལྟ་བ་ཐང་རེ་ཆད། །མཐོ་དམན་གཉིས་སུ་འཛིན་ནས་ཉོན་རེ་མོངས། །བྷ་ག་མཐོ་སྨན་མེད་པའི་ཀློང་དུ་བཤགས་པར་བགྱི། ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པ་ལ། །ཕྱི་ནང་གཉིས་སུ་ལྟ་བ་ཐང་རེ་ཆད། །སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱི། །མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ། །གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན། །གང་ཟག་འཁྲུལ་པའི་སེམས་འདི་ཡོང་རེ་སྡུག །སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་། །སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་པས། །ཟང་ཟིང་ནོར་ལ་སེམས་ཀྱི་ཆགས་པ་སྦྱོད། །འཁོར་བར་རང་བཞིན་མེད་པར་མ་ཤེས་པས། །གཉེན་ཤེས་འཁྲུལ་པའི་གྲོགས་ལ་རྟགས་པར་གཟུང་། །མི་ཤེས་སྐྱེ་བོའི་སེམས་ནི་ཡོངས་སུ་གོལ། །བདེན་པོའི་དོན་བོར་མི་དགེའི་ལས་ལ་བརྩོན། །སྟོན་པའི་བཀའ་བོར་མི་ཆོས་གཡེངས་པས་བསླུས། །རང་རིག་དོན་མེད་གཡེང་བའི་ལས་ལ་བརྩོན། །འདི་འདྲ་དོན་མེད་སེམས་ཅན་སྙིང་རེ་རྗེ། །དབྱེ་འབྲི་མེད་པའི་ངང་དུ་བཤགས་པར་བགྱིའོ། །ཞེས་བརྗོད་ཅིང་བྱ་རྩལ་མེད་པའི་ངང་ལ་བཤགས་པ་བྱ་བ་ནི། གལ་ཏེ་སྐུ་ཡི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་བཤགས། །གསུང་གི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་བརྗོད་དུ་མེད་པའི་ངང་དུ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་དྲན་རྟོག་མེད་པའི་ངང་དུ་བཤགས། །གསང་བའི་དམ་ཚིག་ཉམས་གྱུར་ན། །གསང་བ་ཆོས་ཀྱི་ངང་དུ་བཤགས། །རྩ་བའི་དམ་ཚིག་ཉམས་གྱུར་ན། །རྩ་བ་བྱང་ཆུབ་སེམས་ཀྱི་ངང་དུ་བཤགས། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་གཉིས་སུ་མེད་པའི་ངང་དུ་བཤགས། ཆོས་སྤྱིའི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་ལྷུན་གྱིས་གྲུབ་པའི་ངང་དུ་བཤགས། །ཆོས་ཁྱད་པར་གྱི་དམ་ཚིག་ཉམས་གྱུར་ན། །མཚན་མ་ཆོས་ཅན་ལྷུན་གྲུབ་གྱི་ངང་དུ་བཤགས། །འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ། །མི་དགེ་བཅུ་དང་མཚམས་མེད་ལྔ་སོགས་བྱས་པ་ཀུན། །རང་བྱུང་ཡེ་ཤེས་རྟོགས་པ་མེད་པའི་ངང་དུ་བཤགས་པར་བགྱིའོ། །ཞེས་དོན་དྲན་པར་བྱའོ། །གསུམ་པ་དཀྱིལ་འཁོར་གྱིས་ལས་སུ་བྱ་བ་ནི། མཚོན་བྱེད་དཔེའི་དཀྱིལ་འཁོར། རྡུལ་ཚོན་གྱིས་བྲིས་པ་འདི་ཡིན་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་ཙིཏྟ་རིན་ཆེན་དེའི་གཞལ་ཡས་ན། །རྩ་འདབ་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ། རྒྱུ་རྐྱེན་མེད་པའི་རང་འབྱུང་ཀུན་ཏུ་བཟང་མོ་དང་། བྱེད་པ་པོ་མེད་པར་ལྷུན་གྲུབ་ཀྱིི་ཀུན་ཏུ་བཟང་པོ་གཉིས་གདོད་མ་ནས་མ་སྐྱེས་པའི་ཆོས་ཉིད་ཡི་གེ་ཨའི་རྣམ་པར་གནས་པ་ནི་དཀྱིལ་ཡིན་ལ། །པད་འདབ་བཅུ་དྲུག་ལ་རྣམ་ཤེས་ཚོགས་བརྒྱད་ཡུལ་དང་བཅས་པ་གདོད་མ་ནས་དག་པའི་ཀུན་ཏུ་བཟང་པོ་བཅུ་དྲུག་ནི་འཁོར་ཡིན་ནོ། །དེ་ཡང་འཁོར་གྱིས་ཀུན་ཏུ་བཟང་པོ་ཞེས་འཁོར་བ་ཡེ་བརྡལ་གྱི་ངོས་ནས་སྨོས་ལ། དཀྱིལ་ནི་ཁམས་གསུམ་དོང་སྤྲུགས་ཀྱི་རང་བཞིན་ཏེ། དོན་འཁོར་འདས་ཀྱི་ཆོས་ལ་བླང་དོར་མེད་པ། རང་འབྱུང་གི་ཡེ་ཤེས། ཐིག་ལེ་ཉག་གཅིག་ཏུ་གནས་པ་ལ་གནས་པ་ལྟར་སྒོམས་པ་ནི། ཏིང་འཛིན་གསུམ་གྱི་ལྷ་བསྐྱེད་ཅིང་། །དབང་བསྐུར་བྱིན་རླབས་ལ་སོགས་པ་བྱ་བའི་ཚུལ་ནི། མཚན་བརྗོད་ལས། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཧཱུཾ་རང་གི་སེམས་ཉིད་གདོད་ནས་མ་དག་ན། །འཕྲལ་དུ་ཕྱོགས་ཙ མ་བསྒོམ་པས་དག་མི་འགྱུར། །ཆོས་ཉིད་མ་བཅོས་ཡེ་ན་ཡིན་ཤེས་ན། །དེ་བཞིན་ཉིད་ཀྱི་ཏིང་འཛིན་མ་བསྒོམས་གསལ། །ཐབས་ཀྱི་རྩ་བ་སྙིང་རྗེ་མ་ཤར་ན། །འཕྲལ་གྱི་ཕྱོགས་ཙམ་ཡོངས་ལ་ཁྱབ་མི་འགྱུར། །བརྡལ་བ་ཆེན་པོའི་བློ་ཡིས་ཕྱིར་ཁྱབ་ན། །ཀུན་ཏུ་སྣང་གི་ཏིང་འཛིན་མ་བསྒོམས་གསལ། །རྒྱུ་ཉིད་དག་པའི་དོན་ཉིད་མ་ཤེས་ན། ། འཕྲལ་གྱིས་དམིགས་པས་རང་རིག་གསལ་མི་འགྱུར། །ཡེ་ནས་ཡིན་པ་རང་རིག་གསལ་རྟོགས་ནས། །རྒྱུ་ཡི་ཏིང་འཛིན་དེ་ཡང་མ་སྒོམ་གསལ། །རང་རིག་རྩལ་གྱི་ཡོངས་ལ་མ་བརྡལ་ན། །འཕྲལ་གྱི་འཕྲོ་འདུས་ཉོན་མོངས་དག་མི་འགྱུར། །སྐད་ཅིག་ཙམ་ལ་རང་བྱུང་ཉི་ཤར་ན། ཡོངས་སུ་རྫོགས་པའི་ཏིང་འཛིན་མ་བསྒོམས་གསལ། །གཉིས་མེད་ཡུམ་ཆེན་བྷ་ག་མ་རྟོགས་ན། །འཕྲལ་དུ་ཡུམ་མཆོག་བསྐྱེད་པས་སྐུ་མི་རྫོགས། །ཤེས་རབ་ཕ་རོལ་ཕྱིན་པ་དབྱེར་མེད་པས། །སྙིང་རྗེ་ཡུམ་མཆོག་ཐབས་དང་ཤེས་རབ་རྫོགས། སེམས་ཀྱི་དབང་ཕྱུག་འདོད་དགུར་མ་ཤེས་ན། །འཕྲལ་དུ་ཡེ་ཤེས་ལྔའི་དབང་མི་འཆར། །ཀུན་གཞི་རྩ་བས་ཕྱོགས་བཅུར་དབང་བསྒྱུར་བས། ཡེ་འབྱམས་ཆེན་པོའི་དབང་མཆོག་མ་བསྐུར་རྫོགས། །དགོངས་པའི་བྱིན་རླབས་ཐིག་ལེར་མ་སློབས་ན། །འཕྲལ་གྱི་དགོངས་པས་སྐུ་གསུང་ཐུགས་མི་རློབས། རང་འབྱུང་བདེ་བས་ཁམས་གསུམ་བྱིན་རླབས་པས། སྐུ་གསུམ་བྱིན་རླབས་ཆོ་འཕྲུལ་རང་བཞིན་ཚངས། །ཞེས་བརྗོད་དོ། །བཞི་པ་དམ་ཚིག་དང་། ཡེ་ཤེས་ཀྱི་ཀུན་ཏུ་བཟང་པོ་ཡེ་ནས་དབྱེ་བ་མེད་པ་ལ་ཕྱག་འཚལ་བ་ནི། པཉྩ་ཀྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་མཁར། །རང་གིས་རང་རིག་ཡེ་ཤེས་གང་། ལེགས་མཐོང་གང་ཡིན་འདིར་ཆགས་འཚལ། །ཞེས་པའི་དོན་དྲན་བར་བྱས་ལ། བྱ་སྩོལ་མེད་པའི་ཕྱག་འཚལ་བ་ནི། སྣང་མེད་སྟོང་མེད་ངོས་བཟུང་མེད་ལ་ཕྱག་འཚལ་ལོ། །བྱར་མེད་ཞེན་མེད་འཛིན་པ་མེད་ལ་ཕྱག་འཚལ་ལོ། །སྐྱེ་མེད་ལྷུན་གྲུབ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བཙལ་བའོ། །ལྔ་པ་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ལ་མཆོད་པ་འབུལ་བའི་ཚུལ་ནི། ནམ་མཁའ་ཆེ་ལས། བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ལ། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིངས་བ་ཆེན་པོར་འགྱུར། །ཞེས་པས། ཡིད་ཀྱིས་མཆོད་པས་སྟོང་གསུམ་མ་ཁྱབ་ན། །འཕྲལ་དུ་འབུལ་བས་རྒྱལ་བ་མཉེས་མི་འགྱུར། །ཡོངས་སུ་ཁྱབ་པའི་མཉེས་པ་རྒྱུན་མེད་ན། །མཆོད་པའི་ཆེ་བ་གདོན་དུ་མ་སྒོམ་ཚང་། །ཞེས་པའི་དོན་དྲན་པར་བྱས་ལ། །བྱ་སྩོལ་མེད་པའི་མཆོད་པར་འབུལ་བ་ནི། སྤྱིར་འདོད་ཡོན་ལྔའི་མཆོད་པ་དང་། །ཁྱད་པར་དུ་ཕྱི་ནང་གསང་བའི་མཆོད་པ་ལས། འདོད་ཡོན་ལྔའི་མཆོད་པ་ནི། གཟུགས་སྣང་དངོས་མེད་ཀྱི་མཆོད་པ་འབུལ། སྒྲ་གྲགས་པ་གཟུགས་མེད་ཀྱི་མཆོད་པ་འབུལ། །དྲི་ཚོར་བ་དམིགས་མེད་ཀྱི་མཆོད་པ། །རོ་མྱོང་བ་ཚོར་མེད་ཀྱི་མཆོད་པ། །རེག་དྲན་པ་འཛིན་མེད་ཀྱི་མཆོད་པ། །ཆོས་སྐྱེ་མེད་བློ་འདས་ཀྱི་མཆོད་པའོ། །དེ་དག་ཀྱང་ཁྱད་པར་ཕྱི་ནང་གསང་གསུམ་དུ་བསྡུས་ནས་མཆོད་པ་ནི། ཕྱི་གཟུགས་སོགས་ཀྱི་སྣང་བ་དངོས་མེད་ཀྱི་མཆོད། །ནང་རྣམ་ཤེས་ཀྱིས་རིག་པ་འགྱུར་མེད་ཀྱིས་མཆོད། གསང་བ་སྐྱེ་མེད་ཀྱི་དོན་བློ་འདས་ཀྱི་མཆོད་པས་མཆོད་དོ། ། དྲུག་པ་བཟླས་པ་བྱ་བ་ནི། ནམ་མཁའ་ཆེ་ལས། མི་གསུང་མཉམ་བཞག་སྔགས་ཚིག་གོ །ཞེས་པས། ཧཱུཾ་དགོངས་པ་ཡིད་ཀྱི་ཏིང་འཛིན་མི་གསལ་ན། །འཕྲལ་དུ་འཕྲོ་འདུས་རིག་པའི་ལྷ་མི་གསལ། །ཆོས་ཉིད་ངང་གསལ་རིག་པའི་གཏིང་གོ་ན། །ཏིང་ངེ་འཛིན་གྱིས་ཆོ་འཕྲུལ་མ་སྒོམས་གསལ། །དོན་གྱིས་བསྙེན་པ་ཁོ་ནར་མ་ཤེས་ན། །འཕྲལ་དུ་མཚན་མར་བརྗོད་པས་གྲུབ་པ་མེད། །ཡིད་ཀྱི་བཟླས་བརྗོད་དུས་དང་རྒྱུན་ཆད་མེད། རྣལ་འབྱོར་བ སྙེན་པའི་ཆོ་ག་ཡང་དག་རྫོགས། །ཧཱུཾ་བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཆགས་མེད་མཆོད་པའི་སྤྲིན་དུ་རབ་སྤྲུལ་ནས། །ཆགས་པ་མེད་པའི་ཚུལ་དུ་འབུལ་ལགས་ན། །བཅོམ་ལྡན་སྤྱི་དཔལ་ཐུགས་རྗེ་བཞེས་སུ་གསོལ། སངས་རྒྱས་ཁྱེད་ཀྱི་སྐུ་མཆོག་ཅི་འདྲ་བ། །ནམ་མཁའི་དབྱིངས་ལ་ཅིར་ཡང་སྣང་བའི་སྐུ། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །འདུས་བྱས་འདུས་མ་བྱས་པ་ཐབས་ཀྱི་སྐུ། །སྐུ་མཆོག་ཀུན་བཟང་སྐུ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་གསུང་མཆོག་ཅི་འདྲ་བ། །སྒྲ་སྣང་བརྗོད་མེད་དོན་ལས་མ་གཡོས་ཀྱང་། །ཐུགས་རྗེས་འདུལ་ཕྱིར་གསུང་མཆོག་ཅིར་ཡང་སྟོན། །བརྗོད་མེད་གསུང་མཆོག་ཤེས་རབ་ཕ་རོལ་ཕྱིན། །གསུང་མཆོག་ཀུན་བཟང་གསུང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཐུགས་མཆོག་ཅི་འདྲ་བ། །རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན། །ཡེ་ཤེས་མཁྱེན་ལྡན་ཐམས་ཅད་འདུས་མ་བྱས། །དྲན་བྱེད་རིག་པའི་རྒྱལ་པོ་ཡོངས་སུ་ཤར། །ཐུགས་མཆོག་ཀུན་བཟང་ཐུགས་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཁྱེད་ཀྱི་ཡོན་ཏན་ཅི་འདྲ་བ། །ཆེ་བའི་ཡོན་ཏན་མེད་ལས་ཅིར་ཡང་སྣང་། །སྣང་ཙམ་ཉིད་ལས་ཐིག་ལེའི་ངང་དུ་འདུ། །ལྷུན་རྫོགས་མཐར་ཕྱིན་རྒྱལ་བའི་ཡོན་ཏན་སྐུ། །ཡོན་ཏན་ཀུན་བཟང་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་འཕྲིན་ལས་ཅི་འདྲ་བ། །ཐབས་ཀྱི་འཕྲིན་ལས་འགྲོ་བ་ཡོངས་ལ་ཁྱབ། །སྐྱེ་འགྲོ་མང་པོས་ཐར་པའི་ལམ་མཆོག་མཛད། །ཐབས་མཁས་མཐར་ཕྱིན་རྒྱལ་བའི་འཕྲིན་ལས་སྐུ། །འཕྲིན་ལས་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །ཞེས་བརྗོད་པས་བསྙེན་ཞིང་བསྟོད། བླ་མས་བརྡའ་དཀྲོལ་ཏེ། བྱ་རྩོལ་མེད་པའི་བསྙེན་པ་ནི། །ཕྱི་སྣང་སྲིད་གཞི་བཞེངས་སུ་བཟླས། ནང་སྒོ་ལྔ་གསལ་ལ་རྟོག་མེད་དུ་བཟླས། །གསང་བ་སྐྱེ་མེད་ལྷུན་གྲུབ་དུ་བཟླས་ཏེ། མཐར་ཐུག་གི་བཟླས་པའོ། །བདུན་པ་གཏོར་མ་བཏང་བ་ནི། ནམ་མཁའ་ཆེ་ལས། མི་གཟུང་བཏོང་བས་གཏོར་མ་ཡིན། །བྱ་བ་མེད་པས་ལས་རྣམས་ཏེ། །ཅེས་པས། ཧཱུཾ་གཟུགས་སྣང་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །སྐུ་མཆོག་མི་ཟད་བརྒྱན་གྱིས་འཁོར་ལོ་རྫོགས། །སྒྲ་གྲགས་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །གསུང་མཆོག་མི་ཟད་བརྒྱན་གྱི་འཁོར་ལོ་རྫོགས། །དྲན་རྟོགས་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །ཐུགས་མཆོག་མི་ཟད་བརྒྱན་གྱི་འཁོར་ལོ་རྫོགས། །སེམས་ཉིད་མ་བཅོས་དོན་ཉིད་མ་ཤེས་ན། །ཇི་ལྟར་བ རྟགས་པས་སྡུག་བསྔལ་ཉིད་དུ་འགྱུར། །ལྟ་བ་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རྣམ་རྟོག་གཏོར་མའི་མཆོད་པར་བཞེས་སུ་གསོལ། །སེམས་ཉིད་མ་ཡེངས་དོན་ཉིད་མ་ཤེས་ན། །ཇི་ལྟར་བསྒོམས་པས་སྡུག་བསྔལ་ཉིད་དུ་འགྱུར། །ཏིང་འཛིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རྣམ་ཤེས་གཏོར་མའི་མཆོད་པར་བཞེས་སུ་གསོལ། །རང་འབྱུང་ལྷུན་གྱིས་གྲུབ་པར་མ་ཤེས་ན། །ཇི་ལྟར་བཙལ་བས་སྡུག་བསྔལ་ཉིད་དུ་འགྱུར། །འཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །སྲོག་དབུགས་གཏོར་མའི་མཆོད་པར་བཞེས་སུ་གསོལ། །ཕུང་པོ་རྒྱལ་བའི་སྐུ་རུ་མ་ཤེས་ན། །ཇི་ལྟར་བསྐྱེད་པ་སྡུག་བསྔལ་ཉིད་དུ་འགྱུར། །རང་བཞིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རང་འབྱུང་གཏོར་མའི་མཆོད་པར་བཞེས་སུ་གསོལ། །གཟུང་མ་ཤེས་རབ་ཉིད་དུ་མ་ཤེས་ན། །ཇི་ལྟར་སྤྱད་པས་སྡུག་བསྔལ་ཉིད་དུ་འགྱུར། །དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཐིག་ལེ་གཏོར་མའི་མཆོད་པར་བཞེས་སུ་གསོལ། །རང་འབྱུང་གདོད་ནས་དག་པར་མ་ཤེས་ན། །ཇི་ལྟར་སྤྱད་པས་སྡུག་བསྔལ་ཉིད་དུ་འགྱུར། །རྣམ་དག་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཤ་ཁྲག་གཏོར་མའི་མཆོད་བར་བཞེས་སུ་གསོལ། ལོངས་སྤྱོད་སྒྱུ་མ་ཡིན་པར་མ་ཤེས་ན། །ཇི་ལྟར་བསགས་པས་སྡུག་བསྔལ་ཉིད་དུ་འགྱུར། །སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཡོ་བྱད་གཏོར་མའི་མཆོད་པར་བཞེས་སུ་གསོལ། །ཕྱི་ནང་སྣོད་བཅུད་གཏོར་མ་བསྡུས་ནས་ཀྱང་། །ཐུགས་རྗེ་ཆེན་པོའི་གཏོར་མར་རབ་སྤྲུལ་སྟེ། །ཡེ་ཤེས་རོལ་པའི་གཏོར་མར་འབུལ་ལགས་ཀྱི། །ཆོས་ཉིད་དབྱིངས་ཀྱི་གཏོར་མར་བཞེས་སུ་གསོལ། །ༀ་ཤྲི་བྷ་ཏྲ་ཨ་ཅེས་བརྗོད་ཅིང་། བྱ་རྩལ་མེད་པའི་གཏོར་མ་ནི། སྣང་སྲིད་འཛིན་པ་མེད་པས་ཕྱིའི་གཏོར་མ། སྒོ་ལྔ་གསལ་ལ་རྟོག་པ་མེད་པས་ནང་གི་གཏོར་མ། སྐྱེ་མེད་མཐར་ཐུག་གི་དོན་གསང་བའི་གཏོར་མ། ཀུན་ཏུ་བཟང་པོ་བཅྭ་བརྒྱད་ལ་གཉིས་སུ་མེད་པའི་ཚུལ་གྱི་འབུལ་བར་བྱའོ། །བརྒྱད་པ་ཚོགས་ཀྱི་མཆོད་པ་ནི། །ནམ་མཁའ་ཆེ་ལས། །ཚོགས་ཀྱི་བརྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འབྲི་བ་མེད། །ལྷུན་གྱིས་གནས་པས་མི་བསྔོ་སྟེ། །གདོད་ནས་དག་པའི་བདུད་རྩི་ཡིན། །འདུ་བྱེད་སྐྱེ་མཆེད་བཅུ་གཉིས་ཁྱད་པར་དུ། ལྷག་པའི་བསམ་པས་གཟུང་དུ་མེད། ཅེས་པས་བྱ་བརྩོལ་མེད་པའི་ཚོགས་གྱིས་མཆོད་པ་བྱ་སྟེ། དེ་ཡང་ཐེག་པ་ཆེན་པའི་འོག་མ་བའི་ཞི་ཁྲོའི་ལྷ་ཚོགས་རབ་འབྱམས་ལ། རྫས་ཤ་ཟན། ཆང་ལ་སོགས་པ་བཟའ་བ་དང་། བཏུང་པའི་བྱེ་བྲག་མང་པོ། ཏིང་ངེ་འཛིན་གྱི་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ནས་ཕུལ་ཡང་བཟང་མོད་ཀྱི། དེ་བས་ཀྱང་ཨ་ཏིའི་ཐེག་པ་འདིར་རང་བཞིན་གྱི་ཀུན་ཏུ་བཟང་པོ་བཅྭ་བརྒྱད། །རྒྱུ་རྐྱེན་མེད་པར་རང་བྱུང་། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། རྣམ་པར་ཤེས་པ་ཚོགས་བརྒྱད་ཡུལ་དང་བཅས་པར་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ་མཆོད་རྫས་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་བླང་དོར་མེད་པའི་ཚུལ་གྱིས་སངས་རྒྱས་ངོས་གཟུང་མེད་པ་ལ། སྣང་སྲིད་ངོས་གཟུང་མེད་པ་སྟེ། །བློ་ངོས་བཟུང་མེད་པས་ཕུལ་ནས། །ཡིད་ངོས་བཟུང་མེད་པར་གནས་ན། །ཚོགས་གཉིས་རང་རྫོགས་སུ་རྫོགས་སོ། །ནམ་མཁའ་མཐའ་ལྟར་ཀུན་ཏུ་ཐུག་པ་མེད། ཆོས་སྐུ་འགྱུར་བ་མེད་པའི་ཀློང་ན་བཞུགས། མ་བཅོས་ཐིག་ལེ་དུར་ཁྲོད་གཅིག་ཏུ་འཁྱིལ། མི་སྐྱེ་མི་འགག་ཀློང་དུ་འཕྲིན་ལས་རྫོགས་སོ། །ཞེས་བརྗོད་དོ། །མདོར་ན་ཕྱི་བསྐྱེད་པའི་རིམ་པ། ཡི་དམ་གང་ཡིན་གྱི་འཕྲིན་ལས། ནང་རྫོགས་པའི་རིམ་པ་ཀུན་བཟང་དོན་གྱི་འཕྲིན་ལས། དོན་བསྐྱེད་རྫོགས་གཉིས་ཀྱི་ཐ་སྙད་ལས་འདས་པས་བྱ་བསྩོལ་མེད་པའི་འཕྲིན་ལས་གཞུང་བ སྲང་བ་ནི། རིག་པ་རྩལ་གྱི་དབང་བཅྭ་བརྒྱད་པོ་ཐམས་ཅད་ལ་སྦྱར་རོ། །དགུ་པ་སྨོན་ལམ་གདབ་པ་ནི། འཆད་པར་འགྱུར་པའི་བུམ་པའི་དབང་བསྐུར་བའི་དུས་སུ་བརྗོད་པར་བྱའོ། །ལྔ་པ་བདག་རྟག་པའི་མན་ངག་གི་རིག་པ་བཙལ་གྱི་དབང་བསྐུར་བའི་ཐབས་ནི། ཚོགས་ཀྱི་མཆོད་པའི་རྗེས་དེ་ཉིད་དུ། །ལུས་གནད་རྣམ་སྣང་གི་ཆོས་བདུན་བཅས་ལ། །རླུང་རོ་ལན་གསུམ་བུད། རླུང་དལ་བ་རྟེན། སེམས་གནད་འདི་ལྟར་སྒོམ་པར་བྱ་སྟེ། དཔོན་སློབ་གཉིས་ཀའི་ཙིཏྟ་རིན་ཆེན་འབར་བའི་གཞལ་ཡས་སུ། །པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ། ཨ་དཀར་པོ་ཞལ་སྤྲོད་དང་། འདབ་མ་བཅུ་དྲུག་ལ་ཨ་དཀར་པོ་བཅུ་དྲུག་སྒོམ་པར་བྱའོ། །དེ་ནས་བླ་མའི་ཐུགས་ལ་གནས་པའི་པདྨའི་ལྟེ་བའི་ཨ་རྒྱབ་མ་འོད་དུ་ཞུ་ནས། འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས་མཚོན། དེ་བརྡུལ་ཚོན་གྱིས་པད་མའི་ལྟེ་བའི་ཨ་རྒྱབ་མ་ལ་ཕོག་པས། དེ་ཡང་འོད་དུ་དཀར་མེར་གྱི་ཞུ། དེ་ལས་ཀྱང་འོད་དཀར་ནར་གྱི་འཕྲོས་བས། སྟེང་གི་བུམ་པའི་ཨ་ལས་ཕོག་པས། དེ་ཡང་འོད་དུ་དཀར་མེར་གྱི་ཞུ་ནས་འོད་དེ། སློབ་མའི་སྙིང་གི་ལྟེ་བའི་ཨ་རྒྱབ་མ་ལ་ཕོག་པས། འཁོར་བའི་བག་ཆགས་དང་། རྣམ་པར་རྟོགས་པ་ཐམས་ཅད་སྤྱངས་ནས། སེམས་ཉིད་དག་པའི་ངོ་བོ་ཨ་དཀར་པོ་དེ་ལ་ཤེས་པ་མ་ཡེངས་པར་བཏད་ལ་སྒོམས་དུ་གཞུགས་ཅིང་། །བླ་མས་བརྡུལ་ཚོན་གྱིས་པདྨའི་ལྟེ་བ་ལ་གནས་པའི་ཨ་རྒྱབ་མའི། །སྟེང་གི་བུམ་པ་བླངས་ལ་དབྱངས་དང་བཅས་པའམ། མེད་ཀྱང་རུང་སྟེ། གོང་གི་འཕྲིན་ལས་ཀྱི་རྗེས་ཀྱི་སྨོན་ལམ་བཏབ་སྟེ། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། སྒོམ་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །སེམས་ཉིད་འཕྱོ་བ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་རྟོག་འདས་འདི། འབྲས་བུ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་གྱུར་ཅིག །ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོར་བཞག་ལ། སྦྱི་བོར་ཆུ་ཐིག་བཞག །བུམ་ཆུ་འཐུང་བ་དང་། ཁྲུས་བྱེད་དུ་བཅུག་པས། དབང་བརྟན་པར་བྱས་ལ། །མཆོད་མཁན་རྣམས་ཀྱིས་སྦོས་དང་རོལ་མོ་སྦྱར་རོ། །རྗེས་ཀྱི་ཤེས་པ་ནི། སློབ་མ་རྣམས་རང་རང་གི། སྔར་སྒོམ་པའི་ཨ་ལ་ཤེས་པ་གཏད་ལ། ཨ་དེ་ཡང་འོད་དཀར་པོ་གསལ་ལ་མཚེར་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་སྙིང་སྟོན་པ་ལྟ་བུ་ཞེས་པས། བདག་བརྟག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱི་སེམས་རྣམ་པར་རྟོག་ཐམས་ཅད་དང་བྲལ་བ་མཚོན་པའོ། །བདུན་པ་སྦུབས་མཆུའི་གདམ་ངག་གི་ངོ་སྤྲད་པ་ནི། གནས་པ་མེད་པའི་ཚུལ་གྱི་གནས་པའི་སློབ་མ་རྣམས་སོ། །སོ་སོའི་རྣ་བར་རིན་པོ་ཆེ་འམ། ཤིང་ལ་སོགས་པའི་ཨུ་བྷི་གཙུགས་ལ། བླ་མས་གཞན་གྱིས་མ་ཐོབ་པར་གསེར་གྱི་ཁྱུང་གཤོག་བྱ་བའི་མན་ངག་ལས། གསལ་ལ་མི་གཡོ་ཐལ་འབྱུང་བའོ། །ཅེས་ལན་གསུམ་བརྗོད་དོ། །བརྒྱད་པ་གདམ་ངག་གི་དགོངས་འབྲེལ་བཤད་པ་ནི། སྔར་སྦུབས་མཆུའི་གདམས་ངག་གི་དབང་དོན་ངོ་སྤྲོད་པའི་སློབ་མ་རྣམས་ལ་ཐུན་མོང་དུ་བཤད་པར་བྱ་སྟེ། དེས་དབང་ཀུན་ལ་འདྲེའོ། །དེ་ཡང་འདི་སྐད་བརྗོད་དོ། །ཐམས་ཅད་མ་ཡེངས་པར་ཉོན་ལ་ཡིད་ལ་གཟུང་ཞིག །རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ། བདག་ཅེས་བྱ་ལ། དེའི་མཚན་ཉིད་མ་བཅོས་པའི་དོན་ཁོང་དུ་ཆུད་པ་ལ་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱའོ། །དེ་ཉིད་ཆོས་ཐམས་ཅད་ཀྱི་བཅུད་དེ། དཔེར་ན་སྐྱེས་བུའི་སྙིང་ལྟ་བུའོ། །དེ་ལྟར་རྟོག་པ་དེ་ཁོ་ན་ལས། དུས་གསུམ་མ་གཡོས་པར། གནས་པ་ལ་བདག་རྟག་པའི་མན་ངག་ཅེས་བྱ་སྟེ། གསལ་ལ་མི་གཡོ་བ་ཆེན་པོ་གནས་པའོ། །ཐལ་བྱུང་བའོ། །ཞེས་བྱ་བ་ནི། བྱིང་རྒོད་ཡན་བར་བཞག་པའོ། །དེ་ཅིའི་ཕྱིར་བཞག་ཅེ་ན། ཐམས་ཅད་ཆོས་ཉིད་ལས་མ་གཡོས་པའི་ཕྱིར་མཉམ་པའི་གཏན་ཚིགས་སོ། །དེའི་ཕྱིར་རིག་པའི་ཡེ་ཤེས་ཆེན་པོ་ཉིད། དེ་ལྟ་ཤར་བས་རེ་དོག་ཀ་ནས་དག་པའོ། །དེ་ཡང་དྲང་སྲོང་བྷ་ཤིས་སེམས་ནི་ཅི་ཡང་མི་རྟག་པ། མ་བཅོས་དེ་ཉིད་གནས་མར་ཞོག །ཅེས་པས་གསལ་ལོ། །དགུ་པ་རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ནི། ཁྱུང་ཆེན་གྱི་དགོངས་པ། སེམས་ཉིད་ཀློང་བརྡོལ་ཀླུའི་བསམ་གཏན། ཙན་དན་གྱིས་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧེ་ན་ཏ་ལོས་འདི་སྐད་དོ། ༈ །ཧཱུཾ་འགྱུར་བ་མེད་པའི་ཆོས་ཉིད་འདི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སྣང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལ་མི་དཔྱད་རྟོག་པ་མི་བཟུང་ཞིང་། །སེམས་ཉིད་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་ཡེངས་མ་སླད་བཅོས་པ་མེད་པར་བཞག །སྒོམ་དུ་མེད་པའི་ཆོས་ཉིད་ཆེན་པོ་ལ། །བསམ་དུ་མེད་པར་རིག་པ་མ་ཡེངས་ཞོག །དེ་ལས་སྒོམ་དུ་བརྡུལ་ཙམ་མེད་པར་ཁུམས། །སྐྱེ་བ་རྒྱུད་ནས་རྒྱལ་པོ་བདག་སྐྱེས་ཏེ། །ཏོ་ཧ་དེ་ལོང་ང་རྒྱལ་བཅག་པ་ལས། །སྔོན་ཆད་བྱང་ཆུབ་མཆོག་དུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་སུ་འདྲེས་པའི་འཕྲོ་བླངས་ཤིང་། །སྒྱུ་མའི་ཕུང་པོ་ད་ལྟ་རྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོ་ཞེས་རྡོ་རྗེའི་གླུ་བླངས་སོ། །རིགས་པའི་ཁུ་བྱུག་དང་རྗེས་སུ་འགྲེལ་པའི་དབང་གཉིས་པ་བསྐུར་བ་ལ་དགུ་ལས། །དབང་དང་པོ་ཡེ་ཤེས་ངོས་གཟུང་བའི་མན་ངག་གི་རིག་པ་བརྩལ་གྱིས་དབང་བསྐུར་བ། རུས་སྤལ་མཁར་གཞོང་དུ་བཅུག་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། རིགས་པ་རང་ཤར་བས་སངས་རྒྱས་དང་། སེམས་གཅིག་ཏུ་རྟོགས་པའི་གདེང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དམུས་ལོང་མིག་ཕྱེ་བ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྦྱོད་པ་ནི། བཅོས་པ་མེད་པའི་སྤྱོད་པ་ཅི་ཡང་མི་བརྩོལ་བས་ཏེ། རྒྱལ་པོ་རྒྱལ་ས་བཟུང་བ་ལྟ་བུའོ། །བཞི་པ་གང་ཟག་གི་རྒྱུད་ལ་འཁྱེར་བའི་འཕྲིན་ལས་ནི་དབང་བཅྭ་བརྒྱད་པོ་ཐམས་ཅད་མཐུན་ནོ། །ལྔ་པ་ཡེ་ཤེས་ངོས་གཟུང་བའི་མན་ངག་གིས་དབང་བསྐུར་བའི་ཐབས་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅའ་ལ། །རླུང་རོ་བུས་ལ་འཇམ་རླུང་བཟུང་། །བླ་མ་དང་སློབ་མ་རྣམས་ཀྱི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་སུ། པདྨ་འདབ་མ་བཅུ་དྲུག་ལ་ཨ་བཅྭ་བརྒྱ་དང་བཅས་པ། དབང་སྔ་མ་བཞི ན་དུ་གསལ་བར་བསྒོམས་ལ། བླ་མའི་ཙིཏྟ་རིན་པོ་ཆེའི་དེའི་གཞལ་ཡས་ཁང་ན་གནས་པའི་པདྨའི་ལྟེ་བའི་ཨ་མདུན་མ་འོད་དུ་སྐྱ་མེར་གྱི་ཞུ་ནས། འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས། །རྡུལ་ཚོན་གྱི་པདྨའི་ལྟེ་བའི་ཨ་མདུན་མ་ལ་ཕོག་པས། དེ་ཡང་འོད་དུ་དཀར་མེར་གྱིས་ཞུ། དེ་ལས་ཀྱང་འོད་དཀར་ནར་གྱིས་འཕྲོས་ནས་སྟེང་གི་བུམ་པའི་ཨ་ལ་ཕོག་པས། དེ་ཡང་འོད་དུ་དཀར་མེར་གྱི་ཞུ་ནས། དེ་ལས་ཀྱང་འོད་དཀར་ནར་གྱི་འཕྲོས་ནས། སློབ་མའི་སྙིང་ཁའི་པད་མའི་ལྟེ་བའི་ཨ་མདུན་མ་ལ་ཕོག་པས། ཨ་དེ་ཤིན་ཏུ་དཀར་བ། རང་བཞིན་གྱིས་འོད་གསལ་བར་གྱུར་ཅིང་། ལྟེ་བའི་ཨ་མདུན་རྒྱབ་གཉིས། གཅིག་གི་འོད་གཅིག་ལ་ཕོག་པས། །འོད་དེ་ཤིན་ཏུ་གསལ་བར་གྱུར་ཏེ་སྙིང་གི་ནང་འོད་ཀྱིས་ཁེངས་ནས། བུམ་ནང་གི་མར་མེ་ལྟ་བུ་སྒོམ་དུ་བཞུགས་ཅིང་། བླ་མས་པདྨའི་ལྟེ་བ་ལ་གནས་པའི་ཨ་མདུན་མའི་སྟེང་གི་བུམ་པ་བླངས་ལ་དབང་བསྐུར་ཅིང་། བཀྲ་ཤིས་བརྗོད་པ་དང་། ཁྲུས་ལ་སོགས་པ་དབང་སྔ་མ་བཞིན་བྱའོ། །རྗེས་ཀྱི་ཤེས་པ་ནི། སློབ་མ་རྣམས་ཀྱིས་སྔར་རང་རང་གི་སྒོམ་པ་བཞིན་སྙིང་འོད་ཀྱིས་གསལ་བར་གང་བར་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་ཞེས་པས། ཡེ་ཤེས་ངོས་གཟུང་བའི་མན་ངག་གིས། རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱི་སེམས་ཟིན་པའི་རྟགས་སུ་ལུས་གཡོ་བ་དང་བྲལ་བ་མཚོན་པའོ། །བདུན་པ་སྦུབས་མཆུའི་ངོ་སྤྲད་པ་ནི། སློབ་མའི་རྣ་བར་སྦུབས་མཆུ་གཙུགས་ལ་འདི་སྐད་བརྗོད། བུང་བ་ཁུངས་གཏོར་བ་ཞེས་བྱ་བའི་མན་ངག་ལས། ཡེ་ཤེས་མ་རྩལ་ཡན་པར་ཞོག །ཅེས་ཚིག་ཕྱི་མ་གཅིག་པོ་ལན་གསུམ་བརྗོད། བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བ་ནི། ཆོས་ཐམས་ཅད་ཡེ་ཤེས་སུ་གསལ་བ། ཡེ་ཤེས་དངོས་ཟིན་པར་བྱས་ལ། །དེ་ལ་མ་བཙལ་བར་ཉམས་གསུམ་གྱིས་གནས་པར་བྱའོ། །དེ་ཉིད་ཁོ་ན་རུས་སྤལ་མཁར་གཞོང་དུ་བཞག་པ་མི་གཡོ་བར་གནས་པར་དང་འདྲའོ། །ཡན་པར་བཞག་ཅེས་བྱ་བ་ནི། བྱིང་རྒོད་མི་བཅོས་པར་བཞག་པའོ། །འོ་ན་གོལ་བ་རྣམས་དང་ཁྱད་ཅི་ཡོད་ཅེ་ན། དེ་ནི་འདི་ལྟར། མ་རྟོགས་མ་གོལ་བ་ཡིན་ལ། རྣལ་འབྱོར་པས་ནི་བྱིང་རྒོད་ཡོད་མེད་མཉམ་པར་རྟོགས་པའོ། །དེའི་ཕྱིར་ཆོས་ཐམ་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་བའོ། །དེ་ཡང་ཤྲཱི་སིང་ཧས། ཡེ་ཤེས་སྣ་ཚོགས་རང་གསལ་བས། །མི་གཡོ་དེ་བཞིན་ཉིད་དུ་ཞོག །ཅེས་པས་གསལ་ལོ། །དགུ་པ་རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ནི། རིག་པ་ཁུ་བྱུག་གི་དགོངས་པ། །རིག་པ་ཀློང་རྡོལ་གླུའི་བསམ་གཏན། །ཙན་དན་གོར་ཤི་ཤའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་བ་ོར་ཛ་ཧས་ཏི་འདི་སྐད་དོ། ཧཱུཾ། ཀུན་གཞི་ཡེ་ནས་མ་བཅོས་ཇི་བཞིན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་ངང་། །ཚིག་དང་ཡི་གེའི་སྒྲ་ལས་འདས་པ་ཀུན་ཏུ་བཟང་། །སེམས་དང་ཆོས་གཉིས་མཉམ་ཞིང་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅི་སླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་དེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས ། །མ་བཅོས་ངང་དུ་བཞག་པ་ལས། །སྒོམ་པ་གུད་ན་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་རྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ང་ལ་ཤར། །གྷི་ཏ་མ་ཀོ་ལ་པ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །ནམ་མཁའ་ཆེ་དང་རྗེས་སུ་འབྲེལ་པ། དབང་གསུམ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རིག་པ་སྦྱི་བླུགས་ཀྱི་མན་ངག་གིས། རིག་པ་རྩལ་གྱིས་དབང་བསྐུར་བས། མེ་ལོང་གིས་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས། གདེང་ཅི་ཐོབ་ན། དུས་གསུམ་གཅིག་དུ་རྟོགས་པས། རང་སོ་ལ་མི་རྩོལ་བའི་གདེང་སྐྱེས་བུ་མདུན་དུ་ལྟ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། རེ་དོག་དང་བྲལ་བའི་གང་ཡང་འཇིགས་པ་དེ་སྨྱོན་པ་ལྟ་བུའོ། ། བཞི་པ་འཕྲིན་ལས་འགྲེ། ལྔ་པ་རིག་པ་སྤྱི་བླུགས་ཀྱི་མན་ངག་གིས། རིག་པ་རྩལ་གྱིས་དབང་བསྐུར་བའི་ཐབས་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། རླུང་གནད་རླུང་རོ་བུས་ལ་དྲག་རླུང་གཟུང་། ཁུག་པ་བདུན་ལ་ཐུན་ཅིག་ཏུ་བྱ་ཞིང་། །དེ་དང་བསྟུན་ལ། སེམས་གནད་ཙིཏྟ་རིན་པོ་ཆེའི་གཞལ་ཡས་སུ། པདྨ་ཨ་བཅྭ་བརྒྱད་དང་བཅས་པ་གསལ་གདབ། བླ་མའི་ཙིཏྟའི་པད་འདབ་བདུན་མའི་ཨ་འོད་དུ་ཞུ་བའི་འོད་དཀྱིལ་འཁོར་གྱི་པད་འདབ་ནུབ་མའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྟེང་གི་བུམ་བའི་ཨ་ལ་ཕོག །བུམ་པའི་ཨ་འོད་དུ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པད་མ་མདུན་མའི་ཨ་ལ་ཕོག་པས། ཨ་འོད་དུ་ཞུ་བའི་འོད་ཀྱིས་སྙིང་འོད་ཀྱིས་གང་བ་ལས་མི་ཚད་པར། ལུས་ཀྱི་ནང་ཐམས་ཅད་ནམ་ལངས་པ་བཞིན་དུ་སྐྱ་འོལ་གྱིས་གང་པ་ལ་སེམས་གཏད་ལ་སྒོམ་དུ་བཞུགས་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་ཞིང་། སྨོན་ལམ་གདབ་བ་ལ་སོགས་འགྲེ། རྗེས་ཤེས་ལུས་འོད་ཀྱི་གང་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །ཞེས་པས། མེ་ལོང་ལ་ཧས་བཏབ་པའི་བ་མོ་རང་སངས་རྒྱས་པ་བཞིན་དུ། རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་བརྩལ་གྱིས་དབང་ཐོབ་པའི་སྟོབས་ཀྱིས། གསལ་ལ་རྟོག་མེད་ཀྱི་ཤེས་པ་སྒྲིབ་གཡོགས་དང་བྲལ་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཉི་མ་ཤར་བ་ལྟ་བུའི་མན་ངག་ལས། རིག་པ་གཅིག་ཅར་ལྷུག་པར་བཞག །ཅེས་པའི་ཚིག་ཕྱི་མ་ལན་གསུམ་སྐྱར་བ་འཆད་པར་འགྱུར་བའི་དབང་ཀུན་ལ་འགྲེའོ། །བརྒྱད་པ་གདམ་ངག་གི་དགོངས་འགྲེལ་བཤད་པ་ནི། འཁོང་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་རིག་པ་ཐམས་ཅད་དུ་རང་ཤར་བ་ཞེས་བྱ་སྟེ། གས ལ་ལ་མ་བཅོས་པར་འཛིན་རྟོག་གང་ཡང་མེད་པར་གསལ་བ་སྟེ། དཔེར་ན་མེ་ལོང་ལ་ཉི་མ་ཤར་བ་གསལ་ལ་རྟོག་པ་མེད་པ་ལྟ་བུའོ། །ལྷུག་པར་བཞག་ཅེས་བྱ་བ་ནི། དབང་པོ་ལྔ་ཡུལ་ཡན་པའོ། །འོ་ན་སོ་སོའི་སྐྱེ་བོ་དང་ཁྱད་ཅི་ཡོད་ཅེ་ན། དེ་ནི་དེ་ལྟར་མ་རྟོགས་པའི་ཕྱིར་ཡེ་ཤེས་ལ་ཡེ་ཤེས་རོལ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་རིག་པ་གསལ་ལ་རྟོག་པ་མེད་པའོ། །དེ་ཡང་འཕགས་པ་ལྷས། རིག་པ་ཉིད་དེ་དངོས་གཞན་མེད། དེས་ན་རྟོགས་མེད་གསལ་བར་བཞག །ཅེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། ནམ་མཁའ་ཆེ་པོ་དེའི་དགོངས་པ། །ཡེ་ཤེས་ཀློང་བརྡོལ་གླུའི་བསམ་གཏན། །མེ་ཏོག་ཨུ་དུམ་འབར་བའི་ཚལ་དུ་ནམ་གྱི་ཆ་སྨད་ལ། སྲས་མོ་ས་ར་ནི། འདི་སྐད་དོ། ། ཧཱུཾ། ཀུན་གཞི་མ་བཅོས་ཡེ་ནས་ཆོས་ཀྱི་དབྱིངས། རྒྱུ་དང་རྐྱེན་གྱི་མ་སྐྱེད་འཇིགས་འདྲལ་མེད། རང་འབྱུང་ལྷུན་གྱིས་གྲུབ་པས་བཅོམ་ལྡན་འདས། གཟུང་འཛིན་ཡུལ་ལས་འདས་པས་རྡོ་རྗེ་སེམས་དཔའི་ཐུགས། བདག་གིས་སྒོམ་པ་འདི་ལས་མེད་པར་ཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་རྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །ཐིག་ལེ་དྲུག་པ་དང་རྗེས་སུ་འབྲེལ་བ་དབང་བཞི་པ་བསྐུར་བ་ལ། དགུ་ལས། དང་པོ་དབང་ནི། སྤྲུལ་སྐུ་ཐུགས་འཕྲད་ཀྱི་མན་ངག་གིས། རིག་པ་རྩལ་གྱི་དབང་བསྐུར་བ་རལ་གྲི་ཁ་མངས་ཀྱི་སོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྒོ་གསུམ་གྱི་སྙིང་པོ་གསལ་བས། །དགེ་སྡིག་སྤོངས་ལེན་མེད་པའི་གདེང་། །ཁྱི་ཕག་ལམ་དུ་བཞུགས་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཐོགས་པ་མེད་པའི་སྤྱོད་པ་ཕྱོགས་དང་བྲལ་བ་སྟེ། དཔའ་བོ་གླང་པོ་ཆེ་ཞོན་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་སྤྲུལ་སྐུ་ཐུགས་འཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་པའི་ཐབས་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། །རླུང་གནད་རླུང་རོ་ལན་གསུམ་བུས་ལ། དྲག་རླུང་བུམ་པ་ཅན་སྔར་བཞིན་གཟུང་ཞིང་། ཐུན་གྱི་ངོ་བོ་དང་། གྲངས་ཁམས་ཚོད་དང་སྦྱར་ལ་སྤེལ་ལ། སེམས་གནད་ཙིཏྟ་རིན་པོ་ཆེེའི་གཞལ་ཡས་སུ། པདྨ་ཨ་བཅོ་བརྒྱད་དང་བཅས་པ་གསལ་གདབ། བླ་མའི་ཙིཏྟའི་པདྨ་མདུན་མའི་ཨ་ནས་ཆོས་འཁོར་གྱིས་པད་འདབ་གཉིས་པའི་ཨ་དེ་འོད་དུ་ཞུ་བའི་འོད་ཀྱིས། དཀྱིལ་འཁོར་གྱི་པད་འདབ་ནུབ་མ་ནས་ཆོས་བསྐོར་དུ་པད་འདབ་གཉིས་པའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་འོད་དུ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པདྨ་མདུན་མའི་ཨ་ནས་ཆོས་བསྐོར་གྱིས་པད་འདབ་གཉིས་པའི་ཨ་ལ་ཕོག་པས། ཨ་འོད་དུ་ཞུ་བའི་འོད་ཀྱིས། །ལུས་ནང་གི་འོད་སྔར་བས་ཀྱང་གསལ་དུ་སོང་བ། ཉི་མ་ཤར་བ་ལྟ་བུ་ལ་སེམས་གཏད་ལ་བསྒོམས་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་བརྟན་པར་བྱ་ཞིང་། སྨོན་ལམ་གདབ་པ་ལ་སོགས་པ་འགྲེ། རྗེས་ཤེས། ལུས་འོད་ཀྱིས་གང་བས་སྔར་བས་ཀྱང་གསལ་བ་ལ་ཤེས་པ་གཏད་ལ། སེམས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རལ་གྲི་ཁ་མངས་ལྟ་བུའོ། །རལ་གྲི་ཁ་མངས་སྟེང་འོག་མདུན་བརྒྱབ་གང་དུ་རྒྱབ་ཡང་ཆོད་པ་བཞིན་སྤྲུལ་སྐུ་ཐུགས་འཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱིས་དབང་ཐོབ་པའི་སྟོབས་ཀྱིས་སེམས་ལས་སུ་རུང་བས་ཇི་ལྟར་སྤྱད་ཀྱང་གྲོལ་བར་མཚན་པའོ། །བདུན་པ་སྦུབས་མཆུ་ནི། དབུལ་མོ་གཏེར་འཆང་ཞེས་བྱ་བའི་མན་ངག་ལས། ཐམས་ཅད་སྤྲུལ་པའི་སྐུ་སྟེ་བཏང་སྙོམས་ངང་ཅེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་སྦྲུལ་པའི་སྐུ་སངས་མ་རྒྱ་བ་གཅིག་ཀྱང་མེད་པས། སངས་རྒྱས་ནང་འཇལ་ཞེས་བྱ་སྟེ། །སྤུ་མ་རྗེས་མདོག་མ་བསྒྱུར་བར་མ་བཅོས་པའོ། །དེའི་ཕྱིར་རྣམ་རྟོག་ཐམས་ཅད་སྤངས་བར་ཞི་བར་བྱེད་པས། །རལ་གྲི་ཁ་མང་དང་འདྲའོ། །བཏང་སྙོམ་ངང་ཞེས་བྱ་བ་ནི། རྣམ་རྟོག་ཐམས་ཅད་བཏང་སྙོམས་དགག་སྒྲུབ་དང་བྲལ་བའོ། །དེ་ནས་བཏང་སྙོམས་ཆེན་པོའི་ངང་ཞེས་བྱ་སྟེ། དེ་ནི་སྩོལ་བ་མེད་པར་སངས་རྒྱས་པའོ། །དེ་ཡང་མ་གོལ་ལུང་བསྟན་པ་ལས། ཆོས་རྣམས་ཡེ་ནས་སངས་རྒྱས་པས། །གཞན་ལ་རེ་སྩོོལ་གཉིས་དང་བྲལ། །ཅེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། ཐིག་ལེ་དྲུག་པའི་དགོངས་པ་བདེ་བ་ཀློང་རྡོལ། གླུའི་བསམ་གཏན་སྐྱ་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་གཏིང་དུ། ཀླུའི་རྒྱལ་པོ་འཇོག་པོས་འདི་སྐད་དོ། །ཧཱུཾ་མཐའ་དང་དབུས་མེད་ནམ་མཁའ་ལྟ་བུ་ལ། །སྨྲ་བས་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །སྲིད་འབྱུང་སྐྱེ་འགྲོ་རྣམས་པར་དག་བྱད་ན། །མ་བཅོས་རྣམ་ཐར་དག་པས་ཀུན་གཞི་བྱང་ཆུབ་སེམས། མ་བཙལ་མཉམ་པར་བཞག་པ་བསྒོམས་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་པ། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དོ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་འཇལ། །བདག་གི་ཕུང་པོ་བརྡོས་བཅས་འདི་བརྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ངང་ལ་མཆི། །གྷི་ཏ་མ་ཀོ་ལ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །རྩལ་ཆེན་དང་རྗེས་སུ་འབྲེལ་བ་དབང་ལྔ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བ་སྐྱེས་བུ་ནད་ཀྱིས་གདུང་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། འཁོར་འདས་སྙིང་པོ་ཐིག་ལེར་རྟོགས་པས་མཐོ་དམན་དང་། རེ་དོག་མེད་པའི་གདེང་གསེར་གྱི་རྣམ་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ལྷུག་པ་ཆེན་པོའི་སྤྱོད་པ་རང་ཁར་གནས་པ་སྟེ། མགྲོན་པོ་རང་ཡུལ་དུ་སླེབ་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་གཟུང་། ཙིཏྟའི་དཀྱིལ་འཁོར་སྔར་བཞིན་གསལ་གདབ།བླ་མའི་པད་འདབ་གསུམ་པའི་ཨ་འོད་དུ་ཞུ་རྡུལ་ཚོན་གྱི། དཀྱིལ་འཁོར་གྱི་ཨ་གསུམ་པ་ལ་ཕོག །དེ་འོད་དུ་ཞུ་དེ་སྟེང་གི་བུམ་པའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྐྱ་ནར་གྱི་བྱུང་ནས་སློབ་མའི་སྙིང་གི་པད་འདབ་གསུམ་པའི་ཨ་ལ་ཕོག་པས། ལུས་ཀྱི་ནང་གི་འོད་སྔར་བས་གསལ་དུ་སོང་བ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པའི་བརྟན་པར་བྱ་བ། སྨོན་ལམ་དང་བཅས་པ་འདྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་གསལ་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་ནད་ཀྱི་གདུང་པ་ལྟ་བུའོ། །ཞེས་པས། སྐྱེས་བུ་ནད་ཀྱི་གདུངས་པས་ལུས་ཀྱི་ཟུངས་ཤོར་བས་ཁྲེལ་འཛེམ་དང་བྲལ་བ་བཞིན། ཚོགས་བརྒྱད་ལྷུག་བའི་མན་ངག་གིས་རིག་པ་བརྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སྒོ་གསུམ་རྩོལ་བ་དང་བྲལ་ནས་ལྷུག་པར་གནས་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། །མེ་ལོང་ལྟ་བུ་ཞེས་བྱ་བའི་མན་ངག་ལས། སྤྲོས་མེད་བྱང་ཆུབ་ཡན་པར་གནས་ཅེས་སོ། །བརྒྱད་པ་གདམ་ངག་གི་དགོངས་འབྲེལ་བཤད་པ་ནི། ཆོས་ཐམས་ཅད་བྱེད་པ་པོ་དང་བྲལ་བའི་ཕྱིར་ཡན་པ། ལྷུག་པར་མ་བཅོས་པར་གནས་པར་བྱེད་དེ། མ་རྩལ། མ་བསྒྲུབས་པས། ཆོས་མ་བསླད། མ་བཅོས་པ་ལ་བློའི་རིག་པ་ལྷུག་པར་ཐང་ཡན་དུ་བཏང་བས་ཟུངས་མེད་པར་གནས་པར་བྱའོ། །དེ་ཡང་སྐྱེས་བུ་ནད་ཀྱིས་གདུངས་པས་ངོ་ཚ་དང་བྲལ་བ་བཞིན་གནས་སོ། །ཡན་པར་གནས་ཞེས་བྱ་བ་ནི། བྱིང་རྒོད་ཡན་པ་སྟེ། དགག་སྒྲུབ་མེད་པའོ། །དེཅིའི་ཕྱིར་ཞེས་ན། ཆོས་ཉིད་ལ་བཟང་ངན་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཡན་པ་ལྷུག་པ། མ་བཀག་པར་གནས་བྱའོ། །དེ་ཡང་ཨརྻ་དེ་བས། བཟང་ངན་བླང་དོར་མེད་པས་ཡེ་ཤེས་ཟང་ཐལ་ཏེ། །ཡེ་ཤེས་ཉིད་ལ་ཉིད་དཔྱོད་གསེར་གླིང་འདྲ། ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྩལ་ཆེན་གྱིས་དགོངས་པ། བྱང་སེམས་ཀློང་རྡོལ་གླུའི་བསམ་གཏན། །སྐྱ་རེངས་གཉིས་པ་ཤར་ཙམ་ན། །རྒྱ་མཚོའི་གླིང་དུ་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛཱ་འདི་སྐད་དོ། ༈ ། ཧཱུཾ། ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ངང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མ་སླད་མཉམ་བཞག་ན། །ཅི་ལའང་མི་རྟོག་གང་ལའང་མི་སེམས་ཏེ། །མཆོག་ཏུ་གསང་བའི་རྨད་བྱུང་སེམས་ཉིད་འདི། །རྣ་བས་གཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། ཀུན་གཞི་མི་འབྱུང་དབྱིངས་ཆེན་ལ། རིག་པ་མི་འགྱུར་མ་ཡེངས་བཞག །སྒོམ་པ་འདི་ལས་མེད་པར་ཁུམས། ཁམས་གསུམ་རང་སར་གྲོལ་བས་བ ཙལ་ཞིང་བསྒྲུབ་མི་དགོས། རེ་ཞིག་དོག་པ་མེད་པས་བདག་ཉིད་སངས་རྒྱས་ཡིན། གྷི་ཏ་མ་ཀོ་ལ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །སེམས་སྒོམ་དང་རྗེས་སུ་འབྲེལ་བ། །དབང་དྲུག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། ཆོས་ཉིད་ཀློང་བརྡལ་གྱིས་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བས། ཆུ་བོ་ཆེན་པོའི་མགོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། འཁོར་བ་བདེ་ཆེན་དུ་རྟོགས་པའི་གཙང་རྨེ་དང་བླང་དོར་རེ་དོགས་མེད་པའི་གདེངས་ནི། སྔགས་པ་དུག་ཟ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་པའི་སྤྱོད་པ་ནི། བདེ་ཆེན་འགྱུར་མེད་ཀྱི་སྤྱོད་པ་གཅིག་ཏུ་མི་གནས་པ་སྟེ། ངོ་མཚར་དུ་མ་སྟོན་པའི་མི་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་ཚོགས་བརྒྱད་ལྷུག་པའི་མན་ངག་གིས། རིག་པ་བརྩལ་གྱ་ིདབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་དཀྱིལ་འཁོར་གསལ་གདབ། བླ་མའི་ཙིཏྟའི་པད་འདབ་བཞི་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་ཨ་བཞི་པ་ལ་ཕོག་བས། དེ་འོད་དུ་ཞུ། འོད་དེ་སྟེང་གི་བུམ་པའི་ཨ་ལ་ཕོག །འོད་དེ་དཀར་ནར་གྱིས་བྱུང་ནས། །སློབ་མ་རང་རང་གི་པད་འདབ་བཞི་པ་ལ་གནས་པའི་ཨ་ལ་ཕོག་པས། ལུས་ཀྱི་ནང་གིས་འོད་སྔར་བས་ཀྱང་ཆེས་གསལ་དུ་སོང་བ་ལ། སེམས་གཏད་ལ་སྒོམས་དུ་བཞུགས་ཅིང་། །བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་དབང་བསྟན་པར་བྱེད་པ་འགྲེ། རྗེས་ལུས་འོད་ཀྱིས་གང་བ་སྔར་བས་ཀྱང་ཆེས་གསལ་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ཆུ་བོ་ཆེན་པོའི་མགོ་ལྟ་བུའོ་ཞེས་པས། ཆུ་བོ་ཆེན་པོའི་མགོ་ས་ལས་རང་བརྡོལ་དུ་བྱུང་བ་བཞིན། མ་བྱས་པའི་ཆོས་ཉིད་རྐྱེན་གྱིས་མ་བསྐྱེད་པར་རང་བྱུང་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཐིག་ལེ་ཆེན་པོ་ཞེས་བྱ་བའི་མན་ངག་ལས། ཆོས་ཉིད་བདེ་ཆེན་ངང་དུ་གསལ་ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་ཆོས་ཉིད་དུ་གསལ་བས་འགྲེ་ལྡོག །སྤྱི་ཚུག་གར་སྐྱེས་ཀྱང་ཆོས་ཉིད་ལས་མ་གཡོས་པར། བདག་གཞན་ནམ། སྣང་སྲིད་ཐམས་ཅད་ཆོས་ཉིད་དུ་གསལ་བ་བཞིན་དུ། སེམས་ཉིད་ཤར་བས་ཀློང་རྡོལ་ཞེས་པ་སྟེ། དཔེར་ན་ཆུ་བོའི་མགོ་ནས་ཆུ་རང་རྡོལ་དུ་བྱུང་བ་བཞིན་ནོ། །ངང་དུ་གསལ་ཞེས་བྱ་བ་ནི། བྱིང་རྒོད་ཆོས་ཉིད་དུ་རྟོགས་པས་མཉམས་པའི་ངང་ངོ། །དེ་ཕྱིར་ཐམས་ཅད་ཆོས་ཉིད་དུ་གསལ་བ་དེ་ལ་དུས་གསུམ་དུ་གནས་པར་བྱའོ། །དེ་ཡང་ཤེལ་འཕྲེང་དཀར་པོ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཐམས་ཅད་ཆོས་ཉིད་ཡེ་ནས་ཡིན། །དེ་ནས་ཆོས་ཉིད་དེ་ཉིད་དེ་ལ་སྤྱོད། །ཅེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། སེམས་སྒོམ་གྱི་དགོངས་པ་དབྱིངས་བརྡོལ་གླུའི་བསམ་གཏན། རྒྱན་ཆག་དཔལ་གྱི་ནགས་སུ། སྐྱ་རེངས་གསུམ་པ་ཤར་ཙམ་ན། །ན་ག་རྫུ་ན་འདི་སྐད་དོ། །ཧཱུཾ་སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པས་མི་སླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལ། །མ་ཡེངས་མི་འགྱུར་ཡེངས་ཀྱི་འོད་གསལ་ལ། །བསྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་རྡོས་བཅས་འདི། སྐྱེེ་བ་མེད་པའི་ས་ལ་མཆི། གྷི་ཏ་མ་ཀོ་ལ་པ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །རྨད་བྱུང་དང་རྗེས་སུ་འབྲེལ་པ་དབང་བདུན་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བ་རྨ་བྱ་དུག་གིས་འཚོ་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན་གཟུང་འཛིན་སྐྱེ་མེད་དུ་རྟོགས་པས་སྤྱད་ཀྱང་མི་གོས་པའི་གདེང་ནི། པདྨ་འདམ་ནས་སྐྱེས་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བག་ཡངས་ཆེན་པོའི་སྤྱོད་པ་ཅི་སྤྱད་ཀྱང་མི་རྫི་བས་ཏེ། སེང་གེ་རྩལ་རྫོགས་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་གཟུང་། ཙིཏྟ་པདྨ་གསལ་གདབ། བླ་མའི་ཙིཏྟ་པད་འདབ་ལྔ་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་པད་འདབ་ལྔ་པའི་ཨ་ལ་ཕོག་པས། དེ་ཡང་འོད་དུ་ཞུ། འོད་དེ་སྟེང་གི་བུམ་པ་ཨ་ལ་ཕོག །བུམ་པའི་ཨ་ཞུ་བའི་འོད་དེ་དཀར་ནར་གྱི་བྱུང་ནས། །སློབ་མ་རང་རང་གི་སྙིང་གི་པདྨ་ལྔ་པའི་ཨ་ལ་ཕོག་པས། ལུས་འོད་ཀྱིས་གང་བ་དེ་སྔར་བས་ཀྱང་ཤིན་ཏུ་གསལ་བར་སྒོམ་དུ་གཞུགས་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་དབང་བསྟན་པར་བྱེད་པ་འགྲེ། རྗེས་ཤེས་ལུས་འོད་ཤིན་ཏུ་གསལ་བ་ལ་ཤེས་པ་གཏད་ནས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རྨ་བྱ་དུག་གིས་འཚོ་བ་ལྟ་བུ་ཞེས་པས། །རྨ་བྱས་དུག་ཟོས་པས་སླར་གྱི་ལང་འཚོ་རྒྱས་པ་བཞིན། དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་སྟོབས་ཀྱིས་ཉོན་མོངས་པའི་རང་ངོ་ཡེ་ཤེས་སུ་གསལ་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། །སེང་གེ་འགྱིང་བ་ལྟ་བུ་ཞེས་བྱ་བའི་མན་ངག་ལས། ཉོན་མོངས་ལྔ་ཉིད་ཡེ་ཤེས་ལྔ་རུ་གསལ་ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འབྲེལ་ནི། ཉོན་མོངས་གང་རུང་སྐྱེས་པའི་དུས་སུ། དཔེར་ན་སྒྲས་སྒྲ་གཅོད་པ་དང་འདྲ་སྟེ། །ཉོན་མོངས་པ་དེ་ཉིད་ཀྱིས་ཉོན་མོངས་པ་གནས་ཞི་སྡེ་ཟིལ་གྱིས་མནན་ཏེ། ཉོན་མོངས་བས་དེ་ཉིད་ལ་ཐབས་གཉིས་ཀྱིས་གནས་པར་བྱ་སྟེ། དབང་པོ་རྟུལ་པོ་ལྷ་རུ་གསལ་བར་གནས་པ་དང་། རྣོན་པོ་ཡེ་ཤེས་སམ་ཆོས་ཉིད་དུ་གསལ་བར་བྱས་ལ། བཙལ་བ་མེད་བའི་ཚུལ་དུ་གནས་པར་བྱ་སྟེ། སྤུ་མ་རྗེས། མདོག་མ་བསྒྱུར་བར་རང་སར་གྲོལ་བའོ། །དེའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་སུ་གསལ་བས། དཔེར་ན་རྨ་བྱ་དུག་གི་འཚོ་བ་བཞིན་ཏེ། དེ་ཉིད་ཁོ་ན་བདུན་རྩིའི་སྨན་དུ་གྱུར་པའོ། །ཡེ་ཤེས་ལྔ་རུ་གསལ་བ་ཞེས་བྱ་བ་ནི། རྣམ་རྟོག་ཡེ་ཤེས་སུ་གསལ་བས་ཤིན་ཏུ་རྣལ་འབྱོར་ལ་གནས་པ་རྣམས་ཀྱིས་ཉོན་མོངས་པ་མི་སྤོང་ཞེས་བྱའོ། །དེ་ཡང་རྡོ་རྗེ་བརྩེགས་པ་ལས། །རྣམ་རྟོག་ཡེ་ཤེས་ངང་དུ་གསལ། །དེས་ན་མ་སྦངས་རང་ཞིར་ཞོག །ཅེས་པས་གསལ་ལོ། །དགུ་པ་གླུ་ནི་རྨད་འབྱུང་གི་དགོངས་པ་འབྱུང་ལྔ་ཡེ་ཤེས་ཀྱི་ཀློང་རྡོལ་གླུའི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན། །རྒྱ་བོའི་འགྲམས་དུ་ཁྱིའི་རྒྱལ་པོ་ཕྱི་མ་འདི་སྐད་དོ། ༈ །ཧཱུཾ་ཆོས་ཉིད་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་གནས། །འགྲོ་བའི་གཟུང་འཛིན་སྲེག་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པ་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅིས་ཀྱང་སྐྱོན་མེད་སྲ་བས་ས་ལྟར་གནས། །འབྱུང་པ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། གདོད་ནས་དག་པ་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པར་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལ་མེད་པར་རྟོགས། །བདག་གི་ཕུང་པོ་འདུས་བྱས་འདི། །དབྱེ་བ་མེད་བའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །ཡིད་བཞིན་ནོར་བུ་དང་རྗེས་སུ་འབྲེལ་བ་དབང་བརྒྱད་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། འཁོར་བ་དོང་སྤྲུགས་ཀྱིས་རིག་པ་རྩལ་གྱི་དབང་བསྐུར་བ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། བདེ་བ་ཆེན་པོ་རྟོགས་པས་ཁྱད་པར་འཕགས་པའི་གདེང་། ཉི་ཟླ་དུས་གཅིག་ཤར་བ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། མི་འགྱུར་ཐབས་མཁས་ཀྱི་སྤྱོད་པ་ཕྱོགས་རིགས་མེད་པ་སྟེ། གར་མཁན་གྱིས་འདུ་བྱེད་ལྟ་བུའོ། །བཞི་པ་འཕྲིན་ལས་འདྲེ། ལྔ་པ་འཁོར་བ་དོང་སྤྲུགས་ཀྱི་མན་ངག་གི་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་གཟུང་། ཙིཏྟ་པདྨ་གསལ་བཏབ། བླ་མའི་ཙིཏྟ་པདྨ་དྲུག་པ་ལ་གནས་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱིས་པད་འདབ་དྲུག་པའི་ཨ་ལ་ཕོག །ཨ་འོད་དུ་ཞུ་བའི་འོད། སྟེང་གི་བུམ་པའི་ཨ་ལ་ཕོག ། ཨ་ཞུ་བའི་འོད་དཀར་ནར་གྱི་བྱུང་ནས། །སློབ་མ་རང་རང་གི་སྙིང་པད་འདབ་དྲུག་པའི་ཨ་ལ་ཕོག་པས། ཨ་འོད་དུ་ཞུ་ནས། ལུས་གང་བ་སྔར་བས་ཆེར་སོང་བ་ལ་སེམས་གཏད་ལ་བསྒོམ་དུ་གཞུགས་ཅིང་། །བླ་མས་བུམ་དབང་སྨོན་ལམ་དང་བཅས་པ་དབང་བསྟན་པར་བྱེད་པ་འགྲེ། རྗེས་ལུས་འོད་ཀྱི་གང་བ་སྔར་བས་ཆེར་འཕེལ་བ་ལ་ཤེས་པ་གཏད་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའོ། །ཞེས་པས། དཔའ་བོ་གོ་མཚོན་དང་ལྡན་པས་གཞན་གྱིས་གཡུལ་བཟློག་བར་བྱེད་བཞིན་འཁོར་བ་དོང་སྤྲུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་འཁོར་བའི་གཡུལ་བཟློག་སོ་ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མཁའ་ལྡིང་ཆེན་པོ་ཞེས་བྱ་བའི་མན་ངག་ལས། འཁོར་བ་མ་རྩལ་ཡེ་ནས་སངས་རྒྱས་ཡིན། །ཞེས་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འབྲེལ་བཤད་པ་ནི། ཁམས་གསུམ་འཁོར་བ་འདི་ཉིད་ཡེ་ཤེས་ཆེན་པོ་སྐྱོང་བའི་ཐབས་སུ་གྱུར་པས་ཁམས་གསུམ་སྐུ་གསུང་ཐུགས་སུ་རྟོགས་པའོ། །དེའི་ཕྱིར་འཁོར་བ་དོང་སྤྲུགས་ཤེས་བྱ་ཏེ། །འཁོར་བ་ཉིད་བདེ་གནས་སུ་རྟོགས་པས། དེ་ཕྱིར་བདག་གཞན་དུ་སྣང་བ་ལ་མ་དམིགས་པས་དེ་ལ་གནས་བར་བྱའོ། །ཡེ་ནས་སངས་རྒྱས་ཡིན་ཞེས་བྱ་བ་ནི། མཉམ་བཞག་གི་དུས་སུ་རྟོག་པ་ཅི་འགྱུར་བ་ཡེ་ཤེས་སུ་གསལ་བས། དཔའ་བོ་གཡུལ་དུ་ཞུགས་པས་ཉམས་ང་བ་མེད་པ་དང་འདྲའོ། །དེ་ཕྱིར་འཁོར་བ་མ་སྤངས་རང་སར་གྲོལ་བ་ཞེས་བྱའོ། །དེ་ཡང་ར་ཧུ་ལ་ཆེན་པོས་འཁོར་བ་མ་སྤངས་ངང་གིས་གསལ་བ་ལ། ཡེ་ཤེས་ཉི་མ་དེ་ཉིད་ཚུལ་དུ་འཆར། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། ཡིད་བཞིན་ནོར་བུའི་དགོངས་པ། །དུར་ཁྲོད་ཀློང་རྡོལ་གླུའི་བསམ་གཏན། །དམར་རེངས་གཉིས་པ་ཤར་ཙམ་ན། །གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་དོ། །ཧཱུཾ་ཆོས་ཉིད་བྱང་ཆུབ་སེམས་ལ་བླང་ཞིང་ལྟ་མེད་དེ། །ལྟ་བའི་གཟུགས་མེད་ཡོངས་ལ་སྣང་། །ཅིས་ཀྱང་བཅོས་སུ་མེད་དོ་སྤྱད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ལའང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ཇི་ལྟར་སླད་ཀྱང་དབྱིངས་ལ་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་རྩལ་ཏེ། །སེམས་ཉིད་མཁའ་ལྟར་དག་པ་ཏེ། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་བརྡོས་བཅས་འདི་བརྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། གྷི་ཏ་མ་ཀོ་ལ་ས་ལ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །རྩེ་མོ་བྱུང་རྒྱལ་དང་རྗེས་སུ་འབྲེལ་བ། དབང་དགུ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། ཡེ་ཤེས་གསལ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྣང་སྲིད་ཐམས་ཅད་ནམ་མཁར་གཅིག་པས། རེ་དོགས་ཐམས་ཅད་མེད་པའི་གདེང་ནི། ས་ཐོབ་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཐིག་ལེ་ཆེན་པོའི་སྤྱོད་པ་གཅིག་ལས་མ་འདས་སྟེ། འཕྲུལ་གྱི་མེ་ལོང་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེེ། ལྔ་པ་ཡེ་ཤེས་གསལ་བའི་མན་ངག་གིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་གཟུང་། ཙིཏྟ་པདྨ་ཨ་དང་བཅས་པ་གསལ་གདབ། བླ་མའི་ཙིཏྟ་པད་འདབ་བདུན་པ་ལ་གནས་པའི་ཨ་དང་། དཀྱིལ་འཁོར་པད་འདབ་བདུན་པ་ལ་གནས་པའི་ཨ་འོད་དུ་ཞུ་བ་ལ་སོགས་པ་ཨ་བཞི་བསྐོར་གྱིས་དམིགས་པ་སྦྱིར་འགྲེ། ཁྱད་པར་གྱིས་དམིགས་པ་ལུས་འོད་ཀྱི་གང་བ་ཇེ་ཆེར་སོང་བ་ལ་དམིགས་པ་གཏད་ལ་སྒོམ་དུ་བཞུགས་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་བརྟན་པར་བྱེད་པ་འགྲེེ། རྗེས་ཤེས་ལུས་འོད་ཆེན་འཕེལ་བ་ལ་ཤེས་པ་གཏད་ནས་གནས་པ་མེད་པའི་ཚུལ་གྱི་གནས་པ་ཀུན་ལ་འགྲེེའོ། །དྲུག་པ་དབང་གི་དཔེ་ནི། ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ། །ཞེས་པས་ཉི་མའི་དཀྱིལ་འཁོར་ཆེན་པོ་ལ་གསལ་འགྲིབ་མེད་པ་བཞིན། ཡེ་ཤེས་གསལ་བའི་མན་ངག་གིས། རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། ཏིང་ངེ་འཛིན་བྱིང་རྒོད་དང་བྲལ་བས་གསལ་འགྲིབ་མེད་པར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཡེ་ཤེས་ཕྲེང་བ་ཞེས་བྱ་བའི་མན་ངག་ལས ། སྣང་སྲིད་ཡེ་ཤེས་ངང་དུ་གསལ། །ཞེས་སོ། །བརྒྱད་པ་མན་ངག་གི་དགོངས་འགྲེལ་ནི། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་བས་སངས་རྒྱས་ཉིད་ལས་ཞན་པ་ངང་གི་མེད། འཁོར་བ་ཀ་ནས་དག་པས་ཐམས་ཅད་ཡེ་ཤེས་གསལ་བར་ཁོང་དུ་ཆུད་པས་སངས་རྒྱས་དགོངས་པའི་ཞེ་ཕུགས་རྟོགས་པ་ཞེས་བྱའོ། །དེའི་ཕྱིར་ན་ཉི་མའི་དཀྱིལ་འཁོར་གྱི་ངོ་བོ་འཆར་བ་དང་མཚུང་སོ། ། ངང་དུ་གསལ་ཞེས་པ་ནི། ཉི་མ་དང་འོད་དབྱེར་མེད་པ་དང་འདྲ་སྟེ། མི་རྟོགས་པ་དང་རྟོགས་པ། དབྱེར་མེད་དུ་འདྲེས་ཟེར་བའམ་འདུག་གོ་རྟོགས་པས་དག་གོ །དེའི་ཕྱིར་གསལ་ལ་རྟོག་པ་མེད་པ་ཞེས་བྱའོ། །དེ་ཡང་གུ་རུ་ཆེན་པོས། ཐམས་ཅད་ཡེ་ཤེས་གསལ་བའི་བརྒྱན། དེ་ལྟར་རྟོགས་པས་དག་པ་ཡིན། ཞེས་པས་གསལ་ལོ། །དགུ་པ་གླུ་ནི། རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། །རྩལ་མེད་ཀློང་བརྡོལ་གླུའི་བསམ་གཏན། །ཤིང་ནལ་བྱི་ས་ལའི་རྩར། །དམར་རེངས་གསུམ་པ་ཤར་ཙམ་ན། །སྨད་འཚོང་མ་བུད་དྷས་འདི་སྐད་དོ། །ཨེ་མ་ཧོ་ཆོས་ཉིད་བྱང་ཆུབ་སེམས། །རྟག་དུ་མེད་དོ་སྤྱད་དུ་མེད། །རྩལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བརྩལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བརྩལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་མ་སླད་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་ཁུམས། །བདག་གི་ཕུང་པོ་བརྡོས་བཅས་འདི་བརྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་དེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །སྤྱི་གཅོད་དང་རྗེས་སུ་འབྲེལ་བ་དབང་བཅུ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། བདེ་བ་ཆེན་པོས་རིག་པ་རྩལ་གྱིས་དབང་བསྐུར་བ་ལྷའི་བདུད་རྩི་འཚོ་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། རིག་པ་ཕྱོགས་བྲལ་རྟོགས་པས་གོལ་སྒྲིབ་ཀྱི་གཡང་ས་མེད་པའི་གདེང་། འཕྲུལ་གྱི་སྐྱེས་བུ་བགྲོད་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་ལམ་དུ་སློང་བའི་སྦྱོད་པ་ནི། དབྱེ་བ་མེད་པར་ཀུན་ལ་སྤྱོད་པ་སྟེ། །ཀུན་ཏུ་རྒྱུ་འཇིགས་པ་མེད་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་བདེ་བ་ཆེན་པོ་རིག་པ་རྩལ་གྱིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་གཟུང། ཙིཏྟའི་པདྨ་གསལ་གདབ། པད་འདབ་བརྒྱད་པའི་ཨ་བཞིས་བསྐོར་གྱི་དམིགས་པ་འགྲེེ། བུམ་དབང་སྨོན་ལམ་དང་བཅས་པ། དབང་བརྟན་པར་བྱེད་པ་འདྲེ། རྟོགས་པ་ཡེ་ཤེས་སུ་རྒྱས་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ལྷའི་བདུད་རྩིས་འཚོ་བ་ལྟ་བུའོ། །ཞེས་པས། ལྷ་ལུས་ཟག་པ་དང་བྲལ་ཞིང་བདེ་ཉམས་དང་ལྡན་པ་དེ་བཞིན་དུ། །རྟོག་པ་ཡེ་ཤེས་སུ་རྒྱས་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སེམས་ཀྱི་འཁོར་ལོ་ཞེས་བྱ་བའི་མན་ངག་ལས། །སེམས་ཀྱི་ཉམས་མྱོང་བདེ་ཆེན་གསལ། །ཞེས་སོ། བརྒྱད་པ་མན་ངག་གི་དགོངས་འགྲེལ་ནི། སྣང་སྲིད་ཐམས་ཅད་ཡེ་ཤེས་སུ་གསལ་ལ། སེམས་བདེ་བ་ཆེན་པོར་གསལ་བས། དེ་བཞིན་དུ་ཉམས་སུ་མྱོང་བ་དང་འདྲ་བས། གཉིས་སུ་མེད་པའི་བདེ་བ་ཆེན་པོ། མ་བཅོས། མ་སླད་པར་ཉམས་སུ་མྱོང་བའོ། །དེས་ན་ལྷའི་ལུས་བདུད་རྩི་རྒྱས་པས་བདེ་དང་ལྡན་པའོ། །གསལ་ཞེས་བྱ་བ་ནི། བྱིང་རྒོད་བདེ་ཆེན་དུ་གསལ་བའོ། །དེས་ན་བྱིང་རྒོད་མི་བཅོས་པར་ཡན་པའོ། །ཅིའི་ཕྱིར་ཞེ་ན། །ཐམས་ཅད་བདེ་བ་ཆེན་པོ་ལས་མ་གཡོས་པར་རྟོགས་པའོ། །དེ་ཡང་ལུང་ཕྱི་མ་ལས། ཉམས་སུ་མྱོང་བའི་བདེ་ཆེན་ནི། །ཐམས་ཅད་གསལ་བས་ཞེ་ཕུགས་ཉིད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྤྱི་སྤྱོད་ཀྱི་དགོངས་པ། གསང་བ་ཀློང་བརྡོལ་གླུའི་བསམ་གཏན། ཤིང་ཎྱ་གྲོ་དྷའི་རྩར་སྲོད་ཐུན་ལ། འཇམ་དཔལ་བཤེས་གཉེར་ཕྱི་མ་འདི་སྐད་དོ། ། ཧཱུཾ། ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །དག་པའི་ཀློང་ནས་ཉི་མ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་ནས་མ་བཅོས་གསལ་བ་ལས། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་བརྙེད་མཐའ་མེད། །ཀུན་གཞི་ཡངས་པའི་ཆོས་ཉིད་ལ། །རིག་པ་སེམས་ཀྱི་ཉི་ཤར་བ། །མ་བཅོས་ནུབ་པ་མེད་པ་ལས། །སྒོམ་དུ་འདི་ལས་མེད་པར་ཁུམས། །མྱ་ངན་སེམས་ཀྱི་བདུད་རྩི་མྱོང་། །ལྟ་ན་རིག་བའི་ཡེ་ཤེས་ལྟོས། །པད་མ་ཀོ་ལ་ཤ་ཨ་ཧོ། །ཞེས་རྡོ་རྗེའི་གླུ་བླངས་སོ། །སྤྱི་བཅིངས་དང་རྗེས་སུ་འབྲེལ་པ་དབང་བཅུ་གཅིག་པ་བསྐུར་བ་ལ་དགུ་ལས། དང་པོ་ནི། སེམས་ཀྱི་ན་དའི་མན་ངག་གིས། རིག་པ་རྩལ་གྱིས་དབང་བསྐུར་བས། །དྲང་སྲོང་རླུང་ནད་ཅན་སྨན་པའི་ངག་ཉན་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྣ་ཚོགས་སྐྱེ་མེད་དུ་འགྱུར་ལ། །དེ་ལས་མི་འགྱུར་བ་རྟོགས་པས། །ཉོན་མོངས་པ་མི་སྤོངས་བའི་གདེང་མགྲོན་པོ་འཁྲུལ་པ་སྤོང་བ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་སླང་པའི་སྤྱོད་པ་ནི། བཀག་མེད་ཡོངས་རྫོགས་ཟེར། སྣ་ཚོགས་ཀྱི་སྤྱོད་པས་སྣ་ཚོགས་གཅིག་ཏུ་མཛད་པ་དེ་ལན་ཚཱའི་རྒྱ་མཚོ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེེ། ལྔ་པ་སེམས་གྱི་ན་དའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་གཟུང་། ཙིཏྟ་པདྨ་གསལ་གདབ། པད་འདབ་དགུ་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་བུམ་དབང་སྨོན་ལམ་དང་བཅས་པ་འགྲེེ། རྗེས་ཤེས་རྟོག་པ་ཡེ་ཤེས་གྱི་དབང་དུ་འདུས་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དེས་ནི་དྲང་སྲོང་རླུང་ནད་ཅན་སྨན་པའི་གཉན་པ་ལྟ་བུའོ། །ཞེས་པས་རླུང་ནད་ཅན་སྨན་པ་མཁས་པའི་ངག་ཉན་པས་འབད་མེད་དུ་གྲོལ་བ་བཞིན། སེམས་གྱི་དེའི་མན་ངག་གི་རིག་པ་རྩལ་གྱི་དབང་ཐོབ་པས། །དུག་ལྔའི་ནད་འབད་མེད་དུ་གྲོལ་བའོ། །ཞེས་མཚན་པའོ། །བདུན་པ་སྦུབས་མཆུ་ནི། སྒྲོན་མ་གསལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ཉིད་གྱིན་དལ་རྣལ་མར་བཞག །ཅེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་སེམས་གྱིན་འདའ་མ་རྟོགས་པ་སྐྲའི་ཚལ་པ་བརྒྱར་བཤག་པ་ཙམ་ཡང་མེད་པས། །གྱིན་འདའ་མ་བཅོས་རྣལ་མ་ལ་མ་སླད་པར་བཞག་པར་བྱ་སྟེ། ནམ་མཁའ་དང་སེམས་དང་ཆོས་ཉིད་ལ་སྦྱར་རོ། །དེས་ན་དྲང་སྲོང་རླུང་ནད་ཅན་སྨན་པའི་ངག་ཉན་ནས་ལུས་ངག་ཡིད་གསུམ་གྱི་ངང་གནས་པ་ལྟ་བུའོ། །རྣལ་མར་བཞག་ཅེས་བྱ་བ་ནི། ལུས་ངག་ཡིད་གསུམ་མ་བཅོས་པར་བཞག་པའོ། །དེའི་ཕྱིར་ན་ཆོས་ཐམས་ཅད་མ་བཅོས་པའོ། །ཞེས་བྱ་བ་དང་འདྲའོ། དེས་ན་གྱིན་དྷར་གནས་པར་གྱིས་ཤིག །དེ་ཡང་ལུང་གི་རྒྱལ་པོ་ལས། སེམས་ཀྱི་དེ་ཉིད་མ་བཅོས་གསལ། །དེ་ལྟར་ཡིན་པས་རྟོག་པ་མེད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྤྱིི་ཆིངས་ཀྱི་དགོངས་པ། ནམ་མཁའ་ཀློང་བརྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རངས་ཁ། ཨརྱ་པ་ལོ སའདི་སྐད་དོ། །ཧཱུཾ། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། ཕྱི་དང་ནང་མེད་ཀུན་ལ་གསལ་བར་སྣང་། །གདོད་ནས་དག་པ་ནམ་མཁའི་ཀློང་འདྲ་བ། །རྣམ་རྟོག་སྲེག་པའི་ཡེ་ཤེས་མངོན་ཤར་པས། །སྐྱེ་འགགས་ཡངས་དོག་རང་བཞིན་མེད་པ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཉིད་བདུད་རྩི་ཟོ། །གོན་ན་ཆོས་ཉིད་གོས་སུ་གོན། །ཨེ་མ་ཀོ་ལ་ཤ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །བདེ་བ་འཕྲ་བཀོད་དང་རྗེས་སུ་འབྲེལ་བ་དབང་བཅུ་གཉིས་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། །རིག་པ་མི་གཡོ་བའི་རིག་པ་རྩལ་གྱིས་དབང་བ་རྒྱ་མཚོ་ཆེན་པོའི་གཏིང་ལྟ་བུའོ། གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྒོ་གསུམ་གྱིས་འཁྲུལ་བས་མི་འཇིགས་པའི་གདེང་། ཐག་པ་ལ་སྦྲུལ་ཞེན་གྱི་ཞེན་པ་ལོག་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཡེ་ཤེས་རང་ཤར་གྱིས་སྤྱོད་པ་ཀུན་ཏུ་མཛེས་པ་སྟེ། རིན་པོ་ཆེ་མགུལ་མཛེས་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འདྲེ། ལྔ་པ་སེམས་མི་གཡོ་བའི་རིག་པ་རྩལ་གྱི་དབང་བསྐུར་ཐབས་ནི། ལུས་གནད་བཅའ། དྲག་རླུང་བུམ་པ་ཅན་གཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་གདབ། པད་མ་བཅུ་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། བུམ་དབང་སྨོན་ལམ་དང་བཅས་པ་འདྲེ། རྗེས་ཤེས་བདེ་ལ་མི་རྟོགས་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། རྒྱ་མཚོ་ཆེན་པོ་ལྟ་བུ་ཞེས་པས། རྒྱ་མཚོ་ཆེན་པོ་ཁ་ཅུང་ཟད་རླུང་གིས་གཡོ་ཡང་། གཏིང་གཡོ་བ་མེད་པ་བཞིན། རིག་པ་མི་གཡོ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པས། ཏིང་འཛིན་བྱིང་རྒོད་ཀྱི་སྐྱོན་གྱིས་མི་གནོད་པར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སྐྱེས་བུ་ཁྱད་གྱད་ཀྱི་རྩལ་འཆང་ཞེས་བྱ་བའི་མན་ངག་ལས། རིག་པ་མི་གཡོ་རྒྱ་མཚོ་བཞིན་དུ་གནས། ཤེས་བརྗོད། བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་རིག་པ་ཆེན་པོར་གསལ་བས་རེ་དོག་ངང་གི་མེད་དོ། །དེ་བས་ན་རིག་པ་འོད་གསལ། བར་གནས་པའི་རིག་མེད་ནམ་མཁའ་དང་འདྲ་སྟེ། ཕྱོགས་བཅུ་གར་ཡང་ནམ་མཁའ་ལས་མ་འདས་པ་དང་འདྲ་བར། རྟོགས་པའི་རིག་པ་དང་ལྡན་པའི་རྣལ་འབྱོར་པས། དུས་གསུམ་དུ་རིག་པ་རང་བཞིན་གྱིས་འོད་གསལ་བའོ། །དེ་ཉིད་རྒྱ་མཚོ་ཆེན་པོར་གསལ་བས་མི་གཡོ་བ་དང་འདྲའོ། །རྒྱ་མཚོ་བཞིན་དུ་གནས། ཞེས་བྱ་བ་ནི། ཆུ་ཕྲན་ཐམས་ཅད་རྒྱ་མཚོར་དང་རོ་གཅིག་བར། ཆོས་ཐམས་ཅད་རིག་པ་འོད་གསལ་བར་རོ་གཅིག་པའོ། །དེས་ནི་རྣམ་རྟོག་ཐམས་ཅད་ཡེ་ཤེས་སུ་རོ་གཅིག་པས་མི་སྤོང་བའོ། །དེ་ཡང་རྒྱ་ལུང་ཆེན་པོ་ལས། སེམས་ཉིད་མི་རྟོག་ནམ་མཁའི་ངང་དུ་གསལ། །དེས་ན་མ་བཅོས་རྟོགས་མེད་ངང་དུ་ཤར། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། བདེ་བ་འཕྲ་བཀོད་ཀྱིས་དགོངས་པ་འཕྲིན་ལས་ཀློང་བརྡོལ་གླུའི་བསམ་གཏན། རིན་པོ་ཆེའི་གླིང་ལ། ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེ་འདི་སྐད་དོ། །ཧཱུཾ་སེམས་ཉིད་སངས་རྒྱས་ཡིན་པ་ལས། །སེམས་ལས་སངས་རྒྱས་ལོགས་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ། །རིག་པ་མི་འགྱུར་རང་བཞིན་མེད་པ་འདི། །ཟབ་མོ་ཆོས་དབྱིངས་མི་བརྗོད་དོན་དམ་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལས། །རིག་པ་བཟོད་ཅིང་ནང་ནས་འཆར། །ཀུན་གཞི་གཏན་ནས་སྦྱོང་བའི་ཉི་ཆེན་པོ། །མཁའ་ལྟར་དག་པས་ཡོངས་ལ་ཁྱབ་བར་བརྡལ། ཆོས་ཉིད་ཡེ་ནས་དག་པས་སྦྱངས་དུ་མེད་པ་ལ། རིག་པ་མི་འགྱུར་གདོད་ནས་གསལ་བར་གནས། །ཕྱིན་ཅི་ལོག་གི་མ་སླད་གསལ་བར་གནས། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་མཇལ། ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་ཁྱུང་ཆེན་གཤོག་པ་ལྡིང་། །རྐརྨ་ཀོ་ལ་ཤ་ཨ་ཧོ། །ཞེས་རྡོ་རྗེའི་གླུ་བླངས་སོ། །སྲོག་གི་འཁོར་ལོ་དང་། རྗེས་སུ་འབྲེལ་པ་དབང་བཅུ་གསུམ་པ་བསྐུར་ཐབས་དགུ་ལས། དང་པོ་དབང་ནི། སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ། ནོར་བུ་རིན་པོ་ཆེ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྣང་སྲིད་ཡེ་ཤེས་སུ་རྟོགས་ཏེ། །དེ་ཉིད་གདོད་ནས་བཅོས་སུ་མེད་པའི་གདེང་། མཁའ་ལ་ཉི་མ་ཤར་པ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། སྒོ་གསུམ་ཆིག་ཆོད་གསལ་བའི་སྤྱོད་པ། །རིག་པ་དུས་གཅིག་ཏུ་གསལ་བ་སྟེ། དེ་གསུམ་མ་འདྲེས་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེེ། ལྔ་པ་སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་སྒོམ་དུ་བཞུགས ། ཙིཏྟའི་པདྨ་གསལ་གདབ། པད་འདབ་བཅུ་གཅིག་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པས་ལུས་ཀྱི་འོད་རྫིང་དུ་རྡོ་སྐྱུར་བའི་གཉེར་མ་ལྟར། མཆེད་ནས་ཡུལ་ཁམས་འོད་ཀྱིས་་དཀར་མེར་ཁེངས་པ་ལ་རིག་པ་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེེ། རྗེས་ཀྱི་ཤེས་པ་ནི། འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་པས། ནོར་བུ་རིན་པོ་ཆེ་ལ་མ་གཡོས་བཞིན་དུ། བསོད་ནམས་ཀྱི་དབང་གིས་དགོས་འདོད་འབྱུང་བ་བཞིན། སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱི་འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལས་མ་གཡོས་པར་དངོས་གྲུབ་གཉིས་ལྷུན་གྲུབ་དུ་འབྱུང་ངོ་། །ཞེས་མཚན་པའོ། །བདུན་པ་སྦུབས་མཆུ་ནི། ལྷ་མོ་ནམ་མཁའ་ལྡིང་ཞེས་བྱ་བའི་མན་ངག་ལས་འཁོར་འདས་སེམས་ལ་རྫོགས་པས་ལྷུན་གྱིས་གྲུབ། ཅེས་སོ། །བརྒྱད་པ་དགོངས་འབྲེལ་ནི། སེམས་ཀྱི་དེ་ཁོ་ན་ཉིད་ལ་སྣང་སྲིད་འཁོར་འདས་ཐམས་ཅད་ལྷུན་གྱིས་གྲུབ་པས་རྫོགས་པ་ཆེན་པོ་ཞེས་བྱའོ། །དཔེར་ན་རི་བོ་ལྷུན་པོའི་ཁ་རུ་ཕྱིན་པས། གསེར་གྱི་རི་བདུན་ནས་ཕྱིའི་ལྕགས་རིའི་བར་རྩལ་བ་མེད་པར་གསལ་བ་དང་འདྲ་བར་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་ནས། ཆོས་ཐམས་ཅད་རྩལ་བ་མེད་པར་རྟོགས་པས་ཡོན་ཏན་ཐམས་ཅད་རྫོགས་པ་ཞེས་བྱ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེས་ན་འདོད་པ་ཐམས་ཅད་འབྱུང་བ་ཅེས་བྱའོ། །ལྷུན་གྱིས་གྲུབ་ཅེས་པ་ནི། བྱིང་རྒོད་ཡེ་ཤེས་སུ་ལྷུན་གྲུབ་ཏུ་གནས་པས་མི་འགལ་བའོ། །དེ་ཡང་ཀློང་ཆེན་འཁྱིལ་བ་ཅེས་བྱ་བའི་མན་ངག་ལས། སེམས་ལས་ཐམས་ཅད་རྫོགས་པར་ལྷུན་གྲུབ་སྟེ། བཅོས་སླད་དགག་སྒྲུབ་མེད་པས་ཡེ་ཤེས་གསལ་ཞེས་པས་གསལ་ལོ། །དགུ་པ་གླུ་ནི། སྲོག་གིས་འཁོར་ལོའི་དགོངས་པར་རང་འབྱུང་ཀློང་བརྡོལ་གླུའི་བསམ་གཏན། གྲོ་ཏིའི་དགོན་བར། སྲོད་ཡོལ་བའི་དུས་སུ། དྲང་སྲོང་བྷི་ཤ་ཏི་འདི་སྐད་དོ། །ཧཱུཾ་མ་བཅོས་ངང་ལ་གཟའ་སྐར་ཀུན་འཕྱོ་བས། །གདོད་ནས་དག་པས་མཁའ་ནི་མི་བརྗོད་དེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། །མཚན་མའི་རྣམ་རྟོག་སྒྱུ་མས་ཅི་སླད་ཀྱང་། །རྣམ་དག་སེམས་ཉིད་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ལ། །རིག་པ་ཡེ་ཤེས་དུར་ས་བཏབ་པ་ནི། གསང་བའི་འོད་ཀྱི་དཀྱིལ་འཁོར་གསལ་བར་འཆར། །ཤར་པ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་པར་རྟོག་པའི་མུན་པ་ཡེངས། །ཨེ་ཀ་ཤ་ཀོ་ལ་མ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །རིན་པོ་ཆེ་ཀུན་འདུས་དང་རྗེས་སུ་འབྲེལ་པ། དབང་བཅུ་བཞི་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། གཉིས་མེད་ངང་གིས་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་མར་མེའི་འོད་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། འབྲས་བུ་དུས་གཅིག་ལ་རྟོགས་པས། །རྒྱུ་ལ་ལྟོས་པ་མེད་པའི་གདེང་། །ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་པའི་སྤྱོད་པ་ནི། རྟོགས་པ་རང་སར་སྦྱོད་པ་ཇི་ལྟར་གནས་པ་ལྟར་བདེ་བ་སྟེ། ནམ་མཁའ་ལ་ཆར་བབས་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེེ། ལྔ་པ་གཉིས་མེད་ངང་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་ཅན་གཟུང་། ཙིཏྟའི་པད་མ་གསལ་གདབ། པད་འདབ་བཅུ་གཉིས་པའི་ཨ་བཞི་བསྐོར་གྱི་དམིགས་པ་སྒོམས་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ། ལུས་ཀྱི་འོད་རྫིང་ལ་རྡོར་སྐྱུར་བ་ལྟར་མཆོད་པ་དེ་ཆེར་མཆེད་ནས། འཇིག་རྟེན་གྱི་ཁམས་འོད་ཀྱིས་དཀར་མེར་ཁེངས་པ་ལ་སེམས་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེེ། རྗེས་ཀྱི་ཤེས་པ་ནི། འཁོར་བ་ཡེ་བརྡལ་གྱི་དགོངས་པ། །གསལ་ལ་རྟོག་མེད་ཀྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། མར་མེའི་འོད་ལྟ་བུའོ། །ཞེས་པས་མར་མེ་རང་གིས་རང་གསལ་བ་ལྟར། གཉིས་སུ་མེད་པའི་མན་ངག་གིས་རང་གསལ་བ་ལྟར། གཉིས་སུ་མེད་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། སེམས་ཉིད་རང་གསལ་རྟོགས་པ་མེད་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མན་ངག་ཡེ་ཤེས་འཁྱིལ་བ་ལས། གཉིས་མེད་ཡེ་ཤེས་ངང་དུ་རོ་གཅིག་པས། ཤེས་སོ། །བརྒྱད་པ་དགོངས་འགྲེེལ་ནི། ཆོས་ཐམས་ཅད་གཉིས་སུ་མེད་པར་གསལ་བ་རྟོག་པས་ཐག་ཆོད་པར་བྱས་ལ། དེ་ནས་ཉམས་གསུམ་ལ་བཅོས་ཐབས་དང་བཅས་བ་གནས་པར་བྱ་སྟེ། གཉིས་མེད་ངང་ལས་མ་རྟོགས་པའི་ཆོས་ཏིལ་འབྲུ་ཙམ་ཞིག་མ་རྙེད་པས་གསལ་ལ་རྟོག་པ་མེད་པས། མར་མེ་རླུང་མེད་པ་ལྟར་གནས་པར་བྱས་ལ། དེ་ཉིད་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །རོ་གཅིག་པས་ཤེས་པ་ནི། བྱིང་རྒོད་གཉིས་མེད་དུ་རོ་གཅིག་པས་དགག་སྒྲུབ་དང་བྲལ་བའོ། །དེ་ཡང་བདུད་རྩི་འཁྱིལ་པ་ལས། ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་སེམས ། ཡིན་པར་བདག་ཅག་རྣམས་ཀྱིས་རྟོགས། །ཤེས་པས་གསལ་ལོ། །དགུ་པ་གླུ་ནི། རིན་པོ་ཆེ་ཀུན་འདུས་ཀྱི་དགོངས་པ། སྐྱེ་མེད་ཀློང་བརྡོལ་གླུའི་བསམ་གཏན། རྒྱལ་པོའི་དགོན་གནས་སུ། ནམ་སྨད་ལ། སྲས་མོ་གོ་མ་དི་ཝིས་འདི་སྐད་དོ། །ཧཱུཾ་སངས་རྒྱས་ཀུན་གྱི་ཐུགས་ཡི་གེ་ཨ་ཡིན་ཏེ། ཨའི་རང་བཞིན་ཡེ་ནས་དངོས་པོ་མེད། །བདེ་གཤེགས་ཀུན་གྱིས་འབྱུང་གནས་ཨ་ཡིན་ཏེ། །བདེན་གཉིས་ལ་སོགས་སྣང་སྲིད་ཅིར་སྣང་ཡང་། །ཨའི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་རྟགས་ནས་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་དབྱིངས་ཉིད་ལ། ཨ་ལྟར་སྐྱེ་བ་མེད་པའི་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་བཞག་པ་ལས། །བདག་གི་སྒོམ་པ་འདི་ལས་མེད་པར་འཇལ། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པ་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་མ་པ་ཤ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །སྐྱེ་མེད་རང་རིག་དང་རྗེས་སུ་འབྲེལ་བ། དབང་བཅྭ་ལྔ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་བརྩལ་གྱི་དབང་བསྐུར་བ། ཆུ་བོ་ཆེན་པོའི་གཞུང་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། སྣང་སྲིད་སྐྱེ་མེད་དུ་གསལ་བས་འཁྲུལ་མ་འཁྲུལ་བླང་དོར་མེད་པའི་གདེང་རྨི་ལམ་གྱི་སྒྲ་སྙན་ལྟ་བུ་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། སྒོོ་གསུམ་རླུང་ཞུགས་ཀྱི་སྤྱོད་པའི་དམ་ལ་མི་འདའ་སྟེ། རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འདྲེ། ལྔ་པ་རྡོ་རྗེ་རང་འཁྲུངས་རྟག་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་གཟུང་། ཙིཏྟའི་པད་མ་ཨ་དང་བཅས་པ་གསལ་གདབ། པད་འདབ་བཅུ་གསུམ་པའི་ཨ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱིས་དགོངས་པ། །ལུས་འོད་ཤིན་ཏུ་ཆེར་མཆེད་པས། །ནམ་མཁའི་མཐའ་ཀླས་པ་འོད་ཀྱི་རང་བཞིན་དུ་གྱུར་ནས། གཞན་པའི་སེམས་མེད་པར་ལ་རིག་པ་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་འཁོར་བ་ཡེ་བརྡལ་གྱི་དགོངས་པ། གསལ་ལ་རྟོག་མེད་ཀྱི་འཛིན་པའང་རང་དག་གི་ངང་ལ་གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ཆུ་བོ་ཆེན་པོའི་གཞུང་ལྟ་བུའོ། །ཅེས་པས། ཆུ་བོ་ཆེན་པོའི་གཞུང་ལ་རྒྱུན་ཆད་མེད་པ་བཞིན་དུ། །རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་རྩལ་གྱིས་དབང་ཐོབ་པའི་སྟོབས་ཀྱིས་གསལ་ལ་རྟོག་མེད་ཀྱི་ཤེས་པ་དེར་འཛིན་དང་བྲལ་བ་དེ། རྒྱུན་ཆགས་སུ་གནས་སོ། །ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཐིག་ལེ་ཉི་ཤར་ཞེས་བྱ་བའི་མན་ངག་ལས། གཉིས་མེད་རྡོ་རྗེ་ཡེ་ཤེས་གསལ། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་རྡོ་རྗེ་རང་འ ཁྲུངས་སུ་སངས་རྒྱས་པས། སངས་མ་རྒྱས་པའི་ཆོས་ནི་གཅིག་ཀྱང་ཡོད་པ་མ་ཡིན་པས། ཐམས་ཅད་རིག་པའི་ཡེ་ཤེས་སུ་གསལ་ཞེས་བྱ་སྟེ། དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཉི་མ་ཤར་བ་ཅེས་བྱ་ཏེ། དེ་ལས་གཞན་པ་ངང་གིས་མེད་དོ། །དེ་ལྟར་རྟོགས་ན་སངས་རྒྱས་ཞེས་བྱའོ། །དེ་བས་ན་ཆུ་བོའི་གཞུང་ཆེན་པོ་མི་འགྱུར་བ་དང་འདྲའོ། །རིན་ཆེན་གསལ་བ་ཞེས་བྱ་བ་ནི། མཉམ་པའི་ངང་བཟང་ངན་ཀྱི་འདུ་ཤེས་དང་བྲལ་བའོ། །དེའི་ཕྱིར་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ལ་བློའི་རིག་པ་མ་བཅོས་པར་འཆར་དེ། དེ་གླང་པོ་རབ་འབོག་ལས། གཉིས་མེད་བདེ་ཆེན་ངང་གིས་གསལ། །དེ་བཞིན་མ་བཅོས་རྣལ་མར་བཞག །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྐྱེ་མེད་རང་རིག་གི་དགོངས་པ། ཆོས་སྐུ་ཀློང་བརྡོལ་གླུའི་བསམ་གཏན། །ཙན་དན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་མཁན་པོ་རབ་སྣང་འདི་སྐད་དོ། །ཧཱུཾ་བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བ་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་རྫུ་འཕྲུལ་ཅིར་སྣང་ལ། །བསམ་དུ་བརྡུལ་ཡང་མེད་པ་ལ། །བརྗོད་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། །ཁམས་གསུམ་འཁོར་བའི་ནད་པ་སོས། །ཀ་པ་ལ་ཀོ་ཤ་ཨ་ཧོ། །ཞེས་རྡོ་རྗེའི་གླུ་བླངས་སོ། །བདེ་འབྱམས་དང་རྗེས་སུ་འབྲེལ་བ། དབང་བཅུ་དྲུག་པ་བསྐུར་བ་ལ་དགུ་ལས་དང་པོ་དབང་ནི། བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བ་འདུན་མ་ལ་མོས་པའི་སློབ་མ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། གཉིས་སྣང་གི་ངོ་བོ་གཉིས་མེད་དུ་རྟོགས་པས། གཉིས་འཛིན་ཀུན་དང་བྲལ་བའི་གདེང་། རང་སོར་གནས་པའི་ཤེས་པ་ལྟ་བུ་ཐོབ་པོ། གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། འགྱུར་བ་མེད་པའི་སྤྱོད་པ་རྐྱེན་གྱི་མི་འཕྲོག་པ་སྟེ། མ་ཧཱ་དེ་བའི་གདེང་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་གནད་དལ་བ་བརྟེན། ཙིཏྟའི་པད་འདབ་ཨ་དང་བཅས་པ་གསལ་གདབ། པད་འདབ་བཅུ་བཞི་པའི་ཨ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ་འཇིགས་རྟེན་གྱི་ཁམས་འོད་ཀྱི་ཁྱབ་པ་ཐམས་ཅད་ཀྱང་། མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ན་ཐིག་ལེ་ཆེན་མོའི་རང་བཞིན་གསལ་བ་ཡུལ་གྱི་མི་འཕྲོགས་པ་ལ་རིག་པ་གཏད་ལ། སྒོ་གསུམ་ཁོང་ནས་ཀློད་དུ་བཅུག་ལ། དབང་རྟེན་བྱེད་ཀྱི་བུམ་དབང་སྨོན་ལམ་དང་བཅས་པའང་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ། །ཕྱི་རོལ་ཡུལ་གྱི་སྣང་བ་བློའི་ཡུལ་ལས་འདས་ནས་ཇི་ལྟར་སྣང་ཡང་། སྣང་ལ་ངོས་གཟུང་མེད་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། འདུན་མ་ལ་མོས་པའི་སྐྱེས་བུ་ལྟ་བུའོ། །ཞེས་པས། གཙོ་བོ་གཟུ་བོར་གནས་པའི་བློ་ཅན་ཞལ་ལྕེ་དྲང་པོར་སྤྱོད་པ་བཞིན་བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་བའི་སྟོབས་ཀྱིས་རིག་པ་འཁྲུལ་ཕྱིར་དུ་མི་འབྲང་བར་ཕྱོགས་རིས་ཀྱི་འཛིན་པ་ལས་གྲོལ་ལོ་ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཆོས་ཉིད་ནམ་མཁའ་ལྟར་ཡངས་པ། །ཞེས་བྱ་བའི་དོན་ངག་ལས། བླང་དོར་མེད་ཅིང་མཉམ་པའི་ངང་དུ་གསལ། །ཅེས་སོ། །བརྒྱད་པ་དགོངས་འབྲེལ་ནི། སྣང་སྲིད་ཐམས་ཅད་མཉམས་པའི་ངང་དུ་གསལ་བ། དེ་ཡང་རང་འབྱུང་གི་ཡེ་ཤེས་ལྔ་རུ་བྱུང་ཐེམས་ལ། ལུས་ངག་ཡིད་གསུམ་སྐུ་གསུམ་ཐུགས་སུ་སངས་རྒྱས་པས། སངས་རྒྱས་གཞན་ནས་བཙལ་དུ་མེད་དོ། །དེ་ནས་དགྲ་ཟིན་མཉམ་པའི་སྐྱེས་བུ་ལྟ་བུའོ། །ངང་དུ་གསལ་ཅེས་པ་ནི། རྟོག་པ་ཐམས་ཅད་མཉམ་པའི་ངང་དུ་རོ་གཅིག་པས་དུག་ལྔ་མ་སྤངས་བར་རང་སར་དག་གོ །དེའི་ཕྱིར་མཉམ་པའི་ངང་ལ་བློ་མ་བཅོས་བར་གནས་སོ། །དེ་ཡང་དྲི་མེད་བཤེས་ཉེན་གྱི་མན་ངག་ལས། དུག་ལྔ་ཡེ་ཤེས་ལྔ་རུ་གསལ་དེ་ལྟར་རྟོགས་ན་རིག་མཆོག་ཡིན། ཅེས་པས་གསལ་ལོ། །དགུ་པ་གླུ་ནི། བདེ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་བརྡོལ་གླུའི་བསམ་བཏན། གྲོང་ཁྱེར་དཔལ་ཡོན་དུ། སྲོད་ཀྱི་དུས་སུ། རྒྱལ་བོ་དེ་བ་རཱ་ཛ་འདི་སྐད་དོ། །ཧཱུཾ་སྣང་སྲིད་ཆོས་རྣམས་སྔོན་དུ་ལྟོས་པ་རྣམས། །ཡང་དག་ཉིད་དུ་འདི་ལྟར་བསྒོམ་པར་བྱ། །སྣང་སྲིད་ཐམས་ཅད་ཡེ་ཤེས་ཀུན་ཏུ་བཟང་པོའི་ངང་། འདི་ལས་གཞན་མེད་མ་ཡེངས་མཉམ་ཞག་བས། སྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་འདི་སྒྱུ་མའི་ཕུང་པོ་མིང་ཙམ་ཏེ། །སེམས་ནི་ཡེ་ཤེས་ཆེན་པོར་སྟོན། ཙནྟྲ་དེ་བ་ཀོ་ས་ལ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། །ནམ་མཁའ་རྒྱལ་པོ་དང་རྗེས་སུ་འབྲེལ། དབང་བཅུ་བདུན་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུ་འདོད་ཆགས་ཀྱི་གདུང་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེང་ཅི་ཐོབ་ན། རང་འབྱུང་དམ་ཚིག་གསལ་བས་ཉམས་པའི་རྟོགས་པ་མི་འཇིག་པའི་གདེང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྲན་གྱིས་ཆད་པས་མི་འཇིགས་པ་ལྟ་བུའོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། དམིགས་པ་མེད་པའི་སྦྱོད་པ་གང་དུ་ཡང་མི་རྟོགས་པ་དེ། །ནམ་མཁའ་ལ་ལྟ་བའི་སྐྱེས་བུ་ལྟ་བུའོ། །བཞི་པ་འཕྲིན་ལས་འདྲེ། ལྔ་པ་རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་དལ་བ་བརྟེན། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་གདབ། པདྨ་བཅྭ་ལྔ་པའི་ཨ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྦྲུགས་ཀྱི་དགོངས་པ། འཇིག་རྟེན་གྱི་ཁམས་འོད ཀྱི་ཁྱབ་པ་ཐམས་ཅད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་ཤིན་ཏུ་ཕྲ་ཞིང་གསལ་བ་ལ་རིག་པ་གཏད་ལ་སྒོ་གསུམ་ཁོང་ནས་ཀློད་དུ་གཞུགས། དབང་བརྟན་བྱེད་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ། ནང་ཡིད་ཀྱི་རྟོགས་པ་སྔ་ཕྱི་བློའི་ཡུལ་ལས་འདས་ནས་ཇི་ལྟར་འགྱུར་ལ་ངོས་བཟུང་ལས་འདས་པའི་ངང་ལས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གིས་དཔེ་ནི། སྐྱེས་བུ་འདོད་ཆགས་ཀྱི་གདུངས་བ་ལྟ་བུའོ། །ཞེས་པས་འདོད་ཆགས་ཀྱིས་གདུངས་པའི་སྐྱེས་བུ་དེ། འདོད་ཞེན་ལས་གཞན་དུ་མི་གཡོ་བ་བཞིན་སེམས་རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་བློ་བྲལ་གྱི་རིག་པ་ཡུལ་གྱིས་ཕྱིར་དུ་མི་འབྲང་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཡེ་ཤེས་ཕྱི་མོ་ཞེས་བྱ་བའི་མན་ངག་ལས། གང་ནས་བལྟས་ཀྱང་ཡེ་ཤེས་རྩེ་གཅིག་འཆར་ཅེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་ཀྱི་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བས་ཡེ་ཤེས་ཟང་ཐལ་སྟེ། ཕྱི་ནང་སྒོ་ཕུགས་མེད་པར་གསལ་ལ་རྟོག་པ་མེད་པར་འཆར་རོ་དེས་ན་གང་ལྟར་བལྟས་ཀྱང་ཡེ་ཤེས་རྩེ་གཅིག་པ་ཞེས་བྱ་སྟེ། སྐྱེས་བུ་འདོད་པས་གདུངས་པས་སེམས་གཞན་དུ་མི་གཡོ་བ་བཞིན་ནོ། །རྩེ་གཅིག་འཆར་ཅེས་པ་ནི། བྱིང་རྒོད་ཉིད་ཡེ་ཤེས་རྩེ་གཅིག་པའི་བསྐུལ་མ་ཡིན་ཏེ། ཤིང་མནན་པའི་མེ་བཞིན་ནོ། །འཕགས་པ་དྲང་སྲོང་མིག་གི་མན་ངག་ལས། གཡེང་མེད་རྩེ་གཅིག་བསམ་དང་བྲལ། །དེས་ན་ཡེ་ཤེས་ཟང་ཐལ་ཡིན། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། ནམ་མཁའ་རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་བརྡོལ་གླུའི་བསམ་གཏན་མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨཱ་ར་ཛ་འདི་སྐད་ལོ། །ཧཱུཾ་སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལ། གང་ལྟར་རྟོགས་ཤིང་ཇི་ལྟར་སྣང་བ་ན། འབྱུང་འཇུག་འབྱུང་བ་ཐམས་ཅད་མེད་ན་ཀུན་ཏུ་བཟང་། གཉིས་སུ་མེད་པའི་རིག་པ་སྟེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལས་མ་སླད་པས། །སྒོམ་ཞིང་གནས་པ་འདི་ལས་མེད། ཀྱེ་མ་མ་རྟོགས་སྙིང་རེ་རྗེ། བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། རྡོ་ཧ་ཀོ་ས་ཤ་ཨ་ཧོ། ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །རྗེ་བཙུན་དམ་པ་དང་རྗེས་སུ་འབྲེལ་པ་དབང་བཅྭ་བརྒྱད་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། མ་བཅོས་ལྷུན་གྱི་གྲུབ་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་གཡོ་རྒྱུ་དང་བྲལ་བའི་མི་ལྟ་བུའོ། གཉིས་པ་དབང་བསྐུར་བས་གདེང་ཅི་ཐོབ་ན། བདག་ཉིད་འབྲས་བུར་ཤར་བས་འབྲས་བུ་གཞན་ནས་མི་འཚོལ་བའི་གདེང་ནོར་བུ་རིན་པོ་ཆེའི་གཏེར་རྙེད་པ་ལྟ་བུའི་གདེང་ཐོབ་བོ། །གསུམ་པ་གདེང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། གཉེན་པོ་མེད་པའི་སྤྱོད་པ་ནི། གང་ལྟར་སྤྱད་ཀྱང་སྐྱོན་གྱིས་མི་སེལ་བ་སྟེ། འཕྲུལ་གྱི་སྐྱེས་བུའི་མཛད་པ་ལྟ་བུའོ། །བཞི་པ་འཕྲིན་ལས་འགྲེ། ལྔ་པ་མ་བཅོས་ལྷུན་གྱིས་གྲུབ་པའི་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་དལ་བ་བརྟེན་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་གདབ། པདྨ་བཅུ་དྲུག་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ། །འཇིག་རྟེན་གྱིས་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་ཀྱང་། མེ་ལོང་ལ་ཧས་བཏབ་པ་བཞིན་དུ། སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་དུ། གསལ་བ་དེ་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་འདུས་ནས་དེ་ཡང་ཡལ་གྱིས་ཡལ་པ་ལ་རིག་པ་གཏད་ལ། ཅིར་ཡང་ཡིད་ལ་མི་བྱེད་པའི་ངང་ལ་རང་ལུགས་སུ་གློད་ལ། དབང་རྟེན་བྱེད་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ་གཟུང་འཛིན་གྱི་དྲི་མ་མཐའ་དག་བྲལ་ནས། འགག་མེད་ཀྱི་རང་རྩལ་འཁོར་འདས་ཀྱི་སྣང་བ། ཅིར་སྣང་། ཅིར་སྲིད། ཅིར་ཤར་ཡང་ངོས་བཟུང་ལས་འདས་པའི་རང་རིག་ཡུལ་མེད་རང་གསལ་གྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། གཡོ་སྒྱུ་དང་བྲལ་བའི་མི་ལྟ་བུའོ། །ཞེས་པས། དཔེར་ན་མི་ཟོལ་མེད་གཡོ་དང་བྲལ་བས་མི་བ སླུ་ངེས་པ་བཞིན་དུ། མ་བཅོས་ལྷུན་གྲུབ་ཀྱི་མན་ངག་གིས། རིག་པ་བརྩལ་གྱིས་དབང་ཐོབ་པའི་སྟོབས་ཀྱི་སླུ་མི་སྲིད་དེ། གནས་ལུགས་རང་ངོ་ཤེས། རང་ས་ཟིན། །རང་སར་གྲོལ་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ནམ་མཁའ་སྤྲིན་དང་ལྡན་པ་ཞེས་བྱ་བའི་མན་ངག་ལས། ཆོས་རྣམས་མ་བཅོས་ལྷུན་གྱིས་གྲུབ་པའི་ངང་། །ཞེས་ཚིག་ཕྱི་མ་ལན་གསུམ་བརྗོད། །བརྒྱད་པ་གདམ་ངག་གི་དགོངས་འགྲེལ་བཤད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་བཅོས་སླད་དང་བྲལ་བ་རྣལ་ལ་མ་བཅོས་པ་བློ་དེ་བཞིན་རྣལ་མར་མ་གནས་པས། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྟན་པས་གསལ་བ་ལ། ཐམས་ཅད་ཀྱི་དངོས་གཞི་པ་ཞེས་བྱའི་དེ་ཉིད་གཡོ་སྒྱུ་དང་བྲལ་བའི་མི་མ་བཅོས་པ་དང་འདྲའོ། །ངང་ཞེས་པ་ནི། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་ལས་མ་གཡོས་པའོ། །དེས་ན་བྱང་ཆུབ་སེམས་ཀྱི་ཀློང་ལ་གནས་ཤེས་བྱའོ། །དེ་ཡང་བསྒོམ་ལུང་ཆེན་པོ་ལས། བཅོས་སླད་མེད་པར་ཀ་ནས་དག་པ་ལ། །གཉིས་སུ་འཛིན་པ་ཡོངས་ཡེ་ངང་གིས་མེད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་བརྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ། བུདྡྷ་གུསྟས་འདི་སྐད་དོ། །ཧཱུཾ་ཆོས་རྣམས་མ་བཅོས་ཀུན་ཏུ་བཟང་པོ་ལ། གསལ་ལ་འགྱུར་བ་མེད་པ་བྱང་ཆུབ་སེམས་ངང་དེ་ལ། །མཚན་མའི་རྣམ་པར་རྟོགས་པས་མི་སླད་དེ། རྣམ་རྟོག་རང་འབྱུང་རང་བཞིན་གནས་པ་ལས། སྒོམ་པ་འདི་ལས་གུད་ན་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་ལྟས་ན། །རྣམ་རྟོག་གི་དྲི་མས་གོས་ཏ་རེ། པྲ་ཛྙ་ཀོ་ས་ལ་ཨ་ཧོ། །ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །འདི་ལྟ་དབང་བཅྭ་བརྒྱད་པོ་ཡང་། སེམས་འཛིན་གྱི་དམིགས་པ་ལྔ་ལ་བརྟེན་ནས་ངོ་སྤྲད་པ་ཡིན་ཏེ། དམིགས་པ་དང་པོ། ཨ་དཀར་པོ་འོད་འཕྲོ་བ་ལ་སེམས་བཟུང་། གཉིས་པ་སྙིང་འོད་གོང་བུ་ལ་སེམས་བཟང་སྟེ། རླུང་རོ་བུས་ནས་འཇམ་རླུང་བརྩོལ་མེད་དུ་འཛིན་པ་ཡིན་ནོ། །དམིགས་པ་གསུམ་པ། ལུས་འོད་ཀྱི་གོང་བུ་ལ་སེམས་བཟུང་སྟེ། དབང་གསུམ་ནས་བཅུ་གཉིས་ཀྱི་བར་དུ། དྲག་རླུང་བུམ་པ་ཅན་བསྒོམ་ཞིང་། །དེ་ཡང་དབང་ལྔའི་བར་དུ་ཐུན་གྱི་ངོ་བོ་དང་གྲངས་གཉིས་ཀར་འཕེལ། དེ་ནས་དབང་ལྔའི་བར་དུ་ཐུན་གྱི་ངོ་བོ་འཕེལ་གྲངས་འགྲིབ་པོ། །དེ་ནས་དམིགས་པ་བཞི་པ་འཁོར་བ་ཡེ་བརྡལ་ལ་སེམས་བཟུང་སྟེ། དབང་བཅུ་གསུམ་པ། བཅུ་བཞི་པ། བཅྭ་ལྔ་པ་གསུམ་ལ། འཇམ་རླུང་བུམ་པ་ཅན་དུ་བྱས་ལ་ཐུན་གྱི་གྲངས་མི་བཟུང་། ངོ་བོ་འཕེལ་ལོ། །དེ་ནས་དམིགས་པ་ལྔ་པ་ཁམས་གསུམ་དོང་སྤྲུགས་ལ་སེམས་བཟུང་སྟེ། དབང་བཅུ་དྲུག་པ། བཅུ་བདུན་པ། བཅྭ་བརྒྱད་པ་གསུམ་ལ་འཇམ་རླུང་བརྩོལ་མེད་ཐུན་མཚམས་མེད་པར་ཉམས་སུ་བླངས་ཏེ། ཆུ་བོ་རྒྱུན་གྱིས་རྣལ་འབྱོར་དུ་བྱའོ། །དེ་ལྟར་བསྒོམ་བྱ་སྒོམ་བྱེད་བྲལ་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱི་གནས་པས། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ལུས་ལ་གནས་པའི་རྩལ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་སྟོང་ཕྲག་བདུན་བཅུ་རྩ་གཉིས་འདུས། དེ་ཡང་མཚན་དང་དཔེ་བྱད་བརྒྱད་བཅུ་རྩ་གཉིས་ཀྱི་རང་བཞིན་དུ་ཀུན་ཏུ་བཟང་པོ་བརྒྱད་བཅུ་རྩ་གཉིས་སུ་འདུས། དེ་ཡང་ཡེ་ཤེས་ཀྱི་རྩ་བཞི་བཅུ་རྩ་གཉིས་ལ་གནས་པའི་རང་བཞིན་གྱིས་ཀུན་ཏུ་བཟང་པོ་ལྷ་བཞི་བཅུ་རྩ་གཉིས་ལ་འདུས། དེ་ཡང་སྙིང་གི་རྩ་འདབ་བཅུ་དྲུག །ལྟེ་བ་དང་བཅས་པ་ལ་གནས་པའི་རང་བཞིན་གྱིས་ཀུན་ཏུ་བཟང་པོ་བཅྭ་བརྒྱད་དུ་འདུས། དེ་ཡང་རྒྱུ་རྐྱེན་མེད་པར་རང་བྱུང་ཞིང་བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པས། བླངས་བ་མེད་ཅིང་། དོར་བ་མེད་པའི་ཕྱིར། ཀུན་ཏུ་བཟང་པོ་ཞེས་ཐ་རྙད་དུ་བཏགས་ཏེ། རང་འབྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་སྒྲ་ཇི་བཞིན་པ་མིན་པ། དོན་ཐུན་མོང་མ་ཡིན་པ། དགོས་ཆེད་ཀྱི་དབང་གི་ཇི་ལྟར་བཏགས་ཀྱང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཐག་ཆོད་ན་དབང་ཐམས་ཅད་རྫོགས་པ་ཡིན་ནོ། །རྟེན་གྱི་གང་ཟག་ལས་དང་པོ་པ་རྟོགས་པའི་ངང་ལ། མི་གནས་པར་བྱིང་རྒོད་ཀྱི་སྐྱོན་གང་བྱུང་ཡང་བཅོས་པའི་ཐབས་གཉིས་ཏེ། སེང་གེ་སྒྲ་ལྟར་བཅོས་པ་དང་། །སེང་པ་བརྡལ་ལྟར་བཅོས་བའོ། །སེང་གེའི་སྒྲ་ལྟར་བཅོས་པ་ནི། གཅན་གཟན་གྱི་རྒྱལ་པོ་སེང་གེ་ནགས་ན་ཉལ་བ་ལ། གཅན་གཟན་གཞན་གྱིས་མཐོ་མཚམས་པར་རྩོམས་ན། སེང་གེ་རང་སྐད་སྟོན་པ་ཙམ་གྱིས། གཅན་གཟན་ཐམས་ཅད་ཟིལ་གྱིས་ནོན་ནས་འཐབ་པའི་རྩོལ་བ་མི་དགོས་པ་ལྟར། རིག་པ་རྩལ་གྱི་དབང་བཅྭ་བརྒྱད་གྱི་དོན་དྲན་པ་ཙམ་གྱི་བྱིང་རྒོད་དབྱིངས་སུ་ཡལ་ནས་ཐབས་སམ་རྟེན་འབྲེལ་ལ་རག་མ་ལུས་པར་ཤེས་བར་བྱའོ། །བཅོས་ཐབས། གཉིས་པ་སེང་པ་གལ་ལྟར་བཅོས་པ་ནི། སེང་པ་གལ་ལའི་ཡན་ལག་ལ་མདུན་རྒྱབ་མེད་ཅིང་། ལུས་ཀྱི་མཐའ་ཡན་ལག་གིས་འཁོར་བས། མགོ་འཕོངས་གཡས་གཡོན་གང་གིས་ཀྱང་འགྲོ་ཤེས་པ་བཞིན། །རིག་པ་རྩལ་གྱི་དབང་བཅྭ་བརྒྱད་ཀྱི་དོན་དྲན་པ་ཙམ་གྱིས་ལམ་དུ་མ་གྱུར་པ་གང་ཡང་མེད་དེ། འགལ་རྐྱེན་ལྟར་སྣང་བ་ཐམས་ཅད་ཀྱང་། རང་འབྱུང་གི་ཡེ་ཤེས་རང་ལ་རང་ཆས་སུ་གནས་པ་དེ། རང་སྣང་བ་ལས་གཞན་པའི་སེམས་མེད་པར་ཐག་ཆོད་པས། བྱིང་རྒོད་དབྱིངས་སུ་ཡལ་ཅིང་། འཁྲུལ་སྣང་རང་སར་གྲོལ་ནས་འགལ་རྐྱེན་གྲོགས་སུ་འཆར་རོ། ༈ །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི། ཐོག་མར་བཏང་རག་གཏང་སྟེ། སྤྱིའི་དབང་བཅྭ་བརྒྱ་པོ་རེ་རེའི་རྗེས་སུ་ཡང་། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཅི་འབྱོར་བའི་ཡོན་དངོས་སུ་འབུལ་བའམ། མཎྜལ་འགྲེམ་བསྡུད་བྱས་ནས་ཡིད་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་འབུལ་བར་བྱ་ཞིང་། སྐབས་འདིར་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བྱ། ཆོས་སྐྱོང་ལ་བཏང་རག་བཏང་། སྐྱེ་བོར་སྦྱིན་བཏོང་བྱ། བླ་མས་འཁོར་གསུམ་ཡངས་དག་གི་བཏང་རག་གིས་མཉེས་པར་བྱས་ལ། སློབ་མ་རྣམས་ཀྱིས་རྟོག་པ་འབུལ་ཞིང་། །དེའི་ལན་དུ་བླ་མས་ཀྱང་སེམས་སྡེ་སྤྱིའི་དགོངས་པ། །རིན་ཆེན་ཀློང་བརྡོལ་གླུའི་བསམ་བཏན། །ཤྲཱི་སིང་དྷས་བསམ་གཏན་གྱི་ཁང་པར། །ཚོགས་ཀྱི་མཆོད་པའི་དུས་སུ་གླུ་བླངས་པ་བཞིན་དུ་རྡོ་རྗེའི་གླུ་བླངས་པར་བྱའོ། །འདི་སྐད་དོ། །ཧཱུཾ་ཇི་ལྟར་བསམ་ཀྱང་སྒོམ་དུ་མེད། །ཇི་ལྟར་སྨྲས་ཀྱང་དཔྱད་དུ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལ། །བཙལ་བ་མེད་པར་འོད་ཤར་སྟེ། །བསམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་བ་མེད་པར་མཉམ་པར་བཞག །སྒོམ་པ་འདི་ལས་མེད་པར་ཁུམས། །རིག་པ་ཡེ་ཤེས་མདུང་རྩེ་ཡི། །རྣམ་རྟོགས་དགྲ་བོ་རྡུལ་དུ་རློག །རད་ན་ཀོ་པ་ལ་ཨ་ཧོ། །ཞེས་རྡོ་རྗེའི་གླུ་བླངས་སོ། །དེ་ནས་བུམ་པ་དང་རྡུལ་ཚོན་རྣམས་བསྡུ་ཞིང་། བུམ་ཆུ་དང་རྡུལ་ཚོན་དོན་དུ་གཉེར་བ་ཡོད་ན་སྦྱིན། མེད་ན་རི་བོ་ཆེན་པོའི་རྩེའམ་ཆུ་བོ་ཆེན་པོའི་རྒྱུན་ལ་སྐྱལ་བས། རླུང་དང་ཆུ་རྒྱུན་ཕོག་པའི་སེམས་ཅན་རྣམས་འབད་མེད་དུ་གྲོལ་བར་བསམ། བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་ལ་འཇུག་བཀྲ་ཤིས་ཀྱི་བསྡུ། ཞག་གཅིག་གནས་བསྲུངས་པའི་ཆོ་ག་བྱ་ཞིང་ཉམས་དང་རྟོག་པ་ཅི་འཕེལ་དུ་སྐྱང་ངོ་། །སེམས་སྡེ་མ་བུ་བཅྭ་བརྒྱད་ཀྱིས་དགོངས་པ་ངོ་སྤྲད་པའི་ཐབས། རིག་པ་རྩལ་གྱི་དབང་བཅྭ་བརྒྱད་བསྐུར་བའི་ཆོག་སྒྲིག་འདི། །སྔ་རབས་པ་འགའ་ཞིག་ལ་ཕྱག་ལེན་ཅུང་ཟད་མི་འདྲ་བར་སྣང་ཡང་། རྒྱ་གར་མཁས་པ་ཉི་ཤུ་རྩ་གཅིག་རིམ་པར་བ རྒྱུད་པའི་མན་ངག་དང་། ལོ་ཙྭ་བ་ཆེན་པོ་བཻ་རོ་ཙ་ནའི་འདྲ་འབག་དང་། བོད་ཀྱི་བླ་མ་གོང་མ་རྣམས་ཀྱིས་ཕྱག་བཞེས་ཀྱི་ཡི་གེའི་རིས་རྣམས་དང་། དྲིན་ཆེན་ཟུར་མོའི་ཕྱག་བཞེས་རྣམས་གུང་སྒྲིགས་ནས། །ལག་དུ་བླངས་པའི་ཕྱིར། སེམས་སྡེའི་རྒྱུད་འགྲེལ་མན་ངག་རྣམས་དང་། མི་འགལ་བར་སྡེབས་པ་འདི་ནི། །བྱ་བཏང་གི་སྤྲང་པོ་རྡོ་རྗེ་དཔལ་བཟང་པོས། །ཆུ་བོ་ཆེན་པོ་པ་ཤུའི་གཡས་འགྲམ་ཆོས་སྡེའི་ཞེས་བྱ་བའི་རི་ཁྲོད་དུ། མཚན་ལྡན་ཞིག་པོ་རིན་པོ་ཆེའི་ཆོས་རྒྱུད་དྲི་མ་མེད་པ་འཛིན་པའི་དགེ་བའི་བཤེས་གཉེན་ར་དུང་བྲག་པས་སྦྱིན་བདག་བགྱིས་ནས། ལྕགས་མོ་སྦྲུལ་གྱི་ལོ། དབྱར་ཟླ་ཐ་ཆུང་ཀྱི་ཡར་ངོ་ལ་ཡི་གེར་བཏབ་བའོ། །འདིས་སེམས་ཅན་དཔག་ཏུ་མེད་པ་རྩོལ་བྲལ་རྫོགས་པ་ཆེན་པོའི་དོན་རྟོགས་ནས་འཁྲུལ་སྣང་རང་སར་གྲོལ་བའི་རྐྱེན་བྱེད་པར་གྱུར་ཅིག །ངེས་དོན་མཐར་ཐུག་རྫོགས་ཆེན་གྱི། །སྙན་བརྒྱུད་ཞལ་གྱི་གདམ་ངག་འདི། །ཡི་གེར་བཀོད་པ་མི་འོས་ཀྱང་། །བརྡའ་དོན་རྒྱུད་པའི་དོན་ཆེད་དུ། །སྟོན་པ་བཞི་ཡིས་རྗེས་འབྲངས་ནས། །རིག་པའི་རྩལ་དབང་བཅྭ་བརྒྱད་ཀྱིས། །ངོ་སྤྲོད་དབང་གི་ཕྱག་ལེན་འདི། །ལྷག་པའི་བསམ་པས་ཡེ་གེར་བཀོད། །འདི་ལ་ནོངས་པའི་ཚོགས་མཆིས་ན། །བླ་མ་ཡིད་དམ་བཀའ་བསྲུངས་གིས། །རང་བཞིན་དོན་ལ་དགོངས་མཛད་ནས། །ཐུགས་རྗེས་ཉེ་བར་བཟུང་པར་རིགས། གལ་ཏེ་བདག་གིས་ངལ་བ་འདིས། །དོན་ཡོད་སྲིད་ན་དགེ་བ་དེས། །མ་ལུས་སེམས་ཅན་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་སྨོན། །མ་བཅོས་རང་སྣང་རོལ་པ་དང་། འཁྲུལ་ཤེས་ཡུལ་དང་བཅས་པ་དག། །བྱེ་བྲག་མ་ཕྱེད་གཏི་མུག་བློས། །ཉམས་ལ་རྟོགས་པ་རློམས་པ་དང་། །མཁས་པ་མངོན་པའི་ང་རྒྱལ་ཅན། །ངེས་པའི་དོན་ལ་སྐུར་འདེབས་ཤིང་། །ཆོས་སྤོང་ལས་ཀྱི་ཁུར་ཁུར་ནས། མནར་མེད་གནས་སུ་སྙེག་པ་དང་། །ཁ་འབྱམ་ལྟ་བའི་རྫོང་གཟུང་ནས། བསླུ་མེད་རྒྱུ་འབྲས་ཁྱད་གསོད་ཅིང་། །བཟུ་བོར་གནས་པའི་བློ་བོར་ནས། །བདག་སྟོད་གཞན་ལ་སྨད་པ་དང་། །མཁས་པའི་བླ་མ་མ་རྟེན་ཅིང་། །རྣམ་དག་གཞུང་ལུགས་མ་སྦྱངས་པས། །གནས་ལུགས་དྲི་མེད་རྟོགས་དཀའ་ཡང་། །མུ་ཅོར་སྨྲ་བའི་བླུན་པོ་རྣམས། །རེང་ཤིག་ཐུགས་རྗེའི་ཡུལ་མིན་ཡང་། །རང་འབྱུང་རིག་པའི་བྱིན་རླབས་ཀྱིས། །རྩོལ་བྲལ་ཐེག་པའི་སྣོད་གྱུར་ནས། །ཡང་དག་དོན་ལ་འཇུག་པར་ཤོག །ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་བདེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག། །།ཞུས་དག །

དབང་རྣམས་ཀྱི་མཐའ་རྟེན་དངོས་གྲུབ་བླངས་པའི་ཆོ་ག

དབང་རྣམས་ཀྱི་མཐའ་རྟེན། དངོས་གྲུབ་བླངས་པའི་ཆོ་ག་བཞུགས་སོ། །གཉིས་པ་དངོས་གྲུབ་ལེན་པ་ལ་གཉིས་ཏེ། འཆི་མེད་ཚེའི་དངོས་གྲུབ་ལེན་པ་དང་། དམ་རྫས་ལ་རྟེན་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ལེན་པའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། །འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ནི། ཚད་དང་ལྡན་པའི་ས་སྟེགས་ལ། བའི་རྣམ་ལྔས་བྱུག་ཅིང་། ཐིག་སྐུད་རབ་གནས་དང་ལྡན་པས། ཆ་ཆེན་བཅུ་དྲུག་གདབ། ཆ་ཕྲན་ནི། དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞི་མཉམ་དུ་གདབ། །གསུམ་པ་བཞི་པ་ཕྱི་མ་གདབ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་ཆ་བཞི་མཉམ་དུ་གདབ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །ཆ་ཆེན་གཅིག་ནས་ལྟེ་བ་སྐོར། །ཆ་ཆེན་གཉིས་ནས་རྩིབས་བཞི་བསྐོར། །ཆ་ཆེན་གསུམ་ནས་རྩིབ་བཞི་བསྐོར། །ཆ་ཆེན་བཞི་ནས་རྩིབས་བཅུ་བསྐོར། །ཆ་ཆེན་བདུན་དུ་གླང་གུར་དང་རྡོ་ར་བསྐོར། ཆ་ཆེན་བརྒྱད་ཀྱི་ཕྱིར་རོལ་པདྨ་དང་། རྡོ་ར་དང་། མེ་རི་རྣམས་བསྐོར། དབུས་ལྟེ་བ་ཟླུམ་པོ། དེ་རྒྱབ་འཁོར་ལོ་རྩིབས་བཞི། དེའི་རྒྱབ་ཏུ་ཡང་འཁོར་ལོ་རྩིབས་བཞི། དེ་རྒྱབ་ཏུ་འཁོར་ལོ་རྩིབས་བཅུ་གྲུ་ཆད་སྒོ་ལ་སོགས་དལ་སྤྱི་དང་མཐུན་པར་བྲིའོ། །དེ་ནས་ཚོན་རྩི་རབ་གནས་དང་ལྡན་བས། དབུས་ལྟེ་བ་དམར་པོ། རྩིབས་བཞི་སེར་པོ། རྩིབས་མཆན་སྔོན་པོ། ཡང་རྩིབས་བཞི་སེར་པོ། རྩིབས་མཆན་དམར་པོ། རྩིབས་བཅུ་དཀར་པོ། རྩིབས་མཆན་ལྗང་ཁུ། གྲུ་ཆད་ཕྱོགས་མདོག །སྒོ་ལ་སོགས་དཀྱིལ་འཁོར་སྤྱི་དང་མཐུན་པར་མཛེས་ཤིང་། ཡིད་དུ་འོང་བར་བྱའོ། །དེ་ནས་ལྷ་གྲངས་དང་མཉམ་པའི་ཚོམ་བུ་དང་། ཙ ཀ་ལི་རྣམས་ལྷ་རང་གནས་སུ་དགོད། རྣམ་རྒྱལ་བུམ་པ་དང་། ལས་བུམ་རྣམས་གང་བདེར་བགོད། ཚེ་ནས་དང་། ཚེ་ཟན་དང་། ཚེ་འབྲང་དང་། ཚེ་ཆང་རྣམས་གང་བདེར་བཤམས། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་སྣང་གསལ། ནུབ་བྱང་དུ་དྲི་མཆོག །བྱང་དུ་ཞལ་ཟས་རྣམས་བཤམས། དེ་ནས་ཤར་ལྷོར་བླ་མའི་གཏོར་མ། ཤར་དུ་ཡི་དམ་ཚེ་དཔག་མེད་ཀྱི་གཏོར་མ། དེའི་ཞབས་སུ་སྨན། རཀྟ། རྒྱུན་གཏོར་རྣམས་བཤམས། བྱང་ཤར་དུ་མཁའ་འགྲོ་མའི་གཏོར་མ། བྱང་དུ་ཆོས་སྐྱོང་མ་མོ་ནུབ་བྱང་དུ་མགོན་པོ། ནུབ་དུ་རྣམ་སྲས། ལྷོ་ནུབ་དུ་འགར་བ། ལྷོར་ཚོགས་གཏོར་རྣམས་བཤམས། གཏོར་མ་རྣམས་ལ་ཆབ་དང་། ཆང་གིས་བྲན། དེ་ནས་དཔོན་སློབ་རྣམས་གདན་ལ་བཞུགས་ལ་རབ་གནས་ཀྱི་དོད་དུ། བདག་བསྐྱེད། བུམ་བསྐྱེད། མདུན་བསྐྱེད་གསུམ་གྱི་དང་པོ་ནི། མདུན་གྱི་ནམ་མཁར་དཀོན་མཆོག་དྲུག་པོ་སྒོམ་ལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཐམས་ཅད། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ༴ ཆོས་ལ་སྐྱབས༴ དགེ་འདུན་ལ༴ ཡི་དམ་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ༴ མཁའ་འགྲོ་དང་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆིའོ། །ལན་བདུན་ལ་སོགས་བརྗོད། དེ་ནི་སྐྱབས་འགྲོའོ། །སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་མགོན་པོ་ཚེ་དཔག་ཏུ་མེད་པའི་བསྒོམ་བཟླས་ཀྱི་རིམ་པ་ལ་འཇུག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །དེ་ནས་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། ༀ་སྭ་བྷ་ཝ་ཤུད་དྷ་སརྦ་དྷརྨ་སྭ་བྷ་ཝ་ཤུ་དྷོ་ཧཾ། སྟོང་པའི་ངང་ལས་བྷཱུཾ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཕྱི་བུམ་པའི་དབྱིབས་ཅན། ནང་པདྨ་ར་ག་ལས་གྲུབ་པ་གྲུ་བཞི། སྒོ་བཞི། སྒོ་ཁྱུད་རྟ་བབ། གདུགས། རི་དྭགས། ཆོས་འཁོར། དྲ་བ་དང་དྲ་ཕྱེད། དྲིལ་བུ་དང་དྲིལ་བུ་ཆེན་པོའི་སྒྲ་འཁྲོལ་བ། དར་དཔྱངས། བླ་བྲེས། ལྡ་ལྡི་དང་། ཁྲི་ཡུལ། རཏྣའི་ཤིང་ལྗོན་པ་ལ། གཟུགས་སྒྲ་དྲི་རོ། རེག་བྱ་དང་ལྡན་པ། ཞིང་ཁམས་རྣམ་པར་དག་པའི་དབུས་སུ། གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་བཞི་ཉིས་རིམ། དེའི་རྒྱབ་ཙཀྲ་རྩིབས་བཅུ་དཀར་པོ། དབུས་ཀྱི་ལྟེ་བར་རིན་ཆེན་ཁྲི་རྨ་བྱ་བརྒྱད་ཀྱི་ཉེ་བར་བཏེག་པ། དར་ལྗང་ཁུའི་ཁྲི་ཁེབས་དེའི་སྟེང་དུ་པདྨ་ཉི་མ་ཟླ་བའི་གདན། རྩིབས་ཕྱི་ནང་བརྒྱད་ལ་ཟླ་བའི་གདན། རྩིབ་བཅུ་ལ་ཉི་མ་བཅུ། སྒོ་བཞི་ལ་ཟླ་བའི་གདན་ནོ། དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ། རང་གི་སེམས་ཀྱི་ངོ་བོ་ཧཱུཾ་དམར་སེར། འོད་ཟེར་ཁ་དོག་ལྔ་འཕྲོས་པ། །དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་དོན་གྱི་བྱས། བྱིན་རླབས་དངོས་གྲུབ་ནུས་མཐུ་ཐམས་ཅད་ཚུར་འདུས་ཧཱུཾ་ལ་ཐིམ། དེ་འོད་དུ་ཞུ། ཡོངས་སུ་གྱུར་པ་ལས། སྔགས་གསུམ་བརྗོད་པས། བདག་ཉིད་ཚེ་དཔག་ཏུ་མེད་པ། །སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས། །སྤྱན་གསུམ་ཁྲོ་འཛུམ་དུ་འདུག་པ། །ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཐུགས་ཀར་མཛད་པ། གཡོན་པ་མཉམ་བཞག་གི་སྟེང་དུ། གསེར་ལས་གྲུབ་པའི་བུམ་པ། འཆི་མེད་བདུད་རྩི་བཀང་ནས་འཛིན་པ། དར་དམར་པོའི་མགུལ་ཆིངས་དང་། དཔག་བསམ་ཤིང་ལྗང་ཁུའི་ཁ་བརྒྱན་ཅན། །ཞབས་རྡོ་རྗེ་སྐྱིལ་དཀྲུངས་གིས་བཞུགས་པ། དར་སེར་པོའི་སྟོད་གཡོགས་ཁ་དོག་ལྔའི་སྨད་དཀྲིས། རིན་པོ་ཆེའི་དབུ་བརྒྱན་དང་། རྣ་བརྒྱན། མགུལ་བརྒྱན། དཔུང་བརྒྱན། དོ་ཤལ། སོར་གདུབ། ཞབས་གདུབ། དར་གྱི་ཕུར་ལྕེ་དང་། སྐུ་ལ་མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་བཅུ་དང་ལྡན་པ། །འོད་ཟེར་སྟོང་ཕྲག་དུ་མ་དང་ལྡན་པ། །དེའི་པང་དུ། ཡུམ་སངས་རྒྱས་སྤྱན་མ་སྐུ་མདོག་དཀར་མོ། །ཕྱག་གཡས་པ་ཚེ་འཛིན་པའི་ལྕགས་ཀྱུ་བསྣམས་ནས་ཡབ་ལ་འཁྱུད་པ། གཡོན་པས་ཚེའི་བུམ་པ་བསྣམ་པ། དེ་ནི་སྐུ་མཆོག་ཉིད་ཀྱི་ཕྱག་རྒྱའོ། །དེ་ནས་ཡབ་ཀྱི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་གུར་ཁང་། དེའི་ནང་དུ་ཉི་ཟླ་གའུ་ཁ་སྦྱོར་གྱི་གུར་ཁང་། དེ་གཉིས་ནི་ཐབས་ཤེས་ཀྱི་ཕྱག་རྒྱའོ། །དེའི་ནང་དུ་འཁོར་ལོ་དཀར་པོ་ༀ་གྱིས་འ ཁྲིགས་པའི་གུར། དེའི་ནང་དུ་པདྨ་དམར་པོ་ཨས་འཁྲིགས་པའི་གུར། དེའི་ནང་དུ་རྡོ་རྗེ་སྔོན་པོ་ཧཱུཾ་གིས་འ ཁྲིགས་པའི་གུར་ཁང་། དེ་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའོ། །དེའི་ནང་དུ་འོད་ཟེར་དཀར་པོ་ༀ་གྱིས་འཁྲིགས་པ། སྔོན་པོ་ཧཱུཾ། སེར་པོ་སྭོ། དམར་པོ་ཨཾ་འོད་ཟེར་ལྗང་ཁུས་ཧས་འཁྲིགས་པའི་གུར་ཁང་། དེ་ནི་ཡེ་ཤེས་ལྔའི་ཕྱག་རྒྱའོ། །དེའི་ནང་དུ་གསེར་ལས་གྲུབ་པའི་ཙཀྲ་རྩིབས་བརྒྱད་པ་མགོ་མའི་རིའུ་མིག་བརྒྱད་ལ་གསེར་གྱི་ཟོར་བ་སོ་ཕྱིར་བསྟན་པ། ཡུ་བ་ལ་ཡི་གེ་ཏྲཾ་གྱིས་མཚན་པ། བརྒྱད་ལངས་བར་བསམ། དེ་ནི་གསེར་གྱི་ཟོར་པའི་ཕྱག་རྒྱའོ། །དེའི་ནང་པད་ཉིའི་གདན་ལ། ཧྲིཿདམར་པོ་ཟུང་གཅིག་འོད་དུ་ཞུ། །ཡོངས་སུ་གྱུར་པ་ལས། །དཔལ་རྟ་མགྲིན་སྐུ་མདོག་དམར་སེར། །ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ། ཕྱག་གཡས་ཚེ་འཛིན་པའི་ལྕགས་ཀྱུ་བསྣམས་པ། །གཡོན་པས་ཚེའི་བུམ་པ་བསྣམས་པ། །ཞབས་གཉིས་རྐྱང་བརྐུམ་གྱིས་འགྱིང་བཞིན་བཞུགས་པ་རྟ་མགོ་ལྗང་ཁུ་རྔོག་མ་ལེབ་རྒན་ནམ་མཁའི་དབྱིངས་སུ་འཚེར་བ། །དེའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། །ཕྱག་གཡས་ཚེ་འཛིན་པའི་ལྕགས་ཀྱུ་བསྣམས་ནས་ཡབ་ལ་འཁྱུད་པ། །གཡོན་པ་ཚེའི་བུམ་པ་བསྣམས་པ་ཡབ་ཡུམ་གཉིས་ཀ་དཔལ་ཆས་དང་། དུར་ཁྲོད་ཀྱིཆས་ཀྱིས་བརྒྱན་པ། འཚམས་རྔམ་གཟི་བྱིན་དང་བཅས་ནས་བསྐལ་པའི་མེ་དཔུང་གི་ནང་དུ་བཞུགས་པ། དེ་ནི་རྟ་མཆོག་དབང་གི་ཕྱག་རྒྱའོ། །ཡབ་རྟ་མགྲིན་གྱི་ཐུགས་ཀར། བདག་གི་བཀྲག་མདངས་ཀྱི་ངོ་བོ་འོད་ཕུང་དཀར་པོ་ཚོན་གང་ཙམ་གཅིག་མར་མེ་རླུང་གི་མ་སྐྱོད་པ་ལྟ་བུ་གཅིག་བསམ། དེའི་ནང་དུ་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་དམར་སེར་འབུར་དུ་ལངས་པ་གཅིག་བསམ། དེའི་ཞབས་ཀྱུ་ནང་དུ། ཚེའི་ངོ་བོ་ཨ་དཀར་པོ་གཅིག་བསམ། དེའི་དཔུང་བ་གཡས་ཀྱི་ནང་དུ། སྲོག་གི་ས་བོན་ཎྲྀ་དཀར་ལྗང་རེ་ཀྲངས་ཀྱིས་བསམ། དཔུང་པ་གཡོན་དུ་མིང་ཡིག་དང་པོ་ཀྲངས་ཀྱི་བསམ། བར་དུ་བླའི་ངོ་བོ་སྤུ་དམར་སེར་ཀྲངས་ཀྱིས་བསམ། དེ་རྣམས་ཀྱི་སྟེང་དུ་ༀ་དཀར་པོ། མདུན་དུ་ཧཱུཾ་སྔོན་པོ། གཡས་སུ་ཏྲཾ་སེར་པོ། རྒྱབ་ཏུ་ཧྲི་ཿདམར་པོ། གཡོན་དུ་ཧཱ་ལྗང་ཁུ། དེ་རྣམས་ཀྱི་རྒྱབ་དུ་ༀ་ཨ་ཡུ་བྷི་རུ་ཛྙ་ན་བཛྲ་ས་མ་ཡ་ཧཱུཾ། ཚེ་བྷྲུཾ་ཎི་ཛཿ ༀ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། །ཨ་པ་ར་མི་ཏ་ཨ་ཡུཿཔུཎྱེ་ཛྙ་ན་རོ་པ་ཙིཏྟ་སྭཱ་ཧཱ། ༀ་ཚེ་པུཎྱེ་མཧཱ་པུཎྱེ། ཨ་ཡུ་པུཎྱེ་། བྷྲུཾ་ཀ་བ་ཙ་རཀྴ་རཀྵ་ཧཱུཾ། །ཅེས་པས་ཉི་ཤུས་འཁོར་ལོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱའོ། གཙོ་བོ་ཚེ་དཔག་མེད་ཡབ་ཡུམ་གྱི་ཕྱི་རོལ་དུ་པད་ཉིའི་གདན་ལ་རྟ་མགྲིན་གོང་དུ་བསྒོམ་པ་ལྟ་བུ་གཤོག་རྩེ་བསྣོལ་བའི་གུར་ཁང་གཅིག་སྒོམ་པ་ནི་གཙོ་བོ་ཡུམ་བསྐྱེད་པའོ། །དེའི་རྒྱབ་རྩིབས་ནང་མ་བཞི་ལ། །ཧཱུཾ་དཀར་སེར་དམར་ལྗང་བཞི་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད། སེམས་ཅད་གྱིས་དོན་བྱས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཤར་དུ་ཚེའི་ལྷ་མོ་དཀར་མོ། །ཕྱག་གཡས་པས་ཚེ་འཛིན་པའི་ལྕགས་ཀྱུ། །གཡོན་ཤེལ་གྱི་ཚེ་བུམ་བསྣམས་པ། ལྷོར་ཚེའི་ལྷ་མོར་སེར་མོ། གཡས་ཚེ་འཛིན་པའི་ལྕགས་ཀྱུ། །གཡོན་པས་བཻ་ཌཱུརྱའི་ཚེ་ཡི་བུམ་པ་བསྣམས་པ། །ནུབ་དུ་ཚེའི་ལྷ་མོར་དམར་མོ། །གཡས་པ་ཚེ་འཛིན་པའི་ལྕགས་ཀྱུ། གཡོན་པས་བྱི་རུའི་ཚེ་ཡི་བུམ་པ་བསྣམས་པ། བྱང་དུ་ཚེའི་ལྷ་མོ་ལྗང་ཁུ། །གཡས་པས་ཚེ་འཛིན་པའི་ལྕགས་ཀྱུ། །གཡོན་པས་ཨིནྟྲ་ནི་ལའི་ཚེ་བུམ་བསྣམ་པའོ། །རྩིབས་ཕྱི་མ་བཞི་ལ། ཛ་དཀར་པོ། ཧཱུཾ་སེར་པོ། བཾ་དམར་པོ། ཧོ་ལྗང་ཁུ་བཞི་ལ་འོད་འཕྲོས་འདུས་ཡོངས་སུ་གྱུར་བ་ལས། ཤར་དུ་དབྱིངས་ཀྱི་ལྷ་མོ་དཀར་མོ། །གཡས་པས་ཚེ་འཛིན་པའི་ལྕགས་ཀྱུ། །ལྷོར་དབྱིངས་ཀྱི་ལྷ་མོ་སེར་མོ། །གཡས་པས་ཚེ་འཛིན་པའི་ཞགས་པ། །ནུབ་དུ་དབྱིངས་ཀྱི་ལྷ་མོ་དམར་མོ། །གཡས་པས་ཚེ་འཛིན་པའི་ལྕགས་སྒྲོགས། །བྱང་དུ་དབྱིངས་ཀྱི་ལྷ་མོ་ལྗང་ཁུ། །གཡས་པས་ཚེ་འཛིན་པའི་དྲིལ་བུ་བསྣམས་པ། །གཡོན་པ་བཞི་ན་ཚེའི་བུམ་བ་བསྣམས་པའོ། །དེའི་རྒྱབ་རྩིབས་བཅུ་ལ། །ཧཱུཾ་དཀར་པོ་བཅུ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། །ཁྲོ་བོ་དཀར་པོ་བཅུ། །ཕྱག་གཡས་པ་བཅུ་ན་ཚེ་འཛིན་པའི་ལྕགས་ཀྱུ། །གཡོན་པ་བཅུ་ན། །ཚེའི་བུམ་བསྣམས་པ། སྤྱན་གསུམ་སྟག་ཤམ་སྤྲུལ་བརྒྱན་དང་། །རིན་པོ་ཆེ་རྒྱན་གྱིས་བརྒྱན་པའོ། །དེའི་རྒྱབ་སྒོ་བཞིར། ཛ་དཀར་པོ་། ཧཱུཾ་སེར་བོ། བཾ་དམར་པོ། ཧོ་ལྗང་ཁུ་བཞི་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཤར་སྒོར་སྟག་གདོང་མ་དཀར་མོ། །གཡས་པས་ཚེ་འཛིན་བའི་ལྕགས་ཀྱུ། །ལྷོ་སྒོར་ཕག་གདོང་མ་སེར་མོ། །གཡས་པས་ཚེ་འཛིན་པའི་ཞགས་པ། །ནུབ་སྒོར་ཁ་གདོང་མ་དམར་མོ་ཉི་ཟླའི་སྤྱན་ཅན། །གཡས་པ་ལྕགས་སྒྲོགས། །བྱང་སྒོར་འུག་གདོང་མ་ལྗང་ཁུ། །གཡས་པས་དྲིལ་བུ། །གཡོན་བ་བཞི་ན་བུམ་པ་བསྣམས་པའོ། །ལྷ་མོ་བཅུ་གཉིས་པོ་དེ་དག་རྣམས་ནི། །སྤྱན་གསུམ་ཁྲོ་འཛུམ་དུ་འདུག་པ། །ཞབས་གཉིས་རྐྱང་སྐུམ་གར་ཐབས། །རུས་བརྒྱན་དང་། རཏ་ནའི་ཕྲེང་བ། དར་དཔྱངས་དང་ལྡན་པའོ། །གཞལ་ཡས་ཁང་དེའི་རྒྱབ་ཕྱི་བུམ་པའི་ནང་དུ། །ཉི་མའི་གདན་ལ། ཧཱུཾ་ནག་པོ་བཅུའི་འཕྲོ་འདུ་ལས། །ཁྲོ་བོ་ནག་པོ་བཅུ་། །གཡས་པ་བཅུས་ཐོ་བ། །གཡོན་པ་བཅུས་ལྕགས་ཀྱུ་བསྣམས་པ། །སྤྱན་གསུམ་འཇིགས་པའི་འཚམས་རྔམ་མེ་རི་དང་བཅས་པ། །ཞལ་ཕྱིར་གྱུར་ནས་ཚེའི་བར་ཆད་ཀྱི་བགེགས་བསྐྲད་པས་བསྒོམ་མོ། །དེ་རྣམས་ནི་འཁོར་ལོ་བསྐྱེད་པའོ། །དེ་ནས་དངོས་གྲུབ་ཀྱི་བཅུད་བསྡུ་བ་ནི། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། །རྟ་མགྲིན་གྱི་མགྲིན་པ་ནས། །ཤངས་ཁུང་ནས་ཚེ་དཔག་མེད་ཀྱི་མགྲིན་པ་ནས་ཤངས་ཁུང་ནས་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག །ས་ཞོམ་པ་ཡང་སྤང་སྔོ་ཀད་ཀྱི་གྱུར། རྩྭ་སྐམ་ཡང་མེ་ཏོག་བཀྲ་ཀད་ཀྱི་གྱུར། ཤིང་སྐམ་པོ་ཡང་ལོ་འདབ་སྔོ་དཔར་གྱིས་གྱུར། ཆུ་སྐམ་པོ་ཡང་དཀར་ནར་གྱིས་གྱུར། །གཞན་ཡང་ས་རྡོ་རྗེ། རྩི་ཤིང་ནགས་ཚལ་ཐམས་ཅད་འོད་ཟེར་ཚ་ལེར་གྱུར་པར་བསམ། །འོད་ཟེར་སྔ་མ་དེས་སྦྲང་མས་སྦྲང་རྩི་བསྡུད་པ་ལྟར། །ཤིང་དང་ས་ཆུ་མེ་རླུང་གི་སྣོད་འབྱུང་བ་ཆེན་པོའི་བཅུད་བཀྲག་མདངས་རྣམས་འུབ་ཀྱི་བསྡུས་ནས། རང་ཚེ་དཔག་མེད་ཀྱི་ཤངས་ཁུང་ནས་རིམ་བཞི་སྔར་ཡར་རྒྱུད་པ་ལྟར་བརྒྱུད་ནས་ཐུགས་ཀའི་ཧཱུཾ་ཨ་ཎྲྀ་ལ་སོགས་ཐིམ་པས་ཚེ་བསོད་ནམས་ཐམས་ཅད་བཀྲག་གཟི་མདངས་ལ་སོགས་པ་རྒྱས་ཤིང་། ཚེའི་དངོས་གྲུབ་ཐོབ་བར་བསམ་ལ། །ༀ་ཨ་ཡུ་བྷི་རུ་ཛ་ན་བཛྲ་ས་མ་ཡ་ཧཱུཾ། ཚེ་བྷྲུཾ་ཎྲིི་ཛ་བགྲང་ངོ་། །ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔ་མ་བཞིན་སྤྲོས། །ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས། །སེམས་ཅན་ཐམས་ཅད་ཚེ་ཉམས་པ་ཐམས་ཅད་སོར་ཆུད། རལ་བ་གྲུབ། འཁྱམས་པ་བཀུག་ནས། མི་དང་མི་མ་ཡིན་པ། ལྷ་ཀླུ་སྡེ་བརྒྱད་ལ་སོགས་པ། ཚེ་བཀྲག་མདངས་དང་ལྡན་པར་བསམ། །དེ་ནས་འོད་ཟེར་སྔ་མ་དེས། །མི་དང་མི་མ་ཡིན། ལྷ་ཀླུ་སྡེ་བརྒྱད་ཁྱད་པར་དུ་ཡང་བྱད་མ་ལྷ་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་བཀྲག་མདངས་ཐམས་ཅད་བཀུག་ནས། རང་གི་ཤངས་ཁུངས་ནས་ཡར་བརྒྱུད་པ་བཞིན་བཀུག་ནས། ཐུགས་ཁའི་འོད་ཕུང་དང་ཧཱུཾ་ཨ་ཎྲྀ་ཡིག་འབྲུ་རྣམས་ལ་ཐིམ་པས། །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཉམས་པ་སོར་ཆུད་པ་དང་། །རྟོགས་པ་སྐུ་དང་ཡེ་ཤེས་ཐམས་ཅད་རྒྱས་པར་བསམ་ལ། ༀ་ཨ་ཡུ་བྷི་དུ་ཛྙཱ་ན་བཛྲ་ས་མ་ཡ་ཧཱུཾ། ཚེ་བྷྲུཾ་ཎྲྀ་ཛཿབགྲང་། །དེ་ནས་ཡེ་ཤེས་པ་སྤྱན་དྲངས་ནས་ཆོས་སྤྱོད་བྱེད་པ་ནི། །ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱ། ཐུགས་ཁར་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕོག །མཉེས་པས་མཆོད། །ཆོས་ཀྱི་སྐུ་རྣམས་གཟུངས་ཀྱི་སྐུར་བཞེངས། །དེ་རྣམས་ཡང་ཚེ་དཔག་མེད་འཁོར་དང་བཅས་པར་གྱུར་ནས་མདུན་གྱི་ནམ་མཁར་སྤྱན་དྲངས། ཧྲིཿ ནུབ་ཕྱོགས་བདེ་བ་ཆེན་པོའི་ཕོ་བྲང་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེའི་ལྷ་མོ་རྣམས་ཀྱིས་འཁོར་གྱི་བསྐོར། །ཡེ་ཤེས་ཁྲོ་བོ་ཆེན་པོ་བཅུ། །སྒོ་མ་བཞི་པོ་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། སླར་ཡང་དབང་གི་ལྷ་ཚོགས་རྣམས་སྤྱན་དྲངས་བས་དབང་བསྐུར་བར་བསམ་ལ། །ཧཱུཾ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཐུགས་རྗེའི་སྐུ་མཆོག་ཡོན་ཏན་རྒྱ་མཚོའི་གཏེར། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་ནས། །ཚེའི་ལྷ་མོ་ཡེ་ཤེས་གཡུང་དྲུང་དཔལ་གྱི་སྐུ། །གཉིས་མེད་བྱང་ཆུབ་བདེ་མཆོག་རོལ་པ་ཐབས་ཀྱི་གཙོ། །གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནས། །བྱང་ཆུབ་སེམས་རྒྱུན་ཡེ་ཤེས་བདུད་རྩི་འདིས། །སྐལ་ལྡན་རྣམས་ལ་ཚེའི་དངོས་གྲུབ་སྩལ་དུ་གསོལ། །ཨ་བྷི་ཥིཉྩ་ཧཱུཾ། ཞེས་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར། །དྲི་མ་དག་ཆུ་ལྷག་མ་ཡར་ལུད་པས་རིགས་ལྔས་དབུ་བརྒྱན། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔས་བྱིན་གྱིས་རླབས། །དེ་ནས་རང་གིས་ཐུགས་ཀ་ནས་ཧཱུཾ་དཀར་དམར་ལྗང་གི་ཚོགས་སྤྲོས། །མཆོད་ཡོན་མ་སོགས་ལ་ཕོག་འོད་དུ་ཞུ་བ་ལས། མཆོད་ཡོན་མ་དཀར་མོ་ཕྱག་ན་མཆོད་ཡོན། །བསྣམས་པའི་ཚོགས་དཔག་ཏུ་མེད་པ་སྤྲོས་ནས། །ལྷ་ཚོགས་རྣམས་ལ་མཆོད་པར་ཕུལ་བར་བསམ། །མེ་ཏོག་ལ་སོགས་ཀྱང་དེས་འགྲེ། གཙང་ཞིང་གཙང་མར་སྦྱར་བ་ཡིས། །ལྷ་རྫས་བཟང་པོའི་མཆོད་ཡོན་རྣམས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་སྲིང་སྲོག་སྐྱོབ་ལྷ་ལ་འབུལ། །བཞེས་ན་ཚེའི་དངོས་གྲུབ་སྩོལ། །ༀ་བཛྲ་ཨརྒཾ། པྲ་ཏི་པུ་ཙ་ཧོ། གཙང་ཞིང་གཙང་མར་སྤྱར་བ་ཡིས། །ལྷ་རྫས་བཟང་པོའི་མེ་ཏོག་རྣམས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་སྲིང་སྲོག་སྐྱོབས་ལྷ་ལ་འབུལ། །བཞེས་ནས་ཚེའི་དངོས་གྲུབ་སྩོལ། །ༀ་བཛྲ་པུཥྤེ༴ གཙང་ཞིང་གཙང་མར་སྤྱར་བ་ཡིས། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་སྲིང་སྲོག་སྐྱོབས་ལྷ་ལ་འབུལ། །བཞེས་ནས་ཚེའི་དངོས་གྲུབ་སྩོལ། །ༀ་བཛྲ་དྷུཔེ༴ གཙང་ཞིང་གཙང་མར་སྦྱར་བ་ཡིས། །ལྷ་རྫས་བཟང་པོའི་སྣང་གསལ་འདི། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་སྲིང་སྲོག་སྐྱོབ་ལྷ་ལ་འབུལ། །བཞེས་ནས་ཚེའི་དངོས་གྲུབ་བསྩོལ། །ༀ་བཛྲ་ཨ་ལོ་ཀེ༴ གཙང་ཞིང་གཙང་མར་སྦྱར་བ་ཡིས། །ལྷས་རྫས་བཟང་པོའི་དྲི་ཆབ་རྣམས་། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་སྲིང་སྲོག་སྐྱོབ་ལྷ་ལ་འབུལ། །བཞེས་ནས་ཚེའི་དངོས་གྲུབ་བསྩོལ། །ༀ་བཛྲ་གྷནྷེ༴ གཙང་ཞིང་གཙང་མར་སྦྱར་བ་ཡི །ལྷ་རྫས་བཟང་པོའི་ཞལ་ཟས་རྣམས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་སྲིང་སྲོག་སྐྱོབ་ལྷ་ལ་འབུལ། །བཞེས་ནས་ཚེའི་དངོས་གྲུབ་བསྩོལ། །ༀ་བཛྲ་ནེ་ཝི་ཏེ༴ གཙང་ཞིང་གཙང་མར་སྦྱར་བ་ཡིས། །ལྷ་རྫས་བཟང་པོའི་སྒྲ་སྙན་རྣམས་། །བཅོན་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་སྲིང་སྲོག་སྐྱོབ་ལྷ་ལ་འབུལ། བཞེས་ནས་ཚེའི་དངོས་གྲུབ་བསྩོལ། ། ༀ་ན་མ་སརྦ་ཏ་ཐཱ་ག་ཏ་བཛྲ་ཤབྟ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ན་ས་མ་ཡེ་ཧཱུཾ། དེ་ནས་བྷྲུཾ་ལས་བྷན་དྷའི་ནང་དུ། །ༀ་ཨཱཿ྄ཧཱུཾ་སྭཱ་ཧཱ། ལྔ་ལས་རིགས་ལྔ་ཡབ་ཡུམ་བསམ། །ས་འོད་དུ་ཞུ་བ་ལས། ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་བསམ། ༀ་ཨཱཿཧཱུཾ་མཧཱ་སརྦ་པཉྩ་ཨ་མྲི་ཏ་ཧཱུཾ་ཧྲཱིི་ཐཱ། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡིས་དངོས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་བདུད་རྩི་འདི། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། ཚེ་སྲིང་སྲོག་སྐྱོབ་ལྷ་ལ་འབུམ། བཞེས་ནས་ཚེའི་དངོས་གྲུབ་བསྩོལ། །མ་ཧཱ་ཨ་མྲི་ཏ་ལ་ཁ་ཧི། །་གཏོར་སྣོད་བྷྲུཾ་ལས་བྷན་དྷའི་སྣོད། །བཅུད་ཡིག་འབྲུ་ལྔ་ལ་རིགས་ལྔ། །དེ་འོད་དུ་ཞུ་བ་ལས། །གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩི་རྒྱ་མཚོ་བཅུད་འདོད་ཡོན་གྱི་ལྷ་མོར་བསམ་ལ། །ༀ་ཨཱཿ་ཧཱུཾ་མ་ཧཱ་བྷ་ལིང་ཏ་ཏེ་ཛྭ་བྷ་ལིང་ཏ་བྷ་ལ་ལིང་ཏ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡ་ཧཱུཾ། གཏོར་སྣོད་བྷན་དྷའི་གཞལ་ཡས་ཁང་། །བཅུད་ནི་ཤ་ལྔ་བདུད་རྩི་ལྔ། །བདུད་རྩི་འདོད་ཡོན་ལྷ་མོའི་ཚོགས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་སྲིང་སྲོག་སྐྱོབ་ལྷ་ལ་འབུལ། །བཞེས་ནས་ཚེའི་དངོས་གྲུབ་བསྩོལ། །ༀ་མ་ཧཱ་བྷ་ལི་ཏ་ཁ་ཧི། །དེ་ནས་རཀྟའ་ིསྣོད་བྷྲུཾ་ལས་ཀ་པཱ་ལ། །བཅུད་ར་ལས་རཀྟའ་ིརྒྱ་མཚོ་ཆེན་པོར་བསམ་ལ། །ༀ་ཨཱཿ་ཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧཱུཾ་ཧཱུཾ། སྣོད་ནི་བྷན་དྷ་ཀ་པཱ་ལ། །བཅུད་ནི་རཀྟ་རྒྱ་མཚོར་འཁྱིལ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་སྲིང་སྲོག་སྐྱོབ་ལྷ་ལ་འབུལ། །བཞེས་ནས་ཚེའི་དངོས་གྲུབ་བསྩོལ། །ༀ་མ་ཧཱ་རཀྟ་ལ་ཁ་ཧི། དེ་ནས་བསྟོད་པ་ནི། དྲི་མེད་རྣམ་དག་པདྨ་ར་གའི་མདོག །མཚན་དང་དཔེ་བྱད་རིན་ཆེན་བརྒྱན་གྱིས་སྤྲས། །ཕྱག་ནི་སྐྱབས་སྦྱིན་བདུད་རྩི་བུམ་པ་བ སྣམས། །ཚེ་དཔག་མེད་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཐེག་མཆོག་སྟོན་པ་ཡན་ལག་དྲུག་ཅུའི་དབྱངས། སེང་གེ་སྒྲ་ཡིས་བདུད་དང་གཤིན་རྗེའི་ཚོགས། །ཀུན་ཏུ་འཇོམས་བྱེད་གདུལ་བྱའི་ཚོགས་སྐྱོང་བ། །ཚེ་མགོན་རྒྱལ་བའི་གསུང་ལ་ཕྱག་འཚལ་བསྟོད། །རྣམ་པར་མི་རྟོགས་མཁྱེན་པ་ནམ་མཁའི་ཐུགས། །ཐུགས་རྗེས་འགྲོ་བ་ཀུན་ལ་ཁྱབ་མཛད་ཅིང་། །དབྱིངས་དང་ཡེ་ཤེས་ཀུན་ཏུ་རོ་གཅིག་པའི། །ཡེ་ཤེས་ལྔའི་ཐུགས་ལ་ཕྱག་འཚལ་བསྟོད། །ཡོན་ཏན་རྒྱ་མཚོའི་གཏིང་དཔག་མཐའ་ཡས་ཅིང་། །མི་འགག་འགྱུར་མེད་རི་རབ་ལྷུན་པོ་ལྟར། །དངོས་གྲུབ་སྣ་ཚོགས་རིན་ཆེན་གཏེར་ལྡན་པའི། །ཡོན་ཏན་དཔག་མེད་ལྡན་ལ་ཕྱག་འཚལ་བསྟོད། །རང་བཞིན་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །སྣ་ཚོགས་འཕྲིན་ལས་འོད་ཟེར་རབ་ཏུ་འགྱེད། །མ་རིག་མུན་སེལ་ཚེ་དང་ཡེ་ཤེས་ཀྱི། །སྣང་བ་ཐམས་ཅད་བསྐྱེད་པར་མཛད་ལ་བསྟོད། །དངོས་སུ་བཤམ་དང་ཡིད་ཀྱིས་སྤྲུལ་པ་ཡིས། །ཕྱི་ནང་གསང་བའི་མཆོད་པ་བཞེས་མཛོད་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ཡང་སངས་རྒྱས་ཀུན་གྱིས་ཡེ་ཤེས་ཚེ། །དཔག་ཏུ་མེད་པའི་འོད་དང་ལྡན། །འགྲོ་བ་ཀུན་གྱི་ཚེའི་དཔལ། །འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ལྷ་མོར་དཀར་མོ་འོད་འཕྲོ་མ། །ཕྱག་ན་ཤེལ་གྱི་ཚེ་བུམ་བསྣམས། །གསང་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ལྷ་མོ་སྨུག་མོ་འོད་འཕྲོ་མ། །ཕྱག་ན་བཻ་ཌཱུརྱའི་ཚེ་བུམ་བསྣམས། །གསང་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ལྷ་མོ་དམར་མོ་འོད་འཕྲོ་མ། །ཕྱག་ན་བྱི་རུའི་ཚེ་བུམ་བསྣམས ། །གསང་བའི་ཡུམ་ལ་ཕྱག་འཚལ་བསྟོད། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ལྷ་མོ་ལྗང་མོ་འོད་འཕྲོ་མ། །ཕྱག་ན་བཻ་ཌཱུ རྱའི་ཚེ་བུམ་བསྣམས། །གསང་བའི་ཡུམ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ན། །རྡོ་རྗེ་ལྷ་མོ་ལྕགས་ཀྱུ་མ། །ལྷ་མོ་དཀར་མོ་གཟི་བརྗིད་འབར། །ཁམས་གསུམ་སྒྲོལ་ལ་ཕྱག་འཚལ་བསྟོད། །རིན་ཆེན་དབྱིངས་ཀྱི་དཀྱིལ་འཁོར་ན། །རིན་ཆེན་ལྷ་མོ་ཞགས་པ་མ། །ལྷ་མོ་སེར་མོ་གཟི་བརྗིད་འབར། །དུག་གསུམ་འཇོམས་ལ་ཕྱག་འཚལ་བསྟོད། །པདྨ་དབྱིངས་ཀྱི་དཀྱིལ་འཁོར་ན། །པདྨའི་ལྷ་མོ་ལྕགས་སྒྲོགས་མ། །ལྷ་མོ་དམར་མོ་གཟི་བརྗིད་འབར། །མཆོག་གསུམ་འདུས་ལ་ཕྱག་འཚལ་བསྟོད། །ལས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ན། །ལས་ཀྱི་ལྷ་མོ་དྲིལ་འཁྲིལ་མ། །ལྷ་མོ་ལྗང་མོ་གཟི་བརྗིད་འབར། །སྲིད་གསུམ་སྒྲོལ་ལ་ཕྱག་འཚལ་བསྟོད། །མི་དགེ་བཅུ་པོ་ཚར་གཅོད་ཅིང་། །ཕྱོགས་སྐྱོང་བཅུ་པོ་འདུལ་བར་མཛད་། །ཕྱོགས་བཅུའི་ཚེ་ལ་མངའ་མཛད་པ། །ཁྲོ་བོ་བཅུ་ལ་ཕྱག་འཚལ་བསྟོད། །ཞི་རྒྱས་དབང་གིས་ལས་མཛད་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ། །ཕྱོགས་བཞི་ཚེ་དབང་འགུག་མཛད་ལ། །སྒོ་མ་བཞི་ལ་ཕྱག་འཚལ་བསྟོད། །དེ་ནས་བསྙེན་པའི་ཚེ་འགུག་བསྟིམ་བྱེད་པ་ནི། ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་སྐུ་ཆེ་བའི་ཡོན་ཏན་མཐུ་སྟོབས་ཆོས་ཀྱི་དབྱིངས་གྱི་ཁྱབ་ཚད་ཙམ་དུ་གྱུར་ནས། སྣང་སྲིད་ཐམས་ཅད་ཟེར་མ་གཡེལ་མདོར་བཅར་བ་བཞིན་དུ་བྱས་པས། །ཚེ་རྐུས་པ་འཁྱམས་པ། །ས་འོག་སར་བླ་གར་ཡོད་ཀྱང་། །ས་སྟེང་དུ་སྐར་མ་སྤ་བ་སངས་ཐང་ལ་བུད་པ་ལྟར། །བཀྲ་ཀད་ཀྱིས་གྱུར་པར་བསམ་ལ། །ཧཱུཾ་སྤོ་ཊ་བཾ་བཾ་བཾ། རྡོ་རྗེ་ནང་བསྡམ་དང་བཅས་པས་བརྗོད། །དེ་ནས་རང་གི་ཐུགས་ཀ་ནས། །ལྷ་མོ་དཀར་སེར་དམར་ལྗང་གི་ཚོགས་དཔག་ཏུ་མེད་པ་གཡས་ལྕགས་ཀྱུ། །གཡོན་བུམ་པ་བསྣམས་པའི་ཚོགས་སྤྲོས་ནས། །ཚེའི་ངོ་བོ་སྐར་མ་ལྟ་བུ་དེ་རྣམས་། །ལྕགས་ཀྱུས་སླངས། །བུམ་པར་སྩལ་ནས། །ལྷ་མོ་དང་བཅས་པ་ཐུགས་ཀ་ཐིམ་པ་ཙམ་གྱིས། །ཚེ་དང་བསོད་ནམས་བཀྲག་གཟི་མདངས་མཐུ་བྱིན་རླབས་ཐམས་ཅད་རྒྱས་པར་བསམ་ལ། །ཧཱུཾ་འགྲོ་བ་ཡོངས་གྱི་ཚེ་ལ་མངའ་མཛད་མ། །དཀར་མོ་འགྱོགས་བྱེད་ཞི་བའི་ལས་བྱེད་ཚོགས། །ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་ལ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །སེར་མོ་འགྱོགས་བྱེད་རྒྱས་པའི་ལས་བྱེད་ཚོགས། །ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ། །རིན་ཆེན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །དམར་མོ་འགྱོགས་བྱེད་དབང་གི་ལས་བྱེད་ཚོགས། །ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ། །པདྨ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །ལྗང་མོ་འགྱོགས་བྱེད་དྲག་པོའི་ལས་བྱེད་ཚོགས ། །ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ། །ལས་ཀྱི་ཚེ་མཆོག་འགུགས་པའི་ལས་མཛོད་གཅིག །ༀ་ཨ་ཡུ་བྷི་དུ་ཛྙཱ་ན་བཛྲ་ས་མ་ཡེ་ཧཱུཾ། །ཚེ་བྷྲུཾ་ནྲྀ་ཛ་བརྒྱ་བཟླ། །དེ་ནས་ཚེའི་ལྷ་མོ་བཞི་ལ་ཚེའི་ལྷ་མོ་དཀར་སེར་དམར་ལྗང་གི་ཚོགས་ལྕགས་ཀྱུ་དང་བུམ་པ་ཅན་སྤྲོས་པས། ཤར་ཕྱོགས་དྲི་ཟ ། ལྷོ་གཤིན་རྗེ། ནུབ་ཆུ་ལྷ། བྱང་གནོད་སྦྱིན་ལ་སོགས་པའི་ལག་དུ་ཚེ་འཁྱམས་པ། རྐུས་པ། གབ་པ། སྤས་པ་རྣམས་རང་དབང་མེད་པར་ལྕགས་ཀྱུས་བླངས། །བུམ་པར་བླུག་གནས། རང་གི་ཐུགས་ཁར་ཐིམ་པས། །ཚེ་བསོད་ནམས་ཤིན་ཏུ་རྒྱས་པར་བསམ་ལ། །ཧཱུཾ་ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛད་མ། །ཤར་ཕྱོགས་དྲི་ཟ་ཕོ་མོའི་ལག་ནས་ཚེ་འགུགས་མ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེ་ཡིས་དངོས་གྲུབ་བསྩལ་དུ་གསོལ། །ཧཱུཾ་ལྷོའི་ཕྱོགས་ནས་ཚེ་འགུགས་མ། །ཚེ་དང་གཟི་བརྗོད་འདྲེན་པའི་ལས་མཛད་མ། །ལྷོ་ཕྱོགས་གཤིན་རྗེ་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ཧཱུཾ་ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ། །ནུབ་ཕྱོགས་ཀླུ་གདོན་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོད་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ཧཱུཾ་བྱང་གི་ཕྱོགས་ནས་ཚེ་འགུགས་མ། །ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ། །བྱང་ཕྱོགས་གནོད་སྦྱིན་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ༀ་ཨ་ཡུ་བྷི་དུ་ཛྙཱ་ན་བཛྲ་ས་མ་ཡེ་ཧཱུཾ། ཚེ་བྷྲུཾ་ནྲྀ་ཛཿ བརྒྱ་བཟླས། དེ་ནས་དབྱིངས་ཀྱི་ལྷ་མོ་བཞི་ལ་སྤྲུལ་པ་གོང་བཞིན་མང་དུ་སྤྲོས་ནས། ཁམས་གསུམ་། དུག་གསུམ་ཚོགས་གསུམ་ཏེ། ལྷ་མཆོག་ཚངས་པ། གཟའ་མཆོག་ར་ཧུ་ལ། ཀླུ་མཆོག་གཙུག་ན་རིན་ཆེན་གསུམ་དང་། སྲིད་པ་གསུམ་གྱི་གནས་ནས་སྔར་བཞིན་ཚེ་འགུགས་བསྟིམ་གྱི་དམིགས་པ་བྱེད་ལ། ༈ །ཧཱུཾ་ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ལྷ་མོ་ལྕགས་ཀྱུ་མ། །ལྕགས་ཀྱུ་མང་པོའི་འཕྲོ་འདུ་ཡིས། །ཁམས་གསུམ་གནས་ནས་ཚེ་འགུགས་མ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ལྷོའི་ཕྱོགས་ནས་ཚེ་འགུགས་མ། །རིན་ཆེན་ལྷ་མོ་ཞགས་པ་མ། །ཞགས་པ་མང་པོ་འཕྲོ་འདུ་ཡིས། །དུག་གསུམ་གནས་ནས་ཚེ་ཁུག་ལ། །བ དག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །པདྨའི་ལྷ་མོར་ལྕགས་སྒྲོགས་མ། །ལྕགས་སྒྲོགས་མང་པོའི་འཕྲོ་འདུ་ཡིས། །མཆོག་གསུམ་གནས་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །བྱང་གི་ཕྱོགས་ནས་ཚེ་འགུགས་མ། །ལས་ཀྱི་ལྷ་པོ་དྲིལ་འཁྲོལ་མ། །དྲིལ་འཁྲོལ་མང་པོའི་འཕྲོ་འདུ་ཡིས། །སྲིད་གསུམ་གནས་ནས་ཚེ་དྲོངས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ༀ་ཨ་ཡུ་བྷི་དུ་ཛྙཱ་ན་བཛྲ་ས་མ་ཡ་ཧཱུཾ། ཚེ་བྷྲཱུཾ་ནྲྀ་ཛ། བརྒྱ་བཟླ། དེ་ནས་ཁྲོ་བོ་བཅུ་ལ། སྤྲུལ་པ་མང་པོ་ཡིས། ཕྱོགས་སྐྱོང་བཅུའི་ལག་ནས་སྔར་བཞིན་ཚེ་བཀུག་ལ། ༈ ཧཱུཾ། གལ་ཏེ་ཤར་ཀྱི་ཕྱོགས་སུ་ཚེ་ཉམས་ན། །ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་ཡིས། །དྲི་ཟའི་ལག་ནས་ཚེ་ཁུགས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །གལ་ཏེ་ཤར་ལྷོའི་མཚམས་སུ་ཚེ་ཉམས་ན། ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་ཡིས། །མེ་ལྷ་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། གལ་ཏེ་ལྷོའི་ཕྱོགས་སུ་ཚེ་ཉམས་ན། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་ཡིས། །གཤིན་རྗེ་ཕོ་མོའི་ལག་ནས་ཚེ་ཁུག་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་སྩོལ། །གལ་ཏེ་ལྷོ་ནུབ་མཚམས་སུ་ཚེ་ཉམས་ན། །ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་ཡིས། །སྲིན་པོ་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །གལ་ཏེ་ནུབ་ཀྱི་ཕྱོགས་ཀྱི་ཚེ་ཉམས་ན། །ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ་པོ་ཡིས། །ཀླུ་གདོན་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་དངོས་གྲུབ་བསྩལ་དུ་གསོལ། །གལ་ཏེ་ནུབ་བྱང་མཚམས་ནས་ཚེ་ཉམས་ན། །ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ། །རླུང་ལྷ་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེ་ཡིས་དངོས་གྲུབ་བསྩལ་དུ་གསོལ། །གལ་ཏེ་བྱང་གི་ཕྱོགས་ནས་ཚེ་ཉམས་ན། །ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་ཡིས། །གནོད་སྦྱིན་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེ་ཡིས་དངོས་གྲུབ་བསྩལ་དུ་གསོལ། །གལ་ཏེ་བྱང་ཤར་མཚམས་སུ་ཚེ་ཉམས་ན། །ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་རྒྱལ་གྱིས། །དབང་ལྡན་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན༴ འཆི་མེད་ཚེ་ཡིས་དངོས་གྲུབ་བསྩལ་དུ་གསོལ། །གལ་ཏེ་སྟེང་གི་ཕྱོགས་སུ་ཚེ་ཉམས་ན། །ཁྲོ་བོ་ཆེན་པོ་ཧཱུཾ་ཆེན་ཀ་ར་ཡིས། ཉི་ཟླ་ཕོ་མོའི་ལག་ནས་ཚེ་ཁུག་ལ། བདག་དང་རྒྱུ་སྦྱོར་ཡོན་བདག་ལ། འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །གལ་ཏེ་འོག་གི་ཕྱོགས་སུ་ཚེ་ཉམས་ན། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེན་པོ་ཡིས། །ས་བདག་ཕོ་མོའི་ལག་གནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ༀ་ཨཱཿཡུ་བྷི་དུ་ཛྙཱ་ན་བཛྲ་ས་མ་ཡེ་ཧཱུཾ། ཚེ་བྷྲཱུཾ་ནྲྀ་ཛཿབརྒྱ་བཟླའོ། །ཧཱ་དེ་ནས་སྒོ་བ་བཞི་ལ་སྤྲུལ་པ་མང་དུ་སྤྲོས་ནས་ཚེ་བཀུག་བསྟིམ་བྱེད་པར་བསམ་ལ། ༈ ཧཱུཾ་ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །རྟ་གདོང་དཀར་མོ་ལྕགས་ཀྱུ་མ། །དྲི་ཟ་ཕོ་མོའི་ལག་ནས་ཚེ་ཁུག་ཤིག །ཚེ་འདི་ཁུག་ལ་སྲོག་འདི་སྐྱོབས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ་། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩོལ། །ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ། །ཕག་གདོང་སེར་མོ་ཞགས་པ་མ། །གཤིན་རྗེ་ཕོ་མོའི་ལག་ནས་ཚེ་ཁུགས་ཤིག །ཚེ་འདི་ཁུག་ལ་སྲོག་འདི་སྐྱོབས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོོལ། །ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །ཁ་གདོང་དམར་མོ་ལྕགས་སྒྲོགས་མ། ཀླུ་གདོན་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡིན་བདག་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །བྱང་གི་ཕྱོགས་ནས་ཚེ་འགུགས་མ། །འུག་གདོང་ལྗང་ཁུ་དྲིལ་ཁྲོལ་མ། །གནོད་སྦྱིན་ཕོ་མོའི་ལག་ནས་ཚེ་ཁུག་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེ་ཡིས་དངོས་གྲུབ་བསྩལ་དུ་གསོལ། །ཁུགས་ཤིག་དྲོངས་ཤིག་བཛྲ་གྷན་དྷེ་ཧོ། །ༀ་ཨ་ཡུ་བྷི་དུ་ཛྙཱ་ན་བཛྲ་ས་མ་ཡེ་ཧཱུཾ། །ཚེ་བྷྲཱུཾ་ནྲི་ཛཿབརྒྱ་བཟླས། ཞར་ལ་ཁྲོ་བོ་ནག་པོ་བཅུའི་འཕྲོ་འདུ་བྱེད་ལ། །འབུམ་དུ་བཟླ། བསྙེན་པ་འདི་རྣམས་ལ་ཚེ་ཁུགས་པའི་རྟགས་བྱུང་ན། །པུ་ཎྱེ་ཅི་རིགས་པར་བཟླ། །མཐར་སྦས་སྔགས་ཀྱང་བདུན་ཙམ་བཟླས་དེ་ནས་མཆོད་བསྟོད་བསྡུས་པ་བྱའོ། །སྤྱི་དོན་གཉིས་པ་བུམ་བསྐྱེད་ནི། ༈ ༀ་སྭ་བྷ་ཝ་ཤུདྷ༴ བུམ་པ་མི་དམིགས་སྟོང་བའི་ངང་ལས། །རང་གི་ཐུགས་ཀ་ནས། །བྷྲཱུཾ་གཅིག་སྤྲོས་པ་འོད་དུ་ཞུ་བ་ལས། །རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཕྱི་བུམ་པའི་དབྱིབས་ཅན། ལ་སོགས་ནས། །བསྙེན་པ་ཡན་ཆོད་བདག་བསྐྱེད་དང་མཚུངས་པ་ལ། བར་སྐབས་ཀྱི་ཚིག་ཁ་བསྒྱུར་རོ། །ཞར་ལ། ལས་བུམ་དང་། ཚེ་ནས། ཚེ་ཟན། ཚེ་འབྲས། ཚེ་ཆང་། ཚེ་གཏོར་རྣམས་ཀྱང་། །བུམ་བསྐྱེད་དང་མཐུན་པར་བྱའོ། ༈ །སྤྱི་དོན་གསུམ་པ་མདུན་བསྐྱེད་ནི། ༀ་སྭ་བྷ་ཝ༴ རྡུལ་ཚོན་མི་དམིགས་པ་སྟོང་པའི་ངང་ལས། རང་གི་ཐུགས་ཁ་ནས་བྷྲཱུཾ་གཅིག་འཕྲོས་པ་འོད་དུ་ཞུ། །ཡོངས་སུ་གྱུར་པ་ལས། རིན་ཆེ་པོ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཕྱི་བུམ་པའི་དབྱིབས་ཅན། །ཞེས་སོགས་ནས། བསྙེན་པ་ཡན་བདག་བསྐྱེད་དང་མཚུངས་པ་ལ། །བར་སྐབས་སུ་འདོད་པ་ཁ་བསྒྱུར་རོ། །གཉིས་པ་འཇུག་གི་དབང་གི་རིམ་པ་ལ་གཉིས་སྟེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་བཞུག་ཅིང་དབང་བསྐུར་བའོ། །དང་པོ་ནི། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཅེས་པས། སློབ་མ་དཀྱིལ་འཁོར་བཞུགས་ཅིང་དབང་བསྐུར་བ་ལྟར་སློབ་དཔོན་བདག་གིས་ཀྱང་འཇུག་ཅིང་དབང་ལེན་ནོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་གཞུགས་ཅིང་དབང་བསྐུར་བ་ལ། ཁྲུས་དག བ་དྲི་དང་ལུས་འབུལ་དང་། །བགེགས་བསྐྲད་ལྷར་རླབས་དམ་ཚིག་སྤྱིན། །དེ་ཉིད་དབོག་དང་ཆུ་ནན་དང་། །བསྒྲགས་དང་རིན་ཆེན་དོར་བ་དང་། །ལྷ་དབབ་བ་དང་ནན་ཏན་དང་། །སྤྱན་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོད་ཡོན་དང་། ཅེས་གསུངས་པ་ལྟར། བཅུ་དྲུག་དང་པོ་ཁྲུས་ནི། དབང་གི་རྒྱལ་ཐེབས་ཀྱིས། ལས་བུམ་གྱིས་སློབ་མ་རྣམས་བཀྲུ་ཞིང་། །ཇི་ལྟར་བལྟམས་པ་ཙམ་གྱི་ནི་སོགས་ཀྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་དག་ནས། །ལུས་ཤེལ་གོང་ཕྱིས་པ་ལྟར་བསྒོམས་ཤིག །གཉིས་པ་མིག་དར་དགབ་པ་ནི། དར་དམར་པོས་མིག་དགབ་ལ། དེ་སྔ་ཕན་ཆད་དཀྱིལ་འཁོར་མི་མཐོང་བའི་བརྡའོ། །གསུམ་པ་དྲི་བ་ནི། བླ་མས་བུ་དགའ་ཅི་ལ་དགའ། །བུ་ཁྱོད་སྤྲོ་བ་ཅི་ལ་སྤྲོ། །ཞེས་དྲིའོ། །སློབ་མས་བདག་ནི་ཚེ་དཔག་མེད་པ་ཡི། །དཀྱིལ་འཁོར་བཞུགས་ཅིང་དབང་ཞུ་སྤྲོ། །གསུམ་མོ། །བཞི་པ་ལུས་འབུལ་བ་ནི། རྒྱལ་ཐེབས་ཀྱིས་སློབ་མ་དཀྱིལ་འཁོར་གྱི་ལྷོ་སྒོའི་ནང་ཕྱོགས་སུ་ཁྲིད་དེ། ཕྱག་འཚལ་ཞིང་ལུས་འབུལ་བར་བསམ་ལ། །དཀྱིལ་འཁོར་གྲོང་ཁྱེར་དམ་པའི་ས། །ལྷོའི་ཕྱོགས་སུ་བརྟེན་ནས་ནི། །སྐུའི་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་གི་ལུས་འབུལ་ཕྱག་འཚལ་ལོ། །ནུབ་སྒོའི་ནང་དུ་ཁྲིད་ལ། །དཀྱིལ་འཁོར་དམ་པ་གྲོང་ཁྱེར་གྱིས། །ནུབ་ཀྱི་ཕྱོགས་སུ་བརྟེན་ནས་ནི། །གསུང་གི་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་གི་ལུས་འབུལ་ཕྱག་འཚལ་ལོ། །བྱང་སྒོའི་ནང་དུ་ཁྲིད་ལ། །དཀྱིལ་འཁོར་དམ་པའི་གྲོང་ཁྱེར་གྱིས། །བྱང་གི་ཕྱོགས་སུ་བརྟེན་ནས་ནི། །འཕྲིན་ལས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་གི་ལུས་འབུལ་ཕྱག་འཚལ་ལོ། །ཤར་སྒོར་ཁྲིད་ལ། དཀྱིལ་འཁོར་དམ་པ་གྲོང་ཁྱེར་གྱིས། །ཤར་གྱིས་ཕྱོགས་སུ་བརྟེན་ནས་ནི། །ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་གི་ལུས་འབུལ་ཕྱག་འཚལ་ལོ། །ལྔ་པ་བགེགས་བསྐྲད་པ་ནི། །སློབ་མ་ལ་ཡུངས་དཀར་གཏོར་ཞིང་བགེགས་བསྐྲད་པར་བསམ་ལ། །ༀ་ཧྲཱིིཿཔདྨ་ཏ་ཀྲི ཏ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། བརྗོད་དོ། །དྲུག་པ་ལྷར་བརླབས་པ་ནི། །འོད་ཁྱེད་རང་རྣམས་ཚེ་དཔག་ཏུ་མེད་པ། །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་རེ་རེ་གསལ་བའི་སྤྱི་བོ་ༀ་དཀར་པོ་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ་སྔོན་པོ་རེ་རེར་བསྒོམས་གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་རེ་རེ་བྱེད་དོ། །བདུན་པ་དམ་ཚིག་སྦྱིན་པ་ནི། །བླ་མས། ཀྱཻ་རྣལ་འབྱོར་དམ་པ་རྣམས། །གསང་སྔགས་ཐེག་པ་འདིར་བཞུགས་ན། །དམ་མེད་འདི་ཕྱི་གཉིས་ཁར་ལྷུང་། །དམ་ཚིག་ཚུལ་བཞིན་བསྲུངས་ནུས་སམ། །ཞེས་དྲི་སློབ་མ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །མ་གྲུབ་བར་དུ་མ་ལྟུང་ན། །ཡང་ནས་ཡང་དུ་བཅས་པ་བཞིན། །ལུས་དང་སྲོག་ལ་བབས་ཀྱང་བསྲུངས། །ས་མ་ཡ་ཧཱུཾ། བརྒྱད་པ་དམ་ཚིག་དབོག་བ་ནི། །སྙིང་ཁར་རྡོ་རྗེ་བཟུང་ལ། །དུས་གསུམ་བདེ་གཤེགས་རྣམས་ཀྱི་སྙིང་པོ་ནི། །འདས་དང་མ་བྱུང་ད་ལྟར་གསུམ་གྱི་ལྷ། །རྣལ་འབྱོར་པའི་བསྙེན་ཅིང་བསྒྲུབ་པ་འདི། །ད་ལྟ་ཉིད་དུ་ཁྱོད་ལ་འབོགས་པར་བྱ། །ༀ་བཛྲ་སརྦ་ས་མ་ཡ་ཧཱུཾ། །དགུ་པ་དམ་ཆུ་བླུད་པ་ནི། །བདུད་རྩི་ལྕེ་ལ་བཞག་ལ། །འདི་ནི་འདའ་ཀ་དམ་ཚིག་སྟེ། །སྐལ་ལྡན་ཁྱོད་ཀྱིས་གསང་བའི་མཆོག །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། བདག་གི་བཀའ་ལ་མ་འདའ་བསྲུངས། །ཨི་ཏན་ཏི་ན་ར་ཀན། ཡང་དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །གསང་ཆེར་ང་ཡིན་བརྙས་པ་སྤོངས། །བརྙས་ན་སངས་རྒྱས་ཀུན་བརྙས་པས། །ཚེའི་དུས་བྱས་དམྱལ་བར་སྐྱེ། །ཅེས་བརྗོད་དོ། །བཅུ་པ་དམ་ཚིག་བསྒྲག་པ་ནི། ༈ །བུ་ཁྱོད་བླ་མེད་སེམས་ཀྱི་སངས་རྒྱས་རིགས། །སངས་རྒྱས་ལྷའི་ས་ལ་གནས་གྱུར་གྱི། །མོས་པས་ཞུགས་ལ་བླ་མེད་སྒྲུབས་པའི་ཕྱིར། །རྒྱལ་བའི་དམ་ཚིག་གཉིས་མེད་སེམས་ཀྱི་སྤྱོད། །ཅེས་དམ་ཚིག་བཤད། །བཅུ་གཅིག་པ་མེ་ཏོག་དོར་བ་ནི། །མེ་ཏོག་ཅོད་པཎ་ཐལ་མོའི་བར་དུ་གཟུང་ལ། །འདི་སྐད་བརྗོད། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི། །སྐུ་གསུང་ཐུགས་ཀྱི་དབྱིབས་སུ་བདག་འབུལ་ན། །དངོས་གྲུབ་རྣམ་གསུམ་བདག་ལ་སྩལ་དུ་གསོལ། །པུཥྤེ་པྲ་ཏི་ཛ། ཅེས་དཀྱིལ་འཁོར་གྱི་དབུས་སུ་གཏད་ཅིང་འཕང་ངོ། །བཅུ་གཉིས་པ་ལྷ་དབབ་ནི། མེ་ཏོག་དང་། མེ་ཏོག་ཕོག་པའི་ལྷ་དབྱེར་མེད་གནས་གསུམ་དུ་གཏུགས་ལ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །མེ་ཏོག་དོར་བའི་བྱིན་རླབས་ཀྱིས། །སྐུ་གསུང་ཐུགས་ལ་ཐིམ་ནས་ཀྱང་། དངོས་གྲུབ་རྣམས་གསུམ་ཁྱོད་ལ་སྦྱིན། །ཀ་ཡ་ཝ་ཀྐ་ཙིཏྟ་སིདྡྷིི་ཧཱུཾ། བཅུ་གསུམ་པ་ལྷ་བསྒོམས་པར་ནན་ཏན་བྱ་བ་ནི། ཕོ་ཐམས་ཅད་ལ། ཀྱེ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གསང་མཚན་བཏགས། །མོ་ཐམས་ཅད་ཀུན་ཏུ་བཟང་མོ་ལ་སོགས་པའི་གསང་མཚན་བཏགས་ལ། །འོ་ཁྱེེར་རང་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་མགོན་པོ་ཚེ་དཔག་ཏུ་མེད་པ་ཡིན་པས། །ལྷ་ཚོགས་རྣམས་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ། །མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་བསྒོམ་ཞིང་བསྒྲུབ་པ་ལ་ནན་ཏན་མཛོད་ཅིག །བཅུ་བཞི་པ་སྤྱན་དབྱེ་བ་ནི། །ཐུར་མས་སྤྱན་དར་བསལ་ལ། །ཉོན་མོངས་འཁོར་བར་འཁྱས་པ་ཡི། །བུ་ཁྱོད་ཀྱི་ནི་ཤེས་པ་ཡི། །མ་རིག་མིག་གིས་ལིང་ཏོག་རྣམས་། །བདེ་གཤེགས་དགོངས་པས་གསལ་བར་བགྱི། །ཙཀྱུ་པྲ་བེ་ཤ་ཡ། བཅོ་ལྔ་པ་དཀྱིལ་འཁོར་བསྟན་པ་ནི། །ཐུར་མས་དཀྱིལ་འཁོར་བསྟན་ལ། །ཧོ་དཀྱིལ་འཁོར་ལྷ་ཚོགས་འདི་ལ་ལྟོས། །སྔོན་ཆད་མ་བརྙེད་དེ་རིང་རྙེད། །སྔགས་དང་ཕྱག་རྒྱའི་དངོས་གྲུབ་ཐོབ། །རྟག་ཏུ་དམ་ཚིག་ཐུབ་པར་བསྲུངས། འོ་རྡུལ་ཚོན་གྱི་དཀྱིལ་འཁོར་མཐོང་བ་ཙམ་གྱིས། །སྐྱེ་བ་བདུན་ཚུན་ཆོད་དུ། མ་བསྒོམ་ཀྱང་སངས་རྒྱས་ཐོབ་པ་ལ་སོགས་པ་ཕན་ཡོན་དུ་མ་ཡོད་དོ། །བཅུ་དྲུག་པ་ཚོགས་མཆོད་ཡོན་འབུལ་བ་ནི། །ཚོགས་མཆོད་རྒྱས་བསྡུས་ཅི་རིགས་པ་བྱས་ཤིང་། །ལྷ་ཚོགས་དང་མི་ལ་བྱས་ཤིང་། །ལྷ་ཚོགས་དང་མི་ལ་འབུལ་ལོ། །ཡོན་ནི་ཅི་འབྱོར་པའི་ཡོན་ཕུལ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །རྟག་དུ་ཐུགས་རྗེས་གཟུང་དུ་གསོལ། ལན་གསུམ། དེ་ལྟར་དཀྱིལ་འཁོར་དུ་བཞུགས་པའི་ཡོན་ཏན་ནི། ལས་དང་པོ་བ་བཞུགས་ཡིན་ཀྱང་། །འོག་མིན་དུ་ཐར་ལམ་པ་ཞུགས་པ་དང་བསྐལ་བ་མཉམས་པའི་ཡོན་ཏན་ནོ། ༈ །དབང་གི་དངོས་གཞི་ལ་གསུམ་གྱི་དང་པོ་སྔོན་འགྲོ་ནི། །སློབ་མས་མཎྚལ་ཕུལ་ལ། །གསོལ་བ་གདབ་པའི་རྗེས་བཟློས་མཛོད་ཅིག ༈ །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། རྡོ་རྗེ་ཚེ་དབང་རིན་པོ་ཆེ། །དེང་འདིར་བདག་ལ་བསྩལ་དུ་གསོལ། །ལན་གསུམ་བརྗོད། དེ་ནས་སློབ་དཔོན་གྱི་དབུ་བརྒྱན་ལ་སོགས་པའི་ཆས་གོས་རྣམས་བརྣབ། བུམ་པ་ཕྱག་ཏུ་ཐོགས་ལ། འོ་ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་མཛོད། །བླ་མ་དང་དཀྱིལ་འཁོར་ཀྱི་ཐུགས་ཀ་ནས་འོད་ཟེར་སྤྲོས། །ཕྱོགས་བཅུའི་སངས་རྒྱ་ལ་ཕོག །དེ་ཡང་ཆོས་ཀྱི་སྐུ་རྣམས་གཟུགས་ཀྱི་སྐུར་བཞེངས། །གཟུགས་ཀྱི་སྐུ་རྣམས་ཡང་མགོན་པོ་ཚེ་དཔག་ཏུ་མེད་པ་འཁོར་བཅས་ཀྱི་སྐུར་བཞེངས་ནས། མདུན་བསྐྱེད་དང་གཉིས་སུ་མེད་པར་ནམ་མཁར་སྒོམ་ལ། །དེ་ཡང་ཚེ་དཔག་མེད་ལ་སོགས་རིགས་ལྔས་བཀྲ་ཤིས་པའི་དགོངས་པ་མཛད། སངས་རྒྱས་སྤྱན་མ་ལ་སོགས་ཡུམ་ལྔས། །རིན་པོ་ཆེའི་བུམ་པ་བྱང་ཆུབ་སེམས་ཀྱིས་ཆུས་གང་བ་ཐོགས་ནས་དབང་བསྐུར་ཚེའི་ལྷ་མོ་དང་དབྱིངས་ཀྱི་ལྷ་མོས་བཀྲ་ཤིས་བརྗོད་ཅིང་གླུ་ལེན། ཁྲོ་བོ་བཅུས་བར་ཆད་ཀྱི་བགེགས་བསྐྲད། །སྒོ་མ་བཞི་ཕྱི་ནང་གསང་བའི་མཆོད་པ་འབུལ་བར་བསྒོམ་མཛོད། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཅེས་སོགས་ཚང་བར་བརྗོད། གཞན་ཡང་། རྫོགས་སངས་རྒྱས་ནས་ད་ལྟའི་བར། །བུམ་པ་གཅིག་ནས་གཅིག་བྱོ་དང་། །མར་མེ་གཅིག་ནས་གཅིག་སྤར་ལྟར། །དུས་རྒྱུན་ཆད་མེད་པའི་བཀྲ་ཤིས་བརྗོད། །དངོས་གཞི་ལ་བཞི་སྟེ། བུམ་བའི་དབང་དང་། གསང་བའི་དབང་གི་དོད་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོད་དང་། དབང་བཞི་པ་ཚིག་དབང་རིན་པོ་ཆེ་དེའི་དོད་དོ། །དང་པོ་ནི། དམིགས་པ་བསམ་རྒྱུད་གོང་བཞིན་ལ་བསྒྲག་ཚིག་ནི། །ༀ་རིན་ཆེན་སྣ་ཚོགས་རྒྱུ་ལས་བྱུང་། །ཁ་དོག་དབྱིབས་སུ་ལྡན་པ་ཡིས། །ཤེས་རབ་ཡུམ་གྱིས་བུམ་པ་འདིས། །སྤྱི་བོའི་གཙུག་ཏུ་དབང་བསྐུར་བ། །དབང་མཆོག་དམ་པ་ཐོབ་གྱུར་ཅིག །ༀ་བཛྲ་ཀ་ལ་ཤ་ཨ བྷི་ཥིཉྩ་ཧཱུཾ། བུམ་ཆུ་བླུག །བུམ་པའི་ཆུས་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་གྱུར་ཅིག །ཚེ་དཔག་མེད་ཡབ་ཡུམ་གྱི་ཙ་ཀ་ལི་སྤྱི་བོར་བཞག་ལ། འོ་བདེ་བ་ཅན་དང་མདུན་བསྐྱེད་དང་། བླ་མའི་ཐུགས་ཀ་ནས་ཚེ་དཔག་མེད་ཡབ་ཡུམ་བྱོན་ནས། འཆི་མེད་ཚེ་ཡི་བདུད་རྩིས་བཀང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བས་ཐུགས་ཀར་ཐིམ་པར་བསྒོམས་མཛོད་ཅིག །ༀ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཐུགས་རྗེའི་སྐུ་མཆོག་ཡོན་ཏན་རྒྱ་མཚོའི་གཏེར། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་ནས། །རྡོ་རྗེ་ཚེའི་ལྷ་མོ་ཡེ་ཤེས་གཡུང་དྲུང་དཔལ་གྱིས་སྐུ། །བྱང་ཆུབ་བདེ་མཆོག་རོལ་པ་ཐབས་ཀྱི་གཙོ། །གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནས། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་བདུད་རྩི་འདིས། །སྐལ་ལྡན་རྣམས་ལ་ཚེ་ཡིས་དངོས་གྲུབ་བསྩལ་དུ་གསོལ། །ༀ་ཨ་ཡུ་བྷི་དུ་ཛྙཱ་ན་བཛྲ་ས་མ་ཡེ་ཧཱུཾ། ཚེ་བྷྲཱུཾ་ནྲྀ་ཛཿཨ་བྷི་ཥིཉྩ་ཧཱུཾ། གཙོ་བོ་ཡབ་ཡུམ་ཀྱི་སྐུ་ལས་སྤྲུལ་བའི་ལྷ་མོ་བཞིའི་སྐུ་སྦྱི་བོར་བཞག་ལ། འོག་མིན་དང་། མདུན་བསྐྱེད་དང་། བླ་མའི་ཐུགས་ཀ་ནས་བྱུང་པའི་སྤྲུལ་པའི་ལྷ་མོར་བཞིས་འཆི་མེད་བདུད་རྩིས་གང་པའི་བུམ་པ་སྦྱི་བོ་ནས་དབང་བསྐུར། །ལྷ་མོ་བཞི་ཐུགས་ཀར་ཐིམ་པར་བསྒོམ་མཛོད་ཅིག །ཧཱུཾ་འགྲོ་བ་ཡོངས་ལ་ཚེ་ལ་མངའ་མཛད་མ། །དཀར་མོ་འགྱོགས་བྱེད་ཞི་བའི་ལས་བྱེད་ཚོགས། །ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་དབང་བསྐུར་རོ། །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །སེར་མོ་འགྱོགས་བྱེད་རྒྱས་པའི་ལས་བྱེད་ཚོགས། །ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ། །རིན་ཆེན་ཚེ་མཆོག་འགུགས་པའི་དབང་བསྐུར་རོ། །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །དམར་མོ་འགྱོགས་བྱེད་དབང་གི་ལས་བྱེད་ཚོགས། །ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ། །པདྨ་ཚེ་མཆོག་ཐོབ་པའི་དབང་བསྐུར་རོ། །ༀ་ཨཱཿཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །ལྗང་མོ་འགྱོགས་བྱེད་དྲག་པོའི་ལས་བྱེད་ཚོགས། །ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ། །ལས་ཀྱི་ཚེ་མཆོག་འགུགས་པའི་དབང་བསྐུར་རོ། །ༀ་ཨཱཿཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཚེའི་ལྷ་མོ་བཞིའི་སྐུ་སྤྱི་བོར་བཞགས་ལ། འོག་མིན་དང་མདུན་བསྐྱེད་དང་། བླ་མའི་ཐུགས་ཀ་ནས་བྱུང་བའི་ཚེའི་ལྷ་མོ་བཞི། །འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་བ་སྤྱི་བོར་ནས་དབང་བསྐུར། ཚེའི་ལྷ་མོ་བཞི་ཐུགས་ཀར་ཐིམ་པར་བསྒོམས་མཛོད་ཅིག །ཧཱུཾ་ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ནས། །ལྷ་མོ་དཀར་མོ་འོད་འཕྲོ་མ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །འཆི་མེད་ཚེ་དབང་ཐོབ་པར་ཤོག །ༀ་ཨཱཿཡུ་བྷི་དུ་ཛྙཱ་ན་ས་མ་ཡེ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཕྱོགས་འཁོར་ལོ་རྩིབས་སྟེངས་ནས། །ལྷ་མོ་སྨུག་མོ་འོད་འཕྲོ་མ། སྐལ་ལྡན་བུ་ལ་དབང་བསྐུར་བས། །འཆི་མེད་ཚེ་དབང་ཐོབ་པར་ཤོག །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ནས། །ལྷ་མོ་དམར་མོའི་འོད་འཕྲོ་མ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །འཆི་མེད་རིག་འཛིན་ཐོབ་པར་ཤོག །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། །ཧཱུཾ་བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ནས། །ལྷ་མོ་ལྗང་མོ་འོད་འཕྲོ་མ། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །འཆི་མེད་ཚེ་དབང་ཐོབ་བར་ཤོག །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། དབྱིངས་ཀྱི་ལྷ་མོ་བཞིའི་སྐུ་སྤྱི་བོར་བཞག་ལ། །འོག་མིན་དང་། མདུན་བསྐྱེད་དང་། བླ་མའི་ཐུགས་ཀ་ནས་བྱུང་བའི་དབྱིངས་ཀྱི་ལྷ་མོ་བཞིས་འཆི་མེད་བདུད་རྩིས་གང་བའི་བུམ་པ་སྤྱི་བོ་ནས་དབང་བསྐུར། དབྱིངས་ཀྱི་ལྷ་མོ་བཞི་ཐུགས་ཀར་ཐིམ་པར་སྒོམ་མཛོད་ཅིག །ཧཱུཾ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནས། །ལྷ་མོ་དཀར་མོ་གཟི་བརྗིད་འབར། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །འཆི་མེད་ཚེ་དབང་ཐོབ་པར་ཤོག །ༀ་ཨཱཿཡུ་བྷི་དུ་ཛྙཱ་ན་བཛྲ་ས་མ་ཡེ༴ ཧཱུཾ་རིན་ཆེན་དབྱིངས་ཀྱི་དཀྱིལ་འཁོར་ནས། །ལྷ་མོ་སེར་མོ་གཟི་བརྗིད་འབར། །སྐལ་ལྡན་བུ་ལ་དབང་བསྐུར་བས། །འཆི་མེད་ཚེ་དབང་ཐོབ་པར་ཤོག །ༀ་ཨཱ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་པདྨ་དབྱིངས་ཀྱི་དཀྱིལ་འཁོར་ནས། །ལྷ་མོ་དམར་མོ་གཟི་བརྗིད་འབར། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །འཆི་མེད་ཚེ་དབང་ཐོབ་པར་ཤོག །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ནས། ལྷ་མོ་ལྗང་མོ་གཟི་བརྗིད་འབར། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །འཆི་མེད་རིག་འཛིན་ཚེ་དབང་ཐོབ་པར་ཤོག །ༀ་ཨཱ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཁྲོ་བོ་བཅུའི་སྐུ་སྤྱི་བོར་བཞག་ལ། འོག་མིན་དང་། མདུན་བསྐྱེད་དང་། བླ་མའི་ཐུགས་ཀ་ནས་བྱོན་པའི། ཁྲོ་བོ་བཅུའི་ཕྱག་ནས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་སྤྱི་བོ་ནས་དབང་བསྐུར། ཁྲོ་བོ་བཅུའི་ཐུགས་ཀར་ཐིམ་པར་སྒོམ་མཛོད་ཅིག། ཧཱུཾ་ཤར་ཕྱོགས་འཁོར་ལོ་དཀར་པོའི་རྩིབས་སྟེངས་ནས། །ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་ཡིས། །སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས། །འཆི་བ་མེད་པ་ཚེའི་དབང་ཐོབ་ཤོག །ༀ་ཨཱ་ཡུ་བྷི་ཏི་ཛྙཱ་ན་བཛྲ་ས་མ་ཡེ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ་། ཧཱུཾ་ཤར་ལྷོ་འཁོར་ལོ་དཀར་པོའི་རྩིབས་སྟེངས་ནས། ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་ཡིས། །སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས། །འཆི་བ་མེད་པ་ཚེའི་དབང་ཐོབ་ཤོག །ༀ་ཨཱ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ་། ཧཱུཾ་ལྷོ་ཕྱོགས་འཁོར་ལོ་དཀར་པོའི་རྩིབས་སྟེང་ནས། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་ཡིས། །སྐལ་ལྡན་བུ་མཆོག་རྣམ་ལ་དབང་བསྐུར་བས། །འཆི་བ་མེད་པ་ཚེའི་དབང་ཐོབ་ཤོག །ༀ་ཨཱ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ལྷོ་ནུབ་འཁོར་ལོ་དཀར་པོའི་རྩིབས་སྟེངས་ནས། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་ཡིས། །སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས། །འཆི་བ་མེད་པ་ཚེའི་དབང་ཐོབ་ཤོག །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ནུབ་ཕྱོགས་འཁོར་ལོ་དཀར་པོའི་རྩིབས་སྟེངས་ནས། །ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ་པོ་ཡིས། སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས། །འཆི་བ་མེད་པའི་ཚེ་དབང་ཐོབ་ཤོག །ༀ་ཨཱ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ནུབ་བྱང་འཁོར་ལོ་དཀར་པོའི་རྩིབས་སྟེངས་ནས། །ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ། སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས། །འཆི་བ་མེད་པ་ཚེའི་དབང་ཐོབ་ཤོག །ༀ་ཨཱ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་བྱང་ཕྱོགས་འཁོར་ལོ་དཀར་པོའི་རྩིབས་སྟེངས་ནས། །ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་ཡིས། །སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས། །འཆི་བ་མེད་པ་ཚེ་ཡི་དབང་ཐོབ་ཤོག །ༀ་ཨཱ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་བྱང་ཤར་འཁོར་ལོ་དཀར་པོའི་རྩིབས་སྟེང་ནས། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་ཡིས། །སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས། །འཆི་བ་མེད་པ་ཚེའི་དབང་ཐོབ་ཤོག །ༀ་ཨཱ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། །ཧཱུཾ་འཁོར་ལོ་དཀར་པོའི་སྟེངས་ཕྱོགས་ནས། འཁོར་ལོ་ཆེན་པོ་ཧཱུཾ་ཆེན་ཀ་ར་ཡིས། །སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བ། །འཆི་བ་མེད་པ་ཚེ་ཡིས་དབང་ཐོབ་ཤོག །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་འཁོར་ལོ་དཀར་པོའི་འོག་ཕྱོགས་ནས། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེན་པོ་ཡིས། །སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས། ། འཆི་བ་མེད་པ་ཚེའི་དབང་ཐོབ་ཤོག །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། སྒོ་མ་བཞིའི་སྐུ་སྤྱི་བོར་བཞག་ལ། འོག་མིན་དང་། མདུན་བསྐྱེད་དང་། བླ་མའི་ཐུགས་ཀ་ཕྱོགས་ནས་བྱོན་པའི་སྒོ་མ་བཞིའི་ཕྱག་ན་འཆི་བ་མེད་པའི་བདུད་རྩིས་དཀང་བའི་བུམ་བས་སྤྱི་བོར་ནས་དབང་བསྐུར་། །སྒོ་མ་བཞི་ཐུགས་ཁར་ཐིམ་པར་སྒོམས་མཛོད་ཅིག །ཧཱུྃ། ཤར་སྒོ་ཟླ་བའི་གདན་སྟེངས་ནས། །སྟག་གདོང་དཀར་མོ་ལྕགས་ཀྱུ་མས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །འཆི་མེད་ཚེ་དབང་ཐོབ་པར་ཤོག །ༀ་ཨ་ཡུ་བྷི་དུ་ཛྙཱ་ན་ཚེ་བྷྲུྂ་ཎི་ཛཿ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ལྷོ་སྒོ་ཟླ་བའི་གདན་སྟེངས་ནས། །ཕག་གདོང་སེར་མོ་ཚེ་ཞགས་མས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །འཆི་མེད་ཚེ་དབང་ཐོབ་པར་ཤོག །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ༴ ཧཱུཾ་ནུབ་སྒོ་ཟླ་བའི་གདན་སྟེངས་ནས། །ཁ་གདོང་དམར་མོ་ལྕགས་སྒྲོགས་མས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །འཆི་མེད་ཚེ་དབང་ཐོབ་པར་ཤོག །ༀ་ཨ་ཡུ༴ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་བྱང་སྒོ་ཟླ་བའི་གདན་སྟེངས་ནས། །འུག་གདོང་ལྗ་ཁུ་དྲིལ་འཁྲོལ་མས། །སྐལ་ལྡན་རྣམས་ལ་དབང་བསྐུར་བས། །འཆི་མེད་ཚེ་དབང་ཐོབ་པར་ཤོག །ༀ་ཨ་ཡུ་བྷི་དུ་ཛྙཱ་ན་བཛྲ་ས་མ་ཡེ་ཧཱུཾ། ལུས་ཀྱི་སྡིག་པ་དང་། །ལམ་བསྐྱེད་རིམ་བྷེཾེཾ་པ་ལ་དབང་། །སྤྲུལ་སྐུའི་ས་བོན་རྒྱུད་ལ་སྐྱེ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེས་བུམ་པའི་དབང་དེ་སོང་ནས། །རྡོ་རྗེ་རྩེ་མོའི་རྒྱུད་ལས། ༀ་ནི་བཀྲ་ཤིས་དཔལ་དང་ལྡན། །དམ་བཅའ་བ་དང་མཆོག་གཏེར་དང་། ཞེས་དང་། རིག་བྱེད་ཀྱི་གཞུང་ལས་ཀྱང་། ཐིག་ལེ་ཨ་ཐ་ཡི་གེ་ༀ། །ཡི་གེ་གཉིས་པོ་སྔོན་ཚང་བའི། །ཁུར་ཚོས་བརྡོལ་ལས་བྱུང་བས་ན། །དེས་ན་དེ་དག་བཀྲ་ཤིས་བརྗོད། ཅེས་སོ། །གཉིས་པ་གསང་དབང་ནི། བདུན་རྩི་ལྕེ་ལ་བཞག་ལ། ༈ འོ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ་རེ་རེ་བྷཻ། དེ་ལས་འོད་ཟེར་འཕྲོས་པས། འོད་དཔག་དང་། མདུན་བསྐྱེད་དང་། བླ་མའི་སྤྱི་བོར་ཕོག །བྱིན་གྱིས་བརླབ་ནུས་མཐུ་ཐམས་ཅད་ཚུར་འདུས། །ཁྱེད་རང་རྣམས་ཀྱི་སྤྱི་བོའི་ༀ་ལ་ཐིམ། །འོད་དུ་ཞུ་བ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་དུ་གྱུར་པས་སྐུའི་གསང་དབང་བསྒོམ་ཅིག །སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་དུ་ཡི་གེ་ༀ་ནི་རབ་ཏུ་བསྒོམ། །ཡི་གེ་ༀ་གྱི་འཕྲོ་འདུ་ལས། །རྣམ་པར་སྣང་མཛད་ཡབ་ཡུམ་བྷཻ། །དེ་ཡི་ཆེ་བའི་བྱིན་རླབས་ཀྱིས། །ཚེ་ཡང་རབ་ཏུ་བརྟན་པ་དང་། །དབང་ཡང་རབ་དུ་བསྐུར་བར་བྱ། །ༀ་བྷྲཱུཾ་ཨ་ཡུ་ཤེ་ༀ། ཁྱེད་རང་རྣམས་ཀྱི་མགྲིན་པར་པདྨའི་སྟེང་དུ་ཨ་དམར་པོ་རེ་རེ་བསྒོམ། དེ་ལས་འོད་འཕྲོས་པས། འོད་དཔག་ཏུ་མེད་དང་། མདུན་བསྐྱེད་དང་། བླ་མའི་མགྲིན་པར་ཕོག །བྱིན་རླབས་ནུས་མཐུ་ཐམས་ཅད་ཚུར་འདུས། །ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨ་ལ་ཐིམ། །འོད་དུ་ཞུ་བ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་དུ་གྱུར་པས །གསུང་གི་གསང་དབང་ཐོབ་པར་བསྒོམས་ཅིག །ལྕེ་པདྨ་འདབ་བརྒྱད་ལ་ཡི་གེ་ཨ་ནི་རབ་ཏུ་བསྒོམ། ཡི་གེ་ཨ་ཡི་འཕྲོ་འདུ་ལས། །སྣང་བ་མཐའ་ཡས་ཡབ་ཡུམ་བསྒོམས། །དེ་ཡི་ཆེ་བའི་བྱིན་རླབས་ཀྱིས། །ཚེ་ཡང་རབ་ཏུ་བརྟན་པ་དང་། །དབང་ཡང་རབ་ཏུ་བསྐུར་བར་བྱ། །ཨ་བྷྲཱུཾ་པདྨ་ཨ་ཡུ་ཨ། །འོ་ཁྱེད་རང་རྣམས་ཀྱི་ཐུགས་ཀར། །ཉི་མའི་སྟེང་དུ་ཧཱུཾ་སྔོན་པོ་རེ་རེ་བྷཻ། དེ་ལས་འོད་ཟེར་འཕྲོས་པས། འོད་དཔག་མེད་དང་། མདུན་བསྐྱེད་དང་། བླ་མའི་ཐུགས་ཕོག །བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་ཁྱེད་རང་རྣམས་ཀྱིས། ཐུགས་ཀའི་ཧཱུཾ་ལ་ཐིམ། འོད་དུ་ཞུ་བ་ལས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར་པ་ལས་ཐུགས་ཀྱི་གསང་དབང་ཐོབ་པར་བསྒོམས་ཤིག །ཐུགས་ཀར་ཉི་མའི་དཀྱིལ་འཁོར་དུ། །ཡི་གེ་ཧཱུཾ་ནི་རབ་ཏུ་བསྒོམ། །ཡི་གེ་ཧཱུཾ་གིས་འཕྲོ་འདུ་ལས། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྒོམ། །དེའི་ཆེ་བའི་བྱིན་རླབས་གྱིས། །ཚེ་ཡང་རབ་ཏུ་བརྟན་པ་དང་། །དབང་ཡང་རབ་དུ་བསྐུར་བར་བྱ། །ཧཱུཾ་བྷྲུཾ་བཛྲ་ཨ་ཡུ་ཧཱུཾ། ཁྱེད་རང་རྣམས་ཀྱི་ལྟེ་བ་ཏྲཾ་སེར་པོ་རེ་རེ་བསྒོམ་དེ་ལས་འོད་ཟེར་འཕྲོ་བས། འོད་དཔག་མེད་དང། མདུན་བསྐྱེད་དང་། བླ་མའི་ལྟེ་བ་ཕོག །བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས། ཁྱེད་རང་རྣམས་ཀྱི་ལྟེ་བའི་ཏྲཾ་ལ་ཐིམ། འོད་དུ་ཞུ་བ་ལས། རིན་ཆེན་འབྱུང་ལྡན་ཡབ་ཡུམ་དུ་གྱུར་པས་ཡོན་ཏན་གྱི་གསང་དབང་ཐོབ་པར་བསྒོམས་ཤིག །ལྟེ་བ་རིན་ཆེན་ཟུར་བརྒྱད་ལ། །ཡི་གེ་ཏྲཾ་ནི་རབ་ཏུ་བསྒོམ། །ཡི་གེ་ཏྲཾ་གི་འཕྲོ་འདུ་ལས། རིན་ཆེན་འབྱུང་གནས་ཡབ་ཡུམ་བསྒོམ། །དེ་ཡི་ཆེ་བའི་བྱིན་རླབས་ཀྱིས། །ཚེ་ཡང་རབ་དུ་བརྟན་པ་དང་། །དབང་ཡང་རབ་ཏུ་བསྐུར་བར་བྱ། །ཏྲཾ། བྷྲུཾ། རཏ་ན། ཨ་ཡུ་ཏྲཾ། འོ་བྱང་སེམས་བདུད་རྩིའི་ལྷག་མ་ཡར་ལུད་པ་ལས། །རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པས་དབུ་བརྒྱན། །དེའི་སྐུ་ལུས་ལ་རལ་གྲིའི་ཆར་བབ་པས། །ལུས་རལ་གྲིའི་གོ་ཁྲབ་དང་ཞུ་ལུགས་སུ་གྱུར་པར་བསྒོམས། །ཨིན་ཏྲ་ནི་ལའི་མདོག་འདྲ་ལས། །གཡོན་དུ་དོན་ཡོད་གྲུབ་པ་ཧ། །ཅིས་ཀྱང་མི་ཆོད་མི་ཤིག་པའི། །རལ་གྲིའི་གོ་ཆ་བླ་ན་མེད། །རལ་གྲིའི་གོ་ཆས་བསྲུངས་དུ་གསོལ། །ལུས་ལ་གོ་སྐོན་སེམས་ལ་དབང་བསྐུར་བས། བླ་ན་མེད་པར་བསྲུངས་པར་ཤོག །རལ་གྲི་བསྐོར་བ་ལྟ་བུ། ཕྲིན་ལས་ཀྱི་ཚེ་དང་ལྡན་པར་གྱུར་ཅིག ། ༈ །འོ་ཁྱེད་རང་རྣམས་ཀྱི་གསང་གནས་སུ་ཧ་ལྗང་ཁུ་རེ་རེ་བསྒོམས། དེ་ལས་འོད་ཟེར་འཕྲོས་པས། །འོད་དཔག་མེད་དང་། །མདུན་བསྐྱེད་དང་། བླ་མའི་གསང་གནས་སུ་ཕོག །བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས། །ཁྱེད་རང་རྣམས་ཀྱི་གསང་གནས་ཀྱི་ཧ་ལ་ཐིམ། །འོད་དུ་ཞུ་བ་ལས། །དོན་ཡོད་གྲུབ་པ་ཡབ་ཡུམ་དུ་གྱུར་པས། །འཕྲིན་ལས་ཀྱི་གསང་དབང་ཐོབ་པར་གྱུར་ཅིག །གསང་གནས་རྒྱ་གྲམ་དཀྱིལ་འཁོར་དུ། །ཡི་གེ་ཧ་ནི་རབ་ཏུ་བསྒོམ། །ཡི་གེ་ཧ་ཡིས་འཕྲོ་འདུ་ལས། །དོན་ཡོད་གྲུབ་པ་ཡབ་ཡུམ་བསྒོམ། །དེའི་ཆེ་བའི་བྱིན་རླབས་ཀྱིས། །ཚེ་ཡང་རབ་ཏུ་བརྟན་པ་དང་། །དབང་ཡང་རབ་ཏུ་བསྐུར་བར་བྱ། །ཧ་བྷྲཱུཾ་ཀར་མ་ཨ་ཡུ་ཧ། དེ་ནས་གསང་བའི་དབང་ཐོབ། །ངག་གིས་སྒྲིབ་པ་དང་། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ༈ འོ་ཁྱེད་རང་རྣམས་ཀྱི་སྤྱི་བོར་རྣམ་པར་སྣང་མཛད་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིས་ལུས་ཕྱི་ནང་གི་སྡིག་པ་དག །ལུས་ཀྱི་ཕྱི་ནང་འཆི་མེད་ཚེའི་བདུད་རྩིས་གང་ལ། བ་སྤུའི་བུ་ག་ཐམས་ཅད་དུ། འཁོར་ལོ་ཟིལ་པ་ཕྲོམ་གྱིས་གྱུར་པར་བསྒོམ་མཛོད་ཅིག །སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་དུ། །བཅོམ་ལྡན་རྣམ་པར་སྣང་མཛད་དང་། །ཀུན་ཏུ་བཟང་མོ་གཉིས་མེད་འཁྲིལ། །གཉིས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཆི་མེད་ཚེའི་དབང་བསྐུར་རོ། །ༀ་བུདྡྷ་བེ་རོ་ཙ་ན་ༀ། ཨ་བྷི་ཥིཉྩ་ཧཱུཾ། འོ་བྱང་ཆུབ་བདུད་རྩིའི་ཆུ་ཡར་ལུད་པ་ལས། ཁྱེད་རང་རྣམས་ཀྱི་སྤྱི་བོར། རྣམ་པར་སྣང་མཛད་ཀྱི་དབུ་བརྒྱན། དེའི་སྐུ་ལུས་ལས་འཁོར་ལོའི་ཚོགས་འཕྲོས་པས། ལུས་འཁོར་ལོའི་གོ་ཁྲབ་ཞུ་ལབས་དང་། །ཞུ་ལུབས་སུ་གྱུར་པར་བསྒོམ་མཛོད་ཅིག །གསེར་གྱི་རི་བོ་ལྟ་བུ་ལ། །སྤྱི་བོར་རྣམ་པར་སྣང་མཛད་ༀ། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །འཁོར་ལོའི་གོ་ཆ་བླ་ན་མེད། །འཁོར་ལོའི་གོ་ཆ་བསྲུངས་དུ་གསོལ། །ལུས་ལ་གོ་སྐོན་སེམས་ལ་དབང་བསྐུར་བས། །བླ་ན་མེད་པར་བསྲུངས་བར་ཤོག །འཁོར་ལོ་བསྐོར་བ་ལྟ་བུའི་སྐུ་ཚེ་དང་ལྡན་པར་གྱུར་ཅིག །འོ་ཁྱེར་རང་རྣམས་ཀྱི་མགྲིན་པའི་སྣང་བ་མཐའ་ཡས་ཡབ་ཡུམ་སྦྱོར་བ་མཛད་བའི་བྱང་ཆུབ་སེམས་ཀྱི་བདུད་རྩིས། ལུས་ཕྱི་ནང་གི་སྡིག་པ་དང་། ཚེའི་བར་ཆད་དག །ལུས་ནང་འཆི་མེད་ཚེའི་བདུད་རྩིས་གང་། ཕྱིར་བ་སྤུའི་བུ་ག་ཐམས་ཅད་པདྨའི་ཟིལ་པ་ཕྲོམ་པར་གྱུར་པར་བསྒོམས་ཤིག །ལྕེ་ཡི་པད་མ་འདབ་བརྒྱད་ལ། །བཅོམ་ལྡན་སྣང་བ་མཐའ་ཡས་དང་། །ན་བཟའ་དཀར་མོ་གཉིས་མེད་འཁྲིལ། །གཉིས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས། །བདག་དང་ཡོན་གྱི་བདག་པོ་ལ། །འཆི་མེད་ཚེ་ཡི་དབང་བསྐུར་རོ། །ༀ་པདྨ་ཨ་མི་དྷེ་ཝ་ཧྲཱིིཿ ཨ་བྷི་ཥིཉྩ་ཧཱུཾ། འོ་བྱང་སེམས་བདུད་རྩིའི་ལྷག་མ་ཡར་ལུད་པ་ལས། །ཁྱེད་རང་རྣམས་ཀྱི་ལྟག་པར་སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན། དེའི་སྐུ་ལུས་ལ་པདྨའི་ཆར་བབས་པས། ལུས་པདྨའི་ཞུ་ལབས་དང་། ཞུ་ལུབས་སུ་གྱུར་པར་བསྒོམས་ཅིག །བྱི་རུའི་སྡོང་པོ་ལྟ་བུ་ལ། །རྒྱབ་དུ་སྣང་བ་མཐའ་ཡས་ལ། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །པདྨའི་གོ་ཆ་བླ་ན་མེད། །པདྨའི་གོ་ཆ་བསྲུངས་དུ་སོལ། །ལུས་ལ་གོ་སྐོན་སེམས་ལ་དབང་བསྐུར་བས། །བླ་ན་མེད་པར་བསྲུངས་བར་ཤོག །པདྨ་བརྩེགས་པ་ལྟ་བུ་གསུང་གི་ཚེ་དང་ལྡན་པར་གྱུར་ཅིག །འོ་ཁྱེད་རང་རྣམས་ཐུགས་ཀའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིས་ལུས་ཕྱི་ནང་གི་སྡིག་སྒྲིབ་དང་ཚེའི་བར་ཆད་དག་ནས། ལུས་ཀྱི་ནང་འཆི་མེད་ཚེའི་བདུད་རྩིས་གང་། ཕྱི་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེ་ཟིལ་པས་ཁྲོམ་གྱིས་གྱུར་པར་བསྒོམ། །ཐུགས་ཁ་ཉི་མའི་དཀྱིལ་འཁོར་ནས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དང་། །སངས་རྒྱས་སྤྱན་མ་གཉིས་མེད་འཁྲིལ། །གཉིས་མེད་ཐུགས་གྱི་དཀྱིལ་འཁོར་ནས། །བདག་དང་ཡོན་གྱི་བདག་པོ་ལ། །འཆི་མེད་ཚེའི་དབང་བསྐུར་རོ། །ༀ་བཛྲ་ས་ཏྭ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འོ་བྱང་སེམས་བདུད་རྩི་དེའི་ལྷག་མ་ཡར་ལུད་པ་ལས། དཔྲལ་བར་རྡོ་རྗེ་སེམས་དཔས་དབུ་བརྒྱན། དེའི་སྐུ་ལུས་ལ་རྡོ་རྗེའི་ཆར་བབས་པས། ལུས་རྡོ་རྗེའི་གོ་ཁྲབ་ཞ་ལུབས་དང་ཞུ་ལུབས་སུ་གྱུར་པར་བསྒོམས་ཤིག །སྐར་མ་རྒྱལ་ཤར་ལྟ་བུ་ལ། །དཔྲལ་བར་རྡོ་རྗེ་སེམས་དཔའ་ཧཱུཾ། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །རྡོ་རྗེའི་གོ་ཆ་བླ་ན་མེད། །རྡོ་རྗེའི་གོ་ཆས་བསྲུང་དུ་གསོལ། །ལུས་ལ་གོ་བསྐོན་སེམས་ལ་དབང་བསྐུར་བས། །བླ་ན་མེད་པར་བསྲུངས་བར་ཤོག །རྡོ་རྗེ་གསོར་བ་ལྟ་བུ་ཐུགས་ཀྱི་ཚེ་དང་ལྡན་པར་གྱུར་ཅིག །འོ་ཁྱེད་རང་རྣམས་ཀྱི་ལྟེ་བའི་རིན་ཆེན་འབྱུང་གནས་ཡབ་ཡུམ་སྦྱོར་པ་མཛད་པའི། །བྱང་ཆུབ་སེམས་ཀྱི་བདུད་རྩིས་ལུས་ཕྱི་ནང་གི་སྡིག་སྒྲིབ་དག །ཚེའི་བར་ཆད་དང་། ལུས་ཀྱི་ནང་བདུད་རྩིས་གང་། །ལུས་ཀྱི་ཕྱི་བ་སྤུའི་བུ་ག་ཐམས་ཅད་རིན་པོ་ཆེའི་ཟིལ་བ་ཕྲོམ་གྱི་གྱུར་པར་བསྒོམས་ཤིག །ལྟེ་བ་རིན་ཆེན་ཟུར་བརྒྱད་ལ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་དང་། མ་མ་ཀི་དང་གཉིས་མེད་འཁྲིལ། །གཉིས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས། །བདག་དང་ཡོན་གྱིས་བདག་པོ་ལ། །འཆི་མེད་ཚེ་ཡི་དབང་བསྐུར་རོ། །རཏ་ན་སྭ་བྷ་ཝ་ཏྲཾ། ཨ་བྷི་ཥིཉྩ་ཧཱུཾ། འོ་བྱང་སེམས་བདུད་རྩིའི་ལྷག་མ་ཡར་ལུད་པ་ལས། རྣ་ལྟག་གཡས་སུ། རིན་ཆེན་འབྱུང་ལྡན་གྱི་དབུ་བརྒྱན། དེའི་སྐུ་ལུས་ལ་རིན་པོ་ཆེའི་ཆར་བབས་པས། ལུས་རིན་པོ་ཆེའི་ཞ་ལུབས་དང་། །ཞུ་ལུབས་སུ་གྱུར་པར་བསྒོམས་ཤིག ། ༈ བཻཌཱུརྱའི་མདོག་འདྲ་ལས། །གཡས་སུ་རིན་ཆེན་འབྱུང་ལྡན་ཏྲཾ། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །རིན་ཆེན་གོ་ཆ་བླ་ན་མེད། །རིན་ཆེན་གོ་ཆ་བསྲུངས་དུ་གསོལ། །ལུས་ལ་གོ་བསྐོན་སེམས་ལ་དབང་བསྐུར་བས། །བླ་ན་མེད་པ་བསྲུངས་བར་ཤོག །རིན་ཆེན་འབར་བ་ལྟ་བུ་ཡོན་ཏན་གྱི་ཚེ་དང་ལྡན་པར་གྱུར་ཅིག །འོ་ཁྱེད་རང་རྣམས་ཀྱི་གསང་གནས་དོན་ཡོད་གྲུབ་པ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་ཀྱིས་བདུད་རྩིས། ལུས་ཕྱི་ནང་གི་སྡིག་སྒྲིབ་དང་། །ཚེ་ཡི་བར་ཆད་ཐམས་ཅད་དག་ནས། །ལུས་ཀྱི་ནང་བདུད་རྩིས་གང། །ལུས་ཀྱི་ཕྱི་བ་སྤུའི་བུ་ག་ཐམས་ཅད་དུ། །རྒྱ་གྲམ་ཟིལ་པ་ཕྲོམ་གྱིས་གྱུར་པར་བསྒོམས་ཤིག །གསང་གནས་རྒྱ་གྲམ་དཀྱིལ་འཁོར་དུ། །བཅོམ་ལྡན་དོན་ཡོད་གྲུབ་པ་དང་། །ལྷ་མོ་སྒྲོལ་མ་གཉིས་མེད་འཁྲིལ། །གཉིས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས། །བདག་དང་ཡོན་གྱི་བདག་པོ་ལ། །འཆི་མེད་ཚེའི་དབང་བསྐུར་རོ། །ཀར་མ་ཨ་མོ་ག་སིདྡྷི་ཧ། ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་གཏོར་མ་སྤྱི་བོར་བཞག་ལ། འོ་གཏོར་མ་འདི་དང་གཉིས་སུ་མེད་པར། མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་བཞུགས་པར་བསྒོམས་ཅིག །དེའི་སྐུ་ལུས་ལ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འབྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་བབས། ལུས་ཕྱི་ནང་གི་སྡིག་སྒྲིབ་དག་ནས། རང་གི་ལུས་ཀྱི་ནང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ། གང་ནས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསྒོམས་ཤིག །སངས་རྒྱས་ཀུན་གྱི་ཡེ་ཤེས་ཚེ་དཔག་དུ་མེད་པའི་འོད་དང་ལྡན། རིགས་མཆོག་ཕྱག་རྒྱ་ལྔ་ལྡན་པའི། ཁམས་གསུམ་བདག་པོར་དབང་བསྐུར་རོ། །བྷ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུཾ། །མེ་ཏོག་གཏོར་ཞིང་ཡེ་དྷརྨ་བརྗོད། བུམ་ཆུ་བླུད་ལ། སྐྱོད་པས་མི་ཐུབ་མི་གཡོ་ཚེའི་རང་བཞིན་ལ། །སྤྲོས་པས་ཁམས་གསུམ་ཀུན་གྱི་བཀྲག་དང་ལྡན། །བརྟན་པས་མི་གཡོ་རྡོ་རྗེ་ལྷུན་པོ་འདྲ། །བཅིངས པས་མི་ཤིག་རྡོ་རྗེ་ལུ་གུ་རྒྱུད། ཚེ་བུམ་རིན་ཆེན་གཞལ་ཡས་ཁང་དུ་བྱིན་རླབས་པས། །ཐུགས་ཀྱི་དཔལ་བེའུ་ལྟ་བུར་འགྲུབ་བར་ཤོག །ན་མོ་དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་དང་། རིན་ཆེན་རིགས་དང་། །པདྨའི་རིགས་དང་། ལས་ཀྱི་རིགས་དང་། རིགས་ལྔའི་མགོན་པོ་ནས་བྱིན་གྱིས་བརླབས་ཀྱི་ཡེ་ཤེས་ཚེའི་རང་བཞིན་གསོ་བྱེད་ཚེའི་བཅུད། ཡོན་ཏན་སྲོག་གི་འཁོར་ལོ་ལུས་སེམས་མཐུན་པའི་དབྱིངས། སྨན་མཆོག་སེམས་ཀྱི་བརྒྱན། བདུད་རྩི་སྨན་གྱི་རིལ་བུ། ནད་བཞི་བརྒྱ་རྩ་བཞི་སེལ་བར་བྱེད་པ། ལས་དང་ཉོན་མོངས་པའི་གནས་ནས་འདྲེན་པར་བྱེད་བའི། འཆི་མེད་ཚེ་ཡི་དངོས་གྲུབ་འདི་གསོལ་བས། འཁོར་ལོ་བསྐོར་བ་ལྟ་བུའི་སྐུའི་ཚེ་དང་ལྡན་པར་གྱུར་ཅིག །པདྨ་བརྩེགས་པ་ལྟ་བུ་གསུང་གི་ཚེ་དང་ལྡན་པར་གྱུར་ཅིག །རྡོ་རྗེ་གསོར་བ་ལྟ་བུ་ཐུགས་ཀྱི་ཚེ་དང་ལྡན་པར་གྱུར་ཅིག །རིན་ཆེན་འབར་པ་ལྟ་བུར་ཡོན་ཏན་གྱི་ཚེ་དང་ལྡན་པར་གྱུར་ཅིག །རལ་གྲི་བསྐོར་བ་ལྟ་བུར་འཕྲིན་ལས་ཀྱི་ཚེ་དང་ལྡན་པར༴ སྐྱེ་ཤི་མེད་པ་ཚེའི་གཡུང་དྲུང་ཐོབ་པར་གྱུར་ཅིག །བགེགས་དང་ལོག་འདྲེན་གང་གིས་ཀྱང་མི་ཚུགས་པར་གྱུར་ཅིག །ཚེ་དབང་རྡོ་རྗེ་བཞིན་མི་འགྱུར་བར་གྱུར༴ ལུས་ངག་ཡིད་གསུམ་རྡོ་རྗེ་མི་ཕྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྡོ་རྗེ་སྙིང་པོ་ལྟར་སྲ་ཞིང་འཁྲེག་པར་གྱུར་ཅིག༴ ཚེ་ལ་མུན་པ་དང་། བདུད་དང་། དགྲ་དང་། སྲི་ཅན་དང་། འབྱུང་བོ་དང་། །བྱད་ལྟེམས་དང་། གནོད་བྱེད་གང་གིས་ཀྱང་མི་ཚུགས་པར་གྱུར་ཅིག །ༀ་ཨ་ཡུ་བྷི་དུ་ཛྙཱ་ན། ཨ་ལ་ལ་ཧོ། རཀྵ་རཀྵ་སྭཱ་ཧཱ་བརྗོད་བླ་མའི་སྐུ་གསལ་བར་བསྒོམ་དུ་བཞུགས་ལ། སྤྱོད་པས་མི་ཐུབ་ཚེའི་རང་བཞིན་ལ། །ཅེས་སོགས་དང་། རྡོ་རྗེ་སློབ་དཔོན་ཕྱག་རྒྱ་གསལ་བསྒོམས་པས། །མི་འགྱུར་གཡུང་དྲུང་ལྟ་བུར་འགྲུབ་བར་ཤོག །ན་མོ་དེ་བཞིན་གཤེགས་པའི་རིགས་དང་ལ་སོགས་བརྗོད། ཕྱག་མཚན་འཁོར་ལོ་ལ་སོགས་པ་ལྔ་སྤྱི་བོར་བཞག་ལ། ༈ སྐྱོད་པས་མི་ཐུབ་མི་གཡོ་ལ་སོགས་དང་། །ཕྱག་མཚན་རྡོ་རྗེ་ལྟ་བུར་བྱིན་བརླབས་པས། །འཆི་མེད་རྡོ་རྗེ་ལྟ་བུར་འགྲུབ་པར་ཤོག །ན་མོ་ཞེས་སོགས་འགྲེེ། །ཚེ་ནས་སྤྱིན་ལ། བསྐྱོད་པས་མི་ཐུབ་མི་གཡོ་ཞེས་སོགས་དང་། །ཚེ་ནས་ཡེ་ཤེས་ལྷ་ཚོགས་ལྟ་བུར་བྱིན་རླབས་པས། །མི་ནུབ་རྒྱལ་མཚན་ལྟ་བུར་འགྲུབ་པར་ཤོག །ན་མོ་ཞེས་སོགས་འདྲེ། །ཚེ་ནས་སྤྱིན་ལ། སྤྱོད་པ་མི་ཐུབ་ལ་སོགས་དང་། །ཚེ་ཟན་སྦྱིན་ལ། བསྐྱོད་པས༴ ཚེ་ཟན་འབྱུང་བ་ལྔ་རུ་བྱིན་རླབས་པས། ། དེ་བཞིན་གཤེགས་པའི་རིགས་སུ་གྲུབ་པར་ཤོག །ན་མོ་ཞེས་སོགས་འདྲེ། །ཚེ་འབྲས་སྦྱིན་ལ། སྐྱོོད་པས་མི་ཐུབ་སོགས་དང་། །ཚེ་འབྲས་ཡེ་ཤེས་ལྔ་རུ་བྱིན་རླབས་པས། །རིག་ལྔའི་སངས་རྒྱས་ལྔ་རུ་འགྲུབ་པར་ཤོག །ན་མོ་སོགས་འགྲེ། ཚེ་ཆང་སྦྱིན་ལ། སྐྱོོད་པ་མི་ཐུབ་མི་གཡོ་ཚེའི་རང་བཞིན་ལ་སོགས་དང་། ཚེ་ཆང་བདུད་རྩི་ལྟ་བུར་བྱིན་རླབས་པས། འགྱུར་མེད་བྱང་ཆུབ་སེམས་སུ་འགྲུབ་པར་ཤོག །ན་མོ་སོགས་འགྲེེ། བཀྲ་ཤིས་རྫས་བརྒྱད་སྤྱིའམ་བྱེ་བྲག་ཏུ་འགྲིམ་ལ། བསྐྱོོད་པས་མི་ཐུབ་མི་གཡོ་ལ་སོགས་དང་། །ཡོ་བྱད་བཀྲ་ཤིས་རྫས་སུ་བྱིན་རླབས་པས། །བཀྲ་ཤིས་ལྷ་མོ་བརྒྱད་དུ་འགྲུབ་པར་ཤོག །ན་མོ་དེ་བཞིན་གཤེགས་པའི་རིགས་དང་། སོགས་འགྲེ། དེ་དག་རྒྱས་པར་བྱེད་ན། །བཀྲ་ཤིས་རྫས་བརྒྱད་ལས་སྔགས་ཀྱི་གསང་ལ། །ལྷ་མོ་བརྒྱད་དུ་རླབས། དང་པོ་ཡུངས་དཀར་སྦྱིན་ལ། སྔོན་བཅོམ་ལྡན་ཤཱཀྱ་ཐུབ་པ་ལ། །གསང་སྔགས་རིགས་སྔགས་བདག་པོ་ཕྱག་ན་རྡོ་རྗེས། སྒྲུབ་པའི་རྫས་བརྒྱད་ཡུངས་དཀར་ཕྱག་དུ་ཕུལ་ཏེ། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ། དེ་བཞིན་དུ། དེང་འདིར་སློབ་མ་རྣམས་ལ། ཡུངས་དཀར་དུ་རྫས་ཀྱི་བཀྲ་ཤིས་པར་གྱུར་ཅིག །ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་དག་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པ་ཡིས། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བྱེད་ཤོག །ༀ་ཨ་བྷི་ཥིཉྩ་ཧཱུཾ། དུར་བ་གཏད་ལ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། །རྩྭ་འཚོང་གི་ཁྱེའུ་བཀྲ་ཤིས་ཀྱི་རྩྭ་དུར་བ་ཕྱག་ཏུ་ཕུལ་ཏེ། །བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ། །དེ་བཞིན་དུ། དེང་འདིར་སློབ་མ་རྣམས་ལ། །དུར་ཝའི་རྫས་ཀྱི་བཀྲ་ཤིས་པར་གྱུར་ཅིག །དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའ་ཚེ་ནི་རབ་བསྒྲུབ་ཕྱིར། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག །ༀ་ཨ་པྲ་ཏ་ཧ་ཏ། ཨ་བྷི་ཥིཉྩ་ཧཱུཾ། ཤིང་ཐོག་བིལ་བ་གཏད་ལ། སྔོན་བཅོམ་ལྡན་འདས་ཤྭཀྱ་ཐུབ་པ་ལ། །ལྷ་ཚངས་པས་ཤིང་ཐོག་བིལ་བ་ཕྱག་ཏུ་ཕུལ་ཏེ། །བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན། །དེང་འདིར་སློབ་མ་འདི་རྣམས་ལ། །བིལ་བ་རྫས་ཀྱི་བཀྲ་ཤིས་པར་གྱུར་ཅིག །བིལ་བས་རྒྱུ་རྐྱེན་འབྲས་ལྡན་པ་ཡིས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་རྣམས། །སྙིང་རྗེ་བྱང་ཆུབ་མཆོག་ཏུ་དག་གྱུར་བས། །བཀྲ་ཤིས་དེས་ཀྱང་དོན་ཀུན་གྲུབ་པར་ཤོག །ༀ་བིལ་བ་ཨ་བྷི་ཥིཉྩ་ཧཱུཾ། །གྷི་ཝཾ་ཕྱག་དུ་གཏད་ལ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། །གླང་པོ་ཆེ་ནོར་སྐྱོང་གི་བུས། །གྷི་ཝཾ་ཕྱག་དུ་ཕུལ་བ་སྟེ། །བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་སློབ་མ་འདི་རྣམས་ལ། །གྷི་ཝཾ་གི་རྫས་ཀྱི་བཀྲ་ཤིས་པར་གྱུར་ཅིག །གྷི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུང་ངུ་མེད་པར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །གྷི་ཝཾ་ཨ་བྷི་ཥིཉྩ་ཧཱུཾ། མཚལ་ལི་ཁྲི་གཏད་ལ། སྔོན་བཅོམ་ལྡན་ནས་ཤཱཀྱ་ཐུབ་པ་ལ། །བྲམ་ཟེ་སྐལ་རྒྱལ་གྱི་བུས། སྨན་ལི་ཁྲི་ཕྱག་ཏུ་ཕུལ་ཏེ། །བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་སློབ་མ་རྣམས་ལ། །ལི་ཁྲི་རྫས་ཀྱི་བཀྲ་ཤིས་པར་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་ཡོངས་སུ་གྱུར་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་རྒྱལ་སྲིད་བརྟན་གྱུར་ཅིག །ༀ་ལི་ཁྲི་ཨ་བྷི་ཥིཉྩ་ཧཱུཾ། ཞོ་གཏད་ལ། སྔོན་གཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། ཞིང་པའི་བུ་མོ་ལེགས་སྐྱེས་མས། །ཞོ་ཕྱག་ཏུ་ཕུལ་ཏེ། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་དེ་བཞིན་དུ། །དེང་འདིར་སློབ་མ་རྣམས་ལ། །ཞོའི་རྫས་ཀྱི་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་ཡིས། །སྙིང་པོ་ཆོས་ཉིད་ཡེ་ཤེས་རྣམས་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་བ་ཡིས། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བྱེད་ཤོག །ༀ་དྷ་ར་ཏི་ར་ཨ་བྷི་ཥིཉྩ་ཧཱུཾ། མེ་ལོང་བཏད་ལ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་དུ་ཕུལ་ཏེ། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་དེ་བཞིན་དུ། དེང་འདིར་སློབ་མ་རྣམས་ལ། མེ་ལོང་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་སྟེ། །རྣམ་དག་ཆོས་ལ་ཐོགས་མེད་ལུང་སྟོན་པའི། །བཀྲ་ཤིས་དེས་ཀྱང་སྒྲིབས་པ་དག་གྱུར་ཅིག །ༀ་ཨ་དར་ཤ་ཨ་བྷི་ཥིཉྩ་ཧཱུཾ། དུང་གཏད་ལ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། ལྷའི་དབང་པོ་བརྒྱ་སྦྱིན་གྱིས། དུང་གཡས་སུ་འཁྱིལ་བ་ཕྱག་དུ་ཕུལ་སྟེ། །བཀྲ་ཤིས་བའི་རྫས་སུ་བྱིན་གྱིས་རླབས་པ་དེ་བཞིན་དུ། །དེང་འདིར་སློབ་མ་འདི་རྣམས་ལ་དུང་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག །ༀ་མངྒ་ལ། ཨ་བྷི་ཥིཉྩ་ཧཱུཾ། ན་མོ་དེ་བཞིན་གཤེགས་པའི་རིགས་དང་སོགས་བརྫོད་དོ། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །རྫོགས་རིམ་བདེ་སྟོང་བསྒོམས་པ་ལ་དབང་། མཐར་ཐུག་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག །བཞི་པ། དབང་བཞི་པ། དེ་ཁོ་ན་ཉིད་ཀྱིས་དབང་བསྐུར་བ་ནི། ཕྱི་སྣོད་ཀྱི་རང་བཞིན་འོད་དུ་ཞུ་ནས། །ནང་བཅུད་ཀྱི་སེམས་ཅན་ལ་ཐིམ། ནང་བཅུད་ཀྱི་སེམས་ཅན་འོད་དུ་ཞུ་ནས། ཁྱེད་རང་རྣམས་ལ་ཐིམ། ཁྱེད་རང་རྣམས་ཀྱང་འོད་དུ་ཞུ་ནས་མི་དམིགས་པ་སྟོང་པ་ཉིད་དུ་དར་གཅིག་བསྒོམ། ཆོས་ཉིད་འགྱུར་བ་མེད་པའི་དབྱིངས་ཉིད་ལ། རྣལ་འབྱོར་ཨ་ཡུ་དམར་པོས་ཚེ་སྦས་པས། དེ་ལས་ཕྱག་རྒྱ་བདུན་གྱིས་བརྒྱས་ནི་གདབ་བར་བྱ། དང་པོ་སྐུ་མཆོག་ཉིད་ཀྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཡེ་ཤེས་ལྔའི་རྒྱ། །ལྔ་པ་གསེར་གྱི་འཁོར་ལོའི་རྒྱ། །དྲུག་པ་རྟ་མཆོག་དབང་གི་རྒྱ། །བདུན་པ་ཆོས་ཉིད་དབྱིངས་ཀྱི་རྒྱ། །ཆོས་ཉིད་དབྱིངས་སུ་ཚེ་སྤས་པས། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །དེ་ལ་གཟུང་ཞིང་གཅད་དུ་མེད། །བརྒྱས་འདེབས་མས་ནི་རྒྱས་གདབས་པས། །བྲན་གྱིས་འགལ་བར་མི་བྱེད་ཅིང་། །བདེ་བ་མོས་ནི་ཚེ་བསྲུང་བས། །བདུད་དང་མུ་གེ་གང་གིས་ཀྱང་། །འདི་ལ་གནོད་པར་མི་ནུས་སོ། །གསང་བ་མོས་ནི་ཚེ་སྤས་པས། །མི་ཤོར་བས་ནི་དམ་དུ་བསྡོམས། །ཚེ་འཕེལ་མས་ནི་ཚེ་བསྲུངས་བས། །རྟག་ཏུ་གཡུང་དྲུང་ཚེ་འཕེལ་འགྱུར། །ༀ་ན་མོ་བྷ་ག་ཝ་ཏེ་ཨ་པ་ར་མི་ཏ། ཨཱ་ཡུར་ཛྙཱན། སུ་བྷི་ནི་ཙི་ཏ་ཏེ་ཛྭ་ར་ཙ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཧ་ཏེ་སམ་མྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་པུཎྱཻ་པུཎྱཻ། མ་ཧཱ་པུཎྱཻ། ཨ་པ་ར་མི་ཏ། པུཎྱཻ། ཨ་པ་ར་མི་ཏ་པུ་པུཎྱཻ་། ཛྙཱ་ན་སམ་བྷ་རོ་པ་ཙི་ཏེ། ༀ་སརྦ་སམ་སྐ་རི་པ་རི་ཤུ་དྷ། དྷརྨ་ཏེ་ག་ག་ནི། ས་མུད་ག་ཏེ་སྭ་བྷ་ཝ་བྷི་ཤུད་དྷེ་མ་ཧཱ་ཡ་ན་བ་རི་ཝ་རེ་སྭཱ་ཧཱ། ཞེས་མཎྜལ་དང་བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། །དེས་དབང་བཞི་པ་དེ་ཁོ་ན་ཉིད་ཚིག་དབང་རིན་པོ་ཆེ་ཐོབ། །སྒོ་གསུམ་ཐ་དད་དུ་འཛིན་བའི་སྒྲིབས་པ་དག །རྫོགས་རིམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། །མཐར་ཐུག་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་གྱུར་ཅིག །དེས་དབང་བཞི་པ། དེའི་གོང་དུ་ཤེས་རབ་ཡེ་ཤེས། །དེའི་གོང་དུ་གསང་དབང་། དེའི་གོང་དུ་བུམ་དབང་། དེ་བཞིས་དངོས་གཞི་དེ་སོང་ནས། རྗེས་ནི། དེ་ནས་མཆོད་པ་གོང་བཞིན་བྱེད། །བསྔོ་བ་སྨོན་ལམ་སྤྱི་དང་མཐུན་པར་བྱ། །གང་ཡང་བདག་བློ་གཏི་མུག་སོགས་ཀྱིས་ཉེས་པ་བཟོད་པར་གསོལ། །ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས། བུམ་བསྐྱེད་དང་། མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས། །དམ་ཚིག་པ་རང་ལ་བསྡུ། །དེ་ནས། ཚེ་དང་ཡེ་ཤེས་རྒྱ་མཚོའི་གཏེར། །འོད་དཔག་མེད་པའི་བཀྲ་ཤིས་ཤོག །ཡེ་ཤེས་བཞིའི་རང་བཞིན་ཅན། རིགས་ཀྱི་ཡུམ་བཞིའི་བཀྲ་ཤིས་ཤོག །གསང་བ་ཡུམ་གྱི་ལྷ་མོ་བཞི། །དབྱིངས་ཀྱི་ལྷ་མོའི་བཀྲ་ཤིས་ཤོག །མི་དགེ་བཅུ་པོ་ཚར་གཅོད་ཕྱིར། །ཁྲོ་བོ་བཅུ་ཡིས་བཀྲ་ཤིས་ཤོག །ཞི་རྒྱས་དབང་དྲག་རང་བཞིན་ཅན། །སྒོ་མ་བཞིའི་བཀྲ་ཤིས་ཤོག །དངོས་གྲུབ་མ་ལུས་བསྩོལ་བ་ཡི། །རྡོ་རྗེ་ལྷ་མོའི་བཀྲ་ཤིས་ཤོག །ཀ་ཡ། ཝཀྐ། ཙི་ཏ་སིདྡྷི་ཧཱུཾ །དེ་ནས་རྡུལ་ཚོན་བསྡུས་ལ་ཆུ་ཆེན་ནང་དུ་དོར་རོ། །བདག་བསྐྱེད་ཀྱི་དཀྱིལ་འཁོར་རིམ་པ་བཞིན་དུ་བསྡུ། །མི་དམིགས་པའི་རྒྱས་གདབ། སླར་ཚེ་དཔག་མེད་དུ་གསལ་བས་སྤྱོད་ལམ་བྱའོ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡིས། །ཐུགས་ཀྱི་དགོངས་པ་རྒྱུད་སྡེའི་དོན་རྣམས་རྫོགས། །ཐུགས་རྗེའི་ཆུ་རྒྱུན་རིམ་པར་ལེགས་བརྒྱུད་ནས། །བདག་ཉིད་སྨིན་ཅིང་གྲོལ་བའི་བྱིན་རླབས་ནི། །ཚེ་བསྒྲུབ་དབང་མཆོག་བདུད་རྩིའི་ཆར་རྒྱུན་གྱི། །གདུལ་བྱ་ལས་དང་སྐལ་བ་ལྡན་པ་རྣམས། །ཚེ་དཔལ་བསོད་ནམས་རྒྱ་ཆེན་རྒྱས་པར་བྱས། །ལེགས་བཤད་འདི་ནི་རྡོ་རྗེ་བཟང་པོ་ཡིས། །གནས་མཆོག་བསྒྲུབ་སྡེ་བཟང་པོ་མངོན་དགའ་རུ། བྲིས་པའི་དགེ་བས་ཕན་ཐོག་དར་རྒྱས་ཤོག །རྫོགས་སོ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་གྱུར་ཅིག །དེས་འཆི་མེད་ཚེའི་དངོས་གྲུབ་ལེན་པ་དེ་སོང་ནས། ༈ །གཉིས་པ་དམ་རྫས་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དངོས་གྲུབ་ལེན་པ་ནི། དངོས་གྲུབ་ཀྱི་རྫས། ཞི་རྒྱས་དབང་དྲག་ལྷུན་གྲུབ་ཀྱི། །གཟུགས་ཟན་ལ་གཟོ་ཞིང་མར་གྱི་བརྒྱན་ཆ་ཅན་དང་། བཀྲ་ཤིས་བྱ་ཁ་སྤྲོད། ལ་སོགས་དངོས་གྲུབ་ཀྱི་རྫས་སྣ་ཚོགས། །ཟས་སྣ་ཚོགས། བཏུང་བའི་རིགས་སྣ་ཚོགས་བཤམས་ལ། །ཕུད་ཀྱིས་བྲན། འདུས་པ་མདོའི་ལྷ་ཚོགས་ལ་སོགས་བསྒོམ་ལ་མཆོད་བསྟོད་བྱ་ཞིང་། བསྙེན་པ་དང་། ཉེ་བསྙེན་གྱི་སྒྲུབ་པ་དང་། བསྒྲུབ་པ་ཆེན་པོའི་སྒོ་ནས་བཟླས་བརྗོད་ཀྱི། ། བསྙེན་པ་བརྒྱ་འམ་སྟོང་ལ་སོགས་འབུལ་གཟུངས་ཐག་ལ་བརྟེན་ནས་དངོས་གྲུབ་ཀྱི་དམིགས་པའི་འཕྲོ་འདུས། རུ་ལུ་དང་། ཀ་ཡ་སིདྡྷི་ༀ་ༀ། ཝ་ག་སིདྡྷི་ཨ་ཨཱ། ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ། རཏྣ་སིདྡྷི་ཏྲཾ་ཏྲཾ། ཀར་མ་སིདྡྷི་ཧ་ཧ་ལ་བསྙེན་ནོ། །དེས་ནས། ཧཱུཾ་ཆོས་ཉིད་བདེ་བ་ཆེན་པོའི་སྐུར་བྱུང་བ། །བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་དངོས་གྲུབ་སྩོལ། །དུར་ཁྲོད་དྲེགས་པའི་ཚོགས་རྣམས་འཇོམས་མཛད་པའི། །རྒྱུད་ལུང་ཁྲོ་རྒྱལ་ཡབ་ཡུམ་དངོས་གྲུབ་སྩོལ། །ཡེ་ཤེས་འབར་བ་བརྒྱད་ཀྱི་དཀྱིལ་འཁོར་ནས། །ཀོ་རི་ཁྲོ་མོ་བརྒྱད་ཀྱིས་དངོས་གྲུབ་བསྩོལ། །ཆོས་ཉིད་མཁའ་ལྟར་དག་པའི་དཀྱིལ་འཁོར་ནས། །སིང་ཧ་ཕྲ་མེད་བརྒྱད་ཀྱིས་དངོས་གྲུབ་བསྩོལ། །ཚད་མེད་བཞི་རྫོགས་གསང་བའི་དཀྱིལ་འཁོར་ནས། །རྟ་གདོང་སྒོ་མ་ཚོགས་བཅས་དངོས་གྲུབ་བསྩོལ། །འབར་བའི་བར་ཁྱམས་དུར་ཁྲོད་ནང་ག ཤེད་ནས། །སྤོར་མ་གསང་ཡུམ་ཚོགས་བཅས་དངོས་གྲུབ་སྩོལ། །དམ་ཚིག་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །དབང་ཕྱུག་མ་སྲིང་ཚོགས་ཀྱིས་དངོས་གྲུབ་བསྩོལ། །དུར་ཁྲོད་འབར་བ་ཆེན་པོའི་དཀྱིལ་འཁོར་ནས། །མཁའ་གྲོ་སུམ་བཅུ་རྩ་གཉིས་དངོས་གྲུབ་བསྩོལ། །འཕྲིན་ལས་མྱུར་འགྱོགས་ཆེན་པོའི་དཀྱིལ་འཁོར་ནས། །མ་བདུན་སྲིང་མོ་བཞི་ཡིས་དངོས་གྲུབ་བསྩོལ། །སྒྲོལ་བྱེད་འབར་བའི་ཆེན་པའི་དཀྱིལ་འཁོར་ནས། །རྡོ་རྗེ་གིང་ཆེན་བཅྭོ་བརྒྱད་དངོས་གྲུབ་བསྩོལ། །ཞིང་ཆེན་འབར་བ་ཐུགས་ཀྱི་དཀྱིལ་འཁོར་ནས། །ཁྲོ་རྒྱལ་ཡབ་ཡུམ་དྲུག་བཅུས་དངོས་གྲུབ་བསྩོལ། །ཅི་བགྱིས་བཀའ་ཉན་ལས་ཀྱི་དཀྱིལ་འཁོར་ནས། །ཕོ་ཉ་དྲུག་བཅུ་རྩ་བཞིས་དངོས་གྲུབ་བསྩོལ། །ལས་རྣམས་ཡོངས་སུ་གྱུར་པའི་དཀྱིལ་འཁོར་ནས། །མ་མོ་དྲུག་བཅུའི་ཚོགས་ཀྱིས་དངོས་གྲུབ་སྩོལ། །སྡོམ་པའི་ས་ལ་གནས་པའི་དཀྱིལ་འཁོར་ནས། །རིག་འཛིན་རྩལ་ཆང་ཚོགས་ཀྱིས་དངོས་གྲུབ་བསྩོལ། །གནས་མཆོག་ཡང་དག་དོན་གྱི་འོག་མིན་ནས། །རྒྱལ་བ་ཀུན་བཟང་ཡབ་ཡུམ་དངོས་གྲུབ་བསྩོལ། །འོག་མིན་དབང་ཕྱུག་ཆེན་པོའི་གནས་མཆོག་ནས། །གསང་སྔགས་རྡོ་རྗེ་ཐེག་པ་འབྱུང་བའི་གནས། །རྡོ་རྗེ་སེམས་དཔའ་རིགས་ལྔ་ཡུམ་དང་བཅས། །ལོངས་སྤྱོད་རྫོགས་པ་སྐུ་ཡི་དངོས་གྲུབ་བསྩོལ། །ལྷ་ཀླུ་གནོད་སྦྱིན་སོ་སོའི་གནས་མཆོག་ནས། །བཅོམལྡན་རིགས་གསུམ་མགོན་པོས་དངོས་གྲུབ་བསྩོལ། །ཨོ་རྒྱན་དྷ་ན་ཀོ་ཤའི་གླིང་ཕུག་ཏུ། རྡོ་རྗེ་སེམས་དཔའི་ཐུགས་སྤྲུལ་དགའ་རྡོར་དང་། །རྒྱལ་པོའི་བུ་མོ་རིན་ཆེན་གསལ་སྒྲོན་ལ། །རྡོ་རྗེ་སེམས་དང་གསང་བདག་དངོས་བྱོན་ནས། །དབང་བཞི་རྫོགས་བསྐུར་རྟོགས་ཚོགས་ལྷ་ངོ་སྤྲད། །དབང་རྟགས་ཆགས་ཤིང་མེ་ལོང་རྣམ་གཉིས་སྦྱིན། །རིག་འཛིན་ཁྲི་ཕྲག་དུ་མ་སངས་རྒྱས་ནས། །དེའི་དངོས་གྲུབ་དམ་པ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་མཆོག་ཆེན་པོ་འདིར། །བསྒྲུབ་མཆོག་སྐལ་ལྡན་བདག་ལ་སྩལ་དུ་གསོལ། །རྒྱ་གར་ཡུལ་གྱི་ཕ་རོལ་ན། །ཨོ་རྒྱན་ཡུལ་གྱི་ཚུར་མཚམས་ན། །མ་ག་ཏའི་བྲག་ཕུག་ཏུ། །ཨོ་རྒྱན་རྒྱལ་པོ་དྷརྨ་ཀ་ཡ་དང་། །ཀླུའི་རྒྱལ་པོ་བུ་མོ་གཉིས། །དགའ་རབ་རྡོ་རྗེ་སྤྱན་དྲངས་ནས། །ཚོམ་བུ་སྟོང་གི་དཀྱིལ་འཁོར་བསྒྲུབས། །ཁྲི་ཕྲག་གཅིག་ཏུ་སངས་རྒྱས་པ། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། ། སྒྲུབ་མཆོག་བདག་ལ་སྩལ་དུ་གསོལ། །རྒྱ་གར་ཡུལ་གྱིས་མར་མཚམས་ན། །ཟ་ཧོར་ཡུལ་གྱི་ཡར་མཚམས་སུ། རྡོ་རྗེ་འོད་འཕྲོ་གླིང་འཚལ་དུ། །རྒྱལ་པོ་ཨིནྟྲ་བོ་དྷི་དང་། །སྲས་མོ་ནི་ལན་དྷ་ར་གཉིས། །ཚོམ་བུ་ལྔ་བརྒྱའི་དཀྱིལ་འཁོར་བསྒྲུབས། །ཁྲི་ཕྲག་དུ་མ་སངས་རྒྱས་པ། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་སྩལ་དུ་གསོལ། །རྒྱ་གར་ཡུལ་གྱི་མར་མཚམས་སུ། །སིང་ག་དྷ་ཡི་ཡར་མཚམས་སུ། །གཡུ་མཚོ་གླིང་དགུའི་བྲག་ཕུག་ཏུ། །སིང་ཧ་ཨུ་པ་ར་ཙ་དང་། །སྲས་མོ་མགོ་མ་དི་བྱི་གཉིས། །ཚོམ་བུ་ལྔ་བཅུའི་དཀྱིལ་འཁོར་བསྒྲུབས། །རྒྱ་ཕྲག་དུ་མ་སངས་རྒྱས་པ། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །རྒྱ་གར་ཡུལ་གྱི་དབུས་ཤོད་དུ། །བ་ར་ན་སཱིའི་གནས་དག་ཏུ། །དགེ་སློང་ཉི་བྱེད་སེང་གེ་དང་། །སྲིན་པོ་སྣམས་བུའི་བུ་མོ་ན་ཤི་གཉིས། །ཚོམ་བུ་གསུམ་པའི་དཀྱིལ་འཁོར་བསྒྲུབས། །འཁོར་ནི་ལྔ་བརྒྱ་སངས་རྒྱས་ཏེ། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །རྒྱ་གར་ཡུལ་གྱི་ཚུར་མཚམས་ན། །བལ་པོ་ཡུལ་གྱི་ཚུར་མཚམས་སུ། །དགེ་སློང་སོགས་ཀྱ་དེ་བ་དང་། །ལྷ་མོ་མང་གྷ་སིདྡྷི་གཉིས། །ཚོམ་བུ་གཅིག་པའི་དཀྱིལ་འཁོར་བསྒྲུབས། །འཁོར་ནི་ལྔ་བརྒྱ་སངས་རྒྱས་ཏེ། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབས་མཆོག་བདག་ལ་བསྩལ་དུ་གསོལ། །རྒྱ་གར་ཡུལ་གྱི་ཚུར་མཚམས་སུ། །བལ་པོ་ཡུལ་གྱི་ཡར་མཚམས་སུ། །ཡང་ལེའི་ཤོད་ཀྱི་བྲག་ཕུག་དུ། །དགེ་སློང་པདྨ་འབྱུང་གནས་དང་། །བལ་མོ་བཟའི་ཤཱཀྱ་གཉིས། །ཚོམ་བུ་ལྔ་བའི་དཀྱིལ་འཁོར་བསྒྲུབས། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབས་མཆོག་བདག་ལ་བསྩལ་དུ་གསོལ། །རྒྱ་གར་ཡུལ་གྱིས་ཡར་མཚམས་སུ། །སྟག་གཟིག་ཡུལ་གྱིས་མར་མཚམས་སུ། །ཨ་སུ་ར་བའི་བྲག་ཕུག་ཏུ། །སློབ་དཔོན་ཏི་ར་མ་ཏི་དང་། །བུ་མོ་གྷ་གྷ་སིདྡྷི་གཉིས། །ཇི་ལྟར་བསྒྲུབས་ཅིང་བསྙེན་པ་ཡིས། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །བོད་ཀྱི་ཡུལ་གྱི་ཡར་མཚམས་སུ། །ཞང་ཞུང་ཡུལ་གྱི་མར་མཚམས་སུ། །གངས་དཀར་ཏེ་སེའི་བྲག་ཕུག་ཏུ། །སློབ་དཔོན་སངས་རྒྱས་གསང་བ་དང་། །ལྷ་མོ་དམར་མོ་ཆོས་མཚོ་གཉིས། །ཇི་ལྟར་བསྒྲུབ་ཤིང་བསྙེན་པ་ཡིས། །དེ་ཡི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབས་མཆོག་བདག་ལ་བསྩལ་དུ་གསོལ། །བོད་ཀྱི་ཡུལ་གྱིས་ཕར་མཚམས་སུ། །མོན་གྱི་ཡུལ་གྱི་ཚུར་མཚམས་སུ། །སྤ་གྲོ་སྟག་ཚང་སེང་གེ་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །མཁར་ཆེན་བཟའི་མཚོ་རྒྱལ་གཉིས། །ཇི་ལྟར་བསྒྲུབས་ཅིང་བསྙེན་པ་ཡིས། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །བོད་ཀྱི་ཡུལ་གྱི་མར་མཚམས་སུ། །འཁམས་ཀྱི་དན་ཏིང་བྲག་ཕུག་ཏུ། །སློབ་དཔོན་རྒྱལ་བའི་བློ་གྲོས་དང་། །ལྷ་མོ་སུམ་ཟ་སེར་མོ་གཉིས། །ཇི་ལྟར་བསྒྲུབས་ཅིང་བསྙེན་པ་ཡིས། །དེ་ཡི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །བོད་ཡུལ་གཙང་གི་གཡས་རུའི་ཕྱོགས། །ཉུག་གི་རྡོ་རྗེ་སྒྲོམ་བུ་རུ། །གནུབ་བན་སངས་རྒྱས་ཡེ་ཤེས་ཀྱིས། །རང་བྱུང་ཐིག་ལེ་ཉག་གཅིག་དོན། །ཟླ་བ་དགུ་ཡིས་སེམས་ཉིད་གྲོལ། །དངོས་པོའི་གནས་ལུགས་གཏན་ལ་ཕེབས། །དེ་ཡི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །ཁུ་ལུངས་ཡོན་ཏན་རྒྱ་མཚོ་ནི། །ཐུགས་སྲས་ནང་ནས་མཆོག་དུ་གྱུར། །སྤྲུལ་པ་མང་པོའི་ཞལ་གཟིགས་པས། །མཆོག་དང་ཐུན་མོངས་དངོས་གྲུབ་བརྙེས། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །ལྡན་གྱི་ཕྱག་ཤམ་དགོན་པ་རུ། །སོ་ནི་ཡེ་ཤེས་དབང་ཕྱུག་གིས། །ཆོས་ཉིད་རང་གྲོལ་དོན་དམ་ཐུགས་སུ་ཆུད། །རྫོགས་ཆེན་ལྟ་བའི་བཀའ་ཡང་བབ། །དེ་ཡི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །ཤོ་ཡགས་སྡིངས་ཀྱི་གནས་མཆོག་དུ། །དབང་བཞི་ཆུ་བོའི་བཀའ་བབས་པས། །སྲུ་ནི་ལེགས་པའི་སྒྲོལ་མ་ཡིས། །དགེ་མཆེད་བཅོ་ལྔའི་སློབ་བུ་སྨིན། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །དེ་དག་ནང་ནས་བཞུའི་རུས། །བསོད་ནམས་ཤཀྱ་ཞེས་སུ་གྲགས། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །བོད་ཡུལ་གཙང་གི་གཡོན་རུའི་ཕྱོགས། །འུག་པ་ལུང་གི་ཡང་དབེན་དུ། །ཟུར་ཆེན་ཤཱ ཀྱ་འབྱུང་གནས་ཀྱིས། །བཀའ་རྒྱུད་ལུང་དང་མན་ངག་ལ། །ཕུལ་གྱུར་ཤེས་བྱ་མ་ལུས་མཁྱེན། །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པའི་བདག་པོར་ལུང་བསྟན་པ། །དེ་ཡིས་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །གཡས་རུ་རྒྱ་བོ་གྱེ་གནས་སུ། །ཟུར་ཆུང་ཤེས་རབ་གྲགས་པ་ནི། །ལྟ་དགོངས་རྩེ་མོའི་ཕུལ་དུ་གྱུར། །སྣང་གྲགས་སྒྱུ་མར་མཁྱེན་པ་ཡིས། །སྐལ་ལྡན་གདུལ་བྱ་སྨིན་གྲོལ་མཛད། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། ། གཡས་རུ་ཆུ་བར་ལི་ཐུང་དུ། །གླན་སྟོན་ཤཱཀྱ་བཟང་པོ་ནི། །སྣང་སྲིད་ལྷ་འདྲེ་བྲན་དུ་འཁོལ། །འཕྲིན་ལས་སྤྱོད་ལ་ཐོགས་པ་མེད། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་སྩལ་དུ་གསོལ། །གཡས་རུ་ཤངས་ཀྱི་ཉ་ཚལ་གྱིས། །ཁང་སྟོད་མན་ངག་འབྱུང་བ་རུ། །ལྷ་རྗེ་ཤཱཀྱ་བྱང་ཆུབ་ནི། །རྫོགས་ཆེ་ལྟ་བའི་ཕུལ་དུ་གྱུར། །ཤེས་བྱ་ཐོགས་མེད་མ་ལུས་མཁྱེན། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། ། བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །འོག་གདོང་ལྷ་རྗེ་འགར་ཞེས་གྲགས། །ཡེ་ཤེས་མཁའ་འགྲོའི་བྱིན་རླབས་པ། །ཟག་མེད་བདེ་བའི་ཉམས་དང་ལྡན། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །མཆིམས་ཀྱི་འཆད་མགོ་གནས་མཆོག་ཏུ། །སྲེགས་སྟོན་རྡོ་རྗེ་རྒྱལ་མཚན་ནི། །ཡོན་ཏན་བསམ་གྱིས་མི་ཁྱབ་མངའ། །དབང་གི་ཆུ་བོའི་བཀའ་རྣམས་རྫོགས། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །ཤ་རི་མོ་རྒྱ་གར་གླིང་ཆུང་དུ། །མཁས་པ་གླན་བན་རྡོ་རྗེ་འོད། །གསང་བདག་ཞལ་གཟིགས་དུས་སུ་མཁྱེན། །ཤམ་བྷ་ལ་རུ་མ་འོངས་འཁོར། །འདྲེན་པར་ལུང་བསྟན་ཆོས་མིག་ཅན། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །དམ་ཆོས་འབྱུང་གནས་ཤ་རི་མོར། །གླན་སྟོན་བརྩོན་འགྲུས་སེང་གེ་ནི། །གདུལ་བྱ་ཡང་དག་ས་ལ་འགོད། །སྤྲུལ་བས་འགྲོ་བ་མ་ལུས་འདྲེན། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །གུ་ཐང་དཔལ་གྱི་དགོན་པ་རུ། །མཁས་པ་བསོད་ནམས་རྒྱལ་པོ་ཡིས། །དབང་གིས་ཆུ་བོ་གདུལ་བྱ་ཡིས། །འགྲོ་བ་ཐམས་ཅད་སྨིན་པར་མཛད། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །སྤྲུལ་སྐུ་ལྷ་རྗེ་ལྷ་འབུམ་གྱིས། །དྲག་པོ་གདུལ་བྱ་འགྲོ་བ་སྨིན། །སྤྲུལ་པ་མི་ནི་སྐུར་གཤེགས་པ། །དེ་ཡི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདིར་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །ཤང་མོ་རྒྱ་གར་གླིང་ཆུང་དུ། །རླངས་སྟོན་ཆོས་ཀྱི་སེང་གེ་ནི། །ཏིང་འཛིན་སྒོམ་པའི་དྲོད་དང་ལྡན། །བསྐྱེད་རྫོགས་གསུམ་གྱི་དགོངས་པ་རྫོགས། །དེ་ཡི་དངོས་གྲུབ༴ ལྗང་ལུང་དཔག་གྱི་དགོན་པ་རུ། མཚན་ནི་སངས་རྒྱས་དཔལ་དུ་གྲགས། །དབང་གི་ཆུ་བོ་རྫོགས་པ་ཡིས། །སྙིགས་མའི་དུས་སུ་འགྲོ་དོན་མཛད། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །ཉ་ཚལ་ཆོས་ཀྱི་འབྱུང་གནས་སུ། །གླན་སྟོན་བསོད་ནམས་མགོན་པོ་ནི། །བསྐྱེད་རྫོགས་གསུམ་གྱི་བཅུད་བསྡུས་ཤིང་། །དབང་ལུང་མན་ངག་བདག་པོར་གྲགས། །དེ་ཡི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །གཙང་གི་བྱེ་མ་སེང་སེང་རུ། །འབྲོ་སྟོན་བསམ་འགྲུབ་རྡོ་རྗེ་ནི། །རྡོ་རྗེ་སེམས་དཔའི་ལུང་བསྟན་གསན། །ཧེ་རུ་ཀའི་སྐུ་རུ་གཟིགས། །སྔགས་འཆང་ཀུན་གྱི་སྤྱི་དཔལ་བཞུགས། །དེའི་དངོས་གྲུབ་ཆ་གཅིག་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །ཀ་ཐོག་ཆོས་ཀྱི་རྒྱ་མཚོ་ཆེར། །ཡོ་ག་གསུམ་གྱིས་ཡིད་བཞིན་བརྙེས། །ཀུན་ཏུ་བཟང་པོའི་རྒྱལ་ཐབས་འཛིན། །ཏིང་འཛིན་རྡོ་རྗེ་བཟང་པོར་གྲགས། །དེའི་བྱིན་རླབས་དངོས་གྲུབ་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །དར་ལུང་དཔལ་གྱི་གནས་མཆོག་དུ། །གསང་སྔགས་དངོས་གྲུབ་དམ་པ་བརྙེས། །གྲུབ་མཆོག་རྡོ་རྗེ་རྣམ་རྒྱལ་ཞབས། །དེའི་བྱིན་རླབས་དངོས་གྲུབ་ཀྱང་། །དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་ལ༴ བྱམས་སྡིང་གྲུབ་པའི་གནས་མཆོག་ཏུ། །མཁས་གྲུབ་དཔལ་འབྱོར་རྒྱལ་མཚན་ནི། གསང་ཆེན་ཟབ་མོའི་དངོས་གྲུབ་བརྙེས། །དེའི་བྱིན་རླབས་དངོས་གྲུབ་ཀྱང་། དེ་རིང་གསང་བའི་གནས་འདི་རུ། །བསྒྲུབ་མཆོག་བདག༴ བྱང་ཆུབ་གླིང་གི་བསྒྲུབ་གནས་སུ། །རིག་འཛིན་རྒྱུད་པའི་ལུང་བསྟན་བརྙེས། །རྒྱ་ཆེན་ཆོས་ཀྱི་སྤྱན་དང་ལྡན། །རྗེ་བཙུན་དོན་འགྲུབ་དཔལ་འབར་བ། །དེའི་དངོས་གྲུབ༴ དེ་རིང་གནས༴ བསྒྲུབ་མཆོག༴ ཡང་འདིར་འདུས་པ་མདོའི་དངོས་གྲུབ་གསལ་ཞིང་ལེན་པའི་དབང་དུ་གསུངས་ཏེ་ཞི་བའི་ལྷ་ཁྲོ་བོ་ལ་གནས་འགྱུར་དུ་ཡོད་པས། ཁྲོ་བོ་ལ་བླངས་པ་དེ་ཀ་ཞི་བ་ལ་བླངས་པ་ཡིན་པས། དེའི་ཕྱག་བཞེས་ལས། འབྲང་རྒྱས་ལ་གསལ་ཞིང་། གོ་རིམ་པ་བཅུ་བཞིས་མཐོ་དམ ན་ཡོད་པར་གསལ་བར་བྱས་པ་དེ་ལ་ཡེ་ཤེས་ལྷ་དང་། མཚན་མ་རྫས་གཉིས་ཀ་འབྱུང་བར་བྱས་པ་ཡིན་ཏེ། དེའི་ཆོ་གའི་ལས་རིམ་ལ། སྤྱན་དྲངས་མཆོད་པ་བཟླས་པ་དང་། བསྟོད་པ་དང་། སྨོན་ལམ་གདའ་བ་དྲུག །ཅེས་གསུངས་པས། འདིའི་ལས་ཀྱི་རིམ་པ་ནི། ཕོ་བྲང་ན་དཔལ་གྱི་མར་མེ་བཀོད་པ་དེ། འདུས་པ་ཆེན་པོ་ཁྲོ་བོའི་ལྷ་ཚོགས་དཀྱིལ་འཁོར་ན་ཇི་ལྟར་ཡོད་པ་བཞིན་གསལ་བར་བསྐྱེད། དེ་ལ་དབང་བསྐུར་བྱིན་གྱིས་རླབས། སྙན་གསན་དབབ། དཀྱིལ་འཁོར་གྱི་ལྷ་ཚོགས་ཉིད་སྤྱན་དྲངས། བསྟིམ། བསྟན་ལ་སྤྱན་དྲང་པ་ནི། ཕོ་བྲང་གི་མར་མེ་ལ་དབུས་ན་ཆེ་མཆོག །དབང་མཆོག་བཛྲ་ཧེ་རུ་ཀ །དེ་ལྟར་གསུམ་པོ་ཡུམ་དང་བཅས་པ་གསལ་བར་བསྐྱེད་དེ། དེས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་ཨ་ཁྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་ཧཱུཾ། བཛྲ་ཨང་གུ་ཤ་ཛ་ཛཿ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བརྗོད་ལ་གསལ་ཤིང་ལ་མེ་སྤར་མེ་འབར་བ་དང་། འོད་དང་སྤྲུལ་པར་ཆེས་ནས་གསལ། ཤིང་རྩེ་ལ་བྱོན་པར་གསལ། གཉིས་པ་མཆོད་པ་འབུལ་བ་ནི། བདུད་རྩི། གཏོར་མ། རཀྟ་གསུམ་པོ་རྩ་སྔགས་ཀྱིས་དབུལ། གསུམ་པ་བཟླས་པ་ནི། བསྐུལ་ཚིག་དང་། འཛབ་བྱ་བ་གཉིས་ཡིན་སྟེ། དེ་ལ་བསྐུལ་བ་ནི། བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་དང་། །དབང་མཆོག་ཧེ་རུ་ཡབ་ཡུམ་དང་། །བཛྲ་ཧེ་རུ་ཀ་ཡབ་ཡུམ་དང་། །གཙོ་བོ་རྣམས་ཀྱི་ཐུགས་ཁ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ་བརྒྱད་དང་། །སྙིང་པོ་རུ་ལུ་འབྲུ་བརྒྱད་དང་། །གུ་ཡ་ཛྙཱ་ནའི་འོད་ཟེར་འཕྲོས། །ཡར་འཕྲོས་དཔལ་གྱི་ཐུགས་དམ་བསྐངས། །ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། ༀ་ཨ་ཁྲ་མཧཱ་ཀྲོ་ཏ་ཤྲི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་ཏི་ཤཱ་རི་ཧཱུཾ། ༀ་རུ་ལུ༴ ༀ་སརྦ་ཏ་ཐཱ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་རུ་ལུ༴ ༀ་བཛྲ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་ཧཱུཾ། ༀ་རུ་ལུ༴ ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུཾ། བཞི་པ་བསྟོད་པ་ནི། ༀ་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །བླ་མེད་ཡུམ་ཆེན་ཁྲོ་མོ་རྒྱལ། །མཐིང་ནག་འཇིགས་སྐུ་བདུད་བཞི་འདུལ། །ཉི་ཤུ་རྩ་གཉིས་མངོན་སངས་རྒྱས། །ཞབས་བརྒྱད་ཏིང་འཛིན་དབྱིངས་སུ་སྦྱོར། །བརྒྱན་རྣམས་མ་ལུས་སྐུ་ལ་རྫོགས། །ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །དབུ་དགུ་ཕྱག་ནི་བཅྭ་བརྒྱད་དེ། །སྟོང་པ་བཅྭ་བརྒྱད་ཡོངས་སུ་རྫོགས། །མཐིང་ནག་དགྱེས་པ་ཆེན་པོའི་སྐུ། །ཞབས་བརྒྱད་རུ་ཏྲ་ཕོ་མོ་མནན། འཇིགས་བྱེད་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་རྡོ་རྗེ་རིགས་མཆོག་བདུད་བཞི་འདུལ་བའི་གཙོ། །གདུག་པ་ཆེན་པོ་ཐབས་ཀྱི་བཏུལ་ནས་ནི། །བདུད་ཀྱི་རིགས་རྣམས་རྡུལ་དུ་རླག་མཛད་པ། །དཔལ་ཆེན་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད། །ༀ་རུ་ལུ༴ ༀ་གྷུ༴ ལྔ་པ་སྨོན་ལམ་གདབ་བ་ནི། ཧོ་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་དང་། དབང་མཆོག་ཆེན་པོ་ཡབ་ཡུམ་དང་། དཔལ་ཆེན་པོ་ཧེ་རུ་ཀ་ཡབ་ཡུམ་ལ་སོགས་པ་རྣམས་ལ། དངོས་གྲུབ་ཏུ་གསོལ་བའི་མདོ་ནི། བདག་ཅག་རྣལ་འབྱོར་པ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཚོགས་པ་རྣམས་ལ། ཤེས་བྱའི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་འཛིན་། རྡོ་རྗེ་ལྟ་བུའི་ལུས། གཡུང་དྲུང་ལྟ་བུའི་ཚེ། གཞན་ཡང་སྣང་བ་དང་། མི་སྣང་བ་དང་། རྡོ་རྗེ་སྤྱན་ལ་སོགས་པའི་དངོས་གྲུབ་ཐོབ་པ་དང་། ཁྱད་པར་དུ་ཡང་། ཐུན་མོང་གི་དངོས་གྲུབ། བུ་ཚ་དང་། རིགས་རྒྱུད་འཕེལ་བ་དང་། ཚེ་རིང་པ་དང་། ནད་མེད་པ་དང་། དཔལ་དང་གཟི་མདངས་དང་། ཟས་དང་ནོར་ལ་སོགས་པ་འབྱོར་པའི་ཡོ་བྱད་ཐམས་ཅད་རྒྱས་ཤིང་འཕེལ་ནས། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་དང་། སངས་རྒྱས་ཀྱི་བསྟན་པ་དར་ཤིང་རྒྱས་པ་དང་། འཁོར་དང་ལོངས་སྤྱོད་འཕེལ་ཞིང་རྒྱས་པའི་དངོས་གྲུབ་བསྩལ་དུ་གསོལ། །ཁྱད་པར་གྱིས་རྡོ་རྗེ་སེམས་དཔའི་མཚན་ཡོངས་སུ་རྫོགས་པའི་དངོས་གྲུབ་ཀྱི་སྐུ་ཐོབ་པར་བསྩལ་དུ་གསོལ། །དྲུག་པ་བསྡུ་བ་ནི། བཛྲ་ཨདྒུ་ཤ་ཛ་ཛཱཿཞེས་པ་ལན་གསུམ་བརྗོད་པས། དང་པོ་འོད་དང་སྤྲུལ་པ་གཉིས་པས་ཡིག་འབྲུ་གསུམ་པ་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ་པས། བདག་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གཟི་བརྗིད་དང་ལྡན་པར་བསམ་མོ། །དེ་ནས་གསལ་ཤིང་གིས་རིམ་བ་གཉིས་པ་ལ་རྒྱུད་ཀྱི་ཧེ་རུ་ཀ་བཞིའི་དངོས་གྲུབ་བླངས་ཏེ། དེ་ལ་ཡང་དོན་དྲུག་གི་དང་པོ་སྤྱན་དྲངས་བ་ནི། ཕོ་བྲང་གིས་མར་མེ་ལ། རིགས་བཞི་ཧེ་རུ་ཀ་ཕྱོགས་བཞི་ནས་བསྐྱེད་པ་སྟེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་སྟེ། །ༀ་བུདྡྷ་ཤྲི་ཧེ་རུ་ཀ་བུ་དྷ་ཤི་ཧེ་རུ་ཀྲོ་ཏི་ཤྭ་རི་ཧཱུཾ། བཛྲ་ཨདྒུ་ཤ་ཛ་ཛ། ༀརུ་ལུ༴ རད་ན་ཡབ་ཡུམ། ཨདྒུ་ཤ་ཛཱཿ ༀ་རུ༴ པདྨ་ཡབ་ཡུམ། ཨདྒུ༴ ༀ་རུ༴ ཀརྨ་ཡབ་ཡུམ༴ ཨདྒུ༴ ༀ་རུ་ལུ༴ ཞེས་བཞེས་བརྗོད་ལ་གསལ་ཤིང་གཉིས་པ་ལ་མེ་སྦར། མེ་འབར་བ་དང་གཉིས་སུ་མེད་པར་འོད་དང་བཅས་ནས་བྱོན་པར་བསམ། གཉིས་པ་མཆོད་པ་འབུལ་བ་ནི། རིགས་བཞི་ཧེ་རུ་ཀ་ལ་ཞེས་པས། གཏོར་མ། བདུད་རྩི། རཀྟ་གསུམ་འབུལ། གསུམ་པ་བསྐུལ་ཚིག་ནི། རིགས་བཞིའི་ཧེ་རུ་ཀའི་ཐུགས་ཁ་ནས། ཟུར་བརྒྱད་དཀྱིལ་ནས་འབྲུ་བརྒྱད་ཤར། སྙིང་པོ་རུ་ལུ་འབྲུ་བརྒྱད་དང་། །གྷུ་ཡ་ཛྙཱ་ནའི། ཕར་འཕྲོས་དཔལ་གྱི་ཐུགས་ཀ་ནས། །ཚུར་འདུས་བདག་ལ་དངོས་གྲུབ་བསྩོལ། །འཛབ་ནི། བུདྡྷ། རཏྣ། པདྨ། ཀརྨཱ་ཡབ་ཡུམ་སྔགས་ལ་རུ་ལུ་རེ་རེ་དང་། གྷུ་ཧྱ་རེ་རེ་གདགས་སོ། །བཞི་པ་བསྟོད་པ་ནི། ཆོས་དབྱིངས་དག་པ། ཕུན་ཚོགས་འཛིན། གསུང་མཆོག་ཆོས། ནན་དབང་དྲག་ཤུལ་བཞིས་བསྟོད། །ལྔ་པ་སྨོན་ལམ་ནི། ཧོ་བཅོམ་ལྡན་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ་ལ་དངོས་གྲུབ་དུ་གསོལ་བའི་མདོ་ནི་བདག་ཅག་རྣལ་འབྱོར་པ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཚོགས་པ་རྣམས། ཤེས་བྱའི་ཆོས་ཐམས་ཅད་ལ་ཅེས་པ་མན་ཆད་འགྲེའོ། །དྲུག་པ་བསྡུ་བ་གོང་བཞིན་བྱའོ། །དེ་ནས་གསལ་ཤིང་རིམ་པ་གསུམ་པ་ལ་ལུང་གི་ཧེ་རུ་ཀ་བཞིའི་དངོས་གྲུབ་བླངས་པ་ལའང་དོན་དྲུག་གིས་སྟོན་པའི་དང་པོ་སྤྱན་དྲངས་བ་ནི། ཕོ་བྲང་གི་མར་མེ་ལ་ལུང་གི་ཧེ་རུ་ཀ་ཡབ་ཡུམ། མཚམས་བཞིའི་རྩིབས་ལ་བསྐྱེད་པ་དེ་ལྟ་བུའི་ཕྱག་རྒྱས་སྤྱན་དྲངས་སྟེ། ༀ་རཀ་ཤ་ཤྲི་ཧེ་རུ་ཀ །རཀྴ་ཀྲོ་ཏི་ཤཱ་རི་ཧཱུཾ། ༀ་རུ་ལུ༴ གྷུ་ཧྱ་ཛྙཱ་ན༴ ས་ནུ་ཡབ་ཡུམ། རུ་ལུ། གྷུ་ཡ། གྷུ་ཧྱ་ཡབ་ཡུམ། རུ་ལུ། གྷུ་ཡ་ཛྙཱ་ན། རཀ་ཤ་ཡབ་ཡུམ། ༀ་རུ་ལུ། གྷུ་ཧྱ་ཛྙཱ་ན་རྣམས། སྔགས་རིམ་པར་བརྗོད་ལ། གསལ་ཤིང་གསུམ་པ་ལ་མེ་སྦར། །འབར་བ་དང་གཉིས་སུ་མེད་པར་བྱོན་པར་བསམ། དེ་ནས་གཉིས་པ་མཆོད་པ་འབུལ་བ་ནི། ལུང་གི་ཧེ་རུ་ཀ་ཡབ་ཡུམ་རྣམས་ལ་གཏོར་མ། བདུད་རྩི། རཀྟ་གསུམ་དབུལ། གསུམ་པ་བསྐུལ་ཚིག་དང་འཛབ་གཉིས་ཀྱི་དང་པོ་བསྐུལ་བ་ནི། ༀ་ལུང་གི་ཧེ་རུ་ཀའི་ཐུགས་ཀ་ནས། ཟུར་བརྒྱད་དཀྱིལ་ནས་འབྲུ་བརྒྱད་ཤར། །སྙིང་པོ་རུ་ལུ་འབྲུ་བརྒྱད་དང་། །གྷུ་ཧྱ་ཛྙཱ་ནའི་འོད་ཟེར་ནི། །ཕར་འཕྲོས་པས་ནི་ཐུགས་ཀ་ཐིམས། ཚུར་འདུས་བདག་ལ་དངོས་གྲུབ་གསོལ། །འཛབ་ནི་རཀ་ཤ །ས་ནུ། གྷུ་ཡ། ཡཀ་ཤ་བཞིའོ། །རུ་ལུ་རེ་རེ་དང་གུ་ཧྱ་རེ་རེ་སྤེལ་གྱིས་གདགས་སོ། །བཞི་པ་བསྟོད་པ་ནི། ཧཱུཾ་སྤྱོར་བ་དམ་ཚིག་གསང་བའི་སྒྲོལ་མའི་དབྱིངས། །ལོག་ལྟ་མྱང་བྱེད་སྐྱེ་གནས་རེག་བྱ་འཇོམས། ག་ན་ཉམས་པ་མཚན་མ་སྒྲོལ། ལུང་གི་ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། ཧོ་བཅོམ་ལྡན་ལུང་གི་ཧེ་རུ་ཀ་ཡབ་ཡུམ་གྱི་ཚོགས་ལ་དངོས་གྲུབ་དུ་གསོལ་བའི་མདོ་ནི། བདག་ཅག་རྣལ་འབྱོར་པ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཚོགས་པ་རྣམས་ལ། ཤེས་བྱའི་ཆོས་ཐམས་ཅད་ལ་ཞེས་པ་མན་ཆད་གང་གིས་ཤེས་སོ། །དྲུག་པ་བསྡུ་བ་གོང་བཞིན་ནོ། །གསལ་ཤིང་གི་རིམ་པ་བཞི་པ་ལ་ཁྲོ་མོ་བརྒྱད་ཀྱི་དངོས་གྲུབ་བླངས་པ་ལ། དྲུག་གི་དང་པོ་སྦྱན་དྲངས་པ་ནི། མར་མེ་ལ་ཁྲོ་མོ་བརྒྱད་བསྐྱེད་པ། དེ་ལྟ་བུའི་ཕྱག་རྒྱས་སྤྱན་དྲངས་བ་ནི། ཀེ་རི་བརྒྱད་པོའི་རྩ་སྔགས་རྫོགས་པ ར་བརྗོད་ལ། བཛྲ་ཨདྒུ་ཤ་ཛཱ་ཛཱ། ཞེས་པས་བརྗོད། རུ་ལུ་དང་གྷུ་ཡ་བཟླས། སྨན་རག་གཏོར་གསུམ་ཁའི། ཀི་རི་བརྒྱད་ཀྱི་ཐུགས་ཀའི། སྙིང་པོའི་གྷུ་ཧྱ་ཛྙཱ་ནའི་འོད་འཕྲོས་བས། ཕར་འཕྲོས་པས་ནི། ཚུར་འདུས་བདག་ལ། འཛབ་བྱ། བསྟོད་པ། ཀེའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ནི། གདུག་པ་ཐབས་ཀྱིས་འདུལ་པའི་དྲག་ཤུལ་ཅན། །སྐུ་མདོག་ཕྱག་རྒྱ་སྣ་ཚོགས་ཅིར་ཡང་སྟོད། །ཡེ་ཤེས་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །ཁྲོ་མོ་བརྒྱད་ཀྱི་དངོས་གྲུབ་དུ་གསོལ་བའི་མདོ་ནི། ཞེས་པ་ལ་སོགས་པ་དང་བསྡུ་བ་གོང་བཞིན་ནོ། །གསལ་ཤིང་གི་རིམ་པ་ལྔ་པ་ལ་ཕྲ་མེན་བརྒྱད་དང་སྒོ་མ་བཞིའི་དངོས་གྲུབ་བླངས་ལ་དྲུག་གི་དང་པོ་སྤྱན་དྲངས་པ་ནི། ཕོ་བྲང་གི་མར་མེའི་བར་འཁྱམས་དང་པོ་ལ་སིངྷ་བརྒྱད་དང་། སྒོ་མ་བཞི་བསྐྱེད་པ་ལྟ་བུའི་ཕྱག་རྒྱ་བཅས་ལ། བཛྲ་སིངྷ་མུ་ཁ་ཧེ། ཞེས་རྩ་སྔགས་བརྒྱད་བརྗོད། བཛྲ་ཨུདྒུ་ཤ་ཛཱ་ཛཱ། ༀ་རུ་ལུ༴ ཞེས་བརྗོད། ཡང་སྒོ་མ་བཞིའི་རྩ་སྔགས། བཛྲ་ཨརྻ་ཏེ་ཛ་ཏེ་ང་ཛཿ ལ་སོགས་པ་བཞི་བརྗོད། བཛྲ་ཨདྒུ་ཤ་ཛ་ཛ། ལ་སོགས་གསལ་ཤིང་ལྔ་པ་ལ་མེ་སྤར། འོད་དང་བཅས་ནས་བྱོན་པར་བསམ། གཉིས་པ་མཆོད་པ་སྨན་རག་གཏོར་གསུམ་གྱིས་དབུལ། གསུམ་པ་བཟླས་པ་ལ། གཉིས་ཀྱིས་བསྐུལ་ཚིག་ནི། ༀ་སིང་ཧ་ཕྲ་མེད་བརྒྱད་རྣམས་དང་། །སྒོ་མ་བཞིའི་ཐུགས་ཁ་ནས། སྙིང་པོ་རུ་ལུ༴ གྷུ་ཡ་ཛྙཱ་ནའ༴ ཕར་འཕྲོས་པས་ནི་མཆོད། ཚུར་འདུས་བདག་ལ་དངོས༴ བཟླས་པ་ནི་སིངྷ་བརྒྱད་པོའི་རྩ་སྔགས་དང་། །སྒོ་མ་བཞིའི་རྩ་སྔགས་རུ་ལུ་སྤེལ་མར་བཟླས་སོ། །གྷུ་ཧྱ་བཟླས། བཞི་པ་བསྟོད་པ་ནི། ཧཱུཾ་སིང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ་ཕྱག་འཚལ་བསྟོད། སྟག་གདོང་ལ་སོགས་སྒོ་མ་བཞི་རྣམས་ནི། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུངས། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། ཕྲ་མེན་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། ཤེས་བྱའི་ཆོས༴ ཞེས་པ་དང་། །དྲུག་པ་བསྡུ་བ་གོང་བཞིན་ནོ། །གསལ་ཤིང་གི་རིམ་པ་དྲུག་པ་ལས། སྤོར་མ་བརྒྱད་དང་། གསང་ཡུམ་བཞིའི་དངོས་གྲུབ་བླངས་པ་ལ་དྲུག་གི་དང་པོ་སྤྱན་དྲངས་པ་ནི། ཕོ་བྲང་གི་མར་མེའི་བར་འཁྱམས་གཉིས་པ་ལ་བསྐྱེད་པ་སྟེ། ལྕགས་ཀྱུའི་ཕྱག་རྒྱ་ལ། ༀ་བཛྲ་ཨ་པྲ་ཏི་ཧ་ཨརྱ་ནི་ཙ་ཏུར་ཏ་ར་ཕཊ། ཨ་རག་མོ་ཧཱུཾ་ཞེས་པ་བརྒྱད་དང་། ཤྲི་བཛྲ་མུད་ཀ་ར་ཤ་ར་ལུ་ཤྲི་བཛྲ་ར་ག་ཤ་ར་ཡ་ཡ་ན་མ། རུ་ལུ་ཤྲི་བཛྲ་གྷན་དྷ་པྲ་ཛྭ་ལ་རུ་ལུ། ༀ་རུ་ལུ་སྤེལ་ལ་བརྗོད། ༀ་བཛྲ་ཨདྒུ་ཤ་ཛཱ་ཛཱ། ཞེས་བརྗོད་ལ་གསལ་ཤིང་དྲུག་པ་ལ་མེ་སྤར། འོད་དང་བཅས་དེ་བྱོན་པར་བསམ། གཉིས་པ་མཆོད་པ་སྨན་རག་གཏོར་གསུམ་སྔགས་ཀྱི་དབུལ། གསུམ་པ་ལ་གཉིས་ཀྱི་བསྐུལ་ཚིག་ནི། ༀ་སྤོར་བྱེད་ཆེན་མོ་བརྒྱད་རྣམས་དང་། གསང་བ་ཡུམ་བཞིའི་ཐུགས་ཀ་ནས། སྙིང་པོ་རུ་ལུ༴ གྷུ་ཡ་ཛྙཱ་ནའི༴ ཕར་འཕྲོས་པས་མཆོད། ཚུར་འདུས་བཟླས་པ་ནི། ཨ་རག་མོ་ཧཱུཾ་ཞེས་པ་བརྒྱད་དང་། རུ་ལུ་དང་། གྷུ་ཧྱ་སྤེལ་མ་བཟླས་སོ། །བཞི་པ་བསྟོད་པ་ནི། ཧཱུཾ་ཆོས་ཉིད་རྣམ་དག་ངང་ལས་རང་སྣང་བའི། །སྣ་ཚོགས་ཅིར་སྣང་འགྱུར་བའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བས་གཡང་གཞི་གསོལ། །སྤོར་བྱེད་ཆེན་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བར་འཁྱམས་དེའི་ཤར་ལྷོ་ནུབ་བྱང་སྒོར། །དགྱེས་པ་བསྐྱེད་བ་གསང་བའི་ཡུམ་ཆེན་བཞི། །གཉིས་མེད་རོལ་པའི་བྱིན་རླབས་སྣ་ཚོགས་འཕྲོ། །ཤེས་རབ་ཡུམ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། ཧོ་སྤོར་མ་ཆེན་མོ་བརྒྱད་དང་བཞི་ལ་གསང་བའི་ཡུམ་ཆེན་པོ་དངོས་གྲུབ་དུ་གསོལ་བའི་མདོ་ནི་ཞེས་པ་དང་། དྲུག་པ་བསྡུ་བ་ལ་གོང་བཞིན་ནོ། །ཡང་གསལ་ཤིང་གི་རིམ་བདུན་པ་ལ་དབང་ཕྱུག་མ་ཉེར་བརྒྱད་ཀྱི་དངོས་གྲུབ་བླངས་པས་དོན་དྲུག་གི་དང་པོ་སྤྱན་འདྲེན་པ་ནི། ཕོ་བྲང་གི་མར་མེ་བར་འཁྱམ་གསུམ་པ་ལ་དབང་མོ་བསྐྱེད་པ་དེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། བྷྱོ་བཛྲ་མ་ནུ་རག་ཤ་སི་བྷྱོ། ལ་སོགས་པའི་རྩ་སྔགས་ཚང་པར་བརྗོད་ལ། ༀ་རུ་ལུ་བཟླས། བཛྲ་ཨདྒུ་ཤ་ཛཱ་ཛཱ། ཞེས་བརྗོད་ལ་གསལ་ཤིང་བདུན་བ་ལ་མེ་སྦར། འོད་ཟེར་དང་བཅས་ནས་བྱོན་པར་བསམ། གཉིས་པ་མཆོད་སྨན་རག་གཏོར་གསུམ་སྔགས་ཀྱིས་དབུལ། གསུམ་པ་བཟླས་པ་ལ་གཉིས་ཀྱི་དང་པོ་བསྐུལ་ཚིག་ནི། ༀ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཐུགས་ཀ་ནས། །སྙིང་པོ་རུ་ལུ་གྷུ་ཧྱ་ཛྙཱ་ནའི་འོད་འཕྲོས། །ཕར་འཕྲོས་དཔལ༴ ཚུར་འདུས་བདག༴ རྩ་སྔགས་ཉེར་བརྒྱད་བཟླས་ལ། །རུ་ལུ་དང་གྷུ་ཧྱ་སྤེལ་ལ་བཟླས་སོ། །བཞི་པ་བསྟོད་པ་ནི། ཧཱུཾ་སྲིན་མོ་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །དྲེགས་པའི་ལྷ་ཆེན་རྣམས་ཀྱི་ཆུང་མ་དེ། །དབང་དྲག་ལས་ལ་ཐོགས་པ་མེད་པར་སྤྱོད། །ཉི་ཤུ་རྩ་བརྒྱད་ཚོགས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ནི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་དངོས་གྲུབ་དུ་གསོལ་བའི་མདོ་ནི། ཞེས་པ་དང་། དྲུག་པ་བསྡུ་བ་འདྲེའོ། །གསལ་ཤིང་བརྒྱད་པ་ལ། མཁའ་འགྲོ་སུམ་བཅུ་རྩ་གཉིས་ཀྱི་དངོས་གྲུབ་བླངས་པ་ལ་དྲུག་གི་དང་པོ་ནི་སྤྱན་དྲངས་པ་ནི། ཕོ་བྲང་གི་མར་མེ་ལ། བར་འཁྱམས་བཞིའི་མཁའ་འགྲོ་མ་སུམ་ཅུ་སོ་གཉིས་བསྐྱེད་པ་དེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨེ་ཨ་ར་ལི་ཧཱུཾ་ཞེས་པ་སོ་གཉིས་བརྗོད། རུ་ལུ་བཟླས། བཛྲ་ཨངྒུ་ཤ་ཛཱ་ཛཱ། ཞེས་བརྗོད་ལ་གསལ་ཤིང་བརྒྱད་པ་ལ་མར་མེ་སྤར། འོད་དང་བཅས་ནས་བྱོན་པར་བསམ། །གཉིས་པ་མཆོད་པ་སྨན་རག་གཏོར་གསུམ་སྔགས། གསུམ་པ་བཟླས་པ་ལ་གཉིས་ཀྱི་བསྐུལ་ཚིག་ནི། ༀ་མཁའ་འགྲོ་སོ་གཉིས་ཐུགས་ཀ་ནས། སྙིང་པོ་རུ་ལུ། གྷུ་ཡ་ཛྙཱ་ནའི་འོད་འཕྲོས་པས། ཕར་འཕྲོས་པས། ཚུར་འདུས། ཨེ་ཨཱ་ར་ལི་ཧཱུཾ་དང་། རུ་ལུ་གྷུ་ཡ་རྣམས་སྤེལ་ལ་བཟླས་སོ། །བཞི་པ་བསྟོད་བ་ནི། ཧཱུཾ་ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །མཁའ་འགྲོ་སུམ་བཅུ་གཉིས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། མཁའ་འགྲོ་སུམ་བཅུ་གཉིས་ལ་དངོས་གྲུབ་གསོལ་བའི་མདོ་ནི། ཞེས་པས། དྲུག་པ་བསྡུ་བ་འདྲེ། གསལ་ཤིང་དགུ་བ་ལ་མ་མོ་བདུན་དང་སྲིང་མོ་བཞིའི་དངོས་གྲུབ་བླངས་ལ། དྲུག་གི་དང་པོ་སྤྱན་དྲངས་པ་ནི། ཕོ་བྲང་གི་མར་མེའི་བར་འཁྱམས་ལྔ་པ་ལ་མ་མོ་བདུན་དང་། །སྲིང་མོ་བཞི་བསྐྱེད་ནས་ཡོད་པ་དེ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། །མ་མ་དྷཱ་དུ་ཧཱུཾ་བདུན་དང་རུ་ལུ་སྤེལ། །བཛྲ་དུན་ཏིང་བྷྱོ་ཞེས་པ་བཞི་དང་རུ་ལུ་སྤེལ་ལ། །བཛྲ་ཨངྒུ་ཤ་ཛཱ་ཛཱ་ཞེས་བརྗོད་ལ་གསལ་ཤིང་དགུ་པ་ལ་མེ་སྤར། འོད་དང་བཅས་ནས་བྱོན་པར་བསམ། །གཉིས་པ་མཆོད་པ་སྨན་རག་གཏོར་གསུམ་པ་བཟླས་པའི་བསྐུལ་ཚིག་ནི། ༀ་མ་བདུན་སྲིང་མོའི་སྙིང་པོ་རུ་ལུ་གྷུ་ཧྱ། ཕར་འཕྲོས། ཚུར་འདུས། མ་མ་དྷ་དུ་ཧཱུཾ་བདུན་དང་། །རུ་ལུ་བཛྲ་དུན་ཏིང་བྷྱོ་བཞི་དང་། །རུ་ལུ་སྤེལ་ལ་བཟླས་སོ། །བཞི་པ་བསྟོད་པ་ནི། །ཧཱུཾ་འཇིག་རྟེན་དྲེགས་པ་འདུལ་བ་མ་མོའི་ཚོགས། །ཕྱི་འཁོར་འདུལ་ཞིང་ནང་འཁོར་སྐྱོངས་མཛད་པ། །དུར་ཁྲོད་མ་བདུན་ལས་ཀྱི་སྲིང་མོ་བཞི། །བགེགས་བསྲུངས་མ་མོ་རྣམས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། མ་སྲིང་བཞི་ལ་དངོས་གྲུབ་དུ་གསོལ་བའི་མདོ་ནི། ཞེས་པ་དང་། དྲུག་པ་བསྡུ་བ་ནི་གོང་དང་འདྲེའོ། །གསལ་ཤིང་བཅུ་པ་ལ་གིང་བཅྭ་བརྒྱད་ཀྱི་དངོས་གྲུབ་བླངས་པ་ལ་དྲུག་གི་དང་པོ་སྤྱན་དྲངས་པ་ནི། ཕོ་བྲང་གི་མར་མེའི་བར་འཁྱམས་དྲུག་པ་ལ་གིང་བཅྭ་བརྒྱད་བསྐྱེད་པ་དེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཀིང་ཀ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་དང་། རུ་ལུ་སྤེལ། བཛྲ་ཨདྒུ་ཤ་ཛཱ་ཛཱ། གསལ་ཤིང་རིམ་པ་བཅུ་པ་ལ་མེ་སྦར། །འོད་དང་བཅས་ནས་བྱོན་པར་བསམ། །གཉིས་པ་མཆོད་པ་སྨན་རཀ་གཏོར། གསུམ་པ་བཟླས་པའི་བསྐུལ་ཚིག་ནི། །ༀ་གིང་ཆེན་བཅྭ་བརྒྱད་ཐུགས། །སྙིང་བོ་རུ་ལུ། གྷུ་ཡ་ཛྙཱ་ནའི། ཕར་འཕྲོས། ཚུར་འདུས། ཀིང་ཀ་ར་ཧ་ཧ་རུ་ལུ་རུ་ལུ་བྷྱོ། ཞེས་བཅོ་བརྒྱད་དང་། རུ་ལུ་སྤེལ། བཞི་པ་བསྟོད་པ་ནི། ཧཱུཾ་ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅྭ་བརྒྱད་ནི། །སྲིད་གསུམ་ལས་ལ་ཐོགས་མེད་སྒྲོལ་ལ་བརྩོན། །བསྒྲལ་བའི་ཞིང་བཅུ་གཏན་ནས་རླགས་པར་བྱེད། །གིང་ཆེན་གིང་ལྕགས་ཚོགས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། གིང་ཆེན་བཅྭ་བརྒྱད་ལ་ཞེས་པ་དང ། །དྲུག་པ་བསྡུ་པ་འགྲེེའོ། །གསལ་ཤིང་གི་རིམ་པ་བཅུ་དྲུག་པ་ལ། །སྟེང་ཕྱོགས་ཀྱི་ཁྲོ་བོ་ཁྲོ་མོ་དྲུག་བཅུའི་དངོས་གྲུབ་བླངས་བ་ལ་དྲུག་གིས་སྤྱན་དྲངས་བ་ནི། །ཕོ་བྲང་གི་མར་མེའི་འཁྱམས་བདུན་པ་ལ། ཁྲོ་བོ་ཁྲོ་མོ་དྲུག་བཅུ་བསྐྱེད་དེ། ལྕགས་ཀྱུའི་ཕྱག་རྒྱས། ཀྲོ་ཏ་ཀྲོ་དྷི་ཧཱུཾ། ཞེས་པ་དང་། རུ་ལུའི་སྤེལ་བ་བཅུ་དྲུག་བཟླ། བཛྲ་ཨདྒུ་ཤ་ཛཱ་ཛཱ། ཞེས་བརྗོད་ལ་གསལ་ཤིང་བཅུ་གཅིག་པ་ལ་མེ་སྤར། གཉིས་པ་མཆོད་པ་སྨན་རཀ་གཏོར་གསུམ་སྔགས་ཀྱིས་མཆོད་དོ། གསུམ་པ་བཟླས་པ་ལ་གཉིས་ཀྱི་དང་པོ་བསྐུལ་ཚིག་ནི། ༀ་ཁྲོ་བོ་ཁྲོ་མོ་དྲུག་བཅུའི་ཐུགས་ཁ་ནས། སྙིང་པོ་རུ་ལུ། གྷུ་ཡ་ཛྙ་ནའི། ཕར་འཕྲོས། ཚུལ་འདུས་ཀྲོ་དྷ་ཀྲོ་ཏི་ཧཱུྃ། རུ་ལུ། གྷུ་ཡ་སྤེལ་ལ་བཟླས། བཞི་པ་བསྟོད་པ། བཅོམ་ལྡན་ཧཱུྃ་མཛད་ས་གསུམ་བརྗིད་ཀྱིས་གནོན། །ཁམས་གསུམ་འདུལ་མཛད་ཡེ་ཤེས་ལྷའི་ལྷ། །འཇིགས་བྱེད་འབར་བས་གདུག་པའི་ཚོགས་རྣམས་འཇོམས། །ཁྲོ་བོ་ཁྲོ་མོ་རྣམས་ལ་ཕྱག་མཚལ་བསྟོད། །ལྔ་པ་སྨོན་ལམ། ཁྲོ་བོ་ཁྲོ་མོ་དྲུག་བཅུ་ལ་དངོས་གྲུབ་ཅེས་པ་དང་། །དྲུག་པ་བསྡུ་བ་གོང་དང་མཐུན་ནོ། །གསལ་ཤིང་གི་རིམ་པ་བཅུ་གཉིས་པ་ལ་ཕྱོགས་བཞིའི་ཕོ་ཉ་ཉིས་བ རྒྱ་དང་བཞི་བཅུ་དངོས་གྲུབ་བླངས་པ་ལ་དྲུག་གིས་དང་པོ་སྤྱན་དྲངས་པ་ནི། ཕོ་བྲང་གི་མར་མེའི་བར་འཁྱམས་བརྒྱད་པ་ལ། །ཤར་དུ་བྷ་ན་བྷ་ན། །ཨདྒུ་ཤ་ཇ་ཞེས་པ་དྲུག་བཅུས། །དུང་གི་ཕོ་ཉ་དྲུག་བཅུ། །ལྷོར་ཧ་ལ་ཧ་ལ་པ་ཤ་ཧཱུཾ་ཞེས་པ་དྲུག་ཅུས། །ལྕགས་དང་གསེར་གྱི་ཕོ་ཉ་དྲུག་ཅུ། །ནུབ་ཕྱོགས་སུ་གརྫ་གརྫ་པོ་ཏ་བཾ། །ཞེས་བསེའི་ཕོ་ཉ་དྲུག་ཅུ། །བྱང་ཕྱོགས་སུ་པ་ཙ་པ་ཙ་གྷཎྜེ་ཧོ། །ཞེས་གཡུའི་ཕོ་ཉ་དྲུག་ཅུ། བཛྲ་ཨདྒུ་ཤ་ཛཱ་ཛཱ་ཞེས། །ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས། །གསལ་ཤིང་བཅུ་གཉིས་པ་ལ་མེ་སྤར། །འོད་དང་བཅས་ནས་བྱོན་པར་བསམ། །གཉིས་པ་མཆོད་པ་སྨན་རག་གཏོར་གསུམ་སྔགས་ཀྱི་དབུལ། །གསུམ་པ་བཟླས་པ་ལ་བསྐུལ་ཚིག །སྔགས་གཉིས་ཀྱི་བསྐུལ་ཚིག་བརྗོད་པ་ནི། ༀ་ཕོ་ཉ་ཉིས་བརྒྱ་བཞི་བཅུའི་ཐུགས་ཀ་ནས། །སྙིང་པོ་རུ་ལུ་གྷུ་ཡ་ཛྙཱ་ནའི། ཕར་འཕྲོས། ཚུར་འདུས་བདག་ལ། བྷ་ན་བྷ་ན་ཨདྒུ་ཤ་ཛ། རུ་ལུ། ཧ་ལ་ཧ་ལ་པ་ཤ་ཧཱུཾ་རུ་ལུ༴ །གརྫ་གརྫ་སྤོ་ཊ་བཾ། རུ་ལུ༴ པ་ཙ་པ་ཙ་གཎྜེ་ཧོ། རུ་ལུ༴ གྷུ་ཡ༴སྤེལ་ལོ། བཞི་པ་བསྟོད་པ། ཧཱུཾ་ཡེ་ཤེས་ཐུགས་རྗེས་ཕྱོགས་བཅུར་ཁྱབ་པ་ཡིས། གདོན་བགེགས་འདུལ་བའི་ལས་ལ་ཐོགས་པ་མེད། ཅི་བགྱིས་བཀའ་ཉན་ལས་རྣམས་མྱུར་མཛད་པའི། ཕྱོགས་བཞི་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ། ཕྱོགས་བཞིའི་ཕོ་ཉ་གཉིས་བརྒྱ་བཞི་བཅུ་ལ་དངོས་གྲུབ་དུ་གསོལ་བའི་ཞེས་ལ་སོགས་པ་དང་། དྲུག་པ་བསྡུ་བ་འདྲེའོ། །གསལ་ཤིང་གི་རིམ་པ་བཅུ་གསུམ་པ་ལ་འོག་ཕྱོགས་ཀྱི་མ་མོ་དྲུག་བཅུའི་དངོས་གྲུབ་བླངས་ལ་དྲུག་གི་དང་པོ་སྤྱན་དྲངས་པ་ནི། ཕོ་བྲང་གི་མར་མེའི་བར་ཁྱམས་དགུ་པ་ནི། མ་མོ་ཤྭ་ར་ཧཱུཾ་ཞེས ། མ་མོ་དྲུག་བཅུ་བསྐྱེད་པ་དེ། །བཛྲ་ཨངྒུ་ཤ་ཛཱ་ཛཱ། ཞེས་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས། །གསལ་ཤིང་བཅུ་གསུམ་པ་ལ་མེ་སྦར། །འོད་དང་བཅས་ནས་གསལ་ཤིང་རྩེར་བྱོན་པར་བསམ། །གཉིས་སྨན་རག་གཏོར་གསུམ་སྔགས་ཀྱི་དབུལ། །གསུམ་པ་བཟླས་པ་ལ་གཉིས་ཀྱི་དང་པོ་བསྐུལ་ཚིག་བརྗོད་པ་ནི། ༀ་མ་མོ་དྲུག་བཅུའི་ཐུགས་ཀ་ནས། སྙིང་པོ་རུ་ལུ་གྷུ་ཡ་ཛྙཱ་ནའི། ཕར་འཕྲོས་པས་མཆོད། ཚུར་འདུས་བདག་ལ། མ་མ་ཤྭ་ར་ཧཱུཾ། རུ་ལུ༴ གྷུ་ཡ༴ བཞི་པ་བསྟོད་པ་ནི། ཧཱུཾ་སྟོང་ཁམས་ཡོངས་སུ་ལས་ལ་དབང་བ་ཡི། །མ་ཆེན་རྒྱལ་མོ་སྲིད་པ་གསུམ་གྱི་བདག ། ཡུམ་ཆེན་ལས་ལ་དབང་བའི་དབང་མོ་ཆེ། །མ་མོ་དྲུག་བཅུའི་ཚོགས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ། འོག་ཕྱོགས་ཀྱི་མ་མོ་དྲུག་བཅུ་ལ་དངོས་གྲུབ་དུ་གསོལ་བ་ནི། ཞེས་པ་ལ་སོགས་པ་དང་། དྲུག་པ་བསྡུ་བ་འདྲེའོ། །དེ་ནས་གསལ་ཤིང་རིམ་པ་བཅུ་བཞི་པ་ལ་རིག་འཛིན་རྩལ་འཆང་གི་དངོས་གྲུབ་བླངས་པ་ལའང་དོན་དྲུག་གི་དང་པོ་སྤྱན་དྲངས་པ་ནི། ཕོ་བྲང་གི་མར་མེའི་བར་འཁྱམས་བཅུ་པ་ན། །ༀ་མ་ཧཱ་གྷུ་རུ་ཤྭ་རི་རམ། །གྱི་ལི་ཧཱུཾ། ༀ་ཡོ་ཀི་ནི་གུ་རུ་ས་མ་ཡེ་ཛཿ ཞེས་རིག་འཛིན་རིག་པ་འཛིན་ཚོགས་བསམ་གྱིས་མི་ཁྱབ་ལ་བསྐྱེད་པ་དེ། །གསལ་ཤིང་གི་རིམ་བཅུ་བཞི་པ་ལ། བཛྲ་ཨདྒུ་ཤ་ཛཱ་ཛཱ། ཞེས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་སྤྱན་འདྲེན། གསལ་ཤིང་བཅུ་བཞི་པ་ལ་མེ་སྦར། འོད་དང་བཅས་ནས་གསལ་ཞིང་གི་རྩེ་ལ་བྱོན་པར་བསམ། གཉིས་པ་མཆོད་པ་ནི། རྩ་སྔགས་ལ་། མ་ཧཱ་པཉྩ་ཨ་སྨྲི་ཏ་ཁ་ཧི། རཀྟ་ལ་ཁ་ཧི། མཧཱ་བྷ་ལིང་ཏ་ལ་ཁ་ཧི། ཞེས་གཏོར་མ་དབུལ་ལོ། །གསུམ་པ་བཟླས་པ་བསྐུལ་ཚིག་དང་། འཛབ་གཉིས་ཀྱི། དང་པོ་བསྐུལ་ཚིག་ནི། ༀ་མན་ངག་མདོ་ལུང་རྒྱུད་དང་བཅས་པ་ཡིས། །ཏིང་འཛིན་བླ་མ་རྣམས་ཀྱི་ཐུགས་ཁ་ནས། །སྙིང་པོ་རུ་ལུ་འབྲུ་བརྒྱད་དང་། །གྷུ་ཡ་ཛྙཱ་ནའི་འོད་འཕྲོས་བས། །ཕར་འཕྲོས་བས་ནི་མཆོད་པར་འབུལ། །ཚུར་འདུས་བདག་ལ་དངོས་གྲུབ་གསོལ། །བཟླས་པ་ནི། ༀ་མ་ཧཱ་གུ་རུ་ཤ་རི་རམ་གྱི་ལི་ཧཱུཾ། །བཛྲ་ཡོ་གི་གུ་རུ་ས་མ་ཡ་ཛ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། །ༀ་གྷུ་ཡ་ཛྙཱ་ན་བྷོ་དྷེ་ཙིཏྟ་མ་ཧཱ་སུ་ཀ་ཧཱུཾ། བཞི་པ་བསྟོད་པ་ནི། ཧཱུཾ་རིག་འཛིན་བླ་མ་བྱིན་རླབས་ལྡན་པའི་ཚོགས། །ལྷུན་གྲུབ་ཕྱག་ཆེན་ཚེ་རྣམ་སྨིན། །རྒྱ་གར་བོད་ཀྱི་གྲུབ་ཐོབ་ཚོགས་བཅས་པའི། །བསྐྱེད་རྫོགས་གསུམ་གྱི་དངོས་གྲུབ་འདིར་སྩོོལ་ཅིག །ལྔ་པ་སྨོན་ལམ། བསྐྱེད་རྫོགས་གསུམ་གྱིས་རིག་འཛིན་རྩལ་འཆང་བའི་ལྷ་ཚོགས་རྣམས་ལ་དངོས་གྲུབ་དུ་གསོལ་བའི་མདོ་ནི། ཞེས་པ་ལ་སོགས་པ་རྣམས་གོང་ཇི་ལྟ་བ་བཞིན་བྱའོ། །དྲུག་པ་བསྡུ་བ་ནི། བཛྲ་ཨངྒུ་ཤ་ཛ་ཛཱ། ཞེས་ལན་གསུམ་བརྗོད་པས། དང་པོས་འོད་དང་སྤྲུལ་པ། གཉིས་པས་ཡིག་འབྲུ། གསུམ་པས་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ་པས། བདག་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་གཟི་བྱིན་དང་ལྡན་པར་བསམ་མོ། །དེ་ལྟར་ཆོ་གའི་རིམ་པ་རྣམས་ཚར་བ་དང་། གསལ་ཤིང་གི་འབྲང་རྒྱས་ཏེ། །དཔོན་སློབ་རྣམ་གྲངས་མཉམ་པར་བཀྲམ་ལ། །དེའི་བར་ལ་སློབ་བུ་རྣམས་ཁྲུས་རིམ་ཞིག་བྱ་ནང་དུ་སླེབ་པ་དང་། འབྲང་རྒྱས་རེ། འཇམ་དེས་རེ། ཛ་གད་རེ། རྣལ་འབྱོར་པ་རྣམས་རོལ་ལ་དབང་བསྐུར་རོ། །གསལ་ཤིང་གི་ཆོ་ག་ཨཐྎ། །དེ་ནས་ཞལ་ཟས་ཀྱི་དབང་བསྐུར་བ་ནི། ལས་མཁན་གྱི་ཚོགས་མཆོད་ཟུར་ཙམ་བྱས་ལ། །ཟླ་ཁམ་ཞབས་ཀྱི་དཀྱིལ་འཁོར་དུ། །རང་རིག་ཡེ་ཤེས་མངོན་སྣང་བའི། །འདོད་ཡོན་གསལ་བའི་ལོངས་སྤྱོད་བརྒྱན། །ཡོངས་སུ་རྫོགས་པའི་སིདྡྷིི་བསྩོལ། །བདག་ཉིད་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་རྡོ་རྗེ་ཚེ་གསོལ་བས་ཚེ་དབང་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །མཧཱ་མཱཾ་ས་གསོལ་བས་རྣལ་འབྱོར་གྱིས་དབང་ཕྱུག་ཆེན་པོ་ཐོབ་པར་གྱུར་ཅིག །འཛའ་གད་དཔའ་བོ་གསོལ་བས། །འགྲོ་བ་མང་པོ་དབང་དུ་འདུ་བར་གྱུར་ཅིག །ཟླ་རྒྱས་གསོལ་བས་ཚོགས་གཉིས་རྒྱུན་དུ་རྫོགས་པར་གྱུར་ཅིག །གལ་ཕྱེ་གསོལ་བས་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཟླ་ཕྲོམ་གསོལ་བས་གསང་བ་ཆོས་ཉིད་ཞི་བའི་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཅིག །འཇམ་དེས་གསོལ་བས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཞལ་ཟས་ཁ་བ་དང་། མངར་བ་དང་། སྐྱུར་བ་དང་། རོ་རྣམ་པ་སྣ་ཚོགས་གསོལ་བས་ཞི་ཁྲོ་སྤྲུལ་པའི་ཚོགས་ལ་མངའ་བརྙེས་པར་གྱུར་ཅིག །ཐུགས་རྗེ་ཆེན་པོས་དགོངས་ཞིང་བཞེས་ནས་བདག་ཉིད་ལ། སྐུ་གསུང་ཐུགས་ཀྱི་སིད་དྷི་དུས་ད་ལྟ་ཉིད་དུ་ཐོབ་པར་བསྩལ་དུ་གསོལ། །ཞེས་བརྗོད་ལ་སིདྡྷིའི་ཞལ་ཟས་རྣམས་ཀུན་གྱི་རིམ་པར་བསྩལ་དུ་གསོལ། །ཞེས་བརྗོད་ལ་སིད་དྷིའི་ཞལ་ཟས་ཀུན་གྱི་རིམ་པ་གསོལ་ལོ། །དེ་ནས་དངོས་གྲུབ་ཀྱི་ལྷག་མ་གསུམ་ལ། །ཡིད་དམ་ལྷའི་སྐལ་བ་རྡོ་རྗེ་སློབ་དཔོན་གྱིས་རོལ། །དལ་ལྷའི་སྐལ་བ་རྒྱས་ཐེབ་ལ་བྱིན། །རིག་འཛིན་རྩལ་འཆང་གི་སྐལ་བ་དེ། །དེ་ན་ཡོད་པའི་སློབ་བུ་ལས་ཅན་ཅིག་ལ་སྦྱིན་ནོ། །དེ་ནས་གཞན་རྣམས་ཅི་རིགས་པར་སྦྱིན་ལ་སྤྱད། ཀ་ཡ་ཝ་ཀ་ཙིཏྟ་ཏིཥྛ་བཛྲ། བརྗོད། སིདྷི་བརྟན་པར་བྱ་བའི་ཕྱིར་དང་། །སེམས་ཅན་གྱི་དོན་བྱ་བའི་ཕྱིར། །མེ་ཏོག་ལག་ཏུ་འགྲིམ་ལ་རྟེན་འབྲེལ་སྙིང་པོས་རབ་གནས་བྱེད་དོ། །དེ་ནས་མར་མེ་བླངས་ལ། འདུས་པ་ཆེན་པོའི་ལྷ་ཚོགས་ལ་སོགས་པ་རྣམས་ཀྱིས། མི་གནས་པའི་ཡེ་ཤེས། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། །ཀློང་དུ་གྱུར་པའི་ཡེ་ཤེས་དང་། །དབྱིངས་སུ་སྒྲོལ་བའི་ཡེ་ཤེས་དང་། །མ་འགགས་ཐུགས་ཀྱི་ཡེ་ཤེས་དང་། །ཐུགས་ཡེ་ཤེས་དགུའི་ནང་ནས་འཆར་བའི་སིདྡྷི་བདག་ཅག་རྡོ་རྗེ་སློབ་དཔོན་དང་། མཆེད་དང་། ལྕམ་དྲལ་རྣམས་ཀྱིས་ཐོབ་པར་མཛད་དུ་གསོལ། །ཨ་ལ་ལ་ཧོ། ཅེས་པས་ཀུན་ལ་འགྲིམ། དེ་ནས་མར་མེའི་སྨོན་ལམ་གདབ་བ་ནི། ཀུན་གྱི་སྲིན་ལག་སྦྲེལ་ཞིང་མར་མེ་འཛིན་ལ། ༈ ཧཱུཾ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་སློབ་དཔོན་གཉེན་གྱི་དབུ་གཟུང་ནས། །རྒྱལ་བའི་གདུང་ཚོབ་མཆེད་དང་ལྕམ་དྲལ་རྣམས། ། ནམ་ཞིག་བྱང་ཆུབ་ལམ་དུ་ཞུགས་བའི་ཚེ། །འཁོར་བའི་གཡང་ས་ཆེན་པོའི་མི་གཏུང་ཞིང་། །གཅན་ག ཟན་གདུག་པའི་སྒྲ་སྐད་མི་གྲགས་དང་། །མ་རིག་མུན་པའི་ནང་དུ་མི་བཏང་ཞིང་། །གཅོང་རོང་ཟབ་མོའི་ནང་དུ་མི་སྐྱེ་དང་། །དམྱལ་བའི་ཟངས་ཁར་ནང་དུ་མི་ལྟུང་ཞིང་། །མཚོན་རྣོན་གདུག་པའི་དབལ་གྱིས་མི་འཕོག་ཤོག །དགེ་བའི་བཤེས་གཉེན་སྐུ་དྲིན་ཆེ་བ་དང་། །དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་ལྕམ་རྣམས། །དམ་ཚིག་དབང་གིས་འབྲེལ་བའི་གཟུངས་མ་གསུམ། །ཚེ་རབས་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས། །ས་བཅུ་ཁྱད་པར་རིམ་གྱི་བསྒྲོད་གྱུར་ཅིག །ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ། །མ་རིག་གཏི་མུག་མུན་པའི་སྡུག་བསྔལ་རྣམས། །འཁོར་པའི་གཡང་ས་ཆེན་པོར་ལྟུང་སྲིད་ན། །གསལ་བའི་མར་མེ་ཐུགས་རྗེ་དེར་མ་ཆུང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི། །རིག་འཛིན་སྒྲུབ་པ་པོའི་ཤུལ་མཚོན་ཅིག །ཞེ་སྡང་འབར་བ་ལས་ཀྱི་སྡུག་བསྔལ་གྱིས། དམྱལ་བའི་ཟངས་ཁང་ལམ་དུ་ལྟུང་སྲིད་ན། །གསལ་བའི་མར་མེ་ཐུགས་རྗེ་དེར་མ་ཆུང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག །ང་རྒྱལ་ཁྲོ་གཏུམ་ཁེངས་པའི་སྡུག་བསྔལ་གྱིས། །གཅན་གཟན་གདུག་པའི་སྒྲ་སྐད་ཐོས་སྲིད་ཀྱིས། །གསལ་བའི་མར་མེ་ཐུགས་རྗེ་དེར་མ་ཆུང། །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག །འདོད་ཆགས་འཛིན་པ་ལས་ཀྱི་སྡུག་བསྔལ་གྱིས། །གཅོང་རོང་ཟབ་མོའི་གནས་སུ་ལྟུང་སྲིད་ཀྱིས། །གསལ་བའི་མར་མེ་ཐུགས་རྗེ་དེར་མ་ཆུང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག །ཕྲག་དོག་ཟུག་རྔུའི་ལས་ཀྱི་སྡུག་བསྔལ་གྱིས། །མཚོན་རྣོ་གདུག་པའི་སྤལ་གྱི་ཕོག་སྲིད་ཀྱིས། །གསལ་བའི་མར་མེ་ཐུགས་རྗེ་དེར་མ་ཆུང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི། །རིག་འཛིན་བསྒྲུབ་པ་པོ་ཡི་ཤུལ་མཚོན་ནས། །ས་བཅུ་ཁྱད་པར་རིམ་གྱིས་བསྒྲོད་པའི་ཚེ། །ཉོན་མོངས་བག་ཆགས་མ་ལུས་བྱང་ནས་ནི། །འགྲོ་དོན་ཐོགས་པ་མེད་པའི་བརྩོན་འགྲུས་ཀྱིས། །ས་བཅུ་ཁྱད་པར་རྫོགས་གྱུར་ནས། །བྱང་ཆུབ་སེམས་མ་རྣམས་ཀྱིས་མདུན་བསུས་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐའ་སྐྱོངས་ཤིག །ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་རྒྱབ་བརྟེན་ཅིག །ས་བཅུའི་ཁྱད་པར་རྩེ་མོར་ཕྱིན་པའི་ཚེ། །ཕྱིར་མི་ཟློག་པའི་དངོས་གྲུབ་དེ་ཐོབ་པོ། །ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ། །ཡི་དམ་ལྷའི་སྔོན་ནས་ཤུལ་མཚོན་ཅིག །བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་མཐའ་རྟེན་ཅིག །མ་ཚོགས་དབང་ཕྱུག་མའི་མཐའ་སྐྱོངས་ཤིག །སྟུག་པོ་བཀོད་པའི་ས་ལ་ཕྱིན་པའི་ཚེ། །རྡོ་རྗེ་ཁྲོ་རྒྱལ་རྣམས་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་ཀྱིས་ཞབས་དྲུང་སྐྱེས་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་སྨོན། །ཤེས་བྱའི་སྒྲིབ་པ་ཕྲ་མོ་སྤངས་ནས་ནི། །ཡི་གེ་གསུམ་གྱི་གོལ་ས་དེར་བསྐོད་དེ། །དེ་བས་ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ། །ཆེ་མཆོག་ཧེ་རུ་ཀ་ཡི་མདུན་བསུས་ཤིག །གསང་བའི་ཡུམ་ཆེན་བཞིའི་མཐའ་སྐྱོངས་ཅིག །ཡི་དམ་ལྷའི་རྒྱབ་ནས་སྲོག་རྟེན་ཅིག །ཀུན་བཟང་དབྱེར་མེད་ས་ལ་ཕྱིན་པའི་ཚེ། །ཀུན་ཏུ་བཟང་པོ་ཡབ་ཀྱི་མདུན་བསུས་ཤིག །ཀུན་ཏུ་བཟང་མོ་ཡུམ་གྱིས་མཐའ་སྐྱོངས་ཅིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་རྟེན་ཅིག །རྡོ་རྗེ་སེམས་དཔའི་རིག་འཛིན་སར་ཕྱིན་ཚེ། །རྒྱལ་བའི་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ནས། །མཉམ་པའི་ཏིང་འཛིན་གྱིས་མཐའ་སྐྱོངས་ཅིག །ཡིད་དམ་ལྷའི་རྒྱབ་ནས་སྲོག་རྟེན་ཅིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །དབྱེར་མེད་ཏིང་ངེ་འཛིན་གྱི་ཤུལ་མཚོན་ཅིག །བསྒྲུབ་པའི་ཏིང་ངེ་འཛིན་གྱིས་མཐའ་སྐྱོངས་ཤིག །རྫོགས་པ་བླ་མའི་ས་ལ་ཕྱིན་པའི་ཚེ། །ཁྱབ་བརྡལ་རིག་འཛིན་རྣམས་ཀྱི་ཤུལ་མཚོན་ཅིག །འུབ་ཆུབ་ཏིང་ངེ་འཛིན་གྱི་མཐའ་བསྡུས་ཤིག །སྲིད་གསུམ་ངང་རྫོགས་ས་ལ་ཕྱིན་པའི་ཚེ། །ཐིག་ལེ་ཆེན་པོའི་ངང་དུ་ལྷུན་གྲུབ་ནས། །བྱ་བརྩོལ་གཉིས་ཀྱི་མཐའ་ལས་དེར་འདས་ཚེ། ཆོས་སྐུ་སྐྱེ་བ་མེད་པའི་དོན་ཐོབ་ནས། །ལོངས་སྐུ་སྤྲུལ་སྐུས་འགྲོ་དོན་བྱེད་པར་ཤོག །ཅེས་སྨོན་ལམ་རྒྱ་ཆེན་པོ་བཏབ་བོ། །དེ་ནས་དངོས་གྲུབ་ཀྱི་དྲིན་ལན་གསོ་བའི་ཕྱིར། ཚོགས་ལ་སོགས་པ་ཡོན་ཕུལ་སྟེ། རྒྱལ་སྲིད་དང་ནི་རང་གི་ལུས། །ཅེས་དང་། རྡོ་རྗེ་ཐེག་པའི་གཞུང་ལས་ཀྱང་། །ཆེ་བ་རྒྱལ་སྲིད་དང་ཡུལ་འཁོར། །གཅེས་པ་བུ་སྨད་དང་ཕྱག་རྒྱ་མ། འཕངས་པ་ནོར་དང་དབྱིག་དཀའ་བ་ལུས་དང་སྲོག །མཁོ་བ་ཐུགས་དང་གང་འཐད། རྒྱུན་དུ་ཟས་དང་གོས་ཡུན་དུ་དད་པ་དང་དམ་ཚིག །ཞུ་ཁར་སྲིད་ཞུ་དང་གུས་པ། །མཆོག་དུ་བརྩེ་སེམས་དང་གདུང་བ་ལ་སོགས་པ་མཉེས་པ། སྣ་ཚོགས་ཆུ་བོའི་གཞུང་བཞིན་འབུལ་ལོ། །དེ་ནས་གུ་རུའི་ཞབས་སློབ་བུའི་སྤྱི་བོར་བཞག ། ༈ དེ་རིང་ཕན་ཆོད་བུ་ཁྱོད་ཀྱིས། །རྡོ་རྗེ་སེམས་དཔའ་ང་ཡིན་གྱིས། །ང་ཡི་བསྒོ་བ་ཅི་ལྟར་བཞིན། །བུ་ཁྱོད་ཀྱི་ནི་བྱ་དགོས་སོ། །སློབ་བུས། བླ་མ་རྡོ་རྗེ་རྒྱལ་པོ་ལ། ། དད་མོས་གུས་པའི་སེམས་ལྡན་པས། བཀའ་ཡིས་ཅི་ལྟར་བསྒོ་བ་བཞིན། ལུས་ངག་ཡིད་གསུམ་གཉེན་གྱིས་བླངས། དེ་ནས་བཀྲ་ཤིས་བརྫོད། སློབ་དཔོན་གྱིས་དཀྱིལ་འཁོར་བསྡུ། ལས་བཞིའི་བྲོ་བྱ། ལྷག་མ་བཏང་ལས་མཁན་དང་། མཆེད་ལྕམ་གྱིས་ཕྱིར་བསྟན་མ་སྐྱོངས། །སློབ་དཔོན་དང་རྒྱལ་ཐེབས་ཀྱི་ནང་དུ། དུག་གསུམ་གྱིས་སྦྱིན་བསྲེགས་བྱ། གཏེར་སྦ། རྒྱལ་ཐེབས་ཀྱི་ཐོ་རྒྱལ་ཆེན་ལ་ཡ་ཧི་ག་ཚས་གཤེགས་སུ་གསོལ། །མཚམས་ཕུར་དང་། ཡེ་ཤེས་ལྷ་ཡི་སྒོ་བྱང་ལ། སྐུ་ཁྲུས་གསོལ་ལ་འཚག་བྱ། བར་ཆད་བགེགས་ཀྱི་སྒོ་བྱང་། མཆོག་ཕུར་དར་གྱི་ཅོད་པན་གཅིག་བདུད་རྩི་འཁྱིལ་པར་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་རླབས་ལ་སྒོ་བྱང་དེ་དཀྱིལ་འཁོར་གྱི་འོག་དུ་བཅུག །ཕུར་བ་དེ་གྷ་ཏས་དྲིལ་ནས་སྒོ་བྱང་ལ་གདབ། དེར་བདུད་རྩི་ཐིག་པ་བླུག་ནས། །བྱང་ཆུབ་ཀྱི་སེམས་མ་སྐྱེས་ཀྱི་བར་དུ་ཐར་པ་མེད་པར་བསམ་སྟེ། དེས་ནི་ལས་རྗེས་ཤིས་པར་བྱ་བའི་དགོས་པ་ཡོད་དོ། །དེ་ནས་སློབ་དཔོན་ཀུན་འདུས་ལས་བཀྲ་ཤིས་བྱ། སྟོན་མོ་བྱེད། ཞག་གཅིག་གནས་བསྲུང་ངོ་། །སྤྱི་དོན་གཉིས་པ་གྲོལ་བྱེད་ཀྱི་གདམས་པ་ནི། ཐོས་བསམ་སྒོམ་གསུམ་ལ་རྟེན་ནས་ཁྲིད་འདེབས་པ་སྟེ། བླ་མའི་ཞལ་ལས་ཤེས་པར་གྱིས་ཤིག །སྤྱི་དོན་གསུམ་པ་རྩིས་ཆེ་བས། གདམས་ཤིང་གཏད་པ་ནི། གང་གིས་གཏད་ན། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཅེས་གསུངས་པ་ལྟར། ཡོན་ཏན་བརྒྱད་དང་ལྡན་པའི་སྟོན་པ་རྡོ་རྗེ་རྒྱལ་པོ་རྡོ་རྗེ་རིན་ཆེན་དཔལ་བཟང་པོས་གདམས་ཤིང་གཏད། གང་ལ་གཏད་ན། བསྡུད་པ་པོ་དང་། གང་ཟག་ཆོས་ཀྱི་མིག་ཅན་དང་། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཏད། །དགོས་ཕྱེད་གང་གི་ཆེད་དུ་གཏད་ན། ཆོས་འདི་མི་ནུབ་པར་བྱ་བའི་ཕྱིར་བསྡུད་པ་པོ་ལ་གཏད། ཆོས་འདི་དར་ཞིང་རྒྱས་པའི་ཕྱིར་གང་ཟག་ཆོས་ཀྱི་སྤྱན་ལྡན་ལ་གཏད། ཆོས་འདི་བཀའ་བཙན་བྱིན་རླབས་ཆེ་བའི་ཕྱིར། །མཁའ་འགྲོ་དང་ཆོས་སྐྱོང་རྣམས་ལ་གཏད་དགོས་སོ། །ཚུལ་ཇི་ལྟར་དུ་གཏད་ན། དེ་ནི་དེ་ཡིས་ཐུགས་སྐྱེས་ཕྱིར། དེ་ཡི་དོན་ནི་དེས་བསྡུས་རིགས་ཅེས་གསུངས་པ་ལྟར། རྡོ་རྗེ་སློབ་དཔོན་གྱིས་ཐུགས་ལས་སྐྱེས་པའི། །གཉིས་སུ་མེད་པ་ཡིས། མཐོ་བརྟེན་མྱུར་རྣོ་རྒྱ་ཆེ་ཡངས། །ཟབ་ཡོད་རྒྱུའི་གང་ཟག་གིས། ཅེས་གསུངས་པ་ལྟར། བློ་ཡི་མཚན་ཉིད་བདུན་དང་ལྡན་པའི་བསྡུད་པ་པོ་བཛྲ་བྷ་ཏྲ་ལ། གདམས་ཞིང་གཏད་པས། བསྡུད་པ་པོ་དེས་ཀྱང་། སྟོན་པ་རྡོ་རྗེ་རྒྱལ་པོས་ཅི་ལྟར་གསུངས་པའི་དོན་རྣམས། མི་བརྗེད་པའི་དྲན་པའམ། གཟུངས་དང་ལྡན་པས་བསྡུད་པ་པོ་མཛད་དེ། དེ་ཡང་ཐོག་མར་ཀླད་དོན་ལ། མཚན་བསྟན་པ་དང་། མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བ་དང་གསུམ་དུ་བསྡུས། གཞུང་དོན་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར། རྒྱུད་མ་ཧཱ་ཡོ་ག །སྒྱུ་འཕྲུལ་དབང་གི་རྒྱུད་པ་རྣམས་དང་། ལུང་ཨ་ནུ་ཡོ་ག་མདོ་དབང་གི་རྒྱུད་རིམ་རྣམས་དང་། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སེམས་སྡེ་བཅོ་བརྒྱད་ཀྱི་དབང་གི་རྒྱུད་པའི་རིམ་པ་དང་གསུམ་དུ་བསྡུས། དེ་ལས་བྱུང་བའི་གདམས་ངག་ལ། དབང་རྫོགས་སྒྲུབ་པ་དང་། མ་སྨིན་པ་སྨིན་པར་བྱེད་པ། དབང་བསྐུར་བ་དང་། སྨིན་པ་གྲོལ་བར་བྱེད་པའི་གདམ་ངག་དང་གསུམ། དང་པོ་བསྒྲུབ་པ་ལ། ཕུན་སུམ་ཚོགས་པ་ལྔའམ། དྲུག་གིས་བསྒྲུབས་པའི་གཞི་གཟུང་བ་དང་། བསྙེན་སྒྲུབ་རྣམས་པ་བཞིས་སྒྲུབ་པའི་གཞུང་བསྲང་བའི་ཚུལ་དུ་བསྡུས། སྨིན་བྱེད་ཀྱི་དབང་ལ། ནུབ་དང་པོ་ས་ཆོག །ནུབ་གཉིས་པ་སྟ་གོན། ནུབ་གསུམ་པ་དངོས་གཞི་དང་གསུམ། དང་པོ་ས་ཆོག་ལ། ས་གཞི་སྤྱིའི་མཚན་ཉིད་བརྟགས་པ་དང་། རང་གི་མཚན་ཉིད་བརྟགས་པ་དང་། ས་བསླང་བ་དང་། ས་དབང་དུ་བྱ་བ་དང་། ས་སྦྱང་བ་དང་། ས་བྱིན་གྱིས་བརླབས་པ་དང་། ས་བསྲུངས་བ་དང་། ས་གཟུངས་བ་དང་བརྒྱད་དུ་བསྡུས། ནུབ་གཉིས་པ་སྟ་གོན་ལ་བཅའ་བཀོད་ལེགས་པར་ཚར་ནས། སློབ་དཔོན་སྟ་གོན་དང་། བུམ་པ་སྟ་གོན་དང་། ཀ་པཱ་ལ་སྟ་གོན་དང་། །དཀྱིལ་འཁོར་སྟ་གོན་དང་། ཐིག་སྟ་གོན་དང་། ཚོན་སྟ་གོན་དང་། རྡོ་རྗེ་དྲིལ་བུ་ལ་སོགས་ཕྱག་ཆ་སྟ་གོན་དང་། ཙ་ཀ་ལི་ལ་སོགས་དབང་རྫས་སྟ་གོན་དང་། ཡོ་བྱད་སྟ་གོན་དང་བཅུ་གཅིག་དུ་བསྡུས། ནུབ་གསུམ་པ་དངོས་གཞི་ལ། ཕྱི་དབང་རྒྱུད་ཀྱི་ཆུ་བོ་དང་། ནང་དབང་འབྱུང་པའི་ཆུ་བོ་དང་། བསྒྲུབ་དབང་གྲགས་པའི་ཆུ་བོ་དང་། གསང་དབང་མན་ངག་གི་ཆུ་བོ་དང་བཞི། ཕྱི་དབང་རྒྱུད་ཀྱི་ཆུ་བོ་ལ། ལྷ་མའི་དབང་དང་། ཉན་ཐོས་ཀྱི་དབང་དང་། རང་སངས་རྒྱས་ཀྱི་དབང་དང་བཞི། བྱང་ཆུབ་སེམས་དཔའི་དབང་དང་། ཀྲྀ་ཡའི་དབང་། ཡོ་གའི་དབང་དང་དྲུག །དེ་རེ་རེ་ལའང་། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པ་གཉིས། དཀྱིལ་འཁོར་ལས་ཀྱི་རིམ་པ་ལ། དཀྱིལ་འཁོར་གྱི་ཚད་དང་། ཐིག་དང་། བྲི་བ་དང་། ཚོན་དང་། རྣམ་པ་དགོད་པ་དང་། རབ་གནས་དང་། སྤྱིན་སྲེག་དང་། བདུན་བདུན་གྱི་ཚུལ་དུ་བསྡུས། འཇུག་ཅིང་དབང་གི་རིམ་པ་ལ། སློབ་དཔོན་འཇུག་ཅིང་དབང་ལེན་པ་དང་། སློབ་མ་བཞུག་ཅིང་དབང་བསྐུར་བ་དང་གཉིས། དེ་གཉིས་གང་ལ་ཡང་། འཇུག་ཆོས་བཅྭ་བརྒྱད་ཡོན་དང་བཅས་པ་དྲུག་དྲུག་དང་། དབང་ལ། ཕྱི་ཕན་བའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་གྱིས་དོད་དང་བཅས་པ་དྲུག་ཏུ་བསྡུས། །ནང་དབང་འབྱུང་བའི་ཆུ་བོ་ལ་ཡང་། ཞི་བའི་དབང་བསྐུར་བ་དང་། ཁྲོ་བོའི་དབང་བསྐུར་བ་ལ་གཉིས། དེ་རེ་རེ་ལའང་། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པ་གཉིས། དཀྱིལ་འཁོར་ལས་ཀྱི་རིམ་པ་ལ། དཀྱིལ་འཁོར་ཆེ་ཆུང་གི་ཚད་དང་། དཀྱིལ་འཁོར་གྱི་ཐིག་གདབ་པ་དང་། དཀྱིལ་འཁོར་བྲི་བ་དང་། དཀྱིལ་འཁོར་གྱི་ཚོན་འགྱེད་པ་དང་། དཀྱིལ་འཁོར་ལ་རབ་གནས་བྱེད་པ་དང་། སྦྱིན་སྲེག་བྱེད་པ་དང་། བདུན་བདུན་དུ་བསྡུས། འཇུག་ཅིང་དབང་གི་རིམ་པ་ལ། །སློབ་དཔོན་འཇུག་ཅིང་དབང་ལེན་པ་དང་། སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་གཉིས། དེ་རེ་རེ་ལའང་འཇུག་པ་དང་། དབང་གཉིས། འཇུག་པ་ལ། ཁྲུས་དང་། སྤྱན་དར་དགབ་པ་དང་དྲི་བ་དང་། ལུས་འབུལ་བ་དང་། བགེགས་བསྐྲད་པ་དང་། ལྷར་རླབས་པ་དང་། དམ་ཚིག་སྦྱིན་པ་དང་། དམ་ཚིག་འབོག་པ་དང་། དམ་ཆུ་བླུད་པ་དང་། དམ་ཚིག་སྒྲག་པ་དང་། མེ་ཏོག་དོར་བ་དང་། ལྷ་དབབ་བ་དང་། ལྷ་སྒོམ་པར་ནན་ཏན་བྱ་བ་དང་། མིག་དབྱེ་བ་དང་། དཀྱིལ་འཁོར་བསྟན་པ་དང་། ཚོགས་མཆོད་དང་། ཡོན་འབུལ་བ། བཟོད་པར་གསོལ་བ་དང་བཅྭ་བརྒྱད་བཅྭ་བརྒྱད་དུ་བསྡུས། དབང་ལ་ཡང་ཕྱི་དབང་དང་། ནང་དབང་དང་། གསང་དབང་བསུམ། དང་པོ་ཕྱི་དབང་ལ། བུམ་པའི་དབང་དང་། སྙིང་པོ་ལྔའི་དབང་དང་། དབུ་བརྒྱན་གྱི་དབང་དང་། ཅོད་པན་གྱི་དབང་དང་། ཕྲེང་བའི་དབང་དང་། རྒྱལ་མཚན་གྱི་དབང་དང་། གདུགས་ཀྱི་དབང་དང་། བཟའ་བཏུང་གི་དབང་དང་། ཕྱག་རྒྱའི་དབང་དང་བཅུ་བཅུར་བསྡུས། ནང་དབང་ལ། ཉན་པའི་དབང་དང་། བསྒྲུབ་པའི་དབང་དང་། འཆད་པའི་དབང་དང་། འཕྲིན་ལས་ཀྱི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་དང་ལྔ་ལྔར་བསྡུས། གསང་བ་ལ། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཚིག་དབང་རིན་པོ་ཆེ་དང་གསུམ་གསུམ་དུ་བསྡུས། གསུམ་པ་བསྒྲུབ་དབང་གྲགས་པའི་ཆུ་བོ་ལའང་། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། །འཇུག་ཅིང་དབང་གི་རིམ་པ་དང་གཉིས། དང་པོ་ལའང་། དཀྱིལ་འཁོར་ཆེ་ཆུང་གི་ཚད་དང་། དཀྱིལ་འཁོར་ལ་ཐིག་གདབ་པ་དང་། དཀྱིལ་འཁོར་བྲི་བ་དང་། དཀྱིལ་འཁོར་ཚོན་འགྱེད་པ་དང་། རྣམ་པ་དགོད་པ་དང་། རབ་གནས་དང་། སྦྱིན་སྲེག་དང་བདུན་བདུན་དུ་བསྡུས། འཇུག་ཅིང་དབང་གི་རིམ་པ་ལ། །སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། །སློབ་མ་དཀྱིལ་འཁོར་ཞུགས་ཅིང་དབང་བསྐུར་བ་དང་གཉིས། འཇུག་པ་ལའང་། དཔོན་སློབ་གཉིས་ཀ་ལ་ཁྲུས་ལ་སོགས་པ་དོན་བཅོ་བརྒྱད་བཅོ་བརྒྱད་ཡོན་ཏན་དང་བཅས་པ་ལ་གཉིས་སུ་བསྡུས། དབང་ལའང་ཕྱི་དབང་། ནང་དབང་། བསྒྲུབ་དབང་། གསང་དབང་དང་བཞི། དང་པོ་ཕྱི་དབང་ལའང་། ཞི་བ་ཕྱག་རྒྱའི་དབང་དང་། ཕྱག་མཚན་གྱི་དབང་དང་། གཟུངས་མའི་དབང་དང་། བུམ་པའི་དབང་དང་། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་དང་། རིན་ཆེན་སྣ་བདུན་གྱི་དབང་དང་། གདན་ཁྲིའི་དབང་དང་། བརྒྱན་ཆས་རྟགས་ཀྱི་དབང་དང་། རྡོ་རྗེ་མིང་གི་དབང་དང་། དབང་ཕྱུག་འཁོར་ལོའི་དབང་བཅུར་བསྡུས། གཉིས་པ་ནང་དབང་ལའང་། ཉན་པའི་དབང་དང་། འཕྲིན་ལས་ཀྱི་དབང་དང་། འཆད་པའི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་། གདན་ཁྲིའི་དབང་དང་། རིན་ཆེན་སྣ་བདུན་གྱི་དབང་དང་། ཕྱག་རྒྱ་ལྷའི་དབང་དང་། ཡེ་ཤེས་ལྔའི་དབང་དང་། སྐུ་གསུང་ཐུགས་ཀྱི་དབང་དང་། བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་དང་། ཐིག་ལེ་མིང་གི་དབང་དང་། བཅུ་གཅིག་དུ་བསྡུས། གསུམ་པ་བསྒྲུབ་དབང་ལ། ཤེས་རབ་རིགས་པ་གཏན་ཚིག་གི་དབང་དང་། སྙིང་རྗེ་རྟགས་ཀྱི་དབང་དང་། འགྲོ་དོན་རྫོགས་པའི་དབང་དང་། དུག་ག སུམ་སྤྲུགས་པའི་དབང་དང་། སྲིད་གསུམ་སྒྲོལ་བའི་དབང་དང་། རྣམ་དག་པདྨའི་དབང་དང་། ལས་རྣམས་རྫོགས་པའི་དབང་དང་གཉིས་མེད་འཁྲིལ་བའི་དབང་དང་། གསང་བ་སྦྱོར་བའི་དབང་དང་། ཀུན་ལ་དབང་བ་འདོད་ཡོན་གྱི་དབང་དང་། དཀྱིལ་འཁོར་གཙོ་བོའི་དབང་དང་། ཐམས་ཅད་བསྒྲུབ་པ་རྫས་ཀྱི་དབང་དང་། །གཉིས་སུ་མེད་པ་རྡོ་རྗེ་མིང་གི་དབང་དང་བཅུ་གསུམ་དུ་བསྡུས། བཞི་པ་གསང་དབང་ལའང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་སུ་བསྡུས་སོ། །བཞི་པ་གསང་བ་མན་ངག་གི་ཆུ་བོ་ལ འང་། །རྫོགས་ཆེན་སེམས་སྡེ་བཅོ་བརྒྱད་ཀྱི་དབང་དང་། ཞར་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་ལེན་པའི་ཆོ་ག་དང་། རྫས་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དངོས་གྲུབ་ལེན་པའི་ཆོ་ག་རྗེས་ཆོག་དང་བཅས་པར་བསྡུས། གཉིས་པ་གྲོལ་བྱེད་ཀྱི་གདམས་པ་ལ། རྩ་རྒྱུད་གསང་བའི་སྙིང་པོ། སྒྱུ་འཕྲུལ་སྡེ་བརྒྱད་ལ་སོགས་པའི་རྒྱུད་དང་། །རྒྱ་གཞུང་འགྲེལ་ཆེན་ལྔ། མན་ངག་ཕྲ་མོ་དྲུག་བཅུ། བུ་ལྔ་ལ་སོགས་རྣམས་པ་དང་། མདོའ་དགོངས་པ་འདུས་པ་ལ་སོགས་པའི་མདོ་སྔ་མ་བདུན། ཕྱི་མ་བདུན། སྡེ་བཅུ་བཞི། རྒྱ་གཞུང་། སྟོད་འགྲེལ་ཉི་མའི་འོད་ཟེར་། སྨད་འགྲེལ་མུན་པའི་གོ་ཆ་ལ་སོགས་རྒྱུད་རྒྱ་གཞུང་མན་ངག་རྣམས་དང་། རྫོགས་ཆེན་སེམས་སྡེའི་སྐོར། ཀློང་སྡེའི་སྐོར། མན་ངག་གི་སྐོར། ཀུན་བྱེད་མ་བུ་དགུ་བསྐོར་ལ་སོགས་རྒྱུད་རྒྱ་གཞུང་མན་ང ག་དང་བཅས་པ་ལ་ཐོས་བསམ་བྱས་ལ་ལྟ་བ་རྟོགས། སྒོམ་པ་རིམ་པ་གཅིག་ཆར་གྱིས་ཚུལ་དུ་སྒོམ་པ། སྦྱོད་པ་སྦྱོད་ལམ་རྣམ་བཞི་ལྟ་བྷཻ་ལ་མི་འདའ་བར་སྤྱོད། འབྲས་བུ་སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། འཕྲིན་ལས་ལྔ་ཏེ། སྐུ་རིགས་ཀྱིས་བརྒྱན་གྱི། འཁོར་ལོ་ཉི་ཤུ་རྩ་ལྔ་ཐོབ་པའི་ཐབས་ཟབ་མོར་བསྡུས་སོ། །གསུམ་པ་རྩིས་ཆེ་བའི་ཕྱིར། བཀའ་རྒྱས་གདབ་པ་འདི་དག་གོ །ཞབས་དོན་ལ་བརྩམ་པ་ཇི་ལྟར་བྱ་བའི་ཕྱིར་དང་། །བརྩམ་པའི་དགེ་བ་བསྔོ་ཞིང་། །སྨོན་ལམ་གདབ་པ་དང་། བརྩམས་པ་མཐར་ཕྱིར་པའི་རྒྱུ་མཚན་དང་གསུམ་དུ་བསྡུས་སོ། །གཉིས་པ་གང་ཟག་གི་སྤྱན་ལྡན་ལ་ཚུལ་ཇི་ལྟར་གཏད་ན། རྡོ་རྗེའི་སློབ་མ་ཆེ་གེ་མོ་དང་ཆེ་གེ། ཞེས་བྱ་བ་ལ་སོགས་པའི་བརྩམ་དུས་སུ། །རྡོ་རྗེ་འཆང་ཆེན་པོ་གཉིས་པ་ཀུན་བཟང་རྩེ་བ། །བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་བ། །དྲུང་ཡེ་ཤེས་དབང་པོའི་སྡེ། །ལྷུན་སྡེ་རབ་འབྱམས་པ་དཔལ་འབྱོར་རྒྱལ་མཚན། །ལོ་ཙཱ་བ་ཆེན་པོ་གྲགས་པ་མཐའ་ཡས། །དང་པོ་རབ་འབྱམས་བ་དོན་འགྲུབ་རྒྱལ་མཚན་པ། །ལྟར་བ་ཀུན་དགའ་དཔལ་ལྡན་རྒྱལ་མཚན། །རབ་འབྱམས་པའི་རིན་ཆེན་རྒྱལ་མཚན། །བཀའ་བཅུ་པ་ཀུན་དགའ་རྒྱལ་མཚན། །སྨན་གཅིག་པ་སྐུ་སྐྱེ་བ་ལ་སོགས་པའི་དགེ་བའི་བཤེས་གཉེན་ཆོས་ཀྱི་སྤྱན་ཅན་ཁྱེད་རྣམས་ལ། རྡོ་རྗེ་སློབ་དཔོན་བདག་གིས་དབང་བསྐུར། །རྒྱུད་བཤད། །མན་ངག་གནང་བ་བརྟེན་ནས་ཁྱེད་རྣམས་ཀྱིས། །སྤྱིར་རྒྱུད་རྒྱ་གཞུང་མན་ང ག་བྱེ་བྲག་ཏུ་མདོ་རྒྱུ་སེམས་གསུམ་གྱི་དབང་དོན་ཟབ་མོ་འདི། འབྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཁ་དོན་བྱེད་པ་དང་། གཞན་ལ་དབང་བསྐུར་བ་དང་། བཤད་པ་དང་། ཁྲིད་འདེབས་པ་དང་། སྤེལ་བ་ལ་སོགས་དར་ཞིང་རྒྱས་པར་མཛོད་ཅིག །ཞེས་གདམས་པས། དེ་རྣམས་ཀྱི་ཀྱང་། དེ་ལྟར་དུ་མཛད་པ་ཞལ་གྱི་བཞེས་ཤིང་ད་ལན་ཡང་ཚེ་དང་ཆེ་གེ་ཞེས་དགོས་སོ། །བྱེ་བྲག་དུ་ཕྱག་དཔེ་ཡང་། ཆོས་རྗེ་ཀུན་བཟང་རྩེ་པ། དྲུང་ཡེ་ཤེས་དབང་པོའི་སྡེ། ལྷུན་སྡེར་རབ་འབྱམས་པ། དགས་པོ་རབ་འབྱམས་པ། གྲག་པ་མཐའ་ཡས། དཔལ་ལྡན་རྒྱན་པ། སྐྱོར་པོ་གོང་ཁ་བ། སྨན་གཅིག་སྐུ་སྐྱེ་བ། ཟུར་དབེན་པ། བཀྲ་ཤིས་དོ་ཀ་བ། སྨན་ཁང་པ། དོན་ཞིང་བ། གནས་ཏན་ཆོས་དཔལ་བ། རྟོགས་ལྡན་པ། བསོད་ནམས། བློ་གྲོས་པ་རྣམས་ཀྱིས་དབང་དཔེ་ཆ་ཚང་ཆ་བཅྭ་ལྔ་བྲི་བར་ཞལ་གྱིས་བཞེས་སོ་། །གསུམ་པ་མཁའ་འགྲོ་ཆོས་སྐྱོང་ལ་ཚུལ་ཅི་ལྟར་གཏད་ན། རྗེ་བཙུན་མ་ཁྲོས་མ་ནག་མོ་ལ་སོགས་པའི་དཀར་མོ་སྐུ་ཡི་མཁའ་འགྲོ། །དམར་མོ་གསུང་གི་མཁའ་འགྲོ། །ནག་མོ་ཐུགས་ཀྱི་མཁའ་འགྲོ། །སེར་མོ་ཡོན་ཏན་གྱི་མཁའ་འགྲོ། །ལྗང་མོ་འཕྲིན་ལས་ཀྱི་མཁའ་འགྲོ་ལ་སོགས་པ་མཁའ་འགྲོ་མའི་ཚོགས། །ཁྱད་པར་བདག་ཅག་ལ་མ་ལྟར་བྱམས་པའི་མཁའ་འགྲོ། །སྲིང་ལྟར་བརྩེ་བའི་མཁའ་འགྲོ། །གཟུངས་ལྟར་གདུང་པའི་མཁའ་འགྲོ་མ། །བྲན་ལྟར་མྱུར་བའི་མཁའ་འགྲོ་མ་འཁོར་དང་བཅས་པ་ཁྱེད་རྣམས་གྱི་ཞལ་དུ་པཉྩ་ཨ་མྲི་ཏ་ཁ་ཧི། བྷ་ལིང་ཏ་ཁ་ཧི། རཀྟ་ཁ་ཧི། སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་ཚིམས་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་དང་། ཁྱད་པར་དུ་ཡང་། མདོ་སྒྱུ་སེམས་གསུམ་གྱི་དབང་དཔེ་འདི། །འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གང་ཟག་རྣམས་ཀྱིས་བསྲུང་སྐྱོབ་དང་འཕྲིན་ལས་དམ་པ་མཛད་དུ་གསོལ། །གལ་ཏེ་ཆོས་འདི་ལ་གནོད་པ་བྱེད་པ་སྟེ། དགག་པ་དང་། གཤེ་བ་དང་། སྤངས་པ་དང་། འཁུ་བ་ལ་སོགས་པའི་བསྟན་དགྲ་རྣམས་ཀྱི་སྲོག་ཆོད། མགོ་ཁོས། སྙིང་ཆུངས། ཐལ་བའི་རྡུལ་དུ་བརློག་ཅིག །ཅེས་གཉེར་གཏད་དོ། །ཆོས་སྐྱོང་ལ་གཏད་པ་ནི། ༀ་རུ་རུ་རོ་རུ་པ་ཙ་ལ་ཨ་ཤུག་མེ། །དཔལ་ལྡན་མ་ལྷ་མོ་ནག་མོ་རང་བྱུང་གི་རྒྱལ་མོ། །བདུད་ཀྱི་ཡུལ་གཤིན་རྗེའི་སྲིང། །འཁོར་མ་སྲིང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ། ཨ་མྲི་ཏ་ཁ་ཧི། བྷ་ལིང་ཏ་ཁ་ཧི། རཀ་ཏ་ཁ་ཧི། སྐུ་གསུང་ཐུགས་མཉེས་ཤིང་ཚིམ་ནས་ཆོས་འདི་འཛིན་སྐྱོངས་སྤེལ་གསུམ་བྱེད་པའི་གང་ཟག་རྣམས་ཀྱི་བསྲུངས་མ་དང་སྡོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག །ཆོས་འདི་བཀའ་བཙན་བྱིན་ཆེ་དར་ཞིང་རྒྱས་པར་མཛད་དུ་གསོལ། །ཆོས་འདིའི་བསྟན་དགྲ་ཐམས་ཅད་བསྒྲལ་བའི་འཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག །ཅེས་གཉེར་གཏད། ༀ་བུར་གུར་མཧཱ་པདྨ་རྡོ་བུར། །ཙི་འབུར་བྱི་ཁེ། །བྱི་མ་ན་སེ། །ཨེ་ཧོ་ཤྭ་མོ་ཀྲོ་ཏ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། །དཔལ་ལྡན་མགོན་པོ་ནག་པོ། །ནག་པོ་སྟོང་། ཤ་ཟ་འབུམ། ལྷ་དམག་བྱེ་བ་དུང་ཕྱུར་གྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ། པཉྩ་ཨ་མྲི་ཏ་ཁ་ཧི། བྷི་ལིང་ཏ་ཁ་ཧི། རཀ་ཏ་ཁ་ཧི། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་མཉེས་ནས། །སྔོན་དཔལ་ཆེན་པོའི་སྤྱན་སྔར་ཆོས་འདིའི་རྒྱུད་པ་འཛིན་པ་རྣམས་ཀྱི་བསྲུངས་མ་དང་འཕྲིན་ལས་མཛད་པར་ཁས་བླངས་པ་བཞིན་དུ་བསྲུང་བ་དང་འཕྲིན་ལས་མཛོད་གཅིག །ཅེས་གཉེར་གཏད་དོ། །ༀ་བཻ་ཤཱར་མ་ན་ཡེ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ། པན་ཙ་ཨ་མྲི་ཏ་ཁ་ཧི། །བྷ་ལིང་ཏ་ཁ་ཧི། རཀ་ཏ་ཁ་ཧི། ཁྱེད་རྣམ་ཀྱིས་ཆོས་འདི་འཛིན་སྐྱོང་སྤེལ་བ་ལ་སོགས་བྱེད་པའི་གང་ཟག་རྣམས་ཀྱིས། བསྲུང་མ་དང་མཐུན་པའི་སྒོ་ནས་འབྱོར་བ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པའི་སྐལ་བ་ལྡན་པར་གྱུར་ཅིག །ཅེས་གཉེར་གཏད་དོ། །ༀ་བཛྲ་ས་དྷུ་ས་མ་ཡཱ། པན་ཙ་ཨ་མྲི་ཏ་ལ་ཁ་ཧི། བྷ་ལིང་ཏ་ཁ་ཧི། རཀྟ་ཁ་ཧི། ཕ་མོན་པ་ནག་པོ། མ་མོན་མ་ནག་མོ། བུ་དམ་ཅན་འགར་བ་ནག་པོ་ཤ་མེད་གངས་དཀར་མ། ཁ་རག་དཔལ་མོ་བཙུན། ཀོང་བཙུན་དེ་མོ། མཆེད་འཁོར་གསུམ་བརྒྱད་དྲུག་ཅུ། །ཡང་འཁོར་བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས། །ཆོས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གང་ཟག་རྣམས་ཀྱིས་བསྲུངས་སྐྱོབས་རྒྱ་ཆེན་པོ་མཛོད་ཅིག །བསྟན་དགྲ་སྡིག་ཅན་རྣམས་ཐལ་བ་རྡུལ་བཞིན་བརླག་པའི་འཕྲིན་ལས་མཛོད་གཅིག །ཅེས་ཚུལ་དེ་ལྟར་དུ་གཏད་དོ། །ཞབས་དོན་ལ་གསུམ་སྟེ། ཅི་ལྟར་བརྩམ་པའི་ཚུལ་དང་། བརྩམས་པའི་དགེ་རྩ་བྱང་ཆུབ་ཏུ་བསྔོ་ཞིང་། །སྨོན་ལམ་གདབ་པ་དང་། །བརྩམས་པ་མཐར་ཕྱིན་པའི་རྒྱུ་མཚན་ནོ། །དང་པོ་ཅི་ལྟར་བརྩམ་པའི་ཚུལ་ནི། ཨེ་མ་ཧོ། ཆོས་ཀྱི་རྒྱལ་པོ་སྤྱན་སྔ་རིན་ཆེན་དཔལ། །ངག་དབང་གྲགས་པ་ཕྱོགས་ལས་རྣམས་པར་རྒྱལ། །མཐུན་རྐྱེན་བཟང་ལེགས་རྒྱ་ཆེ་ཕུན་སུམ་ཚོགས། །ཐུགས་དགོངས་རྣམ་དག་དགྱེས་ཚུལ་དུ་མར་བཅས། །ཐུགས་རྗེ་བཀའ་དྲིན་མཉམས་མེད་བྱིན་རླབས་དང་། །ཐམས་ཅད་མཁྱེན་པ་ཆོས་རྗེ་གཞོན་ནུ་དཔལ། །མཉེས་པའི་སྒོ་ནས་གནང་སྦྱིན་རིམ་པར་བཅས། །བསྟན་ལ་ཕན་ཕྱིར་མདོ་རྒྱུད་སེམས་གསུམ་གྱི། ། དབང་མཆོག་ལེགས་པར་བརྩམ་དགོས་བཀའ་བརྩལ་དང་། །སྤྲུལ་པའི་སྐུ་མཆོག་ཞ་དམར་ཅོད་པཎ་འཛིན། །ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོས། ། དགྱེས་པའི་ཚུལ་དྲུག་གསེར་གྱི་མེ་ཏོག་སོགས། །གནང་ནས་མདོ་དབང་བྲི་དགོས་གསུང་བ་དང་། །གཞུང་ལུགས་རབ་འབྱམས་ཐུགས་སུ་ཆུད་པ་ཡིས། །བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་པ་ལ་སོགས་བཤེས་གཉེན་མང་པོས་བསྐུལ་བ་དང་། །བདག་ཀྱང་ལྷག་པའི་བསམ་པ་རྣམ་དག་གིས། །བླ་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་། །མཁའ་མཉམ་འགྲོ་རྣམས་བདེ་སྐྱིད་འབྱུང་བ་དང་། །མྱུར་དུ་སངས་རྒྱས་ཐོབ་པར་བྱ་ཕྱིར་སྟེ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཕུན་ཚོགས་ལ། །བརྟེན་ནས་གསང་སྔགས་མདོ་རྒྱུ་སེམས་གསུམ་གྱི། །དབང་གི་ཆོག་འགྲིག་བསྒྲུབས་ཐབས་གསལ་བར་བརྩམས་། །དེ་འང་ཅི་ལྟ་བུ་ཞེ་ན། །ཀ་ཐོག་ཆོས་ཀྱི་རྒྱ་མཚོ་ཆུ་ཡི་གཏེར། །ཐོས་བསམ་སྒོམ་གསུམ་སྲུབས་ལས་ལེགས་པར་འཁྲུངས། ། སྔགས་འཆང་རྡོ་རྗེ་འཛིན་པ་ཚ་ཟེར་རྒྱས། །རྟ་བདུན་མཁའ་ལ་དབུས་ཀྱི་རི་རྒྱལ་སྐོར། །གདུལ་བྱ་མདོ་རྒྱུད་པད་ཚལ་རྒྱས་པར་བྱས། །རྣམས་དཔྱོད་བློ་ཡིས་བུང་བ་རྡོ་རྗེ་མཆུས། །རྒྱུད་གཞུང་མན་ངག་བཅུད་རྣམས་དུ་མ་བསྡུས། །དབང་མཆོག་སྦྲང་རྩིའི་རྒྱ་མཚོ་ཡོན་ཏན་ཚངས། །ཨེ་མ་འདི་ལ་མི་སེམས་སུ་ཞིག་ཡོད། །ཨེ་མ་འདི་ཡི་རོ་མཆོག་མྱོང་བར་བྱོས། །གཉིས་པ་བརྩམས་པའི་དགེ་རྩ་བྱང་ཆུབ་དུ་བསྔོ་ཞིང་སྨོན་ལམ་གདབ་པ་ནི། དེ་ལྟར་བརྩམ་པའི་དགེ་རྩ་དྲི་མེད་དང། །འཁོར་འདས་ལམ་གསུམ་བསྡུས་པའི་དགེ་རྩ་གཉིས། །ཕྱོགས་གཅིག་སྡོམ་པ་ཀུན་བཟང་མཆོད་པའི་སྤྲིན། །ཞི་བར་གཤེགས་པ་རྩ་བའི་བླ་མ་དང་། །བརྒྱུད་པའི་བླ་མ་ཐུགས་རྗེ་ཅན་རྣམས་ལ། །ལུས་ངག་ཡིད་གསུམ་མོས་པས་ཕུལ་བ་ཡིས། །ས་ལས་ཡོན་ཏན་གོང་དུ་འཕེལ་བ་དང་། །རྡོ་རྗེ་འཆང་བར་མྱུར་དུ་གཤེགས་ནས་ཀྱང་། །བདག་སོགས་འགྲོ་རྣམས་འདྲེན་སྟོན་མཛད་གྱུར་ཅིག །ཡངས་གཅིག་བརྩམས་པའི་དགེ་རྩ་དྲི་མེད་དང་། །སྦྱིན་པ་ཚུལ་ཁྲིམས་སྒོམ་ལས་བྱུང་བ་ཡིས། རབ་དཀར་དགེ་བའི་ཚོགས་རྣམས་བསམ་ལས་འདས། །གཞན་ཡང་ཕྱོགས་བཅུའི་དགེ་ཚོགས་ཕྱོགས་གཅིག་སྡོམ། །ཀུན་ཏུ་བཟང་པོ་མཆོད་པའི་སྤྲིན་ཕུང་གིས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཉེས་ཕྱིར་འབུལ། །དེ་ལས་བྱུང་བའི་མཐུ་སྟོབས་བྱིན་རླབས་ཀྱིས། །སྐུ་ལ་མཚན་མཆོག་བཟང་པོ་སུམ་ཅུ་གཉིས། །དཔེ་བྱད་བཟང་པོ་བརྒྱད་བཅུས་རབ་ཏུ་སྤྲས། །དག་པའི་འཁོར་ཚོགས་ནམ་མཁའི་སྐར་ཚོགས་བཀྲ །སྐུ་མཆོག་རྒྱན་གྱིས་འཁོར་ལོ་ཐོབ་གྱུར་ཅིག །གསུང་ལ་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་། །ཆོས་ཀྱི་དུང་ཆེན་གསུང་ལྔ་ལྷུན་གྱིས་གྲུབ། །ཆོས་ཀྱི་གྲགས་པས་ཕྱོགས་བཅུར་ཁྱབ་གྱུར་ཅིག །གསུང་མཆོག་བརྒྱན་གྱི་འཁོར་ལོ་ཐོབ་གྱུར་ཅིག །ཐུགས་ནི་ཅི་ལྟ་ཅི་རྙེད་དབྱེར་མེད་མཁྱེན། །ཆོས་དབྱིངས་མེ་ལོང་མཉམ་ཉིད་སོ་སོར་རྟོགས། །བྱ་བ་གྲུབ་པའི་ཡེ་ཤེས་རྣམ་པ་ལྔ། །ཏིང་འཛིན་འབུམ་ཕྲག་དུ་མ་ཐུགས་ཆུད་པའི། །ཐུགས་མཆོག་བརྒྱན་གྱི་འཁོར་ལོ་ཐོབ་གྱུར་ཅིག །སྣ་ཚོགས་རིན་ཆེན་ས་གཞི་མནན་ན་ནེམ། །བཏེག་ན་འཕར་ལ་མིག་མང་རིས་སུ་བྲིས། །རྒྱ་མདོ་ཐམས་ཅད་རིན་ཆེན་ཚོམ་བུས་སྤྲས། །ལྟར་མི་བཟོད་པའི་འོད་དང་ལྡན་པ་ཡིས། །ཡོན་ཏན་ཞིང་ཁམས་སྣ་ཚོགས་ཐོབ་གྱུར་ཅིག །རཏྣ་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་ཆོས་འཁོར་གདུགས། །བརྒྱན་རྣམས་སྣ་ཚོགས་དུ་མས་སྤྲས་པ་ཡི། །གཞལ་ཡས་ཡོན་ཏན་ལྡན་པ་ཐོབ་གྱུར་ཅིག །རིན་པོ་ཆེའི་ཁྲི་ལ་མཛོད་མིག་ལྡན། །སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དང་། །ཤང་ཤང་བརྒྱད་བརྒྱད་རྣམས་ཀྱི་བཏེགས་པའི་སྟེང་། །མུ་ཐིག་དྲ་བ་ལ་སོགས་ཁྲི་ཁེབས་ལྡན། །པདྨ་སྟོང་ལྡན་ཉི་མ་ཟླ་བ་ཡིས། །གདན་ཁྲི་ཡོན་ཏན་ཅན་ལ་བཞུགས་གྱུར་ཅིག །དར་དང་རིན་ཆེན་རུས་པ་དུ་མ་ཡིས། །དབུ་རྒྱན་སྙན་ཆ་མགུར་ཆུ་ཕྲེང་བ་དང་། །དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་སོར་གདུབ་སོགས། །རྒྱན་ཆ་ཡོན་ཏན་ལྡན་པས་རྒྱན་གྱུར་ཅིག །སྔོན་པོ་དཀར་པོ་སེར་པོ་དམར་པོ་ལྗང་། །ཉི་ཤུ་རྩ་ལྔ་སྟོང་ཕྲག་དུ་མ་ཡིས། །མཛེས་ཤིང་ཡིད་དུ་འོང་བ་གུར་དུ་ཕུབ། །འོད་ཟེར་ཡོན་ཏན་ལྡན་པ་འཕྲོ་གྱུར་ཅིག །ནད་དང་གདོན་དང་སྡིག་སྒྲིབ་ཐམས་ཅད་དང་། །དགྲ་དང་བགེགས་དང་བར་དུ་གཅོད་པ་ཡིས། །སྤངས་བར་འོས་པ་ཅི་མཆིས་ཐམས་ཅད་ཀུན། །ཞི་པའི་འཕྲིན་ལས་ཆེན་པོ་འགྲུབ་གྱུར་ཅིག །ཚེ་དང་བསོད་ནམས་བཀྲག་དང་གཟི་བརྗིད་དང་། །འཁོར་དང་ལོངས་སྤྱོད་དཔལ་དང་འབྱོར་པ་དང་། །ཉམས་དང་རྟོགས་པ་སྐུ་དང་ཡེ་ཤེས་སོགས། །རྒྱས་པའི་འཕྲིན་ལས་ཐམས་ཅད་འགྲུབ་གྱུར་ཅིག །ལྷ་འདྲེ་མི་གསུམ་ཁམས་གསུམ་སྲིད་པ་གསུམ། །ཟས་ནོར་ལོངས་སྤྱོད་འདོད་དགུ་གང་དགོས་པ། །ཇི་ལྟར་འོས་བའི་དངོས་པོ་ཐམས་ཅད་ཀུན། །དབང་དུ་འདུས་པའི་འཕྲིན་ལས་ཐོབ་གྱུར་ཅིག །ནང་གི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་། །ཕྱི་ནས་སྡོ་བའི་དགྲ་བོ་དམག་ཚོགས་དང་། །བགེགས་ཀྱི་རིགས་ལ་སྟོང་ཕྲག་བརྒྱད་བཅུ་དང་། །ཡེ་འབྲོགས་སུམ་བརྒྱ་དང་ནི་དྲུག་བཅུ་སོགས། །དྲག་པོས་ཐམས་ཅད་བརྡུལ་དུ་བརླག་གྱུར་ཅིག །ཡང་གཅིག་དགེ་རྩ་མཆོད་སྤྲིན་རྒྱ་མཚོ་ཡིས། །རྩ་བའི་བླ་མ་བཀའ་དྲིན་ཆེན་པོ་དང་། །གནས་ལྔ་པཎ་ཆེན་མངོན་དགའ་ཆོས་རྫོང་པ། །ཞྭ་དམར་ཅོད་པཎ་འཛིན་པ་བཞི་པ་བ། །བཤེས་གཉེན་རྒྱ་མཚོ་དང་བཅས་རྣམས་ལ་འབུལ། །སྤངས་རྟོགས་མཐར་ཕྱིན་རྡོ་རྗེ་འཆང་ཐོབ་ནས། །འགྲོ་དྲུག་སེམས་ཅན་ཐར་ལམ་བཀོད་གྱུར་ཅིག །ཡང་གཅིག་འདི་ལྟར་བསྒྲུབ་པའི་དགེ་རྩ་དེས། །དཀྱིལ་འཁོར་གཅིག་ཏུ་ཞུགས་པ་སྐལ་བར་ལྡན། །ཐམས་ཅད་ཀུན་རིག་ཀུན་བཟང་རྩེ་པ་སོགས། །རིག་འཛིན་བསྒྲུབ་མཆོག་འཁོར་དང་བཅས་པ་རྣམས། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་ནས་ཀྱང་། །སྐུ་ལྔ་ལྷུན་གྲུབ་ཚེ་གཅིག་མངོན་སངས་རྒྱས། །འཁོར་བ་མ་སྟོངས་བར་དུ་བརྟེན་མཛད་པའི། །དེད་དཔོན་དམ་པ་མཆོག་ནི་ཐོབ་གྱུར་ཅིག །དེ་རྣམས་ལས་བྱུང་དགེ་བའི་རྩ་བ་དེས། །དུས་གསུམ་ཕ་མ་སྦྱིན་བདག་གྲོགས་མཆེད་དང ། །ཟབ་དོན་ཆོས་དང་དཀར་ནག་ལས་ཀྱིས་འབྲེལ། །སྒྲིབ་གསུམ་བག་ཆགས་བཅས་པ་དག་ནས་ཀྱང་། །ཉེ་འཁོར་དམ་པ་ཉིད་དུ་སངས་ནི་རྒྱས་གྱུར་ཅིག །གཞན་ཡང་འགྲོ་དྲུག་སེམས་ཅན་ཐམས་ཅད་རྣམས། །མྱུར་དུ་སངས་རྒྱས་གོ་འཕང་ཐོབ་གྱུར་ཅིག །སྨོན་ལམ་གདབ་པ་ནི། ༀ་སྭ་སྟི། བྱང་ཆུབ་སེམས་དཔའ་ཏོག་དཀར་གྱིས། །རྒྱལ་ཚབ་མི་ཕམ་མགོན་པོ་ལ། །དབུ་ལ་སྲོག་ཞུ་ཕུལ་བ་ལྟར། །ཆོས་ཀྱི་རྒྱལ་པོ་བློན་འཁོར་བཅས། །བླ་མ་དགེ་བའི་བཤེས་གཉེན་སོགས། །རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །ཅེས་པ་ལྟར་འོག་མ་རྣམས་ལའང་། །སྤྱི་བྱེ་བྲག་ཅི་རིགས་པར་སྦྱརོ། །ཡུམ་ནི་སྒྱུ་མ་ལྷ་མཛེས་ཀྱིས། །སེམས་ཅན་རྣམས་ལ་དབང་བསྐུར་བས། །ན་ཚའི་སྡུག་བསྔལ་ཞི་བ་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །ཐུབ་པ་ཡུམ་ལས་བལྟམ་པའི་ཚེ། །སེང་སྤྲུག་གཉིས་ཀྱིས་དབང་བསྐུར་བས། །བསྡོ་བ་ཟིལ་གྱི་མནོན་པ་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག ། ཡུམ་ནི་སྒྱུ་མ་ལྷ་མཛེས་ལ། །གླང་སྤྲུག་གཉིས་ཀྱི་དབང་བསྐུར་བས། །འཇིག་རྟེན་འདེགས་པའི་སྟོབས་ལྡན་ལྟར། །འདི་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །ཐུབ་པ་ཡུམ་ལ་ལྟམས་པའི་ཚེ། །ཚངས་དང་རྒྱ་བྱིན་དབང་བསྐུར་བས། །མཁྱེན་པའི་བྱེ་བྲག་མཁས་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །ཐུབ་པ་ལྟམས་ནས་ཞག་བདུན་ཚེ། །ཤཱཀ་རིགས་འཚོགས་ནས་དབང་བསྐུར་བས། །ཤེས་བྱ་མ་རྨོངས་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །དོན་འགྲུབ་ཡི་གེ་སློབ་པའི་དུས། །ཡིག་མཁན་སློབ་དཔོན་དབང་བསྐུར་བས། །ལྷ་མི་ཡི་གེ་མཁས་པ་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱི་རྒྱལ་བུ་དོན་འགྲུབ་ལ། །ཀོ་ཏས་བརྒྱན་གྱི་དབང་བསྐུར་བས། །ས་དང་རྡོ་ཡིས་ཕྱག་འཚལ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །དོན་འགྲུབ་ལྷས་སྦྱིན་རྩལ་འདྲེན་ཚེ། །ཡབ་ཀྱི་གཞུའི་དབང་བསྐུར་བས། །བདུད་ཀྱི་སྒྱུ་རྩལ་འདུལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱི་རྒྱལ་བུ་དོན་འགྲུབ་ལ། །དྲང་སྲོང་སྐར་མ་ལ་དགའ་བས། །འདོད་འཇོའི་ཞོ་ནི་ཕུལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱི་རྒྱལ་པོ་དོན་འགྲུབ་ལ། །འཁོར་ལོས་བསྒྱུར་བར་དབང་བསྐུར་བས། །མི་རྟག་མཁྱེན་པའི་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱི་རྒྱལ་པོ་དོན་འགྲུབ་ལ། །འབངས་ཀྱིས་ཆིབས་ཕུལ་རབ་བྱུང་བས། །ཉོན་མོངས་ཐར་བའི་དབང་ཐོབ་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱི་དོན་འགྲུབ་རབ་བྱུང་ཚེ། །ལྷ་བུས་ཤན་གྲིས་དབང་བསྐུར་བས། །ཉོན་མོངས་སྒྲིབ་པ་གཅོད་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །དོན་འགྲུབ་དཀའ་ཐུབ་རྫོགས་པ་ལ། །ལྷ་བུས་བསྲེགས་པར་དབང་བསྐུར་བས། །འགྲོ་དོན་རྫོགས་པའི་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བསྙེན་པ་རྫོགས་པ་ལ། །ལྷ་བུས་ན་བཟའ་ངུར་སྨྲིག་གསོལ། །ཉོན་མོངས་སྲིད་སྐྱོབ་དབང་ཐོབ་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བསོད་སྙོམས་གཤེགས་པ་ལ། །སྤྲེའུའི་རྒྱལ་པོས་སྦྲང་རྩི་ཕུལ། །བཀྲ་ཤིས་རྫས་མཆོག་དམ་པར་ལྡན། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་དཀའ་ཐུབ་རྫོགས་པའི་ཚེ། །ལེགས་འོང་བུ་མོས་འབྲས་ཆེན་ཕུལ། །སྐུ་གསེར་ཕྱིས་པ་ལྟ་བུར་འགྱུར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །ཐུབ་པ་ཤིང་དྲུང་གཤེགས་པའི་དུས། །རྩྭ་འཚོང་རྩྭ་མཆོག་བཀྲ་ཤིས་མས། །རྩྭ་ཕུལ་གདིངས་བས་བདུད་བཏུལ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་གྱད་ཀྱི་ཉེ་འཁོར་བཞུགས། །ཚངས་པ་ཉེ་འཁོར་ལེགས་སྐྱབས་ཀྱི། །བུམ་རམ་ཤིང་དང་སྦྲང་རྩི་ཕུལ། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །མཛད་པ་བཅུ་གཉིས་རྫོགས་དུས་སུ། །དཔལ་ཆེན་ཕྱག་ན་རྡོ་རྗེ་ལ། །མཆོད་རྟེན་གཉིས་སོགས་དབང་བསྐུར་བས། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །ཐུབ་པ་གྱད་ཀྱི་ཉེ་འཁོར་བཞུགས། །དཔལ་ཆེན་ཕྱག་ན་རྡོ་རྗེ་ལ། །དཔག་བསམ་དབང་བསྐུར་དགོས་འདོད་འབྱུང་། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་རྒྱ་མཚོ་གླིང་བཞུགས་དུས། །དཔལ་ཆེན་ཕྱག་ན་རྡོ་རྗེ་ལ། །རྒྱ་མཚོས་དབང་བསྐུར་སྐྱེ་མེད་རྟོགས། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་ཟོམ་དུ་ཆོས་འཁོར་སྐོར། །ཕྱག་ན་རྡོ་རྗེ་རི་རབ་དབང་བསྐུར་བས། །མཐུ་སྟོབས་ཕུན་སུམ་ཚོགས་པ་ལྟར། ། འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་རྡོ་རྗེ་གདན་བཞུགས་དུས། ཕྱག་རྡོར་ས་བཞིས་དབང་བསྐུར་བས། །བཀྲ་ཤིས་བྱིན་ཆགས་དབང་བསྐུར་བས། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བ་ར་ཎ་སཱིར་བཞུགས། །ཕྱག་རྡོར་བདུད་རྩིས་དབང་བསྐུར་བས། །སྐྱེ་ཤི་མེད་པའི་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་རི་རབ་ཟམ་ལ་བཞུགས། །བརྒྱ་བྱིན་དར་གྱི་ན་བཟའ་ཕུལ། །ཆོས་སྒྲ་ཆེན་པོའི་བྱིན་རླབས་ལྡན། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་རྩ་གསུམ་ན་བཞུགས་དུས། །བརྒྱ་བྱིན་རིན་ཆེན་ཁྲི་རྐང་ཕུལ། །ཆོས་ཤེས་རྒྱུད་ལ་གོ་བ་སྒྲོགས། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་ཆོས་འཁོར་བསྐོར་བ་ལ། །བརྒྱ་བྱིན་མེ་ཏོག་སྔོན་པོ་ཕུལ། །འཁོར་བ་བསླུ་བྲིད་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་རི་རབ་ཁང་བཟང་བཞུགས། །ལྷ་བུ་དམ་པ་འོད་ཞེས་པས། །རྔ་ཡབ་ཕུལ་བས་གཟི་མདངས་ལྡན། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་རྒྱལ་པོའི་ཁབ་ན་བཞུགས། །ལྷ་བུ་འོད་ཟེར་བརྡུལ་ཡབ་ཕུལ། །ཆོས་ལ་སྐྱོན་གྱིས་མ་གོས་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་ནགས་ཚལ་དགོན་པར་བཞུགས། །རྩ་གསུམ་ལྷ་བུས་སྦྲང་གཡབ་ཕུལ། །སེམས་ཅན་འཛིན་ཆགས་སྐྱོན་གྲོལ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་རྒྱལ་པོའི་ཁབ་ན་བཞུགས། །འཁོར་ནི་རྣམ་བཞིས་བླ་བྲེས་ཕུལ། །ཉོན་མོངས་གདུང་བ་སེལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བྱ་རྒོད་ཕུང་པོར་ཆོས་འཁོར་བསྐོར། །འཁོར་ནི་རྣམ་བཞིས་རྒྱལ་མཚན་ཕུལ། །ཆེ་བའི་ཡོན་ཏན་མི་ནུབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག ། བཅོམ་ལྡན་སྐྱེད་མོས་ཚལ་བཞུགས་དུས། །འཁོར་ནི་རྣམ་བཞིས་གདུགས་ཕུལ་བས། །ཚ་བའི་སྡུག་བསྔལ་བསིལ་བ་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །ཡངས་པ་ཅན་གྱི་དྲུང་བཞུགས་དུས། །ཉ་པ་རྣམས་ཀྱི་ཉ་བརྒྱ་ཕུལ། །ཉ་པ་ལྔ་བརྒྱ་སངས་རྒྱས་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་སྐྱེད་མོས་ཚལ་དུ་གཤེགས། །ཁྱིམ་བདག་བུ་མོ་བཟང་ལྡན་མས། །སྐུ་རེག་གསོལ་བས་སྐུ་རྟེན་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་ཁ་བ་ཅན་བཞུགས་དུས། །གནོད་སྦྱིན་རྣམས་ཀྱི་སྤོས་ལྔ་ཕུལ། །དབང་པོ་ལྔ་ཚིམ་གྱུར་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་ནགས་ཚལ་ཆེན་པོར་བཞུགས། །ཀླུ་ཡིས་སྙིང་པོ་ལྔ་རྣམས་ཕུལ། །མི་མཛད་མཛོད་དུ་ཞུགས་པ་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་གྲུ་འཛིན་རི་ལ་བཞུགས། །གནོད་སྦྱིན་རིན་ཆེན་སྣ་ལྔ་ཕུལ། །མི་ཟད་ནོར་མཛོད་ལྡན་གྱུར་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །ཨ་གྷ་མ་གྷ་དྷ་ན་བཞུགས། །རྒྱལ་པོ་གསལ་རྒྱལ་འབྲུ་ལྔ་ཕུལ། །མི་གེའི་སྡུག་བསྔལ་ཞི་བ་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་ཙན་དན་ཚལ་དུ་གཤེགས། །གཅན་གཟན་སྟག་གི་སྨན་ལྔ་ཕུལ། །བཀྲ་ཤིས་ཕུན་ཚོགས་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་སེང་ལྡེང་ཚལ་དུ་གཤེགས་། །གཅན་ཟན་རྒྱལ་པོ་སེང་སྤྲུག་གིས། །སེང་ཁྲི་ཕྱག་ཕུལ་བཀྲ་ཤིས་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བཏང་བཟང་ཆེན་པོར་བཞུགས། །སོག་པོས་འབྲི་ཧ་ཕྱག་དུ་ཕུལ། །སྨན་མཆོག་སྣ་ལྔའི་བཀྲ་ཤིས་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རྒྱལ་བྱེད་ཚལ་དུ་བཅོམ་ལྡན་བཞུགས། །ལྷའི་དབང་པོ་བརྒྱ་བྱིན་གྱིས། །ཧ་ས་དེ་ཕུལ་བཀྲ་ཤིས་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་ནགས་ཚལ་གསེབ་དུ་གཤེགས། །ཤིང་གི་ལྷ་མོ་འོད་འཆང་མས། །ཀ་ཏ་ཀ་རི་ཕུལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་ཀུན་རིགས་ཀྱིས། །དོན་འགྲུབ་སོགས་ལ་ཕྱག་རྒྱ་ཡིས། །དབང་བསྐུར་སྐུ་དང་ཡེ་ཤེས་ཐོབ། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས། །འཁོར་ལ་སྙིང་པོ་སྔགས་དབང་བསྐུར་། །ཚེ་དང་ཡེ་ཤེས་ཕུན་གསུམ་འཚོགས། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་སྣང་མཛད་ཀྱིས། །འཁོར་ལ་གསེར་ཐུར་དབང་བསྐུར་བས། །མ་རིག་བསལ་ནས་ཡེ་ཤེས་གསལ། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་སྣང་མཛད་ཀྱིས། །འཁོར་ལོ་མེ་ལོང་དབང་བསྐུར་བས། །ཆོས་རྣམས་སྣང་ལ་རང་བཞིན་མེད། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་འཁོར་ལོས་དབང་བསྐུར་བས། །འགྲོ་དོན་ཐོགས་པ་མེད་པ་ལྟར། །འདིར་འཚོགས་དཔོན་སློབ༴ བཅོམ་ལྡན་འདས་ལ་ལྷ་དབང་གིས། །གཡས་འཁྱིལ་དུང་ཕུལ་ཆོས་སྒྲ་སྒྲོགས། །གསུང་དབྱངས་ཡན་ལག་དྲུག་བཅུར་ལྡན། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས། །འཁོར་ལ་མེ་ཏོག་དབང་བསྐུར་བས། །ཚུལ་ཁྲིམས་འཕྲེང་བ་ཡོངས་སུ་རྫོགས། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་སྣང་མཛད་ཀྱིས། །འཁོར་ལ་རྡོ་རྗེས་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱི་དབང་ཐོབ་འགྱུར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་ཀུན་རིགས་ཀྱིས། །འཁོར་ལ་ཕྱག་རྒྱས་དབང་བསྐུར་བས། །ཡོན་ཏན་རིགས་གྱི་དབང་ཐོབ་འགྱུར ། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་པདྨས་དབང་བསྐུར་བས། །པདྨ་གསུང་གི་དབང་ཐོབ་འགྱུར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམས་སྣང་གིས། །འཁོར་ལ་རྒྱ་གྲམ་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱི་དབང་ཐོབ་འགྱུར་། །འདིར་འཚོག་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་སེང་གེས་དབང་བསྐུར་བས། །ལོགས་ཚོགས་ཟིལ་གྱིས་མནོན་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམས་སྣང་གིས། །འཁོར་ལ་ཉི་མས་དབང་བསྐུར་བས། །མ་རིག་མུན་པ་སེལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་སྣང་མཛད་ཀྱིས། །འཁོར་ལ་ཟླ་བས་དབང་བསྐུར་བས། །ཚ་བའི་སྡུག་བསྔལ་བསིལ་བ་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་སྣང་མཛད་ཀྱིས། །འཁོར་ལ་བདུད་རྩིས་བུམ་དབང་བསྐུར། །རྣམ་པར་རྟོགས་པ་སེལ་བ་ལྟར། །འདི་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རྒྱལ་པོ་རྒྱལ་རིགས་དབང་བསྐུར་དུས། །གསེར་གྱི་འཁོར་ལོ་རྩིབས་སྟོང་གིས། །སྐོར་བས་གླིང་བཞི་དབང་འདུས་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རྒྱལ་པོ་རྒྱལ་རིགས་དབང་བསྐུར་དུས། །རྟ་མཆོག་ཞོན་ནས་གླིང་བཞི་པོ། །ཉི་མ་ཤར་ཀ་གཅིག་ལས་བགྲོད། །འདིར་འཚོགས་དཔོན་སློབ་བཀྲ་ཤིས༴ །རྒྱལ་པོ་རྒྱལ་རིགས་དབང་བསྐུར་དུས། །གླང་པོ་རིན་ཆེན་གསེར་གྱི་དྲ་བ་གཡོགས། །གཡུལ་ལས་རྒྱལ་བའི་མཐུ་དང་ལྡན་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རྒྱལ་པོ་རྒྱལ་རིགས་དབང་བསྐུར་དུས། །ནོར་བུ་རིན་ཆེན་རྒྱལ་མཚན་རྩེར། །བཏགས་པས་ཐམས་ཅད་གསལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རྒྱལ་པོ་རྒྱལ་རིགས་དབང་བསྐུར་དུས། །བློན་པོ་རིན་ཆེན་ལྷ་མིག་ལྡན། །དཔག་ཚད་ཚུན་གྱིས་གཏེར་རྣམས་མཐོང་། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རྒྱལ་པོ་རྒྱལ་རིགས་དབང་བསྐུར་དུས། །གཟུགས་མཛེས་ལྟ་སྡུག་བཙུན་མོ་རིན་པོ་ཆེ། །རེག་ན་བདེ་ཞིང་ཡིད་དུ་འོང་བ་ལྟར། །འདིར་འཚོགས་དཔོན་སློབ་རྣམས་ལ་བཀྲ་ཤིས་ཤོག །རྒྱལ་པོ་རྒྱལ་རིག་དབང་བསྐུར་དུས། །དམག་དཔོན་རིན་ཆེན་རྒྱལ་པོ་བསམ་བཞིན་བྱེད། །ཕ་རོལ་དཔུང་འཇོམས་བསྡོ་བ་ཟིལ་གྱིས་ནོན། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རྒྱལ་པོ་རྒྱལ་རིགས་དབང་བསྐུར་དུས། །རི་རབ་རྩེ་མོར་སྣང་མཛད་ཀྱིས། །འཁོར་ལ་རལ་གྲིས་དབང་བསྐུར་བས། །ཉོན་མོངས་གཅོད་པའི་དབང་བསྐུར་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་མདའ་གཞུས་དབང་བསྐུར་བས། །ཐབས་དང་ཤེས་རབ་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་རྣམ་རལ་དབང་བསྐུར་བས། །བར་དུ་གཅོད་པའི་བདུད་འཇོམས་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་ཤན་གྲིས་དབང་སྐུར་བས། །འཁོར་བའི་སྒྲིབ་པ་གཅོད་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་ཀུན་རིགས་ཀྱིས། །ཉེ་བའི་རིན་ཆེན་དབང་བསྐུར་བས། །བགེགས་དང་ལོག་འདྲེན་མེད་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་ཚངས་པའི་ཁ་སྐུད་ཀྱིས། །དབང་བསྐུར་འདོད་ཡོན་ཐོབ་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་ན་བཟས་དབང་བསྐུར་བས། །གྲང་བའི་སྡུག་བསྔལ་ལ་སྐྱོབས་པ་ལྟར། །འདིར་ཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམས་སྣང་གིས། །འཁོར་ལ་ཆགས་ཀྱི་དབང་བསྐུར་བས། །འགྲོ་བའི་དོན་ལ་ཞབས་ཀྱི་འཆགས། འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོ་ཀུན་རིགས་ཀྱིས། །ཁྲི་སྙན་ས་ལེའི་སྤགས་པ་ཡིན། །དབང་བསྐུར་སྙིང་རྗེ་འདྲེན་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་འདས་ཀྱི་ཡུངས་དཀར་གྱིས། །རྒྱལ་པོ་བགེགས་ཀྱི་གཉན་པོར་རླབས། །སྟོང་ཕྲག་བརྒྱ་བཅུས་མི་ཚུགས་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱིས་བཅོམ་ལྡན་ཤཱཀ་ཐུབ་ལ། ཁྱིམ་བདག་བཟང་སྐྱོངས་ཞོ་ཕུལ་བས། །གཟི་བརྗིད་མདངས་དང་ལྡན་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱི་བཅོམ་ལྡན་ཤཱཀ་ཐུབ་ལ། །བྲམ་ཟེ་ཀུན་དྷས་རྩྭ་དུར་ཕུལ། །དགེ་རྩ་བརྒྱ་རྩར་འཕེལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱི་བཅོམ་ལྡན་ཤཱཀ་ཐུབ་ལ། །སའི་ལྷ་མོས་ལི་ཁྲི་ཕུལ། །ཆགས་པས་སེམས་ཅན་མི་ལྟུང་བཞིན། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱི་བཅོམ་ལྡན་ཤཱཀ་ཐུབ་ལ། །གཟུགས་གྱི་ལྷ་མོས་མེ་ལོང་ཕུལ། །ཀུན་གཞི་གནས་གྱུར་ཡེ་ཤེས་མཐོང་། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་དུང་གིས་དབང་བསྐུར་གནས། །ཚངས་པའི་སྒྲ་སྒྲོག་གྱུར་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱི་བཅོམ་ལྡན་ཤཱཀ་ཐུབ་ལ། །གླང་པོ་ཆེ་ན་ས་བསྲུང་གིས། །གྷི་ཧང་ཕུལ་བས་ནད་སེལ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྔོན་གྱི་བཅོམ་ལྡན་ཤཱཀ་ཐུབ་ལ། །ཤིང་ཏོག་བིལ་བ་ཕུལ་བ་ལྟར། །འབྲས་བུའི་ཆོས་རྣམས་ཡོངས་སུ་རྫོགས། །འདིར་འཚོག་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བདུད་ཀྱིས་བསྡོ་དུས་སུ། །ཐུགས་ཀྱི་དཔལ་བེར་བཀྲ་ཤིས་པས། །བསྡོ་བའི་ཕྱོགས་ལས་རྒྱལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བདུད་ཀྱི་བརྒོལ་བའི་དུས། སྐུ་ལ་རྒྱལ་མཚན་བཀྲ་ཤིས་པས། །བསྡོ་བའི་ཕྱོགས་ལས་རྒྱལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བདུད་ཀྱི་རྒལ་བའི་དུས། །ཕྱག་ཞབས་འཁོར་ལོའི་བཀྲ་ཤིས་པས། །བསྡོ་བའི་ཕྱོགས་ལས་རྒྱལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བདུད་ཀྱིས་བསྡོ་དུས་སུ། །ལྗགས་ལ་པདྨའི་བཀྲ་ཤིས་པས། །བསྡོ་བའི་ཕྱོགས་ལས་རྒྱལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བདུད་ཀྱི་རྒལ་བའི་དུས། །མགུལ་ལ་བུམ་པའི་བཀྲ་ཤིས་པས། །བསྡོ་བའི་ཕྱོགས་ལས་རྒྱལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བདུད་ཀྱི་རྒལ་བའི་དུས། །དབུ་སྐྲ་གདུགས་སུ་བཀྲ་ཤིས་པས། །བསྡོ་བའི་ཕྱོགས་ལས་རྒྱལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བདུད་ཀྱི་བརྒལ་བའི་དུས། །ཚེམ་ལ་དུང་གི་དབང་བསྐུར་བས། །བསྡོ་བའི་ཕྱོགས་ལས་རྒྱལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །བཅོམ་ལྡན་བདུད་ཀྱི་བསྡོ་བའི་དུས། །ཕྱག་ཞབས་ཉའི་བཀྲ་ཤིས་པས། །བསྡོ་བའི་བདུད་ལས་རྒྱལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་སྣང་མཛད་ཀྱིས། །འཁོར་ལ་རྒྱ་གྲམ་དབང་བསྐུར་བས། །འཕྲིན་ལས་རྣམ་བཞི་འགྲུབ་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་དར་འཕྱང་དབང་བསྐུར་བས ། །འཁོར་འདས་ཆོས་རྣམས་དབང་དུ་བྱས། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་པཱུ་ཙས་དབང་བསྐུར་བས། །རྒྱལ་ཐེབ་སྐར་མའི་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་བརྩེ་མོར་ཀུན་རིགས་གིས། །འཁོར་ལ་ཉན་པའི་དབང་བསྐུར་བས། །ཐ་དག་ཉན་པའི་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲིས་ཤོག །རི་རབ་རྩེ་མོར་སྣང་མཛད་ཀྱིས། །འཁོར་ལ་ཆགས་ཤིང་དབང་བསྐུར་བས། །ཆོས་རྣམས་འཆད་པའི་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་པོ་ཏིས་དབང་བསྐུར་བས། །ཆོས་ཀྱི་སྒོ་ལ་མཁས་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་ཀུན་རིགས་ཀྱིས། །འཁོར་ལ་རྡོར་དྲིལ་དབང་བསྐུར་བས། །ཡེ་ཤེས་ཆོས་དབྱིངས་རྟོགས་པར་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་ཀུན་རིགས་ཀྱིས། །འཁོར་ལ་བརྒྱན་གྱི་དབང་བསྐུར་བས། །ཆོས་ཀྱི་རྒྱ྄ལ་སྲིད་ཐོབ་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་དབུ་བརྒྱན་དབང་བསྐུར་བས། །མི་འཇིགས་པ་ལ་མངའ་མཉེས་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་ཀུན་རིགས་གིས། །འཁོར་ལ་ཞབས་གདུབ་དབང་བསྐུར་བས། །སྟོབས་བཅུ་མངའ་མཉེས་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་རྣམ་སྣང་གིས། །འཁོར་ལ་ཕྱག་གདུབ་དབང་བསྐུར་པས། །ཚུལ་ཁྲིམས་རྣམ་དག་དབང་ཐོབ་ལྟར། །འདིར་འཚོག་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་ཀུན་རིགས་ཀྱིས། །འཁོར་ལ་དོ་ཤལ་དབང་བསྐུར་བས། །ཆེ་བའི་ཡོན་ཏན་རྒྱས་པ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་སྣང་མཛད་ཀྱིས། །འཁོར་ལ་ཅོད་པཎ་དབང་བསྐུར་བས། །བརྡུལ་གྱི་བག་ཆགས་བྲལ་བ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་སྣང་མཛད་ཀྱིས། །འཁོར་ལ་མིང་གི་དབང་བསྐུར་བས། །རྡོ་རྗེ་འཆང་གི་དབང་ཐོབ་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །རི་རབ་རྩེ་མོར་དོན་འགྲུབ་ལ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་བས། །རྣམ་སྣང་ཉིད་དུ་སངས་རྒྱས་ལྟར། །འདིར་འཚོགས་དཔོན་སློབ་བཀྲ་ཤིས་ཤོག །སྐུ་ལྔ་ལྷུན་གྲུབ་རྒྱལ་བ་རྒྱ་མཚོ་དང་། གསུང་ལྔ་ལྷུན་གྲུབ་དམ་ཆོས་རྒྱ་མཚོ་དང་། །ཐུགས་ལྔ་ལྷུན་གྲུབ་རྒྱལ་སྲས་སྨིན་པའི་ཚོགས། །འདིར་འཚོགས་དཔོན་སློབ་རྣམས་ཀྱིས་བཀྲ་ཤིས་ཤོག །རྫོགས་སངས་རྒྱས་ནས་ད་ལྟའི་བར། །བུམ་ཆུ་གཅིག་ནས་གཅིག་བྱོ་དང་། །མར་མེ་གཅིག་ནས་གཅིག་སྤར་བཞིན། །དུས་རྒྱུན་འཆད་མེད་པའི་བཀྲ་ཤིས་ཤོག །གསུམ་པ་བརྩམ་པ་མཐར་ཕྱིན་པའི་རྒྱུ་མཚན་ནི། ཀུན་བཟང་རྡོ་རྗེ་འཆང་ཆེན་ནས། །བདག་གི་བར་དུ་རིམ་པ་བཞིན། །སྙན་བརྒྱུད་གདམས་པ་མ་འཆུགས་པའི། །ཆོ་ག་རིམ་བཞིན་བྲི་ཚར་བས། །དམ་བཅའ་དང་པོ་སངས་པ་ཡིས། །དབང་གི་ཆུ་བོ་རྣམ་པ་བཞི། །རྒྱ་མཚོ་ཆེན་པོར་བསྐྱིལ་བ་ཡིས། །ལེགས་བཤད་རིམ་པ་ཚར་བ་དང་། །དམ་བཅའ་གཉིས་པ་སངས་པ་ཡིན། །ཕུན་སུམ་ཚོགས་པ་རྣམ་པ་ལྔ། །བསྙེན་པ་དང་ནི་ཉེ་བའི་བསྙེན། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ལེགས་པར་བཀོད་པ་གསུམ་པ་སངས། །རེ་ཤིག་བཤད་དུ་མ་མཆིས་པས། །རྫོགས་སོ་ཞེས་ནི་ཐ་སྙད་བརྗོད། །བཀྲ་ཤིས་དར་ཞིང་རྒྱས་པ་དང་། །ཕན་ཐོགས་འཛམ་གླིང་བརྒྱན་གྱུར་ཅིག །ཡེ་དྷ་རྨཱ། ཧེ་ཏུ་པྲ་བྷ་ཝ། ཧེ་ཏུ་ནྟེ། ཥཱན་ཏ་ཐཱ་ག་ཏོ། ཧྱ་ཝཱདཏཿཏེ་ཥིཉྩ་ཡོ། ནི་རོ་དྷ། ཨེ་བཾ་བཱ་དཱི། མ་ཧཱ་ཤྲ་མ་ཎ། སརྦ་མདྨ་ལཾ། དགེའོ།། །།