Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མེ་བསྐུལ།
   
   
   


 
previousམེ་བསྐུལ།next

མེ་བསྐུལ།

༅། །མེ་བསྐུལ་བཞུགས་སོ། །ཧཱུྃ། དབུས་ཕྱོགས་དེ་བཞིན་རིགས་ཀྱི་དུར་ཁྲོད་ནས༔ ཆོས་དབྱིངས་ཡེ་ཤེས་མེ་དཔུང་འབར་བ་འདི༔ ལན་གཅིག་དབུས་ཀྱི་ཕྱོགས་སུ་འཕྲོས༔ མེ་ལྕེ་དཀར་པོ་ཆོས་དབྱིངས་ཆེན་པོ་གདལ༔ ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར༔ སྤྲུལ་པའི་མེ་ལྕེ་གློག་ལྟར་འགྱུར༔ ཡང་སྤྲུལ་ཚ་ཚ་སྐར་ལྟར་འཁྲུག༔ མེ་ལྕེ་འབར་བ་འུར་འུར་ཆེམ་ཆེམ་སྒྲོག༔ སངས་རྒྱས་མཁའ་འགྲོའི་ཚོགས་ཀྱང་དེ་འདྲ་སྟེ༔ མཐོ་སྲིད་པའི་རྩེ་མོ་མན་ཆད་དང༔ དམའ་ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི༔ ཕྲིན་ལས་རྣམ་བཞི་འགྲུབ་གྱུར་ཅིག༔ རྩ་སྔགས། ཧཱུྃ། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་དུར་ཁྲོད་ནས༔ མེ་ལོང་ཡེ་ཤེས་མེ་དཔུང་འབར་བ་འདི༔ ལན་ཅིག་ཤར་གྱི་ཕྱོགས་སུ་འཕྲོས༔ མེ་ལྕེ་དཀར་པོའི་སྟོང་གསུམ་གང༔ མེ་ཞགས་དཀར་པོ་མེ་ལོང་ཆེན་པོ་གདལ༔ ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར༔ སྤྲུལ་པའི་མེ་ལྕེ་གློག་ལྟར་འགྱུ༔ ཡང་སྤྲུལ་ཚ་ཚ་སྐར་ལྟར་འཁྲུག༔ མེ་སྐད་འབར་བ་འུ་རུ་རུ༔ རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱང་དེ་འདྲ་སྟེ༔ མཐོ་སྲིད་པའི་རྩེ་མོ་མན་ཆད་དང༔ དམའ་ས་འོག་ལྟོ་འཕྱེ་ཡན་ཆད་ཀྱིས༔ ཞི་བའི་ཕྲིན་ལས་འགྲུབ་གྱུར་ཅིག༔ རྩ་སྔགས། ཧཱུྃ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་དུར་ཁྲོད་ནས༔ མཉམ་ཉིད་ཡེ་ཤེས་མེ་དཔུང་འབར་བ་འདི༔ ལན་གཅིག་ལྷོ་ཡི་ཕྱོགས་སུ་འཕྲོས༔ མེ་ལྕེ་སེར་པོའི་སྟོང་གསུམ་གང༔ མེ་ཞགས་སེར་པོ་མཉམ་ཉིད་ཆེན་པོ་གདལ༔ ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར༔ སྤྲུལ་པའི་མེ་ལྕེ་གློག་ལྟར་འགྱུ༔ ཡང་སྤྲུལ་ཚ་ཚ་སྐར་ལྟར་འཁྲུག༔ མེ་སྐད་འབར་བ་འུར་འུར་ཆེམ་ཆེམ་སྒྲོག༔ རིན་ཆེན་མཁའ་འགྲོའི་ཚོགས་ཀྱང་དེ་འདྲ་སྟེ༔ མཐོ་སྲིད་པའི་རྩེ་མོ་མན་ཆད་དང༔ དམའ་ས་འོག་ལྟོ་འཕྱེ་ཡན་ཆད་ཀྱིས༔ རྒྱས་པའི་ཕྲིན་ལས་འགྲུབ་གྱུར་ཅིག༔ རྩ་སྔགས། ཧཱུྃ༔ ནུབ་ཕྱོགས་པདྨ་རིགས་ཀྱི་དུར་ཁྲོད་ནས༔ སོར་རྟོགས་ཡེ་ཤེས་མེ་དཔུང་འབར་བ་འདི༔ ལན་ཅིག་ནུབ་ཀྱི་ཕྱོགས་སུ་འཕྲོས༔ མེ་ལྕེ་དམར་པོའི་སྟོང་གསུམ་གང༔ མེ་ཞགས་དམར་པོ་སོར་རྟོགས་ཆེན་པོ་གདལ༔ ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར༔ སྤྲུལ་པའི་མེ་ལྕེ་གློག་ལྟར་འགྱུ༔ ཡང་སྤྲུལ་ཚ་ཚ་སྐར་ལྟར་འཁྲུག༔ མེ་སྐད་འབར་བ་འུར་འུར་ཆེམ་ཆེམ་སྒྲོག༔ པདྨ་མཁའ་འགྲོའི་ཚོགས་ཀྱང་དེ་འདྲ་སྟེ༔ མཐོ་སྲིད་པའི་རྩེ་མོ་མན་ཆད་དང༔ དམའ་ས་འོག་ལྟོ་འཕྱེ་ཡན་ཆད་ཀྱིས༔ དབང་གི་ཕྲིན་ལས་འགྲུབ་གྱུར་ཅིག༔ རྩ་སྔགས་བརྗོད། ཧཱུྃ༔ བྱང་ཕྱོགས་ལས་ཀྱི་རིགས་ཀྱི་དུར་ཁྲོད་ནས༔ བྱ་གྲུབ་ཡེ་ཤེས་མེ་དཔུང་འབར་བ་འདི༔ ལེན་གཅིག་བྱང་གི་ཕྱོགས་སུ་འཕྲོས༔ མེ་ལྕེ་ལྗང་ཀུའི་སྟོང་གསུམ་གང༔ མེ་ཞག་ལྗང་གུ་བྱ་གྲུབ་ཆེན་པོ་གདལ༔ ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར༔ སྤྲུལ་པའི་མེ་ལྕེ་གློག་ལྟར་འགྱུ༔ ཡང་སྤྲུལ་ཚ་ཚ་སྐར་ལྟར་འཁྲུག༔ མེ་སྐད་འབར་བ་འུར་འུར་ཆེམ་ཆེམ་སྒྲོག༔ ལས་ཀྱི་མཁའ་འགྲོའི་ཚོགས་ཀྱང་དེ་འདྲ་སྟེ༔ མཐོ་སྲིད་པའི་རྩེ་མོ་མན་ཆད་དང༔ དམའ་ས་འོག་ལྟོ་འཕྱེ་ཡན་ཆད་ཀྱིས༔ དྲག་པོའི་ཕྲིན་ལས་འགྲུབ་གྱུར་ཅིག༔ ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ གནོད་བྱེད་ནད་འདྲེ་གདོན་བགེགས་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཐམས་ཅད་ཨགྣེ་ཡེ་ཛྭ་ལ་རཾ་རཾ་ཎི་ཏྲི་མ་ར་ཡ་རྦད་རྦད་ཕཊ་ཕཊ༔ སྐྱབས་མགོན་ཕྱག་དཔེ་ལས་བཤུས།། །།


previousམེ་བསྐུལ།next