Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོ་བོ་ཡང་དག་སྒྲོན་མ། སློབ་དཔོན་བི་མ་ལ།


 
previousཁྲོ་བོ་ཡང་དག་སྒྲོན་མ། སློབ་དཔོན་བི་མ་ལ།no next

ཁྲོ་བོ་ཡང་དག་སྒྲོན་མ། སློབ་དཔོན་བི་མ་ལ།

ཀྲོ དྷ ས མྱ གུ ལྐཱ བི ཧ ར ཏི སྨ། །
ཁྲོ་བོ་ཡང་དག་སྒྲོན་མ་བཞུགས་སོ། །
ཡེ་ནས་སྤྲོས་མེད་རང་བཞིན་ལྷུན་གྱིས་གྲུབ། །ཡེ་ཤེས་མཁྱེན་ལྡན་སྐུ་གསུང་རྫོགས་པའི་དཔལ། །ཚད་མེད་ཡོན་ཏན་རྒྱ་མཚོའི་ཚོགས་མངའ་བའི། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསྒྲུབ་པའི་རྒྱལ་པོ་རྒྱལ་བ་ཀུན་གྱི་ཐུགས། །དོན་གྱི་སྙིང་པོ་མ་བཅོས་བྱང་ཆུབ་སེམས། །བླ་མེད་མཆོག་གི་དངོས་གྲུབ་ཐོབ་པ་ཡི། །ངེས་པའི་བསྙེན་བསྒྲུབ་རིམ་པ་འདི་བརྩམ་མོ། ༈ །གནས་དང་ཤེས་པ་ཡོ་བྱད་འཁོར་རྣམས་དང་། །དབང་དང་དམ་ཚིག་ཕུན་སུམ་ཚོགས་པ་ཡི། །རྒྱུད་ལྔར་སྐྱེས་པའི་འགྲོ་བ་སྡུག་བསྔལ་རྣམས། །བྱང་ཆུབ་ཆེན་པོའི་སྙིང་རྗེས་སེམས་བསྐྱེད་དོ། །ཆོས་རྣམས་ཐམས་ཅད་ཡེ་ནས་སེམས་ཉིད་དེ། །སེམས་ཉིད་རང་བཞིན་གདོད་ནས་མ་སྐྱེས་པས། །བསྒོམ་པར་བྱ་དང་བྱེད་མེད་ཡེ་ནས་སྟོང་། །ཅི་ཡང་མི་རྟོག་མི་དམིགས་བསམ་མོན་བྲལ། ། མཐའ་དང་དབུས་མེད་ནམ་མཁའི་ངོ་བོ་ཉིད། །ཡོངས་ལ་སྙོམས་པས་སྙིང་རྗེ་འབྱུང་བའི་ཡུལ། །བདེ་བ་ཆེན་པོའི་ངང་དུ་བཀོད་དོ་ཞེས། །ཡང་ནས་ཡང་དུ་དམ་ཚིག་རྣམ་པར་བཅའ། །མཁའ་མཉམ་རང་བཞིན་དག་པའི་དབྱིངས་ཉིད་ལ། །བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་སྙིང་པོ་ནི། །སེམས་ཀྱི་རང་བཞིན་ཡི་གེ་ཧཱུྃ་དུ་སྣང་། །ཐམས་ཅད་འབྱུང་གནས་ཡེ་ཤེས་ཆེན་པོའི་ཧཱུྃ། །དེ་ལས་ཡེ་ཤེས་འོད་ཟེར་རབ་འཕྲོས་པས། །རྒྱལ་བའི་ཚོགས་བརྙེས་འགྲོ་བའི་རྒྱུད་སྦྱངས་ཏེ། །དུར་ཁྲོད་ཆེན་པོའི་ཡོན་ཏན་ཀུན་བསྡུས་ནས། །རེ་ཞིང་ངམ་ནས་འབར་བའི་དཀྱིལ་འཁོར་བཀོད། །ༀ་སརྦ་ཏ་ཐ་ག་ཏ་བྷུ དྷ་གརྦྷ་ལ། ༀ་པདྨ་དྷརྨ་ཨཱ་བེ་ཤ་ཡ་ཨ་ཨ། དུར་ཁྲོད་ཆེན་པོའི་རབ་འཇིགས་པར། །རླུང་ནག་རྡོ་རྗེ་གཏམས་པའི་སྟེང་། །ཁྲག་གི་རྒྱ་མཚོ་འཁྲུགས་པའི་དཀྱིལ། །ཀེང་རུས་ཆེན་པོའི་རི་རབ་བརྩིགས། །ཡཾ་ཀརྨ་རཀྵ་ཧྃ། ར་མ་ཧཱ་རཀྟ་ས་མུན་ཏ་ཛ་ལ་ས་མུ་ཏྲ་ཧཱུྃ། ཀེེཾ་ནི་རི་ཏི་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ། ཟླ་གམ་དབང་ཆེན་མཎྜལ། དུར་ཁྲོད་ཡོན་ཏན་ཚོགས་ཀྱིས་བརྒྱན། །ཕྱི་དང་ནང་མེད་ཀུན་ཏུ་སྣང་། །ཡེ་ནས་གཞལ་ཡས་ནམ་མཁའི་རྒྱ། །བྷཱུྃ་བི་ཤྭ་བི་ཤུདྡྷེ། འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །འབའ་བའི་ཕྲེང་བ་མང་པོ་འཁྲུགས། །ཛྙཱ་ན་བྷནྡྷ་ཙཀྲ་མཎྜ་ལ་ཧ་ན་ཧ་ན་ཧཱུྃ་ཕཊ། དྲེགས་པ་ལྷ་ཆེན་ཁྱབ་འཇུག་དང་། །ཚངས་པ་བརྒྱ་བྱིན་ཁྱོ་ཤུག་སྟེ། །ཁྱུ་མཆོག་མ་ཧེ་གཟིགས་དང་སྟག །གཏུམ་པོ་དོམ་གྱིས་བརྫིས་པའོ། །དེ་སྟེང་ཧཱུྃ་ཆེན་འཕྲོ་འདུ་ལས། །ཡེ་ཤེས་སྐུ་མཆོག་ཧེ་རུ་ཀ །འཇིགས་བྱེད་འབར་བའི་ཆ་ལུགས་དང་། །ལྷ་ཆེན་གདན་ལ་བརྐྱང་བསྐུམ་བཞུགས། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། བཅོམ་ལྡན་ཁྲག་འཐུང་བཛྲ་ཧེ་རུ་ཀ །དབུ་གསུམ་མཐིང་ནག་དམར་དང་དཀར་བའི་ཞལ། །ཕྱག་དྲུག་ཁ་ཊཱྃ་རྡོ་རྗེ་རྔེའུ་ཆུང་གཡས། །སྟི་ར་དབྱུག་པ་བྷན་དམར་རྒྱུ་ཞགས་གཡོན། །ཞབས་བཞི་ཐབས་དང་ཤེས་རབ་བརྐྱང་བསྐུམ་ཞབས། །སྤྱན་དགུ་ཉི་ཟླའི་དཀྱིལ་འཁོར་སྡང་མིག་བགྲད། །དུང་ཆེན་ཁོང་སེང་ཀུན་ཏུ་གསན་པའི་སྙན། །ཤངས་ནས་ཧཱུྃ་དང་ཞལ་ནས་ཕཊ་སྒྲོགས་ཤིང་། །རྣོ་དབལ་མཆེ་བ་སྐྱེ་ཤི་རྩད་གཅོད་གཙིགས། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ། །སྨིན་མཚམས་ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །ཐོད་ཕྲེང་སྦྲུལ་ནག་ཉི་ཟླ་ཕྲེང་བས་བརྒྱན། །གླང་ཆེན་ཀོ་རློན་ཞིང་ལྤགས་གཡང་གཞི་གསོལ། །གཅན་གཟན་རྒྱལ་པོ་སྟག་གི་ཤམ་ཐབས་ཅན། །བ་སུ་ཐལ་ཆེན་རཀྟ་ཞག་གིས་བརྒྱན། །བསྐལ་པའི་མེ་དཔུང་ཉི་མ་འབུམ་གྱི་གཞི། །ཁྱུ་མཆོག་ལྷ་ཆེན་ཁྱོ་ཤུག་གདན་ལ་བཞུགས། །བཅོམ་ལྡན་འཇིགས་བྱེད་ཐུགས་ཀྱི་དཔལ་བེའུ་ན། །ཡེ་ཤེས་སྐུ་མཆོག་ཚོན་གང་རིན་པོ་ཆེ། །ཟུར་བརྒྱད་དཀྱིལ་ནས་འབྲུ་བརྒྱད་འོད་འཕྲོ་ཞིང་། །བདེ་ཆེན་བྱང་ཆུབ་སེམས་ནི་འཕྲོ་ཞིང་འདུ། །བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །ཕྱག་རྒྱ་ཆེན་པོ་མངོན་རྫོགས་ཤིང་། །སྐུ་གསུང་ཡེ་ཤེས་རང་དབང་བསྐུར། །ༀ་སརྦ་ཏ་ཐ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སོགས་ཝཱཀྐ་བཛྲ༴ ༀ་སོགས་ཙིཏྟ༴ ༀ་སརྦ་ཏ་ཐ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐ་ག་ཏ་པཱུ་ཙ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཱཨ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་ཀྲྀ་ཏྱ་ནུཥྛ་ནྟེ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཁྲོ་རྒྱལ་གཟུངས་དང་མཉམ་སྦྱོར་ཕྱིར། །སྤྲོས་མེད་དེ་བཞིན་ཉིད་དབྱིངས་ནས། །ཡུམ་ཆེན་ཀྲོ་དྷི་མངོན་ཕྱུང་སྟེ། །ཆུ་ལུགས་འཛིན་པ་སྐུ་ལ་འཁྲིལ། །ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ་ཛཿ ༀ་ཨཱཿཧཱུྃཿ མཁའ་དབྱིངས་རྡོ་རྗེ་པདྨར་བྱིན་བརླབས་ཏེ། །ཉི་མའི་དཀྱིལ་འཁོར་ཧཱུྃ་ལས་རྩེ་ལྔ་ༀ། །པྃ་ལས་མ་ཆགས་པདྨའི་གཞལ་ཡས་སུ། །ཟླ་བའི་དཀྱིལ་འཁོར་ཆོས་སྐུར་ཨཱཾ་དང་ལྡན། །བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། །པདྨ་རིན་ཆེན་ལྡན་བྱས་ན། །དབྱིངས་ཀྱི་བདེ་ཆེན་འབྱུང་བ་སྟེ། །རང་རིག་ཡེ་ཤེས་དེ་ལ་འོང་། །ༀ་པདྨ་ས་མ་ཡོ་གཱི་ནི་པྲ་ཝེ་ཤ་ཡ་ཕཊཿ ཛཿཧཱུྃ་བྃ་ཧོཿ ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་དེ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། ། དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །ༀ་ཧཱུྃ་ཨཱཿ ཇི་བཞིན་མཁའ་ལ་གསལ་དག་པ། དྲི་མེད་ཉི་མའི་འོད་བས་འཚེར། །བྱང་ཆུབ་སེམས་སྤྲིན་འཕྲོས་པ་ལས། །ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་སྤྲོ། །ཧཱུྃ་ཧ་ཧེ་ཕཊཿ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ། སྟོང་གསུམ་ཕྱོགས་བཅུ་རྡུལ་ཕྲན་སྙེད། །དེ་སྙིང་ཁྲོ་བོའི་དཀྱིལ་འཁོར་འཐོན། །དེ་དག་སངས་རྒྱས་མཛད་པ་ཡིས། །ཕྱོགས་བཅུའི་དྲེགས་པ་མ་ལུས་བསྒྲལ། །ༀ་མ་ཧཱ་བཛྲ་ཨ་ཏ་ཧ་ས་ཧ་ས། ཧ་ཧ་ཧཱུྃ་ཏ་ཨ་ཏི། དེ་ནས་དུར་ཁྲོད་བདག་པོ་དག །ཕྱག་རྒྱ་ཆེ་དང་ལྡན་པས་ནི། །བསྒྲུབ་པའི་གནས་སུ་བྱིན་བརླབས་ནས། །ཅི་རིགས་སུ་ནི་ལས་རྣམས་བྱ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱན་པྲ་བྷ་ན་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། སྟོང་གསུམ་གང་བའི་ཁྲག་འཐུང་རྣམས། །དབྱིངས་སུ་འདུས་ནས་ཞལ་གསུམ་པ། །ཕྱག་དྲུག་འབར་བའི་ཆ་ལུགས་དང་། །རིགས་ལྔ་ཁྲག་འཐུང་རང་གི་ཕྱོགས་སུ་བཀོད། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