Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
ཟབ་མོ་གཅོད་ཀྱི་སློབ་བརྒྱུད་ཀྱི་གསོལ་འདེབས་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་མོ་གཅོད་ཀྱི་སློབ་བརྒྱུད་ཀྱི་གསོལ་འདེབས་བསྡུས་པ།next

ཟབ་མོ་གཅོད་ཀྱི་སློབ་བརྒྱུད་ཀྱི་གསོལ་འདེབས་བསྡུས་པ།

༅། །ཟབ་མོ་གཅོད་ཀྱི་སློབ་བརྒྱུད་ཀྱི་གསོལ་འདེབས་བསྡུས་པ་བཞུགས། ཡུམ་ཆེན་ཤེར་ཕྱིན་ཤཱཀྱ་སེངྒེ་དང་། འཇམ་དཔལ་སྨྲ་སེང་ཨརྱ་ཏ་རེ་མ། སུ་ཁ་སིདྡྷི་ཨརྱ་དེ་བ་དང་། དམ་པ་རྒྱ་གར་རྣམས་ལ་གསོལ་བ་འདེབས། །སྐྱོ་སྟོན་བསོད་ནམས་མ་ཅིག་ལབ་ཀྱི་སྒྲོན། །ཁུ་སྒོམ་ཆོས་སེང་དོལ་པ་ཟང་ཐལ་དང་། །རྒྱ་ནག་གཅེར་བུ་སངས་རྒྱས་རབ་སྟོན་དང་། །ཟལ་མོ་དགེ་སློང་རྣམས་ལ་གསོལ་བ་འདེབས། །ཞེན་མེད་རས་པ་སངས་རྒྱས་གཉེན་སྟོན་དང་། །རས་པ་ཆོས་སེང་བཛྲ་སེངྷ་དང་། །པྲ་ཛྙཱ་གུ་རུ་རྗེ་བཙུན་དཔལ་འབར་བ། །ནམ་མཁའ་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཚུལ་ཁྲིམས་རྒྱལ་མཚན་ཆོས་ཀྱི་རྡོ་རྗེ་དང་། །ཡེ་ཤེས་རྒྱལ་མཚན་ཀུན་དགའ་འབུམ་པ་དང་། །བསོད་ནམས་འབུམ་པ་རྡོ་རྗེ་འོད་ཟེར་དང་། །ནམ་མཁའ་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ནམ་མཁའ་བློ་གྲོས་ཀ་ལ་བཛྲ་དང་། །འཁྲུལ་ཞིག་རང་གྲོལ་ཆོས་སྐྱོང་རྒྱ་མཚོ་དང་། །ཀློང་གསལ་སྙིང་པོ་རྟོགས་ལྡན་ལུ་གུ་དང་། །བཀྲ་ཤིས་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །ནམ་མཁའ་རྒྱ་མཚོ་དྲི་མེད་ཞིང་སྐྱོང་མགོན། །ཚེ་དབང་མཆོག་གྲུབ་ཀུན་བཟང་ངེས་དོན་དབང་། །འགྱུར་མེད་བསྟན་འཛིན་ཆོས་ཀྱི་བློ་གྲོས་དང་། །ཀུན་བཟང་འགྱུར་མེད་རྣམས་ལ་གསོལ་བ་འདེབས། །བཤད་སྒྲུབ་བསྟན་པའི་ཉི་མ་ཆོས་ཀྱི་རྗེ། །རྡོ་རྗེ་ལེགས་བཤད་འདུས་པ་རྩལ་ཆེན་དང་། །དྲིན་ཆེན་རྩ་བའི་བླ་མ་ལ་སོགས་པའི། །ཟབ་མོ་གཅོད་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཐོག་བཅས་ཐོག་མེད་དགའ་བྲོད་སྙེམས་བྱེད་བདུད། །བདུད་བཞི་ཚར་གཅོད་སྙེམས་ཐག་ནང་ནས་ཆོད། །བདག་འཛིན་བློས་ཐང་བདག་མེད་མངོན་དུ་གྱུར། །གཟུང་འཛིན་མདུད་གྲོལ་མ་རིག་འཁྲུལ་པ་སངས། །ན་ཚ་བོག་ཐོན་རྐྱེན་ངན་ལམ་དུ་སློང་། །དགོས་མེད་རྒྱུད་སྐྱེ་གཉན་ས་རི་ཁྲོད་འགྲིམ། །འགྲོ་དོན་མཐར་ཕྱིན་སྟོང་ཉིད་སྙིང་རྗེ་སྤྱོད། །བདག་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་ཐོབ། །འཁོར་བ་དོང་སྤྲུགས་ཕྲིན་ལས་མཐར་ཕྱིན་ཤོག །རིང་བརྒྱུད་གསོལ་འདེབས་ཉུང་བསྡུས་འདི། །ལམ་འདིར་སྙིང་ནས་མོས་བྱེད་པ། །ས་མནྟ་ཡིས་སུག་བྲིས་སྤེལ། །དགེ་བས་ཡུམ་ཆེན་མངོན་གྱུར་ཤོག །དགེའོ།། །།


previousཟབ་མོ་གཅོད་ཀྱི་སློབ་བརྒྱུད་ཀྱི་གསོལ་འདེབས་བསྡུས་པ།next