cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་བཅུ་པ།

གླེགས་བམ། ཐུ༽

ནམ་མཁའ་དཔལ་བ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་གསང་བའི་སྙིང་པོའི་འགྲེལ་པ་སྤར་ཁབ་ཀྱི་མཆན་འགྲེལ་ཉི་མའི་འོད་ཟེར། ནམ་མཁའ་དཔལ་བ།

དཔལ་གསང་བའི་སྙིང་པོའི་འགྲེལ་པ་སྤར་ཁབ་ཀྱི་མཆན་འགྲེལ་ཉི་མའི་འོད་ཟེར་ཞེས་བྱ་བ་ནམ་མཁའ་དཔལ་བས་མཛད་པ་བཞུགས་སོ། །
ནམ་མཁའ་དཔལ་བརྒྱ་གར་བ་རྣམས་ཀྱི་སྐད་དུ།
མ་ཧཱ་༼ག༽ ར་ཛ་༼ཁ༽ ཏ ན་ཏྲ་༼ཀ༽ ཤྲཱི་༼ང༽གྷུ་ཡ་༼ཅ༽གརྦྷ་༼ཆ༽ན་མ་༼ཉ༽ཏྲི་ཀ་༼ཇ༽
བོད་སྐད་དུ། སྒྲ་བསྒྱུར་བ་ལ་བསྐྲུགས་ཏེ་བསྒྱུར་བ་ཐང་ལོགས་སུ་ཐོད་ལོགས་སུ་བསྒྲུར་བ་དང་གསུམ་ལས་འདིར་བསྐྲུགས་ཏེ་བསྒྲུར་བ་སྟེ། རྒྱུད་ཀྱི་ཀ༽ རྒྱལ་པོ་ཁ༽ ཆེན་པོ་ག༽ དཔལ་ང༽གསང་བའི་ཅ༽སྙིང་པོའི་ཆ༽འགྲེལ་པ་ཇ༽ཞེས་བྱ་བ་ཉ༽ཞེས་བྱ་བ་དེ་ལ་འབྲུ་འགྲེལ་དོན་འགྲེལ་བསྡུས་འགྲེལ་རྒྱ་ཆེ་འགྲེལ་ལ་སོགས་པ་ཡོད་པ་ལས་འདི་ནི་འབྲུ་འགྲེལ་ལོ། །དཔལ་གྱི་དོན་ལ་གསུམ་རྡོ་རྗེ་ལ་ཆོས་ལྔ་སེམས་ལ་བཞིའམ་ལྔ་དཔའ་ཕྲིན་ལ་བཞི་བདུད་བཅོམ་པས་ཡུལ་དེ་ལ་ཕྱག་འཚལ་ལོ། །གང་གིས་ན་སྒེགས་པ་རྡོ་རྗེས་ཚུལ་ཅི་ལྟར་ན་གསུམ། དོན་ཡོད་ལ་ཚོགས་རྫོགས་སྒྲིག་པ་དག་པའོ། །རྒྱུད་ཀྱི་སྟོན་པ་ནི་དུས་གསུམ་གྱིས་སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། །ན་སོ་འཁོར་འདས་ཀུན་གྱིས་བྱེད་པ་པོ་དྲུག་པ་ཀུན་བཟང་དེས་ཐུགས་སྒྱུ་འཕྲུལ་དྲྭ་བ་སྟོན་པའི་ཚེ་འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་གཙོ། །བོ་མདུན་དུ་གནས་པར་བྱེད་ཅིང་དུས་གསུམ་གྱིས་རྒྱལ་བའི་དགོངས་པ་ལམ་དང་འབྲས་བུས་ཐ་དག་གཏེར་མཛོད་དུ་གྱུར་པ། །རྒྱལ་བ་ཐམས་ཅད་ཀྱིས་བདག་ཉིད་ཀུན་བཟང་ཡིད་རང་བྱུང་ཡེ་ཤེས་ལའང་ཕྱག་འཚལ་ལོ། །ཞེས་པ་བཤད་པའི་གཞི་དྲངས་དེའི་ཁྱད་པར་གྱི་ཆོས་ལ་བཞི་སྟེ། གང་ལ་ན། དེ་ལྟར་སྟོན་པ་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་གཉིས་ལ་མཆོད་པར་བརྗོད་པའི་ཕྱག་བྱས་ནས། །བརྗོད་བྱའི་དོན་མངོན་གསུམ་གཏན་ལ་ཕབ་སྟེ། དེ་འང་གཉིས་སོ། །གསལ་བར་བྱེད་པ་བརྗོད་བྱེད་ལམ་གྱི་རྒྱུད་གཅིག་གིས་འབྱུང་ཁུངས་སུ་གྱུར་བས་ན་གཏེར། །དེས་ན་སྤྱི་དོན་གྱིས་རྣམ་གྲངས་གཞི་ལམ་འབྲས་བུ་གསུམ་འཁྲུལ་བའི་སྣང་བ་དང་བཞིའི་དོན་མཚོན་པར་བྱེད་པའི་རྒྱུད། །ཐེག་པ་ཀུན་གྱིས་མཐར་ཐུག་ལམ་འབྲས་བུས་གསང་སྔགས་ཀྱི་ཐེག་པ་སྟེ། དེ་ཡང་རྒྱས་པར་བཀྲོལ་བ་མ་ཡིན་པས་མདོར་བསྡུས་པ་ཙམ་གཅིག་བདག་སྒེག་པའི་རྡོ་རྗེས་ཐུགས་ཀྱི་དགོངས་པ་ཞལ་དུ་ཕྱུང་ནས་དབྱེ་བར་བྱ། །འོ། །དེ་ལ་སྤྱིར་གསང་སྔགས་ཕྱི་ནང་བླ་མེད་ཀྱི་རྒྱུད་མཐའ་དག་ཁོག་དབུབས་གཞི་ལམ་འབྲས་བུའི། རྒྱུད་གསུམ་གྱི་དབྱེ་བས་བཤད་དེ། ཐུགས་ཐིགས་ལས། གཞི་རང་བཞིན་གྱིས་སྣང་བ་འབྲས་བ། བདེ་བར་གཤེགས་པའི་སྣང་བ་ལམ། གདུལ་བྱའི། །བློ། སྣང་བ་དང་གསུམ་གྱི་ངོ་བོ་ལ། ། བརྟེན་ན། མཚོན་བྱེད་ཚིག་གིས་རྒྱུད་ཀྱིས་དབྱེ་བ་རྣམ་པར་བཞག །ནའང་། དོན་ལ་གཞི་ལམ་འབྲས་གསུམ་གྱི་ངོ་བོ་གཅིག་པ་ཡིན་ལ་གསུམ་གྱི་ངོ་བོ་རང་བྱུང་བ་དེ་ཡང་ཡང་། །གང་གིས་བྱས་ན་རང་ངོ་རང་གི་མ་ཤེས་པས། འཁྲུལ་པའི་སྣང་བས་ཕྱེ་བས་གཞི་ལམ་འབྲས་གསུམ་དུ་འགྱུར། ། པ། དེས་ན་འཁྲུལ་བའི་སྣང་བ་དང་གཞི་པོ་དག་ཏུ། །དབྱེ་ནས་བཤད་པ་ནི། རྒྱལ་བའི་ལུང་དང་བླ་མ་དམ་པའི་རིག་པས་བཀོད་པའི་མན་ངག་གིས་བསྟན་ཆོས་ཀུན་ལས་དེ་ཉིད་གསལ་བར་བཤད། །དོ། །ཞེས་འབྱུང་བས་ན། གཞི་དོན་བྱང་ཆུབ་ཀྱི་སེམས་རང་རིགས་པ་ཐམས་ཅད་ཉིད་འཁོར་འདས་ཀྱི་ཆོས་དུ་རྩལ་མ་འགག་པར་ཡུལ་མེད་དུ་རང་སྣང་བ་ནི། གཞི་རང་བཞིན་གྱིས་སྣང་བའི་ངེས་ཚིག་ཡིན་སྟེ། གཞི་དང་ལམ་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ་ལ། གཞི་དང་འབྲས་བུ་ངོ་བོ་བདག་གཅིག་པར་ཐམས་ཅད་དུ་འབྲེལ་ཅིང་གཞི་ལ་ཤེས་བྱ་ཡོན་ཏན་གྱི་དགོས་པ་ཐམས་ཅད་དུ་ཚང་བའི་ཕྱིར་རང་བཞིན་གྱི་རྒྱུད་ཀྱིས་ངེས་ཚིག་དུ་གསུངས་ལ་གཞིའི་དོན་དེ་ངེས་པར་སྟོན་པའང་འི་ཐེག་པ་བློའི་ཆེ་ཆུང་གི་རིམ་པས་ཕྱེ་བས་བསྟན་པ་ཐེག་པ་རིམ་དགུ་བྱེ་བྲག་ཏུ་སྣང་བ་རྣམས་ནི། གདུལ་བྱའི་སྣང་བའི་ངེས་ཚིག་རྣམས་ཡིན་ཏེ། འབྲེལ་པའི་གཞི་དང་རྗེས་སུ་མཐུན་ཅིང་དེའང་ལམ་དང་གཞི་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ་ལ་ལམ་དང་འབྲས་བུ་གཉིས་ཐོབ་བྱ་ཐོབ་བྱེད་དུ་འབྲེལ། ལམ་ལ་ཐམས་ཅད་བགྲོད་ཅིང་འགྲོ་བའི་ཡོན་ཏན་གྱི་དགོས་པ་ཚང་བའི་ཕྱིར་ལམ་གྱི་རྒྱུད་དོ། །ཀྱི་ངེས་ཚིག་ཏུ་བརྗོད། ལམ་བགྲོད་པ་དེ་མཐར་ཐུག་པ་ནི་འབྲས་བུ་དེ་ཡང་སྤང་བྱའི་སྒྲིབ་པ་བྲལ་དང་། རྟོགས་བྱའི་འབྲས་བུ་གསར་དུ་ཐོབ་པ་མེད་པའི་ས་ཡེ་གདོད་མ་ནས་གཞི་ངོ་བོ་ཉིད་དུ་འབྲས་བུ་རྣམ་གྲངས་རྣམས། ལྷུན་གྱིས་གྲུབ་པས་ན་དེ་ཉིད་རྟོགས་པའི་རིག་པ་ལ་སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་པ་དང་། སྣང་བ་ནི། དེ་པའི་སྣང་འི་ངེས་ཚིག་ཡིན་སྟེ། འབྲེལ་པ་ནི་གང་གིས་རྗེས་སུ་སྙག་པའི་ཕྱིར་འབྲས་བུ་དང་གཞི་གཉིས་ངོ་བོ་བདག་ཉིད་གཅིག་པར་འབྲེལ་ལ། འབྲས་བུ་དང་ལམ་གཉིས་ཐོབ་བྱ་ཐོབ་བྱེད་དུ་འབྲེལ་ཅིང་། འབྲས་བུ་ཐོབ་བྱ་ཡོན་ཏན་གྱི་དགོས་པ་ཚང་བས་འབྲས་བུའི་རྒྱུད་ཏེ་ཀྱི་ངེས་ཚིག་ཡིན། གཞི་ལམ་འབྲས་བུའི་སྣང་བ་དེ་དག་ངོ་བོ་ཉིད་གཅིག་པ་ལ། གཞི་ལམ་འབྲས་གསུམ་རིམ་པར་སྣང་བ་ནི། ཡུལ་ཡུལ་ཅན་ཀུན་ཏུ་བརྟག་པ་གཟུང་འཛིན་སྣ་ཚོགས་ཀྱི་རང་བཞིན་གྱིས་སྣང་བ་ལ་བསྒྲིབ་པ་དང་། དེ་ལམ་གྱི་སྤངས་པས་སངས་པ་དང་། འབྲས་བུའི་སྣང་བ་དང་གསུམ་དུ་ཕྱེ་བ་གང་ཡིན་པ་ནི། སྒྲིབ་བྱེད་ཀྱི་འཁྲུལ་པའི་སྣང་བར་གསུངས་པའི་ཕྱིར་ན་འབྲེལ་བ་དགོས་པ་དང་དགོས་པ་མེད་པས་སྣང་བ་ཡིན་ཡང་རྒྱུད་མ་ཡིན་པས་གསུམ་པོའི་ཞར་ལས་བཤད་པས་ན་སྣང་བ་བཞིར་ཕྱེ་བར་འགྱུར་རོ། །དེ་ལ་རང་གཞི་བཞིན་གྱིས་སྣང་བ་ནི། ལོག་རྟོག་འཁྲུལ་བའི་སྣང་བ་དང་སྦྱར་ཏེ་བཤད་ན་རྒྱས་པའི་གཞུང་ཉིད་ལ། རྣལ་མ་དོན་གྱི་ས་ཀུན་གཞིའི་རྣམ་པར་འཆར་བའི་ཤེས་པ་ཉིད་གསལ་ཆ་དེ་ཕྱི་ནང་གི་དངོས་པོ་སྣ་ཚོགས་པར་སྣང་སྟེ། ཞེས་འབྱུང་བས། རང་རིག་པའི་གནས་ལུགས་ཀྱིས་དབང་དུ་འཁོར་འདས་ཀྱི་ཆོས་ཅིར་ཡང་སྣང་བ་དེ་དག་ཉིད། རང་རིག་པ་ཉིད་ཀྱི་ཕྱིར་རྩལ་དུ་རང་སྣང་བའི། གཞིའི་སྣང་བ་དེ་ལ་ལམ་དང་འབྲས་བུའི་ཡོན་ཏན་ཚང་ཞིང་ལམ་དང་འབྲས་བུའི་རྒྱུད་གཉིས་ཀྱང་གནས་སྐབས་ལས་ཤེས་བྱ་ཤེས་བྱེད་དང་ངོ་བོ་བདག་ཉིད་གཅིག་པར་འབྲེལ་པས་ན་རྒྱུད་དེ། དེ་ཡང་གཞི་རང་བཞིན་གྱིས་སྣང་བའི་ཞར་ལས་བཤད་པའི་འཁྲུལ་པའི་ཉེས་པ་ལྔའི་རང་བཞིན་གྱིས་སྣང་བ་ལ། བསྒྲིབ་པས་དེ་དག་པར་བྱེད་པ་ལ་ལམ་ཐབས་གྲོལ་གཉིས་ལས་རག་ལས་པར་སྣང་ངོ་། །ཉེས་པ་ཉེས་པ་ལ་ལྔ་གང་ཡིན་སྙམ་པ་ལ་འཁྲུལ་པའི་རྒྱུ་རྐྱེན་བྱེད་པ་ངོ་བོ་དང་། འཁྲུལ་པ་དེའི་ཉེས་པ་དང་ལྔ་པོ་ནི། རྒྱལ་བས་རྒྱུད་ནས་གསུངས་སོ་ཞེས་འབྱུང་སྟེ། རྒྱུ་ནི་འདི་ཉིད་ཀྱི་གཞུང་ལས། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ལ། ངེས་ཤེས་མ་སྐྱེས་པ་ནི་ལྷན་ཅིག་སྐྱེ་པའི་མ་རིག་རྟོག་པའོ། །ཀུན་ཏུ་བརྟག་པའི་མ་རིག་པས་བདག་གཉིས་སུ། པའི་ཕྱིར་ཕྱི་ནང་གི་གཟུང་འཛིན་གཉིས་སུ་སྣང་བའི་རྐྱེན་གྱིས། ཉོན་མོངས་པ་སྐྱེ་བ་ལགས་སོ། །ཞེས་པ་དང་། རྐྱེན་ནི་རང་གི་སེམས་རྣམ་པར་རྟོག་པས་ཀུན་བརྟག་ཀྱི་ཉོན་མོངས་སྐྱེས་དེས། ལས་སྣ་ཚོགས་སུ་སྤྱད་པས་གློ་བུར་ཀྱི་ལུས་སུ་སྣང་བའི་ཕྱིར། སྤྲུལ་པའོ། །ཞེས་པ་དང་། བྱེད་པ་པོ་ནི་རྒྱས་པའི་ལེའུ་བཅོ་ལྔ་པ་ལས་སེམས་ཉིད། མ་བཅོས་པའི་དོན་དེ་ངོ་མ་ཤེས་པས་དག་མ་དག་གི། རྒྱུན་གྱི་སྐད་ཅིག་མ། །དེའི་མ་བྱས་པའི་དངོས་པོ་འཁོར་བའི་ཆོས་གང་ཡང་མེད། །དོ། །ཞེས་པ་དང་། ངོ་བོ་ནི་ལས་སྣ་ཚོགས་བསགས་པའི་སྟོབས་ཀྱིས་ལུས་བཟང་ན་དང་ལོངས་སྤྱོད་དང་། །ཆེ་ཆུང་། གནས་ལ་མཐོ་དམན་དང་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་ལ་སོགས་པ། །ར་བསྡུ་བ་ནི་ལས་ཉོན་ཏེ། གོང་གི་དེ་ལ་ནང་དུ་སེམས་བདག་དང་ཡུལ་བདག་གིར་སོ་སོར་འཛིན། །པའི་སྟོབས་ཀྱིས་འཁོར་རོ། །དེ་ཡང་གཤིས་ལ་མ་གྲུབ་པ་ན་བདག་དང་མ་རིག་པའི་ངར་འཛིན་པ་རྣམས་ཀྱིས་ཚོགས་བརྒྱད་བདག་གི་མྱོང་བའི་ཕུང་པོ་ལྔ་དང་། གཞན་འབྱུང་བ་ཡུལ་ལྟར་དུ་སྣང་བ་འདི་རྣམས་ནི། །སྡུག་བསྔལ་ཆོས་ཅན། ངོ་མ་ཤེས་པའི་དབང་གིས་ལོག་པར་རྟོག་པའི་ངོ་བོ་ཙམ་ཉིད་དུ་སྣང་བ་ལས། །དོན་ལ་ནི་ཉན་ཐོས་ལྟར་ཕྲ་ཞིང་རྡུལ་ཕྲན་དང་རང་རྒྱལ་ལྟར། ཟབ་པའང་འི་འདི་སྐད་ཅིག་དེ་མ་རང་རྒྱུད་དུ་ཡོད་པ་མ་ཡིན་ཏེ། །ཞེས་འབྱུང་ངོ་། །ཉེས་པ་ལའང་། གཉིས་ཏེ་སྡུག་བསྔལ་མྱོང་བའི་ཉེས་པ་ནི་རྒྱས་པ་ལས་འཁྲུལ་པའི་ཆོས་རྣམས་གཞི་ཡེ་གདོད་མ་ནས་དག་པར་གྱུར་ཡང་། །འཕྲུལ་པའི་རྒྱུ་གཟུང་འཛིན་ཕྱིན་ཅི་ལོག་གི་ཕྱོགས་སུ་བློ་ལོག་ནས། །འབྲས་བུ་ལོག་རྟོག་ཉིད་སྣང་བའི་གནས་མཐོ་དམན་དང་ལོངས་སྤྱོད་དང་། །ཆེ་ཆུང་དེ་དག་རྒྱུ་མ་རིག་པ་ལས་བྱུང་བའི་སྡུག་བསྔལ་གྱི་འཁྲུལ་འཁོར་བསམ་གྱིས་མི་ཁྱབ། །པ་མྱོང་ངོ་། །འཕགས་པའི་ལམ་དང་བྲལ་བའི་ཉེས་པ་ནི། ཡང་། རྒྱས་པ་ལས་འགྲོ་དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་ལ། །སེམས་ཚོགས་བརྒྱད་ཀྱི་ངོ་བོ་ཡེ་ཤེས་ལྔའི་ཀུན་ལ་ཁྱབ་ཀྱང་། །རང་གི་རྣམ་པར་རྟོག་པས་སྒྲིབ་པར་བྱས་ནས། །ཡེ་ཤེས་ལྔའི་ཡིན་པ་དོན་དམ་ཉིད་མ་མཐོང་། ། ངོ་། །ཞེས་གསུངས་སོ། །འཁྲུལ་པ་སྒྲིབ་པ་དེའི་ཕྱིར་གཉེན་པོ། གཞི་ལམ་གྱི་རང་གི་ངོ་བོ་ཉིད་སྒྲིབ་པ་དང་བྲལ་བར་མངོན་སུམ་དུ་བྱས་པ་ལ་ཐ་སྙད་དུ་འབྲས་བུར་ཞེས་མིང་འདོགས་ཀྱང་གཞི་ལམ་འབྲས་བུ་གསུམ་དོན་གྱི་ངོ་བོ་ཉིད་ན ི་དབྱེར་མེད་པས་གཅིག་སྟེ། ལམ་རིམ་ལས་དེ་ཉིད་ལམ་གྱི་ངོ་བོ་སྟེ། འཇུག་ནས་འབྱིན་པས་ཕྱེ་བ་ཡིན། །ཞེས་སོ། །གཞི་རང་བཞིན་གྱི་རྒྱུད་ནི། ལམ་དང་འབྲས་བུ་ཐམས་ཅད་ཀྱི་ཐ་སྙད་གདག་པའི་གཞིར་གྱུར་པའི་ཕྱིར། རྒྱས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་དེ་ནི་རང་བཞིན་གྱིས་སྒྲོ་བཀུར་དང་བྲལ་བར་ངེས་པས། ལུང་གི་ཚད་མར་བཤད་དོ། །དེ་ཚད་མ་རྟོགས་པ་གཞིའམ་མཉམ་པ་བཞིས་གཏན་ལ་ཕབས་པའི་དོན་ཡིན་ཏེ། སྣོད་བཅུད་རྒྱུད་རྣམས་ཡབ་ཡུམ་ཡེ་ཤེས་སུ། དག་པ་གསུམ་གྱི་ཚུལ་དུ་རང་ལ་གནས་ཤིང་། དེ་དག་མཚན་བྱེད་ཡིག་འབྲུ་ལྔའི་ངོ་བོར་འདུས་པའི་ཕྱིར་དེ་ཉིད་རྩལ་མ་འགག་པར། ཐབས་ཆེན་དེ་ཉིད། འགྲོ་བ་དྲུག་པོ་ཀུན་ལ་རང་བཞིན་ངམ་ཤུགས་ཀྱི་གནས་སོ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་གསུངས་སོ། །གཉིས་པ་འབྲས་བུ། འབྲས་བུ་ཐོབ་ཚུལ་དང་སྦྱར་ཏེ་བཤད་ན། གཞི་དང་འི་ཉེས་པ་མ་རིག་པ། ལམ་གྱི་ཉེས་པ་ཤེས་སྒྲིབ་རྩོལ་བ། གཉིས་ཟད་པ་གང་ཡིན་པ་དེ་ནི། བདེ་གཤེགས་པའི་སྣང་བའི་ཡིན་པ་ཕྱིར་འབྲས་བུ་ཞེས་བྱའོ། །དེ་ཡང་། རང་བཞིན་དང་འབྲས་བུ་གཉིས། ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པ། འབྲས་བུ་དང་ལམ་གཉིས་བྱིན་རླབས་ཀྱི་འབྲེལ་པ་དང་སྟེ་ཐོབ་བྱ་ཐོབ་བྱེད་དུ་འབྲེལ་པ། བདག་དོན་ཆོས་སྐུ་རང་གཟུགས་སྐུ་གཞན་གྱི་དགོས་པ་ཕུན་སུམ་ཚོགས་པའི་ཐོབ་པ། ཕྱིར་རྒྱུད་དོ། །བྱེ་བྲག་ཏུ་བཤད་པ་དེ་ལ་གྲངས་གཉིས་སུ་འབྲེལ་ཏེ་དེ་ལ་དང་པོ་འབྲས་བུའི་ངོ་བོ་ནི། མཚན་ཉིད་གཅིག་དང་དུ་མ་འདི་འདྲར་གནས་སོ་ཞེས་བརྗོད་པར་དཀའ་ན། ཡང་གདུལ་བྱ་རྨོངས་པ་རྣམས་ཀྱི་དོན་དུ་གྲངས་རྒྱས་པར་བསམ་གྱིས་མི་ཁྱབ་ཀྱང་། མདོར་སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་སྟེ། ཉི་ཤུ་རྩ་ལྔར་བསྡུ་བར་མཛད་དོ། །གཉིས་པ་དེ་ཐོབ་པའི་ཚུལ་ནི། གཉེན་པོ་ལམ་གྱི་ལྟ་བ་གཏན་ཚིགས་དང་། བསྒོམས་པའི་རྩོལ་བ་ཉེས་པ་དང་གཉིས་ཟད་པའི་དུས་ན། གཞན་ནས་མ་བྱུང་སྟེ་གཞིའི་དོན་རང་རིག་པའི་མངོན་སུམ་དུ་སྣང་བ་ལ་འབྲས་བུ་འདོགས་པའི་ཕྱིར། འདི་ཉིད་ཀྱི་གཞུང་ལས། སེམས་ཉིད་ཅིར་ཡང་མ་ཡིན་པ་ལ་ཅིར་ཡང་སྣང་བ་ངོ་མཚར་བའི་ཆོ་འཕྲུལ་སྐུ་རིགས་རྒྱན་འཁོར་ཉི་ཤུ་རྩ་ལྔར་ལྷུན་གྱི་གྲུབ་པས་ན། རྨད་ཀྱི་ཆོས། །སོ། །དེ་དག་གཞན་ནས་ཡོད་པ་གཅིག་པར་དུ་འོང་བ་ནི་མ་ཡིན་ཏེ། །འོ་ན་གང་ལས་བྱུང་ཞེ་ན་ཐབས་འགགས་པ་མེད་པ་ལ་བརྟེན་པའི་ཤེས་རབ་རང་བཞིན་མེད་པ་དང་ཐ་དད་མེད་པ་ཉིད། །མཐར་ཕྱིན་པའོ། །དཔག་བསམ་ཤིང་དང་། རིན་པོ་ཆེ་ལ་དགོས་འདོད་འབྱུང་བ་དེ་ལྟ་བུའི་རྒྱུ་འབྲས་གཉིས་སུ་མེད་པའི་ངང་དུ་རང་བྱུང་། ། བའོ། །ཞེས་པ་དང་། ཡང་རྒྱས་པ་ལས། སེམས་ཅན་གྱི་དུས་ནའང་། རྒྱུ་འབྲས་སངས་རྒྱས་ཀྱི་དགོངས་པ་རང་ཆས་སུ་དབྱེར་མེད་ཡེ་ནས་གནས་པས་དུས་ལ་སྔ་ཕྱི་ཡོད་པ་མ་ཡིན་པར། དེ་བས་ཡེ་ནས་པ་གནས་པའི་འབྲས་བུ་ཤེས་ཤིང་ཐོབ་པར་བྱེད་པས་ལམ་དུ་གྱུར་པར་བྱས་ནས་རྒྱུ་འབྲས། དུས་གཅིག་ངོ་བོ་མཉམ་པར་སྦྱོར་བའོ། །ཞེས་པ་ལ་སོགས་པ་གསུངས་སོ། །གསུམ་པ་གདུལ་བྱ་ལམ་གྱིས་སྣང་བ་ནི། ལམ་སྐྱེ་ན་ཡི་གེའི་རྒྱུད་དང་སྦྱར་ཏེ་བཤད་ན། གཞི་དོན་དེ་དག་ཤེས་པར་བྱེད་པ་དང་འབྲས་བུ་བསྒྲུབ་པར་བྱེད་པ་ལ་ལམ་དུ་བཏགས་ཏེ། དེའང་བློའི་ཤེས་རབ་ཆེ་ཆུང་གི་བྱེ་བྲག་གིས་ཕྱེ་བས་ཐེག་པ་རིམ་པ་དགུ་ཐ་དད་པར་སྣང་བ་ཁོ་ནའོ། །དེ་ལ་དྲུག་སྟེ་རྒྱུད་ཀྱི་ངོ་བོ་དང་ངེས་ཚིག་དང་དགོས་ཆེད་དང་བྱུང་ཚུལ་དང་རྒྱུད་དོན་དུ་གཉེར་བ་དང་རྒྱུད་བཤད་ཐབས་ཀྱི་དབྱེ་བའོ། །ཞེས་པའོ། །དང་པོ་རྒྱུད་ཀྱི་ངོ་བོ་ལ་གསུམ་སྟེ། ཕྱག་ན་རྡོ་རྗེས་དབང་བསྐུར་བའི་རྒྱུད་ལ་སོགས་པ་བྱ་བའི་རྒྱུད་དང་། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལ་སོགས་པ་སྐོར་ཐུབ་པའི་རྒྱུད་དང་རྣལ་འབྱོར་ནང་པ་ཐབས་ཀྱི་ཐེག་པའི་རྒྱུད་དོ། །ནང་པའི་རྒྱུད་དེ་ལ་ཡང་གསུམ་སྟེ། དཔལ་གསང་བ་འདུས་པའི་རྒྱུད་ལ་སོགས་པ་ཐབས་ཀྱི་རྒྱུད་དང་། དཔལ་བདེ་བ་མཆོག་གི་རྒྱུད་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་དང་། དཔལ་སངས་རྒྱས་འབྱུང་བའི་རྒྱུད་ལ་སོགས་པ་གཉིས་མེད་མ་ནིང་གི་རྒྱུད་དོ། །དེ་ལ་དཔལ་གསང་བའི་སྙིང་པོ་འདི་ནི། རྒྱུད་ཐམས་ཅད་ཀྱི་བརྗོད་བྱའི་དོན་དང་བརྗོད་བྱ་ལའང་རྒྱུ་མཚན་ཉིད་དང་འབྲས་བུ་གསང་སྔགས་ཕྱི་ནང་གི་དོན་ཀུན་ཚང་བར་འབྱུང་བའི་ཕྱིར། རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཡིན་པར་རྩ་རྒྱུད་ཀྱི་ལེའུ་ཐ་མ་དང་། རྒྱས་པའི་ལེའུ་བདུན་པ་ལས་གསུངས་སོ། །རྒྱུད་ཀྱི་ངེས་ཚིག་ནི། ཤེས་བྱ་རང་བཞིན་གྱི་རྒྱུད་དང་ཐོབ་བྱ་འབྲས་བུའི་རྒྱུད་དང་རྣམ་པ་གཉིས་ལས། །དེ་གཉིས་ཤེས་པར་བྱེད་པ་དང་ཐོབ་པར་བྱེད་པ་ལའི་དེའི་མིང་གི་ལམ་གྱིས་རྒྱུད་དུ་བརྟག་པའི་དོན་གྱི་གཞན་ལས་ཐོབ་པའི་ངེས་ཚིག་གཉིས། །སོ། །ལམ་རྒྱུད་དེ་འབྱུང་བར་བྱེད་པ་ལ་རྒྱུ་གླེང་གཞི་རྐྱེན་གླེང་བསླང་དང་དེ་ལྟར་ཐབས་བྱུང་དང་རྒྱུ་དང་འབྲས་བུར་འབྲེལ་པ་དང་དེ་ལ་དགོས་པ་དངོས་པོ་མེད་རྫོགས་པའི་ཕྱིར། །ན། ལམ་གྱིས་རྒྱུད་རང་གིས་ཐོབ་པའི་ངེས་ཚིག་བཞི་རུ་འགྱུར། །རོ། །ཞེས་འབྱུང་བས་གོ་སླའོ། །དགོས་ཆེད་ནི། གཞི་རང་བཞིན་གྱི་རྒྱུད་ཆོས་ཉིད་མི་འགྱུར་བའི་དོན་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གྲུབ་པ་དེ། ལམ་གྱི་རྒྱུད་ཐབས་ཤེས་མ་ནིང་གསུམ་གྱི་ཕྱིན་ཅི་མ་ལོག་པར་མངོན་གསུམ་དུ་ཡོངས་སུ་གྲུབ་པར་བྱ་བ་དང་། དེས་ཐོབ་བྱ་འབྲས་བུའི་རྒྱུད་མངོན་གསུམ་དུ་སྣང་བར་བྱེད་པའི་ཕྱིར་རོ། །དང་པོ་ཇི་ལྟར་བྱུང་བའི་ཚུལ་ནི་རྒྱལ་བ་དྲུག་པའི་སྟོན་པ་ལ་རྩོལ་མེད་དུ་ལྷུན་གྱིས་གྲུབ་པའི་ས་ཐུགས་རྗེ་སྐྱེ་བ་ཐབས་དང་གདུལ་བྱའི། སྨོན་ལམ་གྱི་གོ་ཕྱེ་ནས་ལེའུ་དང་པོར་རྒྱུ་གླེང་གཞི་སྣང་བར་མཛད་ལེའུ་གཉིས་པར་རྐྱེན་གླེང་བསླང་སྦྱར་ལེའུ་གསུམ་པར་ཐུན་མོང་བཅའ་གཞིའི་སྟོན་པ་ཐུབ་པ་དྲུག་སྣང་བར་མཛད་དེ། ཐུན་མོང་མ་ཡིན་པར་འོག་མིན་དུ་གསུངས་པ་དང་། མི་ཡུལ་དུ་ཐུན་མོང་བ་གསུངས་པ་རྣམས་དང་། ཡང་ན་ཐུབ་པས་ཐུན་མོང་དང་ཐུན་མོང་མ་ཡིན་པ་གསུངས་པ་རྣམས་དུས་མཚུངས་པར་ཐེག་པ་ཐ་དད་པར་སྣང་བའི་མདོའམ་རྒྱུད་རྣམས་འབྱུང་ངོ་། །གཉེན་བྱ་དོན་གྱི་ངོ་བོ་དེ་ནི་གཞིའི་རྒྱུད་མི་འགྱུར་བ་དང་། ལམ་ངོ་བོའི་རྒྱུད་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་གཉིས་དང་། གདུལ་བྱ་ཐ་མལ་པའི་བློ་ཆུང་བ་རྣམས་ལམ་ལ་བྲོད་པ་བསྐྱེད་པའི་ཕྱིར་ཐོབ་བྱ་འབྲས་བུའི་ཆོས་རྣམས་ཀྱི་མཚན་ཉིད་བརྗོད་པའི་གཉེར་ཡོད་པའོ། །རྒྱུད་ཀྱི་ཁོག་གཞུང་བཤད་པའི་ཐབས་ནི། གདུལ་བྱ་དབང་པོ་རབ་འབྲིང་ཐ་མ་གསུམ་གྱིས་དོན་དུ། རྒྱུད་དོན་བཤད་ཐབས་མཚན་བསྟན་རྣམ་དབྱེ་འབྲུ་གཉེར་གསུམ་མོ། །གསུམ་པོ་དེ་ལ་དང་པོ་རབ་ཀྱིས་དོན་དུ་རྒྱུད་ཀྱིས་མཚན་བཤད་པ་ས་གོ་བ་ལ་ཡང་། རྒྱུད་འདིར་གསུམ་སྟེ་རྒྱུད་དང་དཀྱིལ་འཁོར་གྱིས་ངོ་བོ་དང་འཆད་པའི་སྐྱེས་བུའི་མཚན་ཐུན་མོང་དུ་བཏགས་པ་ནི། སྟོན་པ་རྡོ་རྗེ་སེམས་དཔའི་བསྟན་པ་སྒྱུ་འཕྲུལ་དྲྭ་བའོ། །ཆེ་བ་ལས་མཚན་དུ་བཏགས་པ་ནི། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱིས་ལུང་གི་སྤྱིའོ། །བརྗོད་བྱ་དོན་གྱི་ངོ་བོ་ཉིད་ལས་མཚན་དུ་བཏགས་པ་ནི། བོད་སྐད་དུ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་སྨོས་པ་སྟེ། དེ་ལ་གསང་བ་ལ་གསུམ་སྟེ། རང་བཞིན་དུ་གནས་ལུགས་སྦས་པ་དང་སྤྱོད་པའི་ཁྱད་པར། རྒྱུད་དོན་གབ་པའོ། །དེ་ལ་དང་པོ། རང་བཞིན་གྱིས་གསང་བ་ནི་གཞུང་ཉིད་ལས། ཨེ་མའོ་དོན་དམ་ཡེ་ནས་གསང་བའི་ཆོས། །ཀུན་རྫོབ་སྣ་ཚོགས་སྣང་ལ་རང་བཞིན་གསང་། །བདེན་པ་དབྱེར་མེད་ངོ་བོ་ཉིད་ཀྱི་རབ་ཏུ་གསང་། །འབྲས་བུ་རང་ལ་གནས་པས་སྤྱོད་ཡུལ་དང་བྲལ་བ་གཞན་དུ་མིན་ལ་ཤིན་ཏུ་གསང་། །ཞེས་འབྱུང་སྟེ། དང་པོ་ཡེ་ནས་གསང་བའི་ངོ་བོ་ནི་སྣང་སྟོང་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ལ་ཆེ་བའི་ཡོན་ཏན་གྱིས་ཆོས་སྐོར་བདུན་རིལ་ལྷུན་གྱིས་གྲུབ་པའི་དོན་དེ་འགྲོ་བ་ཐམས་ཅད་ལ་རང་ཆས་སུ་ཡོད་ཀྱང་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས་པས་རང་རིགས་ལ་ངེས་པའི་ཤེས་པ་མ་སྐྱེས་པ་ཁོ་ན་ལ་བྱའོ། །གཉིས་པ། རང་བཞིན་གྱི་གསང་བའི་ངོ་བོ་ནི། རང་བྱུང་ཡེ་ཤེས་དེ་ཉིད་རང་སྣང་བའི་ཀུན་རྫོབ་སྣ་ཚོགས་སྣང་བའི་དངོས་པོ་འབྲས་བུ་སྐུ་གསུང་ཐུགས་ཀྱི་རང་བཞིན་རིལ་མི་ཟད་པ་རྒྱན་གྱི་འཁོར་ལོ་རང་བཞིན་གྱིས་རྒྱུད་དུ་གནས་པ་ལ་དངོས་པོ་རང་ཁ་མར་ཀུན་ཏུ་བརྟག་པས་དོན་སྐུ་ཡེ་ཤེས་བསྒྲིབ་པའོ། །བས་གསང་བ། གསུམ་པ། ངོ་བོ་གསང་བ་ནི། ཤེས་བྱ་རང་བཞིན་གྱི་རྒྱུད་ཀྱི་ངོ་བོ་ཉིད་ཀྱི་དོན་ལ་ཡུལ་སེམས་དང་རྒྱུ་འབྲས་དང་། བདེན་པ་གཉིས་སོ། །ཐ་དད་དུ་དབྱེ་བ་ལས་གྲོལ་ཏེ་ཐམས་ཅད་རིག་པ་རང་སྣང་བའི་ཕྱིར་དབྱེར་མེད་ཀྱིས་དོན་རང་གི་ངོ་བོ་ཉིད་བློ་ཡུལ་དུ་བྱ་བར་མ་དམིགས་པ་ཁོ་ནའོ། །ཡིན་ཀྱང་སྣང་སྟོང་ཐ་དད་དུ་བཟུང་བས་ངོ་མ་ཤེས་པ་རབ་ཏུ་གསང་བ། བཞི་པ། ཤིན་ཏུ་གསང་བ་ནི། སའི་ངོ་བོ། འབྲས་བུའི་རྒྱུད་བསྒྲུབ་པར་བྱ་བ་དེ་རང་གི་སེམས་ལས་གུད་ན་སྟེ་གཞན་དུ་མེད་ཀྱང་། ཉོན་མོངས་པ་དུག་གསུམ་མམ། མ་རིག་པ་དང་དེའི་གཉེན་པོ་ཤེས་བྱ་དང་། འོག་མའི་ལྟ་བའི་ལ་ཞེན་པས་གོང་མས་དོན་ལ་སྒྲིབ་པས་ན་ཤིན་ཏུ་གསང་བ་དེ་བས་གཞན་དུ་ཚོལ་ཡང་། འབྲས་བུའི་ཆེ་ཡོན་ཐམས་ཅད་རང་རིག་པ་ལ་སྣང་བ་ཁོ་ནའོ། །སྦས་པའི་གསང་བའི་ངོ་བོ་ནི། གབ་སྤས་ན་སྤྱོད་པའི་ཁྱད་པར་མི་སྤང་བ་ལྔ། དམ་རྫས་ལྔ། འདོད་ཡོན་ལྔ་སྟེ། ལྔ་ཕྲག་གསུམ་དང་། སྟ་ན་སྒྲོལ་བ་གྷ་ན་དང་སྦྱོར་བ། སྔགས་ཀྱིས་སྤངས་པར་བྱ་བ་མེད་པ་ལ་སོགས་པའི་སྒྲས་རྫུན་མ་བྱིན་ལེན་ངག་བརླང་པོ། རྣམས་དགག་སྒྲུབ་མེད་པའི་ལྟ་བ་དང་བླང་དོར་མེད་པའི་སྤྱོད་པ་མ་གོ། །འབྲེལ་པ་དང་། གཟོད་སྔགས་ཀྱིས་སྤྱོད་པ་ལ་འཇུག་པར་གསུང་པ་དེ་དག་གང་ལ་སྦས་ན། སྤྱད་ཀྱང་མི་གསོ་བའི་༼ཀ༽སྔགས་ཀྱི་མན་ངག་མེད་པ་དང་། དོན་མ་རྟོགས་པར་༼ ཁ༽སྒྲ་ཅི་བཞིན་སྤྱོད་པའི་སྔགས་ལ་ལོག་པ་རུ་ཏྲ་དང་ཕྱི་རོལ་པ་རྣམས་ཀྱིས་རང་ཁ་མར་སྤྱད་ན་ཤིན་ཏུ་ལྟུང་བའི་ཉེས་པ་ཆེ་བས་ཚུལ་ཅི་ལྟར་དུ་སྦས་ན་ལུས་ངག་གི་བདར་སྦས་ནས་སོ་གང་གིས་འབྱིན་ན། གསང་སྔགས་ཀྱིས་མན་ངག་དང་ལྡན་པ་གཅིག་གིས་བསྟན་དགོས་པ་སྟེ། རྒྱས་པའི་གཞུང་ལས། དབུ་མ་པ་༼ ཀ༽ཁ་གཅིག་ལྟ་བ་སྟོད་ཐོག་ཏུ་མཉམ་པར་གནས་ཀྱང་། སྤྱོད་པ་རྫོགས་པར་མ་བྱས་པས་བསྐལ་པ་གྲངས་མེད་དུ་ཐོག་པ་དང་། ཞེས་པ་ལ་སོགས་པ་དང་། ཉན་རང་། ཀུན་འདུས་ལས། མུ་སྟེགས་ཁ་ཅིག་༼ ཁ༽མཉམ་པའི་དོན་ཉིད་མ་རྟོག་པར་སྦྱོད་པ་བྱས་ཀྱང་ཕལ་ཆེར་ངན་སོང་དུ་འགྲོའོ། །ཞེས་འབྱུང་བ་ལ་སོགས་པའི་མུ་སྟེགས་པ་ཁ་ཅིག་སྤྱོད་པར་རྫོགས་བྱེད་ཀྱང་། མཉམ་པའི་ལྟ་བ་ཡོངས་མི་ཤེས། ཞེས་གསུངས་དོན་གྱི་སྣོད་མེད་ལ་གསང་དགོས་པའི་ཕྱིར་ལུས་བརྡ་དང་ངག་བརྡ་སྣ་ཚོགས་སུ་རྔམ་གློག་དང་ཀུན་འདུལ་ལས། གསུངས་སོ། །ཞེས་འབྱུང་ངོ་། །གབ་པའི་གསང་བ་ནི་ངོ་བོ་གང་ན་གབ་ན་ལམ་རྐྱེན་གྱི་༼ ཀ༽རྒྱུད་ཀྱི་དོན་ཕུན་སུམ་ཚོགས་པ་དང་། དངོས་པོ་ལྔ། རང་བཞིན་གྱིས་༼ཁ༽རྒྱུད་དོན་གཞི་འབྲས་རྣམས་གང་ལ་གབ་ན་འགྲོ་དྲུག །༼ཁ༽འཁྲུལ་པ་ཅན་དང་མན་ངག་ལ་མ་ལྟོས་པར་རས་ཆོད་བྱེད་པ་རྣམས་ལ་ཚུལ་ཅི་ལྟར་ན་རྒྱུད་འཁྲུག །ལུང་གཅུས་མན་ངག་གབ་པ་དེ་ལམ་རྐྱེན་དང་རང་བཞིན་གྱི་རྒྱུད་དེ་གཉིས་གང་གི་འབྱིན་ན་ལུང་མན་ངག་གི་ཚད་མ་གཉིས་ཀྱིས། བདག་པོས་རྒྱུད་ཀྱི་སྟོན་པ་དང་སློབ་དཔོན་གྱི་འབྱིན་པའོ། །སྙིང་པོ་ཞེས་བྱ་བ་ལ་གསུམ་སྟེ། དེ་ལ་དང་པོ། ཐེག་པ་ཐམས་ཅད་འབྱུང་བའི་རྒྱུ་སྙིང་པོ་ནི། མངོན་སུམ་དུ་རྒྱུད་འདིའི་བྱིན་བརླབས་ཀྱིས་བསྟན་པ་སྟེ། ཡིན། གདུལ་བྱ་ལས་ཐ་མའི་པ་མཐར་ལམ་བའི་ཤེས་སྒྲིབ་སྦྱངས་བ་དོན་དུ་རྒྱུད་འདི་སྟོན་པས་བསྟན་པར་མཛད་པས་རང་དོན་དུ་རྟོགས་ནས་གཞན་དོན་དུ་རྒྱུད་འདི་ཞུ་བའི་གོ་ཕྱེ་ནས་གདུལ་བྱ་མཐའ་དག་གི་དོན་དུ་ཐེག་པ། ཐམས་ཅད་ཀྱང་འབྱུང་བ་སྟེ་ཡིན་གཞུང་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་པ་ནས། འབེབ་པར་སྣང་བའི་ཕྱིར་ཐེག་པ་ཀུན་གྱིས་འབྱུང་གནས་མཐར་ཐུག་པའོ། །གཉིས་པ་ཐེག་པ་དགུ་པོ་ཀུན་གྱི་འབྲས་བུའི་སྙིང་པོ་ནི། ཐེག་པའི་སྒོ་ཀུན་ནས་བསྒྲུབ་པའི་མཐའ་ར་ཐུག་རང་བཞིན་གསང་བའི་སྙིང་པོ་འདི་ཉིད་མངོན་དུ་བྱེད་དགོས་པའི་ཕྱིར། གཞུང་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་ལ་སོགས་ཐེག་པ་གཞིའི་ངེས་འབྱུང་ལ་ཐེག་པ་གཅིག་གི་འབྲས་བུར་གནས། ཞེས་པས་སྟོན་པའོ། །གསུམ་པ་ཆོས་ཐམས་ཅད་ཀྱི་བཅུད་འདུས་པས་དོན་གྱིས་སྙིང་པོ་ཡིན་པ་ནི། ཤེས་བྱེད་དག་མཉམ་རྟོགས་གཞིའི་གཏན་ཚིགས་ཀྱི་སྒོ་གང་ནས་རྨལ་གཞིག་བརྟགས་གཏན་ལ་ཕབ་ནས། ཡང་། མཐར་གཏུགས་པ་ངེས་པའི་དགོངས་པའི་སྤྱོད་ཡུལ་ནི་རྟོག་ཚོགས་སུ་ཕུང་ཁམས་སྐྱེ་མཆེད་བརྟག་པ་རིལ་ཏེ་ཐམས་ཅད་འབྲས་བུ་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་ཀྱིས་དཀྱིལ་འཁོར་སངས་རྒྱས་པས་ར་གསལ་བ་འཁོར་བའི་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་ཀར་དག་པ་སྟེ། རྒྱས་པའི་གཞུང་ལས། ཤེས་བྱ་དོན་གྱི་བཅུད་བཏུས་པས། གསུང་རབ་སྟེ་ངེས་པའི་ལུང་ལྷ་བཞི་བཅུ་གཉིས། །སུ་སངས་རྒྱས་པ། དེ་ལས་ལྷག་པའི་དོན་དུ་སྨྲ་བ། །དེ་ནི་རྣམ་པར་དག་པའི་ལམ་མིན་ཏེ། །རང་གིས་བློ་བསམ་པས་ནི་འཁྲུལ་པ་ཡིན། །ནོ་ཞེས། ཞེས་པ་དང་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འི་དོན་འདི་ལས་ལྷག་པ་གཞན་མི་མངའ། །འོ། །ཞེས་གསུངས་པའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ལ་གསུམ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། རྒྱུའི་འབྲས་བུའི་གཉིས་སུ་མེད་པའི། དེ་ཁོ་ན་ཉིད་ཀྱིས་ངོ་བོ་ངོས་གཟུང་བའི་གནས་སྐབས་ཀྱིས་གསུམ་དུ་འགྱུར་ཏེ། ཞེས་པས། ཕུང་པོ་ལ་སོགས་པའི་རྟོག་ཚོགས་རིལ་རང་གི་རིག་པ་ལས་མི་གཞན་པའི་ཕྱིར་སེམས་ཡིན་ལ། དེ་ཉིད་ལ་སྣང་སྟོང་ཐ་དད་པ་གཉིས་དང་བྲལ་བའི་རང་བྱུང་ཡེ་ཤེས་དཀྱིལ་འཁོར་རྟོགས་པའི་ངང་ལ་བློ་མ་བཅོས་པར་བཞག་པ་ནི་མ་བཅོས་པའི་དེ་ཁོ་ན་ཉིད་དེ། སྐབས་ཀྱི་བཞག་པ་ལས་འབྲས་བུ་འབྱུང་བས་ནི། རྒྱུའི་དེ་ཁོ་ན་ཉིད་དེ་ཞེས་འདོགས་སོ། །དེ་ཉིད་ལ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་འི་དཀྱིལ་འཁོར། མང་པོར་སྣང་བ་མངོན་སུམ་དུ་འབྱུང་བ་ནི། མ་ནོར་བའི་དེ་ཁོ་ན་ཉིད་དེ་རྒྱུ་འབྲས་ཀྱི། སྤྲོས་པ་ལ་དགའ་བ་རྣམས་ཀྱིས་འབྲས་བུའི་དེ་ཁོ་ན་ཉིད་ཞེས་འདོགས་སོ། །འབྲས་བུ་དེ་དག་ཀྱང་མངོན་པར་ཞེན་པའི་སྒྲིབ་པ་དག་པའི་སྐབས་ལས་བྱུང་བ་མ་རྟོགས་པ་རྒྱུ་ལས་འབྲས་བུ་གཞན་མ་ཡིན་པ་ནི་དེ་གཞན་མ་ཡིན་པ་ཁོ་ན་ཉིད་དེ་ངོ་བོ་ལ་རྒྱུ་འབྲས་ཀྱིས་དབྱེ་བ་མ་གྲུབ་པས་རྒྱུ་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དོ། །ཞེས་བྱའོ། །ངེས་པ་ཞེས་བྱ་བ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས་གཞི་དང་ར་ངེས་པ་ལམ་དང་དུ་ངེས་པ་འབྲས་བུའི་ངོ་བོ་ཡིས། །ངེས་པ་རྣམ་པ་གསུམ་དུ་བཤད། །ཅེས་པས། རྒྱུད་ཀྱི་གཞི་ནི་ར་ངེས་པ་རང་བཞིན་གསང་བའི་སྙིང་པོ་སྟེ། རང་བཞིན་གྱི་སྒྲོ་སྐུར་དང་བྲལ་བར་ངེས་པའོ། །དེ་ཡི་གེའི་རྒྱུད་འདིས་ངེས་པར་སྟོན་པའི་ཕྱིར། གཞུང་ལས། ཡོད་པ་སྒྲོ་འདོགས་དང་མེད་པ་སྐུར་པ་འདེབས་པའི་མཐའ་གཉིས་ཞི་བའི་རང་བཞིན་གསང་བའི་སྙིང་པོ་དེ་ཁོ་ན། ཉིད་དེ་ངེས་པའི་དབྱིངས་ནས་གནས་ལུགས་ཕྱུངས། །ངོ་། ཞེས་གསུངས་སོ། །ལམ་དུ་ངེས་པ་ནི་འདིའི་ལུགས་ཀྱིས་ཡེ་ནས་གནས་པའི་འབྲས་བུ་ཉིད་ངེས་པར་མ་ནོར་རྟོགས་པའི་ལམ་དུ་བྱེད་པའི་ཕྱིར་ཡང་ལམ་རྐྱེན་འདི་ནི་གསང་ཆེན་ངེས་པའི། འབྲས་བུ་ཉིད་ལམ་དུ་བྱེད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །འབྲས་བུ་ངེས་པ་ནི་རྒྱུད་འདིར་རང་གི་ངོ་བོ་དེ་བཞིན་གཤེགས་པའི་དགོངས་པ་མ་ལུས་པ་མངོན་སུམ་དུ་སྟོན་པའི་ཕྱིར། འདི་ཉིད་ལས་དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་ལྷག་མ་མ་ལུས་པ་ལ། དོན་འདི་ལས་གསང་བ འི་ར་བྱ་བ་ངེས་དོན་མེད་དོ། །ཞེས་གསུངས་པས། དྲང་དོན་ངེས་དོན་གཉིས་ལས། གསང་སྔགས་རྟོགས་པའི་སྐལ་པའི་ལས་ཅན་ལ་དབང་རྣོན་ཡང་རབ་ངེས་པའི་དོན་དུ་གསུངས་པས་ངེས་པའོ། །སྤྲོས་པ་ལ་དགའ་བ་དབང་པོ་འབྲིང་གི་དོན་དུ། རྒྱུད་ཀྱི་དོན་རྣམས་དབྱེ་བ་ལྔ་སྟེ། རྒྱུད་ཀྱི་རྒྱུ་དང་གླེང་གཞི་རྐྱེན་དང་གླེང་བསླང་ཡོངས་སུ་ཤེས་པར་བྱ་བ་དང་འི་དངོས་པོ་ལྔ་དགོས་འབྲེལ་དང་བཞི་རྒྱུད་དོན་ཡོངས་སུ་གཏད་པའོ། །དེ་ལ་རྒྱུད་འབྱུང་བའི་རྒྱུ། གླེང་གཞི་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། ཐུན་མོང་དང་གི་གླེང་གཞི་ཐུན་མོང་མ་ཡིན་པའོ། །བའི་གླེང་གཞི་ཐུན་མོང་གི་གླེང་གཞི་ལ་གཉིས་ཏེ། རྒྱུད་ཁྱད་པར་དང་ཅན་གྱི་གླེང་གཞི་བསྟན་པ་འབྱུང་བ་སྤྱིའི་གླེང་གཞིའོ། །རྒྱུད་ཁྱད་པར་གྱི་གླེང་གཞི་ལ་ཕུན་སུམ་ཚོགས་པ་དྲུག་གོ། །དེ་ལ་དང་པོ་སྟོན་པ་ལ། ངོ་བོ་དང་ནི་མདུན་བརྒྱབ་མེད་པ་ཞེས་སོགས། རང་བཞིན་དང་དེ་བཞིན་གཤེགས་པ་ཞེས་སོགས་འཆད་པའི་སྐྱེས་བུའོ། །ནི་རིགས་ལྔ་སྟེ་འདིར་རྡོར་སེམས་ཡིན་པ་གནས་ལ་རང་བཞིན་གསུམ་དང་འོག་ཅེས་སོགས་གནས་ཀྱི། གཞི་ཚད་མེད་པ་ཞེས་སོགས་གཞལ་ཡས་ཁང་དང་གཙོ་བོ་ལ་རྒྱུ་དང་དབྱིབས་དང་། སྒོ་དང་། རྟ་བབ། མི་འཇིགས་ཞེས་སོགས་གདན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅེས་སོགས་རྒྱན་དུ་མ་དང་བཅས་པའི་མཚན་ཉིད་དོ། །འཁོར་ལ་འང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་སོགས་སྟོན་པ་ཉིད་དང་རང་བཞིན་གཉིས་སུ་མེད་པའི་འཁོར་དང་རིགས་ལྔ་ཡབ་ཡུམ། དེ་ནས་བྱང་ཆུབ་ཆེན་པོ་ཞེས་སོགས་རིག་པ་ཁྱད་པར་ཅན་གྱི་འཁོར་དང་སེམས་དཔའ་ཡབ་ཡུམ། ཆོས་ཀྱི་དབྱིངས་ཞེས་སོགས་ཁྱབ་པ་དང་མང་བའི་ཚད་དང་དེ་དག་ཀུན་ཀྱང་ཞེས་སོགས་སྐུ་མདོག་དང་སྟོན་འཁོར་གནས་གསུམ་འཛོམས་པའི་དུས་དང་། སྡུད་པ་དང་པོ་ཕྱག་རྡོར་བསྟན་པའི་སྟོན་པའི་ཐུགས་ལ་གནས་པའོ། །ཡང་ན་འོག་ནས་འབྱུང་བའི་རྒྱུད་དོན་ནོ། །བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་གཞི་ལ་གཉིས་ཏེ། དེ་ནས་དེ་བཞིན་གཤེགས་པ་ཞེས་སོགས་རྒྱུ་དང་། ངོ་བོའོ། །ངོ་བོ་ལ་ཐུབ་པ་ཆེན་པོ་ཞེས་སོགས་སྟོན་པ་དང་ཐུབ་པ་དྲུག །འཐོན་ནས་ཀྱང་ཞེས་སོགས་ཞིང་ཁམས་དང་སྟོང་གསུམ་མཛད་པ་དང་འདུལ་བ་བཞི། འཁོར་གདུལ་བྱ་དང་འགྲོ་བ་ལྔ་དེ་དག་གིས་བསྟན་པའོ། །ནི་གསུང་གི་མཛད་པ་ཐེག་པ་ལྔ། རྒྱུད་ནོན་འབྱུང་བའི་རྐྱེན་གླེང་བསླང་བ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་གླེང་བསླང་བ། གསང་དབང་བསྐུར་བས་ལྷན་ཅིག་པའི་འཁོར་ལ་ཤེས་རབ་ཡེ་ཤེས་དང་དབྱེར་མེད་བདེ་བ་ཆེན་པོའི་དབང་གཉིས་ཀྱིས་དོན་དམ་རྟོགས་པའི་སྐབས་ཕྱེ་བ་དང་། གཉིས་པ་ཐུན་མོང་དུ་གླེང་བསླང་བ་ནི་དེ་ནས་དེ་ལ་ཞེས་སོགས་ཐུན་མིན་དང་ཐུན་མོང་གི་བསྟན་པ་ཐ་དག་བཤད་པར་ཞུས་པ་དང་དེ་ལ་ཐམས་ཅད་ཅེས་སོགས་སྟོན་པས་གནང་བའོ། །གསུམ་པའི་སྨད་ནས་ཉེར་གཅིག་གི་བར་ནི་རྒྱུད་རང་གི་ངོ་བོ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ཡིན་པ་དེ་དོན་བདུན་དུ་དབྱེ་སྟེ། རྡོ་རྗེ་ལས། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །ཕྲིན་ལས་བསྒྲུབ་པའི་ཐབས་ལམ་གྱི་རིམ་བ་དང་བདུན་གྱིས། །གསང་སྔགས་རྒྱུད་ཀྱི་དོན་དབྱེ་བ་བྱ། །ཞེས་པས་སྟོན་ཏེ། དེ་ལ་ལྟ་བ་ལ་གཞལ་བྱ་གཞལ་བའི་གཏན་ཚིག་ལ་དག་མཉམ་རྟོགས་གཞི་དང་། ངོ་བོའོ། །ནི་གྲུབ་མཐའ་བདེན་པ་དབྱེར་མེད་པ། སྤྱོད་པ་ལ་ལེའུ་དགུ་པའི་སྐབས་སུ་སྦྱར་ཏེ། དེའང་དེ་ཉིད་ནི་ཤེས་རབ་རང་བཞིན་མེད་པ་དང་མཐུན་པའི་སྤྱོད་པ་དང་། ཀུན་ཏིང་ནི་སྙིང་རྗེ་ཆེན་པོ་ཐབས་དང་མཐུན་པའི་སྤྱོད་པ་དང་། ཕྱག་རྒྱ་གཅིག་པ་ནི་རྣལ་འབྱོར་ཕྱོགས་གཅིག་པའི་སྤྱོད་པ་དང་སྤྲོས་པ་ནི་སྤྱོད་ཡུལ་ལྷ་དང་ལྷ་མོར་སྤྱོད་པ་དང་། ཚུལ་ཁྲིམས་ཚོགས་ཀྱི་སྤྱོད་པའོ། །ནི་ཡོ་བྱད་ལྔ་ལ་སྤྱོད་པ་སྟེ་རྒྱས་པར་བཅུ་གཅིག་པར་གསལ་བ་དཀྱིལ་འཁོར་ནི། རྒྱས་པའི་གཞུང་ལས། རྒྱུད་འདིར་ནི་གང་བསྟན་ན་གཞི་འབྲས་རང་བཞིན་གྱི་དཀྱིལ་འཁོར་དང་། །རིག་པ་རང་སྣང་བའི་ལྷ་རྟོག་གཟུགས་བརྙན་དང་ལས་དང་བྱ་བ། ལྷག་པའི་གཟུགས་བརྙན་དང་། །ཟུང་འཇུག་ཅིག་ཅར་དུ་རྟོགས་ཤིང་སྒོམས་པ་ཏིང་ངེ་འཛིན་དང་བསྒོམ་པའི་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། །ཕྱི་ནང་གསང་གསུམ་བྱང་ཆུབ་སེམས་དང་ཚོགས་མཆོག་སྒྲུབ་པ་ཞི་ཁྲོའི་དཀྱིལ་འཁོར་དང་བདུན་བསྟན། །ནོ། །ཞེས་གསུངས་སོ། །དེ་ལས་རང་བཞིན་ལའང་གཉིས་ཏེ། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། །གཞི། རང་བཞིན་ལྷུན་གྱིས་གྲུབ་པའོ། །འབྲས་བུ ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་ཞི་ཁྲོ་གཉིས་སོ། །དེ་རེ་རེ་ལ་ཡང་། སྐུ་གསུང་ཐུགས་གསུམ་གསུམ་སྟེ་དེའང་ཞི་བ་ལ་སྐུའི་དཀྱིལ་འཁོར་ལེའུ་དྲུག་པ། གསུང་ལེའུ་བདུན་པ། ལེའུ་བཞི་པའང་གསུང་། ཐུགས་ཀྱི་དཀྱིལ་འཁོར་ལེའུ་བརྒྱད་པ། ཁྲོ་བོ་ལ་ལེའུ་བཅུ་དྲུག་བ་གསུང་། བཅུ་བདུན་པ་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་གཉིས་ཀ་སྟེ། དྲུག་གོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་ལེའུ་དྲུག་པས་སྟོན་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཞི་ཁྲོ་གཉིས་སྐུ་གསུང་ཐུགས་གསུམ་གསུམ་སྟེ། དྲུག་འབྲས་བུའི་དཀྱིལ་འཁོར་དང་རྗེས་སུ་མཐུན་ནོ། །གཟུགས་བརྙན་དཀྱིལ་འཁོར་ནི་ཀུན་ལ་ཕལ་ཆེར་འཇུག་གོ། །ལྷག་པ་མཚོན་ཅིང་འདྲ་བས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བཅུ་སྟེ། ལེའུ་དགུ་པས་སྟོན་པ། ཡང་ན་ས་གཞི་རབ་མཉམ་བྱ་ཞེས་པ་ས་ཆོག་དང་། དཀྱིལ་འཁོར་ཁྲུ་གང་ཞེས་སོགས་ཚད་དང་། ཕུར་བུ་སྤྲད་བུ་ཞེས་སོགས། ཐིག་དང་། ལྟེ་བ་རྩིབས་དང་ཞེས་སོགས། བྲི་བ་དང་། མ་མཐོང་རྨོངས་ཞེས་སོགས། ཚོན་དང་། སྐུ་གསུང་ཐུགས་ལྡན་ཞེས་དབྱེ་བ་དང་། ས་རྣམ་པ་དགོད་པ། བཅོས་བུའི་རས་ནི་ཞེས་སོགས་རབ་གནས་དང་། དབྱིབས་དང་ཞེས་སོགས། སྦྱིན་སྲེག་དང་། ཀུན་བྱ་ཞེས་སོགས། དེར་འཇུག་པ་དང་། བདེ་བ་ཆེན་པོ་ཞེས་སོགས་ཞུགས་པའི་ཡོན་ཏན་དང་བཅུའོ། །བྱང་སེམས་དཀྱིལ་འཁོར་ལེའུ་དགུ་པས་སྟོན་ནོ། །ཚོགས་ཀྱི་དཀྱིལ་འཁོར་ལ་ཞི་ཁྲོ་གཉིས་སོ། །དེ་རེ་རེ་ལའང་གསུམ་གསུམ་སྟེ་བཅུ་གཉིས་པས་སྟོན། དཀྱིལ་འཁོར་གྱི་ངེས་ཚིག་ནི། རྒྱས་པའི་རྒྱུད་ནས་གསལ་ལོ། །དམ་ཚིག་ལ་ལེའུ་བཅུ་དགུ་པ། དམ་ཚིག་རྣམས་ནི་ཞེས་སོགས་རང་བཞིན་དང་། བླ་མེད་ཐེག་པ་ཞེས་སོགས་ཆེ་བ་དང་། བླ་མེད་མི་སྤངས་ཞེས་སོགས་རྣམ་གྲངས་དང་། རྩ་བ་ཉམས་ཞེས་སོགས་སྐྱོན་དང་། གཞན་ཡང་ཞེས་སོགས་དམ་ཚིག་གིས་ཡོན་ཏན་ནོ། །དབང་ལ་ལེའུ་དགུ་པ་དང་བཅུ་པ་དབང་ཕན་ནུས་ཟབ་གསུམ་གྱི་ངོ་བོ་དང་། དད་བརྩོན་ཅེས་སོགས་དབང་བསྐུར་བའི་རིམ་པ་དང་། ཉན་བྱེད་ཅེས་སོགས་དབང་བསྐུར་ཐབས་དང་། སློབ་དཔོན་མཉེས་པར་ཞེས་སོགས་སྐྱོན་དང་། དུས་འདི་ཕྱིན་ཆད་ཅེས་སོགས་ཡོན་ཏན་ནོ། །ལེའུ་ཉི་ཤུ་པ་ཕྲིན་ལས་ལ་ལྷག་པ་ཧོམ་གྱི་ལས་ནི་ལེའུ་དགུ་པར་བསྟན་པ་དང་། ལྷག་པ་རྫས་ཀྱི་ལས་དང་། བདུད་རྩི་ལྔའམ་ཞེས་སོགས་ལུ་གུ་རྒྱུད་ཀྱི་ལས་དང་། ནི་ལུ་གུ་རྒྱུད་དུ་སྦྲེལ་བསྡམ་ནས་ཞེས་སོགས། ཁྲོ་བོ་བསྒྲུབ་པའི་ཞེས་སོགས་ཡོན་ཏན་ནོ། །བསྒྲུབ་པའི་ཐབས་ལམ་གྱི་རིམ་པ་ལ་གཉིས་ཏེ། དང་པོ་བསྐྱེད་པའི་རིམ་པ་ནི་ལེའུ་ལྔ་པ་ལྟར། དེ་རིང་། ཀུན་ཏིང་རྒྱ་གཅིག་ཕྱག་རྒྱ་སྤྲོས་པ་ཚོགས། སྒྲུབ་ཀྱི་ཏིང་ངེ་འཛིན་ལྔའི་སྒོ་ནས་རིམ་པར་འཇུག་པ་དང་། རྫོགས་པའི་རིམ་པ་ནི་ཤེས་བྱའི་ཆོས་ཐམས་ཅད་དག་པ་གསུམ་དང་། མཉམ་པ་རྣམ་པ་གཉིས་སམ་ལྔའི་ངང་དུ་སངས་རྒྱས་པ་དེ། ཤེས་བྱེད་རྟོགས་པ་རྣམ་པ་བཞིའི་སྒོ་ནས་གཏན་ལ་ཕབ་པའི་ལམ་གྱིས་ཡིད་ཆེས་ཏེ། དེ་ཉམས་སུ་བླང་བ་ལ་རྒྱུ་རྐྱེན་འབྲས་བུའི་མཚན་ཉིད་གསུམ་དང་། དགོས་པ་འབྲེལ་པ་ཡང་དགོས་གྱི་ལམ་མཚོན་ནས་བསྙེན་སྒྲུབ་བཞིས་དོན་མཐར་ཕྱུངས་ཏེ། སྤངས་བྱ་བདུད་བཞི་ཡང་བཏུལ་ཏེ། ཐོབ་བྱ་འབྲས་བུ་ལྷུན་གྱིས་གྲུབ་པར་ས་མ་བརྩལ་བ། ཅིག་ཅར་དུ་འཇུག་གོ། །དགོས་འབྲེལ་ནི། ཐུན་མོང་དང་གྲོལ་ལམ་ཐུན་མོང་མ་ཡིན་པའི་ཐབས་ལམ་པ་ཚུལ་གྱི་གཉིས་ཏེ། དེ་ཡང་བརྗོད་པ་འབྲེལ་པ་དགོས་པ་དང་ཡང་དགོས་པས། རྒྱུད་ཀྱི་ཡན་ལག་བཞི་རུ་འགྱུར། ཞེས་པས། ཐུན་མོང་དུ་ལམ་གྱི་རྐྱེན་ཡི་གེའི་རྒྱུད་བརྗོད་པར་བྱེད་པའོ། །གཞི་འབྲས་ཀྱི་རྒྱུད་གཉིས་ནི་བརྗོད་པར་བྱའོ། །བ། རྒྱུ་གླེང་གཞིའི་ཚོགས་ནས་རྐྱེན་གླེང་བསླང་བ་ནི་ཐབས་དེ་ལས་རྒྱུ་འདི་ཉིད་སྣང་བ་ནི། ཐབས་དེ་ལས་ངེས་པར་འབྱུང་བའོ། །ཐབས་གྲོལ་གྱི་ལམ་གཉིས་ནི་རྒྱུད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་འབྲས་བུའོ། །རྒྱུད་ཀྱི་དངོས་པོ་བདུན་གྱི་དོན་རྟོགས་པ་ནི་དགོས་པའོ། །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐོབ་པ་ནི་དགོས་པའི་ཡང་དགོས་པའོ། །ཐུན་མོང་མ་ཡིན་པ་ནི། རྡོ་རྗེ་རྩེ་མོར་བཅུ་འདུས་པའི་ཐིག་ལེ་ཆེན་པོ་དབབ་བཟུང་ལ་སོགས་པ་སྦྱོར་བའི་ཐབས་དང་བཅས་པ་ནི། བརྗོད་པར་བྱེད་པའོ། །རྟེན་ཐིག་ལེའི་དགའ་བ་བཅུ་དྲུག་གི་བདེ་བ་འི་ཡེ་ཤེས་བཅུ་དྲུག་ནི་བརྗོད་པར་བྱའོ། །སྟེང་འོག་གི་བདེ་བ་མྱོང་བར་བྱེད་པའི་ཐིག་ལེ་སྡོམ་པའི་ནུས་པ་ཡན་ལག་གི། རླུང་དང་བཅས་པ་ནི་ཐབས་སོ། །དེས་ཤེས་བྱ་རང་བཞིན་ལྷན་ཅིག་སྐྱེས་པའི་གསང་བའི་སྙིང་པོའི་དོན་བདེ་སྟོང་གཉིས་མེད་ཉམས་སུ་མྱོང་བ་ནི་ཐབས་དེ་ལས་བྱུང་བའོ། །རྟེན་ཐིག་ལེ་བཞི་བཅུ་རྩ་གཉིས་ནང་ལ་གནས་པ་ནི་རྒྱུའོ། །རྟེན་ཅན་ཡེ་ཤེས་བཞི་བཅུ་རྩ་གཉིས་མངོན་སུམ་གསལ་བར་ཤར་བ་ནི་འབྲས་བུའོ། །གཡོ་ལྡང་ལ་སོགས་པ་སེམས་ལྔ་རིམ་པར་རྒྱུད་དུ་སྐྱེ་བ་ནི་དགོས་པ་དགའ་བ་བཅུ་དྲུག་ལྡོག་ཆ་སྟེ་ཐ་མ་ལ་རྫོགས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་ནི་དགོས་པའི་སེམས་ལྔ་ཡང་དགོས་པའོ། །ལེའུ་ཐ་མ་རྒྱུད་ཡོངས་སུ་གཏད་པ་ནི་གཉིས་ཏེ། གདམ་པ་དང་གཏད་པ། དེ་ལ་གདམས་པ་ནི། ཀྱེ་ཞེས་སོགས་རང་བཞིན་གསང་བའི་སྙིང་པོ་ལ་ཡེ་ནས་སངས་རྒྱས་པ། ལམ་གྱིས་རྩོལ་སྒྲུབ་རིལ་ད ང་བྲལ་བར་གདམས་པའོ། །གཏད་པ་ལ་གཉིས་ཏེ། དེ་བཞིན་གཤེགས་པ་ཞེས་སོགས་སྡུད་པ་པོ་གསང་བདག་ལ་ཟུངས་ལ་སྤྲོས་ཤིག་པ་དང་། དེ་པ་ཐམས་ཅད་ཀྱི་ཞེས་སོགས་མ་འོངས་པའི་རྣལ་འབྱོར་བ་ལ་ཡོན་ཏན་བརྗོད་དེ་ཟུངས་ཤིག་པའོ། །རྣམ་པར་དབྱེ་བ་དེ་དག་ཀྱང་། རྒྱུད་རང་གི་དཀྱུས་ཐད་ཀར་ངོ་སྤྲད་ནས་སྟོན་ནོ། ། བ་ཡིན། ཤེས་རབ་ཀྱིས་དབང་པོ་ཐ་མའི་དོན་དུ་གསང་སྔགས་སྤྱིའི་རྒྱུད་དགོངས་འདུས་ལ་སོགས་ཀྱིས་བཤད་ཐབས་འདྲེན་པའི་ཚིག་བཅུའི་འབྲུ་གཉེར་བར་འི་སྒོ་ནས་དབྱེ་བའོ། །དེ་ལ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནིའི་ངག་དོན། གང་གིས་ན་སྡུད་པ་པོས་བཛྲ་པ་ཎི། དུས་གང་གིས་ན་མ་ལ་ཡར་ཚིག་དོན་དུ་གཉེར་བ་དེའི་ཚེ་གང་ལ་ན་རང་གི་སྟོན་པ་ཀུན་བཟང་ལ་ཕྱག་གི་མཆོད་པར་བརྗོད་པའོ། །འདི་སྐད་བཤད་པའི་དུས་ན། ཞེས་བྱ་བ་ནི། ཐུན་མོང་མ་ཡིན་པའི་གསང་བའི་འོག་སྒོ་གླེང་གཞི་སྟེ་ཕའི་རྒྱུད་མན་ཆད་ཀྱི་གཞུང་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར། སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། འདི་ཞེས་པ་ཉེ་བར་མཚོན་པའི་ཚིག་ནི། །ཨེ་བཾ་མ་ཡ་ལ་རྩོགས་པའི་ཕྲིན་ལས་རྣམ་པ་བཞིའི་དབྱིངས་ཅན་ཡུམ་གྱི་བྷ་ག་ནི། གནས། ། ཕུན་སུམ་ཚོགས་པའོ། །སྐད་ཅེས་པའི་རྒྱུད་དོན་གསལ་བར་བྱེད་པའི་ལས་ཀྱི་མིང་ཅན། །ནི་གསང་བ་རྡོ་རྗེའི་རྩེར་ཡི་གེ་བྃ་གི་དབྱིབས་ཅན་གྱི་ཐིག་ལེ་བདེ་བ་དང་བཅས་པ་ནི་སྟོན་པའོ། །མའི་སྒྲ་ལ་དྲངས་ནས་མ་ཏ་༼ཀ༽ན་མ་ནུ་༼ཁ༽ན་རླུང་བསྡོམས་༼ཀ༽པར་བྱེད་པའི་ཡིད༼ཁ༽། །ནི་འཁོར་ལས་༼ཀ༽ཅན་རྣམ་ཤེས་༼ཁ༽བརྒྱད་པོ་དེ་དག་ལ། །བདེ་བ་ཡེ་ཤེས་སུ་གསལ་བར་གོ་བ་ནི་ཚིག་ཏུ་བརྗོད་པ་དང་བྲལ་བས་བཤད་པར་འདོད། །དོ། །བསྟན་པ་ནི། པ་ར་མ་ཐ་མའི་སྒྲ་ལ་དྲང་ན་དོན་དམ་བྱང་སེམས་ངེས་པའི་དོན་གྱི་རྒྱུད་མ་ཧཱ་ཡ་ན་ཐེག་པ་ཆེན་པོ་སྟེ་རྒྱུད་འདི་ཡིན་ནོ། །དེའི་དུས་ནི་ཕྱོགས་གཅིག་ཏུ་བརྗོད་དུ་མེད་པས་བསམ་གྱིས་མི་ཁྱབ་པའི་དུས། ཞེས་བྱའོ། །ན་མ་ན་དེའི་མིང་ཅན་ཞེས་བྱ་བའོ། །ཞེས་འབྱུང་ངོ་། །དེ་ལ་འདི་ཞེས་ཉེ་བར་མངོན་སུམ་མཚོན་པའི་ཚིག་ནི་གནས་ཏེ་ཕྱི་ཁྱམས་དང་༡ གྲུམ་བར་གྱི་སྒོ་དང་༢གྲུ་བཞི། སྣ་རྩེ་བྱའི་༣གདོང་པ་དང་ཟླུམ་པོ། སྐྱེ་གནས་ཀྱིས་ཟ་མ་༤ཏོག་རྣམས་ཟླའམ་དང་དེ་དྲག་རྒྱས་ཞི་དབང་དུ་གནས་པ་ནི། དུས་གསུམ་གྱི་སངས་རྒྱས་གསང་བའི་སྐུ་རིལ་གྱི་བཞུགས་གནས་སུ་ཡིན་པར་གསང་འདུས་ལས་གསུངས་པའོ། །གུ་ཧྱ་བཛྲའི་སྟེ་གསང་བ་རྡོ་རྗེའི་བུམ་པ་དབང་བསྐུར་རྫོགས་ཐིག་ལེ་ཕྲའུ་ཐམས་ཅད་དུས་གཅིག་ཏུ་པའི་ཐིག་ལེ་བ་བདེ་བ་སྐྱེས་པའི་ཐབས་དང་བཅས་པ་ནི། བདེ་བ་མ་ལུས་པའི་ཡེ་ཤེས་གསལ་བར་བྱེད་པ་པོའི་ཡིན་པ་ཕྱིར་སྟོན་པའོ། །མ་ནི་མ་ཏ་ན། རླུང་གིས་བདེ་བ་བསྡོམ་པར་བྱེད་པ་དེ་གཡོ་ལྡང་ལ་སོགས་པ་སེམས་ལྔས་གླེང་བསླང་བའི་ལས་ཀྱིས་མ་ནུ་ན་ཡིད་དེ་ལ་སོགས་པ་ཚོགས་བརྒྱད་རྣམ་པར་ཤེས་པའི་རྒྱལ་པོ་དང་ཡིན་པ། དེ་རྡོ་རྗེ་མཐོང་བ་ཐོས་རྣམས་མྱོང་བ། ལ་སོགས་པས་ཕྱིན་ཅི་མ་ལོག་པར་སྐུ་དང་ཡེ་ཤེས་སུ་བརྡ་འཕྲོད་ཅིང་། གོ་བ་ནི། ཚིག་ཏུ་བརྗོད་པ་དང་འདྲ་བར་གསལ་བའི་ཕྱིར། འཁོར་ལ་བཤད་དོ་བར་ཐ་སྙད་དུ་འདོགས་སོ། །བསྟན་པ་གོ་བ་ཉིད་གང་ཡིན་སྙོམ་པ་ལ་པ་ས་ར་མ་ཏ་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ། སེམས་ལྔའི་ཐ་མ་རྫོགས་པ་བྱང་སེམས་སྐད་ཅིག་མ་དགའ་བ་བཅུ་དྲུག་གིས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱང་ཆུབ་སེམས་དེ་ལ་སྣང་སྟོང་ངམ་སྟོང་ཕྱོགས་རེའི་མཐའ་མ་རེག་པ་ནི། མ་ཧཱ་ཡ་ན་ཐེག་པ་ཆེན་པོ་སྟེ་རང་བཞིན་གསང་བའི་སྙིང་པོའི་རྒྱུད་འདིའོ། །ལ་བྱ། མངོན་དུ་གྱུར་པ་དེའི་དུས་ནི་ཕྱོགས་གཅིག་ཏུ་བརྗོད་དུ་མེད་པས་ན་བསམ་གྱིས་མི་ཁྱབ་པའི་དུས་ཞེས་བྱ་བར་མིང་ཐ་སྙད་འདོགས་སོ། །དེའི་མིང་གི་རྒྱུ་མཚན་ནི་གདུལ་བྱ་ལས་སྦྱངས་པའི་ཐ་མ་པ་སྟེ་མཐར་ལམ་པ་དང་ཀུན་ཏུ་འདོད་རྣམས་ཀྱི་དོན་གྱི་ཕྱིར་ན་ཐུན་མོང་ཡིན་པའི་གླེང་གཞིའོ། །ཞེས་བྱ་ད་ནི་ཞེས་པ་སྐབས་སུ་བབ་བའི་ཚིག་སྟེ་ཐུན་མོང་གི་གླེང་གཞི་ལ། གསུམ་ལས། དང་པོ་སྟོན་པའི་རང་བཞིན་སྟོན་ཏེ། མཐའ་གཉིས་དང་བྲལ་བས་རྒྱལ་བ་དྲུག་དོན་ཡེ་ཤེས་ལྔ་ལྷུན་གྲུབ་རྟགས་རིག་ལྔ་ལྷུན་གྲུབ་པའི་ཡོན་ཏན་བསམ་ཡས་པ་གཅིག་ཡོད་ན་ཡང་མདོར་མདུན་དུ་བསྡུས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། འཁོར་འདས་སམ་སྣང་སྟོང་གཉིས་སུ་མེད་པའི་རིག་པ་རང་དེ་རྒྱུ་རྐྱེན་དང་བྲལ་བས་བྱུང་གི་ཡེ་ཤེས་ཚོན་ནི་བྱེད་པ་པོས་༡མ་བཅོས་པར་ཡོན་ཏན་རིལ་ལྷུན་༢ གྱིས་གྲུབ་པའི་ཕྱིར་ན། དེ་བཞིན་ཉིད་དོ་དམ་བཅའ། ཁྱབ་པར་དེར་གཞི་ཅི་བཞིན་པ་ནར་༢སོན་པ་ནི་གཤེགས་པ་སྟེ་རྒྱལ་བའི་དགོངས་པ་ངོ་བོ་ཉིད་དུ་གྱུར་པས་ན་གཟུང་འཛིན་ནམ་སྒྲིབ་བྱེད་ཀྱི་ཞེན་པ་གཉིས་དང་བྲལ་བའི་ཕྱིར། རྡོ་རྗེ་དང་ལེའུ་ལྔ་ལས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ནར་སོན་ཅིང་གཤེགས་པ་ཡང་། གཟུང་འཛིན་སྣ་ཚོགས་ཀྱི་ཞེན་པ་ལས་རང་གྲོལ་བར་ཟད། དོ། །ཞེས་བྱའོ། །ད་ནི་གཞི་ཅི་བཞིན་པར་ནར་སོན་པའི་རང་བཞིན་ནོ། །ཡང་དག་པར་རྫོགས་པ་ཞེས་བྱ་བ་ནི། སྣང་སྟོང་ངམ་འཁོར་འདས་གཉིས་སུ་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ནི་རིལ་ཏེ་འཁོར་འདས་ཐམས་ཅད་གྱི་ངོ་བོར་གྱུར་པས་ན་མ་དག་པ་སྤངས་བྱ་མི་དམིགས་པའི་སྟེ་མ་གྲུབ་ཕྱིར་ཡང་དག་པའོ། །གཏན་ཚིགས་དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་འབྲས་བུ་རང་སྣང་བ་ལ་རྫོགས་པའི་ཕྱིར་བཞུགས་སོ། །དེ་ནི་ཡོན་ཏན་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པའི་རང་བཞིན་ནོ། །སངས་རྒྱས་ཞེས་བྱ་བ་ནི། ཉོན་མོངས་བག་ལ་ཉལ་དང་ས་བཅུ་པ་ལ་སོགས་པའི་ཁོང་དུ་ཀུན་ཏུ་འོད་བསྡུ་བའི་ལྟ་བ་ངན་པ་ཐམས་ཅད་དང་བྲལ་བའི་ཕྱིར་སོགས་ལ་རང་བྱུང་ཡེ་ཤེས་མཐའ་དབུས་མེད་པར་ཐམས་ཅད་དུ་བདལ་པས། ཡེ་ཤེས་བླ་མའི་ས་མངོན་དུ་བྱས་བས་རྒྱས་པའོ། །དེ་ནི་སྒྲིབ་པ་དང་བྲལ་ཞིང་ཡེ་ཤེས་ཀྱིས་ཁྱབ་པའི་རང་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། ཉོན་མོངས་པའི་བདུད་བཞི་ལ་སོགས་པ། མི་མཐུན་པའི་བདུད་བཞི་ཉིད་རང་རིག་ཉིད་དུ་གསལ་བས་བཅོམ། དེ་དག་ཡེ་ཤེས་ལྔ་དང་རིགས་ལྔ་ལ་སོགས་པའི་འབྲས་བུར་མངའ་མཛད་པས་ལྡན་ཀྱང་། རང་གི་ངོ་བོ་ཉིད་ཕྱོགས་གཅིག་འདི་འདྲར་རྩལ་བས་མི་རྙེད་པས་བློའི་སྤྱོད་ཡུལ་དུ་བྱར་མེད་པའི་ཕྱིར་འདས་པའོ། །དེ་ནི་བདུད་བཞི་འབྲས་བུར་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན་ནོ། །ལོངས་སྤྱོད་ཆེན་པོ་ཞེས་བྱ་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རོ་མ་འགག་པར་མྱོང་ཡང་ཐམས་ཅད་རིག་པ་བདག་ཉིད་ཆེན་པོའི་ར་ལོངས་སྤྱོད་པ་ཕྱིར། བླང་དོར་གྱིས་སྤྱོད་ཡུལ་གྱིས་ཞེན་པ་དང་བྲལ་བས་ལོངས་སྤྱོད་བྱ་སྤྱོད་བྱེད་ཀྱི་ཞེན་པ་ཅན་གཞན་ལ་ཁྱད་པར་དུ་གྱུར་པས་ཆེན་པོའོ། །དེ་ནི་ཐམས་ཅད་ཀྱིས་རོ་མྱོང་བ་ཡང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ནོ། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་ཅེས་བྱ་བ་ནི། ཐ་སྙད་ཕྱོགས་བཅུ་དུས་བཞིའི་གཉིས་ཀྱི་བསྡུས་པའི་དེ་བཞིན་གཤེགས་པ་རིལ་གྱི་སྤྱིར་ཡོན་ཏན་གྱི་གྲངས་སྟོབས་ལ་སོགས་བརྗོད་པ་ལས་འདས་པ་ཡང་མདོ་ར་བསྡུ་ན་སྐུ་ལྔ་དང་གསུང་ལྔ་དང་ཐུགས་ལྔ་དང་ཡོན་ཏན་ལྔ་དང་ཕྲིན་ལས་ལྔ་སྟེ། ཉི་ཤུ་རྩ་ལྔར་འདུས་ཏེ། དེ་དག་ཀུན་བཟང་གི་དགོངས་པར་ཡང་དག་པར་རྫོགས་ཤིང་དབྱེར་མེད་པའི་ཕྱིར་རྡོ་རྗེ་རྒྱལ་བ་དྲུག་པའི་ཡོན་ཏན་གྱི་ཁྱད་པར་ལས་ཉེར་ལྔ་རང་སྣང་བས་གཅིག་དང་དུ་མ་བྲལ་བས་སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་དང་གྱིས་ཆ་ལུགས་ལས་མིང་བཏགས་པ། རིགས་ལས་མིང་བཏགས་པ་རིགས་ཐམས་ཅད་ཀྱི་བདག་པོ་སྟེ་བདག་ཉིད་ཞེས་ཐ་སྙད་དུ་མིང་འདོགས་སོ། །དེ་ནི་འབྲས་བུ་མཐར་ཕྱིན་གྱི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོའི་རང་བཞིན་ནོ། །མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ་ཞེས་བྱ་བ་ནི། མ་ལུས་ན་འདས་པ། མི་ལུས་ན་ད་ལྟ། ལུས་པ་མེད་པ་མ་འོངས་པ་སྟེ་དུས་གསུམ་གྱིས་བསྡུས་པའི་སེམས་ཅན་ཆོས་ཐམས་ཅད་བསྡུས་པ་ནི་སུ་ཞིག་བསྡུ་སྙམས་པ་ལ། དྲུག་པའི་དེ་བཞིན་གཤེགས་པ་བསྡུ་སྟེ། འཁོར་འདས་གཉིས་སོ། །དེ་དག་ཀུན་རྫོབ་རིག་པ་སྒྱུ་མའི་ཡིན་པ་ཕྱིར་སོ་སོ་མ་ཡིན། དོན་དམ་སེམས་ཉིད་དུ་མ་སྐྱེས་པས་ཐ་མི་དད་པ་དང་། བདེན་པ་གཉིས་ཐ་དད་ཀྱི་ཐ་སྙད་ལས་འདས་པར་དབྱེར་མེད་དུ་ངོ་བོ་གཅིག་པ་སྟེའི་རང་བཞིན། གདུལ་བྱ་གདུལ་བྱེད་དམ་འཁོར་འདས་ཀྱི་ཆོས་ཀུན་ཀྱང་དེ་དང་འདྲ་བའི་ཕྱིར། རང་བཞིན་གཉིས་སུ་མེད་པ་དང་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་སྐྱེ་ཞེས་བྱ་བའང་དེ་ཁོ་ནའོ། །དེ་ནི་སྟོན་པ་དུས་གསུམ་འདུ་འབྲལ་མེད་པ་འཁོར་བའི་ཆོས་རྒྱུན་ཆད་མེད་པར་འབྲེལ་པའི་རང་བཞིན་ནོ། །སྟོན་པ་དེའི་གནས་གང་ཡིན་སྙམས་པ་ལ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། ཞེས་བྱ་བ་གནས་ཀྱི་རང་བཞིན་བསྟན་ཏེ། དེ་ཡང་། སྒྱུ་འཕྲུལ་རྒྱལ་མཚོའམ་རྡོ་རྗེ་ལས་གཟུགས་ཁམས་གཙང་མའི་རིགས་ཀྱི་འོག་མིན་དག་སྤངས་པའི། །སྟེ་གཉིས་འགྱུར་གྱི་དཔག་པ། དབང་ཕྱུག་ཆེན་པོ་གནས་གཞན་གྱི་འོག་མིན་ཆེན་པོའི་གནས་མཆོག་ན། །ཏུ་གྱུར་པ་ལོངས་སྐུའི་གནས་དེ། སྟོན་པ་རིགས་ཐམས་ཅད་ཀྱིས་བདག་པོའི་སྐུ་ཕྱག་རྒྱ་ལྔ་ཆར་ལྷུན་གྱིས་གྲུབ་པའི་སྐུ། །འི་མཚན་ཉིད་ནི་སྔར་བཞིན་གཅིག་དང་དུ་མའི་མཐའ་རྣམས་པར་སྤངས་བས། །ཕྱོགས་དུས་ཀྱིའམ་རིགས་ལྔའི་སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་ཏེ། །དུས་གདོད་མ་ནས་གསང་བའི་ཐེག་མཆོག་མི་ཟད་པར་འབྱུང་བའི་མཛོད་ཉིད་ཡིན་པའི་ཕྱིར། །སྒྲིབ་པ་གཉིས་ཀྱི་མཐའ་བག་ལ་ཉལ་སྤངས་པའི་གདུལ་བྱ་ལ། །ཀུན་ཏུ་འོད་དང་མཐར་ལམ་པ། དུས་སྐད་ཅིག་མ་གཅིག་གི་བསྟན་པ་མངོན་གསུམ་དུ་སྣང་བར་མཛད། །དོ། །ཞེས་པས་འབྱུང་། སངས་རྒྱས་ཁོ་ནའོ་སྤྱོད་ཡུལ་ཡིན་པས་ཁྱད་པར་ཅན་གྱི་གནས་དེ་ནི་ཆེན་པོ་ཧེ་དུ་རང་རིག་པའི་ཡེ་ཤེས་ཁོ་ནའི་ཡིན་པ་ཕྱིར་མཐའ་༡དབུས་༣ དང་མེད་པས་ན་བྲལ་༢བའོ། །གཞི་ཚད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལས་ཞེས་འབྱུང་བ་ནི། འོག་གཞིའི་འཁོར་ལོ་ཆེན་པོ་དེ་ནི་དོན་རྒྱུ་རང་རིག་པའི་ཡེ་ཤེས་ཀྱིས་ཕྱིར་སྣང་བ་ཡིན་པའི་གདུལ་བྱའི་སྣང་བས་འདི་ཙམ་ཞེས་བློས་ཚད་བཟུང་དུ་མེད་དེ། དེ་ཡང་དོན་ཡེ་ཤེས་ལྔའི་རྩལ་མ་འགག་པར་རང་སྣང་བའི་ཕྱིར་རྟགས་འཁོར་ལོ་རྩིབས་བཞི་ལྟེ་བ་དང་ལྔ་ཕན་ཚུན་དུ་མ་འདྲེས་པར་གསལ་བའོ། །པས། གནས་ཀྱི་རྒྱུ་ཅི་སྙམ་པ་ལ་ཡིན། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། ཞེས་གསུངས་པ་ནི། གནས་ཀྱི་རྒྱུ་ནི་རང་རིག་པ་འི་ཡེ་ཤེས་ཉིད་གཞལ་ཡས་ཁང་གི་ཁ་དོག་དང་དབྱིབས་སུ་སྣང་བ་ལ་ནི་གདུལ་བྱའི་སྣང་བས་ཐ་སྙད་དུ་རིན་པོ་ཆེ་སྟེ། ཞེས་འདོགས། དགོས་འདོད་སྐོངས་པའི་ལས་ཀྱང་མི་འདོད་པ་མ་ཡིན་ནོ། །ཏེ་དེའང་སྔོན་གྱི་དགེ་བའི་ལས་ཀྱི་འབྲས་བུ་གདུལ་བྱའི་རེ་བ་སྐོངས་པ་དོན་ཡིན་པ་ལ་རྟགས་རིན་པོ་ཆེའི་འོད་འབར་བའི་གཞལ་ཡས་ཁང་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་བྱ་བ་ནི། རྒྱ་ཁྱོན་གྱི་རང་བཞིན་ཏེ། རང་རིག་པ་ཉིད། རྒྱུའི་ཡིན་པ་ཕྱིར་རྒྱ་ཆད་དང་བྲལ་ཞིང་རང་རིག་པའི་ཡེ་ཤེས་དེ་ཉིད་ཡོད་མེད་ཀྱི་མཐའ། དབུས་ཀུན་དང་བྲལ་བ་ས་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ནི་དེ་བཞིན་གཤེགས་པའི་སྣང་བར་ཡིན་པ་འགྱུར་རོ། །དེའི་ཕྱིར་སྟོན་མེད་པས་ཕྱལ་བར་འགྱུར་རོ་སྙམ་དུ་དགོས་པ་ལ། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ཞེས་གསུངས་པ་རྒྱུ་ཡེ་ཤེས་ཀྱི་ཕྱིར་དེ་ལ་འབྲས་བུའི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་རིལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པར་རྒྱས་པ་དོན་ཡིན་ལ། དེ་ཉེ་བར་མཚོན་པའོ། །འི་ཕྱིར་རྟགས་གཞལ་ཡས་དབྱིབས་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུལ་གྱིས་མཛེས་པ། ཞེས་བྱ་བ་ནི། དོན་གང་རྟོགས་པའི་ཡེ་ཤེས་ལ་ནི་བྱེ་བྲག་ཏུ་ལྷག་པའི་ཡེ་ཤེས་བཞི་བཞི་མངོན་སུམ་དུ་སྣང་བས་དོན་ཡིན་པ། རྟགས་ལ་དེ་ཉིད་ཀྱི་རྩལ་རིན་པོ་ཆེའི་གློ་འབུར་བཞིར་སྣང་བ་ནི་ཁ་དོག་དཀར་སེར་དམར་ལྗང་གི་རྒྱན་ལྟ་བུར་མཛེས་པའོ། །སློབ་དཔོན་པདྨས་ཟླུམ་པོར་བཞེད། བྷི་མ་ལས་མཁར་ཐབས་སུ་བཞེད། དོན་ལ་ཁྱད་མེད་དོ། །རྩེ་མོ་ཕྱོགས་བཅུའི་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་པ། ཞེས་བྱ་བ་ནི། རྟགས་གཞལ་ཡས་ཁང་གི་རྩེ་མོ་ཟླུམ་པོར་མཐོ་བ་ཉིད་དོན་རང་རིག་པ་ཉིད་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་མ་འགག་པར་རང་སྣང་བས་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་རང་རིག་ཏུ་གྱུར་པ་ནི། སོ་སོར་མ་ཡིན་ངོ་བོ་ཉིད་གཅིག་པའི་དོན་གྱིས་མཐའ་གང་དུའང་མི་གནས་པའི་རང་བྱུང་གི་ཡེ་ཤེས་ཆེན་པོ་སྟེ་ར་ཀུན་ཏུ་འཁྱིལ་པ། དོན་རང་བཞིན་དང་རགས་གདུལ་བྱའི། སྣང་བ་གཉིས་ཀ་ལས་མ་འདས་པའོ། །ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་། ཁྱད་པར་དུ་གྱུར་པ་ཞེས་བྱ་བ་ནི། མི་གནས་པའི་ཡེ་ཤེས་ཀྱི་གནས་སྐབས་ལས་བྱེ་བྲག་གི་གྲངས་བསམ་གྱིས་མ་ཁྱབ་པར་རང་སྣང་བ་ཉིད་དོན་ཡིན་ལ་རྟགས་ཡེ་ཤེས་ཀྱིས་རྒྱན་རིན་པོ་ཆེ། སྣ་ཚོགས་ཀྱི་རྡོ་རྗེ་ལ་སོགས་པའི་དབྱིབས་དང་། ཁ་དོག་སྣ་ལྔ་ལ་སོགས་པའི་འོད་ཟེར་དང་། སྤྲུལ་པའི་རྣམ་པ་ཐ་དད་པའི་ཕྱོགས་དང་ཡེ་ཤེས་རང་སྣང་བའི་རྒྱན་དེ་དག་འཇིག་རྟེན་གྱི་རྒྱན་ལས་ཁྱད་པར་དུ་གྱུར་པའི་ཕྱིར། བལྟས་པས་མི་ངོམས་པར་རྒྱན་རྫོགས་པར་སྣང་ངོ་། །འཕགས་པ་ཚད་༼ཁ༽དཔག་ཏུ་མེད་པ་ཞེས་བྱ་བ་ནི། དོན་ལམ་ཐུན་མོང་གཞན་༼ཀ༽ལས་མ་ཧཱ་འདིར་འཕར་བ་དང་མ་ཧཱའི་དོན་༼ཁ༽འདི་ཉིད་མཐར་ཐུག་པ་མེད་པའི་ཕྱིར་རྟགས་༼ཀ༽ སྒོའི་ཐེམ་སྐས་ལ་སོགས་པའི་མཐོ་དམན་གྱི་རིམ་པ་དང་ནི་རྡོ་རྗེ་གྲུ་རེས་དཔག་པ། ནི་སྟེང་གི་བྱ་སྐྱིབས་ཀྱི་༼ཁ༽བུམ་པའི་མཐོ་དམན་གྱི་ཚད་དཔག་ཏུ་མེད་པ་སྟེ། སངས་རྒྱས་ཀྱི་སྤྱི་གཙུག་བལྟར་མི་མངོན་པ་ལྟ་བུར་གནས་པའོ། །ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཞེས་པ་ནས། ཀླུབས་པའི་མཐར་ཐུག་པ་ནི། རང་བྱུང་གི་ཡེ་ཤེས་སྣང་སྟོང་གཉིས་སུ་མེད་པ་ཉིད་དོན་ཡིད་ལ་རྟགས་རིན་པོ་ཆེ་སྣ་ཚོགས་ཀྱི་དབྱིབས་དང་ཁ་དོག་དེའང་། ཐུགས་རྗེ་དང་སྤྲུལ་པ་རྒྱུན་དུ་ལྡན་པ་དོན་ཡིན་ལ་རྟགས་རིན་པོ་ཆེའི་ཕྲེང་བ་དང་། བདེན་གཉིས་མི་ཕྱེད་པ་དོན་ཡིན་ལ་རྟགས་རིན་པོ་ཆེའི་ཆུན་འཕྱང་དང་། ཐབས་སྣ་ཚོགས་མ་འདྲེས་པ་དོན་ཡིན་ལ་རྟགས་རིན་པོ་ཆེའི་ཤར་བུའི་རྒྱན་དང་། འདོད་ཡོན་ལྔ་པོ་གང་ཡང་མ་སྤངས་པའི་ལོངས་སྤྱོད་ཆེན་པོའི་དང་ལྡན་པ་ཕྱིར་དོན་ལ་རྟགས་གཟུགས་སྒྲ་དྲི་རོ་རེག་བྱ་སྣ་ཚོགས་དང་ལྡན་པའོ། །དེ་ཡང་རིན་པོ་ཆེ་དང་། འདོད་ཡོན་གྱི་རྒྱན་དེ་དག་གིས་མཛེས་པ་ཡང་། རང་བཞིན་གྲུབ་པའི་དབང་དུ་ཕྱོགས་བཅུར་བར་མཚམས་མེད་པར་འཁྲིག་པ་དང་། བསྒོམ་པའི་དབང་དུ་འདོད་སྣམ་དུ་བསྒོམ་མོ། །རྒྱུ་རྐྱེན་གྱིས་འདུས་མ་བྱས་པས་རང་བྱུང་དེ་ལ་རྒྱན་དེ་དག་རང་རིག་པའི་ཡེ་ཤེས་ཀྱི་ཕྱིར་དོན་ཡིན་ལ་རྟགས་ཕྱི་དང་ནང་གཅིག་ལ་གཅིག་སྒྲིབ་པ་མེད་པར་མི་བསྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པ་ཀླུབ་པ་ནི། དཔེར་ན་གསེར་གྱི་སྦུ་གུར་འི་མིག་གཡུལ་སྤྲས་པ་ལྟ་བུ་རིན་པོ་ཆེའི་སིལ་ཁ་བཅུག་པ་ལྟ་བུའོ། །རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། ཞེས་བྱ་བ་ནི། དོན་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་ནི་ཡོད་མེད་ཀྱི་མཐའ་ཀུན་དང་བྲལ་བའི་ཕྱིར་སྟོང་པ་ཉིད་རང་གི་མཚན་ཉིད་འདི་འདྲར་ངོས་བཟུང་མེད་པ་ལ་འབྲས་བུ་འདི་ཆོས་ཀྱིས་རིལ་ཚང་བས་གཞན་ཐོབ་པར་འདོད་པ་དང་བྲལ་བས་སྨོན་པ་མེད་དེ། ཉིད་འགག་མེད་དུ་ཅིར་ཡང་སྣང་བའི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལྟར་མཚན་སྒོམ་སྟོང་པ་ཉིད་ལ་སོགས་པ་རྣམ་ཐར་པའི་བཞི་མཚན་ཚུལ་མ་འདྲེས་པ་ཡོངས་སུ་རྫོགས་པར་རྟོགས་པའི་སྒོ་ནས་ནི་མཚན་བྱ་མི་གནས་པའི་ཡེ་ཤེས་ཨ་ཏི་ཡོ་གར་འཇུག་གོ། །ཞེས་ཐ་སྙད་དུ་འདོགས་ན་རྟགས་གཞལ་ཡས་ཁང་གི་ཕྱོགས་བཞིར་སྒོ་བཞི་ནི་ཐང་སྒོ་ལྟ་བུ་མ་ཡིན་ཏེ་སྒོ་ཁྱུད་ཅན། ཁ་དོག་བཞི་ལྡན་གིས་སོ་སོར་གསལ་བའོ། །རྣམ་པ་ཐར་པ་བརྒྱད་ཀྱི་རྟ་བབ་དང་ལྡན་པ་ཞེས་བྱ་བ་ནི། དོན་འདས་མ་ཐག་པ་ཉིད་འཁོར་བ་ལས་རྣམ་པར་ཐར་པར་བྱེད་པའི་མཚན་ཉིད་སྡེ་གསུམ་ཕྱི་རྒྱུད་སྡེ་གསུམ་མ་ཧཱའི་བསྐྱེད་རྫོགས་གཉིས་དང་། ཐེག་པ་བརྒྱད་ལ་བློ་སྦྱངས་པ་ལས་སྣང་བའི་ཕྱིར་ཉེ་བར་མཚོན་པའི་རྟགས་སུ་རྟ་བབ་བང་རིམ་བརྒྱད་དང་ལྡན་པ་སྟེ། ཞབས་དང་། ནི་རྟ་རྐང་སྟེ་ཕ་གུ་མ་ཆགས་སྟེ་པདྨ། རིན་པོ་ཆེའི་དར་སྣ་ཚོགས་ཀྱིས་ཟ་ར་ཚག་མུ་ཏིག་གི་དྲ་བའི་སྣ་འཕྱང་རིན་པོ་ཆེ་ཕྲེང་བའི་ཆུན་འཕྱང་ཤར་བུའི་ཕྲེང་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་བུ་ཁྱུང་མགོ་དང་རྒྱན་རྣམ་པ་བརྒྱད་རིམ་པར་འཁྲིག་ཞེས་པའོ། །ཕྱི་དང་ནང་མེད་པར་ཀུན་ཏུ་ཡང་ནང་དུ་གྱུར་པ་ཞེས་བྱ་བ་ནི། རང་རིག་པ་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོའི་ཡིན་པ་ཕྱིར་དེ་ལ་ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་ཐ་དད་དུ་བྱས་ནས་བསལ་བར་བྱ་བ་མི་དམིགས་པས། ཡོད་མེད་མཐའ་དང་དབུས་མེད་པའི་དོན་ལ་ཕྱི་དང་ནང་གཉིས་སུ་ཡོད་པར་མི་འགྱུར་ཏེ་མེད་པ་བ་ས་ཀུན་ཏུ་ཡང་ནང་དུ་གྱུར་པ་ནི། དེ་བཞིན་གཤེགས་པའི་སྣང་བ་སྟེ་གནས་ཀྱི་རང་བཞིན་ནོ། །ཞེས་བྱ་བའོ། །མི་འཇིགས་པ་སེང་གེའི་ཞེས་པ་ནས། གདན་ལ་ཞེས་མཐར་ཐུག་པ་ནི། གཞི་རང་བྱུང་གི་ཡེ་ཤེས་ཆེན་པོ་ལམ་གྱི་མངོན་དུ་བྱས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་རིག་པ་ནི། འབྲས་བུའི་བྷུདྷ་ཆོས་མི་འཇིགས་པ་བཞི་དང་རྫུ་འཕྲུལ་གྱིས་རྐང་པ་བཞི་སྟེ་ཡེ་ཤེས་བཞི་དང་ཕྲིན་ལས་ཐོགས་པ་མེད་པ་བཞི་སྟེ་བཞི་ཚན་གསུམ་དང་། སྟོབས། བཅུ་དབང་བཅུ་སྟེ་བཅུ་ཚན་གཉིས་དང་དེ་རྣམས་ཤེས་བྱ་ཐམས་ཅད་མཁྱེན་པ་རྒྱལ་བ་དྲུག་པའི་ཡེ་ཤེས་ཉིད་ལ་རྫོགས་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཡིན་པར་བསྟན་ཞིང་ཐོབ་པར་ངེས་པར་བྱས་པའི་དོན་དེ་ཡང་ལམ་ཐེག་པ་བརྒྱད་ལ་བསྒྲོད་པའི་སྟོབས་ཀྱིས་ངེས་པར་འབྱུང་བའི་ཕྱིར། རྟགས་སེང་གེ་ལ་སོགས་པ་ར་སྣང་བའི་ཆོས་མཐུན་ནི་སེང་གེ་ནི་གཞན་གྱིས་མི་འཇིགས། གླང་པོ་ཆེ་འདེག་སྟོབས་ཆེར་མྱུར་མགྱོགས་ཀྱིས་རྫུ་འཕྲུལ་དང་ལྡན་པ་རྨ་བྱས་དུག་དབང་དུ་བྱེད་པས་ནམ་མཁའ་ལྡིང་ནམ་མཁའ་ལ་ཐོགས་པ་མེད་པར་འཕུར་བས་སོ། །སྨོན་ལམ་གྱི་དབང་གིས་ཆོས་མཉན་པ་དང་སྒྲིབ་པ་སྦྱང་བའི་ཕྱིར་དུའང་རང་དབང་ཅན་དུ་སྐྱེ་བར་བཞེས་པ་ནི། བྱང་ཆུབ་སེམས་དཔའི་ལྷ་གཅིག་ཀྱང་གདན་ཁྲི་བརྒྱད་བརྒྱད་དོ། །རང་བཞིན་གྱི་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་ཞེས་པ་ནི། དོན་རང་རིག་པ་ར་ཡོད་པའི་མཐའ་མི་བསྒྲིབ་པས་ཅིར་ཡང་མ་སྐྱེས་༡པ་ཉིད་མེད་པའི་མཐའ་མ་སྒྲིབ་པས། ཀུན་༢ཏུ་སྣང་བས་རང་བཞིན་གྱིས་འོད་གསལ་བ་ཐབས་༢དང་ཤེས་༡རབ་གཉིས་སུ་མེད་པའི་ཕྱིར་དོན་ཡིན་ལ་རྟགས་ཉི་མ་ཟླ་བ་བརྩིགས་པ་སྟེ་འི་དཀྱིལ་འཁོར། སྙིང་ཁའི་སྲོག་མི་ཤིག་པའི་ཐིག་ལེ་ཆེན་པོ་དང་ཁུ་བ་བྱང་སེམས་༡ས་བོན་ནི་ཐབས་ཀྱིས་ཟིན་མ་ཟིན་འཁོར་འདས། ༡༡ཐམས་ཅད་ཀྱི་བྱེད་པ་པོའི་ཡིན་པ་ཕྱིར་རིགས་ཀྱིས་བདག་པོ་དང་འཆད་པའི་སྐྱེས་བུ་རྡོ་རྗེ་སྟེ་སེམས་དཔའ། ཡུམ་གྱི་ཉི་མའི་དབུས་ན་ཡབ་ཀྱི་ཟླ་བ་བླར་སྟེ་སྟེང་དུ་གནས་སོ། །གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། ཞེས་བྱ་བ་ནི། སྣང་སྟོང་གི་མཐའ་གཉིས་དང་བྲལ་བའི་རིག་༡༡པ་ནི། སྣང་སྟོང་ཕྱོགས་རེ་བ་༡གང་དུ་ཡང་མ་ངེས་པས་མཐའ་གཅིག་ཀྱང་མ་གོས་པ་དེ་གོས་པ་མེད་པ་དང་། དེ་པདྨའི་གདན། མཛད་པ་༡ཅི་བྱས་བ་དང་གདུལ་བྱའི་དངོས་པོ་ཅི་སྣང་བ་རིལ་དོན་རང་རིག་པ་ལས་གཞན་དུ་མི་གཡོ་བར་བྱེད་པ་ནི། དཔེར་ན་རིན་པོ་ཆེ་ཆུ་དྭངས་རྙོག་མས་མི་འགྱུར་བ་ལྟ་བུ་དེ་ཉིད་ཆེ་བའི་ཡོན་ཏན་བསྐོར་ལ་དུ་སྣང་༢ བའི་ཕྱིར་རྟགས་གསེར་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཀ་བས་བརྒྱད་ཀྱི་བཏེགས་༡པའི་གདུང་བཞི་པོ་རེ་རེ་ལ་མཛོད་དམིགས་བདུན་བདུན་སྟེ། ཀ་གདུང་དེས་རྟགས་པད་མ་སྣ་ཚོགས་བཏེགས་པའོ། །གདན་དེ་དག་ལ་གང་བཞུགས་སྙམ་ན་འོང་ནས་སྟོན་འཁོར་རྣམས་སོ། །སྟོན་པའི་རང་བཞིན་དང་གནས་དེ་དག་ནི་གདུལ་བྱའི་མོས་པ་ཐ་དད་དང་ཆགས་པ་ཆེ་ཆུང་གིས་སྣང་བས་ཐབས་གྲོལ་གཉིས་སུ་ཡང་འགྱུར་ཏེ། ཐལ་བའི་རྒྱུད་ལས། སྟོན་པའི་རང་བཞིན་ནི་ལུས་ཀྱི་བཅུད་ཐིག་ལེ་ཐམས་ཅད་རྡོ་རྗེའི་རྩེར་འདུས་པའི་ཐིག་ལེ་བཾ་གི་དབྱིབས་ཅན་ནི་ལས་དང་ངོ་བོས་ཆེན་པོ་ཉིད། །ཀྱི་ཡོན་ཏན་གྱི་ཆ་ཤས་མཚན་གྲངས་བཞིན་བརྟགས་པ་སྟེ། དེའང་རང་བཞིན་ལྷན་ཅིག་སྐྱེས་པའི་དེ་བཞིན་ཉིད། ཐབ ས་ཀྱི་དངོས་པོ་ལྷན་ཅིག་སྐྱེས་པ་མངོན་སུམ་དུ་བྱས་པས་གཤེགས་པ་དང་། དེ་ལྟ་བུ་མ་ནོར་བ་ཡང་དག་པའི་དོན་དེ་ལ་འབྲས་བུ་ཐམས་ཅད་ཚང་བས་རྫོགས་པ་དང་། ལྟ་ངན་དང་བྲལ་བས་སངས། ཡེ་ཤེས་ཀུན་ཏུ་ཁྱབ་པས་རྒྱས་པ་དང་། དེའི་ཚེ་བདུན་བཞི་རང་གྲོལ་བས་བཅོམ། ཐམས་ཅད་འགྲུབ་ཀྱང་མཐའ་ལ་མི་གནས་པ་བཅོམ་ལྡན་འདས་སོ། །སྣང་བ་དང་བདེ་བ་སྟོང་པ་དང་ཡོད་མེད་དང་འདོད་དོན་ལ་སོགས་པ། །ཐམས་ཅད་ལ་དབྱེར་མེད་དུ་ལོངས་སྤྱོད་པས་ལོངས་སྤྱོད་ཆེན་པོ་རང་བཞིན་ལྷན་སྐྱེས་དེ་ལ། བརྗོད་བྱའི་དངོས་པོ་མ་ལུས་པ་ཐམས་ཅད་རྫོགས་པར་རང་སྣང་། །བའོ། །ཐིག་ལེའི་༡རྟོག་ཚོགས་༢སངས་རྒྱས་བཞི་བཅུ་ལྔ་། །ཉིད་དུ་སྣང་བ་ནི་ཕྱོགས་བཅུ་ཞེས་པ་ནས་རྡོ་རྗེའི་བདག་ཉིད་ཅེས་པའི་བར་རོ། །རྟོག་མ་རྟོག་གི་སྣང་བས་ཕྱེ་བས་མ་རྟོགས་པ་ལ་མ་ལུས་མི་ལུས་པ་འཁོར་བ་དུས་གསུམ་གྱིས་ཆོས་དང་འདས་པ་དེ་རྣམས་ཐ་མི་དད་པའི་ཕྱིར་གཉིས་སུ་མེད། །དེ་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་རེ་ཞེས་པའི་དོན་ནོ། །སྟོན་པ་དེའི་གནས་ཡུམ་གྱིས་མཁའ་པདྨ་རིམ་པ་གསུམ་པོ། །ཡིན་ཏེ་གང་ཞེ་ན་ཕྱི་མའི་པད་མ་འདབ་མ་གཉིས་གསུམ་བར་མ་འདབ་མ། ནང་མ་འདབ་བརྒྱད་ཀྱི་ནང་ནས་ཁྱད་པར་ཅན། །ནི་ཚིག་གི་ཐ་མ་འདབ་བརྒྱད་ཀྱི་༡གནས་ལ་སྟོན་པ་བཞུགས་པ་དང་དེར་བདེ་བ་སྐྱེས་པའི་༡ཡོན་ཏན་༡༡གྱིས། །བདེ་སྟོང་གཉིས་མེད་ཀྱིས་ཡེ་ཤེས་དེ་ཤེས་བྱ་གང་གིས་གོང་མ་ཆོད་པས་མངོན་པར་མཐོ་བའི་ས་ན་གསང་བ་འོག་མིན་ཏེ། །གྱི་གནས། སྦྱོར་བའི་བྱེད་ལས་དང་བཅུད་ཡབ་ཡུམ་ཀྱི་བྱང་སེམས་འདྲེས་པའི་ཚེ་བདེ་སྟོང་ཕྱོགས་རེའི་མཐའ་དབུས་དང་བྲལ་བ། །ས་མཐའ་དང་དབུས་མེད་པ་ཞེས་བྱའོ། །གཞི་ཡུམ་གྱི་པདྨ་འདབ་བཞི། དབུས་དང་ལྔར་ཁམས་ལྔའི་ཐིག་ལེ་གནས་པ་འདི་ཡེ་ཤེས་བཞི་རུ་སྣང་བ་དེ་ལ་གདུལ་བྱའི་བློས་དཔག་ཏུ་མེད་པའི་དོན་རིག །པར་མྱོང་བ་ནི་གཞི་ཚད་མེད་པ་ནས་གསལ་བ་ཞེས་པའི་དོན། དེ་ལ་ཡོན་ཏན་གྱི་དགོས་པ་ཐམས་ཅད་འབྱུང་བ་དང་ལྡན་པས་རྒྱུ་ཡེ་ཤེས་རིན་པོ་ཆེ། །འབར་བའི་གཞལ་ཡས་ཁང་ཞེས་པ་དང་ཡོན་ཏན་དཔག་ཏུ་ཞེས་ནས་གྲུ་བཞིར་གྱུར་པའི་དོན་ནོ། །ཁམས་ལྔའི་ངོ་བོ་ཡེ་ཤེས་ལྔའི་རུ་གསལ་བ་འཁོར་ལོ་གཅིག་ལ་ལྷག་པའི། ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པས། བསྐོར། །བ་སངས་རྒྱས་ཀྱི་ཞིང་ཁམས་ངོ་བོ་ནི་ཡུམ་གྱི་མཁའ་རྩ། སྣོད་ཀྱི་ནང་དུ་བཅུད་ཡབ་ཀྱིས། །ཐིག་ལེ་གུ་ཧྱ་བཛྲའི་སྤྱི་བོ་དང་ཡུམ་གྱི་སྣ་རྩེར་ཤིན་ཏུ་ཟླུམ་པོར་འཁྱིལ་པར་གནས། །པ་ནི་རྩེ་མོ་ཕྱོགས་བཅུ་ཞེས་པ་ནས་ཀུན་ཏུ་འཁྱིལ་ཅེས་པའི་དོན་དང་། ཚད་དཔག་ཏུ་མེད་པ་ཞེས་པའི་དོན་ནོ། །འདབ་མ་ལས་ལྟེ་བའི་ཐིག་ལེ་ཡུངས་ཀར་པོར་༡ཙམ་དེ། གྱིས་དཔགས་པས་ནི། །དཔག་པ་ཞེས་པའི་དོན་ནོ། །དེ་དུས་རྩ་ས་ཡ་ཕྲག་བཅུ་གསུམ་རྟེན་ཐིག་ལེ་དང་རྟེན་ཅན། བདེ་བས་བརྒྱན། །པ་ནི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅེས་ནས་ཁྱད་པར་དུ་གྱུར་པའི་བར་དང་། ཡེ་ཤེས་རིན་པོ་ཆེ་ཞེས་ནས། ཤར་བུའི་རྒྱན་དང་། ཞེས་པའི་དོན་ནོ། །བདེ་བའི་འདོད་ཡོན་ལ་ལོངས་སྤྱོད་ཁྱད་པར་ཅན་གྱིས་མཛེས། །པ་ནི་གཟུགས་སྣ་ཚོགས་ཞེས་པ་ནས་ཀླུབ་ཅེས་པའི་དོན་ནོ། །ལུས་གང་ཡང་བདེ་བས་ཁྱབ་པར་བྱེད་པས་ན་ཕྱི་ལུས་དང་ནང་བདེ་བ་གཉིས་ཀྱི་མཐའ་དང་། བྲལ། །བ་ནི་ཕྱི་དང་ནང་མེད་ཅེས་ནས་གྱུར་པ་ན་ཞེས་པའི་དོན་ནོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོ་ཉིད་ལ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྲས་བུའི་ཆོས་ཀུན་རྫོགས་པར་ལྡན། །པ་ནི་མི་འཇིགས་པ་སེང་གེ་ཞེས་ནས་ནམ་མཁའ་ལྡིང་གི་ཁྲི་ཆེན་དང་ཞེས་པའི་དོན་ནོ། །དོན་དམ་ཀུན་རྫོབ་བཾ་ཡབ་ཡུམ་གྱི་བྱང་ཆུབ་མཆོག་ཏུ་ཉི་ཟླ་ཐིག་ལེ་དུས་གཅིག་དུ་འཆར། །ན་ནི་རང་བཞིན་གྱི་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་ཞེས་པའི་དོན་ནོ། །ཡབ་ཡུམ་གྱི་མཁའ་དེ་ཉིད་སྟོན་པ་གསང་བའི་སྐུ་ཡི་བཞུགས་གནས་ཡིན་པར་དགྱེས་རྡོར་ལས་བཤད། །ཅེས་འབྱུང་ངོ་། །སྒོ་ལ་སོགས་པ་པད་གདན་རྟ་བབ་ཅི་ལྟ་བུ་སྙོམ་པ་ལ། རྒྱས་པའི་རྒྱུད་ལས། རྟགས་རྡོ་རྗེ་དོན་རྟོགས་པ་ནུབ་པའི་ཕྱོགས་གསང་བའི་འོག་མིན་གྱི་གནས་མཆོག་ཏུ། །ཆགས་པ་ཉིད་མ་ཆགས་པར་བྱེད་པ་སྐྱེ་གནས་ཀྱི་རྩ་པད་མའི་གདན་འདབ་བརྒྱད་པ་བཏིང་བ། །དེ་ནི་དུས་གསུམ་གྱི་རྒྱལ་བ་གསང་བའི་སྐུ་བཞུགས་པའི་གནས། །ནི་གོས་པ་མེད་པ་པད་མའི་གདན་ཞེས་པའི་དོན་ནོ། །དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་རྣམ་པར་ཐར་པའི་བཞི་ཚང་བ། ཕྱིར་རྟགས་ཕྱོགས་ཀྱི་རྩ་སྒོ་བཞི་ལ། །ཛཿཧཱུྃ་བཾ་ཧོཿའི་ཡི་གེ་བཞི་ལ་གསུང་ཆོས་ཀྱི་ཕྱག་རྒྱ་བཞི་དང་ངེས་པར་ལྡན། །པ་ནི་རྣམ་པར་ཐར་པ་ཞེས་ནས། སྒོ་ཁྱུད་ཅན་ཞེས་པའི་དོན་ནོ། །ཟབ་མོའི་དབང་དང་ཐབས་ལམ་བགྲོད་པའི་སྐལ་མེད་པ་དགེ་སློང་རྒན་པོ་བྱིས་སྦ་མ་ནིང་དང་བཞི་བསལ་བའི་ཕྱིར། །གསང་བའི་སྣ་རྩེ་ཐུན་མོང་མ་ཡིན་པའི་བདེ་བ་ནི་ནང་རྟེན་ཐུན་མོང་གི་བདེ་བ་ནི་ཕྱི་རིམ་དུ་ལྕག་ངོ་ཚ་དང་ལྡན། །པ་ནི་རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབ་དང་ལྡན་པ་ཞེས་པའི་དོན། ཅེས་གསུངས་ཏེ། དེ་ནི་བླ་མས་གདམས་ངག་གི་སྒོ་ནས་འཆད་པར་འགྱུར་རོ། །སྐུ་མདུན་དང་རྒྱབ་མེད་པར་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་། ཞེས་གསུངས་པ་ནི། རྒྱུད་ཀྱི་སྟོན་པའི་དྲུག་པ་ངོ་བོ་དང་། འཆད་པའི་སྐྱེས་བུའི་མཚན་རིགས་ལྔ། གཉིས་ཆར་ཐུན་མོང་དུ་བསྟན་ཏེ། དྲུག་པ་ལ་སོགས་པའི་རིགས་ལྔ་། དེ་བཞིན་གཤེགས་པ་ནི། ཡེ་ཤེས་ཀྱི་སྐུ་ཁོ་ནའི་ཡིན་པ་ཕྱིར་སྐུ་མདུན་དང་རྒྱབ་མེད་པ་གདུལ་བྱའི་སྣང་བ་ལྟར་མ་མདུན་དང་རྒྱབ་ཏུ་གྲུབ་བ། ཡིན་ཏེ། ཕྱོགས་ཐམས་ཅད་དུ་ཡང་ཞལ་ཐལ་ལེའོ། །བར་གསལ་ཞིང་སྣང་བ་མཚན་དང་དཔེ་བྱད་དུ་ལྡན་པ་ཞེས་བྱ་བ་ནི། ཕྱག་དང་ཞབས་ལ་འཁོར་ལོ་འི་མཚན་དང་ལྡན་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་མཚན་དཔེ་ལ་ཕྱི་ནང་གསང་གསུམ་ལས་དང་པོ་ཕྱི་ལྟར་ན་དྲུག་པ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པའི་ཆོས་ཉིད་དེ་ཉིད་ཀྱི་ཡོན་ཏན་ལ་སེམས་མ་བཅུ་དྲུག་གདགས། འཕྲིན་ལས་ཀྱི་བྱེ་བྲག་ལ་སེམས་དཔའ་བཅུ་དྲུག་གོ། །དེ་ལྟར་མཚན་བཟང་སུམ་ཅུ་རྩ་གཉིས་དང་། སེམས་དཔའ་བཅུ་དྲུག་པོ་དེ་རྣམས་ལ་ཡེ་ཤེས་ལྔའི་ངོ་བོ་དབུ་རྒྱན་གྱི་ལྷ་ལྔ་ལྔའི་ཁྱད་པར་ཅན་གྱིས་བརྒྱན་པ་ནི་དཔེ་བྱད་བཟང་པོ་བརྒྱད་བཅུར་སྣང་བའི་ཕྱིར་རོ་ནང་གི་མཚན་དཔེ་ནི་རྩ་འདབ་སུམ་ཅུ་སོ་གཉིས་དང་། བརྒྱད་ཅུའོ། །གསང་བའི་མཚན་དཔེ་ནི་ཡབ་ཡུམ་གྱིས་དགའ་བཞི་རེ་རེ་པའང་བཞི་བཞི་མཚན་བཟང་སུམ་ཅུ་གཉིས། དགའ་བ་བཅུ་དྲུག་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པ་དཔེ་བྱད་དོ། །ཐུན་མོང་དང་ཁྱད་པར་གང་ཡང་མ་སྤངས་པའོ། །པར་ལོངས་སྤྱོད་པ་ཞེས་བྱ་བ་ཁོ་ནའོ། །བསམ་གྱིས་མི་ཁྱབ་པར་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ནི། ཞེས་བྱ་བ་ནི། ཕྱོགས་དུས་ཀྱིས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་གྱིས་ཐམས་ཅད་ལ་ཁྱབ་པ་དང་རང་ལ་རྫོགས་པའི་ཕྱིར་གྲངས་མཐའ་ཡས་པའི་གདུལ་བྱའི་དག་མ་དག་གི་ངོ་ལ་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཐམས་ཅད་དུ་ཞི་ཁྲོ་ལ་སོགས་པ་སྐུ་སྣ་ཚོགས་དང་ཐེག་དགུ་ལ་སོགས་པའི་གསུང་ཐུགས་ཡན་ཚོགས་དང་ཡེ་ཤེས་ལྔ་ལ་སོགས་པའི་ཀྱི་མཛད་པ་ཅིར་ཡང་མ་ངེས་པར་ཀུན་ཏུ་སྣང་བའོ། །ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱིས་དཀྱིལ་མོ་དྲུང་དུ་བཞུགས་པ་ཞེས་བྱ་བ་ནི། དགོས་ཆེད་སྙོམ་འཇུག་བདེ་བ་ཆེན་པོའི་སྤྱོད་པས་ཆགས་པ་ཅན་གྱིས་གདུལ་བྱ་འདུལ་བའི་ཕྱིར་ཐབས་ཡབ་ཀྱིས་རྡོ་རྗེ་དཀྱིལ་མོ་ཀྲུང་དང་དེ་ལ་ཤེས་རབ་ཀྱི་ཞབས་གཉིས་འཁྱུད་པ་དང་། མཁའ་གསང་གི་རྩའི་རྩེ་སྤྲད་པའི་བདེ་བ་ལ་ཐིག་ལེ་ཕར་འགྲོ་བ་རྒྱུའི་ཐེག་པའི་ལམ་དང་ཚུར་བཟློག་པ་ལ་འབྲས་བུའི་ཐེག་པའི་ས་གསུམ་གྱི་ཆོས་རིལ་མཉམ་པར་རྫོགས་པའི་ཕྱིར་མི་འགྱུར་བར་ནི་མཉམ་པའི་བརྟུལ་ཞུགས་ཀྱིས་དཀྱིལ་མོ་ཀྲུང་དུ་བཞུགས་པའོ། །ཡེ་ཤེས་དྲུག་གིས་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། ཞེས་བྱ་བ་ནི། དེ་༡བཞིན་ཉིད་དུ་ཡེ་ཤེས་༡སུ་སྣང་བ་ནི་ཡུལ་༡ཤིན་ཏུ་རྣམ་པར་དག་པས་དེ་བཞིན་ཉིད་ཀྱིས་རང་སྣང་བའི་རྣམ་པར་དག་པའི་ཡེ་ཤེས་མིང་༡༡༡གསུམ་དང་ལྡན་ཏེ། དེ་ལ་ཐུན་མོང་དང་བའི་ཡེ་ཤེས་ཐུན་མིན་གསང་སྔགས་ཀྱི་ཡེ་ཤེས་མེ་ལོང་མཉམ་ཉིད་སོར་རྟོགས་བྱ་གྲུབ་བཞི་དང་ལྔ། རང་བྱུང་ཡེ་ཤེས་དང་དྲུག་གི་དོན་རྫོགས་པའི་རྟགས་སུ་ཕྱག་དྲུག་དང་དེའི་རྩལ་ཉིད་ཅིར་ཡང་མ་འགག་པས་འགྲོ་བའི་དོན་མཛད་པའི་ཕྱིར་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་ནི། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ལ་སོགས་པ་བར་མ་གཉིས་འཁོར་ལོ་དང་རིན་པོ་ཆེ། ཐ་མ་གཉིས་པདྨ་དང་རལ་གྲི། དེ་རྣམས་ཀྱིས་རིགས་ཀྱིས་ཁ་དོག་འོད་ཟེར་འབར་བ་ཅན་དང་བཅས་པར་འཛིན་པའོ། །སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། ཞེས་བྱ་བ་ནི། སྟོང་སྨོན་མཚན་མ་མེད་པའི་རྣམ་པར་ཐར་པ་གསུམ་ཐུགས་སུ་ཆུབ་པའི་རིག་པའི་ཡེ་ཤེས་ནི་འབྲས་བུ་སྐུ་གསུང་ཐུགས་སུ་རང་སྣང་སྟེ། དེའང་སྟོང་པ་ཉིད་ཐུགས། མཚན་མེད་གསུང་སྨོན་པ་མེད་པ་སྐུ་དེ་གཅིག་ཀྱང་ཀཱ་བཱ་ཙ་གསུམ་གསུམ་ལ་སོགས་པའི་བསམ་གྱིས་མི་ཁྱབ་པར་རང་སྣང་བ་ཕྱིར་དེ་བའི་སྣང་བ་ལ་གྲངས་དང་བྲལ་བ་ཡང་གདུལ་བྱའི་སྣང་བས་དབུ་གསུམ་ནི་གཡས་ཞལ་དཀར་བ་སྐུ། གཡོན་ཞལ་དམར་གསུང་། དབུས་ཞལ་མཐིང་བ་ཐུགས་དང་ལྡན་པ་ཁོ་ནའོ། །ངོ་བོ་དང་མཚན་ཉིད་དེ་དག་ཀྱང་གདུལ་བྱའི་གནས་སྐབས་ཀྱི་གཉིས་སུ་འགྱུར་ཏེ། ཐབས་ལྟར་ཐལ་བའི་རྒྱུད་ལས། ཁམས་ལྔའི་བཅུད་དྭངས་མ་ལྔའི་དོན་ཡེ་ཤེས་ལྔ་ཁོའི་ན་ཡིན་པ་ཕྱིར། ། དྭངས་མའི་མདུན་དང་སྙིགས་མའི་རྒྱབ་མེད་པར་ཐམས་ཅད་ཀུན་ཏུ་འོད་སྟོང་གཉིས་མེད་ཀྱི་ཡེ་ཤེས་སུ་གསལ། །བ་ནི་སྐུ་མདུན་དང་རྒྱབ་མེད་པར་ཐམས་ཅད་དུ་ཞལ་ཐམ་ལེ་བར་གསལ་ཞིང་། ཞེས་པའི་དོན་ནོ། །སྒྲ་ཡིག་ཀཱ་ལི་སོ་གཉིས་དང་དབྱངས་ཡིག་ཨཱ་ལི་བཅུ་དྲུག་གསུང་གི་ཡི་གེ་དེ་དག་སྤྱི་བོ་ལ་སོགས་གནས་འཁོར་ལོ་བཞི་ཡིས། །དབྱེ་བས་སྙིང་ཁ་སྟོང་པའི་ངོ་བོ་ཡིན་ལ་ལྷག་མ་གསུམ་པོ་ལ་ཕྱེ་སྟེ་དེའང་གླད་པའི་སྒྲ་ཡིག་གསུམ་བཅུ་པོ་ནི་ངོ་བོ་མཚན་བཟང་པོ་སོ་གཉིས་དང་། །མགྲིན་པའི་དབྱངས་ཡིག་བཅུ་དྲུག་དང་། ལྟེ་བར་སྒྲ་ཡིག་སོ་གཉིས་གཡས་དང་། དབྱངས་ཡིག་བཅུ་དྲུག་གཡས་གཡོན་དུ་ཡོད་པ་ནི་བཞི་བཅུ་ཕྲག་གཉིས་སུ་འགྱུར་བ་ནི་དཔེ་བྱད་བརྒྱད་ཅུ་ཡིན། །ཏེ་མཚན་དང་དཔེ་བྱད་ལྡན་པ་ཞེས་སོ། །རྩ་ས་ཡ་བཅུ་གསུམ་ལ་སོགས་པར། །ལུས་དེ་ལ་གནས་པའི་ཐིག་ལེ་སྐྱེ་བ་སྐུ་འགག་པ་གསུང་གནས་པའི་ངོ་བོ་ཐུགས་དང་གསུམ་པོ་དེ། ཡང་། །བདེ་བ་སྐུ་གསུང་ཐུགས་སུ་གནས་པའི་རྟེན་ཅན་ཅི་ལྟ་བ་བཞིན་རྟེན་ཐིག་ལེ་ལ་ཡོད་པ་དེ་བཞིན། །དུ་དེའི་རྟེན་རྩ་ལ་ཡང་དེ་བཞིན་དུ་ཡོད་པའི་དོན་ནི་བསམ་གྱིས་མི་ཁྱབ་ཅེས་ནས་ཀུན་ཏུ་སྣང་བ་ཞེས་དང་། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་ཞེས་པའི་དོན་ནོ། །ཡབ་ཡུམ་གྱིས་ཉི་ཟླ་དུས་གཅིག་དུ་ཤར་བའི་བདེ་བ་ཐབས་དང་སྟོང་པ་ཤེས་རབ་ཀྱིས། །དོན་བདེ་སྟོང་གིས་རོ་གཉིས་གསལ་སྟོང་མཉམ་པར་དུས་གསུམ་མི་འགྱུར་བར་བཞུགས། །པ་ནི་ཐབས་དང་ཤེས་རབ་ཅེས་ནས། དཀྱིལ་ཀྲུང་དུ་བཞུགས་པའི་དོན་ནོ། །དྭངས་མའི་ལྔ་འདུས་པ་ཐིག་ལེ་ཆེན་པོ་ཡི། །བདེ་བའི་བཅོ་ལྔ་དངོས་པོའང་ཡེ་ཤེས་སུ་སྣང་། །བ་ནི་ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན་ཞེས་པའི་དོན་ནོ། །ཞེས་འབྱུང་ངོ་། །ཞེས་འཕྲོ་ཚོལ་བ་ནི་གང་ཞེ་ན། ལྡན་པ་ཞེས་བྱ་བ་སྟེ། འོག་གི་འཆད་པའི་སྐྱེས་བུ་དང་། ཐུན་མོང་དུ་བསྟན་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་ནས། འདུ་བྱེད་ཀྱི་རྒྱལ་པོའི་དང་ཞེས་པ་བར་དུ་ནི། འཆད་པའི་སྐྱེས་བུ་དང་རང་བཞིན་གཉིས་སུ་མེད་པའི་འཁོར་ཏེ། ཐུན་མོང་དུ་བསྟན། བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པའི་མཚན་ཐུན་མོང་བ་གཉིས་སྔར་སྟོན་པའི་རང་བཞིན་དུ་ཐལ་ཏེ། ཀུན་གཞི་ལ་སོགས་པའི་རྣམ་པར་ཤེས་པ། གཟུགས་ཀྱི་ཚོར་བའི་འདུ་ཤེས་ཀྱི་འདུ་བྱེད་ཀྱིས་རྟོག་པ་ཕུང་པོ་ལྔ་ལྷའི་མཚན་དུ་སྨོས་པ་ནི་འདི་དག་དགོད་དེ། བཞི་པ་རང་བཞིན་དང་ཀྱི་དབང་དུ་ཕུང་པོ་ལྔ་དང་རིགས་ལྔ་གཉིས་སྣང་མཉམ་སྟོང་མཉམ་ཡིན་པས་བཟང་ངན་མེད་པ་ཐུན་མོང་མ་ཡིན་པའི་རྒྱུད་འདིའི་སྐབས་སུ་ལྷ་རྟོགས་དབྱེར་མེད་དུ་ངོས་ཟིན་པའི་ཕྱིར་སྨོས་པ་སྟེ། འབྲས་བུ་མཐར་ཕྱིན་པའི་སྐབས་སུ་རྟོགས་པ། དེ་དག་ཀར་དག་པ་ཐུགས་སུ་ཆུད་པ་ལས། ཕུང་པོ་ལྔ་མ་སྤངས་མ་བསྒྱུར་བར་ལྷ་རྡོ་རྗེ་འཛིན་པ་ལ་སྩོགས་པར་རིགས་ལྔ་། རང་སྣང་བའི་ཕྱིར་རོ། །སྨོས་སོ། །རང་བཞིན་ཡེ་ནས་ཡིན་པ་ལས་ཁྱད་པར་དུ་ལམ་གྱིས་མངོན་དུ་བྱས་པ་༡དང་འཁོར་འདས་ལ་སྤྱོད་ཀྱང་ཟག་པ་མེད་པའི་ཆོས་ཉིད་ལ་ལོངས་སྤྱོད་པ་ཡོངས་སུ་རྫོགས་པའི་༡ཕྱིར་ན། རྒྱལ་༡༡པོ་དང་། ཞེས་བྱའོ། །དེ་དག་ཀུན་ཀྱང་མཐིང་ཀ་དང་། དཀར་པོ་དང་། སེར་པོ་དང་། ལེ་བརྒན་དང་། ལྗང་གུའི་མདོག་ཏུ་འཚེར་བ་ཞེས་བྱ་བ་ནི། རང་བཞིན་ཡེ་ནས་ཡིན་པ་ལས་མ་འདས་སྟེ་མངོན་དུ་བྱས་པའི་ཕྱིར་ཁ་དོག་སྨོས་ཏེ། དོན་ཡེ་ཤེས་ལྔ་པོ་རྣམས་ཀྱི་རྩལ་མ་འདྲེས་པ་ཉིད་དོན་ཡིད་ལ་རྟགས་ནི་དེ་དག་ཀུན་ཀྱང་ཞེས་པ་ནས་མཚེར་པ་ཞེས་པའི་བར་ནི་གདུལ་བྱའི་སྣང་བར་ཁ་དོག །ཅིར་ཡང་སྣང་བས་བལྟ་བས་མི་ངོམ་པའོ། །སྡེ་ཚིམ་དེ་དག་གདུལ་བྱའི་སྣང་བས་གཉིས་སུ་འགྱུར་ཏེ། ཐལ་བའི་རྒྱུད་ལས། ཕུང་པོ་ལྔའི་རྟོག་པའི་མཚན་མ་ཀུན་བཅོམ་བདེ་བ་༼༠༠༽ཆེན་པོ། །འི་ཡེ་ཤེས་ཀྱི་རོ་དང་ལྡན་པ། བདེ་བ་རང་གི་ངོ་བོ་ཕྱོགས་ཅིག་ཅར་ཡང་མ་གྲུབ་པས། ། ༼༠༠༽རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་གསུམ་དུ་བྱས་པའི་ཕྱིར། ། དཔེར་ན་༼༠༽བཅོམ་ལྡན་༼༠༠༽འདས་དེ་བཞིན་གཤེགས་པ་ཞེས་བརྗོད། གཟུགས་ལས་སོགས་པ་ཕུང་པོ་ལྔའི་མཚུངས་ལྡན་ལྷག་པའི་ཐིག་ལེ་ནི། ནང་ན་ཡོད་པ། ཐབས་ཀྱིས་ཟིན་ན་ལྔ་ཕུང་འཇོམས་པའི་ལས་དང་རིགས་ལྔར་སྣང་བའི་ཡོན་ཏན་སྔོན་ནས་ལྡན་པའི་ཕྱིར། །རིགས་ཀྱི་རྒྱལ་པོ་ཞེས་སུ་བརྗོད། །དེ་དེ་བཞིན་གཤེགས་པ་ཞེས་པའི་ནས་རྒྱལ་པོ་དང་ཞེས་པའི་བར་རོ། །ཁམས་ལྔའི་བཅུད་ལྔ་ཁུ་བའི་དམ་རྫས་བདུད་རྩི་ལྔའི་ཐིག་ལེ་ནི། །ཐོག་མར་ལུས་གྲུབ་པའི་རྒྱུ་ཐིག་ལེ་ཡང་དམ་རྫས་ལྔ་། དང་གནས་རྩའི་མདོག་ཀྱིས་ཁ་དོག་ལྔ་དང་ལྡན། །པ་སྟེ་ལྟེ་བའི་རྩ་ན་ཤ་ཆེན་གནས་པ་དེ་སྔོ་། ལོང་ཀ་ན་དྲི་ཆེན་སེར། དབུ་མ་བྱང་སེམས་དཀར། རོ་མ་ན་རཀྟ་དམར། རྐྱང་མ་ན་དྲི་ཆུ་ལྗང་ངོ་། །དྲི་ཆེན་ཁ་བ་ལ་སོགས་པའི་རོ་དང་ནད་སེལ་སྨན་ལྔ་གྲུབ་པའི་ལས་ཀྱང་དེ་བཞིན་དུ་ཁ་དོག་ལྔ་ཏེ། །དེ་དག་ཀྱང་ཞེས་པ་ནས་ལྗང་གུའི་མདོག་ཏུ་ཞེས་པའི་བར་རོ། །དེ་ལྟར་རང་གི་མཚན་ཉིད་མ་འདྲེས་པར་ཀུན་ཏུ་སྣང་། །ཞེས་པ་ནི་མཚར་བའི་དོན་ནོ། །ཞེས་འབྱུང་ངོ་། །བཙུན་མོ། ཞེས་པ་ནས། ས་སོགས་པའི་བར་དུ་ནི། ཡབ་གང་ཞིག་གིས་སྤྱད་པར་བྱ་བའི་ཡུལ་དུ་གྱུར་པ་ནི། བཙུན་མོ་སྟེ་ལྔ་དེ་དག་ཡོན་ཏན་གྱི་རྩལ་སེམས་མ་མན་ཆད་ལ་ཁྱད་པར་དུ་གྱུར་པས་དམ་པའི་སྣང་བ་ནམ་མཁའ་ལ་སོགས་པ་འབྱུང་བ་ལྔའི་རྟོག་པ་སྨོས་པའི་རྒྱུ་མཚན་གསུམ་ནི་ཡབ་ཀྱིས་རྗེས་སུ་མཐུན་པ་ཏེ་སྲ་བའི་ས་དང་། མཉམ་པ་ཆུ་དང་། དྲོ་བའི་མེ་དང་། བསྐྱོད་པའི་རླུང་སྟེ། འབྱུང་བ་ལྔ་ནི་ཕུང་པོ་ལྔའི་རྒྱུའི་སྣོད་བཅུད་ཀུན་གྱིས་རྒྱུར་གྱུར་པ་ནི་སྐབས་ཀྱིས་ནས་དབྱིངས་ཞེས་སོ། །ལ་སོགས་པར་བསྡུ་བ་ནི་འོག་གི་བཙུན་མོའི་ཚོགས་ཞེས་པ་མཐུན་པ་སྟེ། དེའི་རྒྱུ་མཚན་ནི། རྒྱུད་འདིའི་ཐབས་ཤེས་ཐམས་ཅད་ཀྱི་སྤྱི་རྒྱུད་དུ་ཁས་ལེན་པའི་ཕྱིར་ན་སྟོན་པ་ཉིད་འཁོར་བུད་མེད་ཀྱི་དཀྱིལ་ན་གསུང་ཚིག་ཏུ་བརྗོད་པ་གཉིས་སུ་མེད་པར་ཡང་བཞུགས། པས་ཤེས་རབ་ཀྱི་རྒྱུད་དུ་ཡང་འགྱུར་རོ། །ཆོས་ཀྱི་དབྱིངས་ཞེས་པ་ནས་བཞུགས་སོ་ཞེས་པའི་བར་ནི་ཏིལ་གྱི་གོང་བུ་བུའི་དཔེས་འཁོར་གྱི་ཚད་སྟོན་པ་སྟེ། ཆོས་ཀྱི་དབྱིངས་མཐའ་ཡས་པར་ཁྱབ་པའི་རང་བཞིན་མངོན་དུ་བྱས་པ་དང་རང་བཞིན་རིག་པ་ནི་ཐམས་ཅད་ཀྱིས་བདག་ཉིད་ཆེན་པོའི་ལས་གཞན་མེད་པ་ཕྱིར་ཏིལ་གོང་བཞིན་དུ་གཞན་གྱི་སེལ་མེད་པ་ནི་ཚད་མེད་པ་ཁོ་ནས་ཏེ་ཁྱབ་པར་བཞུགས། སོ་ཞེས་བྱའོ། །དེ་དག་ཀྱང་ཐལ་བའི་རྒྱུད་ལས། ནམ་མཁའ་ལ་སོགས་པ་ཕྱི་རོལ་ཀུན་བཏགས་ཀྱིས་འབྱུང་བ་ནི་ནང་གི་དངས་མ་ཡེ་ཤེས་ཀྱི་འབྱུང་བ་ལྔ་ལས་བྱུང་། །སྟེ་དེའང་དངས་མ་ཡེ་ཤེས་ཀྱི་འབྱུང་བ་ལྔའི་བྱེད་ལས་དག་གིས། །ཕྱི་ཀུན་བརྟགས་ཀྱིས་འབྱུང་བ་ལྔ་བསྐྱེད་པའི་ཕྱིར་ན་དབྱིངས་སུ་བརྗོད་པ་སྟེ། །དེ་བས་ན་བཙུན་མོའི་དངོས་པོར་ཡང་དྭངས་མ་ཡེ་ཤེས་ཀྱི་འབྱུང་བ་དེ་བརྗོད་དོ། །བྱང་སེམས་ཐིག་ལེ་ནི་སྣོད་ཀྱི་རྩ་བའི་ཁྱད་པར་གྱིས། །ཏིལ་གོང་ལྟ་བུར་རྩ་སྤུབས་ཀྱི་མཁའ་གང་བ། །ཐིག་ལེ་ལ་བདེ་བ། བདེ་བ་ལ་ཡེ་ཤེས། ཡེ་ཤེས་ལ་སྐུས་ཁྱབ་པ། དེས་ན་རྒྱལ་བའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་བརྗོད་ཀྱིས་མི་ལང་། །བར་བཞུགས་སོ། །ཞེས་འབྱུང་ངོ་། །དེ་ནས་བྱང་ཆུབ་ཆེན་པོ་ཞེས་པ་ནས་མྱོང་བར་བྱའོ། །ཞེས་པའི་བར་དུ་ནི། འདི་ནས་མར་འབྲས་བུའི་སེམས་དཔའ་སེམས་མ་ཡིན་པས་ཐུགས་རིག་པའི་ཡེ་ཤེས་ཁྱད་པར་ཅན་གྱི་འཁོར་སྟོན་ཏེ། གདུལ་བྱ་ཀུན་ཏུ་འོད་དང་མཐར་ལམ་གྱི་ཞེས་པ་བྱང་བ། ལས་མཐར་ཐུག་པ་ནི། དྲུག་པའི་སངས་རྒྱས་ཀྱི་གདུལ་བྱའི་ཞིང་དུ་གྱུར་པས་ཆུབ་ཏེ། དེ་དག་རྒྱུའི་ས་བཅུ་མན་ཆད་གཞན་ལས་ཁྱད་པར་དུ་གྱུར་པས་ཏེ། ལྟ་བའི་སྒྲིབ་པ་བག་ལ་ཉལ་ཕྲ་བ་འཇམ་པའི་ཕྱིར་ལས་ཀྱི་སྒོ་ནས་རྡོ་རྗེའོ། །ལྷའི་མཚན་ཉིད་མིག་ལ་སོགས་པའི་རྟོག་པ་སྨོས་པ་པའི་རྒྱུ་མཚན་ནི་གཙོ་བོ་རྗེས་སུ་མཐུན་ཏེ། མཐོང་བ་མིག་གི་རྣམ་ཤེས་དེ་ལྟ་ན་སའི་སྙིང་པོ་དང་། སྣོམ་པ་ནམ་མཁའི་སྙིང་པོ་དང་། མྱོང་བ་སྤྱན་རས་ཅན་དང་། ཐོས་པ་ཕྱག་ན་རྡོ་རྗེ་དེ་དག་གཟུགས་ལཱ་སྱེ་མ་དང་དྲི་མ་ལེ་དང་མ་རོ་གླུ་མ་དང་སྒྲ་གར་དུ་ལྡན་པར་བཞུགས་སོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་ཅེས་པ་ནས་མ་བྱོན་པ་ཞེས་པའི་བར་དུ་ནི། གཞན་ནི་བཤད་ཟིན་ཏོ། །དུས་བཞི་ནི་དབང་པོ་མིག་ལ་སོགས་པ་དྭངས་མའི་ལས་ཀྱི་ཤེས་པ་ལྔ་ལ་ཡུལ་སྣང་བའི་དུས་ཀྱི་གོ་འབྱེད་པའི་ཕྱིར་དབང་པོ་དང་དུས་དེ་དག་ཐབས་ཡབ་དང་ཤེས་རབ་ཡུམ་ཏུ་སྨོས་སོ། །མཐོང་བྱེད་མིག་གི་དབང་པོ་དེ་དག་ཀྱང་ལྷ་ན་བྱམས་པ་དང་། རྣ་བའི་དབང་པོ་སྒྲིབ་སེལ་དང་། སྣའི་དབང་པོ་ཀུན་པོ་དང་། ལྕེའི་དབང་པོ་འཇམ་དཔལ་རྣམས་སོ། །འདས་པ་སྤོས་མེ་དང་ད་ལྟར་མེ་ཏོག་དང་ཕྱིས་འབྱུང་བ་མར་མེ་དང་། མ་བྱོན་པའི་ཚོགས་བསིལ་བྱེད་མར་ལྡན་པའོ། །ཡང་ཐལ་བའི་རྒྱུད་ལས། མིག་ལ་སོགས་རྣམ་ཤེས་བཞིའི་རང་གི་ཐིག་ལེ་ནི། །ཆོས་ཅན། ཧེ་དུ་ལས་བྱ་བ་བྱེད་པ་དང་ངོ་བོ་ཆོས་ཉིད་རིག་པ་འབྲས་བུའི་ལྟའི་ངོ་བོ་ཉིད་ཡིན་པ་ཕྱིར། །སེམས་དཔའ་ཆེན་པོའི་བྱང་ཆུབ་ཆེན་པོ་ཉིད་དུ་བརྗོད། །ཅེས་དམ་བཅའ། རྟོག་པ་བཞིའི་ཉེས་པ་ཟད་པར་བྱེད་པའི་ཕྱིར་ལས་འཇམས་པའི་རྡོ་རྗེ་སྟེ། །ཤེས་པ་རང་གི་འབྱུང་གནས་དབང་བོའི་བྱེ་བྲག་ཀྱིས་ཕྱེ་བའོ། །གཟུགས་ལ་སོགས་པ་ཡུལ་བཞིའི་མཚུངས་ལྡན་གྱི་ཐིག་ལེ་ནང་ཉིད་ཕྱིར་རོལ་གྱི་ཡུལ་བཞིར་སྣང་སྟེ། །རང་གི་སྣོད་རྩ་དང་བཅུད་ཐིག་ལེ་བཅས་པ་དེ་ལས། །བདེ་བ་བསྐྱེད་པའི་ཕྱིར་ན་བཙུན་མོའོ། །ཞེས་དུས་ནི་སྐད་ཅིག་བཞི། འབྱུང་བ་བཞིའི་རླུང་གིས་གོ་ཕྱེས་ཏེ། །བྱིས་པ་ལ་སོགས་པ་ཚད་མེད་བཞིའི་ཡེ་ཤེས་བཞི། །པོ། དེའི་བདེ་བ་སྐད་ཅིག་མ་བཞིས་རིམ་པར་སྐྱེ་བ་ཡང་། །དད་པ་ལ་སོགས་པ་དབང་པོ་ལྔ་ལ་སོགས་པ་བསྒོམ་ནས་སྣང་བས་ཏིང་ངེ་འཛིན་གྱི་དབང་པོ་དག་དུ་ངེས་པར་གསུང་། །ཞེས་འབྱུང་ངོ་། །འཇམ་པ་ཆེན་པོ་རྡོ་རྗེ་རེག་པ་ཞེས་པ་ནས་བཞུགས་སོ་ཞེས་པའི་བར་ནི། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱི་གསང་བའི་ཁམས་ཀྱིས་རྟོག་པས་རྟོག་པ་གཞན་འཇོམ་པའམ། བདུད་དང་མུ་སྟེགས་འཇོམས་པ། ཁོ་ནའི་ཕྱིར་ཏེ། རྡོ་རྗེ། གནོད་སྦྱིན་སྲིན་པོ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པའོ། །ཆེན་པོ། ལུས་ཀྱི་རེག་པ་རེག་བྱེད་རེག་བྱ་རེག་ཤེས་ལ་སོགས་པ་ནི། གསང་བའི་ཁམས་གསུམ་དང་སུམ་འདུས་ཀྱིས་རེག་པ་གང་བཞི་པོ་རྣམས་ཡིན་ཏེ། གཞན་ཡང་ལུས་ཀྱི་སྤྱིའི་ཆོས་བཞི་ཀྱང་དོར་བ་མ་ཡིན་ནོ། །རྟག་པ་ལ་སོ གས་པ་ནིའི། ཆད་པ། བདག་ཏུ། མཚན་མ་སྟེ་ལྟ་ངན་བཞི། དངོས་པོ་རྣམས་ལ་ཕྱིན་ཅི་ལོག་པར་འཛིན་པའི་ས་ལུས་གྲུབ་པ་ཕྱིར་ཡབ་ཡུམ་དུ་འབྲེལ་པ་སྟེ། རྟོག་པ་སྨོས་པའི་རྒྱུ་མཚན་ནི་གཙོ་བོ་དང་རྗེས་སུ་མཐུན་པ་དང་ཕྱིན་ཅི་ལོག་བཞི་དེ་དག་མི་གནས་པར་བྱེད་པའི་ཕྱིར་རོ། །མ་ཡིན་ཞེས་བྱ་རྟོག་པ་དེ་དག་ཀྱང་གཤིན་རྗེ་དང་གསང་བའི་རྣམ་ཤེས་ནི་ལྷ་ན་ཐུགས། སྤྲུལ་སྐུ་སྟོབས་པོ་ཆེ་དང་དབང་པོའི་གསུང་རྟའི་རྒྱལ་པོ་དང་། རེག་པ་ཕྲིན་ལས་བདུད་རྩི་འཁྱིལ་པ་རྣམས་ཡུམ་བཞི་དང་འཁྲིལ་བས་རྔམས་པའི་ཚུལ་གྱིས་གདུག་པ་ཅན་འདུལ་བའི་ཕྱིར་ཞལ་ཕྱིར་བལྟས་པའོ། །ལོག་པ་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ་ཞེས་བྱ་བ་ནི། རིགས་ལྔ་དང་རང་བཞིན་དང་དགོངས་པ་གཉིས་སུ་མེད་པ་ཡུམ་ལྔ་དང་ཐུན་མོང་མིན་པ་དང་འི་ཕྱིར་གཉིས་སུ་མེད་པ་བདག་ཉིད་ཆེན་པོ་དང་རང་བཞིན་གྱིས་སྣང་གྲགས་གཅིག་པའི་ཕྱིར་གོ་ཕྱེ་བའི་འཁོར་དང་གཉིས་སུ་མེད་པ། ལྷན་ཅིག་པའི་འཁོར་དང་གནས་འོག་མིན་ཀྱི་སྣང་བར་གཅིག་པའི་ཕྱིར་གཉིས་སུ་མེད་པར་བཞུགས་སོ་ཞེས་བཞག་པའོ། །ཡང་ན་རང་བཞིན་འཁོར་འདས་གཉིས་སུ་མེད་པ་དང་། ཐུན་མོང་མ་ཡིན་པ་སྟོན་འཁོར་དང་། བདག་ཉིད་ཆེན་པོ། ལྷ་རྟོག་དང་། གནས་འོག་མིན་དང་། ཞིང་ཁམས་མཐང་གཉིས་སུ་མེད་པར་བཞུགས་སོ་ཞེས་བཞག་གོ། །ཡང་ཐལ་བའི་རྒྱུད་ལས། གསང་བའི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་སུམ་འདུས་ཀྱི་རེག །པ་དང་། ལུས་ཀྱི་ཆོས་བཞི་པོ་དེ་འདུས་ཏེ་སྙོམ་པར་འཇུག་ནས་བདེ་བ་ལ་ལོངས་སྤྱད་པས། །རྟོགས་ཚོགས་གཞན་མ་ལུས་པ་འཇོམས་པའི་ཕྱིར་ཁྲོ་བོ་སྟེ། །མཚན་གྱིས་ཁྲོ་བོ་ཉིད་དང་གསང་བའི་ཁམས་སོ། །གཞན་རྣམས་དབང་པོ་ཡུལ་སོགས་ཐམས་ཅད་འཇོམས་པའི་བྱེད་ལས་ཀྱི་ཁྲོ་བོ་བཞིར་ཕྱེ་བ་ཡིན། །ནོ། གསང་བའི་ཁམས་གསུམ་ཐབས་ཀྱི་སྤྱོད་པ་འདི་ཉིད། །ནི། རྟགས་སོགས་ཕྱིན་ཅི་ལོག་གིས་མཚན་མ་ལས་ཀྱིས་བསྐྱེད་པའི་ཕྱིར། །ལྟ་ངན་བཞི་ལ་བཙུན་མོ་ཞེས་སུ་བསྟན་པ་སྟེ། །སྦྱོར་བ་བདེ་བའི་བྱེད་ལས་ཀྱི་སྐབས་ཀྱི་རྟོག་པ་ཕྱིན་ཅི་ལོག་བཞ ི་ལ་མི་གནས་པའོ། །ས་མ་ཡིན་པ། ཞེས་འབྱུང་ངོ་། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བའི་འདི་ཉིད། ཅེས་བྱ་བ་ནི་འདི་ནས་མར་རྒྱུད་ཁྱད་པར་ཅན་གྱི། གླེང་གཞི་བསྡུས་པ་སྟོན་ཏེ། པས་ན་དེ་ནས་ཞེས་བྱ། དེ་ས་ཐབས་ཡབ་བཅོ་བརྒྱད་དང་བཙུན་མོའི་ཚོགས། ཤེས་རབ་ཡུམ་བཅོ་བརྒྱད་གཉིས་སུ་མེད་པར་འབྱོར་པའི་བདེ་བ་ཆེན་པོའི་ངོ་བོ་ལ་འབྲས་བུའི་ཡོན་ཏན་རིལ་ལྷུན་གྱིས་གྲུབ་པ་ནི། ས་དཀྱིལ་འཁོར་དེ། རྟོགས་དཀའ་བའི་ཕྱིར་ཀུན་གྱིས་ཐུན་མོང་མ་ཡིན་པས་ན་གསང་བའི་དཀྱིལ་འཁོར་ཏེ་དེ་བཞིན་གཤེགས་པ། ཡབ་ཡུམ་དེ་དག་གི་དགོངས་པའི་ངོ་བོ་ཉིད་ཀྱིས་དོན་ནི་སྟོན་པར་སྣང་བ་དང་གནས་འཁོར་གསུམ་ནི་རེག་པའི་སེམས་སུ་མི་ཕྱེད་པའོ། །དེ་ཉེ་བར་མཚོན་པ་ནི་གསང་བ་འདི་ཉིད་འོག་ནས་སྟོན་པའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་བྱ་བ་ནི། ལྔའི་ངོ་བོ་ནི་རིགས་ལྔ་སྟེ། དེ་དག་ཏུ་སྣང་བས་གཅིག་དང་དྲུག་པ་ལས་མ་གཡོས་པས་༡དུ་མ་དང་༡༡བྲལ་བས་རིགས་ལྔ་དབྱེར་མེད་མི་ཕྱེད་པས་རྡོ་རྗེའོ། །རྒྱུད་ཀྱིས་སྟོན་པའི་ངོ་བོ་ཡང་རྡོ་རྗེ་ཡིན་ལ། གདུལ་བྱའི་མོས་པ་སྣང་བས་ཐུགས་སྒྱུ་འཕྲུལ། འཆད་པའི་སྐྱེས་བུ་མི་བསྐྱོད་པ་ནི་རྡོ་རྗེ་རིགས་ཁོ་ནའི་རྒྱུ་སྣང་བ་ཕྱིར་རྡོ་རྗེ་སྟེ། དེ་ལས་ཚིགས་འདི་དག །མངོན་དུ་སྣང་བས་ན་ཕྱུང་ངོ་ཞེས་བྱའོ། །ཨེ་ཨེ་མ་ཨེ་མའོ། །ཞེས་བྱ་བ་ནི། ཨེ་མ་ཞེས་པ་སྟོན་པ་དང་ཕུན་སུམ་ཚོགས་པ་ལ་ངམ་པ། ཨེ་མ་ཞེས་པ་༡གནས་དང་ཨེ་མའོ་ཞེས་པ་༡འཁོར་དེ་རྣམས་གཞན་ལས་༡༡༡ཁྱད་པར་ཅན་དུ་གྱུར་པ་ལ་ངོམ་པ་སྟེ། སྟོན་པའི་དགོངས་པ་རང་རིག་པ་ཉིད་སྟོན་འཁོར་གནས་གསུམ་གྱི་ཁྱད་པར་དུ་སྣང་བ་ལ་ངོམ་པ་གསུམ་མོ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད། ཅེས་པ་ནི་གནས་ཀྱི་རང་བཞིན་སྟོན་ཏེ། དེ་ཡང་སེམས་ཉིད་ལ་ཡོན་ཏན་ལྷུན་གྱིས་གྲུབ་པའི་དེ་༼༠༽བཞིན་ཉིད་དང་། མཉམ་པ་ཉིད་ཀྱི་༼༠༽དབྱིངས་སུ་ཡེ་ནས་གནས་པའོ། །ཉིད་དོ། །དེ་ཡང་ཡང་ལྕི་ན་འོག་མིན་ཞེས་པ་དང་། ཕྱི་དང་ནང་། རྒྱ་ཕྱོགས་བཅུར། ཞེས་ཚིགས་རྐང་གསུམ་པ་བསྡུད་པ་དབང་བསྒྱུར་ཞེས་བྱ་བ་ནི་སྟོན་པའི་ངོ་བོ་སྟེ། དེ་ཡང་ཤེས་བྱའི་དོན་གོང་མ་༼༠༠༽དེ་ཉིད་ཤེས་བྱེད་ཡིད་བྱེད་པ་པོ་རང་བྱུང་གི་ཡེ་ཤེས་ཀྱི་རྟོགས་པར་མངའ་མཛད་པའོ། །ས་དབང་བསྒྱུར་བ། དེའང་སྐུ་མདུན་པ་དང་རྒྱབ་ཅེས་པ་ནས། དབུ་གསུམ་དང་ལྡན་ཞེས་པའི་བར་སྡུད་པའི་དོན་ནོ། །ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་ཞེས་བྱ་བ་ནི་སྟོན་པའི་རང་བཞིན་ཏེ་དེ་ཡང་། རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔར་གསལ་བའི་བྱེ་བྲག་རྣམས་ལས་འབྲས་བུའི་ཆོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དཀྱིལ་འཁོར། རིལ་དུ་སྣང་བ་ལ་ཞེས་མྱ་ངན་ལས་འདས་དང་། དེ་ཉིད་འཁོར་བ་དུས་གསུམ་གྱི་ཆོས་ཀུན་ཏུ་རྒྱ་མ་ཆད་པས་ཐུགས་རྗེས་ངང་གི་ངོ་བོ་གཅིག་པར་འབྲེལ་བའོ། །དེ་ཡང་དེ་བ་ཞེས་པ་ནས་དབྱེར་མེད་པའི་རང་བཞིན་ཏེ་ཞེས་པའི་བར་རོ། །རང་སྣང་བ་ཉིད་ཅེས་བྱ་བ་ནི་གནས་ཀྱིས་ངོ་བོ་སྟོན་ཏེ། དོན་དེ་རྟོགས་པའི་རིག་པ་ལས་འབྲས་བུ་སྐུ་དང་ཡེ་ཤེས་ཐབས་ཅད་རྫོགས་པ་ཉིད་ཀྱི་རྩལ་མ་འགག་པར་རང་སྣང་བ་ནི་ཉིད་རྟགས་གྲུ་བཞི། གློ་བུར་དང་བཞི་རྩེ་མོའི་དབྱིབས་དང་ཁ་དོག་རྒྱན་སྣ་ཚོགས་སུ་སྣང་ངོ་། །དེའང་གཞི་ཚད་མེད་ཅེས་པ་ནས་མི་ཁྱབ་པར་ཀླུབ་པ་ཞེས་པའི་བར་རོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་སྒོ་བཞི་སྟེ། དེ་ཡང་སྟོན་པ་ཉིད་ལ་སོགས་པའི་རྣམ་ཐར་བཞི་ཏིང་ངེ་འཛིན་བཞིའི་སྒོ་ནས་འཇུག་པས་ན་སྟེ་དེའང་རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན་ཞེས་སྒོ་བཞིར་བསྒོམ་པའང་དེ་ཐུན་མོང་ལམ་སྟེག་གི་ཐེག་པ་བརྒྱད་ཀྱི་སྒོ་ནས་དོན་མཚོན་དགོས་པའི་ཕྱིར་དེའི་མཚོན་བྱེད་གཟུགས་བརྙན་རྟ་བབ་བརྒྱད་དེ་དེའང་རྣམ་པར་ཞེས་པ་ནས་ལྡན་པ་ཞེས་པའི་བར་རོ། །སྒྱུ་མ་རྣམ་དག་གསལ་བ་ཞེས་བྱ་བ་ནི་གདན་སྟེ། དོན་རྟོགས་པའི་རིག་པ་སྒྱུ་མ་ལྟ་བུ་ཉིད་སྟོབས་མི་འཇིགས་རྫུ་འཕྲུལ་དབང་ཕྲིན་ལས་བཞི་ལ་སོགས་པའི་འབྲས་བུའི་ཆོས་སུ་སྣང་བས་རྟགས་སེང་གེ་ལ་སོགས་པ་ལྔར་བསྒོམ་པའོ། །དེའང་མི་འཇིགས་པ་ནས་ཁྲིད་དང་ཞེས་པའི་བར་རོ། །རྣམ་དག་ནི་ཆོས་ཐམས་ཅད་རིག་པའི་ཡིན་པ་ཕྱིར་གང་ལ་སྤྱད་ཀྱང་ཉེས་པས་མི་གོས་པ་པད་མར་བྱུང་བའོ། །གསལ་ལ་བ་ཞེས་བྱ་ནི། མ་སྐྱེས་པའི་ཡེ་ཤེས་ཉིད་ཐབས་དང་ཤེས་རབ་ཏུ་གསལ་བར་སྣང་བས་ཉི་ཟླར་བསྒོམ་པའོ། །དེའང་རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་ཞེས་པའི་དོན་ནོ། །གཞལ་ཡས་ཁང་གདན་དང་བཅས་པ་དེར་ལྷ་ཅི་ཞིག་བསྒོམ་སྙོམས་པ་ལས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞེས་གསུངས་ཏེ། འཆད་པའི་སྐྱེས་བུ་དང་རང་བཞིན་གཉིས་སུ་མེད་པའི་འཁོར་ཏེ་ཕུང་པོ་དང་འབྱུང་བ་དཀར་དག་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ་ཡབ་ཡུམ་གསལ་བའོ། །དེའང་བཅོམ་ལྡན་འདས་ཞེས་པ་ནས་བཙུན་མོའི་ཚོགས་དང་གཉིས་མེདཔར་ཞེས་པའི་བར་རོ། །སེལ་མེད་པ་ཞེས་བྱ་བ་ནི་འཁོར་གྱི་ཚད་དེ། དེ་ཡང་ཕུང་པོ་ལྔ་དང་འབྱུང་བས་ལྔ་པོས། རྟོག་ཚོགས་རིལ་བསྡུས་པས་རྟོག་ཚོགས་ཐམས་ཅད་ཀྱང་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གསལ་བས་གཞན་གྱིས་སེལ་མེད་པར་གྱུར་པས་འཁོར་དེ་དག་མང་བ་དང་ཁྱབ་པའི་ཚད་ནི་དཔེ་ཏིལ་གྱི་གོང་བུ་ལྟར་སྤྱོད་ཡུལ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱིས་དཀྱིལ་འཁོར་དུ་ཡོངས་སུ་དག་པ་དག་པ་ཁོ་ནའོ། །དེའང་ཆོས་དབྱིངས་ཞེས་པ་ནས་བཞུགས་སོ་ཞེས་པའི་བར་རོ། །ཡོན་ཏན་ཡིད་བཞིན་རིན་པོ་ཆེ་ཞེས་བྱ་བ་ནི། སྐུ་མདོག་སྟེ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གསལ་བ་དེ་དག་ཐབས་མ་འདྲེས་པར་ཡོན་ཏན་གྱི་དོན་མཛད་པའི་ཕྱིར་རིན་པོ་ཆེ་སྣ་ཚོགས་ཀྱིས་ཚོན་ཤེལ་དུ་བཅུག་པ་ལྟར་ཕྱི་ནང་མེད་པར་གསལ་བར་བསྒོམ་པའོ། །དེའང་དེ་དག་ཀུན་ཞེས་པ་ནས། ཚོར་བ་ཞེས་པའི་བར་རོ། །ཡང་ན་ཡིད་བཞིན་རིན་པོ་ཆེའི་གདན་དུ་འདོད་པ་ཡང་ཡོད། མི་ཟད་པ་རྒྱན་གྱི་འཁོར་ལོ་ཞེས་བྱ་བ་ནི་རིག་པ་ཁྱད་པར་ཅན་གྱི་འཁོར་ཏེ། དེ་ཡང་ཕུང་པོ་དང་འབྱུང་བ་དེ་དག་བྱེ་བྲག་ཏུ་ཕྱེ་བ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཐ་སྙད་རིལ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མི་ཟད་པ་རྒྱན་གྱི་འཁོར་ལོ་དུ་གྱུར་པ་ནི། རྒྱས་པར་ཕྱེ་བས་གྲངས་ལས་འདས་པས་ན། དེ་ནས་བྱང་ཆུབ་ཆེན་པོ་ཞེས་པ་ནས་བརྗོད་ཀྱིས་མི་ལོང་བ་གཉིས་སུ་མེད་པར་བཞུགས་སོ། །ཞེས་བྱ་བ་ཁོ་ནའོ། །རྡོ་རྗེ་མཆོག་གི་གནས་ཉིད་དོ་ཞེས་བྱ་བ་ནི་གླེང་གཞིའི་ངེས་ཚིག་སྟེ། དེ་ཡང་གསང་སྔགས་པ་རྡོ་རྗེའི་ཐེག་པ་རྒྱུད་ཀྱི་མཆོག་གི་འབྱུང་བའི་གནས་ཉིད་ནི། སྟོན་གནས་འཁོར་གསུམ་པོ་འཚོགས་པ་ལས་འབྱུང་བ་ནི་རྗེས་འཇུག་གི་བསྟན་པའི་ཆེ་བའོ། །ཡང་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་གསུམ་པོ་འབྲས་བུའི་འི་མཆོག་ནི། ལམ་བསྡུ་བའི་ཚིགས་བཞིས་མཚོན་པའི་ཏིང་ངེ་འཛིན་བསྒོམ་གྱི་ཉམས་སུ་ལེན་པ་ལས་འབྱུང་བའི་ཕྱིར་རོ། །དོ། །རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་བྱ་བ་ནི། སྟོན་གནས་འཁོར་གྱིས་སྣང་བ་གསུམ་རང་རིག་པར་མི་ཕྱེད་པའི་རྡོ་རྗེ་སྟེ། རྟོགས་ཤིང་ཉམས་སུ་ལོན་པར་དཀའ་བས་གསང་བ་དེ་དབང་མཚོན་པའོ། །ར་བྱེད་པའི་ཚིག་ཏུ་གླེང་གཞིའི་ལེའུ་ཞེས་བྱ་བ་ནི། གླེང་བ་ནི་བརྗོད་པ་སྟེ། འབྲས་བུ་བསྟན་པ་བརྗོད་པར་བྱ་བ་དོན་གྱིས་བསྟན་པའི་སེམས་ཉིད་དང་བརྗོད་པར་བྱེད་པ་གཉིས་ཚིག་གི་བསྟན་པ་ལམ་གསང་སྙིང་གཉིས་ཀྱིས་གཞིའམ་རྩ་བ་སྟོན་པ་ལ་སོགས་པ་གནས་འཁོར་གསུམ་འཚོགས་པ་ཁོ་ནའོ། །ལས་འབྱུང་བ་ལེའུ་དང་པོའི་དོན་མདོར་བཀྲོལ་བའོ།། །།ཙམ་དུ་བརྡ་དེ་ནས་བཅོམ་ལྡན་༼ཀ༽འདས་རྡོ་རྗེ་༼ག༽ཡིད་བྱེད་པ་པོ་༼ཁ༽ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི། དེ་མ་ཐག་པར་རྒྱུད་བཤད་པའི་སྐབས་འབྱེད་པ་ནས་གླེང་བསླང་སྟེ། རྒྱུ་གླེང་གཞི་བསྟན་རྐྱེན་གླེང་བསླང་སྟོན་པ་ནས་རྒྱུད་ཀྱི་རྐྱེན་གླེང་བསླང་བ་ལ་གཉིས་ལས། དང་པོ་ཐུན་མོང་མ་ཡིན་པའི་གླེང་བསླང་བའི་ལ་གཉིས་ཀྱིས་དང་པོ་འཁོར་སྣོད་དུ་སྨིན་པར་བྱེད་པ་གསང་བའི་དབང་སྟོན་པའི་ཕྱིར་རོ། །བཅོམ་ལྡན་འདས་ནི་སྔར་བཤད་ཟིན་ལ་ཡིད་ནི་རྟོགས་མ་རྟོགས་ཀྱིས་གནས་སྐབས་ཀྱིས་སེམས་ཅན་གྱི་རྟོག་༼༠༽པ་༡དང་སངས་རྒྱས་ཀྱི་༠༽ཡེ་ཤེས་༡ཀྱི་བདག་༡༡ཉིད་ཀྱི་ཕྱིར། ༼༠༽འཁོར་བ་དང་༠༽མྱ་ངན་ལས་འདས་པ་གཉིས་ཀའི་བྱེད་པ་པའོ། །ཡིད་ཡིན་པ། དེ་ཡང་སྔགས་པ་ལྟོས་པ་ཀུན་ཏུ་བརྟགས་པ་ཅན་དང་ལྡན་པའི་སེམས་ཙམ་པ་རྣམས་ཀྱིས་ལུས་ཀྱིས་ཡིད་རྒྱུ་ལྔ་མའི་རྐྱེན་ལས་སྐྱེ་ཞིང་སྣང་བར་འདོད་པ་དེ་ལས་འདིར་ཁྱད་པར་དུ་འཁོར་འདས་དབྱེར་མེད་ཀྱི་བདག་ཉིད་དུ་གྱུར་པས་ན་རྡོ་རྗེའི་ཡིད་ཏེ། དེའི་རྒྱུ་མཚན་ཅི་ཞེ་ན། དོན་རང་བྱུང་གི་ཡེ་ཤེས་ངོ་བོ་གང་འདུས་མ་བྱས་པས་ན་མཚན་ཉིད་སྐྱེ་འཇིགས་དང་བྲལ་བའི་ཕྱིར་རྡོ་རྗེའི་ཡིད་དོ། །རང་བྱུང་ཡེ་ཤེས་དེ་ཉིད་གཞན་ནས་མ་རྩལ་བར་ཐམས་ཅད་དུ་རང་སྣང་བས། སྣང་བ་ཐམས་ཅད་ཀྱང་རང་བྱུང་ཡེ་ཤེས་ཁོ་ན་ཡིན་བས་ན་རིན་ཆེན་གླིང་བཞིན་དུ་སྤངས་བྱའི་སེལ་མི་དམིགས་པའི་ཕྱིར་ཀུན་ཏུ་བཟང་པོའོ། །དོན་དེ་ཉིད་རྟགས་རྒྱལ་བ་དྲུག་པར་སྣང་བས་ན་དོན་ལས་མཚན་དུ་བཏགས་པའོ། །ཐམས་ཅད་མ་ལུས་པའི་རང་བཞིན་གྱིས་ཚུལ་རྡོ་རྗེས། ཞེས་བྱ་བ་ནི། ཡིད་ནི་ཆོས་ཐམས་ཅད་ཀྱི་བྱེད་པ་པོའི་ཡིན་པ་ཕྱིར་དེས་གང་བྱས་པའི་ཆོས་རིལ་ཐམས་ཅད་ལྷག་མ་མ་ལུས་པའི་རང་བཞིན་ནི་དོན་རང་རིག་པའི་ཡེ་ཤེས་སུ་ཚུལ་ཅིག་ལ། དོན་དེ་རང་སྣང་བའི་རྟགས་རྒྱལ་བ་རིལ་ཡང་རྒྱལ་བ་དྲུག་པར་ཚུལ་ཅིག་པས་དེ་དག་ཐམས་ཅད་དབྱེར་མི་ཕྱེད་པ་ནི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོའོ། །བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞེས་བྱ་བ་ནི་ཡིད་ཀྱིས་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ཉིད་ནི་འདུས་བྱས་དང་ནི་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་བཞི་འདུས་མ་བྱས་པའི་ཆོས་ལ་སོ་སོར་བརྟགས་པ་དང་བརྟག་མིན་གྱིས་འགོག་པ་གཉིས། ནམ་མཁའ་ཆོས་ཉིད་དེ་བཞིན་ཉིད་དང་བཞིའི་རིལ་སེམས་ཉིད་ཀྱི་ཕྱིར་རང་སྣང་བ་ཡིན་པའི། དེས་པས་སྤངས་པར་བྱ་བ་མི་དམིགས་པ་ཉིད་རྟགས་སྐུར་རང་སྣང་བ་ནི་ཀུན་ཏུ་བཟང་མོ་ཆེན་པོའི་གཟུངས་མ་ཏེ་དོན་དེ་ལ་ཚིགས་དེ་སྐད་ཅེས་བྱའོ། །ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པར་སྙོམས་པར་འཇུག་པ་ནི། ངོ་བོ་རང་རྒྱུད་ཅན་མེད་ཀྱང་གདུལ་བྱའི་ངོ་ན་སྣང་བའོ། །ར་གྱུར་ཏོ་ཞེས་བྱ་ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་ཞེས་བྱ་བ་ནི། དེ་ལྟར་ཞུགས་པའི་དགོས་ཆེད་ནི་དུས་གསུམ་ནི་གོ་སླ་ལ་རྒྱུ་རྐྱེན་ཡོད་ལ་མ་འཚོགས་པའི་འབྱུང་བར་མ་ངེས་པའི་དེ་པ་ནི། འགྲོ་བ་དྲུག་གི་རིལ་སུ་ཡང་འགྱུར་བའི་ཕྱིར་ན་ཕྱོགས་བཅུ་དུས་བཞིའི་བསྡུས་པའི་དེ་པ་མ་ལུས་པའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཅིག་གི་རང་བཞིན་དབྱེར་མེད་པར་གསལ་བ་ལས་འཁོར་འདས་སམ་རང་གཞན་ཐ་དད་གཉིས་མི་སྣང་བའི་ཕྱིར་དེ་པ་ཉིད་དེ་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་ཞེས་གསུངས་ཏེ། དེ་ལ་ཀུན་བཟང་ཡབ་ཡུམ་ཉིད་ཀྱི་ལྷན་ཅིག་པའི་འཁོར་གྱི་དེ་པ་ཉིད་ལ་དབང་བསྐུར་ཞིང་གྲོལ་བའི་ཆེད་དུ་དགོངས་པ་ལ་གསལ་བས་ཚིག་ཏུ་བརྗོད་པ་དང་འདྲ་བའོ། ། འོག་གི་ཚིག་འདི་དག་བརྗོད་པ་ཞེས་བྱ་བའོ། །ཨེ་མའོ། །ཞེས་བྱ་བ་ནི་༼༠༽ངོམ་པ་སྟེ། ཅིའི་ཕྱིར་ངོམ་ན་ཡབ་ཡུམ་སྙོམས་འཇུག་གི་འདོད་ཆགས་ཀྱི་སྒོ་ནས་སྤྱོད་ཡུལ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཡོངས་སུ་དག་པའི་ཕྱིར་རོ། །བདེ་བ་ཉམས་སུ་མྱོང་བ་ཉིད་ལ་ངོམ་པ་དེ་དག་གང་ཡིན་སྙོམས་པ་ལ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ལྔ་ཕུང་གི་༼༠༽རྒྱུད་ནི་རང་རིག་པའི་ཡེ་ཤེས་རྡོ་རྗེའོ། །སྐྱེན་༼༠༽ནི་གསང་བའི་རྡོ་རྗེ་རྩེ་ལ་ༀ་དང་༡པདྨའི་ལྟེ་བ་ལ་མཱུཾ་དུ་འབྲེལ་པའི་རྡོ་རྗེ་དྲིལ་བུའི་ས་བོན་ནོ། །ནི། བྱང་སེམས་ཡིན། རྒྱུ་༼༠༽རྐྱེན་༼༠༽གཉིས་ཀྱི་ཕྱིར་ཕུང་པོ་ལྔ་རང་རིག་གི་ངོ་བོ་ཉིད་ནི་སྣང་སྟོང་དབྱེར་མི་ཕྱེད་པའི་རྡོ་རྗེ་སྟེ། ལྔ་པོ་དེ་དག་རང་གི་ཡན་ལག་ནི་རྣམ་ཤེས་བརྒྱད། གཟུགས་ཆོས་བཅོ་ལྔ། ཚོར་གསུམ། འདུ་ཤེས་གསུམ། འདུ་བྱེད་དང་གཅིག་སྟེ། བརྒྱད་ཅུ་དང་བཅས་པ་དེ་ཉིད། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། ཞེས་བྱ་བ་སྤྱིར་རྒྱུའི་ཐེག་པའི་༡སངས་རྒྱས་དང་། སྔགས་ཀྱི་ཐེག་པའི་ཡང་དག་༢པར་རྫོགས་པའི་སངས་རྒྱས་༢ལ། སྐུ་༡གསུམ་ཐོབ་པ་དང་། སྐུ་༢ལྔ་ལྷུན་༼༠༽གྱིས་གྲུབ་པའོ། །འི་རིགས་ལྔ། དེ་ནི་ཐབས་ཀྱིས་ལམ་འདིས་འབྲས་བུ་མཐར་ཕྱིན་པའི་ཕྱིར་གྲགས་པ་ནི་བརྗོད་པ་འདྲ་བའི་དགོངས་པ་གསལ་བའོ། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་བྱ་བ་ནི། སྐྱེ་མཆེད་དང་ཁམས་ནི་མིག་ལ་སོགས་པ་ཡུལ་དབང་པོ་རྣམ་ཤེས་ཏེ་ལྔ་གསུམ་བཅོ་ལྔའོ། །རྣམས་ཀྱི་སྒྲས་ནི་འདས་པ་ལ་སོགས་པའི་དུས་བཞི་དང་རྟག་ཆད་བདག་མཚན་ཕྱིན་ཅི་ལོག་བཞི་དང་ཡུམ་ལུས་ཀྱི་རེག་པ་དག་གོ། །རྟོག་པའི་བྱེ་བྲག་མང་པོ་ཀུན་ཀྱང་དེ་དག་རིག་པ་རང་སྣང་བས་ཁམས་དང་སྐྱེ་མཆེད་ཀྱི་རྡོ་རྗེའི་ཕྱི་བྱང་ཆུབ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད་དེ་བཅུ་དྲུག་གོ། །དེར་སྒོ་བ་ཡབ་ཡུམ་མ་འདུས་སྙོམ་ན་ཁྲོ་བོ་ཡང་སྟོན་པ་སྐུས་གདུལ་བྱའི་ལུགས་ཟློག་འདུལ་སྐབས་ཀྱི་བྱང་ཆུབ་སེམས་དཔའ་དང་སེམས་མའོ། །སྟེ་རྟོག་པ་མཐུན་པ་ས་ཆུ་སྤྱན་དང་མཱ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་བྱ་བ་ནི། ནང་འཁྲུལ་པའི་གཞི། སྙིང་ནང་གིས་དྭངས་མ་ལྔ་ཡེ་ཤེས་ཀྱི་འབྱུང་བ་ལྔ་པོ་ཉིད་ལོག་པར་བརྟག་པའི་དབང་གི་ཕྱི་རོལ་ཀུན་བརྟགས་ཀྱི་འབྱུང་བ་བཞིར་ནམ་མཁས་འཕངས་གོ་ཕྱེ་པར་སྣང་བ་དེ་དག་རང་རིག་པའི་ཡེ་ཤེས་མིན་པའི། ཕྱིར་དཔེ་དོན་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སོ། །ས་ཆུ་མེ་རླུང་ནམ་མཁའ་དང་ལྔ་པོ་དེ་དག་གིས་ཕུང་ལྔ་བསྐྱེད་པའི་བྱེད། ལས་ཀྱི་སངས་རྒྱས་སྤྱན་མཱ་མ་ཀི་གོས་དཀར་མོ་དམ་ཚིག་སྒྲོལ་མ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། ཡུམ་དུ་ཆད་པ་ཁོ་ནའོ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཞེས་བྱ་བ་ནི། སྲིད་པ་ཁམས་གསུམ་གྱིས་བསྡུས་པ་རིལ་ཐམས་ཅད་མེད་པའི་ངང་ལས་སྣང་བས་ཆགས་པ་དང་སྤྲུལ་སྐུ་མི་འགྱུར་བ་བརྟན་པ་གནས་༡པ་དང་ལོངས་སྐུ་ཞིག། གནས་སྟོངས་པ་འཇིགས་པར་ཆོས་སྐུ་སྣང་༡༡༡བ་དེ་དག་ཆོས་ཅན་ཧེ་དུ་རང་རིག་གི་ཕྱིར་ཡང་ན་ཧེ་དུ་ཡེ་ནས་སངས་རྒྱས་སྐུ་གསུམ་གྱི་ངོ་བོ་ཉིད་དུ་འགྱུར་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པའོ། །ཞེས་དམ་བཅའ་ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལ་གཞན་མ་ཡིན། །ཞེས་བྱ་བ་ནི། གོང་མ་དེ་དག་གིས་མཚོན་ནས་ཆོས་ཅི་སྙེད་པ། ཐམས་ཅད་ལ་ཡང་བརྟག་པའི་མིང་དང་བ་གླང་བྱེད་པའི་ལས་སྨོ་བཞོ་དང་སྣང་བའི་དངོས་པོ་དང་དཀར་ལ་ནག་སྐུར། མཚོན་པ་མཚན་ནག་པོ་དང་ལྐོག་ཤལ་དང་ལྡན་པ་ཉིད་སྟེ་ཐ་སྙད་བཞིས་བསྡུས་པའི་རིལ་མ་ལུས་ཆོས་སོ་ཆོག་ཀུན་ཀྱང་རང་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་པའི་ཕྱིར་འབྲས་བུ་སྐུ་དང་ཡེ་ཤེས་སུ། དཀར་དག་པས་སངས་རྒྱས་པ་ཉིད་ལས་གཞན་མ་ཡིན་ནོ། །དེ་ལྟར་སངས་རྒྱས་ཉིད་ཡིན་ལ། དེ་ལས་གཞན་པའི་ཆོ་འཕྲུལ་པས་བརྟག་པའི་ཐ་སྙད་བཞི་པོ་དེ་དག་གིས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ལས། ལོགས་སུ་བཙལ་ན་ས་ཀྱང་རྒྱལ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱན་གྱིས་ཀྱང་གཞན་དུ་མི་གཟིགས་པས་ན་མི་སྙེད་ཅེས་པ་སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་གསུངས་སོ། །ཐལ་བའི་རྒྱུད་ལས་ཀྱང་། ཐབས་ལམ་གྱི་བདེ་བའི་གཉེར་བས་ཡེ་ཤེས་ཀྱིས་ཁྱེད་པའི་ལས་ཀྱིས་དོན་དུ་དག་གི། །རང་ཁ་མར་བློས་བརྟག་པས་སྣང་བ་རང་གི་རྟོག་པའི་ཞེན་པ་རྟོག་པ་བཟློག །པར་ཐད་ཀྱིས་དངོས་པོ་རྣམས་ཀྱི་གནས་ལུགས་ངོ་བོ་ལ། །ཉིད། རང་རྒྱུད་པའི་བཟློག་བྱ་སྟེ་སྤང་བྱའི་ཞེན་པ་སྟོན་པ་ངས་ཀྱང་མི་གཟིགས་སོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ་ཞེས་བྱ་བ་ནི། ཞེས་བརྗོད་པས་རང་བཞིན་གཉིས་སུ་མེད་པའི་འཁོར་རྣམས་སོ། །ཀྱི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱིས་སྟོན་པའི་དགོངས་པ་མངོན་དུ་གྱུར་པས་མཉེས་པར་གྱུར་ཏོ་ཞེས། དེ་ནས་ཞེས་བྱ་བ་ནས། བཟང་པོ་དང་ཞེས་པའི་བར་ནི་གོ་སླའོ། །གཉིས་སུ་མེད་པར་གྱུར་ནས། ཞེས་བྱ་བ་ནི། རྟགས་ཉི་ཟླའི་ཐིག་ལེ་གཉིས་སུ་མེད་པ་སྟེ་འཁོར་རྣམས། དོན་དགོངས་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཡང་བསྡུའོ། །༼༡༽ཡབ་༡ཡུམ་༴༽གྱི་སྙོམས་པར་ཞུགས་པའི་ལས་དང་ཞུགས་པའི་དགོས་པ་ཉམས་སུ། མྱོང་བ་དང་དེའི་དོན་འཁོར་ལ་ཚིག་ཏུ། བརྗོད་པ་ཆ་གཉིས་སོ། །འདི་དག་ཡི་གེར་སྔ་ཕྱི་ཡོད་ཀྱང་དོན། དུས་ལ་སྔ་ཕྱིར་མ་གསུངས་སོ། །ཀྱེ་༡མའོ་༢ཞེས་བྱ་བ་ནི། ཀྱེ་ཞེས་པ་འཁོར་ལ་བོས་༡པ་དང་མའོ་ཞེས་པ་བདེ་བ་ལ་ངོམ་༢ པ་སྟེ། དེའི་ཕྱིར་བོས་ན་བདེ་༡བ་འཁོར་གཞན་ལ་བསྟན་པའི་ཕྱིར། །གཅིག་༡ནི་ཡབ་ཀྱིས་རྗེས་༼༴༽སུ་མཐུན་པ་ཡིན་ནོ། །ཕྱོགས་༡བཅུའི་སྟོང་ཁམས་ཡེ་ན་དབེན། །ཞེས་བྱ་བ་ནི་གཞི་དོན་གྱིས་ཀུན་གཞི་ཉིད་ཕྱོགས་དུས་ཀྱི་ཐ་སྙད་གཉིས་ཀྱིས་བསྡུས་པའི་ཕྱི་རོལ་གྱིས་༼༴༽ དོན་དང་ནང་སེམས་ཅན་དུ་རང་སྣང་བས་དེ་དག་ཉིད་ཀུན་གཞི་མ་སྐྱེས་པའི་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ཡིན་སྟེ། དེ་ལ་ཕྱོགས་བཅུ་གསུམ་སྟོང་ཁམས་ལ་སོགས་པའི་ཐ་སྙད་ཐམས་ཅད་ཡེ་གདོད་མ་ནས་སྟོང་པ་བདག་ཉིད་ཀྱིས་བདེན་པ་ཁོ་ནའོ། །སྲིད་༡པ་གསུམ་ནི་དག་པའི་ཞིང་། ཞེས་པ་ཡབ་ཀྱི་སྐབས་སུ་བཤད་ཟིན་ཏོ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཞེས་བྱ་བ་ནི། ལྔ་བརྒྱ་ཐ་མའི་དུས་དང་ལུས་ཆུང་ལ་ནད་མང་བའི་སེམས་ཅན་དང་། ཚེ་དང་ལོ་བཅུ་པ་ལས་དང་སྡིག་པ་ཉོན་མོངས་པ། དར་དྲགས་པ་རྣམས་བཟང་པོ་ལ་མར་འགྲིབ་སྟེ་ཐ་མའི་ཕྱིར་སྙིགས་མའོ། །ལྔ་། དེ་ཉིད་ཞེས་པས་བརྟག་པའི་ཕྱིར་གཤིས་ལས་མ་གྲུབ་སྟེ་གློ་བུར་ཡིན་པས་ན་སེམས་ཀྱི་རང་བཞིན་ཆོས་ཉིད་ལ་ནི་མྱོང་བ་ཙམ་ཡང་མི་དམིགས་པས་ན། བདེ་བ་ཆེན་པོའི་རོལ་པར་ལྡན་པར་གནས་ཁོ་ནའོ། །ཕུང་པོ་ལྔ་ཉིད་ནི་མངོན་སངས་རྒྱས། །ཅེས་ཡབ་དུ་བཤད་ཟིན་ཏོ། །ཐམས་ཅད་མཆོག་གི་སྙིང་པོ་བས། །ཞེས་བྱ་བ་ནི། གོང་དུ་བཤད་པའི་མིང་ལས་དངོས་པོ་མཚན་ཉིད་བཞིས་བསྡུས་པ འི་ཆོས་རིལ་ཐམས་ཅད་ཡེ་ནས་དབེན་དག་པའི་ཞིང་ལ་སོགས་པ་ཡོན་ཏན་དུ་བསྟན་པ་ནི། ཐོབ་བྱའི་འབྲས་བུའི་མཆོག་སྟེ། བསྒྲུབ་བྱའི་སྙིང་པོའོ། །ཡིན་ལ། གཞན་དུ་རྒྱལ་བས་ཞེས་པ་ནས་མི་བརྙེས་སོ། །ཞེས་བྱ་བའི་བར་དུ་ནི་གོ་སླ་སྟེ། ཆོས་༡༡༡༡ཅན་ཡང་ན་མིང་ལ་སོགས་པ་བཞི་པོའི་རང་བཞིན་ཆོས་སྐུ་ལས་འབྲས་བུ་སངས་རྒྱས་ཀུན་ནས་མི་སྙེད་པའི་ཕྱིར་རོ། །ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་པ་ཉིད་ཀྱིས་མཁྱེན་ཏེ། ཞེས་བྱ་བ་ནི་ཡབ་ཡུམ་སྙོམས་པར་ཞུགས་པའི་དོན་ཡེ་ནས་སངས་རྒྱས་པ་འབྲས་བུ་ལྷན་ཅིག་པའི་འཁོར་རྣམས་ལ་དབྲི་སྐོལ་མེད་པར་བྱིན་ཡང་དེ་པ་སྟོན་པ་ཉིད་ཀྱི་དགོས་པ་འཁོར་རྟོགས་པ་པོ་རྣམས་ལས་གསལ་བ་དེ་ཉིད་ཀྱི་མཁྱེན་ཏོ་འཁོར་གཞན་ལས་དོན་དེ་མི་སྣང་བའི་ཕྱིར་ན་གསང་དབང་གི་ངེས་ཚིག་ཏུ་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་གཉིས་སུ་མེད་པའི་བདག་ཉིད་ཆེན་མོ་ཞེས་བྱ་བ་ལ་སོགས་པ་ནི། རང་རིག་པ་ཐམས་ཅད་མཁྱེན་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཤིན་ཏུ་བརྟན་པའི་བདེ་བ་ཆེན་པོ་དབང་གཉིས་གིས་ལས་བསྐུར་ཐབས་ཀྱིས་རིམ་པ་ཐུན་མོང་དུ་བསྟན་པའོ། །ས་ན་དེ་ནས་བྱ་བ་གཉིས་སུ་མེད་པ་ནི། རྟགས། ཐིག་ལེ་སྟེ། དོན་དགོངས་པ་ཡང་གཉིས་སུ་མེད་པ་མི་འདོད་པ་མ་ཡིན་ནོ། །སྔོན་ནས་གདོད་མ་སྙོམས་པར་ཞུགས་པ་ལ་མངའ་མཛད་པའི་ཕྱིར་བདག་ཉིད་ཆེན་པོའོ། །ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་ཞེས་བྱ་བ་ནི། ཡེ་ནས་དེའི་རྟོགས་པ་དངོས་པོ་ངོ་བོ་ཟེར་ཉིད་ཡབ་ཡུམ་གཉིས་ཀྱི་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པར་མཁྱེན་པ་གང་ཡིན་པ་དེའོ། །དེ་ལྷན་ཅིག་པའི་ལ་འཁོར་གྱི་སེམས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རང་སྣང་བར་བྱས་པ་ཡང་། གཡོ་ལྡང་ལ་སོགས་པ་རིམ་པ་ལྔའི་བསྐྱེད་པར་བྱ་བའི་ཐབས་ཀྱི་རིམ་པ་འདི་གསུངས་སོ། །ཞེས་བྱ་བ་ཁོ་ནའོ། །དེ་ལ་སྤྱིར་སེམས་རིམ་ལྔ་ནི་བཀའ་ཚད་མ་ལས། གཡོ་སྨོན་འཇུག་ནས་མཐར་ཕྱིན་ལ་སོགས་པ་ལྔས་འབྲས་བུ་མཐར་ཕྱིན་པར་གསུངས་པ་དེ་དག་སྐབས་འདིར་རྒྱས་པའི་ལེའུ་བདུན་པ་ལས། ངེས་ཚིག་འོག་ནས་འབྱུང་བ་ལྟར་བཤད་འཇིགས་ག༽དང་ལྡང་ཁ༽དང་བྱང་ཆུབ་ཀྱི་སེམས་གནས་ཅ༽སྨོན་ཆ༽པའི། །གཡོ་ཀ ༽དང་འགྲོ་ཇ༽འོང་འཇུག་ང༽དང་བདེ་གནས་པ། །ཡབ་ཀྱི་གསང་བའི་དབང་པོ་དང་ཡུམ་གྱི་པད་མ་གཉིས་སྦྱོར་བ་ཐོབ་པར་འགྱུར། །ཞེས་འབྱུང་བས། འདིར་སྦྱོར་བ་ཐབས་ཀྱི་རིམ་པས་སེམས་ལྔ་རྫོགས་པར་སྟོན་ཏེ། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་བྱ་བ་ཨེ་མའོ། །ནི་ངོམ་པ་སྟེ་སེམས་ལྔ་ཀའི་སྤྱིར་འགྲོའོ། །དོན་གང་ལ་ངོ་མཚར་ནས་ངོམ་ཞེ་ན་འདོད་ཆགས་ཀྱི་སྤྱོད་པ་ཉིད། བཀའ་ཚད་མ་རྒྱུའི་ཐེག་པ་ལས་ཁྱད་པར་རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་ལྟར་སྣང་བ་ནི། ཐབས་ཀྱི་ཐེག་པ་ཆེན་པོའི་ཆོས་སོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་བྱ་བ་ནི། ལམ་འདོད་ཆགས་ཀྱི་འབྲས་བུ་བྱང་ཆུབ་ཐོབ་པ་ནི་དྲུག་པ་ཡང་དག་པར་རྗོགས་པའི་སངས་རྒྱས་ཀུན་གྱི་གསལ་བྱེད་ཀྱི་རྒྱུ་དང་དགོངས་པའི་ངོ་བོ་ཉིད་ཀྱི་ཕྱིར། འོག་མ་བ་ཕལ་གྱི་སྤྱོད་ཡུལ་མ་ཡིན་པའོ། །ས་ན་གསང་བ། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཞེས་བྱ་བ་ནི། གཡོ་ལྡང་གི་བྱང་ཆུབ་ཀྱི་སེམས་ཏེ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བྱང་སེམས་སྐྱེ་བ་མེད་པ་ལས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བའི་དུས་སུ་ཐིག་ལེ་རང་གི་གནས་ཙཀྲ་བཞི་དང་ལམ་ཀུན་དྷ་མ་ནས་མགོ་ལྡང་བའི་ཚེ། བདེ་བ་ཐམས་ཅད་ཉམས་སུ་གཡོ་བའི་ཙམ་དུ་སྐྱེས་པ་ཕྱིར་རོ། །རང་བཞིན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་རྒྱུ་ལས་སྐྱེ་བ་དང་འཇིགས་སྨོན་འཇུག་རིལ་དང་བྲལ་བ་སྟེ། དེ་ནི་སེམས་ལྔ་གདོད་མ་ནས་སྐྱེ་བའི་གཞི་དང་སྐྱེས་པའི་བསྒྲུབ་བྱའི་འབྲས་བུ་སྟེ་སེམས་ལྔའི་སྤྱིར་ཤེས་པར་བྱའོ། །སྐྱེས་པ་ཉིད་ན་སྐྱེ་བ་མེད་ཅེས་བྱ་བ་ནི། སྐྱེས་པ་ཉིད་ནས་དེའི་ཕྱི་རོལ་ཡང་རང་བཞིན་གྱི་ཡེ་ཤེས་ལས་མ་འདས་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཨེ་མའོ། །ཞེས་བྱ་བ་ལ་སོགས་གཞན་ནི་བཤད་ཟིན་ཏོ། །འགག་པ་མེད་པ་ཐམས་ཅད་འགག་ཞེས་བྱ་བ་ནི། འཇིགས་༡པ་དང་འཇུག་པ་བྱང་ཆུབ་སེམས་ཏེ། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ཉི་ཟླ་བྱང་སེམས་འགག་པ་མེད་པ་ལས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའི་དུས་སུ་བདེ་བ་སྐྱེས་པ་བཅུ་དྲུག་གི་ཕྱི་མ་ལ་ཐིག་ལེ་འི་བདེ་བ་ལ་འཇུག་པའི་ཚེ་༡སྔ་མའི་འདོད་ཆགས་ཀྱི་བདེ་བའི་རོ་ཐམས་ཅད་འགག་པའི་ཕྱིར་རོ། །འགག་པ་ཉིད་ན་འགག་པ་མེད་ཞེས་བྱ་བ་ནི། དེ་ལྟར་དངོས་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་བདེ་བའི་རང་བཞིན་ལ་སྐད་ཅིག་མའི་བདེ་བ་རྒྱུན་དུ་འཕེལ་བའི་ཕྱིར། མི་འགག་པ་ཁོ་ནའོ། །གནས་པ་མེད་ལས་ཐམས་ཅད་གནས་ཞེས་བྱ་བ་ནི། གནས་པ་བྱང་ཆུབ་སེམས་ཡིན་ཏེ། །རང་གཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་བརྟེན་ཐིག་ལེ་བཅུ་དྲུག་གི་རྟེན་བཅས་ཡེ་ཤེས་བཅུ་དྲུག་ལ་བློ་གནས་པ་མེད་པའི་ཚུལ་གྱིས་དངོས་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཐིག་ལེ་ཐམས་ཅད་རང་ས་ན་གནས་པའི་ཕྱིར་རོ། །གནས་པ་ཉིད་ན་གནས་པ་མེད། །ཞེས་བྱ་བ་ནི། དེ་ལྟར་དངོས་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་གནས་པ་ལྟར་སྣང་བའི་དུས་ཉིད་ནའང་རང་བཞིན་གྱི་ཡེ་ཤེས་རིག་པ་རང་སྣང་བའི་ཕྱིར། དམིགས་པའི་ཡུལ་དང་བྲལ་བས་གནས་བཅའ་རུ་མེད་དེ། ཤེས་པ་དང་ཤེས་བྱ་དབྱེར་མེད་ཀྱིས་དོན་དེ་ཡེ་ནས་གནས་པའི་འབྲས་བུ་ཡིན་པས་དེ་ལམ་དུ་བྱེད་པའི་ཕྱིར་རོ། །དམིགས་པ་མེད་ལ་ཐམས་ཅད་དམིགས་ཞེས་བྱ་བ་ནི། སྨོན་པ་བྱང་ཆུབ་སེམས་དེ་རང་བཞིན་གྱི་ངང་ལ་དམིགས་པ་མེད་པ་ལས། དངོས་པོ་ལྷན་སྐྱེས་ཀྱི་བདེ་བའི་ཡེ་ཤེས་སྔ་མ་ལ་གནས་བཞིན་དུ། བདེ་བ་སྐྱེས་པའི་ཐིག་ལེ་མཐོ་དམན་གྱི་དབང་གིས་ཕྱི་མའི་བདེ་བ་སྐྱེ་ཞིང་ཐོབ་པར་འདོད་པར་འདུན་ཅིང་སྨོན་པ་ནས་ཐམས་ཅད་དམིགས་པ་ཁོ་ནའོ། །དམིགས་པ་ཉིད་ན་དམིགས་པ་མེད། །ཅེས་བྱ་བ་ནི། དེ་ལྟར་དངོས་པོ་ལྷན་སྐྱེས་ཀྱིས་ཡེ་ཤེས་ལ་དམིགས་ཤིང་སྨོན་པས་བདེ་བ་གོང་འཕེལ་གྱིས་བསྐྱེད་དུ་ཐལ་བ་ཉིད་ཀྱང་། རང་བཞིན་ཡེ་ཤེས་ལ་དམིགས་པ་མེད་པ་བདེ་བ་དེ་རང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་རྐྱེན་ཙམ་སྟེ། དོན་གཞན་ནས་ཐོབ་པ་མེད་པའི་ཕྱིར་རོ། །འགྲོ་འོང་མེད་ལས་འགྲོ་དང་འོང་ཞེས་བྱ་བ་ནི། རྫོགས་འཇུག་པ་བྱང་ཆུབ་སེམས་ཏེ། རང་བཞིན་གྱི་ཡེ་ཤེས་ལ་བྱང་སེམས་འགྲོ་འོང་མེད་པ་ལས་དངོས་པོ་ལྷན་སྐྱེས་ཀྱིས་བྱང་སེམས་དེ་དང་པོ་འཇིག་རྟེན་པ་དང་ཐུན་མོང་ངམ་ཐུན་མོང་གི་རྒྱུའི་ལམ་ལྔ་པ་བཅུ་དུ་འཇུག་པ་ནི་འགྲོ་བ་སྟེ་ཤེས་རབ་ཡེ་ཤེས་དབང་ཐོབ་པའོ། །དེའི་དུས་སུ་རྡོ་རྗེའི་རྩེར་ཐིག་ལེ་ཟུང་འབྲེལ། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར་པས་བཅུ་གཅིག་ཀུན་ཏུ་འོད་རྫོགས་པའོ། །ཐབས་ཀྱི་ཐེག་པ་ཆེན་པོའི་ལུགས་ཀྱི་སྔ་མ་དང་སླར་རྒྱུ་འབྲས་གོ་ལྡོག་པ་ནི་འོང་བ་སྔགས་ཀྱིས་ལམ་ཚང་བ་ཞེས་བྱ་བ་ཁོ་ནའོ། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་བྱ་བ་ནི། དེ་ལྟར་བྱང་སེམས་འགྲོ་འོང་དུ་སྣང་བའི་དུས་ཉིད་ན་ཐབས་ཀྱི་ལམ་འདིས་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་དེ། སྔོན་གྱི་གནས་གང་ནས་འོང་བའི་རྩ་གནས་སུ་སྙེགས་པས། རྗེས་སུ་དྲན་པའི་མངོན་པར་ཤེས་པའི་ཕྱིར་དང་། སླར་བཟློག་པས་གང་དུ་ཡང་ཕྱིར་པ་མེད་པས་ན་འགྲོ་འོང་མེད་པ་ཁོ་ནའོ། །ཞེས་བྱའོ། །དེའི་དུས་སུ་སྔགས་ཀྱི་འབྲས་བུ་གཉིས་རྫོགས་སོ། །སེམས་ལྔ་པོ་འདི་དག་བདེ་བ་སྐྱེ་པ་ཐིག་ལེ་དགའ་བ་བཅུ་དྲུག་གི་སྐབས། གཅིག་ལའང་ལྔ་ཆར་ཚང་བའི་ཕྱིར་བརྩིའོ། །བེ་དུ་ནི་སེམས་ལྔ་དུས་གཅིག་ཏུ་སྐྱེ་བར་གྱུར་པའི་ཕྱིར་ཅིག་ཆར་དུ་འཇུག་པའི་ལམ་ཞེས་བྱའོ། །དམ་བཅའ་ཞེས་བརྗོད་པས་ཞེས་བྱ་བ་ནི། ཐབས་ལམ་གྱི་སེམས་ལྔ་པོ་དེས་ཞེས་བྱའོ། །དེ་པ་ཐམས་ཅད་དང་བཙུན་མོའི་ཚོགས་ཐམས་ཅད་མཉེས་པས་ཁྱབ་པར་གྱུར་ཏོ། །ཞེས་བྱ་བ་ནི་སེམས་བསྐྱེད་པའི་ཐབས་ལྔ་པོའི་སྒོ་ནས་མ་འོངས་པའི་མཐར་ལམ་པ་དེ་བཞིན་གཤེགས་པ་སྟེ་སེམས་དཔའ་དང་ཐམས་ཅད། བཙུན་མོའི་ཚོགས་སེམས་མ་ཐམས་ཅད་རིལ་གྱིས་གསང་བའི་དབང་གསུམ་གྱིས་ཕུན་སུམ་ཚོགས་པའི་འབྲས་བུ་ལྷུན་གྲུབ་རྣམས། གསང་དབང་མཆོག་གིས་འབྱིན་པར་བྱེད། །ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྷུན་གྱིས་གྲུབ་སྟེ། བརྗོད་བྱའི་དོན་གྱིས་རྒྱུད་ཤེས་བྱ། རང་བཞིན་གསང་བའི་སྙིང་པོའི་དོན་མངོན་སུམ་དུ་བྱས་ནས་འབྲས་བུ་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་ལྔ་མཐར་ཕྱིན་རྡོ་རྗེ་འཆང་ཆེན་པོ་གསང་བའི་གྲལ་དུ་བཀོད་པ་ནི། དགྱེས་པ་ཆེན་པོའི་ཕྱིར་མཉེས་པས་ཁྱབ་པར་འགྱུར་རོ་ཞེས་བྱའོ། །རྒྱས་པའི་རྒྱུད་ལས། ལྔ་པ། དཀྱིལ་འཁོར་གྱི་ལྷ་བཞི་བཅུ་རྩ་གཉིས་དང་། །ཕུན་སུམ་ཚོགས་པ་ལྔ་ལྷུན་གྲུབ་རྣམས། །གསང་བའི་དབང་མཆོག་གིས་མངོན་གསུམ་དུ་འབྱིན་པར་བྱེད། །དོ། །ཞེས་འབྱུང་ངོ་། །དེ་ནས་དེ་པ་བཙུན་མོའི་ཚོགས་དང་བཅས་པས་ཆེན་དུ་བརྗོད་པ་འདི་བརྗོད་དོ། །ཞེས་བྱ་བ་ནི། འདི་ནས་མར་ཐུན་མོང་དུ་གླེང་བསླང་བས། བསྟན་པ་ཐ་དག་བཤད་པར་ཞུས་པ་སྟོན་ཏེ། ཞེས་བྱ་གང་གིས་ཞུས་ན་ལྷན་ཅིག་པའི་འཁོར་འབྲས་བུ་མཐར་ཕྱིན་པའི་དེ་བཞིན་གཤེགས་པའོ། །ཡུམ་དང་བཅས་པ་རྣམས་ཀྱིས་སོ། །ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལ་ཤིན་ཏུ་གསང་། །ཞེས་བྱ་བ འི་འབྲས་བུ་ནི་སྔར་བཤད་ཟིན་ཏོ། །རང་བཞིན་གསང་བའི་སྙིང་པོ་འབྲས་བུའི་རྒྱུ་ཁྱད་པར་ཅན་འདི་ལྟ་བུ། གསང་བ་བཞིས་ཆོད་པའི་ཕྱིར་རྗེས་འཇུག་གི་སྟོན་པ་རྡོ་རྗེ་འཛིན་པའི་ཞལ་དང་དབང་མ་མཐོང་མ་ཐོབ་པས་མངོན་དུ་བྱེད་མི་ནུས་པས་ན་ལམ་སྟེགས་ཀྱི་ཐེག་པ་གཞན་ལ་བློ་སྦྱངས་པའི་མཐས་ས་མཐར་ཕྱིན་པའི་ས་འདི་དག་རྟོགས་དགོས་པ་ཕྱིར་དེའི་ཆེད་དུ་ལམ་རྐྱེན་གྱི་རྒྱུད་དང་ཐུན་མོང་པའི་ཆོས་རྣམས་བཤད་དུ་གསོལ། ཞེས་ཞུས་པའོ། །ཞེས་བརྗོད་པས། དེ་བཞིན་ཐམས་ཅད་དང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་གཅིག་པའི་མཚན་ཉིད་ཡིན་པར་དབྱེར་མེད་ནའང་ཞེས་བྱ་བ་ནི། འདི་ནས་མར་གནང་བར་སྟོན་ཏེ། དེ་པའི་རིག་བསལ་བའི་བསྡུ་བའི་ཐམས་ཅད་ནི་ལེའུ་དང་པོར། སྨོས་པའི་ཕྱིར་འདིར་མ་བཤད་དོ། །ཆོས་ཐམས་ཅད་ནི་འབྲས་བུའི་ཆོས་མ་རྟོགས་པ་སྟེ། འཁོར་བ་རང་གི་རང་བཞིན་དང་དེའི་མཚན་ཉིད་དང་། འཁྲུལ་པ་དང་འི་བློ་དེའི་གཉེན་པོ་ལམ་༡དང་གྱིས་ཆོས་ཐ་༡༡སྙད་ཀྱིས་བསྡུས་པའོ། །འཁོར་འདས་ཀྱི་ཆོས་དེ་དག་གི་རིལ་སེམས་ཉིད་ཡིན་པས་སེམས་དེ་ནི་ཡེ་གདོད་མ་ནས་མཐའ་དང་བྲལ་བའི་པང་ལ་རིག་པ་བདག་ཁྱབ་ཆེན་པོའི་ར་རྒྱས་པ་ངོ་བོར་ཉིད་དུ་གཅིག་པ་སྟེ། དེ་ཀ་ཡང་དག་པའི་ཆོས་ཀྱི་སྐུའི་མཚན་ཉིད་པས། རང་གི་ངོ་བོ་ཅིར་ཡང་མི་གཡོ་བའི་སྟེ་དབྱེར་མེད་པ་ཕྱིར་རོ། །ནའང་གིས་སྒྲས་མ་རྟོག་པའི་ཕྱིར། འགྲོ་བའི་རྣམ་པར་རྟོག་པ་མི་རིག་པ་ལས་འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། ཞེས་བྱ་བ་ནི་འགྲོ་བ་ལྔ་སྟེ། ལྷ་མི་ངན་སོང་གསུམ་དང་། དེའི་ཕྱིར་དེའི་རྒྱུ་རྣམ་པར་རྟོག་པ་ལས་༢དང་ཀུན་སློང་ཉོན་མོངས་པ་ལྔའོ། །དེ་དག་གི་རྩ་བ་ནིའི་རྒྱུ། ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པ་རྣམ་པ་གཉིས་ཁོ་ན་ལས་བྱུང་བའི་དོན་དེ་ལ་ཚིགས་དེ་སྐད་ཅེས་བྱའོ། །འགྲོ་བ་ལྔའི་སེམས་ཅན་དེ་དག་གི་ནང་རིས་མི་འདྲ་བ་ནི་བསམ་གྱིས་མི་ཁྱབ་པ་མང་སྟེ་པོར་སྨིན་པ་ཁམས་གསུམ་གྱི་ལྷ་ཡང་འདོད་ཁམས་ན་དྲུག །གཟུགས་ཁམས་ན་བཅུ་བདུན། གཟུགས་མེད་ན་བཞི་སྟེ། ཉི་ཤུ་རྩ་བདུན་ལ་སོགས་པའི་ཕྱིར་རོ། །ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཞེས་བྱ་བ་ནི་སྤྲོས་པ་དང་བྲལ་བའི་རིག་པ་ཐམས་ཅད་དུ་མཉམ་པར་ཁྱབ་པ་ནི་ཐུགས་རྗེ་ཆེན་པོའོ། །དེ་ཉིད་གདུལ་བྱ་གང་དག་ལས་གསང་བ་བཞིས་ཆོད་དེ་སྡུག་བསྔལ་གྱིས་ཉམ་ཐག་པ་དང་འི་སེམས་ཅན། འབྲས་བུ་གཞན་དུ་ཚོལ་བའི་འོག་མ་ལ་དེ་དག་ལ་ཡང་སྣང་ངོ་། །སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འི་ཡེ་ཤེས་དང་ཐུགས་རྗེ་ལས་ཁྱད་པར་དུ་གྱུར་པས་ཆེན་པོའོ། །དེ་༡དག་སྐྱེས་པ་ནི་གདུལ་བྱའི་སྣང་བར་བརྗོད་དོ། །ཨེ་མའོ་བདེ་གཤེགས་སྙིང་པོ་ལས། ཞེས་བྱ་བ་ནི་ཨེ་མའོ་ནི་ངོ་བོ་གཅིག་ལ་འཁོར་འདས་སམ་གཟུང་འཛིན་གཉིས་ལ་སོགས་པར་འཁྲུལ་པ་ནི། སྐྱེན་ལ། ངོ་མཚར་ཏེ་མ་རངས་པའི་ཚིག་གོ། །ཆོས་ཉིད་དེ་བཞིན་ཉིད་ལ་སྤྲོས་པའི་ཡུལ་དང་ངོ་བོ་ཟུག་ངུ་གཉིས་མེད་པ་བདེ་བ་སྟེ། སྟོན་པའི་སྐབས་སུ་བཤད་ཟིན་ཏོ། །སྙིང་པོ་ནི་གཉིས་ཏེ། ཀུན་གཞི་གཉིས་སོ། །དེ་ཡང་སྦྱོར་བ་འདུན་པའི་ཀུན་གཞི་ནི་དོན་དང་སེམས་ཀྱི་འཆར་སྒོ་སྣང་བར་བྱེད་པའི་གོ་འབྱེད་པ་པོའི་བག་ཆགས་གིས་གོས་གཞི་དོན་གྱི་ཀུན་གཞི་ནི་འབྲས་བུ་ཉེར་ལྔ་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར། དེའང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྙིང་པོའོ། །དེ་དག་རང་གིས་ངོ་མ་ཤེས་པ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ། མ་རིག་པ་དེ་འཁོར་བའི་གཞིར་རྒྱུར་གྱུར་པ་ལས་འབྱུང་ཁུངས་ཀྱི་སྒྲ། ཞེས་བྱའོ། །རང་གི་རྣམ་རྟོག་ཧཱུྃ་ལས་ཀྱིས་སྤྲུལ་ཞེས་བྱ་བ་ནི། མ་རིག་པའི་རྒྱུ་དེ་སྦྱོར་བ་འདུན་པའི་ཀུན་གཞི་ལ་བདག་ཏུ་བཟུང་བ་ནི། རང་གི་རྣམ་པར་རྟོག་པ་སྟེ་དེ་ལས་ཀུན་བརྟག་པའི་ཉོན་མོངས་པ་དུག་ལྔ་སྐྱེས་པས་ཀུན་ནས་བསླང་ནས་དེད་ལ་ལས་དགེ་སྡིག་སྣ་ཚོགས་སུ་སྤྱད་པས་གཤིས་ལ་མེད་ཀྱང་གློ་བུར་དུ་སྣང་བའི་ཕྱིར་ལས་ཀྱིས་སྤྲུལ་པའོ། །དེ་ཉིད་ཀྱི་ངོ་བོ་ཅི་ལྟ་བུ་སྙོམ་པ་ལས་སྣ་༼༠༽ཚོགས་༡༡༡༡པའི་ལུས་དང་ལོངས་སྤྱོད་༡དང་། གནས་༡དང་སྡུག་བསྔལ་༡ལ་སོགས་པ། ཞེས་བྱ་བ་ནི་གོ་སླ་སྟེ། བསྡུ་བ་ནི། རྐྱེན། ལས་དང་ཉོན་མོངས་པའོ། །སེམས་ལས་བདག་དང་ཡུལ་ལ་བདག་གི་སོ་སོར་འཛིན། །ཞེས་བྱ་བ་ནི། བཤད་པ་ཉིད་ལ་བྱ་སྟེ། དེ་ཡང་གཉིས་པར་འཁོར་ཏེ་སྡུག་བསྔལ་གྱིས་ཉམས་ཐག་གོ། །དེ་བྱེད་པ་པོ་སུས་བྱས་སྙམ་པ་ལ། སུས་ཀྱང་མ་བཅིང་བཅིངས་མེད་དེ། །བཅིང་བར་བྱ་བའང་ཡོད་མ་ཡིན། །ཞེས་བྱ་བ་ནི། འཆིང་མཁན་གྱི་བྱེད་པ་པོ་བདག་ལྟ་བུ་སུས་ཀྱང་མ་བཅིང་བ་དང་འཆིང་བྱེད་རང་གི་ངོ་བོ་ཞགས་པ་དང་ལྟ་བུ་ཀྱང་བཅིངས་པ་མེད་དེ། བཅིངས་པར་བྱ་བའི་ཡུལ་དགྲ་བོ་ལྟ་བུའང་ཡོད་པ་མ་ཡིན་པ་དང་གསུམ་ནི་ངང་གིས་མེད་དེ། འོ་ན་རྒྱུ་རྐྱེན་གང་གིས་ཉེས་སྙམ་པ་ལ། རྣམ་ཧཱུཾ་རྟོག་བདག་ༀ་ཏུ་འཛིན་པའི། །ནན་གྱི་མཁའ་ལ་མདུད་པ་དོར། །ཞེས་གསུངས་ཏེ། བཤད་ཧཱུཾ་ཨཾ་པའི་རྒྱུ་རྐྱེན་གྱིས་རྣམ་རྟོག་བདག་ཏུ་འཛིན་པའི་འཁྲུལ་འབྲས་བུ་དེ་དག་ཏུ་༠༽སྣང་བ་ནི། དཔེར་ན་ཐང་ཕྲོམ་གྱི་འབྲས་བུ་ཟོས་པའི་མི་ནན་བརྟགས་ཀྱིས་ནམ་མཁའ་ལ་སྐྲ་ཤད་ཀྱི་གཟུགས་སྣ་ཚོགས་མཐོང་ནས། དེ་ལ། མདུད་པ་བྱས་པ་སྟེ་དོར་བ་ལྟ་བུའི་ཕྱིར་རོ། །བདག་འཛིན་གཤིས་ལ་མ་གྲུབ་པས་བཅིངས་པ་མེད་དེ་དེ་ལས་རྣམ་པར་གྲོལ་བ་པོ་ཡང་མེད་པའི། །ཞེས་བྱ་བ་ནི། སངས་རྒྱས་མཉམ་སྦྱོར་གྱི་ལུང་ལས། བཅིངས་ཀ་པར་བྱ་བའི་ཡུལ་བཅིངས་ཁ་པར་བྱེད་པའི་བཅིངས་པ་པོ། །རང་གི་ངོ་བོ། བདག་ཏུ་འཛིན་པ་ཁམས་གསུམ་སེམས་ཅན་སྡུག་བསྔལ་དུ་སྣང་བའི་དངོས་དང་པོ་ཐམས་ཅད་རང་གི་སེམས་ཀྱི་ངོ་བོའི་ཕྱིར། འཆིངས་བྱེད་བདག་ཏུ་འཛིན་ཞེས་བྱའི་མིང་ཡང་མེད། །རྒྱུ་མཚན་དེས་ན་སེམས་ཅན་དང་སྡུག་བསྔལ་གཉིས་པོའང་མེད་པ་ལས། །བཅིངས་པ་ལས་གྲོལ་བ་འདས་པ་པོ་ཡང་ཡོད་པ་མ་ཡིན། །ནོ། །ཞེས་འབྱུང་སྟེ། དེ་ནི་གོ་སླའོ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་བྱ་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་རང་རིག་པའི་ཡེ་ཤེས་སུ་ལྷུན་གྱིས་རྫོགས་ཤིང་བདལ་པ་ནི། བདག་འཛིན་སེམས་ཅན་སྡུག་བསྔལ་ལ་སོགས་པ་རང་བཞིན་གྱིས་སྟོང་པ་ཉིད་སྐུ་དང་ཡེ་ཤེས་སུ་གསལ་བར་རྒྱུད་དག་པའི་སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་དང་འི་དགོངས་པ། ཡེ་ཅི་བཞིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཆོས་སོ། །དོན་དེ་ངེས་ཀ་པར་མཚོན་པའི་ཕྱིར་ལམ་གསང་བའི་སྙིང་པོ་འདི་ཉིད་བཤད་ཅིང་བསྟན་པར་བྱ་བའི་ཕྱིར་སྤྲོ་བ་དགྱེས་པའི་ཚུལ་དྲུག་ག་མཛད་པ་དང་དེ་ཞལ་འཛུམ་པ་དང་། སྨིན་མ་གཡོ་བ། སྤྱན་འགྱུ་བ། སྐུ་གཟེངས་བསྟོད་པ། ཕྱག་བརྐྱང་བ་འོད་དང་སྤྲུལ་པ་འགྱེད། ལམ་འདིའི་ལམ་སྟེགས་ཀྱི་ཐེག་པ་ངེས་འབྱུང་བཞི་ཕྱི་རྒྱུད་གསུམ། ནང་པའི་རྒྱུད་གཞན་བསྟན་པའི་ཕྱིར། སྤྲུལ་ཁ་པ་ཐུབ་པ་དྲུག་ལ་སོགས་པར་སྐུ་སྣ་ཚོགས་སྤྲོས་ག་པས་གདུལ་བྱའི་དོན་མཛད་པ་བསྟན་ཀ་ཕྱིར་སྤྲོ་ཁ་བ་སྣ་ག་ཚོགས་མཛད། ཅེས་གསུངས་སོ། །དེ་པ་ཉིད་དེ་པ་ཉིད་ལ་ཆེད་དུ་གླེང་ངོ་། །ཞེས་བྱ་བ་ནི། ལྷན་ཅིག་པའི་འཁོར་དབང་རྫོགས་པ་རིལ་སྟོན་པ་དྲུག་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །སྟོན་པའི་དེ་བཞིན་གཤེགས་པ་ཉིད་ཀྱི་འཁོར་གྱི་དེ་བ་ཉིད་ལ་གོ་ཕྱེ་བའི་འཁོར་གྱིས་ཆེད་དུ་གླེང་ངོ་། །དོན་ཀ་དམ་༡པ་དང་ཀུན་རྫོབ་ཁ་བྱང་ཆུབ་ཀྱི་༡༡སེམས་ཡེ་ཤེས་བསྐྱེད་པ། ཞེས་བྱ་བ་ནི། དང་པོ་ལ་གསུམ་པས་མཚན་ཉིད་ནི། རང་གིས་ངོ་བོ་དུས་ཐམས་ཅད་དུ་ཡང་ཆོས་ཉིད་དུ་ཆོས་ཅན་མི་ཕྱེད་པའི་དོན་དམ་པ་སྟེ། དབྱེ་བ་ནི་གནས་སྐབས་ཀྱི་རྟོགས་བྱ་རང་བཞིན་དང་གྱི་དབྱིངས། རྟོགས་པའི་ངོས་ནས་གསང་བས་ཡེ་ཤེས་༡དང་དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ནི་འབྲས་བུ་དོན་དམ་པའོ། །དང་གསུམ་ཡོད་པ། གསུམ་པོ་དེ་དག་མཚོན་ཚུལ་མ་འདྲེས་པར་གསལ་བས་བྱེད་ལ་ཐ་དད་ཀྱང་དོན་གྱིས་ངོ་བོ་ཉིད་གཅིག་པའོ། །དེ་བསྐྱེད་པའི་ཐབས་དེ་ཉིད་གོང་གི་ཐབས་ལམ་གྱི་སེམས་ལྔའི་རིམ་པ་ཕྱིན་ཅི་མ་ལོག་པ་ལས་དོན་ཡེ་ཤེས་སུ་སྣང་བས་བསྐྱེད་ལ་གཉིས་པའི་མཚན་ཉིད་ནི་གདུལ་བྱའི་དབང་གིས་སྟོན་འཁོར་ཐ་དད་དུ་སྣང་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ཐབས་སྟེ་རྒྱུ་རྐྱེན་སྟོན་པ་ཐུགས་རྗེ་སྐྱེས་པ་དང་། གདུལ་བྱ་ལས་དག་པ་དང་། དོན་ལ་ལྟོས་པས་སྣང་བ་སྟེ། དེ་གཉིས་ཚར་གྱི་ངོ་བོ་གླེང་བསླང་གཉིས་སུ་བཤད་ཟིན་ཏོ། །ལེའུ་གཉིས་པ་མདོར་བཀྲོལ་བའོ།། །།དེ་ནས་སངས་རྒྱས་ཀྱི་བསྟན་པ་ཐ་དད་འབྱུང་བ་སྤྱིའི་གླེང་གཞི་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་གཉིས་ཀྱི་བར་དུ་གླེང་བསླང་གིས་ཆོད་པ་དུམ་བུར་གྱུར་ཀྱང་བསྟན་པ་འབྱུང་བའི་རིམ་པ་མ་ནོར་བ་སྟེ་འབྲེལ་པ་ཡོད་ཁོ་ནའི་ཕྱིར་འབྲེལ་པ་སྤྱིའི་མཚན་ཉིད་མེད་ན་མི་འབྱུང་བ་རག་ལས་པས་གཉིས་བརྩིར་མི་རུང་ངོ་། །དེ་ནས་ཞེས་བྱའོ། །དྲུག་པའི་སྟོན་པ་ནི། ཞི་ཁྲོ་དང་རིགས་ལྔའི་སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་གྱི་ཕྱིར། དེ་བཞིན་གཤེགས་པ་རིལ་ཐམས་ཅད་དུའང་འགལ་བ་མེད་དོ། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །ཞེས་བྱ་བ་ཞེས་པ་ནི། སྤྲོས་པ་དང་བྲལ་བས་ཐུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་ནི་དངོས་པོ་རིལ་ལས་ཁྱབ་པའི་ཕྱིར་རྗེ་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་བྱིན་དེ་ཉིད་ཀྱིས་བརླབས་པ་གདུལ་བྱའི་སྣང་བས་ལ་ཅིར་ཡང་མ་འགག་པར་རང་སྣང་པས་དེ་ཀ་ལ་དོན་དེ་ཚིག་སྐད་ཅེས་བྱའོ། །རིག་པའི་སྐྱེས་བུ་ཐུབ་པ་དྲུག །ཅེས་བྱ་བ་ནི། གཞན་གསང་འདུས་ཀྱི་ལེའུ་ཐ་མ་ལས་རིག་པའི་སྐྱེས་བུ་ཅི་ལྟར་ལགས་ཀྱི་ལེན། དག་ལས་ཐུབ་པ་རང་གི་ལུས་ངག་ཡིད་གསུམ་ཀུན་ཏུ་བཟང་པོའི་རྡོ་རྗེ། གསུམ་དང་དབྱེར་མི་ཕྱེད་པའི་ངོ་བོ་སྟེ། དེ་ལྟར་རིག་པ་དང་བཅས་པར་ལྡན་པ་ནི། །རིག་པའི་སྐྱེས་བུ་ཞེས་སུ་བརྗོད། །ཅེས་པ་སྟེ། གོ་སླའོ། །ཐུབ་པ་དེ་དག་ཀྱང་སྐུ་ཐུབ་པ་སྟག་དང་སྤྲེའུ་ལྟ་བུ་ལ་སོགས་པ་ལྟར་དོན་དུ་མི་འགྱུར་བའི་བྱ་བ་མི་མཛད་པ་དང་། གསུང་ཐུབ་སྟེ་ཅ་ཅོ་སྤངས་པ་དང་ཐུགས་ཐུབ་སྟེ་མཉམ་པར་མ་བཞག་པ་མི་མངའ་བའི་ཕྱིར་ཐུབ་པ་སྟེ། ཕྲིན་ལས་ལས་ཀྱི་བདུད་བཞིའི་དཔུང་བཅོམ་པ་དག་ཀྱང་མི་འདོད་པ་མ་ཡིན་ནོ། །དྲུག་གི་གྲངས་ནི་གདུལ་བྱའི་འགྲོ་བ་དྲུག་གི་ངོ་བོ་ངེས་པ་ཁོ་ནའོ་ཞེས་བྱའོ། །སྤྲུལ་པ་དེ་དག་འབྱུང་བའི་གཞི་གང་ལས་བྱུང་སྙམ་པ་ལས། དེ་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏེ། ཞེས་བྱ་བ་ནི། ལེའུ་དང་པོ་ཉི་ཟླའི་འགྲེལ་པར་རང་རིག་པ་ཅིར་ཡང་མ་སྐྱེས་པ་ཉིད་ཀུན་དུ་སྣང་བས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཕྱིར། ཅེས་དང་། ལེའུ་བཞི་པར་ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚང་རྒྱུ་འཁོར་ལོ་ཞེས་གསུངས་པས་སྔ་བླ་མེད་ཀྱི་ལུགས་ཀྱིས་ཐབས་ཡབ་དང་ཤེས་རབ་ཡུམ་གཉིས་སུ་མེད་པའི་ཐིག་ལེ་བྱང་ཆུབ་སེམས་ནི། སྤྲུལ་པ་འབྱུང་བ་ཡོངས་སུ་རྫོགས་པའི་རྒྱུར་གསུངས། དེ་ཡང་དེ་བ་སྤྲུལ་པའི་སྐུ་དང་གསུང་དང་ཐུགས་དབྱེར་མེད་ཀྱི་རྡོ་རྗེ་ལས། མ་གཡོས་པར་ཐུབ་དྲུག་བཀོད་པ་ནི། ཟླ་བ་གཅིག་ལས་མ་གཡོས་པ་དེ་དང་ཆུ་ཟླ་དུ་མ་འཆར་བ་ལྟ་བུའི་ཕྱིར། འཐོན་ཏོ་ཞེས་ཐ་སྙད་དུ་འདོགས་སོ། །ཐུབ་པ་དེ་དག་གནས་གང་དུ་དོན་ཅི་མཛད་སྙམས་པ་ལ། འཐེན་ནས་ཀྱང་ལས་ཀྱི་དབང་གིས་སྣེལ་གཞི་དང་ཡས་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས། ཞེས་བྱ་བ་ནི། ཐུབ་པ་དྲུག་འཐོན་པ་ལས་ཀྱི་ལྡོག་པ་མི་མཐུན་པས་འི་དབང་གི་སྣང་བའི་གནས། ཕྱོགས་ཀྱི་སྣེལ་གཞི་དང་། སྟེང་འོག་ཡན་མན་གྱིས་རིས་འབེབ་ལུགས་སོ་སོར་དྲུག་ཏུ་སྣང་བའི་ཕྱིར། འཇིག་རྟེན་དྲུག་ཁོ་ན་སྟེ། དེ་ཡང་རྒྱལ་བ་དྲུག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོའི་ཕྱིར། དེའི་ཞིང་གི་ཁམས་གསུམ་ཕྱོགས་མཐའ་མུ་མེད་པ་ལ། སྤྲུལ་པའི་སྐུ་ཞིང་ངེས་པ་ནི་གདུལ་བྱའི་རིས་དྲུག་པོ་སྣང་བས་དབང་གི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུབ་པ་ཆེན་པོ་རེ་རེས་ཐུན་མོང་གིས་ཐུབ་དྲུག་དང་མཛད་པ་མཐུན་པར་བཀོད་དེ། སྤྲུལ་པའི་སྐུ་རིལ་ཡང་དྲུག་པ་བདག་གི་ངོ་བོ་ལས་མ་འདས་པ་རྒྱ་མ་ཆད་དོ། །ཞེས་བྱ་བ་ཁོ་ནའོ། །འདུལ་བ་རྣམ་བཞིས་འགྲོ་བའི་དོན་མཛད་དེ། ཞེས་བྱ་བ་ནི། འདུལ་བ་རྣམ་པ་བཞིས་གྲངས་ནི་དཀྱུས་ལས་གསལ་ཏེ། འགྲོ་བ་ལྔ་ནི་ལྷ་དང་ལྷ་མིན་གཅིག་ཏུ་བསྡུས་པ་སྟེ། རིགས་དྲུག་ཁོ་ནའོ། །དེའི་དོན་མཛད་དེ། དེ་ལ་དང་པོ་སྐུས་འདུལ་བ་བསྟན་པའི་ཕྱིར་བལྟམས་པ་དང་། ཞེས་པ་ནས། སོགས་པ་ར་སྟོན་པའི་ཐུབ་པ་མཐར་ཕྱིན་པ་ནི། དྲང་དོན་མདོ་སྡེ་བ་པས་འི་གཞུང་ལ། རྒྱུད་མས་སྦྱངས་པ་དམ་པ་ཏོག་དཀར་ཞེས་བྱ་བ་སྐྱེ་བ་གཅིག་གིས་ཐོག་པའི་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་མི་ཡུལ་དུ་འབབ་པར་ཟེར་བ་ནི་ཁོ་རང་གི་དོན་བདེན་མོད་ཀྱིས་ངེས་དོན་དུ་ལྷན་ཅིག་པའི་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཟབ་མོའི་དབང་གསུམ་ཐོབ་པས་རང་དོན་དུ་སངས་རྒྱས་ཏེ་མཛད་པ་མཐར་ཕྱིན་པའི་ཕྱིར། དེའི་སྤྲུལ་པའི་མཛད་པར་འགལ་བ་མེད་དོ། །ཅིའི་ཕྱིར་ཞེ་ན་ལེའུ་གླད་ནས་བྱུང་ཁུངས་སྨོས་པའོ། །རྒྱུད་མས་སྦྱངས་ཀྱི་མདོ་སྡེ་པ་དང་མཐུན་པར་བསྟན་པའི་ཕྱིར་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། བཤང་བ་མི་གཙང་བའི་གནས་སྤངས་པའི་ཕྱིར་ལུམ་པའི་ཚལ་དུ་མཆན་ཁུང་གཡོན་ནས་བལྟམས་པ་དང་རྒྱལ་བུས་རོལ་རྩེད་མཛད་པ་དང་། ས་མཚོ་མ་སོགས་ཁབ་བཞེས་པ་དང་། རབ་ཏུ་བྱུང་བ་ལ་སོགས་གཞན་གོ་སླའོ། །བསྡུ་བ་ནི་གྱད་ཡུལ་དུ་སྤུར་སྦྱངས་ཏེ་སྐུ་གདུང་ཆ་བརྒྱད་དུ་བགོས་པའོ། །གཉིས་པ་ཐུགས་ཀྱིས་འདུལ་བ་གང་ཡིན་སྙམ་པ་ལ། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་གནས་ལ་སོགས་པ་འི་དུས་བཞི་ཀུན་ཏུ་མཁྱེན་པའོ། །ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་ཀུན་ཏུ་མཁྱེན་པ་དང་། ཞེས་བྱ་བ་ནི། ཕ་རོལ་གཞན་ཐམས་ཅད་གྱི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་ཆེ་ཆུང་དང་། རྣམ་པར་རྟོག་པའི་རིལ་ཐམས་ཅད་རིག་པ་བདག་ཉིད་ཆེན་པོ་ལས་མི་གཞན་པའི་ཕྱིར་ཀུན་ཏུ་མཁྱེན་པའོ། །རྫུ་འཕྲུལ་གྱི་སྤྱན་དང་སྙན་ཞེས་བྱ་བ་ནི་ལྷའི་མིག་གིས་གཟུགས་ཐམས་ཅད་ཉེ་རིང་མེད་པར་ཀུན་ཏུ་གཟིགས་པ་དང་རྣ་བས་སྒྲ་ཐམས་ཅད་ཉེ་རིང་མེད་པར་ཀུན་ཏུ་གསན་པ་སྟེ་གོ་སླའོ། །རྫུ་འཕྲུལ་གྱི་ཆོ་ག་ནི་རྫུ་འཕྲུལ་གྱི་ཆོ་གས་བྱ་བ་ཤེས་པ་སྟེ། སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་འབྲུག་པ། མེས་མི་ཚིག །ཆུས་མི་གཤེར་ལུས་མི་སྣང་བ་དང་། མང་པོར་སྤྲུལ་པ། ནམ་མཁའ་ལ་འགྲོ་བ། ས་ལ་འཛུལ་བ་སྟེ་མི་མཐུན་པ་བརྒྱད་ལ་སོགས་པ་དུས་གནས་ཀུན་ཏུ་སེམས་ཅན་གྱི་དོན་སྤྱོད་པ་སྟོན་པའོ། །ཟག་པ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པ་ཞེས་བྱ་བ་ནི། ལྔ་པོ་དེ་དག་འཇིག་རྟེན་པ་ལ་ཡང་ཡོད་པ་ནི་བདག་ཏུ་འཛིན་པའི་ཕྱིར་ཟག་པར་འགྱུར་ལ། འདིར་ཤེས་བྱ་ཐམས་ཅད་ཀྱང་གསལ་༡ལ་བདག་༢ཉིད་ཀྱི་ཕྱིར་ཆེན་པོར་རྟོགས་པའི། དཔེ་ན་གསལ་དུས་མི་༢འཛིན་པས་ཟག་པ་མེད་པ་སྟེ། མ་སྤངས་ལ་བྲལ་བའི་ཕྱིར་རོ། །ཐམས་ཅད་ཟག་པ་མེད་པར་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ། གསུམ་པ་བསམ་གྱིས་མི་ཁྱབ་པས་ཉོན་མོངས་འདུལ་བ་བསྟན་པའི་ཕྱིར། ཀུན་༡ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་༡ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་༡ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་༡ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞེས་བྱ་བ་ནི། དངུལ་བའི་དུས་༡༡༡༡དང་གནས་སྐབས་ཀུན་ཏུ་གདུལ་བྱས་དག་མ་དག་གང་ལ་སྔ་བཀོལ་བར་དེ་དག་གི་ངོ་ལ་ཞི་བ་དང་ཁྲོ་བོ་ལ་སོགས་པའམ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཐུགས་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་། གསུང་གིས་བསྟན་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། ཕྲ་མན་ལ་སོགས་པའི་ཞལ་བསམ་གྱིས་མི་ཁྱབ་པ་དང་། གསུང་གིས་བསྟན་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། སྐུ་གསུང་ཐུགས་ཀྱི་དངོས་པོ་དང་། བསམ་གྱིས་མི་ཁྱབ་པའི་མཛད་པ་༡ཕྱོགས་གཅིག་པ་གང་༡༡དུའང་མ་ངེས་ཏེ། གདུལ་བྱའི་སྣང་ངོ་ལ་ཐམས་ཅད་དུ་སྣང་བས། གཞན་༴༽ སངས་རྒྱས་མཉམ་སྦྱོར་དག་ལས། དུས་རེས་འགའ་༴༽ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། དེ་ལ་སོགས་པ་གྲངས་མཐའ་ཡས་མཆོག་རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་གསུངས་པའོ། །གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏེ། ཞེས་བྱ་བ་ནི། གདུལ་བྱའི་ལས་དག་པ་བློ་དང་མཐུན་པར་གྲངས་མེད་པར་སྣང་བ་དང་། སྟོན་པ་ལྷུན་གྱིས་གྲུབ་པར་རོལ་པ་མཛད་པའི་སྒོ་མི་འགག་པར་སྣང་བ་ཁོ་ནའི་ཕྱིར་ཕྱོགས་བཅུར་སྣང་བར་གྱུར་ཏོ། །དེ་དག་ལ་ཡང་སྤྲུལ་དུ་ཞེས་ཟེར་བ་ན་ཁ་གོམ་པ་ཁོ་ནའོ། །བཞི་པ་གསུང་གིས་འདུལ་བ་བསྟན་པའི་ཕྱིར། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི། ཉན་ཐོས་ཀྱི། རང་བྱང་ཆུབ་ཀྱི། བྱང་ཆུབ་སེམས་དཔའི། བླ་ན་མེད་པའི་ཐེག་པ། ཞེས་བྱ་བ་ནས་མར་གོ་སླའོ། །ཐེག་པ་ལྔ་པོ་དེ་དག་གི་དགོས་ཆེད་ཅི་གྲངས་སྤྲོས་ན་དུ་ཡོད་སྙམ་པ་ལ། མ་རིག་པ་རྣམ་པར་ཁ་རྟོག་པ་ཉོན་ཀ་མོངས་པ་སྟོང་ཕྲག་ག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཞེས་གསུངས་ཏེ། རྩ་བ་ལྷན་སྐྱེས་ཀུན་བརྟགས་མ་རིག་པ་གཉིས་ལས་གྱུར་པའི་ཉོན་མོངས་པ་དང་། རྣམ་པར། རྟོག་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི། དེ་དག་གི་རྩ་བ་ནི་དུག་གསུམ་དང་བདག་ཏུ་ངར་བར་བཟུང་བ་ལས་ང་རྒྱལ་དང་། གཞན་ལ་ཕྲག་དོག་པའི་ཕྱིར་དེ་གཉིས་གཅིག་ཏུ་བསྡུ་བས་གཅིག་སྟེ་སྤྱིར། བཞི་ལ་ནང་རིས་སུ་གཅིག་ཞེ་སྡང་ལྟ་བུ་ཀྱང་ཉི་ཁྲི་གཅིག་སྟོང་སྟེ་སྤྱིར་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་པ་དེ་དག་ལ་ལམ་གང་དག་གིས་དག་པར་འགྱུར་བར་བྱེད་པ་ནི་གཉེན་པོ་སྟེ། དེ་ཡང་ལྷ་མི་ཉན་རང་གི་སྤོང་བ་དང་། བྱང་སེམས་ཀྱི་སྦྱོང་བ་དང་། སྔགས་ཀྱིས་དབང་༡དུ་བྱེད་པའི་ཕྱིར་རོ། །དེ་བས་ན་༡༡༡ཆོས་ནི་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པ་རང་ཕྲག་གསུམ་དུ་སྣང་ངོ་། །དེ་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་མཛད་པ་མཐུན་པར་བསྟན་པ་དམ་ཆོས་རྣམས་གསུངས་སོ། །གསུང་ངོ་། །གསུང་པར་འགྱུར་བ་ཁོ་ནའོ། །ཞེས་བྱའོ། །གཉེན་པོ་གསུམ་པོ་ཅི་ལྟ་བུ་སྙམ་པ་ལ། དེ་དག་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་ཕྱི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཞེས་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ཞེས་བྱ་བ་ནི། ཆོས་ཀྱི་སྒོ་མོ་དེ་དག་ཐམས་ཅད་ཀྱང་ཉོན་མོངས་པའི་གཉེན་པོར་གྱུར་ཚུལ་ནི་ལས་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་བས་ན་དགེ་བ་བཅུས་སྤྱད་པ་མི་དང་ལྷར་ངེས་པར་འབྱུང་བས་ན་མི་དགེ་བ་བཅུ་སྤང་བ་དང་ལྷ་མི། གཟུང་བ་དང་འཛིན་པ་གྲུབ་ཚུལ་ནི་རྡུལ་ཕྲན་ལུས་པ་ལས་སྤྱོད་ཡུལ་དུ་ངེས་པར་ཡོད་པས་ན་རག་པར་འཛིན་པ་འགོག་པས་གཟུང་འཛིན་གཉིས་ཀ་ཡང་རག་པ་སྤངས་པའི་ཉེས་དང་། ཕྱི་ནང་གི་རྟེན་ཅིང་འབྲེལ་འབྱུང་བ་ངེས་པར་འབྱུང་བ་ཡོད་པའི་ཕྱིར། ལུགས་ལས་འབྱུང་བས་གཞན་ན་གནས་ལུགས་ལ་བཟློག་པ་ཧེ་དུས། ཕྲ་རག་ཕྱོགས་གཉིས་སམ་ཁམས་གསུམ་གྱི་ཉོན་མོངས་པ་འགོག་པས་སྤངས་པའི་རང་རྒྱལ་དང་། གསུམ་པོ་དེ་དག་ནི་སྤོང་པའི་གཉེན་པོར་གཅིག་གོ། །འཛིན་པ་འཁྲུལ་པ་ལས་འདོགས་པ་དང་། ཞེས་བྱ་བ་ནི། ནང་འཛིན་པའི་སེམས་འཁྲུལ་པའི་བརྟག་པ་སྣང་བ་ལ་ཡུལ་དུ་འདོགས་པ་ལས་གུད་དུ་ཡུལ་མེད་པའི་ཕྱིར། ཤེས་པ་ཡང་མ་གྲུབ་པས་ཡུལ་སེམས་ཕན་ཚུན་མ་སྐྱེས་པར་ཤེས་ན་ཉོན་མོངས་པ་ཆོས་ཉིད་སྟོང་པ་ཉིད་དུ་རྒྱུད་སྦྱང་བ་དང་། ལས་ཀྱིས་ཀུན་ནས་ཉོན་མོངས་པ་དང་ལས་ཀྱི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་འབྲས་བུ་མི་གོས། ཞེས་བྱ་བ་ནི། ཉོན་མོངས་པ་གཉིས་སོ། །རྣམས་རང་གི་སེམས་ཉིད་དུ་རང་སྣང་བའི་ཕྱིར་ཀྲི་ཡ་བ་དང་། ཡོ་གས་སེམས་བྱིན་རླབས་རིགས་ལྔའི་ལྷར་སྣང་བའི་དང་ཀྲི་ཡས་བརྟགས་པའི་ཡོན་ཏན་རིགས་གསུམ་གྱི་ལྟར་སྣང་བ་དུས་ན་སྤང་བྱ་ཉོན་མོངས་མེད་པ་དང་། ཐ་མལ་པའི་ཞན་པ་དག་པས་ཀྲི་ཡ་དང་ཡོ་ག་བ་ཁོ་ནའོ། །གོས་པར་མི་འགྱུར། གོས་སུ་མེད་པ་སྟོན་པའི་མཐར་ཐུག་གོ། །ཞེས་བྱ་བ་ནི། བདག་ཉིད་ཀྱི་སེམས་ཀྱི་ཕྱིར། ཉོན་མོངས་པ་རང་དང་སྤྱིའི་མཚན་ཉིད་ཀྱི་ངོ་བོ་ཡེ་ཤེས་སུ་ཤེས་ན། གོས་པར་མི་འགྱུར་ཏེ། སྤང་བྱ་མི་འཐུན་པ་ཉོན་མོངས་དང་གཉེན་པོ་ཡེ་ཤེས་ནི་དབྱེར་མེད་དེ། ཉོན་མོངས་པ་ལ་སྤྱད་པ་ཉིད་གོས་སུ་མེད་པར་སླར་ཡོན་ཏན་དུ་སྣང་བར་སྟོན་བའི་ཐབས་ཀྱི་ཐེག་པ་ནི་རྒྱུ་འབྲས་སུ་སྣང་བ་དང་བྲལ་བ་ས་དགོངས་པའི་མཐར་ཐུག་ཁོ་ནའོ། །ཞེས་བྱ་བའོ། །ཐེག་པ་ལྔ་པོ་དེ་དག་བྱུང་བའི་དགོས་པ་ནི་ས་རྣམས་ཁྱད་པར་བཀོད་པ་ཡང་གསང་བའི་སྙིང་པོའི་ར་འགྲོ་བ་ལམ་སྟེགས་ལ་ཡོངས་སུ་སྦྱོངས་བའི་ཕྱིར་དང་རྒྱུད་འདི་ནི་བྱིན་གྱིས་རླབས་ཀྱི་ཕྱིར་བསྟན་ཏོ། །འདུལ་བ་མདོར་ཞེས་དྲངས་དེ་ཡན་ཆད་དུ་རྒྱུད་ཀྱི་རྒྱུ་རྐྱེན་གླེང་གཞི་དང་། གླེང་བསླང་ཚངས་ནས། གསུམ་པའི་ཡོངས་སུ་ཤེས་པར་བྱ་བ། རྒྱུད་དོན་ལ་བདུན་གྱི་དང་པོ་ལྟ་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱའོ། །དེས་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ལ་སོགས་པ་གསུངས་ཏེ་གོ་སླའོ། །ཅི་ཁ་སྙེད་ཀ་འཇིག་རྟེན་འཁྲུལ་ག་པའི་ཆོས། །ཞེས་བྱ་བ་ནི། འདི་ནས་མར་གཞལ་བྱ་འཁྲུལ་པའི་སྣང་བའི་རྒྱུ་རྐྱེན་ངོ་བོ་གསུམ་སྟོན་ཏེ། ཕྱི་སྣོད་འཇིག་པ་ལ་བཅུད་སྟོང་པ་གྲངས་མཐའ་ཡས་པའི་ཅི་སྙེད་ཀྱི་རིས་སུ་སྣང་བ་ནི། བློ་འཁྲུལ་པའི་ཆོས་ཁོ་ན་སྣང་བའི་ཕྱིར་རོ། །དེའི་རྒྱུ་ཅི་ཡིན་སྙམ་པ་ལ། མ་༼ཀརིག་རྟོག་༼ཁཔའི་གཟུང་༼གའཛིན་གྱིས། །ཞེས་གསུངས་ཏེ། སེམས་ཉིད་རང་བཞིན་གྱི་མཐས་མ་བསྒྲིབ་པར་འོད་གསལ་བ་ཡིན་ཀྱང་ངེས་པའི་ཤེས་པ་མ་སྐྱེས་ཏེ་མ་རྟོགས་པ་ནི་རྒྱུ་ལྷན་ཅིག་སྐྱེས་པའི་མ་༼ཀ་རིག་པའོ། །༼ཁ་དེས་ཆོས་དང་གང་ཟག་ལ་བདག་ཏུ་རྟོགས་པའི་ན་ང་རུ་བལྟས་པ་དང་། ལས་དང་གསུམ། ཀུན་བསླང་ཉོན་མོངས་པ་ལྔ་དང་། ༼ག་ཡུལ་དང་འཇིག་པའི་སེམས་ཀྱིས་གཞན་དུ་སྣང་བ་ནི་རྐྱེན་ཁོ་ནའོ། །ཚུལ་ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཉེས་པ་མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་བྱ་བ་ནི། རྐྱེན་དེས་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་རྟེན་འབྲེལ་བཅུ་གཉིས་ཀྱི་ཚུལ་དུ་དངོས་སུ་འཁོར་ཞིང་སྣང་བས་ཚེ་འདིར་མི་མཐུན་བདེ་སྡུག་སྣ་ཚོགས། འབྱུང་ཞིང་སྣང་ནས་མྱོང་བར་འགྱུར་བ་ནི་འབྲས་བུ་ཁོ་ནའོ། །རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་བྱ་བ་ནི། འཁྲུལ་པ་ཆོས་ཉིད་དུ་ཤེས་ནས་སྤངས་བྱ་འཁྲུལ་པ་མི་དམིགས་པ་ནི། ཤེས་བྱ། རང་བཞིན་གྱིས་སྣང་བ་སྟེ། འཁྲུལ་པའི་ཆོས་དེ་དག་གི་རང་བཞིན་ཆོས་ཉིད་ནི། སེམས་ཉིད་ཀྱི་ཕྱིར། འབྲས་བུ་སྐུ་དང་ཡེ་ཤེས་ཁོ་ན་ལས་འགྱུར་ཞིང་ཉམས་བ་མེད་དོ། །ཞེས་བྱ་བ་ཁོ་ནའོ། །དོན་དེ་ཧེ་དུས་ངེས་པར་མཚོན་པར་བྱ་བའི་ཕྱིར། ཡང་ཀ༽ དག་སྒྱུ་ཁ༽མའི་ཚུལ་གཉིས་སུ། །ཞེས་པ་ལ་སོགས་པ་གསུངས་ཏེ། དོན་དམ་ཡང་དག་སྒྱུ་མའི་ཀུན་རྫོབ་ནི་ངེས་པར་བདེན་པ་གཉིས་སོ། །ཚུལ་ནི་དོན་གྱི་རྗེས་སུ་འཇུག་པ་སྟེ། མདོ་སྡེ་པ་འི་ཐེག་པ་ལྟར་བདེན་པ་གཉིས་སུ་ཕྱེ་ན་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། བདེན་པ་གཉིས་ལ་ཡང་དག་བརྟན། ཞེས་བྱའོ། །བདག་དང་བདག་གི་གཞན་མེད་དེ། །ཞེས་པ་ནི། བདག །༡མ་རིག་པའི་ར་འཛིན་པ་རྣམ་ཤེས་ཚོགས་བརྒྱད། བདག་གིས་༡མྱོང་བའི་ཕུང་པོ་དང་། གཞན་འབྱུང་བ་༡ཡུལ་སྣ་ཚོགས་པ་དེ་དག་མེད་ཅིང་མ་གྲུབ་སྟེ་ཅི་ལྟར་མ་གྲུབ་ཞེ་ན་སེམས་ཉིད་ཆོས་གསུམ་དུ་སྣང་བས། སེམས་ལས། གཞན་དུ་མ་གྲུབ་སྐྱེ ས་པ་ནི་དོན་༼༠༽དམ་པའི་ཚུལ་ལོ། །ཆོས་གསུམ་པོ་དེ་དག་༼ཁ་སེམས་ཉིད་ཀྱིས་ཕྱིར། ངོ་བོ་ཡེ་ཤེས་རང་སྣང་བས་ཆེད་དུ། མ་བཀག་པ་ནི་སྒྱུ་མ་ཀུན་༼༠༽རྫོབ་ཀྱི་ཚུལ་ཏེ། དེ་༼༠༠༽གཉིས་སུ་མེད་པ་ལ་གསུམ་པ། དེ་དག་མ་གྲུབ་པ་ཁོ་ནའོ། །དེ་ནི་བསྡུས་དོན་ལྷག་པའི་མཉམ་གཉིས་སོ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །ཞེས་བྱ་བ་ནི། དབྱེར་མེད་པས་བསྡུས་དོན་མཉམ་པ་སྟེ་བཤད་པ་ལྟར་ཤེས་ནས་བདེན་པ་གཉིས་སོ། །དེ་ལའང་མི་གནས་པ་ནི། སྣང་སྟོང་ངམ་ཡོད་མེད་ཀྱི་མཐའ་གཉིས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་དང་མཉམ་པའི་དབྱིངས་གཉིས་ལས་འདིར་སྣང་སྟོང་ངོ་བོ་མཉམ་པ་ཉིད་ཀྱི་དབྱིངས་ཞེས་བྱ་སྟེ། སྣང་བ་ཀུན་རྫོབ་སྟོང་པ་དོན་དམ་གཉིས་སུ་མེད་པ་ནི། བདེན་པ་གཉིས་ཚུལ་དོན་གཅིག་པ་ཁོ་ནའོ། །ཞེས་བྱའོ། །བདེན་པ་དབྱེར་མེད་ལ་བདེན་པ་གཉིས་ཀྱི་དབྱེ་བ་ཙམ་དུ་ཡང་མ་གྲུབ་པ་ལོག་རྟོག་གསུམ་ནི་ཤིན་ཏུ་ཡང་མ་གྲུབ་ན། འོ་ན་གཞལ་བྱ་འཁྲུལ་པའི་སྣང་བ་མེད་དོ་སྙམ་པ་ལ། ༡བདག་དང་༡བདག་གི་༡གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ཞེས་གསུངས་ཏེ། ཆོས་༡༡༡གསུམ་པོ་རྣམས་ནི། སེམས་ཉིད་ལས་མི་གཞན་ཏེ་མ་གཡོས་བཞིན་དུ་ངོ་ཤེས་པས་ལོག་པར་རྟོག་པའི་དངོས་པོ་ཙམ་ཉིད་དུ་རང་རྒྱུད་པར་འཛིན་པ་དག་ཀྱི་རིས་སུ་རང་གཞན་གྱི་སྣང་ནི་འཁྲུལ་པའི་སྣང་བའོ། །དེ་ཙམ་ནི་མི་འགལ་ལ། དེ་ལས་གཞན་པ་ནི་རྫས་སུ་གྲུབ་པ་རྡུལ་ཕྲ་རབ་ཙམ་དང་། རང་རྒྱུད་ཀྱི་ཤེས་པ་ཟབ་པ་སྟེ། སྐད་ཅིག་མར་གཟུང་བ་མེད་འང་ཡོད་པ་མ་ཡིན་ཏེ་ངོས་བཟུང་པ་ནི། ངང་གིས་མེད་པ་ཁོ་ནའོ། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །ཅེས་བྱ་བ་ནི། སྣང་བདོ་བ་དང་སྤྱོད་བདོ་བ་འདི་ནི་ཅི་ཞེ་ན་ལོག་པར་རྟོག་པའི་མཐུ་བརྟས་པས་ལོག་རྟོག་གི་སྔ་མ་ཉིད་ལ་ཕྱི་མས་ཉིད་ཀྱི་རྒྱུད་མཐུན་པར་སྤྱོད་དེ། སེམས་ཉིད་ལས་གཞན་དུ་གཡོ་བ་སྟེ། ཆོས་གསུམ་གྱི་རིས་སུ་འགྱུར་བ་ཅི་ཡང་མེད་དོ་ཞེས་གསུངས་སོ། །དེས་ན་དངོས་པོ་མ་གྲུབ་ཀྱང་། ལོག་རྟོག་འཁྲུལ་སྣང་ཙམ་རང་ནི་ངེས་པར་བདེན་པར་ཡོད་དོ་སྙམ་པ་ལ། ལོག་རྟོག་རྒྱུ་འབྲས་རྒྱུ་ཉིད་ཀྱང་། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །ཞེས་བྱ་བ་ནི། བསྡུས་དོན་རྒྱུ་གཅིག་པར་རྟོགས་པ་སྟེ། ལོག་རྟོག་གི་རྒྱུ་མ་རིག་པའི་ངར་འཛིན་པ་བདག་དང་། འབྲས་བུ་ཕུང་པོ་ལྔ་གཞན་ཡུལ་ལྟ་བུ། ཞེན་པ་སྣ་ཚོགས་སྣང་བ་ཡང་། སྐད་ཅིག་མའི་རྒྱུན་ཉིད་ཀྱང་མ་གྲུབ་པའི་ཕྱིར་བཤད་པ་གསུམ་གྱིས་རྗེས་སུ་མ་གྲུབ་པར་མཐུན་ཏེ། ཅི་ལྟར་མ་གྲུབ་ཅེ་ན། ཡེ་ཕྱི་མོ་ནས་དེ་གཉིས་ཀྱི་རང་༡༡༽གི་ངོ་བོ་མ་གྲུབ་སྟེ། པས་གཞི་རྩ་མེད། སེམས་ཉིད་ཁོ་ནའི་ཕྱིར་སེམས་ནི་སྣང་སྟོང་གཉིས་སུ་མི་ཕྱེད་པ་ནི་བཤད་པའི་མཉམ་པའི་དབྱིངས་སོ། །དེ་ལོག་རྟོག་གི་སྐད་ཅིག་གིས་སྐད་ཅིག་མའི་རྒྱུན་མ་གྲུབ་པར་༼༠༽གོང་གི་གཉིས་སོ། །རིལ་ཐམས་ཅད་སེམས་ཉིད་དུ་གཅིག་པ་ཁོ་ནའོ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཉིད་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར། །ཞེས་པ་འདི་ནས་མར་ཡིག་འབྲུའི་ཚུལ་དང་དག་པ་གསུམ་སྟོན་ཏེ། གོང་གི་བཤད་༼༠༽པ་ལྟར་ལོག་རྟོག་གི་རྒྱུན་རྣམ་པར་དག་སྟེ། རང་གིས་ངོ་བོ་སེམས་སུ་འོད་གསལ་བས་སེམས་མ་སྐྱེས་པའི་དབྱིངས་དེ་ཉིད་མཚོན་ཕྱིར་ཨ་ལྟ་བུའོ འི་ཚུལ་ཡིན་ལ། སྐད་ཅིག་མའི་རྒྱུན་མེད་པར་རང་རིག་ཉིད་རྩལ་ཅིར་ཡང་མི་འགག་པར་སྣང་བ་ལ་ནི། མ་བཅོས་པའི་སྐད་ཅིག་མ་སྟེ། ཡེ་ཤེས་རང་སྣང་ཞིང་དབང་བསྒྱུར་བས་ཉིད་ལ་སྤྱོད་པ། ཁོ་ནའི་ཕྱིར་ཡུལ་སྣང་ཞིང་བློས་སྤྱོད་ཀྱང་ཡུལ་སེམས་གཉིས་སུ་སྤྱད་པར་བྱ་བ་དང་སྤྱོད་བྱེད་མེད་པ་ནི། ཐེག་པ་ཆེན་པོའི་མཧཱ་གཏན་ཚིགས་སོ། །མ་སྐྱེས་པ་དེ་ཉིད་གྷ་གོད་ཡེ་ཤེས་སུ་རང་གསལ་བས་ཨ་ལ་ན་རོ་རྒྱན་སྣང་བ་ལྟ་བུའོ། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཞེས་བྱ་བ་ནི། གོང་དུ་གསུམ་པོ་བཤད་པའི་བྱིན་བརླབས་ཀྱིས་བདག་ཕུང་ཀ༽པོ་དང་ལྔ་། གཞན་ཁ༽འབྱུང་བ་ལྔ་དང་། རྟོག་པས་ག༽བསླད་པའི་རྒྱུན་རྣམ་པར་ཤེས་པ་གསུམ་པོ། སོ་སོར་སྣང་བ་ངང་གིས་རྣམ་པར་དག་སྟེ་སྣང་སྟོང་ངམ་ལྷ་རྟོག་གཉིས་སུ་མེད་པར་གསལ་བ་ནི། རྟགས་རིགས་ཀ༽ལྔ་ཡབ་ཡུམ་ཁ༽དང་། ཡེ་ཤེས་ག༽ལྔར་གདོད་ནས་ལྷུན་ཧཱུཾ་གྱིས་གྲུབ་པས་ཡེ་ནས་ཡོད་པ་དེ་མངོན་དུ་རྟོགས། དེ་ལས་འབྲས་བུ་བླ་མེད་རྡོ་༡རྗེ་ཐེག་པའི་མཆོག་ཞེས་བྱ་བ་ཁོ་ནའོ། །དེ་ནི་ཡི་གེ་རྫོགས་ༀ་པ་ལྟ་བུ་སྟེ། སྣོད་བཅུད་རྒྱུད་དང་། དག་པ་གསུམ་དུ་ཡང་འདོགས་སོ། །ཐེག་པ་བཞིའི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་བྱ་བ་ནི། གོང་དུ་བཤད་པ་ངེས་འབྱུང་གི་ཐེག་པ་བཞི་པ་བཞིན་རང་རང་གི་གཞུང་ལྟར་མ་ནོར་བར་སྤྱོད་ན་ལྷ་མི་ངན་སོང་དང་གསུམ་ཉན་རང་འཁོར་བ་དང་བྱང་སེམས་མཐའ་གཉིས་ལས། ངེས་པར། འབྱུང་ལ། འདས་མ་ཐག་པར་སྟོན་པ་ནི། བླ་མེད་པའི་ཐེག་པ་བསྒྲུབ་བྱའི་དོན་མཐར་ཐུག་པར་བྱེད་པའི་ཕྱིར་འབྲས་བུར་གནས་པ་ཁོ་ནའོ། །ཡང་དག་རྟོགས་པས་རབ་བརྟག་ན། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །ཞེས་བྱ་བ་ནི། ཡང་དག་པ་ཡེ་ཤེས། འབྲས་བུར་རང་བཞིན་དོན་དམ་པ་མངོན་སུམ་མངོན་སུམ་དུ་རྟོགས་པར་བྱས་པའི་བློའི་ཤེས་རབ་ཅན་གྱིས་རབ་ཏུ་བརྟག་པའི་དུས། ལ་བློའི་སྤྱོད་ཡུལ་དང་བྲལ་བར་རང་རྒྱུད་དུ་མི་སྣང་བས་ན་རང་བཞིན་ཅིར་ཡང་མེད་པའི་ལས་ཅིར་ཡང་སྣང་བ་ཕྱིར་ཐབས་ཞགས་ལས་ཡུལ་དུ་མཐོང་བ་མེད་པའི་ཚུལ་གྱིས་རང་གསལ་བས་མཐོང་བ་དང་། ཞེས་པ་དང་། རྒྱས་ལས་ཡུལ་དུ་ཞེན་པའི་རྣམ་པར་རྟོག་ཧཱུྃ་པ་མི་མངའ་བར་གཉིས་སུ་རང་གསལ་བས་ཅིར་ཡང་ས་ལེར་མཁྱེན། །ཞེས་བྱ་བ་ཁོ་ནའོ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་པའི་ལ་སོགས་པ་ཚིགས་བཅད་གཅིག་གི་དོན་ནི། བཤད་པ་ལྟར་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་སྟོན་པ་སངས་རྒྱས་དང་པོ། འབྱུང་དང་མཐར་འཇིག་ནས་མྱ་ངན་ལ་ཡོངས་མི་འདའ་བ་དང་། བསྟན་པ་དམ་ཆོས་ཀྱང་དར་བ་དང་ནུབ་པར་མི་འགྱུར་བས་ན་དེ་དག་མེད་དེ་ཡེ་ནས་ངོ་བོ་ཉིད་ཀྱིས་རྟག་པ་ཁོ་ནའོ། །མཚན་མ་བཞིར་སྣང་བ་ན་ལྷུན་གྲུབ་མ་རིག་ནས་བློ་དམན་པའི་གདུལ་བྱ་རྣམས་ཀྱི་རྒྱུད་སྨིན་པར་མཛད་ནས་འདུལ་བའི་ཐབས་ལ་རྟག་འཛིན་སུན་དབྱུང་ལ་སོགས་མཛད་པའི་ཕྱིར་ཏེ་སངས་རྒྱས་འཇིག་རྟེན་དུ་དང་པོ་འབྱུང་ནས་མཐར་མྱ་ངན་ལ་འདས་བར་སྟོན། དེ་ནི་༡གདུལ་བྱའི་སྣང་བ་ཁོ་ནའོ། །སྣང་༡བ་དེའི་ངོ་བོ་དང་། འབྱུང་བའི། གཞི་བསྟན་པའི་ཕྱིར། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་པ་ལ་སོགས་པ་ནི་གོ་སླ་སྟེ། རྒྱུ་འདིའི་གསང་བའི་སྙིང་པོ་རྒྱུ་རྐྱེན་ཚང་བའི་བྱིན་རླབས་ལས། འདུལ་བ་མདོ་སྡེ་ཆོས་མངོན་གྱི་སྡེ་སྣོད་གསུམ་དང་དམ་ཚིག་བསྒྲུབ་དང་གྲུབ་པ་སྟེ་སྔགས་ཕྱི་པ་གསུམ་དང་། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད་རྣམས་ཀྱི་སྟོན་པ་ཐུབ་པ་དྲུག་དང་བསམ་གྱིས་མི་ཁྱབ་པའི་འདུལ་བའི་སྟོན་པ་རྣམས་འཐོན་ནས་བསྟན་པ་ཕྱོགས་བཅུ་ཀུན་ཏུ་རབ་ཏུ་གྲགས་པ་ཐམས་ཅད་རང་བཞིན་གསང་བའི་སྙིང་པོ་འདི་ལས་འཕྲོས་པ་སྟེ་ལམ་ཐུན་མོང་བཤད་པ་དང་གསང་བའི་སྙིང་པོ་འོག་མིན་དུ་བཤད་པ་གཉིས། དུས་མཉམ་དུ་གསུང་ཞིང་། དེའི་ཕྱིར་རང་བཞིན་གསང་བའི་ཞེས་པ་ནས་གཏན་ལ་བསྟན། སྟོན་མིང་ཚིག་ལ་དངོས་པོ་ངེས་པར་འབེབས་པ་སྟེ། ཕབ་པའི་ཕྱིར་རོ། །དེ་ལྟར་ཐེག་པ་དགུ་པོ་དེ་དག་གྲངས་དང་ངོ་བོ་ངོས་སོ་སྙམ་པ་ལས། ཆོས་རྣམས་མིང་དུ་བཏགས་པ་ཙམ། །སྟོན་པས་དོན་དང་མཐུན་ཕྱོགས་སུ། །མིང་དང་ཚིག་ཏུ་བཏགས་ནས་བསྟན། །སྟོན་མིང་ཚིག་ལ་དངོས་པོ་མེད། །ཅེས་གསུངས་ཏེ། ཆོས་རྣམས་ཐམས་ཅད་རང་བཞིན་གྱི་ངོ་བོས་སྟོང་པའི་ཕྱིར་འཁྲུལ་པ་དང་གདུལ་བྱའི་སྣང་བ་གཉིས་ཁོ་ནའི་ངོ་བོར་མིང་དུ་བཏགས་པ་ཙམ་མོ། །དེ་ལྟར་ངོ་བོ་མ་གྲུབ་པའི་རྗེས་སུ་རང་རང་གི་སྟོན་པས་ཐེག་པ་རིམ་དགུ་སོ་སོའི་ལྟ་སྤྱོད་བསྒྲུབ་པ་དབང་དཀྱིལ་འཁོར་ལ་སོགས་པ་རིལ་ཡང་གདུལ་བྱའི་ངོ་བོ་ར་དོན་དང་། མཐུན་ཕྱོགས་སུ་མིང་དང་ཚིག་ཏུ་བརྟགས་ནས་བསྟན་པ་ཙམ་སྟེ། ཞེས་པའི་དོན་ནོ། །རང་གི་ངོ་བོ་ཉིད་དང་། བསྟན་པའི་མིང་དང་ཚིག་གི་རྣམ་གྲངས་ལ་ནི་རང་རྒྱུད་ཅན་དུ་གྲུབ་པ་དང་ངེས་པའི་དངོས་པོ་མེད་དོ་ཞེས་བྱ་བ་ཁོ་ནའོ། །དེ་དག་ཀྱང་གདུལ་བྱའི་སྣང་བས་ཐབས་གྲོལ་གཉིས་སུ་འགྱུར་ཏེ། ཐལ་བའི་རྒྱུད་ལས། རྒྱུ་ཉི་ཟླའི་ཐིག་ལེ་གསལ་སྟོང་ཟུང་འཇུག་གི་བདེ་བ་ནི། །སེམས་ལྔའི་མཐའ་མ་འོངས་པའི་ལྡོག་པས་བྱང་སེམས་རྩ་གནས་སུ། གོ་ཕྱེས་ནས། །ཞེས་པ་ནི་དེ་ནས་ངེས་ཞེས་པ་ནས་རྡོ་རྗེ་མས་འཐོན་ཏོ་ཞེས་པའི་བར་གྱི་དོན། ལུས་གནས་རྩའི་དཀྱིལ་འཁོར་རྒྱུ་བཞི། རྐྱེན་གཉིས་དང་དྲུག་གི་རིགས་དྲུག་གི་ཞིང་ཁམས་ཡུལ་རྣམས་སུ། །འཐོན་ནས་ཞེས་པ་ནས། སྟོང་ཆེན་རེ་རེ་ཞེས་པའི་བར་རོ། །སྟོན་པ་སྤྲུལ་པའི་ཐིག་ལེ་དྲུག་རྩ་གནས་སུ་རང་ཤར་བའི། །དོན་ནི་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེ་སྟོན་པ་ཐིག་ལེ་སྐུ། ཡི་གེ་གསུང་། བདེ་བ་ཐུགས་སྣང་བའི་མཛད་པ་བསམ་མི་ཁྱབ། །པ་ནི་འདུལ་བ་རྣམ་པ་བཞིས། ཞེས་པ་དང་། བལྟམས་པ་དང་། ཞེས་སོགས་སོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔའམ་དྲུག་དང་ལས་གཉིས་ཀྱི་རྟོག་པའི་རིལ། །འཁོར་ཐམས་ཅད་སྟོན་པ་ཡབ་ཡུམ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཀྱིས་འདུལ་བའི་ཕྱིར་སྤྲུལ་པའམ་ཐུབ་པ་ཞེས་སུ་བཤད། །པ་ནི་འདུལ་བ་ཞེས་ནས་སྣང་བར་འགྱུར་རོ་ཞེས་པའི་བར་རོ། །སྒྲ་ཡིག་དང་དབྱངས་ཡིག་གསུང་གིས་ཡི་གེ་བསྟན་པ་རྣམས། །རྩ་འཁོར་བཞིས་ངེས་པར་གསུང་དུ་གྲགས་པ་ཁོ་ན་ཉིད། །དེ་ཐམས་ཅད་ཅེས་པ་ནས་མཐར་ཐུག་གོ་ཞེས་པའི་བར་རོ། །གཞལ་ཡས་ཕུང་པོ་ལྔ་ལ་སོགས་པའི་ཁམས་སྐྱེ་མཆེད་ཀྱི་རྟོག་པའི་ཚོགས་བཞི་བཅུ་རྩ་ལྔའི་འཇིག་རྟེན་ཀུན། །ནི་ཅི་སྙེད་ཅེས་ནས་ཉམས་པ་མེད་ཅེས་པའི་བར་རོ། །ལོག་རྟོག་སྒྱུ་མའི་ངོ་བོ་སྣང་ཙམ་ལས། །མ་གྲུབ་པ་རང་གཞན་གྱི་གཏན་ཚིགས་ཏེ། ཉི་མ་དོན་དམ་ཟླ་བ་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀྱི་ཧེ་དུའི་ལས་ཉིད་ཀྱིས། །དོན་ནི་ཡང་དག་ཅེས་ནས་ཚུལ་གཅིག་གོའི་བར་རོ། །ཆགས་རྟོག་རང་རྒྱུད་དུ་མ་སྐྱེས་ཞིང་གཉིས་མེད་མཉམ་པའི་དབྱིངས་ལས་གནས་པར་གྱུར་ཅིང་། །ནི་བདག་དང་བདག་གི་ཞེས་པ་ནས་ཉིད་སྤྱོད་ཕྱིར་གྱི་བར་རོ། །དེའི་དུས་སུ་ཕུང་པོ་ལྔ་ལ་སོགས་པའི་འབྱུང་བ་རྣམ་ཤེས་རྣམས་ལྷའི་རིགས་ལྔ་ལ་ཡབ་ཡུམ་ཡེ་ཤེས་ལྔ་དཀྱིལ་འཁོར་དུ། །གསལ་བ་ནི་དག་པ་གསུམ་སྟེ་བདག་དང་ཞེས་ནས་ཐེག་པའི་མཆོག་གི་བར་རོ། །བདེ་བའི་ཡེ་ཤེས་སུ་ཡུལ་མེད་དུ། རང་སྣང་བས་མངོན་གསུམ་བཞི་ལས་རང་རིག་པའི་མངོན་སུམ་གསལ། །བ་ནི་ཡང་དག་ཅེས་ནས་ཅིར་ཡང་འགྲུབ་ཀྱིས་བར་རོ། །གཞི་ལམ་འབྲས་བུ་དུས་གསུམ་དུའང་མི་འགྱུར་བའི་ཕྱིར། །ནི་སངས་རྒྱས་ཞེས་ནས་འདའ་བར་སྟོན་གྱི་བར་རོ། །དེ་ལྟ་བུའི་ཐེག་པ་འདི་ཐབས་ཀྱིས་ཐེག་པ་དང་རྡོ་རྗེར་ཐེག་པར་བཤད། །དོ་ནི་འདུལ་བ་ཞེས་པ་ནས་དངོས་མེད་ཅེས་པའི་བར་རོ། །ཞེས་གསུངས་སོ། །དེ་ནས་དེ་པ་ཐམས་ཅད་ཅེས་པ་ལ་སོགས་པ་ནི་རྗེས་སུ་ལེའུ་དང་པོ་དང་མཐུན་ནོ། །ཨ་ཧོ་ཞེས་བྱ་བ་ནི། ལེའུ་སྟོད་དུ་བཤད་པའི་འཁོར་འདས་ཀྱིས་དངོས་པོ་གཉིས་མཉམ་རྟོགས་དག་པའི་གཏན་ཚིག་གསུམ་གྱི་ངོ་བོ་ཆོས་ཉིད་དུ་གཅིག་པར་བསྒྲུབ་པའི་ཕྱིར་རོ། །སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །རྒྱུ་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་བྱ་བ་ནི། སྲིད་རྩའི་ཉེས་དམིགས་ནི་གོང་དུ་འཁྲུལ་སྐབས་སུ་བཤད་པའི་ལྷན་ཅིག་སྐྱེས་པའི་མ་རིག་པའི་བདག་དང་དུ་རྟོག་པ་དེ་ལས་ཉོན་མོངས་པ་ལ་སོགས་པ་རང་འཕྲོས་ནས་སྣང་བའི་འགྲོ་བ་རྒྱུ་དྲུག་གི་སྤྱོད་ཡུལ་རིལ་ཐམས་ཅད་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། གནས་དང་སྡུག་བསྔལ་འཁྲུལ་འཁོར་སོགས་པ་རྣམས། རང་རྒྱུད་དུ་ལྟ་བའི་ལོག་རྟོག་གི་རྒྱུན་ཉིད་ལས་གཞན་དུ་ཅི་ཡང་མེད་པ་ཁོ་ནའི་ཕྱིར་འཁྲུལ་པའི་སྣང་བ་ནི་གཞལ་བུ་ཞེས་བྱ་བ་ཁོ་ནའོ། །སྟོང་ཉིད་བདག་མེད་རང་རིག་ཡེ་མཁྱེན་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ངོ་མཚར་སྐུ་གསུམ་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་བྱ་བ་ནི། གཞལ་བྱ་འདས་མ་ཐག་པ་ཉིད་གསང་སྔགས་ཀྱི་མཉམ་པ་རྟོག་པ་དག་པའི་གཏན་ཚིག་གསུམ་པོས་གཞལ་བའི་དུས་ན། ཆོས་ཉིད་སྟོང་པ་ཉིད་དང་། བདག་མེད་པར་གཏན་ལ་ཕབ་པའི་དུས་སུ་བདག་དང་བདག་གི་བའི་ལོག་རྟོག་གི་རྒྱུན་ལས་འདས་ཏེ། འཁོར་འདས་མཉམ་པའི་དབྱིངས་གནས་ལུགས་དེ་ཉིད་ཡེ་ཤེས་སུ་རང་གསལ་བར་རྟོགས་པ་ནི་ཡ་ཀི་ན་ཡང་དག་སྒྱུ་མ་ཞེས་པ་ནས་འབྲས་བུ་རང་གནས་ཞེས་པའི་བར་སྡུད་དོ། །གཞིའི་ཡེ་ཤེས་ཉིད་ལ་ལམ་གྱི་ཡེ་ཤེས་ཉིད་སྤྱོད་པས་རང་རིག་ནོ། དམིགས་བྱ་སྟེ། ཤེས་བྱ་དང་དབྱིངས། དམིགས་བྱེད་སྟེ་ཤེས་བྱེད་ཀྱི་ཡེ་ཤེས་གཉིས་ངང་གིས་མེད་ལ་པའི་དོན། དྲན་པ་རང་སྣང་གི་ཡེ་ཤེས་སུ་དབང་བསྒྱུར་བ་ནི། གྲུབ་མཐའོ། །དེ་ལ་འབྲས་བུའོ། །གྲུབ་མཐའ་སྟེ་ཡ་ཀི་ན་ཡང་དག་རྟོགས་པ་ཞེས་པ་ནས་ཚིག་གཅིག་ལ་དངོས་མེད་ཅེས་པའི་བར་སྡུད་དོ། །ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་ངོ་མཚར་ལས་རྟགས་འདུལ་བ་སྐུ་མཛད་པ་བཅུ་གཉིས། གསུང་ཐེག་པ་སྣ་ཚོགས། ཐུགས་ཀྱི་ཡོན་ཏན་མངོན་ཤེས། ཞིང་ཁམས་བསམ་གྱིས་མི་ཁྱབ་པར་སྣང་བ། བཞིའི་དེ་བཞིན་གཤེགས་པ་རིལ་འགྲོ་བ་ལྔའི་ཞིང་ཁམས་དང་། དོན། མཛད་སྤྱོད་དུ་བཅས་པར་སྣང་བ་ནི། གཞན་ན་མེད་དེ། རང་རིག་པ་དེ་ཉིད་ལ་འབྲས་བུ་ལྷུན་གྱིས་གྲུབ་པའི་རྩལ་དེ་ལྟར་དུ་སྣང་བ་ཡིན་ནོ། །དེ་ལ་ཡ་ཀི་ན་འཐོན་ནས་ཞེས་པ་ནས་སྟོན་པའི་མཐར་ཐུག་གོ་ཞེས་པའི་བར་སྡུད་དོ། །གནས་སྐབས་ཀྱི་ངོ་བོ་དེ་བའི་སྣང་བ་དང་གདུལ་བྱའི་སྣང་བ་གཉིས་ཁོ་ནའོ། །ལེའུའི་སྟོད་དུ་ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་༡དང་། སྨད་དུ་དེ་༡པ་ཐམས་ཅད་ཀྱི་ངོ་བོ་ཀུན་བཟང་གི་གསུངས་པ་ཡང་བསྡུས་ཚིགས་དེ་དག་༡༡ཏུ་འདུལ་པ་འཁོར་གྱིས་དེ་པ་ཉིད་ཀྱིས་མཁྱེན་ནོ། །ཞེས་བྱ་བ་ནི། གོང་དུ་འདས་མ་ཐག་པ་ཉིད་དུ་རྒྱས་པར་བཤད་པས་གོ་སླ་སྟེ། བསྡུ་བའི་ཚིགས་དེ་དག་ལེའུ་སྟོན་སྨད་རིལ་འདུས་པར་གོ་སླའོ། །ཀ་ཆོས་ཐམས་ཅད་གཏན་ཁ་ལ་ཕབ་པ་ཞེས་བྱ་བ་ནི། འདུལ་བ་མདོ་སྡེ་ལ་སོགས་པ་ཐེག་ཀ་པ་དགུའི་ཆོས་རིལ་ཐམས་ཅད་གསང་ཁ་བའི་སྙིང་པོའི་རྒྱུ་རྐྱེན་ཚང་བའི་བྱིན་བརླབས་ཀྱིས་གཏན་ལ་ཕབ་པ་ལ། ལེའུའི་སྨད་དུ་འཁོར་འདས་ཀྱི་དངོས་པོ་གཉིས་ཀྱིས་བསྡུས་པའི་རིལ་འཁྲུལ་པ་དང་གདུལ་བྱའི་སྣང་ཁ་བ་གཉིས་ལས་ཀྱང་འདས་ཏེ། རང་བཞིན་གྱི་སྣང་བ་གཅིག་ཁོ་ནར་གཏན་ཚིགས་སྔ་མ་གསུམ་གྱིས་གཏན་ལ་ཕབ་པ་ཞེས་བྱ་ཁོ་ནའོ། །ལེའུ་གསུམ་པ་བཤད་པའོ།། །།དེ་ནས་དེ་པ་ཐམས་ཅད་༼༠༽དགོངས་པ་གཅིག་ཏུ་གྱུར་ནས། ཞེས་བྱ་བ་ནི་༡དྲུག་པའི་དེབཞིན་གཤེགས་པ་ནི། དགོངས་པ་གཅིག་དང་དུ་མར་བྲལ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་དུའང་འགལ་བ་མེད་དེ། དེ་ཉིད་གསུང་ལྔ་ལྷུན་གྱིས་གྲུབ་པར་རང་སྣང་བ་ལས་མི་གཡོ་བ་ནི། དགོངས་པ་སྟེ་གཅིག་ཏུ་གྱུར་ནས་ཞེས་པ་ནི་གདུལ་བྱའི་སྣང་བའོ། །དེ་ཉིད་རྒྱས་པར་བསྟན་༼༠༽པའི་ཕྱིར། མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཞེས་བྱ་བ་ནི། སྣང་སྟོང་གཉིས་སུ་མེད་པ་ནི། ར་མཉམ་པ། བདེན་པ་གཉིས་ཀྱི་དོན་ནི་དོན་དམ་སྐྱེ་མེད་དུ་དང་ཀུན་རྫོབ་སྒྱུ་མར་མཉམ་པ་ལས་ལྟོས་པ་སྟེ། ས་ན་ཆེན་པོ། དེའི་ཚུལ་ལམ་ངོ་བོ་ཉིད་ནི་ཀུན་རྫོབ་དོན་དམ་གྱི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་རིལ་སེམས་ཉིད་དུ་དབྱེར་མི་ཕྱེད་པས་རྡོ་རྗེ། མ་སྐྱེས་པ་ནིའི་དབྱིངས། ཆོས་ཐམས་ཅད་ཡེ་གདོད་མ་ནས་སྐུ་དང་ཡེ་ཤེས་སུ་གསལ་བར་རང་སྣང་བ་ཉིད། དྲུག་པའི་སངས་རྒྱས་ངོ་བོ་སྟེ། བསྒོམ་བྱ་སྒོམ་བྱེད་ལས་འདས་པས། ཏིང་ངེ་འཛིན་ལམ་མི་གཡོ་བར་ཞེས་བྱ་བ་ཁོ་ནའོ། །ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བ་འཁོར་ལོ་ཞེས་བྱ་བ་ནི། ཕྱི་ནང་གི་དངོས་པོ་ཆོས་རྣམས་ཐམས་ཅད་ནི་ངོ་བོ་ཉིད་རང་རྒྱུད་དུ་མེད་༡པ་ཁོ་ནའི་ཕྱིར། མིང་ཙམ་ཧཱུྃ་དུ་གནས་པ་ལས་༡དེའི་མཐའ་ཡི་གེ་ཁོ་ནའོ། །འི་ཕྱིར་ཡི་གེའི་ཕྲེང་བའི་རྒྱུན་མ་ཆད་པ་ཉིད་གསུང་གི་དཀྱིལ་འཁོར་ཏེ། སྐུ་ལ་སོགས་པའི་ཐུགས་ཡོན་ཏན་ཕྲིན་ལས་བཞི་ཡང་ལྷུན་གྱིས་གྲུབ་པའི་རྡོ་རྗེ་དེའི་གཞི་ལས་རང་སྣང་བའོ། །ས་ཕྱུང་། ཕྱུང་ཁ་དེ་དག་ནི་འདི་ཡིན་ཏེ། ཨ་ཀ་ཁ་ག་གྷ་ང་ཞེས་བྱ་བ་ནི། ཡི་གེ་དེ་དག་སྔོན་བྱུང་དུས་ཀ༽སྟོན་པའི་ཐུགས་རྗེ་རྗེས་འཇུག་ཏུ་ལམ་པའི་སེམས་ཁ༽ཉིད་དུ་རང་སྣང་བ་ནི། འབྱུང་བའི་གནས་ཀ༽དང་སྒྲས་བརྗོད་པའི་ཁ༽རྐྱེན་ནི། ཨ་ནི་ལྟེ་བར་གནས་ཏེ། ཁུང་ནས་འབྱུང་ལ་དེའི་འོད་ཟེར་མགུལ་དུ་འཕྲོས་པས་ཀ་ཁ་ག་གྷ་ང་ལྔ་། དང་ལྗགས་ཀྱི་དཀྱིལ་དང་དུ་འཕྲོས་པས་ཙ་ཚ་ཛ་ཛྙཱ་ཉ་ལྔ་། ལྕེའི་རྩེ་མོ་དང་ར་ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན་བཅུ། ཞལ་གྱི་སྒྲོས་དང་ལ་པ་ཕ་བ་བྷ་མ་ལྔ་ལུས་སྤྱི་ལ་བསགས་ཏེ་ལ་བྱིན་པའམ། སྨིན་མ་ཝ་སྐེད་པར་ར་སྟ་ཟུར་ལ་སོགས་པའོ། །སྟེ། ལ་དཔུང་པ། ཤ་ཕྱག་མཐིལ། ཋ་གསང་གནས། ས་ལྟེ་བ། ཧ་ཞབས་མཐིལ། ཀྵ་ཐུགས་ཀ ། ཨཱི་ཨཱི་གཉིས་སྤྱན་གཉིས། ཨུ་ཨཱུ་སྙན་གཉིས། ཨེ་ཨཻ་ཤངས་གཉིས། ཨོ་ཚེམས། ༀ་སྤྱི་གཙུག །དེ་དག་ཀྱང་འདུལ་བྱའི་སྣང་བས་གཉིས་སུ་འགྱུར་ཏེ། ཐལ་བའི་རྒྱུད་ལས། སེམས་རང་སྣང་བ་སྐུའི་འམ་ལུས་ཀྱིས་འཁོར་ལོ་བཞི་པ་ལས། །རྒྱུ་རང་བཞིན་གསུང་གི་དཀྱིལ་འཁོར་ཉིད། །ཐིག་ལེ་ཡི་གེའི་དབྱིབས་སུ་གནས་པ་ཨ་ལི་ཀ་ལི་དེ། སྒྲ་ཡིག་གཡས་དང་དབྱངས་ཡིག་གཡོན་གྱིས་དབྱེ་བ་ཡིས། །ཨ་ཀ་ཙ་ཊ་པ་ཡ་ཧའི་སྡེ་ཚན་བརྒྱད་ཀྱི་ཡི་གེ་དང་བྱེད་པ་དང་། །འི་ཡི་གེ་ཀྵ། ཀུན་ལ་ཁྱབ་པར་འཇུག་པ་གྷོ་ཤད་ཏིག་གསུམ་ཡང་དེ་བཞིན་ཏུ། །ལུས་ལ་རིམ་པར་བཀོད་པར་ཡི་གེ་དི་སྒྲ་རང་སྣང་བས། །འཇིག་རྟེན་ལས་འདས་པ་དང་མ་འདས་པའི། །ས་འཇིག་རྟེན་པ། ཅི་ལྟར་མོས་པ་ལྟར་ཅི་སྙེད་བསྒྱུར་བའི་སྒྲ་རྣམས་འབྱུང་། །ཡི་གེ་ཞེ་ལྔ་ཉིད་རྒྱལ་བ་བཞི་བཅུ་རྩ་གཉིས་སྐུ་གསུང་ཐུགས་གསུམ་དང་རྩ་ལྔའི། །ངོ་བོ་ཉིད་དུའང་ངེས་པ་ཡིན་པས་ན། །ཡན་ལག་གི་ལྷ་ཁུ་བ་བྱང་སེམས་ཀྱི་སྣོད་གཟུགས་དག་གི། །དེ་པའི་སྐུ་གསུང་ཐུགས་གསུམ་དང་ཡོན་ཏན་ལྔར། །སྣང་བའི་འབྲས་བུ་གཞན་ནས་མ་བརྩལ་བར་ལྷུན་གྱིས་གྲུབ་པའོ། །ཞེས་གསུངས་སོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམས་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས་ནས། ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །ཞེས་བྱ་བ་ནི་ཡི་གེའི་འདི་དག་ཕྱུངས་པ་མཐུས་ཆོ་འཕྲུལ་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཤར་མཐོ་ན་ནུབ་དམའ་བ་ལ་སོགས། རྣམ་པ་དྲུག་ཏུ་གཡོས་པ་ལ་སོགས་སྣང་ལ་གོང་བུ་བཤད་ཧཱུཾ་པ་བཞིན་འཁོར་འདས་ཀྱི་དངོས་པོ་རིལ་ཆོས་ཐམས་ཅད་མིང་གི་བྱེ་བྲག་དང་ཡི་གེ་ཁོ་ནའི་ཕྱིར་དེའི་ངོ་བོ་རང་རྒྱུད་དུ་བསྟན་དུ་མེད་པར་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །ཞེས་བློ་ལ་སྣང་ངོ་། །གཞན་ཡང་ནང་ལྟར་འོག་ནས་འཆད་༼༠༠༽པ་བཞིན་དུ་ལྟེ་བ་སྤྲུལ་པའི་འཁོར་ལོ་གསལ་བར་གྱུར་པའི་དུས་སུ། ལུས་ཀ༽ཀྱི་ཕྱོགས་བཞི་སྟེང་འོག་གི་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་དངོས་པོའི་རིལ་བདེ་བར་གཡོ་ཞིང་དེས་མཚོན་པའི་ཐིག་ལེ་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་མིང་གི་མཚན་ཉིད་ཀྱིས་བསྡུས་པ་ཙམ་ཏེ་ལུས་སྒྱུ་མར་མངོན་དུ་གྱུར་པ་ཁོ་ནའོ། །ཨ་རབ་ཏུ་བརྟན་གྱུར་ཨ་དཀར་ལས། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོས། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟེན། །ཞེས་བྱ་བ་ནི་ལམ་བསྒོམ་པ་བསྐྱེད་རྫོགས་ཏིང་ངེ་འཛིན་གྱི་དབང་དུ་གསུངས་ཏེ། ཨ་ནི་ཨའོ། །དཀར་བ་ནི་བྱང་ཆུབ་སེམས་ཀྱི་ངོ་ལ་ཉེས་སྐྱོན་གྱིས་མ་གོས་པའི་ཕྱིར་རོ། །བསྒོམ་པའི་གནས་ནི་ཕྱི་བསྐྱེད་པའི་རིམ་པ་ལ་ངེས་པར་སྙིང་ཁ་ར་བསྒོམ་སྟེ་ཏིང་ངེ་འཛིན་ནྲྀ་མིག་གིས་བལྟར་ཡོད་པ་ལྟར། བརྟན་པར་གྱུར་ནས་དེ་ལ་ཤིན་ཏུ་ཕྲ་བའི་ཨ་དཔག་མེད་རྣམས་ཕར་སྤྲོ་ལ། དེས་ཁམས་གསུམ་གྱི་རིལ་ཐམས་ཅད་བྱང་སེམས་ཀྱི་ངོ་བོ་ཉིད་དུ་བྱིན་གྱིས་བརླབས་བརླབས་པར་སྣང་ངོ་། །སྟེང་སྒོ་རྫོགས་༼༠༠༽པའི་རིམ་པ་ལ་ནི། ཨ་ལྟེ་བ་སྤྲུལ་པའི་འཁོར་ལོ་ཉིད་དུ་བསྒོམ་སྟེ་སྤྲོ་བསྡུའི་ཏིང་ངེ་འཛིན་བསྒོམ་ལུགས་རྗེས་སུ་མཐུན་པའི་ལུས་ཀྱི་ཕྱོགས་བཅུ་མ་ལུས་པའི་བདེ་བ་ཆེན་པོ་བསྐྱེད་དེ། བདེ་བ་བསྡུ་བའི་འཕེལ་འགྲིབ་ལས་འདས་པ་ནི་བདེ་བ་ཡེ་ཤེས་བརྟེན་པར་འབྱུང་འདི་ནི་རྡོ་རྗེའི་ལྟ་བུ། དངོས་གྲུབ་ཀྱི་ངོ་བོ་ཉིད་དང་བདེ་བའི་ངོ་བོ་བསྐྱེད་པས་ཉེ་བར་ལེན་པའི་རྒྱུའོ། །ཡིན་ནོ། །དེ་༼༠༽བཞིན་༼༠༽དུ་ཀ་ལ་སོགས་པ་ཡི་གེ་ཀུན་ལ་ཡང་། འཇུག་པ་ནི། བཞི་བཅུ་རྩ་གཉིས་ཡོངས་སུ་རྫོགས་པའི་༼༠༽རྒྱུའི་ཡིན་པ་ཕྱིར་ཨ་དེ་ལས་༼༠༠༽ཀ་ལ་སོགས་པ་ཡི་གེའི་མིང་ཚོགས་བཞི་བཅུ་རྩ་གཉིས་ཁ་དོག་གསལ་ཞིང་འོད་ཟེར་འབར་བ་ཀུན། ཀུན་ཀྱང་སྥ་ར་ཎི་ཕཊ་ཀྱིས་སྤྲོ་༼༠༽ཞིང་སཾ་ཧ་ར་ཎ་ཧཱུྃ་གིས་བསྡུ་བའང་ཨ་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་གསུངས་སོ། །ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཞེས་བྱ་བ་སོགས་པ་ནི། ལྟེ་བ་ཨའི་རང་བཞིན་ནི་ཡེ་ནས་སྟོང་པར་གནས་པའི་དེ། རྩལ་ཅིར་ཡང་སྣང་བའི་༡ ཕྱིར་མི་སྟོང་པར་རང་རང་གི་དབྱིབས་དང་ཁ་དོག་ཉིད་ཞེན་ཆགས་དང་བྲལ་བ་བདེ་བ་ཆེན་པོའི་ཡེ་ཤེས་སུ་གསལ་བས་༡དབུ་མར་ཡང་བརྗོད་དུ་མེད་པའི་ཕྱིར་ཡོད་མེད་དབུ་མའི་མཐའ་གསུམ་༼༡༡༡༽ལས་འདས་ཏེ་དམིགས་སུ་ཡོད་པ་མ་ཡིན་པས་ན་ཆོས་ཀྱི་སྐུ་ཁོ་ནའོ། །མཐའ་གསུམ་ལས་འདས་པ་དཔེར་ན་ཨ་དེ་ཉིད་རང་སྣང་བའི་ཡི་གེ་ཞེས་གཉིས་ཐམས་ཅད་ཀུན་དང་ཡི་གེ་དཔེ་མཚོན་པའི་དངོས་པོ་མིང་ཙམ་གྱི་རིལ་ཡང་མཐའ་གསུམ་ལ་འདས་པར་རྗེས་སུ་མཐུན་པར་ཤེས་ན་སངས་རྒྱས་ཀུན། ཀྱི་ཆོས་སྐུ་གཞན་ན་མེད་པའོ། །དེ་ཡི་གེ་ཕྲེང་བ་དེ་ཉིད་ལ་གནས་ཞེས་བྱའོ། །ལོངས་སྤྱོད་ཀྱི་སྐུ་བསྟན་པའི་ཕྱིར། ཨ་ཉིད་སྣ་ཚོགས་པར་སྣང་བས། ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲའི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་གསུངས་ཏེ། ལྟེ་བའི་ཨའི་བདེ་བ་མ་འགག་པའི། དེ་ཉིད་ཐིག་ལེ་སྣ་ཚོགས་པར་སྣང་བ། ངོ་བོ་ཀ་ལ་སོགས་པ་ཡི་གེ་བཞི་བཅུ་རྩ་གཉིས་སུ་མ་རང་འགག་པར་སྣང་བའི་ཕྱིར་རྟ་རྔ་བརྒྱ་ཤས་ཀྱི་སྒྲའི་མིང་གི་ཡེ་ཤེས་སྐད་ཅིག་མའི་བདེ་བ་ཅི་ལྟ་བར། ཕུང་པོ་ལ་སོགས་པའི་རྟོག་པ་རིལ་ཐམས་ཅད་དེ་ལྟར་བདེ་བར་བསྡུས་ཏེ། མངའ་མཛད་པས་ན་མངོན་རྫོགས་རྒྱལ་པོ་ལོངས་སྤྱོད་རྫོགས་པའི་སྐུ་ར་ཐིག་ལེའི་ཡི་གེ་དེ་ཉིད་ཡིན་པར་ངེས་པ་ཁོ་ནའོ། །ཡེ་མའོ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་བྱ་བ་ནི་སྤྲུལ་པའི་སྐུ་སྟོན་ཏེ། ཨེ་མའོ་ཞེས་པ་ཡི་གེའི། མིང་༡དང་གསུང་ངོ་མཚར་ཅེས་པ་ལས་༡དང་། ཡ་མཚན་ཞེས་པ་རང་བཞིན་༡ཐུགས་ལ་ངོམ་པ་གསུམ་༼༡༡༡༽མོ་སྟེ་སྦྱིར་འགྲོ། འཕྲུལ་ཆེན་ཡི་གེའི་བཞི་བཅུ་རྩ་ལྔ་མིང་རྣམས་ཀྱི་ནི་ཐ་སྙད་མ་ལུས་པ་ཚིག་ཐམས་ཅད་བསྡུས་ལ་པས་འཛིན་པའི་གནས་ཚིག་གི་ཐ་སྙད་མ་ལུས་པ་སྣ་ཚོགས་ཀྱི་དོན་ཆེན་པོ་བརྡ་སྤྲོད་ཅིང་སྨྲ་ཞིང་སྟོན་པས་ན་མིང་གི་ལས་ཡིན་ཏེ་སྤྲུལ་སྐུའི་གསུང་ཁོ་ནའོ། །ག༽དངོས་མེད་ཡི་ཁ༽གེའི་རང་བཞིན་སེམས། །བདག་ང༽མེད་མཐའ་བྲལ་མི་དམིགས་ཀྱང་། །ཞེས་བྱ་བ་ནི། ཀ༽སེམས་ཉིད་༼༠༽དངོས་མེད་ཡི་གེའི་རང་བཞིན་དུ་རང་སྣང་བའི་ཕྱིར་སེམས་ཉིད་བདེ་བ་ཆེན་པོའི་རིགས་པ་ལས་བདག་གཞན་གཉིས་སུ་མེད་པས་ཡོད་མེད་དབུ་མའི་མཐའ་༼༡༡༡༽གསུམ་ལས་འདས་པའི་ཕྱིར་དམིགས་པའི་ཡུལ་དང་བྲལ་བས་མི་དམིགས་པའི་རང་བཞིན་སྤྲུལ་པའི་ཐུགས་ཁོ་ནའོ། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱིས། །རོལ་པ་ཅིར་ཡང་སྟོན་ཅིང་སྤྲུལ། །ཞེས་བྱ་བ་ནི། ཀྱང་གི་སྒྲས་ཡི་གེའི་རང་བཞིན་ཐུགས་དེ་ལྟ་བུའི་ཡིན་པ་ཕྱིར་སེམས་ཉིད་དེ། ཡི་གེ་འིདབྱིབས་དང་ཁ་དོག་དང་། མིང་དང་ཚིག་ཚོགས་ཀྱི་རོལ་པ། དེ་ལས་ཨ༽ འཁོར་བའི་ཕུང་པོ་ལྔ་དང་འདས་པའི་རིགས་ལ་སོགས་པས་ཅིར་ཡང་སྤྲུལ་ཅིང་སྟོན་པས་ཐམས་ཅད་དུ་སྣང་ཞིང་། ཀུན་ཏུ་གྱུར་པས་ན། སྤྲུལ་པའི། སྐུའི་ལས་ཁོ་ནའོ། །བཤད་པའི་སྐུ་གསུང་ཐུགས་གསུམ་པོ་དེ་དག་ཡོངས་སུ་རྫོགས་པའི་ཕྱིར། ཕྱོགས་བཅུ་དུས་བཞིར་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཛད་པའི་སྔོན་དུ་ཡེ་ཤེས་འགྲོ་བ་སེམས་དཔའ་སྐུ་འི་གསུང་གི་ཐུགས་ཀྱི་དཀྱིལ་༡༡༡ འཁོར་བཞི་བཅུ་རྩ་ལྔ་ས་ཕྲག་གསུམ་པོ་ཉིད། ཡི་གེ་འི་འགོ་བེ་རྒ་རིལ་ནས་ཀྵ་ཡན་ཆད་ལ་རྫོགས། །ཞེས་གསུངས་སོ། ༈ །སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེའི་དངོས་པོ་ཡོད་མ་ཡིན། །ཞེས་བྱ་བ་ནི། སེམས་རྣམ་ཤེས་ཚོགས་བརྒྱད་ཀྱི་དེ་བཞིན་ཡི་གེར་གནས་པ་སྟེ། དེ་ཡང་སེམས་ཀུན་གཞི་དང་ཉོན་ཡིད་དང་ཡིད་ཀྱི་རྣམ་ཤེས་དང་། ཡུལ་ལྔ་ལ་འཇུག་པའི་རྣམ་པར་ཤེས་པ་དང་བཞིའི་རང་བཞིན་ནི་ལྟེ་བར་གནས་པ་ཨ་ལ་སོགས་པ་མགྲིན་པར་ཨའམ་ཏིག །སྙིང་གར་ཧཱུྃའམ་མགོ། སྤྱི་བོར་ཧེཾའམ་ཤད་སྡེ་ཡི་གེ་བཞིར་ངེས་པར་གནས་ལ་ཡི་གེ་དེ་དག་རེ་རེའི་རྩལ་ཡང་ཡི་གེ་དུ་མར་སྣང་བས། ཡི་གེའི་དངོས་པོ་ངོ་བོ་ཉིད་ནི་གཅིག་ཏུ་རྫས་གྲུབ་ཏུ་ཡོད་པ་མ་ཡིན་པས། དེ་བསག་གིས་དུ་མ་ཡང་མེད་གཅིག་དང་དུ་མ་མེད་པ་ཁོ་ནའོ། །སེམས་ཡི་གེར་སྣང་བ་དེ་ལྟ་བས་ན་སེམས་ཀྱི་ངོ་བོ་ཡི་གེ་རྣམས་ནི། སུ་སྣང་བ་སྣང་སྟོང་གཉིས་སུ་མེད་པའི་ཕྱིར། དམིགས་པའི་ཡུལ་དང་བྲལ་བས་དམིགས་མེད་རང་རིག་པ་ཁོ་ན་སྟེ། ཡིན་དེ་ཉིད་སྣ་ཚོགས་པའི་སྐུ་གསུང་ཐུགས་ཀྱི། ཧཱུྃ་དཀྱིལ་འཁོར་སོགས་པ་གང་དུའང་མི་འགགས་པར་སྣང་བའི་ཕྱིར། ཆེ་ཞེས་བྱའོ། །དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེ། །ཞེས་གསུངས་སོ། །ཀ༽སྐུ་༡༽གསུང་ཐུགས་ནི་ངོ་༡༽མཚར་གྱི། ཡ་མཚན་༠༠༽འཕྲུལ་ཆེར་རབ་འགུག་པ། ཁ༽དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཞེས་བྱ་བ་ནི། བྱེད་པའི་ཀ༽ལས་དང་འགྲུབ་པའི་ཁ༽རྒྱུའི་མིང་དོན་ལ་བརྟགས་པ་སྟེ། བཤད་ཀ༽པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི་ངོ་མཚར་གྱི་ཡ་མཚན་འཕྲུལ་ཆེན་གྱི་རིལ་རང་རིག་པའི་མངོན་སུམ་དུ་རབ་ཏུ་འགུག་པའམ་སྟོན་པའི་ཡི་གེ་ཉིད། ཚུལ་ཁ༽ཅི་ལྟར་དུ་རང་སྣང་ཞེ་ན། གང་ཕུང་པོ་ལྔ་ལ་སོགས་པའི་རྟོག་ཚོགས་ཐམས་ཅད་སེམས་ཉིད་ཀྱི་ངོ་བོ་དབྱིངས་ལས་མི་གཞན་པ་ནི། སྒྲའི་གནས་བརྒྱད་ཀྱི་གསུམ་པ་བྱེད་པའི་ལས་ཤིང་ལ་ལྟ་རེས་རྒྱོབ་བྱས་པ་ལྟ་བུ་ཁོ་ནར་གྱུར་ལ་ཕུང་སོགས་༡དེ་དག་ཉིད་རང་སྣང་བའི་སེམས་ཉིད་བདེ་བ་ཆེན་པོའི་དབྱིངས་ཀྱི་ངང་ལ་ནི། ལས་ཀྱིས་སྐབས་སུ་བཤད་ཨ་ཧཱུཾ་པ་བཞིན་དུ་ཕུང་པོ་ལྔ་ལ་སོགས་པ་སྣ་ཚོགས་སུ་ཡང་གསལ་བའི་ཕྱིར། བྲིས་པ་སྟེ་སྒྲས་གནས་གཉིས་ཤིང་གི་གླང་ཆེན་སྒྱིལ་བྱས་པ་ལྟ་བུ་པ་ལས་ཀྱིས་ས་སྟེ། དེ་ཡང་ལ་ཡི་གེར་རང་སྣང་བས་རྒྱུ་རྐྱེན་གཞན་གྱིས་བྱས་པར་ཐལ་བ་མེད་དོ། །དེ་རང་སྣང་བ་དེའི་ཕྱིར་ཡི་གེ་ཞེས་ནི་བརྗོད། འགོ་ནི་མ་ནོར་ལམ་ཡིན་ཏེ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཅེས་བྱ་བ་ནི་རིམ་པ་བཟློག་སྟེ། རྟོག་པ་ནི་སྦྱངས་གཞི་ལུས་ཀར་དག་པ་དོན་ཐབས་ཆེན་ཀྱི་ངོ་བོ་ལྷ་ནི་སྐུ་སྟེ། རྡོ་རྗེ་རྣམ་སྣང་། ལས་ན་ིདེ་ཉིད་ཡི་གེ་རྣམས་ཚིགས་སུ་གཅོད་པའི་ཡི་གེ་ནང་དུ་སྣང་ངོ་། །ཡི་གེ་ཏིག་ནི་ཚིགས་སྡེ་དེ་དག་གི་ལས་ནི་བྱེ་བྲག་ཏུ་ཕྱེས་ནས་མིང་དུ་སྨྲ་བར་སྟོན་ནས་རྟོགས་པ་ནི་ངག་ཀར་དག་པར་ལྷ་ནི་གསུང་རྡོ་རྗེ་སྣང་མཐའ་སྟེ་དོན་ཤེས་རབ་བོད་དང་ཀྱོག་ཡི་གེ་ན་མགོ་རི་སྦྲུལ་འཁྱུག་པ་ལྟ་བུས་ལས་ནི་ཡི་གེ་ཐམས་ཅད་ཀྱི་འགོ་འདྲེན་པ་ཉིད་རྟོག་པ་ཡིད་དཀར་དག་པ་ལྷ་ནི་ཐུགས་རྡོ་རྗེ་མི་བསྐྱོད་པ་ཉིད་ཡིན་པས་དོན་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་གཉིས་སུ་མེད་པ་སྟེ། ཡང་དག་པའི་མ་ནོར་བ་ལམ་ཡིན་ཏེ་ཞེས་བྱའོ། །ཁ༽ཨ་ནི་ཀ༽ སྐྱེ་མེད་དེ་བཞིན་ག༽ཉིད། །ཅེས་བྱ་བ་ནི། རྟོག་པ་ཆོས་ཀ༽འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་རིལ་དོན་སེམས་ཉིད་པས་དེ་ན་སོ་སོར་མ་སྐྱེས་པའི་སྐྱེ་མེད་ནི་མིང་གི་བླ་དག་ཏུ་དེ་བཞིན་ཉིད་ཅེས་གསུངས་ཏེ། དེ་ཉིད་ངེས་པར་ཡི་གེ་ཨར་སྣང་བ་སྟེ། དེའི་ཕྱིར་ཆོས་ཁམས་ཐམས་ཅད་ཀྱང་སེམས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པས་ལྷ་ཀུན་ཏུ་བཟང་མོ་ཞེས་བྱའོ། །ཆོས་དབྱིངས་གང་དུ་ཡང་མ་ངེས་པས་ཆོས་ཐམས་ཅད་དུ་སྣང་བ་ས་ཀུན་གྱི་གྷོར་བཞག་པ་ཁོ་ནའོ། །ཐ་ན་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཅེས་བྱ་བ་ལ་སོགས་པ་ལྔ་ནི། ལོག་རྟོག་གིས་རྒྱུ་རྐྱེན་འདུས་ནས་སྣང་བས་ལྔ་ཕུང་སྒྱུ་མ་ལྟ་བུའི་རྟོག་པ་དེ་དོན། སེམས་ཉིད་ཡིན་པས་ཡེ་ཤེས་སུ་རང་སྣང་བ་ནི། དོན་དམ་པར་དམིགས་པ་མེད་པར་ཀུན་རྫོབ་ཏུ་སྣ་ཚོགས་སུ་སྣང་བའི་ཕྱིར་འཕྲུལ་ཞེས་བྱ་གནས་སྐབས་ཀྱི་ཡི་གེ་ཊ་ཋ་ཌ་ཌྷ་ཎ། ལྔ་སྟེ། དེ་དག་ལ་ལྷ་རྡོ་རྗེ་སེམས་དཔའ་ལ་སོགས་པར་སྣང་བའི་ཡིད་ནི་རྣམ་དག་ཀུན་ཏུ་རིགས་ལྔ་ཡང་ཐ་སྙད་དུ་ཉིད་འདོགས་སོ། །ཁ༽ཐ་ནི་དྲྭ་བས་མངོན་རྫོགས་ཉིད། །ཅེས་བྱ་བ་ལ་སོགས་པ་ནི། འཁྲུལ་གཞིའི་ནང་གི་དྭངས་མ་ཡེ་ཤེས་ཀྱི་འབྱུང་བ་ལྔ་ནི། ཕྱི་རོལ་ཀུན་བརྟགས་ཀྱི་འབྱུང་བ་ལྔ་པོ་སྟེ། དེའང་མངོན་རྫོགས་ནམ་མཁའ་ལ་སོགས་པ་བརྟེན་པས་ལྷ་མེ་མོ། ཁྲེལ་ས་ཆུ་རླུང་། ཀུན་ཏུ་སྣང་ཞིང་འབྱུང་བ་ལྔའི་རིལ་ཡང་སེམས་ཉིད་དུ་ཐ་མི་དད་པར་བསྡུས་པས་ན་དྲང་བས་༢ཐམས་ཅད་སེམས་༡ཉིད་དུ་༣རང་སྣང་བ་ནི་ཡི་གེ་ཏ་ཐ་ད་དྷ་ན་ལྔ་སྟེ། ལྷ་ཀུན་མོ་ལ་སོགས་པ་ཡུམ་ལྔ་པོ་ཉིད་ཁོ་ནའོ། །ཞེས་བྱའོ། །ཀ་ཁ༽ནི་སྤྱན་ཀ༽གྱི་ཐུགས་ག༽ཀྱི་མཆོག །ཞེས་བྱ་བ་ལ་སོགས་པ་ནི། རྟོགས་པ་སྤྱན་གྱི་སྙན་གྱི་ཤངས་ཀྱི་ལྗགས་ཀྱིས་རྣམ་པར་ཤེས་པ་བཞི་པོ་ནི། རིག་པ་ཁོ་ནའི་ཕྱིར་ཐུང་སྟེ། ཀྱི་ཅེས་བྱ། ༡དེའི་ཕྱིར་ཐུགས་ཡེ་ཤེས་དེ་ཉིད་ཡི་གེ་ཀ་ཁ་ག་གྷ་ང་བཞི་པོ་དེ་ཉིད་ལྷ་མཆོག་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དང་བཞིའོ། །ང་ནི་ཐུགས་ཀྱང་འཇིགས་བྱེད་པའོ། །ཞེས་བྱ་བ་ནི། རྟོགས་པ་ཕྱི་ལྟར་ལུས་ཀྱི་འབྲས་བུ་ཤེས་པའི་ངོ་བོ་ནང་ལྟར་གསང་བའི་རྣམ་པར་ཤེས་པའི་ལས་ཀྱིས་ཐུགས་ཀྱི་རྣམ་ཤེས་བཞི་པོ་དེ་དག་ལ་ཡང་མི་གནས་པར་ཏེ་འཇིགས་བྱེད་པའི་ཕྱིར། ཁྲོ་བོ་སྟེ་ཡི་གེ་ང་ནི་ལྷ་གཤིན་རྗེ་གཤེད་པོ་ཞེས་བྱའོ། །ཙ་ཁ༽ནི་སྤྱན་ཀ༽གྱི་སྐུའི་མཆོག་ག༽ །ཞེས་བྱ་བ་ལ་སོགས་པ་ནི། སེམས་ཉིད་ཡི་གེ་ཙ་ཚ་ཛ་ཛྷ་ཉ་ནི་གོང་དུ་བཤད་པ་བཞིན་ཡིན་པས་ལྷ་མཆོག་ལཱ་སྱ་ལ་སོགས་པ་གཱིརྟི་མ་ལེ་ནཱིརྟི་བཞིའོ། །ཉ་ཁ༽ནི་སྐུ་ཡང་ག༽འཇིགས་བྱེད་པའོ། །ཞེས་བྱ་བ་ནི། ཕྱི་ལྟར་ལུས་ཀྱི་ཡུལ་རེག་བྱ་ནང་ལྟར་གསང་བའི་ཡུལ་པདྨའི་ལས་༼༠༽ཀྱིས་སྐུ་ཡུལ་བཞིར་འཛིན་པ་མི་གནས་ཏེ་འཇིགས་པར་བྱེད་པས་ཁྲོ་བོ། རྗེས་སུ་མཐུན་ཏེ་རང་བཞིན་ཡེ་ཤེས་ཉིད་ཡི་གེར་སྣང་བ་ལྷའི་ངོ་བོ་ཉིད་ནི་གོང་དུ་བཤད་པ་བཞིན་པས་ཡིན། ཡི་གེ་ཉ་ནི་ལྷ་སྟོབས་པོ་ཆེའོ། །པ་ནི་སྤྱན་གྱི། བྱམས་པའི་མཆོག །ཞེས་བྱ་བ་ལ་སོགས་པ་ནི། དབང་པོ་རྣམས་ནི་ཡུལ་དང་ཤེས་པ་རྣམས་ཕྱི་ནང་གི་ཚུལ་གྱིས་བརྡ་སྤྲོད་པས་གསུངས་ཏེ། བཤད་པ་བཞིན་ཡིན་པས་སེམས་ཉིད་ཡི་གེ་པ་ཕ་བ་བྷ་བཞི་ནི་ལྷ་མཆོག་བྱམས་པ་ལ་སོགས་པ་ཁོ་ནའོ། །མ་ནི་གསུང་ཡང་འཇིགས་བྱེད་པའོ། །ཞེས་བྱ་བ་ནི། གསང་བའི་དབང་པོ་སྟེ་རྗེས་སུ་མཐུན་སྟེ་གསུང་དབང་པོར་བཞིར་འཛིན་པ་ཡོང་མི་གནས་ཏེ་འཇིག་པར་བྱེད་པས་ཁྲོ་བོ་དང་རང་བཞིན་ཡེ་ཤེས་ཉིད་ཡི་གེ་མར་སྣང་བ་ནི་ལྷ་རྟ་མགྲིན་ཡིན་པའི་ཕྱིར་རོ། །ཡ་ཁ༽ནི་སྐྱེ་བ་ཀ༽རྣམ་པར་ག༽དག །ཞེས་བྱ་བ་ལ་སོགས་པ་ནི། རྟོག་པ་དུས་བཞི་ཁོ་ན་སྟེ། འདས་པའི་སྐྱེ་བ་གོ་འབྱེད་པ་སྟེ། ད་ལྟར་བ་བསྟོད་པས་གནས་པ་དང་། མ་འོངས་པའི་རྒྱུ་རྐྱེན་འདུས་དགོངས་པའི་ཕྱིར། ད་ལྟ་བས་འཇིགས་པས་མི་རྟགས་པ་ཉིད་འབྱུང་བར་མ་ངེས་པའི་ངོ་བོ་ཉིད་འདི་འདྲར་བསྟན་དུ་མེད་པ་ནི་སྟོང་པ་རྣམས་ནི། མ་ནིང་གི་ཡི་གེ་ཡ་ཝ་ར་ལ་བཞིར་སྣང་སྟེ། དེ་ཉིད་རྣམ་པར་དག་པའི་ལྷའི་སྐུ་དྷུ་པེ་ལ་སོགས་པའོ། །པུཥྤེ་ཨཱ་ལོ་ཀེ་གྷནྡྷེ་ལ་ཁ༽ཤ་ནི་རྟག་ཀ༽མེད་དག་ག༽པ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དབང་པོ་དབང་ཡུལ་དབང་ཤེས་ཀྱི་ཁམས་སུ་འདུས་ནས། ཨོ་ལྟར་སྣང་བའི་དུས་ན། རྟག་ཆད་བདག་མཚན་དུ་འཛིན་པ་འདི་ངང་གིས་སྟོང་པ་ས་མེད་པ་ཉིད་དོ། །ཡིད་ཀྱི་སེམས་དེ་ཡང་ངོ་བོ་ཉིད་མ་གྲུབ་པའི་དབྱིངས་དེ་ཉིད་དྲི་མེད་འབྱུང་བའི་ཡི་གེ་ཤ་ཥ་ས་ཧ་བཞི་སྟེ། དེ་ཉིད་ལྷའི་སྒོ་མ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་བཞིའོ། །ཀྵ་ཁ༽ནི་ཡེ་ཤེས་ག༽ཐུགས་ཀྱི་ཀ༽ཐུགས། ཞེས་བྱ་བ་ནི། རྟོག་པ་ཐུགས་རྣམ་ཤེས་ཀྱི་སྒོ་ལྔའི་ཡུལ་རིལ་ཡང་ཡིད་ཁོ་ནས་གཅོད་པའི་ཕྱིར་ཐུགས་གཉིས་སམ་ཡི་གེ་བརྩེགས་པ་སྟེ། ཡིད་བྱེད་པ་པོ་རང་བྱུང་གི་ཡེ་ཤེས་སུ་ཤར་བ་ནི་རྒྱུ་རྐྱེན་ལ་སོགས་པའི་ཆ་ཤས་ཀྱི་རྟོག་པ་རིལ་ཐམས་ཅད་ཟད་པས་མཐར་ཐད་པའི་ཡི་གེ་ཀྴ་ཡ་ཞེས་བྱ་བ་སྟེ། ཡུལ་ལྔའི་ཆོས་ཐམས་ཅད་ཀྱང་ཡི་རང་བྱུང་ཡེ་ཤེས་སུ་གྲོལ་བ་དེ་བཞིན་དུ་དག་པར་བྱེད་པས་ལྟ་ན་༡ཀུན་ཏུ་བཟང་༡ པོའོ། །ཨེ་ཁ༽ནི་རྡུལ་སྙེད་ཀ༽ལྷ་རྣམས་ག༽སུ། ཞེས་བྱ་བ་ལ་སོགས་པ་ནི། ཐོག་མ་མེད་པ་ཅན་གྱི་ལས་དང་ཉོན་མོངས་གཉིས་ཀྱི་བག་ཆགས་དྲུག་པོ་ནང་རིས་སུ་གྲངས་ལས་འདས་པ འི་སྙེད་ཀྱི་རིལ་ཀུན་ཡང་སེམས་ཉིད་ཁོ་ན་བས་ཡིན། དོན་ཡེ་ཤེས་དྲུག་གི་ངོ་བོ་ཉིད་དུ་གསལ་བ་ནི། རྟགས། ཡི་གེ་ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། དྲུག་ཁོ་ན་སྟེ། ལྟ་བུ་སྣང་། ལྷ་ལ་སོགས་པ་རྣམས་ཀྱི་གནས་སུ་བརྒྱ་བྱིན་ལ་སོགས་པ་ཐུབ་པ་དྲུག་གོ། །ཨོ་ནི་ཐམས་ཅད་འཇིགས་པར་བྱེད། ༀ་ཁ༽ནི་ཐམས་ཅད་བ་ཞིག་པ་ཡིན། །ཞེས་བྱ་བ་ནི། འི་ཡི་གེ་ཨོ། རྟོག་པ་གསང་བའི་ཁམས་སུ་འདུས་པའི་རིག་པ་ཉིད་དུ་བདེ་བ་སྐྱེས་པའི་དུས་ནི། སྐྱེ་མཆེད་བཅུ་གཉིས། ཁམས་དྲུག་དང་། བཅོ་བརྒྱད་རྟག་ཆད་ལ་སོགས་པའི་ཕྱིན་ཅི་ལོག་བཞི་ལ་སོགས་པ་རྟོག་པ་རིལ་ཐམས་ཅད་ཀྱི་མཐུ་འཇིགས་ཅིང་ཉམས་པར་གྱུར་པར་བྱེད་ལ་དེས་ངེས་པར་བཅད་ཅིང་ཉམས་སུ་མྱོང་པའི་དུས་ན་བདེ་བ་ཉིད་དུ་འཛིན་པ་ལས་ཀྱང་འདས་ཏེ། བདེ་བ་ཐམས་ཅད་བདེ་སྟོང་གཉིས་མེད་ཀྱི་ངང་དུ་ཞིག་པ་ཡིན་པས་ཕྱོགས་གཅིག་ཏུ་བརྗོད་པ་དང་བྲལ་བ་ཉིད་ༀ་ཡེ་ཤེས་ལྔ་སྟེ། རྟོག་པའི་བདུད་རྩི་ཡེ་ཤེས་ཀྱི་འཁྱིལ་པ་ཞེས་བྱའོ། །དེ་དག་ཉིད་ཀྱི་ཕྱིར། ཡི་གེ་གསུང་གི་འཁོར་ལོ་ཡི་གེའི་ཚོགས་ཆེན་པོ་འདིས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲེང་བ་ཡི་གེས་བསྡུས་པའོ། །ཞེས་གསུངས་སོ། །དེ་ནས་ལེའུ་དང་པོར་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །ཞེས་བྱ་བ་ནི། ཐབས་ཡབ་དང་ཤེས་རབ་ཡུམ་གྱི་ཉི་ཟླ་སྦྱོར་བ་གཉིས་སུ་མེད་པ་ནི། བྱང་ཆུབ་སེམས་ཞེས་བྱའོ། །བྱང་སེམས་དེ་ཉིད་དགྱེས་པ་ནི་ནམ་མཁའ་སྤྲིན་ལྟ་བུར་ལུས་གནས་རྩིའི་འཁོར་ལོ་བཞི་ལ་སོགས་པ་རྩ་གནས་ཀུན་ལ་ཁྱབ་པ་ཉིད་ཡི་གེའི་ཨཱ་ལི་ཀཱ་ལི་ཚོགས་སུ་རང་སྣང་བས་ཐིག་ལེ་བདེ་སྟོང་འདུས་མ་བྱས་པ་ལས་མ་གཡོས་པར་རང་ལ་གནས་པ་ནི་སྐུ་དང་ཡེ་ཤེས་ཡོངས་སུ་རྫོགས་པའི་རྒྱུ་ཁོ་ན་སྟེ། ལུས་ཀྱི་རྩ་ཁམས་ཐམས་ཅད་ལ་རང་བཞིན་གྱིས་གནས་པའི་ཕྱིར། རང་བཞིན་གསུང་གི་དཀྱིལ་འཁོར་ཏེ་འཁོར་ལོ་ཉིད་དོ། །རྗེས་འཇུག་གི་སྒྲུབ་པ་པོས་ཀྱང་རང་བཞིན་གསུང་གི་དཀྱིལ་འཁོར་རྗེས་སུ་མཐུན་པར་རྒྱུ་མ་ནོར་བ་རྩ་བའི་སྔགས་ལས་གྲོལ་ལམ་སྟེང་སྒོའི་ཏིང་ངེ་འཛིན་ནམ་སྟེང་སྒོའམ་འོག་སྒོ་ཡུམ་ལ་བསྟན་པའི་ཐབས་ཀྱི་སྐུ་ཡེ་ཤེས་ལ་བཀོད་པ་ནིའི་ཐབས་རྐྱེན་ལྷག་པ་ཏིང་ངེ་འཛིན་ཁོ་ནའོ། །ལམ་དེས་འབྲས་བུ་ཅི་ཞིག་འོང་སྙམ་པ་ལ། འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཅུ་གཉིས། འདུས་མ་བྱས་ཉིད་འདུལ་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། ཞེས་བྱ་བ་ནི། ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྨད་དུ་བྱུང་བ་འབྲས་བུ་རྒྱལ་བའི་ངོ་བོར་སྨོན་ཅིང་རང་རིག་པའི་མངོན་སུམ་དུ་གྲུབ་པ་ནི་ངོ་མཚར་བའོ། །དེ་དག་ཡི་གེ་མིང་གི་ཚོགས་ལས་བྱུང་བའི་སངས་རྒྱས་བཞི་བཅུ་རྩ་གཉིས་སོ། །དེ་དག་འདུས་མ་བྱས་པའོ། །ལམ་སས་བསྒྲུབ་པའི་དབང་དུ་དེ་ཉིད་འདུས་བྱས་སུ་བརྗོད་ཀྱང་ཡི་གེ་རང་སྐུ་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་གཞི་ལམ་འབྲས་བུའི་དུས་གསུམ་དུ་དབྱེར་བ་མེད་མི་ཕྱེད་པ་རྡོརྗེའི་དཀྱིལ་འཁོར་དེ་ཉིད་དོ། །མངོན་དུ་འབྱིན་པ་ལས་མི་འདའ་པས་དམ་ཚིག་གི། དོན་ལས་འདའ་བར་མི་མཛད་པས་འབྲས་བུ་མི་འབྱུང་བའི་དབང་མེད་རྒྱུ་རྐྱེན་འཚོགས་པའི་མཐུ་ཆེན་ཡིན། ཞེས་བྱ་བ་ནི་མི་འདའ་བའི་ཕྱིར་དམ་ཚིག་སྟེ། ཡོངས་སུ་རྫོགས་པའི་རྒྱུད་ལ་རང་གནས་ཐབས་ལམ་བསྒོམ་པའི་ལས་སམ་གྲོལ་ལམ་གྱི་ཏིང་ངེ་འཛིན་གྱི་རྐྱེན་གྱིས་ལྷན་ཅིག་འཚོགས་པར་བྱས་པས་འབྲས་བུ་སྨིན་པར་སྣང་བ་ནི། གདུལ་བྱའི་ངོ་ན་སྣང་བ་སྟེ། རང་སྣང་བ་དེ་ཉིད་མཐུ་ཆེན་པོའོ། །ར་གྱུར་པ་ཡིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེའི་འཁོར་ལོར་གྱུར་ཏོ། །ཞེས་བྱ་བ་ནི། དེ་བ་རང་བཞིན་ཉིད་དང་རང་བཞིན་ལྷུན་གྲུབ་གྱི་དཀྱིལ་འཁོར་གཉིས་ཀྱིས་བསྡུས་པའི་རིལ་ཐམས་ཅད་ཡི་གེ་བཞི་བཅུ་རྩ་ལྔར་འདུས་ཤིང་། ཡི་གེའི་འཁོར་ལོ། དེ་དག་ཉིད་ལྷའི་དཀྱིལ་འཁོར་གཉིས་དེའི་ངོ་བོ་བས་གྱུར་ཏོ། །དོན་དེ་ལ་ཚིག་དེ་སྐད་ཅེས་བྱའོ། །ཡི་གེ་ཕྲེང་བའི་འཁོར་ལོ་བཀོད་པའི་ཞེས་བྱ་བ་ནི། ཡི་གེའི་ཕྲེང་བ་གསུང་གི་འཁོར་ལོ་དཀྱིལ་འཁོར་གྱི་ཕྱུང་པའི་རིམ་པ་དང་། སྦྱངས་པའི་བྱེད། ལས་དང་ཀྱིས་ངེས་ཚིག་ཆེ་བའི་ཡོན་ཏན་དང་སྐུ་གསུང་དུ་གནས་པ་དང་། ཡི་གེའི་ངེས་ཚིག་དང་རང་བཞིན། མཚན་ཉིད་དང་། བྱེ་བྲག་བཞི་བཅུ་རྩ་ལྔའི་ངོ་བོ་ཐ་དད་པར་སྣང་བའི་རྣམས་མ་ནོར་བཀོད་པ་ཕྱིར་རོ། །ལེའུ་སྟེ། བཞི་པ་མདོར་བཀྲོལ་བའོ།། །།དེ་ནས་ཡི་གེ་འཁོར་ལོའི་སྤྲིན་བཀོད་པ་ལས། སྒྱུ་འཕྲུལ་རྣམ་པར་འཕྲོ་བ། ཞེས་བྱ་བ་ནི། ལེའུ་བཞི་པར་ཏིང་ངེ་འཛིན་གྱི་གསུང་ཡི་གེ་འཁོར་ལོ་སྤྲིན་བཀོད་པའི་ནུས་མཐུ་ལས་སྒྱུ་འཕྲུལ་ཏེ་ལྷའི་དཀྱིལ་འཁོར་དང་། བསྒོམ་པའི་ལས་དང་། ཐུན་མོང་གིས་དངོས་གྲུབ་དང་གསུམ་ལ་སོགས་པ་སྣང་མཆོག་གི་དངོས་གྲུབ་རྣམ་པར་འཕྲོ་བའི་ཆེད་དུ་བརྗོད་དོ། །ཞེས་བྱ་བ་སྟེ། གདུལ་བྱའི་ངོ་ལ་མ་གྲུབ་ཀྱང་སྣང་བ་ཁོ་ནར་སྟོན་ཏོ། །ཞེས་གསུངས་པའོ། །དེ་ཉིད་ཀྱི་ཕྱིར་བསྐྱེད་པའི་བསྒྲུབ་པ་རིམ་པའི་དབང་དུ་རྒྱུད་ཀྱི་རིམ་པ་སྤངས་ཏེ། མན་ངག་གི་རིམ་པ་འཁྲུག་རྟེན་ལ་འཇུག་པར་བྱའོ། །དེ་ལ་དང་པོ་འབྲས་བུ་བྱང་ཆུབ་གྲུབ་པའི་རྒྱུ་བསྟན་པའི་ཕྱིར་སྟོན་པ་མཆོད་བརྩོན་རྟོགས་པ་གསལ། དམ་ཚིག་སྔགས་དང་ཕྱག་རྒྱ་དང་། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །འགྲུབ་འགྱུར་མི་ལྡན་དོན་མེད་བརླག །ཅེས་གསུངས་ཏེ། སྟོན་པའི་སངས་རྒྱས་ཀྱི་དགོངས་པ། རང་བཞིན་ཅན་གྱི་བླ་མ་རྡོ་རྗེ་སློབ་དཔོན་ཡང་དག་པར་དེ། རང་གི་སྒོ་གསུམ་གུས་པའི་སྒོ་ནས་མཉེས་པ་གསུམ་གྱི་མཆོད་པར་བྱས་ནས། ཕན་ནུས་ཟབ་གསུམ་གྱི་དབང་རྣམས་རིམ་པར་ཐོབ་པར་བྱ་བ་དང་། བརྩོན་འགྲུས་ཀྱིས་བསྒྲུབ་པའི་སྔོན་དུ་བྱ་བའི་སྒོ་གསུམ་གྱི་སྤྱོད་པ་ཡོངས་སུ་སྦྱོང་བ་དང་། འོག་ནས། འཆད་པ་བཞིན་ལྟ་བ་ཡོངས་སུ་དག་པར་རྟོགས་པ་དེ་ཉིད་ཏིང་ངེ་འཛིན་ཏུ་གསལ་བར་བྱ་བ་དང་། རྩ་བ་ལྔ་དང་ལན་ལག་བཅུ་དང་བཅོ་ལྔ་པོ་ལ་སོགས་པའི་སུམ་བརྒྱ་དྲུག་ཅུ་དམ་ཚིག་རྣམས་མ་ཉམས་པར། ཡོངས་སུ་དག་པར་བྱ་བ་དང་། ལྷའི་སྐུ་ཕྱག་རྒྱ་ཆེན་པོ། དང་སྔགས་ཀྱི་ཡན་ལག་ལྔ་པོ་རྣམས་མ་ཉམས་པར་བསྒོམ་བཟླས་ཤེས་ཤིང་། ལྡན་པ་དང་། གནས་ཁང་སུམ་རིམ་དང་བྲོ་གར་ལ་སོགས་པའི་ལོངས་སྤྱོད་ཀྱི་ཡོ་བྱད་བཞི་པོ་དག་དང་ལྡན་ན་འགྲུབ་པར་གྱུར་གྱི། ཚང་བར་མི་ལྡན་པར་བསྒྲུབ་ཀྱང་། དོན་མེད་པས་ན་རིགས་ཆད་པའི་གནས་སུ་གྱུར་པའི་ཕྱིར་བརླག་ཅེས་བྱའོ། །དེ་བས་ན་འགྲུབ་པའི་རྒྱུ་དེ་དག་ངེས་པར་རྗོགས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ལྟ་བ་བསྟན་པའི་ཕྱིར། །གང་གིས་དམིགས་མེད་མི་ཤེས་པ། །དེའི་ཆོས་ཀྱིས་དབྱིངས་མི་ཤེས། །ཞེས་གསུངས་ཏེ། གང་ནི་ཉེར་ལེན་གྱི་རྒྱུ་བློའི་སྐལ་བ་དམན་ཞིང་། ལྷན་ཅིག་བྱེད་པའི་རྐྱེན་བླ་མའི་མན་ངག་གིས་མ་ཟིན་པ་དག་གོ། །སེམས་ཉིད་ནི་ཅིའི་ངོ་བོར་ཡང་མ་ཡིན་ཏེ་ཕྱོགས་གཅིག་ཏུ་དམིགས་སུ་མེད་དེ་དེའི་དོན་མི་ཤེས་པའི་ཕྱིར། མིང་ཚིག་གི་མཚོན་པའི་དོན། ཞིག་ཡོད་བྱེད་པ་རྣམས་ནི་བློས་དམིགས་པ་ཅན་དེའི་ཆོས་ཉིད་འདུས་མ་བྱས་ཀྱི་དབྱིངས་ཀྱང་མི་ཤེས་ཞེས་བྱའོ། །དེ་དག་ནི་དཔེར་ན་འོ་མ་འདོད་པས་ནུ་མ་ལ་མི་བཞོ་བར་རྭ་ལ་བཞོ་བ་ལྟ་བུའོ། །དེ་ཕྱིར་དངོས་༡དང་དངོས་༡མེད་པ། །འཇིགས་པས་དམིགས་མེད་ཤེས་པར་གྱིས། །ཞེས་བྱ་བ་ནི། ལེའུ་གསུམ་པར་གཏན། ཚིགས་ཀྱི་གཏན་ལ་ཕབ་པ་སྔར་ཐལ་ཏེ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དང་ལྡན་པ་ཅན་ནི་རྒྱུ་རྐྱེན་འདུས་པ་ཁོ་ནའི་དེ་ཕྱིར། དངོས་པོ་འཇིགས་པར་བྱེད་པའི་རྒྱུ་ལས་མི་ལྟོས་ཏེ་རང་གྲོལ་དུ་འགྲོ་བས་ཕྱི་ནང་གི་དངོས་པོའི་རིལ་སེམས་ཉིད་༡སྤྲོས་བྲལ་དུ་འཇིགས་པ་ལས་དེ་༡ཉིད་ཡོངས་སུ་རང་གསལ་བས་དངོས་མེད་སྟོང་པ་ཉིད་དུ་བཞག་པ་ཀྱང་འཇིགས་ཏེ། སེམས་ཀྱི་ཡེ་ཤེས་ནི་འོག་ནས་འཆད་པ་བཞིན་ཡིན་པས། ངང་གི་དམིགས་སུ་མེད་པའོ། །དེ་ཤེས་བར་གྱིས་ཤིག་པ་ཞེས་བྱའོ། །དེ་ཉིད་ཅིའི་ཕྱིར་དམིགས་སུ་མེད་སྙམ་པ་ལ། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཞེས་བྱ་བ་ནི། རྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་སེམས་ཉིད་ནི་ཕྱི་མོའི་རྒྱུ་རྐྱེན་དང་བྲལ་བའི་ཕྱིར། རང་བྱུང་གི་ཡེ་ཤེས་དེ། དེ་ནི་ཆོས་ཅན་ངོ་བོ་ཧེ་དུ་ཉིད་མ་གྲུབ་པས། སེམས་ཅན་གྱི་མཚན་མ་གསུམ་དང་ཕོ་དང་མོ་ཡང་མ་ཡིན་ལ་མ་ནིང་ཡང་མ་ཡིན་པ། མཚན་མེད། སྒོ་ང་ལྟ་བུ་དང་མ་ཡིན་པ་འགྲོ་བ་དྲུག་དང་གི་རིགས་རྒྱུད་མིན་པ་གཟུགས་ཀྱིས་མཚན་མ་ཁ་དོག་དབྱིབས་གཉིས་དང་། མ་ཡིན་པ། སེམས་ཉིད་རྟེན་པར་བྱ་བའི་ཡུལ་དང་ཆོས་དེ་ནི་བརྟེན་པར་བྱེད་པའི་དབང་པོའི་གནས་གཉིས་སུ་གྲུབ་པ་ཡང་མ་ཡིན་པ་ལ་སོགས་པའི་དོན་གང་གིས་ངོ་བོ་ཉིད་དུ་ཡེ་གདོང་མ་ནས་མ་གྲུབ་སྟེ་དམ་བཅའ་པས་ན་མིན་པ་ནི་དེ་བཞིན་ཉིད་ཅེས་བྱའོ། །དེ་ཉིད་མུ་མཐའ་དང་བྲལ་ཞིང་ཆོས་༼༠༽ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་མཉམ་པའི་དབྱིངས་ཏེ། དེ་ཉིད་རིག་པ་ཁོ་ནར་གསལ་བས་མིང་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས། ཡེ་ཤེས་དང་གཉིས་སུའང་འདོགས་སོ། །སྟེ་ཞེས་༼༠༽ དེའི་ཕྱིར། དོན་དེ་ཉིད་རང་བཞིན་གྱི་རྟོགས་པ་ལྷའི་དཀྱིལ་འཁོར་དུ་གསལ་བ་བཞི་དང་ལྷར་བསྒོམ་པ་ལམ་ཏིང་ངེ་འཛིན་དང་། ལྷག་པའི་ཐབས་ཀྱི་ཕྱག་ཀ༽རྒྱ་དང་། གསུམ་པོ་ཀུན་གྱིས་རྒྱུ་དུའང་མི་འགག་ཁ༽པར་སྣང་ག༽ བའི་ཕྱིར་རོ། །ཐབས་ཁ༽ཀྱི་ཕྱག་རྒྱ་ཀུན་གྱི་ག༽ རྒྱུ། །ཞེས་གསུངས་སོ། །གསུམ་པ་རྟོགས་པ་དེ་ལྟར་ལམ་པས་བསྒོམ་དགོས་པར་བསྟན་པའི་ཕྱིར། དངོས་རྣམས་ཉིད་ན་དངོས་མེད་པས། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ཡིན། །ཞེས་གསུངས་ཏེ། གོང་དུ་ལྟ་བའི་སྐབས་སུ་བཤད་པ་ལྟར་འཁོར་འདས་ཀྱི་དངོས་པོ་རིལ་རྣམས་སེམས་ཉིད་ཁོ་ནར་གསལ་ལ་སེམས་ཉིད་ནི་གོང་དུ་བཤད་པ་ལྟར་མ་གྲུབ་པ་ཁོ་ན་ཡིན་བས་འཁོར་བཅས་ཀྱི་དངོས་པོ་རྣམས་དུས་ནམ་དུ་ཡང་ཕྱོགས་གཅིག་ཏུ་གྲུབ་མ་མྱོང་བར་མེད་པ་ཤེས་ནས་རྟོགས་པའི་དོན་དེ་ཉིད་ལ་མ་ཡེངས་པའི་དབང་བསྒྱུར་བ་ནི་བཏང་སྙོམས་ཆེན་པོའི་ཏིང་ངེ་འཛིན་བསྒོམ་པ་ནི་ཤིན་ཏུ་གཅེས་པ་ཡིན་པར་གསུངས་སོ། །བཞི་པ་བསྒོམ་པའི་ཐབས་བསྟན་པའི་ཕྱིར། གང་གི་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་གསུངས་ཏེ། གང་ཟག་གང་གི་གོང་དུ་བཤད་པ་ལྟར་དངོས་པོ་རྣམས་ཉིད་དངོས་པོ་མེད་པར་ཤེས་ནས་རྟོགས་པ་དེས་བསྒོམ་ཞེའོ། །ས་བྱ་འཁྲུལ་པའི་ཡུལ་སྡུག་མི་སྡུག་སྣ་ཚོགས་ཀྱི་ཐོག་མ་མེད་པ་ནས་གཡེང་བའི་སེམས་ནི་དཔེར་ན་གླང་པོ་ཆེ་རྒུན་འབྲུམ་གྱི་ཆང་གིས་མྱོས་པ་གནོད་པ་སྣ་ཚོགས་བྱེད་པ་ལྟ་བུ་སྟེ། དེ་དག་འདུལ་བའི་ཐབས་ནི་ལྟ་བ་མེད་པ་ཞི་གནས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་བསྒོམ་པ་ལྟ་བུ་མ་ཡིན་ཏེ། ལྟ་བའི་དོན་ཕྱོགས་གཅིག་ཅིར་ཡང་མ་གྲུབ་རྟོགས་པའི་རྗེས་སུ་བསྒོམ་པས་བློ་ཤེས་པ་མི་དམིགས་པ་ནི་མཉམ་པར་བཞག་པས་བཏུལ་ནས་སུ་ཞེས་བྱ་སྟེ། ཡོད་མེད་ཀྱི་མཐའ་བྲལ་ཞིང་དབུས་སུ་ཞེས་པ་ལས་ཀྱང་འདས་པའི་ཕྱིར་རོ། །བཞི་ཆོས་ཅི་བཞིན་པར་གྱུར་ཏེ་འཁོར་འདས་མི་གཉིས་ཏེ་ཐ་དད་མེད་བློ་གཤིས་ཐོག་ཏུ་ཕེབ་པར་ཕབ་པ་ནི་ཐུལ་བ་སྟེ། དེ་ཀ་གནས་ལུགས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་ཐ་སྙད་དུ་འདོགས་སོ། །ཞེས་བྱའོ། །ལྔ་པ་ཅིར་ཡང་མ་གྲུབ་པ་དེ་ཉིད་ཆོས་ཐམས་ཅད་དུ་སྣང་བར་བསྟན་པའི་ཕྱིར། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་གསུངས་ཏེ། རྩ་བ་མེད་པའི་ཤད་བར་གཅིག་ནི་ལྟ་བའི་སྐབས་བཤད་ཟིན་ཏོ། །དོན་དེ་ལྟ་བུ་ལ་རང་བཞིན་གྱི་ཏིང་ངེ་འཛིན་གྱིས་ལྷག་པ་འབྲུའི་ཕྱག་རྒྱ་གསུམ་པོ་དང་འམ་ཡང་ན་སྐུགསུང་ཐུགས་ཀྱི་ཕྱག་རྒྱ་གསུམ། འཁོར་བ་འཁྲུལ་པའི་ཆོས་རྣམས་ཀྱི་རིལ་ཡང་སྣང་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་ཀྱི་རྩ་བ་ཡིན་ཏེ། ཆེན་པོ་འཁོར་འདས་གཉིས་སུ་སྣང་བ་དེ་དག་དོན་སེམས་ཉིད་དེ་ཉིད་དུ་གཉིས་སུ་མེད་པར་ཤེས་པ་ནི། འཁོར་འདས་གཉིས་སུ་མེད་པའི་སྙིང་རྗེའོ། །ཆེན་པོའི་རྣལ་འབྱོར། སེམས་ཆོས་ཐམས་ཅད་དུ་སྣང་བ་ལས་འདིར་གནས་སྐབས་ཀྱི་རྒྱུའི་ཡི་གེའི་རང་བཞིན་ཨ་རུ་སྣང་བ་ཡིན་ཏེ་ཡི་གེ་ཨ་དེ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དྲན་པ་ཙམ་གྱིས་ཡི་གེ་ཕྲེང་བ་ཞེ་གཉིས་པོ་ཡང་འབྱུང་ལ་ཡི་གེ་དེ་དག་སྤྲིན་ལྟར་ནམ་མཁའ་ཁྱབ་པར་སྤྲོ་བ་དང་། བསྡུ་བའང་ཞེས་བྱའོ། །དྲུག་པ་ཡི་གེ་དེ་ལས་གཞལ་ཡས་ཁང་དང་ལྷའི་དཀྱིལ་འཁོར་བསྐྱེད་པ་བསྟན་པའི་ཕྱིར། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐ་དད་མིན་ལ་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཞེས་གསུངས་ཏེ། རང་རིག་པ་ཉིད་རྒྱུའི་ཡི་གེར་སྣང་བ་ནི། །རྩ་བའི་ཐམས་ཅད་བསྐྱེད་པ་ཐབས་ཞེས་བྱའོ། །ཐབས་དེ་ལས་གཞལ་ཡས་ཁང་ཁཾ་གདན་དང་བཅས་པ་སྣང་བ་ནི་ཐབས་ལས་བྱུང་བ་ལྷའི་རྟེན་གཞིའི་ཐབས་སོ། །དེ་དག་ཏུ་ལྷའི་དཀྱིལ་འཁོར་བཀོད་ནས་བསྒོམ་པ་ནི། མང་བས་བསམ་གྱིས་མི་ཁྱབ་པའི་ཐབས་བསམ་ཡས་པ་ཞེས་བྱའོ། །ཐབས་གསུམ་པོ། དེ་དག་ཀྱང་རང་རིག་པ་ཁོ་ན་ཡིན་པ་ཐ་དད་པ་མིན་པ་ལས་དམན་པའི་རིམས་ཀྱིས་བློ་ཐ་དད་པར་སྣང་བའི་ནང་གི་ལྷའི་དཀྱིལ་འཁོར་རྣམས་དང་གང་གི་ཕྱི་རོལ་གྱི་གཞལ་ཡས་ཀྱི་གནས་ཁང་དེ་དག་རྒྱུ་རྐྱེན་འདུས་མ་བྱས་ཏེ། དེ་ལྟར་དཀྱིལ་འཁོར་སྟོང་དང་ཉི་ཁྲི་བཞི་སྟོང་དང་བསམ་ཡས་ལྷུན་གྲུབ་ལ་སོགས་བློས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སུ་རང་སྣང་བས་ལྷ་ལ་ལྷ་གཤིས་ཀྱི་ཡེ་ཤེས་ལ་བསྒོམ་པའི་ལམ་གྱི་ཡེ་ཤེས་རོལ་པ་སྟེ། རྣམ་པར་རྟོག་པས་བརྟག་པའི་དོན་མིན་པས་ཀུན་བརྟག་༡པ་དང་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་གཞན་༡གྱི་དབང་ལས་༡༡འདས་པ་ཁོ་ནའོ། །སྟེ་གནས་ཚུལ་རྟོགས་ཚུལ་དེ་ནི་སྤྱོད་ཡུལ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་ཡོངས་སུ་དག་པས་ན་ཀུན་བཟང་། ཁམས་གསུམ་༡འཁོར་བ་དང་རྟག་ཆད་༡ལམ་གྱི་༡༡གཡང་ས་འི་འཇིགས་པ་དང་བྲལ་ཏེ་མེད་བས་དེའི་ངང་ལས་མི་འདའ་བས་ན་ཕྱག་རྒྱ་ཆེན་པོའི་མཆོག་སྟེ། ཅི་བདེར་ནོས་ཤིག་ཅེས་གསུངས་པ་ཁོ་ནའོ། །བདུན་པ་ཐབས་གསུམ་པོ། དེ་ཉིད་ཀར་དག་པས་བླང་དོར་དང་བྲལ་བར་བསྟན་པའི་ཕྱིར། དེ་ཉིད་ཡེ་ཤེས་རང་སྣང་བའི། །མིང་ཚོགས་གཟུགས་སྩོགས་ཡིད་བཞིན་གྱི། །མུན་ལ་སྣང་བྱུང་ཅི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །ཞེས་གསུངས་ཏེ། ཐབས་གསུམ་པོ་དེ་ཉིད་གཞི་ཅི་ཞིག་གི་ངང་ལ་སྣང་ཞེ་ན། གདོད་མ་ནས་སེམས་ཀྱི་ཡེ་ཤེས་རང་སྣང་བའི་ངོ་བོ་ལུས་འཁོར་ལོ་བཞིའི་ཡི་གེའི་མིང་ཚོགས་དང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཁམས་གསུམ་གྱི་རྟོག་པའི་རིལ་ཐམས་ཅད་སེམས་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ལྷ་དང་གཞལ་ཡས་ཁང་ཅིར་ཡང་སྣང་བས་ཡིད་བཞིན་གྱི་ནོར་བུ་འདྲ་བས་རྟོག་ཚོགས་༡དེ་དག་གོང་གི་ཐབས་གསུམ་དུ་ཏིང་ངེ་འཛིན་གསུམ་གྱིས་རང་དབང་བསྒྱུར་ཡང་ཐབས་གསུམ་པོ་དང་བླངས་པ་དང་རྟོག་ཚོགས་དོར་བ་མེད་པ་ནི་ངེས་པར་མ་ནོར་བར་མུན་སྣང་གསེར་འགྱུར་སྨན་གྱི་ཚུལ་གྱི་དཔེ་གསུམ་གྱིས་ཚོགས་བརྒྱད་ཡེ་ཤེས་དང་། འབྱུང་བ་ལྔ་ཡུམ་ལྔར་དང་། རྟོག་ཚོགས་ལྟར་དག་པའི་དོན་མཚོན་ཏེ། གོ་སླ་བས་སོ་སོར་མ་བཤད་དོ། །བརྒྱད་པ་ཐབས་གསུམ་པ་དེ་དག་ལ་ཏིང་ངེ་འཛིན་འདྲིས་པར་བསྒོམ་པ་བསྟན་པའི་ཕྱིར། སྔགས་དང་ཕྱག་རྒྱ་རབ་བརྟེན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་གསུངས་ཏེ། ཐབས་གསུམ་པོ་དེ་དག་ལ་ཕྲ་མོ་དང་ཕྱག་རྒྱ་གཅིག་པ་སྣང་བ་རྣམ་པར་འབྱེད་པའི་སྤྲོས་པ་ཏིང་ངེ་འཛིན་གྱིས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྔགས་ཀྱི་ཡན་ལག་སྐུ་གསུང་ཐུགས་ཡེ་ཤེས་སེམས་དཔའ་དབུ་རྒྱན་གྱི་ལྷ་ལྔ་དང་ལྡན་པར་གསལ་བ་ལ་ཡུལ་གྱི་རྐྱེན་གྱིས་མི་ཕྲོག་པ་པར་རབ་ཏུ་བརྟན་ལས་དངོས་གྲུབ་ཡ་མཚན་ཆེན་པོ་མཆོག་ཐུན་མོང་རྣམ་གཉིས་ངེས་པར་འབྱུང་བར་འགྱུར་བ་བསྟན་པས་གནས་པ་ཁོ་ནར་བྱའོ། །ཞེས་བྱའོ། །དགུ་པ་ཕྱག་རྒྱ་གཅིག་སྤྲོས་དེའི་ཐུན་མོང་གི་དངོས་གྲུབ་ཚོགས་གཉིས་བསྟན་པའི་ཕྱིར་བདུད་རྩིར་འབྱུང་ཞིང་འགྱུར་བ་དང་། ཞེས་བྱ་བ་ནས། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་བྱ་བའི་བར་དུ་ཚིགས་རྐང་བཅུ་གཉིས་གསུངས་ཏེ། དུག་ལས་བདུད་རྩིར་བསྒྱུར་བ་ལ་སོགས་པ་བཞི་བརྒྱ་རྩ་བཞིའི་ནད་སེལ་བ་དང་། ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་བ་དང་། གཞན་ཡང་སེལ་བ་ལ་ལྗོན་ཤིང་། བྱེ་མ་ལ་གསེར་ལ་སོགས་པ་དངོས་པོ་ཐམས་ཅད་ཕན་ཚུན་མི་མཐུན་པར་བསྒྱུར་བ་དང་། བར་ནུས་པ། ནམ་མཁའ་རྡོ་རྗེ་སྲ་འབྱུང་ལ་སོགས་པ་འབྱུང་བ་ལྔའི་དངོས་པོ་སྟོབས་ཁྱད་པར་དུ་གྱུར་པར་བྱས་པ་དང་ལ་སོགས་པའི་སྒྲས་དགུག་བཏང་ལ་སོགས་པས་སེམས་ཅན་གྱི་བསམ་པ་ཡོངས་སུ་སྐོང་བ་སྟེ། ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱང་རིག་པ་བདག་ཉིད་ཉིད་ཆེན་པོ་ལས་མི་གཞན་པར་ཤེས་ནས་སྟོབས་སུ་གྱུར་པའི་ཕྱིར་རོ། །དེ་དག་ཐམས་ཅད་ཕྱག་རྒྱ་གཅིག་པ་དང་སྤྲོས་པའི་ཏིང་ངེ་འཛིན་གཉིས་ཀྱི་སྐབས་སུ་ཤེས་ནུས་སོ། །ཞེས་བྱ་བ་ཁོ་ནའོ། །བཅུ་པ་མཆོག་གི་དངོས་གྲུབ་བསྟན་པའི་ཕྱིར། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པའི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། གང་ཟག་གང་གིས་ཕུང་པོ་ལྔ་ལ་སོགས་པ་སྒྲུ་འཕྲུལ་ལྷའི་དཀྱིལ་འཁོར་ཡབ་ཡུམ་བཞི་བཅུ་རྩ་གཉིས་སུ་མེད་པར་དྲ་བའི་དཀྱིལ་འཁོར་རང་རིག་མངོན་སུམ་དུ་གསལ་ཞིང་རྫོགས་པས་ཕྱོགས་བཅུ་དུས་བཞིས་བསྡུས་པའི་༼ཀ༽ཁམས་གསུམ་གྱི་རིལ་ཐམས་ཅད་ལྷའི་༼༠༽དཀྱིལ་འཁོར་གྱི་ཚོགས་སུ་གསལ་བ་བསོད་ནམས་ཀྱི་ཚོགས་ཡང་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱིས་ཞེན་པ་དང་བྲལ་༼༠༽བས་ཡི་གེ་འཁོར་ལོ་ཚོགས་༼༠༠༽ཆེན་གཉིས་རྫོགས་གྱི་ས་སྟེ། དེར། འབྲས་བུ་ལུས་པ་མེད་པ་ས་ན་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་བ་ཁོ་ནའི་ཞེས་བྱའོ། །བཅུ་གཅིག་པ་མཆོག་གིས་དངོས་གྲུབ་དེ་ཉིད་རྒྱས་པར་བཤད་པའི་ཕྱིར། དུས་གསུམ་རྒྱལ་བའི་ཐུགས་ཆུད་པའི། །དངོས་གྲུབ་མཆོག་གི་སྙིང་པོ་འདི། །ཟད་པའི་དུས་མེད་ཡིད་བཞིན་མཛོད། །འཕེལ་འགྲིབ་མེད་པར་འབྱུང་བ་སྟེ། །དངོས་པོ་མེད་ལ་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །ཞེས་གསུངས་ཏེ། བཤད་པ་བཞིན་དུ། དངོས་པོ་ཐམས་ཅད་འབྲས་བུ་སྐུ་དང་ཡེ་ཤེས་སུ་གསལ་བ་ནི་འི་དོན་དེ། དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་དགོངས་པ་རང་གི་ངོ་བོ་ཉིད་དང་། ཤུགས་སུ་ཆུད་པའི་ལྟ་བ་དང་མཆོག་གི་དངོས་གྲུབ་སྙིང་པོ་དང་གསུམ་ཀ་ཡིན་པའི་ཕྱིར། གཞན་རྨད་བྱུང་ལས་ཀྱང་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་རྟོགས་པས། སངས་རྒྱས་ཀུན་གྱི་ཡང་སྙིང་ཡིན་པས་ཉིན་ཤ་ཅན། །ང་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་དུར། །གནས་ཤུལ་སྡུད་པས་དངོས་གྲུབ་ཆེན་པོའང་ང་ཉིད་ཡིན། །ཞེས་འབྱུང་ངོ་། །བྱང་ཆུབ་སེམས་དེ་ཉིད་དངོས་པོའམ་ངོ་བོ་རང་རྒྱུད་ཅན་གཅིག་དུ་མ་གྲུབ་པར་མེད་པ་ལས་གདུལ་བྱ་བློ་ཆེ་ཆུང་ལ་མཛད་པ་ཕྲིན་ལས་ཀྱི་དངོས་པོའི་སྤྲིན་སྣ་ཚོགས་པའི་རྣམས་པར་སྣང་ནས་འབྱུང་ཞིང་འགྱུར་ཡང་འཕེལ་བ་དང་འགྲིབ་པ་མེད་པར་འབྱུང་བ་ཡིན་ཏེ། དེ་ཉིད་ཟད་པའི་དུས་མེད་དེ། ཡིད་བཞིན་གྱི་ནོར་བུའམ་རྒྱལ་པོའི་དཀོར་མཛོད་ལྟ་བུ་ངོ་བོ་ཉིད་རྟག་པ་ཞེས་བྱའོ། །དེ་པ་ཐམས་ཅད་གཟིགས་མོས་མཉེས་པར་གྱུར་ཏོ། །ཞེས་བྱ་བ་ནི། ཞེས་གཞུང་དོན་དེ་དག་བརྗོད་པས་འཁོར་གྱི་དེ་པ་ཉིད། ཏིང་ངེ་འཛིན་གྱིས་གོམ་པ་དེ་མཐུ་ལས་དངོས་གྲུབ་སྣ་ཚོགས་སུ་སྣང་བ་རིལ་ཐམས་ཅད་བདག་ཉིད་ཀྱི་ཕྱིར། ཆེད་དུ། མ་བལྟས་པར་གསལ་བ་ནི། གཟིགས་མོ་ཞེས་ཏེ། བལྟ་བྱ། བལྟ་བྱེད་མི་ཕྱེད་པ་ནི་གཉིས་སུ་མེད་པའི་མཆོད་པ་སྟེ་མཉེས་པར་གྱུར་ཏོ། །ཞེས་བྱའོ། །སྒྱུ་འཕྲུལ་བསྒྲུབ་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི། སྒྱུ་འཕྲུལ་དྲྭ་བའི་ལྷའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན། ཕྱག་རྒྱ་གཅིག་སྤྲོས་གཉིས་ཀྱི་མཐུས། ལས་བརྒྱད་ལ་སོགས་པ་དང་དངོས་གྲུབ་གཉིས་མ་ལུས་པ་བསྒྲུབ་པའི་སྟོབས་ཀྱིས་འགྲུབ་པ་སྟེ་ལེའུ་སྟེ་ལྔ་པ་བཤད་པའོ།། །།དེ་ནས་དེ་པ་ཐམས་ཅད་ཀྱིས་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཐམས་ཅད་ཀྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པར་མ་ཟད་དེ་འཁོར་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་རང་རིག་པ་གསལ་བས་མ་འདྲེས་ལ་གཅིག་ཏུ་ཡོངས་སུ་རྫོགས་པའི་༡ཕྱིར། གཅིག་༡༠དང་དུ་མར་བྲལ་བས་མེད་པ་ཁོ་ནའོ། །གཅིག་དུ་བྲལ་གང་༼༠༽ཡིན་པའི་དོན་དེ་ཉིད་མངོན་དུ་བྱས་པ་ནི་བདག་ཉིད་ཆེན་པོ་སྟེ། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ངོ་བོ་ཉིད་དེ་ལྟར་མཚུངས་པར་བཞུགས་སོ། །ཞེས་བྱའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་འབྱུང་བར་བཞེས་ནས། ཞེས་བྱ་བ་ནི། ཁམས་གསུམ་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཞི་མཚམས་བརྒྱད་༡དབུས་སྟེང་དང་འོག་སྟེ་བཅུ་པོ་༡ཐམས་ཅད་དུ་རིག་པ་རང་སྣང་བ་དེ་ཉིད་ཀྱི་རིལ་ཡང་འོག་ནས་འབྱུང་བ་ལྟར་ཆེ་བ། ཡེ་ཤེས་༼༠༠༽ལྔའི་དཀྱིལ་འཁོར་དུ་བདལ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཡང་ཡིན་ལ། ཡེ་ཤེས་ལྔའི་དཀྱིལ་འཁོར་དེ་ཉིད་འཁོར་ལ་གསལ་བར་བསྟན་པར་དགོངས་པ་མངོན་དུ་བཞག་པ་ནི། འབྱུང་བར་བཞེད་པ་ཞེས་ཀྱང་ཐ་སྙད་དུ་འདོགས་སོ། །དེ་ཉིད་བསྟན་པའི་ཕྱིར། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་བྱ་བ་ནི། ༼༠༽རང་རིག་པའི་ཡེ་ཤེས་ཉིད་ཕྱོགས་བཞི་དབུས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དུ་རང་རིག་པའི་ངོ་བོར་བརྟག་པའི་ཕྱིར། ཕྱོགས་དབུས་དེ་དག་༼༠༽རང་རིག་པའི་ཡེ་ཤེས་དེའི་ངོ་བོ་ཉིད་དུ། གསལ་ལ་མི་རྟོག་༡པ་དང་མེ་ལོང་ལྟ་བུའི་ཡེ་ཤེས། ཕྱོགས་དབུས་ཐམས་ཅད་༼༠༽རང་རིག་པ་དེའི་ངོ་བོར་༡གཅིག་པ་དང་། ལ་བཟང་ངན་མེད་པ་མཉམ་པ་ཉིད། ཕྱོགས་དབུས་ཐམས་ཅད་མ་འདྲེས་༡པ་དང་སོ་སོར་རྟོགས་པ། ཡིན་ཚུལ་རང་རིག་ཏུ་ཡོངས་སུ་རྫོགས་པས་ལོགས་སུ་བྱ་བ་མེད་༡པ་དང་། ས་བྱ་བ་གྲུབ་པ། སྣང་ཚུལ་གྱིས་ཕྱོགས་དབུས་སམ་ཡོད་མེད་ཀྱི་མཐའ་ཐམས་ཅད་ལས་འདས་པའི་༡༡༡༡༡ཕྱིར་ཆོས་དབྱིངས་ཡེ་ཤེས་དང་ལྔའི་དཀྱིལ་འཁོར་ཉིད་དེ། དེའི་ངོ་བོ་བློས་གཞལ་བ་ལས་འདས་པར་གནས་པ་ནི་འོག་གིས་རྫོགས་པ་ཆེན་པོ་ཞེས་བྱ་བ་སྟེ། ཤེས་བྱ་རང་བཞིན་གསང་བའི་སྙིང་པོའོ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་སྟེ་བསམ་ཡས་ཤིང་ལྷུན་གྱིས་གྲུབ་པ་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཞེས་བྱ་བ་ནི། རྣལ་འབྱོར་པ་གང་གིས་རྫོགས་པ་ཆེན་པོའི་དོན་དེ་རྟོགས་ཤིང་མངོན་དུ་བྱས་པའི་དུས་ན། སྣང་སྤྱོད་ཐམས་ཅད་ཡེ་ཤེས་ལྔའི་དཀྱིལ་འཁོར་ལས་མི་འདའ་བས། ཞིང་ཁམས་དང་སྤྱོད་ཡུལ་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་ཡོངས་སུ་དག་པ་སྟེ། དེ་ཀ་ལ་ཆེ་བའི་ཡོན་ཏན་ཀུན་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་ཆེན་པོ་བསྒོམ་པ་ལ་འབྱུང་བ་ས་ན་སྤྱོད་ཞེས་བྱའོ། །དོན་ཡེ་ཤེས་ལྔ་དེའི་རྩལ་མི་འགག་པ་དང་། རྟགས་ལྷག་པ་ཏིང་འཛིན་གཅིག་པར་བ་དེ་བློས་མི་ལྕོག་པ་བློ་ཆུང་བ་རྣམས་ཀྱི་ཕྱིར་རིམ་གྱིས་པ་ཡང་གསུངས་པ། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་པོ་ནི་གོ་སླ་སྟེ་མ་བཤད་དོ། །འདིར་མངོན་པར་རྟོགས་པའི་གོ་རིམ་བསྡེབ་ན་ལེའུ་ལྔ་པ་དེ་ཏིང་ཀུན་ཏིང་རྒྱུའི་ཏིང་ངེ་འཛིན་གསུམ་གྱི་རྗེས་སུ་བདུན་པ་ལྟར་བྷྲཱུྃ་ལས་༢གཞིའི་ཐབས་ཡེ་ཤེས་ཀྱི་གཞལ་ཡས་ཁང་འདི་ལྟར་མངོན་དུ་བྱ་བ། དེ་ལ་༡ནང་ལྷའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི་ཆ་བྱད་ཅན་གྱི་སྤྲུལ་པའི་འཕྲོ་འདུས་བརྒྱན་པའོ། །གཞལ་ཡས་དེར་གདན་ཅི་ཞིག་བསྒོམ་སྙམ་པ་ལ། སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་གསུངས་ཏེ། དོན་དགོངས་པ་རང་བྱུང་གི་ཡེ་ཤེས་ལ་མི་འཇིགས་པ་བཞི་སྟོབས་བཅུ། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་བཅུ་ཕྲིན་ལས་བཞི་སྟེ། འབྲས་བུའི་ཆོས་ལྔ་ལྷུན་གྱིས་རྫོགས་པ་དེས་གདུལ་བྱ་ལ་ཐམས་ཅད་ཚིམ་པར་བྱེད་པ་ཉིད་དོན་ཡིད་ལ་རྟགས་སེམས་ཅན་ཆེན་པོ་སེང་གེ་གླང་ཆེན་རྟ་དང་ཁྱུང་། ནམ་མཁའ་ལྡིང་གི་གདན། ལྔ་དང་རིན་པོ་ཆེའི་ཁྲི་སྣ་ཚོགས་སུ་མཛེས་པ། བརྟན་པས་པདྨ་བསྟེག་པ་ནི་སེམས་དཔའ་མན་ཆད་གཞན་གྱི་གདན་ལ་དཔག་པས་ཁྲི་ཆེན་ཅེས་བའོ། །གཉིས་པོ་དེ་དག་ལ་སོགས་པར་ལྔ་བརྩེགས་སུ་དགོད་པ་ནི། ཀ༽ཐབས་ཟླ་བ་དང་ཤེས་རབ་ཉི་མ་དང་སྤྱོད་པའི་ཉེས་པས་མི་གོས་པས་པདྨ་གདན་སུམ་བརྩེགས་ཏེ། དེའི་དོན་ནི་ཆོས་ཀ༽ཐམས་ཅད་རང་རིག་པར་གསལ་བ་ནི། འི་དོན། འཁོར་བའི་ཆོས་ཁ༽གང་ལ་སྤྱད་ཀྱང་མི་གོས་པར་འབྲས་བུར་པའི་ཕྱིར་རོ། །དེ་ལྟར་རིགས་ལྔ་ལ་ལྔ་བརྩེགས། སེམས་དཔའ་ཡབ་ཡུམ་ལ་སུམ་བརྩེགས། ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེགས། ཐུབ་པ་ལ་པདྨ་ཁྲོ་བོ་ལ་ཉི་མའོ། །གདན་དེ་དག་ལ་ཅི་ཞིག་ཁ༽བཞུགས་སྙམ་པ་ལ། གདན་ཀ༽ ལ་རྫོགས་ག༽དང་སེམས་དཔའི་ཚུལ། །ཞེས་གསུངས་ཏེ། གདན་དེ་དག་ལ་གཙོ་བོ་རིགས་ལྔ་ནི། མཛད་པ་ཡོངས་སུ། རྫོགས་པའི་དཀྱིལ་མོ་ཀྲུང་དང་། རིགས་ཀྱི་ཡུམ་ལྔ་ནི་བརྟུལ་ཞུགས་ཏེ་ཉོན་མོངས་པ་བདེ་སྟོང་གཉིས་མེད་ཀྱིས་ངང་གི་དཀྱིལ་མོ་དཀྲུང་གིས་འཁྱུད་པའོ། །སེམས་དཔའ་རྣམས་ནི། བདག་དོན་གྱི་མཛད་པ་མཐར་ཕྱིན་པས་ཞབས་གཡོན་བསྐུམ་གཞན་དོན་གྱི་མཛད་པ་ཡོངས་སུ་མ་རྫོགས་པས་གཡས་པ་གདན་ལ་བབ་པའི་ཚུལ་ལོ། །སེམས་མ་རྣམས་ནི་བརྟུལ་ཞུགས་ཀྱི་དཀྱིལ་མོ་ཀྲུང་གི་ཚུལ་གྱིས་ཡབ་ལ་འཁྱུད་པའོ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་བསྣམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །ཞེས་བྱ་བ་ནི། འཁོར་ལོའི་ལྟེ་བ་དང་རྩིབས་བཞི་ལ་རྒྱལ་པོ་རིགས་ཀྱི་ཡབ་ལྔ་རྒྱལ་མོ་ཡུམ་ལྔ་དང་བཅས་པ་དང་། རྩིབས་མཆན་བཞི་ལ་ཐུགས་ཀྱི་སེམས་དཔའ་བཞི་སྟེ། གཡས་ནས་མཐོང་ཐོས་སྣམས་པ་ཞེས་པའི་དཀྱུས་ཀྱིས་ཚིག་རིམ་པ་ནི་ས་སྙིང་གིས་ཡི་གེའི་ཀ་འོག་ནས་ཁ་ཡོད་པའི་དབང་དུ་བྱས་ནས་གསུངས་པ་སྟེ། དཀྱིལ་འཁོར་དུ་བཞུགས་པའི་གྲལ་ནི་ལེའུ་བདུན་པའི་ལུགས་སུ་མཐུན་པ་སྟེ་རང་རང་གིས་བཙུན་མོའི་ཚོགས་དང་བཅས་པ་ཁོ་ནའོ། །གྲུ་ཆད་ལ་ནི་མཐོང་བྱེད་དང་། ཞེས་པ་ལ་སོགས་པ་ནི་གོ་སླ་སྟེ། གྲུ་ཆད་བཞི་ལ་ནི་མཐོང་བྱེད་བྱམས་པ་ལ་སོགས་པའི་ཡབ་ཡུམ་རྣམས་དཀྱིལ་འཁོར་དུ་བཞུགས་ཚུལ་གྱི་རིམ་པ་ཡང་གོང་དང་རྗེས་༼༠༠༽སུ་མཐུན་ནོ། །བར་འཁྱམས་ཏེ་ལྷ་སྣམ་ལ་ནི་ཐུབ་པ་དྲུག་དང་། །མདུན་ཤར་དང་རྒྱབ་ནུབ་ཏུ་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། །བྱ་བ་མོ་ཀུན་མོ་དག་ནི་གནས་པར་བསྟན། །པས་གཉིས་དང་བརྒྱད་དོ། །ཞེས་བྱ་བ་ནི། སྡུད་༼༠༽པའི་དོན་གྱིས་འཁྱམས་འདིར་ལྷ་བརྒྱད་ཁོ་ན་སྟེ། ཕྱོགས་བཞི་མཚམས་བཞི་རྣམས་མཉམ་པར་བཞུགས་སོ། །སྒོ་ཁྱུད་བཞི་ལ་གདུག་པ་ཅན་འཇམ་པའི་ཁྲོ་བོ་བཞི། བཙུན་མོ་ལྕགས་ཀྱུ་ལ་སོགས་པའི་ཚོགས་དང་ལྡན་པར་གནས། །ཞེས་གསུངས་པ་ནི། བར་ཆད་གདུག་པ་ཅན་ལ་རྔམ་པའི་ཚུལ་གྱིས་ཞལ་ཕྱིར་བལྟས་པའོ། ༈ །ལྷ་ཞེ་གཉིས་པོ་དེ་དག་གི་ཕྱག་མཚན་ཅི་ཞིག། སྙམ་པ་ལས། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། པདྨ་རལ་གྲི་དྲིལ་བུ་འབར། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །མཛེས་ཚུལ་གཉིས་པའི་ཡོ་བྱད་འཛིན། །ཞེས་ཕྱག་ན་འཛིན་པའི་རིམ་པ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། གཡས་གསུམ་ན་རྡོ་རྗེ་འཁོར་ལོ་རལ་གྲི་འབར། །གཡོན་གསུམ་ན་དྲིལ་བུ་པདྨ་རིན་པོ་ཆེ། །དེ་ནི་གཙོ་བོ་རྡོ་རྗེ་འཛིན་པའི་ཕྱག་མཚན་གྱི་རིམ་པའོ། །རིགས་བཞི་གཞན་གང་ཡིན་པའི་གནས་སུ་སྐྱིན་པོ་རྡོ་རྗེ་ཤེས། །པར་བྱའོ། །གཡས་དང་པོ་རང་རྟག་གིས་ཕྱག་མཚན་ཐུགས་ཁར་བསྣམས་པ་དང་གཡོན་དང་པོ་ཡུམ་ལ་འཁྱུད་པའོ། །ས་སྙིང་གིས་རིན་ཆེན་མྱུ་གུ་ནམ་སྙིང་གིས་རལ་གྲི་འོད་འབར་བ་སྤྱན་རས་གཟིགས་ཀྱིས་པདྨ་དཀར་པོ། ཕྱག་རྡོར་གྱིས་རྡོ་རྗེ་འོད་འབར་བ་འཇམ་དཔལ་གྱིས་ཨུདྤལ་བྱམས་པས་ཀླུ་ཤིང་སྒྲིབ་སེལ་པོ་ཏི་ཀུན་བཟང་གིས་རིན་པོ་ཆེའི་སྙེ། །མ། ནང་གི་སེམས་མ་བཞི་མཛེས་པའི་ཚུལ་འཛིན་ཏེ་གཟུགས་ལཱ་སྱ་མས་མཛེས་པ་བསྐྱེད་པ་མེ་ལོང་མཱ་ལེ་མས་རིན་ཆེན་གྱི་ཕྲེང་བ་དང་། །གཱི་རྟིས་པི་ཝང་ནཱི་རྟིས་གར་སྒྱུར་ཕྱིའི་སེམས་མ་བཞིས་མཛེས་པའི་ཡོ་བྱད་འཛིན་ཏེ་གདུག་པ། སོགས་ཀྱི་ཤིང་གུ་གུལ་མེ་དང་། །པུཥྤེ་མེ་ཏོག་ཨཱ་ལོ་ཀེས་མར་མེ་དང་། །གནྡྷེས་བྱུག་པ་དྲིའི་དུང་ཆོས་དེ་རྣམས་དང་པོ་གཙོ་བོའི་ཕྱག་མཚན་འཁོར་གྱི་བར་དུ་རིམ་པ་བཞིན་དུ་ཤེས་པར་བྱ། །འོ། །གཤིན་རྗེ་གཤེད་ཀྱིས་ནྲྀ་མགོ་སྟོབས་པོ་ཆེས་རྡོ་རྗེ་རྟ་མགྲིན་གྱིས་ཐོད་པ་སྦྲུལ་གྱིས་དཀྲིས་པ་བདུད་རྩི་འཁྱིལ་པས་རྒྱ་གྲམ། །སྒོ་མ་བཞིས་ལྕགས་ཀྱུ་ཞགས་པ་སྥོ་ཊ་ལྕགས་སྒྲོག་ཧོ། །དྲིལ་བུ། ཀུན་པོའི་སོར་མོའི་རྩེ་ལ་འོད་འཕྲོ་བ་ལྟར་བྱས་པ་མཉམ་བཞག་གི་ཕྱག་རྒྱ་ཀུན་མོ་རྡོ་རྗེ་ཐལ། །མོ། ཡང་ན་ཀུན་ཏུ་བཟང་པོ་ཡེ་ཤེས་རྡོ་རྗེ་རྩེ་ལྔ་གཡོན་དྲིལ་བུ། ཡུམ་ཀུན་མོ་ཆོས་ཁམས་དྲིལ། །བུ། ཐུགས་ཀ་ལ་བསྣོལ་ནས་བརྟེན་པ་ཉིད་དུའང་གཉིས་སུ་གསུངས། །དྲུག་གིས་ཕྱིར་མ་ངེས་ཀྱང་ཐུབ་པ་ཆེན་པོ་རྣམས་ངེས་པར་བྱས་ན་ཞལ་གཅིག་ཕྱག་གཉིས་སུ་ཤེས། །པར་བྱས་ཏེ། མི་ཡིས་བསྲེག་ཤངས་དང་པར་བུ་ལྷ་ཡིས་པི་ཝང་ལྷ་མིན་གྱིས་གོ་མཚོན་བརྡེག །པ། ཡི་དྭགས་ཀྱིས་སྒྲོམ་བུ་སྟོབས་པ་བྱོལ་སོང་གིས་པོ་ཏི་ནི་ཆོས་འཆད་པའི་ཚུལ། །ཆོས་རྒྱལ་གྱིས་མེ་དཔུང་དང་ཆུའི་བུམ་པར་ཤེས་པར་བྱ། །འོ། །ཞེའོ། ༈ །ལྷ་དེ་དག་གི་སྐུ་ཅི་ཞིག་ཡིན་སྙམ་པ་ལ། མཐིང་ཀ་བདུན་ནི་མི་བསྐྱོད་པ་ཡབ་ཡུམ། ཡུམ་འདྲེས། ཀུན་ནས། ཕྱག་རྡོར། ལྷ་མིན་ཐུབ་པའོ། །དཀར་པོ་ལྔ་ནི་རྣམ་སྣང་ས་སྙིང་། ལྷའི་ཐུབ་པ། སེར་ལྔ་ནི། རིན་འབྱུང་། ནམ་སྙིང་། མིའི་ཐུབ་པའོ། །ལེབ་རྒན། །བཞི་ནི་སྣང་མཐའ་སྤྱན་རས་གཟིགས་སོ། །ལྗང་གུ་གཉིས་ནི་དོན་གྲུབ་ཡབ་ཡུམ་༼༠༽ལ་སོགས་པའི་སྒྲས་བཅུ་དགུའམ་ཉེར་ལྔ། སྣ་ཚོགས་པ། །ཞེས་གསུངས་ཏེ། བྱམས་པ་དཀར་སེར་ལ་སོགས་པ་མཚམས་ཀྱི་སེམས་དཔའ་དང་ཁྲོ་བོ་གཤིན་རྗེ་གཤེད་སྨུག་ནག་ལ་སོགས་པའི་ཕྱིར་ན་ཁ་དོག་ཉི་ཤུ་རྩ་ལྔར་ཏེ་བྱམས་པ་ཡབ་ཡུམ་དཀར་སེར། ཡབ་ཡུམ་འདྲེས་ཏེ། སྒྲིབ་སེལ་དམར་སེར་ཀུན་བཟང་དམར་ལྗང་། འཇམ་དཔལ་དཀར་ལྗང་། གཤིན་རྗེ་གཤེད་སྨུག་ནག །སྟོབས་པོ་ཆེ་སེར་ནག །རྟ་མགྲིན་དམར་ནག །བདུད་རྩི་འཁྱིལ་པ་ལྗང་ནག །བྱོལ་སོང་གི་ཐུབ་པ་སྨུག་ནག ། ཁ་འབར་མ་སེར་ནག །ཆོས་རྒྱལ་དུད་ཀ་ལ་སོགས་སྣ་ཚོགས་པ། ལྔར་གསལ་ལོ། །མཉན་༡པའི་ལྕུགས་༡པའི་འཁྲིལ་༡བའི་ལྡེམ་༡པའི་གཞོན་༡པའི་ཚུལ་༡༡༡༡༡ཅན། །ཞེས་བྱ་བ་ནི། སྒེག་པའི་ཚུལ་གྱིས་ཡབ་ཡུམ་ཐབས་དང་ཤེས་རབ་འཁྲིལ་སྦྱོར་དུ་སྙོམས་པར་ཞུགས་ཀྱང་། སྐུ་དང་ཡན་ལག་མཉན་པའི་ཕྱིར་སྐུ་དྲང་ཞིང་ཡན་ལག་སོ་སོར་མ་འདྲེས་པར་གསལ་ལོ་ཞེས་བྱའོ། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་ཆེ། །ཞེས་གསུངས་པ་ནི། མཚན་སུམ་ཅུ་གསལ་བ་དང་དཔེ་བྱད་བརྒྱད་ཅུ་འཚེར་བ་དང་དེ་དག་སྐུ་ལ་ཡོངས་སུ་རྫོགས་པས་ལྷུན་སྡུག་པ་ཤིན་ཏུ་གཟི་བརྗིད་ཆེ་པའི་ཕྱིར་གཞན་ཐམས་ཅད་ཀྱང་ཟིལ་གྱིས་གནོན་པའོ། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞེས་བྱ་བ་ནི། གསལ་ལ་རྣོ་བའི་ཕྱིར་འོད་ཟེར་ཏེ། དེ་ཡང་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། སྔོན་པ་དང་། རྩོད་ཁ་དང་། དམར་སྐྱ། ཤེལ་དང་། དངུལ་གཉིས་གྱི་མདོག་ལྟ་བུ་སྔོ་སྐྱ་དང་དྲུག་གོ། །དེ་དག་ནང་རིས་སུ་དཀར་པོ་ལྟ་བུ་གཅིག་ཀྱང་གྲངས་བྱེ་བ་ཕྲག་དྲུག་དྲུག་སྟེ། དེ་དག་གི་གནས་བཏུས་པ་འགྲེལ་ཆུང་ལྟར་སྤྱན་དང་སྙན་དང་ལ་སོགས་པའི་འོད་ཀྱི་གྲངས་ངེས་པ་མ་ཡིན་གྱིས། འདིར་སྐུའི་བ་སྤུའི་བུ་ག་རེ་རེ་ནས་ཁ་དོག་དྲུག་གིས་བྱེ་བ་ཕྲག་དྲུག་དྲུག་ཕྱོགས་བཅུར་འཕྲོས་པའི་སྣང་བས་ཁྱབ་པར་བྱེད་པ་ནི་ཚོགས་ཆེན་པོ་ཞེས་བྱའོ། །འབར་བའི་ཕྲེང་བས་འཁྲིགས་པ་སྟེ། །ཞེས་བྱ་བ་ནི། སྒོ་བ་ཁྲོ་བོ་དང་ཁྲོ་མོའི་མེ་དཔུང་འབར་བའི་ཕྲེང་བ་སྟེ། རྩེ་མོ་རྡོ་རྗེ་རྩེ་ལྔར་འཁྲིགས་པའི་ཚུལ་རེ་འཁྱིལ་པའོ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་བྱ་བ་ནི་རང་བཞིན་དཀྱིལ་འཁོར་མཐའ་དབུས་མེད་པ་ཁྱབ་པའི་ཉི་རྗེས་སུ་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡང་ཆོས་ཀྱི་དབྱིངས་མཐའ་ཀླས་པར་བསམ་ཡས། ལྷུན་གྱིས་གྲུབ་པ་དེ་དག་གི་ངོ་བོ་ཉིད་དུ་རང་གསལ་བའི་ངོ་བོ་ལས། གདུལ་བྱ་མོས་པ་ཐ་དད་པའི་རང་གི་སྣང་བས་གོ་སྐབས་ཕྱེས་ནས་སྣ་ཚོགས་སུ་སྣང་བས་གདུལ་བྱའི་དོན་བྱ་བར་འི་ཕྱིར་དུ་བསྒོམ་པ་ནི་ཉིད་ལས་ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། འདུལ་བའི་དོན་རྣམས་སོ་སོར་སྟོན། །ཅེས་པ། ཁོ་ནའོ། །ཞེས་བྱ་བའོ། །བཞི་པ་རང་བཞིན་ལྷུན་གྲུབ་སྐུའི་དཀྱིལ་འཁོར་གྱི་སྐུ་ལྔ་སོ་སོའི་མཚན་ཉིད་དང་། གཟུགས་སྐུ་གཉིས་ཀྱིས་གཞན་དོན་མཛད་པའི། ཕྲིན་ལས་དང་། འབྲས་བུ་སྐུ་ལྔ་དེ་བསྒྲུབ་པའི་ཚུལ་བསྟན་པའི་ཕྱིར། རྩ་རྒྱུད་བཤད་རྒྱུད་ལ་ཚོགས་ནི་མེད་ཕྱོགས་བཅུ་དུས་བཞི་མངོན་རྫོགས་པས། །སྐུའི་ཕྱག་རྒྱ་ཆེ་མཆོག་ནི། །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཡང་དག་ཐར་པའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སྣང་སྟོང་ཟུང་འཇུག་གི་སྐུ་ལ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་ནི་དྲུག་པ་སྤྱིའི་གཟན་ཁོ་ནའོ། །དེ་དག་གང་ཞེ་ན། སྣོད་བཅུད་འཁོར་འདས་ཅི་སྣང་ཡང་སེམས་ཉིད་ཁོ་ནའི་ཡིན་པ་ཕྱིར། སྣང་སྟོང་གཉིས་སུ་མེད་པ་ནི་ཟུང་འཇུག་ཆོས་ཀྱི་སྐུ་ཉིད་དེ། རྒྱས་པ་ལས། འཇིག་པ་ལ་རྟེན་པས་རྟེན་སྣོད་གཡོ་བ་བཅུད་ལ་སོགས་པའི་སྒྲས་འདས་པ། །ར། སྣང་བ་ཉིད་ན་རང་རྒྱུད་དུ་སྟོན་པས་ངོ་བོ་ཕྱོགས་གཅིག་ཏུ་གྲུབ་པ་མེད། །པའི་གཉིས་སུ་མེད་པ། དེ་ཉིད་དབུ་མའི་ཆོས་སྐུ་ལས་ལྷག་པས་ན་ཆེན་པོ་ཡིན། ། ནོ། །ཞེས་གསུངས་པས། དེ་ཉིད་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །མཉམ་པའི་དབྱིངས་དེ་ལ་ས། ཆེད་དུ། མ་བརྩལ་བ་ནི་མ་གཡོས་པའོ། །ཞེས་པས་ལམ་པའི་གཉེན་པོའི། རྩོལ་བ་དང་སྡུག་བསྔལ་ལས་གྲོལ་བར་སྟོན་པ་ནི་ཡང་དག་པའི་ཐར་པ་ཐུན་མོང་མ་ཡིན་པའི་མཚན་དཔེས་བརྒྱན་པའི་གཟུགས་ཅན་སྟེ། ལོངས་སྤྱོད་ཆེན་པོའི་སྐུ་དང་། གདུལ་བྱ་འགྲོ་བ་དྲུག་མ་ལུས་པ་འདུལ་བའི་དགོས་ཆེད་ཡོད་པའི་ཕྱིར། གདུལ་བྱ་དང་མཐུན་པར་བྱས་པའི་སྐུ་བསྟན་པའི་ཐུབ་དྲུག་ནི་སྤྲུལ་པའི་སྐུ་སྟེ། གདུལ་བྱ་སྣ་ཚོགས་ལ་མཛད་པ་བསམ་གྱིས་མི་ཁྱབ་པས་བཞི་འདུལ་བ་རྣམས་སུ་སྟོན་ནས་སྣང་ངོ་། །ཞེས་བྱའོ། །སྟོང་༡ཉིད་སྒྱུ་༡མ་མིག་ཡོར་ཚུལ༡༡། །ཞེས་གསུངས་པ་ནི། གཟུགས་སྐུ་གཉིས་པོ་དེ་དག་ཀྱང་སྟོན་པ་ནི་ཆོས་སྐུ་ལྷུན་གྱིས་གྲུབ་པའི་ཉིད་མཛད་པའི་གོ་མི་འགག་པ། རྒྱུ་དང་། གདུལ་བྱ་ལས་དག་པའི་སྟོབས་ཀྱིས་བདག་རྒྱན་དང་རྒྱུའི་རྐྱེན་གཉིས་གྱིས་སྣང་བ་ཁོ་ན་ལས་འི་ཕྱིར་སྒྱུ་མ་དང་མིག་ཡོར་གྱི་ཚུལ་དེ། རང་རྒྱུད་དུ་སྣང་བར་བཟུང་བ་རྣམས་ནི་འཁྲུལ་པའོ། །ཞེས་བྱ་བའི་སྟེ་རང་རྒྱུད་མེད་པ་ཐ་ཚིག་གོ། །འོ་ན་དོན་གྱི་ངོ་བོ་ཉིད་ཅི་ལྟ་བུ་ཞེ་ན། ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་བྱ་ཏེ། ཚུལ་དཔེར་༡༡དེ་ཉིད་ཀྱི་ཕྱིར་གདུལ་བྱ་ལ་གཟུགས་སྐུ་སྣ་༼༠༽ཚོགས་སུ་སྣང་བའི་དུས་ཉིད་ན། སེམས་༼༠༽ཀྱི་དབྱིངས་ཉིད་ཁོ་ན་ལས་མ་གཡོས་པས་བདེན་༼༠༽པ་༼༠༽གཉིས་སུ་དབྱེར་མི་ཕྱེད་པས་གཉིས་སུ་མེད་པ་རྡོ་རྗེའི་སྐུའོ། །བརྒལ་བ་ཁུང་ནས་འབྱུང་བས་འོ་ན་ངོ་བོ་ཉིད་རང་རྒྱུད་དུ་མེད་པའི་སྣ་ཚོགས་སུ་སྣང་བས། རྩོལ་བས་འི་རྟོག་པ་བྱས་སོ་བར་དོགས་པ་ལས། ལེན་དཀྱུས་སུ་འདེབས་པ་ནི་མ་གཡོས་བཞིན་དུ་སྣ་ཚོགས་པ། །དེའི་ཚེ་མི་མཐུན་པ་སྣ་ཚོགས་པ་ལ། །སྐུ་སོ་སོར་ཤར་བ་ནི་གདུལ་བྱ་རང་རང་གི་བློ་དང་འདྲ་བར་སྣང་བ་ནི། །དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་། །ལས་འཕྲོས་གདུལ་བྱ་མོས་པ་དབང་གིས་སོ་སོར་སྣང་། །ཞེས་གསུངས་ཏེ། གཞན་དོན་གཟུགས་སྐུ་ཐམས་ཅད་མ་བརྩལ་བར་རང་རིག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ནི། མངོན་པར་བྱང་ཆུབ་པའི་སྐུ་སྟེ། གཟུགས་སྐུ་གཉིས་པོ་དེ་ཡང་གདུལ་བྱ་བློའི་རིམ་པ་དང་མཐུན་པར་སྐུ་སྣ་ཚོགས་སོ་སོར་སྣང་བ་ནི། ལས་དག་མ་དག་གི་རྐྱེན་ཁོ་ནའོ། །ཞེས་བྱའོ། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །ཞེས་བྱ་བ་ནི། གཟུགས་སྐུ་དེ་དག་ཆོས་སྐུ་ལས་མ་གཡོས་པར་ཞིང་ཁམས་ཀུན་ཏུ་སྣང་བ་ནི། དཔེར་ན། མེ་ལོང་དང་། བྱད་བཞིན་གྱི་ཚུལ་ལོ། །ཆོས་སྐུ་ལས་འགྲོ་འོང་མེད་པར་ཀུན་ཏུ་ཁྱབ་པ་ནི། ནམ་མཁའི་ཟླ་བ་ལ་འགྲོ་འོང་མེད་པར་ཆུ་ཐམས་ཅད་དུ་ཟླ་བའི་གཟུགས་བརྙན་བཞིན་ནམ། དཔེས་བསྟན་ཏོ་ཞེས་བྱའོ། །འདི་ལ་གསུམ་སྟེ་དེ་ཚེ་འགྲོ་དྲུག་སེམས་ཅན་ལ་སྣང་ཚུལ་ཐམས་ཅད་ལ། །སྡིག་པ་སྤངས་བ་ཐུབ་དྲུག་གམ་འཁོར་ལོ་བསྒྱུར་རྒྱལ་གྱི་གཟུགས་སུ་རྣམ་པར་སྣང་ཞིང་དགེ་ཚུལ་ནོས། རྣམས་ལ་འཕགས་པ་དགྲ་བཅོམ་པའི་གཟུགས། དང་། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། སྟེ་གྲོགས་པོ་གཉིས་ཀྱི་ལོ་རྒྱུས་བཞིན་ནོ། །ཞེས་བྱ་བ་ནི་གོ་སླའོ། །དེ་ལས་དགར་བས་གཞན་ཡང་ཆོས་ཐེག་མཆོག་ནི་གདུལ་བྱ་ལ་སྣང་ཚུལ་རིམ་པ་བཞིན། །ཞེས་བྱ་བ་ནི། རྒྱུའི་ཐེག་པའི་མོས་པས་སྤྱོད་པ་སྦྱོར་ལམ་པ་མན་ཆད་པ་ལ་སྤྲུལ་པའི་སྐུ་ཉིད་དོ། །ཀྲི་ཡ་དང་ཡོ་ག་ལ་སོགས་པ་ཕྱི་ནང་གི་མོས་སྤྱོད་ལ་ཐེག་པ་སོ་སོའི་སྟོན་པ་རྣམས་ཀྱང་དེ་བཞིན་དུ་སྣང་ངོ་། །འོག་མིན་གཙང་མ་རིགས་ཀྱིས་གཉིས་འགྱུར་གྱིས་དཔག་པའི་བླ་མེད་གནས་མཆོག་ནས། །སྐུ་ནི་རྣམ་པར་སྣང་མཛད་ཆོས་བདུན་ཚུལ། །ས་བཅུ་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུའི་ཆོས་རྣམས་འཇལ་བར་སྟོན། །ལོངས་སྐུ་ངེས་པ་བཞི་ལྡན་ཞེས་བྱ་བ་ནི། འོག་མིན་བླ་ན་མེད་པའི་ཆེན་པོའི་གནས་མཆོག་ཏུ་ལོངས་སྤྱོད་ཀྱི་སྐུ་ནི་རྣམ་པར་སྣང་མཛད་ཀྱི་ཚུལ་དུ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་ལྟར་ཚིག་གིས་གསུང་གི་མཆོག་ཏུ་གྱུར་པས་ཆོས་མི་སྟོན་པའམ་མི་སྨྲ་ཏེ། བརྡ་སྟོན་པ་ནི་མདོ་གཞན་དག་ལས་སྟོན་པ་དེ་བཞིན་གཤེགས་པ་ལ་༡༡༡ལ་ནི། ཀུན་རྫོབ་ཏུ་ཆོས་མ་འདྲེས་པའི་བརྡའ། སྤྱན་ཕྱེ་བས་ཆོས་སྟོན་ཏོ། །ལ་ལ་ནི་དོན་དམ་ལ་སྣང་བ་མེད་པས་བཅུམ་པས་ཆོས་སྟོན་ཏེ། ལ་ལས་ནི་ཐབས་ཀྱི་འགྲོ་དོན་མཛད་པས་ཕྱག་བརྐྱང་བས་ཆོས་སྟོན་ཏོ། །ལ་ལས་ནི་ཤེས་རབ་ཀྱི་ཆོས་ཀུན་ཆོས་ཉིད་དུ་བསྡུས་པས་བསྐུམ་པས། ཆོས། སྟོན་ཏོ། །ལ་ལས་ནི་ཁྱིམ་པའི་ཆ་བྱད་ཅན་ལ་སྔགས་ཀྱི་ལམ་བཙུན་མོ་དང་བཅས་པས་ཆོས་སྟོན་ཏོ། །ལ་ལ་ནི་རབ་ཏུ་བྱུང་བའི་ཆ་བྱད་ཅན་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་བརྡའ་བཙུན་མོ་མེད་པས་ཆོས་སྟོན་ཏོ། །ཞེས་འབྱུང་བ་ལྟ་བུའོ། །ཞེས་བྱའོ། །གཉིས་ལས་དང་པོ་དཔེ་ནི། མེ་ལོང་བསྟན་པའི་ཚུལ་ཁ་བཞིན་དུ། །བྱད་ཀ༽དངོས་ཀྱི་མདོག་ངན་པའི་དྲི་མ་ཐམས་ཅད་མཐོང་ནས་སེལ། །ཞེས་བྱ་བ་གོ་སླའོ། །གཉིས་པ་དོན་པ་བཅུ་པའི་བྱང་ཆུབ་སེམས་དཔའི་འཁོར་༼༠༽གྱི་དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བལྟས་ན། །བྱང་ཆུབ་སེམས་དཔའི་སྒྲིབ་པ་དེ་གཏིང་དཔག་དཀའ་བས་མེད། །དེ་མེ་ལོང་དཔེའི་བཞིན་དུ་སྟོན་པའི་སྐུ་ལ་སྣང་། །བལྟས་པས། ཞེས་བྱ་བ་ནི། ངོས་ཟིན་ཚུལ། དེ་པའི་ཡེ་ཤེས་ཀྱི་སྐུ་ནི་མ་བལྟས་པས་དེ་གཅིག་ཏུ་མ་གྲུབ་པར་སྐུ་ཐམས་ཅད་དུ་སྣང་བའི་ཕྱིར། སྒྱུ་མ་ལས་འདས་པ་ཁོ་ནའོ། །འཁོར་དེ་༼༠༽དག་སྟོན་པ་དེ་ལྟར་མ་གྱུར་པ་ཏེ་སྒྱུ་མ་ཙམ་དུ་འདུག །ནི་སྒྲིབ་པ་ངོས་ཟིན་པའོ། །དེ་པའི་ཡེ་ཤེས་ཐབས་ཀྱི་ལུས་ནི་རྡོ་རྗེ་རྩེ་མོའི་ཐིག་ལེ་ཐིག་ལེ་ཆེན་པོའི་གནས་ཡུམ་གྱི་བྷ་ག་ན་བཞུགས་པས་འཁོར་དམ་ཆོས་ཐམས་ཅད་ཀྱང་དབང་བསྐུར་བའམ་རང་བྱུང་གི་ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས་ནུས་པ་སྟེ། འཁོར་བྱང་ཆུབ་སེམས་དཔའ་དེ་དག་གི་ཐབས་དང་ལམ་དང་མི་མཐུན་པ་ནི་དཔེར་ན་འོ་མ་འདོད་པས་ནུ་མ་ལ་མི་བཞོ་བར་མགོའི་རྭ་ལ་བཞོས་པ་ལྟར་ཤེས་ནོར་པར་པའི་ཕྱིར་རོ། །ངོས་ཟིན་པ་དེ་འགྲུབ་ཚུལ་བསྟན་པས་ནས་ས་བཅུ་རིམ་གྱིས་འབྱངས། ཞེས་བྱ་བ་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། འབྲས་བུ་སངས་རྒྱས་ཀྱི་ས་ལ་ངེས་པར་ཕྱིན་ཅི་མ་ལོག་པར་དབང་ཁོ་ན་ལ་རིམ་གྱི་བརྟེན་ནས་འགྲོ་སྟེ། དེའི་འཐད་པ་ལང་ཀའི་མདོ་ལས། སྟོན་པས་བློ་གྲོས་ཆེན་པོ་ཞེས་བོས་ནས་སྟོན་པས་བྱིན་༼༠༠༽བརླབས་གཉིས་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ས་དང་པོ་ནས་བཅུ་པའི་བར་གྱི་བྱང་ཆུབ་སེམས་དཔའ་དག་སྟོན་པ་དེ་པའི་ཞབས་ལ་ཕྱག་འཚལ་བའི་ཚེ་མགོ་གཏུག་ཅིང་དོན་གྱི་འདྲི་བ་ཡོངས་སུ་འདྲིའོ། །གཉིས་༼༠༠༽གང་ཞེ་ན་དགོངས་པ་ཏིང་ངེ་འཛིན་གྱི་གསང་དབང་ཟེར། བྱིན་གྱིས་བརླབས་པ་དང་། བརྡའ་སྐུ་དང་ཞལ་དང་ཕྱག་གཉིས་གིས་ལས་གཉིས་ཀྱི་ལས་རིམ་ཟེར། དབང་བསྐུར་བའི་བྱིན་གྱིས་བརླབས་སོ། །གཉིས་པ་དེ་ལ་འཁོར་བྱང་ཆུབ་སེམས་དཔའ་ས་དང་པོ་རབ་ཏུ་དགའ་བ་ལ་གནས་པ་ལ། སྟོན་པ་སངས་རྒྱས་ཀྱི་དགོངས་པ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས། དེའི་མཐུས་བྱང་ཆུབ་སེམས་དཔའ་རྒྱུད་པ་ཏིང་ངེ་འཛིན་༢ཐེག་པ་ཆེན་པོ་རབ་ཏུ་སྣང་བ། ཞེས་བྱ་བ་ས་གཉིས་པའམ་སའི་ཏིང་ངེ་འཛིན་ལ་འཇུག་པ་སྟེ། དེ་ལ་ཞུགས་མ་ཐག་ཏུ་ཕྱོགས་བཅུའི་དེ་པ་བརྒྱ་ཡི་སྤྲུལ་པ་འགྱེད་ནུས་ཞིང་ཞིང་བཞི་བརྒྱར་འགྲོ་ནུས། རྣམས་ཀྱི་ཞལ་སྟོན་ཏོ། །ཞེའོ། །ཡང་ཞལ་མཐོང་བ་པའི་མི་མཐུན་པའི་ཕྱོགས་སྤང་བྱ། སྒྲིབ་པ་ངེས་ཟིན་པས་ན་རྟོགས་པར་ཁུང་དུ་ཆུད་དེ་སྤངས་པས་མཐར་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ཐོབ་པའོ། །དེ་ལ་དེ་པའི་ལོངས་སྐུའི་ཞལ་ནས་ལུང་སྟོན་དང་ཕྱག་གིས་སྤྱི་བོར་འཇོག །དབང་བསྐུར་རོ། །ཞེས་འབྱུང་ངོ་། །དེ་ལྟར་ས་བཅུ་པ་དག་དབང་གཉིས་སོ། །རིམ་པར་ཁུང་དུ་ཆུད་ནས་སྤང་བྱ་རྣམས་ཀྱང་དེ་བཞིན་དུ་རིམ་པར་དག་པ་ཁོ་ནའོ། །ས་བཅུ་པ་དེའི་རྗེས་སུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་ངེས་པར་སྣང་བའི་ཕྱིར། བླ་ན་མེད་པའི་འབྲས་བུ་བྱང་ཆུབ་ཡང་དག་ཐོབ་ཅེས་གསུངས་སོ། དུས་དེ་ཉིད་དུ་མདོ་སྡེ་པའི་ཐེག་པའི་སྐུ་གསུམ་བསྟན་པའི་ཕྱིར། ཆོས་སྐུ་གཉིས་མེད་དེ་བློས་དཔག་ཏུ་མེད་ངག་ཏུ་བརྗོད་དུ་མེད། །ལོངས་སྤྱོད་ཀྱི་སྐུ་ནི་སྤྲུལ་པ་ཟད་པ་མེད་པར་འབྱུང་བས་རིན་ཆེན་གྱི་གཏེར་ལྟ་བུའོ་སྤྲུལ་པའིི་སྐུ་ནི་བྱེ་བ་ཕྲག་བསམ་གྱིས་མི་ཁྱབ། པར་སྣང་། ཞེས་གསུངས་ཏེ་གོ་སླའོ། །ཀུན་ཏུ་འོད་དེ་ལས་ཀྱང་སྔགས་ཀྱི་པདྨ་སྤྱན་དང་ཡི་གེ་འཁོར་ལོའི་ས་གཉིས་བསྟན་པའི་ཕྱིར་དུ། ཐབས་དང་ཤེས་རབ་མཆོག །ཅེས་བྱ་བ་ནི། པདྨ་སྤྱན་དུ་སངས་རྒྱས་པ་དེའི་ཚེ་སྙིང་རྗེ་ཆེན་པོ་མངོན་དུ་བྱས་པས་གཟུགས་སྐུ་ཐམས་ཅད་དུ་སྣང་ཡང་། བདག་ཉིད་ཆེན་པོའི་ར་རྟོགས་པ་ཕྱིར་མི་དམིགས་པ་ཤེས་རབ་ཡིན་པས་ན་ཉོན་མོངས་ཅིས་ཀྱང་གོས་པ་མེད་པའི་ས་ནི་ཀུན་ཏུ་འོད་ལས་ལྟོས་ནས་མཆོག་ཁོ་ནའོ། །དེ་ཉིད་དུ་ཡི་གེ་འཁོར་ལོའི་ས་བསྟན་པའི་ཕྱིར། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་ཏུ་མ་དྷ་ལ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཞེས་བྱ་བ་ནི། ཆོས་དབྱིངས་ཡེ་ཤེས་མ་ཡིན་པའི་ཡེ་ཤེས་བཞིའི་བརླབས་ཀྱིས་ཡེ་ཤེས་རེ་རེ་ལའང་བཞི་བཞི་སྟེ་བཅུ་དྲུག་གམ། ཡང་ན་ཡབ་ཡུམ་གྱི་དགའ་བ་བཞི་པོ་རེ་རེ་ལའང་དགའ་བཞི་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་བཞིའི་ཤར་བ་བྱིན་བརླབས་ལས། ལས་ཀྱིས་༡ཡེ་ཤེས་བཅུ་དྲུག་དང་ཡུམ་གྱི་ཡུལ་དབྱིངས་བཅུ་དྲུག་གི་བརླབ་ལ་སེམས་དཔའ་དང་བཅུ་དྲུག་སེམས་མ་བཅུ་དྲུག་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། སེམས་དཔའ་བཅུ་དྲུག་ལ་ཡེ་ཤེས་ལྔའི་ལྔ། བྱིན་བརླབ་ལས། རིགས་ལྔ་ལྔ་དབུ་བརྒྱན་པ་ནི་དཔེ་བྱད་བརྒྱད་ཅུ་ལ་སོགས་པ་ཐམས་ཅད་ལྷུན་༡༡གྱིས་གྲུབ་ཅིང་རྫོགས་པས་རང་སྣང་བ་དང་། འཁོར་འདས་ཀྱི་སྤྱོད་ཡུལ་གྱི་རིལ་ཀུན་བདག་གི་སེམས་ལས་མི་གཞན་པའི་ཡེ་ཤེས་ལྷ་དང་དཀྱིལ་འཁོར་དུ་སྣང་བ་བསོད་ནམས་དག་ནི་ཚོགས་ཆེན་པོ་གཉིས་ཀྱང་མ་རྩལ་བར་ལྷུན་གྱིས་གྲུབ་པ་སྟེ་རྫོགས་པར་རོལ་ཞེས་བྱ་བ་ཁོ་ནའོ། །དེའི་ཡོན་ཏན་ཀ༽བགྲང་བར་མི་ནུས་པ་བསྟན་པའི་ཕྱིར། དེ་ལ་ཀ༽སོགས་ཏེ་ཡོན་ཏན་བསམ་ཡས་པ་དང་ལྡན་པས་མཆོག །ཅེས་གསུངས་སོ། །ས་གཉིས་སོ་དེ་ལ་སྔགས་ཀྱི་ལུགས་སུ་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པར་བསྟན་པའི་ཕྱིར། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། ཞེས་བྱ་བ་ནི། ༡ཆོས་ཀྱི་སྐུ་ནི་གོང་དུ་བཤད་པ་བཞིན་ཡིན་པས་སེམས་ཉིད་ཡེ་ནས་སྐྱེ་ཤི་མེད་པའི་ཕྱིར་སྐད་ཅིག་མའི་སྐྱེ་འཇིགས་དང་བྲལ་བས་ན་ངོ་བོ་ཉིད་ཀྱིས་རྟག་པ་སྟེ་འགྱུར་བ་མེད་པ་གཡུང་དྲུང་ཆོས་ཀྱི་སྐུ་ཁོ་ནའོ། །ཉོན་མོངས་ཀུན་གྱི་ཞིང་དུ་ཀ༽གནས། །ཟད་ཁ༽མེད་རིན་ཆེན་གཏེར་དུ་ག༽འགྱུར། །ཞེས་བྱ་བ་ནི། ལོངས་སྤྱོད་ཆེན་པོའི་སྐུ་༡ནི་འདོད་ཡོན་གང་ཡང་མ་སྤངས་པ་ཁོ་ན་བས། གདུལ་བྱའི། ཉོན་མོངས་པ་དྲུག་པོ་ཀུན་སྦྱངས་པའི་ཞིང་ཚོགས་གཉིས་བསགས། ཞིང་དུ་གྱུར་པ་སྤྲུལ་པ་སྐུའི་འབྱུང་གནས་མི་བཟད་ཁ༽པའི་འབྱུང་ཀ༽ཁུང་ག༽གི་གཏེར་དུ་གྱུར་པ་ནི་ལོངས་སྐུ་ཡིན་པའོ། །རྡོ་རྗེ་རིག་པ་འཛིན་པའི་སྐུ། །ཞེས་བྱ་བ་ནི། ཆོས་གང་དུ་ཡང་རང་རིག་པར་གསལ་བས། སྣང་སྟོང་གཉིས་སུ་མི་ཕྱེད་པ་ནི་རྡོ་རྗེའོ། །འཛིན་པ་ནི་འཆང་བ་ཞེས་བྱ་བ་སྟེ། གང་གི་རིག་པ་དེ་ལྟར་འཛིན་པ་དང་ལྡན་པ་ནི། ༡རྡོ་རྗེའི་སྐུ་ཁོ་ནའོ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཞེས་བྱ་བ་ནི། ཕུང་པོ་ལྔ་ལ་སོགས་པ་རྟོགས་པའི་རིམ་ཐམས་ཅད་རང་རིག་པར་དབྱེར་མེད་མཉམ་པ་ནི་རྟོག་པ། ཐམས་ཅད་ཀྱང་རིག་པ། བདག་ཉིད་ཆེན་པོའི་སྐུ་དང་ཡེ་ཤེས་སུ་གསལ་བས་མངོན་པར་༡བྱང་ཆུབ་པའི་སྐུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཞེས་བྱ་བ་ནི། ༡སྤྲུལ་པའི་སྐུ་གདུལ་བྱ་ཐམས་ཅད་ཀྱི་འདུལ་བའི་དུས་༡དང་། འདུལ་ཐབས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གང་ལྟར་བསམ་པ་དང་འཚམ་པར་དོན་མཛད་པར་མི་འདའ་༡བ་དང་མ་འདྲེས་པར་ཁོ་ནར་སྣང་བའི་ཕྱིར་རོ། །ལྔ་པོ་༡༡༡༡༡དེ་དག་གིས་ཕྱིར་ན། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་གསུངས་སོ། །ཞེས་རང་བཞིན་སྐུའི་དཀྱིལ་འཁོར་གྱི་དོན་དེ་དག་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གདུལ་བྱའི་གནས་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་སྐུའི་དཀྱིལ་གྱིས་རོལ་པ་འཁོར་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་སྙེད་དུ་རང་བཞིན་སྐུའི་དཀྱིལ་འཁོར་རང་རིག་པའི་མངོན་སུམ་དུ་གསལ་བར་གྱུར་ཏོ། །ཞེས་པ་ནི་གོ་སླ་སྟེ། ཆེ་བའི་ཡེ་ཤེས་ལྔ་དཀྱིལ་འཁོར་མངོན་སུམ་དུ་འབུང་བའི་ཕྱིར་དང་། དྲུག་པའི་སྐུའི་རོལ་པ་ཡོངས་སུ་བསྟན་པའི་ཕྱིར་རོ། །སྡུད་པར་བྱེད་པའི་ཚིག་འབྱུང་བ་སྔར་དང་འདྲའོ། །དམིགས་བྱ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི་ཁྱབ། །ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། །ཞེས་བྱ་བ་ནི། ཕྱི་ནང་སྣོད་བཅུད་ཀྱི་རིལ་ཐམས་ཅད་སེམས་ཀྱི་ཡེ་ཤེས་སུ་སྔར་གསལ་བའི་དུས་ན་དམིགས་བྱའམ་ཤེས་བྱ་ཆོས་ཀྱི་དབྱིངས་དང་དམིགས་བྱེད་དམ་ཤེས་བྱེད་རང་རིག་པའི་ཡེ་ཤེས་གཉིས་ཀྱི་ཐ་སྙད་ལས་འདས་ཏེ། མི་དམིགས་པས་བློའི་སྤྱོད་ཡུལ་དང་བྲལ་བས་ཏིང་ངེ་འཛིན་དཔག་མེད་ཡོན་ཏན་བསམ་གྱིས་མི་ཁྱབ་བར་གསལ་བ་ནི། མིང་དུ་རྫོགས་༡པ་ཆེན་པོའོ་དོན་ཏེ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱའོ། །དེ་༡ལ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རིལ་ཐམས་ཅད་ལྷུན་གྱིས་གྲུབ་པ་ཉིད་རང་རིག་པའི་རྒྱལ་པོས་རང་དབང་བསྒྱུར་ཏེ། ཡེ་ཤེས་རོལ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལྷ་དང་གཞན་ཡང་ཁང་སྣ་ཚོགས་སུ་བརྗོད་ཀྱིས་མི་ལང་བར་རང་སྣང་བ་ཉིད། རིག་པ་བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ་སྣང་བས་དེས་ན་སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར། ཡ་ཀི་ན་དེ་ནས་ཞེས་པ་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། ཞེས་པའི་བར་དུ་སྡུད། ཅེས་གསུངས་སོ། །མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། །ཞེས་བྱ་བ་ནི། དྲུག་པའི་སྐུའི་རོལ་པ་གཟུགས་སྐུ་གཉིས་པོ་དེ། ཉིད་ལོངས་སྐུ་ནི་གདུལ་བྱ་དག་པ་ས་བཅུ་ལ་སྣང་བར་གོ་མཉམ་པ་དང་། འཇིག་རྟེན་པ་མ་དག་པ་རིལ་ལ་སྤྲུལ་སྐུར་སྣང་སྟེ་ལོངས་སྐུ་མི་སྣང་བས་གོ་མི་མཉམ་པ། ཀུན་ལ་ཁྱབ་པར་དོན་མཛད་པ་མངོན་དུ་བྱུང་ཙམ་ན། དེ་དག་ཆོས་སྐུ་དེ་བཞིན་ཉིད་ལས་མི་འགྱུར་བའི་ཕྱིར། གཟུགས་སྐུ་༼༠༽སྣང་བ་དང་སྟོང་པ་གཉིས་སུ་སོང་བ་མེད་པར་ཁྱབ་བྱ་ཁྱབ་བྱེད་གཉིས་མེད་དུ་ཁྱབ་པའི་དབྱིངས། ཁོ་ནའོ། །གཉིས་མེད་དེ་དག་༼༠༽ཅིའི་ཕྱིར་སྙམ་པ་ལ། ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམས་སྤྲོ་སྤྲོས་པ་མེད། ཅེས་གསུངས་ཏེ། གཞི་ལ་དངོས་པོ་ཀུན་གྱི་རང་བཞིན་ཡེ་གདོད་མ་ནས་འབྲས་བུ་སྐུ་ལྔའི་དཀྱིལ་འཁོར་དུ་གསལ་བ་ལས་ལམ་གྱི་དེ་བཞིན་ཉིད་དུ་མངོན་སུམ་དུ་གཤེགས་༡པ་དང་། ཡང་དག་མངོན་པར་འབྲས་བུ་མ་ལུས་པ་རྫོགས་༡པ་ཉིད་ཀྱི་༡༡ཕྱིར་གཞི་འབྲས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པ་དེ་ཉིད་རང་སྣང་བ་ནི། རྣམ་པར། འཕྲོ་བ་ཞེས་ཐ་སྙད་དུ་འདོགས་སོ། །དེ་དག་གདུལ་བྱ་ལས་དག་མ་དག་ཀྱི་རིམ་པ་ཅི་ལྟ་བར་གཟུགས་སྐུ་གཉིས་སུ་སྣང་ཡང་། རང་རྒྱུད་པར་འབྱུང་བ་མེད་པས་སྤྲོས་པ་མེད་པ་ཁོ་ནའོ། །ཞེས་བྱའོ། །དཀྱིལ་འཁོར་སྤྲོས་པ། ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ལྔའི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་གཞལ་ཡས་ཁང་དང་ལྷའི་དཀྱིལ་འཁོར་དང་། ཞི་བ་རང་བཞིན་ལྷུན་གྲུབ་སྐུའི་དཀྱིལ་འཁོར་ལྔ་པོ་སྤྲོས་པ་དེ་དག་གི་ངོ་བོ་དང་། མཚན་ཉིད་དང་། མཛད་པའི་ཕྲིན་ལས་ཡོངས་སུ་བཤད་པའི་ལེའུ་སྟེ་དྲུག་པའོ།། །།ད་ནི་སྟོད་ན་ཞི་བ་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར། སྔགས་གསུམ་གསལ་བར་བསྟན་པའི་ཕྱིར། དེ་ནས་ཞེས་བྱའོ། །དེ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྷྲཱུྃ་༼༠༠༽ནི་ཅིར་ཡང་འགྱུར་བ་སྟེ་འདིར་གཞལ་ཡས་ཁང་གི་ས་བོན་ནོ། །བྷི་ཤ་སྣ་ཚོགས་བྷི་ཤུདྡྷེ་རྣམ་པར་དག་པ་ཞེས་བྱ་བ་ནི་འབྱུང་བ་ལྔ་འཛིན་གྱི་རྟོག་པ་སྣ་ཚོགས་དག་པ། འདིས་ཕྱི་ལྟར་གཞིའི་ཐབས་གཞལ་ཡས་ཁང་ཡོངས་སུ་བསྐྱེད་ཅིང་སྣང་བར་བྱེད་པའོ། །དེ་ཡང་། སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། བྷྲཱུྃ་གིས་དབྱིབས་ཅན་ཡུམ་གྱི་བྷ་གར་རྩ་སྣ་ཚོགས་འདུས། །པ་ལ། སྦྱོར་བའི་བྱེད་ལས་༼༠༠༽དང་ཉི་མའི་ཐིག་ལེ་རང་གི་ངོ་བོ་ལ་ཆག་རྟོགས་རང་ཁ་མ་རྣམ་པར་དག་པ་དེ་ཉིད། །སངས་རྒྱས་རིན་ཆེན་དང་འདྲ། མཁའ་ནི་ཟ་མ་ཏོག །དང་འདྲ་བ་དེ་ཅིའི་ཕྱིར་སྔགས་ཞེ་ན། བྱིན་བརླབས་ཆེ་བ་དང་ཡིད་སྐྱོབས་པའི་ཕྱིར་ན་སྔགས་སུ་བརྗོད། །ཅེས་བྱ་བའོ། །ཧཱུྃ་བཛྲ་དྷྲིཀ །ཞེས་བྱ་བ་ལ་སོགས་པ་རྣམས་ནི། རིགས་ལྔ་བསྐྱེད་པའི་སྔགས་སོ། །དེ་ཡང་། སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། ཙིཏྟ་༼༠༽སྙིང་ཁ་ཁམས་དངས་མ་ལྔའི་སྣོད་ཤི་ར་ལ། །སྟེ་རྩ་ལྔའི་ནང་། བཛྲ་༡རྡོ་རྗེ་ཛྷི་ན་རྒྱལ་བ་རཏྣ་༡རིན་ཆེན་ཨ་རོ་༡ཆོས། །པྲ་ཉ་ནི་༡ཤེས་རབ་ལས་ཀྱིས་རིགས་ལྔ་དང་༡༡༡༡༡ལྡན་པའི་བཅུད་ཐིག་ལེའི་ཀྱི་ངོ་བོ་ལ་ཧཱུྃ་ༀ་སྭ་ཨཾ་ཧཾ་གིས་གཟུགས། །རྣམས་སྣོད་རྩིའི། ངེས་པར་ཧྲི་ཛྷིག་ལིག་འཛིན་པ་གསང་བའི་སྔགས། །ཞེའོ། །མུཾ་དྷ་དུ་ཤྭ་རི། ཞེས་བྱ་བ་ལ་སོགས་པ་ནི་ཡུམ་ལྔའི་སྔགས་སོ། །དེ་ཡང་། དེ་ཉིད་ལས། ༼༠༽དེ་ཉིད་ཀྱི་དྭངས་མ་ལྔའི་ཡེ་ཤེས་ལྔ་། །དང་། ལྷན་སྐྱེས་ཀུན་བརྟགས་ཀྱི་མ་རིག་གཉིས་ནི་གཏི་མུག་སོགས་སྒྲས་ཞེ་སྡང་ང་རྒྱལ་འདོད་ཆགས་ས་འོག་གི་ཕྲག་དོག་བཞི་པོ་དང་། །དེ་དག་དང་དབྱེར་མི་ཕྱེད་པས་ཕྲག་དོག་རྡོ་རྗེ་སྔགས། །དུག་ལྔ་ཆོས་ཀྱིས་དབྱིངས་སུ་སྐྱོབ་པས་ཞེ་སྡང་དགའ་མ། གཏི་མུག་ང་རྒྱལ་འདོད་ཆགས་ཕྲག་དོག །དགའ་མར་བརྗོད། །ཞེས་གསུངས་པའོ། །ཀྵི་ཧི་ར་ཙཱ་ཡ་ནི་ས་སྙིང་དཀར་པོ་མྱུ་གུ་འཛིན་པའི་བསྐྱོད་སྔགས་ཞེས་བྱ་བ་ལ་སོགས་པ་ནི། ཐུགས་ཀྱི་སེམས་དཔའ་བཞིའི་སྔགས་སོ། །ཧཱུྃ་ལ་སེ་ས་མ་ཡ་སྟྭཾ། ནི་ལ་སྱེ་དཀར་མོ་མེ་ལོང་འཛིན་པའི་བསྐྱེད་སྔགས། ཞེས་བྱ་བ་ལ་སོགས་ནི། དེ་དག་ནི་ཡུམ་བཞིའི་སྔགས་སོ། །ཡང་ཐལ་བའི་རྒྱུད་ལས། འདོད་པའི་བསྟན་ཆོས་ཀྱི་ཆའི་ལས་ཀྱི་བདེ་བས་རྒྱས་པ་སྒེག་པ་ནི། །ལ་སྱེ། ཡབ་ཀྱིས་ས་མ་ཡ་སྟྭཾ་ནི་ཆགས་པའི་ས་སྤྱད་དམ་ཚིག་གི་དུས་ལ་བབ་པ་ཡིན་ནོ། །ཡབ་ཀྱི་ཅི་ལྟར་སླར་ཡང་ཡུམ་གྱི་བསྟན་ཆོས་ཀྱི་ཆའི་ལེན་གྱིས་འབྲེལ་བ་ནི། །མ་ལྱེ་ཕྲེང་བ། ཡབ་ཡུམ་གཉིས་ཀ་བདེ་བ་དགྱེས་པའི་མཆོག་ཏུ་བཤད། །པ་ནི་ས་མ་ཡ་ཧོ་ཞེས་བྱའོ། །གཱིརྟི་གླུ་མ་ནི་བསྐྱོད་པ་ཧ་དང་སིའི་བདེ་སྒྲ་དག །ར་ག་ཡ་ཧོ་ནི་བདག་གིས་ཆགས་པ་ཐོབ་པའོ། །ལུས་སྟོད་སྨད་ཤིན་ཏུ་བསྐྱོད་པའི་ས་ནི་ནཱིརྟིའི་གར་བསྒྱུར་བདེ་བ་ཉིད། །ར་ག་ཡ་མིས་ཀུན་ནས་བསྐྱོད་པའི་རླུང་ཞེས་བྱ། །ཞེའོ། །མཻ་དྷ་ར་ནི་སྭཱ་ཧཱ། ནི་བྱམས་པ་དཀར་སེར་ཀླུ་ཤིང་འཛིན་པའི་བསྐྱེད་སྔགས། ཞེས་བྱ་བ་ལ་སོགས་པ་ནི། གསུང་གི་བྱང་ཆུབ་སེམས་དཔའ་བཞིའི་སྔགས་སོ། །ཛ་དྷུ་པེ་པྲ་བེ་ཤ་ནི་བདུག་སྤོས་དཀར་སེར་སྤོས་མེ་འཛིན་པའི་བསྐྱེད་སྔགས། ཞེས་བྱ་བ་ལ་སོགས་པ་ནི། དེ་དག་གི་ཡུམ་བཞིའི་སྔགས་ཏེ། ཡང་ཐལ་རྒྱུད་ལས། ཉི་ཟླའི་ཐིག་ལེ་གཉིས་འདྲེས་པ་དེ་གསང་བ་རྡོ་རྗེའི་རྩེར་འཛིན་པ་ཛ་ལྕགས་ཀྱུ་ཞེས་བྱ་སྟེ། དྷུ་པེ་བདེ་བས་ཚིམ་པས་དེ་ཉིད་རྡོ་རྗེ། ནོར་བུ་དང་པདྨའི་ཟེའུ་འབྲུ་ཁ་ཕྱེ་བ་ལས་བྱུང་བའོ། །ནི་པྲ་བེ་ཤ། པུཥྤེ་ཀུནྡྷ་དང་པདྨའི་མེ་ཏོག་གཉིས་གཅིག་ཏུ་བསྡུས་པའི་ཧཱུྃ་ནི་ཞགས་པ་མའི་ངོ་བོ་ཉིད། །སླར་༼༠༽དབྱིངས་༼༠༽ཡེ་ཤེས་༼༠༠༽བདག་པོའི་སོ་སོ་ཞལ་དུ་ཐིམ་པར་བཤད། །པ་ནི་ཨ་བེ་ཤའོ། །ལུས་སྟོད་སྨད་ཤིན་ཏུ་བམ་ལྕགས་སྒྲོག་གིས་བསྡམ་པའི་རིམ་པ་ལས་བྱུང་། །བ་ནི་དྷི་ཙ། རྣམ་པ་རིལ་གསལ་བའི་ཡེ་ཤེས་བདེ་བ་ཆེ། །ན་པོ་ནི་པུ་ཀི་ནི་མར་མེ། ལུས་ཀུན་ཧོ་དྲིལ་བུ་མས་བདེར་གསལ་བའི་སྒྲ་ནི་བརྗོད་པ་དང་འདྲ་བའི་གྷནྡྷེ་སྒྲ། །གསལ་སྟོང་། གཉིས་མེད་ཙིཏྟ་ཐུགས་སུ་ཤེས་པར་བྱའོ། །ཞེས་སོ། །ཧཱུྃ་ཡ་མཱནྟ་ཀྲི་ཕཊ། ནི་གཤིན་རྗེ་སྨུག་ནག་མི་མགོ་ཁ་གདངས་འཛིན་པའི་བསྐྱེད་སྔགས། ཞེས་བྱ་བ་ལ་སོགས་པ་ནི། ཁྲོ་བོ་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་སྔགས་སོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ནི་ཀུན་བཟང་མཐིང་ཀ་མཉམ་བཞག་ཅན་གྱི་བསྐྱེད་སྔགས། ཨ་ཨ་ཨཱཿབཛྲ་ས་ཏྲ་ས་མན་ཏ་ཨཱ། ནི་ཀུན་མོའི་བསྐྱེད་སྔགས། ཞེས་བྱ་བ་ནི། བྱེད་པ་པོ་ཡབ་ཡུམ་གྱི་སྔགས་ཏེ། ཡང་། ཐལ་རྒྱུད་ལས། ཧཱུྃ་གསུམ་ནི་ཀུན་ནི་ཉོན་ཡིད། ཚོགས་དྲུག་གམ། ཀུན་ཏུ་ཚོལ་བའི་རྗེས་སུ་དཔྱོད་པའི་གཏན་ལ་ཕབ་པའི་ཡིད་གསུམ་གྱིས་རྣམ་ཤེས་གསུམ་རང་ཁ་མ་ལ་འདས་པ་བཛྲ་སྐྱེ་འཇིགས་དང་བྲལ་བས་རྡོ་རྗེ་ནི། །ཨོཾ་ཡེ་ཤེས་ལྔ་ཡོངས་སུ་རྫོགས་པའི་ཙིཏྟ་ཐུགས་ཉིད་དོ། །ཨ་གསུམ་ནི་སྐྱེ་བ་མེད་པའི་མཉམ་པའི་ལྷུན་གྱིས་གྲུབ་པའི་དབྱིངས་གསུམ་རྣམ་པར་དག་པས་བཛྲ་འདུས་མ་བྱས། །པས་རྡོ་རྗེ། དུས་ཀུན་ཏུའང་པ་ཊ་པ་མིན་ཏ་དེ་བཞིན་ཉིད་ལ་གནས་བར་བྱེད་པའོ། །ཞེའོ། །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ལྷའི་ཐུབ་པ་དཀར་པོ་པི་ཝཾ་འཛིན་པའི་བསྐྱེད་སྔགས། ཞེས་བྱ་བ་ལ་སོགས་པ་ནི། སྤྲུལ་པ་ཐུབ་པ་རྣམས་ཀྱི་སྔགས་ཏེ་ཡང་། །ཐལ་རྒྱུད་ལས། སྙིང་ཁའི་ཐིག་ལེ་རིགས་དྲུག་གིས། །ས་བོན་ཟུང་གསུམ་ཨ་ནྲི་སུཾ་པྲེ་ཏྲི་དུ་དྲུག་པོ། དེའི་བདེ་བ། །ངེས་པར་སྐྱེས་ཏེ། རང་རིག་གྱུར་པའི། །དུས་སུ། ལས་ཉོན་གཉིས་ལས་འབྱུང་བའི་འགྲོ་བའི་རྟོག་པ་རྣམས། འདུལ་བའི་ཕྱིར་ན་མུ་ནེ་ཐུབ་པར་གསུང་། །ཞེའོ། །ཡེ་ཤེས་ལྔ་ལྡན་སྔགས་ཀྱི་འགོ་འདྲེན། ༀ་ཨེ་ཧ་ཧི་བོས་བྷ་ག་བན་བཅོམ་ལྡན་འདས་མ་ཧཱ་ཀ་རུ་ནི་ཐུགས་རྗེ་ཆེན་པོ་ཏྲི་ཤ་ཧོ་གཤེགས་ཤིག་ས་མ་ཡ་སྟྭཾ་དམ་ཚིག་དུས་ལ་བབ་པའོ། །ཞེས་བྱ་བ་ནི། རང་བཞིན་ལྷུན་གྲུབ་གྱི་དཀྱིལ་འཁོར་ལ་དམ་ཚིག་བསྐུལ་ཏེ། སྙན་གསན་དབབ་པའོ། །ཛཿཧཱུྃ་བྃ་ཧོ༔ ཞེས་བྱ་བ་ནི། རིམ་པར་སྤྱན་དྲངས་ཏེ། གུར་ཁང་གྱི་སྟེང་དུ་བཞུགས་པ་ཁོ་ནའོ། །ༀ་བཛྲ་ས་མ་ཡ་ༀ། ཞེས་བྱ་བ་ལ་སོགས་པ་ནི། ཕུང་པོ་ལྔ་ལ་སོགས་པའི་རྟོག་པ་ངོ་བོ་ཉིད་འབྲས་བུ་སྐུ་དང་ཡེ་ཤེས་ཉེར་ལྔར་འི་ངོ་བོ་ཤེས་པའི་དུས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པར་གསལ་བ་ནི། དེ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་རྩ་བར་གྱུར་པའི་ཕྱིར། དཀྱིལ་འཁོར་ཐམས་ཅད་དུ་བཞུགས་པ་ཁོ་ནའོ། །གཉིས་སུ་མེད་པ་དེ་ཉིད་དུ་གྱུར་པར་ཕྱག་རྒྱ་བཞིས་ནན་ཏན་གྱིས་བྱིན་གྱིས་བརླབས་པར་བསྐུལ་བའི་ཕྱིར། ༀ་ཡེ་ཤེས་ལྔ་ལྡན་གྱི་གླུའི་འགོ་དྲངས། ཆོས་ཐམས་ཅད་སྤངས་པ་མེད་པར་རིག་པའི་ཡེ་ཤེས་སུ་བསྒྱུར་བའི་ཕྱིར། རྒྱལ་པོ་དེ་ཉིད་ཀྱི་སྐུ་གསུང་ཐུགས། ཡོན་ཏན་ཕྲིན་ལས་རྣམས་གཞན་ལས་ཁྱད་པར་དུ་གྱུར་པས་ན། རྨད་པོ་ཆེ་སྟེ། དུས་དེ་ཉིད་འདི་དུ་ནི་བདག་དང་མཉམ་པར་སྦྱོར་བས་ཐུགས་རྗེས་མངའ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཕྱག་རྒྱ་ཆེན་པོར་བདག་ཀྱང་སྦྱོར་ཅིག །ཞེས་གསུངས་སོ། །ༀ་ཡེ་ཤེས་ལྔ་ལྡན་བཛྲ་རྡོ་རྗེ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོ༔ ཞེས་གསུངས་པ་ནི། ས་མ་ཡ་ཧཱུྃ་ནི་རང་བཞིན་གྲུབ་པའི་ཡེ་ཤེས་སུ་དམ་ཚིག་གཅིག་པར་སྡུད་ཅིག་ས་མ་ཡ་སྟྭཾ་ནི་བྱིན་གྱིས་བརླབ་པའི་དུས་ལ་བབ་པས་ས་མ་ཡ་ཧོ་ནི་དེ་བདག་ལ་མཉེས་ཤིང་གསལ་བར་མཛོད་ཅིག །ཞེས་བྱ་བ་ཁོ་ནའོ། །ཛ་ཿཧཱུྃ་བྃ་ཧོ༔ ཞེས་བྱ་བ་ནི། ཕྱག་རྒྱ་བཞིས་རིམ་པས་བདག་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་པ་བསྟིམ་ནས་བཞུགས་པའོ། །ཞེས་བརྗོད་པས་གསུང་གི་དཀྱིལ་འཁོར་དག་གི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པར་ཁྱབ་པར་གྲགས་སོ། །ལ་སོགས་པ། ཞེས་བྱ་བ་ནི། ཞེས་བརྗོད་པས་གསུང་སྔགས་ཀྱིས་དཀྱིལ་འཁོར་འདི་དག་གི་མཐུས་འཇིག་རྟེན་འགྲོ་བ་དྲུག་གི་ཕྱོགས་བཅུའི་གདུལ་བྱ་བ་ཐམས་ཅད་ཀྱི་ལུས་ལ་སྔགས་ཡི་གེ་ཉིད་གནས་པའི་མཚུངས་ལྡན་གྱི་རྒྱུ་ལས་ཁྱད་པར་གྲགས་སོ། །དེ་འབྲས་བུ་ལྷའི་དཀྱིལ་འཁོར་དང་དུ་གསལ་བས་ན་རབ་ཏུ་གྲགས་པ། ཕྲིན་༡ལས་དང་། མཆོག་ཐུན་མོང་གི་༡དངོས་གྲུབ་དང་གསུམ་གྱི་༡༡༡རིལ་དུ་སྣང་བ་དེ་ཉིད་རིམ་པ་ལྟར་བསྐྱེད་སྔགས་སྤྱན་དྲང་བ་ལ་སོགས་པའི་བསྐྱེད་སྔགས་སི་ཏི་བསྐུལ་བའི་སྔགས་ཀྱིས། གསལ་བར་བྱས་པའོ། །ས་ན་ཀུན་ཏུ་གྲགས་དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་བྱ་བ་མོ་ཀུན་ཏུ་བཟང་མོ་དང་ཐབས་ཤེས་རབ་གཉིས་སུ་མེད་པའི་དོན་དེ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་པ་དོ། །ཞེས་བྱ་བ་ནི། གང་ལ་དབང་བསྐུར་ན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལྷ་ཞེ་གཉིས་སོ་ཐམས་ཅད་ལ་གང་གིས་ན་རང་བཞིན་ལྷུན་གྱིས་གྲུབ་པའི་སྟེ་རྒྱུད་དག་པ་ཐབས་ཡབ་དང་ཤེས་རབ་ཡུམ་གཉིས་སུ་མེད་པའི་ཅི་ལྟ་ན་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ཁོ་ནས་དབང་བསྐུར་བར་བྱ་བའི་ཕྱིར་རོ། །བདག་ཉིད་ཆེན་པོའི་ཡེ་ཤེས་ལྔ་དབང་བསྐུར་པ་དང་། སྐུ་གསུང་ཐུགས་ཀྱི་བྱིན་བརླབ་བསྡུ་བ་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཡན་ལག་གི་ལྷ་དགུ་རྣམས་ནི་ཡེ་ཤེས་ལྔའི་༡ཆུ་རྒྱུན་གྱིས་དང་ཕྱོགས་བཅུའི་རྒྱལ་བའི་༡སྐུ་གསུང་ཐུགས་བྱིན་༡༡བརླབས་ཕབ་པ་ལས་བྱུང་བས་ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་གསུམ་པོ་དེ་དག་ཉིད་དུ་ངའམ་བདག་ཡིན་ནོ་བར་ང་རྒྱལ་༼༠༽བྱེད་པའི་ཕྱིར། ཡེ་ཤེས་ལྔ་ལྡན་ༀ་མ་ཧཱ་ཆེན་པོ་ཤུད་ཉ་ཏ་སྟོང་པ་ཉིད་བཛྲ་རྡོ་རྗེ་སྭཱ་བྷཱ་བ་རང་བཞིན་དག་པ་༼༠༽ཨད་མ་ཀོ྅་ཧཾ། ངའམ་བདག་ཡིན་ནོ་ཞེས་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་ནི། ཐལ་བའི་རྒྱུད་ལས། མི་༡བསྐྱོད་པ་དང་བྱེད་༡པ་པོ་ཡུམ་༡༡དང་བཅས། །པའི་ཀུན་གྱི་གཙོ་བོ། རྡོ་རྗེ་འཛིན་པའི་ཕྱག་རྒྱར་སྟེ་རིགས་ལྔ་ལྡན། །ནོ། །རྣམ་སྣང་ཡབ་ཡུམ་བྱམས་པ་ཡབ་ཡུམ་ས་སྙིང་ཡབ་ཡུམ་དེ་བཞིན་རིགས་རྣམ་སྣང་གི་གཙོ་བྱས་པ་ཡིན་ནོ། །ལྷ་གཞན་དག་རང་གི་རིགས་ཀྱི་བདག་པོ་རང་རང་གི་ཕྱག་རྒྱ་དབུ་རྒྱན་གྱིས་གཙོ་བོ་ཡིན། སྟེ། །དེ་ཡང་རིན་འབྱུང་ཡབ་ཡུམ། ནམ་སྙིང་ཡབ་ཡུམ། སྒྲིབ་སེལ་ཡབ་ཡུམ་རྣམས་ལ། རིན་འབྱུང་གཙོ་བོ་དང་། སྣང་མཐའ་ཡབ་ཡུམ། སྤྱན་རས་གཟིགས་ཡབ་ཡུམ་ཀུན་བཟང་ཡབ་ཡུམ་ལ་སྣང་མཐའ་གཙོ་བོ་དང་། དོན་གྲུབ་ཡབ་ཡུམ། ཕྱག་རྡོར་ཡབ་ཡུམ། འཇམ་དཔལ་ཡབ་ཡུམ་རྣམས་ལ་དོན་གྲུབ་ཀྱིས་གཙོ་བྱས་པའི་རིགས་ལྔའམ། གཤིན་རྗེ་གཤེད་ཀྱི་དབུ་རྒྱན་གྱི་གཙོ་བོ། ལ་རྟག་པར་རྣམ་སྣང་ཡིན་པར་བཤད། །དོ། །དེ་བཞིན་དུ་སྟོབས་ཆེན་རིན་འབྱུང་། རྟ་མགྲིན་སྣང་མཐའ། བདུད་རྩི་འཁྱིལ་པ་ལ་ལས་ཀྱི་རིགས་ཀྱི་གཙོ་བོ་བྱས་པར་འདོད། ཐུབ་པ་ཆེན་པོ་དྲུག་གི་དབུ་རྒྱན་གྱི་གཙོ་བོ་རྡོ་རྗེ་འཛིན་ཅིང་འཆང་བ། །ཡིན་ནོ། །ཐུབ་པ་དྲུག་པ་ཡུམ་མེད་པའམ། ཟླ་དང་བྲལ་བ་དཔའ་བོ་ཆེ། །ཞེས་བྱ་བ་ཁོ་ནའོ། །གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་འཕྲོ་འདུ་བྱའོ། །ༀ་ཡེ་ཤེས་ལྔ་ལྡན་སརྦ་ཐམས་ཅད་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་མ་ཧཱ་ཆེན་པོ་ཀཱ་ཡ་སྐུ་བཛྲ་རྡོ་རྗེ་སྭ་བྷ་བ་རང་བཞིན་ཨད་མ་ཀོ྅་ཧཾ། ཞེས་པ་དེ་བ་ཐམས་ཅད་ཀྱི་སྐུའི་རང་བཞིན་ངའམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །གཉིས་པོ་དེས་འདྲེས། ཞེས་བྱ་བ་ལ་སོགས་པ་ནི། ཡང་། ཐལ་རྒྱུད་ལས། སྤྱི་མགྲིན་སྙིང་ཁའི་གནས་གསུམ་ཁྱབ་འཇུག་ཡི་གེ་ཤད་ཏིག་གྷོ། ༀ་ཨཱཿཧཱུྃ། ལས། །འོད་ཟེར་ཕར་འཕྲོ་བའི་ཚོགས་ཆེན་པོ། །ཁམས་གསུམ་གྱི་སྒོ་དང་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་༡བརླབས་གཟི་༡༡བྱིན་བསྡུས། །རང་བཞིན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་རང་ལ་གནས་པ། །མཚུངས་ལྡན་གྱི་རྒྱུད་རང་དེ་ལྟར་བསྒོམ་པ་ཉེར་ལེན་གྱི་རྒྱུད། གཉིས་ཚུལ་གྱིས་ངོ་བོ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་རང་སྣང་བའོ། །ཞེས་འབྱུང་ངོ་། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་རྗེས་སུ་ཆགས་པ་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། དེ་པའི་ཡོན་ཏན་གྱི་ང་རྒྱལ་དང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུ་ཙ་མཆོད་པ་བཛྲ་སཾ་བྷ་བ་ཨད་མ་ཀོ྅་ཧཾ། དེ་པའི་ཕྲིན་ལས་ཀྱི་ང་རྒྱལ་བྱ་བའོ། །ཞེས་བྱ་བ་ནི། ཡང་། ཐལ་རྒྱུད་ལས། ལྟེ་བ་དང་གསང་གནས་རྣམ་གཉིས་ལ་ཟླ་བའི་གདན་ལས། །སྔོ་ལྗང་ཡི་གེ་སྭཱ་ཧཱ་གཉིས། །ཁ་དོག་དང་རྗེས་སུ་མཐུན་པ་དེ་ལ་འོད་ཟེར་འཕྲོས་པ་ལས་ཡོན་ཏན་དང་ཕྲིན་ལས་ལས། །ཀྱི་ལྷ་གཉིས་ཏེ། ཡན་ལག་བཅུ་གཅིག་གི་ལྷ་བདུན་དུ་རྫོགས་པའི་གཟི་བྱིན་དང་ལྡན། །བའོ། །ཞེས་གསུང་ངོ་། །ཞེས་བརྗོད་པས། ཐིམ་པར་གྱུར་གསལ་བར་གྱུར། འབར་བར་གྱུར་ཏོ། །ཞེས་བྱ་བ་ནི། ཡེ་ཤེས་ལྔའི་ཆུ་རྒྱུན་དུ་བབ་པས་གཉིས་སུ་མེད་པ་དང་། ས་ཐིམ་པར་གྱུར་པ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མངོན་དུ་སྣང་བ་དང་། ས་གསལ་བར་གྱུར་པ། ཡོན་ཏན་ཕྲིན་ལས་ཀྱི་ཡན་ལག་གི་ལྷ་གཉིས་ཀྱི་གཟི་བྱིན་དང་ལྡན་པས་འོད་ཟེར་འབར་བར་གྱུར་ཁོ་ནའི་ཕྱིར་རོ། །དེ་ནས་ཞི་བ་རང་བཞིན་ལྷུན་གྱིས་གྲུབ་གསུང་གི་དཀྱིལ་འཁོར་གྱི་རྣམ་གྲངས་དང་། གཞན་དོན་མཛད་པའི་ལས་དང་མཚན་ཉིད་གཅིག་དུ་མ་དང་བྲལ་བར་བསྟན་པའི་ཕྱིར། ཨེ་མ་ཞེས་པ་དོན་གྱིས་གསུང་ལ་ངམ་ངོ་མཚར་ཞེས་པ་དེ་བརྡ་འཕྲོད་པ་ལ་ངམ་རྨད་ཀྱིས་ཆོས། །ཞེས་པ་གསུང་གཞན་ལས་ཁྱད་པར་དུ་གྱུར་པ་ལ་ངམ། རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་། །སྒྲ་དང་མིང་ཚིག་ཀུན་ལ་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་རྒྱལ་བ་ཀུན་གྱི་བདག་ཉིད་དྲུག་པའི་དོན་གྱི་གསུང་ནི། ཆོས་ཅན་ཧེ་དུ་ཁ༽བརྗོད་བྱའི་གནས་ལུགས་རང་བཞིན་ངོ་བོ་སེམས་ལས་ཉིད་གུད་ན་འདི་འདྲར་གྲུབ་པ་མེད་པའི་ཕྱིར་དམ་བཅའ། སྣང་བའི་ཀ༽ ཡི་གེ་དང་། བརྗོད་པའི་སྒྲ་དང་བརྟགས་པའི་མིང་དང་མཚོན་པའི་ཚིག་ཐམས་ཅད་ཀུན་ལས་འདས་ཏེ། བརྗོད་པ་དང་བྲལ་བ་ཉིད་སྣ་ཚོགས་ཚིག་དོན་བློས་བསམ་པ་དང་ངག་གིས་བརྗོད་པའི་སྒྲ་རྣམས་མ་ལུས་པའི་གཞིར་གནས་པར་གསུངས་པའོ། །འི་ཕྱིར་གསལ་བར་འབྱུང་ཞེས་བྱ། གསུང་ཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག །ཅེས་བྱ་བ་ནི། སྤྲུལ་སྐུ། ཚིག་གི་གསུངས་ཏེ། དེ་པའི་དྲུག་པ་དོན་གྱི་༡གསུང་གཅིག་པུ་དེ་ཉིད་བརྗོད་བྱའི་དཀྱིལ་འཁོར་ཐམས་ཅད་རང་སྣང་བའི་ཕྱིར། ༡དེ་དག་མཚོན་པར་བྱེད་པའི་ཡན་ལག་ནི་སུམ་བརྒྱ་དྲུག་ཅུ་པོ་ལ་སོགས་པ་ཚིག་གི་གྲངས་བསམ་གྱིས་མི་ཁྱབ་པ་ལས་འདས་པར་གདུལ་བྱ་ཀུན་ཏུ་ཁྱབ་པའི་སྒྲ་དང་མིང་ཚིག་སོ་སོར་གྲགས་ནས་སྣང་བ་ཐམས་ཅད་ཀྱང་ཚིག་རེ་དོན་རེ་མཚོན་པ་ལས་མ་འདས་པའི་ཕྱིར་གསུང་གི་ཕྱག་རྒྱའི་མཆོག་དེ་པའི་གསུང་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་དེ་ནས་ལོངས་སྐུ་བདེ་བ་ཆེན་པོའི་གསུང་། མངོན་བྱང་གི་གསུང་གི་གསུང་རྡོ་རྗེའི་གསུང་དང་། མིང་གསུང་གིས་མཚོན་པའི་གསུང་གསལ་བར་བསྟན་པའི་ཕྱིར། རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་ལས། བདེ་ལྡན་གསུང་གིས་དོན་འབྱུང་བ། །ཐམས་ཅད་པདྨའི་ངང་གྱུར་ནས། །ཀ༽གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ག༽ཅི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ། གསང་བའི་སྙིང་པོ་ལ་རྣམ་རྟོག་གི་ཟུག་རྔུ་མེད་པས་བདེ་བ་ཆེན་པོའི་དང་ལྡན་པ་གསུངས་གིས་དོན་འབྱུང་བ་ནི། གང་ཞེ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲ་ཐམས་ཅད་སེམས་ཉིད་རང་སྣང་བ་ཁོ་ནའི་ཡིན་པས་ཕྱིར། འཁོར་བ་ལས་གྲོལ་ཐར་བའི་ལམ་མྱང་འདས་དང་མཐར་བ་འཁོར་བའི་སྒྲ་སྐད་ཐམས་ཅད་ལ་སྙན་མི་སྙན་གྱིས་ཆགས་སྡང་སོ་སོར་འཛིན་པ་མེད་ན་པ་ཐམས་ཅད་པདྨའི་རང་བཞིན་དུ་གྱུར་ནས་ཕྱི་ནང་གི་ཆོས་ཡུལ་ཅི་སྣང་གི་སྒྲ་ཅི་སྐད་འདོན་ཀྱང་ཆགས་སྡང་གིས་གོས་པ་མེད་པས་ཐམས་ཅད་གསུང་དུ་གྱུར་པས་ན། ཤིན་དུ་ཡངས་པའི་ཕྱིར་དང་། ༡བདེ་བ་ཆེན་པོའི་ཕྱིར་གསུང་མཆོག་སྟེ་ཞེས་བྱའོ། །༡དེ་ཉིད་ལ་ཡང་། མིང་མངོན་པར་བྱང་ཆུབ་པ་དང་རྡོ་རྗེའི་གསུང་གཉིས་ཀྱི་དོན་བསྟན་པའི་ཕྱིར། ཐེག་པ་མཐོ་དམན་ཐམས་ཅད་དང་། །ལོག་འགྲེ་ཐམས་ཅད་མ་ལུས་སྒྲ། །བྱང་ཆུབ་རྡོ་རྗེ་གསུང་དུ་བསྡུས། །བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས། །གྲགས་ཉིད་མ་ཆགས་ངང་དུ་གསུང་། །གསུངས་པ་ཉིད་ན་བརྗོད་དུ་མེད། །ཅེས་བྱ་བ་ནི། དེ་པའི་གསུང་བསྟན་པ་ཐེག་པ་མཐོ་དམན་གྱི་སྔགས་མཚན་ཉིད་ཐམས་ཅད་དང་། ལོག་པ་མུ་སྟེགས་རྟག་ཆད་འགྲོ་བ་རིགས་དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་གྱི་སྒྲ་སྐད་ཀྱི་རིལ་ཐམས་ཅད་སེམས་ཉིད་ཡིན་པས་སེམས་རིག་པ་བདག་ཉིད་ཀྱི་ཡེ་ཤེས་ཆེན་པོའི་གསུང་དུ་གསལ་བ་ནི་མངོན་པར་བྱང་ཆུབ་པའི་གསུང་ཞེས་བྱའོ། །དུས་དེ་ཉིད་དུ་གྲགས་སྟོང་གཉིས་སུ་མེད་པས་ན་རྡོ་རྗེའི་གསུང་དུ་བསྡུས་ལ། དེ་ལྟར་བསྡུས་པའི་དུས་དེ་ཉིད་ན་ཕྱོགས་བཅུའི་གདུལ་བྱའི་སྣང་བ་དང་མཐུན་པར་རྣམ་པར་གྲགས་སོ། །སྒྲ་སྐད་གྲགས་པ་ཉིད་ན་མ་ཆགས་མི་འཛིན་པ་གཉིས་མེད་ཀྱི་ངང་དུ་གསུང་ལ་དེ་ལྟར་གསུངས་པའི་དུས་ཉིད་ན་ཕྱོགས་གཅིག་ཏུ་བརྗོད་དུ་མེད་དེ། མཐའ་གཉིས་སུ་མི་ཕྱེད་པའི་ཕྱིར་རྡོ་རྗེའི་གསུང་ཞེས་བྱའོ། །ཚངས་པའི་གསུང་བསྟན་པའི་ཕྱིར། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། །ཀུན་ལ་གྲགས་ཤིང་སོ་སོར་ཀ༽མཇལ། །དཔེར་ག༽ན་དེ་བཞིན་སྦྲིད་བསང་བཞིན། །གསུང་གཅིག་སྒྲ་ཡིས་སོ་སོར་གོ། །འདི་ནི་གསུང་མཆོག་རྒྱལ་པོ་ཡིན། །ཐེག་ཁ༽ པ་མཐོ་དམན་བསམ་ཡས་ཀྱང་། །དེ་བཞིན་ཉིད་ལས་མ་གསུངས་ཏེ། །འདུལ་དབང་ཐབས་སུ་སོ་སོར་ཐོས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གྱི་གསུང་བརྗོད་དུ་མེད་པ་དེ་ཉིད་ལས་ཚིག་གི་གསུང་སྣ་ཚོགས་པའི་སྒྲ་རྣམས་གདུལ་བྱ་ཀུན་ལ་སོ་སོར་གྲགས་ཤིང་བརྡ་མཇལ་བའི་ཐེག་པ་མཐོ་དམན་བསམ་ཡས་པ་སྣང་བ་རྣམས་ཀྱང་དེ་ནི། སྟོན་པ་དེ་བཞིན་ཉིད་གཅིག་འབའ་ཞིག་ལས་སམ་གསུང་སྟེ་དེས་ན་གསུང་དེ་ཉིད་ལས་སྒྲའི་བྱེ་བྲག་གི་རིལ་ཐམས་ཅད་རྫོགས་པའི་ཕྱིར། གདུལ་བྱའི་ཡུལ་བ། ཐབས་སུ་རང་རང་གི་མོས་པ་བསམ་པ་དང་མཐུན་པར་ཅི་ལྟ་བར་སོ་སོར་ཐོབ་པ་༡ནི། དཔེར་ན་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་སྦྲིད་བསངས་པ་ལས་ལྷ་རྗེ་དང་། ནད་པ་དང་། ཆུང་མ་གསུམ་ལས་གོ་ཚུལ་རེ་རེ་བྱུང་བ་ལྟ་བུ་སྟེ་མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས་ཀྱང་ཀེའུ་དིན་ཞེས་བོས་ནས་སྟོན་པས། ངས་ནི་ཆོས་ཅན་གཟུགས་ཀྱི་ཆོས་ཉིད་དེ་བཞིན་ཉིད་འབའ་ཞིག་གསུང་འཁོར་ཐེག་པ་ཆེན་པོ་པ་ལ་ལ་ནི་གཟུགས་སྟོང་ཞེས་བྱ་བར་ཐོས་སོ། །འཁོར་ཐེག་པ་ཆུང་ངུ་ན་ལ་ལ་དོན་པར་མི་སྟོང་སྟེ་རྡུལ་ཕྲ་རབ་ཏུ་ཡོད་ཞེས་བྱ་བར་ཐོས་སོ། །གསང་སྔགས་ཀྱི་གདུལ་བྱ་ལ་ལ་གཟུགས་ཚོར་བ་བདེ་བ་ཞེས་བྱ་བར་ཐོས་སོ། །ཉན་རང་གིས་ལ་ལ་ནི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་ཐོས་སོ། །རྟག་མི་རྟག་བདག་ཡོད་མེད་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །འོ་ན་སྤྲུལ་པའི་སྐུ་ས་ཚིག་ཏུ་གསུངས་པ་ལྟར་སྐུ་བཞི་པོ་གཞན་ཡང་ཚིག་གི་གསུང་ཅིག་ནི་ངེས་པར་གསུང་ངོ་། །སྙམ་པ་ལ་ཅི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། དེ་བཞིན་ཉིད་ཀྱིས་གསུངས་པ་མེད། །ཅེས་གསུངས་ཏེ། ལོངས་སྤྱོད་ཀྱི་སྟོན་པའི་གདུལ་བྱ་ལ་བསྟན་པ་ཇི་ལྟར་གསང་སྔགས་ཀྱི་གསུང་རབ་ཀྱི་ཆོས་རྣམས་ཀུན་ཀྱང་། ཚིགས་སུ་བརྗོད་ནས་སྣང་མོད་ཀྱི་དེ་བཞིན་གཤེགས་པས་དེ་ཉིད་ཀྱི་དོན་ལ་གསུངས་པ་མེད་པ་ཁོ་ནའོ། །འོ་ན་ཅིའི་ཕྱིར་གདུལ་བྱའི་བློ་ལ་སྣང་སྙམ་པ་ལ། མིང་གསུམ་པའི་རིག་པའི་གསུང་མངའ་བར་སྟོན་པའི་ཕྱིར། ཡི་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། །ཐུགས་རྗེའི་གསུང་གི་བྱིན་བརླབས་ཀྱིས། །འགྲོ་དོན་སྣ་ཚོགས་སོ་སོར་གསལ། །གསལ་ཉིད་གསུང་གི་ཕྱག་རྒྱའི་མཆོག །ཅེས་གསུངས་ཏེ། རིག་པའི་གསུང་ནི་རིག་པ་ཁོ་ནའི་ཡིན་པ་ཕྱིར་ཡི་གེ་དང་བྲལ་བས་མེད་པ་ཉིད་ཡིན་པས་ལྗགས་ཀྱི་སྒྲར་བརྗོད་དུ་མེད་པའོ། །ས་རྩེ་མོར་མ་བྱུང་བ། ཐུགས་རིག་པ་ཉིད་སྤྲོས་པ་དང་བྲལ་བ། དེས་ཆོས་ཐམས་ཅད་དུ་ཁྱབ་པ་རྗེ་ཆོས་ཉིད་སེམས་ཀྱིས་ཟིན་པ་ཟིན་གྱིས་སྒྲ་རིལ་ཐམས་ཅད་སེམས་བདག་ཉིད་ཆེན་པོའི་ངང་དུ་ལྷུན་གྱི་གྲུབ་པའི་ཕྱི་རིག་པ་གསུང་གི་བྱིན་བརླབ་ཀྱིས་ནི། གདུལ་བྱ། ཅིར་ཡང་མི་འགག་པས། གདུལ་བྱའི་འགྲོ་བ་རང་རང་དེ་བསམ་པ་གཞན་ནི་དོན་སྣ་ཚོགས་སོ་སོར་བརྡ་དུས་གཅིག་ཏུ་གསལ་བ་སྤྲོད་པར་བྱེད་པ་གསལ་པའི་དུས་ཉིད་ནའང་རང་བཞིན་ལས་མ་གཡོས་པ་ནི་གསུང་གི་ཕྱག་རྒྱའི་མཆོག་ནི། དྲུག་པའི་གསུང་དུ་འགྱུར་རོ་ཞེའོ། །དེ་བཞིན་གསུང་གི་འགྲོ་དོན་རྣམས། །དེ་བཞིན་ངང་ལས་མ་གཡོས་ཀྱང་། །དཔེར་ན་བྲག་ཆའི་དགྲ་བཞིན་ནོ། །ཞེས་བྱ་བ་ནི། གོང་དུ། བཤད་པ་དེ་བཞིན་དུ་གསུང་གི་སྒོ་ནས་འགྲོ་དོན་བྱེད་པ་རྣམས་ཀྱང་དེ་བཞིན་ཉིད་ཀྱི་ངང་ལས་གཡོས་ཀྱང་རྩིས་པའི་ཕྱིར། སྟོན་པས་ཚིག་སོ་སོར་བརྗོད་དུ་མེད་བཞིན་དུ་གདུལ་བྱ་བ་བརྗོད་པར་སྣང་བ་ནི། དཔེར་ན་བྲག་ཆའི་སྒྲ་ནི། རང་གིས་ཅི་སྐད། བོས་པ་ལྟར་ཐོས་ཀྱང་དངོས་པོ་ལ་བྲག་གིས་སྨྲ་བ་མེད་བཞིན་ནོ། །དཀྱིལ་འཁོར་བསྡུས་པ་དང་གསང་སྔགས་ཀྱི་ལེའུ་ཞེས་བྱ་བ་ནི། གསུང་སྔགས་གི་དཀྱིལ་འཁོར་ཅི་སྙེད་པའང་། གསུང་ལྔ་ཁོ་ནར་བསྡུས་པའི་ལྔའི་ངོ་བོ་དང་། གཞན་དོན་མཛད་པའི་ལས་དང་། གཞལ་ཡས་དང་། གི་སྔགས། ༡ལྷ་༡རྣམས་ཀྱི་བསྐྱེད་པའི་སྔགས་ཀྱི་ངོ་བོ་དང་ལས་ཀྱིས་རིམ་པའི་སྔགས་རྣམས་བཤད་པའི་ལེའུ་སྟེ་བདུན་པའོ།། །།ལྷའི་ཕྱག་རྒྱ་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་ཐམས་ཅད་དཀྱིལ་འཁོར་ལྷུན་གྲུབ་ཏུ་བྱིན་གྱིས་བརླབས་པར། ཞེས་བྱ་བ་ནི། ཡན་ལག་ནི་༡༡གཉིས་ཁོ་ན་སྟེ། ༡ལུས་ཀྱི་ཡན་ལག་མགོ་བོ་ལ་སོགས་པ་དང་། ལྔ་ལ་ལྔ་བཅུ། ༡རྟོག་པའི་ཡན་ལག་ཕུང་པོ་ལྔ་དང་ཁམས་སྐྱེ་མཆེད་ལ་སོགས་པའོ་ཞེ་གཉིས་པ། དེ་༡༡དག་ཐམས་ཅད་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་གནས་པ་ནི། རང་བཞིན་གྱི་ཕྱག་རྒྱ་ཡིན་ཏེ། །རྒྱས་པའི་རྒྱུད་དོན་དྲུག་པ་ལས། རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་ནི། །གང་ཞེ་ན། ༡ཕྱི་ནང་འབྱུང་བ་ལྔ་དང་སྣོད་བཅུད་ཕུང་པོ་ལྔ། ཐམས་ཅད་ཀུན། །རིགས་ལྔ་བདེ་གཤེགས་ཡབ་༡ཡུམ་གྱི། །ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་ཡེ་ནས་གནས། །ཞེས་འབྱུང་ངོ་། །གནས་པ་དེ་དག་ཡིན་པ་དེ་ལྟར་དུ་ལམ་པ་གང་གིས་ངོ་ཤེས་པ་ནི། རྟོགས་པ། ལྟ་བའི་ཕྱག་རྒྱའོ། །དེ་ལྟར་དུ་རིག་ནས་ཏིང་ངེ་འཛིན་གྱིས་གོམས་བརྟན་པར་བྱས་པ་ལས། གཞན་ནས་ཆེད་དུ་མ་བརྩལ་བར་ཐམས་ཅད་དུ་སྣང་བ་ནི། ལྷུན་གྱིས་གྲུབ་པ་སྟེ། དེ་ལྟར་དུ་བྱིན་གྱིས་བརླབས་པ་བསྒོམ་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཞེས་བྱའོ། །དེ་ལས་རང་བཞིན་ལྟ་བ་ཏིང་ངེ་འཛིན་འབྲས་བུའི་ཕྱག་རྒྱ་གསུམ་ཐུན་མོང་དུ་བསྟན་པའི་ཕྱིར། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་གསུངས་ཏེ། རྟོགས་ཚོགས་ཞེ་གཉིས་པོ། ཐམས་ཅད་སྒྱུ་འཕྲུལ་དྲྭ་བའི་ཏེ་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་པ་དཀྱིལ་འཁོར་དུ་ཡེ་ནས་མངོན་གསུམ་དུ་གསལ་བར་རྗོགས་པའི་ཕྱིར། དབང་པོའི་སྤྱོད་ཡུལ་དུ་ཅི་སྣང་བའི་རིལ་ཐམས་ཅད་ལྷའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ལས་འདའ་བ་མེད་པ་ནི། གཞི་རང་བཞིན་གྱི་ཕྱག་རྒྱའོ། །༡དེ་ཉིད་རྟོག་པས་དེ་ལྟར་གྱུར་པ་ནི་རྟོགས་པ་ལྷ་བའི་ཕྱག་རྒྱའོ། །༡དེ་དག་ལམ་གྱིས་མངོན་དུ་གྱུར་པས་རྟོག་ཚོགས་ཐམས་ཅད་རིར་ལྔ་དྲུག་པ་ཀུན་པོ་ལ་སོགས་པར་སྣང་བ་ནི་འབྲས་བུ། ༡ལྷག་པའི་ཕྱག་རྒྱའོ། །དེ་གསུམ་དང་ལྡན་པ་དེ་ག་ནི་བྱང་ཆུབ་མཆོག་གིས་ཕྱག་རྒྱ་སྟེ། ཕྱག་རྒྱའི་མཆོག་ཁོ་ནའོ། ༈ །གསུམ་པོ་དེ་དག་རྒྱུད་གང་གི་གཞུང་གིས་སྟོན་སྙམ་པ་ལས། ཀ༽གསང་བ་དེ་ཁོ་ནར་ག༽ཉིད་ངེས་པའི། གཞུང་གིས་སྟོན་པའི་ཁ༽ སྙིང་པོའི་ང༽ཕྱག་རྒྱ་འདི་ནི་ངེས་ཚིག་འདའ་དཀའོ། །ཞེས་གསུངས་སོ། །ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འབྱུང་བའི་༼༠༠༽རྒྱུ་གཉིས་བསྟན་པའི་ཕྱིར། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བ་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱོར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །ཞེས་གསུངས་ཏེ། ལག་པ་གཡས་གཡོན་གཉིས་ནི་གཡས་མི་བསྐྱོད་རྡོ་རྗེ་དང་གཡོན་རིན་པོ་ཆེའི་རིགས་ཀྱིས་རང་བཞིན་ཁོ་ནའི་གུང་མོ་དང་མཛུབ་མོ་དང་། མཐེ་བོང་དང་སྲིན་ལག་མཐེའུ་ཆུང་གི་བྲེ་ག་རྣམས་ལ། གཡས་པར་ཉི་མའི་དཀྱིལ་འཁོར་གཡོན་པར་ཟླ་བའི་དཀྱིལ་འཁོར་སྲན་མ་སླེབ་པ་ཙམ་རྣམས་ཀྱི་སྟེང་ལ། གཡས་སུ་གུང་མོ་ལ་ཧཱུྃ་དང་མཛུབ་མོ་ལ་ༀ་མཐེ་བོང་འམ་སྲིན་ལག་ལ་སྭཱ། སྲིན་ལག་གམ་མཐེ་བོང་ལ་ཨཾ། མཐེའུ་ཆུང་ལ་ཧ་རྣམས་སོ། །གཡོན་དུ་གོང་མོ་ལ་ཡུམ་ལ་སོགས་པ་བསྒོམ་སྟེ་དེའང་མཛུབ་མོ་ལ་ལམ། མཐེ་བོང་ངམ་སྲིན་ལག་ལ་མམ། སྲིན་ལག་གམ་མཐེ་བོང་ལ་པྱཾ། མཐེའུ་ཆུང་ལ་ཏམ་རྣམས། བཀོད་པ་ནི། འོད་དུ་ཞུ་བ་ལས་ལྷ་རིགས་ལྔ་ཡབ་ཡུམ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པ་འབྱུང་བའི་རྒྱུ་༼༠༽ཁོ་ནའོ། །ལག་གཉིས་དེ་དག་གཡས་གཡོན་གྱི་སོར་མོ་ཟུང་དུ་སྤྲོད་པ་ལས་ཐད་ཀར་སྦྱར་བ་ནི། དངོས་གྲུབ་བླང་བའི་ཕྱག་རྒྱ་འབྱུང་བའི་རྒྱུ་ཁོ་ནའོ། །ༀ་དང་མུཾ་གཉིས་རྩེ་སྦྱོར་ཏེ། འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བས། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་བྱ་བ་ནི། དངོས་གྲུབ་བླང་བའི་ཕྱག་རྒྱ་སྟེ། རང་གི་ངོ་བོ་རྔམ་གློག་གམ་ཐབས་ཞག་གིས་རྒྱུད་ཉིད་ལས་ༀ་དང་མུཾ་དུ་རྩེ་སྦྱར་ཏེ། །དེ་བཞིན་ཧཱུྃ་དང་ལམ་དུ་སྦྱར། །ཧཾ་དང་པྱཾ་ཡང་དེ་བཞིན་ཏེ། །ཨཾ་དང་ཏཾ་དུ་སྦྱར་བ་ལས། །རྒྱབ་སྦྱར་སྭ་དང་མཾ་སྦྲེངས་པ། །འདི་ནི་ཡབ་ཀྱིས་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ༀ་དང་མུཾ་སྦྱར་ཧཱུྃ་དང་ནི། །ལཾ་སྦྱར་སྭཱ་དང་པྱཾ་དུ་སྦྱར་། །ༀ་དང་མུཾ་སྦྱར་ཧ་ཏཾ་སྦྲེངས། །ཡུམ་གྱིས་སྤྱི་རྒྱ་ཡིན་པར་བཤད། །ཅེས་གསུངས་སོ། །གཡས་པའི་མཛུབ་མོའི་ༀ་དང་གཡོན་གྱི་གོང་མོའི་མུཾ་གཉིས་རྩེ་སྦྱར་ཏེ། གཡས་ཀྱི་གོང་མོའི་ཧཱུྃ་དང་གཡོན་གྱི་མཛུབ་མོའི་ལཾ་གཉིས་སྤྲད་དེ། གཞན་ཡང་། འབྲུ་བརྒྱད་བསྣོལ་ནས་སོ་སོར་རྩེ་སྤྲད་པ་ནི་དུས་གསུམ་གྱི་རྒྱལ་བ་རིགས་ལྔ་པོ་ཀུན་དང་མཉམ་སྦྱོར་བའི་བདེ་བ་ཆེན་པོའི་དངོས་གྲུབ་བླང་བའི་ས་རང་གི་རྒྱུད་ལ་སྦྱིན་པ་ཕྱག་རྒྱའོ། །དེ་དག་ཀྱང་གདུལ་བྱའི་སྣང་བས་གཉིས་སུ་འགྱུར་ཏེ། སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། མི་བསྐྱོད་པ་ནི་གསང་བའི་རྡོ་རྗེ་རྩེ་སྟེང་ཕྱོགས་བཞི་དབུས་དང་ལྔའི་རྩ། ལྔ་པོ་ལ། །ཉི་མའི་དཀྱིལ་འཁོར་ལྔ་པོའི་སྟེང་ན་ཟླའི་བ་ཐིག་ལེ་ཡབ་ལྔའི་ཡི་གེ་ལྔའི་དངོས། །པོ་དང་། ཡུམ་གྱི་པདྨ་དགོད་དོ་འབྱུང་བས་རིན་ཆེན་པར་བུའི་འདབ་མ་ཉི་མ་ལྔ་ལ། །ཡང་། གདན་ཟླ་བའི་ལ་ཉི་མ་ཐིག་ལེ་ཡུམ་གྱི་ཡི་གེ་ལྔ་ཉིད། །དེ་ལྟར་ཡུམ་གྱི་ཐིག་ལེ་ཐབས་དང་ཤེས་རབ་ལྔ་ཕྲག་གཉིས་པོ་རྣམས། །ཕན་ཚུན་ཟུང་དུ་འཕྲད་པའི་དུས་ལ་བདེ་བའི་ཡེ་ཤེས་རང་སྣང་བའི། །ལ་སྦྱོར་བ། ངོ་བོ་ཕྱག་རྒྱ་ཆེན་པོའི་བདེ་སྟོང་གི་དངོས་གྲུབ་འབྱུང་། །བའི་རྒྱུའོ། །ཡུམ་གྱི་༡དབྱིངས་དང་ཡབ་ཀྱི་༢ཡེ་ཤེས་ཀྱི་བདག་པོ་ཉིད། །པདྨ་དང་རྡོ་རྗེ། ༡ༀ་དང་༢མུཾ་དུ་རང་བཞིན་ཡེ་ནས་གནས། །རྡོ་རྗེ་༡རྭ་སྟེ་དེ་གཉིས་རྩེ་སྦྱོར་བས། བཞི་དང་པདྨའི་༡འདབ་མའི་༡༡ཐིག་ལེ་རྣམས། །འདི་ཡིག་འབྲུ་བརྒྱད་པོ་གནས། རང་རང་གི་གནས་ཀྱི་གཡས་གཡོན་མདུན་རྒྱབ་ཏུ་བསྣོལ་མར་འགྱུར། །ཟླའི་ཐིག་ལེ་གཉིས་རབ་ཏུ་འདྲེས་པར་གྱུར་པ་ལས། །ཅི་བྱུང་ན། རྒྱལ་བའི་ཀུན་གྱིས་དགོངས་པ། ཐུགས་ཡེ་ཤེས་ཀྱི་དང་མཉམ་པར་སྦྱོར་བའི་བདེ་བ་ཆེན་པོ། །ཉམས་སུ་མྱོངས་ཕྱིར་ཐོབ་པ་སྦྱིན་པར་འགྲོ་བའི་ཕྱག་རྒྱ་ཞེས་སུ་གསུངས། །ཞེས་འབྱུང་ངོ་། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་ཁ༽བསྒྲེང་ཀ༽རྩེ་མོར་རྡོ་རྗེ་ག༽འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འགྲེལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཞེས་བྱ་བ་ལ་སོགས་པས། ལྷག་པའི་ཏིང་ངེ་འཛིན་གྱིས་སོ་སོའི་ཕྱག་རྒྱ་བསྟན་ཏེ། རང་དྷོར་སེམས་སུ་བསྒོམ་པ་སྐུ་ཕྱག་རྒྱ་ཆེན་པོ་གཡས་པའི་རྡོ་རྗེ་གནོད་སྦྱིན་གྱིས་ཁུ་ཚུར་དུ་བྱས་པས་འབྲུ་བཞི་སྦས་པ་ལས། གོང་མོ་གྱེན་དུ་བསྒྲེང་བའི་ཐུགས་ཀར་གཏད་ནས་བཀན་ལ། དེའི་རྩེ་མོའི་ཧཱུྃ་བསམ་པ་ནི་ཆོས་རྒྱ་དེ་ཉིད་རྡོ་རྗེ་ལྔ་༼༠༽པར་འོད་འབར་བ་གྱུར་པ་ནི་ཕྱག་རྒྱ་༼༠༽བཅིངས་པ་དང་ཕྱག་མཚན་༼༠༽བསམ་པ་གཉིས་༡༡ཀ་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པ་ཟླ་བའི་གདན་ལྔ་བསྐུལ་ཞིང་ཡུམ་གྱི་ཡི་གེ་འབྲུ་རྣམས་སྤས་པ་ནི་གོང་དུ་བཤད་པའི་གནོད་སྦྱིན་ཁུ་ཚུར་དུ་གནས་པའི་དྲིལ་བུ་བསིལ་ཞིང་རང་སྒྲ་དང་བཅས་པས་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་འཁྱུད་ནས་བརླ་གཡོན་པ་ཆོས་ཀྱི་རིག་ལ་བཞག་ནས་ཁུ་ཚུར་དཀུར་བརྟེན་པ་ནི། ༡བཅིངས་པ་དང་དེ་ལྟར་ཏིང་ངེ་འཛིན་བསྒོམ་པ་༡བསམ་པའི་ལས་ཀྱི་ཕྱག་རྒྱ་སྟེ། ཅི་ཞེ་ན་ཕྱག་རྒྱ་དེ་ཡབ་ཡུམ་ཐབས་དང་ཤེས་རབ་འཁྲིལ་བར་སྙོམ་པར་འཇུག་ཅིང་། སྦྱོར་བར་འདི་ལས་བྱེད་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ལ་སོགས་པར་གསལ་བ་ཕྱག་ལེན་སྔགས་བརྗོད་པ་ཆོས་རྒྱ། སྤྱི་བཅའ་བའི་གནས་བསྒྱུར་བའི་ས། བཀྲོལ་བའི་ཐབས་དང་གསུམ་གསུམ་དུ་སྦྱར། གཡོན་གྱི་ཡི་གེ་འབྲུ་བཞི་སྦས་ནས་ཐུགས་ཀར་གྱེན་དུ་བཀན། །པ་དང་། མུཾ་བསྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཞེས་བྱ་བ་ནི། རྗེས་སུ་གོ་སླ་སྟེ། གོང་མོའི་རྩེ་མོའི་མུཾ་ཉིད་འོད་དུ་ཞུ་བ་ལས་དེ་བཀན་ཐབས་སུ་བསྒྲིད་པའི་དྲིལ་བུའི་འོད་འབར་ཞིང་བསིལ་བ། སྒྲ་དང་བཅས་པར་གྱུར་པ་ནི། ཡུམ་གྱིས་བཅིངས་པ་དང་། བསམ་པའི་དམ་ཚིག་གི་ཕྱག་རྒྱ་གཉིས་སོ། །གཡས་ཀྱི་སོར་མོའི་ཉི་མ་འབྲུ་ལྔ་ལ་དུ་སྟེ་ཕྱག་རྒྱ་བསྣོལ་མར། ཡབ་ལ་འཁྲིལ་ཅིང་འཁྱུད་པ་ནི་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟའོ། །དེ་ལ་བཅིངས་པ་དང་བསམ་པའི་ལས་ཀྱི་ཕྱག་རྒྱ་གཉིས་སོ། །རིགས་བཞི་ཡང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་དེ་བཞིན་དུ་ཤེས་པར་བྱའོ། །ཨུཏྤལ་ཀླུ་ཤིང་ལ་སོགས་ཡ་མཚན། ཞེས་བྱ་བ་སོགས་པ་ནི་སེམས་དཔའ་དང་སེམས་མ་སྒོ་བ་ཡབ་ཡུམ་རྣམས་ཀྱི་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་གཉིས་པོ་དེ་ཐམས་ཅད་དེ་མ་གཏོགས་པའི་གཡས་གཡོན་སོ་སོའི་སོར་མོ་བཞི་བཞི་ལ། གཡས་ཉི་མ་གཡོན་ཟླའི་བ་སྟེང་དུ་༡ཡབ་༡ཡུམ་སོ་སོའི་ཡི་གེ་སྟེ་གཡས་ལ་ཀྵེཾ་ཏྲཾ་ཧྲི་ཛྷིཾ་བཞི་གཡོན་དུ་ཧཱུྃ་ཏྲཾ་ཧྲཱི་ཨཱཿ བཞི་བཀོད་དེ་ཕྱག་རྒྱ་བཅའ་ལུགས་དང་བསམ་པའི་ཏིང་ངེ་འཛིན་ནི་རྗེས་སུ་མཐུན་པ་ཁོ་ནའི་ཕྱིར། དང་པོ་ས་སྙིང་གི་ཕྱག་རྒྱ་ནི། འབྲུ་གསུམ་སྦས་ནས་ཐུགས་ཀར་བཀན། །ཀྵི་གྲཾ་པ་རྩེ་མོར་མྱུ་གུ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །གཞན་ལའང་དེ་ལྟར་དུ་ཤེས་པར་བྱའོ། །ཡུམ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ཡབ་ཀྱི་མགུལ་ལ་འཁྲིལ་ཞིང་ཡབ་རྣམས་ཀྱི་ཡུམ་ལ་འཁྲིལ་བའི་བརླ་གཡོན་པ་ཆོས་ཀྱི་རིགས་ལ་ལ་བརྟེན། ། ཅིང་། ཡབ་ཀྱི་དབུ་རྣམས་ཡུམ་ལ་འཕྱོ་ཞིང་ཡུམ་གྱི་དབུ་ཡབ་ལ་འདུད་པའི་ཚུལ། །ནི། གོང་གི་རིགས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་ཆེན་པོ་བཞིན། །དུ་ཐབས་ཤེས། གཉིས་མེད་མཉམ་པའི་དབྱིངས་ཀྱི་ངང་དུ་འཁྲིལ། །ལོ། ཞེས་གསུངས་ཏེ། ལྷ་ཀུན་ཀྱང་ཞལ་འཛུམ་པ་དང་ཆས་པས། ཡབ་ཡུམ་ཕན་ཚུན་གཅིག་གི་གཅིག་ལ་བལྟས་ཤིང་འཁྱུད་པ་ཁོ་ནའོ། །དེ་དག་ཀྱང་གདུལ་བྱའི་སྣང་བས་གཉིས་སུ་འགྱུར་ཏེ། ཐལ་བའི་རྒྱུད་ལས། ཡབ་ཀྱི་རྡོ་རྗེའི་ཕྱོགས་ཀྱི་ཐིག་ལེ་འབྲུ་བཞི་དབུས་སུ་སྦས་ནས་བསྡུས་པས་ཐིག་ལེ་གཅིག་ཏུ་འགྱུར་བ་དེ་རླུང་གི་གནས་སུ་བསྡུས་པས་ཐུགས་ཀར་བཀན་པར་ཞེས་བརྗོད། རྡོ་རྗེའི་རྩེ་མོར་ཐིག་ལེ་ཧཱུྃ་གི་རྣམ་པར་སྒྲེང་བའི་རྡོ་རྗེའི་ཞལ་གྱི་ལམ་རྩ་བཞི་དག་གང་སྟེ་བདེ་བ་ཧཱུྃ་དུ་གསལ་ཞིང་རྒྱས་པ་ལ་ཕྱག་རྒྱ་རྡོ་རྗེ་འབར་བ་ཞེས་པའི་སྒྲ། ཟླ་བའི་ཐིག་ལེ་བཏུལ་ཞིང་ཉི་མས་བསྒྲིབས་ཏེ་སྦངས་པའི། ཆུ་སྐྱེས་པད་མ་བདེ་བས་རབ་ཏུ་རྒྱས་པ་ནི། ཀྱེཾ་ཀུན་དྷརྨ་སྒྲ་སྒྲགས་པས་དྲིལ་བུའི་གསིལ་བ་སྒྲ་དང་ལྡན་པའོ། །རྡོ་རྗེའམ་ཐིག་ལེ་གཉིས་ཤོར་གཉིས་མཉམ་ཕྱེད་བྱུང་བས་འཁྲིལ་བའི་ཚུལ་གྱིས་རོལ་པའི་གར་བསྐྱོད་པ། དུས་སུ་རླུང་གིས་བཟུང་བས་ཕྱེད་ཡུམ་གྱི་མཁར། ལྟུང་བ་མེད་པའི་ཕྱིར་བདེ་བའི་ཡེ་ཤེས་བརྟེན་པས་ཆོས་ལ་བརྟེན་པར་བཤད། །ཡུམ་ཡང་ཡབ་ཀྱི་ཟླ་བའི་ཐིག་ལེའི་ལས་བྱེད་དང་དམ་ཚིག་གི་རྗེས་སུ་མཐུན་ཏེ་འབྲུ་བཞི་སྦས་ནས་འབར་ཞེས་པའི་པར། །རོ། །དྲིལ་བུ་ཡུམ་གྱི་ཐིག་ལེ་ཉི་མ་འབྲུ་ལྔ་ཕྱེད་ཀྱི་ཡབ་ཡུམ་ལས་ལ་འཁྲིལ་ཅིང་སྦྱོར་བའི་དུས་སུ་བདེ་བ་དགྱེས་པ། །ནི་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ་ཞེས་སོ། །དེའི་དུས་སྣང་སྟོང་ངམ་འཁོར་འདས་ཀྱི་མཐའ་གཉིས་མནོན་ཅིང་མི་གནས་པའི་བྱང་ཆུབ་སེམས། །ནི། ཆོས་སྐུའམ་ཕྱག་རྒྱ་ཆེན་པོར་ལྷའི་ཡིན་པ་དེ་རྒྱུད་ནས་བརྗོད་དོ། །ཞེས་འབྱུང་ངོ་། །འགྲོ་དྲུག་འདུལ་བ་ཐུབ་དྲུག་གི་ཕྱག་རྒྱ་ནི་གཅིག་ཏུ་མ་ངེས་པར་སྣ་ཚོགས་དང་མཐུན་པ་ཏེ། །མདོར་བསྡུས་ན་འགྲོ་དྲུག་འདུལ་པའི་ཐབས་སུ་ཕྱག་རྒྱ་དྲུག་ཏུ་བསྟན་པ་ཡིན་ནོ། །ཞེས་བྱ་བ་ནི། ལེའུ་དྲུག་པར་པི་ཝང་དང་ནི་སྲེག་པར་དང་། གོ་ཆ་པོ་ཏི་རིན་ཆེན་སྒྲོམ། །མེ་དང་ཆུ་ནི་རབ་ཏུ་བསྟན། །ཅེས་བཤད་ཟིན་ཏོ། །ཐུབ་དྲུག་དེ་དག་ལྷ་གཞན་ཀུན་ལྟར་ཡབ་ཡུམ་ཕན་ཚུན་འཁྱུད་པར་མ་གསུངས་པའི་ཕྱིར། རྟགས་ཀྱི་ཡུམ་ནི་དུ་དམིགས་སུ་མེད། ཅེས་གསུངས་སོ། །འོ་ན་ཡུམ་མེད་ན་རྒྱུད་འདིའི་གཞུང་གིས་ལྟར་དུ་མི་འགྱུར་རོ་སྙམ་དུ་དགོས་པ་ལ་ལེན་ནི་ཆོས་ཀྱི་དབྱིངས། ཞེས་གསུངས་ཏེ། དངོས་པོ་གང་ཡང་རང་བཞིན་ཕྱོགས་གཅིག་མ་སྐྱེས་པ་ཉིད་ཆོས་ཀྱི་དབྱིངས་ཁོ་ན་སྟེ། དེ་དོན་གྱི་ཡུམ་ཉིད་ཡིན་པས་གང་དུ་ཡང་དགོངས་པ་ཆོས་དབྱིངས་དང་མ་བྲལ་བའི་ཕྱིར། རྒྱས་པ་ལ་སྣང་བ་མི་འགོག་ལ་ཐབས་ཡབ་ཡིན་ཏེ། རང་བཞིན་མེད་པ་ནི་ཤེས་རབ་བོ། །ཡུམ། ཞེས་བྱའོ། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཡུམ་གྱུར་མཉམ་རྫོགས་པདྨོའི་དཀྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཅེས་བྱ་བ་ནི། ཀུན་ཏུ་བཟང་པོའི་ཕྱག་གཡོན་གྱི་ཐོག་ཏུ་གཡས་མཉམ་པར་བཞག་པ་ལས་སོར་མོ་ལྔ་པོ་ཀུན་ལ་ཡེ་ཤེས་ལྔའི་འོད་དུ་འཕྲོ་བའོ། །ཡུམ་གྱི་ཕྱག་རྒྱ་ནི་དེ་ལས་འགྱུར་བས་མ་ངེས་ཏེ། གཡས་པའི་ཐོག་ཏུ་གཡོན་པ་མཉམ་པ་བར་བཞག་པ་ལ་ཆོས་ཐམས་ཅད་རྫོགས་པས་མཐེ་བོང་རྩེ་སྤྲད་དེ་པད་མོའི་དཀྱིལ་ལྟར་བྱས་པ་དང་། ཕྱག་རྒྱ་གཉིས་ནི་གོ་སླའོ། །སྟེ་ཡང་ན་དེ་བཞིན་གཤེགས་པ་ཀུན་བཟང་དང་རྗེས་སུ་མཐུན་པ་ཉིད་དམ། ཡང་ན་རྡོ་རྗེ་ཐལ་མོ་རྩེ་སྤྲད་པ་དེ་ཉིད་དེ། དེ་༼༠༽ལས། གཞན་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། ཆོས་ཁམས་དྲིལ་བུ་ཐུགས་ཀར་བརྟེན། །ཞེས་ཀྱང་ཟེར་ཏེ། དོན་ཆོས་ཉིད་ཅིར་ཡང་སྣང་བའི་ཕྱིར་ཕྱག་རྒྱ་གཅིག་དུ་མ་ངེས་པར་སྣ་ཚོགས་སོ། ༈ །ལྟ་བའི་ཕྱག་རྒྱ་བསྟན་པའི་ཕྱིར། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཐབས་དང་ཤེས་རབ་འབྱོར་ལྡན་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་གསུངས་ཏེ། ཕུང་པོ་ལྔ་ལ་སོགས་པའི་རྟོག་ཚོགས་ཀྱི་རིལ་ཐམས་ཅད་ལྷ་ཡབ་ཡུམ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་པར་སྣང་བ་ཚོགས་མཆོག་ཡེ་ནས་ཡིན་པ་དེ་ནི། ཐབས་སྣང་ལ་འགག་པ་མེད་པ་དང་ཤེས་རབ་མི་འཛིན་པར་འི་དོན་དེ་དང་གཉིས་སུ་མེད་པ་གསལ་ཞིང་ལྡན་པར་འབྱོར་བའི་དུས་ན། ལུས་མ་བསྐྱོད་ཅིང་མ་བསྒུལ་བ་ལ་སོགས་པ་སྒོ་གསུམ་ཅི་བྱས་པ་དང་མ་བྱས་པ་ཐམས་ཅད་ཀུན་ཀྱང་སྐུ་གསུང་ཐུགས་ལས་འདའ་བ་མེད་པར་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པ་ནི་ལྟ་བའི་ཕྱག་རྒྱ་སྟེ། ཕྱག་རྒྱའི་མཆོག་གོ། །ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །ཞེས་བྱ་བ་ལ་སོགས་པ་ནི། ལུས་ཀྱི་ཡན་ལག་དང་རྟོག་པའི་ཡན་ལག་ལས་འདིར་རྟོག་པའི་ཡན་ལག་བྱིན་གྱིས་བརླབས་སྟོན་ཏེ། རྩ་བ་དང་བདག་ཏུ་ལྟ་བའི་ལས་བྱུང་བ་ཡན་ལག་རྟོག་པ་རྣམས་སྤྲོས་པ་བསྒོམ་པའི་རྣལ་འབྱོར་པ་ཡབ་ཡུམ་ཟུང་ཞིག་ལ་ཡང་བཞི་བཅུ་རྩ་གཉིས་ཡོད་པའི་ཕྱིར། དེ་ཡང་རྩ་བའི་ལྷ་མི་བསྐྱོད་པ་ཡབ་ཡུམ་གྱི་མིག་ལ་སོགས་པ་རྟོག་པའི་སོ་སོ་གནས་སུ་ཡབ་ལ་ཡབ་བཅོ་བརྒྱད་རྣམས་དང་། ཡུམ་ལ་ཡུམ་བཅོ་བརྒྱད་རྣམས་དང་། ཡབ་ལ་ཐུབ་པ་དྲུག་རྣམས་ཏེ་ཡབ་ཉེར་བཞི་པོ་གསལ་བར་བཀོད་དེ་བསྒོམ་པ་ནི། ལྡན་པ་ཞེས་གསུངས་ཏེ། དེ་ནི་ཐབས་ཀྱི་ལྷ་བཞི་བཅུ་པོ་ཁོ་ནའོ། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། ཞེས་བྱ་བ་ནི། ཐབས་ཀྱི་ལྷ་ཡན་ལག་སྤྲོས་པ་བཞི་བཅུ་པོ་དེ་དག་ཉིད་ཀྱི་ཁོ་ན་དང་ཁ་དོག་མཚུངས་པའི་ཡེ་ཤེས་སེམས་དཔའ་ཚོན་གང་པ་རེ་རེ་ངེས་པར་སྙིང་ལ་གནས་ཏེ་ཕྲ་བའི་ཆ་ནས་ཤེས་རབ་བོ། །བདག་སྟེ་ཞེས་བྱ་བ་ནི། གོང་དུ་བཤད་པའི་ལྷ་བརྒྱད་ཅུ་པོ་རྣམས་དང་། འོག་ཏུ་འཆད་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ལྷ་བརྒྱ་ཉི་ཤུ་སྟེ་གཉིས་བརྒྱ་བོ་རྣམས་ལ། རིགས་ཀྱི་བདག་ཉིད་དབུ་རྒྱན་རིགས་ཀྱི་ལྷ་ལྔ་ལྔས་དབང་བསྐུར་བས་དབུ་རྒྱན་གྱི་གཙོ་བོ་བདག་པོ་རིགས་སོ་སོས་མཚོན་པ་ཁོ་ནའོ། །དེ་དག་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ་དབུ་རྒྱན་གྱི་ལྷ་སྟོང་ཁོ་ནའོ། །བཞི་བཅུ་རྩ་གཉིས་སུམ་འཕྲོར་འགྱུར། །ཞེས་བྱ་བ་ནི། ལུས་ལ་བཀོད་པ་འི་ཐབས་ཀྱི་ལྷ་བཞི་བཅུ་རྩ་གཉིས་སོ། །ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གསུམ་འཕྲོའོ། །བར་འགྱུར་བ། དེ་ལྟར་ལྡན་པའི་གཙོ་མཆོག་གིས། །ཞེས་བྱ་བ་ནི། དེ་ལྟར་ལྡན་པའི་གཙོ་བོ་མི་བསྐྱོད་པ་ཡབ་ཡུམ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་། ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལྷ་བརྒྱ་ཉི་ཤུའོ། །དེ་དག་མངོན་དུ་གསལ་བ་ནི་རྣལ་འབྱོར་གྱི་ཏིང་ངེ་འཛིན་མཆོག་གོ། །གཙོ་བོ་དེ་ལས་འཁོར་གྱི་ལྷ་གཞན་ལའང་སྟོང་སྟོང་བསྒོམ་པར་བྱ་བའི་ཕྱིར། རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །ཞེས་གསུགས་ཏེ། རྒྱལ་བ་རིགས་བཞིའོ། །ཀུན་ཏུ་བཟང་པོ་ནི་རིགས་ཀྱི་བདག་པོའི་ཡིན་པ་ཕྱིར་རྒྱལ་མཆོག་སྟེ། དེ་ལྟར་ལྷ་ཡབ་ཡུམ་བཅུ་ལ་ཡང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་དེ་ལྟར་དུ་བཀོད་པ་བཞིན་དུ་བསྒོམ་སྟོང་སྟོང་མོ་ཞེས་བྱའོ། །བཅུ་གཉིས་དྲུག་གིས་འོད་འཕྲོ་འབར། །ཞེས་བྱ་བ་ནི་ཡབ་ཡུམ་བཅུ་གཉིས་པ་ཕྲག་གཉིས་ཀྱིས་སེམས་དཔའ་ཡབ་ཡུམ་དང་སྒོ་བ་ཡབ་ཡུམ་རྣམས་ལ་ཡང་དེ་ལྟར་གསལ་བ་ལ། འོད་རིམ་ལས་དབུ་རྒྱན་མེད་པར་བཤད་དེ། འདིར་ཡོད་པ་བཅས་སོ། །ཐུབ་དྲུག་རེ་རེ་ལ་ཡང་གཡས་ཀྱི་ཆ་ལས་ཡབ་གཡོན་གྱི་ཆ་ལས་ཡུམ་འམ་ཡང་ན་འཁྲིལ་སྦྱོར་བསྒོམ་ལ་དེ་ལྟར་སྟོང་སྟོང་གསལ་བ་ནི། འི་ལྷ་རྣམས་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་བར་བསྒོམ་པ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཉི་ཁྲི་བཞི་སྟོང་ལ་བསླབ་པ་ཞེས་བྱའོ། །དེ་ལ་སོགས་པ་བསམ་མི་ཁྱབ། །ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཞེས་བྱ་བ་ནི། ཉི་ཁྲི་བཞི་སྟོང་པོ་དེ་དག་སྒོམས་པ་ལས་སུ་རུང་ནས་ཕྱི་ནང་གི་དངོས་པོ་རིལ་ལྷའི་དཀྱིལ་འཁོར་དུ་མ་གྱུར་པ་སྟོང་གསུམ་ནམ་མཁའ་ཆོས་དབྱིངས་ཀྱིས་ཁྱབ་ཚད་ལྟར་གསལ་རིགས་གསུམ་གྱི་ཡུལ་ཡིན། མེད་པ་ས་དེ་ལ་སོགས་པ་སྣོད་བཅུད་ཐམས་ཅད་སྐུ་དང་ཡེ་ཤེས་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ། དེས་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་གདུལ་བྱ་མ་ལུས་པའི་གནས་བསམ་ཡས་རྣམས་སུ་གོང་ལྟར་ལྷའི་ཏིང་ངེ་འཛིན་གྱིས་གདུལ་བྱ་བའི་དོན་རྣམས་མོས་པ་ལྟར་སོ་སོར་སྟོན་ཅིང་། རེ་བ་སྐོང་པར་བྱེད་པའོ། །འོ་ན་ལྷར་སྣང་ན་དོན་བྱེད་པའི་གཞི་དེའི་ཕྱིར་ལྷའི་དཀྱིལ་འཁོར་དུ་སྣང་བ་ཁོ་ནས་དོན་བྱེད་དོ་སྙམ་པ་དུ་དགོས་ལ། ཐེག་པ་མཐོ་དམན་ཐམས་ཅད་དང་། །ཕྱིན་ཅི་ལོག་རྣམས་བསམ་ཡས་དང་། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །ཞེས་གསུངས་ཏེ། ཐེག་པ་མཐོ་བ་གསང་སྔགས་དང་དམན་པ་མཚན་ཉིད་པ་ཐམས་ཅད་མུ་སྟེགས་རྟག་ཆད་ལ་སོགས་པ་ཕྱིན་ཅི་ལོག་པ་རྣམས་བསམ་ཡས་པ་དང་མཐུན་པར་ཐེག་པ་ཆེ་ཆུང་ལ་སོགས་སོ་སོའི་སྟོན་པ་རྣམས་དང་། ལྷ་རྣམས་དང་། བདུད་དང་སྲིན་པོ་ལ་སོགས་པ་ཞི་བ་དང་། ཁྲོ་བོའི་ཚོགས་ཆེན་ཐམས་ཅད་ཡུལ་བྱ་རང་རང་གང་ལ་མོས་པ་ལྟར་སོ་སོར་བསམ་ཡས་དང་མཐུན་པར་བྱས་པ་ཀུན་ཏུ་སྣང་བས་གཅིག་ཏུ་མ་ངེས་པའི་ཕྱིར། སངས་རྒྱས་མཉམ་སྦྱོར་ལས་ས་ཁམས་གསུམ་གྱི་ཞིང་། ཐམས་ཅད་ཀུན་ཏུ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་བ་རྫུ་འཕྲུལ་སྟོན་པར་བྱེད་པ། །སྟེ་གང་ཞེ་ན། ༢དུས་རེག་གྷ་ཞིག་ལ་མངོན་པར་བྱང་ཆུབ་པ་དུས་རེས་གྷ་ཡབ་ཡུམ་གྱིས་ལྷུམས། །སུ་ཞུགས་རེས་གྷ་ཞི་བ་ཞི་བ་ལ་རིས་གྷ་དྲག །པོ་ལ་དྲག་པོ་རེས་གྷ་ཞིག་ལ་གདོན་ཆེན་པོ་བགེགས་ལྟར་དུ་མཛད་དེ། །དེ་ལ་སོགས་པ་མཛད་པ་མཐའ་ཡས་མཆོག །རེས་འདུལ་བ་ལ་རི་དང་སྐྱེ་བོ་ཐམས་ཅད་དོ། །གྱིས་འདུལ་བ་ལ་སྐྱེ་བར་མཛད་ཞེས་འབྱུང་ངོ་། །གཞན་དོན་དེ་དག་ཀྱང་ཆེད་དུ་རྩོལ་བར་བྱེད་པ་ལ་ཡིན་ཏེ། སྟོན་པ་རང་ལ་ལྷུན་གྱིས་གྲུབ་པ་ཉིད་གཉན་པོ་ཀུན་ཏུ་སྣང་ནས་དོན་བྱེད་བའི་ཕྱིར། དེ་ནི་དཔེར་ན་གར་མཁན་ཉིད་དང་འདྲ་བས། ལུས་ལ་མ་གཡོས་པ་གར་གྱི་བཀོད་པ་སྣ་ཚོགས་སྟོན། །པ་ལྟར་རོ། །ཞེས་གསུངས་སོ། །ཕྱག་རྒྱའི་རྣམ་གྲངས་མ་ངེས་པར་བསྟན་པའི་ཕྱིར། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །འདི་ཞེས་གཅིག་ཏུ་བརྗོད་དུ་མེད། །གཉིས་དང་གསུམ་དུ་རྣམ་པར་འཕྲོ། །བསྐྱེད་དང་སྤྲོ་བ་དེ་བཞིན་ཏེ། །ཞེས་བྱ་བ་ནི། ཕྱག་རྒྱ འི་རིལ་ཐམས་ཅད་ཚིག་གིས་མདོར་བསྡུས་ན། ལུས་ཀྱིས་ཡན་ལག་གིས་ཕྱག་རྒྱ་ཐམས་ཅད་བསྐྱེད་པ་ནི། ཀུན་ཀྱང་བྱ་བ་མོའི་ཀུན་ཏུ་བཟང་མོ་ཕྱག་རྒྱ་ལྟར་འི་ཁོ་ན་ཞེས་ཅིག་ཏུ་ཞེས་ངེས་པར་བརྗོད་དུ་མེད་དེ། ལུས་ཀྱི་ཡན་ལག་གི་དབང་དུ་ཞབས་གཉིས་དང་༡དབུ་ཕྱག་གཉིས་དང་གསུམ་སྟེ་དེ་ལྟར་དུ་ལུས་ཀྱི་ཡན་ལག་ལྔ་པོ་རེ་རེ་ལ་ཡང་རིགས་ལྔ་ཡབ་ཡུམ་བཅུ་ཏིང་ངེ་འཛིན་གྱི་རྣམ་པར་གྱུར་པ་ལས་ཕྱག་རྒྱ་ལྔ་བཅུར་ཡང་འཕྲོ་བར་འགྱུར་རོ། །ཡང་ན་རྟོག་པའི་ཡན་ལག་རྣམ་པར་སྤྲོ་བའི་དབང་དུ་ཕྱག་རྒྱ་ལ་ཡང་ཐབས་ཀྱི་ལྷ་བཞི་བཅུ་ལ་སྐུ་གསུང་ཐུགས་གསུམ་དང་གསུམ་དང་ལྡན་པས་བརྒྱ་ཉི་ཤུ་ཐབས་དང་ཤེས་རབ་གཉིས་ཀྱིས་ལྷ་བརྒྱ་དང་ཐབས་ཤེས་རབ་དང་སྐུ་གསུང་ཐུགས་ཀྱི་ལྷ་དེ་དག་ལ་དབུ་རྒྱན་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོང་དང་ལ་སོགས་པར་འི་སྒྲས་ཉི་ཁྲི་བཞི་སྟོང་དང་བསམ་ཡས་ལྷུན་གྱིས་གྲུབ་པ། རྣམ་པར་འཕྲོ་བས་དེ་ལྟར་ལུས་བསྐྱེད་པ་དང་། ཏིང་ངེ་འཛིན་སྤྲོ་བ་ལྷའི་ཕྱག་རྒྱའི་གྲངས་ནི་དེ་བཞིན་དུ་མ་ངེས་པ་ཁོ་ནའོ། །མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །གནས་ཉིད་མི་གནས་གནས་པ་མེད། །དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །ཅེས་བྱ་བ་ནི། གྲངས་དེ་ལྟ་བུས་མཚོན་ནས། ཕྱག་རྒྱ་བརྗོད་ཀྱིས་མི་ལང་བའི་གྲངས་རྣམས་ཚིག་གིས་མདོར་བསྡུས་ན། ལུས་བསྒུལ་ཞིང་བསྐྱོད་པ་ཐམས་ཅད་ཀུན་གཞི་རང་བཞིན་གྱི་ཕྱག་རྒྱ་གནས་པ་དེ་རྟོགས་ལྟ་བའི་ཕྱག་རྒྱ་མངོན་དུ་བྱས་ན། ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་གསལ་བར་བསྒོམ་པའི་དུས་ན། ལུས་ངག་གིས་ཅི་སྣང་ཅི་བྱས་པ་ཐམས་ཅད་བདག་ཉིད་ཆེན་པོ་ལྷའི་སྐུ་གསུང་ཐུགས་ཁོ་ན་ལས་མི་འདའ་བར་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་ན། དེ་ཙམ་དུའང་གནས་པ་ཉིད་ན་བློས་མི་འཛིན་པས་མི་གནས་པ་དང་གནས་པའི་ཐ་སྙད་མེད་པས་ན་ཕྱག་རྒྱ་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབས་པ་ཞེས་བྱ་བ། དེ་སྐད་ནི་སྤྱོད་ཡུལ་ཡོངས་སུ་དག་པའི་རྒྱལ་མཆོག་ཀུན་བཟང་ཉིད་ཀྱིས་བཤད་དོ། །ཁོ་ནའོ། །ཞེས་གསུངས་པའོ། །དེ་དག་ཉིད་ཁོ་ནའི་ཕྱིར། ལུས་དང་རྟོག་པའི་ཡན་ལག་ཐམས་ཅད་ཕྱག་རྒྱ་གསུམ་གྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་ནས། ཡན་ལག་གི་ཕྱག་རྒྱ་རྣམ་གྲངས་སྤྲོས་པ་ཞེས་གསུངས་སོ། །ལེའུ་བརྒྱད་པ་མདོར་བཤད་པའོ།། །།ལྷག་པ་ཏིང་ངེ་འཛིན་གྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དེའི་རྗེས་སུ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྒྱས་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་ཞེས་བྱ་བ་ནི། སྤྱིར་ཐུན་མོང་གི་དགའ་བ་དང་། འཇིག་རྟེན་གྱི་དགའ་བ་དང་། དགའ་བའི་དགའ་༡ བ་དག་སྟེ། རིམ་པ་དེ་དག་གི་དོན་༡ནི་འདོད་པའི་ཁམས་ཀྱི་འཁྲིགས་པ་ལ། ཉེ་བར་ལོངས་སྤྱོད་པ་དང་། གཟུགས་ཁམས་བསམ་གཏན་བཞི་དང་དགའ་བདེ་ས་དང་པོ་རབ་ཏུ་དགའ་བ་༡མཐོང་ལམ་བ་རྣམས་ཀྱི་ཕྱིར་སྨོས་པ་སྟེ། འདིར་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ཐུགས་སུ་ཆུད་པ་དགྱེས་པའི་དགའ་བ་ནི་སྔ་མ་གསུམ་ལས་ལྟོས་པ་ཙམ་མ་ཡིན་གྱི་འཁོར་འདས་མཉམ་པ་ཉིད་ལ་སྤང་བླང་མེད་པར་ལོངས་སྤྱོད་པས་རང་གི་ངོ་བོས་ཀྱང་ཆེན་པོ་ཡིན་བ་སྟེ། ཀུན་ཏུ་བཟང་པོའི་མཚན་དོན་གྱི་གནས་སྐབས་ལས་བཏགས་པའོ། །རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ། ཞེས་བྱ་བ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་རྒྱལ་བའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཐམས་ཅད་ཡེ་ཤེས་རྡོ་རྗེའི་ངོ་བོར་ལྷུན་གྱིས་གྲུབ་པ་དེ་ཕལ་གྱིས་བློའི་སྤྱོད་ཡུལ་དུ་མ་གྱུར་པས་གསང་དོན་དེ་མཚོན་ཅིང་འབྲས་བུ་དེ་ལ་སྦྱོར་བ་ལས་མི་འདའ་བའི་དམ་ཚིག་ནི་༡ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཏེ། དེ་དག་གི་བསྙེན་པ་ས་མཆོག་གི་ལས་ཀྱི་རིམ་པ་དང་། དཀྱིལ་འཁོར་གྱི་ཚད་དང་། རང་གི་ངོ་བོ་དང་། དེར་འཇུག་པ་དང་། བཞུགས་གནས་བསྐྱེད་པའི་རིམ་པ་བསྒྲུབ་པ་དང་། དེའི་འབྲས་བུའི་གཉིས་པོ་བར་རྣམས་གསལ་བར་བཀོད་པ་སྟོན་པའི་རྒྱུར་ཉེ་བར་གནས་པ་ཁོ་ནའོ། །གཞན་དོན་དབང་དང་དཀྱིལ་འཁོར་ཉེ་བར་སྟོན་པའི་ལེའུ་དགུ་པ་འདི་ཡང་ལྔ་པ་ལྟར་རྒྱུད་ཀྱི་རིམ་པ་རིང་དུ་སྤངས་ཏེ་འཁྲུགས་ལྡེབས་ནས་མན་ངག་གི་རྡོ་རྗེ་ལས་རིམ་རིམ་པ་ལ་འཇུག་པར་བྱ་སྟེ། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག ། ཅེས་བྱ་བ་ནི། འོག་ནས། ཉེ་བར་སྟོན་པ་གསང་བའི་དཀྱིལ་འཁོར་ཉིད་ཀྱང་ཤིན་ཏུ་ཕྲ་བའི་དཀྱིལ་འཁོར་རོ། །ཡང་ན་འོག་༡༡༡༽ནས། ཤིན་ཏུ་ཕྲ་ལ་སྦྱངས་པའི། །བསམ་ཡས་དག་ལའང་དེ་བཞིན་བྱ། །ཞེས་འབྱུང་བའི་ཕྱིར། ཚིག་འདི་ནི་དོན་ཟུར་གཉིས་པ་ཁོ་ན་སྟེ། གཞན་དོན་དུ་དབང་བསྐུར་ཉེ་བར་བྱེད་པའི་བླ་མས་སྔོན་དུ་བསྙེན་པ་བྱ་བ་ནི། ཏིང་ངེ་འཛིན་རྣམ་པ་གསུམ་ལ་བློ་སྦྱངས་ཏེ། རྒྱས་པའི་ལེའུ་ཉེར་གཉིས་ལས་འབྱུང་བའི་ཕྲ་བའི་ཡི་གེ་ཕྱག་མཚན་སྐུའི། དཀྱིལ་འཁོར་དང་གསུམ་ལ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་གྱིས་གོམས་ནས་སྔགས་ཀྱི་བཟླས་པ་གྲས་དུས་མཚན་མའི་བསྙེན་པ་གང་རུང་རྫོགས་པར་བྱ་བ་ལ་མི་འདའ་བས་དམ་ཚིག་མཆོག་ཁོ་ནའོ། །ཞེས་བྱ་བའོ། ། དེ་ནས་གནས་བརྟག་པའི་བཟང་པོར་རུང་པའི་ཆོ་ག་བྱ་བའི་ཕྱིར་ཡང་གདམས་ཀ་ནི་རྒྱུད་འཁྲུགས་པ་སྡེབས་པའི་དབང་དུ་བྱས་པ་དང་། མ་འཁྲུགས་པའི་དབང་དུ་བྱས་པ་གཉིས་ན་ས་གཞི་རབ་ཏུ་བསྙམས་ལ། པར་བྱས་པའི་ཆོ་ག །ཞེས་གསུངས་ཏེ། ས་བཙལ་ཁ༽བ་དང་། བསླང་བ་དང་། དབང་དུ་བྱ་བ་དང་། བརྟག་ཀ༽པ་དང་། སྦྱང་ག༽བ་དང་། བྱིན་གྱིས་བརླབས་པ། བསྲུང་བ་རྣམས་མངོན་པར་རྟོགས་པ་རྡོ་རྗེ་ལས་རིམ་ནས་འབྱུང་བ་ལྟར་སྦྱང་བར་བྱའོ། །དེ་ནས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གི་ཚད་བསྟན་པའི་ཕྱིར། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུའམ། །ཡང་ན་ལུས་ནི་གསུམ་གྱིས་ཚད། །ཅེས་གསུངས་ཏེ། སྒྱུ་འཕྲུལ་བསྡུས་པའི་ལྷ་བཅོ་བརྒྱད་པ་དཀྱིལ་འཁོར་ནི་གཙོ་བོ་སྟོང་ཡབ་དང་དཔྱལ་ཡུམ་གཉིས་ལ་འཁོར་བཅུ་དྲུག་པ་སྟེ། དེའི་ཚད་ལ་དཀྱིལ་འཁོར་ལོགས་རེ་ལ་ཁྲུ་གང་གི་ཚད་དུ་བྱ་བ་ངམ་ཡང་ན་ལུས་གང་གི་ཚད་ཀྱི་ཁྲུ་བཞི་པར་བྱ་སྟེ། ཚད་གཉིས་ནི། རུ་ཕྱག་གཟོ་བ་མི་བཟོའི་སྦྱོར་བའི་ཕྱིར་རོ། །ཡང་ན་འབྲིང་གི་དཀྱིལ་འཁོར་ནི། ལྷ་བཞི་བཅུ་རྩ་གཉིས་ཏེ། དེའི་ཚད་ལ་ལུས་གསུམ་གྱི་ཚད་དུ་བྱེད་པ་སྟེ་ལོགས་རེ་ལ་ཁྲུ་བཅུ་གཉིས་སམ། གཞན་ཡང་། ཡང་ན་ལོགས་རེ་ལ་ཁྲུ་ནི་བཅུ་དྲུག་དང་། ཞེས་བྱ་བ་དང་གཉིས་སོ། །དཀྱིལ་འཁོར་ལོགས་རེ་ལ་ཁྲུ་ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། ཞེས་བྱ་བ་ནི། རྒྱས་པའི་དཀྱིལ་འཁོར་གྱི་ཚད་གཉིས་སོ། །སྨོས། དེ་དག་ལས་ནང་དུ་ལྷག་པའི་ཏིང་ངེ་འཛིན་གོམས་པས་ཕྱི་རོལ་དུ་ཐིག་ཚན་གྱི་དཀྱིལ་འཁོར་དུ་སྣང་བས་གཟུགས་བརྙན་གྱི་ཚད་བསྟན་པའི་ཕྱིར། ཡང་ན་གཞུ་འདོམ་ལྔ་བརྒྱ་རྒྱང་གྲགས་དེ་བརྒྱད་དཔག་ཚད་དམ། ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །ཞེས་གསུངས་ཏེ། གསུམ་པོ་དེ་ཡང་དགོས་པ་མཐོན་དམན་ཡོད་པར་སྒྱུ་འཕྲུལ་རྡོ་རྗེ་ལས། སློབ་དཔོན་མཐར་ཐུག་སངས་རྒྱས་ལ། ཉེ་འམ་མཐར་ལམ་རིག་འཛིན་ལ་ཉེ་བ། སྤྲོས་པ་དང་ཚོགས་སྒྲུབ་ཀྱི་ལམ་ལ་གནས་པས་རྣལ་འབྱོར་པ། དཀྱིལ་འཁོར་གྱི་ཚད་རྒྱང་གྲགས་དང་དཔག་ཚད་དམ་ནམ་མཁའ་དབྱིངས། ལ་སོགས་པར། རྡོ་རྗེའི་ཐིག་གི་ཚད་དོར་ཙམ་གྱིས། ལྷའི་སྐུ་ཕྱག་རྒྱའི་དཀྱིལ་འཁོར་གསལ་བར་ལྡང་བ། དཀྱིལ་འཁོར་སྣ་ཚོགས་ཀྱི་ཚད་ཀྱི་ནང་ནས་མཆོག་ཏུ་གསུངས ། ཞེས་འབྱུང་བ་ནི། རྒྱས་པ་ལས་དཔག་པས་མཆོག་གི་ཡང་མཆོག་གི་དཀྱིལ་འཁོར་ཏེ། སློབ་བུ་དྲོད་དང་ལྡན་པས་ལས་དག་པ་རྣམས་ཀྱི་སྣང་ངོའི་ཕྱིར་རོ། །དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་དེ་དག་ལས་གང་བྱེད་ཀྱང་ལས་དང་བྱ་བ་སྦྱར་ནས། ས་བསྲུང་བ་ལ་སྦྱར་བའི་ཕྱིར། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ནི་རབ་བསྙམས་ལ། །རིག་པས་ཐིག་ནི་གདབ་པར་བྱ། །ཞེས་གསུངས་ཏེ། གཞན་སེལ་བའི་དགོས་པ་ཕུང་པོ་ལྔ་དག་པ་དོན་དུ་གཉེར་བའི་སྐུ་ལྔ་ཐོབ་པར་བྱ་བའི་ཕྱིར་འབྲུ་ནི་ནས་སྲན་གྲོ་འབྲས་ཏིལ་ལྔ་དང་། གཞན་ལ་དེས་འདྲེས་ཡུམ་ལྔའམ་དབང་པོ་ལྔ་དག་པ་ཕྲིན་ལས་ལྔ་ཐོབ་པར་བྱ་བའི་ཕྱིར། གུར་གུམ་ཙན་དན་དཀར་དམར་གཉིས་གླ་རྩི་ཛཱ་ཏི་སྟེ། སྤོས་ལྔ་དང་། འབྱུང་བ་ལྔའམ་ཡུལ་ལྔ་དག་པ་ཡོན་ཏན་ལྔ་ཐོབ་པར་བྱ་བའི་ཕྱིར་རིན་པོ་ཆེ་བྱུ་རུ། མུ་ཏིག །གསེར། དངུལ། རཏྣ་མརྒད་དེ། ལྔ་དང་། རྣམ་ཤེས་ལྔ་དག་པ་ཡེ་ཤེས་ལྔ་ཐོབ་པར་བྱ་བའི་ཕྱིར། ཆུའི་སྙིང་པོ་ཚྭ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཤིང་ཐོག་གི་སྙིང་པོ་བུ་རམ། རྩི་ཐོག་གི་སྙིང་པོ་མར། འབྲས་བུའི་སྙིང་པོ་ཨ་འབྲས་ཏེ། སྙིང་པོ་ལྔ་དང་། དབང་པོ་ལྔའམ་འདོད་ཡོན་ལྔ་དག་པ་གསུང་ལྔ་ཐོབ་པར་བྱ་བའི་ཕྱིར། བྱ་ཀྲི་སྟེ་སྟག་ཚེར། སེང་ཀྲི་སྟེ། སེང་ཚེར་ཧ་པ་དྷེ་བ་སྟེ། ཤུ་དག །གྷི་ཧ་རི་སྟེ། དབང་པོ་ལག་པ ། ཀན་ཏ་ཀ་རི་སྟེ། སླེ་ཀྲིས་ཏེ། སྨན་ལྔ་དང་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་དག་པ་རིགས་ལྔ་ཐོབ་པར་བྱ་བའི་ཕྱིར། བྱང་སེམས་དཀར་དམར་གཉིས། དྲི་ཆུ། དྲི་ཆེན། ཤ་ཆེན་དང་། བདུད་རྩི་ལྔ་སྟེ། སུམ་ཅུ་པོ་དེ་དག་ནི་ཆ་རབ་ཏུ་སྙོམས་པའི་འཇིམ་པའི་འདེ་གུས་འཐུག་སྲབ་གླང་གི་རྐོ་བ་ཙམ་དུ་བྱུགས་ལ། དེར་མཚམས་བཅད་ལ་ས་བསྲུང་བར་བྱའོ། །དེ་ནས་རིག་པ་མ་ཡེངས་པས་ཐིག་གདབ་པར་བྱ་སྟེ། དེའི་ཕྱིར་འགྱིང་ཕུར་བུ་ཤུལ་དུ་ཀ༽སྲད་བུ་ཁ༽ ཚོན་ཕྱེ་དང་། བླུགས་པ། གོས་རྒྱན་མཛེས་པ་ཡིད་འོང་གྲོགས། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཞེས་གསུངས་ཏེ། སྲད་བུ་སྐུད་པའི་རྒྱུ་ཡང་མེ་ཏོག་པདྨའི་རྒྱུས་པའམ་ཡང་ན་རས་བལ་ལ་བྱ་སྟེ་དེ་ཡང་རིག་མ་མཚན་ལྡན་ལོ་བཅུ་དྲུག་མས་རྣལ་འབྱོར་པའི་ཡིད་དུ་འོང་བའི་གྲོགས་མོ། བཀལ་བའི་སྐུད་པ་ཚོན་གྱི་ཁ་དོག་དཀར་དམར་མཐིང་གསུམ་དུ་ཕྱེ་བའི་རེ་རེ་ལ་གསུམ་གསུམ་སྟེ་དགུ་སྒྲིལ་གྱི་དམ་ཚིག་གི་ཐིག་སྟེ། རིང་ཐུང་གི་ཚད་མཎྜལ་འཁོར་བར་ཚུད་པ་ཙམ་སྟེ། སྐུ་གསུང་ཐུགས་བྱེ་བྲག་གསུམ་གསུམ་དུ་བྱིན་གྱིས་བརླབ་པའི་ཆོ་ག་ཕུན་སུམ་ཚོགས་པའི་ཐིག་ཐོགས་ཏེ། ཡུམ་བཅུ་དྲུག་མ་རྒྱན་གྱིས་མཛེས་པ་དང་གཉིས་ཀྱིས་ཐིག་དྲངས་ཏེ་རྒྱན་གྱི་རྟ་བབ་བརྒྱད་ཀྱིས་མཛེས་པར་གདབ་བོ། །དེ་ནས་ཡེ་ཤེས་ཀྱི་ཐིག་ཁ་དོག་མཐིང་ཀ་དཀར་སེར་དམར་ལྗང་སྣ་ལྔར་ཕྱེ་ལ་དེ་རེ་རེ་ལ་ཡང་ཁ་དོག་ལྔ་ལྔའོ། །ཡེ་ཤེས་ཉི་ཤུ་རྩ་ལྔར་བྱིན་གྱིས་བརླབས་པའི་ཆོ་ག་ཕུན་སུམ་ཚོགས་པ་དེ་ཐོག་ལ་ཡབ་ཡུམ་གྱིས་ལྷའི་སྐུ་ཕྱག་རྒྱར་གསལ་བའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཡེ་ཤེས་སུ་དྲང་བས་བཏབ་ཐིག་པས་དུས་སུ་མཁས་ལྡན་ཆེན་པོས་བསྒྲིམ་སྟེ་བྱའོ། །དམ་ཚིག་གི་ཐིག་ཐམས་ཅད་སྐུ་གསུང་ཐུགས་གཅིག་ཀྱང་ཡེ་ཤེས་ལྔ་ལྔར་གསལ་བས། མདོར་ན་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་བའི་གཞལ་ཡས་ཁོ་ནའོ། །དེ་ནས་ས་བཟུང་བའི་ཆོ་ག་ལྷ་སྟ་གོན་ལ་གནས་པར་བྱས་ནས། ཐིག་སྐུད་པ་དང་རྡུལ་ཚོན་ལྔ་ཅི་ལྟར་བྱིན་གྱིས་བརླབས་སྙམ་པ་ལ། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །ཞེས་གསུངས་ཏེ། འདིར་རྒྱས་པའི་དབང་དུ་ཚོན་སྣ་ལྔ་པོ་རེ་རེ་ཡང་ཡི་གེ་འབྲུ་ལྔ་ལྔས་བྲེལ་ཞིང་བསྒོམ་སྟེ། རེ་རེ་ལ་ཡང་ཁ་དོག་ནང་རིས་སུ་ལྔ་ལྔ་སྟེ། ཉི་ཤུ་རྩ་ལྔ་འཕྲོས་འདུས་པ་ལས། རིགས་ཀྱི་དཀྱིལ་འཁོར་ཡབ་ཡུམ་ལྔའམ། ཡབ་ཡུམ་ཉི་ཤུ་རྩ་ལྔའི་དམ་ཚིག་པ་རྣམས་བསྐྱེད་ཅིང་བསྒོམ་དེ་ལ་ཡེ་ཤེས་པ་ཉི་ཤུ་རྩ་ལྔ་སྤྱན་དྲངས་ཞིང་དམ་ཚིག་པ་ལ་བསྟིམ་ནས་དོན་ཡེ་ཤེས་ཉི་ཤུ་ལྔ་རྟགས་རིན་པོ་ཆེ་ཉི་ཤུ་རྩ་ལྔ་ཁོ་ནར་གྱུར་པར་བྱའོ། །དེ་ལྟར་ཚོན་ཉི་ཤུ་རྩ་ལྔའི་བཀྱེ་བ་དགོས་པ་དང་ངེས་ཚིག་ཅི་སྙམ་པ་ལ། མ་མཐོང་རྨོངས་ལ་བསྟན་ཕྱིར་ཚོན། །ཁ་དོག་ཉི་ཤུ་རྩ་ལྔའམ། །ལྔའི་ཚོན་གྱིས་བྲི་བར་བྱ། །འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཞེས་གསུངས་ཏེ། དོན་རང་གི་སེམས་ཉིད་ཡེ་ཤེས་ལྔའམ་ཉི་ཤུ་རྩ་ལྔར་གདོད་ནས་དག་པར་གནས་ཀྱང་མ་མཐོང་ཞི ང་བློ་རྨོངས་པ་རྣམ་ལ་རང་ལ་ཡོད་པ་དེ་མཚོན་ཅིང་བསྟན་པར་བྱ་བའི་ཕྱིར་ཏེ། རྒྱས་པའི་རྒྱུད་ལས། འགྲོ་དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་ལ། །ཡེ་ཤེས་ལྔའི་ཀུན་ལ་ཁྱབ་ཀྱང་། །རང་གི་རྣམ་རྟོག་གི་བསྒྲིབ་པར་བྱས་ནས། །ཡེ་ཤེས་ལྔའི་དོན་རང་ལ་གནས་པ་དེ་མ་མཐོང་། །དེ་ལྟར་བློ་རྨོངས་པའི་སེམས་ཅན་ཐམས་ཅད་ལ། །ཡེ་ཤེས་ལྔའི་མཚན་ཉིད་བསྟན་པའི་ཕྱིར། །ཁ་དོག་དཀར་དང་དམར་དང་སེར་བའང་། །ལྗང་ཀུ་ལ་སོགས་ཉེར་ལྔ་ནག་པོར་བསྟན། །ཞེས་གསུངས་ཏེ། དེ་ལྟ་བུས་འི་ཚོན་གྱི་བྲི་བ་ཡང་རྒྱས་པ་ཁ་དོག་ཉི་ཤུ་རྩ་ལྔའི་རྒྱས་འབྲིང་བསྡུས་པ་གསུམ་པོ་ནི་འབྲིང་བསྡུས་གཉིས་ལ་ལྔའི་ཚོན་གྱི་བྲི་བར་བྱ་སྟེ། སློབ་བུ་གང་ལ་དད་པ་སྟེ་འདུལ་བའི་ཆོ་ག་བཞིན་དུ་བྲིའོ། །ཞིང་དགྱེ་དེ་དག་གི་དབྱིབས་ཅི་ལྟར་སྙམ་པ་ལ། ལྟེ་བ་རྩིབས་དང་ལྡན་པ་ཡི། །རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། །གྲུ་ཆད་བཞི་དང་གྲུ་བཞི་ཡི། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །ཞེས་པ་གོ་སླ་སྟེ། རྒྱས་པ་ལ་ནི། གཞི་ཚད་མེད་པའི་འཁོར་ལོའི་སྟེང་དུ་ཡང་རྩིབས་བཞི་དང་ལྡན་པ་སྟེང་དུ་ཡང་རྩིབས་བཞི་པའི་འཁོར་ལོ་མུ་ཁྱུད་ཟླུམ་པོ་དང་བཅས་པ་ཆ་ལྔ་སྟེ། སྤྱིར་འཁོར་ལོ་དྲུག་པའོ། །འབྲིང་པོ་ནི་དཀྱུས་བཞིན་ཏེ། གྲུ་ཆད་བཞི་དང་གྲུ་བཞིའི་བར་འཁྱམས་སྒོ་ཁྱུད་ལྡན་པར་བྱ། ལ་སོགས་པ་ནི། རྒྱས་འབྲིང་གཉིས་ཀ་ལས་མཐུན་ནོ། །བསྡུས་པའི་དཀྱིལ་འཁོར་ལས། བར་ཁྱམས་སྤངས་པ་སྟེ། རྟ་བབ་བརྒྱད་ནི། རྒྱས་འབྲིང་བསྡུས་གསུམ་ཐམས་ཅད་ལ་ཡང་བྲི་བར་བྱའོ། །གཞལ་ཡས་ཁང་དཀྱིལ་འཁོར་དེ་དག་ཏུ་ལྷ་རྣམས་ཀྱི་མཚན་མ་གསུམ་ཅི་ལྟར་དགོད་སྙམ་པ་ལ། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཞེས་གསུངས་ཏེ། བསྡུས་པ་ཁྲུ་གང་བ་ལ་སོགས་པའི་དཀྱིལ་འཁོར་ཙཀ་ལི་དགོད་པ་ནི། སྐུའི་དཀྱིལ་འཁོར་རོ། །ཧཱུྃ་མུཾ་ལ་སོགས་པའི་སྙིང་པོ་ཡིག་འབྲུ་ཏ་ཐ་ལ་སོགས་པ་དགོད་པ་ནི། གསུང་གི་དཀྱིལ་འཁོར་རོ། །ལྷ་རང་རང་གི་ཕྱག་མཚན། ཕྱག་རྒྱ་དགོད་པ་ནི་ཐུགས་ཀྱི་དཀྱིལ་འཁོར་གང་རུང་དང་ལྡན་པའི་གཟུགས་ཀྱང་དགོད། རོ། །གཅིག་བཀོད་གཉིས་བསྐྱེད་རེ་རེའང་གསུམ་གསུམ་དང་ལྡན་པའོ། །དཀྱིལ་འཁོར་དེ་དག་གི་རྒྱན་ཅི་ལྟར་བྲི་སྙམ་པ་ལ། བཅོས་བུའི་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེང་བཏུང་བ་བྲོ་བས་བསྐོར། །ཞེས་གསུངས་སོ། །བླ་རྒྱན་ཁ་དོག་སྣ་ཚོགས་སུ་བྲེས་པ་བཅོས་བུའི་རས་ཀྱི་ནི་བླ་རེ་དང་འཕན་གདུགས་ཡོལ་བ་དར་འཕྱང་བ་དན་ལ་སོགས་པ་དབྱིབས་ཀྱི་བྱེ་བྲག་གི་རིགས་མི་འདྲ་བ་སྣ་ཚོགས་དང་། བར་རྒྱན་རིན་པོ་ཆེའི་རྒྱན་ཆ་ཕྲེང་བ་སྣ་ཚོགས་དང་ཆུན་འཕྱང་དང་། རོལ་མོ་སྣ་ཚོགས་དང་། འོག་གིས་བཟའ་བ་དང་བཏུང་བ་གཡོས་ཀྱི་བྱེ་བྲག་བྲོ་བ་སྣ་ཚོགས་ཀྱིས་དཀྱིལ་འཁོར་བསྐོར་བའོ། །ཞེས་གསུངས་ཏེ། དཀྱིལ་འཁོར་དེ་དག་གི་རབ་ཏུ་གནས་པ་བསྟན་པའི་ཕྱིར། སྟོང་པ་ཆེན་པོའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དག་པར་སྦྱངས་བ་སྟེ། རྣལ་འབྱོར་པ་རང་དང་སེམས་ཅན་གྱི་ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ལའང་མི་གནས་མི་དམིགས་པ། །མིག་ཡོར་ཚུལ་དུ་སྦྱོར་བའི་ཡི། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་གསུངས་ཏེ། གོང་གི་གཟུགས་བརྙན་གསུམ་གྱི་ཕྱག་རྒྱ་བཀོད་པ་རྣམས། ཕྱི་གཞལ་ཡས་གིས་མཚོན་པའི་ཆོས་ཐམས་ཅད་སེམས་ཉིད་ཀྱི་སྣང་བ་ཙམ་ལས་མ་རྟོགས་པ་དངོས་པོ་གཞན་ཕྱོགས་གཅིག་ཏུ་གང་ལའང་མི་གནས་ཤིང་རང་རྒྱུད་དུའང་མི་དམིགས་ཏེ་དམིགས་སུ་མེད་པའི་ཕྱིར། ཅིར་ཡང་སྣང་བ་ནི་དཔེར་ན་མིག་ཡོར་ལྟ་བུར་འི་ཚུལ་དུ་སྣང་ལྟ་སྦྱོར་བས་རང་གི་ངོ་བོ་ཉིད་མེད་པར་རྟོག་པ་ལ་དོན་སེམས་ཉིད་ཀྱི་ཆོས། དངོས་པོ་འདི་ལྟ་བུའི་ཕྱོགས་གཅིག་པ་ངོ་བོར་ཡང་དམིགས་སུ་མེད་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ནམ་མཁའ་ལྟ་བུའི་ཕྱིར། དོན་དེ་ལ་ནི་བསྒོམ་བྱེད་ཀྱི་བློ་ཡང་ནམ་མཁའ་ལྟར་ཡུལ་དུ་མི་དམིགས་པར་རང་གསལ་བར་བསྒོམ་ཞིང་འདུག་གོ། །དེ་ལ་ཆོས་ཉིད་རྣམ་པར་དག་པ་ཤུ྅་ཏ་ཞེས་བྱ་བའི་སྔགས་ཉེར་གཅིག་གིས་ང་རྒྱལ་བྱའོ། །སྟོང་པ་དེའི་ངང་ལ་དཔེར་ན་རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྣ་ཚོགས་བསྐྱེད་པར་བསྟན་པའི་ཕྱིར་ཏིང་འཛིན་རོལ་མོ་མཐའ་ཡས་མཆོག །ཡི་གེའི་གདན་ནམ་སྙིང་པོའམ། །ཕྱག་རྒྱ་སྐུ་གསུང་ཐུགས་ལྡན་པར། །བྱིན་བརླབས་ཡ་མཚན་རྨད་པོ་ཆེ། །འགྲུབ་འགྱུར་སངས་རྒྱས་ཀུན་ཀྱི་དམ། །ཞེས་གསུངས་ཏེ། དཔེར་ན་རོལ་མོ་ནི་གཞི་མ་ངེས་པ་ལས། ཐབས་ཀྱིས་དྲངས་ནས་སྒྲ་སྣ་ཚོགས་སུ་སྣང་བ་བཞིན་དུ། བཤད་༼༠༽པའི་སྟོང་པ་ཉིད་རྣམ་པར་མི་རྟོགས་པའི་ཡེ་ཤེས་དེ་རང་གི་ངང་ལས། ཡེ་ཤེས་རང་གསལ་སྐད་ཅིག་མའི་ཏིང་ངེ་འཛིན་གྱི་མཐས་མཆོག་གི་དོན་ལ་རང་དབང་བསྒྱུར་ནས། འབྱུང་བའི་དཀྱིལ་འཁོར་དང་བཅས་པའི་གཞལ་ཡས་ཁང་། གདན་དང་བཅས་པར་སྣང་ལ་གཞལ་ཡས་ཁང་དེ་དག་དུ་སྔར་བཀོད་པའི་ཧཱུྃ་མུཾ་ལ་སོགས་པའི་སྙིང་པོའམ་ཏ་ཐ་ལ་སོགས་པའི་ཡི་གེ་བཀོད་པ་རྣམས་གསུང་གི་དཀྱིལ་འཁོར་དང་། ཉི་ཟླ་ལ་སོགས་པའི་གདན་ནམ་ཙཀ་ལི་བཀོད་པ་སྐུའི་དཀྱིལ་འཁོར་དང་། ཕྱག་རྒྱ་བཀོད་པ་ཐུགས་ཀྱི་དཀྱིལ་འཁོར་གང་ཡིན་པ་ཡང་། བཀོད་པ་དེ་ཉིད་སྐུ་གསུང་ཐུགས་གསུམ་དང་ལྡན་པའི་ལྷར་བྱིན་གྱིས་བརླབས་ནས། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡང་དྲངས་ཏེ། གཉིས་སུ་མེད་པར། བསྟིམ་ནས་བསྒོམ་ན་དངོས་གྲུབ་ཡ་མཚན་ཅན་ཐུན་མོང་མ་ཡིན་པའི་རྨད་པོ་ཆེའི་འདོད་པ་ཡོངས་སུ་འགྲུབ་པར་གྱུར་ཏེ། རང་བཞིན་ཉིད་གཞི་དང་། སྤྱན་དྲངས་པ་འབྲས་བུ་གཉིས་དང་ལྷག་པར་ཏིང་ངེ་འཛིན་བསྒོམ་པ་དང་གསུམ་འཚོགས་པའི་དོན་ལ་མི་འདའ་བའི་ཕྱིར་རོ། །སངས་རྒྱས་ཀུན་ཀྱི་དམ་ཚིག་གོ། །འོ་ན་འབྲས་བུ་གཞན་དུ་འཚོལ་ལམ་སྙམ་དུ་དགོས་པ་ལ། ས་ལ་སོགས་ཏེ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པ། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་གསུངས་ཏེ། ས་ལ་སོགས་སྟེ་ར་ཤིང་རྡོ་རས་ལ་སོགས་པ་རིན་པོ་ཆེའི་འབྱུང་བ་དང་དེ་ལས་གྱུར་པ་འབུར་བླུགས། བྲིས་པ། འཇིམ་པ། ལས། སྐུ་ཙཀ་ལི་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་ཀྱི་ཕྱག་རྒྱའི་དབྱིབས་བྱས་པ་ཙམ་གྱི་ཀྱང་། རྒྱུ་དང་བཟང་ངན་སེམས་དག་མ་དག་ཀྱི་རིམ་པས་འཁོར་དང་ངན་སོང་གི་སྡུག་བསྔལ་ལས་རིམ་པར་རྣམ་པར་གྲོལ་ནས་འབྲས་བུ་ཐོབ་བར་འགྱུར་ན། དག་པའི་སྟོང་པ་ཉིད་དང་ཀྱི་ཏིང་ངེ་འཛིན་རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གཉིས་ཀྱི་ལྷར་རྟོག་པ་སྦྱངས་ཏེ། ཡེ་ཤེས་པའི་བྱིན་བརླབས་ཀྱང་འདུས་པ་ཏེ་ཐིམ་པ་དེ་ནི་ཉིད་འབྲས་བུ་ཐོབ་པ་ནི་སྨོས་ཅི་དགོས་ཏེ་ལུས་ངག་ཡིད་གསུམ་དེ་ཉིད་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་གསལ་བ་དེ་ཉིད་རང་འབྲས་བུ་ཁོ་ནའོ། །ཡིན་པ། ཞེས་བྱའོ། །དེ་པ་དེའི་བྱིན་བརླབས་ཞུགས་པའི་ཐབས་རབ་ཏུ་གནས་པ་བསྟན་པའི་ཕྱིར། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལས། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཅེས་གསུངས་ཏེ། དེ་ཡང་གང་ནས་སྤྱན་དྲངས་ན་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་རིལ་ཐམས་ཅད་གྱི་བདག་ཉིད་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་ཁོ་ན་ཡིན་ལ། དེའི་ངོ་བོ་ཉིད་ནི་ཅིར་ཡང་མི་དམིགས་པའི་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངང་ལ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་ཉིད་ཅིག་ཀྱང་དོན་ཡེ་ཤེས་ལྔ་ལྔ་ལ་སོགས་པར་ཉེར་ལྔ་གསལ་བ་ལས་རྟགས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དུ་རང་སྣང་བ་དེ་ལ་སྤྱན་དྲང་ངོ་དེ་ནས་བསྟིམ་མོ་དེ་ཡང་གུད་ན་མེད་དེ་སེམས་ཉིད་རང་སྣང་བའི་ཕུང་པོ་ལ་སོགས་པ་རྟོག་པ་རྣམས་རྟོགས་ཚུལ་ནི་རིག་པ་རང་སྣང་བའི་འབྲས་བུ་སྐུ་དང་ཡེ་ཤེས་དབྱེར་མེད་པའི་དཀྱིལ་འཁོར་དེ་ལ་ཕྱག་རྒྱ་བཞིས་བསྟིམ་ནས་ཡེ་ཤེས་དམ་ཚིག་གི་དཀྱིལ་འཁོར་གཉིས་སོ། །གཉིས་སུ་མེད་པར་གྱུར་པ་དེ་ལ། རྐྱེན་འཇུག་པའི་མཚན་ཉིད་ཀྱིས་ཉམས་སུ་ལེན་པར་བསྒོམས་ཤིང་མཉམ་པས་ར་སྦྱོར་བ་དེ་ལ་ཕྱོགས་དུས་ཀུན་ནས་གཤེགས་པའི་ཡོན་ཏན་སྔར་བསྙེན་པའི་ཡི་དམ་ལྷ་རྒྱལ་བའི་དཀྱིལ་འཁོར་རིལ་གྱི་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་པའི་ཕྱིར། དུས་ཉེ་བར་གྱུར་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་མཆོག་འབྲས་བུ་ཅི་འདོད་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱའོ། །གཉིས་སུ་མེད་པར་གྱུར་པའི་དཀྱིལ་འཁོར་དེ་༡ལ་ཕྱི་༴༽ནང་གི་མཆོད་པ་བྱ་དགོས་པའི་ཕྱིར། ག༽གླུ་ཚིག་བྲོ་གར་ཁ༽རོལ་མོ་ཀ༽ཡི། །སྤྲིན་དཔུང་ཚོགས་ཀྱིས་རབ་ཏུ་མཆོད། །ཡུམ་ང༽དང་འཇོམ་ཆ༽སེམས་ཅ༽མ་ཡིས། །ཅི་ཏ༽ལྟར་འདོད་པའི་ལས་ཉ༽བཞིན་མཆོད། །ཅེས་གསུངས་ཏེ། ༡ཕྱིའི་མཆོད་པ་སྤོས་ལ་སོགས་པ་རྣམ་པ་ལྔ་དང་། བླ་རེ་དང་། ཕན་དང་། སྒྲ་ཡི་རིལ་མོའི་བྱེ་བྲག་རྣམས་དང་། ནང་གི་དམ་རྫས་ལྔ་པོ་རྣམས་རྣམས་དང་། བྲོ་གར་སུ་ར་ཏོ་བཅུ་དྲུག་གི་མཆོད་པ་དང་། གླུ་ཡེ་ཤེས་ཀྱི་མཆོད་པ་སྟེ། ཟ་བྱེད་ཚེ་འཕེལ། རྒྱལ་བྱེད་རྨོངས་བྱེད་སྟེ་གསང་བའི་མཆོད་པའི་ཡུམ་བཞི་དང་ཕྱི་ནང་གི་སེམས་མ་བརྒྱད་དང་འཇོལ་མ་སྒོ་མ་བཞི་པོ་དེ་དག་ཀྱང་སྤྲིན་དཔུང་གི་ཚོགས་ཀྱིས་ནམ་མཁའ་ཁམས་ཐམས་ཅད་རབ་ཏུ་བཀང་ལ་མཆོད་པ་འབུལ་ལོ། །དེ་དག་གི་སེམས་ཀྱི་བསམ་པ་དང་བསྐུལ་བའི་ཚིགས་ནི་ཅི་ལྟར་རང་གི་ཞི་རྒྱས་དབང་དྲག་གི་ལས་བཞི་དང་གང་འདོད་པའི་སྐབས་ཀྱིས་དབྱེའོ། །ཞིང་གཞུང་བཞིན་དུ་མཆོད་པ་ཞེས་བྱ་བ་ཁོ་ནའོ། །དཀྱིལ་འཁོར་དེ་དག་ལ་༡ལྷག་པའི་ཏིང་ངེ་འཛིན་གྱིས་མཆོད་པ་དང་། གསང་བའི་མཆོད་པ་བསྟན་པའི་ཕྱིར། ༡མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་ཐབས་གང་གིས་རྒྱལ་བ་མཉེས་པ་ནི། མཆོད་པའི་མཆོག་སྟེ། དེ་ལས་མི་འདའ་བས་ཕྱག་རྒྱ། འདིར་འདོད་པའི་ཡོན་ཏན་ལྔས་འགྲོ་བའི་རིགས་པ་ཚིམ་པར་བྱེད་པ་ས་ན་ཡིད་བཞིན་གྱི་ནོར་བུ་ལྟར་དེ་དག་མང་བས་སྤྲིན་ཚོགས་ཀྱི་ཕུང་པོ་བཞིན་དེ་དག་འོག་མ་ལྟར་མ་སྤངས་པར་སེམས་ཉིད་ཀྱི་ངང་དུ་ཤེས་པས་སོ་སོ་སྐྱེ་བོ་ལས་ཁྱད་པར་དུ་བྱས་ཏེ་ཆེན་པོ་ཞིང་དངོས་པོ་གཉིས་སུ་མེད་པའི་ངོ་བོར་ཕུལ་བ་ནི་འཁོར་གསུམ་ཡོངས་སུ་དག་པས་མཆོད་པའི་མཆོག་གནས་སུ་སྟོབས་པའོ། །མཆོད་པ་དེ་དག་གི་ངོ་བོ་ནི་གང་ཞེ་ན་ཚིག་བཞི་སྟེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བྷྲཱུྃ་ལས ། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པ་སྟེ་དེའང་གཉེན་འཇམ་རེག་ན་བདེ་བ་དང་། སྣ་ཚོགས་པའི་རིན་པོ་ཆེའི་གཞི་མཛེས་པར་བྲིས་ཤིང་སྤྲས་པར་བྱིན་གྱིས་བརླབས་པ་དང་། རི་དང་སྤང་ལ་སོགས་པ་ཐམས་ཅད་ཏྲཾ་ལས་དགོས་འདོད་ཀུན་འབྱུང་བའི་རིན་པོ་ཆེའི་ཕུང་པོར་འོད་འབར་བ་བརླབ་པ་དང་། སྟེ་འབུལ་བ། ཆུ་ཐམས་ཅད་ཨ་ལས་དབྱིབས་ལེགས་པ་རིན་པོ་ཆེའི་བདུད་རྩིའི་རྫིང་བུ་བྲོ་མཆོག་བསིལ་བ་ལ་སོགས་སྣ་ཚོགས་པ་བདེ་རིམ་དང་ལྡན་པར་བརླབ་པ་དང་། འགྲོ་བ་སོ་སོའི་གནས་ཁང་ཐམས་ཅད་བྷཱུྃ་ལས་རིན་པོ་ཆེའི་ཁང་པ་སྣ་ཚོགས་སུ་བརླབ་པ་དང་། རྩི་ཤིང་ནགས་ཚལ་ཐམས་ཅད་ཏྲཾ་ལས་རིན་པོ་ཆེའི་རྒྱན་དང་དཔག་བསམ་གྱི་ལྗོན་ཤིང་རྒྱས་པའི་ཚལ་སྣ་ཚོགས་སུ་བརླབ་པ་དང་སེམས་ཀྱིས་ཟིན་མ་ཟིན་གྱི་སྒྲ་སྐད་ཐམས་ཅད་ཧྲཱིཿལས་རྒྱལ་བ་ལ་གླུ་དབྱངས་བསྟོད། པའི། ཚིགས་སུ་བཅད་པ་དང་སེམས་ཅན་ལ་ཆོས་ཉིད་སྒྲ་སྣ་ཚོགས་སུ་གྲགས་པ་དང་པར་བྱིན་གྱིས་བརླབས་པ་གོས་ཐམས་ཅད་ༀའམ་མཾ་ལས་གདུགས་བླ་རེ་རྒྱན་ན་བཟའ་ལྷབ་ལྷུབ་སྣ་ཚོགས་སུ་སྣང་བར་བརླབ་པ་དང་། འགྲོ་བ་སོ་སོའི་རིན་པོ་ཆེའི་རྒྱན་ཐམས་ཅད་ཏྲཾ་ལས་རིན་པོ་ཆེའི་ཕྲེང་བའི་དོ་ཤལ་དང་། དཔུང་རྒྱན་དང་། སེ་མོ་དོ་སྣ་ཚོགས་སུ་བརླབས་པ་དང་། འགྲོ་བ་སོ་སོའི་བཟའ་བཏུང་གི་ལོངས་སྤྱོད་ཐམས་ཅད་ཨའམ་ཨཱོཾ་ལས་བདུད་རྩིའི་རང་བཞིན་བཟའ་བ་དང་བཏུང་བ་དང་རོ་བྲོ་བའི་ཚོགས་ཀྱི་ལོངས་སྤྱོད་སྣ་ཚོགས་རྣམས་སུ་བརླབ་པ་དང་། འགྲོ་བ་ཕོ་མོ་རྣམས་ཀྱང་ལྷ་ཕོ་དང་ལྷ་མོའི་རྣམས་ཀྱི་རང་ལ་མཛེས་པ་རྒྱན་གྱིས་ཁྱད་པར་དུ་མཛེས་ཤིང་པར་གནས། རྐང་པའི་བྲོ་དང་ལག་པའི་གར་ལ་སོགས་པ་བསམ་ཡས་པ་སྣ་ཚོགས་ཀྱིས་ལག་ན་མཆོད་རྫས་སྣ་ཚོགས་ཐོགས་པ། ནས་ཕྱོགས་བཅུ་ནམ་མཁའི་ཁམས་ཐམས་ཅད་བཀང་། དེ་དང་། དེ་དག་གིས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན་ལ་མཆོད་པ་རྒྱས་པར་འབུལ་བར་བྱའོ། །དེ་དག་འབུལ་བའི་ཚུལ་ནི། སྐལ་ལྡན་གསལ་བའི་ཁྱད་པར་གྱིས་དང་། རིམ་གྱིས་ཡང་ན་ཅིག་ཆར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བས། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་གསུངས་ཏེ། སྐལ་བ་དང་ལྡན་པའི་རྣལ་འབྱོར་པའི་བློ་ཆེ་ཆུང་གི་ཏིང་ངེ་འཛིན་གསལ་བ་དང་མི་གསལ་བའི་ཁྱད་པར་གྱིས་རིམ་པ་ལྟར་བློ་ཆུང་ན་ཚིག་གི་རིམ་གྱིས་པ་༡ལྟར། ཡང་ན་ཅིག་ཅར་དུ་སྐད་ཅིག་གིས་ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བ་ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་དུ་འབུལ་བ་ནི་མཚན་པའི་ཕྱག་རྒྱ་ཆེན་པོར་བསྒོམ། ཞེས་བྱའོ། །༢གསང་བའི་སྦྱོར་བ་མཆོད་པ་བསྟན་པའི་ཕྱིར། །ཀ༽གསལ་ལྡན་མའམ་བྱིན་བརླབས་ལས། །ཁ༽སྟོང་གསུམ་ཡུངས་འབྲུར་བཞུགས་ཚུལ་དུ། །ག༽དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །ང༽མཉེས་ནས་ཅ༽གྲུབ་པའི་དམ་ཚིག་མཆོག །ཅེས་གསུངས་ཏེ། མཆོད་པའི་ཡུམ་ཡང་། ཤེས་རབ་ཏིང་ངེ་འཛིན་གསལ་བ་དང་། ལྡན་པས་ལྷ་རྣམས་མཁའ་དང་ཕུང་ཁམས་སྐྱེ་མཆེད་ལ་རང་གི་ལྷ་བསྒོམ་པའམ། མི་ལྡན་ན་གཙོ་བོས་ཡབ་ཀྱི། བྱིན་གྱིས་བརླབས་ལ། སྟོང་གསུམ་ཡུངས་འབྲུར་འཇུག་པའི་ཚུལ་དུ་ཡུམ་གྱི་མཁའི། སྣ་རྩེ་ཡུངས་འབྲུ་ཙམ་གྱི་གཞལ་ཡས་སུ་ལྷའི་དཀྱིལ་འཁོར་ཡོངས་རྫོགས་ཚང་བར་བཀོད་དེ། རང་བཞིན་འོག་མིན་གྱི་དབྱིངས་ནས་མཐར་ཕྱིན། གྱི་དཀྱིལ་འཁོར་སྤྱན་དྲངས་ནས། དཀྱིལ་འཁོར་ལ་བསྟིམ་སྟེ། པས་མཉེས་ནས་གྲུབ་པའི་དམ་ཚིག་མཆོག །ཡབ་ཡུམ་བདག་ཉིད་ཆེན་པོ་རོལ་པའི་བ དེ་བ་ས་མཆོད་པས་རང་གིས་ཅི་ལྟར་མྱོང་བ་ལྟར་ཐམས་ཅད་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་མཉེས་པ་དང་ལྡན་ཞིང་སྲིད་གསུམ་འགྲོ་བ་ཐམས་ཅད་ལ་བདེ་བ་ཆེན་པོ་ཁྱབ་སྟེ། ཚིམས་པར་འགྱུར་ཏེ། དེ་ཡང་། སྒྱུ་འཕྲུལ་དྲྭ་བ་བརྟེན་པ་ཡི། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །ཁམས་གསུམ་འགྲོ་རྣམས་མངོན་དུ་གྱུར། །ཅེས་སོ། །དེ་དག་ཀྱང་ཐབས་གྲོལ་གཉིས་སུ་ཡང་འགྱུར་ཏེ། ཐལ་བའི་རྒྱུད་ལས། གསལ་བ་དང་ལྡན་པའི་ཤེས་རབ་ཡུམ་དང་ཐབས་ཡབ་ཀྱི་རྩ་གནས་སུ། །རྩའི་དྲྭ་བའི་ནང་ན་ཐིག་ལེ་ཉིད་ཡི་གེའི་དབྱིབས་ཉིད། །དུ་ཡོད་པ་ལས། སྒྱུ་འཕྲུལ་ཏེ་ལྷ་ཡབ་ཡུམ་གྱི་དཀྱིལ་འཁོར་གཉིས་སུ་བྱིན་གྱིས་བརླབས། །ཡབ་ཡུམ་གྱི་བྷ་ཁ༽ག་ར་རྩ་སྣ་ཚོགས་སྟོང་གསུམ་དང་འདྲ་བ་འདུས་པའི་སྣ་རྩེ་ཡུངས་འབྲུ་ཙམ་གྱི་མཁའ་རུ། །ལུས་ངག་ཡིད་གསུམ་ཁམས་གསུམ་གྱི་འགྲོ་བ་རྣམས་བསྡུས་པར་བྱས་ཏེ། །དེ་ལྟ་བུའི་རྟོག་ཚོགས་ཞེ་གཉིས་ལྷའི་དཀྱིལ་འཁོར་དུ་གསལ་བར་མངོན་དུ་བྱས། །པས་དབྱིངས་ཕྱོགས་ག༽བཅུ་དང་དུས་བཞིའི་རྒྱལ་བ་རྣམས་སྤྱན་དྲངས་ཏེ། །རིག་པས་ཏིང་ངེ་འཛིན་གྱིས་ཡབ་ཡུམ་སོ་སོའི་ལྷའི་གནས་སུ་བསྟིམས། །ཏེ། ཐབས་ཤེས་རབ་རོལ་ཅིང་བསྐྱོད་པའི་དུས་སུ་ཧ་སིའི་སྒྲས་བསྐུལ་བས། །བདག་ཉིད་ཆེན་པོ་ཡེ་ཤེས་ལྔའི་ཆུ་རྒྱུན། །དེ། སྟེང་སྒོ་བདེ་ཆེན་ནས་བྱུང་བའི་བདེ་བའི་བཅུད། །དེ་ཡབ་ཡུམ་སོ་སོའི་ལྷ་བཞི་བཅུ་རྩ་གཉིས་ལ་ཐིམ། །པ་ནི་མཆོད་པ་འབུལ་བའོ། །ལུས་ཀུན་ནས་རང་བཞིན་ལྷན་ཅིག་སྐྱེས་པའི། བདེ་བའི་ཡེ་ཤེས་ཆེ། །ན་པོ་སྐྱེས་པ་ནི། རྒྱལ་བ་མཉེས་པའི་ནི་མཆོད་པ་མཆོག་ཏུ་གསུངས། །ཡབ་ཡུམ་ཅ༽བཅོ་བརྒྱད་པ་ཕྲག་གཉིས་ཐབས་ཤེས་རབ་གཉིས་ཀྱི་བྱང་སེམས་ཀྱི་ཆུ་རྒྱུན་ཡེ་ཤེས་ལྔ་དང་ལྡན་པའི། བུམ་ཀ༽པ་དང་། །ས་བོན་དྲུག་གཉིས་དག་པ་ཐུབ་པ་སྟེ་དེ་ལྟར་ལྷ་ཞེ་གཉིས་པོའི་བྱང་སེམས་ཀྱི་འོད་ཟེར་གྱིས་སྒོ་གསུམ་སྦྱངས་ནས་ཁ༽ནི། །ཀ༽དབང་བསྐུར་སྒོ་གསུམ་སྐུ་གསུམ་ཐུགས་སུ་ཁ༽བྱིན་གྱིས་བརླབས་པའི་བདེ་བ་ཐོབ་པ། །སྡུག་བསྔལ་དང་རྟོག་པ་ལས་གྲོལ་བས་ཐེག་པ་ཆེན་པོར་དབུག་དབྱུང་བ་སྟེ་གྲུབ་པའི་མ་ཚོགས་མཆོག་ཐོབ་པ་འོ། །བདག་ཉིད་ཆེན་པོ་བརྙེས་པའི་ཤོ་ལོ་ཀ་གཉིས་ནི་ཡར་འཁོར་དུ་ཤེས་པར་བྱའོ། །ཞེས་འབྱུང་བའོ། །དེ་ལྟ་བུའི་རབ་གནས་ཀྱི་དུས་སུ་སྦྱིན་སྲེག་བསྟན་པའི་ཕྱིར། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོའི་ཚོགས་རྣམས་ཀྱིས། །ས་ཆོག་གི་དུས་སུ་ཞི་བ། དལ་རབ་གནས་ཀྱི་དུས་སུ་རྒྱས་པ། སྟ་གོན་སློབ་མ་རབ་གནས་ཀྱི་དུས་སུ་དྲག་པོ། དབང་བསྐུར་བའི་དུས་སུའང་དབང་ངོ་། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་གསུངས་ཏེ། རྒྱས་པའི་རྒྱུད་ལས། ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞི་ལས་ཧམ་ཁུང་གི་དབྱིབས་ལ་ཟླུམ་པོ་སུམ་བརྩེགས་སམ། ཙཀྲ་དབྱིབས་བརྒྱད་ཟླའམ་སུམ་བརྩེགས་གམ། པདྨ་འདབ་བརྒྱད། གྲུ་གསུམ་གསུམ་བརྩེག་གམ། ཁྲོ་ཞལ་གདངས་པ་དང་། རྒྱས་པའི་གཉིས་དང་། བརྒྱད་དུ་བསྟན་པ་ལས། འདིར་རབ་གནས་ཀྱི་སྐབས་ཀྱི་རྒྱས་པའི་ཐབ་ནི་བརྩེགས་དབང་དུ་གྲུ་བཞིའམ་བྲི་དབང་དུ་རིན་ཆེན་ཟུར་བརྒྱད་དུ་བྱས་ཏེ། ཁ་དོག་སེར་པོ་མཚན་དང་ལྡན་པར་བྱས་ལ། བང་རིམ་གསུམ་གྱི་ནང་མ་ལ་རིན་པོ་ཆེའི་སྒྲམ་བུ་དང་། བར་མ་ལ། རྡོ་རྗེ་དང་རྒྱབ་མ་ལ་ཞགས་པས་སེར་པོས་བསྐོར་བའོ། །མེ་ལྷའི་ཞལ་དུ་གྱུར་པའི་བསྲེག་ལྷ་ནི་མ་བྲུམ་ལས་རྒྱས་པ་དེ་ཉིད་ཁོ་ནའི་དང་འདྲ་བ། གཞལ་ཡས་བསྒོམས་ཏེ། དེ་ཡང་འདི་ལས་ར་སྐྱེས་ཀྱི་སྒ་གོང་དུ་ཉི་ཟླའི་སྟེང་དུ་ཏྲཾ་ལས་རྒྱས་པའི་མེ་ལྷ་སེར་པོ་གཡས་ན་རིན་པོ་ཆེའི་སྒྲམ་བུ་ཐོགས་པར་པ་གཡོན་ན་བགྲང་ཕྲེང་འཛིན་བསྐྱེད་པ་དང་། དབང་བསྐུར་བྱིན་བརླབས་བྱ། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བོས་ལ་བསྟིམ་སྟེ་ཐུན་མོང་གི་མཆོད་པ་དང་སྦྱིན་སྲེག་གིས་མཆོད་དེ། མེ་ལྷའི་ལྟོ་བར་རྒྱས་པའི་གཞལ་ཡས་ཁང་དུ་ལྷའི་དཀྱིལ་འཁོར་བསྐྱེད་པ་དང་། དབང་བསྐུར་བྱིན་གྱིས་བརླབས། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་སྟེ་བཟའ་བཏུང་བྲོའི་ཚོགས་རྣམས་ཀྱི་ཐུན་མོང་དང་ཁྱད་པར་གྱིས་མཆོད་པ་བདུད་རྩི་ལ་སོགས་པས་མཆོད་དེ། རབ་ཏུ་སྦྱིན་སྲེག་བྱའོ། །འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ཤིན་ཏུ་ཕྲ་ལ་སྦྱངས་པའི། །བསམ་ཡས་དག་ལ་དེ་བཞིན་བྱ། །རིག་པས་དཔག་པ་ཙམ་དུ་བྱ། །ཞེས་བྱ་བ་ནི། ཁྲོ་བོའི་ལྷག་པ་གཟུགས་བརྙན་ལ་སོགས་པའི་དཀྱིལ་འཁོར་བྱེད་ནའང་ས་གཞི་མཉམ་པ་ལ་སོགས་པའི་ལས་ལྔ་དང་སྦྱིན་སྲེག་ཀྱང་དེ་བཞིན་ཉིད་དེ་ཞི་བ་དང་རྗེས་སུ་མཐུན་ནོ། །ཞེས་བྱའོ། །རྒྱང་གྲགས་དཔག་ཚད་ལ་སོགས་པ་བསམ་ཡས་མཆོག་གི་དཀྱིལ་འཁོར་དག་ལའང་ཞི་བའི་སྐབས་ལྟར་དེ་བཞིན་ཏེ་རྣལ་འབྱོར་པ་རང་གི་རིག་པས་དཔག་པ་ཙམ་དུ་བསྒོམ་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྦྱིན་སྲེག་ཡན་ཆད་ཀྱིས་མཆོད་པ་རྫོགས་ནས། ལྷག་པ་གཟུགས་བརྙན་གྱི། དཀྱིལ་འཁོར་དུ་རུ་དང་སློབ་བུ་འཇུག་པ་བསྟན་པའི་ཕྱིར། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་ཞུགས་པར་བྱ། །ཞེས་གསུངས་ཏེ། སྔར་བཤད་པའི་ལས་བརྒྱད་པོ་རྣམས་ཀུན་རྫོགས་པར་བྱས་ནས་ཕྱི་ནང་གསང་གསུམ་དེ་དབང་གི་ཕྱུག་པའི་རྡོ་རྗེ་སློབ་དཔོན་ཁྲུས་བྱས་ཏེ་དབང་གོས་དང་ལྡན་པས་དཀྱིལ་འཁོར་གྱི་ཤར་སྒོར་མེ་ཏོག་པུས་བཙུགས་ཐལ་སྦྱར་གུས་པས་འདུག་སྟེ། ལེའུ་བདུན་པར་བཤད་པ་ལྟར་ༀ་ཡེ་ཤེས་རྒྱལ་པོར་དངོས་གྲུབ་བསྐུལ་ཞིང་ཞུགས་པ་ནི། རིག་པས་མེ་ཏོག་དོར་ཏེ། ཞུགས་པ་འི་འཇུག་པ་ཁོ་ནའོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་ཞུགས་པར་བྱ་བ་ལ་ཆོས་བཅུ་དྲུག་སྟེ། བུ་རྣམས་དྲིའི་ཆུས་ཁྲུས་བྱས་རས་སམ་དར་དམར་པོས་གདོང་གཡོག་འདྲི་བ་དང་ལེན་བྱས་དགོས་པ་གསུམ་ཕྱིར་གྱིས། ལུས་འབུལ། བ་དང་བགེགས་བསྐྲད་པ་དང་། ལྷར་བྱིན་གྱིས་བརླབས། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན་པ་དང་དམ་ཚིག་དེ་ཉིད་དབོག་པ། ཆུ་གཉིས་ཀྱིས་ནན་ཆག་བྱ་བ། དམ་ཚིག་ཏུ་བསྒྲག་པ། རིན་པོ་ཆེ་མེ་ཏོག་གི་ཕྲེང་བ་དོར་བ། ལྷ་དབབ་སྟེ། དབོག་པ་དེ་ཉིད་ནན་ཏན་བྱ་བ་མིག་སྤྱན་དར་དབྱེ་བ། དཀྱིལ་འཁོར་གྱི་དོན་རྟགས་ཀྱིས་ངོ་བསྟན་ཡོན་འབུལ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་དང་། ཡི་དམ་ཕོག་པའི་ལྷ་མི་སྤང་བར་གདམས་པ་བསྟན་པའི་ཕྱིར། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟང་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་བྱ་བ་ནི། རིགས་ལྔ་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་སྙོམས་པར་ཞུགས་པ་ནི། བདེ་བ་ཆེན་པོའི་དཀྱིལ་འཁོར་ཁོ་ནའོ། །དེ་དག་གི། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྐབས་སུ་དཀྱིལ་འཁོར་བསྡུ་བ་ནི། སྟོང་ནི་ཡབ་དཔྱལ་ནི་ཡུམ་སྟེ་གཙོ་བོ་ཡབ་ཡུམ་གཉིས་སོ། །སམ་ཞེས། ཡང་ན་དཀྱིལ་འཁོར་རྒྱས་པ་དང་། འབྲིང་པོ་ལ་གཙོ་བོ་རིགས་ལྔ་རབ་གནས་དང་ལྡན་པར་བྱས། ཏེ། དཀྱིལ་འཁོར་གསུམ་པོ་དེ་དག་ཏུ་སློབ་བུ་དད་པ་དང་ལྡན་པ་གོང་དུ་བཤད་པ་བཞིན་དུ་ཆོས་བཅོ་བརྒྱད་ཀྱིས་རབ་ཏུ་ཞུགས་པའི་ར་འགྱུར་ན་དེ། ཡོན་ཏན་ནི། འདོད་པའི་དོན་དངོས་གྲུབ་ཡིད་དུ་འོང་བ་སྔོན་འོག་མིན་དུ་མཐར་ལས་པ་བཞུགས་པ་དང་འབྲས་བུ་མཉམ་པར་འགྱུར་ཏེ། རྒྱུད་གཞན་དག་རྡོ་རྗེ་ལས། རྡོ་རྗེ་སེམས་དཔའ་ལ་སོགས་རིགས་ལྔ་ལྷུན་གྱིས་གྲུབ་པའི། །སངས་རྒྱས་ཡི་གེ་འཁོར་ལོའི་སའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བ་ཡི། །བསོད་ནམས་མི་འགྱུར་བས་རྟག་པ་གང་ཡིན་པ། ལྷུན་གྱིས་གྲུབ་པ་ལྟར་ཕྱིས་རྗེས་འཇུག་གི་རྣལ་འབྱོར་པས་བྱས་པའང་འབྲས་བུ་དེ་བཞིན་དུ་ཐོབ་པ་ཡིན་ནོ། །ཞེས་འབྱུང་ངོ་། །དེ་ལྟར་ཞུགས་ནས་མེ་ཏོག་ཕོག་པའི་ལྷ་རང་བསྒྲུབ་དགོས་པའི་ཕྱིར། སྐལ་བ་མཉམ་པའི་ཡེ་ཤེས་ཏེ། །གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་གསུངས་ཏེ། བདག་གིས་ལུས་ངག་ཡིད་གསུམ་གྱི་རང་བཞིན་དང་། ལྷའི་སྐུ་གསུང་ཐུགས་རྡོ་རྗེ་ཡེ་ནས་ལྷུན་གྱིས་གྲུབ་པ་ལ་ནི་བདག་དང་ལྷ་ཁྱད་པར་མེད་༡པས་སྐལ་བ་མཉམ་པའི་ཡེ་ཤེས་ཅན། ཁོ་ན་དེ་ལྟར་ཡིན་མོད་ཀྱིས་ཐ་མལ་པའི་སྒོ་གསུམ་དུ་བློ་ཀུན་ཏུ་༡ བརྟགས་པའི་མ་རིག་པས་དེ་ལ་༡སྒྲིབ་པ་༡ དེ་བསལ་བའི་ཐབས་ནི། ལེའུ་ལྔ་པ་ལྟར་ཏིང་ངེ་འཛིན་གསུམ་དོན་དུ་གཉེར་ན། དུས་ཉེ་བར་འབྱུང་བའི་དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་བར་ངེས་ཏེ། མྱུར་དུ་འགྲུབ་པའི་ཕྱིར། རྩ་བའི་དམ་ཚིག་བླ་མེད་མི་སྤང་བ་དང་སྔགས་ཕྱག་རྒྱ། གཉིས་སུ་ཆར་ལྷའི་བསྒོམ་བཟླས་བྱས་པ་ཡིན་པས། བསྣན་ནས་གསུངས་པས། བསྒྲུབ་པ་ལ་ནན་ཏན་ཆེ་བར་བྱའོ། །གལ་ཏེ་ལྷ་བསྒོམ་པའི་དད་པ་མེད་ནས་དམ་ཚིག་ཉམས་ན་ཚེ་འདི་ཕྱིར་ཕུང་བར་འགྱུར་རོ། །ཞེས་བྱའོ། །དེ་ནས་དབང་ཐོབ་པའི་རྒྱུ་ཡིན་འབུལ་བ་བསྟན་པའི་ཕྱིར། དཀྱིལ་འཁོར་གྱི་བྱ་བ་རྫོགས་པ་དེ་ནས་དལ་དུ་ཞུགས་པའི་རིགས་ཀྱི་བུ་མཆོག་དབང་ཐོབ་པར་འདོད་པ་དེས། སྔོན་དུ་ཡོན་འབུལ་བར་བྱ་སྟེ། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །ཞེས་གསུངས་ཏེ། རང་གི་ཡི་དམ་གྱི་ལྷ་དེ་བཞིན་གཤེགས་པའི་རིགས་རྣམ་སྣང་ལ་མེ་ཏོག་ཕོག་ན་རྒྱལ་སྲིད་དམ་རང་དབང་བའི་དངོས་པོ་ཅི་ཡོད་འབུལ་ལོ། །རྡོ་རྗེ་རིགས་མི་བསྐྱོད་པ་ལ་ནི་རང་གི་ལུས་འབུལ་ལོ། །པདྨའི་རིགས་སྣང་མཐའ་ལ་བུ་དང་ཆུང་མའོ། །རིན་པོ་ཆེ་རིགས་རིན་འབྱུང་ལ་དེ་ཉིད་དམ་ནོར་གྱི་དབྱིག་སྟེ་སྙིང་པོ་ཉིད་དེ། ལས་ཀྱི་རིགས་ལ་རང་ལ་གང་རབ་ཏུ་གཅེས་པ་འབུལ་ལོ། །རིགས་ཀྱི་བདག་པོའི་རིགས་དྲུག་པ་ལ་བླ་མའི་ཐུགས་ཡིད་དང་མཐུན་པར་ལས་རྒྱའམ་ཅི་འཐད་པ་འབུལ་ལོ། །དེའི་འབུལ་བ། ཡོན་ཏན་ཅི་ཞིག་ཡོད་སྙམ་པ་ལ། དབང་ཕྱུག་སློབ་དཔོན་ལ་གང་གི་ཡོན་རྣམས་དང་གཟུགས་སྒྲ་ལ་སོགས་པའི་ལོངས་སྤྱོད་ལྔས་མཆོད་ན། །དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཏེ་སློབ་དཔོན་གྱི་ཉེ་བའི་ར་ཉམས་སུ་བླངས་པ་དབང་བྱེད་པ། ཡི་དམ་དཀྱིལ་འཁོར་མཉེས་པ་ནི། སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་པ་གོ་སླའོ། །བླ་མ་མཉེས་པས་རང་བཞིན་དང་བཅས་པའི་ཁ་ནས་མ་ཐོ་བ་ཐུན་མོང་གི་ཉེས་པ་མི་དགེ་བ་བཅུ་མཚམས་མེད་ལྔ་ལྕི་བ་བཞི་ལོག་པ་བརྒྱད་ལ་སོགས་པ། དང་ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་རྩ་བ་ཡན་ལག་གི་ཆགས་ཉམས་དང་། སྡིག་པ་ཐམས་ཅད་བྱང་ཞིང་དག་པར་འགྱུར་བའི་ཕྱིར། དེ་བས་ན་ཡོན་འབུལ་བ་ལ་སེར་སྣ་སྤང་ངོ་། །ཞེས་བྱའོ། །དེ་ནས་གཉིས་པ་དབང་བསྐུར་བའི་སྣོད་ཀྱི་རིམ་པ་བསྟན་པའི་ཕྱིར། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་བཟུང་། །ཞེས་གསུངས་ཏེ། སྣོད་ཀྱི་མཚན་ཉིད་རབ་ཏུ་རྟོགས་ནས་སྔགས་ཀྱི་ཐེག་པ་འདི་ལ་དད་པ་དད་ལྡན་པ་རྣམས་ལ་ཕྱི་ཕན་པའི་དབང་བཅུས་ཚེ་འདི་དང་ཕྱི་མར་ཕན་གདགས་པའོ། །ཕྱིར་སྦྱིན་པ། བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་སྦྱིན་ཏེ་དེ་ཡང་བདག་དོན་གྱི་བརྩོན་པ་ཅན་ལ་ཉན་བསྒོམ་གྱི་དབང་གཉིས་པོ་སྦྱིན་ནོ། །གཞན་དོན་གྱི་བརྩོན་པ་ཅན་ལ་ཕྲིན་ལས་དང་འཆད་པ་དང་། རྡོ་རྗེ་རྒྱལ་པོ་རབ་འབྱམས་ཀྱི་ལས་དང་ནུས་པའི་དབང་གསུམ་སྦྱིན་ནོ། །བརྟུལ་ཞུགས་ཅན་ལ་ནི་གསང་བ་ཟབ་མོའི་དབང་གསུམ་སྦྱིན་ཏེ་དེ་ལ་བློ་རབ་འབྲིང་ཐ་མ་གསུམ་མོ། །དམ་རྫས་ལ་གཙང་སྨེ་མེད་པར་སྤྱོད་པའི་བརྟུལ་ཞུགས་༡དང་། ནི་ལོ་ཉི་ཤུ་མ་ལ་བསྟན་པ། བདེ་བ་རང་རིག་པའི་བརྟུལ་༢ ཞུགས་ནི་བཅུ་དྲུག་མ་དང་། ཤིན་ཏུ་བརྟེན་པ་མཉམ་པའི་བརྟུལ་༣ཞུགས་སོ། །ནི་བཅུ་གཉིས་མ་ལ་བསྟན། དེའི་དབང་ཡང་གསུམ་སྟེ། གསང་བ་དམ་རྫས་ལྔ་ཀུན་ལ་སྤྱོད་པའི་གསང་དབང་དང་། རང་རིག་ཤེས་རབ་ཡེ་ཤེས་ཐམས་ཅད་མཁྱེན་པའི་༢དབང་། ཤིན་ཏུ་བརྟན་པའི་དབྱེར་མེད་པ་བདེ་བ་ཆེན་པོའི་དབང་༢དང་གསུམ་པོ་དེ་དག་སྣོད་ཀྱི་རིམ་པ་བཞིན་དུ་རང་རང་གི་བློ་དང་འཚམས། པར་སྦྱིན་པར་བྱ་ཞིང་། སྙིང་རྗེས་ཀུན་ནས་བསླངས་པའི་སེམས་ཀྱིས་སློབ་མ་དེ་དག་སྐས་ཀྱི་སྡོང་བུ་འི་རིམ་པ་ལྟར་འཛེག་ནས་ཆུད་མ་ཟོས་པར་རྗེས་སུ་བཟུང་ནས་བར་མ་དོར་བློས་མི་དོར་རོ། །ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཀྱི་བདག་པོའི་དཀྱིལ་འཁོར་ལ་ཡིད་འཐད་འབུལ་བ། ཡོན་ཏན་དང་བརྟུལ་ཞུགས་ཀྱིས་ཅན་ཟབ་མོའི་དབང་བསྐུར་བའི་དབང་དུ་གསང་བའི་དཀྱིལ་འཁོར་སོར་བཞི་པ་ཡུམ་གྱི་མཁའ་རུ་ཐུན་མོང་དུ་གསུངས་པ་ཤིན་ཁ༽ཏུ་ཕྲ་བའི་དམ་ཚིག་མཆོག །ཀ༽ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། དེ་ནི་ག༽ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞན་ལ་དཔགས་པས། དམ་པ་སྟེ། ཡིན ། ཆེ་ཆུང་ནི་རིན་པོ་ཆེ་དང་ཤེལ་ལ་བླུགས་པ་དང་བརྐོས་ལ་སོར་ནི་བཞིའི་ཚད་དུ་བྱ། འོ། །ཞེས་གསུངས་ཏེ། ཡབ་ཉིད་ཀྱི་མཉམ་པའི་ཕྱག་རྒྱའི་ཆེན་པོ་མཐིལ་སྟེང་དུ་ཤིན་ཏུ་ཕྲ་བའི་ལས་མི་འདའ་བ་དཀྱིལ་འཁོར་དམ་ཚིག་གི་མཆོག་གིས་བཀོད་དོ། །གཞན་དུ་ན་ཐལ་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ཕྱག་རྒྱ་ཆེན་པོ་ཕྱག་མཐིལ་དུ་བདེ་བའི་ཡེ་ཤེས་ནམ་མཁའི་དང་འདྲ་སྐྱེ་བ། ཡུལ་ཡིན་པའི་དབྱིངས། །ནི་ཡུམ་གྱི་མཁའ་སོར་ནི་བཞིའི་ཚད་དུ་རང་བཞིན་གྱིས་གནས། །པ་དེ་ལ་བརྟེན་པའི། བདེ་བའི་ཡེ་ཤེས་ནི་ཐུགས་ཀྱི་དཀྱིལ་འཁོར། །དམ་པའོ། །ཁ་དོག་བཞིའི་མཚན་དང་ལྡན་ཞིང་དབྱིབས་རང་གསལ་བའི་ཕྱི་འཁྱམ་གྲུ་གསུམ་གྲུ་བཞི་ཟླའམ་ཟླུམ་པོ་བཞི་དང་ལྡན་པའོ། །བདེ་བ་སྐྱེ་བ་སྦྱོར་བ་ཐབས་ཀྱི་འདོད་པའི་བསྟན་བཅོས་ཀྱིས་རབ་གནས་དང་སྦྱོར་ཐབས་ཀྱི་ཆོ་གར་ལྡན། །ནས་གསང་བའི་དཀྱིལ་འཁོར་ལ་འཇུག་པ་པོས་སློབ་བུ་ཀྱང་ཡུམ་དེ་ལ་མེ་ཏོག་འབུལ་ཞིང་། གསོལ་བ་གདབ། །བོ། །ཞེས་འབྱུང་ངོ་། །དཀྱིལ་འཁོར་དེའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དགོད་པ་གང་ཞིག་ཡིན་སྙམ་པ་ལ། སོར་བཞི་པའི་དཀྱིལ་འཁོར་པདྨའི་ལྟེ་བ་དང་འདབ་མ་ལ་སེན་མོ་ཟླུམ་པོ་ཙམ་གྱི་ཉི་ཟླའི་གདན་ལ། །སྲེན་མ་ཙ་ནའི་ཀ་སློབ་པ་འབྲུ་ཙམ་གྱི་པད་མོའི་གདན། །ལ། ༢ཡུངས་འབྲུ་ཙམ་གྱི་༡ཡི་གེ་༣ལས། །ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི། །ཞེས་གསུངས་ཏེ། འོག་གི་མཛུབ་གང་བའི་དཀྱིལ་འཁོར་ལ་གསུང་། ཡི་གེ་ཡུངས་འབྲུ་ཙམ་ལས་སྐུ་ཕྱག་རྒྱ་ནས་འབྲས་ཙམ་བཀོད་པ་དང་། སོར་བཞི་པའི་དལ་ལ་གསུང་ཡི་གེ་ཏིལ་འབྲུ་ཙམ་ལས་སྐུ་ཕྱག་རྒྱ་ཡུངས་འབྲུ་ཙམ་བཀོད་པའོ། །སོར་བཞི་པ་དེ་ལ་གང་གི་དཀྱིལ་འཁོར་གཞན་ལྟར་དུ་ཟླ་མེད་དམ་སྙམ་པ་ལ། པདྨའི་ཚད་ལས་དགར་བས། ཡང་ན་རྡོ་རྗེ་ཚད་ནི་ཕྱག་གི་ཐལ་མོ་རབ་ཏུ་བསྣོལ་ནས། །སྐུ་ཕྱག་རྒྱ་ཆེན་པོའི་བསྒོམ་པ་དཔང་དུ་ནི། །བདེ་བའི་ཡེ་ཤེས་སྐྱེ་བའི་རྟེན་གསང་བའི་རྡོ་རྗེ་མཚོན་བྱེད་རྡོ་རྗེ་རྩེ་ལྔ་པའི་དཀྱིལ་འཁོར་ཆེ་ཆུང་ནི། མཛུབ་གང་བའི་ཚད་དུ་ཡང་། ། བྱ་སྟེ། ལག་ལེན་ལ་བཟོ་བོ་མཁས་པའི་རྡོ་རྗེ་རྩེ་ལྔ། ཆོ་ག་ཅི་ལྟ་བ་བཞིན་དུ་བཟོ་བར་བྱ། །འོ། །ཞེས་གསུངས་ཏེ། དེ་ནི་ཐལ་བའི་རྒྱུད་ལས། ཐལ་མོ་ཞེས་བྱ་བྱ་ནི་བརྡབ་པའི་སྒྲ། །སྟེ། ཡབ་ཀྱིས་གསང་བའི་དབང་པོ་རྡོ་རྗེ་དང་དེའི་ཁ་ཡུལ་ཀ་ཡུམ་གྱི་པདྨའི་ག་དུ་རབ་ཏུ་སྦྱོར་བས། །ཕྱག་རྒྱ་མོ་ལོ་བཅུ་དྲུག་གམ་བཅུ་གཉིས་མ་ཆེན་པོ་བདེ་བ་ནམ་མཁའི་ཁམས་ཀྱི་ཡོན་ཏན་ཐམས་ཅད་བསྐྱེད་པའི་དབྱིངས། །དེ་མཉམ་དང་རིག་པའི་བརྟུལ་ཤུགས་ཉིད་ཀྱིས་གསང་དབང་གི་དུས་སུ་སློབ་དཔོན་གྱི་དབང་གཉིས་པོའི་དུས་སུ་སློབ་བུས་པང་དུ་བླངས། །ཏེ་གསང་བའི་རྡོ་རྗེ་མཛུབ་གང་པའི་རྩེ་མོའི་དང་ཡུམ་གྱི་སྣ་རྩེ་དག་ཏུ། །ཐིག་ལེ་ཏིལ་འབྲུ་ཙམ་ཕྱིན་པའི་དུས་སུ་ནམ་མཁའི་ཁམས་ཀྱི་གཞལ་ཡས་སུ། །བདེ་བ་ཡེ་ཤེས་ཀྱི་རང་གཟུགས་ལྷ་རི་རབ་ཙམ་གྱི་སྐུ་ཕྱག་རྒྱ་དགོད། །དེ་ལ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། བདེ་བ་སྐྱེ་ཐབས་ཀྱི་ཆོ་ག་འདོད་པའི་བསྟན་བཅོས་ཀྱི་རབ་གནས་དང་། །བྱས་པ། མཁའ་ཧཾ་ཁུང་སྣ་རྩེ་མོ་ལྷ་རྡོ་རྗེ་བླུགས་གཟར་པདྨ། དགང་གཟུར་བྱང་སེམས་བཅོ་བརྒྱད་རྫས་ཏེ་གསང་བའི་སྦྱིན་སྲེག་ལུགས་སུ་ཐིག་ལེ་དཀར་དམར་འབུལ། །ཞེས་འབྱུང་ངོ་། །དབང་དེ་དག་གི་ལས་རིམ་ནི་བླ་མས་འཆད་པར་འགྱུར་ཏེ། དབང་ལྔ་རྫོགས་པར་བསྐུར་རོ། །དེ་ལྟར་དབང་ཐོབ་ནས་ཐོབ་པའི་དོན་ཉམས་སུ་ལེན་པ་བསྐྱེད་པའི་རིམ་པ་ལེའུ་ལྔ་པ་ལ་སོགས་པ་ལྟར་དེ་ཏིང་ཀུན་ཏིང་། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་པའི། ཏིང་ངེ་འཛིན་བཞི་ལ་གནས་པར་བྱ་བའི་ཕྱིར། ཆོ་ག་ལྔ་ནི་རྫོགས་བྱས་ལ། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །ཞེས་གསུངས་ཏེ། ཏིང་ངེ་འཛིན་དང་པོ་དེ་ཏིང་ཀུན་ཏིང་གཉིས་ཀྱི་དུས་སུ་ཤེས་རབ་དང་ཐབས་ཀྱི་སྤྱོད་པ་དགོས་ཏེ། དེའང་དེ་ཏིང་། ཤེས་དང་རང་བཞིན་དེ་པ་དང་། མཐུན་པའི་སྤྱོད་པ་དང་། ཀུན་ཏིང་གི་དུས་སུ་སྙིང་རྗེ་ཆེན་པོ་ཐབས་དང་མཐུན་པའི་སྤྱོད་པ་ཉིད་དང་ཡང་ལྡན་པར་བྱས་ནས། དེ་ནས་སྐུ་ཕྲ་མོ་གསུང་ཡི་གེ་ཐུགས་ཕྱག་མཚན། ཀྱི་ཆོ་ག་གསུམ་གྱིས་ལྷའི་སྐུ་བསྐྱེད་དེ། ཕྲ་མོའི་ཏིང་ངེ་འཛིན་གྱི་སྐབས་སུ་བྱ་བ་སྤངས་པ་རྣལ་འབྱོར་ཕྱོགས་ཅིག་པའི་སྤྱོད་པས་བློ་སྦྱངས་པས་ན་དེ་ལྟར་ལྔ་ནི་རྫོགས་པར་བྱ་ཞིང་ཞེས་བྱའོ། །མན་ཊའི་སྒྲ་རྟོག་བཅས་ཀྱི་ཡིད་སྐྱོབ་༡པ་དང་། དངོས་གྲུབ་གཉིས་ཀྱི་བྱིན་བརླབས་ཀྱི་ཆེན་པོ་འབྱུང་བའི་ཕྱིར། ལྷ་སྔགས་ཐ་མི་དད་པ་སྔགས་ཏེ་ལྷའོ། །འི་སྐུ་ལ་བྱ། ལྷ་དེ་ཉིད་ལུས་ཀྱི་ཡན་ལག་མགོ་བོ་ལ་སོགས་པ་ལྔ་ལ་རིགས་ལྔའི་ཕྱག་རྒྱ་ཕོ་བྲང་གི་ལྷ་ལྔ་བཅུ་ཐམས་ཅད་པ་རྒྱས་པའི་རྒྱུད་བཞིན་དུ་བཀོད་པ་དང་། འི་ལྷའི། རྟོག་པའི་ཡན་ལག་ཕུང་པོ་ལྔ་ལ་སོགས་པ་རྟོག་ཚོགས་བཞི་བཅུ་རྩ་གཉིས་ལྷའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སུ་སྣང་བ་རྣལ་འབྱོར་འབྱེད་པར་དང་། ཐབས་ཀྱི་ལྷ། བཞི་བཅུ་རྩ་གཉིས་དེ་ཉིད་ཀྱིས་ཡན་ལག་ལྷ་གཅིག་ལའང་ཡེ་ཤེས་སེམས་དཔའ་དེ་དག་ཚང་བར་ཤེས་རབ་ཀྱི་ལྷ་ཞེ་གཉིས་དགོད་པ་དང་། དེ་དག་ལ་ཡང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་སྟེ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལྷ་བརྒྱ་ཉེར་དྲུག །དགོད་པ་དང་། ཡེ་ཤེས་ལྔས་དབང་བསྐུར་བའི་ཡན་ལག་དང་ལྔ་སྟེ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་ལྔ་བཅུ་རྫོགས་ཏེ། ཡང་ན་དབུ་རྒྱན་ལྔ་བཅུ་པོ་དེ་མིང་བགྲང་ན་དབུ་རྒྱན་གྱིས་ལྷ་སྟོང་ཁོ་ནའོ། །སྣང་བ་རྣམ་པར་འབྱེད་པ་ལ་དབང་ཐོབ་ནས། ཚོགས་ཀྱི་ཡོ་བྱད་བཟའ་བཏུང་དང་། གླུ་ཚིག་རོལ་མོའི་སྒྲ་དང་། བྲོ་གར་དང་། གོས་རྒྱན་དང་། ཡུམ། ཨ་ལི་མ་རྣམས་འཁོར་ཁང་སུམ་རིམ་གི་ནང་དུ་ཚང་བར་བྱ་སྟེ། སྣང་ལ་མ་ཞན་པར་ལོངས་སྤྱོད་པས་ཚོགས་ཀྱི་སྤྱོད་པ་ཞེས་བྱ་བས་བསྒྲུབ་པ་ཁོ་ནའོ། །སྔགས་བསྒྲུབ་པ་དེ་སྒྲུབ་པའི་དུས་དང་། དངོས་གྲུབ་ཚེ་དབང་བསྟན་པའི་ཕྱིར། མ་ཉམས་འཇུག་ལ་རབ་བརྩོན་པས། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྐུར་རིགས་ཀྱི་དམ་པ་འགྲུབ། །ཞེས་གསུངས་སོ། །གོང་མ་ལྔ་གསུམ་བཅོ་ལྔ་པའི་དོན་རང་ལ་རྫོགས་ཤིང་། ལྟ་བ་རྟོགས་པ་དང་རྩ་བ་ཡན་ལག་གི་དམ་ཚིག་མ་ཉམས་པར་བསྒྲུབ་པ་ལ་འཇུག་པ་ལ་རབ་ཏུ་བརྩོན་པ་ལ་གནས་ན། བློ་དང་བརྩོན་འགྲུས་དྲག་ཞན་གྱི་དབང་གིས་རབ་ཀྱི་ཞག་ནི་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་ནས་བཅུ་གཉིས་བཅུ་བཞི་བཅུ་དྲུག་གི་བར་གྱིས་དབང་བཅུ་ལས་ཚེ་ལ་དབང་བསྒྱུར་བ་ཐོབ་པར་འགྱུར་ཏེ། དེ་ནི་ལྷག་མའི་ལུས་མི་འདོར་བའི་ཕྱིར། རྣམ་སྨིན་དང་ཚེ་དབང་གཞན་གསུམ་ལས་ལྷག་པས་རིག་འཛིན་གྱི་མཆོག་གྲུབ་པ་པོ། །གནས་སྐབས་ཀྱི་འབྲས་བུ་དེ་ཉིད་ཁོ་ནའམ་སྙམ་པ་ལ། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་གསུངས་ཏེ། རྒྱས་པའི་རྒྱུད་དོན་གསུམ་པ་ལས། ཚེ་ཚད་ནི་བརྒྱ་ཕྲག་བཅུ་དང་དྲུག་པ་ཡིས། །ལོ་བརྒྱ་བརྒྱ་ལོན་པ་དང་གཞོན་ནུ་ལོ་བཅུ་དྲུག་པ་ལྟ་བུ་དག་ཏུ་བསྣུར་ཞིང་གནས། །པའི་མཐར། ལྷག་མའི་ལུས་མ་བོར་བར་སངས་རྒྱས་པ། །ལ་སྦྱོར། ཞེས་འབྱུང་བས། ཚེ་དབང་ཐོབ་པ་དེའི་ཚེ་བློ་དང་བརྩོན་འགྲུས་ཀྱི་ཤུགས་ཆེ་ཆུང་གིས་ཆེ་ན། ལོ་བརྒྱ་ནས་བརྒྱ་ཕྲག་བཅུ་དྲུག་གི་ཚུན་ཆད་ཀྱི་བར་དུ་བསྣུར་ཞིང་ཐ་མ་དེས་སྐུ་ལྔ་ལྷུན་གྱིས་གྲུབ་བོ། །ཅིང་རྫོགས་པའི་སངས་རྒྱས་འགྲུབ། དེ་འགྲུབ་པའི་ཚུལ་ནི་ཅི་ལྟ་བུ་ཞེ། ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཅེས་གསུངས་ཏེ། བསྒྲུབ་པ་པོའི་ཚེ་དབང་ལྷུན་གྱིས་གྲུབ་པས། རིག་འཛིན་གྱི་རིག་པའི་ཡེ་ཤེས་མཐའ་བྲལ་གྱི། ངོ་བོ་ལ་མཐར། སངས་རྒྱས་ཀྱི་ཀུན་ཡེ་ཤེས་ཀྱིས་ཡོན་ཏན་གྱི་གྲངས། བརྗོད་པ་ལས་འདས་པ་རང་སྣང་བ་ཡང་། ལམ་པའི་རིག་པ་སྒྲིབ་པ་དང་བྲལ་བ་ཉིད། རྒྱལ་བའི་ཡེ་ཤེས་སུ་གསལ་བས་ལྷུན་འགྲུབ་དང་འབྲས་བུ་གཉིས་སུ་མེད་པའི་ཚུལ་གྱིས་སྣང་བའི་ཡེ་ཤེས་ཐིག་ལེ་དེ། ཉིད་ལས་ཡེ་ཤེས་ཐིག་ལེ་ཉིད། སྣང་བ་ཞེས་གསུངས་སོ། །གཞན་དུ་ན། ཐལ་བའི་རྒྱུད་ལས། སྣ་རྩེར་བདེ་པ་འདུས་ཅིང་གསལ་བའི་ཡེ་ཤེས་བསྐྱེད་པའི་ཐིག་ལེ་ལ། །མཐའ་ཡས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལྔ་ལ་སོགས་པ་ཐམས་ཅད་རང་རིག་པས་རང་སྣང་བ། །དེ་བས་ན་འབྲས་བུ་གཞན་ནས་མ་བཙལ་བར་རང་གི་རིག་པས་བདེ་བའི་ཡེ་ཤེས་ཀྱི་ངོ་བོར་འབྲས་བུའི་ཆོས་ཀུན། ལྷུན་གྱིས་གྲུབ་པས་ན་རིག་འཛིན་གྱི་མཆོག །གོ། ཅེས་པས་ཐབས་ལམ་གྱི་ལྷུན་གྱིས་གྲུབ་པའི་ཕྱིར། ལྷུན་གྲུབ། རིག་འཛིན་ཞེས་བྱའོ། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞེས་བྱ་བ་ལ་སོགས་པ་ནི། ཕྱོགས་བཅུ་དང་དུས་བཞི་བསྡུས་པའི་ཆོས་ཀྱི་དབྱིངས་མཐའ་ཀླས་པའི་ཐམས་ཅད་མངོན་གསུམ་དུ་རྫོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་ཁམས་རྣམ་པར་དག་པ་མ་དག་པ་བར་མ་གསུམ་དང་། བསམ་ཡས་པ་རྒྱན་དང་བྲལ་བའི་གཞལ་ཡས་ཁང་དང་། འཁོར་ལོ་རྒྱན་དང་རོལ་མོའི་ཚོགས་ཀྱི་རྒྱན་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ཉི་ཤུ་རྩ་ལྔ་ལ་སོགས་པ་མ་ཡུས་བསམ་ཡས་པའི་རིལ་ཐམས་ཅད་ཀུན། དུས་གཅིག་ཏུ་རང་རིག་པའི་མངོན་གསུམ་དུ། གསལ་བར་སྣང་སྟེ་མཐོང་ནས། དེའི་དོན་ཉེ་བར་མཉེས་པ་དང་། རྒྱལ་བ་དེ་དག་གི་རྒྱ་ཆེན་པོ་རིག་པའི་གསུང་གིས་ཆེ་བའི་ཡོན་ཏན་གྱི་བསྟོད་པས། བསྔགས་པ་དང་། ཐོབ་པ། དགོངས་པའི་ཆོས་སྟོན་པ་དང་། ཟབ་མོའི། དབང་བསྐུར་བ་ཐོབ་ཏེ། དེ་ལས་མི་སློབ་པའི་དོན་འབྱུང་བ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་མངོན་དུ་བྱས་པ་ནི། གཞི་རང་བྱུང་གི་ཡེ་ཤེས་རང་ལ་གནས་པ་དང་། དེ་མ་རིག་པའི་ཡེ་ཤེས་དང་། ཀྱིས་རྟོགས་པ། འབྲས་བུ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངོན་སུམ་དུ་བྱས་པ་སྟེ། གསུམ་པོ་ཚུལ་གཅིག་ཏུ་འགྱུར་བས་ན་མཐུན་པའི་ཡེ་ཤེས་ཞེས་བྱ་བ་ཁོ་ན་སྟེ། དེའི་ཕྱིར་རང་སྣང་ངོ་། །ཞེས་གསུངས་སོ། །རང་སྣང་བའི་ཚུལ་ཅི་ལྟ་བུ་ཡིན་སྙམ་པ་ལ། དཔེ་བསྟན་པའི་ཕྱིར། ལྷ་མ་ཡིན་གྱི་ཡུལ་ན་དཔག་བསམ་གྱི་ཤིང་དང་། མིའི་ཡུལ་ན་ཡིད་བཞིན་གྱིས། ནོར་བུ་དང་། ལྷའི་ཡུལ་ན་རིན་པོ་ཆེའི་བུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེ་ནི་གོ་སླའོ། །སྟེ་དགོས་འདོད་འབྱུང་བ་ཀུན་དེ་དག་རྫས་ཡོད་དུ་གྲུབ་པ་ནི་མ་ཡིན་ཏེ་གང་ཞེ་ན་འགྲོ་བ་དང་རང་གི་སེམས་ཀྱི་སྣང་བ་ལ་བསོད་ནམས་ཆ་མཐུན་གྱི་མཐུས་བསྟན་པ་མིན་ནོ། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་༢པའི་ཤེས་༡རབ་༣ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་བྱ་བ་ནི། དཔེ་དེ་བཞིན་ཏུ། གཞི་ཅི་ཡང་མ་ཡིན་པ་ལས། ཅིར་ཡང་སྣང་བས་ངོ་མཚར་སེམས་ཀྱི་ཆོ་འཕྲུལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། ཉི་ཤུ་རྩ་ལྔ་ལ་སོགས་པ་མཐའ་ཡས་པར་རང་འབྱུང་བ་ནི་རྨད་ཀྱིས་ཆོས་དུ་བྱུང་བ་སྟེ། དེ་དག་གཞན་ནས་ཡོད་པ་གཅིག་འདིར་བཀུག་པ་དང་། ས་འོང་བ། དཔེར་ན་དེར་བགྲོད་ཅིང་ཕྱིན་པས་ཐོབ་པ་དང་། དེ་དག་རྒྱུ་རྐྱེན་གང་གྱི་སྒོ་ནས་མ་བྱས་ཏེ་མ་ཡིན། བར་ཕུང་པོ་ལྔ་ལ་སོགས་པ་རྟོག་ཚོགས་ལྷའི། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ་བ་འི་ཐབས་སྣང་ལ་འགག་པ་མེད་པ་དང་། ཤེས་རབ་རང་བཞིན་མེད་པ་སྟེ། ཐབས་ཤེས་རབ་དེ་ཉིད་རང་རིག་པར་རྒྱུན་དུ་བརྟན་པར་བསྒོམ་པ་ལ། དཔེ་དེ་ལྟ་བུ་རྒྱུ་འབྲས་གཉིས་སུ་མེད་པར་སྣང་བའི་ངང་དུ་རང་བྱུང་བའོ། །ཐབས་ཤེས་དེའི་རྒྱུ་ལས་འབྲས་བུ་བྱུང་བའི་ཕྱིར། རྒྱུ་རྐྱེན་ལས་སྐྱེས་སོ། །ཞེས། བར་དགོས་པ་ལ། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་འགྱུར་བའི་ཕྱིར། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཞེས་གསུངས་ཏེ། རིག་པ་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་ཁོ་ནའི་ཡིན་པ་ཕྱིར། དེ་ཉིད་དངོས་པོ་གང་དུ་ཡང་མ་དམིགས་པར་རང་གསལ་བ་ནི། ངོ་བོ་ཉིད་ཀྱི་ཤེས་རབ་བོ། །དེ་ཀ་ལ་མིང་གི་རྣམ་གྲངས་སུ་མཉམ་པ་ཉིད་ཀྱི་དབྱིངས་ཞེས་ཀྱང་བྱ། ཏེ། དེ་ཀ་ཐེག་པ་ཆེན་པོའི་ཆོས་ཉིད་དེ་བཞིན་ཉིད་དོ། །དོན་དམ་དེ་ཉིད་ཡེ་གདོད་མ་ནས་འབྲས་བུ་བཀོར་ལྔ་ཐམས་ཅད་ལྷུན་གྱིས་གྲུབ་པ་ཉིད་ཐབས་ཀུན་ཡེ་ཤེས་ཕྱག་རྒྱར་རང་སྣང་སྟེ། གྱུར་པའི་ཕྱིར་ནི་གདུལ་བྱའི་ངོ་ན་ལམ་གྱི་ཞེན་པ་དག་པའི་སྟོབས་ཀྱི། བླ་དགས་སོ། །དེ་བས་ན། གཞི་དོན་དམ་༼༠༠༽ལྷུན་གྱིས་གྲུབ་པའི་ཡེ་ཤེས། ཉིད་ལ་ནི་འབྲས་བུ་ཀུན་རྫོབ་གྲངས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སུ་རང་སྣང་བས་འདུས་བྱས་མིན་པ་དེ་ལ་ནི་རོལ་ཞེས་བྱ་བ་ཁོ་ནའོ། །འོ་ན་འབྲས་བུར་སྣང་བ་དེ་དག་ཡོད་པའི་མཚན་མར་གྱུར་པ་དོགས་པ་ལ། གོང་གིས་ཡེ་ཤེས་༼༠༠༽རོལ་པ་ཉིད་༡ཀྱང་གསོས། ཏེ་གསོབ་སྙིང་པོ་མེད་པ་ཡ་མ་རླ་སྟེ། རང་རྒྱུད་པས་སྟོང་། ཞེས་འབྱུང་སྟེ། ཡེ་ཤེས་རོལ་༡པ་དེའི་ངོ་བོ་ཉིད་ཀྱང་ནི་དངོས་པོ་རང་རྒྱུད་པ། ཅིར་ཡང་གཟུང་དུ་མེད་པའོ། །ས་གསོད་ཅེས་བྱ་སྟེ་སྙིང་པོ་མེད། འོ་ན་སྙིང་པོ་མེད་པ་དཔེ་འགྲོ་བའི་དོན་བརྟེན་པར་བྱེད་མི་ནུས་སོ་སྙམ་དུ་དོགས་པ་ལ། རྒྱལ་བ་མངོན་བྱུང་སྐྱོབ་པ་དང་། །བྱིན་བརླབས་སྟོན་པའང་དེ་བཞིན་ཏེ། །བྱ་བྱེད་ནུས་པའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག །ཅེས་གསུངས་ཏེ། རྒྱལ་བ་སངས་རྒྱས་རྣམས་གདུལ་བྱ་འགྲོ་བ་དྲུག་ལ་མངོན་སུམ་དུ་འབྱུང་བ་སྡུག་བསྔལ་ལས་སྐྱོབ་པར། སྣང་བའི་སྤྲུལ་པའི་སྐུ་དང་། བྱིན་བརླབས་ཀྱིས་ཆོས་དེ་དག་སྟོན་པའི་ལོངས་སྤྱོད་ཀྱི་སྐུའི་སངས་རྒྱས་ཐམས་ཅད་ཀྱང་གིས་སྒྲས་གོང་དུ་བཤད་པའི་ཡེ་ཤེས་ལ་ནི་ཡེ་ཤེས་རོལ། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །ཅེས་དཔེ་དོན་ཚིགས་སུ་བཅད་པ་གཉིས་ཀྱི་ཚུལ་ཁོ་ནའོ། །དེ་བཞིན་དུ་དོན་ཆོས་ཉིད་རང་བྱུང་ཡེ་ཤེས་རང་སྣང་བ་ཡིན་པས། སྐུ་མཚན་དཔེ་དང་། གསུངས་ཡན་ལག་དྲུག་ཅུ་དང་། ཐུགས་ཡེ་ཤེས་ཀྱི་དོན་བྱ་བྱེད་ནུས་པའི་གཟི་བྱིན་དང་། སྒྱུ་མའི་ལྟ་བུ་རོལ་པས་ཕྲིན་ལས་ཀྱི་གཟུགས་སྐུ་གཉིས་ཅིར་ཡང་སྣང་ནས་དོན་བྱེད་ཙམ་ན། རྒྱལ་བ་རང་གི་ངོ་བོ་ཉིད་ནི་ཆོས་ཉིད་འདུས་མ་བྱས་པ་དང་། རང་བཞིན་དབྱེར་མི་ཕྱེད་པའི་ཕྱིར་སྐྱེ་འཇིག་མེད་པས་༡ རྡོ་རྗེའི་སྐུ་སྟེ། བཙན་པའོ། །དེ་འདས་བྱས་ལས་ཁྱད་པར་འཕགས་པ་ས་ན་མཆོག་ཁོ་ནའོ། །ཞེས་བྱའོ། །མཐར་ཕྱིན་པ་འབྲས་བུ་དེ་དག་གིས་དབྱེར་མེད་དམ་ལྷུན་གྲུབ་ཀྱི་ངོ་བོ་ཉིད་བསྟན་པའི་ཕྱིར། གཅིག་ཁ༽དང་ཀ༽ དུ་མར་བྲལ་བའི། །མཐའ་དང་དབུས་མེད་དེ་བཞིན་ང༽ཉིད། །སངས་ཆ༽རྒྱས་ཀྱི་ཀྱང་མི་གཟིགས་ཏེ། །རང་ཀ༽བྱུང་ཡེ་ཤེས་ཅ༽གནས་ཇ༽མེད་སྣང་། །ཞེས་གསུངས་ཏེ། རྒྱལ་བ་གཅིག་གི་ངོ་བོ་ལ་ཡང་ཆོས་ཐམས་ཅད་རིག་པ་བདག་ཉིད་ཆེན་པོར་འགྱུར་བའི་ཕྱིར། ཕན་ཚུན་ཐ་དད་མ་ཡིན་པའི་ཚུལ་གྱི་གསལ་བས་དུ་མ་དང་བྲལ། བ་དང་། གཉིས་མེད་དེ་ཉིད་ཀྱི་ཚུལ་གྱིས་ཐབས་སྣང་བ་རྣམས་ནི་མ་འདྲེས་པར་སྣང་ཚོགས། སྣང་བའི་ཕྱིར། གཅིག་པ་དང་བྲལ་བའོ། །ཐབས་ཆེན་པོ་མ་འདྲེས་པར་སྣང་བ་རྣམ་པར་ཐར་པའི་ས། དོན་དམིགས་སུ་མེད་པར་བདེ་གཤེགས་ཉིད་ཀྱི་ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པས་ནད་དུ་མར་བྲལ། དུས་བཞི་རྒྱལ་བ་ཀུན་གྱི་སྤྱིའི་གཟུགས་ཅན་ཡིན་པ་དང་མཉམ་པ་འུབ། གཅིག་པ་དང་བྲལ། ཞེས་གསུངས་ཏེ། དེ་ལ་ཡོད་པ་འོ་མཐའ་དང་། མེད་པ་འི་མཐའ་དང་། དེ་གཉིས་སྤངས་པས་དབུས་དང་། དྲན་རྟོག་དང་། རྟག་ཆད་དང་། སྐྱེ་འགག་འགྲོ་འོང་ལ་སོགས་པའི་མཐའ་དབུས་ཐམས་ཅད་ཀུན་ལས་འདས་པའི་ཕྱིར་ངོ་བོ་ཉིད། འདི་འདྲར། བསྟན་དུ་མེད་པར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པ་ཉིད་རྒྱུ་རྐྱེན་མེད་པར་རང་སྣང་བའི་རང་བྱུང་བའི་དེ་བཞིན་༡ཉིད་མངོན་དུ་བྱས་པའི་ཕྱིར། ཡེ་ཤེས་ཏེ། དེ་ཀ་ལ་མིང་གྲངས་སུ་དེ་༡བཞིན་ཉིད་དུ་གཤེགས་སོ། །༡ཡང་དག་པར་རྫོགས་པའོ། །འི་སངས་རྒྱས་ཞེས་བྱ་བ། སངས་རྒྱས་དེ་ཉིད་ཀྱིས་ཀྱང་ཡུལ་ཡུལ་ཅན་དུ་མི་གཟིགས་ཏེ། དེ་ནི་གནས་བྱའི་ཡུལ་དང་། གནས་བྱེད་ཀྱི་ཤེས་པ། ༡གཉིས་སུ་མེད་པས་འཁོར་འདས་ཀྱི་ཐམས་ཅད་དུ་རང་སྣང་བའོ། །ཞེས་བྱའོ། །འོ་ན་ཡུལ་དང་ཡུལ་ཅན་༡གཉིས་སུ་བྱ་བ་མེད་པས། གདུལ་བྱ་འགྲོ་དྲུག་རྒྱལ་བའི་ཡེ་ཤེས་དམ་རྫས་ཐུགས་རྗེས་མི་གཟིགས་སོ་བར་དོགས་པ་ལ། ལོག་པར་རྟོག་བརྟག་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལ་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །འགྲོ་དྲུག་དུས་ནས་མ་ལུས་སྣང་། །ཞེས་གསུངས་ཏེ། དུས་ཐམས་ཅད་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པ་ཁོ་ནའི་ཡིན་པ་ཕྱིར་གཟུང་འཛིན་གཉིས་སུ་མེད་པ་ལ་གཟུང་འཛིན་གཉིས་སུ་རྟོག་པ་ནི། དེ་མ་ཡིན་ལ་དེར་འཛིན་པས་ལོག་པར་རྟོག་པ་སྟེ། ལོག་རྟོག་ལ་གོམ་པ་༡དེའི་རྒྱུན་གྱིས་གཟུང་འཛིན་དེ་ཉིད་དུ་སྣང་བ་ནི། ཀུན་ཏུ་བརྟག་པ་སྟེ། གཤིས་ལ་མ་གྲུབ་པས་གློ་བུར་པའོ། །གང་གཉིས་སུ་སྣང་བ་དང་ཞེན་པ་དེ་ལས་ལོག་པ་ནི། རྣམ་པར། དག་པ་སྟེ་ཅིང་ཞེས། རྒྱུད་དག་པའི ། དེ་བཞིན་གཤེགས་པའོ། །དཔེར་ན་ཆུ་རྙོགས་མ་དྭངས་པ་ལ་གཟུགས་བརྙན་འཆར་བ་ལྟར། གཟུང་འཛིན་གྱི་ཞེན་པ། དག་པའི་ཕྱིར་འགྲོ་བ་དྲུག་པོ་རིལ་རང་རིག་པའི་ཡེ་ཤེས་འཁོར་འདས་མཉམ་པའི་དབྱིངས་ལས་མི་གཞན་པར་གསལ་བས། འགྲོ་བ་གདུལ་བྱ་ཐམས་ཅད་ཡེ་ཤེས་དེས་མཁྱེན་ཅིང་། ཟིན་པའི་ཐུགས་དང་དབྱིངས་དེས་ཐམས་ཅད་ལ་ཁྱབ་པ་དང་། འམ་རྗེ། ཡེ་ཤེས་དབྱིངས་ལ་མི་གཞན་པའམ་གདུལ་བྱ་གདུལ་བྱེད་གཉིས་སུ་མི་རྟོག་པའི་ཕྱིར་རམ་ཆེན་པོ་འབྲེལ་པའོ། །དེ་ལྟར་གཏན་ཚིགས་གསུམ་འགྲུབ་པའི་ཕྱིར། ཐུགས་རྗེ་ཆེན་པོས་འབྲེལ་པས་ན། ཞེས་བྱ་སྟེ། གཉིས་སུ་མི་ཕྱེད་པ་དེ་ཁོ་ན་ཐེག་པ་མཆོག་གསང་སྔགས་གི་ལུགས་ཀྱི་ཐུགས་རྗེའོ། །དེའང་རྒྱས་པ་ལས། སངས་རྒྱས་སེམས་ཅན་གཉིས་སུ་མེད་རྟོགས་ན། །ཐུགས་རྗེ་ཆེན་པོ་སྐྱོ་ཞེས་དེ་ལ་བྱ། །ཞེས་སོ། །གཉིས་སུ་མེད་པ་དེའི་ཕྱིར། རྒྱལ་བའི་ཡེ་ཤེས་ལ་གདུལ་བྱ་འགྲོ་དྲུག་དུས་གནས་མ་ལུས་ཐམས་ཅད་ཡུལ་ཡུལ་ཅན་གྱི། རྟོག་པ་མེད་པར་གསལ་ཞིང་སྣང་བ་ཁོ་ནའོ། །ཞེས་བྱ་བའོ། །ལེའུ་དགུ་པ་འཁྲུགས་ལྡེབས་པའི། མན་ངག་གི་རིམ་པས་བཤད་པའོ།། །།དབང་བསྐུར་སྟོན་ཏེ། དགུ་པ་དད་བརྩོན་བརྟུལ་ཤུགས་ཞེས་བཤད་པའི་རྗེས་སུ་དབང་བསྐུར་ཉེ་བར་འཇུག་པའི་ཕྱིར། དེ་ནས། རྒྱལ་པོ་སྦྱིན་པ། ཞེས་གསུངས་ཏེ། རང་དོན་དུ་ཆེ་བའི་ཡོན་ཏན་༼༠༠༽ཐམས་ཅད་ཐོབ་པ་དང་། གཞན་དོན་དུ་ཆོས་ཐམས་ཅད་ལ་རང་དབང་བསྒྱུར་བའི་ཕྱིར། དཔེར་ན་རྒྱལ་པོ་དང་འདྲ། ཞེས་གསུངས་ཏེ། ༼༠༽དོན་གཉིས་དང་ལྡན་པར་༼༠༽ཡང་རྗེས་སུ་མཐུན་པའི་ཕྱིར། ༼༠༽དབང་༼༠༠༽ཕྱུག་ཅེས་ཀྱང་བྱའོ། །དེ་ཉིད་རང་གཞན་གྱི་དོན་གཉིས་ཀྱི་ཕྱིར། དེའི་ཕྱོགས་ཀྱི་དབང་གིས་ངེས་པའི་ཚིགས་སུ་འགྱུར་རོ། །དེ་ལྟ་བུ་དད་བརྩོན་བརྟུལ་ཞུགས་ཀྱི་སྣོད་གསུམ་པོ་རང་གི་བློ་ལ་འཚམས་པར་ཐོབ་པར་བྱེད་པའི་ཕྱིར། ཐོབ་པ་སྦྱིན་པར་འགྲོ་བས་སྦྱིན་པ་ཞེས་བྱའོ། །གསང་སྔགས་དབང་པོ་རབ་ཀྱི་སྤྱོད་ཡུལ་ཡིན་པས་གདམས་ངག་འཇུག་པའི་གོ་རིམ་ལ་བརྟུལ་ཞུགས་ཅན་གྱི་དབང་བསྟན་པའི་ཕྱིར། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་རྒྱུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པདྨོར་བསྐྱིལ། །རྩེ་ནས་གཏིམ་ནས་དཀྱིལ་འཁོར་བསྒྱུར། །ཞེས་གསུངས་ཏེ། དེ་ནི་བདག་གིས་བརྗོད་པར་མི་ནུས་ཀྱང་། ཐལ་བའི་རྒྱུད་ལས། བླ་མ་མི་ཁ༽བསྐྱོད་པ་ཡབ་ཡུམ་དུ་གསལ་བའི་རོལ་པ་ལས་བྱུང་བ་ནི། །ཡབ་ཀྱི་བདེ་༡བ་འི་རྣམ་པ་གསལ་ཞིང་ཡུམ་གྱི་བདེ་བའི་ངོ་བོ་མི་དམིགས་པ། །ཀ༽ཤེས་༴༽རབ་ཡུམ་ལོ་ཉི་ཤུ་མ་༡ཐབས་ཡབ་ཀྱི་ཕྱག་རྒྱའོ། །ར་གསལ་བ་ལས་ཞེས་པ། ཡབ་ཀྱི་ག༽ རྡོ་རྗེའི་ལམ་ནས་བྱུང་བའི་བདེ་བའི་ཡེ་ཤེས་ཡི་གེ་ཧཱུྃ་གི་འབྲུ་ཚོགས་སུ་རྒྱལ་བའི་བྱང་ཆུབ་སེམས་ཀྱིས། །ཆུ་རྒྱུན་ཡུམ་གྱིས་པད་མོའི་ལས་བྱུང་བའི་བྱང་སེམས་བདེ་བ། ཡེ་ཤེས་ཀྱང་བསྡུས་ཏེ་རྩའི་རྩེ་མོ་གཉིས་སུ་འཁྱིལ་པའི། །བྱང་སེམས་ཡུངས་ཀར་གྱི་ཚད་ཙམ་དཀར་ལ་འཚེར་བའི་རྣམ་པ་རྡོ་རྗེ་སེམས། །པར་གསལ་བ་དེ། རྡོ་རྗེ་སྣ་རྩེའི་རྩེ་ནས་སློབ་བུའི་ལྕེ་རྩེ་རུ་འི་ཐབས་ཀྱིས་རྡོ་རྗེ་དང་། ཡུམ་གྱི་སྣ་རྩེ་དང་བུའི་ལྕེ་རྩེ་གསུམ་པོ་གང་རུང་གིས་ཤེས་རབ་ཀྱི། ཐབས་ཤེས་གཉིས་ཀྱི་གསང་དབང་སྦྱིན་པ་ཡི། །ཅིར་འགྱུར་ཞེ་ན། རང་བཞིན་གྱིས་གནས་པའི་སྙིང་ཁ་ཆོས་ཀྱི་ཁམས་ལ་བསྟིམ་ཞིང་དེའི་ཚེ། དཀྱིལ་འཁོར་གྱི། །རྩ་བཞིའི་ནང་ན་ཡོད་པའི་འགྲོ་དྲུག་བསྐྱེད་པའི། ས་བོན་ནི་ཆོས་ཉིད་ཀྱི་རྩ་ན་སུམ་ཏྲི་གཉིས། ཡེ་ཤེས་ནས་ཨ་ནྲྀ། ཡོན་ཏན་ན་པྲེ་དུ་གཉིས་དང་། ཟུང་གསུམ་༡དང་རང་རྒྱུད་ཀྱི་རྩ་ན་སེམས་ལས་བྱུང་བའི་གཉིད་ཀྱི་རྟོག་པ་༡དང་བཅས། །པ། ༡གནས་ངན་ལེན་པའི་འི་བག་ཆགས་དང་། གསུམ་༡༡༡པོ། སྦྱངས་ཏེ། །ཅིར་འགྱུར་ན་ཡུལ་སེམས་སུ་དམིགས་པ། མེད་པས། སེམས་ཀྱི་ངོ་བོ་ནི། ཡེ་ཤེས་ལྔ། །རུ་བསྒྱུར་ཅིང་། གསལ་བས་དཔེར་ན་ས་བོན་ཚིགས་པ་ལས་མྱུ་གུ་མི་སྐྱེ་བའི་བཞིན། །དུ་ཕྱིས་འཁོར་བར། མི་སྐྱེས་ཏེ། ཐབས་ཀྱི་དབང་གིས་འཁོར་བའི་སྡུག་བསྔལ་ལས་དབུགས་དབྱུང་བའོ། །གསང་དབང་དེ་ལས་གཞན་པ་ཡང་གཉིས་ཤེས་རབ་ཡེ་ཤེས་ཀྱི་དབང་བཤད་པར་བྱ་བ། །འང་སྔ་མ་དང་། རྗེས་སུ་མཐུན་པར་སློབ་བུ་ཐབས་མི་རྙེད་པར་གསལ་པའི་ང་རྒྱལ་གྱི་འཇུག་པའི་ཤེས་རབ་ཡུམ་ཕྱག་རྒྱ་མོ་ལོ་བཅུ་དྲུག་ལོན་པ་ཉིད། །ལ་སྦྱོར་བ་ཟིལ་པའི་ལྟ་བུ། བྱང་སེམས་ཀྱི་ཐིག་ལེ་སྔོན་ལྟར་རྡོ་རྗེའི་ལམ་ནས་བདེ་བའི་ཡེ་ཤེས་ཡི་གེ་ཧཱུྃ་གི་འབྲུ་ཚོགས་སུ་གསལ་བའི་བྱང་སེམས་ཆུ་རྒྱུན་ཡུམ་གྱིས་པད་མོར་འཁྱིལ་པ་དེ། བཞིན། །དུ། དགའ་བ་བཅུ་དྲུག་གིས་ཕྱེད་ལ་བརྒྱད་དེའི་ཕྱེད་ལ་བཞི། དེ་ལྷན་ཅིག་སྐྱེས་པའི་གསང་གནས་སུ་ཐིག་ལེ་གཅིག །དུ་བསྡུས་པ་དེ་ཡུམ་གྱི་ཕན་ཚུན་རྡོ་རྗེ་རྩེ་དང་སྣ་རྩེ་ནས། ཐིག་ལེ་བཞི་བཞི་ལས་བཞི་ཤོགས་གཉིས་མཉམ་དུ། དགོད་པའི་སྟོབས་ཀྱིས་འདྲེས་པར་གཉིས་པས། ཡབ་ལ་བདེ་བའམ་གསལ་བ་དང་། ཡུམ་ལ་མི་རྟོག་པའི་བདེ་བ་གཉིས་པོའི་ངོ་བོ་ཉིད། །ནི་གསུམ་པའི་ཟུང་དུ་འབྲེལ་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ། །གྱི་ངང་གསལ་བར་ཤར་བས་བསྒྱུར་བའི་སྒྲ། །ཡིན་ཏེ། དེ་རང་བཞིན་གྱིས་འོད་གསལ་བའི་དཀྱིལ་འཁོར་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་ཕྱིར་རོ། །གཉིས་པོ་དེ་ལས་གཞན་པ་ཡང་གསུམ་པ་བདེ་ཆེན་གྱི་དབང་བཤད་པར་བྱ་བ། །ལའང་། ཐབས་སློབ་བུ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ཤེས་རབ་ཡུམ་ལོ་བཅུ་གཉིས་མ་ལ་ཉི་མ་ལ་བྱང་སེམས་འཛེག་པའི་དུས་སུ། ཐབས་ཀྱི་ཕྱག་རྒྱ། །བཞིས། རོལ་པ་ལས་ཕུང་པོ་ལྔ་ལ། སོགས་པ་རྟོག་ཚོགས་ཞེ་གཉིས་ལྷའི་སྐུ་ཕྱག་རྒྱའི་ཆེན་པོ་ཚོགས་དང་ལྡན། །ནས་ཡབ་གྱི་གསང་བ་རྡོ་རྗེ་དེའི་ལམ་ནས་བདེ་བའི་ཡེ་ཤེས་ཟླ་བ་བྱང་སེམས་ཡི་གེ་ཧཱུྃ་གི་འབྲུ་ཚོགས་སུ་གསལ་བའི་ཆུ་རྒྱུན་ཡུམ་གྱི་པདྨོར་བསིལ་བར་བྱེད་ཅིང་འཁྱིལ་པ་དང་། ཤེས་རབ་ཡུམ་གྱི་ཉི་མ་དངོས། །གཉིས་ཡབ་ཡུམ་གཉིས་ཀས་དུས་གཅིག་ཏུ་བདེ་སྟོང་རོ་མཉམ་པའི་ཐིག་ལེ་ཆེ། །ན་པོ་ལ། ཡབ་ཡུམ་གྱི་དགའ་བ་རེ་རེ་ལ་བཞི་བཞི་སྟེ་བཅུ་དྲུག་པ་ཕྲག་གཉིས་ཏེ། སུམ་ཅུ་རྩ་གཉིས་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་རྫོགས་ཤིང་། །ཡབ་ཀྱི་ཟླ་བའི་ཐིག་ལེ་དགའ་བ་བཅུ་དྲུག་རེ་རེ་ལ། ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པ་ལྔ་ཕྲག །བཅུ་དྲུག །ནི་དཔེ་བྱད་བརྒྱད་ཅུ་ལ་སོགས་དཔག་ཏུ་མེད། །ཅིང་རྩིས་ལས་འདས་པའི་མཚན་དཔེའོ། །ཕ་རོལ་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་ལྡན། །པ་དང་། སེམས་ལྔའི་མ་མཐའ་ཐིག་ལེ་ཕན་ཚུན་འགྲོ་འོང་དུ་ཤེས་པ་ནི། རྫུ་འཕྲུལ་ཀྱི་བྱ་ཤེས་པའི་མངོན་ཤེས། །སོ། །ལྷན་ཅིག་སྐྱེས་དགའི་གནས་ནས་སླར་ལོག་པ་ནི་རྩེ་ནས་ཐིམ་ཞེས་པའི་སྒྲས། །ཡོད་མེད་ཀྱི་མཐའ་གཉིས་ཀྱི་མ་གོས་པ་བཅུ་གཉིས། པདྨ་སྤྱན། །གྱི་དཔའོ། །ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ། གནས་ནས་བྱང་སེམས་རྩ་གནས་སོ་སོར་བཀྱེ་བ་ཡིས། །རྟོག་ཚོགས་བཞི་བཅུ་རྩ་ལྔ་ལ་སྩོགས་པ་གྲངས་མཐའ་ཡས་པ་ཀུན། །ཡེ་ནས་ལྷའི་རང་བཞིན་ཉིད་ཡིན་པ་ལས་ཐབས་ཀྱི་ལྷ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་གསལ་བས། །ར་བསྒྱུར་བ་ནི། བཅུ་གསུམ་པ་ཡི་གེའི་འཁོར་ལོ་ཚོགས་ཆེན་གྱིས་རུ་བརྗོད། །དོ། །ཅེས་འབྱུང་བ་ཁོ་ནའོ། །ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་བྱ་བ་ལ་སོགས་པ་ནི། བདག་དོན་གྱི་བརྩོན་འགྲུས་ཅན་ལ་ནུས་པའི་དབང་ཉན་དབང་དང་བསྒོམ་དབང་གཉིས་སྟོན་ཏེ། དང་པོ་ཉན་དབང་ནི་སློབ་བུ་རྣམས་ཀྱི་ཉན་བྱེད་དེ། རྣ་བ་གཉིས་ཀྱི་འདོམ་རྩའི་ནང་ན་བཅུད་འདུས་པའི་ཐིག་ལེ་ཤིན་ཏུ་དྭངས་བ་གནས་པ་ནི་རང་བཞིན་གྱི་སྒྲ་ཉན། ནུས་སུ་ཡོད་པ་དེ་མཚུངས་ལྡན་གྱི་རྒྱུ། ལས། རྩ་ནི་རྡོ་རྗེ་སློབ་དཔོན་ཀུན་བཟང་ཡབ་ཡུམ་དུ་བསྒོམ་པའི་ཐུགས་ཀ་ནས་བྷྲཱུཾ་ལས། འཁོར་ལོའི་རྩིབས་བཞི་ལྟེ་བ་མུ་ཁྱུད་དང་བཅས་པ་བར་འཁྱམས་མེད་པ། གཞལ་ཡས་ཁང་སྒོ་དང་བཅས་པར་བསྒོམ། ལ་དེའི་ནང་དུ་སྒྲ་གསལ་བར་བྱེད་པའི་ཐིག་ལེ་རེག་ཤེས་ཀྱི་ངོ་བོ་ཉིད་ཏྲཾ་ཟུང་ལྔར་ཡ་བཅུ་དང་ཛཿཧཱུྃ་བྃ་ཧོཿ གྱུར་པ་ལས། ཆོ་ག་གསུམ་གྱིས་རིན་པོ་ཆེའི་དཀྱིལ་འཁོར་རིན་འབྱུང་ཡབ་ཡུམ་གྱིས་གཙོ་བོ་བྱས་པའི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་བཅུ་སྒོ་བ་ཡབ་ཡུམ་བཞི་དང་བཅས་པར་ལྷ་བཅོ་བརྒྱད་ཀྱི་ཕྱག་རྒྱའི་ཚོགས་མཆོག་བསྐྱེད་པ་ལ་རིན་པོ་ཆེ་འབྱུང་ལྡན་གྱི་དཀྱིལ་འཁོར་སྙན་སྤྱན། བསྟིམ་བརྟེན་མཆོད། ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྱང་སེམས་འཕྲོ་འདུ་ལས་ལྷ་འོད་དུ་གྱུར་ནས་བུ་ལ་ཐིམ་པས། སློབ་བུ་ཡང་འོད་དུ་ཞུ་པ་ལས་འོད་དཔུང་སེར་པོར་གྱུར་པ་ལས། རིན་ཆེན་འབྱུང་ལྡན་དུ་བྱས་ཤིང་དབང་རྫས་པོ་ཏི་གཏད་ལ། ཏྲཾ་ནི་གླུའི་མགོ་དྲང་ལ། གསང་བ་མ་ཧཱ་གསང་ཆེན་ཨ་ནུ་གསང་མཆོག་ཨ་ཏིའི་བསྟན་པ། གང་། ཡིན་པ། ཞེས་བྱ་བ་ལ་རྩོོགས་པ་ནས་གཞན་དུ་སྨྲ་བར་བྱ་བ་མིན་གྱི་བར། བརྗོད་དེ་དབང་བསྐུར་རོ། །བསྒོམ་དབང་ནི་དྲན་པ་གསལ་བའི་ར་བྱེད་པ། རྟེན་སྙིང་ཁའི་རྩའི་འཁོར་ལོའི་གཞལ་ཡས་སུ། །ཞེས་བྱ་བ་ལ་སོགས་པ་ལྷ་བསྒོམ་པ་ནི་ཉན་དབང་དང་། རྗེས་སུ་མཐུན་ཏེ། སྙིང་ལ་ཡི་དམ་གྱི་ལྷ་གང་ཡིན་པའི་རིགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་སུ་བསྐྱེད་པ་ནས་བཟུང་སྟེ། ༀ་དུས་གསུམ་རྒྱལ་བ་ལ་སོགས་པ་ལ་དབང་རྫས། ཕྲེང་བ་སྦྱིན་ནོ། །ལག་པའི་འཁོར་ལོའི་གཞལ་ཡས་སུ། །ཞེས་བྱ་བ་ལ་སོགས་པ་ནི། གཞན་དོན་གྱི་བརྩོན་འགྲུས་ཅན་ལ་ནུས་པའི་དབང་གཉིས་ལས་དང་པོ་ཕྲིན་ལས་ཀྱི་དབང་སྟོན་སྟེ། སྦྱིན་པ་ནི་ཉན་དབང་དང་རྗེས་སུ་མཐུན་ཏེ། ལག་པའི་འདོམ་རྩ་གཉིས་ལ་འཁོར་ལོའི་གཞན་ནས་བཟུང་སྟེ། ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཡན་ཆད་ཀྱི་བར་སྔ་བཞིན་བསྒོམ་མོ། །ༀ་ཁྱོད་ནི་རྡོ་རྗེ་ཅན་ཞེས་སོགས་བརྗོད་ལ་དབང་རྫས་རྡོ་རྗེ་རྒྱ་གྲམ་སྦྱིན་ནོ། །སྨྲ་བྱེད་ལྕེའི་འདམ་རྩར་བྷྲཱུཾ་འཕྲོས་པ་ལས་འཁོར་ལོའི་རྩིབས་བཞི་པ་གཞལ་ཡས་སུ། །ཞེས་བྱ་བ་ནས་གསལ་སྤྲོས་ཐིམ་ཞེས་པ་ལ་སོགས་པ་ནི་འཆད་པའི་དབང་སྟེ། པདྨའི་རིགས་ལྷ་བཅོ་བརྒྱད་བསྒོམ་པ་སྟེ། ༀ་ཆོས་ཀྱི་བདུད་རྩི་ཞེས་སོགས་བརྗོད་ལ་དབང་རྫས་འཁོར་ལོ་སྦྱིན་ནོ། །རྡོ་རྗེ་རྒྱལ་པོའི་དབང་ནི། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཞེས་བྱ་བ་ལ་སྩོགས་པ་ནི། དབང་ཕྱུག་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཆེན་པོའི་དབང་སྟེ། བསྐྱོད་ཆེན་ཡན་ལག་ལྔ་ལས་དང་མ་འགོའི་མིག་ལ་སོགས་པའི་དབང་པོ་ལྔ་ལ་ༀ་ཟུང་ལྔ་ཡ་བཅུ་ལག་པ་གཡས་ཀྱི་སོར་མོ་ལྔ་ཧཱུྃ་ཟུང་ལྔ། དེ་བཞིན་གཡོན་པ་ལ་ཏྲཾའམ་སྭཱ་རྐང་པ་གཡོན་གྱི་སོར་མོ་ལ་ཧྲཱི་འམ་ཨྃ་གཡས་ལ་ཧཿ རྣམས་ལ་ཡ་བཅུ་བཅུའོ ། །ལུས་ཀྱིས་ཕྱོགས་མཚམས་སུ་ཧཱུྃ་ཟུང་བཅུའོ། །ཡི་གེ་ཚོགས་དེ་དག་ལས་ཚོམ་བུ་ལྔ་འི་དཀྱིལ་འཁོར་ཡབ་ཡུམ་ལྔ་བཅུ་དང་ཁྲོ་བོ་བཅུ་ཁྲོ་མོ་བཅུའི་ཕྲེང་བ་རྣམས་བསྐྱེད་པ་ཡོངས་སུ་གྱུར་པ་ལས། སློབ་པ་ཀུན་པོར་གྱུར་པར་བསྒོམ་ལ་དབང་རྫས་རྡོ་རྗེ་དང་དྲིལ་བུ་གཏད་དེ། ༀ་ཕྱོགས་བཅུ་དུས་བཞི་ཞེས་སོགས་ཀྱི་ཚིགས་བཅད་བརྗོད་དོ། །དབང་མ་ཐོབ་པའི་སྐྱོན་བསྟན་པའི་ཕྱིར། དམ་ཚིག་དབང་གི་སློབ་དཔོན་དེ་ལ་སློབ་བུ་རབ་ཀྱིས་ཤེས་རབ་བསྒྲུབ་པ། འབྲིང་གི་དད་པ་དང་། ལུས་ངག་ཐ་མས་ཟང་ཟིང་གིས་མཉེས་པར་མ་བྱས་ཤིང་། ཕན་ནུས་ཟབ་མོའི་དབང་རྣམས་ཐོབ་པར་མ་བྱས་པ་ཞེས་བྱ་བ་ལ་སོགས་ཏེ་གོ་སླའོ། །རྒྱུ་འབྲས་དོན་གྱི་གོ་རིམ་དུ་འཁྲུགས་སྡེབས་དགོས་ཏེ། དང་པོ་ཕན་པའི་དབང་། བཅུ་བསྟན་པའི་ཕྱིར། དབུ་ག༽རྒྱན་ཁ༽ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །ཀ༽སྙིང་པོ་ལྔ་ལ་དབང་བསྐུར་ན། །ཞེས་གསུངས་ཏེ། དངོས་སུ་བསྐུར་བ་ནི་གོ་སླའོ། །དེའང་ཐལ་བའི་རྒྱུད་ལས། ཁམས་ལྔའི་བཅུད་ལྔ་དཔའ་བོ་འབྲུ་ལྔར་གནས་པའི་སྙིང་པོ་ལྔའི་མཚུངས་རྒྱུ་དང་རོ་རྐྱང་བདེ་བའི་ལམ་གཉིས་གཡས་གཡོན་ནས་འཕྱང་བ་ཅོད་པན་དང་། །རྩ་དབུ་མ་ཨ་བ་དྷུ་ཏིའི་ནང་དུ་བཅུད་ཐིག་ལེ་འདུད་པའི་ཡུངས་ཀར་གྱི་ཚད་མཚན་དང་ལྡན་པ། །ཕྲེང་བའི་དད་པ་ཁྱབ་པ་གོ་ཆའི། ལུས་ལ་རྩ་ས་ཡ་ཕྲག་བཅུ་གསུམ་གྱིས་དྲ་བའི་རྩ་དང་། ཕོ་མོའི། དབང་པོ་རྒྱལ་མཚན་གྱིས་དང་། ཕུང་པོ་ལྔ་ལ་སོགས་པ་རྟོགས་ཚོགས་ཐམས་ཅད་སྐུ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གནས་པ་ཕྱག་རྒྱའི་དང་གླད་པ་བདེ་ཆེན་གྱི་འཁོར་ལོ། །གདུགས་ཀྱི་དང་ལུས་ཉིད་བུམ་པ། ཧཱུྃ་གིས་མགྲིན་པ་ན་རོ་དྲུག །གམ་རྩ་གནས་སུ་ཐིག་ལེ་ཧཱུྃ་གི་རྣམ་པས་གང་ལ་བུམ་པའི་དང་། བདེ་བའི་ཡེ་ཤེས་དང་བཅས། ། པ་བཟའ་བཏུང་གི་དང་། རྣམ་ཤེས་ཚོགས་བརྒྱད་ཀྱི་རང་བཞིན་ཡེ་ཤེས་ལྔ། །རུ་གནས་པ་དབུ་རྒྱན་གྱི་མཚུངས་རྒྱུའོ། །སྔགས་དང་དབང་རྫས་རབ་གནས་ཅན་དང་རྒྱུའི་དགོངས་པས་རྒྱུ་གང་ཡིན་པ་དེ་རྐྱེན་གྱིས་བསླང་བ། །ཀུན་ནས་དབང་དོན་ལྡང་ཞིང་དུཿཁ་ལས་སྐྱོབ་པ་ཡིན། །སྡུག་བསྔལ་ལས་གྲོལ་ནས་རྒྱལ་བའི་རིགས་སུ་ངེས། །ཞེས་འབྱུང་བའི་ཕྱིར་ཕན་པའི་དབང་ཁོ་ནའོ། །དབང་ཐོབ་པའི་དུས་འདི་ཕྱིན་ཆད་རྒྱལ་བའི་གདུང་འཛིན་པའི་སྲས། །ཡིན་པ། ཞེས་བྱ་བ་ལ་སོགས་པ་ནས་བདེ་བ་ཕུན་སུམ་ཚོགས་པ་ཞེས་པའི་བར་ནི་གོ་སླ་སྟེ། ཕན་པའི་དབང་གི་ཡོན་ཏན་ཐུན་མོང་དུ་མཐོ་རིས་ཀྱི་ལྷ་ཚངས་པ་བརྒྱ་བྱིན་ལྟ་བུ་དང་མིར་སྐྱེས་ན་ཡང་འཁོར་ལོ་བསྒྱུར་བའམ། དབང་པོར་ཏེ་རྒྱལ་པོ་གྱུར་ལ་ནུས་པའི་དབང་ལྔ་ཐོབ་ན། ཐར་པའི་ལམ་སྟོན་པའི་བདག་པོར་རིག་འཛིན་དུའམ་དགེ་བའི་བཤེས་གཉེན་མཁས་པར་འགྱུར་རོ། །ཟབ་མོའི་དབང་གསུམ་ཐོབ་པའི་ཡོན་ཏན་ནི་རིགས་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཀུན་ཏུ་བཟང་པོ་ཉིད་དུ་འགྱུར་བར་ངེས་སོ། །ཞེས་བྱའོ། །ལེའུ་བཅུ་པ་མདོག་བཤད་པའོ།། །།དེ་ནས་ཏིང་ངེ་འཛིན་བཞི་པ་སྤྲོས་པ་ལ་གནས་པ་རྣམས་ཀྱི་དོན་དུ། ཚོགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས། རྒྱལ་པོ་དབང་བསྒྱུར་བ་ཞེས་བྱ་བ་ནི། སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་ལེའུ་བཞི་པའི་སྒྱུ་འཕྲུལ་དྲྭ་བ་ཡབ་ཡུམ་ཁོ་ན་ལ་བྱ་བའི་ཕྱིར། ༡ཚོགས་ཀྱི་དཀྱིལ་འཁོར་གྱི་སྐབས་འདིར་ཡང་ཚོམ་བུ་ལྔ་པ་ལ། ཡབ་ཡུམ་བདུན་ཅུ་ལ་སོགས་པ་གསུམ་པ་ལ་ཞེ་དྲུག་གཅིག་པ་ལ་བཅོ་བརྒྱད་པ་རྣམས་ཀྱི་ཕྱག་རྒྱ་ཟུང་དུ་འབྲེལ་པ་ནི། སྒྱུ་འཕྲུལ་དྲྭ་བའི་ཡང་རྒྱལ་པོའོ། །༡དེ་དག་གི་དུས་སུ་ཚོགས་ཀྱི་ལོངས་སྤྱོད་ལྔ་པོ་ཐམས་ཅད་ལྡན་པའི་ཕྱིར་ཡང་རྒྱལ་པོ་ཞེས་བྱའོ། །རྣལ་འབྱོར་པ་འདུས་པ་དེ་དག་གཏན་ཚིགས་རྟོགས་པ་རྣམ་པ་བཞིས། རྟོགས་ཚོགས་ཐམས་ཅད་ཀྱང་འབྲས་བུ་སྐུ་དང་ཡེ་ཤེས་ཁོ་ནར་གསལ་བའི་ཕྱིར་སྤྱོད་ཡུལ་ཡོངས་སུ་དག་པའི་བསྒྱུར་བ་ཞེས་བྱའོ། །དེ་ལྟ་བུའི་དོན་སྟོན་པའི་དགོངས་པ་ཏིང་ངེ་འཛིན་མངོན་དུ་སྣང་ངོ་། །ཞེས་བྱ་བའི་ཐ་ཚིག་སྟེ། སྙོམས་པར་ཞུགས་ནས་ཞེས་སོགས་གདུལ་བྱའི་སྣང་བའོ། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། ཞེས་བྱ་བ་ལ་སོགས་པ་ནི། ལྟ་བའི་གཏན་ཚིག་རྣམ་པར་དབྱེ་བ་སྟོན་ཏེ། རྒྱུ་༡དང་རང་བྱུང་ཡེ་ཤེས་རང་སྣང་བ་ནི། འབྲས་བུ། སྐུ་དང་ཡེ་ཤེས་ཏེ། དེ་དག་མྱ་ངན་ལས་འདས་པའི་ངོ་བོའོ། །༡རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་ལོག་རྟོག་ཀུན་བརྟག་གི་རྒྱུན་ལས། ལུས་དང་སྡུག་བསྔལ་ཏེ། འཁོར་བའི་ཆོས་སྣང་ངོ་། །ཆོས་ཅན་༡༡༡དེ་གཉིས་ཞན་པ་དང་། ལམ་གྱིས། གསལ་བས་མཚོན་ཚུལ་གྱི་དབྱེ་བ་ཐ་དད་ཀྱང་དོན་ལ་ངོ་བོ་གཅིག་སྟེ། དམ་བཅའ། ཧེ་དུ་ལས་གཉིས་ལས། འཁོར་བའི་རྒྱུ་མ་རིག་པ་དང་རྐྱེན་ལས་ཉོན་གཉིས་པོ་ཉིད་དཔེར་ན་རྒྱལ་པོ་ཕྲུ་གུ་འབངས་སུ་འཁྱམས་པ་བཞིན་དོན་ལས་ནོར་ཡང་། རང་གི་ངོ་བོ་རང་ཡེ་ཤེས་ལས་མི་འགྱུར་བར་བསྟན་པའི་ཕྱིར། རྒྱས་པའི་རྒྱུད་ལས། གཏི་མུག་ཅེས་ནི་བརྗོད་པ་ཡང་། །མ་རིག་པའི་ནང་ཚན་གྱི་མིང་གི་རྣམ་གྲངས་ཏེ། །ཡིན། དེ་ཡང་གཉིས་མེད་ཀྱི་དོན་གཅིག་ཡིན་པར་བཤད། །ཅེས་པ་དང་། ཡང་། ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །མ་རིག་པ་དེ་ཉིད་ཡེ་ཤེས་སུ་གསལ། །ལ། ཉོན་མོངས་སྡུག་བསྔལ་དེ་རང་བྱང་ཆུབ་མཆོག །སངས་རྒྱས་ཀྱི་དགོངས་པའོ། །ཅེས་འབྱུང་བས། ལོག་རྟོག་ཉིད་དུ་སྣང་བ་དེ་རིག་པ་རང་སྣང་བས་ན་ཧེ་དུ་གྲུབ་པའི་དོན་ངོ་བོ་རང་བྱུང་གི་ཡེ་ཤེས་ཁོ་ན་ཡིན་པས། དེའི་ངོ་བོ་ནི་གཞལ་ལ་ཕྱོགས་གཅིག་ཏུ་བསྟན་དུ་མེད་པ་ནི་མཉམ་པའི་ཆེན་པོ་དབྱིངས་སུ་གསལ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་༼༠༽གཅིག་པ་ཁོ་ནའོ། །ཡིག་འབྲུའི་ཚུལ་ལ་ནི་ཡི་གེ་གསུམ་སྟེ་རྒྱུ་༼༠༽ཉིད་ཀྱི་ཕྱིར་ཤེས་བྱའི་ཆོས་ཐམས་ཅད་སེམས་ཉིད་ལས། གཞན་གང་ཡང་མ་གྲུབ་པ་དང་། སེམས་དེ་ཉིད་ཡིན་ཁགས་ཅིར་ཡང་མ་སྐྱེས་པ་ནི་ཡི་གེ་ཨའི་ཚུལ་སྟེ་གསུང་རྡོ་རྗེ་གི་རང་བཞིན་ནོ། །ངོ་བོ་ཉིད་ཕྱོགས་གཅིག་ཏུ་མ་གྲུབ་པའི་རིག་པའི་རྩལ་ཅིར་ཡང་སྣང་བ་ནི། ཨ་ལ་ན་རོ་ཨོ་སྣང་བའི་ཚུལ་སྟེ། སྐུ་རང་བཞིན་ནོ། །དེ་དག་གི་བརྗོད་བྱེད་ཀྱིས་ཚིགས་ལ་སྔ་ཕྱིར་སྣང་ཡང་། བརྗོད་བྱ་དོན་གཅིག་པར་རྟོག་པའི་རིག་པ་ཉིད་ཡེ་ཤེས་ལྔར་གསལ་བ་ནི། ཡི་གེ་ༀ་གྱི་ཚུལ་སྟེ་ཐུགས་རྡོ་རྗེ་ཁོ་ནའོ། །ཚོན་དང་འདྲ་བའི་ཡི་གེ་ཨ་གཅིག་ལ་ཚུལ་གསུམ་གྱི་དོན་མཚོན་ནས་རས་དཀར་པོ་དང་འདྲ་བའི་ཀ༽ཕུང་པོ་ལྔ་ལ་སོགས་པའི་རྟོག་པ་ཐམས་ཅད་ཁ་དོག་དམར་པོར་བསྒྱུར་བ་དང་འདྲ་བའི་འབྲས་བུ་སྐུ་གསུང་ཐུགས་སུ་སངས་རྒྱས་པར་བྱིན་གྱིས་བརླབས་པའི་ཕྱིར། བྱིན་བརླབས་ཀྱིས་དང་། ཞེས་གསུངས་སོ། །མངོན་སུམ་པར་ཞེས་བྱ་བ་ནི། སྤྱིར་མངོན་སུམ་ལ་དབང་པོ་ཡིད་རྣལ་འབྱོར་རང་རིག་བཞི་ལས། འདིར་ཆོས་ཉིད་ལྟ་བྱའི་ཡུལ་ལྟ་བྱེད་ཀྱི་མཁན་པོ་གཉིས་སུ་མེད་པར་རང་རིག་པའི་མངོན་སུམ་མོ། །སྟོང་བཞི་པོ་དེས་ཆོས་ཐམས་ཅད་སྔར་བཤད་པའི་རྗེས་སུ་སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར། ན། གྲུབ་མཐའ་རབ་ཏུ་རྟོགས་པ་རྣམ་པ་གྲངས་བཞི་པོ་ཤེས་བྱེད་ཡིན་པ་ཆོས་ཐམས་ཅད་རང་རིག་པའི་མངོན་དུ་རྫོགས་ཤིང་རང་རིག་པར་དབང་བསྒྱུར་བས་རྒྱལ་པོ་གྲུབ་མཐའ་གཞན་མེད་པས་ཆེ་བའོ། །ཞེས་གསུངས་སོ། །ཡན་ལག་ལྔ་དབང་པོ་ལྔ་རྣམ་ཤེས་ལྔ་པོ་ཀུན། །རྣམ་མིན་ༀ་དུ་ཤེས་པར་བྱ། །ཞེས་བྱ་བ་ནི། འདི་ནས་བསྡུས་དོན་མར་སྤྱོད་པའི་ཏིང་ངེ་འཛིན་སྟོན་ཏེ། ལྔ་གསུམ་པོ་འདི་དག་ཏུ་རང་གི་རིག་པ་ཉིད་དུ་རང་སྣང་བར་ཤེས་པས་རྟོག་པ་ཕྲ་རགས་སམ་རབ་འབྲིང་ཐ་མར་འི་རྣམ་པ། ཡིན་ཏེ་མི་སྣང་གི་ཐམས་ཅད་རིག་པ་བདག་ཉིད་ཆེན་པོ་ལྷུན་གྲུབ་དུ་གསལ་བ་ནི་ཡེ་ཤེས་ལྔའི་ངོ་བོ་ལ་ཡི་གེ་ཆ་ལྔ་ༀ་དུ་ཤེས་པར་བྱ་ཞེས་བརྡར་བསྟན་ཏོ། །དེ་ལ་ཞི་ཁྲོའི་ཚོགས་ཀྱི་དཀྱིལ་འཁོར་གཉིས་ཀྱི་སྐབས་སུ་དབང་པོ་རྣམ་ཤེས་འཁྲུལ་པའི་སྣང་བ་རྣམས་ལྷའི་ངོ་བོར་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་གཙོ་ཆེ་བས། ཞི་ཁྲོ་རིགས་ལྔ་བསྒོམ་པ་ཡང་མི་འགལ་བའི་ཕྱིར། ཞི་བ་༡རྫོགས་པའི་སངས་རྒྱས་རིགས་ལྔའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞི་བ་ལས་གདམ་ཀ་ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ། །ཞེས་གསུངས་སོ། །གཟུགས་སྒྲ་དྲི་རོ་རེག་ལ་སོགས། །རྣམ་སྨིན་མུཾ་དུ་ཤེས་པར་བྱ། །ཞེས་བྱ་བ་ནི། འདོད་ཡོན་ལྔའི་རྒྱུ་སེམས་ཉིད་ཀྱིས་རང་སྣང་བས་འབྲས་བུ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཡུལ་གྱི་སྣང་བ་ཡང་རིག་པ་བདག་ཉིད་ཆེན་པོ་ལས་མི་གཞན་པའི་ཕྱིར། ཡུལ་ལྔའི་རྣམ་པ་གང་དུ་ཡང་རང་རྒྱུད་དུ་སྣང་བ་མིན་ཏེ་མེད་པར་རང་གསལ་བ་ནི། མཉམ་པ་ཉིད་ཀྱི་དབྱིངས་ཏེ། མཚོན་བྱེད་ཡི་གེ་མུཾ་དུ་ཤེས་པར་བྱ་ཞེས་བྱའོ། །གཞན་ཞི་ཁྲོའི་ཡུམ་གྱིས་དཀྱིལ་འཁོར་གཉིས་བསྒོམ་པ་ནི་ཡབ་དང་རྗེས་སུ་མཐུན་པའོ། །ཚོགས་ཀྱི་ཡོ་བྱད་ཐུན་མོང་པ་བཞི་བྱིན་གྱིས་བརླབས་ཅིང་སྤྱད་པའི་ཕྱིར། ཞི་བའི་ཆོས་གོས་ལྔ་དང་ཁྲོ་བོའི་སྟག་ཤམ་ལ་སོགས་དང་ཞི་བའི་རིན་པོ་ཆེའི་རྒྱན་བརྒྱད་དང་ཁྲོ་བོ་ལ་སྦྲུལ་དང་ཐོད་རྒྱན་བཟའ་བ་དང་བཏུང་བ་དང་གླུ་ཚིག་དང་། །བྲོ་གར་ཚོགས་ཀྱི་སྤྲིན་དཔུང་ལས། །ཧཱུྃ་དུ་ཤེས་པས་རབ་སྤྱད་ན། །ངོ་མར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་གསུངས་པ། གསུམ་པོ། གཞན་ནི་གོ་སླ་སྟེ། བྲོ་གར་ནི། རིགས་སོ་སོའི་བྲོ་གར་འདུ་འཕྲོ་དང་། སྤྱིའི་བྲོ་གར་ནི། རྒྱས་པའི་རྒྱུད་ཀྱི་དོན་བརྒྱད་པ་ལས་བྲོ་གར་རྩེ་འཇོ་ལེའུ་གཅིག་གིས་བསྟན་ཏོ། །བཞི་པོ་དེ་དག་ཏུ་མང་བར་སྤྱོད་པའི་ཕྱིར་ན། ཚོགས་ཀྱིས་དང་སྤྲིན་དཔུང་ལ་ཞེས་བྱའོ། །དེ་ཀུན་ཧཱུྃ་སྟེ། རང་རིག་ཏུ་ཤེས་པས་དེ་རབ་ཏུ་སྤྱད་ན་བསོད་ནམས་ཀྱི་ཚོགས་ཀྱིས་སྤྱོད་བཞིན་དུ་ཡེ་ཤེས་ཀྱིས་ཚོགས་ཀྱིས་མ་ཆགས་པ་དཔེར་ན་ཆུ་ལ་ཉམ་ང་མེད་པར་༡ཉ་དང་མཁའ་ལ་ཞན་པ་མེད་པ་༡༡བྱ་ལྟ་བུའི་ཚུལ་གྱི་བག་ཆགས་ཀྱིས་མི་གོས་པར་སླར་ཚོགས་ཆེན་པོ་གཉིས་སུ་འབྱུང་བ་ནི། ངོ་མཚར་འབྱུང་བ་ཞེས་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཆེན་པོའི་མཆོད་པ། ས་མཉེས་པ། ཁོ་ནའོ། །ཡོ་བྱད་ལྔ་པ་གསང་བ་ཨ་ལི་ཀ་ལི། བྱིན་གྱིས་བརླབས་པ་བསྟན་པའི་ཕྱིར། །ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུམ་པོ་འདི་དག་ནི། སྔགས་དང་ཏིང་ངེ་འཛིན་གྱི། ནུས་པ་དང་དངོས་སུ་རང་དགུགས་པ་ཡང་ཡིན་ལ། ཡང་ན་ལོ་གྲངས་ནི་ལོ་བཅུ་གཉིས་བཅུ་དྲུག་ཉི་ཤུ་མ། གསུམ་དང་། ཡང་ན་མཚན་རབ་འབྲིང་ཐ་མ་གསུམ་ངམ་རྩའི་མཚན་འདབ་མ་བརྒྱད་པ་རབ་འདབ་བཞི་འབྲིང་ཐ་མ་འདབ་གཉིས་དང་། ཡང་༡ཟླ་བ་དཀར་པོ་འཛག་པ་དང་། ཉི་མ་༡ དང་དམར་པོ་འཛག་པ་ལྡན་༡༡པ་དང་། གཉིས་ཀ་དང་། མི་ལྡན་པ་གསུམ་དང་། ཡང་སྦྱོར་ཐབས་ཀྱིས་དབང་དུ་ཡུམ་བདག་ཉིད་བདེ་བ་རིགས་ངན་དང་། གཞན་ཡབ་བདེ་བ་ཀླུ་མོ་དང་། གཉིས་ཀ་བདེ་བ་བསྐྱེད་པ་ལྷ་མོ་དང་དེ་རྣམས་ཁོ་ནའོ། །ལྟ་བསྒོམ་གྱི་ནུས་པ་ཆུང་ན་དབྱེའམ། ཡང་ནུས་པ་ཆེ་ན་མི་དབྱེ་བར། ཞེས་བྱ་བ་ནི། རང་གི་སྦྱོར་ཐབས་མཁས་མི་མཁས་དང་སྦྱར་རོ། །ཞེས་བྱའོ། །བསྙེན་པ་དང་ནི་ཉེ་བསྙེན་པ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཞེས་བྱ་བ་ནི། འདི་དག་སྤྱིར་ལམ་གྱི་བསྙེན་སྒྲུབ་ཀྱི། རིམ་པར་སྦྱར་བ་ནི། བསྙེན་པ་ནི་སྟོང་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གོང་མ་དོན་དམ་པ་ཀུན་རྫོབ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་པའོ། །ཉེ་བའི་བསྙེན་པ་ཕྱག་རྒྱར་གསལ་བ་ནི། ཏིང་ངེ་འཛིན་འོག་མ་ཕྱག་རྒྱ་གཅིག་སྤྲོས། གཉིས་མངོན་དུ་བྱས་པའོ། །བསྒྲུབ་པ་ནི། ཚོགས་ཀྱི། ཡོ་བྱད་ལྔས་ཚོགས་སྒྲུབ་པའོ། །བསྒྲུབ་པ་ཆེན་པོ་ནི། དེའི་དུས་སུ་ཨ་ལི་ཀ་ལིའི་བདེ་བ་ཉམས་སུ་ལོན་པ་སྟེ་དེ་ལ་སྦྱོར་བ་ཐབས་ཀྱི་བསྙེན་བསྒྲུབ་བཞི་ཁོ་ན་སྟེ། ཨ་ལི་ཕྱག་རྒྱ་མ་མཚན་ལྡན་མ་སྙེད་ནས། ལུས་བསྲུང་གོས་བརྗེ་དམ་ཚིག་སྦྱིན་པའི་ཆོས་གསུམ་གྱིས་བརྟན་པར་བྱས་པའམ་ཡང་ན་ཆོས་བཤད་དབང་བསྐུར་དམ་རྫས་སྦྱིན་པ། ནི་བསྙེན་པའོ། །ཚོགས་ཀྱི་ཡོ་བྱད་བཞི་དང་། གོས་རྒྱན་གྱིས་མཛེས་པར་བྱས། བཟའ་བཏུང་གི་ལུས། ཟུངས་དང་ལྡན་པར་བྱས། བྲོ་གླུ་ཤེས་པ་གཡོན་པ་བསྐྱེད་ལ། འདོད་པའི་བསྟན་བཅོས་ཆ་དྲུག་ཅུ་ཀྱིས། བདེ་བ་རྒྱས་པར་བྱས་པ་ནི་ཉེ་བའི་བསྙེན་པའོ། །ཕྱག་རྒྱ་བཞིས་སྙོམས་པར་ཞུགས་པ་ནི་བསྒྲུབ་པའོ། །ཉི་ཟླའི་ཐིག་ལེ་རྡོ་རྗེའི་ལྕེས་བླང་བ་ནི། ༡བསྒྲུབ་པ་ཆེན་པོ་ཁོ་ནའོ། །༡དེ་ཉིད་གསལ་བར་ཏན་པའི་ཕྱིར། རྒྱལ་བ་མཆོད་པ་ཡུམ་གྱི་པདྨའི་གསང་བ་དཀྱིལ་འཁོར་དུ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་གསུམ་ཡུངས་འབྲུར་ཞེས་པ་ལེའུ་དགུ་པར་རྒྱས་པར་བཤད་ཟིན་ཏོ། །དངོས་གྲུབ་བླང་བ་བསྒྲུབ་པ་ཉི་ཟླའི་སྙིང་པོ་དེ། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླངས། །ཞེས་བྱ་བ་ནི། སྙོམས་འཇུག་གིས་བསྒྲུབ་པ་ལས་འབྱུང་བའི་ཕྱིར་ན་བསྒྲུབ་པའོ། །སྙིང་པོ་ནི། ཡབ་ཡུམ་གྱི། ཉི་ཟླའི་ཐིག་ལེ་གཉིས་གཅིག་ཏུ་འདྲེས་སྟེ། ཡོན་ཏན་ཐམས་ཅད་ཀྱི་བཅུད་འདུས་པ་སྙིང་པོའོ། །དེའི་ཕྱིར། བདེ་བ་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གསལ་བ་ཁོ་ནའོ། །ལ་བྱ། རླུང་གི་སྟོབས་ཀྱིས་སླར་རང་གནས་སུ་འདྲེན་པར་བྱེད་པས་རྡོ་རྗེ་ཉིད་ལྕེ་༼༠༠༽ཡིན་པས་ན། དོན་དེ་ལ་ཚིགས་དེ་སྐད་ཅེས་བྱའོ། །བླང་བ་འི་ཐབས་ནི་ལེའུ་བཅུ་པར་བདེ་ཆེན་དབང་དུ་བཤད་ཟིན་ཏོ། །ཐ་མལ་ཏེ་ཐབས་ཀྱིས་མ་ཟིན་པ་ནི་རླུང་གི་ཚུར་བཟློག་མ་ནུས་པ་རྣམས་ཀྱི་དབང་དུ་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པར་བསྒོམ་པ་ནི་རྡོ་རྗེ་ལྕེ་སྟེ། དེས་བླངས་ནས་ཐིག་ལེ་ཟོས། པའི་ཐུན་མོང་གི་ཡོན་ཏན་ནི། ནམ་མཁའ་ལ་འཕུར་ན་བྱ་བཞིན་དུ་འགྲོ་བ་དང་ཁ་དོག་གསལ་ཞིང་གཟི་བརྗིད་འབར་བ་དང་ཚེ་རིང་བ་ལ་སོགས་པ་ཐོབ་ན་ཞེས་བྱའོ། །༼༠༠༽སྔ་མའི་ཡོན་ཏན་མཆོག་གི་དངོས་གྲུབ་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་ལྟར་རམ། ཡིད་ལ་བསམ་པ་བཞིན་དུ་འབྱུང་སྟེ། སྤྲིན་ཙམ་གྱི་བདག་སོགས་དྲུག་པ་འགྱུར། །ཞེས་གསུངས་སོ། །ཚོགས་བསྒྲུབས་དེ་དག་གི་ཞིང་བསྒྲལ་བ་ཐུགས་རྗེས་ནི་གཞན་ལས་རྨད་དུ་བྱུང་བའི་སྤྱོད་པ་བསྟན་པའི་ཕྱིར། ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་དཀྱིལ་འཁོར་མཁས་པས་བཞག །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་ཞིང་གྱུར་པ་ལ་གོང་མའི་ཡོན་ཏན་འབྱུང་ཞིང་མཆོད་པའི་ཞིང་ནི། བཀྲ་ཤིས་པ་དག་པའི་སྐྱེ་བ་བདུན་པ་ལྟ་བུ་དང་། འགོ་མ་ལ་ཐུགས་རྗེ་འབྱུང་བའི་ཞིང་། གཉིས་ལས། འདིར་ཐུགས་རྗེའི་འབྱུང་བ་ཞིང་སྟེ་བསྒྲལ་བའི་ཞིང་བཅུ་པོའོ། །དེ་ལ་དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ལས་ལོག་དང་འཁུས་པ་དང་། །འདུས་པར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །བདུན་ནི་བདེ་འགྲོ་ཡིན་པས། མཆོག་གོ། །ངན་སོང་གསུམ་ནི། ངན་འགྲོ་ཡིན་པས་མཆོག་ཕྲ་ན་ཡིན་བའོ། །བཅུ་པོ་དེ་དག་རྣམས་ལྷོ་ཕྱོགས་ཨེའི་དཀྱིལ་འཁོར་གྲུ་གསུམ་གྱི་སྟེང་དུ་ཉི་ཟླའི་གདན་བསམ་སྟེ། རྣལ་འབྱོར་པ་བདག་ཉིད་ཁྲོ་བོ་༼༠༽ཏ་ཀིའི་ར་ཙར་གསལ་བ། ཏིང་ངེ་འཛིན་མ་ཡེངས་པས་གྲུ་གསུམ་གྱི་སྟེང་དུ་མགོ་ལྷོ་ནུབ་རྐང་པ་བྱང་ཤར་ཏེ། འཁོར་བའི་རིལ་ཐམས་ཅད་མྱང་འདས་དུ་བཟློག་པར་བྱ་བའི་ཕྱིར་གན་རྐྱལ་དུ་བསྒྱེལ་བའི་སྙིང་ཁར་རྡོ་རྗེས་གནས་པ་ནི། མཁས་པས་བཞག་པ་ཁོ་ནའོ། །ལུགས་གཞན་དུ་ཐབས་ལམ་ལྟར་ན་ན། ཡབ་ཡུམ་ཉི་ཟླ་གཉིས་ཀྱིས་བསྒྲལ་བྱའི་རྣམ་པར་ཤེས་པ་ལ་དབང་བསྐུར་བའོ། །ཡང་ཡིན་པ་ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཧཱུྃ་ཁ༽དུ་གྱུར་པས་རྣམ་པར་ཀ༽དག །དབྱིངས་ག༽ སུ་ཐིམ་ནས་ཕྱག་རྒྱར་འབར། །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །ཞེས་བྱ་བ་ནི། སྒྲོལ་བའི་གིང་ཉིད་༼༠༽ལྷའི་ཏིང་ངེ་འཛིན་གྱི་ང་རྒྱལ་མ་ཉམས་ལག་པའི་སོར་མོའི་ལྔ་ཡི་གེ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ལྔའི་འོད་ཟེར་གྱི་འདུ་བྱེད་ཀྱི་ཏིང་ངེ་འཛིན་བསྒོམ་པས་བསྒྲལ་བྱའི་སྙིང་ཁའི་རིགས་དྲུག་གིས་ས་བོན་ཨ་ནྲི་སུཾ་ཏྲི་པྲེ་དུ་དྲུག་པོ་ཉིད་དང་བཅས་པ་སྦྱང་ནས། པར་དག་པའི་སེམས་སྲོག་མི་ཤིགས་པའི་ཐིག་ལེ་ཉིད་ཡི་གེ་ཧཱུྃ་དཀར་པོར་དྲུག་ཏུ་གྱུར་དེ་ཡང་གཅིག་ཏུ་གྱུར་པ་བྱས་པ་ཚུར་དྲངས་ཏེ་གིང་བདག་གིས་ཤངས་བུག་གཡོན་ནས་གླད་པའི་རྒྱས་སུ་ཕྱིན། སྲོག་དག་པའི་ལམ་ནས་འོང་། སྒལ་ཚིག་གི་རྟ་ལ་བརྒྱུད་གསང་བ་རྡོ་རྗེའི་ལམ་ནས། རིམ་པར་བརྒྱུད་དེ་ནས་ཡུམ་གྱི་མཁའ་ལ་བབ་པ་དེ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་དབྱིངས་སུ་བསྟིམ་ནས་འོད་དུ་ཞུ་བ་ལས་ཕྱག་རྒྱ་རྡོ་རྗེ་འོད་འབར་བ་གཅིག་ཏུ་གྱུར་དེ་ཡོངས་སུ་གྱུར་པ་ལས་ཆོ་ག་གསུམ་གྱིས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། དེ་ཉིད་ཉོན་མོངས་པ་དུག་ལྔ་མ་སྤངས། གནས་སུ་དག་པའི་རྟགས་སུ་འོད་ཟེར་སྣ་ལྔ་རབ་ཏུ་འཕྲོ་བ་བརྗིད་པ་དད་ལྡན་པའི་སྤྱི་བོར་འི་གཙུག་ཏུ་རིགས་ཀྱི་བདག་པོ་མི་བསྐྱོད་པ་ཚོན་གང་བ་གཅིག་བསྒོམ་པ་ནི། འཁོར་བ་ལས་མངོན་པར་ཏེ་རྣམ་པར་རྒྱལ་བའི་བསྒོམ་པ་ཕྱིར་རོ། །དོན་དེ་ལ་ཚིགས་དེ་སྐད་ཅེས་བྱའོ། །ངོ་མཚར་ཁ༽ངན་ཀ༽འགྲོ་ཐར་བའི་ལམ། །ཞེས་བྱ་བ་ནི། ལས་ངན་སྤྱད་པས་ངན་པར་འགྲོ་བ་མི་ལས་གྱུར་པ་བདུན། དང་། འབྲས་བུ་ངན་པར་སོང་བ་གསུམ་སྟེ་བཞི་བཅུ་རིལ་ཐམས་ཅད་ལ། རང་གི་བསོད་ནམས་བསགས་པ་མེད་ན་ཡང་བདག་ལ་ཉེས་པས་མི་གོས། གཞན་ལ་སྡུག་བསྔལ་མི་བསྐྱོད་པ་ངོ་མཚར་བའི་འབྲས་བུ་དེང་ན་སོང་ལས་ཐར་པའི་ཐབས་འདི་ལས་ལྷག་པ་གཞན་ལ་མེད་པའི་ཕྱིར་རོ། །འོ་ན་སྒྲོལ་བ་དེས་དོན་ལ་མི་བསྒྲིབ་སམ་སྙམ་དུ་དགོས་པ་ལ། ལྟ་བ་རྟོགས་པའི་ཤེས་རབ་ཀྱི་རིང་གིས་ཅིས་ཀྱང་མི་གོས་པར་བསྟན་པའི་ཕྱིར། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཞེས་གསུངས་ཏེ། སྦྱོར་སྒྲོལ་ལམ་ཞིང་བཅུ་དེ་དག་ཉིད་ཀྱི་རང་བཞིན་གྱི་སྣང་བ་ནི་ཡེ་གདོད་མ་ནས་རང་རྒྱུད་ཅན་དུ་མ་སྐྱེས་པ་མེད་པ་དོན་དམ་པ་དེ་ཉིད་བཞིན་ཁོ་ནའོ། །དོན་དེ་ལ་འགྲོ་བ་རང་གི་ལོག་རྟོག་གི་ངོ་བོར་ཤར་བ་ཡང་རྒྱུ་མ་རིག་པ་དང་། རྐྱེན་ལས་ཉོན་འདུས་པ་ཙམ་ལས་ཀུན་རྫོབ་ཕུང་པོར་སྣང་བ་ནི། རང་རྒྱུད་དུ་མ་གྲུབ་པ་༡སྒྱུ་མ་ར་སྣང་བ་ལྟ་བུའོ། །༡དེ་ལ་ངོ་བོ་ཉིད་རང་རྒྱུད་པར་ཡོད་པར་མཐོང་བ་ནི། མིག་གིས་སྣང་ངོར་ཐོ་ཡོར་ལ་མིར་འདུ་ཤེས་པ་ལྟ་བུའི་ཚུལ་ཡིན་སྟེ། དེའི་ངང་དུ་སྦྱོར་སྒྲོལ་གྱི་བྱ་བ་ཀུན་བྱས་ཀྱང་རང་རྒྱུད་པ་མེད་པའོ་བདེན་པ་གཉིས་པོ་གོང་འོག་ཏུ་འདི་དག་ལྟར་ཤེས་ན། རང་ཁ་མའི། གསད་པ་མེད་པ་གསད་བདོ་བའི་འདུ་ཤེས་མི་འཇུག་སྟེ་རང་ཁ་མའི་དྲི་མ་སྡུག་བསྔལ་ཆ་ཙམ་ཡང་བྱས་པ་མེད། པ་ཁོ་ནའོ། །བདེན་པའི་གཏན་ཚིགས་དེ་དག་ལ་སོགས་པའི་ལྟ་བའི་དག་མཉམ་ཐུན་མོང་པ། གཏན་ཚིགས་བསྟན་པའི་ཕྱིར། སྣོད་བཅུད་རྒྱུད་རྣམ་དག་རྟོག་ཅིང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་ལེའུ་གསུམ་པའི་བྱིན་རླབས་ཀྱི་སྐབས་སུ་བཤད་པ་བཞིན་རྒྱུ་འབྱུང་ཕུང་པོ་རྣམས་ཡེ་གདོད་མ་ཉིད་ནས། རྣམ་པར་དག་པའི་ཕྱིར། དེའི་རྒྱུ་མཚན་ནི་རྟོག་པ་ཐམས་ཅད་ཀྱང་རང་རིག་པ་ཁོ་ནར་གསལ་བ་ནི། འབྲས་བུ་སྐུ་དང་ཡེ་ཤེས་སུ་ཤ་སྟག་ཡིན་པས་སྣོད་འབྱུང་བ་ལྔའི་ངོ་བོར་ཡུམ་ལྔར་དག་པ་དང་། བཅུད་ཕུང་པོ་ལྔ་རིགས་ལྔར་དག་པ་དང་། སེམས་རྒྱུད་རྣམ་པར་ཤེས་པ་ཚོགས་བརྒྱད་རྣམས་ཡེ་ཤེས་ལྔར་དག་པ་ར་རྟོགས་པའི་དོན་ལ་འཁོར་བ་རང་ཁ་མ་ངང་གིས་མེད་པའི་ཕྱིར་རོ། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་བྱ་བ་ནི། ཆོས་ཐམས་ཅད་བདེན་པ་གཉིས་སུ་དོན་དམ་སྐྱེ་མེད་དང་ཀུན་རྫོབ་སྒྱུ་མར་མཉམ་པའི་མདོ་སྡེ། པ། དག་དང་ཡང་མཐུན་པས་ཐུན་མོང་གི་མཉམ་གཉིས་ཡིན་ལ། ལྷག་པའི་མཉམ་པ་གཉིས་ནི། དོན་དམ་མཉམ་པ་ཉིད་ཀྱི་དབྱིངས་དང་། ཀུན་རྫོབ་སྐུ་དང་ཡེ་ཤེས་ནི་ལེའུ་གསུམ་པའི་སྐབས་སུ་བཤད་པའོ། །རྒྱུད་འདི་ཉིད་ཀྱི་རང་གཞུང་གི་དགོངས་པ་ནི་སྐུ་དང་ཡེ་ཤེས་དབྱེར་མེད་ཡིན་པས། དག་པའི་གསུམ་པ་སྐབས་སུ་ཤེས་པར་བྱའོ། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་བྱ་བ་ནི། གཞལ་བྱ་དངོས་པོ་འདི་རྣམས་ལ་གཏན་ཚིག་རྟོགས་པ་བཞི་དང་དག་པ་གསུམ་མཉམ་པ་བཞིའམ་གཉིས་དང་། གཏན་ཚིག་གསུམ་གྱིས་གཞལ་ནས་གཏན་ལ་ཕབ་པའི་དུས་སུ་འཁྲུལ་པའི་སྣང་བ་འདི་རང་རྒྱུད་ཅན་དུ་མ་གྲུབ་སྟེ། དག་པ་ཉིད་ཀྱི་ཆོས་ཅན་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་དག་པར་གནས་པ་ནི། ངོ་བོ་ཉིད་ཀྱིས་ཀུན་ཏུ་བཟང་པོའི་ཞིང་ཁམས་ཞེས་བྱ་ཁོ་ནའོ། །བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས། །ཡན་ཁ༽ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་ཀ༽རྫོགས་པ་ཤེས་པ་ཡིས། །རྣལ་ག༽འབྱོར་འཚོགས་པའི་དཀྱིལ་འཁོར་གྱིས། །ངེས་ཅ༽པར་ལེགས་པའི་དགོངས་པ་འགྲུབ། །ཞེས་བྱ་བ་ནི། ཚོགས། བསྒྲུབ་པ་པོ་སྟོན་ཏེ། སྤྱི་དོན་སྡུད་དེ། དེའི་ལུས་ངག་ཡིད་གསུམ་གྱི་བྱེད་སྤྱོད་མ་འགག་པ་བསོད་ནམས་དང་། མི་དམིགས་པ་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་སུ་གྱུར་པ་ནི་ལྟ་སྤྱོད་ཏིང་འཛིན་གྷོ་འབྱོར་ཅིང་། འཕྲུག་པ་གཅིག་གིས་བསྒྲུབ་པར་བྱ་བའོ། །དེ་ཡང་དང་པོར་དགུ་པ་དང་བཅུ་པ་ལྟར་དབང་རིམ་པར་མནོས་ནས། དེ་ནས་ལྟ་བའི་གཏན་ཚིག་གསུམ་པ་དང་ལྔ་པ་ལྟར་དག་མཉམ་རྟོགས་བཞིའི་གཏན་ཚིགས་གསུམ་གྱི་དོན་དངོས་པོའི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་ངོ་ཤེས་པར་བྱས། དེ་ནས་དེ་ཏིང་ཀུན་ཏིང་ཕྱག་རྒྱ་གཅིག་པའི་སྐུ་གསུང་ཐུགས་གསུམ་གྱི་ཆོ་ག་གསུམ་རྫོགས་པའི་ཏིང་ངེ་འཛིན་རྣམ་པ་གསུམ་ཤེས་པའི་དོན་དང་ལྡན་ནས་བཞི་པ་ཕྱག་རྒྱ་སྤྲོས་པ། ལ་སྔགས་ཀྱི་ཡན་ལག་ལྔ་མ་ཉམས་ཤིང་། རིམ་པར་སེམས་སྦྱངས་ཏེ་སྣང་བ་རྣམ་པར་འབྱེད་པ འི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་རྣལ་འབྱོར་པ་སྟེ་དེ་ཡང་ཚོམ་བུ་ལྔ་པ་ལ་རྣལ་འབྱོར། ཕོ་མོ་བདུན་ཅུའམ། གསུམ་པ་ལ་བཞི་བཅུ་རྩ་དྲུག་གམ། གཅིག་པ་ལ་བཅོ་བརྒྱད་ཀྱི་རྣལ་འབྱོར་ཕོ་མོ་འཚོགས་པའི་དཀྱིལ་འཁོར་གྱིས་གནས། འཁོར་ཁང་སུམ་རིམ་དུ་ཡོ་བྱད་ལྔ་དང་ལྡན་པར་བསོགས་ཏེ་ཚོགས་བསྒྲུབ་ན། ངེས་པར་ལེགས་པའི་དགོངས་པ་གནས་སྐབས་ཀྱི་འབྲས་བུ་ཚེ་དབང་ཕྱག་ཆེན་ལྷུན་གྱིས་གྲུབ་པའི་རིག་འཛིན་གསུམ་དང་། མཐར་ཐུག་གི་འབྲས་བུ་སྐུ་ལྔ་ཡང་འགྲུབ་ཞེས་བྱའོ། །ཚོགས་ཀྱི་དཀྱིལ་འཁོར་རང་གྱི་ངོ་བོ་བསྟན་པའི་ཕྱིར། གཙོ་བོ་ཡབ་ལྔ་དང་། གཙོ་མོ་ཡུམ་ལྔ་ཡི་དཀྱིལ་འཁོར་ཞལ་སྦྱོར་བ་ཡིས། །ཚོམ་བུ་ལྔའི་ལྷ་བཀོད་ནས། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ལྷ་སོ་སོ་རྣལ་འབྱོར་པ་སོ་སོ། ཐོག་མ་༡ནས་མི་གྲངས་ལྷ་གྲངས་སྤྲད་ནས་རང་བསྒོམ་པའམ། ཡང་ན་བར་སྐབས་བསྒྱུར་ཏེ་རྣལ་འབྱོར་ཕན་ཚུན་གཅིག་ལ་གཅིག་གི་ལྷ་བསྒོམ་པའི་འམ་ཡང་ན་ཚོམ་བུ་གསུམ་ལྔ་པ་དང་པོ་མི་གཅིག་གིས་ཀུན་བསྒོམ་བྱེད་མཐར་མི་གྲངས་སྤྲད་ནས་བསྒོམ་པ། ཕོ་མོ་བཅུ་ཡི་དབུས་སུ་རྡོ་རྗེ་རིགས་ཡབ་ཡུམ་གཙོ་འཁོར་བཅུ་དགོད་དོ། །དེ་ལྟར་ཕྱོགས་བཞིར་རིགས་བཞི་ཡབ་ཡུམ་བཅུའོ། །སྟེ་དེ་ན་ཚོམ་བུ་ལྔ་པའི་ལྷ་ལྔ་བཅུ་བཀོད་ལ་བསྒོམ་པ། དེའི་ཕྱི་རོལ་དུ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་ལ། ཁྲོ་བོ་དང་ཁྲོ་མོ་བཅུ། ཡབ་ཡུམ་ཉི་ཤུའོ། །སྟེ་ལྷ་ལྔ་བཅུ་བསྒོམ་པ། ཚོམ་བུ་གསུམ་པ་ལ་གཙོ་བོ་རིགས་གསུམ་ཡོད་པ། བསྟན་པའི་ཕྱིར། ཤར་དེ་བཞིན་རིགས་ཀྱིས་ལྷ་ཡབ་ཡུམ་བཅུ་དང་། དབུས་སུ། རྡོ་རྗེའི་རིགས་ཀྱི་བཅུ་དང་། རྒྱབ་ཏུ་པདྨའི་རིགས་ཀྱི་ལྷ་བཅུ་སྟེ་དེ་ལྟར་སྐུ་གསུང་ཐུགས་ཀྱི་ལྷ་སུམ་ཅུ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་བཞི་མཚམས་བརྒྱད་དུ་ཁྲོ་བོ་ཡབ་ཡུམ་བཅུ་དྲུག་གོ། །གི་ཚོགས་དང་ལྡན་པའི་ཚོམ་བུ་གསུམ་གྱི་ལྷ་ཞེ་དྲུག་གི་གཙོ་བོར་རྣམས་བསྒོམ་པའི། ཚོམ་བུ་གཙོ་བོ་རིགས་གཅིག་པ་བསྟན་པའི་ཕྱིར། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་དེ་པའི་རིགས་ཐམས་ཅད་ཀྱི་བདག་ཉིད་ལྔ་ཡིན་ལ་དེ་ནི་རྡོ་རྗེའི་རིགས་སུ་འདུས་པས་ཏེ། རྡོ་རྗེའི་རིགས་ནི་ཚོམ་བུ་གཅིག་པའི་ཚོགས་ཀྱི་དཀྱིལ་འཁོར་གྱི་སྐབས་ཀྱི་རིགས་ཀྱི་གཙོ་བོ་ཁོ་ནའོ། །རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་རྒྱུད་ནི། གཅིག་དང་ཐ་དད་ལས་གྲོལ་བས། གནས་སྐབས་རིགས་ཀྱི་གཙོ་བོ་འགྱུར་ཡང་དོན་ཐུགས་ཡེ་ཤེས་ཀྱི་ངོ་བོ་མི་འགྱུར་བའི་ཕྱིར། སྤྱིར་དེ་བཞིན་གཤེགས་པའི་ཐུགས་ཐམས་ཅད་ཡེ་ཤེས་ལྔར་འདུས་ལ། ལྔ་ཡང་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ནར་འདུས་པས་དེ་ནི་ཐམས་ཅད་ཀྱི་མཆོག་གོ། །གཞན་ནི་གོ་སླའོ། །སྟེ་གཙོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་རིགས་ཆུང་གིས་སེམས་དཔའ་ཡབ་ཡུམ་བརྒྱད་དང་བཅུ། ཁྲོ་བོ་བཞི་དང་ཁྲོ་མོའི་ཚོགས་དང་ལྡན་པ། ནི་བརྒྱད་དོ། །དེ་ལྟར་ཚོམ་བུ་གཅིག་པའི་ལྷ་ཡབ་ཡུམ་བཅོ་བརྒྱད་ཀྱི་ཚོགས་རྣམས་བསྒོམ་མོ། །ཁྲོ་༡ བོ་ཁྲོ་༡མོའི་ཚོགས་༡༡ཆེན་པོ། །ཕོ་ཉ་༡ཕྱག་བརྙན་༡བཀའ་ཉན་༡༡༡ཚོགས། །ཅི་བགྱིས་ལ་སོགས་ཚོགས་རྣམས་ཀྱིས། །དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །ཞེས་བྱ་བ་ནི། ཁྲོ་བོ་ཚོགས་ཀྱི་དཀྱིལ་འཁོར་ཚོམ་བུ་གཅིག་པ་ཁྲོ་བོ་ཡབ་ལྔ་དང་ཁྲོ་མོ་ཡུམ་ལྔ་སྟེ་བཅུ་འི་ཚོགས་ཆེན་པོ་དཀྱིལ་འཁོར་གྱི་དབུས་སུ་བཀོད། དེ་བཞིན་རྩིབས་མཆན་དང་གྲུ་ཆད་ལ་རིམ་པས་ཕོ་ཉ་གནས་མ་བརྒྱད་ཕྱག་བརྙན་ཡུལ་མ་བརྒྱད་བཀའ་བརྙན་སྒོ་མ་བཞི་སྟེ། ལྷ་མོ་ཉི་ཤུའི་ཚོགས་དང་བཅས་པ་དང་། དཔལ་ཆེན་པོའི་སྤྱན་སྔར་ཅི་བགྱིས་ཞེས་ལས་བསྒྲུབ་པའི་ཉི་ཤུ་རྩ་བརྒྱད་དང་། སོགས་སྒྲས་བསྡུ་བ་ནི་ཁྲོ་བོ་ཁྲོ་མོ་ཉི་ཤུ་སྟེ། རྣལ་འབྱོར་ཕོ་མོ་བདུན་བཅུ་རྩ་བརྒྱད་ཀྱི་ཚོགས་རྣམས་ཀྱི་བསྒྲུབ་ན་ཕྲིན་ལས་བཞི་དང་། མཆོག་དང་ཐུན་མོང་གི །དངོས་གྲུབ་གཉིས་ཀ་ཡང་རྫོགས་པར་བྱེད་དོ། །འགྲུབ་བོ། །ཞེས་བྱ་བའི་ཐ་ཚིག་གོ། །རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། །ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་དབྱེ་བ་ནི་ཚོགས་བསྒྲུབས་ཀྱི་ལྟ་བ་ཐམས་ཅད་ཡེ་ནས་དབྱེར་མེད་པ་དང་། སྤྱོད་པ་ལ་ཡང་ཐོགས་པ་མེད་པ་གཉིས་ཀྱི་མགོ་འབྲེལ་པ་ར་བྱ་བའི་རིམ་པ་དང་། རྫོགས་པའི་རིམ་པའི་ཅིག་ཆར་འཇུག་པ་ལམ་དང་གཉིས་ཀ༽ཐུན་མོང་དུ་སྟོན་ཏོ། །རྣལ་འབྱོར་ནི་རྣམ་པ་གསུམ་སྟེ། གཞི་རང་བཞིན་དང་། ལམ་བསྒྲུབ་པ་དང་། འབྲས་བུ་ལྷུན་གྱིས་གྲུབ་པའོ། །ལམ་གྱི་སྐོར་ལ་སྤྱི་རུ་གཉིས་ཏེ། ཁ༽ ཕྱག་རྒྱའི་ལྷའི་སྐུ་བསྒོམ་པ་བསྐྱེད་རིམ་མཚན་མ་དང་བཅས་པ། རྣལ་འབྱོར་དང་ག༽རྫོགས་རིམ་མཚན་མ་མེད་པ་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །དེ་ལས་རྒྱུད་འདི་འི་རྣལ་འབྱོར་ནི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་རྣལ་འབྱོར་དེ་གཉིས་མི་ཕྱེད་པར་སྟོན་པ་ཁོ་ནའོ། །སྔགས་ལ་གཉིས་ཏེ། སྒྲ་བཤད་པའི་རྒྱུ་མཚན། གཉིས་སུ་འཛིན་པའི་ཡིད་སྐྱོབ་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་གཉིས་ཏེ། བྱིན་གྱིས་བརླབས་པ་ཆེན་པོའི་སྟོན་པ་ཕྱིར་རོ། །འཆང་བ་ལ་གཉིས་ཏེ། བསྒོམ་པ་རྣལ་འབྱོར་ཏིང་ངེ་འཛིན་གྱིས་མངོན་སུམ་དུ་ཉམས་སུ་མྱོང་པ་ནི་འཆང་བའོ། །རང་རིག་པའི་མངོན་སུམ་དུ་ལྟ་བྱ་ལྟ་བྱེད་གཉིས་སུ་མེད་པར་རྟོགས་པ་ནི། ཤིན་ཏུ་འཆང་བའོ། །དངོས་གྲུབ་འཁོར་འདས་ཀྱང་གཉིས་ཏེ། ཐུན་མོང་པ་གསུམ་དང་མཆོག་གཉིས་སྟེ། མཆོག་གི་ཞར་ལ་བྱུང་བའི་ཕྱིར་ཐུན་མོང་ཞེས་ཡང་ན་ལྷ་བསྒོམ་ཉམས་སུ་བླང་བའི་རྣལ་འབྱོར་ལ་དངོས་གྲུབ། སྨོས་པའོ། །མཉམ་རྫོགས་ལྷུན་གྲུབ་དང་གནས་ཤིང་། །ཞེས་བྱ་བ་ནི། རྒྱས་པའི་རྒྱུད་ལས། གསང་སྔགས་ཐབས་ཀྱི་ཐེག་པའི་ལྟ་བ་ནི། །བླ་མེད་རྒྱུའི་ཐེག་པའི་བྱང་སེམས་ལས་འཕགས་པ། །ཡིན་ཏེ་ཅིའི་ཕྱིར་ཞེ་ན་དོན་དམ་དུ་ནི་ཐམས་ཅད་ལྷུན་གྱིས་གྲུབ་པས་དབྱིངས་ཡེ་ཤེས་གཉིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ། ནོར་བདུན་གྱི་དཔག་པ་ཡིན་ནོ། །ཀུན་རྫོབ་ཏུ་ནི་སྐུ་དང་ཡེ་ཤེས་མཉམ་པར་རྫོགས་སོ། །པས། ཞེས་འབྱུང་བས། རང་རིག་པ་ཉིད་ཤེས་བྱའི་དངོས་པོ་ཐམས་ཅད་དུ་རང་སྣང་བས་སྣང་ཚུལ་ཡིན་ཚུལ་གྱི་དངོས་པོ་གཉིས་ཀ་རང་རིག་པའི་སྐུ་དང་ཡེ་ཤེས་སུ་གསལ་བར་མཉམ་པ་ལ་འབྲས་བུ་ལྷག་མ་ལུས་པ་མེད་པ་ནི་རྫོགས་པ་ཁོ་ན འོ། །ངང་ལ་གཉིས་ཏེ། སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་ངང་ནི་སྐྱེ་འགག་རྟག་ཆད་གཅིག་ཐ་དད་འགྲོ་འོང་གི་སྤྲོས་པ་བརྒྱད་དང་བྲལ་བ་ཁོ་ནའོ། །ལྷུན་གྱིས་གྲུབ་པའི་ངང་ནི་འཁོར་འདས་ཀྱི་དངོས་པོ་ཐམས་ཅད་སེམས་ཉིད་ཁོ་ནའི་ཡིན་པ་ཕྱིར། སེམས་ཉིད་རིག་པ་དོན་དམ་ལ་ཕྱོགས་གཅིག་ཅིར་ཡང་མ་ཡིན་པ་ཉིད་ལ་ཆེ་བའི་ཡོན་ཏན་བཀོར་ལྔ་རིལ་ལྷུན་གྱིས་གྲུབ་པར་གནས་པའོ། །བདེན་གཉིས་དབྱེར་མེད་དེ་དག་ནི། རྣལ་འབྱོར་གསུམ་གྱི་དང་པོ་རང་བཞིན་གྱི་རྣལ་འབྱོར་ཏེ། དེ་ལྟར་ཤེས་པ་ནི། མཚན་ཉིད་གསུམ་གྱི་དང་པོ་རྒྱུའི་ཤེས་པ་མཚན་ཉིད་ལྟ་བ་ཡིན་དེ། བརྗོད་བྱའི་དོན་རྟོགས་པས་དགོས་པ་དང་། བྱང་ཆུབ་སེམས་ཀྱི་ཤེས་པས། བསྙེན་པའོ། །རྣལ་འབྱོར་པ་གང་གིས་ལྟ་དོན་དེ་ལ་ཏིང་ངེ་འཛིན་གྱི་བློ་གནས་པར་བྱར་མེད་པའི་ཚུལ་གྱིས་རང་གསལ་བར་གནས་པ་ནི། སྔགས་འཆང་བ་ལ་གསུམ་གྱི་གཉིས་པ་ལམ་གྱི་རྣལ་འབྱོར་ཏེ། གསུམ་གྱི་གཉིས་རྐྱེན་འཇུག་པའི་མཚན་ཉིད་དོ། །སྤྱོད་པས་ཅི་ལའང་ཐོག་མེད་པ། །ཞེས་བྱ་བ་ནི། ལྟ་བསྒོམ་དེ་དག་གི་གྲོགས་བྱེད་པའི་སྤྱོད་པ་ནི། ཉོན་མོངས་པ་ལྔ་ལ་སོགས་པའི་དངོས་པོ་ཉི་ཤུ་གང་ཡང་མ་བཀག་པ་ཅི་ལའང་སྤྱོད་པ་ཁོ་ན་སྟེ། ལྟ་བ་བརྟན་པ་ཀློང་དུ་གྱུར་པར་བྱེད་པ་དང་། ཅི་ལའང་སྤྱོད་པས་ཉེས་སྐྱོན་གྱིས་མི་གོས་པའི་ཕྱིར་ཏེ། གང་ཡང་སྤྱོད་པར་བྱ་བ་འི་ཡུལ་དང་། བྱེད་པ་འི་མཁན་པོ་དང་། སྤྱོད་པ་བྱས་པར་རང་གི་ངོ་བོ་ཡིད་ལ་བྱེད་པ་དེ་ནི་འཛིན་པ་དང་མ་བྲལ་བ་ཐོགས་པ་དང་བཅས་པའོ། །བྱ་བ་བྱེད་པ་བྱས་པ་དེ་གསུམ་དུ་མི་འཛིན་པ་ནི། ཐོགས་༡ པ་མེད་པ་སྟེ། དཔེར་ན། བྱིས་སྦ་བཞིན་དུ་སྤང་བླང་མེད་པར་སྤྱད་ཅེས་བྱ་བ་ཁོ་ནའོ། །དེ་༡དག་ཅིའི་ཕྱིར་སྤང་བླང་མེད། སྙམ་པ་ལ། ཐམས་ཅད་ཡེ་ནས་དབྱེར་མེད་པའོ། །ཞེས་གསུངས་ཏེ། ཆོས་ཅན་གྱི་དངོས་པོ་ཐམས་ཅད་ནི། ཡེ་གདོད་མ་ནས་སེམས་ཉིད་ཀྱི་ངོ་བོར་སྣང་སྟོང་གཉིས་སུ་བྱར་མེད་པ་ཁོ་ནར་གནས་པའི་ཕྱིར། །ཞེས་བྱའོ། །དེ་ལྟར་ལྟ་སྤྱོད་གཉིས་སུ་མེད་པ་དང་ལྡན་པ་ནི་རྐྱེན་འཇུག་པ་འི་མཚན་ཉིད་ཏིང་ངེ་འཛིན་ཉམས་སུ་ལེན་པས་དགོས་འབྲེལ་བཞི་ལས། འབྲེལ་པ་དང་། བསྙེན་སྒྲུབ་བཞི་ལས། ཉེ་བའི་བསྙེན་པ་སྟེ། གཟུངས་ཀྱི་རྒྱལ་མོ་ཆོས་ཉིད་དང་འདུ་འབྲལ་མེད་པར་བསྒྲུབ་པའོ། །ནི་བསྒྲུབ་པ། དེ་ཉིད་མངོན་དུ་བྱས་པ་ནི། བཞིའི་ཐ་མ། བསྒྲུབ་པ་ཆེན་པོ་འབྲས་བུའི་མཚན་ཉིད་དེ། བཞིའམ་གསུམ་གྱི་ཐ་མ་དགོས་པའི་ཡང་དགོས་པའོ། །ཞེས་བྱའོ། །རྡོ་རྗེའི་རབ་ཏུ་ཐམས་ཅད་དཀྱིལ། །ཞེས་བྱ་བ་ལ་སོགས་པ་ནི། ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་ཐབས་ལས། ཚིགས་དང་པོ་འདིས་ཚོམ་བུ་གཅིག་པའི་བསྒྲུབ་པའི་ཐབས་སྟོན་ཏེ། རྡོ་རྗེའི་རིགས་སུ་རིགས་བཞི་པོ། ཐམས་ཅད། འདུས་པའི་ཕྱིར། ཚོམ་བུ་གཅིག་པའི་དཀྱིལ་འཁོར་ཞེས་བྱ་བ་ཁོ་ནའོ། །སྤྱིར་ཀུན་བཟང་བདག་པོའི་རིགས་ཀྱང་མིང་གི་བླ་དྭགས་སུ་རྡོ་རྗེའི་རིགས་སུ་འདོགས་ཏེ། ཅི་ཞེ་ན་རིགས་ལྔ་ཆར་ཅིག་དུ་མ་དང་བྲལ་བའི་ཚུལ་གྱིས་ལྷུན་གྱིས་གྲུབ་པས་དབྱེར་མི་ཕྱེད་པའི་རྡོ་རྗེ་ཕྱིར་རོ། །རྒྱུ་མཚན་དེ་བས་ན་ལེའུ་དང་པོ་ལ་སོགས་པའི་ལེའུ་བསྡུས་པ་ཐམས་ཅད་ནས་དེ་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་འབྱུང་བའོ། །འོད་ཟེར་འཕྲོ་བ་རབ་ཏུ་བསྒོམ། །ཆགས་མེད་ཚུལ་གྱིས་བཏིམ་པར་བྱ། །ཞེས་བྱ་བ་ནི། ཚོམ་བུ་གཅིག་གི་རྩ་བའི་ལྷ་བཅོ་བརྒྱད་ལ་ཡན་ལག་གི་ལྷ་དགུ་རྣམས་དང་ཆས་པར་འོད་ཟེར་འཕྲོ་བ་གཟི་བརྗིད་འབར་བ་རབ་ཏུ་བསྒོམ་ཚོགས་ཀྱི་ཡོ་བྱད་ལྔ་ལ་ཡོ་བྱད་ཙམ་ན། འཁོར་གསུམ་དུ་ཆགས་པ་དང་། ཐོགས་པ་མེད་པས་འི་ཚུལ་གྱི་སྤྱོད་བྱ་སྤྱོད་བྱེད་སྤྱོད་པའི་འདུ་ཤེས་དང་བྲལ་བས་སྤྱོད་པ་བྱས་པའི་ངོ་བོ་དང་གསུམ་དུ་འཛིན་པ་མེད་པ་ནི། བསྟིམ་པར་བྱ་སྟེ་ཐིམ་པ་ཞེས་བྱ་བ་ཁོ་ནའོ། །གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་བྱ་བ་ནི། བཟའ་བཏུང་གོས་རྒྱན་གླུ་ཚིག་བྲོ་གར་གྱི་ཡོ་བྱད་ཐུན་མོང་བཞི་པོ་ལ་ལྟ་སྤྱོད་གཉིས་སུ་མེད་པས་ར་གྱུར་ན་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡབ་ཀྱང་ཐོབ་བོ། །ཨ་ལི་དང་། ཡོ་བྱད་ལྔ་པ་ཉི་ཟླ་འི་ཐིག་ལེ་གཉིས་སུ་མེད་པར་གྱུར་པ་ནི། ཐབས་དང་ཤེས་རབ་གཉིས་མེད་ཀྱི་ཕྱག་རྒྱ་ཆེན་པོའི་ཁ་སྦྱོར་བའི་དངོས་གྲུབ་ཐོབ་སྟེ། དཔེ་ན་ཐབས་ཀྱི་ལྷུན་གྱིས་གྲུབ་པའི་རིག་འཛིན་འགྲུབ་བོ། །ཐབས་རྒྱུད་ལས། བདེ་འདུས་ཡེ་ཤེས་ཐིག་ལེ་ལ། །མཐའ་ཡས་ཡེ་ཤེས་རབ་སྣང་བ། །མ་རྩལ་ལྷུན་གྲུབ་རིག་འཛིན་མཆོག །ཅེས་སོགས། ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཞེས་བྱ་བ་ལ་སོགས་པ་ནི། གཅིག་པ་ལ་དཀར་བས་ཡང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་ཉིད་འདུས་པའི་ཕྱིར། དེ་རྒྱལ་བ་ཐམས་ཅད་ལྷག་མ་མ་ལུས་པ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་ཚོམ་བུ་གསུམ་པའི་སྒྲུབ་ཐབས་སྟོན་ཏེ། བསྒོམ་ཚུལ་སྤྱོད་ལུགས་ནི་གཅིག་པ་དང་རྗེས་སུ་མཐུན་ནོ། །པ་ནི་ཏིང་ངེ་འཛིན་གསལ་འབར་ཞེས་པ་ནས་སྡུག་བསྔལ་སེལ་བར་བྱེད། ཅེས་པའི་བར་ཡིན། རྡོ་རྗེའི་རིགས་སུ་སྐྱེ་བའི་གནས། །ཞེས་བྱ་བ་ནི། དེ་པའི་དཀྱིལ་འཁོར་ཐམས་ཅད་སྐུ་གསུང་ཐུགས་གསུམ་པོ་ཁོ་ནར་འདུས་ལ། དེ་དག་དབྱེར་མི་ཕྱེད་པ་ནི། རྡོ་རྗེ་ཞེས་མིང་གི་བླ་དྭགས་སུ་བརྗོད་པའོ། །ས་དེའི་རིགས་སུ་སྐྱེ་བའི་གནས་ཁོ་ན། སྐྱོབ་པ་དང་བྱིན་བརླབས་པའི་ཕྱིར། སྔགས་ཏེ་དེ་རང་རིག་མངོན་སུམ་དུ། འཆང་བའི་དངོས་གྲུབ་ཡང་དག་ནི། །ཞེས་བྱ་བ་ལ་སོགས་པ་ནི། ཚོམ་བུ་ལྔ་པའི་སྒྲུབ་ཐབས་ཏེ། བསྒོམ་ཚུལ་ནི། གོང་དང་འདྲ་རྗེས་སུ་མཐུན་པ་སྟེ་ཐབས་དང་ཤེས་རབ་ཅེས་པ་ནས་བསྟིམ་པར་བྱ་ཞེས་པའི་བར་ཡིན་ནོ། །དེའི་འབྲས་བུ་ནི། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཞེས་བྱ་བ་ནི། སྐུ་ལྔ་ལྷུན་གྱིས་གྲུབ་པ་ནི་དངོས་གྲུབ་༡མཆོག་གི་དོན་སྟེ་དེ་དག་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་ཡང་འབྱུང་བའི་ཕྱིར་རོ། །བསྒྲུབ་བྱ་ཐམས་ཅད་ཀྱི་བཅུད་འདུས་པས་སྙིང་པོ་འགྲུབ་པར་འགྱུར། རྣལ་འབྱོར་པ་ཐབས་ཡབ་དང་། ཤེས་རབ་ཡུམ་ཀྱི་ཡབ་ཀྱི་དེ་བཞིན་གཤེགས་པ་ཡབ་དང་ཡུམ་གྱི་ལྷ་ཡུམ་དུ་བསྒོམ། ལ་འཁོར་ཡབ་ཀྱི་རིགས་ཆུང་གི་སེམས་དཔའ་འམ་ཡབ་དང་ཡུམ་གྱི་སེམས་མ་ཡུམ་ཉིད་དུ་བསྒོམ་མོ་ཞེས་བྱ་བ་ནི། སྒྱུ་འཕྲུལ་བསྡུས་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ། སྒོ་བ་ཡབ་ཡུམ་བརྒྱད་དེ། ཁ་བསྐངས་པས་ལྷ་བཅོ་བརྒྱད་དོ། །དབུས་ཀྱི་གཙོ་བོ་ནི། ཀུན་བཟང་དང་། རིགས་དྲུག་པོ་གང་རུང་སྟེ་མ་ངེས་པའོ། །གཙོ་བོ་མ་ངེས་པའི་དོན་གྱིས་ན་ཚིགས་རྐང་གསུམ་པོ་འདི་ནི་ཚོགས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར། བསྡུས་པ་དང་གསུམ་པོ་ཀུན་ལའང་སྦྱང་བར་བྱའོ། །སྟེ་གདུལ་བྱ་མོས་པ་ཐ་དད་པས་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་གཙོ་བོ་བསྒྱུར་དུ་རུང་བ། སོ་སོའི་ག༽སྔགས་དང་ཕྱག་རྒྱ་ཁ༽དང་། །ཏིང་ཀ༽ འཛིན་ཡང་དག་སོ་སོར་གསལ། །ཞེས་བྱ་བ་ནི། སྤྱིར་ལྷའི་དཀྱིལ་འཁོར་དུ་སྣང་ཡང་ཁྱད་པར་དུ་ལྷ་སོ་སོ་བསྒོམ་པའི་ཏིང་ངེ་འཛིན་དང་། བཅའ་བའི་ཕྱག་རྒྱ་དང་བཟླས་པའི་སྔགས་རྣམས་དང་། རང་རང་མ་འདྲེས་པར་ཡང་དག་པར་གསལ་བ་ཁོ་ནའོ་ཞེས་བྱའོ། །གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །ཞེས་བྱ་བ་ནི། གནས། ཤིན་ཏུ་དབེན་པའི་ས་ཕྱོགས་སུ་འཁོར་ཁང་སུམ་རིལ་ནི་ཕྱི་མ་ལ་ཡོ་བྱད་ལ་བསོག་བར་མ་ལ་ཚོགས་བསྒྲུབ། ནང་མར་སྦྱོར་སྒྲོལ་བྱ། དེའང་དྲི་ཞིམ་པ། ས་བྱུག་དང་། ཡང་པ་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་སྤྲས་པར་བྱས་པ་དེར། ལོངས་སྤྱོད་ལྔ་ལ་གནང་བཀག་མེད་པར་འཇོལ་ཉོག་ཏུ་སྤྱོད་པ་ནི་ཅི་བདེ་དང་ཞེས་བྱའོ། །དེའི་དུས་སུ་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པ་དང་། ལྟ་སྤྱོད་ཏིང་ངེ་འཛིན་དུ་འབྲེལ་པས་འི་བློ་ནི་རབ་ཏུ་ལྡན་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱི། བསྒྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །དང་པོ་མ་མནོས་བཞིན་དུ་བྱ། །ཞེས་བྱ་བ་ནི། དང་པོར་ཚོམ་བུའི་བཅུ་གསུམ་ལྔ་པ་ཅི་ཙམ་བསྒྲུབ་པ་གྲངས་དང་། ཨ་ལིའི་སྦྱོར་བ་སྤྱོད་པ་དང་། དམ་ཚིག་ནི་དང་པོར་རང་གིས་དམ་ཅི་ལྟར་བཅས་ཤིང་མནོས་པ་ལས་མི་འདའ་བ་བཞིན་དུ་བྱ་བ་ཁོ་ནའོ། །ཞེས་བྱའོ། །ཚོགས་ཀྱི་དཀྱིལ་འཁོར་འདིར་ཟག་མེད་ཀྱི་འབྲས་བུ་མཐར་གཏུགས་པའི་ཐོབ་དགོས་པ་ཕྱིར་རྟགས་ཀྱི་བསྙེན་པའོ། །ལ་ལ་དག་བསྒྲུབ་པའི་དུས་སུ་ཞག་གྲངས་ཅི་ཙམ་ཁས་བླངས་ཤིང་དམ་མནོས་པ་བཞིན་དུ་བྱ་ཞེས། སྨྲ་བ་ནི་དཀྱུས་ཀྱིས་དོན་མེད་པ་སྟེ་མི་གྲུབ་པ། ཁོ་ནའོ། །ལེ་ལོ་སོམ་ཉི་མེད་པ་དང་། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ནས། །ཞེས་བྱ་བ་ནི། ལེ་ལོ་དང་། སོམ་ཉི་ནི་འབྲས་བུ་མ་ལུས་པའི་གེགས་ཁོ་ནའི་ཕྱིར་རོ། །དེ་གཉིས་མེད་པའི་བློ་ལ་ཐེ་ཚོམ་མེད་པར་བསྒྲུབ་ཅིང་ཉམས་སུ་ལེན་པར་བྱས་ན་འབྲས་བུ། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་འགྲུབ། །ཅེས་བྱ་བ་ནི། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་གཅིག་གསུམ་ལྔ་པ་གསུམ་གང་བསྒྲུབ་དུ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འདུས་ཏེ། དེ་དག་དབྱེར། མི་༣ ཕྱེད་པའི་ཕྱིར། ༡གཅིག་དང་དུ་མ་དང་བྲལ་བས་འགྲུབ་པར་གྱུར་པ་དེ་བས་ན་རྡོ་རྗེ་གསང་མཆོག་དགོངས་པ་དམ་པ་ཐོབ་པ་ཁོ་ནའོ། །སྒྲུབ་པའི་ཞག་དང་ཚེས་གྲངས་ནི། རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་བྱ་བ་ནི། བསྒྲུབ་པ་འགྲུབ་པའི་དུས་ཞག་སུམ་ཅུ་ཕྲག་དྲུག་ལ་སོགས་པ་ནི། འདི་ཉིད་ཀྱིས་ལེའུ་དགུ་པར་ཞག་ནི་སུམ་ཅུ་ཕྲག་དྲུག་གམ་ཞེས་སོགས་གསུངས་ལ། སྐར་མ་རྒྱལ་དང་ཚེས་བརྒྱད་ལ་སོགས་པ་བཟང་པོ་ལ་འཇུག་པ་ནི། རྒྱུད་གཞན་དག་སྟེ་བམ་བརྒྱད་རྔམ་གློག་ཀུན་འདུས་གསུངས་པ་བཞིན་དུ་བཤད་པ་ནི། ཚེས་ནི་ཡར་གྱིས་བརྒྱད་ལ་རྩམ། །བཀྲ་ཤིས་ལྷ་ཡི་ཉི་མ་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པ། །གསང་མཆོག་སི་ཏི་མྱུར་པའི་ཕྱིར། །གཟའ་སྐར་ཤིས་པ་དང་དུ་བླངས། །ཞེས་པ། ལྟར་བྱའོ། །ཞེས་བྱ་བ་ཁོ་ནའོ། །ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། ཕྱག་རྒྱ་སྤྲོས་པ་མན་ཆད་གོམས་པའི་སྐྱེ་བོ་འཛའ་བ་ཀུན་ལྷ་གྲངས་དང་མཉམ་པར་འཚོགས་པ་དེ་ནི་སྐལ་ལྡན་རྣལ་འབྱོར་མི་ཕོ་མོ་འཚོགས་པའི་ཚོགས་ཞེས་བྱ་འོ། །བཟའ་བཏུང་ལ་སོགས་པ་འབྱོར་པའི་ལོངས་སྤྱོད་ཀུན་ཚང་བ་ནི། འབྱོར་ལྡན་གྱི་བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། ཡེ་ཤེས་ཀྱི་ལྷ་དང་ཆོས་སྐྱོང་དམ་ཅན་ཏེ་སྲུང་མ་ཀུན་ཀྱང་འདུས། པ་ནི། འདུས་པ་ཆེན་པོའི་དགྱེས་ལྡན་ལྷ་ཚོགས་སུ་གསུངས། བྱེད་སྤྱོད་ཐམས་ཅད་སྤྱོད་པ་བསོད་ནམས་ཀྱི་ཚོགས་དེ་ལ་མི་འཛིན་པས། ཡེ་ཤེས་ཀྱི་ཚོགས་དེ་ལྟར་ཚོགས་གཉིས་དུས་རྒྱུན་དུ་རྫོགས་པར་བྱེད་པས། ན། ཚོགས་ཆེན་པོ་དུས་དེ་རྫོགས་པར་ངེས་པར་བཤད་དོ། །ཅེས་གསུངས་སོ། །དཀྱིལ་འཁོར་ནི། རྒྱས་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ཚོགས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་ཉིད་ཡིན་ཏེ། རིགས་བཞི་ལྷ་དང་ལྷ་མོས་འཁོར། བའོ། །ཡང་ན་ཤེས་བྱ་རང་བཞིན་གྱི་དཀྱིལ་འཁོར་ནི་དོན་ཡོད་མེད་ཀྱི་མཐར་ལས། འདས་པ་དཀྱིལ་ཡིན་ཏེ། དེ་ཉིད་ཀུན་རྫོབ་དག་མ་དག་གི། འཇིག་རྟེན་སྣ་ཚོགས་སུ་སྣང་བ་འཁོར་ཡིན་ནོ། །དུ་གསུངས་ཟེར། ཞེས་གསུངས་སོ། །ལེའུ་སྟེ་བཅུ་གཅིག་པ་མདོར་བཤད་པའོ།། །།དེ་ནས་ཚོགས་ཀྱི་དཀྱིལ་འཁོར་དེ་དག་ཡོ་བྱད་ལ་བརྟེན་ཏེ་དུས་ཉེ་བར་སྒྲུབ་པའི་ཐབས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ་རྒྱན་བཀོད་པ། ཞེས་བྱ་བ་ནི། རོལ་མོ་ནི་དཔེར་ན་གཞི་མ་ངེས་པར་ཐབས་ཀྱིས་དྲངས་ན་སྣ་ཚོགས་སུ་སྣང་བས། ལྟས་མོ་བ་མི་ཐམས་ཅད་ཀྱང་ཚིམ་པར་བྱེད་པ་སྟེ། ཚོགས་བསྒྲུབ་ཀྱི་སྐབས་འདིར་ཡོ་བྱད་ལྔ་ལ་སོགས་པ་ཐམས་ཅད་དུ་རིག་པ་རང་སྣང་བའི་དུས་ན། ར་ཤེས་པ་དེ་ལ་ཚོགས་སུ་སྤྱོད་པ་ཉིད་ཡེ་ཤེས་ཀྱི་རོལ་པའི་སྤྲིན་རྣམ་པར་སྣང་བ་སྣ་ཚོགས་སུ་སྤྲོས་སྟེ། དེ་དག་འཁོར་བ་དང་མྱ་ངན་ལ་འདས་པར་གཉིས་སུ་མེད་པར་སྒྲུབ་པའི་ཐབས་སུ་མཛེས་པ་དང་། གཉིས་སུ་མེད་པའི་རྒྱན་བཀོད་པ་ཁོ་ནའོ། །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དཀྱིལ་འཁོར་བརྟེན་པའི་ཏིང་ངེ་འཛིན། །ཞེས་བྱ་བ་ནི། ངེས་པར་ཚོགས་བསྒྲུབ་པར་འདོད་པའི་འི་རྣལ་འབྱོར་པ་རྣམས་ཀྱིས། རྒྱུད་འདིའི་གཞུང་གི་ཚོགས་ཀྱི་དཀྱིལ་འཁོར་གཅིག་གསུམ་ལྔ་པའི་རྣམ་པ་གསུམ་པོ་གང་ཡང་རུང་བའི་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་ལ་སྒྱུ་འཕྲུལ་དྲྭ་བ་སྟེ་དེ་ལ་བློ་སྦྱངས་ཏེ། རང་རིགས་པའི་མངོན་སུམ་དུ་གསལ་བར་རྫོགས་པའི་ཚོམ་བུའི་ལྷ་དང་དཀྱིལ་འཁོར་སྤྲོས་པ་ལ་བརྟེན་པ་ཐོབ་པའི་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པ་དེས་སྤྱོད་ལམ་ལ་བརྟེན་ཏེ་བསྒྲུབ་བོ་ཞེས་བྱའོ། །ཡོ་བྱད་ལྔ་ལ་སྤྱད་པ་པོའི་ཡོན་ཏན་བསྟན་པའི་ཕྱིར། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་བྱ་བ་ནི། དང་པོ་ལ་སྒྱུ་འཕྲུལ་ལ་རྒྱས་པའི་རྒྱུད་ཀྱིས་བཅུ་གཅིག་པ་དོན་བདུན་པ་བཞུགས་གནས་ཀྱི་ལེའུ་བཞིན་དུ། གནས་ཁང་དང་ས་ཕྱོགས་རྡོ་རྗེ་གཞི་ལ་རིན་པོ་ཆེའི་འཕྲན་མིག་གིས་སྤྲས་པར་བྱིན་གྱིས་བརླབས། དེ་ནས་ཡན་ལག་ལྔ་ལ་རིགས་ལྔའི་དཀྱིལ་འཁོར་ལྔ་བཅུ་པོ་བཀོད་པ་དང་། རྟོག་པའི་ཡན་ལག་ཞེ་གཉིས་ཀུན་ལྷར་གསལ་བར་བྱས་ནས་ལུས་རྒྱན་གྱིས་བརྒྱན་ཏེ། རྐང་པའི་བྲོ་སྟབས་དང་ཡན་ལག་གི་གར་སྟབས་སྣ་ཚོགས་དང་གླུ་ཚིག་རྒྱས་པ འི་དོན་གསུམ་པ་བྲོ་གར་རྩེ་འཇོའི་ལེའུ་ལས་འབྱུང་བ་ལ་སོགས་པ་སྣ་ཚོགས་སུ་བླངས་བའི་དུས་ན། དབུའི་དཀྱིལ་འཁོར་རྣམ་སྣང་བསྒུལ་ཞིང་བསྐྱོད་པས། །སངས་རྒྱས་ཀྱི་ཞིང་ཁམས་མ་ལུས་གཡོ། །ལག་གི་འདུ་བྱེད་བསྐྱོད་བྱས་ནས། །རིག་འཛིན་ཞིང་ཁམས་ཐམས་ཅད་གཡོ། །རྐང་པའི་སྟབས་ཆེན་མནན་མཆོང་ན། །བདུད་དང་ལོག་འདྲེན་ཐམས་ཅད་གནོན། །ཞེས་བྱ་བ་ལ་སོགས་པ་བཞིན་དུ། འོད་ཟེར་རམ། སྤྲུལ་པ་འཕྲོ་འདུ་དང་བཅས་པས། །ཕྱག་རྒྱའི་སྒོ་ནས་བྲོ་གར་བྱས་པའི་ཡོན་ཏན་ནི། །རི་བྲག་༼༡༽དང་ས་ལ་ཐོགས་ཆགས་མེད་པར་འཛུལ་ཞིང་རྐང་འོག་གི་ཕྱག་རྒྱ་ཀླུ་མོ་རྣམས་ལ་ལོངས་སྤྱོད་པ་དང་། ནམ་མཁའ་ལ་འཕུར་ནས་འགྲོ་ཞིང་ལྷ་དང་གནོད་སྦྱིན་མོ་རྣམས་ལ་ལོངས་སྤྱོད་ཅིང་ཐམས་ཅད་བྲན་དུ་འཁོལ་ཅིང་དབང་དུ་འདུ་བར་འགྱུར་བར་བྱེད་དོ། །ཧཱུཾ་གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི། གོང་འོག་གི་ཡོ་བྱད་ལྔ་པོ་ཐམས་ཅད་རིག་པ་ཁོ་ན་ར་སྣང་བ་ཡིན་བས་ཅི་སྤྱད་ཀྱང་སེམས་ཉིད་རང་སྣང་བས་སྐུ་རང་བཞིན་མེད་པ་གསུང་གཉིས་སུ་མེད་པ་ཐུགས་ལས་འདའ་བ་མེད་པའི་འམ་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ལས་འདའ་བ་མེད་པ་ཕྱིར་ངག་གི་གླུ་ཚིག་སྒྲའི་ཕྱག་རྒྱ་སྟེ། དེས་ལྕེ་ལ་ནྲི་བཀོད་དེ་ཡར་རྒྱལ་བ་ལ་བསྟོད་པ་དང་། མར་འགྲོ་བ་རང་རང་གི་སྐད་དུ་མོས་པ་ལྟར་དུ་ཆོས་སྟོན་པར་བསྒོམ་པའི་རྒྱུའི་ཏིང་ངེ་འཛིན་ཁོ་ནའི་ཕྱིར་འབྲས་བུ་གདུལ་བྱ་སོ་སོ་ལ་ཆོས་ཀྱི་འཁོར་ལོ་སོ་སོར་སྟོན་པར་འི་དངོས་གྲུབ་ཐོབ་འགྱུར་ཞི་བ་ལ་དར་གྱི་སྟོད་གཡོགས་སྨད་དཀྲིས། སྐུ་རེག་གསང་གནས་དབུ་རྒྱན་ཕྱག་རྒྱ་ཕུ་རུང་སྟེ། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྱུར། །ཞེས་བྱ་བ་ནི། ཆས་གོས་ལྔ་དང་རིན་པོ་ཆེ་འི་རྒྱན་དབུ་རྒྱན། སྙན་ཆ། མགུལ་རྒྱན་ལ་སོགས་པ་སྣ་ཚོགས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་ཁོ་ན་ལྟར་བྱ་བ་དང་། ཁྲོ་བོར་ཚོགས་བསྒྲུབ་ན་རུས་པའི་དབུ་རྒྱན་ཕྱག་གདུབ། ཞབས་གདུབ། སོ་མོ་དོ། དོ་ཤལ་གྱིས་རྒྱན་ལྔ་ལ་སོགས་པ་བགོ་བའི་གོས་གླང་ཆེན་གྱི་རྐོ་རློན་ལ་སོགས་པ་དང་ལྡན་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དེས་འབྲས་བུ་ལུས་ཤིན་ཏུ་གཞན་ལས་དཔགས་པའི་གཟི་བྱིན་གྱིས་འོད་འབར་བའི་རྒྱལ་པོ་དེས་གཞན་ཐམས་ཅད་ཟིལ་གྱིས་མནན་ནས། ཐུབ་པ་མེད་པ་སེང་གེ་ལྟ་བུར་གནས་པ་ཁོ་ནའོ། །འགྲུབ་པ་བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་བྱ་བ་ནི་དམ་རྫས་ལྔས་གཞི་བྱས་པའི་བཟའ་བ་དང་བཏུང་བ་རྣམས་དང་ལོངས་སྤྱོད་སྣ་ཚོགས་རྣམས་འདོད་པའི་ཡོན་ཏན་གྱི་ལྷ་མོར་བྱིན་གྱིས་བརླབ་པས། རང་ལྷའི་སྐུ་གསུང་ཐུགས་སུ་གསལ་བའི་ཕྱག་རྒྱ་ཡིས། མཆོད་པ་འི་འབྲས་བུ་ནི་ཡིད་བཞིན་གྱི་སྐུ་རིན་པོ་ཆེ་ཚོན་ཤེལ་གྱིས་སྤར་ཁབ་དུ་བཅུག་པ་ལྟ་བུ་དང་། བདུད་རྩིའི་བཅུད་ཟག་པ་མེད་པས་འགྲོ་བ་ཐམས་ཅད་ཀྱང་ཚིམ་པར་བྱེད་པར་འགྲུབ་པ་ཁོ་ནའོ། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། བརྡར་བསྟན་པའི་ཀཱ་ལི་ནི། ཐབས་ཡབ་དང་། ཨཱ་ལི་ནི་ཤེས་རབ་ཡུམ་ཁོ་ན་སྟེ། ཡབ་ཡུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ་བའི་ངང་དུ་སྙོམས་པར་འཇུག་པ་ནི། བཅུ་པར་རམ། བཅུ་གཅིག་པར་བཤད་ཟིན་ཏོ། །དེས་ནི་ཕྲིན་ལས་བཞི་པོ་ཐམས་ཅད་དང་། མཆོག་ཐུན་མོང་གི །དངོས་གྲུབ་ཐམས་ཅད་ཅི་འདོད་པ་རིལ་ཐམས་ཅད་བསམ་པ་ཡོངས་སུ་སྐོང་བ་འགྲུབ་པར་འགྱུར་བ་ཁོ་ནའོ། །ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས །ཞེས་བྱ་བ་ནི། ལྟ་བ་ཏིང་ངེ་འཛིན་འབྲས་བུའི་མཚན་ཉིད་རྣམ་པ་གསུམ་གྱི་བསྐྱེད་རྫོགས་ཀྱི་ལམ་རིམ་བཅུ་གཉིས་གཉིས་ཀའི་རིམ་པ་ཐུན་མོང་དུ་སྟོན་ཏེ། བཅུ་གཅིག་པའི་སྐབས་ཀྱི་རྣལ་འབྱོར་སྔགས་འཆང་དང་སྡེབས་ཏེ་བཀྲོལ་ལོ། །ཧེ་དུས་རྟོགས་པ་རྣམ་པ་བཞིས་ཤེས་བྱ་མཉམ་རྫོགས་ཀྱི་དོན་ཅི་ལྟ་བར་ཉམས་སུ་ལོན་པ་ནི། གནས་ལུགས་ཤེས་པའི་མཚན་ཉིད་གནས་སྐབས་མཐར་ཐུག་གི་འབྲས་བུ་གཉིས་ཀྱི་ངོ་བོ་བསྐྱེད་པས་འབྲས་བུ་སྨིན་བྱེད་ཀྱི་ཉེར་ལེན་གྱི་རྒྱུ་ཁོ་ནའོ། །ལྟ་བ་དང་ལྡན་པ་དེ་ནས། གཞི་ལྷུན་གྱིས་གྲུབ་པའི་དོན་ལྟ་བས་རྟོགས་པའི་ངང་ལ་ཏིང་ངེ་འཛིན་གནས་ཏེ་སྤྱོད་པས་ཅི་ལའང་ཐོགས་པ་མེད་པར་སྤྱོད་པ་ནི། ལྟ་སྤྱོད་འགོ་འབྱོར་པར་འཇུག་པའི་མཚན་ཉིད་དེ་ཏིང་ངེ་འཛིན། འབྲས་བུ་ཁྱད་པར་བསྐྱེད་པས་འབྲས་བུ་སྨིན་བྱེད་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་ཞེས་བླ་དྭགས་ཙམ་སྟེ། དེ་ནི་ངན་སོང་ལྟུང་བའི་འཇིགས་པ་ལས་ཐར་བ་ས་དེར་མི་ལྟུང་བས་གཟུང་བ་ཁོ་ནའོ། །ལྟ་བསྒོམ་སྤྱོད་གསུམ་དེ་ལ་དུས་རྒྱུན་དུ་གོམས་པའི་ནུས་པ་མཐུ་ཅན་དུ་གྱུར་ནས་མཐར་ལམ་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་འབྱུང་བ་ལས་མ་རག་པར་གནས་པའི་ཚེ་དབང་ནི་ལམ་རང་གི་ངོ་བོར་ཡོངས་སུ་སྨིན་ཅིང་རྫོགས་༡ པ་དང་། དེ་ཉིད་མཐར་ཐུག་གི་འབྲས་བུ་ཉེ་བར་ལེན་པའི་ཕྱིར། རྒྱུ་རྐྱེན་གཉིས་ལས་འབྱུང་བས་འབྲས་བུའི་མཚན་ཉིད་དེ། དེ་ལ་བསྐྱེད་རིམ་ལྷའི་སྐུ་ཕྱག་༡རྒྱའི་རྣལ་འབྱོར་པས་ནི་ལམ་གཅིག་སྤྲོས་ཀྱི་དུས་ན་ཡི་དམ་རིགས་ལྔ་གང་བསྒོམ་པ། སོ་སོའི་རིག་འཛིན་པ་ཁོ་ནའོ། །དེ་ལ་ཡང་མཐོང་ལམ་རྣམ་པར་སྨིན་པའི་ལུས་དང་ལྡན་པ་དང་། དེ་ཕྲལ་ནས་ལུས་ལྷའི་སྐུ་བསྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིགས་ལྔ་གང་རུང་གི་རིག་འཛིན་པས་གཉིས་སོ། །ཀྲི་ཡོག་མན་ཆད་གཞན་དག་གི་རིག་འཛིན་ནི། སྤྱིར་ཕྱག་རྒྱའི་རྣལ་འབྱོར་རམ་ཡེ་ཤེས་ཀྱི་རྣལ་འབྱོར་ནི་ལམ་པ་གང་ཏིང་ངེ་འཛིན་གྱི་རིག་པ་ཡུལ་རྐྱེན་གྱི་གྱིས་མི་ཕྲོག་པ་ནི། ཉི་ཟེར། སངས་རྒྱས་ཀྱི་དགོངས་པའི་རིགས་མངོན་སུམ་དུ་ཟིན་པའི་པའི་ཕྱིར། ༡རིག་པ་འཛིན་པ་སྟེ། དེ་༡དག་དོན་ཡིད་ལ་བྱེད་པ་སྤངས་པ་ནི། ཡིད་ཀྱི་ཡུལ་དུ་བྱར་མེད་གཟུང་འཛིན་མེད་པས་ཐེག་པ་ཆེན་པོ་པ་ཡིན་པར་བརྗོད་པ་སྟེ། ཅི་ཞེ་ན་ཀུན་ཏུ་༡བརྟག་པའི་བློ་དང་། རྟོག་པའི་ཡུལ་གོ་བ་སྤྱིའི་མཚན་ཉིད་༡དང་། རྒྱུ་རྐྱེན་གཞན་གྱི་དབང་དང་གསུམ་༡༡༡ལས་ཡོངས་སུ་གྲོལ་བའི་ཕྱིར་རོ། །དོན་དེ་ལྟར་ན་གཅིག་ཤོས་ཀྱིས་རྫོགས་པའི་ལམ་དུ་ཞུགས་པ་ཡིན་སྟེ། མཐོང་ལམ་ཚེ་༢༽ལ་དབང་བའི་རིག་འཛིན་ཐོབ་པ་ལ་སོགས་པ་ཕྱག་ཆེན་ལྷུན་གྲུབ་གསུམ་པོ་ནི། ལྷག་པའི་ལུས་འདི་ཉིད་མི་ཡངས་པ་ས་ལྷག་བཅས་སུ་མྱ་ངན་ལས་འདས་པ་ཁོ་ནའོ། །སྔར་བཤད་པའི་རྣམ་སྨིན་དང་ཀྲི་ཡོག་མན་ཆད་གཞན་གྱི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་པ་ཡབ་ཀྱང་དག །ལམ་༼༠༽གཞུང་གི་ཕྱག་རྒྱ་ཆེན་པོ་སྦྱོར་གྱི་དོན་འདིར་མ་ཚུད་པའི་ལུང་ནི་སྒྱུ་འཕྲུལ་རྡོ་རྗེ་ལས། མངོན་པར་བྱང་ཆུབ་པའི་ཕྱག་༣རྒྱའི་ཆེན་པོ་ཆ་ལུགས་ཀྱི་སྐུ་གཟུགས་དེ་༢སྐུ། །མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལ་སོགས་པའི། །སྐུའི་ཆ་ལུགས་ལོངས་སྐུ་མངོན་གསུམ་དུ་ཕྱུང་ན་ཡང་། །དེ་ཆོས་ཉིད་ཞི་བ་བདེན་པ་དབྱེར་མེད་མཉམ་པ་ཉིད་ཀྱི་དོན་དེ་ཉིད་རྟོགས་ཤིང་མཐོང་བ་མིན། །ནོ། །ཞེས་གསུངས་སོ། །༢གོང་མའི་རིག་འཛིན་དེ་དག་ལ་ནི་ཕྱོགས་བཅུའི་རྒྱལ་བ་དཀྱིལ་འཁོར་མ་ལུས་པས་དབང་གསུམ་བསྐུར་ཞིང་སངས་རྒྱས་སུ་ལུང་སྟོན་པས་གྲགས་པ་ཁོ་ནའོ། །དེའི་སྐྱེ་བའི་ཆ་བྱད་སྤྲུལ་ལུས་ཅི་ལྟ་བུ་ཞེ་ན་མི་ཁ༽དང་ལྷ་དང་ཚངས་པ་ཡི། །སྐྱེ་ག༽བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་༼༠༠༽པར་ས་ལ་གནས་གྱུར་ཡིན། །ཞེས་བྱ་བ་ནི། །འདོད་ལྷ་དྲུག་པ་དང་། གཟུགས་ཁམས་ན་སྤྱོད་པ་ཚངས་པའི་ལྷ་དང་། གླིང་བཞི་མིའི་དབང་པོ་སྟེ་རྒྱལ་པོ་དངོས་སུ་གྲུབ་པ་དང་། སྐྱེ་བ་ལ་རང་དབང་ཡོད་ཐོབ་པ་པས་ལྷ་མིའི་སྐྱེ་བ་རྣམ་པར་དག་པ་དེ་དག་ཏུ་སྣང་བའི་ལུས་འཛིན་མོད་ཡང་འམ་ཀྱང་གི་སྒྲས་ཁྱད་པར་རྒྱུའི་འཁོར་བར་མི་ལྡོག་པས་ས་དང་པོ་ལ་གནས་པ་དང་ཚེ་དབང་སྐལ་པ་མཉམ་པ་དང་། མཐའ་མི་གཡོ་བས་བརྒྱད་པ་ཕྱག་ཆེན་དང་། འབྲས་བུ་ཐོབ་ལ་མ་རག་པས་བཅུ་པ་དག་དང་། ལྷུན་གྲུབ་རིག་འཛིན། སྐལ་བ་མཉམ་པའི་ར་འགྱུར་བ་ཡིན་གྱི་ཕྱོགས་ཀུན་ཏུ་མི་ཉམས་པ་ཕྱིར་ལམ་ཆུ་ཚེའང་དང་པོའི། དང་པོ་དང་། སྐལ་མཉམ་གཉིས་པའི་རིགས་མཆོག་དང་། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་བ་མནམ་མོད། །དགོངས་སྤྱོད་རྒྱ་མཚོ་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར། རོ། །ཞེས་གསུངས་པའི་ཐ་ཚིག་གོ། །ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཤེས་རབ་མཆོག་གི་མཆོག་གྱུར་པའི། །ཞེས་བྱ་བ་ནི། ཁྱད་པར་གྱི་གསང་སྔགས་ཀྱི་སའི་གསུམ་ཐོབ་པ་ཕྱིར་གསུངས་པ་སྟེ། རྐྱེན་འཇུག་པའི་མཚན་ཉིད་བསྒོམ་པ་དང་སྤྱོད་པ་གཉིས་དང་། རྒྱུར་ཤེས་པའི་མཚན་ཉིད་དུ་ལྟ་སྤྱོད་བསྒོམ་གསུམ་དབྱེར་མྱེད་ཅིང་འགོ་འབྱོར་པའི་ཕྱིར། བྱེད་སྤྱོད་ཐམས་ཅད་ཀྱང་སྣང་ལ་མ་ཞེན་པས་ཚོགས་གཉིས་སུ་འགྱུར་བས་ན་ཏེ་དེའང་གཉིས་མེད་ཀྱི་དོན་ལ་ཐ་དད་དུ་མི་འཛིན་པས་སྦྱིན་པ་ལ་སོགས་པའི་ཕ་ཧཱུྃ་རོལ་ཏུ་ཕྱིན་པ་བཅུ་དང་ཚོགས་གཉིས་རིལ་ལ་རྒྱུན་དུ་དེའི་དོན་ལ་འཇུག་པ་ཁོ་ནའོ། །༡རྒྱུ་ལྟ་བ་དང་། རྐྱེན་ཏིང་ངེ་འཛིན། མཉམ་པའི་ངང་ལ་གནས་པ་ནི་མཉམ་པ་ཉིད་ཀྱི་དབྱིངས་ལས་རང་མཚན་མཐོང་བས་ས་དང་པོ་རབ་ཏུ་དགའ་བ་༡མཐོང་ལམ་བ་དང་། སྣང་སྟོང་ཕྱོགས་རེའི་ལྟ་བ་ངན་པ་དག་པས་ས་གཉིས་པ་དྲི་མ་མེད་པ་ལ་སོགས་པ་བསྒོམ་པའི་ལམ་ས་བརྒྱད་གཉིས་ཀྱང་ཡོངས་སུ་རྫོགས་པའོ། །གནས་གང་དུ་ལྷུན་གྲུབ་རིག་འཛིན་ལྟ་སྒོམ་གྱི། ༼༠༽ནུས་པའི་མཐུ་དང་ལྡན་པ་ནི། འཁོར་འདས་དབྱེར་མེད་ཀྱི་དགོངས་པ་ཤར་བ་རྒྱལ་བ་ཐམས་ཅད་ཀྱི་རིག་པའི་༡ལུང་དང་རང་བཞིན་གྱི་༡དབང་ཆེན་༡༡པོ་ཐོབ་པའི་ཕྱིར། འབྲས་བུ་མཐར་ཕྱིན་པ་ཁོ་ནའོ། །སྟེ་ས་བཅུ་པ། རིག་འཛིན་དེའི་༼༠༽ནུས་པའི་མཐུས་གོ་ཕྱེ་བ་ནི། མཐའ་བྲལ་གྱི་རིག་པ་ཉིད་ཐམས་ཅད་དུ་ཁྱབ་པའི་ཕྱིར། ༡༽ཀུན་ཏུ་འོད་ཀྱི་ས་ཞེས་བྱའོ། །ཐབས་ཞེས་པ་ནི་འཁོར་འདས་ཐམས་ཅད་དུ་རིག་པ་རང་སྣང་བ་ཕྱིར། དཔེ་ན་ཆོས་ཉིད་གང་དུ་ཡང་མ་བཀག་པ་སྟེ། འཁོར་བར་སྣང་བའི་ཆོས་མ་ལུས་པ་ལ་སྤྱོད་ཀྱང་རང་བཞིན་མེད་པ་ཤེས་རབ་ཀྱི་དབང་གིས་སྐྱོན་གྱི་ཉེས་པས་མ་གོས་པ་ནི་དཔེར་ན་པདྨ་འདམ་གྱི་ནང་ནས་གནས་ཀྱང་དེས་མ་གོས་པ་ལྟ་བུའི་ཕྱིར། དེ་ལྟར་ཐབས་༼༡༽མཁས་པའོ། །ནི་ཐབས་ཀྱི་མཆོག་སྟེ་ཀུན་ཏུ་འོད་ལས་ཁྱད་པར་དུ་གྱུར་པས་བཅུ་གཉིས་པདྨ་སྤྱན་གྱིས་ཞེས་བྱ་བ་ཁོ་ནའོ། །༡གང་ཡུལ་ཡུལ་ཅན་ཅིར་ཡང་མི་དམིགས་པའི་ངོ་བོ་ཉིད་ཀྱི་ཤེས་རབ་ནི། ཡུལ་ཡུལ་ཅན་ཐོས་བསམ་བསྒོམ་པའི་ཤེས་རབ་གསུམ་གྱི་༡ མཆོག་སྟེ། དོན་དེ་ཉིད་རང་སྣང་བའི་ཕྱིར། རྟོག་ཚོགས་ཐབས་ཀྱང་དབྱེར་མེད་བདག་ཉིད་ཆེན་པོའི་ཡིན་པ་ཕྱིར་འབྲས་བུ་སྐུ་དང་ཡེ་ཤེས་སུ་གསལ་བས། ཡུལ་གྱི་ཞེན་སྣང་གི་བྱེ་བྲག་ཐ་སྙད་དང་བྲལ་བས་འི་ངང་ན་ཆོས་ཅན་གྱི་རིལ་ཐམས་ཅད་མཁྱེན་པ་ནི་མཆོག་ཏུ་གྱུར་པ་ཁོ་ན་སྟེ། བཅུ་གསུམ་ཡི་གེ་༡༽ འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་བྱ་བའོ། །ས་གསུམ་པོ་དེ་དག་མངོན་དུ་བྱས་པ་ནི་འབྲས་བུའི་མཐར་ཕྱིན་པ་མཚན་ཉིད་དོ། །གཞི་ཆོས་ཉིད་གཅིག་ལ་གནས་སྐབས་ལྟ་བ་རྟོགས་པ་ཏིང་ངེ་འཛིན་གོམས་པ་འབྲས་བུ་མངོན་དུ་བྱས། ཀྱི་མཚན་ཉིད་དང་གསུམ་ཐ་སྙད་ཙམ་གྱི་དབྱེ་བའི་ཕྱིར་འབྲས་བུའི་མིང་ཐོབ་པ་ཁོ་ནའོ། །གང་གི་ལམ་དང་འབྲས་བུ་དེ་དག་རྫོགས་པའི་ཕྱིར། སའི་ཁྱད་༼༠༠༽པར་བྱང་ཆུབ་སེམས་དཔའི་ས་བཅུ་དང་། སངས་རྒྱས་ཀྱི་ས་༼༡༡༡༽གསུམ། ནི་ཧཱུཾ་རྒྱུ་ཕར་ཕྱིན་གྱི་ས་བཅུ་དང་། འབྲས་བུ་སངས་རྒྱས་ཀྱི་ས་གསུམ་གྱི་ཁྱད་པར་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་རྫོགས། པའོ། །ཞེས་གསུངས་སོ། །ནམ་མཁའ་དཀྱིལ་དྭངས་པའི་ཀྱུ་དབྱིངས་དང་དེའི་ངང་དུ་ཉི་ཟླ། །ཤར་བ་ལྟ་བུའི་ཡེ་ཤེས་རྒྱལ་པོ་སྟང་སྟེ་ཡབ་དང་། དཔྱལ་ཡུམ་དུ་བསྒོམ། །པ་དེ་ལ་རྒྱལ་བའི་རིགས་ལྔ་དཀྱིལ་འཁོར་ཐམས་ཅད་ཀྱི་དགོངས་པ་འདུས་པས་དེ་ཀུན། །ལྷག་མ་ལུས་པར་ནི་ཐམས་ཅད་བསྒོམ་པར་འ གྱུར། །རོ། ཞེས་བྱ་བ་ནི་བསྡུས་དོན་རྫོགས་རིམ་པའི་ལམ་པ་དང་། ཉེ་བའི་ཡི་དམ་ལྷ་བསྒོམ་པ་བསྐྱེད་རིམ་པ་རྣམས་ཀྱི་དབང་དུ་གསུངས་ཏེ། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ངོ་བོ་ཉིད་གཅིག་དང་དུ་མར་བྲལ་བ་ཁོ་ནའི་ཕྱིར་རོ། །ཡབ་ཡུམ་དུ་བསྒོམ་པས་ཀུན་བསྒོམ་པར་འགྱུར། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །ཞེས་བྱ་བ་ནི། བསྐྱེད་རིམ་གྱི་ལམ་རིམ་ཅིག་ཅར་གཉིས་ཀྱིས་ལྟ་བ་གཞི་ཐུན་མོང་དུ་བསྟན་པ་སྟེ། སྐུ་གསུམ་གྱི་སངས་རྒྱས་པ་ཞེས་མིང་གི་ཐ་སྙད་པ་རྣམས་ནི་ཐེག་པ་འོག་མ་པའི་ལུགས་གཞན་ལྟར་སངས་རྒྱས་རྙེད་པ་དག་སྲིད་ཀྱི་མཐར་ཐུག་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་ནི། གདུལ་བྱའི་དབང་གིས་མིང་དུ་གདགས་སུ་ཟིན་ཀྱང་ལྷུན་གྲུབ་ཀྱི་སངས་རྒྱས་རང་གི་ངོ་བོ་ཉིད་ནི་ཕྱོགས་གཅིག་ག ི་སྒོ་ནས་གཞན་ལ་བསྟན་པར་དཀའ་བའི་ཕྱིར། དུས་བཞི་དང་ཕྱོགས་བཅུ་གང་གི་གནས་ནས་ལམ་གྱི་འབད་རྩོལ་གྱིས་རྩལ་བར་གྱུར་ཀྱང་རྫོགས་པའི་སངས་རྒྱས་ཞེས་བྱ་བ་གཅིག་གཞན་དུ་བརྩལ་བས་མི་རྙེད་དེ་རྙེད་པར་མི་འགྱུར་པ་ཁོ་ནའོ། །འོ་ན་སངས་རྒྱས་དེ་ནི་གཏན་ནས་མི་རྙེད་པར་རྒྱ་ཆད་དོ་བར་དོགས་པ་ལ་དེའི་ལན་དུ་༡སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། ཞེས་བྱ་བ་ནི། ལྟ་བའི་སྐབས་༡རྒྱུ་ཉིད་ནས་ཁམས་གསུམ་ཐམས་ཅད་སེམས་ཉིད་དུ་གཏན་ལ་ཕབ་ཅིང་ཤེས་པ་ནི། ཁམས་གསུམ་གྱི་ཆོས་ཐམས་ཅད་གང་ཡང་མ་སྤངས་པར་འབྲས་བུ་སྐུ་དང་ཡེ་ཤེས་སུ་གྱུར་ཅིང་རྫོགས་པ་ཉིད། ཀ༽བདག་གི་སེམས་ཉིད་ལས་གཞན་དུ་ཅི་ཡང་མ་དམིགས་པ་ནི། རྙེད་པ་རྒྱུ་དག་པའི་སངས་རྒྱས་དང་གནས་པ་ཡེ་ཅི་བཞིན་པའི་སངས་རྒྱས་གཉིས་ཀ་མ་བརྩལ་བར་རང་ལ་ལྷུན་གྱིས་གྲུབ་པའི་ཕྱིར་སངས་རྒྱས་ཐོབ་པ་ཡིན་ཏེ་སྒྱུ་འཕྲུལ་རྡོ་རྗེ་ལས། འབྲས་བུའི་ཆེ་ཡོན་ཐམས་ཅད་རང་བཞིན་གྱིས་རང་ལ་གནས་པའི་ཕྱིར། ན་འབྲས་བུ་སངས་རྒྱས། གཞན་ནས་འོངས་པ་མེད་པས་མ་ཚོལ་ཅིག་ཅེས་གདམས་སོ། །དེ་ལྟར་མེད་ཀྱང་སྒྲིབ་བྱེད་རང་རྒྱུད་ཀྱི་ཞེན་པ་ལོག་པས་བདག་གི་ཞལ་བདག་གིས་མཐོང་། །ཞེས་བྱ་བའི་ཕྱིར། དཔེར་ན་སངས་རྒྱས་གཞན་མ་ཚོལ་ཅིག །ཅེས་གསུངས་སོ། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རྟོག་པ་ཀུན་ཏུ་བློས་རབ་ཏུ་སྦྱོར་བས། །རང་བཞིན་མཐར་ཕྱིན་འབྲས་བུ་ཉིད་ཀྱི་དཀྱིལ་འཁོར་ཐམས་ཅད་མ་བརྩལ་བར་ལྷུན་གྱིས་འགྲུབ་པར་འགྱུར། །རོ། །ཞེས་པ་ནི། བསྐྱེད་རིམ་རིམ་གྱིས་པ་ལྟར་ན་སངས་རྒྱས་པའི་རྒྱུད་ལས། ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །ཀུན་བསྡུ་ན། ངེས་པའི་དོན་བཀྲོལ་ན་དཀྱིལ་འཁོར་བཞི་བཅུ་རྩ་ལྔར་འདུས། །པས་དེ་ལྟར་གཅིག་བསྒོམ་པས་ཀུན་བསྒོམ་པར་འགྲོ་ཞེས་འབྱུང་བའི་ཕྱིར་ཡང་ཡིན་ལ། གཅིག་ཤོས་ཏེ་རྫོགས་རིམ་ཅིག་ཅར་ཀྱིས་ལམ་པ་དག་གི་ཡང་ཕྱིར་ཏེ། མ་ནིང་གི་རྒྱུད་རྨད་བྱུང་ལས་རང་བཞིན་གྱི་དཀྱིལ་འཁོར་རང་བཞིན་མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཆོས་ཉིད་བྱང་ཆུབ་སེམས་ལས་མ་ཡེངས་ན། དེ་ཉིད་ལ་དཀྱིལ་འཁོར་གྱི་སྙིང་པོ་ཐམས་ཅད་ལྷུན་གྱིས་གྲུབ་པ་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ལ་བསྒོམ་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །ཆོ་ག་ལྷག་གམ་མ་ཚང་ནའང་། །སྐྱོན་ཉིད་དག་སྟེ་ཉེས་པ་མེད། །ཅེས་བྱ་བ་ནི། ལ་ལ་དག་ན་རེ་རྣལ་འབྱོར་ཏིང་ངེ་འཛིན་གསལ་བ་རྣམས་ཚིག་གི་ལྷག་ཆད་ལ་གཙོར་མི་བྱེད་པའོ། །ཞེས་ཟེར་རོ། །རང་གི་ལུགས་ཉིད་ནི། སྔར་བཤད་པའི་ལེའུ་དགུ་པ་དང་ལམ་བསྐྱེད་རྫོགས་གཉིས་ཀྱི་རྗེས་སུ་འཇུག་པ་ནི། ཆོ་ག་ནི་ལྔའོ། །ལྷག་པ་ནི། ཁྱད་པར་དུ་གྱུར་པས་ལྷག་པ་སྟེ། ཐོད་རྒལ་གྱི་ཕྱག་རྒྱ་གཅིག་སྤྲོས་ཏེ་ཏིང་ངེ་འཛིན་གྱིས་མཐོང་ལམ་ཐོབ་པ་ལྟ་བུ་ལམ་གོང་མ་ཐམས་ཅད་ལའང་ཏིང་ངེ་འཛིན་མི་དམིགས་པའི་ཚུལ་གྱིས་སློབ་མའོ། །ཆད་པ་ནི། ཆོ་ག་ལྔ་། མ་ཚང་བ་ནི་ཅིག་ཅར་པའམ། དེ་ཏིང་ཀུན་ཏིང་བསྒོམ་པ་སྟེ། སེམས་དམིགས་པ་མེད་པའི་རིམ་གྱིས་པའི་འུར་དུ་འཇུག་པ་ཏིང་ངེ་འཛིན་སེམས་ཏིང་ངེ་འཛིན་རང་གི་ངོ་བོ་ཉིད་ཀྱང་མི་དམིགས་༡ན་སྐྱོན་ནམ་ཆོ་ག་ལྔ་གཞན་གྲུབ་པ་ལྟ་ཅི་སྨོས་པ་སྟེ། སེམས་སམ་ལྷག་ཆད་གང་ཡང་མ་གྲུབ་པས་ན་སྐྱོན་མེད་པ་ཁོ་ནའི་ཕྱིར། མི་མཐུན་པ། ཡང་མེད་ཞེས་བྱའོ། །ལྷག་ཆད་གང་གིས་བློ་ཆུང་བ་གང་ལ་གནོད་པར་གྱུར་པ་ནི་སྐྱོན་ཉིད་སྟེ། སྔར་བཤད་པ་འི་རིམ་གྱིས་འཇུག་པ་རྣམས་ཁོ་ནའོ། །ལ་བྱ། སྐྱོན་དེ་དག་གིས་མི་གནོད་པ་ནི་དག་པ་སྟེ། ཉེས་པ་མེད་པའི་སྟེང་ནས་སླར་ལམ་ཉེ་བས་ན། ཡོན་ཏན་ཉིད་དུའང་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ། །རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ། །ཞེས་བྱ་བ་ནི། རོལ་མོ་ནི་ལེའུ་སྟོད་དུ་བཤད་ཟིན་ཏོ། །ལོངས་སྤྱོད་ལྔའི་ཚོགས་ལ་སྤྱད་པ་དག་གིས་རྒྱུ་འབྲས་ཏེ་སྣང་སྟོང་གཉིས་སུ་མེད་པར་ལོངས་སྤྱོད་པའི་རྒྱན་ཆེན་པོའི་རྒྱན་རོལ་པ་ཉིད་དུ་གསལ་བས་མཆོད་རྫས་དང་མཆོད་ཡུལ་གཉིས་སུ་མེད་པའི་མཆོད་པ་འཁོར་གསུམ་དག་ལ་གནས་སུ་སྟོབ་པ་ས་ཉེས་པར་གྱུར་ཏོ་ཞེས་ཁོ་ནར་བཞུགས་སོ། །ཞེས་བྱ་བ་ཁོ་ནའོ། །ཚོགས་བསྒྲུབ་པའི་ལེའུ་ཞེས་བྱ་བ་ནི། ཚོགས་ནི་བཅུ་གཅིག་པར་བཤད་ཟིན་ཏོ། །བསྒྲུབ་པ་ནི་འོག་པ་པའི་ལུགས་གཞན་དུ་ལམ་གྱི་རྐྱེན་གང་དག་གིས་འབྲས་བུ་གང་ཞིག་དོན་དུ་གཉེར་བའི་རྩོལ་བ་བྱས་པ་ལ་བསྒྲུབ་པ་ཁོ་ན་སྟེ། འདིར་ནི་རང་གཞུང་གི་རྒྱས་པའི་རྒྱུད་ལས་རྒྱུ་སེམས་ཅན་འབྲས་བུ་སངས་རྒྱས་ཡེ་ནས་དབྱེར་མེད་དེ་ཉིད་དུ་སྔ་ཕྱི་ཐ་དད་མ་ཡིན་པས་ན་འབྲས་བུ་ལ་ལམ་དུ་བྱེད་པར་གྱུར་ནས་རྒྱུ་འབྲས་དུས་གཅིག་ཏུ་མཉམ་པར་སྦྱར་རོ། །ཞེས་གསུངས་པས། རྐྱེན་འཇུག་པས་ཏིང་ངེ་འཛིན་གྱིས་ལམ་ཉམས་སུ་ལེན་པ་ཙམ་ལ་སྒྲུབ་པ་ཞེས་ཐ་སྙད་དུ་འདོགས་པའི་ཕྱིར། ན་གཞི་ལམ་འབྲས་བུ་མཚན་ཉིད་གསུམ་དུ་བཏགས་པའོ། །ཙམ་དུ་ལེའུ་སྟེ་བཅུ་གཉིས་པ་མདོར་བཤད་པའོ།། །།དེ་ན་དེ་ཁ༽པ་ཕྱོགས་ཀ༽བཅུ་དུས་བཞིའི་སྐུ་ག༽ གསུང་ཐུགས་རྡོ་རྗེའི་ཆ༽དཀྱིལ་ང༽འཁོར་ཐམས་ཅ༽ ཅད་དུས་གཅིག་ཏུ་འདུས་ནས། ཞེས་བྱ་བ་ནི། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་རྒྱུད་དག་པའི་དེ་པ་ཐམས་ཅད་ཀྱི་སྐུ་༡༽གསུང་༡༽ཐུགས་༡༽ཀྱི་དཀྱིལ་༡༡༡༽འཁོར་ལྔ་གསུམ་པོ་རིལ་ནི་ཆོས་ཅན་ཧེ་དུས་སེམས་ཉིད་རང་སྣང་བའི་ཕྱིར། དེ་དག་༼༠༠༽རང་རིག་པ་ཁོ་ནར་མི་ཕྱེད་པས་མིང་གི་བླ་དྭགས་སུ་རྡོ་རྗེ་སྟེ། དམ་བཅའ། དེ་ཉིད་ལ་ཐམས་ཅད་གཅིག་ཏུ་འདུས་པ་ཞེས་བྱའོ། །དེ་དག་གིས་ལེའུ་འདིར་མངོན་སུམ་དུ་སྟོན་པའི་བརྡ་སྟེ། དོན་དེ་ཉིད་བསྟན་པ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་རྫོགས་པར་འགྱུར་བའི་ཕྱིར་དགྱེས་པ་ཆེན་པོ་སྟེ་འོག་ནས། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་བྱ་བའོ། །དོན་དེའི་ཕྱིར་རྒྱལ་བ་མང་པོ་གཅིག་ཏུ་འཚོགས་པར་སྨྲ་བ་ནི། ༴༽དོན་མེད་ཀྱང་རྒྱལ་བ་ཐམས་ཅད་རང་རིག་པ་ལས་མ་གཡོས་པས་བདག་ཉིད་ཆེན་པོའི་ཕྱིར་གཅིག་ཏུ་འདུས་པ་ཞེས་པའི་སྒྲ་ཙམ་ནི་འགལ་བ་མེད་དོ། །གཅིག་ཏུ་འདུས་པའི་དགོངས་པ་དེ་ཉིད་ཉེ་བར་བསྟན་པའི་ཕྱིར། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ཤིན་ཏུ་གསང་བའི་སྙིང་པོ་སྤྲིན་བཀོད་པ་ཞེས་གསུང་ཏེ། འཁོར་འདས་ཀྱི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་དཀར་ཉིད་ནས་དག་ཅིང་། རང་རིག་པ་ཁོ་ནའི་ཡིན་པ་ཕྱིར་དེ་ཉིད་ཐམས་ཅད་དུ་མ་འགག་པ་སྐུ་ཡིན་༡ལ་གཞན་དུ་མ་སྐྱེས་པར་༢སར་གསུང་བདག་ཉིད་དུ་གསལ་བས་༣ ཐུགས་དེ་ལྟར་སྐུ་༡གསུང་༢ཐུགས་༣ ཁོ་ན་ཡིན་པ་དེ་ལས་གཞན་པ་མེད་པ་ནི། རྫོགས་པ་ཆེན་པོའོ། །རང་རིག་པ་དེ་ལ་ལྟོས་པའི་ཀུན་བརྟག་པ་དང་ལྡན་པ་སེམས་ཙམ་པ་རྣམས་ཀྱིས་སྐད་ཅིག་མའི་རྒྱུ་རྐྱེན་གྱི་རྣམ་པ་བརྗོད་ཀྱང་། ཡིད་དེ་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ཡིན་པས་རྒྱུ་རྐྱེན་མེད་པར་རང་སྣང་བ་ལས། འདའ་མི་སྲིད་པའི་སྟེ་མི་འདའ་བ་ཕྱིར། ལྷུན་གྱིས་གྲུབ་པའི་དམ་ཚིག་ཅེ་འོ། །དོན་དེ་ནི་གཞི་རང་བཞིན་ཤིན་ཏུ་གསང་བའི་སྙིང་པོ་ཉིད་དེ་ཅི་ཞེ་ན་རང་བྱུང་ཡེ་ཤེས་ཕལ་གྱི་བློའི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་པའི་ཕྱིར། རྒྱས་པའི་རྒྱུད་ལས། དེ་ན ི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡིན་ཏེ། འོ་ན་ལམ་དོན་མེད་དོ་ཞེ་ན་རྣལ་འབྱོར་པ་གསང་སྔགས་ཀྱི་སྐྱེས་བུ་རིག་པའི་བློ་རྩལ་ཤེས་རབ་ཅན་ཀྱི་རྟོགས་དང་ཞེའོ། །དེ་ལ་འཁོར་འདས་ཀྱི་ཐ་སྙད་གཉིས་མཚོན་པར་བྱེད་པའི་སྒོ་དང་། ཕྱི་ནང་གསང་གསུམ་གྱི་ཉམས་སུ་མྱོང་བར་བྱེད་པའི་ཐབས་དང་། དོན་ཉིད་མཐར་ཕྱིན་ཅིང་འབྲས་བུ་མངོན་དུ་བྱས་པའི་ཡོན་ཏན་མང་པོ་ནས་མཁའི་སྤྲིན་ཙམ་དུ་ཕྱེས་ནས་སྟོན་པའི་འམ་བཀོད་པ་དགོངས་པ་ཏིང་ངེ་འཛིན་ལ་ཉེ་བར་སྣང་བ་ས་སྙོམས་པར་ཞུགས་སྟེ། གདུལ་བྱའི་སྣང་བའོ། །གསུམ་པ་དེ་ལ་དང་པོ་དོན་མཚོན་པའི་སྒོ་བསྟན་པའི་ཕྱིར། མ་རྟོགས་པ་དང་ལོག་པར་རྟོགས། །ཞེས་བྱ་བ་ནི། ལས་རྒྱུ་འབྲས་ལ་སོགས་དང་། མུ་སྟེགས་དང་སངས་རྒྱས་ཀྱི་ཐེག་པ་གཉིས་ཀའི་ལྟ་བ་ཅིར་ཡང་མ་རྟོགས་པ་ནི་འཇིག་རྟེན་ཕྱལ་བ་རྒྱང་འཕང་པ་སྟེ། འཁྲུལ་གཞི་ནི་སྣང་བ་དང་རང་བཞིན་གྱི་སྣང་བ་པོ་ལས་ནི་གོལ་བའི་ཕྱིར་ཟེར་མ་གོལ་མོད་ཀྱང་། རང་རྒྱུད་པར་ཞེན་པས་གོལ་ཞེས་བྱ་བའོ། །རང་བཞིན་གྱི་སྣང་བ་དེ་ལ་མུ་སྟེགས་རྟག་ཆད་གཉིས་ནི་ཀུན་རྫོབ་དོན་དམ་ལས་ལོག་པར་རྟོགས་པ་སྟེ། དེ་ཡང་སྣང་ཕྱོགས་ལས་གོལ་བའོ། །རྟག་ལྟ་བ་དང་། སྟོང་ཕྱོགས་ལས་གོལ་བ་ཆད་ལྟ་འཁོར་བ་ལ་དབུག་འབྱིན་པའི་ངལ་བསོ་བ་པའམ་ལམ་སྟེགས་ཀྱི་ཐེག་པ་བསྟན་པའི་ཕྱིར། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། ཞེས་གསུངས་ཏེ། ཉན་ཐོས་རང་རྒྱལ་ནི། རག་པ་གང་གི་བདག་མེད་ནང་པའི་ཕྱོགས་ཙམ་རྟོགས་པའོ། །རྣམ་རིག་སེམས་ཙམ་པས་ནི། སྣང་བའི་གསལ་ཆ་སེམས་ཡིན་པར་ཕྱོགས་གཅིག་རིག་པའོ། །དབུ་མ་པ་ནི། ཀུན་རྫོབ་ཆོས་ཅན་གྱི་དངོས་པོ་ཐམས་ཅད་ཆོས་ཉིད་ཀྱི་དེ་ཁོ་ཉིད་དོན་གྱི་དབྱིངས་དང་ཡེ་ཤེས་དང་འབྲས་བུ་དོན་དམ་པ་གསུམ་གྱི་ངོ་བོར་གནས་པ་ཡིན་པ་ལ་དེ་ལྟར་ཀུན་རྫོབ་དོན་དམ་གྱི་བདེན་པ་གཉིས་དབྱེར་མི་ཕྱེད་པ་གསང་སྔགས་ཀྱི་དོན་དེ་ཉིད་མངོན་དུ་མ་བྱས་ཏེ་བདེན་གཉིས་ཐ་དད་དུ་འབྱེད་པའི་ཕྱིར། ཡང་དག་ཉིད་མ་རྟོགས་པ་ཁོ་ནའོ། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་བྱ་བ་ནི། ངེས་པའི་དོན་བདེན་པ་གཉིས་སུ་མེད་པ་ཡིན་པ་ཡང་དག་པར་བསྟན་མོད་ཀྱི་ཁྲུས་དང་གཙང་སྤྲའི་སྤྱོད་པས་ལུས་ངག་ཡིད་ཀྱི་སྒོ་གསུམ་འདུལ་བ་ཀྲི་ཡ་པ་དང་། ཕྱི་ལུས་ངག་གི་སྤྱོད་པ་བས་ནང་གི་རྣལ་འབྱོར་དགོངས་པ་ཏིང་ངེ་འཛིན་གཙོར་བྱེད་པ་ཡོ་ག་པ་དང་། ཕལ་ལ་མེད་པའི་ལྟ་བ་རིག་པ་བདག་ཉིད་ཆེན་པོ་དང་། སྤྱོད་པ་བླང་དོར་མེད་པ་ལ་གནས་པས་ན་གསང་བ་སྟེ་ནང་པ་མ་ཧཱ་དང་ཨ་ནུ་གཉིས་པོ་དང་། ཆོས་ཅན་གྱི་དངོས་པོ་རྣམས་ཀྱི་རང་བཞིན་ཆོས་ཉིད་ལ་འབྲས་བུར་སྐུ་དང་ཡེ་ཤེས་ཀྱི་ངོ་བོ་གནས་ཀྱང་ཡུལ་ཡུལ་ལོག་པར་ཀུན་ཏུ་བརྟག་པའི་མངོན་པར་ཞེན་པའི་རིམ་པ་ལས་ཉོན་ཤེས་བྱའི་གཟུང་འཛིན་ཕྲ་རག་སྣ་ཚོགས་ཀྱིས་བསྒྲིབ་པ་གསང་བ་ཙམ་དུ་དོན་སྟོན་པས། ཨ་ཏི་ཡོ་གའོ། །ཐེག་པ་དེ་རྣམས་ཀྱིས་ཐ་སྙད་ཀྱི་མཚོན་པའི་སྒོ་ནས་མིང་ཚིག་ཡི་གེའི་ཚོགས་བསྟན་པའི་ཕྱིར། ཡི་གེའི་སྒྲས་བཏགས་མིང་ཚོགས་ལ། །བརྟེན་པ་ཚིག་གི་དོན་རབ་ཏུ་མཚོན་ཏེ། །ཞེས་གསུངས་ཏེ། ཨའི་ན་ཏ་སྣ་ཡིག་ལས་སྣང་ཡི་གེ་ཐམས་ཅད་བའི་ཕྱིར། ཨའི་འོད་ཟེར་གྱི་སྒྲའི་ལ་བཏགས་པ་ཡི་གེ་ཀཱ་ལི་སུམ་ཅུ་རྩ་བཞིའོ། །ཨ་དེ་ཉིད་ཀྱི་སྒྲ་ལས་གུག་འགྲེང་ལ་སོགས་པ་བརྟག་པ་དབྱངས་ཡིག་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཱཻ། ཨོ་ཨཱ། ཨཾ་ཨཱ། བཅུ་གཉིས་སོ། །དེ་གཉིས་ཀ་ལས་སྣང་བ་ནི་རྀ་རཱྀ། ལྀ་ལཱྀ། མ་ནིང་གི་ཡི་གེ་བཞིའོ། །སྒྲ་ཡིག་དབྱངས་ཡིག་དེ་དག་འདུས་པ་ལས་མིང་བྱུང་། མིང་དེ་ལ་བརྟེན་ནས་བྱུང་བའི་ཚིག་གི་ཚོགས་གླེགས་བམ་རྒྱ་མཚོ་ཙམ་གྱི་དོན་རབ་ཏུ། མཚོན་ནས་བསྟན་པ་དེ་གང་གི་ཐེག་པ་བརྒྱད་པོ་གཞན་དག་སྣང་བ་ནི་ལམ་རྐྱེན་ཡི་གེའི་རྒྱུད་ཁོ་ནའི་ཕྱིར་རོ། །ཁོང་ཀ༽ནས་གབ་ཁ༽སྦས་དོན་ང༽འབྱིན་པ། །སྟོན་ག༽པ་ཆ༽རྡོ་རྗེའི་ཐུགས་༢ལ་གནས། །ཞེས་བྱ་བ་ནི། རྒྱུད་འདིའི་གཞི་ཤེས་བྱ། ༡རང་བཞིན་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཁོང་༣ནས་ངོ་མ་ཤེས་པས་བློ་འཁྲུལ་པས་བཏགས་པས་འི་དབང་གི། གཤིས་ལས་གབ་པའི་དོན་ནི་རྒྱུད་ཀྱི་སྟོན་པས་ཀུན་ཏུ་བཟང་མོ་ལམ་གྱི་རྒྱུད་བཤད་པ། མངོན་དུ་འབྱིན་ལ་འོན་ཀྱང་ལམ་གྱི་རྒྱུད་འཁྲུགས་པ་ལ་སོགས་པ་རག་ཆོད་ཅན་ལ་རྒྱུད་འདི་ལས་སྦས་པའི་དོན་རྣམས་ནི་རྗེས་འཇུག་གི་རྡོ་རྗེ་སློབ་དཔོན་བླ་མ་རྒྱུད་པའི་མན་ངག་ཅན་གྱིས་འབྱིན་པས་སངས་རྒྱས་ཀྱི་ལམ་རྒྱུད་ཀྱི་གཞུང་གི་ལུང་ཡོད་ཀྱང་བླ་མའི་གདམས་ངག་ལས་རག་ལས་པ་མཆོག་གི་ཁྱད་པར་དུ་ལེའུ་བཅུ་གསུམ་པ་འདི་ཚིག་རྒྱུད་དོན་རྒྱུད་སྙན་རྒྱུད་གསུམ་གྱིས་རྒྱུད་དོན་གཏན་ལ་ཕབ་པའི་བླ་མའི་མན་ངག་གི་དོན་ལ་ཐུགས་གནས་པ་གཅིག་ལ་རག་ལས་པ་ཁོ་ནའོ། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་བྱ་བ་ལ་སོགས་པ་ནི། ཕྱི་རོལ་དུ་གྲོལ་ལམ་རིམ་གྱིས་འཇུག་པ་བསྐྱེད་པའི་རིམ་པའི་དབང་དུ་རིམ་པ་དྲུག་ལྟར་བཤད་པ་ནི། གཞི་རང་བཞིན་བདེན་པ་དབྱེར་མེད་ཉིད་ཀྱིས་དཀྱིལ་འཁོར་དང་ལྡན་པ་དེ་ལྟ་བས་གནས་ལུགས་ཀྱི་དཀྱིལ་འཁོར་གྱི་དོན་དེ་ངོ་ཤེས་ནས་ལྟ་བས་དེའི་བློས་ཏིང་ངེ་འཛིན་ལྔའི་དང་པོ་སྟོང་པ་ཉིད་ཀྱི་སྐབས་སུ་བསྒོམ་བྱ་དོན་དམ་ཆོས་ཉིད་ཀྱི་དཀྱིལ་འཁོར་ལ་ནི་བསྒོམ་བྱེད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་སྤྲོས་བྲལ་དུ་བསྒོམ། པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེ་ནས་གཉིས་པ་ཡེ་ཤེས་སྒྱུ་མའི་ལྟ་བུ་ཏིང་ངེ་འཛིན་གྱི་སྐབས་སུ་ཕྱི་ནང་གི་ཆོས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་གྱིས་དཀྱིལ་འཁོར་དུ་སྣང་བ་རྣམས་མ་བྲིས་པར་གསལ་བར་བྱས་པ་དེ་ནི་གོང་གི་ཏིང་ངེ་འཛིན་གཉིས་ཀྱི་དཀྱིལ་འཁོར་གོམས་པ་ལས་གྱུར་པའི་དོན་ནི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནོ། །དེ་ནས་གསུང་པ་ཕྲ་མོའི་ཏིང་ངེ་འཛིན་གྱི་སྐབས་སུ་ཁམས་གསུམ་ཡེ་ཤེས་སྒྱུ་མའི་ངོ་བོ་ཉིད་དུ་གསལ་བ་དེ་གནས་ཀྱི་ཡི་གེ་ཧཱུྃ་དུ་བསྡུས་ཏེ་ཆོ་ག་གསུམ་གྱི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་ལྷ་བསྒོམ་པའི་ནི་སྣང་སྟོང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་མཆོག་ཅེས་བྱའོ་དེ་དུས་ན་ཡན་ལག་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི་བདག་ཉིད་ཆེན་པོའི་ལྷ་དང་ཐུགས་ཀྱི་ཡེ་ཤེས་ལྔའི་རྟགས་སུ་དབུ་རྒྱན་གྱི་ལྷ་རིགས་ལྔས་དབང་བསྐུར་བ་དང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་བྱིན་༼ཁ༽གྱིས་བརླབས་༼ཀ༽པ་ནི་ལྷག་པའི་ལྷའོ་དེ་ལ་ཏིང་ངེ་འཛིན་རབ་ཏུ་བརྟེན་པ་དེ་ནི་རྟོགས་དཀའ་ཞིང་གཉིས་མེད་དུ་ཟླུམས་པས་གསང་བའི་ཐིག་ལེ་དེ་དཀྱིལ་འཁོར་གྱི་ལྷ་དུ་མའི་འབྱུང་གཞིར་གྱུར་པས་དབྱིངས་དེ་ནས་བཞི་པོ་སྣང་བ་རྣམ་པར་འབྱེད་པའི་སྐབས་སུ་འབྱུང་བ་ལྔ་ནི་ཤེས་རབ་སྟེ་ཆ་ཕྲ་བས་རིགས་ཀྱི་ཡུམ་ལྔར་བསྒོམ་ཕུང་པོ་ནི་ཐབས་ཏེ་རགས་པས་རིགས་ཀྱི་ཡབ་ལྔར་བསྒོམ་པ་དེ་བཞིན་ཏེ། ལ་སོགས་པ་དབང་པོ་ལྔ་ཡུལ་ལྔ་དུས་བཞི་རིག་པ་རྣམ་ཤེས་ལྔ་དང་སུམ་འདུས་ཀྱི་རེག་པ་ལྟ་ངན་བཞི་དེ་རྣམས་ཀྱི་རྟོག་པ་ནི་བྱང་ཆུབ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་དེ་ལྟར་ལྷ་རྟོགས་དབྱེར་མེད་པ་ནི་རྡོ་རྗེའི་ཚོགས་ཞེས་བྱའོ། །ལྷག་པ་ཏིང་ངེ་འཛིན་གྱི་ལྷ་ཞེ་གཉིས་ཀྱི་དཀྱིལ་འཁོར་དུ་གསལ་བའི་གོང་དུ་བཤད་པའི་༼ཁ༽ཡན་ལག་གི་ལྷ་དགུ་རྣམས་ཡོངས་སུ་རྫོགས་པས་ཡིད་ཀྱི་མོས་༼ཀ༽སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོ་དང་བཟང་མོ་ཐུབ་དྲུག་དང་བཅས་པར་བསྒོམ་པའོ། །དེ་ནས་ལྔ་པ་ཚོགས་བསྒྲུབ་པའི་དུས་སུ་ཨ་ལི་ཀ་ལི་ལ་སོགས་པ་ལོངས་སྤྱོད་ལྔ་ནི་འདོད་པའི་ལོངས་སྤྱོད་ཀྱི་སྙིང་པོ་ལ་ཡུལ་དུ་མ་ཆགས་པའི་ཐབས་ཀྱིས་རོལ་པས་ནི་ཐིག་ལེ་མཉམ་སྦྱོར་བས་ཞེས་བྱའོ། །ལུས་ལ་བདེ་བའི་ཡེ་ཤེས་སྐྱེས་ནས་ཚིམ་པའི་རོལ་མོ་ཡི་སེམས་དགའ་བའི་ཡེ་ཤེས་སྐྱེས་པ་ནི་བདག་ཉིད་ཆེན་པོ་དགྱེས་པ་ལ་མཆོད་པ་འབུལ་བ་སྟེ། དེ་ལྟར་སྤྱོད་པས་ཅི་བྱས་ཀྱང་རང་ཁ་མའི་བག་ཆགས་སུ་མི་འགྱུར་ཏེ། ཆོས་ཉིད་ཟག་པ་མེད་པའི་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་གཉིས་ཀྱི་རྒྱུན་ལ་གནས་པས་རྒྱུ་སེམས་ཅན་རྣམས་ཡེ་ཤེས་སྒྱུ་མར་སྣང་བ་ཉིད་ལས། འབྲས་བུ་སངས་རྒྱས་མི་གཞན་པར་རང་སྣང་བས་ན་རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག་ཅེས་ས་བཅུ་གསུམ་པར་ཡི་གེ་འཁོར་ལོ་ཕྱིན་ནས་སྣང་སྟོང་གཉིས་སུ་མི་ཕྱེད་པའི་དོན་རྟོགས་དཀའ་ཞིང་གཉིས་མེད་དུ་ཟླུམས་པས་གསལ་བའི་ཐིག་ལེ་ཉིད་ཀྱིས་དབྱིངས་དེ་ཉིད་ནི་སངས་རྒྱས་ཀུན་གྱི་དངོས་གཞི་ཟུང་འཇུག་གི་སྐུ་ཐོབ་པའི་དུས་ན་ཕྱོགས་བཅུ་དུས་བཞི་མངོན་པར་རྫོགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ལྷག་མ་མ་ལུས་པ་ཉེར་ལྔའི་བདག་ཉིད་ཀྱི་ཞལ་བདག་གིས་མཐོང་བའི་ཕྱིར་སྟེ། ཐམས་ཅད་རིག་པ་བདག་ཉིད་ཆེན་པོའི་ངང་དུ་དབང་བསྒྱུར་ཞིང་མཆོག་ཉིད་དམ་པ་ཡིན་ཏེ་ཏེ། གཞི་རང་བཞིན་གྱི་དཀྱིལ་འཁོར་ལམ་ཐབས་གྲོལ་གྱི་དཀྱིལ་འཁོར་དང་། འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་གསུམ། མ་ལུས་པར་དུས་གཅིག་ཏུ་རང་སྣང་བས་ན་འོག་གི་དཀྱིལ་འཁོར་ལ་གནས་ཞེས་པའི་ཚིག་གསུམ་དྲང་ངོ་། །གདུལ་བྱ་གང་ཡང་མི་འདོར་ཞེས་སའི་སྐབས་སུ་རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བ་ཞེས་པའི་ཚིག་ལྔ་དྲང་ངོ་། །ཞེས་སྟོན་ཏེ། སྒྲ་ལས་མི་དགའ་བས། འབྲས་བུ་ཞིབ་ཏུ་མི་བཅོམ་མོ། །དེ་ནས་ནང་དུ་གྲོལ་ལམ་རིང་འཇུག་པ་ཞེས་ཡེ་ཤེས་མྱུར་བས། རྫོགས་པའི་དོན་འོག་སྒོ་བས་ཡེ་ཤེས་བུལ་བས་བསྐྱེད་པའི་རིམ་པར་གསང་ཐིག་ལྟར་བཤད་པ། ལ་བཞིའི་དང་པོ་ཡིད་ཀུན་ཏུ་བཟང་པོའི་ཐིག་ལེའི་མན་ངག་བསྟན་པའི་ཕྱིར། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་སྙིང་ཁ་གི་རྩའི་མདོ་སྙིང་པོ་དཀྱིལ་འཁོར་ཡན་ལག་རིན་པོ་ཆེ་སྒྲོབ་ལྟ་བུའི་ན་རྩའི་ཁྲག་གི་དྲོད་ཀྱི་བུག་གི་བདེ་བའི་༡དྭངས་མ་ཆེན་པོ་ཡེ་ཤེས་ཀྱི་འབྱུང་བ་ལྔ་དང་ལྡན་པ་རང་སྣང་བ་ནི་ཡུམ་སྤྱན་མ་མཱ་མ་ཀི་གོས་དཀར་མོ་སྒྲོལ་མ་ཀུན་མོ་ལྔ་ཡེ་ཤེས་སྐུ་ལྔའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་ལྡན་པ་དེ་དྭངས་མ་ལྔ་པོ་དེ་དག་༡ གི་རྟེན་སྡུད་སྨིན་བསྐྱོད་གོ་འབྱེད་པར་བྱེད་པའི་ལས་མི་མཐུན་པ་ལྔའི་ལུས་སམ་རྟོགས་པ་ཐམས་ཅད་བདེ་བ་ཆེན་པོར་སྣང་བར་བྱེད་པས་ན་སྒྲའི་གནས་བརྒྱད་ནི་ངོ་བོ་བྱ་བྱེད་དགོངས་པ་དང་། བྱུང་ཁུངས་དང་ནི་འབྲེལ་པ་དང་། གནས་བཞི་དང་ནི་བ དགས་པའོ། །ཞེས་དེའི་གཉིས་པ་ལས་ཀྱི་དབྱེ་བའམ། ཡང་ན་སྒྲ་གནས་པ་ཀ་བ། དེ་ལས་བཞག་ན་ཀ་བས་ཏེ། གདུང་མ་འདེགས་པའི་བྱེད་ལས་མཚོན་པ་ལྟ་བུ་ཁོ་ནར་བརྗོད་ཀྱང་ལྔ་པོ་དེ་ཉིད་བདག་པོ་འི་རྐྱེན་དབང་པོའི་ཡང་ན་མུ་སྟེགས་རྟག་ལྟའི་བྱེད་པ་པོའི་བདག་པོ་ལྟ་བུ་མ་ཡིན་གྱི་དོན་དུ་ན་རྒྱལ་བའི་སྐུ་ལ་མདུན་རྒྱབ་མེད་པ་ལྟར་སྟོན་འཁོར་རམ་སྣང་ངམ་བྱ་བ་དང་བྱེད་པ་གཉིས་ཀ་ལས་མ་འདས་པའི་ཕྱིར། ཐ་སྙད་ཙམ་དུ་མཚོན་ཚུལ་གྱིས་བྱེད་པ་པོ་ཉིད་དུའང་འགལ་བ་མེད་དོ། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །ཞེས་བྱ་བ་ནི། དྭངས་མ་ལྔ་པོ་དེ་དག་ཉིད་ཡེ་ཤེས་སྙིང་པོའི་གཞུགས་གནས་གཞལ་ཡས་ཁང་གི་ངོ་བོ་དཀྱིལ་འཁོར་ཡིན་པའི་ཕྱིར་སྒྲ་གནས་པ་གནས་གཞིའི་ཚིགས་ལ་སྟེ། ཤིང་ལ་བྱ་ཚངས་བཅས་བྱ་བ་ལྟ་བུའམ། ཡང་ན་སྤྱི་བོར་ཡི་གེ་ༀ་གྱིས་ཡེ་ཤེས་ལྔ་མཚོན་པ་ལྟ་བུ་ཡེ་ཤེས་༼༠༠༽སྙིང་པོའི་ཐིག་ལེ་དེ་༡ཉིད་ལས་མ་གཡོས་པར་ལྔར་སྣང་བས་གཅིག་དང་དུ་༴༽མར་༡བྲལ་༴༽བའི་ཚུལ་གྱི་ཐབས་༡བདེ་བའི་ཡེ་ཤེས་དང་། ཤེས་རབ་༴༽ སྟོང་པ་གཉིས་སུ་མེད་པ་ཉིད་དོ། །ཡེ་ཤེས་སྙིང་པོའི་ཐིག་ལེ་དེའི་ངོ་བོ་ཉིད་ནི་ཀུན་རྡའི་འོད་ལྟ་བུ་ལས་འོད་ཁ་དོག་སྣ་ཚོགས་ཀྱི་ཕྱིར་ཕྱོགས་གཅིག་ཏུ་ཅིར་ཡང་མ་ངེས་པས་ཕྱོགས་མེད་དུ་ཅིར་ཡང་སྣང་བས་བློས་ཡུལ་དུ་བརྟག་ཏུ་མེད་པས་རང་སྣང་གསལ་བས་སྒྲ་གནས་གསུམ་པར་ཀ་སྟེ་དཔེ་བྱེད་པ་མཚོན་པའི་སྒྲ་ཤིང་ལ་སྟྭ་རེ་རྒྱོབ་བྱས་པ་ལྟ་བུའམ། ཡང་ན་རྩ་ལ་བ་སྦྱར་ན། ཐམས་ཅད་ཀྱི་རྩ་བ་བྱེད་པ་ལྟ་བུ་ཡང་འགྱུར་ཏེ། དེ་ལྟར་བསྒོམ་བྱ་སྒོམ་བྱེད་བསྒོམ་པ་རང་གི་དངོས་པོ་གསུམ་དུ་གྱུར་པ་མེད་པ་ནི། ཡུལ་ཡུལ་ཅན་མེད་པར་རང་གསལ་བས་རང་རིག་པའི་མངོན་སུམ་ཡིན་པས་དཀྱིལ་འཁོར་བསྒོམ་པའི་མཆོག་གོ། །༡དེའི་དགོས་པ་ཅི་ཞིག་སྙམ་པ་ལ། དཀྱིལ་འཁོར་དཀྱིལ་འཁོར་ལས་༼ཀ༽ བྱུང་བའི། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག ། ཅེས་གསུངས་ཏེ། དྭངས་མ་ལྔ་ཡེ་ཤེས་སྙིང་པོ་དང་དྲུག་པོ་དེ་དག་ཡེ་ཤེས་ལྔ་རང་བྱུང་ཡེ་ཤེས་དང་དྲུག་གི་དཀྱིལ་འཁོར་དུ། རང་སྣང་བར་ཡེ་ནས་གནས་པ་ནི། གཞི་མི་འགྱུར་བར་ཡོངས་སུ་གྲུབ་པ་ཤེས་བྱའི་དཀྱིལ་འཁོར་ཡིན་པ་དེ་ལས་གོང་དུ་༼༠༠༽བཤད་པ་ལྟར་ཕྱིན་ཅི་མ་ལོག་པར་ཤེས་བྱེད་དུ་ཡོངས་སུ་གྲུབ་པས་རང་རང་གསལ་བ། ཡེ་ཤེས་ལྔར་མ་འདྲེས་ལ་རང་བྱུང་ཡེ་ཤེས་སུ་ཡོངས་སུ་རྫོགས་པར་གསལ་བར་བྱུང་བ་སྟེ། ཡེ་ཤེས་དྲུག་གོ་བརྟེན་ནས་དེའི་འོད་ཀྱིས་ཆོས་ཉིད་ཀྱི་ཡོན་ཏན་གྱི་རང་རྒྱུད་ཀྱི་ཡེ་ཤེས་ཀྱི་རྩ་བཞིའི་ནང་གི་སྙིང་པོ་ༀ་སྐུ་ཨཱཿགསུང་ཧཱུྃ་ཐུགས་ཀྱི་ཡི་གེ་འབྲས་བུ་གསུམ་བསྐུལ། ༡དེ་དག་གི་འོད་ཀྱིས་འགྲོ་དྲུག་བསྐྱེད་པའི་ས་བོན་སུཾ་ཏྲི་པྲེ་དུ་ཨ་ནྲི་དྲུག་དང་། སེམས་ལས་བྱུང་བ་ལ་དྲུག་ཀྱོག་གཉིད་ཀྱི་རྟོག་པ་སྦྱངས་ནས་ཀུན་གྱི་སྙིང་ཡིད་སྒོ་ལྔའི་རྣམ་པར་ཤེས་པ་བག་ཆགས་བཞི་པ་དག་པས་ཡེ་ཤེས་ཀྱི་འོད་ཡེ་ཤེས་ཀྱི་སྙིང་པོའི་ཐིག་ལེ་ལ་འདུས་པས་དྭངས་མ་འབྱུང་བ་ལྔ་ཡང་རིམ་པ་བཞིན་དུ་ཡེ་ཤེས་སྙིང་པོ་ལ་བསྡུས་ནས་ཡེ་ཤེས་སྙིང་པོའི་ཐིག་ལེ་ཉིད་ཀྱང་ངོ་བོ་ཉིད་ཅིར་ཡང་མ་དམིགས་ཏེ། ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་ཐུགས་ཡེ་ཤེས་ཧཱུྃ་ལྔའི་དཀྱིལ་འཁོར་དུ་རང་གསལ་བ་ནི། གོང་ན་གཞན་མེད་པའི་ཕྱིར་མཐའ་བྲལ་གྱི་བདེ་བའི་ཡེ་ཤེས་དཀྱིལ་འཁོར་གྱིས་མཆོག་གོ། །དེ་དག་སྒྲ་གནས་ལྔ་པར་འབྱུང་ཁུང་གི་ཤིང་ལས་འབྲས་བུ་འགྱུར་བ་ལྟ་བུ་ཐ་སྙད་ཙམ་དུ་བཞག་མོད་ཀྱི་འབྲས་བུ་ཡེ་ནས་རྒྱུ་རྐྱེན་མེད་པར་རང་སྣང་བས་གསལ་བྱེད་ཀྱི་རྐྱེན་ཙམ་སྟེ། བསྐྱེད་བྱ་བསྐྱེད་བྱེད་ཀྱི་རྒྱུ་འབྲས་ཐ་དད་སུ་ཐལ་བའམ་སོང་བ་མེད་དོ། །དཀྱིལ་འཁོར་གཉིས་པ་ཀུན་མོའི་ཐིག་ལེའི་མན་ངག་བསྟན་པའི་ཕྱིར། གསང་བའི་དཀྱིལ་འཁོར་ཐིག་ལེ་དབྱིངས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ནི་དབྱིངས་ཕྱུག་མ་ཡུམ་ལྔའི་ཐིག་ལེ་ཨ་ཐུང་གི་དབྱིབས་སུ་གནས་པ་དེ་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གསལ་བ་དེ་ནི་དེར་ཡི་གེ་ཨའི་ཐུང་ངུ་ཡོད་པ་༡ཕྱིར་མ་སྐྱེས་པ་དང་ལུས་སམ་ཡི་གེ་༡ཐམས་ཅད་ཀྱི་རྒྱུའི་རུ་གྱུར་པ་༡ཕྱིར་ན་དབྱིངས་ཞེས་བྱ་བ་ཁོ་ནའོ། །༡དེའི་ཕྱིར་ན་དྭངས་མའི་འབྱུང་བ་ལྔའི་ཆ་ཕྲ་བ་ཤེས་རབ་རིགས་ཀྱི་ཡུམ་ལྔ། ཆ་རག་པ་ཆེན་པོ་ལྔ་ནི་རིགས་ཀྱི་ཡབ་ཡིན་པས་དེ་བཞིན་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བའི་ཨ་དེའི་དྭངས་མ་ལྔའི་ཆ་ཕྲ་བ་ཆ་རག་པ་ལས། རིགས་༡ལྔ་ཡབ་ཡུམ་དུ་རང་སྣང་ངོ་། །ཁ༽བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །༡དབང་པོ་ཡུལ་དུས་རིག་པ་རྣམས། །ཞེས་བྱ་བ་ནི། ལྟེ་བའི་ཨ་དེའི་ཡན་ལག་གི་དྲུག་ཅུ་རེ་བཞིའི་ཡི་གེ་ཀ་དང་ཁ་ལ་སོགས་པ་རྣམས་ཀྱི་མཚོན་པའི་རྟོག་པ་དབང་པོ་ལྔ་ཡུལ་ལྔ་དུས་བཞི་རིག་པ་རྣམ་ཤེས་ལྔའི་དངོས་པོ་རྣམས་ཀྱི་སྒྲས་སུམ་འདུས་ཀྱི་རེག་པ་དང་ལྟ་ངན་བཞི་པོ་ཀྱང་རྡོ་རྗེའི་སྐྱེ་མཆེད་དེ་བྱང་ཆུབ་སེམས་དཔའ་དང་སེམས་མ་ཁྲོ་བོ་དང་ཁྲོ་མོའི་ཚོགས་དུ་གསལ་བར་བྱེད་༡པ་ལ་༡དེའི་ཡིད་ཆོས་ཉོན་མོངས་པ་དྲུག་པོ་ཐམས་ཅད་ཀྱང་ལྷའི་སྐུ་ཐུབ་དྲུག་ལ་སོགས་ཕྱག་རྒྱའི་དཀྱིལ་འཁོར་དུ་རང་སྣང་བར་བྱེད་པས་ན་སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པའི་ཀུན་ཏུ་བཟང་པོའི་ངོ་བོར་གྱུར་པའི་ཕྱིར། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་གསུངས་སོ། །བདག་ཉིད་ཆེན་པོ་ལྷག་པ་ཡིས། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་༼༠༠༽ཞིང་། །ཞེས་བྱ་བ་ནི། ཆེན་པོ་འཁོར་འདས་ཀྱི་དངོས་པོ་ཐམས་ཅད་ངོ་བོ་ཡིད་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཁོ་ནའི་ཡིན་པ་ཕྱིར་བདག་ཉིད་ཆེན་པོ་ཞེས་བྱ་བ་སྟེ། དེ་ཡང་དཀྱིལ་འཁོར་དང་པོར་སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་ཡང་བསྒོམ་པའི་ཁྱད་པར་གྱི་ཆོ་གས་རང་ལ་གནས་པ་དེ་ཀུན་ཏུ་བཟང་པོའི་མན་ངག་གིས་ཁྱད་པར་དུ་གསལ་བར་བྱས་པའི་ཕྱིར་ལྷག་པའི་ས་ཞེས་བྱ་བ་སྟེ། ཆོས་ཀྱི་འཁོར་ལོ་དེ་ཉིད་ཡེ་ཤེས་ཧཱུྃ་ལྔར་སྔར་གྲུབ་ཟིན་ཏོ། །དེ་ཡང་དཀྱིལ་འཁོར་ལ་ཞེས་པ་ཡི་གེ་ལ་༼༠༽དང་ཡེ་ཤེས་ལྔའི་ཞེས་པ་༼༠༽ས་གཉིས་ཀྱི་སྒྲ་གནས་གསུམ་༼༠༽ པ་སྙིང་ཁ་བྱེད་པ་པོའི་ས་དང་གཉིས་༼༠༽ པ་ལྟེ་བ་བྱ་བ་ལས་ཀྱི་ལྟ་བུར་བལྟ་༼༠༽བྱ་ལ་ལྟ་བྱེད་༼༠༽ཀྱི་བར་འདོགས་མོད་ཀྱང་། སྙིང་ཁ་དང་ལྟེ་བ་སྟེང་འོག་གི་༡གནས་དང་། ཐུགས་ཀྱི་དོན་ཡེ་ཤེས་ལྔར་གསལ་ཡང་མཐར་འབྲལ་དུ་བྱེད་པའི་༡ལས་ཀྱི་ཐ་༡༡དད་ཀྱང་ཡིད་རང་བྱུང་གི་ཡེ་ཤེས་དང་ཀུན་གཞི་ཆོས་དབྱིངས་ཡེ་ཤེས་གཉིས་ངོ་བོས་ཐ་མི་དད་པས་དབྱིངས་ཡེ་ཤེས་གཉིས་མེད་ཀྱི་དོན་ལྟ་བ་ས་མཐོང་ཞིང་རྟོག་པ་ནི་ཡུལ་དབྱིངས་མཐོང་བ་མེད་པའི་ཚུལ་གྱིས་རང་གསལ་བའི་ཡེ་ཤེས་གཉིས་མེད་དུ་མཐོང་བ་ཁོ་ནའོ། །དེ་ལྟར་མངོན་དུ། མ་གྱུར་ཏེ་ཡུལ་དུ་ཞེན་པ་ནི་ཐེག་པ་ཆེན་པོའི་གསང་སྔགས་པ་ཏིང་ངེ་འཛིན་ལས་ཉམས་པའོ། །ལྟེ་བའི་ཀུན་གཞི་ཨ་དེ་ཉིད་ལས་བདེའི་ཡེ་ཤེས་ཐོབ་པའི་དུས་ན་སྙིང་ཁའི་ཐ་མལ་པའི་ཡིད་ཀྱིས་རྒྱུན་ཡང་བདེ་བའི་ཡེ་ཤེས་སུ་བསྡུས་ཏེ་རང་རྒྱུད་པ་མེད་ལྟེ་བའི་ཨ་ཐུང་ཀུན་གཞི་རང་གི་ངོ་བོ་ཐིག་ལེ་ཉིད་ཀྱང་ཕྱོགས་གཅིག་འདི་འདྲར་མི་དམིགས་ནས་ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་བར་རང་གསལ་བ་ནི། ཀུན་གཞི་དེ་ཉིད་ཀུན་ཏུ་བཟང་མོའི་ངོ་བོ་ཉིད་ཉམས་སུ་མྱོང་བས་དོན་རྙེད་པ་ཁོ་ནའོ། །དཀྱིལ་འཁོར་གསུམ་པོ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་སྦྱོར་བ་དག་པའི་མན་ངག་བསྟན་པའི་ཕྱིར། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །༡གོང་མ་སྤྲུལ་པའི་འཁོར་ལོ་ལས་ཨའི་སྒྲ་ཙམ་སྣང་བ་ལས་ཀྱང་ཐིག་༡ལེར་འོད་དཀར་པོ་བྱུང་ངོ་། །དེ་དག་༡གི་འོད་ཟེར་རྩ་ཨ་བ་དྷུ་ཏེ་ནས་ཡར་གྱེན་དུ་སོང་བས་མགྲིན་པ་༡ལོངས་སྤྱོད་ཀྱི་སྙིང་པོའི་ཐིག་ལེ་ༀ་ལ་ཕོག་པ་ས་ཐིག་ཡེ་འཁྱག་པ་བཞུགས་ཏེ། བཞག་དཀར་པོ་འོ་མས་གང་བ་ལྟར་སོང་བ་ནི་མཉམ་བཞག་གི་སྦྱོར་བ་ས་རྟོག་ཚོགས་དག་པའི་མན་ངག་གོ། །བདེ་བའི་ཡེ་ཤེས་རོལ་མོའི་ས། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཞེས་བྱ་བ་ནི། ལོངས་སྤྱོད་ཀྱི་ཐིག་ལེ་དེ་ཞུ་ཞིང་ཡོངས་སུ་གྱུར་པས་ཁ་བ་མངར་བ་ཚ་བ་སྐྱུར་བ་ཡང་བ་སྐ་བའི་༼༠༽རོ་དྲུག་གི་བདེ་བའི་༡ཡེ་ཤེས་དྲུག་ཏུ་གསལ་བས་ལམ་པའི་བློ་ཚིམ་པར་བྱེད་པ་ནི་རོལ་མོའི་ཡེ་ཤེས་ཀྱིས་མཆོག་སྟེ། བདེ་བའི་ཡེ་ཤེས་༡དེ་ཉིད་ཡུལ་དུ་མྱོང་བ་མེད་པའི་ཚུལ་གྱིས་དགྱེས་ཤིང་རང་གསལ་དུ་མྱོང་བ་ལ་ནི་མཆོད་པ་གནས་སུ་སྟོབས་པས་ན་འབུལ་བ་ཞེས་བྱའོ། །དེ་ལྟར་རོ་དྲུག་པོ་ཐམས་ཅད་ཀྱང་སྤྱོད་པ་ལ་མི་འཛིན་པར་ས་ན་སྤྱོད་པ་དག་པའི་མན་ངག་ཅེས་བྱ་བ་འགྱུར་རོ། །འཁོར་ལོ་བཞི་པ་གླད་པ་བདེ་ཆེན་ཁྱབ་བདལ་ཆེན་པོའི་བསྒོམ་པ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་མངོན་གསུམ་དུ་རྫོགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་མན་ངག་བསྟན་པའི་ཕྱིར། ཟག་པ་མེད་པའི་བསོད་ནམས་༼༠༽ཀྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ༼༠༽བཤད་པ་ཉིད་ཀྱི་རོ་དྲུག་པ་ལ་སོགས་ཐམས་ཅད་ཟག་པ་མེད་པའི་བདེ་བ་ཉམས་སུ་མྱོང་བའི་བསོད་ནམས་ཀྱིས་འཁོར་བའི་རྒྱུ་དངོས་འཛིན་གྱི་བག་ཆགས་སུ་མི་འགྱུར་ཞིང་དྲི་མ་དག་པའི་ཕྱིར། ཡེ་ཤེས་སྒྱུ་མ་རང་སྣང་བ། །ཞེས་བྱ་བ་ནི། ཡེ་ཤེས་དེ་ཉིད་ལ་མ་ཞེན་པའི་རོལ་པའི་སྐད་ཅིག་མའི་ཡིན་པ་ཕྱིར། སྒྲ་གནས་༼༠༽གཉིས་པར་བྱ་བ་ལས་ཀྱིས་ཡང་འགྱུར་ལ། ཞེན་པ་མེད་པར་གསལ་བའི་ཕྱིར་ན་སྒྱུ་མར་ཡང་རང་སྣང་བ་ལ་མིང་འདོགས་སོ། །ལོངས་སྤྱོད་པ་པོ་ཡིན་པ་དེའི་ཕྱིར། མགྲིན་པའི་ཡེ་ཤེས་༼༠༠༽དྲུག་པོ་དེ་ཉིད་འོད་ཟེར་དྲུག་ཏུ་འབར་ནས་ཨ་བ་དྷུ་ཏི་ནས་ཡར་གྱེན་དུ་འགྲོའོ། །རོལ་མོའི་དཀྱིལ་འཁོར་བསམ་ཡས་མཆོག །ཅེས་བྱ་བ་ནི། འོད་ཟེར་༼༠༠༽དེའི་བདེ་བ་ཆེན་པོའི་འཁོར་ལ་ཆེན་པོའི་ཧམ་གྱི་ཐིག་ལེ་བཞུ་ནས། ཐིག་ལེ་བཞི་བཅུ་རྩ་ལྔ་ལ་སོགས་པའི་རྩ་གནས་ཐམས་ཅད་དུ་ཐིམ་པས་རོལ་མོའི་གཞི་མ་ངེས་པ་སྣ་ཚོགས་སུ་སྣང་བ་བཞིན་དུ་བདེ་བའི་ཡེ་ཤེས་ཀྱིས་ཚིམ་པར་བྱེད་པས་ཕུང་པོ་ལ་སོགས་པའི་རྟོགས་པ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསམ་ཡས་སུ་སྣང་བར་བྱེད་པས་ན་མཆོག་དོ། །ཞེས་བྱའོ། །ཧེ་དུ་༡དེ་ཅིའི་ཕྱིར་སྣང་བར་བྱེད་སྙམ་པ་ལ། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་གསུངས་ཏེ། ཧམ་གྱི་ཐིག་ལེ་དེ་ཉིད་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་ཡེ་ནས་གནས་ཀྱང་རྟོགས་པར་དཀའ་བ་ས་གསང་བའི་དོན་དེ་ཉིད་ལས་འབྲས་བུ་བདེ་བ་ཆེན་པོའི་སྐྱེ་བ་རྒྱུན་དུ་འབྱུང་བ་ཉིད་ཀྱི་རྒྱུར་གྱུར་པའོ། །ས་དབྱིངས་ཡིན་པ། ཧམ་གྱི་དེ་ཉིད་བསྒོམ་ནས་སྣང་བ་༡ལས་ཀྱི་དང་ཡེ་ནས་བདེ་བར་བྱས་པ་རང་གི་ངོ་བོ་གཉིས་ཀས་བདེ་བ་༡༡ཆེན་པོའི་འི་ཡེ་ཤེས་ཁོ་ནའི་ཕྱིར། དེ་ནི་སངས་རྒྱས་ཀུན་གྱི་དགོངས་པའམ་དངོས། ཞེས་གསུངས་སོ། །ཐིག་ལེ་དེ་ཉིད་ཀྱི་བསྒོམ་པའི་ཡོན་ཏན་བསྟན་པའི་ཕྱིར། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བ། །ཞེས་གསུངས་ཏེ། སྔར་གོང་དུ་བཤད་པ་བཞིན་དུ་དཀྱིལ་འཁོར་བཞིའི་མན་ངག་གི་ཉམས་སུ་མྱོང་བ་ནི་རྒྱབ་དཀྱིལ་འཁོར་མ་ལུས་པ་ཉེར་ལྔ་པོ་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཐོང་བ་སྟེ། དེ་ཡང་དག་ཉིད་ཀྱིས་ཞལ་བདག་གི་མཐོང་བ་ཞེས་བྱའོ། །ཕྱི་ནང་གཉིས་པོ་དེ་དག་ལས། ཐུགས་ཐིག་ལྟར་རྫོགས་པའི་རྫོགས་པར་འོག་སྒོ་ཐབས་ཀྱི་ལམ་ཅིག་ཆར་དུ་བཤད་པ། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་བྱ་བ་ལ་སོགས་པ་ནི། གཞི་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ཡེ་ནས་ལྡན་པ་དང་། ཐིག་ལེ་ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་བདེ་བའི་ཡེ་ཤེས་ཀྱི་དོན་དེ་དཀྱིལ་འཁོར་གྱི་ངོ་བོར་གོ་བ་དེས་གོང་གི་༡དཀྱིལ་འཁོར་བཞི་པོར་ལ་ནི་སྟེང་སྒོའི་ཡེ་ཤེས་ཀྱི་བདེ་བའི་རོ་བསྐྱེད་པ་ལ་དཀྱིལ་འཁོར་བསྒོམ་པ་སྔར་དང་འདྲའོ། །དེ་ནས་རྣལ་འབྱོར་པ་ཡབ་ཡུམ་ཐབས་དང་ཤེས་རབ་ལྷ་ཡབ་ཡུམ་ཀྱིས་སྐུ་ཕྱག་རྒྱའི་དཀྱིལ་འཁོར་གཉིས་སུ་ཁམས་དང་སྐྱེ་མཆེད་མཁའ་གསང་བྱིན་གྱིས་བརླབ་སྟེ། ཕྱག་རྒྱ་བཞིས་རོལ་པ་ལས་བྱུང་བའི་ཡབ་ཀྱི་ཟླ་བའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསང་བ་རྡོ་རྗེའི་ནོར་བུ་བདེ་བའི་རོ་དང་བཅས་པ་སྣང་བའི་དུས་ན་ཐུགས་ཀྱིས་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གསལ་བར་སྣང་བ་ནི། སྐུ་ཡེ་ཤེས་མཐའ་མ་བསྒྲིབ་པར་རང་བཞིན་གྱི་འོད་གསལ་བས་དཀྱིལ་འཁོར་གྱི་མཆོག་དོན་གསུམ་གྱིས་དང་པོ་ཡེ་ཤེས་གསལ་བའི་ཐབས་ཉིད་ཤེས་༼༠༽རབ་མི་རྟོག་པའི་ངང་དུ་སྦྱོར་བའོ། །སྦྱོར་བ་དེའི་ཚེ་ཡུམ་གྱི་ཉི་མའི་བྱང་སེམས་ཀྱི་གསང་བའི་ཐིག་ལེའི་དཀྱིལ་འཁོར་ལ་ཐམས་ཅད་ཀྱི་བཅུད་ཐིག་ལེ་འདུས་པའི་ཕྱིར། འཁོར་འདས་སམ་ལྷའི་དཀྱིལ་འཁོར་མ་ལུས་པའི་རྒྱུར་གྱུར་པས་ན་དབྱིངས་བཟློག་པའི་ཐབས་མཁས་པས་བདེ་བའི་ཡེ་ཤེས་ཀྱིས་ཟིན་ན་དེ་ལ་གང་བྱུང་ཞེ་ན་འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ་ཆེན་མོ་ཕུང་པོ་ལྔ་ལ་སོགས་པ་རྣམས་ནི་རིགས་ཀྱི་དེ་བཞིན་ཞེས་པ་ནས་རིག་པ་རྣམས་ཞེས་པའི་བར་ཐམས་ཅད་ཀྱང་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབས་པར་བྱེད་པའི་མཐུ་དང་ལྡན་པ་དེ་པདྨའི་ཟེའུ་འབྲུའི་རྩེར་སྣང་བ་ནི། གཉིས་པ་ཤེས་རབ་མི་རྟོག་པ་ཐབས་སུ་ལྷའི་དཀྱིལ་འཁོར་དུ་གསལ་བ་སྦྱོར་བའོ། །ཡབ་ཀྱི་ཟླ་བའི་བྱང་སེམས་ཀྱི་རོ་ཡེ་ཤེས་ལྔར་གསལ་བས་མ་ཉམས་ཤིང་བདག་ཉིད་ལྷག་པའི་ཐུགས་ཀྱིས་ཡེ་ཤེས་ལྔའི་ངོ་བོར་ལྟ་ཞིང་དམིགས་པ་མི་འགྱུར་བར་ཏིང་ངེ་འཛིན་བརྟེན་པས་སྙིང་པོ་ཐིག་ལེ་དུས་གཅིག་ཏུ་བསྲེས་པས་མཉམ་པོར་སྦྱོར་བས་ཡོད་མེད་ཀྱི་མཐའ་གཉིས་ལས་གྲོལ་བའི་བདེ་བའི་ཡེ་ཤེས་ཀྱི་རོ་ཐོབ་ནས་སྟེང་འོག་གི་རླུང་ལ་སོགས་པའི་ལུས་ཀྱི་འཁྲུལ་འཁོར་གྱི་རོལ་མོ་ཡི་གར་ཐབས་ཆེན་པོས་བདེ་བ་སྐྱེ་པའི་ཐིག་ལེ་ལ་དགའ་བ་བཅུ་དྲུག་གིས་རིམ་པ་སླར་རང་གི་གནས་སུ་ལྡོག་ནས་གཞི་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དེ་རྟོགས་པ་ལྟ་བའི་དཀྱིལ་འཁོར་དུ་གནས་པའི་ཡེ་ཤེས་དགྱེས་པ་ལ་མཆོད་པར་འབུལ་བས་དེ་གཞི་ཅི་བཞིན་ཉིད་དུ་མངོན་སུམ་དུ་གྱུར་ཅིང་གཤེགས་པའི་ཚེ་ཆོས་ཐམས་ཅད་ཀྱང་འཁྲུལ་པ་ཞེན་པའི་སྣང་བ་དང་རང་བཞིན་སྣང་བ་གཉིས་སུ་གནས་པའི་འཁྲུལ་སྣང་རྟོག་པའི་ཟག་པ་ཕྱོགས་གཅིག་ཏུ་འཛིན་པ་ཟད་ནས་མེད་པའི་བདེ་སྟོང་གཉིས་མེད་ཀྱི་དོན་གཅིག་པོ་དེ་རང་བཞིན་གྱི་སྣང་བ་ལས་རྟོགས་པ་ལྟ་བུའི་དཀྱིལ་འཁོར་དུ་གནས་པ་ལ་སྦྱོར་བའི་ཐབས་ལམ་ཀྱི་ངེས་པ་པོས་ངེས་པར་ཏེ་གསལ་བ་བྱས་པས་འབྲས་བུ་ལྷའི་དཀྱིལ་འཁོར་དུ་སྣང་བ་ལས་བསོད་ནམས་ཀྱི་ཚོགས་མི་འཛིན་པས་ཡེ་ཤེས་ཀྱི་ཚོགས་དང་གཉིས་ཀྱི་སྐབས་སུ་སྒྲིབ་པ་བྱང་བ་དང་། འབྲས་བུ་ཆུབ་པ་གཉིས་དུས་གཅིག་ཏུ་ཡེ་ཤེས་སྒྱུ་མར་རང་སྣང་བར་འགྱུར་ཏེ། ཡབ་ཡུམ་གྱི་ཐིག་ལེའི་རྟོག་པ་རང་རང་གི་བདེ་བའི་ཡེ་ཤེས་ལ་རོལ་མོ་ལྟ་བུའི་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་སྣང་བས་མཐའ་ཡས་མཆོག་ཅེས་བྱའོ་དེ་ཡང་ཉི་ཟླའི་ཐིག་ལེ་གཉིས་སུ་མེད་ཅིང་ཟུང་དུ་འབྲེལ་པའི་དོན་དེ་རྟོགས་དཀའ་ཞིང་གཉིས་མེད་དུ་ཟླུམ་པས་གསལ་བའི་ཐིག་ལེ་ཉིད་ཀྱི་དབྱིངས་ཀྱི་རོ་ལས་མ་འདས་པའི་ཕྱིར། དོན་དམ་སྟོང་པ་དང་ཀུན་རྫོབ་བདེ་བའམ་གསལ་བའི་བདེན་པ་གཉིས་སུ་མི་ཕྱེད་པའི་ཟུང་འཇུག་གི་དོན་དེ་ནི་སངས་རྒྱས་ཀུན་ཀྱི་དགོངས་པའི་དངོས་གཞི་སྐུ་འོད་དེ་ལ་ལྔ་ལ་སོགས་ལྷུན་གྱིས་གྲུབ་པ་ནི་ཕྱོགས་བཅུ་དུས་བཞི་མངོན་སུམ་དུ་རྫོགས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐུགས་མ་ལུས་པ་རྣམས་རང་རིག་པའི་མངོན་སུམ་དུ་བྱས་པ་ནི། ཡུལ་ཡུལ་ཅན་དུ་མཐོང་བ་མེད་པའི་ཚུལ་གྱིས་རང་གསལ་བས་བདག་ཉིད་ཀྱི་ཞལ་བདག་གིས་མཐོང་བ་ཞེས་བྱའོ། །གོང་གི་བསྐྱེད་རྫོགས་ཀྱི་ལམ་གསུམ་པོ་དེ་དག་གི་ཡོན་ཏན་ཐུན་མོང་དུ་བསྟན་པའི་ཕྱིར། དབང་བསྒྱུར་མཆོག་ཉིད་དམ་པ་ཡིན། །ཞེས་གསུངས་ཏེ། གོང་གི་ཕྱི་ནང་གསང་གསུམ་དུ་རྣམ་པར་བཤད་པའི་རྗེས་སུ་འཕྲིན་ལས་བཞི་དང་དངོས་གྲུབ་གཉིས་པོ་ཐམས་ཅད་ལ་རང་དབང་དུ་བསྒྱུར་བར་བྱེད་པ་ནི། རིག་པའི་རྒྱལ་པོ་རང་དབང་ཐོབ་པས་མཆོག་ཉིད་དམ་པ་ཡིན་པའོ། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་ག༽པའི་དཀྱིལ་ཁ༽འཁོར་ཀ༽ལྷུན་གྱིས་གྲུབ། །ཅ༽རྒྱན་དུ་དཀྱིལ་ང༽འཁོར་མ་ལུས་ཆ༽ཐོགས། །ཞེས་བྱ་བ་ནི། ཕྱི་བསྐྱེད་རིམ་གྱིས་ལམ་ལྷག་པ་ཏིང་ངེ་འཛིན་གྱི་ལྷའི་དཀྱིལ་འཁོར་དང་། ནང་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཐིག་ལེ་དང་བདེ་བའི་ཡེ་ཤེས་དང་གསུམ་ལ་བློ་བརྟེན་པར་གནས་པས་དོན་གྱི་གཞི་ཤེས་བྱ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་གནས་ལུགས་དེ་ཉིད་མངོན་དུ་བྱས་བས་རང་བཞིན་འབྲས་བུ་མཐར་ཕྱིན་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བར་གྱུར་པས་ན་རྫོགས་པ་ཞེས་བྱའོ། །དཀྱིལ་འཁོར་བདུན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་གསལ་ཆའི་རྒྱན་དུ་མ་འདྲེས་ལ་ཆོས་ཉིད་དུ་ཡོངས་སུ་རྫོགས་པར་གསལ་བར་སྣང་ངོ་། །ཞེས་བྱ་བ་ཁོ་ནའོ། །འོ་ན་རྒྱལ་བའི་སྣང་ངོ་ན་ཆོས་ཐམས་ཅད་སྐུའི་དཀྱིལ་འཁོར་དུ་སྣང་བས་གདུལ་བྱ་སེམས་ཅན་དུ་སྣང་བ་མེད་པའི་ཕྱིར། ཐུགས་རྗེ་མི་སྐྱེ་བར་འགག་པར་དོགས་པའི་འགལ་པ་ཁོང་ནས་འོང་བ་ལ་ལེན་དཀྱུས་སུ་འདེབས་པ་ནི་རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞེས་གསུངས་ཏེ། གོང་དུ་བཤད་ཀ༽པ་བཞིན་དུ་གཞི་རང་བཞིན་དང་། འབྲས་བུ་རྫོགས་པར་ལྷུན་གྱིས་གྲུབ་ཀྱི་དཀྱིལ་འཁོར་གཉིས་རང་རིག་པའི་བདག་ཉིད་དུ་མཉམ་པར་སྦྱོར་བས། གདུལ་བྱ་འགྲོ་བ་དྲུག་པོ་ཐམས་ཅད་ཀྱང་རྒྱལ་བ་བདག་ཉིད་རང་། ལས་མི་གཞན་པར་གསལ་བ་ཉིད་ཐུགས་རྗེ་ཆེན་པོར་བདག་ཉིད་གཅིག་པར་འབྲེལ་བ་ཡོད་པ་ཡིན་པའི་ཕྱིར། གདུལ་བྱ་འགྲོ་དྲུག་གི་དུས་སྔ་ཕྱི་དང་གནས་མཐོ་དམན་ཐམས་ཅད་དུ་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་༡མ་འདྲེས་ལ་ཇི་ལྟ་བ་མཁྱེམ་པའི་ཡེ་ཤེས་ཀྱིས་སྤྲོས་བྲལ་དུ་ཡོངས་སུ་༡རྫོགས་༡༡པར་མཁྱེན་ཅིང་གསལ་བས་ཐམས་ཅད་ཀྱི་མཛད་པ་གཟུགས་སྐུ་གཉིས་ལ་སོགས་པ་གང་ཡང་མི་འགོག་པར་ཡོངས་ཀྱིས་འབྱུང་བ་ཁོ་ནའོ། །དེའི་ཕྱིར་ན་ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །ཞེས་གསུངས་ཏེ། ཕྱོགས་བཅུ་དང་དུས་གསུམ་གྱིས་བསྡུས་པའི་རྒྱལ་བའི་དཀྱིལ་འཁོར་ལོངས་སྐུ་སྤྲུལ་སྐུ་ལ་སོགས་པ་ཐམས་ཅད་དུ་རང་སྣང་བས་གདུལ་བྱ་དག་མ་དག་གང་ཡང་མི་འདོར་བར་འདུལ་བའི་ཕྱིར་སྡུག་བསྔལ་སྐྱོབ་ཅིང་འགྲོ་བའི་མགོན་པོ་བྱེད་པའི་ཕྱིར། རོ། །ཞེས་བྱའོ། །གདུལ་བྱའི་དུས་གནས་ཐམས་ཅད་སངས་རྒྱས་ལས་མ་འདྲེས་པར་གསལ་ནས་འགྲོ་དོན་མཛད་ན་དེ་དག་ལ་དོན་བྱེད་པའི་རྟོག་པའམ། ཡང་ན་གདུལ་བྱར་ཞེན་པའི་རྟོག་པ་མི་མངའ་འམ་སྙམས་པ། རྒོལ་བ་ཁོ་ལ་ལེན་དཀྱུས་སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡི། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ཅེས་གསུངས་ཏེ། དཔེར་ན་སྒྱུ་མ་མཁན་ནི་སྒྱུ་མའི་རྫས་རྒྱུ་རྐྱེན་གྱིས་བྱས་པའི་དུས་ཉིད་ན་དང་པོ་ཇི་ལྟར་ཡིན་པའི་ལོ་རྒྱུས་ཤེས་པས་སྒྱུ་མ་དེ་དག་དངོས་༼༠༽པོར་མི་རྟོགས་ཏེ་བདེན་པར་འདུས་ཤེས་པ་མེད་པ་བཞིན་དུ་སྟོན་པ་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་གཟུགས་སྐུ་གཉིས་སུ་སྣང་བས་འགྲོ་བ་སྒྲོལ་བའི་དོན་བྱེད་པའི་མཛད་པའམ་གདུལ་བྱེད་དོ། །དེ་དག་ཀྱང་ཐམས་ཅད་སེམས་ཉིད་རིག་པ་ར་སྣང་དུ་ཤེས་པས་དཔེ་སྒྱུ་མ་དེ་བཞིན་༼༠༽ཡིན། པ་ཁོ་ནའི་ཕྱིར། དོན་བྱ་པའི་ཡུལ་བྱེད་པའི་མཁན་པོ་དོན་བྱ་བའི་དངོས་པོ་གསུམ་དུ་མི་རྟོག་སྟེ་རྟོག་པ་མེད་པར་གཟུགས་སྐུའི་དཀྱིལ་འཁོར་གཞན་དོན་གྱི་མཛད་པ་རིལ་ཐམས་ཅད་མི་འགོག་པར་དོན་སྤྱོད་པ་ཁོ་ནའོ། །རང་གཞན་གྱི་འབྲས་བུ་དེ་དག་ཀྱང་བྱས་པ་མ་ཡིན་པར་བསྟན་པའི་ཕྱིར། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞི་རང་བྱུང་གི་ཡེ་ཤེས་ལ་འབྲས་བུ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རིལ་ལྷུན་གྲུབ་ཏུ་རྫོགས་པ་ནི་རང་བཞིན་གསང་བའི་སྙིང་པོ་སྟེ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་རོ། །གཞི་ཡེ་ནས་སངས་རྒྱས་དེ་དག་རང་ལ་ཡོད་མེད་ཀྱི་ཕྱིན་ཅི་ལོག་ཏུ་བརྟག་པའི་སྒྲིབ་བྱེད་གཟུང་འཛིན་གྱི་ཞེན་པ་ལྡོག་པར་དཀའ་བའི་ཕྱིར། གཉེན་པོ་ཐོས་བས མ་བསྒོམ་པའི་མཉམ་སྦྱོར་གྱི། །རང་བྱུང་ཡེ་ཤེས་ཀྱིས་དཀྱིལ་འཁོར་རང་རིག་པའི་མངོན་སུམ་ཀུན་ངམ་ལྷུན་གྱིས་གྲུབ། ཅེས་གསུངས་ཏེ། གཉེན་པོ་ཐོས་བསམ་བསྒོམ་པའི་ཤེས་རབ་གསུམ་གྱིས་གོང་དུ་བཤད་པའི་ཕྱི་ནང་གསང་བའི་མན་ངག་གསུམ་པོའི་དོན་ལ་བློ་མཉམ་པར་སྦྱོར་ནས་གནས་པས་སྒྲིབ་བྱེད་ཀྱི་ཞེན་པ་མཐར་དག་ལྡོག་པའི་དུས་ན་གཞི་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་རིག་པའི་མངོན་སུམ་དུ་གསལ་བ་ཉིད་ལ་འཁོར་འདས་ཀྱིས་ཆོས་ཀུན་ལ་ངམ་པ་སྟེ་འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་མིང་འདོགས་པའི་ཕྱིར་འབྲས་བུ་ལོག་ནས་རྒྱུ་རྐྱེན་འདུས་བྱས་པ་མ་ཡིན་པ་སྟེ་མདོར་ན་གསལ་བྱེད་ཀྱི་རྒྱུ་རྐྱེན་ལས་བྱུང་བ་ཁོ་ནའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདའ་བར་མི་མཛད་དམ་ཚིག་མཆོག །ཅེས་བྱ་བ་ནི། ལམ་འདི་ནི་མེད་པར་ལམ་གཞན་གྱིས་སངས་མི་རྒྱས་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་འདི་ལས་མི་འདའ་བའི་སྟེ་འདའ་བར་མི་མཛད་པ་ན་དམ་ཚིག་མཆོག་ཡིན་ཕྱིར་རོ། །ཐེག་པ་འདིའི་ཆེ་བའི་ཡོན་ཏན་བསྟན་པའི་ཕྱིར། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱི། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡིན། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །སྡིག་པའི་གྲོགས་པོ་སྟེ་ལོག་པའི་བཤེས་གཉེན་མ་བསྟན་པས་བློ་ཕྱིན་ཅི་མ་ལོག་པའི་གང་ཟག་གང་ཞིག་དག་རྒྱུད་སྡེ་ཟབ་མོ་འདི་ལ་མོས་པར་གྱུར་པ་ཙམ་གྱིས་ཀྱང་། སངས་རྒྱས་ཀྱི་དཀྱིལ་འཁོར་ལྷག་མ་མ་ལུས་པས་ཐམས་ཅད་ཀྱི་ཕྱོགས་བཅུ་དུས་བཞི་ཀུན་ཏུ་ནས་ཐམས་ཅད་དཀྱིལ་འཁོར་མ་ལུས་ཉེ་བར་བསྙེན་པར་བྱེད་པའི་ཉེ་བའི་ཐུགས་ཀྱི་སྲས་སུ་དགོངས་པས་ར་འགྱུར་བ་བར་མ་དོར་ལམ་ལོག་པར་མི་ལྟུང་བས་མི་འདོར་རོ་ཞེས་བྱའོ། །སྐལ་པ་ཆེན་པོ་སྤྲུལ་སྐུའི་ཞིང་གི་ཁམས་རྡུལ་ཕྲ་མོ་སྙེད་དུ། །བསིལ་བའི་གྲངས་དང་སྐལ་བ་མཉམ་པའི་ཐེག་པ་འོག་མ་ཤེས་རབ་བློ་ཤིན་ཏུ་སྦྱངས་པ་ལ་རབ་ཏུ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡིས། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་བྱ་བ་ནི་གོ་སླ་སྟེ། དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ལ་མཆོད་ཅིང་བསྙེན་བསྒྲུབ་བྱས་པས་འབྲས་བུ་ན ི་རང་བཞིན་གསང་བའི་སྙིང་པོ་བསྒྲུབ་བྱ་ཀུན་ཀྱི་མཐར་ཐུག་ཏུ་གྱུར་པས་ཆེན་པོ་འདི་ཡིན་པ་ཏེ་དེ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་བྱའོ། །དེ་ཅི་ལྟ་བུ་ཡིན་ཞེ་ན། གནས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ཁམས་ནང་། བཞུགས་པའི་རྒྱལ་བ་འདས་དང་ད་ལྟར་བྱུང་བ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་པས། །བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་བྱ་བ་ནི་གོ་སླ་སྟེ། དུས་འདས་པ་དང་ད་ལྟར་བྱུང་བའི་གཉིས་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་རིལ་ཐམས་ཅད་གྱི་རྒྱུའི་ཐེག་པའི་སྒོ་ནས་དཀའ་བ་མང་པོ་སྤྱོད་ཀྱང་འབྲས་བུ་མཐར་མ་ཕྱིན་པ་དེ་དག་མཐར་ཐུག་གསང་བའི་སྙིང་པོའི་ལམ་འདི་རྙེད་ནས་བཟོད་རྒྱལ་བ་སྐུ་ལྔ་ཡང་དག་པའི་ར་ལྷུན་གྱིས་རྫོགས་པ་སངས་རྒྱས་ས་འགྱུར་བ་ཁོ་ནའོ། །འབྱུང་དང་མ་འོངས་ཐམས་ཅད་ཀྱང་། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་གསུངས་ཏེ། དུས་ཕྱིས་འབྱུང་བ་དང་མ་འོངས་པ་འབྱུང་འགྱུར་གཉིས་ཀྱིས་བསྡུས་པའི་རྒྱལ་བ་ཐམས་ཅད་རྣམས་ཀྱང་རང་བཞིན་གསང་བའི་སྙིང་པོ་འདི་ཡི་དོན་རྟོག་པ་ལ་བརྟེན་ནས་བཟོད་སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར་དགོས་ཞེས་བྱའོ། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པའི་ས། །ཞེས་བྱ་བ་ནི། རང་བཞིན་གསང་བའི་སྙིང་པོ་འདིའི་དོན་ཉིད་ལ་ནི་དེ་ལྟ་བས་རྟོགས་པ་རྒྱུ་བསྒོམ་པས་དེ་དོན་ལ་བློ་གནས་པ་རྐྱེན་དེ་མངོན་དུ་བྱས་པས་འབྲས་བུའམ་ཡང་ན་གཞི་ལམ་འབྲས་བུའི་མཚན་ཉིད་གསུམ་དུ་བརྟག་ཀྱང་དོན་གྱི་ངོ་བོ་ཉིད་དབྱེར་མི་ཕྱེད་པར་གཅིག་པ་ཁོ་ནའོ། །ཞེས་བྱའོ། །དེའི་ཕྱིར་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ས་རྣམས་ལ། །ཡང་ཐུགས་ཀྱི་བརྟག་བྱ་འདི་ལས་གསང་བའི་བྱ་བ་ངེས་དོན་གཞན་མེད། །དོ། །དེ་ལས་གཞན་པའི་ངེས་དོན་གཅིག་བཙལ་ཀྱང་གཞན་ལྟ་ཅི་སྨོས་རྒྱལ་བས་ཀྱང་མི་བསྙེས་སོ། །ཏེ་མི་རྙེད་དོ། །ཞེས་བྱ་བ་ནི་གོ་སླ་སྟེ། དེ་ལྟར་འདས་པ་དང་ད་ལྟར་གྱི་རྒྱལ་བ་ཀུན་གྱི་དགོངས་པའི་ཞེ་ཕུག་ཡང་འདི་ཡིན་ལ་མ་འོངས་པ་དང་ད་ལྟར་འབྱུང་བར་མ་ངེས་པའི་རྒྱལ་བ་ཀུན་གྱི་བགྲོད་པའི་ལམ་ཀ༽དང་དགོངས་པའམ་མཐར་ཕྱིན་པའི་འབྲས་བུ་རང་བཞིན་ཟེར་གཉིས་ཀ་ཡང་གསང་བའི་སྙིང་པོའི་དོན་འདི་ལས་མི་བདའ་བའི་ས་ཕྱག་རྒྱ་ཆེན་པོའི་མཆོག་ཡིན་པ་ཕྱིར་རོ། །ཀ༽ཀུན་ཀྱི་ཕྱག་རྒྱ་ཆེན་པོའི་༡མཆོག །ཅེས་གསུངས་སོ། །འདི་གང་ཟག་སུས་གཟུངས་སྙམ་པ་ལ། ཐོས་བསམ་བསྒོམ་པའི་ཤེས་རབ་གསུམ་ལ་རབ་ཏུ་སྦྱངས་པས། །ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུངས། །ཞེས་གསུངས་ཏེ། ཆོས་ཅན་གྱི་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཤེས་པ་ནི། ཤེས་རབ་ཀྱི་མིག་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་འདི་ཟུངས་ཤིག་གོ། །གང་ལ་སྦྱིན་པའི་སྣོད་བསྟན་པའི་ཕྱིར། སྣོད་ལྡན་ངང་ཚུལ་བཟང་ལ་བརྟེན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་གསུངས་ཏེ། བསྟན་པའི་དོན་གོ་བ་ཤེས་རབ་དང་གཞན་དོན་གཙོར་བྱེད་པས་སྙིང་རྗེ་དང་བསྟན་པའི་དོན་འཛིན་ནུས་པས་ནོགས་ཐུབ་པ་ནི། སྣོད་ཀྱི་ཡོན་ཏན་གསུམ་དང་ལྡན་པའོ། །གཞན་གྱིས་ལུས་ངག་ལ་གནོད་པ་ཅི་བྱས་ཀྱང་རང་གི་སེམས་རྒྱུད་མི་འཁྲུགས་པ་ནི་ངང་བཟང་བའོ། །སྐྱེ་བོ་ཐ་མལ་པ་རྣམས་ཀྱི་སྤྱོད་པ་ལས་ལོག་པ་ནི་དགེ་སློང་གསར་པ་ལྟ་བུ་ཚུལ་ཁྲིམས་ཤིས་པའོ། །བློ་མི་འགྱུར་བ་ནི་དམ་བཅའ་མི་འདོར་ཏེ་བརྟེན་ཞིང་ལུས་དང་ལོངས་སྤྱོད་ཆོས་ཕྱིར་གཏོང་ཕོད་པ་ལ་སྦྱིན་པའོ། །ར་བྱ་བ། དེ་ལས་གཞན་དུ་སྟེ་སྣོད་ངན་རྣམས་ལ་དུས་ནམ་ཡང་སྦྱིན་པར་མི་བྱ། །འོ། །ཞེས་བྱ་བ་ནི། གོང་མའི་ཡོན་ཏན་རྣམས་ལས་བཟློག་པ་སྟེ། སྣོད་མེད་དེ་དག་ལ་ནི་རང་གི་སྙིང་འབྱིན་པའི་ཉེས་པ་དང་བསྡོས་ཏེ་མི་སྨྲ་བར་ཤིན་ཏུ་གསང་ངོ་ཞེའོ། །གལ་ཏེ་གསང་མི་ཐུབ་པའི་ཉེས་པ་ནི་སློབ་དཔོན་ཡང་སློབ་མ་དཔྱད་ལ་བློ་རྨོངས་པ་མི་ཆོས་ལས་གཅོམ་ཕྱར་ཆེ་བས་གལ་ཏེ་སྣོད་མེད་ལ་མན་ངག་སྦྱིན་པའི་ཉེས་དམིགས་ནི་ཚེ་འདིར་ཡང་དུས་མིན་བར་ནི་ཚེ་སྲོག་ཟད་ནས། འཆི་བར་འགྱུར་ལ་ཤི་མ་ཐག་ཏུ ། བསྲེག་དང་ཚ་བའི་དམྱལ་བ་བརྒྱད་སྤྲེབ་པ་གྲང་བའི་དམྱལ་བ་བརྒྱད་ལ་སྩོགས་པ་སྡུག་བསྔལ་ལ་ཡུན་༡༡རིང་དུ་གནས། པར་འགྱུར་རོ། །ཞེས་གསུངས་ཏེ། ས་མ་ཡ་བཀོད་པ་ལས། ༡བསྐལ་པ་ཆེན་པོ་གསུམ་དུ་དམྱལ་ག༽བར་གནས་སོ། །དེ་ལས་ཐར་ནས་བསྐལ་པ་གཉིས་སུ་ཡི་དྭགས་སུ་ལྟུང་ངོ་། །དེ་ནས་ཀྱང་སངས་རྒྱས་ཀྱི་སྒྲ་ཐོས་པར་དཀའོ། །ཞེས་འབྱུང་ངོ་། །ཤིན་ཏུ་གསང་བ་མན་ངག་གི་སྙིང་པོ། །ཞེས་བྱ་བ་ནི། སྣོད་དཀོན་ཞིང་གསང་མི་ཐུབ་པའི་གོང་ལྟར་དུ་ལྟུང་བ་ཉེས་ཆེ་བའི་ཕྱིར་ཤིན་ཏུ་གསང་དགོས་ལ། སྣོད་དང་ལྡན་པ་རྙེད་ན་ཚེག་ཆུང་ངུས་དགོས་པ་མཐའ་དག་འགྲུབ་པའི་ཕྱིར་མན་ངག་གི་སྙིང་པོ་ཞེས་བྱའོ། །ལེའུ་བཅུ་གསུམ་པའི་རྣམ་གྲངས་སུ་བཤད་པའོ།། །།དེ་ནས་རོལ་མོའི་གླུ་རྒྱན་གྱི་ཡེ་ཤེས་ཀྱི་དགྱེས་པ་བསྐྱེད་པའི་མཆོད་པ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོའི་གླུ་འདི། ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཡིན་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བསྟོད་པའི་གླུ་ལྔ་སྤྱིར་བསྡུས་པ་དྲུག་དང་བཅས་པར་བཞི་བཅུ་རྩ་གཉིས་པ་ཐམས་ཅད་འདུས་པའི་ཕྱིར་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་གླུ་ལྔ་ཡེ་ཤེས་མཚོན་པ་ལྟར་བཞུགས་པ་གསལ་བར་དེ་སྣང་བ་ཉིད་དགྱེས་པ་ཆེན་པོ་ཞེས་བྱ་སྟེ། གླུ་དྲུག་པོ་འདི་བསྙེན་ནས་བླང་ངོ་ཞེས་གདུལ་བྱའི་ངོ་ན་དགྱེས་པ་ལྟར་སྣང་བ་ཡིན་གྱི་རྣམ་པར་རྟོག་པའི་རྐྱེན་གྱིས་བསྟོད་བསྐུལ་ནས་བླང་བ་ལྟ་བུ་ནི་མ་ཡིན་ནོ། །དང་པོར་རྒྱལ་བ་ཐམས་ཅད་ཀྱི་སྐུ་ལྔ་ལ་བསྟོད་པ་བསྟན་པའི་ཕྱིར། ༀ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་བཅུ་དུས་བཞིའམ་རྒྱལ་བ་སྐུ་བཞིར་སྣང་བ་ཐམས་ཅད་ཀྱང་རྒྱུད་དག་པའི་རྒྱལ་བའི་ཡེ་ཤེས་གཅིག་གི་ངོ་བོ་ལ་ལྷུན་གྱིས་གྲུབ་པར་རྫོགས་པ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །ཞེས་བྱ་བ་ནི། ཐུགས་ཡེ་ཤེས་ལྔ་འི་དཀྱིལ་འཁོར་ནི་རྣམ་པར་མི་རྟོག་པའི་ཐིག་ལེ་ཡེ་ཤེས་ཆེན་པོར་གསལ་དེ་ཉིད་ཆོས་ཐམས་ཅད་ལ་ཁྱབ་བདག་ཆེན་པོར་གནས་པ་ནི་ཆོས་ཀྱི་སྐུའོ། །བསོད་ནམས་དཀྱིལ་འཁོར་ཞེས་བྱ་བ་ནི་འཁོར་བའི་ཆོས་གང་ཡང་མ་སྤངས་པའི་ལ་ཞེན་པ་ཟག་པ་མེད་པའི་བསོད་ནམས་ཀྱི་གཟུགས་སྐུའི་དཀྱིལ་འཁོར་དུ་རང་སྣང་བ་ནི་སངས་རྒྱས་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ་ཁོ་ནའོ། །སྐུའི་མཆོག་ཅེས་བྱ་བ་ནི། གདུལ་བྱ་འགྲོ་དྲུག་ཐམས་ཅད་ཀྱི་ངོ་ལ་ཞིང་ཁམས་དང་དུས་ཐམས་ཅད་ཀྱི་སྐུའི་མཆོག་ཅིར་ཡང་སྣང་བའི་ཕྱིར་སངས་རྒྱས་སྤྲུལ་པའི་སྐུ་ཁོ་ནའོ། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཞེས་བྱ་བ་ནི། སྣང་སྟོང་གཉིས་སུ་མི་ཕྱེད་པའི་ཕྱིར་ཐིག་ལེའི་ངོ་བོ་སྐུ་ཐམས་ཅད་ཀུན་དབྱེར་མེད་དུ་རྫོགས་པའི་རྡོ་རྗེའི་སྐུ་ཁོ་ནའོ། །འགོའི་ༀ་དང་། མཇུག་གི་ཧོ་ཞེས་བྱ་བ་ཆ་དྲུག་གཉིས་ནི་ཨཱོཾ་གྱི་ཐིག་ལེ་ཟླ་ཚེས་ན་རོ་འ་ཆུང་གི་ཡི་གེ་ཆ་ལྔའི་སྐུ་ལྔ་ལ་སོགས་པ་རེ་རེའང་ལྔ་མཚོན་པར་གླུའི་མགོ་དྲང་བ་དང་ཉེར་ལྔ་དང་ལྡན་པ་དེ་ལྟར་བསྟོད་པས་མཉེས་པར་གྱུར་པ་ནི་ཧོཿཞེས་བྱ་བ་སྟེ་དྲུག་པོ་ཀུན་ལ་མཐུན་པར་ཤེས་པར་བྱའོ། །གསུང་ལྔ་ལ་བསྟོད་པའི་ཕྱིར། ༀ་རྡོ་རྗེ་ཞེས་བྱ་བ་ནི་གསུང་གི་ངོ་བོ་གྲགས་སྟོང་དབྱེར་མི་ཕྱེད་པ་དང་ཕྲིན་ལས་ཀྱིས་འཁོར་གྱི་སྒྲུབ་པ་འཇོམས་པའི་ཕྱིར་རོ། །བསོད་ནམས་ཞེས་བྱ་བ་ནི། བསོད་ནམས་ཀྱི་ངོ་བོ་འགྲོ་དྲུག་གི་སྒྲ་སྐད་ཐམས་ཅད་མ་སྤངས་པར་རེ་རེ་སྐད་དང་མཐུན་པར་རང་སྣང་བའི་ཕྱིར་རྡོ་རྗེའི་ཚིག་གིས་གསུངས་སོ། །ཐིག་ལེ་ཆེ། ཞེས་བྱ་བ་ནི། གྲྭ་ཟུར་གྱི་སྤྲོས་པ་མེད་པ་ལ་ཐིག་ལེ་ཆེན་པོ་རང་བཞིན་ཚིག་ཏུ་བརྗོད་དུ་མེད་པའི་ཕྱིར་ན་ཆོས་སྐུ་དོན་གྱི་གསུང་ངོ་། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །ཞེས་བྱ་བ་ནི། ཚིག་ཏུ་མ་བརྗོད་པར་ཡེ་ཤེས་ལྔའི་དཀྱིལ་འཁོར་ཀྱི་རིག་པ་དང་ལྡན་པ་སྣ་ཚོགས་ཀྱིས་ནི་ཐམས་ཅད་འཁོར་བ་གསལ་བར་བརྡ་སྤྲོད་པའི་ཕྱིར་མངོན་བྱང་རིག་པའི་གསུང་ངོ་། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །ཞེས་བྱ་བ་ནི། སྒྲ་ཆེན་པོ་གཅིག་ལ་ཡན་ལག་མཐའ་ཡས་པ་གྲངས་མང་སྟེ་སུམ་བརྒྱ་དྲུག་ཅུ་པོར་གྲགས་པའི་ཕྱིར་ཚངས་པའི་དབྱངས་ཀྱི་གསུང་ངོ་། །རྡོ་རྗེ་ཁ༽ རྒྱལ་པོ་ཐིག་ཀ༽ལེ་ཆེ་ཧོ། །ཞེས་བྱ་བ་ནི། ཚིག་ཏུ་བརྗོད་དུ་མེད་པ་འི་ཐིག་ལེ་ཉིད་བརྗོད་པ་དང་འདྲ་བར་འཁོར་གྱི་བློ་ལ་གསལ་བ་ནི། གསུང་གི་རབ་བམ་རྒྱལ་པོ་ཡིན་པའི་ཕྱིར་ཡི་གེ་མེད་པའི་ལུང་སྐུའི་གསུང་ངོ་། །ༀ་ཀ༽སྐུ་གསུང་ཐུགས་ཀྱི་རྫོགས་ཁ༽པ་ཆེ། །ཡོན་ཀ༽ ཏན་ཕྲིན་ལས་ཀུན་ཁ༽ཏུ་རྫོགས། །ཞེས་བྱ་བ་ལ་སོགས་པ་ནི། ཐུགས་ལྔ་ལ་བསྟོད་པ་སྟེ། ཐུགས་སྟོང་ཀ༽པ་ཉིད་ཀྱི་ཡེ་ཤེས་དང་གསུང་སོ་སོར་རྟོགས་པ་དང་སྐུ་མེ་ལོང་ལྟ་བུའི་དང་ཡེ་ཤེས་གསུམ་པོ་རྫོགས་པའི་བདག་ཉིད་ཆེན་པོ་དེ་ལ་ཡོན་ཏན་མཉམ་པ་ཉིད་ཀྱི་དང་ཕྲིན་ལས་བྱ་བ་གྲུབ་པ་ཞེས་བྱ་བའི་ཡེ་ཤེས་ལྔ་པོ་ཉིད་ལ་འབྲས་བུ་སྐུ་ཀ༽གསུང་ཐུགས་ཡོན་ཏན་ལྔ་ལྔ་པོ་ཀུན་ཏུ་རྫོགས་ལ། དོན་ཡེ་ཤེས་ལྔ་པོ་དེ་ཀ༽ལས་རྒྱུ་རྐྱེན་གྱིས་མ་བཙལ་བར་འབྲས་བུ་ཡེ་ནས་སྐུ་ལྔ་ལ་སོགས་པར་ཉེར་ལྔ་རང་སྣང་བའི་ཕྱིར། ཡེ་ཀ༽ནས་ལྷུན་རྫོགས་ཀུན་ཏུ་བཟང་། །ཞེས་བྱ་བ་གསུངས་སོ། །འདུས་པའི་རྫོགས་ཆེན་ཐིག་ལེ་ཆེ། །ཞེས་བྱ་བ་ནི། དེ་བས་ནི། དོན་ཡེ་ཤེས་ལྔ་དང་འབྲས་བུ་སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་ལྔ་གཉིས་པོ་དེ་དག་རྒྱུ་སེམས་ཉིད་ནས་ཐ་མི་དད་པའི་ཕྱིར་རོ། །དོན་དང་རྟགས་ཀྱི་གནས་སྐབས་ཀྱིས་སྐུ་དང་ཡེ་ཤེས་སུ་སྣང་བ་ཁོ་ནའོ། །ༀ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །ཞེས་བྱ་བ་ལ་སོགས་པ་ནི། ཡོན་ཏན་ལྔ་ལ་བསྟོད་པ་སྟེ། དོན་དམ་པར་མི་དམིགས་པའི་རིག་པ་ཉིད་ཀུན་རྫོབ་ཏུ་སྒྱུ་འཕྲུལ་ཏེ་ལྷའི་དཀྱིལ་འཁོར་སྣ་ཚོགས་སུ་སྣང་བས་ན་དོན་ལ་སྣང་སྟོང་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་པ་ཕྱི་༡ནང་དང་རྒྱ་ཆེ་༡ཆུང་༡༡གཞལ་དུ་མེད་པའི་ཕྱི་རྒྱས་པ་ལས། གཟུང་འཛིན་བྲལ་བའི་རང་རིག་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་གཞལ་ཡས་ཁང་ཡོན་ཏན་ཅན་ངོ་། །མཐའ་ཡས་ཀུན་ཏུ་ཞེས་བྱ་བ་ནི། རྒྱལ་བ་དྲུག་པའི་ལོངས་སྐུ་ཞིང་ལ་མཐའ་ཡས་ཤིང་། ཐུག་པ་མེད་པའི་ཀུན་ཏུ་སྣང་བ་ཕྱིར། ཞིང་ཁམས་སོ། །བ་སྤུའི་བུ་ག་རེ་རེ་ནས་ཁ་དོག་སྣ་ཚོགས་པའི་འོད་ཟེར་འཕྲོ་ཞེས་བྱ་བ་ནི་འོད་ཟེར་ཡོན་ཏན་ཅན་རོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །ཞེས་བྱ་བ་ནི། གྲངས་མཐའ་ཡས་པའི་འདོད་ཡོན་ལྔ་པོའི་རིལ་ཡོན་ཏན་ཐམས་ཅད་ཀུན་ནས་ལྷུན་གྱིས་གྲུབ་པ་ཉིད་མྱོང་བ་རང་རྒྱུད་པ་མེད་པར་མྱོང་ཚུལ་གྱིས་ཐིམ་པ་ནི་ལོངས་སྤྱོད་པ་ཁོ་ནའོ། །སྟེ་རྒྱན་ཆ་ཡོན་ཏན་སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཞེས་བྱ་བ་ནི། སྟོན་པ་ལ་ཡོན་ཏན་སྣ་ཚོགས་པའི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་རྫུ་འཕྲུལ་རྐང་བཞི་དབང་བཅུ་ཕྲིན་ལས་བཞི་པོ་ལྷུན་གྱིས་གྲུབ་པ་དེ་ཉིད་རྟགས་གླང་ཆེན་སེང་གེའི་ལ་སོགས་པའི་སེམས་ཅན་གྱི་ཁྲི་ལ་སོགས་པར་མཆོག་རྨ་བྱ་ཤང་ཤང་གི་གདན་ཐམས་ཅད་རང་སྣང་བའི་ཕྱིར། གདན་དེ་དག་རྒྱལ་བའི་སྐུ་གསུང་ཐུགས་ཆེན་པོ་ལས་མི་གཞན་པའི་ཕྱིར་གདན་ཁྲིའོ་ཡོན་ཏན་ཅན་ཡིན་པ་ༀ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །ཞེས་བྱ་བ་ནི། ཕྲིན་ལས་ལ་བསྟོད་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་སྙེད་འདུལ་བའི་ཞིང་ཁམས་མཐའ་ཡས་པ་རྣམས་ནི་ཆོས་སྐུའི་ཞིང་ཁམས་སམ་དག་པ་སངས་རྒྱས་ཀྱི་ཞིང་ཁམས་དང་སྤྲུལ་སྐུའི་ཞིང་ངམ་མ་དག་པ་སེམས་ཅན་དང་། བར་མ་ལོངས་སྐུའི་ཞིང་ཁམས་རིག་འཛིན་བྱང་སེམས་གསུམ་དུ་འདུས་སོ། །རྒྱལ་བས་འགྲོ་བའི་དོན་རྣམས་མཛད་པའི་ཕྲིན་ལས་གྲངས་མཐའ་ཡས་རྡུལ་ཕྲན་རྙེད་རྣམས་ནི་ཞི་རྒྱལ་དབང་དྲག་ཏུ་འདུས་སོ། །ཕྲིན་ལས་དེ་དག་མཛད་མཁན་གྱི་སྐམ༽སྤྲུལ་པའི་སྐུ་གྲངས་མཐའ་ཡས་པ་རྡུལ་ཕྲན་བསམ་ཡས་པ་ནི་ཞི་བ་དང་། ༡ཁྲོ་བོ་དང་། ཆ་ལུགས་སྣ་ཚོགས་ཀྱིས་ཚུལ་༡༡༡ཞེས་བྱ་བར་འདུས་སོ། །སྐད་ཁ༽ཅིག་ཡུད་ལ་ལྷུན་གྱིས་ག༽གྲུབ། །ཅེས་བྱ་བ་ནི། སྤྲུལ་པ་དེ་ཀམ༽དག་ཞིང་ཁམས་དེ་ཁམ༽དག་དོན་མཛད་དུས་ཡུད་ཙམ་ལ་སོང་བ་མེད་པར་ཞིང་ཁམས་ཐམས་ཅད་ཁྱབ་ནས་ཕྲིན་ལས་དེ་དག་གམ༽བྱ་བ་གཅིག་ལ་ཞུགས་ནས་རྫོགས་པའི་བར་དུ་སྐད་ཅིག་མས་ཕྲིན་ལས་བཞི་རིམ་པར་མ་བརྩལ་བར་དུས་གཅིག་ཏུ་ཟིན་པའི་ཕྱིར། ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔའོ། །ཞེས་བྱ་བ་ཁོ་ནའོ། །ༀ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས་། །ཞེས་བྱ་བ་ནི། གོང་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དེ་དག་གིས་མཚོན་ནས་འཁོར་འདས་ཀྱི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཅན་རིལ་ཐམས་ཅད་མ་ལུས་པ་ཡང་ཆོས་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ཡེ་ནས་གསལ་བར་གནས་པ་ཞེས་བྱའོ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ཞེས་བྱ་བ་ནི། གངས་ཆེན་པོའི་མཚོ་ལྔ་སྟེ་མྱ་ངན་ལས་འདས་པའི་ཡེ་ཤེས་ལྔའམ་ཡང་ན་དུས་བཞི་དང་འདུས་མ་བྱས་པའམ་བརྗོད་དུ་མེད་པའི་དུས་དང་ལྔས་བསྡུས་པ་ཡང་དེ་དག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོ་ཁོ་ནའི་བདག་ཉིད་ཡིན་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །ཅེས་བྱ་བ་ནི། གངས་ཆེན་པོའི་མཚོ་ལྔ་སྟེ་འཁོར་བ་དུག་ལྔའམ་ཡང་ན་གོང་ལྟར་དུ་ལྔས་བསྡུས་པ་ཡང་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་དེ་དག་གིས་ངོ་བོ་ཉིད་ཀུན་ཏུ་ཁྱབ་པ་ཁོ་ནའོ། །ཡིན་པ་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། །ཞེས་བྱ་བ་ནི། ཆོས་ཅན་འཁོར་བ་དང་ཆོས་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཀྱི་འབྲས་བུ་ལྔ་པོ་དེ་དག་ཉིད་ཀྱང་ཕན་ཚུན་ཐ་མི་དད་པ་ཐིག་ལེ་ཆེན་པོ་ཁོ་ནའི་ཕྱིར། མཉེས་པ་ཞེས་བྱ་བ་ནི་གོང་དུ་༡བཤད་ཟིན་༼༠༠༽ཏོ། །ལེའུ་བཅུ་བཞི་པ་ཁོང་ཁྲོལ་དུ་བཤད་པའོ།། །།དེ་ནས་ཞི་བའི་དཀྱིལ་འཁོར་འཁོར་རྫོགས་ནས་ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་རྒྱུད་འདི་ལ་རང་བཞིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་དང་། ལྷག་པ་གཟུགས་བརྙན་དང་། ཏིང་ངེ་འཛིན་དང་། ལྷག་པ་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་ཀྱི་དང་། ཚོགས་ཀྱི་དཀྱིལ་འཁོར་དང་། དཀྱིལ་འཁོར་རྣམ་པ་བདུན་ལས་འདིར་ལྷག་པའི་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་རྣམ་པ་གཉིས་དང་། ཚོགས་ཀྱི་དཀྱིལ་འཁོར་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་བཞི་པོ་རྣམས་ལ་ཞི་ཁྲོ་གཉིས་སུ་བསྟན་པ་ལ། དེ་ཡན་ཆད་དུ་ཞི་བའི་དཀྱིལ་འཁོར་བཞི་པོ་རྣམས་དང་། བཅུ་གཅིག་པར་ཁྲོ་བོ་ཁྲོ་མོ་ཞེས་པ་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་དང་། དགུ་པར་ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ་ཞེས་ལྷག་པ་གཟུགས་བརྙན་གྱིས་དཀྱིལ་འཁོར་ཟུར་ཙམ་བསྟན་ནས། འདི་ནས་མར་ཁྲོ་བོའི་དཀྱིལ་འཁོར་དུ་བསྟན་པ་ལས། ལེའུ་བཅོ་ལྔ་པ་འདིས་ཁྲོ་བོ་རང་བཞིན་ལྷུན་གྲུབ་གྱི་དཀྱིལ་འཁོར་སྟོན་ཏེ། དེ་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་གྱིས་བདག་པོ། ཞེས་བྱ་བ་ནི། དེ་པ་ཐམས་ཅད་ནི་མདོར་རིགས་ལྔར་འདུས་ལ། རིགས་ལྔའི་སངས་རྒྱས་ཀྱི་བདག་པོ་ནི་རྒྱལ་བ་དྲུག་པའོ། །ཀུན་ཏུ་བཟང་མོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི། ཞེས་བྱ་བ་ནི་རྒྱལ་བ་དྲུག་པ་ཉིད་ཞི་ཁྲོའི་སངས་རྒྱས་ཀྱི་དཀྱིལ་འཁོར་བརྒྱད་པོ་ཐམས་ཅད་༡གཅིག་ཏུ་སྣང་བ་དང་། དྲུག་པ་ལས་མ་གཡོས་པས། དུ་མར་བྲལ་བའི་ཚུལ་གྱི་དགོངས་པ་ལྷུན་གྱིས་གྲུབ་པས་ན་དྲུག་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཁོ་ན་སྟེ། ཆེ་བ་མཚན་དུ་བརྟགས་པ་ནི། སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་ཞེས་བྱའོ། །དེ་བས་ན་ཁྲོ་བོར་ནི་སྐུ་སྣང་བའི་ཕྱིར། ཁྲོ་བོའི་དཀྱིལ་འཁོར་དུ་སྣང་ནས་མངོན་པར་འདུ་མཛད་དེ། ཞེས་གསུངས་སོ། །ཁྲོ་བོ་ལ་རྣམ་པ་གསུམ་སྟེ། དེ་ལ་ངོ་བོ་ཉིད་ཀྱི་ཤེས་རབ་ཆོས་ཉིད་སྤྲོས་བྲལ་ཆེན་པོའི་ཁྲོ་བོ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། ཡང་དག་པའི་ཆོས་ཉིད་ཕྱིན་ཅི་མ་ལོག་པར་ཤེས་རབ་ཆེན་པོ་ནི་ལྟ་བ་རྟོགས་ནས། གཟུང་འཛིན་གྱི་དངོས་པོ་མཚན་མར་འཛིན་པ་འཇོམས་པའི་ཕྱིར་ན་ཁྲོ་བོའི་མཆོག་སྟེ་ཞེའོ། །བྱ་དེ་རྟོགས་པའི་རིག་པའི་ཡེ་ཤེས་ཆེན་པོའི་ཁྲོ་བོ་ནི། རྒྱས་པའི་རྒྱུད་ལས། རྣལ་འབྱོར་པ་གང་གི་རང་རིག་པའི་ཡེ་ཤེས་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་རྒྱལ་པོ་༡ཡིས། །གང་བསྡུས་ན་ཕྱོགས་༢བཅུ་འཇིག་རྟེན་གྱི་ཁམས་རྣམས་སེམས་སུ་དབང་༡དུ་བསྡུས་ནས། །ཆོས་ཀུན་༢ ཀྱང་ཡུལ་ཡུལ་ཅན་དུ་མི་དམིགས་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་ཐིམ། །སྟེ་འགྱུར་པ་དེའི་རང་རྩལ་དུ་ཐམས་ཅད་ཀྱང་ཁྲོ་བོའི་ཚོགས་སུ་གསལ་བར་འགྱུར། །རོ། །ཞེའོ་ས་བྱ་དཔའ་ཆེན་རྔམ་བརྗིད་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ཉིད་ཀྱི་འཁོར་ནི་དོན་དབྱིངས་ཡེ་ཤེས་གཉིས་མེད་ཀྱི་རྟགས་སྐུ་གསུང་ཐུགས་ཞལ་ཕྱག་ཏུ་སྣང་བ་འོག་ནས་འཆད་པ་སྟེ། གར་དགུ་དང་ལྡན་པའི་ཁྲོ་བོ་འདི་དག་གདུལ་བྱའི་རུ་དྲ་ངོ་བོ་ལ་སྣང་ཡང་སངས་རྒྱས་ལ་ལྷུན་གྲུ བ་རྩོལ་བར་ཐལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བས། ཁྲོ་བོར་སྣང་བ་དེ་གཏན་ཚིགས་ཅིའི་ཕྱིར་ཀྱི་དྲི་བས་ཁྲོ་བོར་སྣང་བ་དེའི་དགོས་པ་འཚལ་༼༠༠༽བ་ནི་རུ་ཏྲ་འདུལ་བའི་ཕྱིར་དུ་སྟེ། གང་ཡིན་ཞེ་ན་སྙམ་པ་ལ། བདག་ཏུ་རྨོངས་པའི་རྟོག་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་བདག་ཏུ་འཛིན་པ་ལས་ལས་རྒྱུ་འབྲས་ལ་རྨོངས་པའི་ཀུན་ཏུ་བརྟགས་པ་ལས་བྱུང་བའི་མ་རིག་པ་ལས་རྟོག་པ་སྣ་ཚོགས་སུ་སྣང་བ་ཁོ་ནའོ། །བརྟག་པ་ལ་མངོན་པར་ཞེན་པ། ཞེས་བྱ་བ་ནི། ཀུན་བརྟགས་པའི་གཟུང་འཛིན་གཉིས་ལ་མངོན་པར་ཞེན་པ་སྟེ། སྤྱིའི་མཚན་ཉིད་སྟོང་ཞིང་བདག་མེད་ལ་སྒྲོས་བཏགས་ནས་འཁྲུལ་པ་རང་གི་མཚན་ཉིད་དངོས་པོ་ཐ་དད་དམ་ཡང་དག་ཏུ་རྔོས་ཞིང་དུ་མཐོང་བའོ། །ཡང་དག་པའི་ལམ་དང་བྲལ་བ་ཞེས་བྱ་བ་ནི། རྒྱལ་བའི་བཀའ་ལུང་ལས་བླ་མའི་མན་ངག་གིས་ཟིན་པའི་ཡང་དག་པའི་དོན་བསྐྱེད་རྫོགས་གཉིས་ཁོ་ན་སྟེ། རུ་ཏྲ་གང་ལ་ལམ་དེ་དག་དང་བྲལ་བས་མེད་པའོ། །དག་ཅེས་བྱ་བ་ནི། བདུད་རང་གི་ངོ་ཏི་སྟོན་པ་སྟེ། སྔོན་གྱི་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་མི་བསྐྱོད་པའམ་མངོན་བྱུང་རྒྱལ་པའི་བསྟན་པ་སྔ་མ་ལས་འབྱུང་བའི་དགེ་སློང་ཐར་པ་ནག་པོའོ། །དེ་འི་རྒྱུ་ཅི་ཞིག་སྙམ་པ་ནི། གབ་པའི་གསང་བ་མ་རྟོགས་པར་ཞེས་བྱ་བ་ནི། གཞི་གནས་ལུགས་རང་བཞིན་གསང་བའི་སྙིང་པོའོ། །སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས་ཞེས་བྱ་བ་ནི། ལམ་རྐྱེན་གྱི་ཡི་གེ་རྒྱུད་ལས་བྱུང་བའི་སྦས་པའི་གསང་བ་ཏ་ན་སྒྲོལ་བ་གྷ་ན་སྦྱོར་བ་ལ་སོགས་པ་དུག་ལྔ་མ་སྤང་བདུད་རྩི་ལྔ་དང་དུ་བླང་། འདོད་ཡོན་ལྔ་སྤྱད་པར་གསུངས་པ་རྣམས་ལ་མངོན་པར་འཆིལ་སྒྲ་ཅི་བཞིན་པར་བཟུང་ནས་དོན་མ་རྟོགས་པར་རང་དགར་དུས་རྒྱུན་དུ་སྤྱད་པའོ། །རྒྱུ་དང་འབྲས་བུ་ལ་རྨོངས་པས། ཞེས་བྱ་བ་ནི། རྒྱུ་མི་དགེ་བའི་སྤྱོད་པ་འབྲས་བུ་རྣམ་པར་སྨིན་པ་ལ་སྡུག་བསྔལ་འབྱུང་བར་ངོ་། །མི་ཤེས་པ་རྨོངས་པའོ། །སྲིད་པའི་ས་བོན་ཙུབ་མོས་ཞེས་བྱ་བ་ནི། སྲིད་པ་ངན་སོང་དུ་སྐྱེ་བའི་ས་བོན་ནི་འབྲས་བུ་བསྐྱེད་པའི་ནུས་པ་དང་ལྡན་པའི་ལས་ངན་པ་དང་། ཉོན་མོངས་པར་རང་ཁ་མ་རྣམས་ཀྱི་བག་ཆགས་རྩུབ་མོས་འཕང་ནས་སོ། །འཚམས་མེད་པའི་ཞེས་བྱ་བ་ནི། སྡུག་བསྔལ་ལམ་བདེ་བའི་སྐབས་མེད་པས་བར་མི་ཆད་པའོ། །རབ་ཏུ་ཚ་བ་སོགས་ཚ་བའི་དམྱལ་བར་སྐྱེས་སོ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བརྒྱད་ཅེས་བྱ་བ་ནི། ཤི་ཡང་བསིལ་བྱེད་ཀྱི་རླུང་འཇམ་པོས་ཡང་སོས་པ་དང་། ཐིག་ནག་པོ་བཏབ་ནས་བཤགས་པ་དང་། ར་ལུག་གི་གདོང་པ་འདྲ་བ་གཉིས་ཀྱི་བར་དུ་བསྡུས་ཏེ་འཇོམས་པ་དང་། ལྕགས་ཀྱི་ཁང་པ་རྐྱང་བ་རིམ་གྱི་ངུ་འབོད་དང་། ལྕགས་ཀྱི་ཁང་པ་གཉིས་རིམ་གྱི་ངུ་འབོད་ཆེན་པོ་དང་། མདུང་རྩེ་གཅིག་པས་ཚ་བ་དང་། རྩེ་གསུམ་པས་རབ་ཏུ་ཚ་བ་དང་། ཐབས་དེ་ལ་མནར་དུ་མེད་པའོ། །ཤིན་ཏུ་གྲང་བ་བརྒྱད་ཅེས་བྱ་བ་ནི། ལུས་འགྱུར་བ་ལྔ་ཆུ་བུར་ཅན་དང་། ཆུ་བུར་རྡོལ་པ་ཅན་དང་། ངག་འགྱུར་གསུམ་སོ་ཐམ་ཐམ་པ་དང་། ཨ་ཅུ་ཅུ་དང་། ཀྱེ་ཧུད་ཟེར་བ་དང་། ཨུད་པལ་ལྟར་བཞིར་གས་པ་དང་། པདྨ་ལྟར་བརྒྱད་དུ་གས་པ་དང་། པདྨ་ཆེན་པོ་ལྟར་བཅུ་དྲུག་ཏུ་གས་པའོ། །དེ་དག་ཏུ་སྐྱེ་ཞིང་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་། ཞེས་བྱ་བ་ནི། གནས་འཇིག་རྟེན་འདི་འཇིག་ན་མི་འཇིག་པའི་འཇིག་རྟེན་གྱི་ཁམས་གཞན་ན་སྐད་ཅིག་མས་བརྒྱུད་ཅིང་འཕོ་སྟེ་དེའང་སྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཚ་གྲང་གི་སྡུག་བསྔལ་མྱོང་བའོ། །དེའང་གསལ་བཀྲ་ལས། འཇིག་རྟེན་ཞི་གནས་གཞན་དུ་འཕོ། སེ་གོལ་གཅིག་གིས་ཕྱིན་པར་བྱེད། ཅེས་སོ། །དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་། ཞེས་བྱ་བ་ནི། དམྱལ་བའི་གནས་སུ་སྐྱེས་པ་དེ་ནས་སེམས་ཅན་གསད་པ་དང་། བརྡེག་པ་དང་། ལྟ་སྒོམ་གྱི་གདེང་མེད་པའི་རང་ཁའི་ཕྲིན་ལས་དང་། སེམས་གདུག་པ་དང་། གཞན་དམ་ཚིག་ཅན་ལ་ངན་དུ་སེམས་པ་དང་། རང་ང་རྒྱལ་ཆེ་བས་དྲེགས་པ་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུའོ། །དེར་ཟད་པ་དང་། ཞེས་པ་ཡི་དྭགས་ཀྱི་གནས་སུ་སྐྱེས་ནས་ལྡོག་པ་དང་སྐོམ་པའི་སྡུག་བསྔལ་གྱིས་རབ་ཏུ་གདུང་ནས་ཉེས་པ་དང་། ཞེས་པ་ལ་སོགས་པ་གོ་སླ་སྟེ། སྡུག་བསྔལ་མྱོང་བས་རྒྱུ་ལས་ཀྱི་སྒྲིབ་པའི་ནུས་པ་ཟད་པས་མཚམས་སྦྱོར། འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ། ཞེས་བྱ་བ་ནི། ཕྱིའི་འདོད་པའི་དངོས་པོ་བཟའ་བཏུང་རྣམས་ཅི་ཡང་ངན་སྐྱུགས་སུ་མཐོང་བ་སྟེ། ཡིད་དུ་མི་འོང་བས་དངོས་པོ་གཞན་དུ་འགྱུར་བ་ནི། ཕྱིའི་སྒྲིབ་པ་ཅན། ཞེས་བྱའོ། །གདུག་ཅིང་རྩུབ་པའི་དངོས་པོ་ཞེས་བྱ་བ་ནི། ཟས་ཅི་ཟོས་པ་འཐུང་བ་ཁྲོ་ཆུ་དང་ལྕགས་ཚན་དུ་འགྱུར་བ་སྟེ། མེ་ལྕེའི་འཁོར་ལོ་ཅན་ཞེས་བྱའོ། །ཡོངས་མེད་པར་ཡང་འགྱུར་ཞེས་བྱ་བ་གནོད་པ་ཕྱི་ཡི་ཡུལ་ལ་ཡང་ཡོད་པས་ཡང་དངོས་པོ་མི་སྣང་བར་འགྱུར་བས་ན་ཕྱིའི་སྒྲིབ་པ་ཅན་ཏེ། བཟའ་བཅའི་དངོས་པོ་མཐོང་ནས་དེར་བགྲོད་ནས་ཕྱིན་པས་ཡོངས་མེད་ཡང་འགྱུར་ཞིང་ལུས་ཤིན་ཏུ་རིད་ཅིང་སྙོམ་པ་ཞེས་པའོ། །ལུས་དང་ཡན་ལག་དབང་པོ་མི་འཚམས་པ། །ཞེས་བྱ་བ་ནི། མགོ་ལུས་རི་བོ་ཆེ་ཙམ་ལ་དང་ཡན་ལག་ཕྱིར་ཐུར་ཙམ་དང་ཞེས་པ་དབང་པོ་མི་འཚམས་པ་སྟེ་ཁ་ཕྲ་བ་ཁབ་མིག་ཙམ་ལ་སོགས་པར་གྱུར་བ་སྟེ་གནོད་པ་ནང་ལུས་ལ་ཡོད་པས་ནང་གི་སྒྲིབ་པ་ཞེས་བྱའོ། །གནས་དེར་སྐལ་པ་ཆེན་པོ་སྟོང་ཕྲག་དྲུག་ཏུ་སྐྱེས་སོ། །དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་སྟེ། ཞེས་བྱ་བ་ནི། ཡི་དྭགས་སུ་སྐྱེས་པ་དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོ་ནི་ནོར་དང་ཟས་ལ་སྐམ་པ་དང་། རང་གི་གཏོང་མི་ཕོད་པས་འཇུགས་པ་དང་། གཞན་གྱི་ཟས་ནོར་ལ་བརྣབ་སེམས་དང་། དཀོན་མཆོག་མཆོད་པའི་ལོངས་སྤྱོད་ལ་རྔམ་པ་དང་། རང་གིས་བསོག་འཇོག་བྱས་པ་ལ་སོགས་པའི་འབྲས་བུ། རྣམ་པར་སྨིན་པའོ། །ལས་བྱུང་བའི་ལས་དེ་ཁད་ཀྱིས་བསྲབ་དང་རྗེས། སྔོན་གྱི་སྲིད་པས་མཚམས་སྦྱོར་ནས། །ཞེས་བྱ་བ་ནི། སྔོན་གྱི་དགེ་སློང་ཐར་པ་ནག་པོའི་དུས་སུ་ཁྲོ་བོ་དབུ་དང་ཕྱག་མང་པོ་དང་། ཕྲ་མེན་མ་སྟག་དང་སེང་གེའི་ཞལ་ལས་ལ་སོགས་པར་ལྷ་རང་རྒྱུད་དུ་ཡིད་ལ་བྱས་ནས་ལས་སྤྱོད་པ་བརླང་པོར་བྱས་པའི་སྲིད་པའི་མཚམས་སྦྱོར་ནས་རྒྱུ་མཐུན་པའི་འབྲས་བུའོ། །ཡི་དྭགས་ཀྱི་སྲིན་པོར་སྐྱེས་པ་ཡི་དྭགས་སྲིན་པོ་ཆེན་པོ་རབ་ཏུ་གདུག་པ་ཞེས་བྱ་བ་ལ་སོགས་པ་ནས་གཟུགས་དང་ཞེས་པའི་བར་ནི་བདུད་རང་གི་ངོ་བོ་སྟེ་གོ་སླ་སྟེ། ངག་གི་ང་རོ་དང་། ལུས་ཀྱི་དྲི་དང་ཁ་རླང་གི་ཞེས་བྱ་བ་ལ་སོགས་པ་འབྲས་བུ་ཆེའི་ལྷ་མན་ཆད་དབང་དུ་བསྡུས་སོ་ཞེས་པའི་བར་ནི། དེའི་ལས་ཀྱི་སྦྱོར་བས་ཐམས་ཅད་ལ་གནོད་པའོ། །སྔོན་གྱི་བརྟེན་པའི་སྟོབས་ཞེས་བྱ་བ་ནི། སྔོན་གྱི་དགེ་སློང་ཐུབ་དཀའ་གཞོན་ནུ་བསྟེན་པའི་སྟོབས་ཀྱིས་སྔགས་ཀྱིས་ཐེག་པ་ཆེན་པོར་སེམས་བསྐྱེད་ནས་འོལ་ཕྱོགས་སུ་སྤྱོད་པའོ། །འི་སྟོབས་ཀྱིས་ཐུབ་དཀའ་དང་དད་འཕགས་གཉིས་དཔལ་ཆེན་གསང་བདག་ཏུ་གྱུར་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས་ཞེས་པ་ཐུགས་རྗེས་འདུལ་བར་གྱུར་ཏེ། ཞེས་བྱ་བ་ནི། མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི་དུས་ལ་བབ་པའོ། །ར་མཁྱེན་པ་ཞེས་པ་སྟེ་ལྷག་མ་ཅན་ཏེ་འོག་ནས་འདུལ་བར་བྱེད་པ་དངོས་དང་སྦྲེལ། འདི་ནས་མར་འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོ་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས་པ་བདུད་བཏུལ་བའི་གླེང་གཞི་རང་གི་ངོ་བོ་ལ་དོན་གསུམ་སྟེ། ཆོ་འཕྲུལ་རྨད་དུ་བྱུང་བ་དྲུག་དང་། དཀྱིལ་འཁོར་རྨད་དུ་བྱུང་བ། བཞི་དང་། ཕྲིན་ལས་རྨད་དུ་བྱུང་བའོ། །གཉིས་དེ་ལ་གསུམ་གྱི་དང་པོ་ཆོ་འཕྲུལ་རྨད་དུ་བྱུང་བ་ལ་དོན་རྣམ་པ་དྲུག་ལས་འདི་ནི། དང་པོ་དེ་པ་ཀུན་ཏུ་བཟང་པོ་ཉིད་ཆེ་མཆོག་ཏུ་སྣང་བའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཏེ། རྡོ་རྗེ་བཀོད་པ་ནི། ཞི་བའི་སྒྱུ་འཕྲུལ་དྲྭ་བ་ཞེས་སོགས་དཀྱིལ་འཁོར་རྣམས་ཀྱི་ནས་གཟི་བརྗིད་བསྟན་པའི་ཕྱིར་གྱི་བར་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་ཞེས་བྱ་བ་ནི། རིགས་ཀྱི་བདག་པོ་སྟེ། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཀུན་ཏུ་བཟང་པོའོ། །དངོས་ཡིན་པ། ཁྲོ་བོའི་རྒྱལ་པོ་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ། །ཞེས་བྱ་བ་ནི། ཁྲོ་བོའི་རྒྱལ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ་རིགས་ལྔའི་ཧེ་རུ་ཀའི་རྒྱལ་པོ་ཆེ་མཆོག་གི་སྐུར་སྣང་བར་བྱེད་པའི་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོའི་ཏིང་ངེ་འཛིན་ལ་དེ་སྙོམས་པར་ཞུགས་ཏེ་ཞེས་པའི་དོན་ལ་ཚིག་སྐད་ཅེས་བྱའོ། །དེ་ནས་དེ་བཞིན་ཉིད་ཀྱིས་དབྱིངས་ནས་ཁྲོ་མོ་དབང་ཕྱུག་ཆེན་མོའི་སྐུ་མངོན་དུ་ཕྱུང་བ་སྟེ། ཞེས་བྱ་བ་ནི། འདི་ནས་མར་དཀྱིལ་འཁོར་རྨད་དུ་བྱུང་བ་ལ་བཞི་ལས་དང་པོ་ཆེ་མཆོག་འདི་གསང་བའི་ལོངས་སྤྱོད་ཆེན་པོའི་ཡུམ་ཕྱུངས་ཏེ་སྦྱོར་བ་མཛད་པ་དཀྱིལ་འཁོར་སྟོན་ཏོ། །ལེའུ་བཞི་པར་ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཅེས་གསུངས་པའི་ཕྱིར། དེ་བཞིན་ཉིད་ཀྱི་དབྱིངས་ན་ཀུན་མོ་ཁོ་ནའོ། །དེ་ཉིད་ལས་ཁྲོ་མོར་དབང་ཕྱུག་ཆེན་མོའི། མངོན་དུ་ཕྱུང་སྟེ་རང་སྣང་བའོ། །གཞན་ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས་རིན་ཆེན་དགྱེས་པར་མཛད་ནས་ཞེས་པ་ནི་གོ་སླའོ། །གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་ཐིམ་ནས། ཞེས་བྱ་བ་ནི། སློབ་དཔོན་ལ་ལའི་གཞུང་གིས་ཡབ་ཡུམ་སྐུ་ཉིད་འོད་དུ་ཞུ་ཞིང་ཡོངས་སུ་གྱུར་པའི་བྱང་ཆུབ ཀྱི་སེམས་ཀྱིས་འོད་དཔུང་ལས་ཁྲོ་བོ་འཆོལ་བ་སྤྲོས་ནས། ཕྱིས་སླར་ཡང་རིགས་བཞི་ཁྲག་འཐུང་འཁོར་དུ་སྣང་བ་ཡང་འཆད་དོ། །ཞེས་པ་ནི་གཞན་དང་དགོངས་པ་བསྟུན་པའོ། །འདིར་ནི་ཉི་ཟླ་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པར་འཁྲིལ་པའི་དགྱེས་པ་ནི་ཐིམ་པ་ཞེས་བྱའོ། །དེ་ཉིད་ལྷའི་དཀྱིལ་འཁོར་ཐམས་ཅད་ཀྱི་དུ་འཆར་བྱེད་རྒྱུ་ཡིན་པའི་ཕྱིར་ན། གཉིས་མེད་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ལྔ་སྤྲིན་ལས་ཆར་བྱུང་བ་ལྟར་རོ། །ཞེས་གསུངས་སོ། །ཧཱུྃ་ཧཱུྃ་ཧཱུྃ་བྷི་ཤྭ་བཛྲ་ཞེས་སོགས་ཞེས་བྱ་བ་ལ་སོགས་པ་ནི། ཁྲོ་བོ་འབྱུང་བའི་བསྐྱེད་སྔགས་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །ཞེས་པའི་སྔགས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་མཐའ་ཡས་པར་ཞེས་བྱ་བ་ལ་སོགས་པ་ནས་འཐོར་བར་གྱུར་ཅེས་པའི་བར་ནི་སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས་ཞེས་བྱ་བ་ལ་སོགས་པ་ནས་གཏོར་རོ་ཞེས་པའི་བར་ནི་བྱིན་གྱིས་རླབས་ཀྱི་ཆོ་འཕྲུལ་ལོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་སྟོང་ཁམས་ཐམས་ཅད་ན་གནས་པའི་ཞེས་བྱ་བ་ལ་སོགས་པ་ནི་ས་གཡོ་པས་ཆོས་ཉིད་སྒྱུ་མ་ལྟ་བུའི་དོན་སྣང་བའི་ཆོ་འཕྲུལ་ལོ། །དབང་ཆེན་ཞེས་བྱ་བ་ནི། མ་ཧཱ་དེ་བའོ། །ལྷ་ཆེན་པོ་གཟི་བརྗིད་ཆེ་བ་ནི་ཚངས་པའོ། །མཐུ་ཆེ་བའི་ལྷ་ཁྱབ་འཇུག་གོ། །ར་ཧུ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པ་༢ཐམས་ཅད་བརྒྱལ་རབ་ཏུ་བརྒྱལ། ཀུན་ཏུ་བརྒྱལ་ཞེས་བྱ་བ་ནི། ཁམས་འཁྲུགས་ཏེ་དྲན་པ་ཉམས་ཤིང་བརྒྱལ། ནས་ལུས་ས་ལ་འགྱེལ་ཏེ་རབ་ཏུ་བརྒྱལ་སེམས་དྲན་པ་མྱོས་ཤིང་ཀུན་ཏུ་བརྒྱལ་པར་གྱུར་ཏེ་ཞེས་པའོ། །ལ་ལའི་སྟེ་སྒྱུ་འཕྲུལ་བླ་མ་གཞུང་གིས་སྐབས་འདིར་ཁམས་གསུམ་དུར་ཁྲོད་ཀྱི་གཞལ་ཡས་སུ་བྱིན་གྱིས་བརླབས་ཏེ། གནས་དེར་དྲེགས་པ་ཅན་ཐམས་ཅད་གདན་དུ་མཛད་པར་བསྐྱེད་རིམ་གྱི་སྐབས་སུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་འཇིགས་བྱེད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནས་ཀློང་གི་དཀྱིལ་འཁོར་ཞེས་པའི་བར་ནི་ཆེ་མཆོག་གི་སྤྲུལ་པ་རིགས་ལྔའི་ཁྲོ་བོ་འཆོལ་པ་བས་ལྷག་པ་ཆེན་པོའི་དཀྱིལ་འཁོར་སྟོན་ཏེ། དབང་ཕྱུག་ཆེན་པོ་དང་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུགས་ཞེས་བྱ་བ་ནི་རུ་ཏྲ་ཕོ་མོའོ། །བྱི་ཆིང་གི་གདན་ལ་ཞབས་བརྐྱང་བསྐུམ་དུ་བཞུགས་སོ། །ཞེས་པ་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཕུང་ཞེས་བྱ་བ་འཕྲོ་བ་ན ི་དང་པོ་བྱང་ཆུབ་སེམས་ཡེ་ཤེས་ལྔའི་ཁྱབ་པ་ལས་སྤྲུལ་པ་འཕྲོས་པ་སྟེ། དེས་གདུལ་བྱ་དུག་ལྔ་དང་དེ་ལས་གྱུར་པ་འགྲོ་ལྔ་བརྟུལ་ནས་དེ་དག་ཀྱང་སླར་ཡང་རིགས་བཞིན་དུ་བསྡུས་པའོ། །སྟེ་ཕྱོགས་བཞིར་འཁོད་དེའང་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཞེས་པ་ནས་འཁྲིལ་བའི་ཚུལ་གྱིས་བཞུགས་སོ་དང་ངོ་མཚར་བསྟན་ཏེ་ཞེས་པའི་བར་བསྟན་པ་དེ་ནས་དྲེགས་པ་ཆེན་པོ་ལ་སོགས་པ་གཏུམ་པའི་སེམས་ཀྱིས་གདུག་པའི་རྫུ་འཕྲུལ་བསྟན་ནས་ཞེས་བྱ་བ་ལ་སོགས་པ་ནས་ཚུར་རྔམ་ཞེས་པའི་བར་ནི་ཕྲིན་ལས་རྨད་དུ་བྱུང་བ་གཉིས་ལས། ཕྲིན་ལས་ཀྱི་ངོ་བོ་སྟོན་ཏེ། འབྲས་བུ་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དབུ་དགུ་བརྒྱ་ཕྱག་བཅོ་བརྒྱད་ཅེས་བྱ་བ་ནི། རྣམ་ཤེས་དགུ་ཡེ་ཤེས་དགུའི་རྟགས་སུ་ཁྲག་འཐུང་ཧེ་རུ་ཀ་ལྔ་རཀྴ། ས་ནུ་གུ་ཧྱ། ཡཀྴ་ཧེ་རུ་ཀ་དང་དགུ་ཀློང་རྔམ་པའི་ཞལ་དུ་གདུག་པ་ཅན་གསོལ་བ་དང་། སྒྲོལ་བྱེད་ཀྱི་གིང་བཅོ་བརྒྱད་ཀྱི་ཕྱག་གིས་སྒྲོལ་བའི་སྟེ་ཞབས་བརྒྱད་ཅེས་པ་ནས་ཁྲོས་ནས་ཞེས་པའི་བར་གྱིས་ཕྱིར་རོ། །ཧཱུྃ་ཧཱུྃ་ཧཱུྃ་ནི་གདུལ་བྱ་དང་སྦྱར་ན་དྲག་པོའི་སྒོ་གསུམ་དབང་དུ་གཉེན་པོ་དང་སྦྱར་ན་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱིས་སྡུད་པའོ། །ཧ་ཧ་ཧ་ནི་དགྱེས་པའི་གད་མོས་སྲོག་དབུགས་དུག་གསུམ་ལ་རྔམ་པའི་ཕྱིར་རོ། །ཁ་ཁ་ཁ་ཧི་ནི་ཤ་ཁྲག་རུས་གསུམ་ལྷག་མ་མ་ལུས་པར་ཞལ་དུ་གསོལ་བའི་ཕྱིར་རོ། །ཞེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་དེ་དག་གི་སྙིང་ཕྱུང་བ་ནི་སེམས་ཀྱི་བདག་འཛིན་ཉོན་ཡིད་རྩད་ནས་བཅད་པའི་ཕྱིར། དབང་པོ་ཀུན་ཕྱུང་བ་ནི་དབང་པོ་སྐྱེ་མཆེད་ཀྱི་སྒོ་དག་པའི་ཕྱིར་རོ། །ནང་ཁྲོལ་དྲང་བ་ནི་གཟུགས་ལ་སོགས་པའི་ཡུལ་ལ་མངོན་པར་ཞེན་པ་དག་པར་བྱ་བའི་ཕྱིར་རོ། །ཡན་ལག་ཀུན་བཅད་པ་བཏུབ་ནས་ཞེས་པ་ནི་ལས་ངན་གྱི་རྒྱུན་རྩད་ནས་བཅད་པའི་ཕྱིར་རོ། །ཁྲག་ཀུན་འཐུང་བ་ནི་འདོད་ཆགས་ཟད་པའི་ཕྱིར་རོ། །ཤ་ཀུན་ཟོས་པ་ནི་གཏི་མུག་དག་པའི་ཕྱིར་རོ། །རུས་པ་ཀུན་འཆོས་པ་ནི་ཞེ་སྡང་དག་པའི་ཕྱིར་རོ། །དེ་ནས་ཧཱུྃ་ཧཱུྃ་ཧཱུྃ་ནི་མོ་རྣམས་ཀྱིས་ལུས་ངག་ཡིད་གསུམ་དབང་དུ་སྡུད་པའོ། །དེའི་སྔགས་ནི་བྷྱོ་ཨེ་ཨ་ར་ལི་ཛ་ཛ། ཞེས་བྱ་བ་ལ་སོགས་པ་ནི། འཁོར་སྡུད་པའི་ཆོ་འཕྲུལ་ལ་གཉིས་ལས། དང་པོ་འཁོར་སྡུད་པའི་ཆོ་འཕྲུལ་ལོ། །ཞེས་བརྗོད་པས་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་བསྡུས་སོ། །ཞེས་བྱ་བ་ནི། དྲེགས་པ་རྣམས་ཀྱི་རྣམ་པར་ཤེས་པ་ཧཱུྃ་གསུམ་དུ་བསྡུས་པ་སྟེ། རྒྱུ་དེས་དྲེགས་པའི་ཆོས་ཐམས་ཅད་སེམས་སུ་གཅིག་པར་མཐོང་བའོ། །ས་སེམས་གནས་སྤར་བ་གཞན་ནི་བསྡུས་པ་དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་མོ་ཞེས་པ་ནས་དབང་དུ་བསྡུས་སོ་ཞེས་པའི་བར་གོ་སླའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆོན་པོ་ཞེས་བྱ་བ་ལ་སོགས་པ་ནི། དཔལ་ཁྲག་འཐུང་ཆེན་པོ་རིགས་ལྔ་ཆར་ཡོངས་སུ་རྫོགས་པའི་ར་སྣང་བ་དཀྱིལ་འཁོར་སྟོན་ཏེ་མ་མོ་རྣམས་འདུལ་བའི་ཐབས་ཀྱི་ཡང་༡རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་བྱས་ནས་ཞེས་བྱ་བ་ནི། ཆེ་མཆོག་གི་སྐུ་ཉིད་མ་མོ་དབང་མོ་རྣམས་ཀྱི་ངོ་ལ་རིགས་ལྔར་སྣང་བ་སྟེ། ཁྱོ་དང་ཆུང་མ་གཉིས་སམ་ཡང་ན་གོང་དུ་རིགས་ལྔར་སྣང་བ་དང་འདིར་ཡང་རིགས་ལྔར་སྣང་བ་གཉིས་ཀྱི་ཕྱིར་༼༡༽ཡང་ཞེས་བྱའོ། །ཡང་ན་དབུ་དགུ་པ་དང་རིགས་ལྔ་གཉིས་སོ། །དེ་དག་ཀུན་ཀྱང་དགྱེས་པར་རོལ་པའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ནས་ཤིན་ཏུ་བཅུམ་པར་གྱུར་ཏེ་ཞེས་པའི་བར་ནི་འཁོར་སྡུད་པའི་ཆོ་འཕྲུལ་གྱི་བྱ་བའོ། །འབྲུ་ནི་གོ་སླའོ། །དེ་ནས་དགྱེས་ཏེ་ཧ་ཧ་ཞེས་བརྗོད་པས་ཞེས་བྱ་བ་ལ་སོགས་པ་རིགས་ལྔ་དང་དབང་ཕྱུག་མའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཧའི་ཚོགས་སྤྲོས་པ་ནི་ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་མ་ཕྲ་ཉི་ཤུ་དང་ཆས་ཏེ་རེ་རེའི་ཉེར་བརྒྱད་ཉེར་བརྒྱད་སྟོན་ཏེ། དེ་ཡང་དཀར་མོའི་ཚོགས་དང་ཞེས་བྱ་བ་ནི། ཀེའུ་རི་མ་ནི་ཐུགས་རྣམ་པར་དག་པས་ཞི་བའི་འཕྲིན་ལས་ཀྱིས་གདུལ་བྱའི་དོན་མཛད་པའི་ཕྱིར་རོ། །སྐུ་མདོག་དཀར་མོ་འདྲེས་པ་རྐུན་མོའི་ཚོགས་ཙའུ་རི་མ་ནི་ཆེ་བའི་ཡོན་ཏན་གྱིས་མཐུས་སྐུ་བས་དབང་གི་ཕྱིར་རོ། །རྨོངས་མོའི་ཚོགས་པྲ་མོ་ཧ་ནི་ཞི་བའི་ལས་ཀྱི་ཕྱིར་རོ། །དགྲ་བགེགས་ཐལ་བར་བརླག་པར་བྱེད་པ་མོའི་ཚོགས་བེ་ཏ་ལི་ནི་དྲག་པོའི་ལས་ཀྱི་ཕྱིར་རོ། །སྦོས་མོའི་ཚོགས་པུཀྐ་སཱི་ནི་ཆེ་བའི་ཡོན་ཏན་གྱིས་ཀང་ཀ་རྒྱས་པའི་ཕྱིར་རོ། །གཏུམ་མོའི་ཚོགས་ཀསྨ་རི་དྲག་པོའི་ལས་བྱེད་པའི་ཕྱིར་རོ། །སྨེ་ཤ་ཅན་གྱི་ཚོགས་སྨེ་ཤ་ཅན་ནི་ལས་བཞི་པོ་གང་ཡང་འགྲུབ་པའི་ཕྱིར་རོ། །སྐུ་མདོག་ལྗང་གུ་མ་ཚོགས་མའི་ཚོགས་ཙནྡྷ་ལི་ནི་ཚེ་དང་བརྒྱུད་འཕེལ་བར་བྱེད་པའི་ཕྱིར་རོ། །དེ་རྣམས་རེ་རེ་ཡང་ཚོགས་ཞེས་པའི་སྒྲས་ཉི་ཤུ་རྩ་བརྒྱད་རང་རང་ག ི་ལག་ཆ་དང་བཅས་པ་ནི་ཀེའུ་རི་བན་དམར་བྱི་དབྱུག་སྔོ་ལ་སོགས་པ་ངོ་མཚར་བའི་ཚུལ་དུ་མ་དང་ཆས་ཞེས་བྱ་བ་ནི། གདུག་པ་ཅན་ལ་རྔམ་ཞིང་དེའི་འཁོར་ལ་ངམ་པའི་ཕྱིར་རོ། །འདི་དག་ནི་དཔལ་ཆེན་པོའི་ཡོན་ཏན་གྱི་སྣང་ཚུལ་ལ་སྦྱར་ཏེ་སེང་གདོང་མ་ཆེན་མོའི་ཚོགས་ནི་གདུག་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །སྟག་གདོང་མ་ཆེན་མོའི་ཚོགས་ནི་དཔའ་བརྟུལ་གྱི་ལས་དྲག་པོའི་ཕྱིར་རོ། །ཝ་གདོང་ཆེན་མོའི་ཚོགས་ནི་ཐབས་མཁས་པས་ཕུང་པོའི་བདུད་དག་པའི་ཕྱིར་རོ། །ནེའུ་ཚེ་ཆེ་བ་ཁྱི་གདོང་ཆེན་མོའི་ཚོགས་ནི་ཁྱི་རྒོད་སྤྱང་ཀུ་སྟེ་རྣམ་པར་གཡེང་བྱེད་ཀྱི་ལྷའི་བུའི་བདུད་འཇོམས་པའི་ཕྱིར་རོ། །བཞད་གདོང་ཆེན་མོའི་ཚོགས་ནི་མཚོའི་ནང་གི་སྤུ་འགུལ་བ་ཚོར་བས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཕྱིར་རོ། །དུར་བྱ་འི་གདོང་ཆེན་མོའི་ཚོགས་ནི་འཁོར་བའི་རོ་དང་དུ་ལེན་པའི་ཕྱིར་རོ། །ཀམ་དང་ཁ་ཁའི་ར་ཀའི་འགྲེལ་པའོ། །འུག་གདོང་ཆེན་མོའི་ཚོགས་ནི་མཚན་མོ་ཆུ་ནང་དུ་སྐྲ་ཉག་མ་ཚུན་ཆད་མཐོང་བ་གདུལ་བྱ་ཕྲ་བ་ཡང་མི་འདོར་བའི་ར་བྱེད་པ་ཕྱིར་རོ། །དབང་རྟགས་སུ་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་ཅིང་སྲིང་འགྲོ་མ་ནི་རྟའི་གདོང་པ་སྟེ། ལྕགས་ཀྱུ་བསྣམས་ནས་འཁོར་བ་མི་གཏོང་བའི་ཕྱིར་རོ། །རྡོ་རྗེ་གདོང་མོའི་ཚོགས་ནི་ཕག་གི་གདོང་པ་སྟེ། ཕྲིན་ལས་གདོང་ཚུགས་སུ་བྱེད་པའི་ཕྱིར་རོ། །རྡོ་རྗེ་འཇིག་རྟེན་མའི་ཚོགས་ནི་དྲེད་གདོང་མ་སྟེ། ཐམས་ཅད་མེས་བསྲེག་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་རོ་ལངས་མའི་ཚོགས་ནི་སྤྱང་གདོང་མ་སྟེ། ཁམས་གསུམ་རྣམ་པར་རྟོག་པ་ཀློང་དུ་ཤི་བ་སླར་འཚོ་བར་བྱེད་པས་རོ་ལངས་མ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ། ཞེས་བྱ་བ་ལ་སོགས་པ་ནི། ཕྲིན་ལས་ཀྱི་འབྲས་བུ་ལ་གནས་སྤར་བ་དང་དམ་ལ་བརྟག་པ་གཉིས་ལས། དང་པོ་དྲེགས་པ་རྣམས་གནས་སྟོབ་པའོ། །ཐུགས་རྗེ་ཆེན་པོ་བདུད་རྩི་འབྱུང་བ་ནི་དྲི་ཆེན་སྟེ། སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་བ་ༀ་ནི་ཡེ་ཤེས་ལྔ་བཛྲ་རྡོ་རྗེ་མ་ཧཱ་ཨ་མྲྀ་ཏ། ཞེས་བྱ་བ་ནི། བཛྲ་རྡོ་རྗེ་བདུད་རྩི་ཨ་མྲྀ་ཏ་ཆེན་པོ་མ་ཧཱ་སྟེ། གང་ལྟར་ན་བདུད་རྩི་གཅིག་ཀྱང་དམ་རྫས་ལྔ་དང་ལྡན་པའོ། །མ་ཧཱ་ཀྲོ་ཏ་ཞེས་བྱ་བ་ནི་ཁྲོ་བོ་ཆེན་པོ་སྟེ། འོག་ནས་འབྱུང་བའི་སྣོམས་ནས་ཕྱུང་བ་དང་། མི་གཙང་བ་ཞལ་དུ་གསོལ་བས་ཁྲོ་བོ་སྨེ་བ་མི་གཙང་བ་ལེན་གཉིས་བརྩེགས་སོ། །ཨཾ་ཨཾ་ཨཾ་ཞེས་བྱ་བ་ནི། བདུད་རྩི་ལེན་གསུམ་བྱིན་པས་རིན་ཆེན་གྱིས་དབང་བསྐུར་བ་ཁོ་ནའོ། །སྐུ་འབར་བ་ཆེན་པོའི་དཀྱིལ་འཁོར་ན། བཞུགས་པར་མཐོང་། ཞེས་བྱ་བ་ནི། དབུ་ཕྱག་མང་པོ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལྟར་གདུལ་བྱས། མཐོང་གི་བདག་ཉིད་དུ་མ་གྱུར་བའོ། །སོ་སོར་སྣང་བ་དུས་གཅིག་ཏུ་བཏུལ་ལོ་ཞེས་བྱ་བ་ནི། བཅུ་བཞི་པ་ལས་སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། དུས་སྐད་ཅིག་ཡུད་ལ་ཙམ་ལྷུན་གྱིས་གྲུབ་ཧོ། །ཞེས་བྱ་བ་ནི། གདུལ་བྱ་ཐ་དད་པར་འི་སྣང་ངོ་སྐུ་ཐ་དད་པར་སྣང་བས་གདུལ་བྱ་ཀུན་དུས་གཅིག་ཏུ་ཐུལ་བ་དོན་གྲུབ་པའོ། །དེ་ནས་དེ་དག་ཤིན་ཏུ་ཞེས་པ་ནས་རུལ་བར་འཆི་ཞེས་པའི་བར་ནི་གོ་སླའོ། །དེ་ནས་དེ་དག་གི་ཆུང་མའི་ཚོགས་རྣམས་དང་། ཞེས་བྱ་བ་ལ་སོགས་པ་ནས་ཕྱི་རིམ་ནས་བཀོད་དོ་ཞེས་པའི་བར་ནི་ཕྲིན་ལས་རྨད་དུ་བྱུང་བའི་འབྲས་བུ་ལ་གཉིས་ལས། འཁོར་དམ་ལ་བཏགས་ཏེ་བཀའི་སྲུང་མ་བྱེད་པས་བསྟན་པ་ཡུན་རིང་དུ་གནས་པར་བྱས་པའོ། །ལེའུ་བཅོ་ལྔ་པའི་དཀའ་བ་བཤད་པའོ།། །།ཁྲོ་བོའི་དཀྱིལ་འཁོར་དེ་དག་གི་ལྷག་པའི་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་སྔགས་རང་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་དེ་དག་སྔགས་ཀྱི་དམ་ཚིག་གི་སྐུར་བསྒྲུབ་པར་བྱ་བ་ནི། གསུང་གི་དམ་ཚིག་ནི་སྔགས་གསུམ་པོ་རྣམས་སོ། །དེ་བཞིན་གཤེགས་པའི་ཁྲོ་བོ་ཡེ་ཤེས་རྔམ་པ་ཞེས་བྱ་བ་ནི་ཤིན་ཏུ་རྔམ་པའི་ང་རོ་དང་ཆས་པར་གྲགས་པའོ། །ༀ་ཡེ ཤེས་ལྔ་ལྡན་རྩ་སྔགས་སམ་འགོ་འདྲེན་ནོ། །སརྦ་ཐམས་ཅད་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་མ་ཧཱ་ཆེན་པོ་ཤྲཱི་དཔལ་ཧེ་རུ་ཀ་ཁྲག་འཐུང་ཞེས་བྱ་བ་ནི་ཉིད་ཀྱི་སྙིང་པོའོ། །སྟེ་བསྐྱེད་པ་རྐྱེན་གྱི་སྔགས་ལས་སྔགས་༼༠༠༽མ་ཧཱཾ་ཙནྡྷ་ནི་གཏུམ་པོ་ཆེན་པོའོ། །སརྦ་དུཥྚན་ནི་སྡང་བ་ཐམས་ཅད་དོ། །ཏ་ཀ་ཧ་ན་ནི་ཏོགས་ཤིག་རྒྱོབས་ཤིག་པའོ། །ད་ཧ་པ་ཙ་ནི་ཆོམས་ཤིག །ཚོས་ཤིག་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་གདུག་པ་ཅན་གྱི་ལུས་ངག་ཡིད་གསུམ་དབང་དུ་བསྡུས་ལ་སོད་ཅིག་པའོ། །དེ་དག་གི་ཕྱིར་རྩ་༼༠༠༽བ་ལས་༼༠༠༽དང་བཅས་པའི་སྔགས་ཁོ་ནའོ། །གཞན་ༀ་བཛྲ་ནས་ས་མ་ཡཱ་བ་ཏི་ཧོའི་བར་ནི་གོ་སླའོ། །བྷྱོཿརྣམས་ནི་མ་མོ་རྣམས་ཀྱི་རྒྱུ་མ་ནོར་བ་རྩ་བའི་སྙིང་པོ་སྟེ། བསྐྱེད་པ་རྐྱེན་གྱི་སྔགས་དང་བཟླས་པ་ལས་ཀྱིས་སྔགས་གཉིས་ནི་རང་གི་མིང་ཉིད་ཀྱིས་མ་ནུ་རཀྴ་སི་ལ་སོགས་པ་གྲུབ་པའི་ཕྱིར། ལེའུ་བཅོ་ལྔ་པར་བཤད་པ་བཞིན་ཡིན་ལ་དེ་ཡང་མ་ནུ་རཀྴ་ནི་སྲིན་མོ་ཆེན་མོ་མི་སྲིན་མོ་ལ་སོགས་པ་འཕྲལ་སྐད་དུ་གསལ་བའོ། །སྟེ་བསྐྱེད་པ་དང་སྤྱན་དྲང་བ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཞེས་བྱ་བ་ནི། ཡེ་ཤེས་པ། སྙན་གསན་གསོལ་བའི་སྔགས་སོ། །ༀ་ཨེ་ཧ་ཧི་ཨ་ན་ཡ་ཞེས་བྱ་བ་ནི་བསྐུལ་བའི་སྔགས་སོ། །ཛཿཧཱུྃ་བྃ་ཧོཿཞེས་བྱ་བ་ནི། ཕྱག་རྒྱ་བཞིས། རིམ་པར་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པའོ། །རྃ་ཞེས་བྱ་བ་ནི་དངོས་སུ་ཡེ་ཤེས་དམ་ཚིག་གི་དཀྱིལ་འཁོར་གཉིས་ཀྱི་མེ་དཔུང་གཉིས་འདྲེས་པ་སྟེ། ཤེས་རབ་ཀྱིས་གཉིས་མེད་དུ་སྦྱོར་བའི་ཕྱིར་རོ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། ཞེས་བྱ་བ་ནི་རིག་པའི་མེ་ཏོག་དོར་བ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཉིས་མེད་པ་གཅིག་པར་གསལ་བའོ། །ཨཱོཾ་ནི་ཡེ་ཤེས་ལྔ་ལྡན་དྲེགས་པ་ཁོ་བོའི་གདུལ་བྱ་ལ་ཐུགས་རྗེས་ཁྲོས་པའི་ཚུལ་བསྟན་པས་དྲེགས་པ་ཅན་གྱི་གདུལ་བྱ་ཞི་བར་མཛད་པ། ནི་ཐུགས་རྗེ་ཆེན་པོ་གཞན་གྱི་དཔལ་ལོ། །ཞེས་བྱ་བ་ལ་སོགས་པ་ནི། བསྐུལ་བ་སྟེ་བསྐུལ་བའི་ས་ལ་བཞེས་པའི་ཕྱིར་རོ། །སླར་ཡང་བསྐུལ་བའི་སྔགས་ནི་ༀ་བཛྲ་ཀྲོ་ཏ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧོཿ ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། ཞེས་བྱ་བ་ནི། དམ་ཚིག་བསྐུལ་བས་དགྱེས་ནས། ཡེ་ཤེས་པའི་སྐུ་གསུང་ཐུགས་གསུམ་ནས་དྲག་པོའི་ཡིག་འབྲུ་ལ་ཕཊ་ནག་པོ་གྲངས་མང་པོས་སྤྲོས་པ་བདག་དམ་ཚིག་པའི་སྣོད་དག་པར་མཛད་པའོ། །དེ་ནས་ཕྱིའི་མཆོད་པ་འབུལ་བའི་ཕྱིར། ཨ་ལི་ཨུ་ལི་ཏ་ལ་ཏ་པ་ཏི། །ཞེས་བྱ་བ་ནི། ཨ་ལི་བཟའ་བ་དང་། ཨུ་ལི་བཏུང་བ་དང་། ཏ་ལ་འབྲས་བུ་རྣམས་དང་། ཏ་པ་སི་བཅའ་བ་སྣ་ཚོགས་སྤྲོས་ལ་འབུལ་བའོ། །དེ་དག་གང་ལ་ཕུལ་སྙམ་པ་ལ། དཾ་ཁ་ཊཿ ཞེས་བྱ་བ་ནི། སྒྲ་བསྒྱུར་ན་མཆེ་བ་ཅན་ཏེ། དོན་རིགས་ལྔ་ཧེ་རུ་ཀ་ཡབ་ཡུམ་རྣམས་སོ། །ག་ནཱ་ར་ཏྲཱི་ཞེས་བྱ་བ་ནི། ཡོན་ཏན་དྲག་མོ་སྟེ། ཁྲོ་མོ་གནས་ཡུལ་སྒོ་མ་ཉི་ཤུའོ། །ཁ་རཾ་ཡོ་གི་ནི། ཞེས་བྱ་བ་ནི། ཞལ་འབར་བའི་རྣལ་འབྱོར་མ་སྟེ། མ་མོ་དབང་མོ་ཉེར་བརྒྱད་རྣམས་སོ། །ཁཱ་ཧི་ཞེས་བྱ་བ་ནི་གསོལ་གཅིག་པར་བསྟན་པའོ། །དེ་ནས་མཉེས་པའི་ཕྱིར་ཧེཿཞེས་བྱའོ། །ཧཱུྃ་གིས་རིགས་ལྔ། ཧ་ས་མ་མོ་ཧེས་ཕྲ་མན་ཕཊཿཀྱི་སྒོ་མ་ཞེས་བྱ་བ་ནི། དམ་ཚིག་དཀྱིལ་འཁོར་ལ་ཡེ་ཤེས་པ་གཙོ་འཁོར་གནས་གདན་དྲང་རིམ་པར་ཐིམ་པའོ། །ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཚིག་རབ་ཏུ་ཚིག་ཀུན་ཏུ་ཚིག་གོ། །ཞེས་བྱ་བ་ནི། བཟླས་པ་ལས་ཀྱི་སྔགས་རྣམས་ཀྱི་མཐུ་བརྟེན་པའོ། །ས་རྟོག་པ་ཐམས་ཅད་ཚིག་ཅེས་པ་ལ་སོགས་པ་འབར་རབ་ཏུ་འབར། ཀུན་ཏུ་འབར་ཞེས་བྱ་བ་ནི། བསྐྱེད་པའི་རྐྱེན་གྱི་སྔགས་ཀྱིས་མཐུ་བྱིན་བརླབས་ཀྱིས་རྟོག་ཚོགས་ཐམས་ཅད་ཀྱང་ལྷར་གྱུར་པས་འབར་ཞེས་པ་ལ་སོགས་པ་ཁོ་ནའོ། །ཐམས་ཅད་དུ་འབར་བའི་ཡེ་ཤེས་པ་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་རབ་ཏུ་གང་། ཀུན་ཏུ་གང་བར་གྱུར་ཏོ། །ཞེས་བྱ་བ་ནི། སྤྱན་དྲངས་ཞིང་བསྟིམ་པའི་སྔགས་རྣམས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་གཉིས་སུ་མེད་པའི་ཡོན་ཏན་གྱིས་ཀུན་ཏུ་རྒྱས། ཏེ་གང་བ་ལ་སོགས་པའོ། །ལེའུ་བཅུ་དྲུག་པ་མདོར་བཤད་པའོ།། །།དེ་ནས་ལྷག་པའི་ཏིང་ངེ་འཛིན་གྱི་སྐུ་དང་། ཐུགས་ཕྱག་མཚན་ཀྱི་དཀྱིལ་འཁོར་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས། འབར་བའི་འཁོར་ལོ་རྩིབས་བཞི་པ། ཞེས་བྱ་བ་ལ་སོགས་པ་ནི། བཞུགས་གནས་བསྟན་པ་སྟེ། འདི་ཡང་ཏིང་ངེ་འཛིན་གྱི་རིམ་པ་ལེའུ་ལྔ་པ་དང་རྗེས་སུ་མཐུན་པར་དེ་ཏིང་ཀུན་ཏིང་གཉིས་སྦྱར་རོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་ཧཱུྃ་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་ལ་ཐོག་མར་གདན་ནི་ཆོས་འབྱུང་གྲུ་གསུམ་རླུང་རྡོ་རྗེ་རྒྱ་གྲམ་རོ། །རཀྟའི་རྒྱ་མཚོ་ཀེང་རུས་ཀྱི་རི་རབ་བསྐལ་པའི་མེ་རི་དང་། འབྱུང་བ་ལྔ་བསྐྱེད་ནས། དེའི་སྟེང་དུ་བྷཱུྃ་སྨུག་ནག་ལ་དུར་ཁྲོད་ཀྱི་འབར་བའི་གཞལ་ཡས་ཁང་དབྱིབས་འོག་གི་འདི་ལྟར་དག་ལྷར་བསྐྱེད་པ་འཁོར་ལོ་རྩིབས་བཞི་ལ་སོགས་སྟེ་གོ་སླའོ། །འབར་བའི་བར་འཁྱམས་གཉིས་ཀྱིས་མཛེས། །ཞེས་བྱ་བ་ནི། བཤད་པའི་བླ་མ་རྒྱུད་ཀྱི་སྤོར་མའི་ས་དགོས་སོ་ཞེ་ན། འདིར་ནང་ཕྲ་མེན་མའི་གསེར་ཁྱམས་དང་ཕྱིར་དབང་ཕྱུག་མའི་ཁྲག་མཚོའི་ཁྱམས་གཉིས་སུ་འགལ་བ་མེད་དོ། །དུར་ཁྲོད་ཀྱི་རྒྱན་ཁ༽ཐོད་སྤྲུལ་སྣ་ཚོགས་ཀ༽ཉི་མས་ག༽བརྗིད། །ཅེས་བྱ་བ་ནི། ཐོད་པ་སྐོམ་རློན་སྣ་ཚོགས་ཀྱི་རྩིགས་པ་དང་། དེ་དག་ཉིད་ཕལ་ཀར་ཏི་ལས། སྤྲུལ་ཆེན་གྱི་དྲྭ་བ་དྲྭ་ཕྱེད་ཀྱི་ཞགས་པས་མགུལ་དུ་དྲངས་པའོ། །དེ་དག་གི་བར་ན་ཉི་མའི་དཀྱིལ་འཁོར་འོད་ཟེར། ཕྱོགས་བཅུར། འགྱེད་པ་ཐམས་ཅད་དུ་སྣང་བར་བྱེད་པའོ། །ཡང་བརྗིད་པ། བདག་པོའི་རྐྱེན་གྱིས་འབར་བའི་འཕྲོ་བ་མང་པོས་འཁྲུགས། ཞེས་བྱ་བ་ནི། གཞལ་ཡས་ཁང་གི་ཕྱི་ནང་ཀུན་ལས་རྡོ་རྗེ་རྩེ་ལྔ་པ། རྣམ་པ་མེ་དཔུང་འབར་བ་ལས། མེའི་ཁྲོ་བོ་མང་པོ་བསྣོལ་མར་འཕྲོ་བ་དང་། འདུ་བར་འཁྲུག་པར་བྱེད་པའོ། །གཞལ་ཡས་ཁང་དེ་དག་གི་ནང་དུ་གདན་བསྟན་པའི་ཕྱིར། ཁྱུ་མཆོག་ནི་སྟོད་གླང་ལ་སྨད་སེང་གེ་ཟེར་གླང་གི་གཙོ་བོ། ཡང་ན་སེང་གེའོ། །མ་ཧེ་གཟིག་དང་སྟག །གཏུམ་པོ་དོམ་གྱི་སྤར་ཀ༽བས་ནི། །ཞེས་གསུངས་ཏེ། གཏི་མུག་མ་སྤངས་གནས་སུ་དག་པའི་རྟགས་སུ་ཁྱུ་མཆོག་༡དང་། ང་རྒྱལ་མ་ཉེ་༡དང་། ཕྲག་དོག་སྟག་༡དང་། འདོད་ཆགས་གཟིགས་༡དང་། ཁོང་༡ཁྲོ་དོམ་དེ་རྣམས་༡༡༡༡༡གནས་སུ་དག་པ་ཁོངས་སུ་ཆུད་ནས་དེ་དག་གི་སྒོ་ནས་ཕྲིན་ལས་མཛད་པའི་ཕྱིར། འདི་རྣམས་ཀྱི་སྤར་བས་ནི་འོག་གི་འདི་དག་གནོན་པའོ། །དབང་ཕྱུག་ལྷ་ཆེན་རུ་ཏྲ་ཕོ་མོ་ལ་༡སོགས་གཟུང་། ཞེས་བྱ་བ་ནི། སོགས་ཁུང་དུ་༡བསྡུ་བ་ནི། བཅོ་ལྔར་དྲི་ཟ་གཤིན་རྗེ་སྲིན་པོ་གནོད་སྦྱིན་རྣམས་བཤད་དོ། །དྲེགས་པ་རྣམས་ལ་ཕྲིན་ལས་ནན་ཏུར་དུ་བསྟན་པའི་ཕྱིར་ཀ༽སྤར་བས་ཕོའི་སོག་ཕྲག་དང་མོའི་ནུ་མ་ནས་བཟུང་ཁ༽བའོ། །བུདྡྷ་ཧེ་རུ་ཀ་སྨུག་ནག་བཛྲ་ཧེ་རུ་ཀ་སྔོ་ནག་རཏྣ་ཧེ་རུ་ཀ་སེར་ནག་དང་། པདྨ་ཧེ་རུ་ཀ་དམར་ནག་ཀརྨ་ཧེ་རུ་ཀ་ལྗང་ནག་ཐམས་ཅད་ཤིན་ཏུ་འཇིག་པའི་སྐུ། ཞེས་བྱ་བ་ནི་སྐུ་མདོག་རྣམས་བསྟན་པ་སྟེ། ལས་བཞི་པོ་ཐམས་ཅད་ཀྱིས་གཞི་མ་དྲག་པོ་ཁོ་ནས་འི་སྒོ་ན་ཕྲིན་ལས་མཛད་པའི་ཕྱིར། རྩ་བ་ནག་པོར་སྨོས་པའོ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བརྐྱང་བསྐུམ་དུ་བསྒྲད། །ཅེས་བྱ་བ་ནི། སྟོང་པ་ཉིད་མཚན་མ་མེད་པ། སྨོན་པ་མེད་པའི་རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་དགུ་གསུམ་དང་། ཡེ་ཤེས་དྲུག་དང་། ལྡན་པའི་རྟགས་སུ་ཕྱག་དྲུག་དང་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ཞབས་བཞི་གྱད་ཀྱི་དོར་ཐབས་སུ་བགྲད་པའི་ཕྱིར་རོ། །ཁ༽རྐོ་རློན་གོས་ནི་སྣ་ཚོགས་གོ་ག༽ནི། །ཞེས་བྱ་བ་ནི། ཐབས་མཁས་ཕྲིན་ལས་ཀྱི་གོས་དང་། ཁ༽ཁྱབ་པ་ཐུགས་རྗེའི་གོས་དང་། ཕྱི་ག་ནང་གསང་བར་སྡུད་པའི་གོས་ཁོ་ན་སྟེ། ཞིང་ཀ་གི་གཡང་གཞིའི་སྐེད་ཆིང་ཁ༽གླང་༴༽པོ་ཆེའི་རྐོ་རློན་ཡང་བ་ཀོར་བ་དང་། སྟག་གིས་པགས་པའི་ཤམ་ཐབས་ཁོ་ནའོ། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །ཞེས་བྱ་བ་ནི། གདུག་པ་རྔམ་པའི་སྒྲ་ཅན་གཤེ་ཞིང་མྱུར་བར་མ་རངས་པ་ཁྲོས་པའི་གད་མོ་བཞད་པའོ། །སྟེ་འཇིགས་པའི་ང་རོ་ཧ་ཧ་ཕཊ་ཕཊ་དང་རུ་ལུ་ལ་སོགས་པར་སྣ་ཚོགས་པར་སྒྲོགས་པ་སྦྲུལ་དང་ཐོད་རློན་ཉི་མར་བཅས། །ཞེས་བྱ་བ་ནི། སྦྲུལ་གྱི་ཆས་ནི་དབུ་རྒྱན། རྣ་རྒྱན། མགུལ་ཆུ། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྐུ་རེག །དོ་ཤལ། བརྒྱད་དང་། ཐོད་པ་ཚར་གསུམ་དང་། ནི་སྣོམ་པོས་དབུ་ལ་བརྒྱན། རློན་པོས་ཕྲེང་བ་དོ་ཤལ་ཚ་བུས་དཔུང་རྒྱན། དབུའི་སྐྲ་རལ་པའི་གསེབ་ལ་ཉི་མའི་དཀྱིལ་འཁོར། འོད་ཟེར་བྱེ་བ་དང་བཅས་པ་འགྱེད་པའོ། །སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །རལ་གྲི་དགྲ་སྟ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་བསྣམས། །ཞེས་བྱ་བ་ལ་སོགས་པ་ནི། ལྷག་པའི་ཏིང་ངེ་འཛིན་གྱི་ཐུགས་ཀྱི་དཀྱིལ་འཁོར་ཏེ། འདི་དག་རྒྱས་པ་ལས་ཀྱང་གསུངས་ནས། སྒྱུ་འཕྲུལ་རྡོ་རྗེ་ལས། རྡོ་རྗེའི་རིགས་ཀྱི་གཡས་དང་པོས་རྡོ་རྗེ་གཡོན་དང་པོ་དྲིལ་བུ་དང་། །གཡོན་ཐ་མ་སྟོང་གི་འཇིག་རྟེན་འཁོར་ཡུག་དང་བཅས་པ་འདེག །པའི་ཚུལ་ལོ། །དེ་བཞིན་གཤེགས་པའི་རིགས་ཀྱི་གཡས་དང་པོས་འཁོར་ལོ་གཡོན་དང་པོས་དགྲ་སྟྭ་དང་། །གཡོན་ཐ་མས་ཁ་ཊཱཾ་རབ་ཏུ་ཁྲོལ་བའོ། །༢ནོར་བུ་སྟེ་རཏྣའི་གཡས་དང་པོས་༡རིན་ཆེན་གཡོན་དང་པོས་༣རྒྱུ་ཞགས་དང་། །གཡོན་ཐ་མ་རྡོ་རྗེས་མཚན་པའི་དགྲ་སྟྭ་རབ་ཏུ་བརྡེག །འི་ཚུལ་ལོ། །ཆགས་ཆོག་སྟེ་པདྨའི་རིགས་ཀྱི་གཡས་དང་པོས་པདྨ་ཆེན་པོ་དང་། །གཡོན་དང་པོས་དྲིལ་བུ་གཡོན་ཐ་མས་རྔ་སྒྲ་སྒྲོགས་པའོ། །ལས་ཀྱི་རིགས་ནི་གཡས་དང་པོས་རལ་གྲི་གཡོན་དང་པོ་གཤོལ་ཆེན་དང་། །གཡོན་ཐ་མ་འཇིག་རྟེན་རྒྱང་མར་འཕེན་པ་འི་ཚུལ་སྟེ། །རིགས་ལྔ་པོ་ཀུན་གྱི་གཡས་བར་མ་རྡོ་རྗེ་གཡོན་བར་མས་དུང་ཆེན་དམར་གྱིས་བཀང་པ་འཁྲུགས། །པའོ། །ཀུན་གྱི་གཡས་ཐ་མས་ཏི་ར་ཞིང་གི་དབྱུག་པ་ཆེན་པོ་རབ་ཏུ་བརྡེགས་པའོ། །ཞེས་འབྱུང་བའོ། །རང་རང་གི་རིགས་ཀྱི་ཡབ་ཡུམ་བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ནས་གཡས་དྲིལ་བུ་འཛིན་ཅིང་ཡབ་ལ་འཁྱུད་པ་གཡོན་དུང་ཁྲག་ཞལ་དུ་སྟོབ་པའོ། །གནས་དང་ཡུལ་གྱི་ཕྱག་རྒྱ་ན ི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་གྱི་ཕྱོགས་བཅུ་ཀུན་ཏུ་གང་བར་གྱུར་ཏོ། །ཞེས་བྱ་བ་ནི། དོན་མཚོན་པའི་རྟགས་སྟེ་གདུལ་བྱའི་སྣང་བའོ། །ལེའུ་བཅུ་བདུན་པ་མདོར་བཤད་པའོ།། །།དེ་ནས་ཞི་ཁྲོ་དེ་དག་གི་དཀྱིལ་འཁོར་ལ་མཆོད་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ལྷ་ཚོགས་རྣམས་མཉེས་པའི་མཆོད་པ་ཞེས་བྱ་བ་ནི། ཕྱི་རྒྱུད་མན་ཆད་ལ་རྨད་དུ་བྱུང་བའི་མཆོད་པ་ཆེན་པོ་འོག་ཏུ་འཆད་པའི་ཞེ་སྡང་སྒྲོལ་བ་འདོད་ཆགས་སྦྱོར་བ་གཏི་མུག་དམ་རྫས་འདོད་ཡོན་རྒྱན་གྱི་མཆོད་པ་བཞིའོ། །དེ་ལ་མཆོད་སྦྱིན་དམ་པ་ནི། ཞེས་བྱ་བ་ནི། དེ་ལ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་མ་མོ་མཁའ་འགྲོ་ལ་སྦྱིན་ཅིང་དེ་རྣམས་ཀྱི་ཐུགས་རྒྱུད་ཚིམ་པའི་ཕྱིར་ངེས་ཚིག་གང་ཞེ་ན་ཤ་ཁྲག་རུས་པ་དུག་གསུམ་གྱི་མཆོད་པས་དུག་གསུམ་དང་འདོད་ཡོན་སྤངས་པ་མེད་པར་ཡེ་ཤེས་སུ་གྲོལ་བས་ན། སྐྱབས་ཆེན་པོ་ཐོབ་པའི་ཕྱིར་དམ་པ་ཞེས་བྱ་བ་ཁོ་ནའོ། །དེ་དག་གང་ཞིག་སྙམ་པ་ལ། ཐོག་ཁ༽མར་བདག་ཀ༽ཉིད་རྟོག་གམ་ག༽བསྒྲལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་སྒྲོལ་བ་པོའི་གང་ཟག་སྟོན་ཏེ་དང་པོར་ཐོག་མ་ཤེས་བྱ་རྟོགས་པ་རྣམ་བཞི་བཅུ་གཅིག་པར་བཤད་པ་བཞིན་དུ་དོན་རྟོགས་ཤིང་ཁོང་དུ་ཆུད་ནས་ཏིང་ངེ་འཛིན་གཉིས་བརྟེན་པའི་གོམས་སྟོབས་དང་ལྡན་པ་ནི། བདག་༡ཉིད་ཀྱི་བདག་འཛིན་དག་པས་བསྒྲལ་བའོ། །ཐུགས་རྗེས་གཞན་བསྒྲལ་བའི་པོ་ལྟ་བ་བསྟན་པའི་ཕྱིར། རྟོག་པས་བདག་བསྒྲལ་དེ་ནས་གཉིས་མེད་བློ་ཡིས་ནི། ཞེས་གསུངས་ཏེ། རྣལ་འབྱོར་བ་གང་གིས་གོང་གི་ལྟ་བའི་སྐབས་སུ་བཤད་པ་བཞིན་དུ་གྲུབ་པ་ནི། བསྒྲལ་བྱ་གཞན་ཐམས་ཅད་ཀྱང་རིག་པ་བདག་ཉིད་ཆེན་པོ་ལས་མི་གཞན་སྟེ་གཉིས་སུ་མེད་པར་མཐོང་བའི་བློ་ཡིས་ཉིད་བསྒྲལ་བར་འགྱུར་རོ། །བསྒྲལ་བྱའི་ཡུལ་བསྟན་པའི་ཕྱིར། བློ་ངན་འཇིག་རྟེན་སྙིང་རེ་རྗེ། །ཞེས་གསུངས་ཏེ། བསྒྲལ་བྱའི་ཞིང་བཅུ་དག་ནི་ལས་རྒྱུ་འབྲས་ཙམ་ཡང་མི་ཤེས་པའི་ཕྱིར། བློ་ངན་ཞིང་ཤེས་རབ་ཆུང་བ་ཁོ་ན་སྟེ། བསྒྲལ་བྱའི་ཞིང་བཅུ་དེ་དག་རང་རང་གི་ལས་རྣམས་ཀྱིས་དུས་ཡུན་རིང་དུ་འཁོར་བའི་ཕྱིར། དུས་གཏན་དུ་འཇིག་རྟེན་པ་ཁོ་ན་ལ་འཁྱམས་ཏེ། སྡུག་བསྔལ་བ་དེ་དག་སྙིང་རྗེས་ཟིན་པར་བྱ་བའི་ཞིང་ངོ་། །ཡིན་པས་སྙིང་རེ་རྗེ་གསུངས་བསྒྲལ་བའི་ཐབས་དང་གནས་བསྟན་པའི་ཕྱིར། བསྒྲལ་བྱ་སྒྲལ་བྱེད་ཡིག་ཆེན་གཉིས་སུ་མེད་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བྱའོ། །ཞེས་གསུངས་ཏེ། ཐབས་རྒྱས་པ་ནི་བཅུ་གཅིག་པའི་སྐབས་སུ་བཤད་ཟིན་ཏོ། །གོང་དུ་ཁ་འཕངས་པའི་གནས་ནི་བསྒྲལ་བྱའི་ཤེས་པ་རྡོ་རྗེ་སེམས་པར་བསྐྱེད་པ་དེ་ཉི་ཟླ་སྟེང་དུ་རླུང་གིས་འོག་མིན་དུ་འཕང་ནས་རྡོ་རྗེ་འཛིན་པ་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་ནས་སངས་རྒྱས་སུ་རིགས་ངེས་པར་བསྒྲལ་བར་བྱའོ། །ཞེས་བྱའོ། །གྷ་ནའི་སྦྱོར་བ་མཆོད་པ་བསྟན་པའི་ཕྱིར། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། བདག་ཉིད་མཉེས་པས་མཉེས་པར་བྱ། །ཞེས་གསུངས་ཏེ། ཡབ་ཡུམ་ཐབས་དང་ཤེས་རབ་ཕན་ཚུན་གཉིས་མེད་དུ་འཁྲིལ་བའི་མཆོད་པ་ནི། བདག་གཞན་ཆོས་གསུམ་ངམ་རང་གིས་ཉམས་སུ་མྱོང་བ་རྒྱལ་བ་མཉེས་སེམས་ཅན་གྱི་རྟོག་པ་ཚིམ་པའི་དོན་གསུམ་འགྲུབ་པའི་ཕྱིར། མཆོད་པ་ཆེན་པའོ། །ཡབ་ཡུམ་དེ་ཉིད་ཀྱི་ཉི་ཟླ་བྱང་ཆུབ་ཀྱི་སེམས་གཉིས་དུས་གཅིག་ཏུ་མཉམ་པར་སྦྱོར་བ་ས་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་བདག་ཉིད་རྣལ་འབྱོར་པ་ཡབ་ཡུམ་བདེ་བ་ཆེན་པོ་མཉེས་པས་རྒྱལ་བ་ཐམས་ཅད་ཀྱང་མཉེས་པར་བྱ་བ་ཁོ་ནའོ། །དེ་དག་གི་བྱ་ཐབས་ནི། ལེའུ་དགུ་པར་གསལ་ལྡན་མའི་བྱིན་རླབས་ལས་ཞེས་པའི་སྐབས་དང་བཅུ་གཅིག་པར་ཟུར་ཙམ་བཤད་ཟིན་ཏོ། །དམ་རྫས་ལྔ་ནི་མན་ཆད་ལས་ཁྱད་པར་རྨད་དུ་བྱུང་བའི་མཆོད་པ་ཡིན་པར་བསྟན་པའི་ཕྱིར། མཉམ་པའི་གྲུབ་རྫས་ཆེན་དག །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་རྫས་ལྔ་དང་རིགས་ལྔ་ཡེ་ཤེས་ལྔ་མཉམ་པ་ནི་རང་བཞིན་ཆོས་ཉིད་ཀྱི་མཉམ་པ་རིག་པ་དང་། བསྒྲུབ་ན་དེར་སྣང་བས་སྤྱོད་པ་ནི་ལས་ཀྱི་མཉམ་པའི་ཕྱིར་རོ ། །བདུད་རྩི་ལྔ་པོ་དེ་དག་གྲུབ་པའི་རྫས་ཆེན་པོ་བཞི་དང་ལྡན་པ་དག་ཡིན་སྟེ། ༡༽གང་ཞེ་ན་ཆོས་ཉིད་རང་བཞིན་གྲུབ་པ་དང་། ༢༽ཆོས་ཅན་རང་གི་ངོ་བོས་གྲུབ་པ་དང་། མཐུས་༣༽གྲུབ་པ་དང་། བྱིན་བརླབས་༤༽ཀྱིས་གྲུབ་པའོ། །ཡང་ཐལ་བའི་རྒྱུད་ལས། ཕྱི་ནང་ངམ་དམ་རྫས་ལྔའི་དངོས་པོ་མ་ལུས་པའི་རང་བཞིན་རང་གི་སེམས་ཉིད་ལས་མི་གཞན་པའི་ཕྱིར་སེམས་དེ་ཉིད་ཀྱི་མཚན་ཉིད་ནི་ཡོད་མེད་ཀྱི་མཐའ་ཀུན་དང་། བྲལ་བ་ཡེ་ཤེས་ཆོས་ཀྱི་དབྱིངས། ཉིད་ཡོན་ཏན་ཅིར་ཡང་འཆར་བས། ཁམས་ལྔའི་བཅུད་ལྔའི་༢༽རང་བཞིན་གྱི་བདེ་བའི་ངོ་བོ་ནི་ཡེ་ཤེས་ལྔ། རུ་གསལ་བ་དེ་རྒྱུ་རྐྱེན་བྱེད་པ་པོ་མེད་པར་༡༽ རང་སྣང་བའོ། །ཤེས་༣༽རབ་ལྟ་བ་དང་སྒོམ་པ་ཏིང་ངེ་འཛིན་དང་སྤྱོད་པའི་བདེན་པའི་ཐབས་དག་གིས། སྤྱད་ན་ནད་ལྔ་སེལ་བ་དང་། སྨན་ལྔ་གྲུབ་པའི་ནུས་མཐུ་ས་མཆོག་ཐུན་མོང་གཉིས་ངེས་པར་འབྱུང་བར་འགྱུར། རོ། །དམ་རྫས་དང་དུ་ལེན་པ་འདི་༼༤༽ལྟའི་བུ་ལམ་ལ་རྣལ་འབྱོར་པ་གང་གནས་པ། དེ་ལ། ཕྱོགས་བཅུ་དུས་གསུམ་པོ་ཀུན་ནས་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརློབས། པར་འགྱུར་བས་སོ། །ཞོར་ལ་མ་མོ་མཁའ་འགྲོ་བྱིན་གྱི་བརླབས་པའོ། །ཞེས་འབྱུང་བ་ཁོ་ནའི་ཕྱིར་རོ། །མཆོད་པའི་གནས་སམ་ཞིང་བསྟན་པའི་ཕྱིར། བདག་དང་མཉམ་པའི་ཚོགས་ལ་འབུལ། །ཞེས་གསུངས་ཏེ། འབུལ་མཁན་གྱི་རྣལ་འབྱོར་པ་བདག་གང་དང་འབུལ་ཡུལ་ལྷ་གང་དག་འབུལ་རྒྱུའི་མཆོད་པ་དེ་དག་སེམས་ཉིད་དུ་མཉམ་པའི་ངང་དུ་ལྷ་ཚོགས་ལ་འབུལ་བ་ནི་ཞིང་མཁན་མཆོད་པའི་དངོས་པོ་འཁོར་གསུམ་ཡོངས་སུ་དག་པའི་ཕྱིར་རོ། །མཆོད་པ་གནས་སུ་སྟོབ་པའི་མཆོད་པ་ཁོ་ནའོ། །འདོད་པའི་ལོངས་སྤྱོད་རྒྱན་གྱི་མཆོད་པ་བསྟན་པའི་ཕྱིར། བཟའ་དང་བཅའ་དང་བཏུང་དང་བགོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཚོགས་ཀྱི་ལེའུར་བཅུ་གཅིག་པ་དང་བཅུ་གཉིས་པ་བཤད་ཟིན་ཏོ། །མཆོད་པ་དེ་དག་གི་སྤྱིའི་ཡོན་ཏན་བསྟན་པའི་ཕྱིར། མཆོག་གི་དངོས་གྲུབ་ནི་ཕྱོགས་བཅུར་བཞུགས་ཤིང་དུས་བཞིར་བདག་དོན་དུ་ཡང་དག་པའི་ས་དང་། གཞན་དོན་དུ་ཐུགས་རྗེས་འགྲོ་བའི་དོན་དུ་གཤེགས་པའི། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་རྨད་པོ་ཆེ། །དེ་ཉིད་ཡེ་ནས་རང་ལ་ལྷུན་གྱིས་གྲུབ་པ་མ་གཏོགས་པ་དེ་གཞན་ནས་ཡོད་པ་གཅིག་བདག་གི་དྲུང་ཏུ་འོང་བ་མ་ཡིན་པར་གྲུབ་ནས་ཐོབ་པ་ཏེ། །གཞན་ཐུན་མོང་པ་ལྷ་སྲིན་ལ་སོགས་པ་དབང་དུ་འདུ་བ་ལྟ་སྨོས་ཀྱང་ཅི་དགོས། །ཞེས་གསུངས་པ་ནི་གོ་སླའོ། །མཆོད་བྱ་མཆོད་བྱེད་མཆོད་པ་གང་ཡང་སེམས་སུ་དབྱེར་མེད་པས་རིག་པ་བདག་ཉིད་ཆེན་པོའི་ར་གཅིག་པར་རྟོགས་པ་གནས་སུ་སྟོབ་པའི་མཆོད་པར་འགྱུར་བའི་ཚད་བསྟན་པའི་ཕྱིར། རྣལ་འབྱོར་བསྒོམ་པའི་ཏིང་ངེ་འཛིན་ལས་སྤྱོད་ལམ་རྣམ་བཞིར་མི་འདའ་ཞིང་ལས་སུ་རུང་བའི་གང་ཟག་རྣམས་ཀྱིས། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་པར་གྱུར་ཅིང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ་བའི་ཚད་ཡུལ་རྐྱེན་གྱིས་མི་ཕྲོག་པར་བརྟན་པ་ཐོབ་ནས་འགྲུབ་མི་འགྱུར་གྱི། ཡིད་གཉིས་དང་ཐེ་ཚོམ་མེད་པས་ན། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་གསུངས་ཏེ། གདོད་ནས་གནས་པ་རང་བཞིན་གྱི་དཀྱིལ་འཁོར་དང་། བསྐྱེད་པ་ཏིང་ངེ་འཛིན་ལྷའི་དཀྱིལ་འཁོར་དང་། སྤྱན་དྲངས་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་གསུམ་པོ་རིལ་ཐམས་ཅད་རིག་པ་བདག་ཉིད་ཆེན་པོའི་ཕྱིར་དཀྱིལ་འཁོར་དུ་གསལ་བ་ནི། དཀྱིལ་འཁོར་ཆེན་པོ་ཞེས་བྱ་སྟེ། མཆོད་པའི་ཞིང་དང་རྫས་མཁན་པོ་དེས་ན་ཐམས་ཅད་རིག་པའི་རྒྱལ་པོ་རང་དབང་དུ་བསྒྱུར་བའི་ས་ན་འབར་བར་འགྱུར་བ་ཕྱིར་རོ། །བདག་ཉིད་ཆེན་པོའི་མཆོད་པར་འགྱུར་ལེའུ་བཅོ་བརྒྱད་པ་མདོར་བཤད་པའོ། །མཆོད་པ་དེའི་རྗེས་སུ་དམ་ཚིག་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། ཞེས་གསུངས་ཏེ། སྔགས་འཆང་རྣམས་བཅུ་གཅིག་པར་རྣལ་འབྱོར་སྔགས་འཆང་ཞེས་པའི་སྐབས་སུ་བཤད་ཟིན་ཏོ། །ཐེག་པ་ཆེན་པོའི་གསང་སྔགས་པ་དམ་ཚིག་ནི་དགོས་པ། གནས་སྐབས་སུ་ལེན་པའི་ཆ་ནས་ལམ་གྱི་དང་མཐར་ཐུག་མངོན་དུ་གྱུར་པའི་ཆ་ནས། ཡང་དགོས་འབྲས་བུའི་དམ་ཚིག་དང་། གཉིས་ཀར་འགྱུར་བའི་ཕྱིར། རྩ་བ་ཡན་ལག་གི་དམ་རྣམས་ནི། སྤྱིར་ཐུན་མོང་གི་ཐེག་པའི་འབྲས་བུ་ལྷ་མིའི་ལུས་ལ་གཞི་བརྟེན་ནས། རྒྱུད་ཀྱིས་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བདུན་པོ་རྣམས་དུས་ཉེ་བར་བསྒྲུབ་པའི་ཕྱིར་ན། དགོངས་འདུས་ལས་གཞི་དམ་ཚིག་གིས་བཟུང་བ་ས་གཞི་གཤིན་པ་ལྟར། བསླབ་པ་ཞེས་བྱ་བ་ཁོ་ནའོ། །དམ་ཚིག་ཆེན་པོ་ཞེས་བྱ་བ་ནི། སྔགས་ཐེག་པ་ཆེན་པོའི་ལུགས་ཀྱི་དམ་ཚིག་ནི། འོག་མའི་འདུལ་སྡོམ་ཐམས་ཅད་ལས། ལམ་དང་འབྲས་བུ་གཉིས་ཀྱིས་དཔག་པའི་ཕྱིར་རོ། །དང་པོ་དམ་ཚིག་ཆེ་བ་བསྟན་པའི་ཕྱིར། བླ་མེད་ཐེག་པར་རབ་ངེས་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་ཁ༽པ་འདིའི་ལྟ་སྒོམ་སྤྱོད་གསུམ་གྱི་ཀ༽ལམ་འདི་དང་འབྲས་བུ་གཉིས་ཀའི་གོང་ག༽ན་གཞན་མེད་པའི་ཕྱིར་བླ་ན་མེད་པའི་ཐེག་པའོ། །དེའི་གཞུང་གིས་དམ་ཚིག་རྩ་བ་ལྔ། ཡན་ལག་བཅུ་སྟེ་བཅོ་ལྔ་ཉམས་སུ་རབ་ཏུ་ལོན་ཏེ་རྟོགས་པ་ནི་ལྟ་བའི་གདེངས་དང་ལྡན་ངེས་པ་ན་ཞེས་བྱའོ། །ཉོན་མོངས་པ་ལྔ་འདོད་ཡོན་ལྔ་ཀུན་སྤྱད་ཀྱང་། །ལས་བྱས་ལ་བག་ཆགས་མི་སོགས་པར་སླར་ཚོགས་གཉིས་སུ་གྱུར་ཏེ། །ཞེས་བྱ་བ་ནི། ཀུན་ཞེས་བྱ་བ་ནི། དོན་གྱིས་མི་དགེ་བ་བཅུ་དང་། འཚམས་མེད་པ་ལྔ་ཉེ་བ་ལྔ་ལྕི་བ་བཞི་ལོག་པ་བརྒྱད་ལ་སོགས་པ་ཁོ་ན་སྟེ། དེ་དག་ལ་སྤྱད་ཀྱང་རིག་པ་རང་སྣང་དུ་སྤྱོད་པ་བྱས་བཞིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ་དེ་ལྟར་ཚོགས་གཉིས་རྫོགས་པ་སྟེ་དངོས་ཞེན་གྱིས་མི་འཛིན་པ་ཁོ་ནའི་ཕྱིར་རོ། །བདེ་ཞེས་པ་དེར་མ་ཟད། ཁ༽ཚུལ་ཁྲིམས་ཀ༽སྡོམ་པ་ཕུན་ག༽སུམ་ཚོགས། །ཞེས་བྱ་བ་ནི། བྱང་སེམས་ཀྱི་སྡོམ་པ་དང་། ཉན་ཐོས་ཀྱི་ཚུལ་ཁྲིམས་རྣམས་ཀྱིས་སྲོག་གཅོད་པ་ལ་སོགས་པ་རྩ་བ་བཞི་དང་སྔགས་ཀྱི་རྒྱུད་ཀྱི་དམ་ཚིག་དེ་རྣམས་ནི་ཆེད་དུ་བསྲུང་བ་མེད་ཀྱང་འོག་ནས་འཆད་པའི་ཕྱིར། འདིར་ཡོན་ཏན་ཡར་ལྡན་དུ་རྩ་བའི་དམ་ཚིག་ཐམས་ཅད་པ་རྫོགས་ལ། ཡན་ལག་བཅུ་པོ་ཐམས་ཅད་མདོར་བསྡུས་ན་ནི་རྣམ་པ་ནི་ཉེས་སྤྱོད་སྤངས་བ་མི་དགེ་སྡོམ་པའི་དང་དགེ་བའི་ཚོགས་བསྒྲུབ་པ་ཆོས་སྡུད་དང་། རང་གིས་བརྟན་པ་ཐོབ་ནས། དང་པོ་དང་བརྒྱུད་པའི་སྒོ་ནས་གཞན་དོན་བྱེད་པ་དང་། གསུམ་དུ་འདུས་པ་སྟེ། དེ་དག་འདིར་ནི་དམ་ཚིག་ལྟ་བ་འདི་དག་ལ་གནས་པའི་དུས་ན། སྒོ་གསུམ་ལས་མི་དགེ་བ་བཅུ་ལ་སོགས་པ་དང་ཉོན་མོངས་པ་ལྔའི་རིལ་ཐམས་ཅད་ལ་སྤྱད་ཀྱང་མི་འཛིན་པས། དོན་གྱི་ངོ་བོ་ལ་ཅིར་ཡང་བྱས་པ་མེད་པ་ས་ལྟུང་བར་མི་འགྱུར་བ་དེ་ནི་མི་དགེ་བ་སྡོམ་པའི་ཚུལ་ཁྲིམས་སོ། །གཞན་གྱི་དོན་དུ་གྱུར་ནས་སྲོག་གཅོད་པ་ལ་སོགས་པ་རྩ་བ་བཞི་པོ་གང་ཡང་མི་འདོར་བར་བྱེད་པ་ནི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །གང་ལྟར་སྤྱད་ཀྱང་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོ་ལས་མི་ཉམས་པ་ནི་དགེ་བ་བཅུ་ལ་སོགས་པ་དེར་འདུས་པས་ཆོས་སུ་སྡུད་པ་ཞེས་བྱ་བའི་ཕྱིར། ལམ་དང་འབྲས་བུའི་བླ་ན་མེད་པ་གསང་སྔགས་ཐེག་པ་མཆོག་གི་དམ་ཚིག་འདི་དག་ཏུ། །གདུལ་བྱ་འདུལ་བའི་དབང་གིས་གསུངས་པའི་ཉོས་ཀྱི་ཚུལ་ཁྲིམས་དང་། །ཅི་སྙེད་༢བྱང་སེམས་དང་ཀྱི་སྡོམ་༡པ་བསམ་ཡས་པ། །ལྷག་མ་ལུས་པ་ཀུན་ཀྱང་བླ་མེད་ཐེག་པར་འདུས་པས་འདི་བསྲུང་བའི་ངང་དུ་རྣམ་པར་དག །ཅེས་གསུངས་པའོ། །ཡོད་༴༽མེད་དབུ་མ་མི་དམིགས་ཤིང་། །ཞེས་བྱ་བ་ལ་སོགས་པ་བླ་མེད་ཀྱི་ཐེག་པ་འདི་དག་རྒྱུ་ཉོས་ཀྱི་ཚུལ་ཁྲིམས་དང་བྱང་སེམས་ཀྱི་སྡོམ་པའི་རྩ་བ་བཞི་འདིར་ཐམས་ཅད་ལ་སྤྱད་ཀྱང་འོག་མའི་ཉེས་པས་མི་གོས་པས་ངོ་བོ་ཡར་ལྡན་དུ་རྫོགས་ཚོགས་གཉིས་སུ་འགྱུར་བས་ཡོན་ཏན་ཡར་ལྡན་དུ་འདུས་ཤིང་། དག་པར་སྟོན་ཏེ། དམ་ཚིག་གི་སྤྱད་པར་བྱ་བའི་དམ་ཚིག་ཏུ་ཡང་འགྱུར་ལ། བདག་གཞན་གཉིས་ཀ་སེམས་ཉིད་དུ་གསལ་བ་ནི། དེ་ཉིད་ཡོད་མེད་དབུས་ཀྱི་མཐའ་དང་གསུམ་ལ་མི་དམིགས་ཤིང་བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རང་གཞན་གཉིས་ཀར་དོན་དམ་པར་མཉམ་པ་ཁོ་ནའོ། །སྒྱུ་༡མ་མི་༡གཡོར་༡ལྟ་༡བུའི་ཚུལ། །ཞེས་བྱ་བ་ནི། ཀུན་རྫོབ་ཙམ་ཏུ་ལོག་རྟོག་གི་རྒྱུ་རྐྱེན་འདུས་པ་ཙམ་ཉིད་དུ་རང་གཞག་གཉིས་སུ་སྣང་བ་དེ་ལ་རང་རྒྱུད་དུ་གྲུབ་པར་བློ་ཀུན་ཏུ་བརྟགས་པ་དེ་དག་དཔེར་ན་སྒྱུ་མ འམ་མིག་གི་སྣང་ངོར་ཐོ་ཡོར་གྱི་སྣང་བ་ལ་མི་མ་གྲུབ་པ་ལྟ་བུ་ཕུང་པོ་རང་རྒྱུད་ཅན་དུ་མ་གྲུབ་པར་ཤེས་པར་བྱ་བའི་ཕྱིར། ཀུན་རྫོབ་ཏུ་བཅད་བྱ་སྲོག་ཀྱང་གཅོད་བྱེད་ཀྱི་སྐྱེས་བུའི་ར་སྣང་བ་འདི་ནི་མེད་པ་ལ་ཡོད་པར་འཛིན་པ་ལོག་རྟོག་རྟེན་འབྲེལ་གྱི་སྣང་བ་ཙམ། །ཞེས་གསུངས་ཏེ། དེ་ལྟར་རིག་པ་ནི་སྲོག་བཅད་བྱ་འི་ཡུལ་གཅོད་བྱེད་ཀྱི་མཁན་པོ་གཉིས་སུ་མེད་པར་ཀ་ནས་དག་པའི་ཕྱིར་ཅི་བཅད་ཀྱང་གཅོད་པའི་འདུ་ཤེས་མེད་པས་དོན་གྱི་ངོ་བོ་ལ་སྲོག་བཅད་དུ་འཛིན་པ་མེད་པ་ནི། སྲོག་གི་གཅོད་པ་སྤང་བའི་སྡོམ་པ་ཡར་ལྡན་དུ་འདུལ་ལ་དག་པའི་ཕྱིར། །སྲོག་མེད་པས་སྲོག་ཀྱང་བཅད་དུ་མེད། །ཅེས་གསུངས་སོ། །བདེན་པ་གཉིས་ཀ་དབྱེར་མེད་པས། །ཞེས་བྱ་བ་ལ་སོགས་པ་ནི་མ་བྱིན་པར་ལེན་པ་འདུས་ལ་དག་པར་སྟོན་ཏེ། ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་ཀ་སེམས་ཉིད་ཀྱི་ངོ་བོ་ལ་བདག་གཞན་གཉིས་མི་ཕྱེད་པ་སྟེ། དབྱེར་མེད་ལུགས་འབྲུ་ནི་བཤད་པ་སྔར་གྲུབ་བོ། །དཔེར་ན་འཕྲུལ་དགའི་ཚུལ་དེ་ཐ་དད་མིན། །ཞེས་བྱ་བ་ནི། འཕྲུལ་དགའི་ལྷ་རྣམས་ནི་འཚོ་བའི་ལོངས་སྤྱོད་རང་ལས་སྤྲུལ་ཅིང་རང་རིགས། ལེན་པའོ། །ཚུལ་དེ་བཞིན་དུ་དོན་རང་རིག་པ་དེ་ཉིད་བདག་གཞན་ནམ་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་རང་སྣང་བས་སྣང་ཡང་དོན་གྱི་ངོ་བོ་ལ་གཉིས་སུ་མ་གྲུབ་སྟེ་ཐ་དད་པ་མེད་པར་རང་རིག་པ་ལ་མ་བྱིན་པ་བླང་རྒྱུའི་གཞན་རྫས་དང་དེའི་བདག་པོ་མ་བྱིན་པར་ལེན་མཁན་གཉིས་ཀ་བདག་ཀ༽ཉིད་ཆེན་པོ་ལས་མི་གཞན་པའི་སྟེ་དམིགས་སུ་མེད་པ་ཕྱིར་ཀུན་རྫོབ་ཏུ་ཅི་ག༽ལྟར་བླངས་ཀྱང་བླང་བའི་འདུ་ཤེས་མེད་དེ་ཐམས་ཅད་བདག་ཉིད་ཆེན་པོ་ལས་འདས་པ་མེད་པའི་དོན་གྱི་ས་ན་དབྱིངས་ཞེས་བྱའོ། །གཞན་ཀ༽དང་མ་བྱིན་མེད་ཁ༽པའི་ཕྱིར། །བླང་ག༽མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཞེས་གསུངས་ཏེ། མ་བྱིན་པར་ལེན་པའི་སྡོམ་པ་ཡོན་ཏན་ཡར་ལྡན་དུ་འདུས་པ་ལ་དག་པའོ། །རྫུན་དུ་སྨྲ་བ་སྤངས་པའི་དོན་གྱི་སྡོམ་པ་ལ་འདུས་ལ་དག་པར་བསྟན་པའི་ཕྱིར། །ཆོས་རྣམས་སྒྱུ་མ་ལྟ་བུ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་ཡུལ་དང་ནང་སེམས་གི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་རྣམས་ལོག་རྟོག་གི་རྒྱུ་རྐྱེན་འདུས་པ་ཙམ་ཁོ་ནའི་ང་བ་ཕྱིར། སྣང་དུས་བདེན་དངོས་ཀྱིས་སྟོང་པ་སྒྱུ་མ་ལྟ་བུ་ཡང་དག་པར་ངོ་བོ་ཉིད་མེད་བཞིན་དུ་དངོས་པོ་ཡོད་པར་བརྟགས་པའི་ཞན་བློ་རང་གི་ངོ་བོ་ཉིད་དུ་སྣང་བ་ནི། རང་རྒྱུད་དུ་མི་བདེན་པ་ངོ་བོ་ཉིད་ཀྱི་རྫུན་ཞེས་བྱའོ། །མིང་དང་ཚིག་ཏུ་བརྟགས་པ་རྫུན། །ཞེས་བྱ་བ་ནི། དངོས་པོ་མེད་བཞིན་དུ་བློ་འཁྲུལ་བའི་ཞེན་པ་དེ་ཉིད་དུ་སྣང་བ་དེ་དག་ལ་མིང་དང་ཚིག་སྣ་ཚོགས་སུ་བརྟགས་ནས་མིང་ཚིག་ཙམ་ལ་བདེན་པར་འཛིན་ཅིང་སྤྱོད་པ་ནི། ངོ་བོ་ཉིད་ཀྱི་རྗེས་སུ་སྦྱོད་པའི་རྫུན་གཉིས་པ་ཞེས་བྱའོ། །རྗེས་སུ་སྤྱོད་པ་དེ་དག་ལས་ཀྱང་འགལ་བའི་དངོས་པོ་ཡོད་ལས་མེད། མེད་ལས་ཡོད་སོགས་སམ། ཡང་ན་མི་ཆོས་བླ་མའི་རྫུན་ཤེས་བཞིན་དུ་བྱེད་པ་ནི་གསུམ་པ་ལོག་པའི་རྫུན་ཞེས་བྱའོ། །དེ་དག་གསུམ་ཀ་ལ་ནི་བདེན་པའི་ཡུལ་གྱི་གཞི་མ་གྲུབ་པའི་ཕྱིར། དེ་ལྟར་རང་རྒྱུད་ཅན་དུ་མ་གྲུབ་པས་རྫུན་ཉིད་ཡིན་པ་ལ་ནི་རྫུན་སྤྱོད་པས་བདེན་པར་གྲུབ་པ་མེད་དེ། །དེས་ན་རྫུན་ཞེས་མིང་དུ་བརྟགས་པ་ཙམ་ཡང་དམིགས་སུ་ཡོད་པ་མ་ཡིན། །ནོ། །ཞེས་གསུངས་ཏེ། དེ་ལྟར་དུ་རྟོགས་ཤིང་ཤེས་ན་བདག་གཞན་ཆོས་གསུམ་གྱི་དོན་དུ་སྨྲས་ཀྱང་ཉེས་པས་མི་གོས་པ་ནི། རྫུན་གྱི་སྡོམ་པ་ཡོན་ཏན་ཡར་ལྡན་དུ་སྡོམ་པ་འདུས་ལ་དག་པའོ། །མ་ཆགས་པ་ལ་ཆགས་པ་དང་། །ཞེས་བྱ་བ་ནི། ངོ་བོ་རང་གི་ཆ་ན་དངོས་པོ་ཐམས་ཅད་སེམས་ཉིད་དུ་རང་སྣང་བས་ཡུལ་སེམས་གཉིས་སུ་མེད་པར་རང་གསལ་བ་ནི། མ་ཆགས་པའི་ཡེ་ཤེས་ཉིད་ཁོ་ནའོ། །དེ་ལ་གཟུང་འཛིན་ནམ་ཕོ་མོ་གཉིས་སུ་ཞེན་པའི་ཆགས་པ་ནི་ལོག་པའི་འདོད་ཆགས་ཏེ། དེའི་ལྟར་སྤྱོད་པ་ཀ༽དུས་ཉིད་ན་ལྟ་བས་སེམས་ཉིད་དུ་ཤེས་པ་དང་། ཏིང་ངེ་འཛིན་དེ་ལས་མི་འདའ་བ་དང་སྤྱོད་པ་ཐབས་ཀྱིས་ཟིན་པའི་ཆགས་པ་འགག་མེད་དུ་སྤྱོད་པའི་རོ་དེ་ཉིད་ཡེ་ཤེས་སུ་གསལ་བས་ན་ཆགས་པ་རང་ཁ་མ་དེའི་ཉེས་པ་གོལ་བའི་དྲི་མ་མེད་པའི་ཕྱིར། ཀ༽ཆགས་པ་ཉིད་ན་ཆགས་པ་མེད། །ཅེས་བྱ། དེ་ནི་ཚངས་པར་སྦྱོད་པའི་མཆོག་བདེ་བའི་ཡེ་ཤེས་སུ་དབང་བསྒྱུར་བས་ཚངས་སྤྱོད་ཀྱི་རྒྱལ་པོ་ཡིན་ཏེ། ཞེས་གསུངས་སོ། །ཤིན་ཏུ་ཀ༽ཆགས་པ་ཆེན་པོ་ཡིན། །ཞེས་བྱ་བ་ནི། ཤིན་ཏུ་ཆགས་པ་ཆེན་པོ་སྤང་གཉེན་རོ་གཅིག་ཏུ་གྱུར་པ་དེ་ནི་དེ་པའི་དགོངས་པའི་ངོ་བོ་ཉིད་དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་དབྱེར་མེད་པའི་ཡིན་པ་ཕྱིར་མི་ཚངས་པར་སྤྱོད་པའི་སྡོམ་པ་ཡོན་ཏན་ཡར་ལྡན་དུ་འདུས་ལ་དག་པའོ། །བླ་མེད་མི་སྤངས་བླ་མ་བཀུར། །ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་དབྱེ་བའི་དམ་ཚིག་གི་རྣམ་གྲངས་ལ། མདོ་དང་རྒྱས་པ་གཉིས་ལས། འདི་ན་མར་དང་པོ་མདོར་བསྟན་པ་སྟོན་ཏེ། བླ་ན་མེད་པའི་བྱང་ཆུབ་སེམས་ཀྱི་དམ་ཚིག་ཏེ། དེའི་ངོ་བོ་ནི་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་གཞུང་གི་ཡི་དམ་གྱི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བ་ཀུན་རྫོབ་བྱང་ཆུབ་དང་རང་བཞིན་མེད་པར་སྟོང་པ་དོན་དམ་བྱང་ཆུབ་སེམས་ཏེ་གཉིས་སུ་མེད་པ་དེ་ནི་མི་སྤངས་པ་ཁོ་ན་སྟེ་འབྲས་བུའི་ངོ་བོ་ཉིད་དང་། ཚིག་དོན་དེའི་ལམ་གོང་ནས་ལྷག་མ་གཞན་མེད་པའི་ཕྱིར་བླ་ན་མེད་པར་རོ། །འདི་ལ་ལྟ་སྤྱོད་ལྷས་མི་ཁྲེལ་བ་གཅིག་དགོས་བླ་མ་ནི་རྡོ་རྗེ་ཐེག་པའི་སློབ་དཔོན་ཏེ་དེ་ལ་རྣམ་པའི་གྲངས་ལྔ་སྟེ། དང་པོར་ཆོས་སྒོར་འཇུག་པའི་འགོ་འདྲེན་པ་དང་དཀྱིལ་འཁོར་དུ་བཅུགས་ནས་རྩ་བ་ཡན་ལག་གི་དམ་ཚིག་དབོག་ཤིང་ཕྱི་ནང་གསང་བའི་དབང་བསྐུར་བ་དང་། བདག་གི་དམ་ཚིག་ཉམས་ཆག་སྐོངས་པའི་དཔང་པོ་བྱེད་པ་དང་། རང་གི་ཤེས་པའི་རྒྱུད་མ་ཤེས་པས་བཅིངས་པ་ལས་གྲོལ་བའི་རྒྱུད་སྡེ་གསུངས་པ་དང་། བསྐྱེད་རྫོགས་ཟབ་མོའི་མན་ངག་དང་ལུང་དབོག་པའོ། །བསྐུར་བའི་ཚུལ་ནི་སྤངས་བྱའི་བསླབ་བྱ་ལ་རང་གིས་སྒོ་གསུམ་ཟོལ་དང་སྒྱུ་མེད་པ་དང་། དང་དུ་བླང་བྱའི་བསླབ་བྱ་ལ་བླ་མ་མཉེས་པའི་ཐབས་ལུས་ངག་ཡིད་ཀྱིས་རྩལ་འབྱུང་བ་ཁོ་ནའོ། །སྟེ་སྲིད་ཞུ་སློབ་དཔོན་གྱིས་མི་ཁྲེལ་བ་གཅིག་དགོས་པ་སྔགས་ནི་རྩ་བ་བསྐྱེད་ལས་གསུམ་མོ། །ཕྱག་རྒྱ་ནི་དམ་ཚིག་ལས་ཆོས་རྒྱ་ཆེན་བཞིའོ། །རྒྱུན་ནི་བརྩོན་༡པ་རབ་འབྲིང་དང་གོམས་པ་ཆེ་༢ཆུང་༢གིས་དུས་ཀྱི་ཐུན་རྒྱུན་ཉིན་གསུམ་མཚན་གསུམ་ཉིན་གཅིག་མཚན་གཅིག་ཉིན་ཞག་གཅིག་ལ་ཐང་ཅིག་གསུམ་དང་ཡང་ན་ཡང་རབ་ཀྱིས་སྐད་ཅིག་མའི་རྒྱུན་བར་མི་ཆད་པའོ། །ཆུ་རྒྱུན་བཞིན་དུ་ཡང་དག་ལམ་དུ་ཞུགས་ལ་བྱམས། །ཞེས་བྱ་བ་ནི། ཡང་དག་པ་ཐབས་ཤེས་རབ་བསྐྱེད་རྫོགས་རྣམ་པ་གཉིས་ལ་ཀྱི་ལམ་མཐུན་པ་ཞུགས་པ་རྣམས་ནི་རྡོ་རྗེའི་སྤུན་ནོ། །དེ་ལ་མ་ཧཱ་ལ་ཞུགས་ཤིང་ལྟ་སྤྱོད་མཐུན་པ་ཉེ་བ་༢དང་། སྔགས་ལ་ཞུགས་པ་ཙམ་རིང་༡བ་དང་། བླ་མ་གཅིག་ལ་གདམས་ངག་གཅིག་ཏུ་འདྲེས་༣པའོ། །མཆོད་དེ་དག་ལ་སྒོ་གསུམ་གྱིས་ཕན་པའི་རྩལ། སྟོབས་འབྱིན་པ་ནི་བྱམས་པའོ། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་བྱ་བ་ནི། གསང་བ་ནི་བཅུ་སྟེ། དེའང་ལྟ་ཐབས་སྤྱོད་པ་བརླང་པོ་དང་ལྷ་མིང་གཟུངས་དང་གྲུབ་རྟགས་རྣམས། སྤྱིར་གསང་བཞི་བསྒྲུབ་པའི་གནས་དུས་གྲོགས་དང་རྫས། ཞེས་བར་གསང་བཞི་མདོར་བསྡུ་ན་མཐོང་བྱ་དང་མཐོང་བྱེད་རྣམས་གསང་བར་འོས་པ་སློབ་དཔོན་དང་མཆེད་ཀྱིས་གདམས་པས་གསང་བར་གཉེར་གཏད་པའོ། །གསང་བ་བཅུ་པོ་དེ་དག་གི་དོན་དགོས་པ་དང་། གདུལ་བྱ་བློ་ཆུང་བའམ་གཞན་གྱི་དོན་དང་། ཆོས་གསང་སྔགས་ཀྱི་དོན་དང་། མཆེད་ལྕམ་གྲོགས་པོའི་དོན་དང་བཞི་པོ་ཁོ་ནར་འགྱུར་བར་བྱ་བའི་ཕྱིར། གང་ལ་གསང་ན་དམ་མེད་པ་དང་། ཡོད་ཀྱང་དམ་ཉམས་པ་དང་། རང་དང་དམ་ཚིག་གཅིག་ཏུ་མ་འདྲེས་པ་དང་། རང་དང་དམ་ཚིག་འདྲེས་པ་དག་ལའང་གནས་སྐབས་ཀྱི་སྒྲུབ་རོག་མི་ན་གསང་བ་སྟེ། ཚུལ་ཇི་ལྟར་ན་ཚིག་ངག་གི་སྨྲ་བར་མི་བྱ་བ་དང་སྤྱོད་ལམ་ཐམས་ཅད་ཀྱིས་སྦས་པ་ཁོ་ནའོ། །འདི་ལ་གཡོ་སྒྱུ་རང་སེམས་ཀྱིས་མི་ཁྲེལ་བ་གཅིག་དགོས་སོ། །འདི་ནི་རྩ་བ་ལྔ་རྣམས་ཏེ། ཞེས་བྱ་བ་ནི། ལྔ་པོ་དེ་དག་རྣམས་ནི་གནས་སྐབས་སམ་མཐར་ཐུག་འབྲས་བུའི་ཡོན་ཏན་རིལ་གྱི་གཞིར་གྱུར་པའི་ཕྱིར་རོ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་བྱ་བ་ནི། བྱང་སེམས་དང་། གསུང་གི་དམ་ཚིག་གཉིས་ནི་བསྒྲུབ་ཅིང་ཉམས་སུ་ལེན་པའི་དམ་ཚིག་གོ། །སློབ་དཔོན་དང་མཆེད་ཐུགས་ཀྱི་དམ་ཚིག་གསུམ་ནི་སྒོ་གསུམ་གྱིས་བསྲུང་བའོ། །ཡན་ལག་གི་དམ་ཚིག་བསྟན་པའི་ཕྱིར། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་ཡང་དག་དུག་ལྔ་འི་ལྟ་སྤྱོད་ཕྱིན་ཅི་མ་ལོག་པ་དང་བཏག་པ་བ་གང་ཟག་དམ་པའི་རྒྱུད་ལ་མངའ་བ་དང་། ལོག་པའི་ནི་ཕོ་རོག་རང་ཁ་མ་དུག་མཚན་ཉིད་པ་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་དང་། གཉིས་སུ་རྒྱས་པའི་རྒྱུད་དོན་གཅིག་པ་དང་གསུམ་པ་ལས་གསུངས་ཏེ། དེ་ལས་ལོག་པའི་དུག་ལྔ་ཉིད། མ་འདྲེས་པ་རང་གི་མཚན་ཉིད་ནི། གཏི་མུག་སེམས་བླུན་ཞིང་མི་འབྱེད་པ་ལ་སོགས་པའི་འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་ཕྲག་དོག་རྣམས་དང་། ཡོངས་སུ་རྫོགས་པ་སྤྱིའི་མཚན་ཉིད་ལྟ་བ་དག་མཉམ་རྟོགས་བཞིའི་གཏན་ཚིགས་ཀྱིས་ཉོན་མོངས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཉིད་ཡིན་པ་ལ་བློས་ཉམས་སུ་ལོན་ན་དུག་ལྔའི་འཆར་སྒོ་མ་འགག་པར་སྐུ་རང་བཞིན་མ་སྐྱེས་པ་གསུང་གཉིས་སུ་མེད་པ་ཐུགས་ཁོ་ན་ཉིད་ཡིན་པ་ལས་སྤང་བྱའི་རྫས་གང་ཡང་མི་དམིགས་པའི་ཕྱིར་རོ། །དེའང་། ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་པའི་ལམ་དུ་འགྱུར། །ཞེས་སོ། །ཡང་དག་པའི་ལྟ་སྤྱོད་ཀྱི་དུག་ལྔ་ནི་གསལ་བཀྲ་ལྟར་གཉིས་ཆར་ལ་གནས་པ་ནི་ཐེག་པ་ཆེན་པོའི་ལྟ་སྤྱོད་གཉིས་ལ་དམ་ཚིག་གི་རིལ་ཐམས་ཅད་རྫོགས་པར་འགྱུར་བའི་ཕྱིར། གསང་སྔགས་གི་དུག་ལྔ་མི་སྤང་བ་ཁོ་ནའོ། །དཀར་རྩི་ནི་བྱང་སེམས་དམར་རྩི་ནི་རཀྟ་དྲི་ཆེན་དང་དྲི་ཆུ་ཤ་ཆེན། །དག་པའི་སྣོད་བཅུད་མི་དོར་རོ། །ཞེས་བྱ་བ་ནི། གང་དང་དུ་བླང་ན་དམ་རྫས་ལྔ་པོ་འདི་ཉིད་ཅིའི་ཕྱིར་དང་དུ་བླང་ན་སྔར་བཅོ་བརྒྱད་པར་བཤད་པའི་གྲུབ་པ་བཞི་པོ་དག་གིས་བརྒྱན་པའི་ཕྱིར་ཡང་དག་པའི་སྣོད་བཅུད་འདི་དག་དང་དུ་བླང་བ་སྟེ། དེས་དགོས་ཆེད་ལ་གཞན་སེལ་རྩང་སྨེེའི་རྟོག་པ་སྦྱང་བ་དང་། དོན་གཉེར་ལའང་ཐུན་མོང་གི་ཡོན་ཏན་ནད་ལྔ་སེལ་བ་དང་། དྲི་ཆེན་ཚེ་རིང་བ་ལ་སོགས་གཉིས་གཉིས་ཀྱི་ཡང་འབྱུང་བའི་ཕྱིར་ཏེ། དམ་རྫས་དེ་དག་རྒྱུན་དུ་སྤྱད་པར་བྱའོ། །སྟེ་མི་དོར་རོ། །ཡན་ལག་ལ་མི་སྤང་བ་ལྔ་མི་དོར་བ་ལྔ་དང་བཅུའི་དམ་ཚིག་སྟེ། ཞེས་བྱ་བ་ནི། རྣལ་འབྱོར་རྩ་བའི་འདི་དམ་ཚིག་ལྔ་དག་མ་ཉམས་པ་ལས། ཡན་ལག་གི་དམ་ཚིག་འདི་དག་༡འབྱུང་ཞིང་སྣང་བ་དེས་བསྒྲུབ་པའི་གྲོགས་ཆེར་༡བྱེད་༡༡པའི་ཕྱིར་རོ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །ཞེས་བྱ་བ་ནི། དུག་ལྔ་དམ་རྫས་ལྔའི་དངོས་པོ་ཐམས་ཅད་ཡེ་གདོད་མ་ནས་དག་པ་གསུམ་དང་མཉམ་པ་བཞིའི་ངོ་བོར་གནས་པའི་སྐུ་ཡེ་ཤེས་དེ་དག་རང་སྣང་དུ་རྟོགས་པས་དུག་ལྔ་སྤྱད་པ་དང་། རྟོགས་པར་འདོད་པས་དམ་རྫས་ལ་སྤྱད་པ་སྟེ། དེ་ལྟར་དེ་དག་གོ་རིམ་བཞིན་དུ་ཤེས་པར་བྱའོ། །བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི། རྩ་བ་དང་ཡན་ལག་གཉིས་སུ་ཕྱེ་བའི་དམ་ཚིག་གི་ངེས་ཚིག་བསྟན་པ་སྟེ། བསྲུང་ཞིང་བསྒྲུབ་པའི་དམ་ཚིག་རྩ་བ་ལྔ་པོ་ནི་ལམ་འབྲས་ཐམས་ཅད་ཀྱི་གཞིའམ་རྩ་བ་ཡིན་ཏེ། ཉམས་ན་གནས་སྐབས་སུ་མི་དང་ལྷའི་རིགས་ཀྱང་མེད་པར་འགྱུར་ན། མཐར་ཐུག་ཐེག་པ་ཆེན་པོའི་རིགས་ལྟ་སྨོས་ཀྱང་ཅི་དགོས་ཏེ། མཁར་རྨིངས་འགྲམ་ནས་ཞིག་པ་ལྟར་ཆོས་ཀྱིས་རྨིངས་འགྲམ་ནས་མེད་པར་འགྱུར་བའི་ཕྱིར་རོ། །ཉམས་ན་མི་དང་ལྷའི་རིགས་ཀྱང་མེད་པར་འགྱུར་ན་དེ་ལྟར་ཐེག་པ་ཆེན་པོའི་རིག་མི་སྤངས་པ་ལྔ་དང་། མི་འདོར་ལྔ་ཚན་གཉིས་ནི། ཡན་ལག་གི་དམ་ཚིག་ཡིན་ན་ཡང་། འདའ་དཀའ་བའོ། །ཞེས་བྱ་བ་ན། དེ་ཡང་ལོག་པའི་དུག་ལྔ་གཉེན་པོས་སྤངས་བ་ནི་ཉོས་ལྟ་བུར་གྱུར་པ་སྟེ། ལམ་ནོར་བས་ལྟ་བའི་མཉམ་པ་ཉིད་དགག་བསྒྲུབ་མེད་པ་ཀློང་ལས་ཉམས་པའོ། །ཡང་དག་པའི་དུག་ལྔ་ལེ་ལོ་བྱེད་ནས་སྤང་བ་ནི། རང་གཞན་གྱི་དོན་གཉིས་མ་འགྲུབ་པ་སྟེ། རང་གི་རྒྱུད་ལ་ལྟ་སྤྱོད་གཉིས་མེད་པས་བྱིན་བརླབས་མེད་པར་འགྱུར་རོ། །དམ་རྫས་ལྔ་སྨེ་བར་བྱེད་ནས། སྤངས་བ་ནི་ཀྲི་ཡ་ལྟར་གྱུར་པས། ལྟ་བ་དང་། སྤྱོད་པ་གཉིས་སུ་མེད་པར་མ་འབྲེལ་བ་སྟེ། བླ་མེད་ཀྱི་ཐེག་པ་འདིར་མི་ཆུད་པའི་སྐྱོན་ཁོ་ནའི་ཡོད་པ་ཕྱིར་རོ། །མཉམ་ལ་མཉམ་པར་སྦྱོར་བའི། མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོར་ཐོབ་པར་འགྱུར། །ཞེས་བྱ་བ་ནི། རྣམ་གྲངས་ཀྱི་སྐབས་སུ་རྩ་བ་ལས་གཉིས་སུ་ཕྱེ་བ་རྩ་བ་ཆེན་པོ་མེད་དོ་མཉམ་པ་ཉིད་ཀྱི་དམ་ཚིག་སྟེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་གཞི་དོན་དམ་ཀུན་རྫོབ་དབྱེར་མེད་ཀྱི་བདེན་པ་གསུམ་གྱིས་མཉམ་པ་ལ། མཉམ་པ་ལྟར་ཤེས་རབ་ལྟ་བ་དང་སྒོམ་པ་ཏིང་ངེ་འཛིན་གྱིས་མཉམ་པར་སྦྱོར་བའི་དུས་ན། ཕྱི་ནང་གི་ཆོས་གང་ཡང་རིག་པ་བདག་ཉིད་ཆེན་པོ་མཉམ་པའི་དོན་ལས་མི་འདའ་བ་ནི། མཉམ་པ་ཉིད་ཀྱི་དམ་ཚིག་ཁོ་ནའི་ཕྱིར། རྒྱས་པའི་རྒྱུད་ལས། རྩ་བ་དང་ཡན་ལག་གམ། ཡང་ན་གལ་ཆེ་བས་དམ་ཚིག་དམ་ཚིག་ཅེས་བྱ་བ། གུད་ན་ཏེ་ལོག་ཡོད་པ་མ་ཡིན་ཏེ། འོ་ན་གང་ཞེ་ན་རང་གི་ལྟ་བ་རྟོགས་པའི་དོན་ལ་མི་འདའ་བ་དམ་ཚིག་ནོ། ཡིན། །ཞེས་གསུངས་སོ། །འདིའི་དོན་དེ་ལ་གནས་ན་དེའི་འབྲས་བུ་ནི། མཉམ་རྫོགས་ཆེན་པོ་གང་ཡང་མ་སྤང་པར་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཐོབ་སྟེ་གནོན་པར་འགྱུར་བ་ཁོ་ནའོ། །འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་བྱ་བ་ནི། འདི་ཉིད་མ་རྟོགས་ཤིང་ཉམས་པའི་སྐྱོན་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཡང་མཉམ་པའི་དམ་ཚིག་འདིའི་ངོ་བོ་ལས་མི་འདའ་བར་བཞུགས་པའི་ཕྱིར། གང་ཞིག་བདག་ཉིད་ཆེན་པོ་མཉམ་པའི་དམ་ཚིག་ལས་འདས་ཤིང་ཉམས་ན་དེ་ལ་གཞན་པར་མ་ཉམས་པ་མཐོང་བ་དང་སྤྱོད་པ་ནི། སངས་རྒྱས་ཀྱི་དགོངས་པའི་ངོ་བོ་ཉིད་ལས་ཉམས་པ་སྟེ་འབྲས་བུ་ཐོབ་པ་མ་ཡིན་པ་ཁོ་ནའོ། །རྩ་བ་ཉམས་པའི་ཕྱག་འཚལ་དག །གསོ་ལ་ཉེ་བར་མི་བརྩོན་ན། །ཞེས་བྱ་བ་ནི། གོང་གི་རྩ་བ་ལྔ་པོ་ཀུན་ཉམས་པ་ནི། འབྲས་བུ་གྲུབ་པའི། ཕྱག་འཚལ་བ་དག་པ་ཞེས་བྱ་སྟེ། རྩ་བ་ལྔ་པོ་དེ་དག་ཀུན་ཀྱང་བསྡུ་ན་ཀ༽སྐུ་དང་། ཁ༽ གསུང་། ག༽ ཐུགས་སུ་༣འདུས་སོ། །དེ་ཡང་སྐུ་ཀ༽ སློབ་དཔོན་དང་མཆེད་ལྕམ་སྤུན་ལ་དམ་ཚིག་ཉམས་ན་གསལ་བཀྲ་ལྟར་ཟས་ནོར་འབྱོར་པ་ལྔ་ལ་སོགས་པས་གང་ལ་ཉམས་པའི་གནས་སུ་གསོའོ། །ཁ༽བླ་ན་མེད་པ་བྱང་སེམས་དང་གསུམ་སྔགས་དང་ཕྱག་རྒྱའི་དམ་ཚིག་ཉམས་པ་བསྒྲུབ་པ་ཆེན་པོ་ཡང་ཡང་ལན་གསུམ་གྱིས་བཤགས་ནས་བཟླས་པའང་བ་ལྡབ་རེ་སོབ་ཀྱིས་གསོའོ། །ག༽གསང་བ་ཐུགས་ནི་དམ་ཚིག་ཉམས་ན་ཤེས་རབ་ལྟ་བ་དང་ཏིང་ངེ་འཛིན་གྱིས་གསོའོ། །དེ་ལྟར་མྱུར་དུ་གསོ་བའི་ཆོ་ག་ལ་ཉེ་བར་མི་བརྩོན་ནས་མི་གསོ་བ་ནི། འོ་མ་རུལ་བ་དང་རྟ་རྔོ་ཅན་དང་སྤལ་རྨ་ཅན་འདྲ་བས་དམ་ཚིག་ཅན་རྣམས་ཀྱིས་ཟླ་ཉམས་ཀྱིས་བར་ཆད་འགྱུར་བས་ཐ་ན་ལུང་པ་གཅིག་གི་ཆུ་ལ་མི་བཏུང་བའི་ཕྱིར། དུས་སྐད་ཅིག་གིས་ཡུད་ཙམ་དུ་ཡང་སྨྲ་བར་མ་བྱེད་ཅིག་དམ་ཚིག་ཉམས་པ་ཅན་དང་འགྲོག་པར་གྱུར་པའི་ཉེས་པ་བརྗོད་ཀྱི་མི་ལང་ངོ་ཞེས་གསུངས་སོ། །རྩ་བའི་དམ་ཚིག་ཉམས་གྱུར་ན། །བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི། ཉམས་པའི་སྐྱོན་རྣམས་བསྟན་པ་སྟེ། རྩ་བའི་དམ་ཚིག་ལྔ་པོ་ཉམས་པར་གྱུར་ན་ཚེ་འདིར་ཡང་བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར་ཏེ་བཟང་པོའི་ལས་ཅི་བརྩམ་པའི་རིལ་ལ་ནུས་མཐུ་མེད་ཅིང་བར་ཆད་མང་བས་གང་ཡང་དོན་མེད་པར་འགྱུར་ཞིང་། ཚེ་ཕྱི་མར་ཡང་ཡིད་དུ་མི་འོང་བའི་སྡུག་བསྔལ་སྣ་ཚོགས་པའི་འབྲས་བུ་ངན་སོང་གསུམ་མི་འདོད་བཞིན་དུ་རང་དབང་མེད་པར་འདུ་བར་འབྱུང་ངོ་། །ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་བྱ་བ་ནི། ཡན་ལག་གི་དམ་ཚིག་མི་སྤངས་མི་འདོར་བ་གཉིས་ཉམས་ན་ནི། ཉོན་མོངས་པ་སྤངས་པས་ཉོས་དང་རྫས་ལ་བླང་དོར་བྱེད་པས་ཀྲི་ཡ་ལྟར་གོལ་བར་འགྱུར་བས་ན། གསང་སྔགས་བླ་མེད་ཀྱི་གཞུང་གིས་བསྟན་པའི་ཐུན་མོང་ནི་ནད་ལྔ་མེད་ཅིང་ཚེ་རིང་བ་ལ་སོགས་པ་དང་། ༡མཆོག་གི་༡༡སྐུ་གསུང་ཐུགས་འབྲས་བུ་མེད་ཅིང་དེ་ལ་མི་སྤངས་མི་དོར་དེ་དག་དག་མཉམ་རྟོགས་བཞིའི་ལུང་མན་ངག་རིགས་པའི་གཏན་ཚིག་གསུམ་དང་། བདག་གཞན་ཆོས་ཀྱི་དགོས་ཆེད་གསུམ་གྱི་སྒོ་ནས་མི་སྤྱོད་པར་རང་ཁ་མར་ལོག་པར་སྤྱད་པས་དམ་ཚིག་ཉམས་པ་ཅན་རྣམས་ངན་སོང་གསུམ་དུ་ལྟུང་བར་འགྱུར་བ་ཁོ་ནའོ། །དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་བྱ་བ་ནི། དམ་ཚིག་རང་བཞིན་བསྟན་པ་སྟེ། །རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཀྱི་རང་བཞིན་ནི་ལྟ་སྤྱོད་གཉིས་སུ་མི་ཕྱེད་པ་དང་བཞི་རང་བཞིན་དང་། བགྲོད་པ་ལམ་དང་། ཐོབ་བྱ། འབྲས་བུ་གསུམ་ཡང་དབྱེར་མེད་པར་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཆེ་ཞེས་བྱ་སྟེ། དེ་དག་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་གཤེགས་ཤུལ་གྱི་ལམ་དང་། དགོངས་པའི་ངོ་བོ་ཉིད་ཡིན་པ་ཁོ་ནའི་ཕྱིར་རོ། །རྩ་བའི་དམ་ཚིག་ལྔ་ལ་ནི། དེ་གཅིག་ལའང་ཤེས་རབ་ལྟ་བ་དང་ཐབས་མ་འགགས་པར་སྤྱོད་པ་གཉིས་སུ་དབྱེ་ཞིང་བྱེད་པ་དང་། དེ་ལ་དབྱེ་བ་བཅུ་ཕྲག་གསུམ། སྟེ་རྩ་བ་ལྔ་པོ་རེ་རེ་ལའང་སུམ་ཅུ་རྩ་གཉིས་པ་ཚོ་ལྔ་སྟེ་བརྒྱ་དྲུག་ཅུའོ། །ཡན་ལག་གི་དམ་ཚིག་མི་སྤང་མི་འདོར་བ་ལྔ་གཉིས་སྟེ་བཅུ་ལ། དེ་གཅིག་ལའང་བཅུ་ཕྲག་གཉིས་སུ་ཕྱེ། བས་ཉི་ཤུ་པོ་ཚོ་བཅུ་སྟེ་གཉིས་བརྒྱ་དང་ཀུན་དྲིལ་བས་སུམ་བརྒྱ་དྲུག་ཅུ། ཞེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་ལ་མདོར་རྒྱས་བཤད་གཉིས་ལས་འདིར་རྒྱས་པར་བསྟན་པ་སྟེ། སྤྱིར་དམ་ཚིག་རྒྱས་པ་འབྲིང་པོ་བསྡུས་པ་རྣམ་པ་གསུམ་ལས་དེ་རེ་རེ་ཡང་རྒྱས་འབྲིང་བསྡུས་པ་གསུམ་གསུམ་སྟེ། དེ་ཡང་རྒྱས་པའི་གསུམ་ནི་གྲངས་མེད་གསུམ་སྟེ་སྟོང་རྩ་བརྒྱད་དོ། །འབྲིང་པོའི་གསུམ་ནི། ལྔ་བརྒྱ་སུམ་བརྒྱ་དྲུག་ཅུ། བརྒྱ་རྩ་བརྒྱད་དོ། །བསྡུས་པའི་གསུམ་ནི་ཉེར་བརྒྱད། བཅོ་ལྔ་མདོ་མཉམ་པ་ཉིད་ཀྱི་དམ་ཚིག་དང་དགུར་དབྱེ་བ་ལས། འདི་ནི་འབྲིང་གི་འབྲིང་། སུམ་བརྒྱ་དྲུག་ཅུར་དབྱེ་བ་སྟེ། དེ་གང་ཞེ་ན་ཚིག་མང་དུ་འདོགས་པས་མི་ལང་བ་དང་། འཕྲ་རྒྱས་འབྱེད་པ་ལས་གསལ་བས་མི་དགོས་ཕྱིར་འདིར་མ་བྲིས་སོ། །རྒྱས་པ་གྲངས་མེད་པ་ཡང་ཟུང་ཙམ་བསྟན་པའི་ཕྱིར། དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་དམ་ཚིག་འདི་རྣམས་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྲིམས་ནི་འདུལ་ཐབས་ཤིན་ཏུ་མང་བའམ། ཉམས་ན་བསྐང་དུ་གཏུབ་པ་དང་འདྲ་སྟེ། གདུལ་བྱའི་དབང་གིས་རྣམ་གྲངས་རྒྱ་ཆད་པ་མེད་པའི་ཕྱིར་རོ། །རྨད་པོ་ཆེ་ཞེས་བྱའོ། །དེ་ཉིད་ཉེ་བར་བསྟན་པའི་ཕྱིར། གནས་འཇིག་རྟེན་དུག་གི་ཕྱོགས་བཅུའི་ཞིང་ཁམས་གྲངས་མེད་པ་ན་གདུལ་བྱ་སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ་བ་ཅི་སྙེད་པ། རྣལ་འབྱོར་རྟོག་པ་༼༠༽འདུལ་བའི་གཉེན་པོར་དམ་ཚིག་དེ་སྙེད་སྤྲོ། །ཞེས་གསུངས་ཏེ། དེ་ལྟར་༼༠༽འདུལ་བ་ལ་ནི། གཉེན་པོས་སྤོང་འགོག་གི་འདུལ་བ་ཉན་རང་དང་། ལྷ་མིའི་ཐེག་པ། སྟོང་ཉིད་དུ་སྦྱངས་པས་འདུལ་བ་དང་བྱང་སེམས། ལྟར་བསྒྱུར་བས་འདུལ་བ་ཕྱི་རྒྱུད་དང་། མ་སྤང་བར་རང་དག་པས་འདུལ་བ་ནང་པ་གཉིས་དང་། ཆོས་ཐམས་ཅད་རང་ས་ན་ངོ་ཤེས་པས་འདུལ་བ་ཨ་ཏི་ལ་སོགས་པའོ། །གདུལ་བྱ་དང་འདུལ་ཐབས་དེ་དག་གི་དོན་བྱ་བའི་ཕྱིར་དམ་ཚིག་ཡང་རྣམ་གྲངས་མ་ངེས་པ་བསམ་གྱིས་མི་ཁྱབ་པ་དེ་སྙེད་ཅིག་སྤྲོས་པ་ཁོ་ནའོ། །གཞན་ཡང་རྒྱལ་མཆོག་ཀུན་ནམ་གིས། །ཞེས་བྱ་བ་ལ་སོགས་པ་ནི་བསྲུང་བའི་ཡོན་ཏན་བསྟན་པ་སྟེ། གོང་དུ་བཤད་པའི་མཉམ་རྫོགས་ཀྱི་དམ་ཚིག་ཡོན་ཏན་ལས་གཞན་པར་གྱུར་པ་ནི། ཡང་ཞེས་བྱ་བ་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་བཅོ་ལྔ་མ་ཉམས་པ་ར་བསྲུང་བ་ལ་ནི་འབྲས་བུ་གང་འབྱུང་ཞེ་ན། རིགས་ཀྱི་བདག་པོ་ནི་རྒྱལ་བའི་མཆོག་སྟེ། དངོས་སུ་༡ཀུན་ཏུ་བཟང་པོའོ། །༡དེའི་ངོ་བོ་ཉིད་ཅི་ལྟ་བུ་ཞེ་ན། ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། །བསྒྲུབ་མེད་དམ་པ་མ་ལུས་འགྲུབ། །ཅེས་གསུངས་ཏེ། འཁོར་འདས་ཀྱི་ངོ་བོ་ཉིད་ཀྱིས་བསྡུས་པ་རིལ་ཐམས་ཅད་མ་ལུས་པའི་སྣང་བ་༡སྐུ་གྲགས་པ་གསུངས་དྲན་རྟོག་༡ཐུགས་ཀྱི་༡ཕྱག་༡༡རྒྱ ར་ཡི ངོ་བོ་ཡེ་ནས་ལྷུན་གྱིས་གྲུབ་པས་དེའི་ངང་དུ་རྟོག་པའམ་སྐྱོན་སྤང་པ་དང་། ཡོན་ཏན་དང་དུ་བླང་བ་མེད་པ་ནི་བསྒྲུབ་ཏུ་མེད་པ་འབྲས་བུའི་མཆོག་དམ་པ་སྟེ། ཀུན་ཏུ་བཟང་པོའི་ཡོན་ཏན་གྱི་རིལ་མ་ལུས་པ་འགྲུབ་པའོ། །དེའི་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ངག་ཏུ་བརྗོད་ལས་འདས་པའི་མཐའ་ཡས་པ་ཕྱིར་མཆོག་ཁོ་ན་སྟེ། དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་གསུངས་སོ། །རྒྱལ་བའི་རིགས་མཆོག་འཛིན་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ཡོན་ཏན་ཉེ་བར་མདོར་བསྡུས་ཏེ་བསྟན་པ་སྟེ། དམ་ཚིག་འདི་དག་ལྟ་སྤྱོད་ཚང་བར་མགོ་འབྱོར་པ་ནི། དང་པོ་ལྟ་བ་རྟོགས་པ་སར་ཆུད་པའི་རིག་འཛིན་ནོ། །ལྟ་དོན་དེ་ལ་ཏིང་ངེ་འཛིན་དུས་རྒྱུན་དུ་གནས་པ་ནི་གཉིས་པ་ས་ལ་གནས་པའོ། །འི་རིག་འཛིན། ལྟ་སྒོམ་དེ་ནུས་པའི་སྟོབས་སུ་གྱུར་ནས་འབྲས་བུ་ཐོབ་པ་ནི་གསུམ་པ་ས་ཡོངས་སུ་སྨིན་པའི་རིག་འཛིན་ཡིན་པའི་ཕྱིར་རོ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་བརློབས། །ཞེས་བྱ་བ་ནི། དམ་ཚིག་བསྲུང་ཞིང་སྒྲུབ་པ་པོ་དེ་ལ་འཇིག་རྟེན་གྱིས་གཙོ་བོ་ལྷ་མ་སྲིན་སྡེ་བརྒྱད་འཁོར་གཡོག་དང་བཅས་པས་རྣམས་ཀྱིས་དེའི་དགོངས་པ་བསྒྲུབ་ཅིང་བཀུར་སྟི་བྱེད་པ་དང་། དམ་པ་མཆོག་སངས་རྒྱས་དང་། དམ་པ་རིག་འཛིན་བྱང་ཆུབ་སེམས་དཔའ་རིལ་ཐམས་ཅད་གྱིས་སྲས་དང་སྤུན་དུ་དགོངས་ཤིང་བྱིན་གྱིས་བརློབས་པར་གྱུར་པ་དང་ཞོར་ལ་མ་མོ་མཁའ་འགྲོ་རྣམས་ཀྱིས་མིང་པོར་དགོངས་ཤིང་སྡོང་གྲོགས་བྱེད་པ། དམ་ཅན་ཆོས་སྐྱོང་རྣམས་ཀྱིས་རྗེ་དཔོན་དུ་དགོངས་ནས་ཕྲིན་ལས་བསྒྲུབ་པ་ཁོ་ནའོ། །བདེ་བར་གཤེགས་ཉིད་ཀྱིས་ཡུལ་ལ་ཞུགས། ཞེས་བྱ་བ་ནི། རྩ་བ་ཡན་ལག་གི་དམ་ཚིག་བཅོ་ལྔ་པོ་དེ་ཉིད་དེ་པའི་དགོངས་པའི་ངོ་བོ་ཉིད་ཀྱི་དོན་ཡིན་པའི་ཕྱིར་རོ། །སངས་རྒྱས་དང་སྤྱོད་ཡུལ་གཅིག་པ་ལ་ཞུགས་ཞེས་བྱའོ། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་བྱ་བ་ནི། བདེ་བར་གཤེགས་ཀྱི་ཡུལ་ལ་ཞུགས་པ་དེ་ཕན་ཆད་སྒོ་གསུམ་གྱི་ལས་ཅི་སྤྱད་ཀྱང་ལྟུང་བའི་དོགས་པའི་འཇིགས་པ་མེད་དེ། སྤྱོད་ཡུལ་ཡོངས་སུ་དག་པའི་ཀུན་ཏུ་བཟང་པོའི་སྦྱོར་བ་ཕྱིར་རོ། །ཅི་བཞིན་ཉིད་དང་འདུལ་བའི་ཐབས། །ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཅི་བཞིན་པ་དེ་ཉིད་མངོན་དུ་བྱེད་པའི་མཉམ་པ་དམ་ཚིག་ཆེན་པོ་ཉིད་དང་། རྟོག་པ། འདུལ་བའི་ཐབས་བཅོ་ལྔ་པ་ལ་སོགས་པ་སུམ་བརྒྱ་དྲུག་ཅུ་རྣམ་གྲངས་མཐའ་ཡས་ཐམས་ཅད་མ་བརྩལ་བར་ལྷུན་གྱིས་གྲུབ་པའི་ཕྱིར། ཉན་ཐོས་ཀྱི་འདུལ་ཁྲིམས་ཇི་སྙེད་པ་དང་བྱང་སེམས་ཀྱི་སྡོམ་པ་དང་གསང་སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་མཐའ་ཡས་པ་དེ་རྣམས་ལྷག་མ་མ་ལུས་པའི་དགག་བྱ་ཐམས་ཅད་རྣམ་པར་དག་ཅིང་ཡོན་ཏན་ཐམས་ཅད་ཡར་ལྡན་དུ་ལྷུན་གྱིས་གྲུབ། པའོ། །ཞེས་གསུངས་སོ། །ཉམས་ན་བསྐང་བས་རྫོགས་པ་དང་། །དེ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་མཆོག །ཐོབ་པའོ། །ཞེས་བྱ་བ་ནི། སྤྱིར་དམ་ཚིག་རྣམས་ལས་རྐྱེན་ངན་པའི་དབང་གིས་ལན་ཅིག་ཉམས་ན། ལོག་ན་དེ་ནས་ཉམས་པ་བསྐངས་བས་ཞིང་གསོ་ཀྱང་། ཉམས་ཆགས་དག་ནས་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་ན། སྐོངས་སོ། །ཞེས་བྱའོ། །དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ། །ཞེས་བྱ་བ་ནི། དམ་ཚིག་གི་རང་བཞིན་ནི་དེ་བཞིན་གཤེགས་པ་ཉིད་ཀུན་གྱི་བདག་ཉིད་ཡིན་པའི་ཕྱིར་དང་། རྒྱལ་བ་དེ་བཞིན་གཤེགས་པ་ཉིད་ཀྱང་འདི་དག་ལས་མི་འདའ་ནས་འདུལ་བར་གྱུར་པ་ན། གཞན་ལམ་པ་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ། །ལེའུ་བཅུ་དགུ་པ་མདོར་བཤད་པའོ།། །།དམ་ཚིག་དང་ལྡན་པ་དེ་ནས་ཕྲིན་ལས་བསྟན་པའི་ཕྱིར། ལྷུན་གྱིས་གྲུབ་པའི་དམ་ཚིག་བྱིན་གྱིས་བརླབས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཉིད་ལ་འོག་གི་དོན་སེམས་ལྟར་གཟུང་འཛིན་གྱི་སྤྲོས་པ་ཞི་བ་དང་། ཡོན་ཏན་རྒྱས་པ་དང་། འཁོར་འདས་གཉིས་མེད་དབང་དུ་འདུ་བ་དང་། རྟོག་པའི་མཚན་མ་ལས་གྲོལ་བ་དྲག་པོ་སྟེ། ཕྲིན་ལས་རྣམ་བཞི་རང་བཞིན་གྱི་ལྷུན་གྱིས་གྲུབ་པར་གནས་པ་དེ་དེ་ལས་མི་འདའ་བས་དམ་ཚིག་དེ་ཉིད་ཕྲིན་ལས་ཆོ་ག་བཞིས་རང་གནས་བསྐུལ་བས་དེའི་དོན་མངོན་སུམ་དུ་སྣང་བར་བྱེད་པ་ནི་བྱིན་གྱིས་བརླབས་པ་ཞེས་བྱའོ། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་བྱ་བ་ལ་སོགས་པ་འདི་དག་ཀྱང་། རྒྱུད་ཀྱི་རིམ་པ་མན་ངག་གིས་འཁྲུགས་བསྡེབས་ཏེ། དང་པོར། བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱ། །ཞེས་བྱ་བ་ལ་སོགས་པའི་དོན་གྱིས་བསྒྲུབ་བྱ་དགྲ་བགེགས་དང་། གང་དབང་དུ་མ། འདུས་པ་དང་ཞི་རྒྱས་ཀྱི་གདུལ་བྱ་ལ་སོགས་པའི་དམ་རྫས་བདུད་རྩི་ལྔའམ། དབང་དྲ ག་ཤ་དང་། ཉ་ཤ་དང་། ཞི་རྒྱས་བུ་རམ་དང་། ཏིལ་དང་སྦྲང་ལ་སོགས་པ་ཟས་ལྔ་སོ། །རྣམ་པ་རྒྱུ་བག་ཟན་ལ་བག་རེ་བསྲེ་ཞིང་དེ་ལ་ལིང་ག་ཕོ་མོ་གང་ཡིན་གྱི་མཚན་མ་ཅན་བྱས་ཏེ། གཞི་ཤོག་གུའམ་གྲོ་བ་ལ་དཔྲལ་བར་མིང་སྙིང་ཁར་རུས་དང་བཅས་པ་བྲིས་པར་བྱ་ལ་དེའང་འདམས་སུ་ལས་གཞི་གང་བྱེད་ཀྱི་སྔགས། སྤྱི་བོར་ཀི་ལ་ཡ། གཡས་སུ་ཧཱུྃ། གཡོན་དུ་ཕཊ། ཡན་ལག་བཞི་ལ་ཛཿཧཱུྃ་བྃ་ཧོཿབྲིས་ལ། གླན་ཏེ། ཐོད་པའི་ནང་དུ་བྲུབ་ཁུང་ཚེར་མ་ཅན་དུ་མགོ་ལྷོ་ནུབ་ཏུ་བསྟན་ནས། གཞུག་གོ། །དེ་ནས་སྔགས་མཁན་གྱིས་ཕྲིན་ལས་རྣམ་བཞི་རང་གི་ཕྱོགས་སུ་ཞི་བ་ལ་ཤར་ལ་སོགས་པའི་གདུལ་བྱ་གང་བྱེད་དུ་ཁ་བལྟས་ལ་ཆས་གོས་བཞི་སོ་སོར་གྱོན་ནས་ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པ་ལ་སོགས་པའི་ནས་ཡའི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པའམ། བར་གྱི་ཕྱིར། ལས་བཞི་སོ་སོའི་ལྷ་དྲག་པོ་ལ་བཛྲ་ཧེ་རུ་ཀ་དཀྱིལ་འཁོར་གསལ་བར་བསྐྱེད་དེ་གསུམ་པོ་དེས་འདྲེས་སོ། །བ་ཧུ་བི་ཏས་ལྷ་རྣམས་ངེས་པར་ལས་བཞི་གང་བྱེད་ལ་བཙུད་ནས། བདེན་པ་བདར་སྤྲུལ་པ་སྤྲོ་དེ་ནས། བཀུག་ནས་རྡོ་རྗེ་ཕུར་པས་གདབ། །ཞེས་བྱ་བ་ལ་སོགས་པའི་ཕྱིར། སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་བཀུག་ནས་ལིང་ག་ལ་བསྟིམ་སྟེ། ཨཾ་གུ་ཤ་ཛ་ལ་སོགས་པའི་ཕྱག་རྒྱ་བཞིས་བཅིང་ནས་དམིགས་བྱ་གང་ཡིན་པ་མངོན་དུ་བྱས་ལ་བཞག་གོ། །དེ་ལ་ལྕགས་ལ་སོགས་པ་ཕུར་པའི་རྒྱུ་བཞི་དང་། ནག་པོ་ལ་སོགས་པའི་དབྱིབས་བཞི་ལས་བཞི་སོ་སོའི་ཕུར་པ་གསུམ་ལྔ་བཞི་དྲུག་རྣམས་ཐུགས་ཀྱི་རིགས་ལ་སོགས་པ་རིགས་བཞི་སོ་སོའི་ཀཱི་ལ་ཡར་བྱིན་གྱིས་བརླབས་ལ། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྐང་ལག་ལ་གཉིས་དང་། གནས་བདུན་ལ་སོགས་པར། རྡོ་རྗེ་ཕུར་པ་བཏབ་ཏེ་གདབ་ལ་གཟིར་རོ། །ཚེ་ལུང་ཁྲུས་ལུང་གཉེན་པོ་རང་ལས་བྱུང་བས་བསྒྲལ། ཡུངས་ཀར་གྱིས་ཐུགས་དམ་བསྐུལ། དེ་ནས། རྡུལ་དུ་བྱས་ནས་ཚོགས་སུ་འབུལ། །ཞེས་བྱ་བ་ལ་སོགས་པའི་དོན་གྱིས། ལས་བཞིའི་བསམ་པ་བཞི་དང་ཆས་པར་ཧྲི་ཏིའི་སྔགས་ཀྱིས་ཕོའི་རྐང་པ་གཡས། མོའི་གཡོན་ནས། རལ་གྲིས་གཏུབ་ལ་ལིང་ག་རྣམས་རྡུལ་ཕྲན་བཞིན་དུ་བྱས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་པ་འབུལ་ལོ། །གང་ལ་འབུལ་ཞེ་ན་ཁྲག་འཐུང་འབར་བ་དྲག་པོ་གཏུམ་ཆེན་རྔམས་པའི་ཚོགས་རྣམས་ལ། ཁྲོས་པའི་ཡིད་ཀྱིས་ཡེ་ཤེས་ཀྱི་ལྷ་ལ་མཆོད། མ་དང་མཁའ་འགྲོ་མ་ལ་སྦྱིན་པའི་ལས་བྱ། ཞེས་བྱ་བ་ལ་སོགས་པའི་དོན་གྱིས། འབར་བ་གཟི་བརྗིད་ལྷུན་ཆེན་ལ། འབར་བ་འདུ་འཕྲོ་གཟི་ཆེན་ལ། གསལ་བའི་གཟི་བྱིན་མཚར་བ་ལ། །ཅེས་པ་རིགས་བཞི་སོ་སོའི་དཀྱིལ་འཁོར་བསམ་ཡས་པ་མངོན་སུམ་དུ་དམིགས་ནས་དུག་གསུམ་གྱི་མཆོད་པ་འབུལ་བས། རྟོད་ཅིང་ཟོས་པར་འབུལ་ལོ། །དེ་ནས་གདུལ་སེམས་ཁོས་པའི་ཡིད་ཀྱིས་བརླག་པ་དྲག་པོ་དང་། ཆགས་པའི་ཡིད་ཀྱིས་དབང་དུ་འདུས་པ་དང་དགའ་བའི་ཡིད་ཀྱིས་རྒྱས་པ་དང་། དྭངས་པའི་ཡིད་ཀྱི་ཞི་བ་ལ་སོགས་པའི་གདུང་སེམས་ཀྱི་བསམ་པས་ཕྱེ་ནས་མཆོད་སྦྱིན་ཕུལ་བར་བྱས་ན་ཞི་དྲག་གིས་རང་ལ་མི་གནོད་ཅིང་། དབང་རྒྱས་ཀྱི་རང་ལ་འདོད་པ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་དག་གི་དང་པོ་ལྷག་པའི་སྒོ་ནས་རྫས་ཀྱི་ལས། བཞི་བྱའོ། །གཉིས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལས་བཞི་བྱ་བ་ནི། བྲོ་རའི་དབྱིབས་གྲུ་གསུམ་ཟླ་གམ་གྲུ་བཞི་ཟླུམ་པོ་བྱས་པའི་སྒྲུབ་པ་པོ་ཡབ་ཡུམ་རྣམས་ལག་པའི་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་བའི་ར་བསྡམ་ནས་དེ་དབུས་སུ་ལིང་ག་བཞག་ལ། ཁ༽དྲག་པོའི་ཨེ་ཀ༽རམ་བཾ་ག༽རཾ་གྱིས་དབང་གི་མ་རཾ་གྱིས་རྒྱས་པའི་ཡ་རཾ་གྱིས་ཞི་བའི་ཞེས་བྱ་བའི་སྔགས་ཀྱིས་ལས་བཞི་སོ་སོའི་གཞལ་ཡས་མེ་དཔུང་དང་ཆས་པར་བསམ། ཞིང་བསྒོམ་དེའི་ནང་དུ་ལྷ་ཚོགས་ཀྱི་ལས་བཞི་སོ་སོའི་དཀྱིལ་འཁོར་དུ་རྣལ་འབྱོར་པ་བདག་ཉིད་ལྷར་བྱིན་གྱིས་བརླབས་ལ། དེ་ནས་རྒྱས་པའི་རྒྱུད་ལེའུ་ང་བདུན་པ་ནས་དྲུག་ཅུའི་བར་ལས་འབྱུང་བ་ལྟར་ཧཱུྃ་ཧཱུྃ་ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས། ཞེས་སོགས་ཀྱི་ཚིགས་སུ་བཅད་པས་བསྐུལ་ལ་ཁྲོ་བོའི་སྟངས་སྟབས་སུཾ་བྷ་ནི་སྔགས་ཀྱིས་སྤྲུལ་པ་རྣམས་འཕྲོས་པས་ཁམས་གསུམ་རས་བལ་རླུང་གིས་བསྐྱོད་པ་ལྟར་སྤྲུགས་ནས་དམིགས་པའི་སྲུང་བའི་ལྷ་དང་ཕྲལ་ཏེ། བཀུགས་ནས་ལིང་ག་ལ་མངོན་དུ་བསྟིམ་ནས་གནས་པ་ལ་བདག་ལྷར་གསལ་བའི་གནས་གསུམ་ནས་འོད་ཟེར་ཁ་དོག་བཞི་བྱུང་བས་ལིང་ག་ལ་ཐིམ་ནས་ལས་བཞིའི་བསམ་ཡས་དབང་བསྒྱུར་ནས། ལས་བཞིའི་དངོས་གྲུབ་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་པ་ཡིན་སྟེ། དྲག་པོས་ནི་སངས་རྒྱས་རྒྱུ་བསོད་ནམས་ཀྱི་ཚོགས་ལས་བྱུང་བའི་གཟུགས་ཀྱི་སྐུ་ཡང་འཇིགས་པ་དང་། སེམས་མྱོས་ནས་ལུས་གས་ཏེ་སྙིང་འཚིག་པར་འགྱུར་ན་བསྒྲུབ་བྱ་དགྲ་བགེགས་གཞན་ལྟ་ཅི་སྨོས། སོ། །ཞེས་གསུངས། དབང་གི་ཡོན་ཏན་ནི་རྡོ་རྗེའི་གསུང་པདྨ་དབང་གི་རྒྱལ་པོ་པདྨ་གར་དབང་ཡང་དབང་དུ་འདུ་བར་འགྱུར་བ་དང་བསྒྲུབ་བྱ་འགུག་པར་འགྱུར་བ་ཅི་སྨོས་མཐུ་སྟོབས་ཀྱི་བདག་ཉིད་ཕྱག་ན་རྡོ་རྗེ་འང་ཁྱི་ལ་ཟན་བྱིན་པ་བཞིན་ཕྱི་བཞིན་དུ་འབྲང་ཞིང་རང་གི་ཅི་འདོད་པ་དེ་བཞིན་དབང་དུ་འོང་བར་འགྱུར་ན། བསྒྲུབ་བྱ་མི་མོས་མི་འདོད་པ་གཞན་ལྟ་ཅི་སྨོས། ཞེས་གསུངས་སོ། །རྒྱས་པས་ནི། ཡོན་ཏན་ཚད་ལས་འདས་པ་ནམ་མཁའི་མཐའ་དང་མཉམ་པ་ཐོབ་པ་དང་འདོད་དགུ་ཀུན་འབྱུང་བའི་ཡིད་བཞིན་གྱིས་ནམ་མཁའ་ཡང་ཁེངས་ཞིང་གང་པར་འགྱུར་རོ། །ཞེས་གསུངས་སོ། །ཞི་བས་འི་ལས་ཀྱི་ཡོན་ཏན་ནི་གཏུམ་ཆེན་རྔམ་པ་ཁྲོ་བོའི་ལས་ཀྱི་སྦྱོར་བའང་ཞི་ནས་ལྷན་ནེར་འགྱུར་བ་དང་། ཞེ་སྡང་གིས་ཀུན་ནས་བསླངས་པའི་ཕྱི་ནང་གི་གདུག་རྩུབ་ཐམས་ཅད་ཀྱི་གཡོ་བ་མེད་པར་བྱེད་དོ། །འབྲུ་ནི་གོ་སླ་བས་སོ་སོར་མ་བཤད་དོ། །སླས་དང་བྱི་མོ་བྲན་མོའི་ཚོགས། །ཞེས་བྱ་བ་ལ་སོགས་པ་ནི་ལས་བཞི་དེ་དག་གི་དུས་སུ་འཁོར་དབང་མོ་རྣམས་བསྐུལ་བས་ལས་ལ་མངག་པ་སྟེ་གོ་སླའོ། །ཁྲོ་བོ་བསྒྲུབ་པའི་ལས་ཀྱི་གཙོ་བོ་འདི་ཡིན་ནོ་ཞེས་བྱ་བ་ནི། ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་དུས་སུ་ཕྲིན་ལས་བཞི་བྱ་བའི་རྣམས་ཀྱི་གཙོ་བོ་མཆོག་ནི་བྲོ་གར་གླུ་ཚིག་འདི་ཡིས་འགྲུབ་པར་བྱ་བའོ། །ཡོན་ཏན་ནོ་ཞེས་པ་ཁྲག་འཐུང་ཆེན་པོ་ལ་སོགས་པའི། །ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལས་ལ་སོགས་པའི་དུས་སུ། བདག་ཅག་ཁྲག་འཐུང་ཆེན་པོ་རིགས་ལྔ་ཡབ་ཡུམ་ལ་སོགས་པའི་ལྷ་རུ་བྱིན་གྱིས་བརླབས་ལ་ཁམས་གསུམ་གྱི་རིལ་ཡང་དེ་ལས་མི་གཞན་པར་བྱས་ཏེ། རྐང་པའི་བྲོ་སྟབས་དང་། ལག་པའང་གར་ཐབས་སུ་གཡེང་བ་དང་། ངག་ཏུ་སུམ་བྷ་ནི་ཞེས་བྱ་བ་ལ་སོགས་པ། གླུ་ཚིག་གི་ང་རོ་ཆེན་པོ་དམ་ཆས་པར་བྱས་པ་ནི། ལས་ཐམས་ཅད་དངོས་གྲུབ་ཐམས་ཅད་ཅི་འདོད་པར། །ཐམས་ཅད་ཐམས་ཅད་འགྲུབ་པ་ཡིན། །ཞེས་བྱ་བ་ནི། ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཅི་འདོད་པར་འགྲུབ་པར་འགྱུར། བ་ཡིན་པའི་ཕྱིར། རོ། །མཛོད་ལྡན་ཆེན་མོ། ཞེས་བྱ་བ་ནི། ཀེའུ་རི་ལ་སོགས་པ་སྟེ། ཙ་རི་ཕྲ་མོ་ཧ་བཻ་ཏ་ལི་རྣམས་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་སྔར་བཤད་པ་བཞིན་དུ། བྲོ་གར་གླུ་ཚིག་ཆེན་མོ་ནི། དབང་ལ་འདུ་བར་འདོད་ན་དབང་དུ་འདུ་བར་བྱེད་པ་དང་། ཚེ་བསོད་ནམས་ཅི་རྒྱས་ཤིང་འཕེལ་བར་འདོད་པ་རྒྱས་ཞིང་འཕེལ་བར་བྱེད་པའོ། །སྦོས་མོ་ཆེན་མོ་ནི་པུཀྐ་སི་ལ་སོགས་པ་སྟེ། ཀསྨ་ཧྲི་སྨ་ཤེ་ནི་ཙནྡ་ལི་རྣམས་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་སྔར་བཞིན་བྲོ་གར་གླུ་ཚིག་ཆེན་མོས་ནི། ཞི་བའི་ལས་ཀྱི་ལྷན་ནེར་འདོད་ན་ལྷན་ནེར་བྱེད་པ་དང་། དྲག་པོ། མངོན་སྤྱོད་ཀྱི་ལས་ཀྱི་སྨུག་པར་འདོད་ན་ནི་རྨུག་པར་བྱེད་པའོ། །གཞན་སེང་གདོང་ཆེན་མོ་མ་ཚོགས་པའི་ཚིགས་བཅུ་གཉིས་ནི། གོ་སླའོ། །ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །ཞེས་བྱ་བ་ལ་སོགས་པ་ནི། ཕྲིན་ལས་རྣམ་བཞིའི་ཡུམ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། ཞི་བའི་གཟུངས་ལ་ཤིང་ལྗོན་པ་དང་ཆོས་མཐུན་པའི་དུང་ཅན་མ་ནི་ཁ་དོག་དཀར་མོ་ལུས་བུ་ཆུང་ལ་སྐད་གདང་ཆེ་བ། །བཞིན་༼༠༽དང་ལུས་གཙུག་ཕུད་༼༠༽གཡས་༼༠༠༠༽སུ་འཁྱིལ། །ཡན་ལག་དང་ཉིང་ལག་ཕྲ་བ་འཇམ་པ་སྐད་གསལ་ཞིང་། །རླུང་ཁར་ཏེ་ཕྱི་ནང་གི་བྱེད་སྤྱོད་དང་། བསྲུང་སྡོམ་ཐམས་ཅད་ལ་ལྕི་བས་གསང་ཐུབ་པ་ནི་ཞི་བའི་ཡུམ་དུ་ཤེས་པར་བྱ། །འོ། །རྒྱས་པའི་ཡུམ་ནི་ལྕུག་ཕྲན་གྱི་ཚལ་དང་ཆོས་མཐུན་པའི་བ་གླང་ཅན་སྤུན་ཟླ་དང་ཡན་ལག་༡སྟེ་བུ་ཚ། ༡༡མང་བ་དང་། །ལུས་སམ་མཁའི་དབྱིངས་འཕྲ་ཞིང་བཤན་ལ་གཟངས་སུ་རིང་། །བཞིན་དང་ལུས་ཀྱི་ཁ་དོག་སེར་ཞིང་དབྱིབས་གྲུ་བཞིར་གནས། །པ། རྣ་བ་འཕྱང་བ་ཤ་༼༠༽ དང་ནུ་༼༠༽མ་རྒྱས། །པ། འཕེལ་བའི་རྒྱས་པ་དུས་སུ་ཡུམ་འདི་དག་གཟུངས། །དབང་གི་ཡུམ། ཤིང་སྡོང་གཅིག་དང་ཆོས་མཐུན་པའི་པདྨ་ཅན་ནི་བཞིན་གྱི་མདོག་པད་མ་འདྲ་བ་དབྱིབས་སོག་ཀ་འདྲ་བ་ལ། །སྨིན་མའི་དཀྱུས་རིང་ལ་ལུས་ཀྱི་སྟོད་སྨད་ཕྱེད། །ལུས་དང་རྔུལ་ཆུ་དང་མཁའི་རླུང་ལ་དྲི་ཞིམ་ཞིང་། །བདེ་བ་བསྐྱེད་པ་དང་ལྡན་ཞིང་ཡན་ལག་བུ་ཚ་མེད། །པ། ཡུམ་འདི་ནི་དབང་དུ་སྡུད་པའི་མཆོག་ཏུ་འགྱུར། །དྲག་པོའི་ཡུམ་ནི་ཤིང་མེས་རེག་པ་དང་ཆོས་མཐུན་པའི་རི་མོ་ཅན་ནི་ཁ་དོག་ནག་མོ་བཞིན་གྱི་དབྱིབས་གྲུ་གསུམ་སྐྲ་ནག་ལ་རྩུབ་པ་རྩིད་མགོ་མ། །ཁྲོ་གཉེར་དང་གལ་བག་ཆགས་པས་བྱིས་སྦའི་ལུས་དང་ལྡན་ཞིང་། །རོ་ཚད་གཏུམ་ཞིང་ངག་བརླང་པོའི་ཚིག་ཏུ་སྨྲ་ཞེས་འཛེམ་བག་མེད། །པ། གཙང་སྨེའི་རྟོག་པ་དང་བྲལ་བ་གསོད་པར་དྲག་པོའི་ཡུམ་ཡིན་པ་བཤད། །ཅེས་འབྱུང་ངོ་། །དྭངས་བས་དགའ་བས་ཆགས་པ་དང་། །ཁྲོས་པས་ཀ་ལི་རབ་ཏུ་བྱ། །ཞེས་བྱ་བ་ནི། ཕྲིན་ལས་རྣམ་བཞིའི་བསམ་པ་སྟེ། དོན་སེམས་མཚུངས་ལྡན་རྒྱུད་ལ་གནས་ཚུལ་ཡིན་ཏེ། དེའང་ཞི་བའི་དོན་སེམས་ནི་འཁོར་བའི་ཆོས་༡ཐམས་ཅད་དང་། གནས་སྐབས་ཡིད་དུ་མི་འོང་བའི་དངོས་པོ་༡རྣམས་སེམས་ལ་༡༡རང་བཞིན་གྱིས་མི་གནས་པ་སྟེ་དྭངས་པ་དང་གདུང་སེམས་ནི་གདུག་པ་ཞི་བར་འདོད་པའི་ལས་ཀྱི་སྦྱོར་བས་དེའི་གྲོགས་བྱེད་པའི་བསམ་པ་སྟེ་ལས་ཀྱི་ཀུན་སློང་གི་བསམ་པ་དྭངས་བར་འགྱུར་བ་ཁོ་ནའོ། །རྒྱས་པའི་དོན་སེམས་ནི་ཆེ་བའི་ཡོན་ཏན་དོན་གྱི་དངོས་པོ་རྣམས་རང་བཞིན་གྱིས་གནས་པའི་དགའ་བ་ཆེན་པོ་དང་། མངོན་དུ་འཕེལ་བའོ། །ར་བསམ་པ་དབང་གི་དོན་སེམས་ནི་བསྒྲུབ་བྱ་སེམས་གང་ཡིན་པ་རང་གི་སེམས་ཉིད་ལས་མི་གཞན་པར་ཆགས་པ་དང་ལྡན་པ་དང་། གདུང་སེམས་ནི་མངོན་དུ་ཞེན་པའོ། །འི་སྒོ་ནས་བསྒྲུབ་བྱ་དབང་དུ་འདུ་བར་བསམ་པ། དྲག་པོའི་དོན་སེམས་ནི ། དངོས་པོའི་རང་བཞིན་མེད་དུ་འཇིག་པའམ་ཡང་ན། སེམས་རབ་ཏུ་འཁྲུག་ཅིང་། ཁྲོས་པའི་ཀ་ལི་གདུང་སེམས་ནི། འཇིགས་ཤིང་བརླག་པར་མོས་པའི་སེམས་ཀྱིས་ལས་ལ་རབ་ཏུ་སྦྱོར་བའོ། །ར་བྱ་དེ་བཞིན་གཤེགས་པ་ཉིད་ཀྱི་སྦྱོར་བར་གྱུར་ཏོ། །ཞེས་བྱ་བ་ནི་ཆེ་བའི་ཚད་དུའང་འགྱུར་ལ། གདུལ་བྱ་དུས་ཕྱི་མ་གཉིས་ཀྱི་མ་འོངས་པ་དང་འབྱུང་བར་མ་ངེས་པའི་དེ་བཞིན་གཤེགས་པ་ཉིད་དེ་སེམས་ཅན་རྣམས་ལ་གཉེན་པོ་སྔ་མ་འདས་པ་དང་། ད་ལྟ་བ་གཉིས་ཀྱི་དེ་བཞིན་གཤེགས་པའི་མཛད་པ་ཕྲིན་ལས་ཀྱི་རྒྱུད་དག་པར་སྦྱོར་བར་འགྱུར་རོ། །ཞེས་བྱ་བ་ཁོ་ནའོ། །ལེའུ་ཉི་ཤུ་པ་ཁོང་བཀྲོལ་བའོ།། །།དེ་ནས་མཐར་ཕྱིན་ཁྲོ་བོའི་དཀྱིལ་འཁོར་དང་ལྷག་པའི་ཏིང་ངེ་འཛིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྤྱིར་བསྟོད་པ་བསྟན་པའི་ཕྱིར། ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་རྔམས་པའི་གདངས་ཀྱིས་གླུ་འདི་བླངས་སོ། །ཞེས་གསུངས་ཏེ། རབ་ཏུ་མང་བའི་ཚོགས་ཁྲོ་བོ་རང་བཞིན་གྱིས་དཀྱིལ་འཁོར་དེ་དག་རྣམས་ཀྱིས་ཞལ་ཁྲོ་ཚུལ་ལྡན་པའི་ཤིན་ཏུ་ཐུགས་རྗེ་ཆེ་བས་འཛུམ་པ་དང་བཅས་པ་ནི། རྔམ་པའི་མདངས་ཀྱིས་ཞེས་བྱའོ། །གླུ་ང་རོ་དང་བཅས་པས་བསྟོད་པའོ། །འི་འདི་དག་བླངས་སོ་ཞེས་པ་དང་པོ་སྐུ་ལ་བསྟོད་པ་བསྟན་པའི་ཕྱིར། ཧཱུྃ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ལྔ་པོ་རེ་རེ་ཡང་ཡེ་ཤེས་ལྔ་ཀའི་བདག་ཉིད་དུ་མཚོན་པའི་ཧཱུྃ་ནི་གླུ་ཉིད་ཡེ་ཤེས་ཀྱི་རྒྱན་གྱིས། ནམ་རོལ་པའི་ཕྱིར་གླུའི་འགོ་དྲང་བའོ། །འབྲས་བུ་མཐར་ཕྱིན་གྱི་ཁྲོ་བོ་དེ་དག་ཀུན་ཀྱང་རྔམས་པའི་ཚེམས་མཆེ་བ་གཙིགས་པས་གཏུམ་པ་དང་། འབར་བའི་སྐུ་འཇིགས་པའི་ཆ་བྱད་གཏུམ་པ་དང་། ཕྲིན་ལས་དྲག་ཤུལ་མཛད་པའི་ཕྱག་འཇིགས་པའི་མཚོན་ཆ་སྣ་ཚོགས་བསྣམས་ནས་གཏུམ་པའི་སྟེ་གནོད་སྦྱིན་ལ་སོགས་པའི་འགྲན་ཟླ་མེད་པ་ཕྱིར་ཆེན་པོ་སྟེ། ཁྲོ་བོ་དེ་ལྟ་བུའི་སྐུ་ལས་བཟོད་པར་དཀའ་བའི་མེ་དཔུང་སྟེ་སྤྱིར་མེ་ལ་བཞི་ལས། བསྐལ་པའི་འཇིག་པའི་དུས་མཐའ་མེ་ལྟར་འཁྲུགས་ཤིང་འབར་བའི་ནང་ན་བཞུགས་པའོ། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཞེས་བྱ་བ་ནི། མུན་པ་སེལ་བའི་འོད་ཟེར་ནི་ངོ་བོ་གསལ་བ་དང་། ཐབས་ལ་མཁས་པའི་འོད་ཟེར་ནི་ཁ་དོག་སྣ་ཚོགས་པ་མང་པོ་དང་། ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་ཐམས་ཅད་དུ་ཁྱབ་པ་སྟེ། དེ་དག་དཔེར་ན་ཉི་མ་འབུམ་ཚོ་གཅིག་དུས་གཅིག་ཏུ་ཤར་བའི་འོད་ལྟར་གཞན་གྱིས་རིལ་ཐམས་ཅད་ཟིལ་གྱིས་གནོན་པའོ། །འི་གཟི་བརྗིད་ཆེ་བ་ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །ཞེས་བྱ་བ་ནི། ཐམས་ཅད་དབང་དུ་སྡུད་པའི་ཁྲོ་གཉེར་ནི་དཔྲལ་བའི་སྨིན་མཚམས་སུ་བསྡུས་པ་དང་། ཟིལ་གྱིས་གནོན་པའི་ཁྲོ་གཉེར་ནི་གྱེན་དུ་བཞི་འགྲེང་བ་དང་། ཐབས་ལ་མཁས་པའི་ཁྲོ་གཉེར་ནི་འཕྲེད་དུ་གསུམ་གསུམ་སྟེ་དྲུག །སྣ་ཚོགས་སུ་གཡོ་བ་དེ་དག་དཔེར་ན་གློག་སྟོང་དུས་གཅིག་འགྱུ་བ་ལྟར་འཁྱུག་པའོ། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོ། །ཞེས་བྱ་བ་ནི། སྐྱེ་ཤི་རྩད་ནས་གཅོད་པའི་མཆེ་བ་ནི་རྩེ་མོ་དཀར་བ་དང་། གདུག་པ་ཅན་ཟ་བྱེད་ཀྱིས་མཆེ་བ་ནི་རྩ་བ་དམར་བ་དང་། རྔམ་པའི་མཆེ་བ་ནི་རབ་ཏུ་རྣོ་བའོ། །རྣམས་ཟངས་ཡག་འབར་བ་ལྟར་གདུག་པ་ག ཅན་ཟ་བར་བྱེད་པ་འགྲན་པའི་ཟླ་མེད་པར་ཆེ་བ་གསུང་རྔམ་པར་སྒྲོགས་པའི་ང་རོ་དྲག་པོའི་དབྱངས་འཇིགས་པར་གྲགས་པའོ། །འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ཙམ་དུ་ཐུགས་ཆེམ་རི་རབ་འབུམ་སྙིལ་སྐད། ཅེས་བྱ་བ་ནི། སྤྱན་དྲངས་པའི་ཚེ་ལྷ་གཤེགས་པའི་ཐུགས་ཆེམ་ཆེ་བ་དང་། བདུད་བརྟུལ་བའི་ཚེ་ཕྲིན་ལས་མཛད་པའི་ཐུགས་ཆེམ་དྲག་པོ་དང་། གཞན་དོན་མཛད་པའི་ཚེ་སྤྲུལ་པ་འཁྲུགས་པའི་ཐུགས་ཆེམ། མངའ་བའོ་དེ་དག་ནི་དཔེར་ན་རིས་འབུམ་དུས་གཅིག་ཏུ་སྙིལ་བའི་སྐད་གྲགས་པ་ཙམ་མོ། །ཨ་ཨ་ཧ་ཧེ་གད་རྒྱང་ཆེ། ཞེས་བྱ་བ་ནི། གདུག་པ་ཅན་ལ་རྔམ་པའི་གད་མོ་ནི་ཨ་ཨ། གཏུམ་པའི་གད་མོ་ནི་ཧ་ཧ། དགྱེས་པའི་གད་མོ་ནི་ཧེ་ཧེའོ། །གསུམ་ནི་རྒྱངས་ནས་སྒྲ་རབ་ཏུ་ཆེ་བ། ཕྱུགས་པའི་འཐོར་རླུང་གཡེང་བ་ཆེ། །ཞེས་བྱ་བ་ནི། འཁོར་སྡུད་པའི་དབྱུག་པ་ནི་འཕྲ་ལ་སྙན་པ་དང་། གདུག་པ་འདུལ་བའི་ཕྱུག་པ་ནི་དྲག་པོ་དང་། བྱིན་ཕེབ་པའི་དབྱུག་པ་ནི་འཚོར་ཞིང་རིང་ལ་ཆེ་བ་སྟེ། དེ་དག་ལས་འཐོར་རླུང་ཆེན་པོ་འབྱུང་བས་ཁམས་གསུམ་གཡེང་བར་བྱེད་དོ། །པས་ཆེ་ལ་འགྲན་ཟླ་མེད་ཐུགས་ལ་བསྟོད་པའི་ཕྱིར། ཧཱུྃ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཞེས་བྱ་བ་ནི། ཤེས་རབ་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་དང་གསུམ་ནི་འདིར་ཁྲོ་བོ་ཉིད་ཤེས་རབ་ཀྱི་ངོ་བོ་སྟེ། ཅི་ཞེ་ན་ལྟས་ངན་གྱི་རིལ་མི་དམིགས་པར་ཏེ་ཕྱོགས་རེ་བའི་མཐའ་དང་བྲལ་བྱེད་པའི་ཕྱིར་དེ་ཅིས་ཀྱང་མ་བསྒྲིབ་པར་གསལ་བས་ན་འོད་པོ་ཆེ་བའོ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །ཞེས་བྱ་བ་ནི། ཤེས་བྱེད་ཐུགས་ཡེ་ཤེས་ལྔའི་དཀྱིལ་འཁོར་ཤེས་བྱ་མ་ལུས་པར་ཀུན་དུས་གཅིག་ཏུ་ཡུལ་མེད་པ་རང་ལ་མཁྱེན་པའི་ཕྱིར་རོ། །དེ་ལ་འབར་བ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་ཐམས་ཅད་ཀྱང་ཉིད་ལས་མི་གཞན་པར་སྦྱོར་བའི་ཕྱིར། ལྟ་ངན་ཐམས་ཅད་ཀུན་དུ་འཇོམས་པས་ན། འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །ཞེས་གསུངས་སོ། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། །ཞེས་བྱ་བ་ནི། སྣ་ཚོགས་ཡེ་ཤེས་ཆེན་པོ་བཅོ་བརྒྱད་ནི་ཀུན་འདུས་ལེའུ་དང་པོ་ནས། སྟོང་པའི་ཡེ་ཤེས། རྒྱུ་ཡི་ཡེ་ཤེས། ཐམས་ཅད་འབྱུང་བའི་ཡེ་ཤེས། ཡེ་ཤེས་ཀྱི་ཡེ་ཤེས། ཕྱག་རྒྱ་འབྱུང་བའི་ཡེ་ཤེས། སྤྲུལ་པའི་ཡེ་ཤེས། ཅིར་ཡང་མཛད་པའི་ཡེ་ཤེས། མེ་ལོང་ལྟ་བུ་ཡེ་ཤེས། ནམ་མཁའ་ལྟ་བུའི་ཡེ་ཤེས། སྒྱུ་མ་ལྟ་བུའི་ཡེ་ཤེས། རིན་ཅེན་ལྟ་བུའི་ཡེ་ཤེས། ཉི་མ་ལྟ་བུའི་ཡེ་ཤེས། གསལ་སྟོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། ནན་ཏན་ཡེ་ཤེས། ཆོས་དབྱིངས་ཡེ་ཤེས ། སོར་རྟོགས་ཡེ་ཤེས། མི་རྟོགས་པའི་ཡེ་ཤེས་སོ། །ཡང་ན་ནང་པའི་ཡེ་ཤེས་ལྔ། རང་བྱུང་དང་དྲུག། དེ་བཞིན་ཉིད་དང་བདུན། མི་གནས་པ་དང་བརྒྱད། ཐམས་ཅད་མཁྱེན་པ་དང་དགུ། ཀྲི་ཡོག་གི་ཡེ་ཤེས། མདོ་སྡེའི་ཡེ་ཤེས་བཞི་དང་བཅོ་བརྒྱད། ལ་སོགས་པ་རྩིས་ལ་འདས་པ་རྣམས་ཐ་དད་དུ་གསལ་བ་ཀུན་གྱི་མི་གནས་པའི་ཡེ་ཤེས་ཆེན་པོར་གཅིག་པར་བསྟོད་པའོ། །ཤེས་པས་ན་ཐིག་ལེ་ཆེ་ཞེས་ཧཱུྃ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོ་བོའི་དཀྱིལ་འཁོར་ཆར་ཆེན་འབེབས། །ཞེས་བྱ་བ་ནི་ཡོན་ཏན་ལ་བསྟོད་པ་སྟེ། ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་འདི་དག་གི་ཡོན་ཏན་གྱི་ཚོགས་རབ་ཏུ་མང་པོ། སྤྲིན་ཆེན་པོ་ལྟ་བུར་འཁྲིགས་པ་ལས། ཁྲོ་བོའི་དཀྱིལ་འཁོར་སོ་སོའི་སྤྲུལ་པ་དང་བཅས་པ་བསམ་ཡས་པ་གདུལ་བྱ་ཐ་དད་ལ་དགོས་འདོད་ཀྱི་ཆར་ཆེན་པོ་འབེབས་ནས། སྣང་བར་མཛད་པའོ། །དེ་དག་མི་ཟད་པའི་ཕྱིར། ཁྲོ་བོའི་དཀྱིལ་འཁོར་དེ་དག་ཀྱང་ཡིད་བཞིན་གྱི་ནོར་བུ་ལས་དགོས་འདོད་འབྱུང་བའི་ཚུལ་དུ་མི་ཟད་པའི་གཏེར་གྱི་གདུལ་བྱ་སོ་སོའི་རེ་བ་བསྐོངས་པར་བྱེད་དོ། །ཞེས་བྱ་བ་ནི། སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ། ཞེས་བྱ་བ་ནི། ཡོན་ཏན་སྣ་ཚོགས་དང་བཅས་པའི་ཁྲོས་པའི་ཚུལ་སྟོན་པ་ཁྲོ་བོ་རྣམས་ཡེ་ཤེས་ཆེན་པོའི་ཁྲོ་བོར་རོ། །གཅིག་པའོ། །པ་ནི་ཐིག་ལེ་ཞེས་བྱ། ཕྲིན་ལས་ལ་བསྟོད་པའི་ཕྱིར། ཧཱུྃ་བདུད་ཀུན་གྱི་ནི་བདག་ཆེན་པོ། །བདུད་ཀྱི་བདུད་སྟེ་བདུན་རྣམས་འཇོམས་ཞེས་བྱ་བ་ནི། ཕུང་པོ་ལ་སོགས་པ་བདུད་བཞི་པོ་མ་ལུས་པ་སྤངས་པ་མེད་པར་དབང་དུ་བྱེད་པ་ནི་བདག་ཉིད་ཆེན་པོ་བཛྲ་ཧེ་རུ་ཀ་སྟེ། དེའི་ཕྱིར། བདུད་རུ་ཏྲ་སྡེ་དང་བཅས་པ་རྣམས་ཀྱི་ཡང་བདུད་ལྟར་དུ་སྣང་བ་ཡིན་ཏེ་ཕོ་རྣམས་ཀྱི་ཕུང་པོ་བསྒྲལ་ཞིང་གནས་སྤར་ནས། ཕྱི་རོལ་གཞན་སྣང་དུ་ཕམ་པར་སྣང་བ་ནི་བདུད་རྣམས་བཅོམ་པ་སྟེ་འཇོམས་པ་ཞེས་བྱའོ། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཞེས་བྱ་བ་ནི། དེའི་ཕྱིར་འཇིགས་པའི་ཚོགས་རུ་ཏྲ་སྡེ་དང་བཅས་པ་ཐམས་ཅད་ཀྱང་། བསྡིགས་ནས་འཇིགས་པར་བྱེད་པའི་ཚུལ་དུ་སྣང་བའི་འཇིགས་བྱེད་ཁྲོ་བོ་ཆེན་པོའི་མཛད་པ་རིལ་ཐམས་ཅད་ཡེ་ཤེས་ཀྱི་མཛད་པ་ཉིད་ལས་མ་གཡོས་པར་རང་སྣང་བའི་ས་ན་ཐིག་ལེ་ཆེ་ཞེས་པ་ཕྱིར་རོ། །དོན་རྣམས་པར་མི་རྟོག་པའི་ཡེ་ཤེས་དེ་མཚན་མའི་རྣམ་པར་རྟོག་པས་མི་ཤིགས་པའི་རྟགས་སུ་ཁྲོ་བོ་རྣམས་ཀྱི་སྐུ་ནི་དཔེར་ན་རྡོ་རྗེ་བྲག་ཆེན་སྲ་བ་པོ། བཞིན་ནོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། ནི་དཔེ་ཡིན་ལ། དོན་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྟུད་ཅིང་། མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེ་ཆགས་པའི་རྟགས་སུ་ཁྲག་གི་རྒྱ་མཚོ་ཞལ་དུ་རྔུབ་ཅིང་གསོལ་བའོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། ནི་དཔེ་ཡིན་ལ། དོན་ཡེ་ཤེས་ཀྱི་མེ་དེས་མཚན་མའི་བག་ཆགས་ཐམས་ཅད་མི་གནས་པའི་བསྲེགས་པའི་རྟགས་སུ་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ། ནི་དཔེ་ཡིན་ལ། དོན་ཡེ་ཤེས་ཀྱི་རླུང་གིས་རྣམ་པར་རྟོག་པའི་རླུང་སྐྱེད་བྱེད་ཀྱི་དབྱིངས་སུ་འཐོར་བར་བྱེད་པའི་རྟགས་སུ་ཞལ་དང་ཤངས་ནས་ཤུགས་རླུང་དྲག་པོ་འབྱིན་པའོ། །ཞེས་བྱ་བ་ནི། དེ་དག་གི་མཇུག་བསྡུས་ནས་བསྟོད་པ་སྟེ། ཁྲོ་བོ་རྣམས་ཀྱི་ནི་ངོ་བོའམ་རང་བཞིན་མི་༼ས ༽ཕྱེད་༼ཆུ༽པ་༼མེ༽དང་། ཕྲིན་ལས་ཀྱི་གཞན་བདུད་བཞི་༼རླུང༽འཇམས་པའི་ཕྱིར་རྡོ་རྗེ་བཞི་ཁོ་ན་སྟེ། གཉིས་པོ་དེ་དག་གི་ཕྱིར། ཡང་ན་ཁྲོ་བོ་དེ་དག་གི་གཉིས་མེད་ཀྱི་ཡེ་ཤེས་སུ་འདེགས་པས་ས་གཉིས་མེད་དུ་སྡུད་པ། རྟོག་པའི་བག་ཆགས་བསྲེགས་པས་མེ་ཏོག་པ་འཐོར་བས་རླུང་དང་། དཔེ་བཞི་ལྟ་བུར་སྣང་བའོ། །དེ་ལས་གཞན་ཡང་རྣམ་གཅིག་ཏུ་དུར་ཁྲོད་ཀྱི་འབྱུང་བ་བཞི་པོ་ལ་སྦྱར་ཏེ། དེ་ཡང་ཀེང་རུས་ཀྱིས་རི་རབ་རཀྟའི་རྒྱ་མཚོ། བསྐལ་པའི་མེ་དང་རླུང་དང་དེ་ཡང་སེམས་ཡེ་ཤེས་རྡོ་རྗེའི་ངོ་བོར་བསྟོད་པ་ཡང་། ཞོར་ལ་བཤད་པའོ། །ལེའུ་ཉི་ཤུ་རྩ་གཅིག་པ་མདོར་བཤད་པའོ།། །།དེ་ནས་བརྗོད་བྱ་རྗོད་བྱེད་ཀྱི་རྒྱུད་གཉིས་སྡུད་པ་པོ་ལ་ཡོངས་སུ་གཏད་ཅིང་། རྣལ་འབྱོར་པ་ལ་མི་ནུབ་པར་བཟུང་བར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་དགྱེས་པོ་ཆེན་པོས་དེ་པ་ཉིད་ལ་སྔར་གྱི་རྒྱལ་པོར་བརྟན་པར་བཟུང་བ་འདི་ཆེད་དུ་བརྗོད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ན་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་གང་ལ་ན་འཁོར་ཐམས་ཅད་དེའང་གོ་ཕྱེ་བའི་འཁོར་ནི་རང་བཞིན་ལ་དགོངས་ནས། ཉིད་ལས་མི་གཞན་པ་ཉིད་དང་། ལྷན་ཅིག་པའི་འཁོར་ལ་ཡོངས་སུ་རྫོགས་པར་དགོངས་པ་ཐུགས་སུ་ཆུད་པའི་ཕྱིར། འཁོར་གཉིས་པོ་གང་ལ་ཡང་དེ་པ་ཉིད་ལ་ཟེར་བ་འགལ་བ་མེད་པ་ཁོ་ནའོ། །གསང་སྔགས་ཀྱི་རྒྱུད་རང་བཞིན་དང་ལམ་གྱི་རྒྱུད། གཉིས་ནི་ཐེག་པའི་ངོ་བོ་དང་ཡོན་ཏན་ལེའུ་བཅུ་གསུམ་པ་དང་བཅུ་གཉིས་བར་བཤད་པ་རྣམས་ཀྱི་དོན་གྱིས་ན་རྒྱལ་པོ་ཁོ་ན་སྟེ། དགོས་ཆེད་ཅིའི་ཕྱིར་ན་རྒྱུད་དེ་དག་རང་བཞིན་གྱི་རྒྱུད་གཞན་དུ་མི་འགྱུར་བར་བརྟེན་པར་བྱ་བ་དང་། ལམ་གྱི་ལྷ་གཟུང་བས་མི་ནུས་པ་ནི་བརྟན་པ་ཞེས་བྱ་བ་ཁོ་ནའོ། །ཡོངས་སུ་གཏད་པ་ལ་གདམས་པ་དང་གཏད་པ་གཉིས་ལས། དང་པོ་རང་བཞིན་གྱི་རྒྱུད་མི་འགྱུར་བར་གདམས་པ་བསྟན་པའི་ཕྱིར། ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་གསུངས་ཏེ། འཁོར་ཐམས་ཅད་ནི་སྟོན་པ་ཉིད་ལས་རང་བཞིན་དབང་དུ་མི་གཞན་པའི་ཕྱིར། ཀྱེ་ཀྱེ་ཞེས་གུས་པས་བོས་པ་སྟེ། གང་ལ་བོས་ན་སྡུད་པ་པོ་ལྷན་ཅིག་པའམ། ད་༡ལྟར་གྱི་དང་། གོ་ཕྱེ་བ་གང་ཟག་ཆོས་ཀྱི་མིང་ཅན་ནམ་མ་འོངས་༡པའི་དེ་བཞིན་གཤེགས་༡༡པ་གཉིས་སོ། །རྣམས་ལའོ། །ཕྱོགས་བཅུ་དང་དུས་བཞིའི་ཐ་སྙད་གཉིས་ཀྱི་བསྡུས་པའི་འཁོར་འདས་རིལ་གྱི་ཆོས་ཀྱི་རང་བཞིན་གྱི་ཆོས་ཉིད་ནི། ༼༠༽བུདྡྷ་བཞི་བཅུ་རྩ་གཉིས་སྐུ་གསུང་ཐུགས་གསུམ་དང་། རྩ་ལྔའི་སྐུ་དང་ཡེ་ཤེས་སུ་ཡེ་གདོད་མ་ནས་གནས་པའི་འི་ནི་དེ་དགོངས་པ་རང་བཞིན་གསང་བའི་སྙིང་པོའི་ངོ་བོ་ཉིད། ཡིན་པ་དེ་ཉིད་ཀྱི། དོན་ནི་ངེས་པའི་ལུང་ཁོ་ནའོ། །དེ་ནི་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་གནས་པ་སྟེ། དུས་གསུམ་དུ་མི་འགྱུར་བར་གདམས་པའོ། །འོ་ན་ལམ་ལ་དགོས་པ་མེད་པ་འགྱུར་རོ་སྙམ་ན་ད་ནི་ལམ་གྱི་རྒྱུད་ཡོངས་སུ་གཏད་པ་བསྟན་ཏེ། ལམ་གྱི་རྒྱུད་དེ་དག་གི་བཤད་པའི་དགོངས་པ་བསྟན་པའི་ཕྱིར། གཟུང་འཛིན་སྤྲོས་ལ་འཆེལ་པ་ཡི། རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་བྱ་བ་ནི་༼༠༽ཡིན་དེ་ལྟར་ཡིན་མོད་ཀྱི། དེ་ལྟར་མ་རྟོགས་ཏེ་མ་རིག་པའི་བདག་ཏུ་འཛིན་པ་ལས་བྱུང་བའི་གཟུང་འཛིན་གྱི་ཀུན་བརྟགས་གཉིས་ཀྱིས་སྤྲོས་པ་ལ་འཁོར་བ་ཐོག་མ་མེད་པའི་དུས་ནས་མངོན་པར་འཆལ་གོམས་པའམ་མཐུས་རྣམ་པར་རྟོག་པའི་ཞགས་པས་འགྲོ་དྲུག་གི་གནས་སོ་སོར་འཛིན་པས་བཅིངས་པའི་འགྲོ་བ་དག་གི་བདག་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ངོ་མི་ཤེས་པ་དག །གཟུང་འཛིན་ཀུན་བརྟགས་ཀྱིས་ཞེན་པ་བཀྲོལ་བ་ཉིད་ཀྱིས་རྒྱལ་བ་དང་དུས་མཉམ་དུ་ཐར་བར་གྱུར་པའི་ཕྱིར། ལམ་རྐྱེན་གྱི་རྒྱུད་རྣམས་གསུངས་པའོ། །འོ་ན་ཉེ་ལམ་ཁྱད་པར་ལམ་གསང་བའི་སྙིང་པོ་གཅིག་བུས་ཆོག་པས་ཐུན་མོང་གི་ལམ་དུ་མ་ངེས་འབྱུང་གི་ཐེག་པ་བཞི་གསུངས་པ་དགོས་པ་མེད་དོ་བར་ཞེས་དོགས་པ་ལ་ཐེག་པ་འོག་མའི་ས་དང་ལམ་རྣམས་ཀྱི་མཐོ་དམན་གྱི་ཁྱད་པར་བཀོད་པ་དེ་ཡང་། མཐར་ཐུག་གསང་བའི་སྙིང་པོར་དེ་འགྲོ་བའི་ལམ། སྟེག་གི་དགོས་ཆེད་ཡིན་ནོ། །དེས་ན་མཐར་ཕྱིན་པའི་ཡེ་ཤེས་ངོ་མཚར་ཅན་རབ་འབྱམས་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་འགྲོ་བའི་དོན་དུ་མི་འགྱུར་བའི་ལམ་ནི་ཡོངས་མ་གསུངས། པ་དོན་ཡོད་དོ། །ཞེས་གསུངས་ཏེ། རང་བཞིན་གསང་བའི་སྙིང་པོ་ནི་ཤིན་ཏུ་རྟོགས་དཀའ་ཤིང་། ཟབ་པས་གང་ཟག་ཕལ་གྱི་བློའི་སྤྱོད་ཡུལ་མ་ཡིན་པ་དེ་ཡང་ཐུན་མོང་གི་ལམ་ལ་བློ་རིམ་པར་སྦྱངས་པ་རྣམས་ཀྱིས་དོན་རྟོགས་ཤིང་མྱོང་དུ་རུང་བའི་ཕྱིར་དེས་ན་ཐུན་མོང་གི་ས་དང་། ལམ་མཐའ་ཡས་པ་ཡང་གསང་བའི་སྙིང་པོའི་རྒྱུད། འདི་ཉིད་ཀྱི་བྱིན་བརླབས་ཀྱི་ཁྱད་པར་ལས་བཀོད་ཅིང་སྣང་བར་བྱས་པ་ཁོ་ནའོ། །ཞེས་བྱ་བའོ། །ཡོངས་སུ་གཏད་པ་དངོས་ལ་རྣམ་པ་གཉིས་ལས། སྡུད་པ་པོ་ལ་དང་པོ་རྒྱུད་ཀྱི་མཚན་ཉིད་བརྗོད་ནས་ཡོངས་སུ་གཏད་པ་བསྟན་པའི་ཕྱིར་དེ་པ་ཐམས་ཅད་ལ། གསང་བ་འདི་ལས་གཞན་མི་མངའ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ངོ་བོ་ཉིད་དང་། དགོངས་པ་ཕྱིན་ཅི་མ་ལོག་པར་མངོན་དུ་བསྟན་པ་ལ་རང་བཞིན་གྱི་རྒྱུད་གསང་བའི་སྙིང་པོ་འདི་ཡིན་ཕྱིར་ལས་མ་རྟོགས་པ་དེ་ནས་གཞན་མི་མངའ་པའི་སྒྲོ་བསྐུར་པ་ཞི་བའི། གསང་༼༠༠༽ བའི་སྙིང་པོ་དེ་ཁོ་ན། ཉིད་དེ་ངེས་པའི་དབྱིངས་ནས་ཕྱུངས། །ཞེས་བྱ་བ་ནི། དེ་ལྟ་བུའི་རང་བཞིན་གསང་བའི་སྙིང་པོའི་ངོ་བོ་ཉིད་འདི་འདྲ་བར་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་གཉིས་ཀ་མེད་པར་ཞི་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་དེ་ངེས་པའི་དོན་ཞེས་བྱ་བ་ནི། ལམ་གྱི་རྐྱེན་ཡི་གེའི་རྒྱུད་འདི་ཁོ་ན་སྟེ། ཤེས་བྱའི་རང་བཞིན་གྱི་རྒྱུད་ཀྱི་མིང་གསང་བའི་སྙིང་པོ་ནི་ཤེས་བྱེད་ལམ་གྱི་རྒྱུད་ལས་བཏགས་པའི་ཕྱིར་རོ། །དེས་ནས་རང་བཞིན་གྱི་རྒྱུད་གསང་སྙིང་ནི་གཅིག་ཤོས་ལམ་གྱི་རྒྱུད་རིལ་གྱི་འབྱུང་ཁུངས་སུ་གྱུར་པའི་དབྱིངས་དེ་ལས་ལམ་རྐྱེན་ཡི་གེའི་རྒྱུད་འདི་ཉིད་མངོན་དུ་སྣང་བ་ནི་ཕྱུངས་ཞེས་བྱ་བ་སྟེ། ངེས་པའི་ལུང་ལས་བྱུང་བའི་ཕྱིར་རོ། །མངོན་དུ་ཕྱུང་བའི་ལུང་ངོ་། །དེ་ལྟ་བུའི་ཕྱིར། ལུང་འདི་བཀའ་སྡུད་པ་པོ་ཕྱག་རྡོར་ལ་ཁྱོད་ཀྱི་ལུང་འདི་ཟུངས་ཤིག་པར་གཏད། ནས་བསྐུར་པའོ། །སྒྲུབ་པ་པོ་ལ་མི་ནུབ་པར་གཟུང་བར་གཏད་པ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་འདི་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་འདིའི་རིགས་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་དྲུག་པ་ཀུན་ཏུ་བཟང་པོ་གསུང་དུ་ཕྱུང་ནི། གསུང་གི་ཆོས་ཀྱི་ཕྱག་རྒྱའོ། །གསང་ཆེན་སྙིང་པོ་འདི་ལམ་གྱི་རྒྱུད་འདི་རང་བཞིན་གྱི་རྒྱུད་ཀྱི་དོན་༡མཚན་པ་དང་། འདིས་རྒྱལ་བའི་དགོངས་པ་ངོ་བོ་ཉིད་དང་། གཅིག་པར་འདི་ལས་༡༡མི་འདའ་བའི་ཕྱིར་རོ། །ཕྱག་རྒྱ་རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་བྱ་བ་ནི། བཅུ་གསུམ་པ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་མངོན་དུ་གྱུར་པ་ཡིན། །ཞེས་བཤད་༼༠༠༽ པ་ཉིད་ཀྱི་ཕྱིར། རྒྱུད་འདི་རང་གི་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཉམས་སུ་ལོན་ནས། མི་ནུབ་པར་བྱ་བའི་ཕྱིར་སྣོད་དང་ལྡན་པའི་གདུལ་བྱ་རྣམས་ལ་བློ་དང་འཚམས་པར་སྨྲ་ཞིང་། སྒྲོགས་པ་ར་གང་བྱེད་པ་དེ་ཉིད་ནི་སྟོན་པ་ཀུན་བཟང་ང་ཉིད་དང་ཁྱད་པར་མེད་པ་ཡིན་པའི་ཕྱིར། ཕན་ནུས་ཟབ་གསུམ་གྱི་དབང་ལྔ་ཡང་ཡོངས་སུ་རྫོགས་པས་དབང་གི་ནུས་པ་ཆེན་པོ་དང་ལྡན་པ་ཞེས་བྱའོ། །དེ་ནི་ངེས་པར་ལུང་བསྟན་ཏེ། སྲས་ནི་ཐུགས་ལ་སྐྱེས་པ་ཡིན། །ཞེས་གསུངས་ཏེ། དེ་ལྟ་བུའི་གང་ཟག་ནི་ས་ལ་གནས་པའི་བྱང་སེམས་དུ་ངེས་པར་ལུང་བསྟན་ཏེ། རྒྱལ་བའི་སྲས་ཞེས་བྱའོ། །དེ་ནི་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དགོངས་པ་རང་རིག་པ་ལས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་རོ། །སྐྱེས་པ་ཡིན་ཞེས་པ་རྒྱུ་འབྲས་ཀྱི་ས་ལ་བྱས་པའི་བྱང་སེམས་དུ་ལུང་བསྟན་པ་གང་ཡིན་སྙམ་པ་ལ་རྒྱུའི་ཐེག་པའི་ས་ལས་མཆོག་ཏུ་གྱུར་པའི་རབ་རིག་པ་འཛིན་པའི་ས་ལ་གནས། །པ་ཡིན། ཞེས་གསུངས་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། རང་རིག་པའི་ཡེ་ཤེས་ནི་རྒྱུད་ཀྱི་དོན་ཡིན་པའི་ཕྱིར། །ཡུལ་མེད་པར་རང་སྣང་བའི་རིག་པ་ཡིས་མངོན་དུ་བྱས་པས། །རིག་འཛིན་གསུམ་གྱི་མཆོག་དེ་ལྷུན་གྱིས་འགྲུབ་པའོ། །མ་བསྒོམ་པ་ཏིང་ངེ་འཛིན་གྱི་ནུས་པའི་མཐུ་སྟོབས་མེད་ཀྱང་། །ས་རིམ་བར་སྦྱངས་པའི་བྱང་ཆུབ་སེམས་དཔའ་བསྐྱེད་སྟེ་འདྲེན་དུ་མེད། །བདེ་བར་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །བས་ན། རིག་པའི་སྐྱེས་བུ་ཞེས་བྱ་བའི་ལུང་ཐོབ་པའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས། ཞེས་བྱ་བ་ནི། དུས་གསུམ་གྱི་རྒྱལ་བ་དེ་པའི་རིལ་ཐམས་ཅད་ཡང་དགོངས་པ་བདེ་བ་ཆེན་པོར་རོ་གཅིག་པར་དགོངས་པ་དབྱེར་མེད་པར་སྣང་བ་ནི། བསམ་གྱིས་མི་ཁྱབ་པའི་དགྱེས་ནས་ཞེས་པ་ཞེས་བྱའོ། །དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས། །སྐུ་གསུང་ཐུགས་ཀྱི་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །ཞེས་བྱ་བ་ནི། ཕྱོགས་བཅུ་དང་དུས་བཞི་བསྡུས་པའི་ཆོས་རིལ་ཐམས་ཅད་རང་རིག་པ་ཉིད་ཁོ་ན་ལས་གཞན་མེད་ཅིང་། རང་རིག་པར་མཉམ་པའི་དབྱིངས་དེ་ཉིད་ཀྱི་ངོ་བོ་གསུང་རང་རྒྱུད་དུ་མ་གྲུབ་ཀ༽པར་ཆོས་ཐམས་ཅད་དུ་མ་འགག་པར་རང་སྣང་བ་ནི། སྐུ། ༼༠༽ སྣང་སྟོང་གཉིས་སུ་མི་ཕྱེད་པས་ཐུགས་དེ་ཉིད་ལོགས་སུ་མ་རྩལ་བའི་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པ་ཁོ་ནའོ། །དེ་དག་གི་ངོ་བོ་ཉིད་ནི་ཚིག་ཏུའམ་ཕྱོགས་གཅིག་ཏུ་འདི་འདྲར་བརྗོད་པ་ལས་འདས་པས་དོན་དེ་ཉིད་གྲངས་མཐའ་ཡས་པའི་སྐུ་དང་ཡེ་༼༠༠༽ཤེས་ཀྱི་ཕྱག་རྒྱ་སྟུག་པོ་བཀོད་བར་གསལ་བ་སྟེ། དེ་ལས་གཞན་པའི་སེལ་མེད་པར་སྐུ་ཡེ་ཤེས་ཤ་སྟག་གིས་ཡོངས་སུ་གང་བ་ནི། དཔེར་ན་ཏིལ་གྱི་གང་བུ་ལྟར་ཆོས་ཀྱི་དབྱིངས་ཀྱིས་མཐའ་ཡས་པར་སྐུ་དང་ཡེ་ཤེས་ཀྱིས་བདལ་པ་སྟེ། དེ་དག་ཀྱང་ཤིན་ཏུ་སྟུག་པོ་བཀོད་པའི་རྒྱན་གྱིས་མཛེས་པའི་ཕྱིར་དང་། དོན་གྱི་ངོ་བོ་ཉིད་ཚིག་ཏུ་བརྗོད་པར་དཀའ་བས་ན་བལྟས་པས་མི་ངོམ་པ་དང་ཆོས་ཐམས་ཅད་ཅིར་ཡང་༡སྣང་བའི་༡༡ ཕྱིར། རང་རིག་པའི་རྒྱན་ཉིད་དུ་ཁོ་ན་སྟེ། ཕན་ཚུན་རྒྱན་དང་རྒྱན་ཅན་ཐ་དད་མེད་པར་རིང་ཐུང་སྤངས་པ་ཁོ་ནའོ། །རྒྱལ་པ་ཐམས་ཅད་དགོངས་པ་དེ་ལྟ་བུའི་ངོ་བོར་གནས་པའི་ཡུལ་མེད་པའི་ཚུལ་དུ་རང་གསལ་བར་གནས་པ་ནི་བཞུགས་པ་སྟེ། རྒྱལ་བ་འདི་དག་གི་རང་གི་ངོ་བོ་ཉིད་དང་ཐུགས་ཀྱི་དགོངས་པ་དེ་ལས་ནི་བཞེངས་པའི་རྗེས་ཐོབ་དང་བཞུགས་པའི་མཉམ་བཞག་གཉིས་དུས་ནམ་དུ་ཡང་མི་དམིགས་པས་ན་སྤྱིར་རྟགས་ལ་ངོ་བོ་ཉིད་ཀྱི་དང་། ཐེར་ཐུག་པའི་དང་། རྒྱུན་གྱིས་རྟག་པ་དང་། རྣམ་པ་གསུམ་ལས་འདིར་ངོ་བོ་ཉིད་ཀྱིས་རྟག་པའོ། །དེའང་གསང་འདུས་ལས། ངོ་བོ་ཉིད་རྟག་རྡོ་རྗེ་སྐུ། ཐེར་ཟུག་རྒྱུན་ལ་རང་གྲོལ་བ། ཞེས་བཀའ་ལུང་དུ་མ་ལས་བཞུགས་སོ། །འཕགས་པ་བཞི་རྟོགས་པ་ལྔའི་རྒྱལ་པོ་ཞེས་བྱ་བ་ནི། ཤེས་བྱ་ལྟ་བ་དབྱེར་མེད་དེ་བདེན་པ་ཐ་དད་དུ་འདོད་པ་ལས་འཕགས་པ་དང་། ཐབས་སྤྱོད་པ་ཉོན་མོངས་པ་ལ་སྤྱོད་ཀྱང་མི་འཆིང་བར་གྲོལ་བས་སྤང་སྦྱང་འདོད་པ་ལས་འཕགས་པ་དང་། དུས་ཚེ་གཅིག་ལ་འབྲས་བུ་ཐོབ་པས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་ལས་འཕགས་པ་དང་། འབྲས་བུ་མཐར་ཐུག་གི་འབྲས་བུ་སྐུ་ལྔ་ལྷུན་གྲུབ་ཐོབ་པས་ཀུན་ཏུ་འོད་ལས་འཕགས་པ་ལ་སོགས་པའི་འཁོར་དུ་ལྟ་སྤྱོད་ཏིང་ངེ་འཛིན་དམ་ཚིག་ལ་སོགས་ཕྱི་རྒྱུད་མན་ཆད་ཀྱི་ལུགས་གཞན་ལས། ཁྱད་པར་དུ་འཕགས་པའོ། །ངོ་བོ་ཉིད་ཀྱིས་ཏོགས་པ་ནི་ཆོས་ཉིད་དུ་ཞེན་པ་དང་། སོ་སོའི་སྐྱེ་བོ་འཁྲུལ་པའི་རྟོགས་པ་དང་། མུ་སྟེག་རྟག་ཆད་ལོག་པའི་རྟོག་པ་དང་། སེམས་དང་སེམས་བྱུང་ཡུལ་གྱི་སྣང་བའི་རྣམ་པར་རྟོག་པ་དང་། ཡང་དག་པའི་རྟོགས་པ་ལ་སོགས་པ་ལས། ལམ་གསང་བའི་སྙིང་པོའི་སྒྲ། སྤྱིར་སྣང་བ་རྟོག་པ་ཆོས་སྤྱིར་དང་རང་གི་མཚན་ཉིད་མངོན་པར་འབྱེད་པའི་རྟོགས་པ་འདི་དག་ནི། མཚོན་བྱ་ཡང་དག་པའི་དོན་ལ་བློས་ངེས་པར་ངེས་པར་མ་ནོར་འབྱེད་པའི་ཕྱིར། ན་ཡང་དག་པའི་རྟོག་པའོ། །དེའི་ཕྱིར་རྟོགས་པ་གཞན་ལས་ཁྱད་པར་དུ་གྱུར་པ་རྒྱལ་པོ་ཞེས་བྱའོ། །གཞན་ནི་གོ་སླའོ། །འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག་ཅེས་བྱ་བ་ནི། བུདྡྷའི་བསྟན་པ་རྣམས་ནི་དང་པོ་འཁོར་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སྟོན་པའི་དགོངས་པ་འཁོར་གྱི་བློ་ལ་འཆར་ནས་འཁོར་བ་དང་། དེའི་སྒྲོ་འདོགས་གཅོད་པའི་ཕྱིར། འཁོར་ལོ་དང་འདྲ་སྟེ། བསྟན་པ་དང་ཐེག་པ་མང་པོར་སྤྲོས་པ་སྟེ་བསྐོར་བ་དེ་དག་གི་མཐར་ཐུག་གི་འབྲས་བུ་ནི། འདིར་འདུས་པ་སྟེ། ཐེག་པ་འོག་མའི་འབྲས་བུ་རྣམས་ལས་ཀྱང་། འདིའི་འབྲས་བུར་ལམ་བཟོ་དང་བགྲོད་དགོས་པའི་ཕྱིར་ན་མཆོག་གོ། །སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་མཉེས་ཁ༽ པ་དང་ཡོངས་ཀ༽བཟུང་བ་ཞེས་བྱ་བ་ནི། རང་བཞིན་གྱི་མཛད་ཀ༽པ་ཡོངས་སུ་བཟུང་བ་རྫོགས་པས། སྟོན་འཁོར་ཁ༽ཐམས་ཅད་ཀྱང་དབྱེར་མེད་པར་དགྱེས་པས་ན་མཉེས་པའི་ཕྱིར་རོ། །ལེའུ་ཉི་ཤུ་རྩ་གཉིས་པ་མན་ངག་རིམ་པ་འཁྲུགས་སྡེབས་ནས་བཤད་པའོ།། །།དཔེར་ན་སྟོང་འཁོར་ལོ་སྒྱུར་བའི་རྒྱལ་པོ་བསོད་ནམས་ཀྱིས་ཚོགས་དང་ལྡན་ཡང་རྒྱལ་སྲིད་སྣ་བདུན་ལ་སོགས་པ་དེ་བཞིན་དུ་དོན་སེམས་ཉིད་ནི་ཆོས་ཐམས་ཅད་དུ་རང་སྣང་དུ་ཤར་བ་རང་བྱུང་གིས་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་དོན་ཉིད་རང་སྣང་ན་ཡང་གདུལ་བྱ་ལས་དང་པོ་བ་རྣམས་མ་རྟོགས་པ་དེ་ཉིད་མངོན་དུ་སྣང་བར་བྱེད་པའི་རྐྱེན་དགོས་པ་དང་ལྡན་པ་ནི་དཔེར་ན་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ་རྒྱུད་དོན་མཚོན་པར་བྱེད་པའི་འགྲེལ་པ་འདི་སྒྲོ་སྐུར་དང་བྲལ་བར་བཤད་རྒྱུད་ལ་སོགས་པའི་ལུང་གི་དོན་མངོན་དུ་གསལ་བར་འབྱིན་པ། འི་དོན་གང་ཡིན་པ་དེ་སྣོད་ངན་པ་གཞན་ལ་བརྡའ་ཚིགས་སྦས་ནས་བཞག་སྟེ་བློ་རྨོངས་པ་རང་གིས་མ་རྟོགས་པའི་སྒྲིབ་པ་གཉིས་ཀྱི་རྡུལ་དང་འདྲ་བས་གཡོགས་ནས་མ་རྟོགས་ཏེ་རང་གི་བློ་ངན་པའི་རྟོག་པ་ཅན་དེ་རིགས་ངན་ཡིན་པས་དེའི་བློ་ལ་རྒྱུད་ཀྱི་དོན་མི་གསལ་བ། སྟེ་མི་ཤེས་པ་གང་ཡིན་པ་དེ་གསལ་བར་བྱེད་པ་དཔེར་ན་དོན་དེ་མཚོན་བྱེད་ལ་རིན་པོ་ཆེ་ཁ་དོག་སྣ་ཚོགས་ཤེལ་གྱི་སྤར་བཀབ་ན་གསལ་བ་ལྟར། བླ་མ་གཅིག་ནས་གཅིག་གི་རྣ་བར་བརྒྱུད་པའི་མན་ངག་དང་། རང་གི་བློ་ཡི་ཉམས་ཀྱིས་བཀྲོལ་པའི་འགྲེལ་པ་རང་ལ་བལྟས་ནས་རྒྱུད་ཀྱི་དོན་ཀུན་གསལ་བ་དེ་ལྟར་སེམས་ཅན་ཀུན་གྱིས་ཀྱང་རྟོགས་པར་ཤོག །ཅིག་པའོ། །འཕགས་པ་དཔལ་གསང་བའི་སྙིང་པོ་ཞེས་བྱ་བའི་འགྲེལ་པ་དཔེ་ལ་མཚན་དུ་བཏགས་པ་རིན་པོ་ཆེ་སྤར་བཀབ་ཞེས་བྱ་བ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེས་མཛད་པ་རྫོགས་སོ། །རྒྱུད་རྒྱལ་སྙིང་པོ་སྒེག་པའི་རྡོ་རྗེ་ཡི། །རིན་ཆེན་སྤར་ཁབ་རྒྱ་ཆེན་འགྲེལ་ན་ཡང་། །དེ་ལ་ཉི་ཟེར་ཕོག་ན་ཆེས་གསལ་ལྟར། །དེ་ཕྱིར་རྒྱུད་འགྲེལ་བསྡེབས་པས་མཆན་དུ་གཉེར། །ཇི་ལྟར་རྒྱལ་རིགས་གང་ཟག་གསུམ་བརྒྱུད་པའི། །བཤད་འགྲེལ་དུ་མའི་གསུང་སྒྲོས་རྗེས་འབྲང་ནས། །ཀློག་པ་ཙམ་གྱིས་ཉན་བཤད་གོ་ཆོད་པས། །རྒྱུད་དོན་བདེ་བླག་ཏུ་ནི་ཆུད་ཕྱིར་བྲིས། །འདི་ལ་ནོངས་པ་གང་དང་གང་མཆིས་པ། །ཆོས་ཀྱི་སྤྱན་ཆེན་མངའ་བའི་སྤྱན་ལྡན་རྣམས། །རང་བཞིན་དགོངས་ནས་བཟོད་མཛོད་རྗེས་བཟུང་རིགས། །དགེ་བ་མཁའ་མཉམ་སེམས་ཅན་དོན་དུ་བསྔོ། །རྒྱུད་འགྲེལ་ཟུང་དུ་བསྡེབས་པའི་མཆན་བུ་ཉི་མའི་འོད་ཟེར་ཞེས་བྱ་བ་འདི་ནི་རྗེ་ག་ག་ཀེ་ཏུའི་འབངས་ཀྱི་ཐ་མར་པ་ནམ་མཁའ་དཔལ་གྱིས་ཀཿཐོག་རི་ཁྲོད་ཆོས་གླིང་ཡང་དགོན་དུ་སྦྱར་བ་རེ་ཞིག་རྫོགས་སོ།། །།