Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྟབ་པའི་འགྲེས་བྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྟབ་པའི་འགྲེས་བྱང་།next

བསྟབ་པའི་འགྲེས་བྱང་།

༅། །བསྟབ་པའི་འགྲེས་བྱང་། གནམ་ས་ཙམ་གྱི་ཞལ་གདངས་ལ། །རི་རབ་ཙམ་གྱིས་མཆེ་བ་གཙིག །བར་སྣང་ཙམ་གྱི་ལྗགས་བརྐྱང་ལ། །སྟོང་གསུམ་ཙམ་གྱི་དམིགས་པ་རུ། །དམ་ཉམས་ལས་ངན་སྡིག་ཅན་གྱིས། །དུག་ལྔ་བསྒྲལ་བའི་ཕུང་པོ་དང་། །ཤ་ཁྲག་རུས་པའི་ཚོགས་རྣམས་དང་། །དབང་པོ་ནང་རོལ་བཅས་པ་ཀུན། །ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི། །མགུར་དུ་སྒྲིམ་མོ་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མ་ཡཱ། །ཚོགས་སུ་འབུལ་ལོ་དགྱེས་པར་རོལ། །བཞེས་ཤིག་ལྷག་མ་མེད་པར་མཛོད།། །།


previousབསྟབ་པའི་འགྲེས་བྱང་།next