Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོས་མ་འབུམ་བསྐུལ་དང་ལྷ་འདྲེ་འབུམ་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོས་མ་འབུམ་བསྐུལ་དང་ལྷ་འདྲེ་འབུམ་བསྐུལ།next

ཁྲོས་མ་འབུམ་བསྐུལ་དང་ལྷ་འདྲེ་འབུམ་བསྐུལ།

༅། །ཁྲོས་མ་འབུམ་བསྐུལ་དང་ལྷ་འདྲེ་འབུམ་བསྐུལ་བཞུགས་སོ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེས་འཁོར་གྱིས་བསྐོར། །མ་འདིར་གཤེགས་བརྒྱན་གྱི་མཆོད་པ་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡི་ཚིམ་གྱུར་ཅིག །འདོད་ཡོན་ལྔ་ཡི་ཚིམ་ནས་ཀྱང་། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསྔོས་པ་བཞིན་དུ་ཚིམ་ནས་ཀྱང་། །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །བུ་ལོན་ལན་ཆགས་བྱང་ནས་ཀྱང་། །ཤ་མཁོན་སྡིག་སྒྲིབ་དག་གྱུར་ཅིག །ཤ་འཁོན་སྡིག་སྒྲིབ་དག་ནས་ཀྱང་། །ཐམས་ཅད་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །མ་ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། ༈ །སྣང་སྲིད་ལྷ་འདྲེས་འཁོར་གྱིས་བསྐོར། །མ་འདིར་གཤེགས་བརྒྱན་གྱི་མཆོད་པ་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡི་ཚིམ་གྱུར་ཅིག །འདོད་ཡོན་ལྔ་ཡི་ཚིམ་ནས་ཀྱང་། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསྔོས་པ་བཞིན་དུ་ཚིམ་ནས་ཀྱང་། །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །བུ་ལོན་ལན་ཆགས་བྱང་ནས་ཀྱང་། །ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག །ཤ་མཁོན་སྡིག་སྒྲིབ་དག་ནས་ཀྱང་། །ཐམས་ཅད་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །མ་ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་སོགས། མ་ནུབ་པདྨ་རིགས་ཀྱི་མཁའ༴ མཁའ་འགྲོ་སོགས། མ་བྱང་ལས་ཀྱི་རིགས་ཀྱི༴ མཁའ་འགྲོ་བྱེ་སོགས། མ་སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་སོགས། མ་འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་སོགས། མ་མཚམས་འཇིག་རྟེན་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་སོགས། ས་འོག་ས་སྟེང་ས་བླ་ཡི། །འཁོར་འདས་གཉིས་ཀྱི་མགྲོན་རིགས་ལ། །འདོད་ཡོན་ལྔ་ཡི་མཆོད་པ་རྣམས། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསྔོས་པ་སོགས་ནས། ཐམས་ཅད་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊཿཕཊཿཕཊཿ བརྗོད་ལ་ལྷོད་དེ་འབོལ་ལེ་ཤིག་གེ་སེམས་མ་བཅོས་པའི་ངང་ནས་མ་ཡེང་པར་ཞོག །རྗེས་སུ་དགེ་བ་བྱང་ཆུབ་ཏུ་བསྔོས།། །།


previousཁྲོས་མ་འབུམ་བསྐུལ་དང་ལྷ་འདྲེ་འབུམ་བསྐུལ།next