Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་མོ་གཅོད་ཀྱི་ཚོགས་མཆོད་བསྡུས་པ་དངོས་གྲུབ་ཀྱི་ས་བོན།
   
   
   
   
   
   


 
previousཟབ་མོ་གཅོད་ཀྱི་ཚོགས་མཆོད་བསྡུས་པ་དངོས་གྲུབ་ཀྱི་ས་བོན།next

ཟབ་མོ་གཅོད་ཀྱི་ཚོགས་མཆོད་བསྡུས་པ་དངོས་གྲུབ་ཀྱི་ས་བོན།

༅། །ཟབ་མོ་གཅོད་ཀྱི་ཚོགས་མཆོད་བསྡུས་པ་དངོས་གྲུབ་ཀྱི་ས་བོན་བཞུགས། རླུང་མེ་ཐོད་སྒྱེད་ལ་གནས་ཀ་པཱ་ལར། །ཚོགས་ཀྱི་ཡོ་བྱད་དམ་རྫས་ཀུན་ཚང་ཞིང་། །རང་རིག་མཁའ་འགྲོ་རང་ལུས་དེ་དང་འདྲེས། །ཕཊ་ཕཊ་ཕཊ་ཕཊཿ ཤ་རུས་ཁྲག་གིས་ཕྱུར་བུར་གཏམས་པ་ལ། རཾ་ཡཾ་ཁཾ་སྤྲོས་མ་དག་ངོས་འཛིན་སྦྱངས། །རྫས་ཞུ་རླངས་པ་ཟླ་ཕྱེད་རྡོ་རྗེ་ཡིས། །རྭ་ལ་རིགས་ལྔའི་སྙིང་པོ་བཅུད་གསལ་བའི། །འོད་ཟེར་གྱིས་བསྐུལ་འཁོར་འདས་བདུད་རྩི་བཀུག །ཡས་རིམ་གྱིས་ཞུ་ཐོད་པའི་བདུད་རྩིར་འདྲེས། །ༀ་ཨཱཿཧཱུྃ། གནས་རང་བཞིན་རྣམ་དག་ཕོ་བྲང་ནས། །ཁྱེད་སྐྱབས་གནས་མཆོག་དང་སྙིང་རྗེའི་མགྲོན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བྱིན་རླབས་ཐུགས་རྗེ་རྒྱུན་མ་ཆད། །ཕྱི་ནང་གཉིས་ཀྱི་བར་ཆད་སོལ། །མ་ཧཱ་སུ་ཁ་ས་མ་ཡ་ཧོ། གྷ་ན་ཙ་ཀྲ་པུ་ཙ་ཁ་ཁ་ཁཱ་ཧི། འཁོར་འདས་གཉིས་བསྡུས་མགྲོན་རྣམས་ལ། །ཞལ་ཟས་ཚོགས་གཏོར་འདི་བསྔོས་པས། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཕེཾ། ཧཱུྃ་ཧྲཱིཿ རྡོ་རྗེ་ཁྲོས་མའི་བཀའ་ཉན་ལས་བྱེད་ཚོགས། །བཀའ་ཡི་ཕ་འབབ་ལྷག་གཏོར་འདི་བཞེས་ལ། །ཞི་རྒྱས་དབང་དྲག་འགུགས་འདྲེན་མནན་གཟིར་སོགས། །ཇི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའང་བཀའ་མའི་དགོངས་པ་བསྡུས་ནས་སྙིང་སྡུག་གི་བུ་རཏྣས་བསྐུལ་ངོར་བི་ཛའི་མིང་གིས་བྲིས་པ་མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ།། །།


previousཟབ་མོ་གཅོད་ཀྱི་ཚོགས་མཆོད་བསྡུས་པ་དངོས་གྲུབ་ཀྱི་ས་བོན།next