Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
ས་ལམ་གྱི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་ལམ་གྱི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

ས་ལམ་གྱི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

བྷཱུ མི མ རྒ སྱ དྷཱ ཏུ ཏི སྨ། །
༄༅། ས་ལམ་གྱི་ཀློང་བཞུགས། །
རྒྱ་གར་སྐད་དུ། སརྦ་དྷརྨ༈བྷོ་དྷི་ཙིཏྟ༈ཏཏྟྭ༈ཡ་ཧི་ན྄༈བྷཱུ་མི༈ མཱརྒ༈ཤཱསྟྲ༈ན་མ། བོད་སྐད་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད༈ གནས་ལུགས་བྱང་ཆུབ་ཀྱི་སེམས༈ལྷུན་གྲུབ་གསུམ་དེ་ཁོ་ན་ཉིད༈ མ་ནོར་བས་རང་གི་ངོ་བོས་ངེས་པའི༈གནས་ཤིང་རྟེན་པས་ས༈འཇུག་ཅིང་བགྲོད་པས་ལམ༈ བསྟན་པ༈ ཞེས་བྱ་བ། བཅོམ་རང་བཞིན་ལྡན་རྣམ་པ་འདས་མཚན་ཉིད་ལྷུན་གྲུབ་གསུམ་རང་ལ་གནས་པས་དཔལ་དེ་ལས་གཞན་པའི་སྤང་བྱ་མེད་པས་ཀུན་ཏུ་བཟང་པོ་སྦྱང་བགྲོད་ཀྱི་རྩོལ་བ་དང་བྲལ་བ་གཞི་ཇི་བཞིན་པའི་ངང་ལ་ཡེ་ནས་དབྱེར་མེད་དུ་མཇལ་བས་ཕྱག་འཚལ་ལོ། །གནས་ལུགས་རང་བཞིན་སྤྲོས་བྲལ་ཉིད་དུ་རྣམ་པ་སྒྱུ་མ་མཚན་ཉིད་རང་རིག་ཐམས་ཅད་མཁྱེན་པར་ཡེ་ནས་རྫོགས་པས་ལྷུན་གྲུབ་ཡིན་པ་ལས། འཁྲུལ་ཚུལ་དེ་རྟོགས་པའི་རྐྱེན་བཞི་དང་བྲལ་ཞིང་རང་སྣང་ཡིན་པས་ཡུལ་མེད་པའི་དབང་གིས་ལྷན་སྐྱེས་ཀྱིས་གནས་ལུགས་རྒྱུ་མ་རིག་ཀུན་བརྟག་བདག་ཏུ་ལྟས་པས་གཞན་དུ་སྣང་བའི་ཆ་ལས་ཉོན་མོངས་ལྔ་དང་རྐྱེན་ལས་གསུམ་གྱིས། །ཡིད་སྣ་ཚོགས་སུ་སྤྲོས་པའི་ཡུལ་ལྔ་སྒོ་ལྔས་འབྲས་བུ་མཚན་མར་ཉོན་ཡིད་ང་བདག་ཏུ་བཟུང་བས་འཛིན་པའི་སྡུག་བསྔལ་བརྒྱད་དང་གསུམ་གྱིས་ཐར་དཀའ་བས་དྲྭ་བར་འཁྱམས་པའོ། །གཏན་ཚིགས་ཀྱིས་གཞིག་རྟགས་ལ་བརྟེན་དཔེས་མཚོ ན་ཡིད་ཆེས་བཀའ་ལས་གདམས་པས་མངོན་སུམ་པར་སྐུ་གསུམ་རོ་གཅིག་ཏུ་རྟོགས་པས་འདུད། ༈ །གནས་ལུགས་བདེ་བར་གཤེགས་པའི་ཡོན་ཏན་ཐོབ་པའི་གཞི་རྟེན་དུ་གྱུར་པ་ལྟ་བུར་རང་ཉིད་ཡེ་ནས་བསྒྱུབ་བྱའི་དོན་གྱི་གཞིར་གནས་པས། །ལ་དེ་དང་འཁྲུལ་ཚུལ་མཐུན་པར་རྟོགས་པའི་རྐྱེན་བཞིས་བསྐལ་ཏེ་དེ་དང་མི་མཐུན་པའི་རྐྱེན་དང་ལྡན་ཏེ་ཕྱིན་ཅི་ལོག་ཏུ་གོམས་པས་ཡེ་ནས་དོན་གྱི་གཞིར་གནས་ཀྱང་བདེ་གཤེགས་ཀྱི་ཡོན་ཏན་རྫོགས་པ་སྦས་པ་ལྟར་དུ་བྲལ། །ལྷན་སྐྱེས་རང་ངོ་མ་ཤེས་པའི་རྒྱུ་མུན་པར་མ་ཟད་ཀུན་བརྟགས་ཀྱི་མ་རིག་པ་དང་ཉོན་མོངས་པ་དང་དེས་ཀུན་ནས་བསླངས་པའི་རྐྱེན་ལས་ཀྱིས་སྡུག་བསྔལ་ཐོག་མཐའ་མེད་པས་ཡུན་རིང་ཐེག་བརྒྱད་རྩོལ་བའི་ནད་བཟོད་པ་དཀའ་བར་འབྲས་བུ་སྨིན་པ། །དེ་ཀུན་རང་རྐྱེན་ལོག་པས་གྲོལ་དཀའ་རྫོགས་ཆེན་གྱི་སྐལ་ལྡན་འགའ་ཙམ་འབྱུང་བའི་ཕྱིར་ལུང་དང་མན་ངག་ཉམས་ཚད་མ་གསུམ་དང་ལྡན་པའི་ས་ལམ་༼༠༽བསྟན་པར་བྱའོ་ཞེས་གསུང་བར་ཞལ་གྱིས་བཞེས་པའོ། ༈ །དེ་༼༠༽ཡི་ངོ་བོ་བྱང་ཆུབ་སེམས་ཉིད་མིང་དོན་ངེས་ཚིག་དང་། །སྦྱང་བགྲོད་མེད་པའི་སྲོག་དང་ཡེ་ནས་ནོན་པའི་གདེང་ཆེན་བློའི་རིམ་པས་དབྱེ་བ་རྣམས་བསྟན་བར་བྱ། ༈ །བྱང་ཆུབ་ཀྱི་སེམས་ཉིད་ལ་གནས་ཤིང་རྟེན་པ་དང་དེ། །ཕྱིན་པར་འཇུག་ཅིང་ས་ལམ་གྱི་མིང་དོན་དང་ལྡན་པས། །ས་ལམ་གྱི་ངོ་བོ་སེམས་ཉིད་དུ། །ཕྱིན་པས་ཡོན་ཏན་གྱི་གཞིའམ་རྟེན་དུ་རྫོགས་པའོ། ༈ །ལམ་འབྲས་ཡོན་ཏན་མང་པོའི་ཚོགས་ཀྱི་གཞིར་རྟེན་དུ་གྱུར་ཅིང་། །དོན་དེ་ལ་བློ་འཇུག་ཅིང་རྟོགས་པས་མཐར་སོན། །སེམས་ཉིད་ངང་རྟོགས་ནས་གོམས་པས་འདྲིས་པའི་དོན་དེ་ལས། །མིང་དུ་ས་དང་ལམ་ཞེས་གསུངས་པ་ཡིན་ནོ། ༈ །སྒྲིབ་༼༠༽པ་སྤངས་ནས་ཡོན་༼ཿ༽ ཏན་ལ། །ཆེད་དུ་བླང་དུ་མེད་པར་མཁྱེན། །བཟང་༼ཿ༽ངན་༼༠༽རློམ་༼ཿ༽སེམས་༼༠༽ཞུམ་༼༠༽བྲལ་༼ཿ༽ བར། །རང་གནས་དོན་ལ་དེར་སོན་པ་ནི་སྲོག་འོ། ༈ །ལྷུན་གྱིས་གནས་པའི་བདེ་བ་ཆེ། །གཞིར་གནས་ཡོན་ཏན་ཀུན་གྱི་རྟེན། །དེ་ལ་རྟོགས་གོམས་སེམས་ཞུགས་པས། །མཐར་ཐུག་འབྲས་བུའི་དོན་དེ་ལ་ཡེ་ནས་རྫོགས་པས་གདེང་ཆེན་པོ་དང་ལྡན་པ་ཡིན་ནོ། །དོན་ལ་དབྱེར་མེད་ཐ་དད་དང་བྲལ་བ་ཡིན་པ་ལས། །གདུལ་བྱའི་བློ་ཡི་རིམ་པས་ས་སྦྱོང་ལམ་ལ་འཇུག་པའི་ཐབས། །མ་བཅོས་བླ་མའི་སར་ཡེ་ནས་རྫོགས་ལ། །མ་བཅོས་པས་དེ་བཞིན་ཉིད་དུ་འཇུག་ཅིང་ངང་ལ་གནས་པ་དང་། །ས་སྦྱངས་པ་དང་ལམ་བགྲོད་པའི་རྩོལ་བས་འཇུག་གནས་རྟེན། །བསྟི་གནས་ཙམ་དུ་བསྟན་པ་ཡིན། ༈ །དེ་ཡང་བུས་པའི་ས་པ་སྟེ། ༈ །མོས་པ་སྤྱོད་པའི་ས་པས་དྲོད་ཐོབ་ནས། །གཟུང་བའི་རྟོག་པའི་ཕྱོགས་ལ་རྣམ་པར་བྱང་བར་བྱས་ནས་ཆོས་ཀྱི་མིག་དང་པོ་རྙེད་པས་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱ། །དད་པ་ཤིན་ཏུ་ཆེ་བའི་ས་པས་འཇིག་རྟེན་གྱི་ཆོས་ཀྱི་མཆོག་ལ། །ཆོས་དང་གང་ཟག་ལ་བདག་མེད་པའི་བཟོད་པས་བྱང་ཆུབ་ཐོབ་པའི་རིགས་དང་ལྡན་པས་ན་རིགས་ཀྱི་ས་ཞེས་བྱ། ས་དེ་ནས་བྱང་ཆུབ་རྣམ་གསུམ་གྱི་རིགས་འབྱེད་ཅེས་ཀྱང་བཤད་དོ། །དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གྲལ་དང་པོ་ནས་ཡས་མར་བགྲངས་ན་གྲངས་བརྒྱད་པ་ལ་འབབ་པས་ན་བརྒྱད་པའི་ས་ཞེས་བྱ། །རྒྱུན་ཏུ་ཞུགས་པའི་རྒྱུ་ལ་ཞུགས་པ་དེས་ན་ཡིན་ཏེ། །མཐོང་ལམ་སྐད་ཅིག་བཅོ་ལྔ་པ་ཡན་ཆད་དོ། །བཅུ་དྲུག་པ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པས། །བདེན་པ་བཞིའི་དེ་ཁོ་ན་ཉིད་མ་ལུས་པར་བརྟགས་པར་མཐོང་བས་ན་མཐོང་བའི་ས་ཞེས་བྱ། །སྤང་བྱ་མཐོང་སྤང་མཐའ་དག་དང་སྒོམ་སྤང་འདོད་ཁམས་ཀྱི་དགུ་ལས་ལྔ་པ་ཡན་ཆད་ཅི་རིགས་པར་སྤངས་པའོ། །ལན་ཅིག་ཕྱིར་འོང་བས་འདོད་པ་ཡི། །ཁམས་ཀྱི་སྒོམ་སྤང་དྲུག་པ་ཡན་ཆད་སྤངས་ནས་འདོད་ཆགས་སྲབ་མོར་བྱས་པས་བསྲབས་པའི་ས་སྟེ་ཆུང་བའི་རྣམ་པ་ལུས་སོ། །ཕྱིར་མི་འོང་བའི་ས་ལ་གནས་པས་འདོད་པ་ལ། །འདུན་པ་དང་གནོད་སེམས་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བས་འདོད་ཆགས་དང་བྲལ་བའི་ས་ཞེས་བྱ་སྟེ་ཆུང་བའི་རྣམ་པ་སྤངས་སོ། །དགྲ་བཅོམ་པའི་ས་གྲུབ་པར་བྱས་བསྲུང་བའི་རང་བཞིན་ཅན་ཡིན་པས་སྔར་བྱས་སྟེ། །གྲུབ་པའི་དོན་མི་ཉམས་པར་སྲུང་བའི་ཕྱིར་བྱས་པ་སྲུང་བའམ་བྱས་པ་རྟོགས་པའི་ས་ཞེས་བྱ་སྟེ། །དངོས་སུ་ན་དགྲ་བཅོམ་པ་ལ་བྱ་དེ་ལས་ལྷག་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་གོམས་པར་བྱར་མེད་དོ། ༈ །མཐོང་བའི་ས་ཡན་ཆད་བཞི་ལ་དབང་པོའི་བྱེ་བྲག་གིས་ཅི་རིགས་པ་དེར་ཉན་ཐོས་ལ། བརྟེན་ནས་རྟེན་འབྲེལ་གྱི་སྒོ་ནས་ཆོས་ཉིད་རྟོགས་ཏེ་འབྲས་བུ་རྫུ་འཕྲུལ་དང་ལྡན་པས། ཡིད་སྦྱིན་བདེ་མཆོག་ཅེས་བར་བསེ་རུ་དང་ནེ་ཚོ་ལྟར་གནས། ༈ །ས་དེ་ལས་གཞན་ས་ལམ་ནི་འཕགས་པའི་བདེན་པ་བཞི་ནི་ཇི་ལྟར་འཕགས་པ་རྣམས་ཀྱིས་བདེན་པར་གཟིགས་པ་བཞིན་དུ་སོ་སོ། ༈ །སྐྱེ་བོ་ཕྱིན་ཅི་ལོག་དང་བཅས་པས་བཟུང་བས་བདེན་པར་མི་མཐོང་བ་ལས་ཁྱད་པར་དུ་འཕགས་པས་ན་འཕགས་པའི་བདེན་པའོ། །ཟག་པ་དང་བཅས་པའི་འདུ་བྱེད་ལ་ཡིད་དུ་འོང་བ་རྣམས་ནི་འགྱུར་བའི་སྡུག་བསྔལ་དང་ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་བར་འགྱུར་དེ་ལས་མ་གཏོགས་པའི་ཆོས་གཞན་ནི་འདུ་བྱེད་ཀྱི་སྡུག་བསྔལ་བས་སྡུག་བསྔལ་བར་གྱུར་པ་སྟེ། །ལྔ་ཕུང་སྡུག་བསྔལ་གསུམ་པོ་དེ་དང་ལྡན་པས་ན་སྒྲོ་བཏགས་མིན་པའི་ཕྱིར་བདེན་པའོ། །འདུ་བྱེད་ལས་གསུམ་དང་སྲིད་གསུམ་དུ་སླར་སྐྱེ་ཞིང་འབྱུང་བར་འདོད་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་དེ་དག་ལས་སྡུག་བསྔལ་ཀུན་འབྱུང་བས་ཀུན་འབྱུང་གི་བདེན་པ། །འགོག་པ་ཐོབ་པས་ཉོན་མོངས་པ་དེ་དག་ཀུན་བྲལ་བའི་ཕྱིར་འགོག་པའི་བདེན་པའོ། །འགོག་པ་དེར་འགྲོ་བའམ་ཐོབ་པའམ་ཚོལ་བ་མཚོན་པའམ་དམིགས་པར་འགྱུར་བས་ན་ལམ་ཞེས་བྱ། ༈ །བདེ ན་པ་བཞི་པོ་དེ་ལས་རེ་རེ་ལ་བཞི་བཞི་ལྔ་ཚན་གཉིས་དང་དྲུག་ཏུ་དབྱེ་སྟེ་གང་ཞེ་ན། ༈ །རྐྱེན་ལ་རག་ལས་པའི་ཕྱིར་མི་རྟག་པ་སྟེ་རྐྱེན་གྱིས་ཚོགས་ན་ནི་སྐྱེ་བྲལ་ན་འགག་པའམ་འཆི་རང་དབང་མེད་པས་ན་མི་རྟག་པའི་རྣམ་པ། །སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་གནོད་པའི་བདག་ཉིད་ཡིན་པས་སྡུག་བསྔལ་བའོ། །བདག་གིར་ལྟར་བའི་མི་མཐུན་ཕྱོགས་གཉེན་པོ་ཡིན་ཏེ་བདག་མེད་ཅིང་སྟོང་པས་ན་སྟོང་པ། །བདག་ཏུ་ལྟ་བའི་གཉེན་པོ་ཡིན་ཏེ་ལྔ་ཕུང་ལ་མུ་སྟེགས་ཅན་གྱིས་བརྟགས་པའི་སྲོག་དང་སེམས་ཅན་ལ་སོགས་པ་བདག་ཏུ་བལྟར་མེད་ཅིང་སྟོང་པ་ཉིད་ཡིན་པས་བདག་མེད། ༈ །ལྔ་ཕུང་དེ འི་རྒྱུ་ལས་དང་ཉོན་མོངས་པ་ནི་ཕུང་པོ་ལྔའི་རྒྱུར་གྱུར་པས་ན་རྒྱུ་འབྲས་བུའི་ས་བོན་ལྟར་རོ། །རྒྱུ་དེ་ལས་འབྲས་བུ་རྒྱུད་དྲུག་ཁམས་གསུམ་ཡང་དག་པར་འབྱུང་བའི་ཚུལ་གྱི་ཀུན་འབྱུང་བ་སྟེ་མྱུ་གུ་འདྲ་བའོ། །བག་ཆགས་སྣ་ཚོགས་བརྟས་ཤིང་འབྲས་བུ་ཐ་དད་མངོན་པར་སྨིན་པར་བྱེད་པས་རྐྱེན་ཏེ་ཆུ་ལུད་ལ་སོགས་པ་ལྟ་བུའོ། །རྒྱུ་རྐྱེན་དང་འབྲས་བུ་འབྲེལ་ནས་ཁམས་གསུམ་དུ་སྐྱེ་བའི་ཕྱིར་རབ་ཏུ་སྐྱེ་བ་སྟེ་མེ་ཏོག་ལྟ་བུའོ། །མདོ་ལས། ཉེ་བར་ལེན་པའི་ཕུང་པོ་འདི་དག་ནི་འདུན་པའི་རྩ་བ་ཅན། འདུན་པ་ལས་ཀུན་འབྱུང་བ། འདུན་པ་དང་འདྲ་བ། འདུན་པ་ལས་རབ་ཏུ་སྐྱེ་བ་དག་ཡིན་ནོ། །ཞེས་པས། རབ་ཏུ་སྐྱེ་བའི་སྒྲ་ཐ་མར་བཏོན་པ་འབའ་ཞིག་ཏུ་ཟད་དོ། །ཞེས་མཛོད་འགྲེལ་ལས་སོ། ༈ །རྒྱུ་རྐྱེན་ཀུན་འབྱུང་སྤངས་ཏེ་བྲལ་བས་ཕུང་པོ་དང་ཁམས་འཇིག་ཅིང་མེད་པར་འགྱུར་བའི་ཕྱིར་འགོག་པ། །སྡུག་བསྔལ་གྱི་མེ་དུག་གསུམ་མི་འབྱུང་ཞིང་མེད་པར་བྱས་པ་དེ་ཞི་བར་གནས་པས་ཞི་བ། །ཕྱིས་ཀྱང་ཁམས་གསུམ་གྱི་སྡུག་བསྔལ་བྲལ་ཏེ་གནོད་པ་མེད་པས་གྱ་ནོམ་པ། །ལམ་གྱི་བདེ་བར་ཕྱིན་ཏེ་སྐྱོན་ཐམས་ཅད་ལས་གྲོལ་བས་ངེས་པར་འབྱུང་བའོ། ༈ །འཕགས་པའི་ལམ་མམ་སར་ཞུགས་ནས་མྱ་ངན་ལས་འདས་པར་འགྲོའི་བས་ན་ལམ། །རིགས་པ་དང་ལྡན་པར་བཤད་པས་ལམ་དེ་འཁྲུལ་པའི་གཉེན་པོར་གྱུར་པས་འཁྲུལ་པ་མེད་ཅིང་ཚད་མར་གྱུར་པས་ན་རིགས་པ། །ཕྱིན་ཅི་ལོག་རྣམས་སྤངས་ནས་ཡང་དག་ཐོབ་པར་བྱེད་པའི་ཕྱིར་བསྒྲུབ་པ། །སླར་འཁོར་བར་མི་སྐྱེ་བར་ཤིན་ཏུ་འདས་པར་ཡང་དག་པར་ངེས་པར་འབྱིན་པའོ། ༈ །དེ་ལ་སྐད་ཅིག་བཅུ་དྲུག་གནས་པར་ཕྱེ་བ་རེ་རེ་ལ་སྤང་བྱ་དམིགས་པ་རྣམ་པ་ལམ་དེ་དག་གང་ཡིན་ངོས་ཟིན་པར་བྱའོ། ༈ །སྡུག་བསྔལ་བ་༼༠༽ལ་དེ་༼༠༽ཁོ་ན་ཉིད་ཀྱི་ཡི་ཆོས། །རྟོགས་པར་བྱ་བར་བཟོད་པས་ན་ཤེས་རབ་ཀྱི་མིག་སྟེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ། །ཆོས་ཤེས་པའི་བཟོད་པའི་རྗེས་ལ་སྡུག་བསྔལ་གྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བས་ན། །སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །ཇི་ལྟར་འདོད་པའི་ཁམས་ཀྱི་སྡུག་བསྔལ་ལ་ཆོས་ཤེས་པ་ལ་བཟོད་པ་དེ་ལྟར་དུ། །ཁམས་གོང་མ་གཟུགས་དང་གཟུགས་མེད་གཉིས་ཀྱི་ཆོས་ཤེས་པ་ལ་བཟོད་པས་ན་སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་ཞེས་བྱ། །ཇི་ལྟར་འདོད་པའི་ཁམས་ཀྱི་ཕུང་པོའི་ཆོས་ཙམ་དུ་ཤེས་པ་དེ་ལྟར་དུ། །ཁམས་གོང་མ་གཉིས་ཀྱི་ཕུང་པོའང་ཆོས་ཙམ་དུ་རྗེས་སུ་རྟོགས་པར་ཤེས་པར་བྱེད་པས་ན་སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ། ༈ །ཆོས་ཤེས་པ་ནི་དང་པོ་འདོད་པའི་ཁམས་ལ་དམིགས་པའི་ཆོས་ཤེས་པ་སྟེ་ས་ལ་ལྟ་བ་དང་འདྲ། །རྗེས་སུ་རྟོགས་པའི་ཤེས་པ་ནི་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་སྤོང་བའི་གཉེན་པོ་སྟེ། །གནམ་ལ་ཡར་ལྟ་བ་དང་འདྲ་བས། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་གཉིས་གཅིག་གི་ཡུལ་གཅིག་གིས་མི་མཐོང་སྟེ། ༈ །ཀུན་འབྱུང་དང་འགོག་པ་དང་ལམ་ཡང་དེ་བཞིན་དུ་བཤད་པས། ༈ །ལམ་ལ་རྗེས་བཟོད་ཡན་ཆད་སྐད་ཅིག་མ་ལྔ་གསུམ་བཅོ་ལྔ་ནི་རྒྱུན་ཏུ་ཞུགས་པའི་རྒྱུ་ལ་གནས་པའོ། །ཉོན་མོངས་པས་བར་དུ་གཅོད་མི་ནུས་པས་བར་ཆད་མེད་པ་ཞེས་བྱ་མརྒ་ན་ལམ་སྟེ་སྤྱིར་ན་བསྒོམ་པའི་ལམ་ལ་གནས་པའི་ཚེ་བཟོད་པ་ཉོན་མོངས་པའི། །གཉེན་པོར་གྱུར་པས་ཉོན་མོངས་པ་ཆོམ་རྐུན་དང་འདྲ་བ་སྒོར་ཕྱུང་ཞིང་སྤངས་པ་ལ་བྱ་བས་ན་བར་ཆད་མེད་པའི་ལམ་ཞེས་བཏགས། ༈ །ཐ་མ་རྒྱུན་ཏུ་ཞུགས་པའི་འབྲས་བུར་གནས་པའོ། །བསྒོམ་པའི་ལམ་གྱིས་ཉོན་མོངས་བྲལ་བ་ཡི། །ཤེས་པ་རྐུན་པོ་ཕྱིས་མི་འབྱུང་བར་སྒོ་བཅད་པ་བཞིན་པས་རྣམ་པར་གྲོལ་བའི་ལམ་ཞེས་བྱ། ༈ །མཐོང་ལམ་སྟེ་དེ་ཁོ་ན་ཉིད་ཐོབ་སྟེ་དེ་ཉིད་རྟོགས་རྗེས་ལ། །འཇིག་རྟེན་པའི་དགེ་བ་མང་པོ་འཕེལ་ཞིང་འབྱུང་བས་ན། །མངོན་རྟོགས་མཇུག་ལས་འབྱུང་བའི་དགེ་བའི་རྩ་བ་ཞེས་བྱའོ། ༈ །སྤྱིར་ཁམས་གསུམ་ལ་ས་དགུ་སྟེ། འདོད་ཁམས་ས་གཅིག །གཟུགས་ཁམས་བསམ་གཏན་བཞི། གཟུགས་མེད་ན་བཞི་སྟེ། ས་དགུ་རེ་རེ་ལ་སྤང་བྱ་ཆེ་འབྲིང་ཆུང་གསུམ་དགུ་དགུ་ཡོད་དེ། དེ་ལ་འདོད་ཁམས་ན་སྒོམ་ལམ་གྱི་སྤང་བྱ་དགུ་ལས་ཆེན་པོ་ལ་ཕྱེ་བའི་ཆེ་འབྲིང་ཆུང་གསུམ་དང་། །འབྲིང་གི་ཆེན་པོ་དང་འབྲིང་གི་འབྲིང་པོ་སྟེ་ལྔ་པ་ཡན་ཆད་ནས་དྲུག་པ་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་རྒྱུ་ལ་གནས་པའོ། །འབྲིང་གི་ཆུང་ངུ་སྟེ་དྲུག་པ་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུར་གནས་པའོ། །ཆུང་ངུའི་ཆེན་པོ་དང་ཆུང་ངུའི་འབྲིང་པོ་སྟེ་བརྒྱད་པ་སྤངས་ནས་དགུ་པ་སྤོང་བ་ནི་ཕྱིར་མི་འོང་བའི་རྒྱུ་ལ་གནས་པའོ། །ཆུང་ངུའི་ཆུང་ངུ་སྟེ་དགུ་པ་སྤངས་པ་ནི་ཕྱིར་མི་འོང་བའི་འབྲས་བུར་གནས་པའོ། །དེའི་ཁྱད་པར་གྱི། སྲིད་རྩེའི་ཆུང་ངུའི་འབྲིང་པོ་སྟེ་བརྒྱད་པ་ཡན་ཆད་སྤངས་ནས་དགུ་པ་སྤོང་བའི་བར་ཆད་མེད་པ་ནི་དགྲ་བཅོམ་པའི་རྒྱུ་ལ་གནས་པའོ། །ཆུང་ངུའི་ཆུང་ངུ་སྟེ་དགུ་པ་རྡོ་རྗེ་ལྟ་བུས་སྤངས་པའི་རྣམ་གྲོལ་གྱི་ལམ་ནི་དགྲ་བཅོམ་པའི་འབྲས་བུར་གནས་པའོ། ༈ །མཐོང་སྒོམ་གྱི་སྤང་བྱ་ནི། མཛོད་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་དེ་དྲུག་ཀྱང་། །ཞེས་པ་དང་། ཡང་། ལྟ་བ་ལྔ་སྟེ་འཇིག་ཚོགས་དང་། །ལོག་དང་མཐར་འཛིན་ལྟ་བ་དང་། །ལྟ་བ་དང་ནི་ཚུལ་ཁྲིམས་དང་། །བརྟུལ་བཞུགས་མཆོག་ཏུ་འཛིན་དང་བཅུ། །དེ་དག་༼དུཿཁ་ལ་༽བཅུ་དང་༼ཀུན་༽བདུན་༼འགོག་༽བདུན་༼ལམ་༽བརྒྱད། །ལྟ་བ་གསུམ་༼ཚུལ་ཁྲིམས་འཇིག་ཚོགས་མཐར་འཛིན་༽གཉིས་མ་གཏོགས་པའོ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །༼འདོད་ཆགས་ཁོང་ཁྲོ་མ་རིག་ང་རྒྱལ།༽བཞི་ནི་སྒོམ་པའི་སྤང་བྱ་ཡིན། ། ༼སོ་དྲུག་༽ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས་༼ན་སོ་གཅིག་༽ གཟུགས་མེད་དེ་དང་འདྲ། །༼སྟེ་སོ་གཅིག་༽དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། །ཅེས་སོ། ༈ །རིག་དང་ཞབས་སུ་ལྡན་པ་ཡིས། །སྦྱིན་གནས་གྱུར་ཅིང་དགེ་འདུན་ཆེ། །ཞུགས་པ་རྣམ་པ་བཞི་དང་ནི། །འབྲས་ལ་གནས་པ་བཞི་རྣམས་སོ། །ཞེས་དབུ་མ་ཚིགས་གསལ་དུ་མདོ་ཁུངས་དྲངས་སོ། །འཕགས་པའི་སྐྱེས་བུ་ཟུང་བཞི་ལ་ཞུགས་འབྲས་གཉིས་གཉིས་སུ་ཕྱེ་བས་གང་ཟག་ཡབ་བརྒྱད་དོ། ༈ །ཐེག་པ་ནར་སོན་པས་ཆེན་པོ་རང་གཞན་གྱི་དོན་དུ་བྱང་ཆུབ་ཐོབ་པའི་སེམས་དང་ལྡན་པས། །སོ་སོ་སྐྱེ་བོའི་གནས་སྐབས་ནས་འཕགས་པའི་གནས་སུ་ཕྱིན་པར་བྱེད་པས་ལམ་ཚོགས་སྦྱོར་མཐོང་སྒོམ་མཐར་ལྔ་རིམ་པས་བསྒོམ་བྱའི་དོན་གནས་པའི་ཐབས་ཆོས་སོ་བདུན་ནི། །བསྒོམ་པའི་ཐབས་ཀྱི་ཀློང་ལས་དེར་གསུངས་ཟིན་ནས། ༈ །འདི་བཅུ་ལ་སྤྱད་ཅིང་བསྒོམས་པས་མཐར་ཕྱིན་ཏེ་ཕྱི་ན་མ་ལུས་པ་ན་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་གོང་མའི་ཡོན་ཏན་ཐོབ་པའི་རྟེན་དུ་གྱུར་ཅིང་ས་དེ་ཉིད་ཡོན་ཏན་གྱི་གཞི་ཡིན་པས་ན་ས་བཅུར་སྦྱར་ན། ༈ །དམ་པའི་ཆོས་དང་གདམས་ངག་སྟོན་པ་ཆོས་ཀྱི་སྦྱིན་པ་དང་ལུས་དང་ལོངས་སྤྱོད་གཏོང་བས་ཟང་ཟིང་གི་རྒྱལ་པོ་ལ་སོགས་པའི་འཇིགས་པ་ལས་སྐྱོབ་པས་མི་འཇིགས་པ། །ཡང་ན་བདག་དང་གཞན་གྱི་དོན་དུ་ལོངས་སྤྱོད་བཏང་ཞིང་༡བུ་དང་ཆུང་མ་འཁོར་མ་ཆགས་པས་རབ་ཏུ་འཁོར་གསུམ་དུ་མི་རྟོག་པས་ལུང་སྲོག་ཆེན་པོར་༡གཏང་༡༡༡བའོ། །སྦྱིན་པ་དེ་ལྟར་རྫོོགས་པར་བྱས་པས་མངོན་འདྲིས་པར་མ་གྱུར་པའི་དོན། །ཆེན་པོ་ཆོས་ཀྱི་དབྱིངས་མངོན་དུ་མཐོང་བ་ལ་རང་དོན་བྱང་ཆུབ་དང་ཉེ་ཞིང་གཞན་དོན་སེམས་ཅན་མང་པོའི་དོན་དང་གཉིས་འགྲུབ་པར་གཟིགས་ནས། །མི་དབུལ་པོ་རིན་པོ་ཆེའི་གཏེར་དང་ཕྲད་པ་ལྟར་དུ་དགའ་བ་རླངས་པོ་ཆེ་སྐྱེ་བས་རབ་ཏུ་དགའ་བའི་སའོ། །ས་གཉིས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྒྲུབ་པས་དགེ་བ་སྡུད་པ་དང་སྡོམ་པ་དང་སེམས་ཅན་ཐམས་ཅད་ལ་དབྱེ་བཀོལ་མེད་བས་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ལ་གནས་པས། །མི་དགེ་བས་འཁོར་བར་སྡིག་པའི་ཆོས་ལ་དགའ་བ་དང་། །སྙིང་རྗེ་མེད་པས་བརྩེ་བྲལ་དབུས་པ་ཐེག་པ་ཆུང་ངུ་ལ་དགའ་བར་གནས་པའི་དྲི་མ་དེ་གཉིས་མེད་པས་དྲི་མ་མེད་ཡང་ན་ཁྲིམས་རྫོགས་པས་རྨི་ལམ་ན་ཡང་ཚུལ་ཁྲིམས་ངན་པའི་ལས་མི་བྱེད་པས་ན་དྲི་མ་མེད་པའོ། །ས་གསུམ་པར་དགེ་བ་སྦྱོར་དུས་སུ་དུཿ ཁས་བར་མི་ཆོད་པས་སྡུག་བསྔལ་༡གཞན་གྱིས་རྡེག་ཅིང་གནོད་པ་བྱེད་ཀྱང་མི་ཁྲོ་བས་གནོད་བྱེད་༡སྟོང་པ་བདག་མེད་ཟབ་མོའི་དོན་བསྟན་ན་མི་སྐྲག་ཅིང་དད་པ་དང་དགའ་བས་དམ་ཆོས་༡༡ལ།༡༡༡ །དང་༡ལེན་དང་ཇི་༡མི་སྙམ་པ་དང་ངེས་པར་བཟོད་པའི་བཟོད་པ་གསུམ་རྫོགས་པས། །བུས་པ་ཉན་རང་གི་ལས་གྲོལ་ཏིང་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་ཡེ་ཤེས་ཀྱི་འོད་ཆེན་པོའི་གནས་སུ་གྱུར་པ་ཐོབ་པས། །ལུས་སྲོག་ལ་མི་ལྟ་བར་ཐོས་པ་བཙལ་བས་བདག་གཞན་གྱི་མི་ཤེས་པའི་མུན་པ་བསལ་ཞིང་ཡེ་ཤེས་སྐྱེད་བ་ཅན་འོད་བྱེད་བ། །ས་བཞི་པར་སེམས་ཅན་གྱི་དོན་སངས་བྱང་ཆུབ་སྒྲུབ་པར་དམ་བཅས་པ་གོ་ཆ་དང་ཐོས་བསམ་རྒྱུན་མི་འཆད་པ་འདི་དགེ་བ་བསྡུ་བ་རང་བཞིན་སེམས་ཅན་ཐབས་ཀྱིས་བཏུལ་ཏེ་དགེ་བ་ལ་དགོད་པའི་དོན་བྱེད་པའི་བརྩོན་འགྲུས་གསུམ་རྫོགས་པས། །བྱང་ཆུབ་ཀྱི་ཕྱོགས་བསྒོམས་པས་ཡེ་ཤེས་མེ་དང་འདྲ་བ་སྐྱེས་པ་དང་ཉོན་མོངས་པ་ཙི་སྦུར་ལྟ་བུ་བསྲེགས་པའི་ཕྱིར་འཕོ་བ་ཅན་ན། །ས་ལྔ་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་འགོག་པའི་སྙོམས་འཇུག་དག་ནི་མཐོང་བའི་ཆོས་ལ་བདེ་བ་གནས་པའི་བསམ་གཏན་ཏེ། །དཔལ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཆེ་བ་ཐམས་ཅད་འཐོབ་པར་བྱེད་བས་ནི་ཡོན་ཏན་གྱི་ཆོས་མངོན་པར་བསྒྲུབས་པ་དང་། བསམ་གཏན་གྱིས་མངོན་ཤེས་དྲུག་པོ་དག་ཐོབ་ནས་རྫུ་འཕྲུལ་གྱིས་སེམས་ཅན་དགའ་བར་བྱས་ཤིང་གཞན་གྱི་སེམས་ཤེས་པས་སེམས་དང་མཐུན་པར་ཆོས་བཤད་ནས་མི་དགེ་བ་ལས་བཟློག་ནས་དགེ་བ་ལ་འགོད་པ་ནི་སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་གསུམ་ལ་གནས་བ་རྫོགས་པས། །བུས་པ་ཉན་རང་ལས་འདས་པའི་འཕགས་པའི་བདེན་པ་བཞི་བསྒོམས་པས། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཏིང་འཛིན་ལས་ཀྱང་མི་ཉམས་ལ། །འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ཡང་རྒྱུན་མི་གཅོད་པར་སྤྱོད་པ་དེ་གཉིས་མགོ་མཉམ་པས། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་མཐའ་རུ་མི་གནས་པའི་ཤེས་རབ་ཡོངས་སུ་དག་པར་བྱ་བ་སྦྱང་ཞིང་སྒོམ་པ་ཤིན་ཏུ་དཀའ་བས་སྦྱང་དཀའི་སའོ། །ས་དྲུག་པར་ནང་རིག་པ་གསུང་རབ་ཀྱི་དོན་ལ་མཁས་པ་ནི་བདག་དོན་དང་གཞན་གསོ་བ་དང་བཟོ་རིག་གཉིས་གཞན་གྱི་དོན་རྟོགས་པ་དང་སྒྲ་ཚད་གཉིས་ཀྱིས་མུ་སྟེགས་སུན་འབྱིན་པའི་རྒོལ་བ་ཚར་གཅོད་པའི་ཤེས་རབ་གསུམ་རྫོགས་པས། །འཁོར་འདས་ཀྱི་མཐའ་གཉིས་ཀ་ལ་མི་གནས་ཤིང་མཚན་མ་མེད་པ་ལ་ངང་གིས་འཇུག་པའི་ཡེ་ཤེས་ལ་མང་དུ་གནས་ཤིང་། །རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་འགག་མེད་པའི་དོན་མངོན་དུ་གཟིགས་བས་མངོན་དུ་གྱུར་པའི་སའོ། །ས་བདུན་པར་དགེ་བ་མང་ཉུང་ཅི་བྱས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོས་པས་དེའི་འབྲས་བུ་ཚད་མེད་པ་སྟེ་ཐབས་དེ་ལྟ་བུ་རྫོགས་པས་འབད་པ་དང་། །རྩོལ་བས་འཇུག་པའི་མཚན་མ་མཐར་ཕྱིན་ཅིང་། །རིང་དུ་སོང་ལ་མཚན་མ་མེད་པ་ལ་བགྲོད་པ་གཅིག་ཏུ་གྱུར་པའི་ལམ་དང་ཉེ་བས་རིང་དུ་སོང་བའོ། །ས་བརྒྱད་པ་ཏིང་ངེ་འཛིན་དང་འགྲོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཕྱི་ནང་གི་ཆོས་རྣམས་སྟོང་པ་དང་། བདག་མེད་པར་མཐོང་བས་དེ་ལ་ཆགས་པ་མི་སྐྱེ་བ་ནི་ཀུན་ཏུ་བརྟགས་པའི་སྟོབས་དང་བརྩོན་འགྲུས་ཤས་ཆེ་བས་ཤེས་རབ་ཆུང་ཡང་གོམས་པའི་ཤུགས་ཀྱིས་དགེ་བའི་ཕྱོགས་འབད་མི་དགོས་པར་སྒྲུབ་པ་ནི་བསྒོམ་སྟོབས་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པས་མི་ཚུགས་པས་ན་སྟོབས་སོ། །ཀྱིས། །མཚན་མའི་༡མཚན་མ་མེད་པར་རྩོལ་བ་ཡི༡། །འདུ་༡༡ཤེས་གཉིས་ཀ་ཟིལ་གྱིས་གནོན་ཅིས་ཀྱང་བསྐྱོད་པར་མི་ནུས་པས་མི་གཡོ་བའོ། །ས་དགུ་པར་བདག་ཚེ་རབས་གར་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ཞིང་སེམས་ཅན་ཀུན་གྱི་དོན་དུ་ཕ་རོལ་ཕྱིན་པའི་སྤྱོད་པ་རྒྱུན་མི་གཅོད་པར་གྱུར་ཅིག་ཅེས་སྨོན་པས། །ཆོས་༡དོན་༡ངེས་ཚིག་༡སྤོབ་པ་༡སོ་༡༡སོ་༡༡ཡང་དག་པར་རིག་པ་བཞི་བརྙེས་པས་ན། །བློ་གྲོས་གཞན་ལས་འཕགས་པ་ཡིན་ཏེ་ཆོས་ཀྱི་མཁན་པོར་གྱུར་པས་ལེགས་པའི་ཀུན་མཁྱེན་འགྱུར་བས་ལེགས་པའི་བློ་གྲོས། །ས་བཅུ་པར་ཆོས་རྣམས་ཀྱི་མཚན་ཉིད་སྟོང་པ་ཉིད་ཐུགས་སུ་ཆུད་ནས་བྱང་ཆུབ་སེམས་དཔའི་ནང་དུ་ཆོས་ཀྱི་ལོངས་སྤྱོད་ཆེན་པོས་ལོངས་ཆེར་སྤྱོད་པའི་ཡེ་ཤེས་ཀྱི་ཕར་ཕྱིན་རྫོགས་པས། །གཟུངས་དང་ཏིང་འཛིན་ཀུན་ལ་སྤྲིན་ལྟར་དུ་ཁྱབ་ཅིང་། །དེ་ལས་ཆར་བབས་པས་དགོན་གདུང་སྦངས་ནས་རྩི་ཐོག་ཐམས་ཅད་འཁྲུངས་པ་དང་འདྲ་བར་ཡེ་ཤེས་དང་ཐུགས་རྗེ་སྤྲིན་ལྟ་བུས་སེམས་ཅན་རྣམས་ལ་ཆོས་ཀྱི་ཆར་བབས་པས་དགེ་བའི་མྱུ་གུ་ལྟ་བུ་སྐྱེས་པས་ན། །ཆོས་ཀྱི་སྤྲིན་གྱི་ས་ཆེན་པོ་ཞེས་བྱ་སྟེ་དེ་དག་རབ་ཏུ་རྫོགས་སོ། །ཞི་གནས་བཀྲོལ་ལ་བསླང་སྟེ་སྙིང་རྗེའི་ཐག་པས་སྡུག་བསྔལ་ཅན་གྱི་འགྲོ་བ་རྣམས་དྲང་བའི་ཕྱིར། །དེ་ལ་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱི་ཞལ་དང་ཕྱག་གིས་ཡང་ན་འོད་ཟེར་ཆེན་པོའི་དབང་དབང་བསྐུར་སྤྲུལ་པ་རྒྱ་ཆེན་པོ་འགྱེད་ཅིང་འགྲོ་དོན་ལ་བསྐུལ་བས། །ཞི་བ་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པར་ངེས་པར་ལེགས་པའི་འབྲས་བུ་བྱང་ཆུབ་ལ་གནས། །པ་ལ་གང་གིས་ཀྱང་བར་ཆད་མི་ནུས་པས་བར་ཆད་མེད་པའི་ལམ་སྒྲིབ་པ་རྩ་བ་ནས་འཇོམས་པས་རྡོ་རྗེ་ལྟ་བུ་ཡི། །ཏིང་ངེ་འཛིན་དྲི་མ་མེད་པ་མཆོག་དམ་པའི་ཤེས་རབ་དེས། །ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཆ་ཕྲ་བ་སངས་རྒྱས་ཀྱི་སྒྲིབ་པ་དེ། །རྒྱུན་བཅད་ནས་མཐར་ཐུག་ངེས་དོན་ངང་དུ་གནས་པར་འདོད་པ་ཡང་། །རྟེན་སྐུ་ཆོས་ལོངས་སྤྲུལ་གསུམ་ཡེ་ཤེས་མེ་ལོང་།༼ཆོས༽ མཉམ་ཉིད་༼ལོངས༽སོར་རྟོག །བྱ་བ། ༼སྤྲུལ ༽ བཞི་ཡི་བདག་ཉིད་ཡིན་དེ། །སྐུ་གསུམ་ཡང་ཆོས་སྐུ་མཉམ་བཞག་ལ་གཟུགས་སྐུ་གཉིས་རྗེས་ཐོབ་ཀྱི་ཚུལ་དུ་གནས་པའམ། །སངས་རྒྱས་ནི་ཆོས་སྐུ་མཉམ་བཞག་འབའ་ཞིག་ཙམ་ཡིན་ལ་གཟུགས་སྐུ་གཉིས་པོ་འཁོར་༼ཿ༽གདུལ་བྱ་དག་མ་དག་གི་ངོ་ལ་སྣང་བས་སྒྲོ་བཏགས་སུ་འདོད་པ་དང་། །སྤྲོས་པ་དང་བྲལ་བ་ཉིད་ཙམ་ཆོས་ཀྱི་སྐུ་ཡིན་ལ་གཟུགས་སྐུ་གཉིས་དེ་༼ཿ༽བཞིན། །ཀུན་རྫོབ་ཙམ་དུ་དག་པ་འཇིག་རྟེན་པའི་ཡེ་ཤེས་གནས་པའང་འཁོར་གྱི་སྣང་བ་དེའོ། ༈ །འོད་ཟེར་བཀྱེ་བས་འདུལ་བའི་སེམས་ཅན་སྨིན་པར་མཛད་ཅིང་ཆོས་ཀྱི་སྣང་བ་འོད་དང་འདྲ་བས་ཐམས་ཅད་གསལ་བར་བྱས་པས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཀྱི་ཅེས་བྱ་སྟེ་དེའི་ས་རུ་བཞག་པ་ཡིན་ནོ། ༈ །དོན་གྱི་གནས་ལུགས་ལ་ངེས་པར་བརྟགས་ན་གདུལ་བྱ་དྲང་བའི་དོན་ཙམ་ཡིན་ཏེ། །རང་གི་སའི་གནས་སྐབས་འབྲས་བུ་ལས་མཐར་ཕྱིན་པ་ངེས་པའི་དོན་ཡིན་པར་བཞེད་དོ། ༈ །བྱ་བའི་རྒྱུད་དང་གཉི་གའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་དང་། །རྣལ་འབྱོར་ཆེན་པོ་དང་རྗེས་སུ་རྣལ་འབྱོར་རྣམས་ཀྱི་ས་ལམ་ནི། །བསྒོམ་ཐབས་ཀྱི་ཀློང་དུ་བསྟན་པ་ཇི་བཞིན་དུ་གནས་སྐབས་ལམ་གྱི་ས་ལམ་རྣམས་ཤེས་པར་བྱ་སྟེ། ༈ །སྔགས་ཕྱི་ནང་རང་རང་གི་མཐར་ཐུག་འབྲས་བུ་ངེས་པའི་དོན་ཡིན་པར་འདོད་ས་ལམ་ནི། །འབྲས་བུའི་ཀློང་དུ་སློབ་དཔོན་ཉིད་ཀྱིས་སྦྱར་བ་ཇི་བཞིན་ནོ། ༈ །མ་བཅོས་གོང་ན་མེད་པས་བླ་མ་ཡེ་ནས་གནས་པ་ལ་ཡོན་ཏན་རྫོགས་པའི། །ས་དང་ལམ་ཞེས་སུ་གསུངས་པ་ཡང་། །ཇི་བཞིན་པ་ཉིད་དུ་གནས་ཤིང་རྟེན་པས་བྱང་ཆུབ་ཀྱི་སེམས། །དོན་ལ་འཇུག་ཅིང་མཐར་ཕྱིན་པར་བྱེད་པས་ཡེ་ཤེས་ལམ། ༈ །ཨ་ཏིའི་སྐལ་བ་དང་ལྡན་པ་སྣོད་ཀྱི་ཡོན་ཏན་རྫོགས་པ་རྟོགས་གྲོལ་ཆིག་ཆོད་དང་། ༈ །ཨ་ཏིའི་སྐལ་བ་དང་ལྡན་པ་བློ་ཞན་ཏེ་ཚིག་ཆོད་མིན་ན་རྟོགས་པ་ལ་གནས་པའི་སའི་རིམ་པ་དང་པོའོ། །རེས་འགའ་བ་སྟེ་གནས་པའི་ཉམས་དང་གཉིས་པ་མི་གཡོ་བར་གནས་པའི། །གསུམ་པ་འཁོར་འདས་མཉམ་པར་མཁྱེན་པའི་ཉམས་ཀྱིས་ལམ་མཐར་ཕྱིན་པར་བྱེད། །བཞི་པ་ལམ་གྱི་འབད་རྩོལ་དང་བྲལ་བ་བདེ་བ་ཆེན་པོར་གནས་པ་སྟེ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཉམས་སོ། ༈ །ཉམས་བཞི་པོ་དེ་དག་དོན་ལ་དབྱེ་བ་བྱར་མེད་པ་ལས་རྟོགས་པ་གོམས་པས་བརྟན་པའི་ཐབས། །དོན་གྱི་ཉམས་རིམ་བཞི་སྐྱེ་བའི་རིམ་པས་ངེས་པར་མཚོན་ནས་དྲང་བའི་ལུང་ཡིན་པར། །མཐོང་བ་སྣ་ཚོགས༴ ཞེས་དྲངས་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་གསང་བའི་ལེའུ་ལྔ་པར་གསུངས། ༈ །ཤན་འབྱེད་བྲམ་ཟེའི་རྒྱུད་ལ་བཟླས་རྒྱལ་པོའི་དོན་ལ་མངོན་སུམ་དུ་གནས་པར་བྱེད་པའི་མན་ངག་གི་རྒྱུད་དེ་ཚིག་ལམ་ལས། །གོམས་བྱེད་ཆ་རྐྱེན་ལམ་དང་ས་ཞེས་གྲགས་པ་གཞུང་གསལ་རྒྱ་ཆེ་ཡང་། །ཧ་ཅང་སྤྲོས་པས་ཐོས་ཆུང་རྙེད་དཀའ་ཐོས་མང་བསྡུས་པར་དཀའ་བར་མཐོང་བས། །སྐུ་གསུམ་ལུང་ལ་བརྟེན་ཏེ་ཅུང་ཟད་ངས་གསལ་བར་མཐོང་བའི་དོན་དེ་བྲམ་ཟེ་སྙིང་པོ་གྲུབ། །པ་ཁྱོད་ལ་གཞག་པར་བཀོད་པས་འདི་ཡིས་ཁྱོད་ཀྱི་ས་ལམ་ཐེ་ཚོམ་ཆོད་པར་གྱིས། ༈ །ཁྱོད་རང་དང་འདྲ་བའི་རྣལ་འབྱོར་པ་མཐར་ཐུག་གི་སྐལ་ལྡན་རྣམས་ལ་དགའ་རབ་ང་ཡི་ཕྲིན་ཡིག་ཀྱེ་ཞེས་བོས་ནས་འདི་རིམ་པར་གཏོད་ཅིག ༈ །བདག་དང་སངས་རྒྱས་ཀྱི་སྐལ་བ་ཡོད་པར་འགྲོ་བ་ཀུན་མཉམ་ཡང་། །སེམས་ཉིད་ལྷག་པར་བསྐྱངས་པས་དགའ་རབ་བདག་བྱིན་གྱིས་བརླབས་ནས་བྱང་ཆུབ་ཐོབ། །དེ་ལྟར་སྐལ་བ་མཉམ་པ་ལ་སྐལ་བ་ཆད་པ་ལྟ་བུའི་འགྲོ་བ་རྣམས། །སྡུག་བསྔལ་གྱིས་ཉམ་ཐག་གྱུར་པར་མཐོང་ནས་ས་ལམ་གྱི་རྣམ་པ་རིམ་པར་སྦྱངས་ཏེ། །སྟོན་པའི་བསྟན་པ་ཐེག་པའི་རིམ་པ་བཞིན་དུ་ས་དང་ལམ་གྱིས་དྲངས་པ་ནི། །འགྲོ་བའི་རིགས་དང་མོས་པས་རྣམ་པར་ཕྱེ་སྟེ་བུས་པ་བྲིད་པར་བསྟན་པ་ཡིན། །བློ་གྲོས་མཆོག་ལྡན་ཚིག་རྗེས་མ་འབྲང་ངེས་པར་གནས་པའི་དོན་ལ་ཡིད་ཆེས་གྱིས། །ཁོ་བོས་སྒྲ་ཕྱིར་མ་ཕྱིན་དོན་ལ་གནས་པས་ཡང་དག་ས་ལ་བཙལ་མེད་གཤེགས། །བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ངེས་པའི་ས་ལམ་བསྟན་པ། །སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་བྷ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། ༈ །མཛོད་རྩ་འགྲེལ་དང་། དབུ་མ་ཚིག་གསལ་དང་། བཀས་བཅད་འབྲིང་པོ་དང་། སློབ་དཔོན་འཇམ་དཔལ་བརྟན་པ་དང་། རོང་ཟོམ་ཆོས་ཀྱི་བཟང་པོའི་གཞུང་རྣམས་དང་ལེགས་པར་བསྟུན་ནས་ཐེག་པ་ཆེ་ཆུང་གི་ས་དང་ལམ་གྱི་མཆན་བུ་སེའི་བནྡྷེ་འབྱུང་ལྡན་གྱིས་བཏབ་པའོ། །


previousས་ལམ་གྱི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next