Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སྡེ་ལྔའི་མངོན་རྟོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སྡེ་ལྔའི་མངོན་རྟོགས།next

མཁའ་འགྲོ་སྡེ་ལྔའི་མངོན་རྟོགས།

མཁའ་འགྲོ་སྡེ་ལྔའི་མངོན་རྟོགས་བཞུགས་པ་ལགས་སོ། །སྐུ་བཞིའི་བདག་ཉིད་ཡུམ་ཆེན་དང་། །དབྱེར་མེད་མཁའ་འགྲོའི་ཞབས་ལ་ཕྱག་འཚལ་ནས། །དེ་ཡི་བསྒྲུབ་མཆོད་ཚོགས་ལས་རིམ་པ་དང་། །བདག་ཉིད་རྒྱུད་དབང་ལམ་དུ་བྱེད་པའི་ཚུལ། །དད་ལྡན་སློབ་མས་ཡང་ཡང་བསྐུལ་བའི་ངོར། །ཕྱག་ལེན་བཞིན་དུ་གུས་པས་བྲིས་པ་ཡིས། །བླ་མ་མཁའ་འགྲོའི་ཚོགས་ཀྱིས་བཟོད་མཛོད་ཅིང་། །སླར་ཡང་བརྩེ་བའི་ཐུགས་ཀྱིས་བྱིན་གྱིས་རློབས། །སྟེགས་བུ་གང་ཡང་རུང་བ་ལ་ཚོམ་བུ་ལྔ་བཀོད། །མཆོད་པའི་འཚོགས་ཆས་ཅི་འབྱོར་པ་དང་། །གཏོར་མ་ལྔ། ཚོགས་གཡོན། སྔོན་འགྲོའི་གཏོར་མ་བཤམ། དེ་ཉིད་བྲན་༡ ལ། ༀ་བཛྲ་ཨ་མྲྀ་ཏ་ཀུནྡྷ་ལི་ཧ་༢ན་ཧ་ན་ཧཱུྃ་ཕཊ། ༀ་༣བརྗོད་སྟོང་པར། ཨཱཿ༤ ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ།༦ ཆུ་ཆང་གི་བྲན།༡ ལས་ཤ་ལྔ་བདུད་རྩི་ལྔ། གཏོར་མ་ཞེས་བརྗོད་༢ལ་བགེགས་སྦྱངས། །གཏོར་༣མ་ལ་ལག་པ་གཡོན། །གཏོར་༤མ་ལ་ལག་པ་གཡས་བསྟན་ཏེ། །གཉིས་ཀ་བསྟན་༦ཏེ། ཡི་གེ་ལྔས་ཡོངས་སུ་གང་བར་གྱུར། པར་བསམ། ཧོ་ལས་འདོད་ཡོན་ཕུན་སུམ་ཚོགས་པའི་བདུད་རྩིར་གྱུར། པར་བསམ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕེཾ་ཕེཾ་བཛྲ་ཨ་ར་ལི་ཧོཿ འབར་བའི་ཕྱག །ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་བྱ་ཁྱུང་གི་ཕྱག་རྒྱ་དང་། རྒྱ་དཔྲལ་བ་གཡོན་དུ་བསྐོར་ཞིང་། ཛཿཧཱུྃ་བཾ་ཧོཿ བཛྲ་ཐལ་མོ་ཁ་གྱེན་དུ་ཕྱེས་ལ། དྷ་ཀི་ནི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ རྡོ་རྗེ་ཐོད་པའི་ཕྱག་རྒྱ་དང་། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ། སརྦ་བུདྡྷ་སྲེ་ཏ་ཤ་ཙ། ཨུད་མནྟ། ཨ་པ་སྥ་ར། ཌ་ཀ་ཌཱཀྐི་ནི་ཏ་ཡ། ཨི་དམ་བྷ་ལིཾ་ཏ་གྷྲི་ཧྣ་དུ། ས་མ་ཡ། རཀྵན་དུ། མ་མཁའ་འགྲོ་མ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱོན་ནས། གཏོར་མ་གསོལ་བར་བསམ་ཞིང་། རྡོ་རྗེ་ཐལ་མོ་གསུམ་མམ་བདུན་གྱིས་འབུལ། མ་སརྦ་སིདྡྷི་མེ་ཡད་ཙནྡྷུ། ཡེ་ཏ་བཾ། ཡ་ཏེ་སྟཾ། བྷུ་ཛ་ཐ། པི་པ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཏྠ་ཡཱ། སད་སུ་ཁཾ་བྷི་ཤུདྡྷ་ཡ་སྭཱ་ཧཱ། ཨི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མ་ཧཱ་ཨརྒྷཾ་ལ་སོགས་པས་མཆོད་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱི་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའི་དབྱིངས། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ཕྲིན་ལས་གཞོལ་བ་ནི། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །གཟའ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །འགྲེས། འབྱུང་པོའི་ཚོགས༴ ཡིད་བཏགས༴ ཤ་ཟའི༴ སྨྱོ་བྱེད༴ རྗེད་བྱེད༴ མཁའ་འགྲོའི༴ མ་མོའི་ཚོགས༴ དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཅི་སྙེད་ཡོད་པ་དང་། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བསྣམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བར་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཅན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དཀར་པོའི་རིགས་བསྟན་པ་ལ་མངོན་པར་དགའ་བ་རྣམས། མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམས་པར་གྱིས་ལ། བདག་གིས་དཀྱིལ་འཁོར་གྱི་བྱ་བ་མ་ཚར་བར་དུ་སྡོང་གྲོགས་མཛོད་ཅིག །དཀྱིལ་འཁོར་ཆེན་པོ་ལ་བལྟ་བ་དང་ཉན་པ་ལས་མི་དབང་བའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་སོངས་ཤིག །ༀ་བཛྲ་ཌཱཀྐི་ནི་ཧཱུྃ་ཕཊ། ཅེས་སོགས་དང་། སུམྦྷ་ནི་ཧཱུྃ་ཞེས་བརྗོད་ལ་བགེགས་བསྐྲད། མ་སོང་བ་སྲིད་ན་བཀའ་བསྒོ་ཞིང་མཚམས་བཅད་པ་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །གནས་འདིར་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་མཁའ་འགྲོ་ཁྲོས་པ་ཡི། །རྡོ་རྗེ་འབར་བའི་མཚོན་ཆ་ཡིན། །ལུས་ངག་ཡིད་གསུམ་རྡུལ་དུ་རློག །ༀ་བཛྲ་ཌཱཀྐི་ནི་ཧཱུྃ་ཕཊ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །གནས་འདིར༴ གལ་ཏེ་མི༴ སངས་རྒྱས་མཁའ་འགྲོ༴ འཁོར་ལོ་འབར་བའི༴ ལུས་ངག་ཡིད་གསུམ༴ ༀ་བུདྡྷ་ཌཱཀྐི་ནི་ཧཱུྃ་ཕཊ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །གནས་འདིར་མ་འདུག་གཞན་དུ་དངེས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །རིན་ཆེན་མཁའ་འགྲོ་ཁྲོས་པ་ཡི། །རིན་ཆེན་འབར་བའི་མཚོན་ཆ་ཡིན། །ལུས་ངག་ཡིད་གསུམ་རྡུལ་དུ་རློག །ༀ་རཏྣ་ཌཱཀྐི་ནི་ཧཱུྃ་ཕཊ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །གནས་འདིར༴ གལ་ཏེ༴ པདྨ་མཁའ་འགྲོ་ཁྲོས༴ དགྲ་སྟྭ་འབར་བའི༴ ལུས་ངག་ཡིད་གསུམ༴ ༀ་པདྨ་ཌཱཀྐི་ནི་ཧཱུྃ་ཕཊ། ཧཱུྃ་ཉོན་ཅིག་བགེགས༴ གནས་འདིར༴ གལ་ཏེ༴ ལས་ཀྱི་མཁའ་འགྲོ་ཁྲོས༴ རལ་གྲིའི་འབར་བའི༴ ལུས་ངག་ཡིད༴ ༀ་ཀརྨ་ཌཱཀྐི་ནི་ཧཱུྃ་ཕཊ། ཧཱུྃ། སྲིད་པའི་རྩེ་མོ་མན་ཆོད་དང་། །ན་རག་དམྱལ་ཁམས་ཡན་ཆད་དུ། །ལོག་པར་ལྟ་བའི་དགྲ་དང་བགེགས། །འདི་རུ་མ་འདུག་གཞན་དུ་དེངས། །སུམྦྷ་ནི་སུམྦྷ་ནི་ཧཱུྃ། ཞེས་སོགས་བརྗོད་ནས་བགེགས་མེད་པར་བྱ། བདག་ཏུ་བཟུང་བ་མཚོན་ཆ་ལྔའི་གུར་ཁང་ནི། ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་རེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་སྟེ། །ཕྱོགས་འཚམས་རྡོ་རྗེ་འབར་བས་གཏམས། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ། སྟེང་ཡང་འཁོར་ལོའི་བླ༴ འོག་ཀྱང་འཁོར་ལོའི་ས༴ ཕྱོགས་མཚམས་འཁོར་ལོ༴ འཁོར་ལོའི་མཚམས༴ ༀ་བཛྲ་ཙཀྲ་ཙཀྲ་རཀྵ༴ ཧཱུྃ། སྟེང་ཡང་དབྱུགས་པའི༴ འོག་ཀྱང་དབྱུག་པའི་ས༴ ཕྱོགས་མཚམས་དབྱུག་པའི༴ དབྱུག་པའི་མཚམས༴ ༀ་དནྟྲ་རཀྵ༴ ཧཱུྃ། སྟེང་ཡང་དགྲ་སྟྭའི་བླ༴ འོག་ཀྱང་དགྲ་སྟྭའི་ས༴ ཕྱོགས་མཚམས་དགྲ་སྟྭའི༴ དགྲ་སྟྭའི་མཚམས༴ ༀ་པ་ར་ཤུ་རཀྵ༴ ཧཱུྃ་སྟེང་ཡང་རལ་གྲིའི་བླ༴ འོག་ཀྱང་རལ་གྲིའི་ས༴ ཕྱོགས་མཚམས་རལ་གྲིའི༴ རལ་གྲིའི་མཚམས༴ ༀ་ཁརྒ་རཀྵ༴ ཧཱུྃ། ཕྱི་རོལ་ཀུན་ནས་འོད་འཕྲོས་པས། །བདུད་དཔུང་ངེས་པར་བསྲེག་མཛད་པ། །ས་དང་ནམ་མཁའ་གང་བ་ཡི། །འབར་བ་མེ་ཡི་ཕུང་པོར་གྱུར། །ༀ་བཛྲ་ཛྭ་ལ་རཾ་བཛྲ་ཛྭ་ལ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཨ་མྲྀ་ཏ་ཀུནྡྷ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་སྭཱ་བྷ་ཝས་སྟོང་པར་གྱུར། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་པའི་གཞལ་ཡས་ཁང་གི་ཕྱི་ནང་ཀུན་ཏུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུྃ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོའི་སྒྲ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། གུ་རུ་ཌཱཀྐི་ནི་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། པཱདྱཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ། རྡུ་པེ༴ ཨ་ལོ་ཀེ༴ གྷནྡྷེ༴ ནེ་བི་ཏེ༴ ཤཔྡ་ཨཱཿཧཱུྃ། ༀ་བཛྲ་གྷནྜེ་ར་ཎི་ཏ། དང་པོ་གནས་དང་ཡོ་བྱད་བྱིན་གྱིས་བརླབས། བླ་མ་ཡི་དམ་མཁའ་འགྲོ་སྤྲིན་གཏིབས་པ་བཞིན་བྱོན་ནས། པྲ་ར་ཎི་ཏ། སཾ་པྲ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཊ། པྲ་ཙ་ལི་ཏེ། པྲཛྙཱ་པ་ར་མི་ཏ། ན་ཏ་སཾ་བྷ་ཝེ་ཏ། བཛྲ་ཧྲི་ད་ཡ་ནི། སོནྟ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས། རོལ་མོའི་སྒྲ་དྲག་ཏུ་བྱས་པས། གཞལ་ཡས་ཁང་དུ་མཆོད་རྫས་དུ་མ་སྤྲོས་པས། བླ་མ་ཡི་དམ་མཁའ་འགྲོ་སྲུང་མ་རྒྱལ་མཚོའི་ཚོགས་དང་བཅས་པས་ནམ་མཁའ་གང་བར་བྱོན་ནས། དེ་དག་ལ་ནམ་མཁའ་དང་མཉམ་པའི་སེམས་ཐམས་ཅད་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ཡན་ལག་བརྒྱད་པ་གདན་ཐོག་གཅིག་མ་ལྟར་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཟབ་མོའི་ཚོགས་ཀྱི་ལས་ལ་འཇུག་པར་བགྱིས། ཞེས་པས་སེམས་བསྐྱེད། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ། ཧཱུྃ་ལས་བླ་མ་དམ་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ། གཡོན་པས་དྲིལ་བུ་འཛིན་པ་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་པང་ན། ཡུམ་རྡོ་རྗེ་སྙེམ་མ་དཀར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་ཅིང་། པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བ། གཉིས་ཀ་ཡང་རུས་པ་དང་རིན་པོ་ཆེས་བརྒྱན་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ལུས་ལོངས་སྤྱོད་ཐམས་ཅད་འབུལ། བླ་མས་བདག་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་རྩ་བ་ཡན་ལག་གི་དམ་ཚིག་ཆག་ཉམས་ཐམས་ཅད་དག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས། ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབས་པས་ལུས་ཕྱི་ནང་གི་སྡིག་སྒྲིབ་སྒོ་གསུམ་གྱི་ཉེས་ལྟུང་ཐམས་ཅད་དག་ནས། ཚངས་བུག་ནས་ལུས་སེམས་དཀར་མེར་གྱིས་གང་བར་བསམ་ཞིང་། ༀ་ཤྲཱི་བཛྲ་ཧེ་རུ་ཀ །ས་མ་ཡཱ། མ་ནུ་པཱ་ལ་ཡཱ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཎྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན྄། བཛྲ་ཧེ་རུ་ཀ །བཛྲ་ས་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱ་མཐར་ཕཊ་ཅེས་ཅི་ནུས། ཞེས་བརྗོད། སྭཱ་ཧཱ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལ་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ༀ་ཨཱཿཧཱུྃ། ཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་སྐད་ཅིག་གིས་པདྨ་དང་ཉི་མའི་སྟེང་དུ། རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། དེའི་ཐུགས་ཀར་ཨ་སྔོན་པོ་ལས་འོད་ཟེར་འཕྲོས། བདག་གི་སྡིག་སྒྲིབ་སྦྱངས། ཕྱིར་འཕྲོས་པས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། མཁའ་འགྲོ་སྡེ་ལྔ་འཁོར་དང་བཅས་པ་ལ་བླ་མ་མི་བསྐྱོད་པས་དབུ་བརྒྱན་པ། བཛྲ་ས་མ་ཡ་ཛ་ཛ་ཛཿ མཆོད་སྤྲིན་གྱིས་སྤྲས་པའི་གཞལ་ཡས་ཁང་གི་པད་ཉིའི་སྟེང་དུ་བཞུགས་པར་བསམ། རང་རང་གི་ལུས་དཔག་ཏུ་མེད་པ་སྤྲུལ་ལ། བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་གུ་རུ་བྷྱཿ ཡི་དམ་ལ་ཕྱག་བྱ། ན་མོ་དྷ་ཀི་ནི་མ་དྷ་ལ་བྷྱཿ རང་གི་ཐུགས་ཀ་ནས་མཆོད་པ་ནི་ལྷ་མོས་མཆོད་རྫས་དཔག་ཏུ་མེད་པ་ཐོགས་ནས་གྲངས་མེད་པས་དལ་གྱི་ལྷ་ཚོགས་ལ་མཆོད་པར་བསམ་ཞིང་། མ་ཧཱ་གུ་རུ་ས་པ་རི་ཝ་ར་ཨརྒྷཾ་ལ་སོགས་པས་མཆོད། དཀོན་མཆོག་གསུམ་ལ་བརྒྱུད་ནས་གསུངས། བདག་སྐྱབས་རང་རང་ཕྱག་རྒྱ་དང་སོ་སོའི་བཅས་པས། མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུངས། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་འཆི། །རང་གཞན་དོན་ནི་རབ་བསྒྲུབས་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་བར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་རྒྱུན་བཤགས་སྐྱབས་འགྲོ་སེམས་བསྐྱེད་དང་རྒྱུད་སཾ་བུ་ཏྲི་ནས། སངས་རྒྱས་སྲས་བཅས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པས། །སྡོམ་པ་དེང་ནས་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ཡིས། །ཉིན་རེ་བཞིན་དུ་དུས་དྲུག་ལ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གི་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་གྲོལ། །དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །རིགས་ལྔ་སྤྱི་དང་ཁྱད་པར་སྡོམ་པ་བཟུང་ནས། ཅེས་ལན་གསུམ་བརྗོད། སེམས་ཅན་བྱམས་པ་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་སྙིང་རྗེ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དགའ་བ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བཏང་སྙོམས་དགྲ་གཉེན་ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཆེན་པོ་དང་ལྡན་པར་གྱུར་ཅིག །ཚད་མེད་པ་བཞི་བསྒོམ་པ་ནི། བསོད་ནམས་ཀྱི་ཚོགས་བསགས་པའོ། །ༀ་སྭ་དྷརྨའི་སྔགས་བརྗོད་པས་ཆོས་ཐམས་ཅད་སྟོང་པར་བསམ་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །བྷཱ་ཝ་ཤུདྡྷོ་སརྦ་དྷརྨཱ་སོགས། ༀ་བཛྲ་ཨ་མྲྀ་ཏ་ཀུནྡྷ་ལི༴ ༀ་སྭ་བྷཱ་ཝ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། ཐ་མ་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་རེ། དེ་དག་གི་ཕྱི་རོལ་དུ་མདའི་དྲ་བ་མིག་མང་རིས་སུ་བྲིས་པའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བས་བསྐོར་བའི་བསྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བསྒོམས་པས་བསྲུང་འཁོར་བརྟན་པར་བྱ། དེའི་ནང་དུ་ཨེ་ལས་ཆོས་ཀྱི་གཞིའི་ཡན་ལག །སྐྱེ་གནས་ཐམས་ཅད་དབྱིངས། འབྱུང་གནས། གྲུ་གསུམ་ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་ཐར་སྒོ་གསུམ་མཚོན། ཕྱི་དཀར་ཐབས་ལ་ནང་དམར་ཤེས་རབ་བ་གདེངས་ཁ་ཆེན་པོ་གྱེན་དུ་ཕྱོགས་སངས་རྒྱས་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བ། པ། རྩ་བ་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་པ། ཕྲ་བ་མཐུར་དུ་ཟུག་པའི་ནང་དུ་སྐྱེ་བ་སྦྱོང་བ། ཡྃ་ལས་རླུང་ལྗང་ནག་ཟླ་གམ་ཡྃ་གྱིས་མཚན་པ། རྃ་ལས་མེ་དལ་གྲུ་གསུམ་དམར་པ་རྃ་གྱིས་མཚན་པ། བྃ་དལ་དཀར་པོ་བྃ་གྱིས་མཚན་པ། ལས་ཆུ། ལྃ་གྲུ་བཞི་སེར་པོ་ལྃ་གྱི་མཚན་པ། ལས་སའི་དཀྱིལ་འཁོར། དེའི་སྟེང་དུ་སུྃ་ཡོན་ཏན་དང་ཕྲིན་ལས་རྫོགས་པས་སེམས་ཅན་གྱི་དོན་བྱེད་པ་དང་། ལས་རི་རབ་ཀྱི་སྟེང་དུ། བྷྲཱུྃ་རྣམ་སྣང་གི་ངོ་བོ། ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཁ་ཁྱེར་བཞི་དང་བཅས་པ། ནང་ནས་རིམ་པ་བཞིན་དུ་ནག་པོ། ཆོས་དབྱིངས་ཡེ་ཤེས། ལྗང་ཁུ། བྱ་གྲུབ་ཡེ་ཤེས། དམར་པོ། སོར་རྟོག་ཡེ་ཤེས། སེར་པོ། མཉམ་ཉིད་ཡེ་ཤེས། དཀར་པོའི་མེ་ལོང་ལྟ་བུའི་ཡེ་ཤེས། རྩིག་པ་རིམ་པ་སྦྱོར་ལམ་དབང་པོ་ལྔ་དང་སྟོབས། ལྔ་དང་ལྡན་པ། རྩིག་ཚོགས་ལམ་བཞི་གསུམ་བཅུ་གཉིས། པའི་སྟེང་དུ་རིན་པོ་ཆེའ་ཕ་གུ་སེར་པོ། དྲྭ་བ་དང་དྲ་ཕྱེད་པས་འཕྱངས་པའི་སྟེང་དུ་རིན་པོ་ཆེ་རྣམ་པར་སྤེལ་བའི་མདའ་ཡབ་དང་། པུ་ཤུ་མཆོད་རྟེན་གྱི་རྣམ་པར་མཛེས་པར་བྱས་པ། རྩིགས་པའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་ལྷ་མོ་བཅུ་གཉིས་མཆོད་རྫས་དུ་མ་ཐོགས་ནས། བཅོམ་ལྡན་འདས་ལ་མཆོད་པ། ནང་ཀ་འཕགས་པའི་ལམ་ཡན་ལག་བརྒྱད་པ། བ་བརྒྱད་ཀྱིས་བཏེགས་པ། རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པའི་དབུས་ཕྱུར་བུ་ཟླུམ་པོར་མི་སློབ་པའི་ལམ་རང་དོན་དམ་པའི་སངས་རྒྱས་སྤྲོས་པ་ཐམས་ཅད་དང་བྲལ་བ། གྱུར་པའི་སྟེང་དུ། རྡོ་རྗེ་ཕྱེད་པ་ནོར་བུ་རིན་པོ་ཆེས་མཚན་པ། སྒོའི་ཐད་སོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་རིམ་པ་བཞི་བཞི་དང་ལྡན་པའི་སྟེང་དུ། པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུགས་བྱང་ཆུབ་ཀྱི་ཡན་ལག་བདུན། དང་རི་དྭགས་དང་གོས་དང་ཕན་དང་། མེ་ཏོག་གི་འཕྲེང་བ་དང་། དྲིལ་བུ་གཡེར་ཁ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་པ། དྭངས་ཤིང་ཐོགས་པ་མེད་པའི་ཕྱིར་རོལ་ཏུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་གཞལ་སྦྱོང་བྱེད་མྱ་ངན་ལས་འདས་པའི་ཆོས་རྣམས། ཡས་ཁང་པའི་དབུས་སྔོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སུ་པདྨ་དམར་བའམ་སྣ་ཚོགས་པདྨ། འདབ་མ་བཞི་པའི་ལྟེ་བ་དང་འདབ་མ་རྣམས་སུ་ཨ་ལས་ཟླ་ཁུ་བ་བ། རྃ་ལས་ཉི་རཀྟ་དང་མ་དང་། རོའི་བདག་མེད་པ་སྟེང་། དབུས་སུ་ཨ་ཡིག་སྔོན་པོ། སྐྱེ་བ་མེད་པ། ཤར་དཀར། གཏི་མུག་མེ་ལོང་ཡེ་ཤེས། ལྷོ་སེར། ང་རྒྱལ་མཉམ་ཉིད་ཡེ་ཤེས། ནུབ་དམར། འདོད་ཆགས་སོར་རྟོག་ཡེ་ཤེས། བྱང་ལྗང་ཁུ་ཕྲག་དོག་བྱ་གྲུབ་ཡེ་ཤེས། དེ་རྣམས་ཡོངས་སུ་གྱུར་པ་ལས། གྲི་གུག་རང་རང་གི་མདོག་ཅན་ཨས་མཚན་པ་ལས་འོད་འཕྲོས་སེམས་ཅན་གྱི་དོན་སྡིག་སྒྲིབ་དག་མཁའ་འགྲོ་སྡེ་ལྔའི་གོ་འཕང་ལ་བཀོད། བྱས་འཕགས་པ་མཆོད་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་མཆོད་པར་བསམ། ཚུལ་འདུས་ཡོངས་སུ་གྱུར་པ་ལས། དབུས་རྣམ་པར་ཤེས་པའི་ཕུང་པོ་ཆུ་དག་པ་མི་བསྐྱེད་པའི་ངོ་བོ། སུ་རང་ཉིད་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་པོ། ཤར་ཁམས་བརྒྱད་ཞེ་སྡང་ཆོས་ཉིད་ལས་འགྱུར་བ་མེད་པ་གཟུགས་ཕུང་ནམ་མཁའ་དག་པ་རྣམ་སྣང་། དུ་སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་མོ། ལྷོར་རང་བཞིན་ས་དག་པ་ཚོར་བའི་ཕུང་པོ་དག་པ་རིན་འབྱུང་། རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ། ནུབ་ཏུ་འདུ་ཤེས་མེ་དག་པས་སྙིང་རྗེ་སེམས་ཅན་ལ་ཆགས་ཤིང་དབང་གི་ལས་འགྲུབ། པདྨ་མཁའ་འགྲོ་སྐུ་མདོག་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་འདུ་བྱེད་རླུང་དག་པས་ཕྲིན་ལས་སྣ་ཚོགས་ཀྱིས་དོན་སྒྲུབ་ཅིང་དྲག་པོའི་ལས། སྐུ་མདོག་ལྗང་ཁུ། ཐམས་ཅད་ཀྱང་ཞལ་གཅིག་ཆོས་ཉིད་དེ་བཞིན་ཉིད་དུ་རོལ་གཅིག་པ། ཕྱག་གཉིས་ཐབས་ཤེས་ཟུང་དུ་འཇུག་པས་སྤྱན་ཁམས་གསུམ་གཟིགས་ཤིང་དུས་གསུམ་གྱི་དངོས་པོ་མཁྱེན་པ། ཅུང་ཟད་བསྒྲད་པ། ཞལ་སྙིང་རྗེས་སེམས་ཅན་རྗེས་སུ་འཛིན་ཅིང་ཚད་མེད་བཞི་དང་ལྡན་པ། ཅུང་ཟད་གདངས་ཤིང་མཆེ་བ་གཙེགས་པ། དབུ་སྐྲ་ནག་པོ་སིལ་མར་གྱུར་པས་སྐུ་རྒྱབ་ནོན་པ་ཕྱག་གཡས་པས་གྲི་གུག་ནམ་མཁའ་འཕྱར་བ། ང་རྒྱལ་ལ་སོགས་པའི་སྐྱོན་དྲུག་བཅད་པ། གཡོན་པས་ཐོད་ཁྲག་ཟག་མེད་ཀྱི་བདེ་བ་དང་ལྡན་པས། ཐུགས་ཀར་བསྣམས་པ། གྲུ་མོ་ནང་ན་ཡབ་ཀྱི་ངོ་བོ་དང་ཁ་ཊྭཱཾ་ཁ་ཡོད་པ་ཚངས་པའི་སྐུད་པ་དང་ཐབས་ཤེས་ཟུང་དུ་འཇུག་པ། འཁོར་འདས་ཐམས་ཅད་ཆོས་ཉིད་དུ་འདྲེས་པས་དུང་ཆེན་གྱི་ཕྲེང་བ་མཆོད་ཕྱིར་ཐོགས་པ། མི་མགོ་སྐམ་པོ་ལྔ་རིགས་ལྔས་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་ཨ་ལི་ཀ་ལི་ལྔ་བཅུ། བཅུས་དོ་ཤལ་བྱས་པ། འཁོར་ལོ་བསམ་གཏན་རྣ་ཆ་བཟོད་པ་གདུ་བུ་ཚུལ་ཁྲིམས་མགུལ་རྒྱན། སྦྱིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྐུ་རེག་སྟེ་རུས་པའི་རྒྱན་ལྔས་སྦྱིན་སོགས་ཐབས་ཕ་རོལ་ཏུ་ཕྱིན་པ་ལྔ་དག་པས། བརྒྱན་པ། ཞབས་གཡས་མྱ་ངན་ལས་འདས་པའི་མཐའ་དང་། བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། གཡོན་བརྐྱངས་ནས་གར་ཐབས་སུ་བཞུགས་པ། དྭངས་ཤིང་གསལ་ལ་ཉི་མ་འབུམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ལ། གཟི་བརྗིད་ཅན། ཡེ་ཤེས་རང་སེམས་ལ། ཀྱི་མེ་འབར་བའི་དབུས་ན་འཁོར་བའི་མཐའ་མནན་པ་བཞུགས་པ། དེ་དག་ཐམས་ཅད་དཔྲལ་བར་ༀ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ། མགྲིན་པར་ཨཱཿ གསུང་རྡོ་རྗེའི་ངོ་བོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ། ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་སྤྱན་དྲངས་བར་བསམ། མ་ཧཱ་གུ་རུ་ཌཱཀྐི་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཞེས་བརྗོད་པས་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་བྱོན་ནས། ཛ་ཛཿ པདྨ་པདྨའི་གདན་ལ་བཞུགས་པར་བསམ་མོ། །ཀ་མ་ལ་ཡེ་སྟྭཾ། མ་ཧཱ་ཨརྒྷཾ་ཞེས་པ་ལ་སོགས་ཀྱིས་མཆོད་ནས། མ་ཧཱ་གུ་རུ་ཨཾ་གུ་ཤ་ཡ་ཛཿ ཞེས་བརྗོད་ནས་ནས་རང་གི་ཐུགས་ཀ་ནས་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་ཡེ་ཤེས་པ་རྣམས་བཀུག་ནས། ཞགས་པས་བཅིང་། བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ་ལྕགས་སྒྲོག་གིས་སྡོམ། དྲིལ་བུ་ཐོགས་པས་དབྱེར་མེད་དུ་བྱས་ནས། ༀ་བཛྲ་གྷཎྜེ་ཧོཿ བཛྲ་ཨ་ཝེ་ཤ་ཡ་གཉིས་སུ་མེད་པར་བསམ། རིགས་ལྔ། མི་བསྐྱོད་པ། རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པའོ། །ཡུམ་བཞི་སངས་རྒྱས་སྤྱན། ལ་མ་ཀི་གོས་དཀར་མོ། དམ་ཚིག །སྒྲོལ་མའོ། །བྱང་ཆུབ་སེམས་དཔའ་བརྒྱད། བྱམས་པ། སའི་སྙིང་པོ། ནམ་མཁའི་སྙིང་པོ། སྒྲིབ་པ་རྣམ་སེལ། ཀུན་ཏུ་བཟང་པོ། འཇམ་དཔལ། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེའོ། །ཁྲོ་བོ་བཅུ། གཤིན་རྗེ། ཤེས་རབ་མཐར་བྱེད། པདྨ་མཐར་བྱེད། བིབ་ག་ན་མཐར་བྱེད། མི་གཡོ་བ། དབྱུག་པ་ཅན། འདོད་པའི་རྒྱལ་པོ། སྟོབས་པོ་ཆེ། གཙུག་ཏོར་འཁོར་ལོ་སྒྱུར་རྒྱལ། གནོད་མཛེས་སོ། །ལྷ་མོ་དྲུག །གཟུགས་རྡོ་རྗེ་མ། སྒྲ་རྡོ་རྗེ་མ། དྲི་རྡོ་རྗེ་མ། རོ་རྡོ་རྗེ་མ། རེག་རྡོ་རྗེ་མ། ཆོས་རྡོ་རྗེ་མའོ། །པཉྩ་ཀུ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛཿ མདུན་དུ་བྱོན་ནས་པདྨ་ཀ་མ་ལ་ཡེ་སྟྭཾ་གདན་ལ་བཞུགས་པར་བསམ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་ཨརྒྷཾ་སྭཱ་ཧཱ། སྔར་ལྟར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། རིགས་ལྔ་དབང་གི་ལྷ་རྣམས་ཀྱིས། ཅི་ལྟར་བལྟམས་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། ལྷ་ཡི་ཆུ་ནི་དག་པ་ཡི། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས། དྲི་མ་དག །དབང་ཐམས་ཅད་ཐོབ། ལུས་ཐམས་ཅད་གང་ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་མོ་ལ་མི་བསྐྱོད་པ་གཞན་རྣམས་ལ་རིགས་བཞིས་དབུ་བརྒྱན་གསུངས། ཡང་ན་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ཞེས་སོགས། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་སྭཱ་བྷཱ་ཝ༴ སྟོང་པར་གྱུར། སྟོང་པའི་ངང་ལས་ༀ་ཨཱཿཧཱུྃ་གསུམ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་དབུས་སུ། ཡྃ་ལས་རླུང་། རྃ་ལས་མེ། ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པའི་ནང་དུ། ཨ་ལས་ཟླ་བའི་སྟེང་དུ། ཤར་དུ་གྷོ་ལས་བ་གླང་གི་ཤ །ལྷོ་ཀུ་ལ་ཁྱིའི་ཤ །ནུབ་ཏུ་དྷ་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ན་ལས་མིའི་ཤ །དེ་རྣམས་ཀྱི་སྟེང་དུ་ཤར་དུ་བྷྲཱུྃ་ལས་དྲི་ཆེན། ལྷོར་ཨྃ་ལས་རཀྟ། ནུབ་ཏུ་ཛྃ་ལས་བྱང་སེམས། བྱང་དུ་ཁྃ་ལས་ཀླད་པ། དབུས་སུ་ཧཱུྃ་ལས་དྲི་ཆུ། དེའི་སྟེང་དུ་ཤར་དུ་བྷྲཱུྃ་ལས་མེ་ལོང་ལྟ་བུའི་ཡེ་ཤེས། ལྷོར་ཨཱྃ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས། ནུབ་ཏུ་ཛྃ་ལས་སོ་སོར་རྟོག་པའི་ཡེ་ཤེས། བྱང་དུ་ཁྃ་ལས་བྱ་བ་གྲུབ་པའི་ཡེ་ཤེས། དབུས་སུ་ཧཱུྃ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ། ཟླ་བའི་མཐར་གཡོན་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱཻ། ཨོ་ཨ། ཨཾ་ཨཿ གཡས་སྐོར་དུ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། དེ་ཐམས་ཅད་ཀྱི་སྟེང་གི་ནམ་མཁའ་ལ་ༀ་དཀར་པོ་མགོ་མཐུར་དུ་བསྟན་པའི་སྟེང་དུ། ཟླ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་དང་བཅས་པས་ཐོད་པའི་ཁ་བཅད་པ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རླུང་གཡོས་མེ་སྦར་ནས་ཐོད་པ་དྲོས། རྫས་རྣམས་ཡི་གེ་དང་བཅས་པ་འོད་དུ་ཞུ་ཞིང་ཁོལ་བའི་རླངས་པ་ༀ་ལ་ཕོག་པས་བདུད་བརྩིའི་ཆུ་རྒྱུན་འཛག་ཧཱུྃ་ལ་ཕོག་པས་འོད་ཟེར་རླངས་པ་དང་བཅས་པ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་དཔག་ཏུ་མེད་པ་སྤྱན་དྲངས། ཧཱུྃ་ལ་ཐིམ་པས་ལྗིད་ཀྱིས་སྣ་ཚོགས་རྡོ་རྗེ་ཟླ་བ་ༀ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་། མེར་གྱི་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི་དང་། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པས། ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ་ཞིང་། བཟང་པོར་སྤེལ་བར་བྱེད། ༀ་ཨཱཿཧཱུྃ། ཧ་ཁ་དོག་ཕྲོག་པར་བྱེད། ཧོ་ཡིས་དྲི་འཛིན་འཇོམས་པར་བྱེད། ཧྲཱི༔ ཡིས་ནུས་པ་འཇོམས་པར་བྱེད། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་བདུད་རྩི་ལྕེ་ལ་བཞག་ཅིང་ལྷ་ཐམས་ཅད་བདུད་རྩིས་ཚིམ་པར་བསམ། ཧཾ། ཞེས་བརྗོད་ཅིང་གཡོན་པའི་མཐེབ་སྲིན་གྱིས་དཀྲུག་ཅིང་དར་གཅིག་བཞག །མ་ཆོས་དབྱིངས་རྣམ་དག །ཅེས་སོགས་གདན་ཐོག་གཅིག་མ་ནས་བྱུང་བ་ལྟར་གྱིས་བསྟོད་དོ། །བསྐྱེད་རིམ་མོ། ༈ །རྫོགས་རིམ་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཅེས་གསུངས་པས། སེམས་ཀྱི་ཆོས་ཉིད་གདོད་མ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པས། དེའི་ངང་ལ་སྒོ་གསུམ་མ་བཅོས་པར་སེམས་རྩེ་གཅིག་ཏུ་ལྷོད་ཀྱིས་ཀློད་ལ་བཞག་གོ། །ཡང་ན་བདེ་མཆོག་ལས། རྟག་ཏུ་སྙིང་ལ་གནས་པ་ཡིས། །ཐིག་ལེ་གཅིག་ལས་འགྱུར་མེད་པས། །དེ་བསྒོམ་བྱེད་པའི་སྐྱེས་བུ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པས། ལུས་གནད་བཅའ། རླུང་རོ་འབུད་ནས། སྙིང་པདྨ་ལྟར་གྱེས་པའི་ལྟེ་བར་ཟླ་དལ་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ། རང་གི་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་འོད་ཀྱི་རང་བཞིན་ཅན། རྣམ་པ་བདེ་བ། རང་བཞིན་གསལ་བ། ངོ་བོ་སྟོང་པར་རྩེ་གཅིག་ཏུ་རླུང་ཁ་སྦྱོར་བསྒོམ་མོ། །༼བདེ་སྟོང་ཉམས་ཁྱད་པར་ཅན་སྐྱེ།༽བཟླས་བ་བྱེད་ན། རང་ལྷའི་སྐུར་གསལ་བའི་ལག་པར་འཕྲེང་བ་བཟུང་ལ། ༀ་རུ་ཙི་ར་མ་ནི་པྲ་བྷ་དྷ་ཡ་ཧཱུྃ། ཞེས་ལན་བདུན་བཟླས་ནས་ཕྲེང་བ་བཏབ་སྟེ་བགྲངས་ནས་ལས་ཐམས་ཅད་འགྲུབ་པར་རྒྱུད་དེ་ནས་གསུངས་སོ། །ལྷ་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་རང་རང་གི་ཁ་དོག་དང་མཐུན་པའི་ཨའི་ཐ་མར། རང་རང་གི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སྣང་སྲིད་ཐམས་ཅད་ཀྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་རང་ལ་ཞུགས་པར་བསམ་ཞིང་། ༀ་བཛྲ་དྷ་ཀི་ནི་ཧཱུྃ་ཕཊ་སྭཱ་ཧཱ། གཙོ་བོའི་སྔགས་སོ། །ༀ་བུདྡྷ་དྷ་ཀི་ནི་ཧཱུྃ་སངས་རྒྱས་མཁའ་འགྲོ། ཕཊ་སྭཱ་ཧཱ། ༀ་རིན་ཆེན་མཁའ་འགྲོ། རཏྣ་དྷ་ཀི་ནི་ཧཱུྃ་ཕཊ་སྭཱ་ཧཱ། ༀ་པདྨ་དྷ་ཀི་ནི་ཧཱུྃ་པདྨ་མཁའ་འགྲོ། ཕཊ་སྭཱ་ཧཱ། ༀ་ཀརྨ་དྷ་ཀི་ནི་ཧཱུྃ་ལས་ཀྱི་མཁའ་འགྲོ། ཕཊ་སྭཱ་ཧཱ། ཨ་ལི་ཀ་ལིའི་མཐར། ལས་ཐམས་ཅད་འགྲུབ་དངོས་གྲུབ་མྱུར་དུ་འགྲུབ་གསུངས། པར་གྱུར་ཅིག་སྭཱ་ཧཱ་ཞེས་བརྗོད་ཅིང་། བསྙེན་པ་རྐྱངས་པ་ཡིན་ན། དཀྱིལ་འཁོར་རྟེན་དང་བསྟན་པར་བཅས་པའི་དལ་རང་ལ་བསྡུ། རང་གཙོ་བོའི་ང་རྒྱལ་དང་ལྡན་པས། བསྙེན་པ་རྐྱང་པ་བྱེད་ན་འདི་ཡན་ཆད་ཐུན་བཞིར་བཅད་ལ་ཐུན་མཇུག་ཏུ་གཏོར་མ་འབུལ། གསོལ་བ་གདབ། བསྔོ་བ་སྨོན་ལམ་བཏབ་ཐུན་མཚམས་ཀྱི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །མདུན་བསྐྱེད་བསྒྲུབ་པས་བསང་སྦྱང་བྱ། མཆོད་རྫས་རྣམས་སྔར་བདག་བསྐྱེད་ཀྱི་སྐབས་ལྟར་བྱིན་གྱིས་བརླབས། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་དང་༴ རིགས་ཀྱི་བདག་པོས། བརྒྱན་པའི་བར་བདག་བསྐྱེད་ལྟར་བྱས་ལ། ༼མདུན་བསྐྱེད་བྱེད་ན་དཀྱིལ་འཁོར་བསྡུ་མི་དགོས།༽གནས་མཁའ་དབྱིངས་རྣམ་དག་གི་ཕོ་བྲང་ནས། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ཁྱེད་སངས་རྒྱས་བྱང་སེམས་ཚོགས་དང་བཅས། །གནས་འདིར་སྤྱན་འདྲེན་བཞུགས་སུ་གསོལ། །བཞུགས་ནས་དབང་བསྐུར་བྱིན་གྱིས་རློབས། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡུམ་ཆེན་ཕར་ཕྱིན་མན་ཆད་དང་། །རྩ་བའི་བླ་མ་ཡན་ཆད་ཀྱི། །མ་རྒྱུད་དཔའ་མོའི་ལྷ་ཚོགས་རྣམས། །ཁྱེད་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །གནས་འདིར་སྤྱན་འདྲེན་བཞུགས་སུ་གསོལ། །བཞུགས་ནས་དབང་བསྐུར་བྱིན་གྱིས་རློབས། །གནས་བྱ་རྒོད་ཕུང་པོའི་རི་བོ་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་མན་ཆད་དང་། །རྩ་བའི་བླ་མ་ཡན་ཆད་ཀྱི། །ཕ་རྒྱུད་དཔའ་བོའི་ལྷ་ཚོགས་རྣམས། །ཁྱེད་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །གནས་འདིར༴ བཞུགས་ནས༴ བཀྲ་ཤིས་གླང་ལུང་གི་དགོན་པ་ནས། །རྒྱལ་བ་དོན་གྲུབ་མན་ཆད་དང་། །རྩ་བའི་བླ་མ་ཡན་ཆད་ཀྱི། །སྲས་རྒྱུད་ཉམས་མྱོང་གི་ལྷ་ཚོགས་རྣམས། །ཁྱེད་སྡེ་སྣོད་རྒྱུད་སྡེའི་བླ་མ་རྣམས། །གནས་འདིར༴ བཞུགས་ནས༴ གར་བཞུགས་དག་པའི་ཞིང་ཁམས་ནས། །ཕ་རྩ་བའི་བླ་མ་རྡོ་རྗེ་འཆང་། །ཁྱེད་བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །གནས་འདིར༴ བཞུགས་ནས༴ གནས་གཉན་ས་རི་ཁྲོད་དགོན་པ་ནས། །གྲོགས་སྙེམས་ཐག་ཆོད་པ་སྤྲུལ་པའི་སྐུ། །སྐལ་ལྡན་ཕོ་མོའི་ཚོགས་དང་བཅས། །གནས༴ བཞུགས༴ ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །ཡི་དམ་ལྷ་ཚོགས༴ རྒྱུད་སྡེ་བཞི་ཡི་ཚོགས༴ གནས་འདིར༴ བཞུགས་ནས༴ བསིལ་བ་ཚལ་གྱི་དུར་ཁྲོད་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས༴ གནས་འདིར་སྤྱན་འདྲེན་བཞུགས་སུ་གསོལ། །བཞུགས་ནས་དབང་བསྐུར་བྱིན་གྱིས་རློབས། །མ་ཧཱ་གུ་རུ་དྷ་ཀི་ནི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཞེས་བརྗོད་ཅིང་རྡོ་རྗེ་བསྡུས་པའི་ཕྱག་རྒྱ་བྱས་པས་ཐམས་ཅད་མདུན་དུ་བྱོན་པར་བསམ། པདྨ་ཀ་མ་ལ་ཡེ་སྟྭཾ། མ་ཧཱ་གུ་རུ་ཞེས་སོགས་སྔོན་དུ་འགྲོ་བ་ལ་སོགས་པས་མཆོད་ནས། ཛཿཧཱུྃ་བྃ་ཧོཿ ཐམས་ཅད་ཡི་དམ་གྱི་དཀྱིལ་འཁོར་དུ་བཞུགས་པར་བསམ་པ་ནི་བསྒྲུབ་པའོ། །ཡན་ལག་བདུན་པ་༼རྒྱས་བསྡུས་གང་རུང་མ་ཐོགས་ནས་མདུན་གྱི་ལྷ་ཚོགས་རྣམས་ལ་མཆོད་པར་བསམ་ཞིང་།༽བྱ་ཞིང་། ༼ཅེས་བརྗོད་པས་མདུན་བསྐྱེད་དང་དབྱེར་མེད་པར་གྱུར་པ་ལ་གཞལ་ཡས་ཁང་དང་ཡོ་བྱད་རྣམས་འབུལ་བས་རབ་ཏུ་དགྱེས་ནས་བཞུགས་པར་བསམ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་པ་རྣམས་སྤྲོས་པས་མཆོད་རྫས་དུ།༽དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བླ་མ་མཁའ་འགྲོ་འཁོར་དང་བཅས་ལ་འབུལ། །འགྲོ་བའི་དོན་ལ་བཞེས་སུ་གསོལ། །མ་ཧཱ་གུ་རུ་ཌཱཀྐི་ནི་ས་པ་རི་ཝཱ་ར་ཨརྒྷཾ་པུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་བཟང་པོའི་ཞབས་བསིལ་འདི། །བླ་མ་མཁའ་འགྲོ་འཁོར་དང་བཅས་ལ་འབུལ། །འགྲོ་བའི་དོན་ལ་བཞེས་སུ་གསོལ། །མ་ཧཱ་གུ་རུ་དྷ་ཀི་ནི་ས་པཱ་རི་ཝཱ་ར་པདྱཾ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མེ་ཡེ་ཧཱུྃ། དྲི་མེད་ཡིད་དུ་འོང་བ་ཡིས། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བླ་མ་མཁའ་འགྲོ་འཁོར་དང་བཅས་ལ་འབུལ། །འགྲོ་བའི་དོན་ལ་བཞེས་སུ་གསོལ། །མ་ཧཱ་གུ་རུ་དྷ་ཀི་ནི་ས་པཱ་རི་ཝ་ར་པུཥྤེ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མེ་ཡེ་ཧཱུྃ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །བླ་མ་མཁའ་འགྲོ༴ འགྲོ་བའི༴ མ་ཧཱ་གུ༴ དྷུ་པེ་པུ་ཛ༴ དྲི་མེད་ཡིད་དུ་འོང་བ་ཡི༴ ལྷ་རྫས་བཟང་པོའི་སྣང་གསལ་འདི། །བླ་མ་མཁའ་འགྲོ༴ འགྲོ་བའི༴ མ་ཧཱ༴ ནས། ཨ་ལོ་ཀེ་པུ༴ དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་བཟང་པོའི་དྲི་མཆོག་འདི། །བླ་མ་མཁའ་འགྲོ༴ འགྲོ་བའི༴ མ་ཧཱ༴ ནས། གྷནྡྷེ༴ དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་བཟང་པོའི་ཞལ་ཟས་འདི། །བླ་མ༴ འགྲོ་བའི༴ མ་ཧཱ༴ ནས། ནཻ་བིདྱ༴ ལྷ་རྫས་བཟང་པོའི་རོལ་མོ་འདི། །བླ་མ༴ འགྲོ་བའི༴ མ་ཧཱ༴ ནས། ཤཔྡ་པུ་ཛ༴ ཞེས་པ་དང་། ༀ་གྷནྡྷེ་ར་ཎི༴ ༼སྔགས་བརྗོད་ཅིང་འདིར་རོལ་མོ་འབུལ། འདོད་ཡོན་ཕུན་སུམ་ཚོགས་པ་ནམ་མཁའ་དང་མཉམ་པར་བསྣམས་པའི་གསུང་རྡོ་རྗེ་མ་ལ་སོགས་པས་མཆོད།༽ཅེས་སོགས་དང་། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་གཟུགས་མཆོག་འདི། །བླ་མ་མཁའ་འགྲོ་འཁོར་དང་བཅས་ལ་འབུལ། །འགྲོ་བའི་དོན་ལ་བཞེས་སུ་གསོལ། །མ་ཧཱ་གུ༴ ནས། རཱུ་པ་ཀ་མ་གུ་ཎ་པུ་ཛི་ཏ་ཨཱཿཧཱུྃ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་སྒྲ་སྙན་འདི། །བླ་མ་མཁའ་འགྲོ༴ འགྲོ་བའི༴ ཤཔྡ་ཀ་མ༴ དྲི་མེད་ཡིད་དུ༴ ལྷ་རྫས་དམ་པའི་དྲི་མཆོག་འདི། །བླ་མ༴ འགྲོ་བའི༴ གྷནྡྷེ༴ དྲི་མེད་ཡིད་དུ༴ ལྷ་རྫས་དམ་པའི་རོལ་མཆོག་འདི། །བླ་མ༴ འགྲོ་བའི༴ ར་ས་ཀ་མ༴ དྲི་མེད༴ ལྷ་རྫས་དམ་པའི་རེག་མཆོག་འདི། །བླ་མ་མཁའ་འགྲོ༴ འགྲོ་བའི༴ འགྲོ་བའི༴ སྤཪྴེ་ཀ་མ་གུ་ཎ་པུ་ཛི་ཏ་ཨཱཿཧཱུྃ། ཞེས་སོ། །ཕྱིའི་མཆོད་པའོ། །ནང་གི་མཆོད་པ། མཆོད་དོ་ཕ་དྲིན་ཅན་རྩ་བའི་བླ་མ། དབང་བསྐུར། རྒྱུད་བཤད། མན་ངག་གནང་བའི་བླ་མ་བརྒྱུད་པ་དང་བཅས་པའི་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། བཅོམ་ལྡན་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེང་གེ། རྗེ་བཙུན་སྒྲོལ་མ། མཁའ་འགྲོ་སུ་ཀ་སིདྡྷི། ཨཱརྱ་དེ་ཝ། དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་གཅིག་ལབ་ཀྱི་སྒྲོལ་མ། ཁུ་སྒོམ་ཆོས་སེང་། དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། ཟལ་མོ་དགེ་སློང་། རྟོག་ལྡན་དགེ་སློང་ཟེར། སུམ་པ་རས་པ། ཞེན་མེད་རས་པ་ཟེར། སངས་རྒྱས་སྟོན་པ། བརྩོན་འགྲུས་སེང་གེ་ཟེར། རས་པ་ཆོས་ཀྱི་སེང་གེ། རྡོ་རྗེ་སེང་གེ། ཤེས་རབ་བླ་མ། རྗེ་བཙུན་བཛྲ་ཤྲཱི། རྟོགས་ལྡན་ནམ་མཁའ་རྡོ་རྗེ། སྐྱེས་མཆོག་ཚུལ་ཁྲིམས་རྒྱལ་མཚན། མཚུངས་མེད་ཆོས་ཀྱི་རྡོ་རྗེ། མཁས་གྲུབ་ཛྙཱ་ན་ཀེ་ཏུ། དེ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། རང་རང་སོ་སོ་བརྒྱུད་པའི་བླ་མ་རྣམས་ལ་འབུལ། གཞན་ཡང་སྡེ་སྣོད་གསུམ། རྒྱུད་སྡེ་བཞིའི་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ༀ་བཛྲ་དྷཀྐི་ནི༴ ཞེས་སོགས་མཁའ་འགྲོ་སྡེ་ལྔའི་རྩ་སྔགས་དང་། གཞན་ཡང་བླ་མ་ཡི་དམ་གང་ཡིན་གྱི་སྙིང་པོའི་མཐར། ༀ་ཨཱཿཧཱུྃ་གིས་འབུལ། ཆོས་སྐྱོང་ལྕམ་དྲལ་ལ་སོགས་རང་རང་གི་ཆོས་སྐྱོང་གང་ཡིན་གྱི་སྙིང་པོ་དང་། རྩ་སྔགས་ཀྱིས་འབུལ། གཞན་ཡང་ཤ་ཟ་མཁའ་འགྲོ། ཞིང་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པ། རིགས་ལ་སྐྱེས་པ། གནས་གསུམ་མཁའ་འགྲོ་དུར་ཁྲོད་ཀྱི་བདག་མོ། གནས་ཉེར་བའི་གནས། ཞིང་ཉེ་བའི་ཞིང་། ཚན་དྷོ་ཉེ་བའི་ཚན་དྷོ། འདུ་བ་ཉེ་བའི་འདུ་བ། དུར་ཁྲོད་ཉེ་བའི་དུར་ཁྲོད། ཐུང་གཅོད་ཉེ་བའི་ཐུང་གཅོད། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། ཡུལ་ཆེན་བཞི་བཅུ་རྩ་བཞི་ན་བཞུགས་པའི་སྤྲལ་པ་དང་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་ཞལ་དུ་ༀ༴ མདོར་ན་རིག་པ་རྒྱལ་པོའི་ཚོགས། ཁྲོ་བོ་ཁྲོ་མོའི་ཚོགས། ཚོགས་བདག་གི་ཚོགས། ཕོ་ཉའི་ཚོགས། བྲན་གྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ༴ ལྷ་ཆེན་པོ་བརྒྱད། ཀླུ་ཆེན་བརྒྱད། ཕྱོགས་སྐྱོང་བཅུ། རྒྱལ་པོ་ཆེན་པོ་སྡེ་བཞི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་དགུ། ཆུང་མ་དང་བཅས་པ། འཕྲོག་མ་མ་བུ་ལྔ་བརྒྱ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ༴ རྒྱ་གར་རྒྱ་ནག་ལི་ཡུལ་དང་བལ་ཡུལ་རྣམས་དང་། བོད་གངས་ཆེན་ཁྲོད་ཀྱི་གནས་ཁྱད་པར་ཅན་ལ་གནས་པའི་སྲུང་མ་རྣམས་ཀྱི་ཞལ་དུ༴ གཞན་ཡང་མཐའ་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད། ཡང་འདུལ་གྱི་གཙུག་ལག་ཁང་སྟོང་རྩ་གཉིས་ལ་གནས་པའི་སྲུང་མ་རྣམས་ཀྱི་ཞལ་དུ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང་། འཛམ་བུའི་གླིང་དང་། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ༴ བྱེ་བྲག་ཏུ་ཡང་ས་ཕྱོགས་ཡུལ་རིས་འདི་ལ་གནས་པའི་གཞི་བདག་རྣམས་ཀྱི་ཞལ་དུ༴ གཞན་ཡང་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཚིམ་པར་གྱུར་ཅིག །ༀ་ཨཱཿཧཱུྃ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་རྣམས་སྐུ་ཁམས་བཟང་ཞིང་སྒྲུབ་པ་བསམ་གཏན་མཐར་ཕྱིན་པ་དང་། སེམས་ཅན་རྣམས་བདེ་ཞིང་སྐྱིད་པའི་ཕྲིན་ལས་མཛོད་ཅིག །ལྷ་རྣམས་མཉེས་ནས་རྡོ་རྗེའི་གླུ་གར་བྱེད་པར་བསམ་ཞིང་། ༀ་རྣམ་ལྔ་འདོད་པའི་ཕྱག་རྒྱ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །གསང་བའི་མཆོད་པ་ནི། གྲུ་མོའི་ཁ་ཊྭཱཾ་ཀ་ཡབ་ཏུ་གྱུར་པས་ཡབ་ཡུམ་ཐམས་ཅད་སྙོམས་པར་བཞུགས་པས་ཟག་མེད་བདེ་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཚིམས་པར་བསམ་ཞིང་། ༼འཁྱུད་པའི་ཕྱག་རྒྱ་བྱས་ལ།༽ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། དེ་ཁོ་ན་ཉིད་ཀྱི་ནི། མཆོད་བྱ་མཆོད་བྱེད་མཆོད་ཚུལ་གསུམ་རང་བཞིན་མེད་པ་ལ་བློ་མཉམ་པར་བཞག་གོ། །བསྟོད་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད།སོགས། །མ་ཆོས་དབྱིངས།སོགས། རྣམ་རྒྱལ་བུམ་པ་དང་། ལས་བུམ་གཉིས་གཅིག་ཏུ་བསྐྱེད་པ་ནི། ༀ་ཨ་མྲྀ་ཏ་སོགས། ༀ་སྭ་བྷཱ་ཝ་སོགས། སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་པྃ་ལས་པདྨ། ཨ་ཨ་ལས་ཟླ་བའི་སྟེང་དུ། བྷྲཱུྃ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་ཤིང་། མགྲིན་པ་ཕྲ་བ། ཞབས་ཞུམ་ཞིང་མཆུ་འཕྱང་བ། དཔག་བསམ་ཤིང་གི་ཁ་རྒྱན་དང་། ལྷའི་གོས་ཀྱིས་འགུལ་པ་དཀྲིས་བ། ཡངས་ཤིང་རྒྱ་ཆེ་བ། དྭངས་ཤིང་ཐོགས་པ་མེད་པ། བཅུད་ཐམས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པར་པདྨ་འདབ་མ་བཞིའི་ལྟེ་བ་དང་འདབ་མ་རྣམས་སུ་ཨ་ལས་ཟླ་བ། རྃ་ལས་ཉི་མ་དང་རོའི་སྟེང་དུ་ཨ་ལས་མཁའ་འགྲོ་སྡེ་ལྔ་བདག་བསྐྱེད་ལྟར་བསྐྱེད། དེའི་མཆན་གཡོན་ཕྱོགས་སུ། ལས་བུམ་གྱི་ནང་དུ་པདྨ་ཉི་མའི་སྟེང་དུ། ཧཱུྃ་ལས་བདུད་རྩི་འཁྱིལ་བ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་བརྩིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་པས་སྣ་ཚོགས་རྡོ་རྗེ་ནམ་མཁར་འཕྱར་བ། གཡོན་པས་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཐུགས་ཀར་སྡིགས་མཛུབ་མཛད་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱི་བརྒྱན་པ། ཞབས་གཡས་བསྐུམ། གཡོན་བརྐྱངས་པས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། གནས་གསུམ་གྱི་བྱིན་གྱིས་བརླབས། ཡེ་ཤེས་པ་བསྟིམ། དབང་བསྐུར། མཁའ་འགྲོ་སྡེ་ལྔ་ལ་མི་བསྐྱོད་པས། བདུད་རྩི་འཁྱིལ་པ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། ཡེ་ཤེས་པ་སྤྱན་འདྲེན་དང་མཆོད་པ་འབུལ་བ་ལ་སོགས་བདག་བསྐྱེད་ལྟར་དུས་གཅིག་བྱ། རྣམ་རྒྱལ་བུམ་པའི་བསྟོད་པ་ནི། བདག་བསྐྱེད་ལྟར་བྱ། ལས་བུམ་གྱི་བསྟོད་པ་ནི། བདུད་རྩི་འཁྱིལ་པ་ཁྲོ་བོ་ཆེ། སངས་རྒྱས་ཀུན་གྱི་ཐབས་ཆེན་པོ། མ་རུང་ཐམས་ཅད་བསྒྲལ་མཛད་པ། སྲུང་མཛད་ལྷ་ལ་ཕྱག་འཚལ་བསྟོད། མཁའ་འགྲོ་སྡེ་ལྔ་རང་གིས་སྔགས་དང་། རང་གི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་གཟུངས་ཐག་ལ་བསྟེན་ནས། བུམ་ལྷ་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ལས་བདུད་བརྩིའི་ཆུ་རྒྱུན་བབས་ནས་བུམ་པ་ཁེངས་པར་བསམ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ༀ་བཛྲ་ཨ་མྲྀ་ཏ་ཀུནྡྷ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། མཆོད་བསྟོད། ༼གོང་ལྟར།༽ༀ་ཨཱཿཧཱུྃ་ཞེས་བརྗོད་ནང་དུ་ཆོས་ཀྱི་ཆུ་བླུགས་པས་ལྷ་ཐམས་ཅད་འོད་དུ་ཞུ་བའི་ཆུ་ནུས་ལྡན་དུ་བསམ། ལྷ་དལ་གྱི་བྱ་བ་མ་ཚར་གྱི་བར་དུ་ཕྲིན་ལས་མཛད་ཅིང་བཞུགས་པར་མོས། མ་འབྱོར་བ་དང་༴ ནོངས་པ་བཟོད་གསོལ། ༼ཡི་གེ་བརྒྱ་པས།༽ལྷག་ཆད་ཁ་བསྐང་། ༀ་ཨཱཿཧཱུྃ། ལན་གསུམ། གཏོར་མ་ནི་ནང་༼ནང་མཆོད་ཆུ་དང་ཆང་གི་བྲན་ལ།༽མཆོད་ལྟར་བྱིན་གྱིས་བརླབས། རང་གི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་འཁོར་འདས་ཐམས་ཅད་སྤྱན་དྲངས་ནས་མདུན་བསྐྱེད་ལ་ཐིམ་པས། ཐམས་ཅད་བླ་མ་ཡི་དམ་ལྷའི་ངོ་བོར་གྱུར་པའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང་། ཐལ་མོ་ཁ་གྱེན་དུ་ཕྱོགས་ཞིང་། མ་ཧཱ་གུ་རུ་དྷ་ཀི་ནི་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིངྟ་ཁ་ཁ་ཁ་ཧི་ཁཱ་ཧི། ༀ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ལན་གསུམ་འབུལ། ཁམས་གསུམ་མ་ལུས་ཞིང་ཁམས་ནས། སྐུ་གསུམ་འཁོར་འདས་ཐུགས་རྗེའི་མགྲོན། སྟོང་གསུམ་བདུད་རྩིས་བཀང་བའི་རྫས་གཏོར་མ་འདོད་ཡོན་ལྔ་རུ་བསྔོ། ཨརྒྷཾ༴ ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད། གང་གི་དྲིན་གྱིས་སོགས་དང་། མ་ཆོས་དབྱིངས་ཞེས་སོགས་ཀྱིས་བསྟོད། བླ་མ་མཁའ་འགྲོ་སྡེ་ལྔའི་ཚོགས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །ཅེས་སོགས་བརྗོད་ཅིང་ཕྲིན་ལས་གཞོལ་ཅེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གོང་གི་སྔོན་འགྲོ་གཏོར་མའི་སྐབས་ལྟར་བྱ། ཡི་དམ་གཉིས་པ་དང་། ༼གཏོར་མ་ཀྱིས་པ།༽ཆོས་སྐྱོང་རྣམས་ལ་རང་གི་གཏོར་ཆོག་གི་བསྔོ། ༼འོག་མ་ཆོས་སྐྱོང་།༽ ༼དམ་ཆེན་རྒྱ་མཚོའི་ཚོགས་ལ་འབུལ་ནས།༽མགྲོན་སྤྱི་གཏོར། འཕྲོག་མ་གཞི་བདག་ལ་བསྔོས་ལ་བཀའ་བསྒོ་བྱ། ༈ ཁྱད་པར་གྱི་ཚོགས་ལ་ལྔ། ཚོགས་ཀྱི་ཡོ་བྱད་གསོག་པ། ཚོགས་བྱིན་གྱིས་བརླབ་པ། འབུལ་བ། བསྒྲལ་མཆོད་བྱ་བ། ཕྱི་ནང་གི་མཁའ་འགྲོ་མ་རྣམས་ཚོགས་ལ་རོལ་བའོ། །དང་པོ་ནི། དེར་འདུས་པའི་རྣལ་འབྱོར་ཕོ་མོ་རྣམས། གདན་ཐོག་གཅིག་མ་ལྟར། ནམ་མཁའ་སྒོ་འགྱེད་ཀྱི་དམིགས་པས་བེམ་རིག་ཕྲལ། དབྱིངས་རིགས་བསྲེས་ལ། རོ་བསྲེས་དང་དབྱིངས་བསྲེས་བསྡེབ་པར་བྱའོ། །རང་གཞན་གྱི་རོ་ཆེ་ལ་ཚོ་བ་སྣུམ་ཞིང་ཡིད་དུ་འོང་བ། དེའི་མདུན་དུ་རང་གི་རྣམ་ཤེས་རྗེ་བཙུན་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པའི་གྲི་གུག་གིས་མགོ་བོ་རྦད་རྦད་ལན་གསུམ་བཅད་ནས་སྒྱེད་པོར་བཙུག་པའི་ཁར། སྨིན་མཚམས་ནས་བདུད་སྒོའི་བར་སྐད་ཅིག་གིས་བྲག་ནས། དཔྲལ་བ་རང་ལ་བསྟན་པ། བསྐལ་པའི་འཇིག་རྟེན་གྱི་ཁམས་དང་མཉམ་པར་གྱུར་པའི་ནང་དུ། ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོ་བྱང་སེམས་དཀར་དམར་གྱིས་བྲན་པར་བསམ། དེ་དང་ཚོགས་ཀྱི་རྫས་གཉིས་སུ་མེད་པར་གྱུར་པར་བསམ། བྱིན་རླབས་ནི་ནང་མཆོད་ལྟར་བྱས་ལ། འབུལ་བ་ནི། སྔར་སྤྱན་འདྲེན་པའི་སྐབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །ཞེས་སོགས་ཅི་ལྟ་བ་བཞིན་བརྗོད་ལ། གནས་འདིར་སྤྱན་འདྲེན་སོགས་ཀྱི་མལ་དུ། འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་རིན་ཆེན་འབར་བ་འདི། །འོག་མིན་གནས་སུ་བྱིན་གྱིས་རློབས། །འོག་ཏུ་དགོངས་བསྐྱོད་མའི་སྐབས་སུ་ཨོ་རྒྱན་གནས་སུ་ཞེས་སོགས་མཆན་གོང་ལྟར་འདོན་པ་བསྒྱུར། མཎྜལ་འདི་ལ་བཞུགས་སུ་གསོལ། །མར་མེ་འདི་ལ་མདངས་ཤིག་ཕྱུངས། །ཚོགས་འཁོར་འདི་ལ་བཅུད་ཅིག་ཕོབ། །སློབ་མ་རྣམས་ལ་བྱིན་གྱིས་རློབས། །དབང་བསྐུར་ན་སློབ་མ་རྣམས་ལ་དབང་བསྐུར་ཅེས་བརྗོད་དོ། །རིན་ཆེན་ལ་སོགས་སྣོད་རྣམས་ཀུན། །མཚན་ལྡན་ཐོད་པར་བྱིན་གྱིས་རློབས། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །ཡེ་ཤེས་བདུད་བརྩིར་བྱིན་གྱིས་རློབས། །ཟག་མེད་ཀྱི་བདུད་རྩིར་བྱིན་གྱིས་རློབས། འདིར་ཚོགས་རྣལ་འབྱོར་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོ་དཔའ་མོར་དེ་ནས། རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གཉིས་ཀྱི་བར་ཆད་སོལ། །མཆོག་ཐུན་མོང་གཉིས་པར་བར་གྱི་ཚིག་ཁ་གྱུར། ཀྱི་དངོས་གྲུབ་སྤྲོ་ན་སྩོལ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཞེས་པ་ནས། སྡེ་སྣོད་རྒྱུད་སྡེའི་བླ་མ་རྣམས། །མ་ཡུམ་ཆེན་གཟུགས་ཀྱི་མཆོད་པ་ཁྱད་པར་འཕགས། །ཞེས་སོགས་བྱ། ཐུགས་ལས་སྤྲུལ་པའི་སྲས། །ཞེས་པ་ཡན་ཆད་ཀྱི་མཚན་གསུམ་པོ་དེ། གོང་ལྟར་ཚིག་ཁ་བསྒྱུར་ནས་བརྗོད། །དེ་ནས་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །ཞེས་སོགས་དགོངས་བསྐྱོད་མ་བྱེད། དེ་ནས་གར་བཞུགས་དག་པའི་ཞིང་ཁམས་ནས། །ཞེས་པ་ནས། དམ་ཆེན་རྒྱ་མཚོའི་ཚོགས་ཀྱིས་བསྐང་། །ཞེས་པ་ཡན་ཆད་བརྗོད་པ་ལས། ཁྱད་པར་དུ་མ་གཅིག་མཁའ་འགྲོ་སྡེ་ལྔ་ལ་ཚོགས་འབུལ་བ་ནི། རྣལ་འབྱོར་ཕོ་མོ་རྣམས་རིག་པ་སྐྱེ་མེད་ཀྱི་ངང་ནས་འགག་མེད་ཀྱི་ངང་ཉམས་མྱོང་དང་ལྡན་པས། ཌཱ་མ་རུ་དང་རྐང་གླིང་ལ་སོགས་བསྒྲག་ཅིང་། མ་གཅིག་ཇོ་མོ་རྣལ་འབྱོར་མ། །ཕ་རོལ་ཕྱིན་མའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །གསང་སྔགས་ཀུན་གྱི་བརྒྱུད་འཛིན་མ། །དུས་གསུམ་སངས་རྒྱས་གདུང་འཛིན་མ། །མ་བདག་དང་མཁའ་མཉམ་སེམས་ཅན་ལ། །ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས། །ཚོགས་དང་གཏོར་མ་བཞེས་སུ་གསོལ། །གནས་ཁང་རིན་ཆེན་འབར་བ་འདི། །འདི་མན་ཆད་སྔར་དང་འདྲ། མ་སྐྱེས་བ་དམའ་ལ་དགོངས་པ་མཐོ། །སྐུ་ལུས་ཆུང་ལ་གཟི་བརྗིད་ཆེ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཀུན་དང་མཐུན་པའི་སྤྱོད་པ་ཅན། །མ་བདག་དང་མཁའ་མཉམ་སེམས་ཅན་ལ། །དེ་མན་ཆད་སྔར་དང་འདྲ། མ་སེར་སྣ་མེད་པའི་དོན་རྟོགས་ནས། །ཀུན་ཁྱབ་ཀྱི་སྦྱིན་པ་བློས་ཐེང་མ། །རང་སེམས་ཡེ་ཤེས་དོན་རྟོགས་ནས། །ཉམས་པ་མེད་པའི་ཁྲིམས་བསྲུང་མ། །བདག་གཞན་མེད་པའི་དོན་རྟོགས་ནས། །སྐྱེ་མེད་བཟོད་པ་བསྒོམ་མཛད་མ། །བྱ་བཙལ་མེད་པའི་དོན་རྟོགས་ནས། །འབད་མེད་བརྩོན་འགྲུས་བརྩམ་མཛད་མ། །ཡེང་བ་མེད་པའི་དོན་རྟོགས་ཤིང་། །ཡེངས་མེད་བསམ་གཏན་བསྒོམ་མཛད་མ། །འཁོར་འདས་མེད་པའི་དོན་རྟོགས་ནས། །བདག་མེད་རྟོགས་པའི་ཤེས་རབ་ཅན། །མ་བདག་དང་མཁའ་མཉམ་སོགས་སྔར་བཞིན། མ་དགོངས་པ་ཤར་དུ་བསྐྱེད་ཙམ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་མདོག་སྔོན་མོ་གཟི་མདངས་ཅན། ༈ །མ་བྱིན་རླབས་ཀྱི་ན་བུན་འཐིབས་སེ་འཐིབ། །གདམས་ངག་གི་སྦྲང་ཆར་སི་ལི་ལི། །ཉམས་མྱོང་གི་མགུར་མ་འུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །ཞབས་ཀྱི་བྲོ་བརྡུང་ཁྲིགས་སེ་ཁྲིག །ཕཊ་ཀྱི་བརྡའ་སྐད་སང་སེ་སང་། །ཞེས་ཚིག་རྐང་དྲུག་པོ་འདི་ཕྱོགས་བཞི་དབུས་དང་ལྔ་ལ་སྦྱར། མ་དགོངས་པ་ལྷོ་རུ་བསྐྱོད་ཙམ་ན། །ཡོན་ཏན་རྫོགས་པའི་ཉམས་དང་ལྡན། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་མདོག་སེར་མོ་གཟི་མདངས་ཅན། །མ་བྱིན་རླབས་སོགས་འགྲེ། མ་དགོངས་པ་ནུབ་ཏུ་བསྐྱེད་ཙམ་ན། །དོན་གདོད་ནས་དག་པའི་ཉམས་དང་ལྡན། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་མདོག་དམར་མོ་གཟི་མདངས་ཅན། །མ་བྱིན་རླབས་ཀྱི་སོགས་འགྲེ། མ་དགོངས་པ་བྱང་དུ་བསྐྱོད་ཙམ་ན། །དོན་ཕྲིན་ལས་གྲུབ་པའི་ཉམས་དང་ལྡན། །ལས་ཀྱི་མཁའ་འགྲོ་འབུམ་གྱི་བསྐོར། །སྐུ་མདོག་ལྗང་མོ་གཟི་མདངས་ཅན། །མ་བྱིན་རླབས་ཀྱི་སོགས། མ་དགོངས་པ་དབུས་སུ་བསྐྱེད་ཙམ་ན། །དོན་སྐྱེ་འགག་མེད་པའི་ཉམས་དང་ལྡན། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་མདོག་དཀར་མོ་གཟི་དམངས་ཅན། །མ་བྱིན་རླབས་ཀྱི་སོགས། མ་གཉན་ས་རི་ཁྲོད་འགྲིམ་ཙ་ན། །གནད་ཀྱི་གདམས་པ་ཤ་ར་ར། །བདུད་ཀྱི་གཅོད་ཐབས་སི་ལི་ལི། །མཁའ་འགྲོ་མང་པོ་དཔུངས་སེ་དཔུང་། །མ་བདག་དང་༴ མན་ཆད་སྔར་དང་འདྲ། མ་གཡའ་རི་གངས་རི་འགྲིམ་ཙ་ན། །ལྟ་བའི་འབྲུག་སྒྲ་དི་རི་རི། །སྒོམ་པའི་གློག་དམར་ཁྱུགས་སེ་ཁྱུག །སྤྱོད་པའི་ཐོག་མདའ་ཤ་ར་ར། །འབྲས་བུའི་ཆར་རྒྱུན་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །མི་རྐང་གི་གླིང་བུ་ཀྱུ་རུ་རུ། །བྷནྡྷ་ཅང་ཏེལ་ཁྲ་ལ་ལ། །དྲིལ་བུ་གཡེར་ཀ་སི་ལི་ལི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །སྟེང་དེར་ལྷ་ཚོགས་ཐིབས་སེ་ཐིབ། །འོག་དེར་གདོན་ཚོགས་མྱ་ལ་ལ། །བར་དེར་དྷ་ཀི་ཤིགས་སེ་ཤིག །མ་བདག་དང་སོགས། ཕྱི་གཉིས་འཛིན་གྱི་ལྟ་བ་ཕྱ་ལ་ལ། །ནང་གཉིས་མེད་ཀྱི་རྟོགས་པ་ཁྲ་ལ་ལ། །བར་གཟུང་འཛིན་གྱི་རྒྱ་མདུད་ཤིགས་སེ་ཤིག །ཐུགས་འོད་གསལ་ཆོས་སྐུ་ཡ་ལ་ལ། །དོན་བདེ་སྟོང་རྒྱུད་ལ་སི་ལི་ལི། །ཕཊ་ཀྱི་བརྡའ་སྐད་སངས་སེ་སང་། །མ་བདག་དང་༴ མན་ཆད་སྔར་འདྲ། མ་ལ་ལས་ཆོས་ཀྱི་གྷཎྜི་བརྡུང་། །མ་ལ་ལས་ཆོས་ཀྱི་བགྲོ་གླེང་བྱེད། །མ་ལ་ལས་སྐྱེ་མེད་ངང་དུ་བཞུགས། །མ་ལ་ལས་སྒྲུབ་བརྒྱུད་སྤྱོད་པ་མཛད། །མ་ལ་ལས་བརྟུལ་ཞུགས་སྤྱོད་པ་མཛད། །མ་ལ་ལས་འདོད་ཡོན་གྱི་མཆོད་པ་འབུལ། །མ་ལ་ལས་ཚོགས་ཀྱི་འཁོར་ལོ་བསྐོར། །མ་ལ་ལས་མི་རྐང་གི་གླིང་བུ་འབུད། །མ་ལ་ལས་ཌཱ་རུ་ཅང་ཏེལ་དཀྲོལ། །མ་ལ་ལས་ཤ་ཆེན་དུད་པ་གཏོང་། །མ་ལ་ལས་ཚིལ་ཆེན་གྱི་སྒྲོན་མེ་སྦར། །དགོངས་བསྐྱོད་མ་འདི་གལ་ཆེ་ན་མིན་པ་མི་བསྐུལ། གཅོད་དབང་མི་ཐོབ་པའི་སར་མི་བྱ། བྱས་ན་མཁའ་འགྲོའི་ཆད་པ་འབྱུང་བར་གསུངས། མ་བདག་དང་མཁའ་མཉམས་སེམས་ཅན་རྣམས། །གཟུགས་ཀྱི་མཆོད་པ་ཁྱད་པར་འཕགས། །ཞེས་པ་ནས། ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཅེས་པ་ཡན་ཆད་བརྗོད། བསྒྲལ་མཆོད་མི་བྱེད་ན། གཟུགས་ཀྱི་མཆོད་པ་ཁྱད་པར་འཕགས། །ཞེས་པ་མན་ཆད་གཞུང་བསྲང་ངོ་། །བསྒྲལ་མཆོད་འབུལ་བ་ནི། ཟན་ནམ། ཤའམ། གྲོ་ཤོག་ལ་གཟུགས་བྱས་པའི་སྙིང་ཁར་ཏྲི་བྲིས། རང་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཁོ་གར་གནས་པ་རང་དབང་མེད་པར་བཀུག་པར་བསམ་ཞིང་། འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅས་ལ་རིག་པ་ངར་བསྐྱེད་ལ་འདི་སྐད་དོ། །ན་མོ་རྗེ་བཙུན་དམ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་། ཕ་བརྒྱུད་དཔའ་བོ་མ་བརྒྱུད་དཔའ་མོ། སྲས་བརྒྱུད་ཉམས་མྱོང་གི་ལྷ་ཚོགས་སྟེ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས༴ བཀའ་སྡོད་དམ་པ་ཆོས་སྐྱོང་བའི་སྲུང་མ༴ ཆོས་ཉིད་རྣམ་པར་དག་པའི་བདེན་པ་ཆེན་པོ་རྣམས་ཀྱི་བདེན་པའི་མཐུ་དང་། ཐུགས་རྗེ་རྣམ་པར་དག་པའི་བདེན་པས། བླ་མའི་སྐུ་དགྲ། སངས་རྒྱས་ཀྱི་བསྟན་དགྲ། དམ་ཚིག་ཅན་གྱི་སྡང་དགྲ། ཆོས་མཛད་སྒྲུབ་པ་པོ་རྣམས་ཀྱི་སྒྲུབ་པ་དང་བསོད་ནམས་ལ་བར་དུ་གཅོད་པར་བྱེད་པ། སེམས་ཅན་ཡོངས་ལ་གནོད་འཚེ་བྱེད་པ་རྣམས་དང་། ཁྱད་པར་དུ་ཆེ་གེ་མོའི་ཁྱིམ་སྒོ་ལམ་སྲང་དུ་མི་ནོར་ཟས་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པ་བར་དུ་བཅད་པ་གང་ཡིན་པ་དེ་དག་ཐམས་ཅད། ཁམས་གསུམ་རིགས་དྲུག་སྐྱེ་གནས་བཞི་གར་གནས་ཀྱང་སྐད་ཅིག་ལ་གཟུགས་ལིངྒ་འདི་ལ་མཆིས་པར་གྱུར་ཅིག །དེ་དག་གི་བདེན་པས་བཀུག་ལ་གཟུགས་ལ་ཐིམ་པར་བསམ་ཞིང་། བཛྲ་ཌཱཀྐི་ནི་ཧཱུྃ་ཛཿ མཁའ་འགྲོ་བཞི་ཕྱིར་ཚོགས་པས་ཕྱོགས་བཅུར་སྤྲོས་ནས་བཀུག་པར་བསམ་ཞིང་། ཧཱུྃ་ཡུམ་ཆེན་ཐུགས་ཀྱི་སྤྲུལ་པ་ལས། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུའི། །ཕྱོགས་རྣམས་ཀུན་ནས་དགྲ་དང་བགེགས་བཀུག་མ། །སྣ་ཚོགས་རིགས་ཀྱི་མཁའ་འགྲོ་འབུམ། །སྐུ་མདོག་སྣ་ཚོགས་གཟི་མདངས་ཅན། །མཁའ་འགྲོ་མང་པོ་ཕོ་ཉར་འགྱེད། །མཁའ་འགྲོ་མང་པོ་བྲན་དུ་བཀོལ། །མཁའ་འགྲོ་མང་པོ་ས་ལྟར་གཡོ། །མཁའ་འགྲོ་མང་པོ་ཆུ་ལྟར་འཁྱིལ། །མཁའ་འགྲོ་མང་པོ་མེ་ལྟར་འབར། །མཁའ་འགྲོ་མང་པོ་རླུང་ལྟར་འཚུབས། །གཡས་པས་མཚོན་ཆ་སྣ་ཚོགས་བསྣམས། །གཡོན་པ་བྷནྡྷ་ཁྲག་བཀང་གསོལ། །དགྲ་བགེགས་སྙིང་ནས་དྲངས་ཤིང་ཁུག །རིངས་པར་ཁུག་ལ་མྱུར་དུ་སྒྲོལ། །དམ་ཉམས་ལས་ངན་སྡིག་ཅན་འདི། །བྱང་བུ་དཀར་ལ་བྲིས་པ་འདི། །ལིངྒ་དམར་ལ་བསྐྱོན་པ་འདི། །མིང་དང་རུས་ནས་སྨོས་པ་འདི། །ནམ་མཁའི་དབྱིངས་ན་གནས་ཀྱང་རུང་། །ནམ་མཁའི་དབྱིངས་ནས་ཁུག་ལ་ཤོག །རྒྱལ་མཚོའི་གཏིང་ནས་གནས་ཀྱང་རུང་། །རྒྱལ་མཚོའི་གཏིང་ནས་ཁུག་ལ་ཤོག །གངས་རིའི་རྩེ་ན་གནས་ཀྱང་རུང་། །གངས་རིའི་རྩེ་ནས་ཁུག་ལ་ཤོག །ཆུ་བོའི་གཞུང་ན་གནས་ཀྱང་རུང་། །ཆུ་བོའི་གཞུང་ནས་ཁུག་ལ་ཤོག །བྲག་དམར་ལོགས་ལ་གནས་གྱུར་ཀྱང་། །བྲག་དམར་ལོགས་ནས་ཁུག་ལ་ཤོག །རྩི་ཤིང་ནགས་ཚལ་གསེབ་ནས་ཁུག་ལ་ཤོག །ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་འཕུལ། །འཇིག་བྱེད་ལྕགས་ཀྱུས་སྙིང་ནས་དྲོངས། །གནམ་གྱི་འཇུ་ཐག་ཆོད་ལ་ཞོག །ས་ཡི་རྟེན་ཕུར་ཕུད་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཕོབ། །བྱང་བུ་འདི་ལ་མྱུར་དུ་སྐྱོན། །རིངས་པར་ཁུག་ལ་མྱུར་དུ་སྒྲོལ། །རྟགས་དང་མཚན་མ་ད་ལྟ་སྟོན། །ཅེས་སྒོ་མ་བཞིའི་སྔགས་བརྗོད་ཅིང་། དགུག་གཞུགས་བྱེད་ཅིང་དབང་དུ་བྱ། རྒྱས་པར་སྤྲོ་ན་ཡུམ་ཆེན་ལ་མཁའ་འགྲོ་སོ་སོ་གྲངས་མེད་པར་སྤྲོས་ནས། དེ་དག་བཀུག་པར་བསམ་ཞིང་། ཧཱུྃ། ཡུམ་ཆེན་ཐུགས་ཀྱི་སྤྲུལ་པ་ལས། །ཞེས་པས་ཕྱོགས་བཞི་ཀུན་ལ་སྦྱར། ཤར་གྱི་ཕྱོགས་ནས་དགྲ་དང་བགེགས་བཀུག་མ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ་གཟི་བརྗིད་འབར། །གཡས་པས་ལྕགས་ཀྱི་གྲི་གུག་བསྣམས། །གཡོན་པས་བྷནྡྷ་བདུད་བཞི་ཁྲག་བཀང་བསྣམས་སོགས། ལྷོ་ཡི་ཕྱོགས་ནས་དགྲ་དང་བགེགས་བཀུག་མ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་གཟི་བརྗིད་འབར། །གཡས་པས་གསེར་གྱི་གྲི་གུག་བསྣམས། །གཡོན་པས་བྷནྡྷ་བདུད་བཞིའི་ཁྲག་བཀང་བསྣམས། །ནུབ་ཀྱི་ཕྱོགས་ནས་དགྲ་དང་བགེགས་བཀུག་མ། །པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་གཟི་བརྗིད་འབར། །གཡས་པས་ཟངས་ཀྱི་གྲི་གུག་བསྣམས། །གཡོན་པས་བྷནྡྷ་བདུད་བཞིའི་ཁྲག་བཀང་བསྣམས། །བྱང་གི་ཕྱོགས་ནས་དགྲ་དང་བགེགས་བཀུག་མ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་དམོག་ལྗང་མོ་གཟི་བརྗིད་འབར། །གཡས་པས་རལ་གྲི་འབར་བ་བསྣམས། །གཡོན་པས་བྷནྡྷ་བདུད་བཞིའི་ཁྲག་བཀང་བསྣམས། །ཞེས་སྦྱར། ཁོ་ལྷ་དང་དབྱེ་བ་ནི། ཧཱུྃ་ང་ཡིས་མ་ཉེས་ཁོ་ཡིས་ཉེས། །ང་ནི་མ་ཉེས་མ་གཡོའོ། །དཀོན་མཆོག་གསུམ་གྱིས་གཟུ་དཔང་མཛོད། །དམ་ཉམས་ལས་ངན་སྡིག་ཅན་འདི། །བླ་མ་རྣམས་ཀྱི་སྐུ་ལ་བསྡོས། །བླ་མ་རྣམས་དང་ཕྱེས་ལ་ཤོག །དཀོན་འདི་ཡིས་བསྡོས། །དཀོན་མཆོག་དང་ཕྱེས་ལ་ཤོག །ཡི་དམ་ལྷ་ལ་འདི་ཡིས་བསྡོས། །ཡི་དམ་ལྷ་དང་ཕྱེས་ལ་ཤོག །ཆོས་སྐྱོང་སྲུང་མ་རྣམས་ལ་འདི༴ ཆོས་སྐྱོང་སྲུང་མ་རྣམས་དང་ཕྱེས༴ འགོ་བའི་ལྷ་ལ་འདི་ཡིས༴ འགོ་བའི་ལྷ་དང་ཕྱེས༴ སྐྱོབ་པའི་ལྷ་ལ་འདི༴ སྐྱོབ་པའི་ལྷ་དང་༴ ཕ་མེས་བརྒྱུད་ཀྱི་ལྷ་ལ༴ ཕ་མེས་བརྒྱུད་ཀྱི་ལྷ་དང་༴ ལེའུའི་ལྷ་ལ་འདི༴ ལེའུའི་ལྷ་དང་ཕྱེས༴ མ་ལྷ་ཞང་ལྷ་རྣམས་ལ་འདི༴ མ་ལྷ་ཞང་ལྷ་རྣམས་དང་ཕྲོལ། །ཡུམ་ལྷ་བཞི་བདག་རྣམས་ལ་འདི་ཡིས་བསྡོས། །ཡུལ་ལྷ་གཞི་བདག་རྣམས་དང་ཕྱེས་ལ་ཤོག །ཅེས་བརྗོད་ཅིང་འགོ་བའི་ལྷ་དང་སྐྱོབ་པའི་ལྷ་དང་འཕྲལ། ཕུར་པ་བསྐྱེད་ཆོག་ནི། ནང་མཆོད་གཏོར་ཞིང་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ། ཨ་ཡིག་སྔོན་མོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། སྐུ་སྟོད་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་བཞི་བརྩིགས་པ། སྤྱི་བོ་ན་ཕག་ཞལ་ནག་པོ་ཐོན་པ། ཁམས་གསུམ་དབང་དུ་སྡུད་པ། སྲིད་གསུམ་ཟིལ་གྱིས་གནོན་པ། ནུས་པའི་ངུར་སྒྲ་དྲག་པོ་སྒྲོགས་པ། གཡས་པས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག་ནམ་མཁར་འཕྱར་བ། གཡོན་པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། རྣོ་བའི་ངར་དང་ལྡན་པ། དགྲ་བགེགས་བསྒྲལ་བའི་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པ། དེ་ཡི་དཔྲལ་བར་ༀ་ལ་སོགས་གནས་གསུམ་བྱིན་གྱིས་རློབས། ཕུར་པ་བསྐྱེད་མཆོག་འདི་མདུན་བསྐྱེད་ཀྱི་སྐབས་སུ་བྱ་སྟེ། དེ་ཡང་དང་པོ་མདུན་བསྐྱེད་ཀྱི་དམ་ཚིག་པ་བསྐྱེད། དེ་ནས་ཕུར་པའི་དམ་ཚིག་པ་བསྐྱེད། དེ་ནས་སྤྱན་འདྲེན་མཆོད་བསྟོད་ལ་སོགས་དུས་གཅིག་ཐུན་མོང་དུ་བྱའོ། །དེ་ནས་བསྒྲལ་བ་ནི། གོང་དུ་བསྐྱེད་པའི་ཕུར་པའམ། མཚོན་རྣོན་པོ་ཐོགས་ལ། འདེབས་པའི་ཚུལ་བྱ་ཞིང་། དམ་ཉམས་ལས་ངན་སྡིག་ཅན་འདི། །དབང་པོ་རྣམ་ལྔ་མགོ་ལ་ཚང་། །ཀླད་པའི་དཀྱིལ་དུ་ཀཱི་ལ་ཡ། །དམ་ཉམས་ལས་ངན༴ འགྲེལ་སོ། ལྟ་བར་བྱེད་པ་མིག་ཡིན་ཏེ། །མིག་གི་གཡས་གཡོན་ཀཱ་ལ་ཡ། །དམ་ཉམས༴ ཉན་པར་བྱེད་པ་རྣ་བ་ཡིན། །རྣ་བ་གཡས་གཡོན་ཀཱི་ལ་ཡ། །དམ་ཉམས༴ སྣོམ་པར་བྱེད་པ་སྣ་ཡིན་ཏེ། །སྣ་ཡི་དཀྱིལ་དུ༴ དམ་ཉམས༴ མྱོང་བར་བྱེད་པ་ལྕེ་ཡིན་ཏེ། །ལྕེ་ཡི་དཀྱིལ་དུ༴ དམ་ཉམས༴ སྙབ་པར་བྱེད་པ་ལག་པ་ཡིན། །སོག་པ་གཡས་གཡོན༴ དམ་ཉམས༴ འགྲོ་བ་བྱེད་པ་རྐང་པ་ཡིན། །བརླ་རྩ་གཡས་གཡོན༴ དམ་ཉམས༴ འཁོར་བར་བྱེད་པ་གསང་གནས་ཏེ། །གསང་བའི་གནས་སུ༴ དམ་ཉམས༴ སྐྱེད་པར་བྱེད་པ་ལྟེ་བ་ཡིན། །ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ། །དམ་ཉམས༴ བསམ་པར་བྱེད་པ་སྙིང་ཡིན་ཏེ། །ཙིཏྟའི་དཀྱིལ་དུ་ཀཱི་ལ་ཡ། །ༀ་བཛྲ་ཀི་ལི་ཀཱི་ལ་ཡ་སརྦ་བིག྄་ནན་བྃ་ཧཱུྃ་ཕཊ། ༀ་བཛྲ་དྷ་ཀྐི་ནི་ཧཱུྃ། ཞེས་བརྗོད་ནས་སྙིང་དཀར་ནག་མཚམས་སུ་བརྒྱབ་པས། བེམ་རིག་འཕྲལ་ནས་རྣམ་པར་ཤེས་པ་སྤར། ལིང་རོ་དེ་ལ་ༀ་ཨཱཿཧཱུྃ་གི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས། དམིགས་པས་ཚོགས་དང་དབྱེར་མེད་དུ་གྱུར་པར་དམིགས་ལ། ཚོགས་ཟན་དང་ཆོས་སྐྱོང་གཏོར་མ་རྣམས་ནད་པའི་སྟེང་དུ་བཞག་ནས། རྣལ་འབྱོར་ཕོ་མོ་རྣམས་ཀྱིས་བཏེག་ལ་དམིགས་པ་གསལ་པོས་བསྟབ་པ་བྱེད་དེ། ཧཱུྃ་བླ་མ་ཡི་དམ་མཁའ་འགྲོ་གསུམ། །རང་རང་གནས་ནས་སྐུ་ཡར་བཞེངས། །ནམ་མཁའ་ཙམ་གྱི་ཞལ་ཚུར་ཕྱེས། །གློག་དམར་ཙམ་གྱི་ལྗགས་ཚུར་རྐྱོངས། །གངས་རི་ཙམ་གྱི་མཆེ་བ་གཙིགས། །ཉི་ཟླ་ཙམ་གྱི་སྤྱན་ཡར་ཕྱེས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །འདོད་ཡོན་རྣམ་པ་ལྔ་རུ་སྤྲུལ། །ཟག་མེད་བདུད་རྩིར་བྱིན་གྱིས་བརླབས། །སྟོང་གསུམ་བདུད་རྩིས་བཀང་བ་འདི། །ཞལ་དུ་བསྟབ་བོ་ཁ་རྃ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ཨ་ར་ལི། །ལྷག་མ་མེད་པར་བཞེངས་སུ་གསོལ། །ཡུམ་ཆེན་ཕ་བརྒྱུད་མ་བརྒྱུད་སྲས་བརྒྱུད་རྣམས། །དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །རང་རང་གནས་ནས་སྐུ་ཡར་བཞེངས། །འདི་མན་ཆད་འགྲོས་སོ། །དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་དང་། །ཡི་དམ་ལྷ་ཚོགས་ཡན་ཆད། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་རྣམས། །རང་རང་གནས་ནས་སྐུ་ཡར་བཞེངས། །འགྲེས་སོ། །ཆོས་སྐྱོང་མ་མགོན་ལྕམ་དྲལ་མན་ཆད་དང་། །ཞིང་སྐྱོང་ལས་མཁན་ཡན་ཆད་དུ། །བསྟན་སྲུང་གཉན་པོ་འཁོར་བཅས་རྣམས། །རང་རང་གནས༴ ཀུན་ཏུ་བཟང་པོ་མན་ཆད་དང་། །འཇག་མའི་སྲིན་བུ་ཡན་ཆད་དུ། །འཁོར་འདས་གཉིས་ལ་གནས་པ་རྣམས། །རང་རང་གནས༴ ཁྱད་པར་འདི་ན་གནས་པ་ཡི། །རི་དབང་རྒྱལ་པོ་ཐམས་ཅད་དང་། །མཚོ་སྨན་རྒྱལ་མོ་ལ་སོགས་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །རང་རང་གནས་ནས་སྐུ་ཡར་བཞེངས། །གཟུགས་ཀྱི་མཆོད་པ་ཁྱད་པར་འཕགས། །སྒྲ་ཡི་མཆོད་པ་ཡིད་འོང་ལྡན། །དྲི་ཡི་མཆོད་པས་ཚིམ་པར་མཆོད། །རོ་ཡི་མཆོད་པ་རོ་མཆོག་ལྡན། །རེག་བྱའི་མཆོད་པ་བླ་ན་མེད། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །རབ་འབྱམས་རྒྱ་མཚོ་ཡོངས་བཀང་ནས། །བླ་མ་ཡི་དམ་ལྷ་ལ་འབུལ། །བླ་མ་དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་འཁོན་ཐམས་ཅད་བྲལ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །རེ་བ་བཞིན་དུ་བསྐང་གྱུར་ཅིག །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཕྱིའི་དཔའ་བོ་རྣལ་འབྱོར་མ་རྣམས་ཚོགས་ལ་རོལ་བ་ནི། བསྒྲལ་མཆོད་ཀྱི་སྐབས་སུ་བརྗོད་པའི་ཚིག་གོང་མ་རྣམས་ཇི་ལྟ་བ་བཞིན་བརྗོད་ལ། རང་རང་གནས་ནས་མི་ཟེར་བར། འདིར་གཤེགས་ཚོགས་དང་གཏོར་མ་རོལ། །ཅེས་པའི་མཐར། ནམ་མཁའ་གང་བའི་ཚོགས་འདི་རོལ། །ཅེས་པ་ནས། ལྷག་ལ་དགྱེས་པ་ལྷག་ལ་རོལ། །ཅེས་པ་ཡན་ཆད་ཀྱི་བར་དང་། བསྟབ་པའི་ཚིག་བཅད་རྣམས། ཚིགས་ཁ་བསྒྱུར་ཅིང་བསྲེས་ནས་བརྗོད་པར་བྱའོ། །ནམ་མཁའ་གང་བའི་ཚོགས་འདི་རོལ། །བར་སྣང་གང་བའི་ཚོགས་འདི་རོལ། །ས་གཞི་གང་བའི་ཚོགས༴ སྟོང་གསུམ་གང་བའི་ཚོགས༴ ཕྱི་སྣོད་འཇིག་རྟེན་གང་བའི༴ ནང་བཅུད་འདོད་ཡོན་ཚོགས༴ སྐྱེ་བ་མེད་པའི༴ འགག་པ་མེད་པའི༴ སྐྱེ་འགག་བྲལ་བའི༴ ཆོས་ཀྱི་དབྱིངས་ཀྱི་ཚོགས༴ ལ་ལས་ཕྱི་ཡི་ཚོགས་ལ་རོལ། །ལ་ལས་ནང་གི་ཚོགས་ལ་རོལ། །ལ་ལས་གསང་བའི་ཚོགས་ལ་རོལ། །ཚོགས་ལ་དགྱེས་པས་ཚོགས་ལ་རོལ། །ཕུད་ལ་དགྱེས་པ་ཕུད་ལ་རོལ། །ལྷག་ལ་དགྱེས་པ་ལྷག་ལ་རོལ། །སྤྲོས་པ་ལ་དགའ་ན་གཟུགས་ཀྱི་མཆོད་པ་ཁྱད་པ་འཕགས། །ཞེས་སོགས་བརྗོད། ཚོགས་ཕུད་འབུལ་བ་ནི། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་བརྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བས། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨཱ་ཧོ་སུ་ཁ་ཧོ། ཞེས་བརྗོད་ལ་འབུལ། གཏོར་མའི་མགྲོན་ལ་རང་རང་གི་གཏོར་སྔགས་ཀྱིས་འབུམ་ལ་ཕྱིའི་ལྷ་རྣམས་ཚིམ་པར་བྱའོ། །ནང་གི་དཔའ་བོ་རྣལ་འབྱོར་མ་རྣམས་ཚོགས་ལ་རོལ་བ་ནི། དམ་ཚིག་དྲང་། རྣལ་འབྱོར་ཕོ་མོ་རྣམས་ར་རོ་བ་དང་། བག་མེད་པའི་སྤྱོད་པ་སྤངས་ལ། ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་ལོངས་སྤྱོད་དོ། །ནང་གི་ལྷ་ཚོགས་རྣམས་སོ་སོར་ཚིམ་པར་བྱས་ལ། ལྷག་མ་བསྡུའོ། །དེ་ནས་བདག་ཉིད་འཇུག །དབང་བསྐུར། ལྷག་མ་སྔར་མ་བཏང་ན། ལྷག་མ་ཆང་དང་ཁ་ཕྲུས་གདབ། སྭ་བྷཱ་ཝས་སྟོང་པར་སྦྱངས། བྷྲ྄྄ཱུྃ་ལས་རིན་ཆེའི་སྣོད་ཀྱི་ནང་དུ༴ ཨ་ཀ་རོས་བདུད་རྩི་འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསམས་ལ་འདི་སྐད་དོ། །ཧཱུྃ། སྲིད་གསུམ་བྷནྡྷ་འབར་བའི་གཞལ་ཡས་ནས། །ལྷག་མའི་ཕུང་པོ་གླིང་བཞི་རི་རབ་ཙམ། །འདོད་ཆགས་ཁྲག་གི་རྒྱ་མཚོ་ཀྱི་ལི་ལི། །ཞེ་སྡང་རུས་པའི་ཕུང་པོ་ཁྲ་ལ་ལ། །གཏི་མུག་ཤ་ཡི་ལྷུ་དུམ་ཉི་ལི་ལི། །བདུད་རྩི་ལྔ་ཡི་ལོངས་སྤྱོད་བསམ་མི་ཁྱབ། །འཁོར་དུ་གཏོགས་པའི་དྷ་ཀི་དམ་ཅན་དང་། །སྡོང་གྲོགས་བྱེད་པའི་ལྷ་སྲིན་སྡེ་བརྒྱད་དང་། །ཕྱི་ནང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས། །བཀའ་ཡི་ཕ་འབབ་གཏོར་མ་འདིར་བཞེས་ལ། །ཅི་ལྟར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ༀ་ཨུ་ཙིཥྛ་བྷ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ལྷག་མ་ལ་དབང་བའི་འབྱུང་པོ་ནམ་མཁའི་མཐའ་དང་མཉམས་པའི་སེམས་ཅན་ཐམས་ཅད་ཚིམ་པར་གྱུར་ཅིག །ཅེས་བསྐྱང་ངོ་། །བཤལ་ཆུ་བདུད་རྩིའི་རྒྱ་མཚོར་བསྐྱེད་ལ། ཧཱུྃ། དགུང་སྔོན་གངས་རིའི་གཡའ་རྩེ་ན། །སྤང་ལྗོངས་ནགས་དང་སྐྱེ་མོའི་ཚལ། །མཚོ་དང་ནེའུ་སེང་དག་ལ་གནས་པ་ཡི། །སྨན་མོ་བཞི་དང་བདུད་མོ་བཞི། །གནོད་སྦྱིན་ཆེན་མོ་བཞི་ལ་སོགས་པ་ཡི། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །བྲན་གཡོགས་མང་པོའི་འཁོར་དང་བཅས། །འདིར་གཤེགས་དམ་བསྐང་ཕྲིན་ལས་མཛོད། །ཅེས་ནམ་མཁའ་ལ་དོར་རོ། །དེ་ནས་སྔར་ལྟར་མཆོད་པ་བྱིན་རླབས་དང་། མདུན་བསྐྱེད་སྐད་ཅིག་གིས་གསལ་བཏབ། ཕྱི་ནང་གསང་བའི་མཆོད་པ་ལ་སྔགས་ཀྱིས་མཆོད་ནས། ཆོས་དབྱིངས་རྣམ་པར་དག་པས་བསྟོད། དངོས་གྲུབ་བླངས། འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། བཟོད་གསོལ་ནི། གང་ཡང་བདག་བློ་གཏི་མུག་པས། །ཞེས་སོགས་བརྗོད། བསྔོ་བ་སྨོན་ལམ་གདབ། རྟེན་མེད་ན། མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས། །དམ་ཚིག་པ་བདག་ལ་བསྡུ། །རྟེན་ཡོད་ན་རྟེན་བཞུགས་བྱས་པས་རབ་ཏུ་གནས་པས་རབ་གནས་མཆོག་ཏུ་འགྱུར་རོ། །དེ་ནས་བཀྲ་ཤིས་བརྗོད། གནས་གསུམ་བསྲུངས་ལ་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །རྒྱུན་དུ་ཉམས་སུ་ལེན་པར་འདོད་པས་ཚོགས་ལས་དང་འབྲེལ་ན་དེ་ལྟར་ཡིན་ལ། མ་འབྲེལ་ན་སྐྱབས་འགྲོ། སེམས་བསྐྱེད། ཡིག་བརྒྱ། བདག་བསྐྱེད། མདུན་བསྐྱེད། མཆོད་བསྟོད། བུམ་བཟླས། བདག་འཇུག །གཏོར་བསྔོ། རྗེས་ཆོག་གོ། །ཡང་ན་གཏོར་བསྔོ། བདག་འཇུག་གོ། །མ་སྣང་ཞིང་སྲིད་པའི་སྐྱེ་འགྲོ་ཀུན། །ཚོགས་གཉིས་དགའ་བདེས་ཚིམས་བྱས་ནས། །ཟག་མེད་སྐུ་བཞིའི་དཔལ་ཐོབ་ཕྱིར། །ཚོགས་ལས་བདག་འཇུག་འདི་ཙམ་དགེ། །ནོངས་གྱུར་མཁའ་འགྲོས་བཟོད་མཛོད་ཅིག །བརྩེ་བས་རྗེས་སུ་བཟུང་བ་དང་། །ཆོས་འདི་ཕྱོགས་རྣམས་མ་ལུས་པར། །དར་ཞིང་རྒྱས་པར་མཛད་དུ་གསོལ། །ཀཿཐོག་ཀུན་གཟིགས་ཕྱག་དཔེར། །འདི་ནི་འདོར་པ་ཀུན་དགའ་དཔལ་བ་ཞེས་བྱ་བས་མཛད་པ་ཡིན་འདུག །ཀཿཐོག་པའི་ཀུན་དགའ་འབུམ་པ་དང་འདི་གཉིས་གཅིག་ཡིན་པར་ངེས་མཚན་གྱི་རྣམ་གྲངས་ཙམ་མོ། །དོན་དུ་ཀཿཐོག་པའི་ཀུན་དགའ་འབུམ་པའི་གཅོད་གཞུང་གི་མཁའ་འགྲོ་སྡེ་ལྔའི་ལས་བྱང་ནི་འདི་ཀ་ཡིན་པར་འདུག་གོ། །མཁན་སྟོབས་ལྡན་ཕྱག་བྲིས་དུ་དེ་ལྟར་གསུངས།། །།


previousམཁའ་འགྲོ་སྡེ་ལྔའི་མངོན་རྟོགས།next