ཟབ་དོན་བསྒྲལ་མཆོད་ཀྱི་བསྟབ་པ།

༈ ཟབ་དོན་བསྒྲལ་མཆོད་ཀྱི་བསྟབ་པ་ནི། ཧཱུྃ། མ་གནམ་ས་ཙམ་གྱི་ཞལ་གདངས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིག །བར་སྣང་ཙམ་གྱི་ལྗགས་བརྐྱང་ལ། །དབུས་ཕྱོགས་སངས་རྒྱས། ཤར་རྡོ་རྗེ། ལྷོ་རིན་ཆེན། ནུབ་པདྨ། བྱང་ཀརྨ། རིགས་ཀྱི་མཁའ་འགྲོ་མ། །བསྟབ་བོ་བསྟབས་སོ་ཞལ་དུ་བསྟབས། །གཏི་མུག །ཞེ་སྡང་། ང་རྒྱལ། འདོད་ཆགས། ཕྲག་དོག །ཕུང་པོ་ཞལ་དུ་བསྟབས། །ལུས་ཤ་ཁྲག་རུས་གསུམ་ཚོགས་ལ་རོལ། །སེམས་དམིགས་མེད་ཆོས་ཀྱི་དབྱིངས་སུ་བསྟིམ། །ཧཱུྃ། མ་གནམ་ས་ཙམ་གྱི་ཞལ་གདངས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིག །བར་སྣང་ཙམ་གྱི༴ མ་སྟེང་འོག་ཕྱོགས་མཚམས་དུར་ཁྲོད་ནས། །སྣ་ཚོགས་ཌཱཀྐིའི་ཞལ་དུ་བསྟབ། །ལུས་ཤ་ཁྲག་རུས་གསུམ་ཚོགས་སུ་འབུལ། །སེམས་དམིགས་མེད་ཆོས་ཀྱི་དབྱིངས་སུ་བསྟིམ། །བདེ་བ་ཆེན་པོའི་དངོས་གྲུབ་བརྩལ་དུ་གསོལ། །ཅེས་སོ། །མངྒ་ལཾ།། །།