Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
མཁའ་འགྲོ་སྡེ་ལྔའི་མངོན་རྟོགས་ལས་བྱུང་བའི་གནས་དང་ཡོ་བྱད་བྱིན་བརླབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སྡེ་ལྔའི་མངོན་རྟོགས་ལས་བྱུང་བའི་གནས་དང་ཡོ་བྱད་བྱིན་བརླབ།next

མཁའ་འགྲོ་སྡེ་ལྔའི་མངོན་རྟོགས་ལས་བྱུང་བའི་གནས་དང་ཡོ་བྱད་བྱིན་བརླབ།

༅། །མཁའ་འགྲོ་སྡེ་ལྔའི་མངོན་རྟོགས་ལས་བྱུང་བའི་གནས་དང་ཡོ་བྱད་བྱིན་བརླབ་ནི། ༀ་བཛྲ་ཨ་མྲྀ་ཏ༴ ༀ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་པའི་གཞལ་ཡས་ཁང་གི་ཕྱི་ནང་ཀུན་ཏུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུྃཿའོད་དུ་ཞུ་བ་ལས་གྲུབ་པའི། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོའི་སྒྲ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། པ་དྱཾ། པུཥྤེ་སོགས། ཤཔྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ། བླ་མ་ཡི་དམ་མཁའ་འགྲོ་སྤྲིན་གཏིབས་པ་ལྟར་བྱོན་ནས་བྱིན་གྱིས་བརླབས་པར་མོས་ལ། ༀ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ནི། པྲ་ཛྙཱ་པ་ར་མི་ཏ། ན་ད་སྭ་བྷ་ཝན། བཛྲ་དྷརྨཱ་ཧྲཱིཿད་ཡ། སནྟོ་ཥ་ནོ་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨ་ཁཾ་སྭཱ་ཧཱ། ཅེས་ལན་གསུམ་བརྗོད་ནས་རོལ་མོའི་སྒྲ་དག་ཏུ་བྱའོ།། །།


previousམཁའ་འགྲོ་སྡེ་ལྔའི་མངོན་རྟོགས་ལས་བྱུང་བའི་གནས་དང་ཡོ་བྱད་བྱིན་བརླབ།next