Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱུད་འདེབས།next

བརྒྱུད་འདེབས།

༅། །ༀ་ཨཱཿཧཱུྃ༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་ལ་གསོལ་བ་འདེབས། །བྱིན་རླབས་སེམས་ལ་འཇུག་པར་བྱིན་གྱིས་རློབས། །ལོངས་སྐུ་རྡོ་རྗེ་ཕག་མོ་ལ་གསོལ༴ སྤྲུལ་སྐུ་མ་ཅིག་ལབ་སྒྲོན་ལ༴ ཧཿ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ལ༴ རིཿ རིན་ཆེན་རིགས་ཀྱི་མཁའ་འགྲོ༴ ནིཿ པདྨ་རིགས་ཀྱི་མཁའ་འགྲོ་ལ༴ སཿ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལ༴ བཾཿ སངས་རྒྱས་རིགས་ཀྱི་མཁའ་འགྲོ་ལ༴ ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ༴ མ་རྒྱུད་ཤེས་རབས་ཀྱི་བརྒྱུད་པ་ལ༴ སྲས་རྒྱུད་ཉམས་མྱོང་གིས་བརྒྱུད་པ་ལ༴ ཟབ་མོ་གཅོད་ཀྱི་བརྒྱུད་པ་ལ༴ རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་རྣམ་རྟོག་ཡལ་དུ་གསོལ། །རྐྱེན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་རྣམ་རྟོག་ཞི་གྱུར་ཅིག །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་གསུམ་མངོན་དུ་གྱུར་པར་ཤོག །ཕྱི་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ། །ནང་རང་སེམས་སྟོང་པའི་རང་རྩལ་སྟེ། །དེ་ཐོག་མཐའ་དབུས་མེད་ངོས་བཟུང་མེད། །ཡུལ་སེམས་ཀྱི་གཟུང་འཛིན་གཞི་རྩ་བྲལ། །རང་བྱུང་གི་ཡེ་ཤེས་རང་གསལ་ལ། །སྤང་བླང་དང་རེ་དོག་མ་མཆིས་པས། །གཤིས་རང་བབ་སྙེམ་མེད་སོ་མ་ལ། །གནད་གཅེར་མཐོང་རང་གྲོལ་མངོན་གྱུར་ཤོག །ཀཿགཅོད་བརྒྱུད་འདེབས་ཡིག་རྙིང་ལ། །ཤྭ་ལོ་ཀ་གཉིས་སི་ཏུས་གསུངས། །ཁ་སྐོང་ས་མནྟ་ཡི་སབ། །བྱིན་རླབས་སེམས་ལ་ཞུགས་གྱུར་ཅིག། །།


previousབརྒྱུད་འདེབས།next