་སརྦ་དུཥྚན་ཧཱུྃ་ཕཊ། ༀ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་སུརྻ་རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རི་བིད་མ་ཧཱུྃ་ཕཊ། ༀ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་ཧྲཱི་ཤྭ་པདྨ་བ་ད་མ་མུ་ཀ་མ་ཧཱ་ཀྲོ་དྷི་ཤྭ་རི་ཁཱ་ཧི་ཧཱུྃ་ཕཊ། ༀ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་བི་ཤྭ་ཧཱུྃ་ཕཊ། རིགས་བཞིའི་ཁྲག་འཐུང་འཁོར་དང་བཅས། །གསང་བའི་མཁའ་ནས་གསལ་བཏོན་ནོ། །ངོ་མཚར་རྨད་བྱུང་རྔམས་སྟབས་དང་། །འབར་ཆེན་ཀློང་གི་འཁོར་ལོ་ཕྱོགས་བཞིར་གནས། །བཅོམ་ལྡན་ཁྲག་འཐུང་བུདྡྷ་ཧེ་རུ་ཀ །དབུ་གསུམ་སྨུག་ནག་མཐིང་ག་དམར་བའི་ཞལ། །ཏི་ར་དབྱུག་པ་རྡོ་རྗེ་ཁྱུང་ཆེན་གཡས། །རྒྱུ་ཞགས་བྷན་དམར་ཏི་ར་བ་སུ་གཡོན། །བཅོམ་ལྡན་ཁྲག་འཐུང་རཏྣ་ཧེ་རུ་ཀ །དབུ་གསུམ་སེར་ནག་མཐིང་ཁ་དམར་བའི་ཞལ། །ཕྱག་དྲུག་བྱིས་དབྱུག་རྡོ་རྗེ་དགྲ་སྟྭ་གཡས། །སྟོང་གི་འཇིག་རྟེན་བྷན་དམར་རྒྱུ་ཞགས་གཡོན། །བཅོམ་ལྡན་ཁྲག་འཐུང་པདྨ་ཧེ་རུ་ཀ །དབུ་གསུམ་དམར་ནག་མཐིང་ག་དཀར་བའི་ཞལ། །རྡོ་རྗེ་བེ་ཅོན་རྡོ་རྗེ་དགྲ་སྟྭ་གཡས། །སྟོང་གི་འཇིག་རྟེན་བྷན་དམར་གཤོལ་ནི་གཡོན། །བཅོམ་ལྡན་ཁྲག་འཐུང་ཀརྨ་ཧེ་རུ་ཀ །དབུ་གསུམ་ལྗང་ནག་དཀར་དང་དམར་བའི་ཞལ། །ཕྱག་དྲུག་རལ་གྲི་རྡོ་རྗེ་དགྲ་སྟ་གཡས། །སྟོང་གི་འཇིག་རྟེན་བྷན་དམར་གཤོལ་ནི་གཡོན། །དེ་ནས་དགྱེས་ཏེ་ཧ་བརྗོད་པས། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །དཀར་མོའི་ཚོགས་དང་རྐུན་མོ་དང་། །རྨོངས་མོ་དང་ནི་རོ་ལོངས་དང་། སྤོས་མོ་དང་ནི་གཏུམ་མོ་དང་། །སྨེ་ཤ་ཅན་དང་མ་ཚོགས་མའི། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་རྔམ་འཐོན་ཏེ། །འབར་བའི་འཁོར་ལོའི་ཤར་མཆན་ནས། །འཁོར་བར་རྔམས་པའི་མདངས་ཀྱིས་འཁོད། །ༀ་བཛྲ་ཀ་རཱི་ཧ། ༀ་བཛྲ་ཙ་རཱི་ཧ། ༀ་བཛྲ་པྲ་མོ་ཧ། ༀ་བཛྲ་བེ་ཏ་ལཱི་ཧ། ༀ་བཛྲ་པུཀྐ་སཱི་ཧ། ༀ་བཛྲ་གྷ སྨ་རཱི་ཧ། ༀ་བཛྲ་སྨེ་ཤ་ནཱི་ཧ། ༀ་བཛྲ་ཙཎྜ་ལཱི་ཧ། ཀ་རཱི་བྷན་དམར་བྱིས་དབྱུག་སྔོ། །ཙ་རཱི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏ་བྱིས་ཟ་རྡོར་འཕྱར་ནག །པུཀྐ་སེར་བྱིས་རྒྱུ་འདྲེན་སེར། །གྷསྨ་དུང་དམར་དཀྲུག་འཐུང་ལྗང་། །སྨེ་ཤ་སྔོ་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་བྱིས་ལུས་བགོ། །དེ་ནས་དགྱེས་ཏེ་ཧེ་བརྗོད་པས། །སེང་གདོང་ཆེན་མོའི་ཚོགས་དང་ནི། །སྟག་དང་ཝ་དང་ཁྱི་དང་བཞད། །དུར་བྱ་ཀངྐ་འུག་གདོང་ཆེའི། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་དག་ཏུ་ཆས་ཐོན་ནས། །འབར་བ་ཆེན་པོའི་བར་ཁྱམས་ཀྱི། །ཕྱི་རོལ་ཤར་གྱི་ཕྱོགས་དག་ནས། །འཁོར་བར་རྔམ་པའི་མདངས་ཀྱིས་འཁོད། །ༀ་བཛྲ་སིདྷ་མུ་ཁ་ཧེ། ༀ་བཛྲ་བྱ་ཀྲྀ་མུ་ཁ་ཧེ། ༀ་བཛྲ་ཤྭ་ན་མུ་ཁ་ཧེ། ༀ་བཛྲ་གྷྲྀ་དྷ་མུ་ཁ་ཧེ། ༀ་བཛྲ་ཀངྐ་མུ་ཁ་ཧེ། ༀ་བཛྲ་ཀ་ཀ་མུ་ཁ་ཧེ། ༀ་བཛྲ་ཨུ་ལུ་ཀ་མུ་ཁ་ཧེ། སེངྷ་ཁ་རོ་བསྣོལ་སེར་སེང་། །བྱེ་ཀྲྀ་གནས་ལྟ་བསྣོལ་དམར་སྟག །སྲི་ལ་བྱིས་ལྡག་ནག་མོ་ཝ། །ཤྭ་ན་འདྲལ་ལྟ་མཐིང་ཁ་ཁྱི། །གྷྲྀ་དྷ་མགྲིན་དམར་རྒྱུ་འདྲེན་རྒོད། །ཀཾ་ཀ་ཞིང་ཁྲག་སྣར་མགོ་རིང་། །ཁ་ཁ་བྱ་རོག་བལ་གྲི་ནག །ཨུ་ལུ་ལྕགས་ཀྱུ་མཐིང་ཚོགས་འུག །འཕྲོས་པས་སྤྲིན་ལས་ཧཱུྃ་བརྗོད་པས། །དཀྱིལ་འཁོར་འབར་བའི་ཕྱོགས་བཅུ་ན། །རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་རྒྱལ། །བདུད་རྩི་དབྱུག་སྔོན་མི་གཡོ་མགོན། །འདོད་པའི་རྒྱལ་དང་སྟོབས་པོ་ཆེ། །ཧཱུྃ་མཛད་པདྨ་འཁྱིལ་པ་རྣམས། །སྟེང་འོག་ཕྱོགས་མཚམས་བདུད་འདུལ་ཞིང་། །རྔམས་པའི་སྟབས་ཀྱིས་བརྗིད་པར་གནས། །ༀ་པྲ་ཛྙཱ་ན་ཏ་ཀྲྀ་ཏ་ཨ་པ་ར་ཛི་ཏ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་ཡ་མཱནྟ་ཀྲྀ་ཏ་ཡ་མཱནྟ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་པདྨཱནྟ་ཀྲྀ་ཏ་ཧྱ་གྲྀ་ཝ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་བིགྷྣནྟ་ཀྲྀ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་ནཱི་ལ་དཎྜ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་ཨ་ཙརྻ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་ཊ་ཀི་ར་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་མ་ཧཱ་བྷ་ལ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་ཧཱུྃ་ཀཱ་ར་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་པདྨ་ཀུཎྜ་ལཱི་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ རྣམ་པར་རྒྱལ་བ་རྡོ་རྗེ་བྷན་དམར་དཀར། །གཤིན་རྗེ་གཤེད་པོ་ཐོད་དབྱུག་མཐིང་ནག་ཞལ། །རྟ་མགྲིན་དམར་མོ་དབྱུག་ཏོ་ལུ་གུ་རྒྱུད། །བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དྲིལ་བུ་བསྣོལ། །དབྱུག་སྔོན་རིན་ཆེན་དབྱུག་ཏོ་སྡིགས་མཛུབ་ཁྲོ། །མི་གཡོ་ལྗང་སྔོན་རལ་གྲི་སྡིག་པ་བདུད། །འདོད་པའི་རྒྱལ་པོ་དམར་སྐྱ་རྡོ་རྗེ་སྦྲུལ་གྱིས་ཞགས། །སྟོབས་ཆེན་དུད་ཁ་རྡོ་རྗེ་རྔ་ཡབ་བསྣམས། །ཧཱུྃ་ཆེན་མཐིང་ག་རྡོ་རྗེ་དྲིལ་བུ་ཧཱུྃ་གི་རྒྱ། །པདྨ་དུད་ཁ་འཁོར་ལོ་ནེ་ལེ་གཏེར། །དེ་ནས་དགྱེས་ཏེ་ཕཊ་བརྗོད་པས། །རྡོ་རྗེ་སྲིང་འགྲོ་མ་ཚོགས་དང་། །གདོང་མོ་འཇིག་རྟེན་རོ་ལངས་མའི། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་འཇིགས་འཐོན་ཏེ། །དཀྱིལ་འཁོར་སྒོ་བཞིར་རྔམས་གཟུགས་གནས། །ༀ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿཧཱུྃ། བཛྲ་ཨ་མོ་གྷ་ཧཱུྃ། བཛྲ་ལོ་ཀ་བམ། བཛྲ་བྷ་ལ་ཡ་བ་ཏོ་ཧོཿ རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན། །ཕག་གདོང་ནག་མོ་མཆེ་ཞགས་ཐོགས། །ཉི་ཟླ་དམར་མོ་ལྕགས་སྒྲོག་སྡོམ། །ཐལ་བྱེད་སྣ་ཚོགས་དྲིལ་འཁྲོལ་དགྱེས། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་གདན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །མ་ནུ་རཀྵ་སི། པྲཧྨ་ཎི། ར་དྲི། བིཥྞ་བེ། ཀུ་མཱ་རཱི། ཨིནྡྲ་ནི། བཛྲ་སིངྒ་ལཾ། ཨ་མྲྀ་ཏ། ས་མྱ། དཎྜ་དཾ། རཀྵ་སཱི། བཀྵ་སཱི། ར་དྷི་བཛྲ། རུ་དྷི་རེ་མ་ཏི། ཨེ་ཀ་ཙཱ་རི། མ་ངོ་ན་ཧ་ར་མ། སི་དྷི་ཀ །བཱ་ཡེ་བེ། མ་ཧཱ་མ་ར་ཎ་བཛྲ་ཨགྣེ། བ་ར་ཧཱི། ཙ་མུནྟྲི། སུ་ཏ་ནམ། བེ་རུ་ནི། བཛྲ་མ་ཧཱ་ཀ །ཙ་ཀ་ལ། ཀུམྦྷ་ཀརྞ། ལམ་བྷོ་དྷ་ར། བྷྱོ། མི་སྲིན་དམར་སེར་ཏྲི་ཤུལ་ཞིང་ཆེན་གཡག །ཚངས་མ་དམར་སྐྱ་རྩེ་ལྔ་བྷན་དམར་སྦྲུལ། །ཁྲོ་མོ་སེར་ནག་དབྱུག་ཏོ་སྤུ་གྲི་གཟིག །ཁྱབ་འཇུག་དཀར་དམར་རྒྱུ་ཞགས་དུང་དམར་ཟེར། །གཞོན་ནུ་སེར་ནག་ཕ་ཝཾ་འཁོར་ལོ་དྲིལ། །དབང་མོ་དམར་སེར་བམ་དབྱུག་ཁོག་ཆེན་དྲེད། །བྷྱོ། དབང་མོ་དམར་མོ་རྒྱུ་ཞགས་ཞིང་ཆེན་དམ། །བདུད་རྩི་སྔོ་ནག་ཆུ་སྲིིན་རིན་ཆེན་བུམ། །ཞི་བ་སྔོ་སྐྱ་གློ་སྙིང་བུམ་པ་སྡིག །བེ་ཅོན་ནག་མོ་བམ་ཆེན་གྲི་འདེབས་ཁྲ། །སྲིན་མོ་སེར་ནག་རུ་འདྲེན་རྔེའུ་ཆུང་ཝ། །ཟ་ཆེན་མཐིང་ནག་བམ་ཆེན་སྙིང་འབྱིན་སྟག །བྷྱོ། དགའ་བྱེད་དམར་ནག་ལྕགས་ཀྱུ་བགེགས་འདྲེན་རྒོད། །ཁྲག་འཐུང་དམར་མོ་རྩེ་ལྔ་དུང་དམར་རྟ། །གཅིག་པུ་དཀར་དམར་རྡོ་རྗེ་བྷན་དམར་ལྡིང་། །ཡིད་འཕྲོག་དམར་ནག་ཏིར་ཆུང་དུང་དམར་བྱི། །གྲུབ་པ་དཀར་དམར་པད་ཞགས་པུ་ཤུད་མགོ། །རླུང་མོ་ལྗང་སེར་རོ་ཟ་ཤ་ཕོའི་མགོ། །བྷྱོ། གསོད་བྱེད་དམར་ནག་རྔེའུ་ཆུང་རལ་གྲི་ཡ་ཏི་སྤྱང་། །མེ་མོ་ལྗང་ནག་རྒྱུ་འདྲེན་ཁ་དང་སྐྱིན། །ཕག་མོ་ལྗང་སེར་རྩེ་ལྔ་ཞིང་ཟ་ཕག །རྒན་བྱེད་དམར་མོ་དུང་དམར་རྒྱུ་འདྲེན་རྒོད། །སྣ་ཆེན་ལྗང་ནག་ཟངས་གྲི་ཞགས་པ་ར། །ཀླུ་མོ་སྔོ་སྐྱ་བྱ་རོག་དུང་དམར་གྲི། །ནག་མོ་ལྕགས་ཀྱུ་སྤུ་གྲི་ཁུ་བྱུག་མགོ། །ར་ནི་སྔོན་མོ་རྒྱུ་ཞགས་རོ་འདྲེན་པའི། །བུམ་རྣ་དམར་མོ་ལྕགས་སྒྲོག་ཀུན། །སྡོམ་སྤྲེའུ་གསུས་འཛིན་སེར་ནག་དྲིལ་ཆེན་དུང་དམར་སྦྱང་། །ཁྲག་འཐུང་དཀྱིལ་འཁོར་འཁོར་བཅས་ཀུན། །དང་པོར་བསྐུལ་དང་བསྐྱོད་པ་དང་། །རྫོགས་དང་མཐར་ཕྱིན་བྱ་བའི་ཕྱིར། །སོ་སོའི་སྙིང་པོ་ལན་བཞི་བརྗོད། །བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་སུ་བྱ་བའི་ཕྱིར། །བསྐུལ་ཚིག་དབྱངས་ཀྱིས་གསོལ་བཏབ་པས། །སྐུ་གསུང་ཐུགས་ཀྱི་རིན་ཆེན་དབྱིག །ཐིམ་པས་ལྷུན་བྱས་གཅིག་པའི་འོད། །སྙིང་པོ་བྱང་ཆུབ་སེམས་སུ་གནས། །དེ་ལས་སྙིང་པོ་སྤྲོ་བསྡུ་ཡིས། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་རྫོགས། །དེ་ལྟར་དཀྱིལ་འཁོར་གསལ་འཐོན་ཏེ། །མཐའ་དབུས་མེད་པའི་ཕྱོགས་བཅུ་ནས། །ཀུན་ཀྱང་ཁྲག་འཐུང་འབར་བའི་ཚོགས། །ཡེ་ནས་མ་བཅོས་ལྷུན་གྱིས་རྫོགས། །ལུས་ངག་ཡིད་གསུམ་སྐུ་གསུང་རྡོ་རྗེའི་ཐུགས། །ཕུང་པོ་ལྔ་ཉིད་རྣམ་གྲོལ་ཧེ་རུ་ཀ །འབྱུང་བ་ལྔ་ཉིད་ཁྲོ་མོ་དབྱིངས་ཕྱུག་ཡུམ། །རྣམ་ཤེས་དབང་པོ་ཡུལ་དུས་ལ་སོགས་པ། །མ་མོ་ཕྲ་མེན་ཅི་བགྱིད་ཕོ་ཉའི་ཚོགས། །ལུས་ཀྱི་ཡན་ལག་ཏ་ཀྲིཏ་ཁྲོ་རྒྱལ་བཅུ། །དོན་དམ་སྤྲོས་མེད་བྱང་ཆུབ་སྙིང་པོ་ནི། །མཉམ་ཉིད་མི་གཡོ་ཆོས་དབྱིངས་ནམ་མཁའ་ཆེ། །རང་བྱུང་ཡེ་ཤེས་རྩོལ་བྲལ་གནས་མེད་པ། །གཞི་རྩ་མེད་པའི་སེམས་ཉིད་དེ་ལྟར་སྣང་། །དབང་པོ་རང་ཉམས་ཕྱལ་པར་མི་གཏང་ཞིང་། །