Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷག་མ་བྱིན་གྱིས་རླབས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷག་མ་བྱིན་གྱིས་རླབས་པ།next

ལྷག་མ་བྱིན་གྱིས་རླབས་པ།

༅། །ལྷག་མ་བྱིན་གྱིས་རླབས་པ་ནི། ལྷག་མ་ལ་ཆང་དང་ཁ་ཁྲུ་བཏབ་ལ། སྭ་བྷ་ཝས་སྟོང་པར་སྦྱོངས། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་ལྷག་གཏོར་འདོད་ཡོན་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར། ཨ་ཀ་རོས་བརླབ་ལ། ལྷག་མགྲོན་སྤྱན་འདྲེན་པ་ནི། རྡོ་རྗེ་རྩེ་ལྔའི་རྒྱ་བཅས་ལ། ༀ་ཨེ་ཨ་ར་ལི་ཧོ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཕེཾ་ཕེཾ། ཏ་ཀ་ར་ཙ་ཡ་ཛ་ཛཿ ཨད་ཀ་ཏ་ཡ། ཨད་ཀ་ཏ་ཡ། པྲ་ཝེ་ཤ་ཡ། ཨ་ཝེ་ཤ་ཡ། ཨ་ཝེ་ཤ་ཡ། ཏིཥྛ་ཡ། ཏིཥྛ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ངོ་ཥ་ཡ། ངོ་ཥ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་དྷཱཀྐི་ནི་ནན་ཧྲཱིཿད་ཡ་ཧཱུྃ་ཕཊ། དེ་ནས་མཆོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱིཿ རྡོ་རྗེ་མཁའ་འགྲོའི་བཀའ་ཉན་ལས་བྱེད་ཚོགས། །རིགས་བཞི་མཁའ་འགྲོ་ཤུགས་འགྲོ་འཁོར་དང་བཅས། །དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས། །གིང་ཆེན་བཅོ་བརྒྱད་ལང་ཀ་དུར་ཁྲོད་བདག་མ་བདུན་སྲིང་བཞི་འབར་མ་ལྔ་བཅུ་བརྒྱད། །དྲུག་ཅུ་རྩ་བཞི་འབུམ་ཕྲག་མཁའ་འགྲོའི་ཚོགས། །གང་བཅོལ་ཐོག་མེད་ཕྲིན་ལས་སྒྲུབ་མཛད་པའི། །བསྟན་མ་བཅུ་གཉིས་སྡེ་བརྒྱད་འཁོར་དང་བཅས། །བཀའ་ཡི་ཕམ་ཕབ་ལྷག་གཏོར་འདི་ལོངས་ལ། །ཞི་རྒྱས་དབང་དྲག་འགུགས་འདྲེན་མནན་གཟིར་སོགས། །ཅི་ལྟར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་ཕྱིར་སྐྱོང་། དེ་ནས་གཙོག་ལྷག་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་ལ། ཧཱུྃ། སྲིད་གསུམ་བྷནྡྷ་སོགས།། །།


previousལྷག་མ་བྱིན་གྱིས་རླབས་པ།next