Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
གཅོད་ཀྱི་དབང་བསྡུད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ཀྱི་དབང་བསྡུད།next

གཅོད་ཀྱི་དབང་བསྡུད།

༅། །གཅོད་ཀྱི་དབང་བསྡུད་ནི། ཕཊ་ཕཊ་ཕཊཿ རང་ཉིད་རྗེ་བཙུན་མ་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་པས་མི་ལྤགས་ཀྱི་གཡང་གཞི་བསྣམས་ཞིང་། གཡོན་པས་མི་རྐང་གི་གླིང་བུ་འབུད་པར་གྱུར། ཕཊཿ འོ་གཙོ་བོ་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་འབྱུང་པོ། མོ་གདོན་སྲིན་མོ། ཀླུ་གདོན་ས་བདག །གཟའ་གདོན་རྒྱུ་སྐར། མཐོ་སྲིད་པའི་རྩེ་མོ་མན་ཆད་དམའ་ན་རག་དམྱལ་ཁམས་ཡན་ཆད། བར་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག །ཕཊཿ འོ་ཁྱད་པར་གཉན་ཁྲོད་ཆེན་པོ་འདི་ལ་གནས་པའི་དཀར་པོ་ལྷ། དམར་པོ་བཙན། ནག་པོ་བདུད། ཁྲ་བོ་གཟའ། འཕེན་པོ་གཉན། ཕྱུག་པོ་ཀླུ། རཀྴ་སྲིན་པོ། ཕོ་མོ་མ་ནང་གི་སྡེ་ཚན་ཐམས་ཅད་འདིར་འདུས་ཤིག །ཕཊཿ དེ་ལྟར་འདུས་ལྷ་འདྲེ་ཐམས་ཅད་བདག་ལ་ཉོན་ཅིག །ཁྱེད་རྣམས་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པ་ཡིན་པས། བདག་གིས་ཁྱེད་རྣམས་ལ་ཟབ་མོ་ཆོས་ཀྱི་འབྲེལ་བ་བྱེད། དམ་པ་ཆོས་ཀྱི་འཁོར་ལོ་བསྐོར། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་འགོད་པ་ཡིན་པས་ཡིད་དད་གུས་དང་ལྡན་པས་ཉོན་ལ་ཕྲིན་ལས་མྱུར་དུ་བསྒྲུབས་ཤིག །ཀློང་གསལ་སྙིང་པོས་སོ། ༈ །རྗེ་བཙུན་མ་དམར་མོའི་ཟིལ་གནོན་ནི། ཕཊཿ རང་ཉིད་རྗེ་བཙུན་མ་དམར་མོ་ཞལ་གཅིག །ཕྱག་གཉིས་སྤྱན་གསུམ་པ། སྐུ་སྟོད་མི་མངོན་ནམ་མཁའི་དབྱིངས་སུ་སླེབ་པ། སྐུ་སྨད་ཞབས་གཉིས་རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་ལ་བརྟེན། སྤྱན་གསུམ་མི་མངོན་ནམ་མཁའི་དབྱིངས་སུ། སྤྱན་གཡས་ཉི་མ། གཡོན་ཟླ་བ། དབུས་མ་ཁྲག་མཚོ་ཁོལ་བ། ཕྱག་གཡས་མི་ལྤགས་གཡང་གཞི་དམར་ལྷབ་ལྷབ་ཕྱར་བ། གཡོན་པས་མི་རྐང་གླིང་བུ་ཚག་ཚག་འབུད་པས་ཁམས་གསུམ་དབང་དུ་སྡུད་པ། སྲིད་གསུམ་ཟིལ་གྱིས་གནོན་པ། བར་སྣང་ལྷ་སྲིན་སྡེ་བརྒྱད་འདར་ཤིག་ཤིག་བྱེད་པ་གཅིག་ཏུ་གྱུར། ཕཊ་ཕཊ་ཕཊ༔ དེ་ནས་ཟིལ་གནོན་བསྐུལ་བ་ནི། ལི་ཁྲི་འབུམ་བསྐུལ་འདིར་བྱའོ།། །།


previousགཅོད་ཀྱི་དབང་བསྡུད།next