Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྡུད་རིམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྡུད་རིམ།next

སྡུད་རིམ།

༅། །ཐུན་གྱི་མཐར། རྗེ་བཙུན་མཁའ་འགྲོའི་ལྷ་ཚོགས་འགྲུབ་པར་གྱུར་ཅིག །དབྱངས་གསལ་རྟེན་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་བཟླས་ལ། མཆོད་པ་ནི། ཧཱུྃ་ཧྲཱིཿ ཡོན་ཆབ་ཁྲུས་ཆབ་བདུག་སྤོས་སྣ་ཚོགས་དང་། །མེ་ཏོག་མར་མེ་དྲི་བཟང་མཆོད་པའི་སྤྲིན། །ཞལ་ཟས་སྒྲ་སྙན་རོལ་མོ་སྣ་ཚོགས་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །བླ་མ་ཌཱཀྐིའི་ཚོགས་ལ་མཆོད་པ་འབུལ། །ཐུགས་རྗེ་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ཨརྒྷཾ་སོགས་ནས་ཤཔྡ་རཱུ་པ་སོགས། སྤཪྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིངྟ་ཁ་ཧི། བསྟོད་པ་ནི། མ་ཆོས་དབྱིངས་རྣམ་དག་སྐྱེ་མེད་ཆོས་ཀྱི་དབྱིངས། །འགགས་མེད་རྩ་བྲལ་སེམས་ཉིད་དོན་གྱི་ངང་། །མཐའ་དབུས་མེད་པ་མཐའ་བྲལ་སྟོང་པའི་ཡུམ། །མ་ཡུམ་ཆེན་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །འགྱུར་བ་མེད་པ་རྡོ་རྗེའི་སྐུ་སྤྲུལ་མ། །དགོས་འདོད་ཀུན་འབྱུང་རིན་ཆེན་སྐུ་སྤྲུལ་མ། །གདོད་ནས་དག་པ་པདྨའི་སྐུ་སྤྲུལ་མ། །ཕྲིན་ལས་གྲུབ་པ་ལས་ཀྱི་སྐུ་སྤྲུལ་མ། །མ་ཡུམ་ཆེན་སྐུ་ལྔ་ལྷུན་གྲུབ་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དགེ་བ་འདི་ཡི༴ མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས༴ འགྲོ་བ༴ ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ།། །།


previousསྡུད་རིམ།next