Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་གདབ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་གདབ་བསྡུས་པ།next

ཕུར་གདབ་བསྡུས་པ།

༅། །ཕུར་གདབ་བསྡུས་པ། ཧཱུྃ། དུས་གསུམ་བདེ་གཤེགས་ཐམས་ཅད་དང་། །ཡུམ་ཆེན་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས། །སྲས་མཆོག་རིགས་ལྔའི་ཀི་ལ་ཡ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །ཟུར་བརྒྱད་གཟི་བྱིན་དབལ་དང་ལྡན། །དམ་ཉམས་དགྲ་བོ་སྡིག་ཅན་གྱི། །ལུས་ངག་ཡིད་ལ་གདབ་བྱས་ནས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ༀ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀི་ལི་ཀཱི་ལ་ཡ་དགྲ་བགེགས་སརྦ་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊ། ཅེས་འཚིང་བ་སུམ་ལྡན་གྱི་དགོངས་གནད་དང་བཅས་བསྒྲལ་ལོ།། །།


previousཕུར་གདབ་བསྡུས་པ།next