Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཛེས་མ་འབུམ་བསྐུལ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཛེས་མ་འབུམ་བསྐུལ་བསྡུས་པ། next

མཛེས་མ་འབུམ་བསྐུལ་བསྡུས་པ།

༅། །མཛེས་མ་འབུམ་བསྐུལ་བསྡུས་པ་བཞུགས། མ་ཤར༴ ལྷོ༴ ནུབ༴ བྱང་༴ དབུས༴ མཚམས༴ ན་བཞུགས་པའི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ༴ སེར་མོ༴ དམར༴ ལྗང་མོ༴ དཀར་མོ༴ སྣ་ཚོགས༴ མཛེས་པའི་ཆ་བྱད་ཅན། །འཁོར་ཡང་སྔོན༴ སེར༴ དམར༴ ལྗང་༴ དཀར༴ སྣ་ཚོགས༴ མོ་མཛེས་མ་འབུམ་གྱིས་བསྐོར། །པདྨ་སྔོན༴ སེར༴ དམར༴ ལྗང་༴ དཀར༴ སྣ་ཚོགས༴ མོའི་གདན་ལ་བཞུགས། །ཕྱག་ན་པད་སྣོད་སྔོན་པོ༴ སེར་པོ༴ དམར་པོ༴ ལྗང་གུ༴ དཀར་པོ༴ སྣ་ཚོགས༴ བསྣམས། །དབུ་ལ་ཐོར་ཚུགས་བརྒྱན་གྱིས་བརྒྱན། །རྒྱན་དང་ཆ་ལུགས་མཚན་དཔེ་སྤྲས། །མ་འཁོར་དང་བཅས་པ་ཁྱེད་རྣམས་ལ། །ཚོགས་ཀྱི་མཆོད་པ་འདི་འབུལ་གྱིས། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །མ་ཅིག་ཞལ་གསུངས་པའོ།། །།


previousམཛེས་མ་འབུམ་བསྐུལ་བསྡུས་པ། next