Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཆེན་གཅོད་ཀྱི་བརྒྱུད་པའི་བསྐང་བ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཆེན་གཅོད་ཀྱི་བརྒྱུད་པའི་བསྐང་བ།next

ཡུམ་ཆེན་གཅོད་ཀྱི་བརྒྱུད་པའི་བསྐང་བ།

ཡུམ་ཆེན་གཅོད་ཀྱི་བརྒྱུད་པའི་བསྐང་བ་བཞུགས་སོ། །ཨེ་མ་ཧོ། མ་བཅོས་སྤྲོས་བྲལ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གཅོད་ཀྱི་ཕྲིན་ལས་སྣ་ཚོགས་དང་། །དབང་སྒྲུབ་ཁྱིམ་གཅོད་བསྒྲལ་མཆོད་དང་། །མེ་ཚག་ལ་སོགས་བཅས་འཛོམ་དུས། །བསྐང་བའི་ཆོ་ག་འདི་ཉིད་གཅེས། །བསྐང་བའི་དམ་རྫས་གཞན་དང་མཐུན། །ཕྱི་ནང་གསང་བའི་མཆོད་པའི་རྫས། །གཟུགས་འགྲོས་སྣ་ཚོགས་བྱས་ཤིང་། །གདུང་བའི་དབྱངས་ཀྱི་འདི་སྐད་བསྐང་བའོ། །གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་རིན་པོ་ཆེ། །ཁྱེད་འཁོར་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཞི་རྒྱས་དབང་དྲག་ལྷ་ཚོགས་དང་། །དཔའ་བོ་དཔའ་མོ་ཆོས་སྐྱོང་དང་། །དམ་ཅན་མ་སྲིན་མཁའ་འགྲོ་དང་། །ལས་བྱེད་ཤ་ཟ་ཁྲག་འཐུང་དང་། །ཕོ་ཉ་སྲོག་གཅོད་ཤན་པའི་ཚོགས། །སྔོན་གྱི་ཐུགས་དམ་དགོངས་པ་བཞིན། །ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི། །དོ་ནུབ་གནས་འདིར་ཐུགས་དམ་བསྐང་། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་བྱ་རྒོད་ཕུང་པོའི་རི་བོ་ནས། །བཅོམ་ལྡན་ཤཱཀ་ཐུབ་རིན་པོ་ཆེ། །ཁྱེད་འཁོར་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །སོགས་ཚིག་རྐང་བཅུ་པོ་འགྲེས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ནས། །འཇམ་དཔལ་སྨྲ་བའི་སེང་གེ་རིན་པོ་ཆེ། །ཁྱེད་འཁོར་དཔའ་བོ་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །རྗེ་བཙུན་འཕགས་མ་སྒྲོལ་མོ་རིན་པོ་ཆེ། །ཁྱེད་འཁོར་དཔའ་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་འཇའ་འོད་འཁྱིལ་པའི་གུར་ཁང་ནས། །མཁའ་འགྲོ་སུ་ཀ་སིདྡྷི་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་རྒྱ་གར་ཆོས་ཀྱི་ཕོ་བྲང་ནས། །རྗེ་ཨརྱ་དེ་བ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གཙང་ལ་སྟོད་དེང་རི་དགོན་པ་ནས། །ཕ་དམ་པ་རྒྱ་གར་སངས་རྒྱས་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ར་ས་སྤང་ལུང་གི་དགོན་པ་ནས། །སྐྱོབ་པ་ཤཱཀྱ་ཡེ་ཤེས་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་དབུས་གཙང་གཉིས་ཀྱི་ས་མཚམས་ནས། །སྐྱོ་སྟོན་བསོད་ནམས་བླ་མ་རིན་པོ་ཆེ། །ཁྱེད་འཁོར་དཔའ་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ནས། །མ་ཅིག་ལབ་ཀྱི་སྒྲོལ་མ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ཤམ་པོ་གངས་ཀྱི་ར་བ་ནས། །སྲས་རྒྱལ་བ་དོན་འགྲུབ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །དཔལ་ཆུ་བོ་རི་ཡི་དགོན་པ་ནས། །ཁུ་སྒོམ་ཆོས་ཀྱི་སེངྒེ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ལུང་སྨད་ལྕང་སར་གྱི་དགོན་པ་ནས། །ཕ་དོལ་པ་ཟངས་ཐལ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །དཔལ་ཆུ་བོ་རི་ཡི་དགོན་པ་ནས། །རྗེ་བཙུན་རྒྱ་ནག་གཅེར་བུ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་རབ་གྲོང་ཆོས་ཀྱི་ཕོ་བྲང་ནས། །མཁས་གྲུབ་སངས་རྒྱས་རབ་སྟོན་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ཟལ་མོ་བྲག་གི་དགོན་པ་ནས། །སངས་རྒྱས་དགེ་སློང་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ཁ་རག་མུན་སེང་གི་དགོན་པ་ནས། །སུམ་པ་རས་ཆེན་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་རི་གང་ཆོས་ཀྱི་དགོན་པ་ནས། །སངས་རྒྱས་གཉེན་སྟོན་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །འབང་པ་བཀྲ་ཤིས་དགོན་པ་ནས། །དྷརྨ་སིངྷ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་ནས། །བཛྲ་སིངྷ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ཀཿཐོག་དཔལ་གྱི་སྒྲུབ་གནས་སུ། །པྲ་ཛྙཱ་གུ་རུ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་དཔལ་འབར་བཀྲ་ཤིས་དགོན་པ་རུ། །རྡོ་རྗེ་དཔལ་བ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་དཔལ་འབར་བཀྲ་ཤིས་དགོན་པ་རུ། །རྡོ་རྗེ་དཔལ་བ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །སྣང་སྲིད་ཆོས་སྐུའི་ཕོ་བྲང་ནས། །ནམ་མཁའ་རྡོ་རྗེ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །དགའ་ལྡན་གནམ་སྟོང་རི་ཁྲོད་ནས། །ཤི་ལ་ཀེ་ཏུ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །སྤང་སྐམ་ཆོས་གླིང་རི་ཁྲོད་ནས། །དྷརྨ་བཛྲ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །དོན་གཉིས་གྲུབ་པའི་ཕོ་བྲང་ནས། །ཛྙཱ་ན་ཀེ་ཏུ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ཆོས་བརྒྱད་རང་གྲོལ་ཕོ་བྲང་ནས། །བྱ་བཏང་ཀུན་དགའ་འབུམ་པ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་དོན་གཉིས་ལྷུན་གྲུབ་ཕོ་བྲང་ནས། །རྗེ་པུཎྱེ་ལ་ཀྵ༴ ཁྱེད་འཁོར༴ མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ལྷུན་གྲུབ་འོད་ལྔའི་ཕོ་བྲང་ནས། །རྗེ་བཛྲ་རསྨི་རིན༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་སྟོང་ཉིད་ཆོས་དབྱིངས་ཀྱི་ཕོ་བྲང་ནས། །རྗེ་ག་ག་བཛྲ་རིན་པོ༴ ཁྱེད་འཁོར༴ མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་རང་རིག་རང་གསལ་ཕོ་བྲང་ནས། །རྗེག་ག་ག་མ་ཏི་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་མ་བཅོས་ལྷུན་གྲུབ་ཕོ་བྲང་ནས། །རྗེ་ཀ་ལ་བཛྲ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་སྐུ་ལྔ་དཔལ་གྱི་རི་ཁྲོད་ནས། །རྗེ་འཁྲུལ་རང་གྲོལ༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་རྒྱུད་འཛིན་མ། །གནས་ཁམ་གང་བྱང་ཆུབ་གླིང་དགོན་དུ། །རྗེ་ཆོས་སྐྱོང་རྒྱ་མཚོ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ཀཿཐོག་རྡོ་རྗེའི་གདན་སྟེང་ནས། །རྗེ་ཀློང་གསལ་སྙིང་པོ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་གསང་སྔགས་རབ་བརྟན་ཆོས་གླིང་ནས། །རྗེ་ཆོས་ཉིད་རྒྱ་མཚོ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་གདུང་ཤུག་དྲག་པོའི་དབེན་གནས་ནས། །རྗེ་བཀྲ་ཤིས་མཚན་ཅན་རིན༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ཤིང་སྒོ་གངས་ཀྱི་རྭ་བ་ནས། །དྲུང་པ་ནམ་མཁའ་རྒྱ་མཚོ༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་འཁྲུལ་པ་རང་གྲོལ་ཕོ་བྲང་ནས། །རྗེ་པདྨ་ཆོས་དབྱིངས༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་སྣང་གྲགས་ཆོས་སྐུའི་ཕོ་བྲང་ནས། །རྗེ་སངས་རྒྱས་གྲགས་པ༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ཚོགས་གཉིས་ལྷུན་གྲུབ་ཕོ་བྲང་ནས། །རྗེ་ནམ་མཁའ་ཆོས་སྐྱོང་༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་གང་ཤར་རང་གྲོལ་ཕོ་བྲང་ནས། །རྗེ་འཇིག་མེད་བསམ་གཏན༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་སྨིན་གྲོལ་རྒྱ་མཚོའི་ཕོ་བྲང་ནས། །རྗེ་ཀུན་བཟང་རྣམ་རྒྱལ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་རྒྱུད་འཛིན་མ། །གནས་སྣང་བཞི་མཐར་ཕྱིན་ཕོ་བྲང་ནས། །རྗེ་རཏྣ་གུ་རུ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་བཤད་སྒྲུབ་ནོར་བུའི་ལྷུན་པོ་ནས། །རྗེ་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་བྲག་གདོང་བཀྲ་ཤིས་དགེ་འཕེལ་དུ། །རྗེ་རྡོ་རྗེ་ལེགས་བཤད་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ། །སོགས་དཀྱུས་ལྟར། ཡང་ན་མན་ངག་དོན་བརྒྱུད་ལྟར་ན། ནམ་མཁའ་རྒྱ་མཚོ་ཡན་སྔར་ལྟར་ལ། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་མོས་གུས་མཐར་ཕྱིན་ཕོ་བྲང་ནས། །རྗེ་དྲི་མེད་ཞིང་སྐྱོང་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་མཁྱེན་བརྩེ་ནུས་མཐུའི་ཕོ་བྲང་ནས། །རྗེ་ཚེ་དབང་མཆོག་གྲུབ་རིན༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་སྟོང་ཉིད་བདེ་ཆེན་ཕོ་བྲང་ནས། །རྗེ་ངེས་དོན་དབང་པོ་རིན༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་རྟོག་འཁྲུལ་རང་གྲོལ་ཡང་དབེན་ནས། །རྗེ་འགྱུར་མེད་བསྟན་འཛིན་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་བྱང་ཆུབ་སེངྒེའི་ནགས་ཁྲོད་ནས། །རྗེ་ཆོས་ཀྱི་བློ་གྲོས༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་ཕྱོགས་མེད་དཔལ་གྱི་གཉེན་ཁྲོད་ནས། །རྗེ་ཀུན་བཟང་འགྱུར་མེད་རིན༴ ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་བཤད་སྒྲུབ་ནོར་བུའི་ལྷུན་པོ་ནས། །རྗེ་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་བྲག་གདོང་བཀྲ་ཤིས་དགེ་འཕེལ་ནས། །རྗེ་རྡོ་རྗེ་ལེགས་བཤད་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ནས། ༈ །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ནས། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་རིན་པོ་ཆེ། །ཁྱེད་འཁོར་སོགས། མ་དེའི་ཐུགས་དམ་བརྒྱུད་འཛིན་མ། །དམ་ཅན་མ་སྲིང་རྒྱ་མཚོའི་ཚོགས། །ཁྱེད་རྣམས་ཐུགས་དམ་བསྐང་བའི་དམ་རྫས་ནི། །དཀར་གསལ་འོད་ཀྱི་མཆོད་པ་འདིས། །མ་སྲིང་མཁའ་འགྲོའི་ཐུགས་དམ་བསྐང་། །འོད་ཟེར་སྤྲུལ་པ་བརྒྱན་ཆ་འདིས། །མ་སྲིང་མཁའ༴ གསེར་གཡུ་མུ་ཏིག་བརྒྱན་ཆ་འདི། །མ་སྲིང་མཁའ༴ ཉི་ཟླ་མི་རོའི་རྒྱལ་མཚན་འདི། །མ་སྲིང་མཁའ༴ བནྡྷ་འབར་བའི་གསོལ་སྡེར་འདི། །མ་སྲིང་མཁའ༴ འབྲུ་སྣ་དགུའི་བདུད་རྩི་འདི། །མ་སྲིང་༴ གནམ་རྒྱན་སྤྲུལ་པའི་མཆོད་པ་འདི། །མ་སྲིང་མཁའ༴ ཤ་སྣ་ལྔའི་རི་བོ་འདི། །མ་སྲིང་མཁའ༴ བམ་ཆེན་རྙིང་པ་རུལ་པམ་འདི། །མ་སྲིང་མཁའ༴ ཞག་དང་ཁྲག་གི་རྒྱ་མཚོ་འདི། །མ་སྲིང་མཁའ་འགྲོའི༴ བྷནྡྷ་སྟག་སྤྲོད་རྔ་སྒྲ་འདི། །མ་སྲིང་༴ རྐང་ཆེན་གསང་བའི་གླིང་བུ་འདི། །མ་སྲིང་༴ ཚིལ་ཆེན་གསང་བའི་དུད་སྤྲིན་འདི། །མ་སྲིང་མཁའ་སིལ་སྤོས་ཀྱི་དུད་པ་འདི། །མ་དང་མཁའ་འགྲོའི༴ རུས་པའི་ཕྲེང་བ་རྒྱན་དྲུག་འདི། །མ་སྲིང་མཁའ་འགྲོའི་ཐུགས༴ སྣ་ཚོགས་དར་གྱི་ཅོད་པན་འདི། །མ་སྲིང་མཁའ་འགྲོའི་ཐུགས་དམ༴ གདུང་བའི་སྒྲ་དབྱངས་སྣ་ཚོགས་འདི། །མ་སྲིང་མཁའ༴ ལྡེམ་འཛུམ་འཁྲིལ་སྦྱོར་གར་འཁྱམས་འདིས། །མ་སྲིང་༴ རུས་བརྒྱན་གསང་བའི་ན་བཟའ་འདི། །མ་སྲིང་མཁའ་འགྲོའི༴ ལྕང་ལོ་མཛེས་པའི་རྒྱན་ཆ་འདི། །མ་སྲིང་མཁའ༴ ཕྱག་མཚན་ཁ་ཊྭཱྃ་གྲི་གུག་དང་། །མ་སྲིང་༴ འདོད་ཡོན་གཏོར་མའི་མཆོད་རྫས་འདི། །མ་སྲིང་མཁའ༴ ཁྱེད་ཀྱི་ཐུགས་དམ་བདག་གི་བསྐང་། །རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱི། །འཁོར་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ལྷ་འདེ་མི་གསུམ་དབང་དུ་བསྡུས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བཤགས་པ་ནི། ཡི་གེ་བརྒྱ་པ་བརྗོད། རྫོགས་སོ།། །།ཨུ་རྒྱན་གནས་སུ་པདྨས་མ་ཅིག་ལབ་སྒྲོན་ལ་གསུང་པའོ། །


previousཡུམ་ཆེན་གཅོད་ཀྱི་བརྒྱུད་པའི་བསྐང་བ།next