Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སྡེ་ལྔའི་བསྐང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སྡེ་ལྔའི་བསྐང་བ།next

མཁའ་འགྲོ་སྡེ་ལྔའི་བསྐང་བ།

མཁའ་འགྲོ་སྡེ་ལྔའི་བསྐང་བ་བཞུགས་སོ། །ཧཱུྃ། འོག་མིན་གནས་དང་ཨོ་རྒྱན་གནས། །མཁའ་སྤྱོད་གནས་དང་བདེ་ཆེན་གནས། །དུར་ཁྲོད་ཆེན་པོའི་གནས་རྣམས་ནས། །མཁའ་འགྲོ་སྡེ་ལྔ་འཁོར་དང་བཅས། །སྤྲུལ་པ་ཡང་སྤྲུལ་ཕོ་ཉར་བཅས། །འབུམ་ཚོ་ལྔ་ཡི་ཚོགས་བཅས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་མཆོད་འབུལ་ཕྱིར་གཤེགས་སུ་གསོལ། །ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །ཉམས་ཆག་བསྐང་ཕྱིར་གཤེགས་སུ་གསོལ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དངོས་གྲུབ་སྟེར་ཕྱིར་གཤེགས་སུ་གསོལ། །གཤེགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད། །ཕྱག་གཡས་པས་གྲི་གུག་ནམ་མཁར་ཕྱར། །གཡོན་པས་བྷནྡྷ་ཐུགས་ཀར་བསྣམས། །ཞལ་གདངས་མཆེ་གཙིག་དབུ་སྐྲ་མཛེས། །རུས་པའི་བརྒྱན་དྲུག་སྐུ་ལ་བརྒྱན། །ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས། །གཡས་བརྐྱང་གཡོན་བསྐུམ་རོའི་གདན། །ཁ་ཊྭཱྃ་ཀ་ནི་གྲུ་མོར་ཐོག །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་། །སྔོན་མོ་འབུམ་གྱི་ཐུགས་དམ་བསྐང་། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཧཱུྃ། དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་མོ་གཟི་དམངས་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད། །གཡས་པས་གྲི་གུག་ནམ་མཁར་ཕྱར། །གཡོན་པས་བྷནྡྷ་ཐུགས་ཀར་བསྣམས། །ཞལ་གདང་མཆེ་གཙིག་དབུ་སྐྲ་མཛེས། །རུས་པའི་རྒྱན་དྲུག་སྐུ་ལ་མཛེས། །ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས། །གཡས་བརྐྱང་གཡོན་བསྐུམ་རོ་ཡི་གདན། །ཁ་ཊྭཱྃ་ཀ་ནི་གྲུ་མོར་ཐོག །སངས་རྒྱས་མཁའ་འགྲོའི་ཐུགས༴ དཀར་མོ་འབུམ་གྱི༴ འཁོར་དང་བཅས་པའི༴ ཧཱུྃ། ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད། །གཡས་པས་གྲི་གུག་ནམ་མཁར་ཕྱར། །གཡོན་པས་བྷནྡྷ་ཐུགས་ཀར་བསྣམས། །ཞལ་གདོངས་མཆེ་གཙིག་དབུ་སྐྲ་མཛེས། །རུས་པའི་བརྒྱན་དྲུག་སྐུ་ལ་བརྒྱན། །ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས། །གཡས་བརྐྱང་གཡོན་བསྐུམ་རོ་ཡི་གདན། །ཁ་ཊྭཱྃ་ཀ་ནི་གྲུ་མོར་ཐོག །རིན་ཆེན་མཁའ་འགྲོའི༴ སེར་མོ་འབུམ་གྱིས༴ འཁོར་དང་བཅས་པའི༴ ཧཱུྃ། ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད། །གཡས་པས་གྲི་གུག་ནམ་མཁའ་ཕྱར། །གཡོན་པས་བྷནྡྷ་ཐུགས་ཀར་བསྣམས། །ཞལ་གདོངས་མཆེ་གཙིག་དབུ་སྐྲ་མཛེས། །རུས་པའི་བརྒྱན་དྲུག་སྐུ་ལ་བརྒྱན། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས། །གཡས་བརྐྱང་གཡོན་བསྐུམ་རོའི་གདན། །ཁ་ཊྭཱྃ་ཀ་ནི་གྲུ་མོར་ཐོགས། །པདྨ་མཁའ་འགྲོའི༴ དམར་མོ་འབུམ་གྱི༴ འཁོར་དང་བཅས་པའི༴ ཧཱུྃ། བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་ཀུ་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད། །གཡས་པས་གྲི་གུག་ནམ་མཁར་ཕྱར། །གཡོན་པས་བྷནྡྷ་ཐུགས་ཀར་བསྣམས། །ཞལ་མདངས་མཆེ་གཙིག་དབུ་སྐྲ་མཛེས། །རུས་པའི་བརྒྱན་དྲུག་སྐུ་ལ་གསོལ། །ཐོད་སྐམ་ལྔའི་དབུ་བརྒྱན་ཅན། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས། །གཡས་བརྐྱང་གཡོན་བསྐུམ་རོ་ཡི་གདན། །ཁ་ཊྭཱྃ་ཀ་ནི་གྲུ་མོར་ཐོགས། །ལས་ཀྱི་མཁའ་འགྲོའི༴ ལྗང་མོ་འབུམ་གྱི༴ འཁོར་དང་བཅས་པའི༴ ཧཱུྃ། མཁའ་འགྲོ་སྡེ་ལྔ་འཁོར་བཅས་ལ། །ཕྱི་ཡི་མཆོད་པ་འབུལ་བ་ནི། །ཆུ་གཙང་ཡིད་དུ་འོང་བའི་ཕྱིར། །ཞབས་སིལ་ཞལ་བསིལ་འཐོར་འཐུང་དང་། །མཆོད་ཡོན་ཅི་སྙེད་ཡོད་པ་རྣམས། །མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་། །འཁོར་འབུམ་ཚོ་ལྔའི་ཐུགས༴ །ཨ་ག་རུ་དང་སྦྲུལ་སྙིང་དང་། །དུ་རུ་ཀ་དང་གོར་ཤི་ཀ །སྤོས་དཀར་ཛ་ཏི་ལ་སོགས་པའི། །བདུག་སྤོས་རྣམ་པ་སྣ་ཚོགས་ཀྱི། །མཁའ་འགྲོ་སྡེ་ལྔའི་ཐུགས༴ འཁོར་འབུམ་ཚོ་ལྔའི༴ ཉི་མ་མེ་ཤེལ་ལ་སོགས་པའི། །ཟླ་བ་ཆུ་ཤེལ་ལས་གྲུབ་པའི། །ཀརྨ་འོད་དང་ལྡན་པར་དང་། །མར་གྱི་མེ་ཆེན་ལ་སོགས་པའི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ་ལྔ་ཡི༴ ག་པུར་དང་ནི་གུར་གུམ་དང་། །ཙནྡན་དཀར་དམར་ལ་སོགས་པའི། །དྲི་མཆོག་རྣམ་པ་སྣ་ཚོགས་གི། །མཁའ་འགྲོ་སྡེ་ལྔའི་ཐུགས༴ འཁོར་འབུམ་ཚོ་ལྔའི༴ ཀ་ར་བུ་ར་མ་སྦྲང་རྩི་དང་། །འོ་ཞོ་མར་ཐུད་རྒྱ་ཇ་དང་། །ཤིང་ཐོག་སིལ་ཐོག་སྣ་ཚོགས་དང་། །ནས་དང་གྲོ་སོགས་འབྲུ་ཡི་རིགས། །འབྲས་དང་བཤོས་གཙང་ལ་སོགས་པའི། །ཞལ་ཟས་རྣམ་པ་སྣ་ཚོགས་གི། །མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་། །འཁོར་འབུམ་ཚོ་ལྔའི༴ རྔ་ཆེན་དུང་དང་པི་ཝང་དང་། །མཁར་རྔ་སིལ་སྙན་ཏིང་ཏིང་ཤག །ཆ་ལང་དྲིལ་བུ་ལ་སོགས་པའི། །སྒྲ་སྙན་རྣམ་པ་སྣ་ཚོགས་ཀྱི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་མཚོ་ལྔའི༴ གདུག་དང་རྒྱལ་མཚན་བ་དན་དང་། །རྔ་ཡབ་དང་ནི་དར་ཆེན་དང་། །ལྡ་ལྡི་ཕྱེ་མ་ཕུར་མ་དང་། །འཕན་དང་བླ་བྲེ་ལ་སོགས་པའི། །མཆོད་པ་རྣམ་པ་སྣ་ཚོགས་གི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ་ལྔའི༴ ཧཱུྃ། མཁའ་འགྲོ་སྡེ་ལྔ་འཁོར་བཅས་ལ། །ནང་གི་མཆོད་པ་འབུལ་བ་ནི། །ཤ་ལྔ་དང་ནི་བདུད་རྩི་ལྔ། །ཡེ་ཤེས་ལྔའི་བྱིན་རླབས་ཀྱི། །ཟག་པ་མེད་པའི་བདུད་རྩི་འདི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ་ལྔའི༴ བཟའ་བ་ཤ་ཡི་རི་བོ་དང་། །བཏུང་བ་ཁྲག་གི་རྒྱ་མཚོ་དང་། །ཞེ་སྡང་རུས་པའི་གྲམ་ཁྲོད་ཀྱི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ༴ འབྲུ་བཅུད་ནས་ཀྱི་ཆང་མཆོད་དང་། །བདུད་རྩི་རིལ་བུ་སྦྱར་བ་འདི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ༴ རྐང་ཆེན་དུང་གི་གླིང་བུ་དང་། །ཐོད་པ་ལྟག་སྤྲོད་རྔ་སྒྲ་ཡི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ་བདུན༴ ཤ་ཆེན་སྤོས་ཀྱི་དུད་པ་དང་། །ཚིལ་ཆེན་མར་མེ་མདངས་གསལ་གྱི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ༴ འབྲས་ཀྱི་གཏོར་མ་ཆེན་པོ་ལ། །ཤ་སྣ་ཁྲག་སྣ་མང་པོས་བརྒྱན། །སྐྱེ་འགྲོ་སེམས་ཅན་སྣ་ཚོགས་བཅུག །འབྲུ་སྣ་ཀུན་གྱི་ཆང་གིས་བྲན། །མཁའ་འགྲོ་སྡེའི༴ འཁོར་འབུམ་ཚོ༴ ཀླད་པ་ཀོ་རོ་ཙ་ན་དང་། །ཙིཏྟ་སྙིང་སྣ་ཐམས་ཅད་ཀྱི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ༴ ཧཱུྃ། མཁའ་འགྲོ་སྡེ་ལྔའི་འཁོར་བཅས་ལ། །གསང་བའི་མཆོད་པ་འབུལ་བ་ནི། །ཐབས་ཀྱི་རང་བཞིན་ཡབ་ཆེན་དང་། །ཤེས་རབ་རང་བཞིན་ཡུམ་མཆོག་དང་། །གཉིས་མེད་སྦྱོར་བའི་བྱང་སེམས་ཀྱི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ་བདུན་གྱི༴ ཧཱུྃ། མཁའ་འགྲོ་སྡེ་ལྔ་འཁོར་བཅས་ལ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། །ཆོས་རྣམས་གཟུགས་བརྙན་ལྟ་བུ་ལ། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །དངོས་པོ་མེད་པའི་ཆོས་ཉིད་མཆོག །སྟོང་ཉིད་སྙིང་རྗེ་ཆེན་པོ་འདི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ༴ ཧཱུྃ། མཁའ་འགྲོ་སྡེ་ལྔ་འཁོར་བཅས་ལ། །མཎྜལ་ཆེན་པོ་འབུལ་བ་ནི། །དབང་ཆེན་གསེར་གྱི་ས་གཞི་ལ། །རི་རབ་གླིང་བཞི་གླིང་ཕྲན་བཅས། །ཉི་མ་ཟླ་བ་གཉིས་ཀྱི་བརྒྱན། །འཁོར་ལོ་ནོར་བུ་བཙུན་མོ་དང་། །བློན་པོ་གླང་པོ་རྟ་མཆོག་དང་། །དམག་དཔོན་ལ་སོགས་རྒྱལ་སྲིད་བདུན། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །དཔལ་བེ་པདྨ་འཁོར་ལོ་དང་། །རྒྱལ་མཚན་གདུག་དང་བུམ་པ་དང་། །དུང་དང་གསེར་ཉ་ལ་སོགས་པའི། །བཀྲ་ཤིས་རྟགས་བརྒྱད་ཐམས་ཅད་དང་། །འདོད་ཡོན་རྣམ་པ་སྣ་ཚོགས་བརྒྱན། །གསེར་རི་བདུན་དང་རོལ་མཚོ་བདུན། །ཨ་མོ་ལི་ཀའི་རྡོ་ལེབ་དང་། །མ་རྨོས་པ་ཡི་ལོ་ཐོག་དང་། །དཔག་བསམ་ཤིང་དང་ཙན་དན་ཚལ། །གུར་གུམ་སྤང་རི་ཆེན་པོ་དང་། །འདོད་འཇོའི་བ་ལ་སོགས་པ་ཡི། །གསེར་དངུལ་མུ་ཏིག་བཻཌཱུརྱ། །རིན་ཆེན་སྣ་ཚོགས་བརྒྱན་པ་ཡི། །འཛམ་གླིང་སྐྱེ་འགྲོ་ཐམས་ཅད་བཀོད། །བདག་ལུས་ལོངས་སྤྱོད་བཅས་པ་ཡི། །སྟོང་གསུམ་བཀོད་པའི་མཎྜལ་འདི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ་བདུན་གྱི༴ ཧཱུྃ། མཁའ་འགྲོ་སྡེ་ལྔ་འཁོར་བཅས་ལ། །ཐུགས་དམ་བསྐང་བའི་དམ་རྫས་ནི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ས་དང་བར་སྣང་གང་བ་ཡི། །བསྐང་རྫས་རྣམ་པ་སྣ་ཚོགས་ཀྱི། །མཁའ་འགྲོ་སྡེ་ལྔའི༴ འཁོར་འབུམ་ཚོ་བདུན་གྱི༴ མཁའ་འགྲོ་རྣམས་ཀྱི༴ ཡང་འཁོར་རྣམས་ཀྱི༴ ཤ་ཟ་རྣམས་ཀྱི༴ དམེན་མོ་རྣམས་ཀྱི༴ ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །བྲན་མོ་རྣམས་ཀྱི༴ ཧཱུྃ། བདག་ནི་རང་རིག་བློ་དང་མ་ལྡན་པས། །བླ་མ་རྣམས་ཀྱི་ཐུགས་དང་ཅི་འགལ་བ། །གནོང་ཤིང་འགྱོད་པས་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཐུགས་དང་ཅི་འགལ་བ། །གནོང་ཤིང་འགྱོད་པས་མཐོལ་ལོ་བཤགས། །མཁའ་འགྲོ་རྣམས་ཀྱི་ཐུགས་དང་ཅི་འགལ་བ། །གནོང་ཤིང་འགྱོད་པས་མཐོལ་ལོ་བཤགས། །ཆོས་སྐྱོང་རྣམས་ཀྱི་ཐུགས་དང་ཅི་འགལ་བ། །གནོང་ཤིང་འགྱོད་པས་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །བཟོད་པ་བཞེས་ནས་ཚང་པར་སྩལ་དུ་གསོལ། །ཅེས་མཁའ་འགྲོ་སྡེ་ལྔའི་འབུམ་བསྐང་ཆེན་པོ་འདི་ཀཿཐོག་པའི་འབངས་ཀྱི་ཐ་ཤལ་དཔོན་པུཎྱེ་ལ་ཀྵས་བྲིས་པ་རྫོགས་སོ།། །།དགེའོ། །


previousམཁའ་འགྲོ་སྡེ་ལྔའི་བསྐང་བ།next