སྤྱོད་ལམ་ཀུན་ཏུ་རང་གི་ཏིང་འཛིན་བསྒོམ། །ཤེས་པར་བྱ་དང་བསྲུང་དང་བསྒྲུབ་པ་དང་། །མི་སྤང་བ་དང་མཆོད་པའི་དམ་ཚིག་རྣམས། །བཀའ་བཞིན་སྲུང་ཞིང་ཀློང་དུ་གོམས་པར་བྱ། །དམ་ཚིག་འདི་ལས་མི་འདའ་རྣལ་འབྱོར་པ། །ཀུན་ཏུ་བཟང་དང་མཉམ་པའི་སྤྱོད་ཡུལ་ཏེ། །འདི་ལས་འདས་པར་བྱེད་ན་བསྲེག་པར་འགྱུར། །སྤྱན་དྲངས་མཆོད་པ་རྫོགས་པ་དང་། །བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་དག །ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །བར་ཆད་མེད་པའི་འཕྲོ་འདུ་བྱ། །རྟགས་དང་མཚན་མ་བྱུང་བ་ནས། །སྒྲུབ་པ་ཆེན་པོའི་དངོས་གྲུབ་བླང་། །དངོས་གྲུབ་དེ་དག་སྤྱད་པ་ཡང་། །དང་པོ་བདེ་གཤེགས་དཀྱིལ་འཁོར་ལ། །གཉིས་པ་རིག་འཛིན་གྲུབ་པ་ལ། །གསུམ་པ་གཙོ་བོ་མཆོག་ལ་དབུལ། །བཞི་པ་སྒྲུབ་པོ་བདག་ཉིད་ལ། །ལྔ་པ་གྲོགས་མཆོག་རྣམས་ལ་སྦྱིན། །དེ་དག་ལས་ཀྱང་ཅི་རིགས་པ། །འཛིན་ཆགས་མེད་པར་བགོ་བར་བྱ། །ལས་ཀྱི་ལྷག་ཆད་བསྐང་བའི་ཕྱིར། །གཞུང་བཞིན་བཤགས་ནས་སྨོན་ལམ་གདབ། །སྙིང་པོ་དྲན་པར་ལྷར་བསྐྱེད་ལ། །བར་ཆད་བགེགས་ལས་བསྲུང་བའི་ཕྱིར། །ཚིག་འདི་སྔགས་དང་བཅས་པར་བརྗོད། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང་། །ཐམས་ཅད་དུ་ནི་རྒྱལ་བར་གནས། །ༀ་བཛྲ་ཀ་བ་ཙ་ཀ་ཝ་མན། ཧཱུྃ། མིང་དང་མཚན་མར་མ་གྲུབ་པ། །མི་གནས་མ་བྲལ་འདུས་མ་བྱས། །ཆོས་ཀྱི་དབྱིངས་ཀྱིས་བསྲུངས་པ་ན། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །ༀ་བཛྲ་རཀྵ་མན་ཧཾ་ཧཱུྃ་བཾ་ཧཱུྃ་྄ཕཊ། རིན་ཆེན་འབར་བའི་དབང་མཆོག་འདིས། །བླ་མེད་ཆོས་ཀྱི་རྒྱལ་པོའི་རྟགས། །སངས་རྒྱས་འདུས་པའི་སྐུ་གསུང་ཐུགས། །རབ་ཏུ་བརྟན་པར་དབང་བསྐུར་རོ། །ༀ་རཏྣ་སརྦ་མུ་ཏྲ་མཱ་ལེ་ཨཱཿ ཨ་བྷིཥཉྩ་ཧཱུྃ། སྭ་བྷཱ་ཝ་རཱ་ག་བ་སཱ་ན་ཏྲི་ཏི་ཀུ་རུ་ཕཊཿ མཉམ་པ་ཉིད་ལས་མ་ཡེངས་ཤིང་། །དོན་རྣམས་ཡིད་ལ་དྲན་པར་བྱ། །དཔལ་ཆེན་ཀུན་བཟང་སྒྲུབ་ཐབས་འདི། །བླ་མའི་ལུང་ལས་དེས་བརྩམས་པས། །ཁྲོ་རྒྱལ་ཡེ་ཤེས་སྐུ་གསུང་ཐུགས། །འགྲོ་བ་ཀུན་གྱིས་འགྲུབ་པར་ཤོག །ཁྲོ་བོ་ཡང་དག་སྒྲོན་མ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ། །དགེའོ།། །།


previousཁྲོ་བོ་ཡང་དག་སྒྲོན་མ། སློབ་དཔོན་བི་མ་ལ།no next