Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེན་བརྡབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེན་བརྡབ།next

བདེན་བརྡབ།

༅། །ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ ཡི་དམ་རྒྱལ་བའི་དཀྱིལ་འཁོར༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ཁྱད་པར་དུ་མ་ཅིག་ལབ་ཀྱི་སྒྲོལ་མ་འཁོར་རིགས་བཞིའི་མཁའ་འགྲོ་མ་རྣམས་དང་། གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་ཆེན་པོའི་མཐུ་སྟོབས་ཀྱི། བདག་ཅག་དཔོན་སློབ་དགོན་སྡེ་གྲྭ་ཚང་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། ཚེ་ལེན་གྱི་བདུད། བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་བྱད་མ་དེ་ཉིད་མཐོ་རི་རབ་ཀྱི་རྩེ། དམའ་རྒྱ་མཚོའི་གཏིང་། བར་འབྱུང་བ་བཞི་རྣམས་སུ་གར་གནས་ཀྱང་ཕོ་ཉ་ལྕགས་ཀྱུ་འབར་བ་ཅན་གྱིས་སྙིང་ནས་ཟུངས། ཞགས་པ་འབར་བ་ཅན་གྱིས་མགུལ་དུ་ཆིངས། །ལྕགས་སྒྲོག་འབར་བ་ཅན་གྱི་ཡན་ལག་བསྡོམ། །དྲིལ་བུ་འབར་བ་ཅན་གྱིས་མྱོས་སུ་ཆུགས། །འཇིགས་པའི་མུན་ནག་ཆེན་པོས་སྔོན་ནས་བསུས། །ལས་ཀྱི་རླུང་དམར་ཆེན་པོས་རྒྱབ་ནས་ཕུལ། །སྐད་ཅིག་རང་དབང་མེད་པར་དམིགས་པའི་རྟེན་འདི་ལ་མྱུར་དུ་ཁུག་ཅིག །བཛྲ་ཨ་ཀར་ཤ་ཡ་ཧཱུྃ་ཛཿ ཅེས་ལན་གསུམ། གཡོན་ལྕགས་ཀྱུའི་ཕྱག་རྒྱ་དང་། གཡས་རྡོ་རྗེ་གསོར་ཞིང་། སྤྲོ་རིགས་བཞི་སོ་སོར་ཕྲལ་བ་དང་། བསྡུ་ན། ཧཱུྃ་ཧཱུྃ། ཡུམ་ཆེན་སྐུ་གསུང་ཐུགས་ལས་སྤྲུལ་པ་ལ། །རིགས་བཞི་མཁའ་འགྲོ་གིང་དང་བཅས། །ཡང་སྤྲུལ་ཕོ་ཉ་བསམ་མི་ཁྱབ། །སྐུ་མདོག་སྣ་ཚོགས་ཅིར་ཡང་སྟོན། །གཡས་ཀྱི་ཕྱག་ན་ཕུར་པ་བསྣམས། །གཡོན་གྱི་ཕྱག་ན་ལྕགས་ཀྱུ་དང་། །ཞགས་པ་ལྕགས་སྒྲོགས་དྲིལ་བུ་བསྣམས། །མྱུར་མགྱོགས་རླུང་གིས་རྟ་ལ་ཞོན། །དམ་ཉམས་དགྲ་བགེགས་སྡིག་ཅན་རྣམས། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀྱིས། །ས་སྟེང་ས་འོག་ས་བླ་ཀུན། །འབྱུང་བ་བཞི་ཡི་གནས་རྣམས་ནས། །རང་དབང་མེད་པར་འདིར་ཁུག་ཅིག །བསྲུང་ཞིང་སྐྱོབ་པའི་ལྷ་དང་ཕྲོལ། །གཟུགས་བྱང་འདི་ལ་བསྟིམ་པར་གྱིས། །ༀ་བཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་ནི་གནོད་བྱེད་འབྱུང་པོ་དགྲ་བགེགས་སརྦ་ཤ་ཏྲུཾ་བཛྲ་ཨངྐུ་ཤ་ཛ་ཛ། རཏྣ་པ་ཤ་ཧཱུྃ། པདྨ་སྥོ་ཊ་བཾ། ཀརྨ་གྷནྜེ་ཧོ། ནྲྀ་ཡང་ཛ་ཛཿ ཏྲི་ཡང་ཛ་ཛ། ཅེས་གཟུགས་ལ་དགུག་ཤིང་བསྟིམ། སླར་ཡང་སངས་རྒྱས་མཁའ་འགྲོའི་གཟུགས་ལ་དབབ་པ་ནི། བྷྱོ། སངས་རྒྱས་མཁའ་འགྲོའི་དུས་ལ་བབ། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་ཀུན། །རྣམ་ཤེས་གཟུགས་ལ་མྱུར་དུ་ཕོབ། །ཨ་མུ་ཀ་ཨ་ཝེ་ཤ་ཡ་ཧཱུྃ་ཕཊཿ རྡོ་རྗེ་མཁའ་འགྲོའི་ལྷ་དང་དབྱེ་བ་ནི། བྷྱོ། རྡོ་རྗེ་མཁའ་འགྲོའི་དུས་ལ་བབས། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །འགོ་བའི་ལྷ་དང་ཕྲལ་བར་གྱིས། །ནྲྀ་ཏྲི་རུ་ཏྲ་པྲ་ཝེ་ཤ་ཡ་ཕཊཿ རིན་ཆེན་མཁའ་འགྲོའི་བྱད་དུ་བཅུག་པ་ནི། བྷྱོ། རིན་ཆེན་མཁའ་འགྲོའི་དུས་ལ་བབས། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིང་། །ཨ་མུ་ཀ་ཤ་ཏྲུཾ་ཨ་པ་ན་ཡ་ཧཱུྃ་ཕཊཿ པདྨ་མཁའ་འགྲོའི་མྱོས་སུ་བཅུག་པ་ནི། བྷྱོ། པདྨ་མཁའ་འགྲོའི་དུས་ལ་བབས། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་ཀུན། །ལུས་ངག་ཡིད་གསུམ་མྱོས་པར་གྱིས། །ཨ་མུ་ཀ་ཛྭ་ལ་པ་ཡ་ཧཱུྃ་ཕཊཿ དེ་ནས་ཁྲོས་མ་ནག་མོས་གདབ་ཅིང་བསྒྲལ་བ་ནི། ཕུར་བུ་ལག་ཏུ་ཐོག་ལ། སྟོང་པའི་ངང་ལས་རང་ཉིད་ཁྲོས་མ་ནག་མོར་གསལ་བའི་ལག་པ་གཡས་གཡོན་གྱི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་བཅུར་སྦྱོར་བ་མཛད་པའི་བྱང་སེམས་ཧཱུྃ་ཡིག་མཐིང་ནག་འབར་བ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་ཁྲོས་མ་ནག་མོ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མེ་ནས་བྱུང་བ་ལྟར་དམར་ཟིང་ངེར་བ། དགྲ་བགེགས་གནོད་བྱེད་ཀྱི་སྙིང་ལ་གཟིར་བར་བསམ། ཕུར་བུ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་མཆོད་པ་ཕུལ། དེ་རྣམས་འོད་དུ་ཞུ་ནས་ཕུར་བུ་ལ་ཐིམ་པས་བསྒྲིལ་བ་ཙམ་གྱིས་ཁམས་གསུམ་སྒྲོལ་ནུས་པའི་དབང་དང་བྱིན་རླབས་ཐོབ་པར་བསམ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་མཾ། ༀ་ཡེ་དྷརྨ་སོགས་བརྗོད་ལ་རབ་གནས་བྱ། དེ་ནས་ཕུར་བུ་བསྒྲིལ་ཞིང་། ཧཱུྃཿ དུས་གསུམ་བདེ་གཤེགས་ཐམས་ཅད་དང་། །ཡུམ་ཆེན་སྐུ་ཡི་སྤྲུལ་པ་ལ་སྲས་མཆོག་བུདྡྷ་ཀི་ལ་ཡ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །ཟུར་བརྒྱད་གཟི་བྱིན་དབལ་དང་ལྡན། །དམ་ཉམས་དགྲ་བགེགས་སྡིག་ཅན་གྱིས། །སྤྱི་བོའི་དཀྱིལ་དུ་གདབ་བྱས་པས། །ལུས་ཀྱི་རྟེན་དང་ཕྲལ་བར་མཛོད། །ༀ་བུདྡྷ་ཀི་ལི་ཀཱི་ལ་ཡ་དགྲ་བགེགས་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊཿ ཧཱུྃ། དུས་གསུམ་བདེ་གཤེགས་ཐམས་ཅད་དང་། །ཡུམ་ཆེན་གསུང་གི་སྤྲུལ་པ་ལ། །སྲས་མཆོག་པདྨ༴ མགོ་བོ་རྒྱ་མདུད༴ ཟུར་བརྒྱད་གཟི་བྱིན༴ དམ་ཉམས་དགྲ༴ ལྕེ་ཡི་དཀྱིལ་དུ་གདབ༴ ངག་གི་རྟེན་དང་ཕྲལ་བར༴ ༀ་པདྨ་ཀི་ལི་ཀཱི་ལ་ཡ་དགྲ་བགེགས་ཤ་ཏྲུཾ༴ ཧཱུྃ། དུས་གསུམ༴ ཡུམ་ཆེན་ཐུགས་ཀྱི༴ སྲས་མཆོག་བཛྲ་ཀི༴ མགོ་བོ་རྒྱ་མདུད་རྩེ༴ ཟུར་བརྒྱད་གཟི་བྱིན༴ ཙིཏྟའི་དཀྱིལ་དུ་གདབ་བྱས་པས། །རྣམ་ཤེས་རྟེན་དང་ཕྲལ་བར་མཛོད། །ༀ་བཛྲ་ཀི་ལི་ཀཱི་ལ་ཡ་དགྲ་བགེགས་ཤ་ཏྲུཾ་མ༴ ཧཱུྃ། དུས་གསུམ་བདེ་གཤེགས༴ ཡུམ་ཆེན་ཡོན་ཏན་སྤྲུལ་པ་ལ། །སྲས་མཆོག་རཏྣ་ཀི་ལ་ཡ། །མགོ་བོ་རྒྱ་མདུད་རྩེ༴ ཟུར་བརྒྱད་གཟི་བྱིན༴ དམ་ཉམས་དགྲ༴ ལྟེ་བའི་དཀྱིལ་དུ་གདབ༴ ལུས་ཀྱི་རྟེན་དང་ཕྲལ་བར་མཛོད། །ༀ་རཏྣ་ཀི་ལི་ཀཱི་ལ་ཡ་དགྲ་བགེགས་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊཿ ཧཱུྃ། དུས་གསུམ་བདེ༴ ཡུམ་ཆེན་ཕྲིན་ལས་སྤྲུལ༴ སྲས་མཆོག་ཀརྨ་ཀི་ལ་ཡ། །མགོ་བོ་རྒྱ་མདུད་རྩེ་ཟུར༴ ཟུར་བརྒྱད་གཟི་བྱིན་དབལ་དང་ལྡན། །གསང་བའི་དཀྱིལ་དུ་གདབ་བྱས་པས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ༀ་ཀརྨ་ཀི་ལི་ཀཱི་ལ་ཡ་དགྲ་བགེགས་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊ། ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པའི་ཕུར་བུ་གདབ་བསྒྲལ། དེ་ནས་ལས་ཀྱི་མཁའ་འགྲོས་གཏུན་དུ་བརྡུང་བ་ནི། ལིང་ག་ཧོམ་ཁུང་དུ་རྡོ་རྗེ་ཐོ་བས་བརྡུང་ལ། ཧཱུྃ་བྷྱོ། ལས་ཀྱི་མཁའ་འགྲོའི་དུས་ལ་བབས། །དངོས་གྲུབ་འཕྲོག་པར་བྱེད་པ་ཡི། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཨ་མུ་ཀ་ཏ་ཐ་ཡ་ཧཱུྃ་ཕཊཿ དེ་ནས་ལིང་རོ་ཞིང་ལྤགས་གམ་སྣོད་དུ་བཅུག་ལ་མཁའ་འགྲོའི་གཏོར་མར་བསྟབས། སྦྱིན་སྲེག་བྱ་ཚེ་མེ་ནང་འབུལ་ལོ། །གང་ལྟར་བསྟབས་པ་ནི། ཧཱུྃ། རྡོ་རྗེ་འཆང་ཆེན་མན་ཆད་ནས། །རྩ་བའི་བླ་མ་ཡན་ཆད་ཀྱིས། །ཁྱེད་གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས། །གནམ་ས་ཙམ་གྱི་ཞལ་གདངས་ལ། །རི་རབ་ཙམ་གྱིས་མཆེ་བ་གཙིགས། །བར་སྣང་ཙམ་གྱིས་ལྗགས་བརྐྱང་ལ། །སྟོང་གསུམ་ཙམ་གྱི་དམིགས་པ་རུ། །དམ་ཉམས་ལས་ངན་སྡིག་ཅན་གྱི། །དུག་ལྔ་བསྒྲལ་བའི་ཕུང་པོ་དང་། །ཤ་ཁྲག་རུས་པའི་ཚོགས་རྣམས་དང་། །དབང་པོ་ནང་རོལ་བཅས་པ་ཀུན། །ཞལ་དུ་བསྟབས་སོ་ཁ་རཾ་ཁཱ་ཧི། །མགུར་དུ་སྒྲིམ་མོ་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མ་ཡ། །ཚོགས་སུ་འབུལ་ལོ་དགྱེས་པར་རོལ། །བཞེས་ཤིག་ལྷག་མ་མེད་པར་མཛོད། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་མན་ཆད་དང་། །ཡི་དམ་ལྷ་ཚོགས་ཡན་ཆད་ལ། །ཁྱེད་སྡེ་སྣོད་རྒྱུད་སྡེའི་ལྷ་ཚོགས་རྣམས། །གནམ་ས་ཙམ་སོགས། མ་མགོན་ལྕམ་དྲལ་མན་ཆད་དང་། །གིང་ཆེན་གིང་ཆུང་ཡན་ཆད་ཀྱིས། །ཁྱེད་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས། །གནམ་ས་ཙམ་སོགས། ཚངས་པ་བརྒྱ་བྱིན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱིས། །ཁྱེད་ཕྱི་རིམ་དཔལ་མགོན་སྲུང་མ་རྣམས། །གནས་ས་སོགས། བེ་ཧར་རྒྱལ་པོ་མན་ཆད་དང་། །གྲོང་རྒྱུག་འདྲེ་མོ་ཡན་ཆད་ཀྱིས། །ཁྱེད་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཀྱིས། །གནམ་ས་ཙམ་སོགས། བྱི་ན་ཡ་ག་མན་ཆད་དང་། །ཐེའུ་རང་སྤུན་དགུ་ཡན་ཆད་ཀྱིས། །ཁྱེད་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས། །གནམ་ས་སོགས། རི་དབང་རྒྱལ་པོ་མན་ཆད་དང་། །གཉན་ས་འདིར་གནས་ཡན་ཆད་ཀྱི། །ཁྱེད་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །གནམ་ས་སོགས། ལྷག་མ་མེད་པར་མཛོད། །དེ་ནས་གཏོར་གཞོང་མ་ལྟར་གསལ། དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་རོལ། རྗེས་ལྷག་མ་བྱའོ། །ནད་པ་གལ་ཆེ་མ་སློང་པ་དང་། རང་བཞིན་བློ་བུར་ནད་དང་། སྨྱོ་འབོག་ལ་སོགས་བྱུང་ན་ཞིང་ལྤགས་གམ་ཕྱར་བ་རུ་ཚོགས་ཀྱི་ཞལ་ཟས་དང་ནད་པ་བཅུག་ལ་གོ་འབྱེད་ལ་སོགས་བྱས་ལ། འདིའི་སྐབས་སུ་རྣལ་འབྱོར་པ་རྣམས་ཀྱིས་བཟུང་སྟེ། གོང་བཞིན་བསྟབ་པ་བྱས། རྗེས་སུ་ཡང་དམག་འགྱེད་ཀྱི་ཚིག་བཤད། གནས་སོར་མདོ་ཀྱིས་མཐའ་གཏད་རྣམས་བྱའོ། །དེ་མན་ཆད་གར་ཐོད་ཐོད་དུ་མི་བྱ་བ་གནད་ཡིན་ནོ། །འདི་པཎྜི་ཏ་ཆིག་དོན་ཡོད་རྡོ་རྗེས་མཛད་པའི་གཞུང་དང་། སངས་རྒྱས་གཉེན་སྟོན་གྱིས་མཛད་པའི་ཚོགས་བསྒྲལ་མཆོད་གཞུང་ལ་བརྟེན་ནས། ཅུང་ཞིག་གསལ་བར་ངག་འདོན་རྒྱུན་ཆགས་སུ་བྱ་བྲལ་ཀུན་དགའ་འབུམ་གྱིས་བྲིས་པ་དགེ་ལེགས་འཕེལ།། །།མངྒ་ལམ་བྷ་ཝནྟུ།


previousབདེན་བརྡབ།next