Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷག་མའི་ཆོ་ག་རྒྱས་པར་སྤྲོ་ན་ལྷག་གཏོར་བཤམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷག་མའི་ཆོ་ག་རྒྱས་པར་སྤྲོ་ན་ལྷག་གཏོར་བཤམས།next

ལྷག་མའི་ཆོ་ག་རྒྱས་པར་སྤྲོ་ན་ལྷག་གཏོར་བཤམས།

༅། །ལྷག་མའི་ཆོ་ག་རྒྱས་པར་སྤྲོ་ན་ལྷག་གཏོར་བཤམས་ལ་འདི་སྐད་དོ། །བྷྱོ། ལས་ཀྱི་མཁའ་འགྲོ་མི་སྲུན་མ། །ཤིན་ཏུ་འཇིགས་པ་ཀིང་རུས་གཟུགས། །ཡན་ལག་རུས་པའི་འཁོར་ལོས་བརྒྱན། །སྙིང་ཁྲག་འཐུང་ཞིང་རྐན་སྒྲ་བརྡེབ། །རྐང་མགྱོགས་བཏུལ་ཤུགས་རྫུ་འཕྲུལ་ཅན། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཉམས་རུ་ཏྲའི་སྲོག་གཅོད་ཡིན། །ལྷག་མའི་གཏོར་མ་འདི་བཞེས་ལ། །དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ། །དྲག་པོའི་ལས་མཛད་བསྟན་པ་བསྲུང་། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། འཇིག་རྟེན་གིང་གང་རྫུ་འཕྲུལ་ཅན། །སྲིན་པོའི་ལུས་ལ་གཅན་སྤྱང་གདོང་། །སྦྲུལ་ནག་ལྕེ་ལ་སྤྱན་མིག་གློག །ཁ་རླངས་དུག་ལ་ང་རོ་འབྲུག །ཁྲོས་པའི་སྨྲེ་ངག་སེར་ཆེན་འབེབ། །མི་ལྤག་གཡང་གཞི་ཕྱོགས་བཞིར་བརྡེབས། །རྒྱུ་ཞགས་འདོམ་དགུས་དགྲ་བོ་འཆིང་། །བ་སྤུ་མཚོན་ཆ་མེ་ལྟར་འབར། །བྱེ་བ་དུང་ཕྱུར་འཁོར་དང་བཅས། །དམ་ཚིག་ཅན་གྱི་ལས་མཁན་མ། །དམ་ཉམས་རུ་ཏྲའི་སྲོག་གཅོད་ཡིན། །ལྷག་མའི་གཏོར་མ་འདི་བཞེས་ལ། །དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ། །དྲག་པོའི་ལས་མཛད་བསྟན་པ་སྲུངས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཤ་ཟ་མཁའ་འགྲོ་ཡང་སྤྲུལ་ཚོགས། །ཡི་དྭགས་ལུས་ལ་དུར་བྱའི་བུ། །དུར་ཁྲོད་རྐང་ལ་ཐོད་པས་བརྒྱན། །ལུས་ལ་ཁྲག་རུལ་ཆུ་སེར་འབབས། །སྨྲེ་ངག་ཚིག་གིས་ངུར་མོ་དབྱངས། །ཕྱི་ན་འདྲེ་འཚུབ་སྤྲིན་ལྟར་གཏིབ། །རོ་ལོང་རྐང་ལ་དུར་ཁྲོད་ལུས། །ཕུང་སྲིན་མིག་ལ་གཟའ་སྲིན་ལག །དམ་ཚིག༴ དམ་ཉམས༴ ལྷག་མའི༴ དགྲ་བགེགས༴ དྲག་པོའི༴ ཁྱོད་ཀྱི༴ བཅོལ་པའི༴ བྷྱོ། གཞན་ཡང་མཁའ་འགྲོ་ཕོ་ཉའི་ཚོགས། །ལས་ལ་མྱུར་མགྱོགས་བསྟན་པ་སྲུང་། །བུ་ཆུང་ལུས་ལ་བྱ་རོག་མགོ། །སྐྱུག་གླུའི་དབྱངས་ལ་ཐི་བྱའི་ཚིག །རི་གསུམ་འགྲིམ་ཞིང་ལུང་གསུམ་བསྐོར། །ཆུ་ལ་ཞོན་ནས་གྲིབ་སོ་འགྲིམ། །གཅན་སྤྱང་ཕོ་མོའི་དྲི་ལ་བསྣམས། །ད་ལའི་མཐའ་ལ་བསྐོར་ཞིང་ཉུལ། །ལས་བྱེད་མི་སྡུག་འཁོར་དང་བཅས། །དམ་ཚིག་ཅན་གྱི༴ དམ་ཉམས༴ ལྷག་མའི༴ དགྲ་བགེགས༴ དྲག་པོའི༴ ཁྱེད་ཀྱི་ཐུགས་དམ༴ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ལྷག་གཏོར་གཏོང་།། །།


previousལྷག་མའི་ཆོ་ག་རྒྱས་པར་སྤྲོ་ན་ལྷག་གཏོར་བཤམས།next