Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རིན་པོ་ཆེ་རྒྱན་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   
   


 
previousརིན་པོ་ཆེ་རྒྱན་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

རིན་པོ་ཆེ་རྒྱན་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

ར ཏྣ ཨ ལཾ ཀཱ ར ཏི སྨ། །
རིན་པོ་ཆེ་རྒྱན་བཞུགས།
རྒྱ་གར་སྐད་དུ། རཏྣ་ཨ་ལཾ་ཀཱ་ར་ནཱ་མ། བོད་སྐད་དུ། རིན་པོ་ཆེ་རྒྱན་ཞེས་བྱ་བ། ༈ ཡེ་ཤེས་ཀྱི་རང་འོད་རང་སྣང་བའི་ལྷ་རྡོ་མི་ཕྱེད་པས་རྗེ་རང་གསལ་བས་སེམས་བདུད་བཞི་འཇོམས་པས་དཔའ་ལ་ཡུལ་ཐུན་མོང་དང་ཁྱད་པར་གྱིས་ཕྱག་འཚལ་ལོ། །མ་ནོར་བྱང་ཆུབ་ཀྱི་སེམས་ལྷུན་གྲུབ་གསུམ་དུ་རྟག་ཏུ་སྣང་བ་ལས། །དེ་ལྟར་མ་ཤེས་ཤེས་བདག་ཏུ་བཟུང་བས། གཞན་དུ་སྣང་བའི་ཆ་ལས་ཉོན་མོངས་པས་ཀུན་ནས་བསླང་སྟེ་ལས་གསུམ། །སྤྱད་པས་སྣོད་བཅུད་དུ་འཁྲུལ་ཅིང་ཕྱི་ནང་དུ་འཁོར་བའི་སྣ་ཚོགས་སུ་སྣང་བ་འདི་ཉིད། །འོག་མ་པ་ལྟར་མ་བཅོས་ཀྱང་སྐུ་གསུམ་དུ་རོ་གཅིག་དབྱེར་མེད་དུ་རྟོགས་པ་འདུད། ༈ །རང་རིག་པ་ཆོས་ཐམས་ཅད་དུ་རང་སྣང་བ་ཉིད་བརྗོད་བྱ་རུ་ཡེ་ནས་གནས་པ་དེ་ལ། །སྒྲིབ་པ་མེད་བར་རྟག་ཏུ་གསལ་ཀྱང་ངེས་པར་སྣང་བའི་རྐྱེན་བཞི་དང་བྲལ་བ་དེ་ཉིད་དོ ། །མི་རྒྱུ་ཤེས་པའི་བློ་ཡིས་ང་བདག་ཏུ་ནན་གྱིས་བརྟགས་པས། །གཞན་དུ་སྣང་སྟེ་བདག་གཞན་ཆ་ལས་འཛིན་རྐྱེན་ས་དུག་ལྔའི་དངོས་པོར་ཞེན་ཅིང་འཐས་པ་ལས། །འདུ་བྱེད་སེམས་པ་ཡང་སྲིད་འཕེན་ནུས་ཀྱི་རླུང་ལས་གསུམ་གིས་གཡོས་པས་ན། །ཕྱི་སྣོད་དང་ནང་བཅུད་འབྲས་བུ་ཀྱི་སྡུག་བསྔལ་གསུམ་ལ་སོགས་པའི་ངོ་བོར་སྨིན་པ་དེ། །ཐུབ་པའི་དབང་བརྗོད་བྱེད་པོས་སྤོང་སྦྱོང་གི་གཉེན་པོས་བཅོམ་པའི་ཐབས་མཚན་ཉིད་ལྡན་ནས་མྱ་ངན་ལས་འདས། །གཙང་མ། དཔལ་འབྱུང་། དཔལ་བརྟུལ་སྟོབས་ཀྱི། རྡོ་རྗེ་འཛིན་པས་བསྒྱུར་བ་ཕྱི་རྒྱུད་དང་མངའ་རུ་མཛད་པ་ནང་པ་གསུངས། །གཞི་ཇི་བཞིན་པར་རང་ཤར་བའི་སྐྱེས་བུས་དེ་དག་ལྟར་མ་བཅོས་པར་རང་སར་བཀྲོལ་བའི་ཐབས། །རྒྱལ་བ་རིགས་ལྔས་སེམས་དཔའ་རྡོ་རྗེ་ལ་བརྡ་དགོངས་ཀྱིས་སྦྱར་བས། །དེས་ཡང་སྤྲུལ་ཐུགས་སྲས་སྐད་ཅིག་མས་མཐར་ཐུག་གི་སར་བཏོན་ནས་དེས་ཀློང་དགུ་བམ་པོ་ཉི་ཁྲི་བརྗོད་བྱའི་དོན་མཚོན་ཀྱང་། །དེ་དག་གི་དོན་དཀྲུགས་༼ཁ༽རྒྱས་ལས་བསྡུས་༼ཀ༽བསྲང་༼ག༽བས། །འདིར་མོས་ཤིང་འཇུག་པ་དགོས་པ་འཇུག་པའི་གང་ཟག་གིས་བརྗོད་བྱའི་དོན་རྟོགས་ནས་གོམས་ཏེ་དོན་ལམ་མཐར་ཕྱིན་ནས། །དེས་གདུལ་བྱ་གཞན་དྲང་བའི་ཕྱིར་རིན་ཆེན་མཛེས་པར་དགོད་པར་བྱའོ་ཞེས་སོ། ༈ །གོ་ཆའི་གྱོན་པ་རྗེས་སུ་རྒྱས་པ་ལ་ཁྱབ་པས་ལུས་དོན་གྱི་མདོ་ཙམ་ཞིག་རྣམ་པར་གཞག་པ། །མ་བཅོས་གཉུག་མ་དང་འཁྲུལ་བའི་སྣང་བ་ཡང་ངོ་བོས་མ་ནོར་བའི་གཞི། །དེ་ངོ་ཤེས་ནས་ངང་དུ་འདྲིས་པར་རྣལ་འབྱོར་པའི་བློ་འཇུག་པས་ནི་ལམ། །གཞི་ཇི་བཞིན་པ་ཉིད་དུ་མངོན་དུ་གྱུར་རྫོགས་པ་ནི་འབྲས་བུ། །དེ་གསུམ་ཀྱང་ཆོས་ཉིད་རང་སྣང་དུ་དབྱེར་མེད་པར་ཐིག་ལེ་ཉ ག་གཅིག་གི་ངང་སྟེ། །བརྗོད་བྱེད་རྒྱས་པ་འབྱུང་བ་ཀུན་གྱི་རྩ་བ་ལུས་ཀྱི་ཚུལ་དུ་མདོར་གཞག་གོ། ༈ །དང་པོའི་ཡན་ལག་རྒྱས་པ་ལ་གནས་ལུགས་དང་འཁྲུལ་ཚུལ་ལོ། ༈ ། ཡེ་ནས་གནས་པའི་ངོ་བོ་སྤྱི་དང་བྱེ་བྲག་གི་མཚོན་པའི་དཔེ། །མིང་དོན་ངེས་ཚིག་བློ་དང་འཚམས་པའི་མིང་གྲངས་གཞན་སེལ་དོན་གཉེར་གྱི་དགོས་ཆེད་དང་། །ལྷུན་གྲུབ་གསུམ་གྱི་རང་བཞིན་དེ་གསུམ་གྱི་མཚན་ཉིད་ཇི་སྲིད་གནས་པའི་དུས་དང་། །བཞི་ཚན་གཉིས་ཀྱི་རིམ་པ་བཟློག་སྟེ་རྒྱས་པར་བསྟན་པའོ། ༈ །རྒྱུ་ཡིས་བསྐྱེད་པ་ལ་མི་གནས་པར་ཆོས་ཉིད་རང་སྣང་ཡིན་བས། །ཐོག་མ་མེད་ཅིང་མཐར་མི་ནུབ་པའོ། ༈ །རང་བཞིན་ཅིར་ཡང་མ་དམིགས་རྣམ་པ་ཐམས་ཅད་དུ་མ་འགགས་མཚན་ཉིད་ཡུལ་མེད་པར་རང་སྣང་བས། །སྤྱོད་ཡུལ་དང་བྲལ་བས་གསང་བའི་མཐའ་དབུས་ཀྱི་ཐ་སྙད་གྲོལ་བས་དབུ་མ་ཆེན་པོར་གནས་པའོ། ༈ །རང་བཞིན་ནི་ལྷུན་གྲུབ་རྣམ་པ་གསུམ་ལ། ༈ །ཡིད་སྤྲོས་པ་སྣ་ཚོགས་སུ་སྐྱེ་བའི་རང་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བས་འཁོར་འདས་ཀྱི། །ཐ་སྙད་གཉིས་པ་ནམ་མཁའ་ལྟར་དུ་ཡངས། ༈ །རྣམ་པ་ནི་སྣ་ཚོགས་སུ་མ་འགགས་པར་འོད་གསལ་བས། །སྒོ་ལྔའི་ཡུལ་རྣམས་མ་འགགས་པར་ངོས་གཟུང་མེད་པས་སྒྱུ་མར་གསལ། ༈ །མཚན་ཉིད་ནི་རང་སྣང་ཡིན་པས་གཟུང་འཛིན་དང་བྲལ་ཏེ། །མི་གནས་པར་རང་རིག་པ་བྱང་ཆུབ་ཀྱི་སེམས་སོ། ༈ །དེ་དག་ཀྱང་དབྱེར་མེད་པར་རང་གསལ་བས་ཐིག་ལེ་ཉག་གཅིག་གོ། ༈ །དགོས་ཆེད་གཉིས་ཀྱི་ཕྱིར་ལྷུན་གྲུབ་གསུམ་དུ་བརྡར་བཏགས་ཏེ། དེ་ཡང་མཐའ་གསུམ། བསལ་༼༡༽ཏེ་རྟོགས་པ་དོན་དུ་༼༢༽གཉེར་བའོ། ༈ །ཐེར་ཟུག་རྟག་པར་འཛིན་པ་དང་རོལ་པའི་སྣང་བ་ཆད་པར་ལྟ་བ་དང་། །རྟག་ཆད་གཉིས་དང་བྲལ་བ་ལ་བལྟོས་པའི་དབུས་སུ་འཛིན་པའི། །མཐའ་དང་གསུམ་བསལ་བའི་ཕྱིར་རང་བཞིན་རྣམ་པ་མཚན་ཉིད་དུ་བརྡར་གདགས་༼༠༽ཀྱི་སྒྲ་ཇི་བཞིན་པར་ནི་མིན་ནོ། ༈ །ཤེས་༼༢༽བྱ་ཚོགས་བརྒྱད་ལ་ཉོན་ཡིད་དང་ང་བདག་གཟུང་འཛིན་དང་། །ཡིད་སྤྲོས་པ་སྣ་ཚོགས་དང་མཚན་མ་ལྔར་སྒོ་ལྔ་ཡུལ་ལྔ་ལ་འཛིན་པ་དང་གསལ་བ་སྐྱེ་ལུགས་གསུམ། །རང་སྐུ་གསུམ་དུ་གྲོལ་བར་བསྟན་པའི་ཕྱིར་ལྷུན་གྲུབ་གསུམ་དུ་བཏགས་ཀྱི་མི་ཞེན་པ་ནི་སྔར་དེ་༼༩༽བཞིན་ནོ། ༈ །གདུལ་བྱ་རང་རང་གི་བློ་དང་ཡི་མཚམ་ཚད་དུ་མི་བརྟགས་པའི་གྲངས་ནི། །སྤྲོས་བྲལ་རང་གསལ་བས་བྱང་སེམས་༼༡༽ཡེ་ནས་གནས་པས་ལྷུན་གྲུབ་ཟུག་རྔུ་མེད་པས་བདེ་ཆེན་དང་། །ཡུལ་མེད་པས་རང་སྣང་མུ་མཐའ་མེད་པས་དབུ་མ་བཟང་ངན་མེད་པས་མཉམ་པ་ཉིད། །ལྷག་མ་མ་ལུས་པས་རྫོགས་པ་ཆེན་པོ་རྒྱུར་གྱུར་པས་ཆོས་ཀྱི་དབྱིངས། །ཐ་དད་མ་གྲུབ་པས་གཉིས་མེད་བློའི་ཡུལ་དུ་མ་གྲུབ་པས་བསམ་འདས་བྱེད་པ་པོ་མེད་པས་མ་བཅོས་པ་ཞེས་༼༡༡༽གྲགས་ཀུན་ལ་སྦྱར། །མིང་གི་རྣམ་གྲངས་རྒྱལ་བས་ཀྱང་བརྗོད་པ་ལས་འདས་སོ། ༈ །འཁོར་འདས་གཉིས་ཀྱི་བསྡུས་པའི་ཆོས་བརྗོད་བྱ་རྗོད་བྱེད་དུ་སྣང་བ་ཀུན་གྱི་དངོས་གཞི་ཡིན་པས། །མཐོན་པོ་འདས་པ་དང་དམན་པ་འཁོར་བ་ཀུན་གྱི་འབྱུང་བའི་གཞིར་གསུངས་ཡེ་ཤེས་གསང་བ་ལས་ཐམས་ཅད་རོལ་བས་འཁོར་བ་ཡིན། འཛིན་རྟོག་སྤངས་པས་ས ངས་རྒྱས་ཡིན། །ཞེས་སོ། ༈ །དེ་དཔེ་ཡིས་མཚོན་ན་སྤྱི་གནས་ལུག་ཙམ་དང་བྱེ་བྲག་ལྷུན་གྲུབ་གསུམ་གྱི་དཔེ་སྟེ། ༈ །ནམ་༼ ཀ༽མཁའ་༼༡༽རྒྱ་༼ཁ༽མཚོ་༼༡༽རིན་༼ག༽པོ་ཆེ༼༡༽། །སྨན་༼ང༽དུག་འབྱུང་༼ཅ༽བ་༼༡༽ཉི་མ་༼༡༽དང་། གསེར་གྱིས་གཞི་བཞིན་༼༡༡༡༡༡༡༽དུ་མུ་མཐའི་ཕྱོགས་༼ཀ༽རིས་ཀུན་ལ་ཁྱབ་པས་༼ཁ༽རྒྱ་ཆེ་ལ་རྟོགས་དཀའ་བས་གཏིང་ཟབ། །ཅིར་ཡང་མི་༼ག༽རྟོག་ལ་རེ་བ་སྐོང་བསམ་བརྟགས་ཀྱི་རྐྱེན་༼ང༽གྱིས་ཅིར་ཡང་སྣང་། །ཅིར་ཡང་མ་འགགས་པར་རྩལ་༼ཅ༽སྣང་གསལ་༼ཆ༽བྱེད་ཀྱི་རྐྱེན་ལ་མ་རག་པར་རང་གསལ་དུས་གསུམ་དུ་མི་འགྱུར་བས་༼ཇ༽བརྟེན། །ཡོན་ཏན་གྱི་ལྡོག་ཆ་རེས་དཔེ་ཀུན་ཀྱང་དོན་དང་མཐུན་ནོ། ༈ །སྨག་གི་མུན་པ་དང་ཆུའི་གཉེར་མ་དང་ཉི་མ་ཤར་བ་དང་གསུམ་གྱིས་ལྷུན་གྲུབ་གསུམ་མཚོན་པ་ནི། རྩ་བའི་རྒྱུད་ཡེ་ཤེས་གསང་བའི་ལེའུ་དྲུག་པ་རུ་གསུངས་པ་གཞི་མཚོན་ཅེས་དྲང་དེ་བཞིན་ནོ། ༈ །ངོ་བོ་ནི་ཆོས་ཐམས་ཅད་སེམས་ཉིད་རང་སྣང་བ་ཉིད་བཅུད་འདུས་པས། །སྙིང་པོར་གནས་པ་དེ་སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ་ཐམས་ཅད་ལ། ཡེ་ཤེས་གསང་བ་ལས། རང་སྣང་ལྷུན་གྲུབ་ཡེ་གནས་པ། ཡེ་ནས་གནས་པར་བགྲོད་པའི་ལམ་གྱིས་བཙལ་མི་དགོས། །ཞེས་སོ། །གསུངས་པའོ། ༈ །འཁྲུལ་པའི་རྒྱུ་རྐྱེན་འབྲས་བུ་དུས། །དཔེ་དང་སྣང་ཚུལ་ཉེས་པ་གྲངས། ༈ །ལྷན་ཅིག་སྐྱེས་པའི་མ་རིག་༼ཀ༽པ་ནི་ཀུན་བཏགས་བདག་ཏུ་ལྟ་བ་ནི་༼ཀ༽མཚུངས་པར་ལྡན་པའི་དང་། །ལྷན་༼ཁ༽ ཅིག་བྱེད་རྒྱུར་༼ཀ་ཁ༽ ཡང་སྤྲུལ་དཔའ་བོས་གཏེར་བཏང་དུ་བཤད་རང་བྱུང་ཞེས་དྲང་། ༈ །ཡེ་ནས་རང་བྱུང་ལྔ་རུ་གནས་ཀྱང་རིན་ཆེན་གདམས་ངག་སྟོན་པའི་རྐྱེན་བཞིས་དབུལ་བ་དང་། །སེམས་ཉིད་རང་སྣང་ཡིན་པའི་ཕྱིར་བདག་གཞན་ཐ་དད་དུ་བརྟགས་༼༠༽ཏེ་འཁྲུལ་པ་བྱུང་ངོ་། ༈ །དེ་༼༠༽ཡི་ཆ་ལས་ཉོན་མོངས་པ་ལྔས་ལས་གསུམ་སྤྱད་པས། །སྣང་བ་སྣོད་དང་བརྟགས་པ་བཅུད་ཐ་དད་པའི་གནས་སུ་འཕངས། ༈ །རྒྱུ་རྐྱེན་དེ་ཡིས་འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་གྱི་ཕྱི་སྣོད་དང་ནང་བཅུད་དུ། །འཁྲུལ་ཞིང་རྒྱུན་དྲུག་ཏུ་འཁོར་བ་དྲག་པོས་ངེས་ངེས་འདྲར་སྨིན་ནོ། ༈ །གནས་ལུགས་ཡིན་པར་ཡེ་ནས་རང་གནས་པ་དང་དེ་ངོ་། མ་ཤེས་གཉིས་འབྱུང་བའི་དུས་ལ་པ། །སྔ་ཕྱི་མི་གནས་པ་ཐོག་མའི་མཐའ་མེད། །སེམས་ཅན་ཚད་ལས་འདས་པས་ཕྲི་བས་མི་ཟད་དེ་ཐ་མའི་མཐའང་བྲལ། །དུས་རྒྱུན་དུ་འཁོར་བ་མི་སྟོངས་བར་འཁོར་ལོ་ཡང་ཡང་དུ་སྐོར་བ་ནི། ༈ །དཔེར་ན་ཟོལ་ཆུ་བརྒྱུད་པའི་འཁོར་ལོ་དབུ་མ་ལ་འཇུག་པའི་འགྲེལ་པ་ལས། བདག་དང་བདག་གིར་མངོན་པར་ཞེན་པའི་འཇིག་རྟེན་འདི་ནི། ལས་དང་ཉོན་མོངས་པའི་ཐག་པས་ཆེས་དམ་དུ་བསྡམས་པ་འཁྲུལ་འཁོར་མཁན་རྣམ་པར་ཤེས་པས་བསྐྱོད་པ་ལ་རག་ལས་པར་འཇུག་པ། འཁོར་བའི་ཁྲོན་པ་ཆེན་པོ། སྲིད་པའི་རྩེ་མོ་ནས་མནར་མེད་པ་ལ་ཐུག་པར་ཟབ་པར་བར་མེད་པར་འཕྱན་པ། རང་གི་ངང་ཉིད་ཀྱིས་ཐུར་དུ་འགྲོ་བར་འཇུག་པ ། འབད་པས་ཇི་ཞིག་ལྟར་དྲང་བར་བྱ་བ་མི་ཤེས་པ་ལ་སོགས་པ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་ཡོད་ཀྱང་། སྔ་མ་དང་ཕྱི་མ་དང་བར་ཡི་རིམ་པ་ངེས་པར་མི་ཟིན་པ། ཉི་མ་རེ་རེ་ཞིང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་དུཿཁ་ཉིད་དག་གིས་གཅོག་པའི་ཕྱིར། ཟོ་ཆུ་རྒྱུད་མོའི་གནས་སྐབས་ལས་མ་འདས་པར་གནས་པ་ཞིག་སྟེ། ཞེས་སོ། །ལྟར། །ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་རྒྱུ་འབྲས་ཀྱི་ཤུགས་ཀྱིས་ཡང་ཡང་དུ་བསྐྱར་བའོ། ༈ །དོན་དུ་གྲུབ་པ་ཡོད་པ་མིན་ཀྱང་ཕྱིའི་དོན་ལྟར་དུ་སྣང་བ་ནི། །རབ་རིབ་ཀྱི་རྐྱེན་གྱིས་དཀྲུགས་པའི་མིག་གི་དབང་པོ་ལ་སྐྲ་ཟླ་སྣང་བ་བཞིན་ནོ། ༈ །མ་རིག་པ་གཉིས་ཀྱི་འདམ་གྱི་ཕུང་པོའི་གཞི་ལ། །ཉོན་མོངས་པ་དུག་གི་གཞི་ས་བོན་བཏབ་པས། །སྡུག་བསྔལ་གསུམ་ལ་སོགས་པ་སྣ་ཚོགས་ཀྱི་ཉེས་པས་རྒྱུད་ཉེན་ལ། ༈ །གནས་སྐབས་ཐར་པ་དང་མཐར་ཐུག་བདེ་ཆེན་གྱི་སྲོག་དང་བྲལ་བའོ། ༈ །རྣལ་མའི་༼ཀ༽དོན་མ་རྟོགས་༼༡༽པར་རིགས་དྲུག་༼ཁ༽ ལོག་པར་རྟོག་༼༡༽པ་རྟག་ཆད། །རྒྱལ་བའི་བཀའ་༼ག༽ལ་ཕྱོགས་ཆར་༼༡༽བརྟགས་པས་༼༡༡༡༽འཁྲུལ་པ་རྩོལ་བརྒྱད། ༈ །ལོག་པའི་ཉིང་༼ཀ༽རྐྱེན་དང་བྲལ་ཀྱང་འགྲོ་བ་རིགས་དྲུག་ནི། །རང་རང་གི་ལས་ཀྱི་ཞེན་པ་ཚུལ་སོ་སོར་གནས། ༈ །སྟོན་༼ཁ༽པ་དྲུག་ལ་སོགས་པའི་བསྟན་པ་ལོག་པ་ཡིས། །རང་བཞིན་དང་རྣམ་པའི་དོན་ལས་རྟག་པ་དང་ཆད་པར་ལོག་པར་བསྒྱུར་རོ། ༈ །རྒྱལ་༼ག༽བའི་བཀའ་ལས་ཕྱོགས་རིས་མེད་པ་ལས། །བྱ་བ་བྱེད་པའི་རིགས་པ་ལས་དང་ངོ་བོ་ཆོས་ཉིད་ཀྱིས་ཕྱེ་བས་ཐ་དད་སྣང་བ་ནི། ༈ །གཟུང་ཡུལ་འཛིན་སེམས་རྡུལ་ཕྲ་རབ་དང་སྐད་ཅིག་མ་དོན་དམ་དུ་འདོད། །རྟེན་འབྲེལ་སྒྱུ་མ་ཙམ་དུ་བཟུང་ཡུལ་རང་བཞིན་མེད་པར་རྟོགས་ཀྱང་འཛིན་པ་སྐད་ཅིག་མར་འདོད་པ་ཅན། །བདེན་པ་གཉིས་ནི་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་ལ་དོན་དམ་ཅི་ཡང་མི་གནས་པའོ། །ཀུན་རྫོབ་དེ་པད་རྡོ་རྗེའི་རིགས་གསུམ་ཡེ་ཤེས་པ་རྗེ་བོ་དམ་ཚིག་པ་འབངས་ལ་དོན་དམ་མཐའ་བཞི་རྣམ་པར་དག་ཅིང་། །ཡུལ་ཡུལ་ཅན་བྱ་བྱེད་གང་རུང་བསྡུས་པས་རིགས་བཞིར་ཀུན་རྫོབ་གནས་པ་ལ་ཡེ་ཤེས་པ་དཔོན་དམ་ཚིག་པ་གཡོག་དོན་དམ་སྟོང་། །ཡོ་ག་པས་རིགས་ལྔ་གསལ་ན་ཐ་དད་བཟང་ངན་མེད་པས་གྲོགས་པོའི་ཚུལ་དོན་དམ་པར་རྣམ་པར་སྣང་མཛད་ཆེན་པོ། །མ་ཧཱ་སྣང་སྟོང་གཉིས་སུ་མེད་པར་ཟུང་དུ་འཇུག་པ་ལ་བསྙེན་སྒྲུབ་ཡན་ལག་ཅན། །ཨ་ནུ་ཡུལ་དབྱིངས་སེམས་ཡེ་ཤེས་དེ་གཉིས་འདུ་འབྲལ་མེད་པས་བདེ་བ་ཆེན་པོ། ༈ །གནས་ལུགས་ཡིན་མིན་གཅིག་ལ་རང་རང་གི་འདོད་པས་ངེས་པར་གཟུང་བ་བརྒྱད་པོ་དེ། །དཔེར་མུ་སྟེགས་པས་གང་ཟག་གི་བདག་མེད་པ་ལས་བདག་རྟག་པར་བཟུང་བ་བཞིན་ནོ། ༈ །རང་བྱུང་གཉུག་མར་གནས་ཀྱང་གསལ་བྱེད་ཀྱི་རྐྱེན་མེད་པས། །རིག་པའི་རྩལ་ཆེན་པོ་མ་བྱང་བར། །རིགས་དྲུག་༼ཀ ༽དང་མུ་སྟེགས་རྟག་༼ཁ༽ཆད་དང་རྩོལ་བ་༼ག༽ བརྒྱད་པོའི་གཞིའོ། ༈ །གཞི་དེ་རྟོགས་ནས་དེའི་ངང་དུ་འདྲིས་པར་བྱེད་པའི་ཐབས་ལམ་ལ་གྲངས་གཉིས་ཏེ། །དོན་ལམ་རྟོགས་གོམས་དང་དེ་མིང་མཚོན་ཅིང་བརྡ་སྤྲོད་པའི་ཚིག་གི་ལམ་མོ། ༈ །དང་པོ་ལ་ལམ་རང་གི་ངོ་བོ་དང་ཆ་རྐྱེན་ཡན་ལག་ཏེ་གཉིས་སོ། ༈ །ལམ་ཉིད་ལ་ངོ་བོ་ངེས་ཚིག་དཔེ། །ཡོན་ཏན་བྲལ་སྐྱོན་གནས་པའི་ཚད། །ཚུལ་དང་གྲངས་ཀྱིས་བཞི་ཚན་གཉིས་ཡིན་ནོ། ༈ །ལྟ་བ་རྟོགས་ནས་དེའི་ངང་ལ་འདྲིས་ཤིང་གོམས་པར་གང་གནས་པ་དེའི། །ལམ་གྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་༼༠༽ ཉིད་ཡིན་ནོ། ༈ །དོན་དེར་༼༠༽རྣལ་འབྱོར་པའི་རྟོགས་གོམས་ཀྱི་བློ་འཇུག་༼༡༽པས། །འོག་ནས་གོང་དུ་བགྲོད་པས་མ་ཡིན་ཀྱང་དེ་༼༡༽ཉིད་ཀྱིས་ལམ་ཞེས་བྱའོ། ༈ །མཚོན་པར་བྱེད་པའི་དཔེ་སྔར་བཤད་པ་བཞིན་དུ་སྤྱིར་ལམ་ལ་ཡང་འཇུག་ལ། །ཁྱད་པར་དུ་ཚུལ་ངན་གྱི་རྩོལ་བ་མེད་པར་རང་གསལ་བ་ནི་མར་མེ་ལ་བཞིན། །ཉེས་པས་མ་གོས་པར་ཐམས་ཅད་དུ་རང་སྣང་བ་ནི་པདྨ་དང་འདྲ། །རྟོགས་པ་རྒྱུན་དུ་གོམས་པས་གནས་པ་ནི་ཆུ་བོའི་རྒྱུན་ལྟར་རོ། །ཚིག་དང་དོན་མཚོན་པ་ལ་གནས་སྐབས་ཀྱིས་དཔེ་དེ་དག་འཇུག་གོ། ༈ །ཡོན་ཏན་གྱི་གྲངས་ཀྱི་མཐའ་བརྗོད་པ་ལས་འདས། ༈ །རང་མཚན་མངོན་སུམ་དུ་རྟོགས་པས་ཆོས་ཉིད་ཤེས་བྱ་རང་འཛིན་པ་ཡུལ་མེད་རང་གསལ་གྱི་ངང་དུ་མུན་གོ་ལས། སྤྱོད་ཡུལ་རང་རིག་ཏུ་ཤར་ཏེ། གཉིས་མེད་པས་ཤེས་བྱ་དག་ནས་ཆོས་སྐུ་མཐོང་ངོ་། །ཞེའོ། །དག །དེའི་ངང་དུ་གོམས་པས་ཉོན་མོངས་པ་དང་བག་ལ་ཉལ་གྱི་སྒྲིབ་པ། །མ་སྤངས་པར་རང་སར་གྲོལ་བ་ཡིན། ༈ །དཔེར་ན་རྒྱ་མཚོ་དྭངས་ན་ཉི་ཟླའི་གཟུགས་བརྙན་འཆར་བ་བཞིན་དུ་འོད་མི་རྟོག་འཛིན་མེད་ཅེས་དྲང་། །ཕ་རོལ་ཕྱིན་དྲུག་ཚད་ལམ་རིམ་བསོད་ཆེན་ཞེས་དྲང་མེད་བཞི། །སྟོང་པ་ཉིད་མཚན་མ་མེད། །སྨོན་པ་མེད། རྣམ་ཐར་སྒོ་གསུམ་སྐྱབས་སུ་འགྲོ་བ་གསུམ་དང་། །འདྲིས་པ་མི་བརྗེད་པས་དྲན་པ་དང་བྱ་བ་ལ་ཤེས་བཞིན་དུ་འཇུག་པ་དང་། མི་དགེ་བའི་གཉེན་པོ་བག་ཡོད་གཏམ། །སྡོམ་པ་འདུལ་སྡོམ་དམ་ཚིག་གསུམ་དང་ཤེས་རབ་གསུམ་ཐོས་བསམ་བསྒོམ་པ། །ལྟ་ཀླེང་ལས། ཕྱོགས་འཛི་ཞི་ཞེས་དྲང་། ལས་བཞི་བསླབ་པའི་མཐའ་བཅུ་དོན་བསྡུས་ལས། དམ་ཚིག་གཞི་རྒྱུད་དགྲོལ་བ་དང་། སྒོ་མོ་བསྡུར་དང་ཕུལ་དབྱུང་དང་། ཐག་གཅད་པ་དང་ཉམས་བླང་དང་། ལ་དོར་སྤྱོད་དང་དབང་རིམ་དང་། མན་ངག་དོན་དང་མདོ་བསྡུས་རྣམས། རྣལ་འབྱོར་བསླབ་པའི་མཐའ་བཅུར་བཤད། །ཅེས་སོ། །དང་། །གཏེར་གཏད་དྲང་ཀློང་དགུ་དང་དེ་དག་རྣམས་ཐབས་ཆེན་པོ་རྟོགས་པའི་ངང་དུ་གནས་པ་གཅིག་གིས་རྫོགས་པའོ། ༈ །ལམ་མེད་པའི་སྐྱོན་ཀྱང་གོང་གི་ཡོན་ཏན་དེ་ལས་བཟློག་པ་མཚུངས་ཏེ། །མ་རིག་འདམ་གྱི་ཕུང་པོ་ཞེས་གཞི་ཉིད་སྐབས་སུ་བསྟན་པའོ། ༈ །ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་དུ་ཐེ་ཚོམ་མེད་པར་ངེས་པར་རྟོགས་པའི་ཚད་རང་མཚན་མངོན་སུམ་རང་རིག་ན། ཞེས། དེའི་ངང་ལ་འདྲིས་པའི་ངེས་པར་གདེང་དུ་གྱུར་པའི་ཚད་རྟགས་ན་ཞེས། ནི། །ཡང་སྤྲུལ་དཔའ་བོས་གཏེར་གཏད་དུ་གསུངས་པར་ཤེས་པར་བྱའོ། ༈ །རྒྱལ་བུ་རྒྱལ་སར་འདོན་པའི་ཚུལ་དུ། །རང་ལ་རྫོགས་པའི་ལྷུན་གྲུབ་གསུམ་གྱི་དོན་བསྟན་པས་རྟོགས་ཏེ། དེ་ཡི་ངང་ལ་གོམས་པས་འདྲིས་པར་གནས་པའོ། ༈ །རྣམ་པར་དབྱེ་བ་ལ་ལམ་གཅིག་ཅར་རིམ་གྱིས་པ་གཉིས་ཏེ། ༈ །རིག་པའི་ཤེས་རབ་ཀྱི་རྩལ་ཆེན་པོ་རྫོགས་པའི་བློ་ཡང་རབ་ཏུ་གྱུར་པ་ལ། །རྟོགས་པ་དང་གྲོལ་བ་ཆིག་ཆོད་ཉིད་དུ་རང་སྣང་བསྟན་པས། །རྩོལ་བ་མེད་པ་ནི་ཁྱུང་ཆེན་པོ་ནམ་མཁའ་ལ་ལྡིངས་པ་འདྲའོ། ༈ །རང་རྒྱུད་ཆིག་ཆོད་དུ་མ་སྨིན་པའི་བུས་པ་དབང་པོ་འབྲིང་དང་ཐ་མ་ལ། །ཐབས་ཆེན་བརྒྱུད་པའི་ལུང་ཐེག་པ་བརྒྱད་ཀྱིས་བློ་དང་འཚམ་ཚད་དུ་བསྟན་ནི། །གུ་ལྗོ་བྱིས་པ་རིམ་གྱིས་སྨིན་པར་བྱེད་པའི་ཚུལ་དང་མཐུན་ནོ། ༈ །དོན་ལམ་དེ་ཡི་ཆ་རྐྱེན་གྱི་ཡན་ལག་ལ་གསུམ་སྟེ། །རྟོགས་པར་བྱེད་པའི་ཐབས་དང་གོམས་པར་བྱེད་པའི་ཐབས་དང་། །དེའི་ངང་ལ་གནས་པའི་སའི་བར་ཆོད་བསྲུང་བའོ། ༈ །དང་པོའི་རྟོགས་བྱེད་ཀྱི་ཡན་ལག་ལ་རྣམ་པ་བཞི་སྟེ། །ངང་རང་བཞིན་བདག་ཉིད་ཆེན་པོའི། དབྱིངས་ཡེ་ཤེས་དབྱེར་མེད། བདག་ཉིད་ཆེན་པོ་གཅིག་གི་གཏན་ཚིགས་གསུམ་གྱིས་གཞིགས་ལ་ལྟ་བ་རྟོགས་པ་དང་། །མཚོན་པར་བྱེད་པའི་དཔེ་དང་དོན་གྱི་ཕྱོགས་རེ་མཐུན་པར་སྤྱི་རྣམ་ཙམ་ཤེས། །མན་ངག་རིམ་པར་བརྒྱུད་པས་མངོན་སུམ་པར་བསྟན་ནོ། །དེ་ཡི་ཡིད་ཆེས་པར་བྱེད་པ་ལུང་ལས་ཤེས། ༈ །གཏན་ཚིགས་དང་དཔེ་ཡིས་མཚོན་པ་དང་། །ལུང་དང་དེ་དག་རྩ་བའི་རྒྱུད་ཡེ་ཤེས་གསང་བའི་ལེའུ་གཉིས་པ་དང་གཏེར་གཏད་ལེའུ་གསུམ་༼ཁ༽པར། །ལྔ་༼ཀ ༽པའི་དོན་ལ་དཔའ་༼ག༽ བོས་བཀྲོལ་བས་འདིར་བྲི་མི་དགོས། ༈ །མན་ངག་གི་ཡན་ལག་ལ་རྣམ་པ་གསུམ་སྟེ། །མན་ངག་རིན་ཆེན་༼༡༽བླང་པའི་གཞི་སློབ་དཔོན་དང་དེ་༼༡༽ཡི་གནས་སློབ་མ་དང་། །དོན་ངེས་པར་རྟོགས་པའི་བྱ་བའི་ཐབས་ཚེགས་དང་བྲལ་བའི་མན་ངག་༼༠༽རང་གི་ངོ་བོའོ། ༈ །འདི་༼༠༽ ལ་སློབ་དཔོན་རྣམ་པ་གཉིས་ཏེ། ༈ །མ་ནོར་ངེས་པའི་སློབ་དཔོན་ནི། །རང་གི་སེམས་ཉིད་རང་བླ་མ་རིན་པོ་ཆེ་ཡིན་ཏེ། །དེ་ནི་བྱིན་རླབས་དང་བརྒྱུད་པའི་མན་ངག་ཀུན་གྱི་བདག་ཉིད་ཡིན་པས། །བརྡ་བྲལ་རང་གྲོལ་བའི་མན་ངག་རང་བཞིན་གྱི་བྱིན་གྱི་རླབས་ཀྱིས་སྟོན། ༈ །བརྡ་ཡིས་དེ་དང་འབྲེལ་བའི་དོན་ངེས་པར་སྤྲོད་པའི་སློབ་དཔོན་ནི། །ངེས་པ་ཆུ་བོ་བཞི་ཡི་དོན་ཐུགས་ལ་གནས། །བརྗོད་བྱའི་དོན་དང་འབྲེལ་པའི་རྗོད་བྱེད་བརྡ་ཚིག་དང་ལྡན་པ་ཅན་དེས་རྒྱལ་བའི་རྒྱུད་དག་སྟོན་པའི་ཐབས་ལ་མཁས་ཤིང་། །རྟོགས་གོམས་ཀྱི་གདེང་དང་ལྡན་པར་ངེས་པར་རྟོགས་པའི་དོན་ཉིད་ལ་བློ་གནས་ཤིང་རྟོགས་པའི་ཤེས་རབ་དང་གཞན་ཕན་གྱི་སྙིང་རྗེ་ལ་བློ་གནས་པའོ། ༈ །རིན་ཆེན་མན་ངག་སྦྱིན་པའི་གནས་སློབ་མ་བསྟན་པ་ལ། །མ་ནོར་ངེས་པའི་སློབ་མ་ནི། །རང་གི་སེམས་ཉིད་རང་གིས་རྟོགས་པར་འདོད༼༡༽། །དེ་༼༡༽ཡི་བྱ་བའི་ཐབས་ཀྱི་ཡན་ལག་དབང་ལ་སོགས་པ་ལྔ་ཅན། །མ་ནོར་བའི་སེམས་ཉིད་མ་བཅོས་པར་རྟོགས་གོམས་ཀྱིས་འཛིན་ནུས་ཤིང་། །གཞི་རང་སེམས་གཉུག་མ་ཡུལ་དང་བྲལ་བར་གོ་བར་ནུས་པའོ། ༈ །བརྡ་ཡིས་དོན་སྤྲད་དགོས་པའི་སློབ་མ་ལ་ནི། །རྒྱུད་སྨིན་པ་འབྲས་མིང་དང་མ་སྨིན་པའི་བྱེ་བྲག་གཉིས་ཏེ། ༈ །ཆུ་ཤིང་ལ་སྙིང་པོ་མེད་པས་དེ་ལྟ་བུའི་སློབ་མ་ནི། །གཏིང་ནས་ཆོས་དང་བླ་མ་ལ་དད་པ་དང་འདུན་པ་དང་མོས་གུས་དང་བྲལ་བ་དང་དགྲ་བགེགས་ནད་ལྤོགས་པ། །རྐྱེན་གྱིས་མི་འཇུག་པའི་དབང་མེད་པར་ཆོས་ལ་འཇུག་པའི་ཚུལ་ཅན་དེ་ལ། །སྙིང་པོ་འབྲས་བུ་མེད་པས་སྣོད་ཁས་བུབ་ཡིན་ནོ། ༈ །མེ་ཏོག་དཀར་པོ་ལ་རྩ་བ་དང་དྲི་ཞན་པ་དེ་ལ་ལྟ་བུའི་སློབ་མ་ནི། །དད་པ་དང་ལྡན་ཀྱང་ནན་ཏན་༼ཀ༽ དང་བརྩོན་༼ཁ༽འགྲུས་དང་བྲལ་བས། །དད་པ་ཡལ་བར་འགྱུར་ཏེ་རྩ་བ་༼ཀ༽དང་དྲི་ཞན་པ་ནི་སྣོད་ཞབས་རྡོལ། ༈ །ཙནྡན་དྲི་བཟང་བ་དེ་ལྟ་བུ་སློབ་མའི་དད་པ་དང་བརྩོན་འགྲུས་ཅན། །བརྩེ་གདུང་དམ་ཚིག་དང་བྲལ་བས་སྣོད་གཞོག་རལ་ཡིན། ༈ །ག་པུར་སྨན་དུག་ཏུ་མ་ངེས་པ་ལྟ་བུ་བློ་ཕྱོགས་གཅིག་ཏུ་མ་ངེས་པ་སྟེ། །གཞན་གྱི་རྐྱེན་དང་གང་འཕྲད་ཀྱི་ཕྱོགས་སུ་འདྲེས་པས། །ཤེས་རབ་ཀྱིས་བྱེ་བྲག་མ་ཕྱེད་པ་ནི་སྣོད་དུག་ཅན་ཡིན་ནོ། ༈ །སྣོད་སྐྱོན་དེ་དག་དང་མ་བྲལ་བའི་གང་ཟག་འགའ་འགས་ཀྱང་རང་དང་གཞན་གྱི་དོན་དུ། །འབྲས་བུ་སྨིན་པར་ནུས་པ་ནི་དཀའ་བར་གནས་སོ། ༈ །སྨིན་པའི་སློབ་མ་རིན་ཆེན་ནི་སེམས་ཀྱི་རང་བཞིན་གྱིས། །རིགས་ཀྱི་དབྱེ་བ་རྒྱུད་ཤེས་རབ་ཀྱི་དབང་པོ་རྣོན་པོས་སྔར་མ་སྦྱངས་པར་ཆིག་ཆོད་རྟོགས་ནུས་པའམ་དམ། །སྔར་སྦྱངས་པའི་ལས་འཕྲོ་ཅན་གཉིས་གང་ཡང་རུང་སྟེ། །དད་༼༠༽ པ་དང་བརྩོན་༼༤༽འགྲུས་དང་བརྩེ་༼༦༽གདུང་དང་ཡོན་ཏན་ནོ། །གསུམ་ལྡན་པས། །གཞི་༼༠༽བརྟན་པ་ནི་གྲོགས་བཟང་སྟེ་དམ་ཚིག་དང་ལྡན་ཏེ། །རྩ་༼༠༽བཟང་རྩིར་ལྡན་འབྲས་བུར་རྫོགས། །དོན་རྟོགས་བྱེད་ལས་ཤིང་བླ་མའི་མན་ངག་ལེན་པ་དང་། །བདག་དང་གཞན་གྱི་དོན་རྫོགས་པར་བྱེད་པ་ཡིན། །དྲི་དང་ནུས་པས་ངེས་པར་སྨིན་པའོ། ༈ །དོན་ངེས་པའི་ཐབས་མན་ངག་གི་དོན་བསྟན་པ་དང་ནི་གང་ཞེ་ན། ངོ་བོ་དང་ངེས་ཚིག་དང་ལྡང་བའི་ཚད་དང་། །རྩོམ་པའི་༼༡༽ཚད་དང་དེ་ཡི་རྒྱུ་༼༡༽དང་། །དཔེ་དང་ཡོན་ཏན་དང་བྲལ་བའི་སྐྱོན་དང་རྣམ་གྲངས། །བཞི་ཚན་གཉིས་གཅིག་གིས་བཟློག་སྟེ་བསྟན་པ་ནི། ༈ །མངོན་པར་རྟོགས་༼༠༽བྱེད་དང་དེ་ཁོ་ན་ཉིད་སྟོན་པའི་མན་ངག་གོ། ༈ །སྔ་༼༠༽བ་ཐེག་པ་བྱེ་བྲག་རང་ས་སྟོན་པ་སྤྱིའི་༼༡༽གྲུབ་མཐའ་སྟོན་པ། །རྒྱུད་ཀྱི་དོན་འགྲེལ་ཊཱིཀ྄་སྤྱི་༼༡༽དང་བྱེ་བྲག་༼༡༽ ཁ་ཡར་༼༡༡༡༡༽ལ། །འཇུག་པ་ཐ་དད་པ་ནི་མངོན་པར་རྟོགས་བྱེད་ཀྱི་ཡན་ལག་ཡིན། ༈ །དེ་ཁོ་ན་ཉིད་སྟོན་པའི་མན་ངག་གི་ཀློང་དགུ་ལས། །གཏེར་གཏད་ཆུ་རྒྱུན་སྤྱི་༼༡༽དང་བྱེ་༼༡༽བྲག་གཞུང་རེ་རེར་༼༡༽བསྡུས་རྒྱས་༼༡༽སོ། ༈ །མན་ངག་དང་བྲལ་ན་ཆོས་ཉིད་རང་རིག་པའི་མངོན་སུམ་དུ་རྟོགས་པར་དཀའ་ལ། །ཆོས་ཉིད་བློའི་ཡུལ་དུ་བྱེད་པ་ནི་ངོ་བོའི་སྤྲོས་པ་ཡིན་པས་དོན་སྤྱིའི་རྣམ་པ་ཙམ་མོ། ༈ །ཡོན་ཏན་ནི་སྐྱོན་དེ་ལས་བཟློག་པ་སྟེ་དཀའ་བ་སྤྱོད་པའི་ཚེགས་དང་བྲལ་བས། །དགོས་པའི་དོན་ཆེན་པོ་གཞན་གྱིས་དཔག་པར་དཀའ་བའི་རང་སྣང་མངོན་སུམ་དུ་རྟོགས་པ་ནི། ༈ །དཔེར་ན་གསེར་འགྱུར་གྱི་རྩི་ཡིས་མ་ཀི་ཏ་ཡི་སྣུམ་བསྐུས་པ་ལས། །ཟངས་༼༡༽ ལྕགས་གསེར་དུ་འགྱུར་བ་དང་དུག་སྨན་དུ་བསྒྱུར་བ་དང་གྱོང་པོ་བཀོལ་བར་བདེ་བ་དང་། ༈ །མན་ངག་རྩོམ་པའི་རྒྱུ་ནི་རྩ་ནུས་པའི་ཤེས་རབ་དང་གཞན་ཕན་སྙིང་རྗེ་འཛོམ་པ་སྟེ། །རྒྱལ་བའི་ལུང་དང་བླ་མའི་མན་ངག་ཐོབ་པས་འབྲས་བུ་བརྩམ་པ་འགྲུབ། ༈ །གནས་ལུགས་རང་གི་མཚན་ཉིད་མངོན་སུམ་དུ་རྟོགས་པ་ནི་རྩོམ་པའི་ཚད་རབ། །ཡི་དམ་༼༡༽མཁའ་འགྲོ་༼༡༽བླ་མ་༼༡༽ ལ༼༡༡༡༽། །ལུང་བསྟན་རྩོམས་ཤིག་པར་ཐོབ་པ་ནི་འབྲིང་པོ་ཡིན། ༈ །རང་རང་གི་གྲུབ་མཐའ་ལ་ཟློ་བ་དང་གཞན་གྱི་གྲུབ་མཐའ་ཤན་འབྱེད་པའི་བཀའ་ལུང་གི་ཚིག་ལ་མཁས་ཤིང་། །ཐེག་པའི་བྱེ་བྲག་ཕྱེད་པ་ནི་ཐ་མ་ཡིན་ནོ། །ཡི་གེ་ཨའི་སྒྲ་དང་ཆ་ལས་བཏགས་པ་ཨ་ལཱི་ཀ་ལཱི་རྣམས་འདུས་པ་ལས་ངོ་བོ་མཚོན་པའི་མིང་འགྲུབ་ལ། །དེ་འདུས་པ་ལས་ཁྱད་པར་མཚོན་པའི་ཚིག་དེ་འདུས་པ་ལས་དོན་ལ་འཇུག་ལྡོག་སྟོན་པའི་ངག་དེ་ལས་དགོས་པའི་དོན་རྫོགས་པའི་མན་ངག་འགྲུབ་བོ། ༈ །གྲོན་ཚེགས་དང་བྲལ་བའི་ཐབས་ཆེན་པོ་དག་གྱིས། །བརྟགས་པའི་གཞན་གྱིས་དཔག་པར་དཀའ་བའི་དོན་ཆེན་པོ་གནས་ལུགས་རྟོགས་ཤིང་། །ཐུགས་ལས་བརྒྱུད་པས་མན་ངག་ཡིན་ནོ། ༈ །རྒྱལ་བ་༼༡༽རིག་འཛིན་༼༡༽གང་ཟག་༼༡༽༼༠༽ ༼༡༽རྣམས། དགོངས་༼༡༽པ་རིག་༼༡༽པ་སྙན་༼༡༽ཁུང་དུ་བརྒྱུད། །རང་སེམས་ཉིད་རང་རིག་པའི་མངོན་སུམ་དུ་རྟོགས་པའོ་མོ། ༈ །མན་ངག་གི་ངོ་བོ་དེ་ཡང་ཀློང་དགུ་རང་སྣང་གཅིག་གི་ཡུལ་ཏེ། །དབང་གི་ཀློང་དང་དཀྱིལ་འཁོར་གྱི་དང་དམ་ཚིག་དང་། །ཕྲིན་ལས་ཀྱི་དང་རྟོགས་ཚད་དང་གོམས་བྱེད་དང་སྤྱོད་པའི་དང་། །ས་དང་ལམ་གྱི་ཀློང་བརྒྱད་པོ་ལམ་གྱི་སྐབས་འདིར་ལུས་རྣམ་པར་བཞག་གོ། ༈ །འོག་མ་ལྟར་ཕྱི་ནང་གསང་བ་ལ་སོགས་པའི་རིམ་པས་༼ཁ༽བསྐུར་བས་ཐོབ་པ་མིན་ཀྱང་འདིར་རིག་པའི་རྩལ་གྱིས་ཐོབ་པའོ། ༈ །རང་གི་སེམས་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་ཤོར་བ་ནི། །རྩོལ་མེད་ཀྱི་བདེ་བ་ཆེན་པོའི་དགོངས་པ་ཡུལ་མེད་རང་གསལ་དུ། །དབང་དུ་འདུས་པའི་ཕྱིར་ན་དབང་གི་མིང་དོན་ངེས་པའི་ཚིག་ཏུའོ། ༈ །སྡུག་བསྔལ་སྣ་ཚོགས་ཀྱིས་ཉེན་པ་ལས་གྲོལ་ཏེ་བདེ་བར་གནས་པ་ནི། །དབང་གི་དགོས་ཆེད་དང་ཡོན་ཏན་གཉིས་མདོར་བསྡུས་པ་ཡིན་ནོ། ༈ །མངོན་སུམ་དུ་སྣང་བ་ཉིད་ཀྱི་ཡེ་ཤེས་ལ། །སངས་རྒྱས་དང་སེམས་ཅན་ལ་ཁྱད་མེད་ཀྱང་། །རང་དབང་རང་གི་སེམས་ལ་མི་གནས་པ། །བདེ་བ་ཆེན་པོ་རང་རིག་པའི་མངོན་སུམ་དུ་སྤྱོད་མི་ནུས་པའོ། ༈ །རང་གཞན་གཉིས་ཀས་ངོ་མ་ཤེས་ཏེ་བརྡ་དོན་དང་བྲལ་བའི་རྒྱལ་དྭའུ་རུ་འཁྱམས་པ་དེ། །ནོར་བུའི་ས་ནས་རྒྱལ་པོའི་སར་བཏོན་པས། །དཔུང་གི་ཡན་ལག་རྟ་ཤིང་རྟ་གླང་མི་རིང་བཞི་ལ་དབང་བྱེད་པ་བཞིན་ནོ། ༈ །ཆོ་གའི་རིམ་པས་བསྐུར་བས་ཐོབ་པ་དང་རིག་པ་རྩལ་གྱིས་འཐོབ། །གདུལ་བྱ་སོ་སོ་བློ་དང་འཚམ་ཚད་དུ་བསྟན་པས་གྲངས་མེད་དོ། །ཡེ་ནས་གནས་༼༡༽པའི་དབང་ནི་དང་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་༼༡༽ནི། །རྟོགས་པར་བྱ་བའི་དོན་དང་རྟོགས་པར་བྱེད་པའི་ཐབས་སོ། ༈ །རྩོལ་བས་བསྐུར་དུ་མེད་པ་ནི་སྲོག་དང་ལྡན་ཏེ་རང་ལ་རྫོགས་པའི། །གདེང་ཆེན་པོ་དང་ལྡན་པ་དེས་ན་རྩོལ་བ་མེད་པའོ། ༈ །དབང་བསྐུར་ལས་ཀྱི་རིམ་པ་ཡིས་དེ་ཉིད་བསྐུར་བའི་ཐབས་བསྟན་པ། །ཡང་སྤྲུལ་དཔའ་བོ་ཉིད་ཀྱིས་དབང་ཀློང་ལས། དང་པོའི་ཡན་ལག་བསྟན་བྱ་བ། །གནས་དང་ད་ལ་སློབ་དཔོན་དང་། །སློབ་མ་དག་དང་འཇུག་རིམ་དང་། །དུས་དང་འཇུག་པའི་ཡོན་ཏན་ནོ། །གསུངས། ༈ །ངོ་བོ་༼ཀ༽དང་ངེས་ཚིག་དང་དགོས་ཆེད་དང་། །ཡོན་ཏན་དང་སྐྱོན་དང་མཚོན་པའི་དཔེ་དང་། །རྣམ་གྲངས་དང་གདེང་སྲོག་དང་བསྐུར་བའི་ཐབས་དང་། །བཞི་ཚན་གཉིས་དང་གཅིག་སྟེ་དགུ་ཡིས་རྫོགས་པའོ། །༼ག༽ དཀྱིལ་འཁོར་གྱི་དབྱེ་བ་དང་གདེང་སྲོག་དང་། །ངེས་ཚིག་གོ ༈ །རྣམ་པ་གཉིས་གྲངས་ཀྱིས་བསྟན་པ་ནི། །མིང་འགྲོ་འདུལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཉིད་དང་། །རང་བཞིན་རྣམ་དག་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་རོ། ༈ །སྔ་མ་ལ་ཕྱི་གཟུགས་བརྙན་ནང་རྩ་གནས་བཞི་གསང་བ་པདྨ་སྟེ། །བཅོས་མའི་དབང་བསྐུར་རྣམས་གཞི་དེ་ལ་བརྟེན་ནས་འཇུག་པའི་སའོ། ༈ །རང་བཞིན་རྣམ་དག་ནི་རང་རིག་པ་ཉིད་གོང་གི་དཀྱིལ་འཁོར་དེ་དག་ཀུན་གྱི་རང་བཞིན་ནོ། །ཡུལ་དྲུག་དང་དབང་པོ་དྲུག་པོ་བདེ་བ་ཆེན་པོའི་དལ་དྲུག་ཏུ་རྣམ་པར་དག་པས། །ཡུལ་དབང་རང་ག་མའི་མཚན་མ་འཇིལ་བའི་ལྷ་ཡབ་ཡུམ་གྱི་སྐུ་མི་གནས་ཏེ། །དུས་གདོད་མ་ནས་དོན་མཆོག་རྡོ་རྗེ་འཛིན་པའོ། །འཁོར་མཐའ་ན་གནས་པ་དང་གཙོ་བོ་དབུས་ན་གནས་པ་དང་བྲལ་བའི་སྲོག་ལ་གནས། །འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་རིག་པ་ནི་གདེང་ཆེན་ནོ། ༈ །སྙིང་པོ་དོན་གྱི་རང་བཞིན་ལེན་པའི་ཕྱིར་དཀྱིལ་འཁོར་ཏེ། །རྣམ་རྟོག་གཅོད་ཅིང་རྟོགས་གོམས་རྒྱུན་མི་འཆད་པའི་ཕྱིར་འཁོར་ལོའོ། །གཙོ་བོའི་དབུས་སུ་བཀོད་ཅིང་འཁོར་གྱིས་མཐའ་ནས་བསྐོར་བ་ནི་གདུལ་བྱ་དྲང་བའི་ཐབས་སུ་བསྟན་ལ། །འདིར་ཐུན་མོང་མ་ཡིན་ཀྱང་ཐུན་མོང་བ་ཀུན་གྱི་བདག་ཉིད་ཡིན་ནོ། ༈ །དམ་ཚིག་གི་དབྱེ་བ་དང་གདེང་སྲོག་དང་། །ངེས་ཚིག་དང་སྐྱོན་དང་ཡོན་ཏན་དང་སྲུང་བའི་ཐབས་སོ། ༈ །རྣམ་པ་དབྱེ་བ་ལ་གཉིས་ནི་རྟོགས་གོམས་ཀྱི་གདེང་དང་ལྡན་པས་ལྷག་སྤྱོད་དུ། །འོག་མའི་འདུལ་སྡོམ་དམ་ཚིག་རྣམས་གྲངས་ཀྱིས་བཏབ་སྟེ་འདིར་བསྲུང་བ་དང་། །གྲངས་སུ་བཏབ་ནས་སྲུང་བའི་རྩོལ་བ་དང་བྲལ་རང་རིག་རྟོགས་པའི་དམ་ཚིག་གོ། །སྲུང་བའི་དམ་ཚིག་གི་ཀློང་དུ་དཔའ་བོ་དགའ་རབ་ཀྱིས་བཤད། ༈ །རྩོལ་བས་བསྲུང་དུ་མེད་པ་ནི་དམ་ཚིག་གི་སྲོག་ལ། །བསྲུང་དུ་མེད་པ་ལྷུན་གནས་ཀྱི་ངང་ལ་གནས་པ་ན། །ཉམས་ཀྱིས་དོགས་པ་ཀ་ནས་དག་སྟེ་མི་འབྱུང་བ་ནི་དམ་ཚིག་གི་གདེང་ཡིན་ནོ། ༈ །གནས་ལུགས་བྱང་ཆུབ་ཀྱི་སེམས་ཉིད་སྐྱོན་ཐམས་ཅད་ལས་གྲོལ་བ་དམ་པའི་དོན་དེ། །དེའི་ངང་ལ་གནས་༼༡༽པའི་ངང་མི་གནས་༼༡༽པའི་ཁྱད་༼༡༡༽པར་ལས། །རྣམ་༼༡༽པར་རྟོག་དང་རང་༼༡༽རྒྱུད་སྲེག་༼༡༡༽པའི་ཕྱིར་ན། །དམ་ཚིག་ཅེས་སུ་ཡང་སྤྲུལ་དཔའ་བོས་གསུངས། ༈ །དམ་ཚིག་ལ་མི་གནས་པའི་རྡོ་རྗེ་སྔགས་པ་ནི། །བཀའ་དང་རྒྱུད་ཀྱི་ཚིག་དོན་ལ་མཁས་ཀྱང་རྡོ་རྗེ་དམྱལ་བར་ལྟུང་། །མཁས་པས་ལྷུངས་པ་དེ་ལས་མི་སྐྱོབ་པར་དཔའ་བོས་བཤད་དོ། །སྐྱོན་དེ་ལས་བཟློག་པ་ནི་ཡོན་ཏན་ཉིད་དུ་འགྱུར་བ་སྟེ། །དམ་ཚིག་ནི་དགོས་འདོད་འབྱུང་བས་ཡིད་སྦྱིན་གྱི་ནོར་བུ་རིན་པོ་ཆེ་དང་། །འཁོར་བའི་རྒྱ་མཚོ་ལ་ཕ་རོལ་ཏུ་སྒྲོལ་བའི་གྲུ་དང་འདྲ། །དུཿཁའི་མཚོན་ལས་སྐྱོབ་པ་རྡོ་རྗེའི་གོ །མ་རིག་པའི་མུན་པ་སེལ་བས་ཉི་མ་ལྟ་བུར་བཤད། ༈ །སྲུང་ཐབས་ལྷག་སྤྱོད་གྲངས་བཏབ་ནི་ཐེག་པ་འོག་མ་ནས་བཤད་པ་བཞིན་དུ་བསྲུང་ཏེ། །རྩོལ་བྲལ་གྱི་ནམ་མཁའ་ལྟ་བུའི་རྣལ་འབྱོར་པས་ནི། །ལྟ་བ་རྟོགས་པའི་སོ་ལས་གཞག་ཐབས་གསུམ་གྱིས་མི་འདའ་བར་བསྲུང་སྟེ། །རང་རིག་པའི་དོན་ལ་འདའ་བ་མེད་པ་ནི་དམ་ཚིག་སྲུང་བའི་མཆོག་སྟེ། །ཕྱོགས་དང་གྲངས་དང་བྲལ་བས་མེད་པ་འཛིན་པ་དང་བྲལ་བས་ཕྱལ་བ་དབྱེར་མེད་པས་གཅིག་པུ་དང་། །རྩོལ་བ་མེད་པས་ལྷུན་གྱིས་གྲུབ་པའི་དམ་ཚིག་དང་བཞིའི་ངང་ལ་གནས་པའོ། ༈ །ཕྲིན་ལས་ཀྱི་ངོ་བོ་དང་ངེས་ཚིག་དང་། །དབྱེ་བ་དང་གདེང་སྲོག་དང་བྱ་ཐབས་དང་འབྲས་བུའོ། ༈ །ངོ་བོ་ནི་ཡེ་ཤེས་རྣམ་པ་ལྔ་པོ་ཉིད་ཀྱི་རོལ་པ། །འགག་པ་མེད་པ་གདུལ་བྱའི་དོན་གྲུབ་མཛད་པའོ། ༈ །གསུང་དུ་བརྗོད་ཅིང་དོན་ལ་བསྔགས་པ་བརྗོད་པས་གདུལ་བྱའི་དོན་རྫོགས་པའི་ཕྲིན། །སྤྱོད་ཅིང་དང་དུ་ལེན་ཕྱིར་ལས་ཞེས་བྱ་འོ། ༈ །འགྲོ་འདུལ་ཐུགས་རྗེའི་ཕྲིན་ལས་ནི། རྟོགས་གོམས་ཀྱི་གདེང་ཆེན་པོ་དང་ལྡན་པས་ཕྲིན་ལས་ཞི་རྒྱས་དབང་དྲག་བཞི་བརྩམ་པ་ནི། །ཐེག་པ་རང་རང་གི་གཞུང་གདུལ་བྱའི་དོན་དུ་ཀུན་སྒྲུབ་པའོ། ༈ །རང་བཞིན་ལྷུན་གྲུབ་ཀྱི་ཕྲིན་ལས་ནི། །ཡེ་ཤེས་རང་སྣང་དུ་རྟོགས་པའི་ངང་ལ་གནས་པས། །ཕྱི་གཟུང་བ་དང་ནང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་རང་གི་ངང་གིས་ཞི། །ཡེ་ཤེས་མཐའ་དང་དབུས་མེད་པར་ཁྱབ་པས་རྒྱས། །འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་དུ་དབང་དུ་འདུས་པས་དབང་། །ཕྱི་ནང་གི་རྣམ་པར་རྟོག་པ་ཚར་བཅད་ཅིང་བསྒྲལ་བས་དྲག་པོའི་ཕྲིན་ལས་དང་བཞི་རང་བཞིན་ཡེ་ནས་མ་བཅོས་པའོ། ༈ །བྱ་བཙལ་གྱི་རྩོལ་སྒྲུབ་མེད་པ་སྲོག་གི་གནས་ལ། །ལས་བཞི་ཡེ་ནས་ལྷུན་གྱིས་གྲུབ་པའི་གདེང་ཆེན་པོ་དང་ལྡན་ནོ། ༈ །ཨ་ཏིའི་དོན་འདིར་རྟོགས་པའི་གདེང་རྙེད་པའི་རྣལ་འབྱོར་བས། །སྲེག་པ་མེ་དང་གདབ་པ་མཆོད་རྟེན་དང་ལུ་གུ་རྒྱུད་བྲོའི་ལས་གང་བྱེད་ཀྱང་། །དྭང་བ། ཁྱབ་པ། ཆགས་པ། ཁྲོས་པའི་ཏིང་འཛིན་དང་། ཤཱིནྟཾ༴པུཥྚིཾ༴ཝཤཾཀུ་རུ་ཨ་བྷི་ཙ་ར་མཱ་ར་ཡ་སྔགས་དང་འདུག་སྟངས་དང་བཅའ་བའི་ཕྱག་རྒྱས་ལས་བཞི་སོ་སོར་མཐུན་པར་སྦྱར་ནས། །འགྲོ་འདུལ་ཐུགས་རྗེ་བྱ་བའམ་ཡང་ན་རང་བཞིན་ལྷུན་གྲུབ་རྩོལ་བས་མི་བྱ་བར། །ཐབས་ཆེན་པོ་གཅིག་གིས་གདུལ་བྱའི་དོན་རྫོགས་པར་བྱའོ། ༈ །བདག་དང་གཞན་གྱི་རྒྱུད་ལ་བསྒྲུབ་བྱའི་དོན་དགྲ་ཞི། ཡེ་ཤེས་རྒྱས། མི་མཐུན་ཕྱོགས་འདུས། བར་ཆོད་བྲལ་བས། བཞི་འགྲུབ་པ་ནི། །ཕྲིན་ལས་ཀྱི་འབྲས་བུ་མཐར་ཕྱིན་པའོ། ༈ །དལ། དམ། ལས་དེ་དག་དང་ལྡན་པས་དབང་བསྐུར་བས། །དབང་ཐོབ་པའི་ཚད་ནི་འཁོར་འདས་ཐམས་ཅད་རང་དབང་དུ་འདུས་ནས་བརྡ་བྲལ་སྟོང་ཉིད་རང་གྲོལ་ཤར་བའི་ནི་ལྟ་བ་ཡིན་སྟེ། ༈ །དེའི་ངོ་བོ་དང་ངེས་ཚིག་དང་མཚན་ཉིད་དང་། །དབྱེ་བ་དང་གདེང་སྲོག་དང་ཉམས་ཀྱིས་མདོར་བསྟན་ནོ། ༈ །ཐོས་བསམ་སྒོམ་པ་རྣམ་པ་གསུམ་གྱི་ཤེས་རབ་ཀྱིས་ཡུལ་མེད་རང་གསལ་དུ་རྟོགས་བས། །འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་རིག་པའོ། ༈ །བལྟ་བར་བྱ་བའི་ཡུལ་དང་བྱེད་པའི་ཡུལ་ཅན་གཉིས་དང་བྲལ་ནས། །ཡུལ་མེད་རང་གསལ་གྱི་ངང་དུ་ཆོས་ཀུན་མཐོང་བའི་ཕྱིར་ལྟ་བ་ཞེས་བྱ་བར་འགྱུར་རོ། ༈ །ཕྱོགས་སུ་མཚོན་པས་འདི་འདྲ་བ་ཡིན་ཅེས་པ་རང་སར་གྲོལ་ནས། །རང་རིག་པ་མཁྱེན་པའི་ཉི་མ་ཀུན་ཏུ་ཁྱབ་ལ་མ་འདྲེས་པར། །རང་སྣང་བ་ནི་ཀུན་ཏུ་བཟང་པོའི་ཐུགས་ཉིད་དོ། ༈ །བརྡར་བཏགས་པའི་ཚིག་ཙམ་ལ་རབ་ཏུ་བརྟེན་ནས་དེ་མ་ཡིན་ལས་ལོག་པའི། །ལྡོག་པ་དང་བཅས་པའི་ལྟ་བ་ནི། ༈ །རིགས་དྲུག་དངོས་པོ་རང་ཀ་མ་རྟག་པ་ཐེར་མུ་སྟེགས་ཟུག་ཆད་ལྟ་སྔ་ཕྱིའི་མུ་ཆད་པ་དང་། ༈ །གཟུང་ཉན་བ་རྡུལ་འཛིན་པ་སྐད་ཅིག་མ་རྟེན་རང་འབྲེལ་དུ་རྟོགས་ལ་འཛིན་པ་སྐད་ཅིག་མ་སྟེ་ཆོས་ཙམ་དུ་ལྟ་བ་དང་། །སྣང་བ་ཀུན་རྫོབ་དང་མི་སྣང་བ་དོན་དམ་བདེན་པ་གཉིས་དབུ་མ་པ་སུ་ལྟ་བ་དང་། །ཀུན་རྫོབ་ལྷ་རིགས་གསུམ་བཞི་ལྔ་ཡི་དཀྱིལ་ཕྱི་པ་འཁོར་དང་དོན་དམ་པར་སྟོང་པར་ལྟ་བ་དང་། །ཐབས་༼༡༽འགག་མེད་དང་ཤེས་༼༡༽མ་ཧཱ་རབ་༼༡༽རང་བཞིན་མེད་པ་གཉིས་བདེ་༼༡༽བ་དང་སྟོང་༼༡༽པ་དབྱེར་མེད་དུ་ལྟ་བ་དང་། །ཡུལ་ཆོས་ཀྱི་དབྱིངས་དང་སེམས་ཨ་ནུ་རིག་པའི་ཡེ་ཤེས་འདུ་འབྲལ་མེད་དང་སྲས་བདེ་བ་ཆེན་པོར་ལྟ་བ་སྟེ་དེ་དག་བསྟན་པའི་དགོས་པ་ནི་འདི་ཉིད་ཀྱི་དོན་ལ་རིམ་གྱིས་དྲངས་བའོ། ༈ །གོ་བྱེད་ཀྱི་བརྡ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་སུ་རང་གྲོལ་བར་རྒྱས་བཏབ་པས། །རེ་ཞིག་དགོས་ཆེད་ཀྱི་དབང་གིས་ལྷུན་གྱིས་གྲུབ་པ་དང་མ་བཅོས་པ་ཅིར་བཏགས་ཀྱང་། །རྣམ་རྟོག་རང་གྲོལ་གདགས་གཞི་ཅན། །ངོ་བོའི་རྗེས་སུ་མིང་ངེས་པའོ། ༈ །རྣམ་རྟོག་དང་ཀུན་རྫོབ་ངན་པར་མི་དགག་ལ། །དོན་དམ་དང་ཡེ་ཤེས་བཟང་བར་བསྒྲུབ་ཏུ་མེད་པས་སྲོག །དབྱེར་མེད་ཉག་གཅིག་གི་དོན་ལ་འཁོར་འདས་གཉིས་སུ་བརྗོད་ཀྱང་། །བཟང་ངན་གྱི་རིས་སུ་མ་གྲུབ་པ་ནི་གདེང་ཆེན་ནོ། ༈ །དེ་ཡང་དང་པོ་རྣལ་མའི་མིང་ལ་མོས་པ་སྐྱེས་པས་ནི་གཡོ་བའི་ཉམས། །ཏུག་ཕྲད་གསུམ་གྱིས་བརྡ་དོན་སྦྲད་པས་ཐོབ་པའི་ཉམས་ཡིན། །མ་ནོར་བར་སྟོན་པའི་རང་གི་སེམས་ཀྱི་སློབ་དཔོན་ལ། །ལྟ་བའི་ལུང་༼༡༽ནོད་དྲན་༼༡༽པ༼༡༽ས་༼༡༽ཐག་༼༡༽གཅད་ནས་དེའི་ངང་དུ་གོམས་༼༡༽པའི་ཉམས། །སོམ་ཉི་ཐེ་ཚོམ་དང་ཡིན་དུ་རེ་བ་དང་མིན་དུ་དོགས་པའི་ཕྱོགས་རིས་དང་བྲལ་བ་ནི། །རྟོགས་པ་མཐར་ཕྱིན་པའི་ཉམས་གྲུབ་པ་ཡིན་ནོ། ༈ །རྟོགས་པར་བྱེད་པའི་ཡན་ལག་གི་ཀློང་བཞི་རྟོགས་པ་རང་དང་། །བཅས་པ་ཉིད་དུ་བསྟན་པའོ། ༈ །གོམས་པར་བྱེད་པའི་ཡན་ལག་གི་ཀློང་གཉིས་གོམས་པ་དེ་ཉིད་རང་དང་བཅས་པ་ནི། ༈ །ངོ་བོ་དང་ངེས་ཚིག་དང་དབྱེ་བ་དང་། །གདེང་སྲོག་དང་གཞག་ཐབས་དང་སྐྱོན་ངོས་གཟུང་བ་དང་དེ་བཅོས་པའི་ཐབས་དང་། །ཉམས་རིམ་བཞིའི་རྟགས་ལ་ཐུན་མོང་གཉིས་དང་། །ཁྱད་པར་གཉིས་སུ་འགྱུར་རོ། ༈ །རང་བཞིན་གྱི་སྣང་བ་རང་རིག་མངོན་སུམ་དུ་རྟོགས་པ་ཡི། །ངང་ལས་མ་ཡེངས་རང་སར་གཞག་འཇོག་མེད་པར་གནས་པའོ། ༈ །བྱང་ཆུབ་ཀྱི་སེམས་ཉིད་ཡེ་ནས་ཀུན་ཁྱབ་ཏུ་གདལ་བའི། །ཀློང་དུ་གོམས་པར་བྱེད་པའི་ཕྱིར་ནི་མིང་གོམས་ཐབས་སུ་ངེས་པའོ། ༈ །ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་དུ་མ་རིག་པའི། །དམིགས་པ་གཏད་པས་དོན་སྤྱི་ཡི་རྣམ་པ་ཙམ་ཡིད་ལ་གསལ་བ་ནི། །བློ་ཡིས་ཡུལ་དུ་སྒོམ་པའི་སྒོམ་པ་ཞེས་བྱ་བ་དང་། །རང་རིག་པས་ཆོས་ཉིད་ཡུལ་མེད་པར་མངོན་སུམ་དུ་རྟོགས་པས། །བློ་མ་གཏད་ཀྱང་དེའི་ངང་ལས་མ་ཡེངས་པར་རང་གསལ་བ་ནི། །བློས་ཡུལ་དུ་མ་བསྒོམས་ཀྱང་ཡེངས་པ་མེད་པའི་དོན་གྱིས་མ་ཡེངས་པ་ལ་བསྒོམ་ཞེས་བྱའོ། །དེ་ལྟར་རྣམ་པ་གཉིས་སུ་དབྱེ་ཏེ་དེ་དག་གི་བྱེ་བྲག་གི་རྣམ་གྲངས་ནི། །བསམ་གྱིས་མི་ཁྱབ་པའི་ལུགས་མང་པོ་ཡོད་དོ། །བློས་བསྒོམ་དུ་མེད་པ་ནི་བསྒོམ་པའི་སྲོག་ལ། །ཆོས་ཐམས་ཅད་དེ་ཁོ་ན་ཉིད་རང་སྣང་བ་ལས་ཡེངས་པ་མེད་པས། །ཡེངས་སུ་མེད་པ་ནི་བསྒོམ་པའི་གདེངས་སྟེ་ཡེངས་པའི་སེལ་མེད་པ་ནི་དཔེར་ན་རིན་ཆེན་གྱི་གླིང་ནས་རྡོའི་སེལ་མེད་པ་བཞིན་ནོ། ༈ །བླ་མ་དྲིན་ཅན་གྱི་གདམས་ངག་གིས་ཆོས་ཉིད་མངོན་སུམ་དུ་ཡུལ་མེད་རང་གསལ་བར་རྟོགས་པའི། །སོ་ལས་མ་ཡེངས་པར་དྲན་པས་ཟུང་ཞིག །མི་མཐུན་པའི་རྣམ་རྟོག་ཅི་སྐྱེས་ཀྱང་དེའི་རང་བཞིན་ཆོས་ཉིད་དུ་ལྷུན་གྲུབ་༼༠༽པས། །སྤོང་བྱེད་ཀྱི་གཉེན་པོས་དེ་མི་འགག་པར་རང་ཏང་དུ་ཞོག་ཅིག །དེས་༼༠༽ན་འབྲས་བུ་ཐོབ་ཏུ་རེ་བ་དང་མ་ཐོབ་ཏུ་དོགས་པའི་སྐྱེས་ལུགས་གསུམ་ཡ་ངན་གྱི་སྐུ་གསུམ་དུ་རྩོལ་སྒྲུབ་དང་བྲལ་བས་རྩོལ་བས་མ་བཙལ་བར་ལྷུག་པར་གནས་པར་བྱའོ། །བྱིང་༼༡༽དང་རྒོད་༼༡༽པའི་༼༡༡༽སྐྱོན་འབྱུང་བ་དེ་དག་གང་ཞེ་ན། ཐོག་མ་མུན་པའི་བག་ཆགས་དང་། བཅུད་ཟས་དྲགས་དང་གནས་གོས་འཐིབས། བད་ཀན་རྒྱས་དང་ངལ་དུབ་དྲགས། ཞེས་པའི་བྱིང་བ་ནད་གཞིའི་དང་རྐྱེན་དེ་དག་འདུས་པས། །རིག་པ་མི་གསལ་བར་མུན་གྱིས་ནོན་པའོ། །གདམས་པ་ཞན་དང་སྦྱངས་པ་ཆུང་བས་རྨུགས་པས་ཤེས་བྱའི་དོན་མི་གསལ་བས་རྒྱ་མ་ཆོད་དེ། །དང་པོའི་ཤེས་པར་བྱ་བའི་གཞི་ལུང་དུ་མ་བསྟན་པས། །ཡིད་བདེ་ཞིང་མི་རྟོག་པའི་རྩལ་ཡིན་ཀྱང་། །རྟོགས་པས་ལུང་དུ་མ་བསྟན་པས་གཞན་གྱི་རྐྱེན་དབང་དུ་འགྱུར་བའོ། །རྒོད་པ་ནི་ཤེས་པ་སྐྱེ་བའི་ལུགས་གསུམ་ཡིན་ཏེ། །སྒོ་ལྔ་ཡུལ་ལ་མཚན་མར་འཛིན་པ་ནི་ཡུལ་གྱི་བདུད་ལ། །ཡིད་སྔ་ཕྱིའི་རྗེས་སུ་སྤྲོས་པ་སྣ་ཚོགས་སུ་གཅོད་པ་ནི། སྤྲོས་པའི་བདུད། །ཉོན་ཡིད་ང་བདག་ཏུ་འཛིན་པ་ནི་ནང་གི་བདུད་ངོ་ཤེས་ཀྱང་དེའི་ངང་ལ་མི་གནས་པ་ནི་གཡེང་བའི་བདུད། །དེ་དག་གིས་དངོས་གྲུབ་རྣལ་མའི་བར་དུ་གཅོད་པས་བདུད་ཅེས་བྱའོ། ༈ །སྐྱོན་དེ་དག་བཅོས་པའི་ཐབས་བསྟན་པ་ནི། །དབང་པོ་རབ་ལ་སྐྱོན་གྱིས་མི་གནོད་ལ་སྐྱོན་འབྱུང་ཡང་མི་སྲིད་པ་ནི། །ངོ་ཤེས་པ་དང་གོམས་པ་དང་སྐྱོན་བཅོས་པ་དང་ཉམས་རྣམས་ཆིག་ཆོད་དུ་འབྱུང་པས། །དཔེར་ན་ཡང་སྤྲུལ་བདག་འདྲ་ངེས་པར་བྱུང་ན་ཆིག་ཆོད་ཡིན། ཞེས་སོ། །དཔའ་བོ་ཉིད་བཞིན་ནོ། །དེ་བས་བློ་ཞན་པ་དབང་པོ་འབྲིང་ངམ་ཐ་མའི་སྐྱོན་བཅོས་ཐབས་ལ། །བྱིང་བ་ལ་གཡོ་འཛིན་རླུང་གིས་གཟེར་བཏབ་སྟེ་གཟེངས་བསྟོད་ལ། མཐུན་༼༡༡༡༽ པའི་གནས་བསིལ་སར་བསྡད་ཟས་༼༡༽བསིལ་རྩུབ་ཡང་བས་ཁམས་བསྙམ་སྤྱོད་༼༡༽ལམ་ཁྲུས་བྱ། སྔ་དྲོ་བཅགས། དགོང་མཉེ། ཕུང་པོ་སྙོམས་པ་དེ་རྣམས་༼༡༡༡༽བསྟེན། །དཔེར་ན་སྒྲོན་མས་རྫས་གཞན་གསལ་བར་བྱས་ལ། །སྒྲོན་མ་ཉིད་ཀྱང་ཉིད་ཀྱིས་གསལ་བར་བྱས་ཀྱང་། །དེའི་རྗེས་སུ་རྟོག་པ་ཅུང་ཟད་མེད་པ་བཞིན་ནོ། ༈ །རྨུགས་པ་དང་རྒོད་པའི་བདུད་སྐྱེ་ལུགས་གསུམ་བཅོས་ཐབས་ནི། །བཞག་ཐབས་རང་ཏང་གོང་དུ་བསྟན་པ་ཉིད་ཡིན་ཏེ། །རང་ཏང་དེ་ཡིས་རྨུགས་རྒོད་དེ་བཅོས་པ་ཡི་བྱ་བ་རྫོགས་སོ། །ཁ་ལ་ཁྱེར་ཏེ་དོན་ལ་མི་གནས་པ་ནི་གཡེང་བའི་བདུད། །མ་ནོར་ངེས་པའི་བླ་མ་ལ་བརྩེ་གདུང་དམ་ཚིག་བྲལ་བ་ཡིན་པས། །དེ་ནི་རྡོ་རྗེ་དམྱལ་བའི་ཁབ་ཏུ་ལྟུང་བས། །རང་སེམས་དཔའ་བོ་རང་གིས་སུན་མི་དབྱུང་། །ཀྱེ་བོད་པ་ཧོ་དགྱེས་པ་རང་ལ་ལེགས་པར་ཆོར་ལ་ཤོད། །གཞན་ལ་དྲི་བའི་དོན་སྨྲ་བའི་ཡུལ་མིན། །སྔར་རང་ནི་རང་ཉིད་བསླུས་པས་ཆོག་གིས། །ད་ཕྱིན་ཆད་ནི་འཇིག་རྟེན་གྱི་བྱ་བ་ཅི་ལའང་མ་གཏོགས་དང་། །དེས་ནི་རང་གཞན་ཀུན་གྱི་དོན་སྒྲུབ་པའོ། ༈ །ཉམས་རིམ་བཞི་ལས་རྟགས་འབྱུང་བའི་ཡན་ལག་རེ་རེ་ལ་ངོ་བོ་དཔེ་རྟགས་འབྲས་བུ་བཞི་བཞི་ནི། །ཡང་སྤྲུལ་དཔའ་བོས་པྲ་ཁྲིད་དུ་གསུངས་པའོ། །གནས་པ་དང་མི་གཡོ་བ་གཉིས་ནི་ཤེས་བྱ་ཐུན་མོང་གི་ཉམས་ལ། །མཉམ་ཉིད་དང་ཡེ་ཤེས་ལྷུན་གྲུབ་གཉིས་ནི་ཁྱད་པར་འདིར་ཉིད་ཀྱི་ཉམས་སུ་ཤེས་པར་བྱའོ། ༈ །ལྟ་སྒོམ་དང་ལྡན་པའི་གྲོགས་སྤྱོད་པ་ལ། །ངོ་བོ་དང་དབྱེ་བ་དང་གདེང་སྲོག་དང་གསུམ་གྱིས་སྟོན་པ་ཡིན། ༈ །ལུས་ངག་ཡིད་ཀྱི་བྱ་བ་ཅི་བྱེད་པ་དག །རྟོགས་གོམས་ཀྱི་སྲོག་དང་ལྡན་པར་དོན་བཞི་གྲུབ་པར་སྤྱད་པའོ། ༈ །བླང་དོར་ཅན་གྱི་སྤྱོད་པ་དང་དེ་ཉིད་དང་བྲལ་བའི་སྤྱོད་པ། །རྣམ་པ་གཉིས་སུ་རྒྱུད་ལས་གསུངས་པ་ཡིན། །བླང་བ་དང་དོར་བ་རང་གི་ངོ་བོས་རྣལ་མའི་དོན་ལ་མི་གནས་པ་ནི། །མ་བཅོས་པས་ནམ་མཁའ་རྡོ་རྗེའི་སྤྱོད་པ་ཡིན་ནོ། །གཞན་དོན་དུ་བླང་དོར་ལྟར་སྣང་ཡང་དོན་གྱིས་མི་གནས་པ་ནི། །འགྲོ་བ་ཅིས་འདུལ་བ་དང་འཚམས་པར་ཐུགས་རྗེའི་སྤྱོད་པའོ། ༈ །མཐུན་པ་བླང་ཞིང་མི་མཐུན་པ་དོར་དུ་མེད་པ་ནི་སྤྱོད་པའི་སྲོག་སྟེ། །དཀར་སྤྱོད་དགེ་བ་དང་ནག་སྤྱོད་མི་དགེ་བ་བྱང་སེམས་ངང་དུ་གནས་པ་ལ་རྣམ་པ་སྒྱུ་མ་དེར་མཉམ་པར་གནས་པས། །དེ་ལྟར་མཉམ་པའི་དོན་རྟོགས་པའི་གདེང་ཆེན་པོ་ཉིད་ལ་ལོངས་སྤྱོད་པའོ། ༈ །རྟོགས་གོམས་ཀྱི་ངང་ལ་གནས་༼༡༽དང་པ་ནི་བློ་འཇུག་པས་༼༠༽ས་༼༡༽ལམ་༼༠༽ སྟེ། །ངོ་བོ་དང་ངེས་ཚིག་དང་དབྱེ་བ་དང་། །གདེང་སྲོག་གོ། ༈ །དེ་ལ་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཉིད་རྟོགས་པའི། །ངང་ལ་གནས་ཤིང་མཐར་ཕྱིན་པར་འཇུག་པའོ། ༈ །ཡོན་ཏན་ཚོགས་ཀྱི་གཞིར་གནས་ཤིང་རྟེན་བྱེད་པས་ས་ཞེས་གྲགས། །དེ་ལ་བློ་འཇུག་པའི་ཕྱིར་ན་ལམ་ཉིད་དོ། ༈ །ས་སྦྱངས་ཤིང་ལམ་བགྲོད་དུ་ཡོད་པར་འདོད་པས་བསྟི་གནས་ཀྱིས་སྟེ། །དཀར་པོ་རྣམ་པར་མཐོང་བའི་ས། །རིགས་ཀྱི། བརྒྱད་པའི། མཐོང་བའི། བསྲབས་པའི། འདོད་ཆགས་དང་བྲལ་བའི། བྱས་པ་རྟོགས་པའི། དགྲ་བཅོམ་པའི་ས་དང་ཉན་ས་བརྒྱད་ལས་ཉོན་མོངས་པ་ཐོབ་པ་འགོག་པའི་བདེན་པ་ཐོབ་པར་འཇུག་གོ། །ས་བྱང་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུར་སྦྱར། །༼ རབ་ཏུ་དགའ་བ།༽ སྦྱིན་༼དྲི་མ་མེད་པ།༽ཚུལ་༼འོད་བྱེད་པ།༽བཟོད་༼འོད་འཕྲོ་བ།༽བརྩོན་༼སྦྱང་དཀའ་བ།༽བསམ་༼མངོན་དུ་གྱུར་པ།༽ཤེས་རབ་༼རིང་དུ་སོང་བ།༽ཐབས་༼མི་གཡོ་བ།༽སྟོབས་༼ལེགས་པའི་བློ་གྲོས།༽སྨོན་ལམ་༼ཆོས་ཀྱི་སྤྲིན་ནོ། །༽ཡེ་ཤེས། དེ་དག་གིས་སྒྲིབ་པ་གཉིས་སྦྱངས་ནས་ཀུན་ཏུ་འོད་ཀྱི་ཡེ་ཤེས་འཆར། །ཀྲི་ཡ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་དང་ཡོ་ག་རིགས་ལྔ་སྟུག་པོ་བཀོད་པའི་ས་དང་། །ཨུ་པ་ཡ་རིགས་བཞི་རྡོ་རྗེ་འཆང་བའི་ས་དང་མ་ཧཱའི་མ་ཆགས་པདྨ་སྤྱན་གྱི་ས་དང་། །ཨ་ནུའི་ཡི་གེ་འཁོར་ལོ་ཚོགས་ཆེན་དང་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་དང་། །དེ་དག་ཐམས་ཅད་ཀྱིས་མི་མཐུན་ཕྱོགས་སྒྲིབ་པ་སྤངས་ནས་ཐོབ་པ་ཡིན་ནོ། ༈ །མཚན་ཉིད་ཐེག་ཆེན་གྱི་ལམ་ལྔ་ལས་ཚོགས་ལམ་དང་སྦྱོར་ལམ་གཉིས་སུ་ཞི་གནས་ལ་གོམས་པས་ལམ་གོང་མ་ལ་སྦྱོར། །ལྷག་མཐོང་གསལ་བའི་ཡེ་ཤེས་ལ་མཐོང་ལམ་དང་སྒོམ་ལམ་དུ་མཐར་ལམ་དུ་སྒོམ་མོ། །ནང་པའི་རིམ་༼༠༽པར་དང་ཅིག་ཅར་༼༠༽བ་གཉིས་ཐབས་༼༠༽ཀྱིས་ངེས་པའི་ལམ་དང་ཤེས་༼༠༽རབ་ཀྱིས་གྲོལ་བའི་ལམ། བསྐྱེད་༼༠༽ པའི་རིམ་པ་དང་རྫོགས་པའི་རིམ་པར་ལམ་བགྲོད་པ་ཡིན། །ཀྲི་ཡ་པའི་ལུས་ངག་གི་ལས་དང་བྱ་བ་གཙོར་བྱེད་པའི་ལམ་དང་བསམ་གཏན་གཙོར་བྱེད་པའི་ལམ་དང་། །ཨུ་པ་ཡ་བྱ་བ་དང་ཏིང་འཛིན་གཉི་གའི་མཐུ་ལས་ཏེ་དེ་དག་ལྟར་དུ་ལམ་བགྲོད་པ་ཡིན་ནོ། ༈ །ཡེ་ནས་རྫོགས་པས་མ་བཅོས་གོང་ན་མེད་པས་བླ་མའི་ཇི་བཞིན་ཉིད་དུ་གནས་པས་ས་འཇུག་པས་ལམ་ནི། །རྟོགས་པས་མ་སྦྱངས་ཤིང་མ་བཅོས་པས་བླ་མའི་སའོ། །འོག་ནས་གོང་དུ་མ་བགྲོད་པར་ཅིག་ཅར་དུ་འཇུག་པ་ཡིས་ལམ་ཡིན། །སྒྲིབ་པ་སྦྱངས་ལ་གོང་དུ་བགྲོད་དུ་མེད་པ་ནི་སའི་ལམ་གྱི་སྲོག །དང་པོ་འཇུག་ཡེ་ཤེས་གསང་བ་ལས། །སྐལ་ལྡན་དང་པོ་འཇུག་པ་ནས། །མཐར་ཕྱིན་པ་ལ་ཁྱད་པར་མེད། །ཅེས་སོ། །དང་མཐར་ཐུག་དོན་གཅིག་སྟེ་ཁྱད་མེད་པས། །ཡེ་ནས་ནོན་པས་ནི་ས་ལམ་གྱི་གདེང་ཡིན་ནོ། ༈ །གོམས་པར་བྱེད་པའི་ཡན་ལག་གི་ཀློང་གཉིས་དང་གོམས་ཐབས་རང་དང་བཅས་པར་བསྟན་པའོ། ༈ །དབང་ཀློང་ལ་སོགས་པ་མིང་ཐ་དད་གིས་༼ཀ༽ཁྱད་༼ག༽ པར་དོན་༼ཁ༽གཅིག་པ་ལ་མི་འདྲ་བའི་དགུ་རུ་བསྟན་༼ང༽པ་ཡིན་གྱིས་དོན་ལ་ཐ་དད་དུ་གནས་པ་ནི་བློས་མི་བརྟག་གོ། ༈ །རྟོགས་པ་དེ་ཡི་ངང་ལ་གོམས་པས་གནས་པ་ལ། །ཕྱི་དགྲ་བགེགས་དང་ནང་སྐྱེ་ལུགས་གསུམ་གྱི་བར་ཆོད་ཀྱི་བདུད་འབྱུང་བ་ནི། །དཔེར་ན་རིན་ཆེན་ལ་སོགས་པའི་ནོར་དང་ལྡན་པ་ལ། །མི་རྒོད་རྐུ་འཕྲོག་ལ་སོགས་རྩོལ་བས་འཇུག་པ་དང་འདྲའོ། ༈ །དེ་ལ་ཐུན་མོང་གི་སྲུང་བ་ནི་བཀའ་བཞིན་གནས་པའི་རྣལ་འབྱོར་པའི་སྐྱབས་སུ་གསང་བདག་གིས་སྔོན་བཞག་པའི། །དམ་ཤོད་གླིང་གི་དུར་ཁྲོད་ན་གནས་པའི་མ་མོ་གསུམ་དམ་ཅན་སྡེ་གསུམ་ལ། །མཐུན་པའི་རྫས་དང་རྟེན་རྣམས་བསོགས་ཏེ་ཕྱི་༼༡༽ནང་༼༢༽གསང་༼༣༽བ་ཡི། །སྲོག་༼༡༢༣༽གི་སྙིང་པོའི་གནས་ནས་དགུག་༼༡༽དབྱིངས་ནས་བསྐུལ་གནད་དུ་གཟིར་༼༣༽བས། །རྣལ་འབྱོར་པ་རང་ཉིད་ཕྱི་༼༡༽དང་ནང་༼༡༽དང་གསང་བ་༼༡༽དང་། །མཐར་ཐུག་༼༡༽དེ་ཁོ་ན་ཉིད་ཀྱི་ལྷ་༼༡༡༡༡༽ཡི་ང་རྒྱལ་བྱའོ། ༈ །བར་ཆད་རང་གི་སེམས་ཉིད་དུ་རྟོགས་པས་ནི་ཐུན་མོང་མིན་པའི་སྲུང་བའི་ཡིན་ཏེ། །དགྲ་མེད་པར་རྟོགས་པ་ལ་ཟོན་ཆས་ཅི་བྱར་ཡོད། ༈ །དེས་ན་ལྟ་བ་རྟོགས་ནས་གོམས་པས་མ་བརྟན་པའི། །དང་པོའི་ལས་ཅན་བསྲུང་བསྐྲད་ཀྱི་རིག་པ་འཁོར་ལོ་དང་བཅས་པས་བསྲུང་ཞིང་གོམས་པ་བསྐྱང་བར་བྱའོ། ༈ །དོན་ལམ་དེ་དག་མཚོན་པར་བྱེད་པ་ནི་ཚིག་གི་ལམ་སྟེ། ༈ །དེའི་དབྱེ་བ་དང་དགོས་ཆེད་དང་ཆེ་བ་དང་། །འབྱུང་བའི་དུས་དང་བྱུང་བའི་ཚུལ་དང་། །དེ་དག་ཇི་ལྟར་བཤད་པའི་ཐབས་སོ། ༈ །སྤྲུལ་སྐུའི་ཐུགས་ལས་ཡང་སྤྲུལ་པ་གསང་བདག་གི་ཐུགས་ཀྱི་སྲས་འཁོར་བའི་གཡུལ་ལས་རྒྱལ་བའི་དཔའ་བོ་ཡིས། ༈ །བརྗོད་བྱའི་དོན་ཀློང་དགུ་ལ་རྗོད་བྱེད་བམ་པོ་ཉི་ཁྲི་ཡོད་པ་ལ། ༈ །སྡེ་ཚན་མི་འདྲ་བས་ཕལ་ཆེ་བར་གསུམ་དུ་ཕྱེ་བ་ནི། ༈ །གོལ་ས་ཤན་འབྱེད་གྱི་ཆོས་སུ་ཕལ་ཆེ་བ་རྣམས་ལ། །བྲམ་ཟེའི་རྒྱུད་དུ་མིང་མཚོན་པའོ། །རང་གཞུང་ལ་བཟླ་བའི་ཆོས་སུ་ཕལ་ཆེ་བ་རྣམས་ལ། །རྒྱལ་པོའི་རྒྱུད་དུ་མིང་མཚོན་པའོ། །འཁྲུལ་པ་རང་གྲོལ་ཅིང་ཆོས་ཉིད་མངོན་སུམ་དུ་སྟོན་པར་བྱེད་པའི་ཚིག །མན་ངག་གི་རྒྱུད་དུ་མཚོན་པ་ཡིན་ནོ། ༈ །བྲམ་ཟེ་རྩ་བའི་རྒྱུད་དྲུག་ཡོད་པ་ལ། །གོལ་༼ཀ༽ བའི་གཞི་དང་གོལ་༼ཁ༽བ་དངོས། །དེ་ངོས་༼ག༽འཛིན་པ་དང་སུན་༼ང༽དབྱུང་བ་དང་རང་༼ཅ༽གཞུང་དང་། །སྤྱི་༼ཆ༽ཡི་རྒྱུད་དུ་བསྟན་པའོ། ༈ །དེ་དག་གི་དཔེ་དེ་༼ཀ༽ ཡང་བཀྲུ་བར་བྱ་བའི་གཞི་གདོང་པ་ལ། །བཀྲུ་བར་བྱ་བའི་རྒྱུ་ནི་དྲི་མ་ཡིན་ལ་ངོས་༼ག༽འཛིན་པ་ནི། །མཁར་སིལ་གྱི་མེ་ལོང་ལ་དེ་འཁྲུད་པར་བྱེད་པ་ནི་བུམ་པའི་ཆུ་ཡིས། །བཀྲུས་པའི་ཡོན་ཏན་རིགས་༼ཅ ༽གཙང་བ་དང་མདངས་༼ཆ༽ ཀྱི་ཁ་དོག་གསལ་བར་བྱེད་པ་དང་འདྲ་བ་ཡིན་ནོ། །ཡན་ལག་གི་རྒྱུད་སྡེ་བཅུ་ཚན་གསུམ་དང་རྩ་དྲུག་སྟེ་ཞེ་གཉིས་པོ་དེ་དག་ཤན་འབྱེད་གྱི་ཆོས་སུ་བྱུང་བ་ཡིན་ནོ། ༈ །རྒྱལ་པོ་རྩ་བའི་རྒྱུད་ལྔ་གསུངས་པ་ལ། །ལ་བཟླ་བའི་ས་༼ཀ༽ནི་དང་ལ་བཟླ་བའི་རྒྱུ་༼ཁ༽ ནི་ལ་ཟློ་བར་བྱེད་༼ག༽ པ་ནི། །ལ་བཟླ་༼ང༽ བའི་ཐབས་ནི་དང་ལ་བཟླས་པའི་༼ཅ༽ཡོན་ཏན་ནི། ༈ །མངའ་༼ཀ༽རུ་བསྡུ་ས་ནི་བསྡུ་༼ཁ༽རྒྱུ་ནི་དང་། །སྡུད་༼ག༽ པར་བྱེད་པ་ནི་བསྡུ་༼ང༽བའི་ཐབས་ནི་མངའ་རུ་བསྡུས་པའི་ཡོན་༼ཅ༽ཏན་དག ༈ །མངའ་༼ཀ༽ རིས་རྣམས་ལ་༼ཁ༽མགོ་ནག་སྟེ་རྒྱལ་༼ག༽ པོ་ཉིད་ཡིན་ལ། །༼ང༽ ཞི་བའམ་དྲག་པོས་མངའ་རུ་སྡུད་ལ་མི་ནོར་ལ་ལོངས་སྤྱོད་པའོ། །༼ཀ༽ གཞི་ལ་དང་༼ཁ༽སྣང་གྲགས་ཀྱི་ཆོས་ཐམས་ཅད་སྟེ་བྱང་༼ག༽ཆུབ་ཀྱི་སེམས་ཡིན་ལ། །རྒྱལ་བའི་༼ང༽ ལུང་རང་གི་རིགས་པ་བླ་མའི་མན་ངག་རང་༼ཅ༽གྲོལ་བས་ལ་ཟློ་ལ། །རྩོལ་མེད་ཀྱི་བདེ་བ་ཆེན་པོར་རང་གསལ་བ་ཡིན་ནོ། ༈ །སངས་རྒྱས་ལ་སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་དང་ཐུགས་དང་ལྔ། །མངའ་བའི་རྩལ་དུ་རྒྱུད་ལྔ་བྱུང་བ་ཡིན། ༈ །གཅིག་ལ་ཡང་ཡན་ལག་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་རེ་རེ་ལ། །ཞིང་དང་སྐུ་དང་ཐུགས་དང་གསུམ་མངའ་བའི་རྩལ་ལས། །སེམས་ཅན་གྱི་ཡུལ་དང་ལུས་དང་ཡིད་དང་གསུམ་བྱུང་བས། །དེ་དག་སྟོན་པར་བྱེད་པའི་ངག་ཏུ་རྒྱུད་གསུམ་གསུམ་དུ་བྱུང་བས། །ཡོན་ཏན་གྱི་ལྡོག་ཆ་ལས་རྒྱུད་སྡེ་བཅུ་ཚན་བདུན་དང་ལྔ་སྟེ། །དེ་དག་དྲིལ་བས་བརྒྱ་དང་རྩ་ལྔ་རུ་ཤར་བ་ཡིན་ནོ། ༈ །མན་ངག་ལ་རྩ་བའི་རྒྱུད་ལྔ་ལ། །གནས་ལུགས་དང་འཁྲུལ་ཚུལ་དང་དེ་བསྟན་པའི་ཐབས་དང་། །གོམས་པར་བྱ་བའི་ཐབས་དང་སྤྱིར་འབྲས་བུ་དང་ལྔ། །གཙོ་ཆེ་བ་རུ་གང་སྟོན་པའི་སྒོ་ནས་རྣམ་པ་ལྔར་ཕྱེ་ལ། ༈ །རེ་རེ་ལ་ཡན་ལག་ལྔ་ལྔ་སྟེ་བཅུ་ཚན་གཉིས་དང་ལྔར་བྱུང་བ་ནི། །རྩ་བ་ལུས་དང་ཡན་ལག་གི་ཚུལ་ཡིན་ནོ། ༈ །ཚིག་ལམ་དེ་ཡི་དགོས་ཆེད་ནི་དོན་གྱི་ལམ་ཉིད། །བརྡ་སྤྲོད་༼༡༽པར་བྱེད་ཡིད་ཆེས་༼༡༽པར་བྱེད་མཚོན་པར་བྱེད་༼༡༽པ་༼༡༡༡༽ཡིན་ནོ། ༈ །ཆེ་བ་ནི་ཞེན་༼༡༽དྲུག་ལོག་༼༡༽གསུམ་རྩོལ་༼༡༽བ་༼༡༡༡༽བརྒྱད་ལས༼༠༽། །ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་སྟེ། །སྡུག་༼༠༽བསྔལ་དང་རྩོལ་བའི་ནད་ལས་བཀྲོལ་བས། །ཆེ་བ་ལྔ་མདོ་བཅུ་ལས། ལྔ་གསུམ་གཅིག་གིས་འཕགས་པ་ཡིན། །དེ་ཡང་གང་དང་གང་ཞེ་ན། །ཁྱད་པར་འཕགས་པའི་མདོ་དག་ལ། །ཁྱད་པར་འཕགས་པའི་ཆེ་ལྔས་འཕགས། །གསུམ་འཕགས་ཕུན་སུམ་ཚོགས་མདོ་ལས། །ཕུན་སུམ་ཚོགས་པ་གསུམ་གྱི་འཕགས། །གཅིག་འཕགས་བྱང་ཆུབ་སེམས་ཀྱིས་འཕགས། །དེས་ན་ཐེག་པ་ཀུན་ལས་འཕགས། །ཞེས་སོ། །སྟོན་པ་བསྟན་པ་འཁོར་གསུམ་བྱང་ཆུབ་ཀྱི་སེམས་གཅིག་ཏུ་མཚོན་པ་ཡིན་ནོ། ༈ །སྙིང་པོ་རྣལ་མའི་རྒྱུད་འབྱུང་བའི་དུས་ཉོན་མོངས་རྒྱུད་དྲག་ཅེས་པ་དྲུག་གཏེར་གཏད་དུ་གསུངས་པ་ལས། །བསྟན་པའི་སྙིགས་མ་དང་གྲུབ་མཐའ་ངན་པས་བསྒྱུར་བའི་ལོག་རྟོག་མང་བའི་དུས་གཉིས་སུ་བྲམ་ཟེའི་རྒྱུད་འབྱུང་བའོ། །དད་པ་མེད་པ་དང་བཀའ་ཡི་དོན་ལ་རྟོན་པ་དང་། །ཉོན་མོངས་པ་རྒྱུད་དྲག་པ་དང་གསུམ་གྱི་དུས་སུ་རྒྱལ་པོའི་རྒྱུད་ཀྱིས་མངའ་རུ་བསྡུས་པའོ། །མན་ངག་གི་རྒྱུད་ནི་སྤྱིར་དྲུག་ཀ་ལ་གཅེས་ཀྱང་ཁྱད་པར་དུ་ཚེ་ཐུང་བས། །བསྒྲུབ་ལོང་མེད་པའི་དུས་སུ་གྲོན་ཚོགས་ཆུང་བར་བསྟན་པ་ཡིན་ལ། །རྒྱུད་སྡེ་གསུམ་པོ་ཀུན་ལ་དུས་དྲུག་པོ་ཐམས་ཅད་འཇུག་པའོ། ༈ །རྒྱུད་བྱུང་༼ཀ༽ བའི་ཚུལ་ནི་ཉི་མའི་སྙིང་པོ་ལས། །འོད་༼༡༽དང་འདྲ་བའི་ཟེར་༼༡༽བྱུང་༼༡༡༽བ་ལྟར་དུ། །ངོ་བོ་ཉིད་མ་བཅོས་པར་ཤར་བའི་ཆོས་ཀྱི་སྐུ་ཡིས། །བདག་པོའི་རྐྱེན་བྱས་ནས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་༼༡༽བ། །དེ་༼༡༽ལས་སྤྲུལ་སྐུ་སེམས་དཔའ་རྡོ་རྗེ་འཆང་ཡོན་ཏན་མ་འགགས་པར་ཡུལ་ལྷན་ཅིག་པའི་འཁོར་ལ་ཤར་བ་དེ་ཡང་རང་གི་ངོ་བོ་དང་བྱིན་གྱི་རླབས་གཉིས་ཀྱིས། །ཤར་བའི་ཡང་སྤྲུལ་ཐུགས་སྲས་ཀྱིས། །ཚིག་ཏུ་བསྡེབ་པའི་སྦྱར་བ་ལེགས་པར་མཛད་པ། །དེ་༼ཁ༽ལས་མི་ལྷ་ཀླུ་གནོད་སྦྱིན་རིག་པ་འཛིན་པ་བཞི་རིམ་པར། །སྨིན་ནས་༼ག༽ བླ་མ་དམ་པ་དགེ་སློང་ཆེན་པོ་ཀུ་ཀུ་རཱ་ཛའི། །ཐུགས་ཀྱི་འོད་ཟེར་གྱིས་ཤྲཱི་སིངྷ་བདག་གི་བློའི་མུན་པ་བསལ། །ཡི་དམ་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའི་མཐའ་ཡི་མི་བཻ་རོ་ཙ་ན་ཁྱོད་ལ་གསལ་བ་འོད་མཛེས་པ་རྒྱན་རིམ་པ་ཕྲེང་བ་གསུམ་བརྩམས་པ་ངས་གཏད་ཀྱིས་ནན་ཏན་དུ་ཆོངས་ཤིག ༈ །དེ་ཡང་རྒྱལ་བ་རྣམས་དགོངས་༼ཀ༽པ་རིག་འཛིན་རིག་༼ཁ༽པ་གང་ཟག་རྣམས་སྙན་༼ག༽ཁུང་དུ་བརྒྱུད་པའོ། ༈ །རྒྱུད་སྡེ་དེ་དག་བཤད་པའི་ཐབས་བསྟན་པ་ནི་གང་ཞེ་ན། མན་ངག་འབྱུང་བའི་ཁུངས་ལོ་རྒྱུས་ཀྱི་དོན་དང་། །འཇུག་པའི་སྒོ་ཐེག་པ་རྣམས་ཀྱི་བསྡུ་བ་ཡོ་གའི་དོན་དང་། །རྟེན་གྱི་གང་ཟག་གང་གི་དགོས་པའི་དོན་དང་། །དྲིལ་ནས་མཚན་དུ་གསོལ་བ་རྩ་བའི་དོན་དང་། །དབུ་ཞབས་ཀྱི་དཀྱུས་བཤད་པ་ཚིག་གི་དོན་དང་། །སྤྱི་དོན་རྣམ་པ་ལྔ་ཡི་ཐབས་ཀྱིས་བཤད་པ་ཡིན་ནོ། ༈ །ཆོས་སྐུ་བྱིན་གྱིས་རླབས་ཀྱི་ལོ་རྒྱུས་དང་ལོངས་སྐུ་རང་གི་ངོ་བོའི་དང་། །སྤྲུལ་སྐུ་ཚིག་བསྡེབ་སྦྱར་བ་ལེགས་པའི་ལོ་རྒྱུས་ལ། ༈ །དང་པོ་བྱིན་གྱི་རླབས་ནི་ཆོས་ཀྱི་སྐུས་སྐྱེ་མེད་དོན་གྱི་གོ་བརྡ་སྤྲོད་པས་གསུངས། །ངག་ཏུ་བརྗོད་དུ་མེད་ཀྱང་དོན་ཡེ་ནས་ལྷུན་གྱིས་གྲུབ་པའི་བྱིན་གྱིས་སྣ་ཚོགས་སུ་མི་འགག་པས་བརླབས་ཀྱི་བཤད་པ། །དཔོན་སློབ་ཐ་དད་སྣང་ཡང་དོན་གྱིས་མི་གཉིས་ཅིང་སྙན་ཁུང་བརྒྱུད་པ་ཅན་གྱི་མན་ངག་གིས་ཐ་སྙད་དང་བྲལ་བའི་དོན་མཚོན་པར་བྱེད་པའོ། །བླ་མ་ངེས་པའི་མན་ངག་ཚད་ལས་ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་པར་སྟོན་པ་སྟེ། །དེ་ཡང་རྒྱལ་བ་ལྔ་རིག་འཛིན་བཞི། རྒྱ་བོད་ཀྱི་གང་ཟག་ཏུ་བརྒྱུད་པའོ། ༈ །ཉིད་གཞན་ལོངས་སྐུས་ཐུགས་ཀྱི་དགོངས་པ་དང་སྐུ་བརྡའི་གསུང་གི་སྒོ་ནས། །རང་གི་ངོ་བོས་བཤད་པས་ཆོས་ཉིད་རང་ཤར་དུ་མཚོན། །རང་གི་ངོ་བོས་མི་གཉིས་ཤིང་དབྱེར་མེད་པའི་མ་ནོར་ངེས་པའི་སློབ་དཔོན། །བརྡའི་རྟོག་པ་དང་བྲལ་བའི་སྟོང་ཉིད་རང་གྲོལ་བའི་མན་ངག་རང་རིག་པའི་ཉམས་ཚད་མ། །ཆོས་ཉིད་རང་མཚན་ཡུལ་མེད་རང་ཤར་དུ་གོ་བའོ། ༈ །ཅིར་ཡང་སྤྲུལ་པའི་སྐུ་ཐུབ་པའི་དབང་པོས་གསུང་ཚངས་པའི་དབྱངས་ཀྱིས། །ཚིག་ཏུ་བསྡེབ་སྦྱར་ལེགས་པས་བཤད་པས་བརྗོད་བྱའི་དོན་ཀུན་མཚོན་པར་བྱེད། །བརྡ་དོན་བརྒྱུད་པའི་བླ་མས་བརྡ་སྤྲོད་བྱེད་ལ་ཡི་གེར་བཀོད་པའི་མན་ངག་གིས་ལྟ་བ་སྤྱིའི་རྣམ་པ་ཙམ་གོ་བར་བྱེད་ཡིད་ཆེས་པ་བྱ་བྲལ་རྫོགས་པའི་ལུང་ཚད་མ་ཡིན་ནོ། ༈ །དེ་དག་ལོ་རྒྱུས་ཀྱི་དོན་གྱིས་བཤད་པའོ། ༈ །ཡོ་ག་རྣམ་པ་བཞིར་ཡེ་ཤེས་གསང་བ་ལས་བཤད་པ་ནི། །ཐེག་པ་མཐོ་དམན་ཀུན་གྱི་བསྡུ་ས་ཡིན་ཏེ། ༈ །ཡོ་ག་ནི་ལྷ་དང་གཙང་བ་བླང་རྟོག་པ་དང་སྨེ་བ་དོར་བའི་སྤྱོད་པ་ཅན་ཏེ་དེར་བླང་དོར་ཅན་ཀུན་འདུས་དེས་འགྲེ། མ་ཧཱ་ཡོ་ག་བསྙེན་སྒྲུབ་བཞིས་རྩོལ་ཞིང་སྒྲུབ། །ཨ་ནུ་ཡོ་ག་རྒྱུ་སྣང་བ་དབྱིངས་འབྲས་བུ་དྲན་རྟོག་ཡེ་ཤེས་སུ་འདོད། །ཨ་ཏི་ཡོ་ག་ནི་དེ་གསུམ་ཀ་ལས་གྲོལ། ༈ །འདི་ཉིད་མངོན་སུམ་པར་སངས་རྒྱས་པའི་ཆེ་བ་ཡིན་པས་ནི། །སྡེ་མཚན་ཉིད་གསུམ་གྱི་སྤོང་འགེགས་སྦྱོང་བ་ལས་གྲོལ་ནས་རང་གཞུང་ཨ་ཏི་ཡོ་ག་དངོས་ཡིན་ནོ། །ཆོས་ཐམས་ཅད་དེ་ཡིན་པར་སངས་རྒྱས་པའི་ཆེ་བས་བླང་དོར་ཐམས་ཅད་དང་བྲལ་བ་ནི། །ཡོ་ག་ཨ་ཏི་ཡོ་གར་ལ་བཟླས་པའོ། །རྩོལ་སྒྲུབ་ཀྱི་གཞན་དབང་ལ་ལྟོས་པ་རྣམས་མི་གནས་ཏེ་བདག་ཉིད་ཆེན་པོར་སངས་རྒྱས་པའི་བ་ནི། །མ་ཧཱ་ཡོ་ག་ཨ་ཏིར་ལ་བཟླས་པའོ། །ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བའི་ངང་ལས་རྒྱུ་འབྲས་ཀྱི་མཚན་མ་ཐམས་ཅད་འདས་ཏེ། །ཨ་ནུ་ཨ་ཏིར་ལ་བཟླས་པའོ། །ཐམས་ཅད་བླ་དྭགས་ཀྱི་མིང་ཙམ་དུ་རྒྱས་བཏབ་པ་ནི། །ཐམས་ཅད་དུ་སངས་རྒྱས་མེད་པའི་ཆེ་བ་ཡིན་སྟེ། །ཨ་ཏི་ཡོ་གའི་ཞེན་པ་དང་བྲལ་བའི་ཨ་ཏིའོ། ༈ །དགོས་ཆེད་ནི་གང་ཟག་དབང་པོ་ཡང་རབ་ལ་དགོས་སྟེ། །རི་བོ་མཆོག་རབ་ལ་རྡུལ་དུ་ཡོད་བརྩི་བ་དང་། །བསྐལ་ཕྲན་བརྒྱད་ཅུ་དང་བཅས་པའི་བསྐལ་པ་ཆེན་པོ་ལ་སྐད་ཅིག་མར་བརྩི་ཞིང་། ། བློ་ལ་ཤྭ་ལོ་ཀ་འབུམ་ལ་སོགས་འདོན་ཞིང་། །ཐ་སྙད་ཀྱི་བྱེ་བྲག་དུ་མ་ཤེས་པའི་གང་ཟག་དག །དབང་པོ་ཡང་རབ་མ་ཡིན་ཏེ་དོན་ལ་རྩིང་བའི་ཕྱིར་རོ། ༈ །ཤེས་བྱ་དོན་གྱི་གནས་ལུགས་མཐར་ཕྱིན་པར་གོ། །རང་འདོད་ཀྱི་ཕྱོགས་རིས་སུ་བློ་གྲོས་མ་ལྷུངས་པར། །བློ་ཤེས་བྱ་སྤྱི་སར་བཞག་ནས་ཐུན་མོང་གི་བློས། །ཤེས་བྱའི་རྒྱ་གཅོད་ཅིང་དོན་རྟོགས་པར་ནུས་པའི། །དོན་དུ་ཡང་སྤྲུལ་དཔའ་བོས་བྱ་བྲལ་རྫོགས་པའི་ལུང་རྣམས་གསུངས་པ་ཡིན་ནོ། ༈ །དབུ་ཞབས་ཀྱི་དོན་དྲིལ་ནས་རྒྱུད་སྡེ་རང་རང་གི་མིང་དུ་གང་ཡིན་བཏགས་པ་ཡིན་པས། །མཚན་གཅིག་པུའི་དོན་རྟོགས་པས་ནི་དབུ་ཞབས་ཀྱི་དོན་ཀུན་རིག་པས་ན། །དགོས་ཆེད་ཡོད་པས་ཅིར་བཏགས་ཀྱང་མཚན་དེར་དོན་རྣམས་འདུས་པ་ལ། །རྩ་བའི་དོན་ཅེས་བྱ་བར་གསུངས་པ་ཡིན་ནོ། ༈ །དབུ་ཞབས་ཀྱི་དཀྱུས་བཤད་པ་ཚིག་གི་དོན་བསྟན་པ་ནི། ༈ །དབང་པོ་རབ་ལ་མཚན་གྱིས་དབུ་ཞབས་ཀྱི་དོན་ཀུན་གོ་བ་ནི། །རྩ་བ་མཚན་དུ་གཅིག་པས་དཔེར་ན་སྨན་པ་འཚོ་བྱེད་གཞོན་ནུ་གསོས་ཀྱིས། །ལག་གི་རྩ་ལ་བལྟས་པས་ལུས་ཀྱི་ནད་ཀུན་ངོས་ཟིན་པ་དང་འདྲའོ། ༈ །དབང་པོ་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བས་ཚིག་དོན་ཀུན་གོ་བ་ལ་ལྔ་སྟེ། །རྒྱུ་གླེང་གཞི་རྐྱེན་གླེང་བསླང་འབྲས་བུ་རྒྱུད་དོན་རྟོག་གེ་བའི་རྩོད་པ་བཟློག་པའི་ཕྱིར་དགོས་འབྲེལ། །རྒྱུད་མི་ནུབ་པའི་དོན་དུ་གདམས་ཤིང་གཏད་པ་ཡིན་ནོ། ༈ །དེ་ལ་བསྟན་པ་འབྱུང་བའི་རྒྱུ་གླེང་གཞི་༼ཀ༽ཕུན་སུམ་ཚོགས་པ་ལྔ་ལས། ༈ །གསུམ་པ་དོན་གསུམ་བསྟན་པ་ནི། །སྟོན་པ་བསྟན་པ་འཁོར་བསྟན་པ། །དུས་དང་གནས་ནི་རང་བཞིན་ཚང་། །ཕུན་སུམ་ཚོགས་པ་གསུམ་དུ་བསྟན། །ཅེས་མདོ་བཅུ་ལས་སོ། །སྟོན་༼ག༽པ་དང་བསྟན་པ་དང་འཁོར་དང་གསུམ་ཚོགས་པ་དག་ལས། །དུས་དང་གནས་གཉིས་ཀྱང་དེ་གསུམ་གྱི་ཆ་ལས་འབྱུང་བའོ། ༈ །སྟོན་པ་ཆོས་ཀྱི་སྐུ་ལ་འཁོར་འདས་ཐམས་ཅད་འཁོར་ཏེ་དེ་དག་ཆོས་སྐུ་ཡིན་པ་ལ་རྟོགས་མ་རྟོགས་ཀྱི་རྐྱེན་གྱིས་འཁོར་འདས་སུ་ཤར་བས་སོ། །གནས་ཡང་དག་དོན་གྱི་འོག་མིན་དུ། །བློ་ལས་འདས་པས་བསམ་གྱིས་མི་ཁྱབ་པའི་དུས་གང་གི་ཚེ་ལ། །བསྟན་པ་ནི་བསྐྱེད་རྫོགས་རྣམ་པ་གསུམ་གསུངས་ཏེ། །མ་བསྐྱེད་པས་རང་བྱུང་རང་གསལ་བའི་ཡེ་ཤེས་སུ་ཆ་མཐུན་པས། ། ཆོས་ཀྱི་སྐུའི་བསྟན་པར་རང་བྱུང་ཡེ་ཤེས་ཆ་མཐུན་པས། །ཆོས་ཀྱི་སྐུ་ཡི་བསྟན་པར་བཤད། །ཅེས་རྒྱུད་དུ་གསུངས་པ་ཡིན་ནོ། ༈ །སྟོན་པ་ལོངས་སྐུ་ཡིས་རིག་པའི་འོག་མིན་གྱི་གནས་སུ། །ས་ཐོབ་པའི་རིག་འཛིན་དང་བྱང་ཆུབ་སེམས་དཔའི་འཁོར་ལ། །རང་རིག་པ་བདེ་བ་ཆེན་པོ་ཤར་བའི་དུས་སུ། །བསྟན་པ་ཕྱི་ཡི་ཐེག་པ་གསུམ་གསུངས་ཏེ། །མཚན་དང་དཔེ་བྱད་བཟང་པོ་ལྷའི་སྐུ་ཡིས་བསྡུས། །སྣང་བ་ཆ་མཐུན་ཡོད་པས་ན་ལོངས་སྐུའི་བསྟན་པར་གསང་བའི་ལེའུ་གསུམ་པར་གསུངས་པས་རྒྱས་པར་དེ་ཉིད་དུ་ཤེས་པར་བྱའོ། ༈ །སྟོན་པ་སྤྲུལ་པའི་སྐུ་ཡིས་གནས་སྟོང་གསུམ་མི་མཇེད་ཀྱི་ལོ་ཀའི་ཁམས་ན། །གནས་ཕྱོགས་གཅིག་ཏུ་ངེས་པ་མིན་ཐུགས་རྗེས་འདུལ་བའི་དགོས་པས་སྤྲུལ། །ཚོགས་སྦྱོར་མོས་པས་སྤྱོད་པའི་འཁོར་རྣམས་ལ། །སྡུག་བསྔལ་རྩོལ་སྒྲུབ་དང་བཅས་པའི་དུས་སུ། །བསྟན་པ་མཚན་ཉིད་སྡེ་གསུམ་གསུངས་སྟེ། །ཐུབ་དྲུག་གི་སྐུས་གདུལ་བྱ་འདུལ་བ་དང་མི་རྟོག་པའི་ཡེ་ཤེས་ལ་སོགས་པ་མཐུན་ནོ། ༈ །སྟོན་པ་གསང་བའི་སྐུས་གནས་ཡུམ་གྱི་མཁར། །དབུའི་གཙུག་ཏོར་གྱི་འཁོར་ལོ་བསྒྱུར་བའི་དུས་སུ། །སྐྱེས་བུ་ཆགས་པ་ཅན་གྱི་འཁོར་དག་ལ། །སྟོང་ཉིད་དང་བདེ་ཆེན་ཟུང་དུ་འབྲེལ་བ་ནི་བསྟན་པའི་གཙོ་བོའོ། ༈ །སྟོན་པ་ངོ་བོ་ཉིད་ཀྱི་སྐུས་འཁོར་ཆོས་ཀྱི་སྐུ་ལ། །འདས་མ་འོངས་ད་ལྟར་འབྱུང་བར་མ་ངེས་པ་དུས་བཞི་མཉམ་པའི་དུས་དེ་ཉིད་ལ། །རྟེན་དང་བརྟེན་པ་ཐ་དད་མི་གནས་པ་ཡི་གནས་སུ། །ཐེག་པ་ཀུན་གྱི་བཅུད་འདུས་པའི་རང་གྲོལ་བའི་མངོན་སུམ་པའི་བསྟན་པ་སྟེ། །གང་གིས་ཀྱང་མ་བསྒྲིབས་པར་དོན་མཐོང་ཞིང་ཐོས་ཏེ་རང་ལ་ཤར་བའོ། ༈ །དང་པོ་ཆོས་ལོངས་སྤྲུལ་གསུམ་གྱི་གླེང་གཞི་ནི་སྤྱི་གཞུང་དང་མཐུན་ལ། །གཅིག་གསང་བའི་ནི་གདུལ་བྱ་ཆགས་ཅན་གྱིས་མཐུན་པའི་ཕྱོགས་སུར་དྲངས་པའོ། །མཐར་ཐུག་ཐ་མ་ངོ་བོ་ཉིད་ཀྱི་གླེང་གཞི་ནི་ཀུན་གྱི་ཐུན་མོང་མིན། །ཐེག་པ་ཀུན་གྱི་གནས་ཡིན་ལ་ཀུན་གྱི་གཙོ་བོ་རུ། །ཀུན་གྲོལ་ཆེན་པོའི་རྒྱུད་སྡེ་རྣམས་ལས་གྲགས་པའོ། ༈ །རྒྱུ་གླེང་གཞི་དེ་ལས་བསྟན་པའི་འབྱུང་བའི་རྐྱེན་གྱིས་གླེང་བསླང་བ་ནི་གང་ཞེ་ན་སྟོན་པས་མདུན་བསུ་༼ཤ༽སྟེ་སྔོན་ནས་གླེང་བསླང་བ་ནི་གསང་བ་ལས་འདུས་པའི་འཁོར་ཅེས། །འཁོར་གྱིས་གུས་༼ས༽པས་དྲི་བ་དྲིས་ཏེ་གླེང་བསླང་བ་ནི་ཁྱོད་ནི་གསུང་གི་ཞེས། །ཞུས་ལན་འདྲེན་མར་བྱུང་བ་རྣམས་ནི། ༼ཧ༽སྐབས་ལས་གླེང་དུ་ལངས་པ་ཡིན། །སྟོན་པའི་ཏིང་ངེ་འཛིན་གྱི་སྦྱོར་བས་འཁོར་བསྐུལ་ཏེ་གླེང་བསླང་བ་རྫོགས་པ་ལས། དེ་ནས་རིག་པའི་རྒྱལ་པོ་སྣ་ཚོགས་ཞེས་དྲངས་དང་། །ལྷའི་དབང་པོས་གཞན་སེམས་ལྷག་ཅན་གྱི་དོན་དུ་ཞུ་བས་ཕྱོགས་བཅུའི་སངས་རྒྱས་གང་དག་བསྐུལ་བས་གླེང་བསླང་བ་དང་། །ཐམས་ཅད་ཀྱིས་རྡོར་སེམས་ལ་བསྟན་པ་གསུང་༼ཧ༽རྣམས་ཚིག་ཏུ་གསུངས་ཤིག་པར་ནན་ཏན་གྱིས་བསྐུལ་བ་ནི། །མན་ངག་དམ་པ་དག་གིས་བསྐུལ་བའོ། ༈ །རྐྱེན་སྐྱུར་རྩི་ཕབས་ཀྱིས་རྒྱུ་འབྲུ་ལས་བསླངས་པ་ཡིས་ཆང་བྱུང་བ་ལྟར། ༈ །འབྲས་བུ་རྒྱུད་ཀྱི་དོན་འབྱུང་བའི་རྐྱེན་དུ་གླེང་བསླང་བས་གླེང་བསླང་དུ་མིང་ངེས་པ་ཡིན་ནོ། ༈ །རྒྱུ་གླེང་གཞི་ཙམ་གནས་པ་ལས་རྐྱེན་གླེང་བསླང་དང་བྲལ་ན། །འབྲས་བུ་རྒྱུད་དོན་འགྲུབ་པ་མིན་པ་དེས་ན་གླེང་བསླང་གི་དགོས་པའི་དོན་ཡིན་ནོ། ༈ །གསུང་༼ཁ༽བའམ་གླེང་བའི་རྒྱུད་འབྱུང་བའི་ཀྱི་གཞིར་ཕུན་སུམ་ཚོགས་པ་ལྔ་གྱུར་པས། །གླེང་ལངས་པ་བསྟན་པའི་གཞི་རུ་མིང་ངེས་པ་ཡིན་ནོ། ༈ །དཔེར་ན་རྩོད་པའི་ཕན་ཚུན་གྱི་རྒྱུ་བློ་ཡུལ་བར་པ་ཞལ་ཆེ་བ་རྣམས་ཚོགས་པ་དང་འདྲའོ། ༈ །དད་ལྡན་གང་ཟག་གི་རྗེས་སུ་འབྲང་བ་རྣམས་འཇུག་པའི་ཕྱིར་དུ། །སྡུད་པ་པོ་ཚད་མའི་སྐྱེས་བུར་གཞག་པ་བརྒྱད་སྟོང་དོན་བསྡུ་ལས། དད་ལྡན་འཇུག་པའི་ཡན་ལག་ཏུ། །སྟོན་པ་དབང་པོ་འཁོར་དང་ནི། །ཡུལ་དུས་དག་ཀྱང་ངེས་བསྟན་པ། །སྡུད་པོ་རང་ཉིད་ཚད་མར་ནི། །རབ་གྲུབ་ཕྱིར་ཡིན་འཇིག་རྟེན་ན། །ཡུལ་དང་དུས་ཀྱིས་ངེས་མཚོན་ཅིང་། །དཔང་པོར་བཅས་པ་སྨྲ་བ་ནི། །སྨྲ་པོ་ཚད་མར་རྗེས་སུ་རྟོགས། །ཞེས་ཕྱོགས་གླང་གིས་གསུངས་སོ། །ཞེས་སོ། །དང་། །འབྲས་བུའི་ཡོན་ཏན་གྱིས་བྲོད་པ་བསྐྱེད་པས་དེས་ཐོབ་པའི་ཐབས་ལ་བརྩོན་འགྲུས་རྩོམ་པ་དང་། དད་ལྡན་གྱི་གང་ཟག་འཇུག་པའི་ཕྱིར་ཕུན་སུམ་ཚོགས་པ་ལྔ་སྨོས་པའི་དགོས་པ་ཡིན་ནོ། ༈ །དུས་ཕུན་སུམ་ཚོགས་པའི་ཀྱི་སྒོ་ནས་གླེང་གཞི་ཉེ་བར་དགོད་པ་ནི། འདི་ཞེས་ཉེ་བ་མངོན་སུམ་བར་བསྟན་པའི་སྒྲ་ནི་གནས་འདིར་ནི་གསུངས་ཤེའོ། །ཆོས་སྐུ་སྐྱེ་མེད་དོན་གྱི་༼ ༡༽ལོངས་སྐུ་བརྡ་དགོངས་ཀྱི་༼ ༡༽སྤྲུལ་སྐུ་ཚངས་པའི་སྐད་༼༡༡༡༡༽ལྟར་དུ་མཚོན་པ་ནི་སྟོན་པ། སྟོན་པས་འཁོར་ལ་དགོངས་ནས་བཤད་པ་སྟེ། པ་ཞེས་འཕྲོ་ཚུལ་བའི་སྒྲ་ནི་བསྟན་པ་ཕུན་ཚོགས་དངོས་ལ་འཇུག་ལ། །སྐུ་ལྔའི་དུས་ལྔ་ནི་སྔར་བཤད་བཞིན་ཏེ་འདིར་དུས་མཐའི་སྐད་ཅིག་མ། བརྗོད་བྱ་ཀློང་དགུ་ལ་རྗོད་བྱེད་བམ་པོ་ཉི་ཁྲི་གསུངས་པ་ནི། ༈ །སྡུད་པ་པོ་རྣམ་པར་ཐར་པ་ཐོབ་པ་ཡིས་སྐད་ཅིག་ལ་ཁོང་དུ་ཆུད་པ། །མང་དུ་འབྱུང་བ་མ་ཡིན་པར་བཀའ་དཀོན་པའི་ཕྱིར་སྐད་ཅིག་ལ་གསུངས་པའོ། ༈ །གཞན་ལས་མ་བརྒྱུད་པར་བདག་གིས་དབང་པོའི་མངོན་སུམ་དུ། །ཐོས་ཞེས་བརྗོད་པ་ཙམ་གྱིས་སྡུད་པ་པོ་ཚད་མའི་སྐྱེས་བུར་མི་རུང་བས་ན། ཚད་མར་ངེས་པར་བཤད་ཅེས་པས་འགྱུར་དེ་སྟོན་པ་དང་། སྡུད་པ་པོ་གཉིས་དགོངས་པ་དབྱེར་མེད་ཆིག་ཆོད་ཡིན་ནོ། ༈ །གཞན་རྒྱས་པ་དག་གོང་དུ་བཤད་པ་བཞིན་སྐབས་འདིར་ཤེས་པར་བྱའོ། ༈ །འབྲས་བུ་རྒྱུད་༼ང ༽ཀྱི་དོན་ལ་གནས་ལུགས་དང་ཐབས་ལམ་དང་འབྲས་བུ་དང་གསུམ། །དཀྲུགས་པ་རྣམས་ནི་རིམ་པས་དེ་ལྟར་བསྡེབས་ཏེ་རྒྱུད་ཀྱི་དཀྱུས་ལས་གོང་འོག་ཏུ་ཡོད་པ་རྣམས་དེ་ལྟར་བསྒྲིག ༈ །རྒྱུ་གླེང་གཞི་རྐྱེན་གླེང་བསླང་ཚོགས་པ་ལས་བྱུང་བའི་ཕྱིར། །འབྲས་བུ་རྒྱུད་ཀྱི་དོན་བྱ་བར་མིང་ངེས་པ་ཡིན་ནོ། །ཚིག་ལམ་གྱི་དགོས་པ་བཤད་པ་ལྟར་སྐབས་འདིར་ཡང་དེ་བཞིན་དུ་མཐུན་ནོ། །དོན་གྱི་གདམས་པས་རྒྱུད་ཀྱི་དོན་དགྲོལ་བར་བྱའོ། ༈ །གང་ཟག་རྟོག་ལྡན་ཆོས་ཀྱི་རྗེས་སུ་འབྲང་བ་འཇུག་པའི་ཕྱིར་དུ་དགོས་འབྲེལ་ཡན་ལག་བཞི་ནི། ༈ །བྱང་ཆུབ་ཀྱི་སེམས་ལྷུན་གྲུབ་གསུམ་གྱི་རང་བཞིན་དུ། །ཡེ་ནས་གནས་པ་ལ་མི་གསལ་བར་རྟོག་པས་བསྒྲིབས་པ་ནི་དཔེར་ན་ཕྱི་ནང་གི་རྒྱ་མཚོ་ཆེན་པོའི་གསེར་གྱི་འོག་གཞི་མི་གསལ་བ་ལྟར། །རང་བཞིན་གྱི་སྣང་བ་བརྗོད་པའི་ཡུལ་དང་བྲལ་བ་དེ་ཉིད་བརྗོད་པར་བྱ་བའི་ཡུལ་ལོ། ༈ །ཐུན་མོང་སྟོན་པ་ཤཱཀྱ་ཐུབ་པས་རྩོལ་བཅས་ཀྱི་ཐེག་པའི་ཆོས་རྣམས། །མཐར་ཕྱིན་པར་གསུངས་ཏེ་མྱ་ངན་ལས་འདས་པའི་འོག་ཏུ་ལྷ་ཕྲུག་སེམས་ལྷག་ཅན་གི། །དོན་དུ་ལྷའི་དབང་པོས་ཕྱོགས་བཅུའི་སངས་རྒྱས་ལ་གསོལ་བ་བཏབ་སྟེ་གསང་བའི་ལེའུ་དང་པོ་ལྟར་རོ། །ངང་གིས་གསལ་བ་རིག་པའི་སྐྱེས་བུ་ཆེན་པོ་དེ། །ཆོས་ཀུན་གྱི་ངོ་བོར་རང་བཞིན་གྱིས་གནས་པས། །ཉི་མ་ལས་འོད་ལྟར་དུ་རང་སྣང་བ་གཉིས་ལོངས་སྐུ་ལ། དོན་ཐ་མི་དད་གྱི་ཤུགས་ཀྱིས་བསྐུལ་བ་དེ་གྲགས་པ་ལྟར་དུ་སྣང་ལ། །དེའི་ཐུགས་ལས་རང་སྣང་བའི་རྡོ་རྗེ་འཛིན་པ་ཡིས་ར་ཆོད་བསལ་བའི་དགོས་པ་ཡོད་པས་རིགས་ལྔ་ལ་ཐེ་ཚོམ་བཞི་བཅད་ནས། །ཡང་སྤྲུལ་དགའ་རབ་རྡོ་རྗེ་ཐུགས་སྲས་ཀྱི་ངོ་བོར་མཛད་དེ། །བཀའ་ལུང་དང་མན་ངག་གི་རིམ་པ་མ་ལུས་པར་སྣང་བར་མཛད་པ་ནི། །རྩོལ་བྲལ་གྱི་ཐེག་པ་གནས་ཕྱིར་དུ་ངེས་པར་བདེན་པ་ཡིན། ༈ །དེ་ཡང་ཐེ་ཚོམ་ཡུལ་གྱུར་ཏོ་ཞེ་ན། །བཀའ་འོ་ཅོག་ཐམས་ཅད་ཀྱང་དེ་དང་འདྲ་བས། །དོན་དུ་འགྱུར་བའི་ཐེ་ཚོམ་ཙམ་ཞིག་རེ་ཞིག་སྐྱེ་བར་རིགས་སོ། །ཐེག་པ་ཀུན་ཀྱང་གཞུང་ལུགས་ཐ་དད་པ་མིན་ཏེ། །བསླབ་བྱར་མ་གྱུར་པ་མེད་པར་གསུངས་པ་དང་སྦྱོར་ཅིག་པའོ། ༈ །དེ་ལ་ཉོན་མོངས་དང་ཤེས་སྒྲིབ་གཉིས་༼༡༽བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་༼༡༽བྱང་༼༡༽རྫོགས་༼༡༽ནས༼༡༡༽ ། །ཕུན་སུམ་ཚོགས་པས་འཁོར་བའི་ཕ་རོལ་ཏུ་འགྲོ་བར་འདོད་པའི་གང་ཟག་དེ། །རྗོད་བྱེད་ཚིག་ལམ་གྱི་རྐྱེན་གྱིས་བརྗོད་བྱའི་དོན་མཚོན་པ་ལ་བརྟེན་ནས། །དོན་གྱི་ལམ་རྟོགས་པ་རང་གི་རྒྱུད་ལ་གསལ་བར་ཤར་བས། །ལམ་དེས་གདུལ་བྱ་གཞན་འདྲེན་པ་ནི་དགོས་པའོ། ༈ །གཞིའི་ཉེས་པ་སྡུག་བསྔལ་དང་ལམ་གྱི་ཉེས་པ་རྩོལ་བའི་ནད་ལས་གྲོལ་ནས། །མཐར་ཐུག་བདེ་ཆེན་གྱི་འབྲས་བུ་རང་ལས་ཤར་ཏེ་གདུལ་བྱ་ཀུན་སྒྲོལ་བའི་གཟུགས་སྐུ་གཉིས་བྱིན་གྱིས་བརླབས་ལ་སྣང་བ་ནི་དགོས་པའི་ཡང་དགོས་པའོ། ༈ །གནས་ལུགས་དང་ལམ་པ་དང་འབྲས་བུ་དག །གསེར་གོང་ལས་བྱས་པའི་རྫས་མི་འདྲ་བ་རྣམས་ངོ་བོ་གསེར་དུ་གཅིག་པ་བཞིན་དུ་ངོ་བོས་བདག་ཉིད་གཅིག་པར་འབྲེལ་ལོ། །གནས་༼པ༽ལུགས་དང་དེ་སྟོན་༼བ༽ པར་བྱེད་པའི་ཚིག་གི་ལམ་དང་དོན་གྱི་༼ཕ༽ལམ། །མཚན་༼པ༽གཞི་དང་མཚོན་བྱེད་ཀྱི་མཚན་༼ཕ༽ཉིད་དང་མཚོན་༼བ༽ པར་འབྲེལ་ལ། །འབྲས་༼ར༽ བུ་དང་དོན་༼ལ༽ལམ་དང་ལམ་༼ཤ༽པ་དག །ཐོབ་༼ར༽པར་བྱ་བ་དང་འཐོབ་༼ལ༽ པར་བྱེད་པ་དང་ཐོབ་པར་༼ཤ༽འབྲེལ་ཅིང་། །ལམ་གྱི་ངོ་བོ་༼༡༽དང་འབྲས་༼༡༽བུ་ནི། །ཐབས་༼༡༽ལས་བྱུང་བ་དང་དེའི་ཆ་༼༡༽རྐྱེན་གྱི་ཐབས་སུ་འབྲེལ་ཏེ། །འཁྲུལ་༼ཀ༽བའི་སྣང་བ་ནི་དེ་མིན་པ་ལ་དེར་འཛིན་པ་ཡིན་པས། །དེ་ཉིད་རང་༼ཁ༽ གྲོལ་བར་བྱེད་པའི་ལམ་གྱིས་གྲོལ་ཏེ་མཐར་༼ག༽ཕྱིན་གྱི་འབྲས་བུ་བྱུང་༼ཁ༽བས་གནས་སྐབས་ཀྱི་འབྲེལ་པ་བྱས་པ་ཙམ་ལས་མཐར་ཐུག་ངོ་བོས་བདག་གཅིག་པར་འབྲེལ་ལོ། །འོག་མ་པ་དང་མཐུན་པར་བསྟན་པས་རྟོག་ལྡན་འདིར་འཇུག་པ་དག་དོན་ལ་དྲང་བར་བྱ་བའི་ཕྱིར་བརྗོད་པར་ཟད་དོ། ༈ །རྒྱུད་མི་ནུབ་པར་བྱ་བའི་ཕྱིར་གཏད་པ་ལ་ཡང་། །བསྟན་པ་ནུབ་པའི་རྒྱུ་ནི་སྙན་ཁུང་བརྒྱུད་པའི་གདམས་ངག་དང་བྲལ་བས། །དོན་མ་རྟོགས་པར་སྒྲའི་རྗེས་སུ་དཔྱད་པས་དོན་གྱི་ལམ་ལ་འགྱངས་ཏེ་ཐག་རིང་། །འདིར་འཇུག་པའི་གང་ཟག་གི་བློ་སུན་དབྱུང་བར་འགྱུར་བ་དེས་ན་གདམས་ཤིང་གཏད། ༈ །གསང་བའི་ལེའུ་ཐ་མ་ལས། མཚན་གྱི་རྣམ་གྲངས་ཉོན་མོངས་ཞེན་པའི་ཕྲེང་ཐག་གཅོད། ཅེས་པ་ལ་སོགས་པ་བརྗོད་དེ་སྙིང་གི་དཀྱིལ་དུ་བཙའ་བར་གྱིས། །སྲོག་དང་བྲལ་བའི་ཁ་བཞིན་བསྡམ། །བསྟན་པའི་ཡང་སྙིང་སྙིང་ལྟར་ཟུང་། ཞེས། གཟུང་བར་གཏད་ལ། །དར་དྲགས་ན་ཉམས་པར་འགྱུར་བས་ཤིན་ཏུ་བསྡམ། །བུད་མེད་ཀྱི་ཚོགས་མ་མོ་གསུམ་ལ་གཏད་པས་ན། ༈ །རྒྱུད་ལས། གནས་ནི་བྲག་དང་ཆུ་ལ་བཞག །ཅེས་པ་དང་། རྗེས་སུ་མཐུན་པའི་གནས་སུ་གླེགས་བམ་བཙའ། །དེ་ཡིས་འཁོར་བཀྲ་ཤིས་པ་དང་ཚེ་འཛིན་ཏེ་རིང་བ་དང་བྱིན་བརླབས་ཀྱི་སྟོངས་གྲོགས་བྱེད་པ། །དེས་ན་ལེགས་པར་ནན་ཏན་དུ་བྱའོ། །ནན་ཏན་མ་བྱས་པའི་སྐྱོན་ཀྱང་གོང་གི་ཡོན་ཏན་དེ་ལས་བཟློག་པ་དང་མཚུངས་པ་ཡིན་ནོ། ༈ །དབང་པོ་ཐ་མའི་དོན་དུ་རྒྱུད་བཤད་པ་ལ། །རྒྱུད་ཉིད་ཀྱིས་ནི་རྒྱུད་བཤད་པ་ནི། །བཤད་པའི་ཐབས་བཅུ་ཡིས་དྲངས་ཏེ་རྒྱུད་ཀྱི་དོན་དགྲོལ་བ་ནི། །རང་གི་ཤེས་པའི་རྒྱུད་དགྲོལ་བར་རབ་ཏུ་གཅེས་ལ། ༈ །ལུང་གིས་རྒྱུད་ཀྱི་མན་ངག་གི་རྒྱུད་བཤད་པའི་ཐབས་ནི། །འདྲེན་གང་འདིར་འདྲེན་པ་ཞེས་དྲང་པའི་ཚིག་བཅུས་དྲངས་ཏེ་རྒྱུད་ཀྱི་དོན་དགྲོལ་བ་ནི། །དཀྱུས་ཀྱི་ཚིག་དགྲོལ་བར་བྱ་བ་ལ་འཐད་པ་ཡིན་ནོ། ༈ །དོན་གྱི་འགྲེལ་པ་འགྲེལ་ལྔ་གང་དང་གང་ཞེ་ན། ཚེག་བར་འབྲུ་ཡི་འགྲེལ་པ་དང་། དཔེ་དོན་རྒྱུ་འབྲས་འགྲེལ་པ་དང་། གཏན་ཚིགས་དོན་གྱི་འགྲེལ་པ་དང་། འབྱེད་པར་བྱེད་པའི་འགྲེལ་པ་དང་། སྡུད་པར་བྱེད་པའི་འགྲེལ་པའོ། །ཞེས་མདོ་བཅུ་ལས་གསུངས་སོ། །ལྔ་ཡིས་རྒྱུད་བཤད་པ། །དོན་གཞི་ཐབས་ལམ་ངེས་པ་འབྲས་བུས་རྒྱུད་ཀྱི་ཁོག་ཕུབ་སྟེ། །བསྡུས་དོན་རྣམ་པར་དབྱེ་བས་དཀྱུས་ཀྱི་ས་གཅད་དོ། །འབྲུ་སྟོང་མི་གཞག་པར་ཚིག་གི་འབྲུ་གནན་ཞིང་། །གཏན་ཚིགས་ཀྱི་དོན་གྱིས་ཐེ་ཚོམ་གྱི་གེགས་བསལ། །མན་ངག་གི་དོན་གྱིས་རང་གི་རྒྱུད་ཐོག་ཏུ་ཉམས་སུ་བླང་བའོ། ༈ །གཞི་ནི་ཤེས་བྱའི་དོན་ནི་ཤེས་བྱེད་ཀྱི་ལམ་ཐབས་དཔེ་དོན་རྒྱུ་འབྲས་འགྲེལ་པ་འདིས། འདྲ་དང་ཡིན་མིན་བསྟན་ནས། ཆོས་དེ་ལ་ནི་མིང་དུ་འདོགས། འབྲས་བུ་ནི་ངེས་པར་ཤེས་པའོ། །རྒྱུད་ཀྱི་ཚིག་དོན་ངོ་བསྟན་པ་ཡི་འགྲེལ་པར་བཤད་ཐ་དད་པ་རྣམ་གསུམ་པོ་དེར་བསྡུས་ངོས་གཟུང་བར་བྱའོ། །སྡེ་མདོ་བཅུ་ལས། འབྱེད་པར་བྱེད་པའི་འགྲེལ་པ་ནི། །སོ་སོ་དག་གི་ངོ་བསྟན་ནས། །སྡེ་དང་ཚན་ནི་རིས་སུ་འབྱེད། །ས་གཅོད་པ་ཡི་འགྲེལ་པར་བཤད། །ཚོམས་གར་འཐད་མ་འདྲེས་པ། །རྒྱུ་རྐྱེན་འབྲས་བུ་དགོས་འབྲེལ་གཏད་པ་ལྟ་བུ་ཆེ་ལོང་༼༡༽དུ་དེ་དག་གི་ནང་ཚེགས་ཞིབ་མོར་༼༡༽སོ་༼༡༡༽སོར་དབྱེ་བའོ། ༈ །གོང་འོག་གི་མཚམས་སྦྱོར་བའི་འབྲེལ་ཚེག་བར་འབྲུ་ཡི་འགྲེལ་པ་ཡིས། །ཚེག་དང་འབྲུ་དང་ཚིག་མིན་ལྟ། །འབྲུ་ལ་ལྷག་མ་མི་ལྟས་ཏེ། །འབྲུ་འཇོམས་པ་ཡི་འགྲེལ་པར་བཤད། །པ་ནི་ངོ་བོའི་དོན་ཚིག་གི་མི་གསལ་བ་ཤུགས་ཀྱི་དབྱུང་བ་ཚེག་བར་འབྲུ་ཡི་ཚིགས་ཤུགས་ཀྱིས། །གོང་མའི་ཤུགས་དང་འོག་མའི་ཤུགས། །བར་མར་འབྲེལ་པ་བདག་ཤུགས་ཀྱིས། །གང་ཡིན་པ་ནི་བརྟག་པར་བྱའོ། །ཞེས་སོ། །དང་དོན་གྱིས་ཡོད་པར་སྦྱར་བའོ། །ཐོག་བབས་མ་འཁྲུགས་པ་རྣམས་ཐད་༼༡༽ཀ་བཤད་འཐོར་༼༡༽བ་རྣམས་ཕྱོགས་གཅིག་ཏུ་༼༡༡༽བསྡུ་བ་དང་། སྒྲ་ཇི་བཞིན་པའི་ངེས་དོན་རྣམས་སྒྲ་དྲང་ཐད་༼༡༽དུ་དྲང་དོན་ཚིག་དོན་མི་མཐུན་པ་རྣམས་དགོངས་པ་༼༡༽དེར་༼༡༡༽བསྡེབས་ལ་བཤད། ༈ །ལུས་མདོར་བསྟན་དང་ཡན་ལག་རྒྱས་པར་བཤད་པའི་སྒྲའི་འགྲོས་བརྡ། །སྒྲའི་སྟོབས་ཀྱིས་དོན་གར་འགྱུར་གནད་ཀྱིས་བརྟག །དོན་གཞན་གཙོ་བོར་སྟོན་པའི་འབྲུ་མང་པོ་བ་༼༡༽དང་ཡར་མར་གྱི་གྲངས་ཀྱི་༼༡༽འགྱུར་༼༡༽བརྟག༼༡༽ །ཚིག་གི་ལས་བཞིན་དོན་ཀྱང་དེར་འགྱུར་བར་སྒྲའི་ཤུགས་ཀྱིས་བརྡའོ། ༈ །སྒྲ་༼༢༽དོན་༼༡༽གནད་ཡན་ལག་ལྔ་ལྡན་ཀྱིས་ཞེན་པའི་འབྲེལ་པས་སྒྲས་དོན་མཚོན་པའོ། །རང་གི་བློ་གཏན་ཚིགས་དོན་གྱི་འགྲེལ་པ་ནི། །མ་ནོར་བ་ཡི་སྙིང་པོ་འབྱིན། །ངེས་པར་གཏན་ལ་འབེབས་པ་ཡིན། །དོན་འབྱིན་པ་ཡི་འགྲེལ་པར་བཤད། །ལ་སྣང་བའི་ཐེ་ཚོམ་གྱི་གེགས་རྣམས། །གཏན་ཚིགས་ཀྱི་འཐད་པ་དང་ཚད་མ་གསུམ་གྱིས་ཡིད་ཆེས་པར་བྱའོ། ༈ །ཐ་སྙད་ཚད་མས་དོན་ཅིར་མཚོན་ཀྱང་། །ཕྱོགས་ཀུན་ནས་དོན་མཚོན་ཅིང་རང་གི་རྒྱུད་ཐོག་ཏུ་དབབ། །དོན་བརྡ་དང་བྲལ་བར་རང་ལ་བཟློག་སྟེ་ཉམས་སུ་བླང་། །ཤེས་བྱའི་དོན་གྱི་སྟེང་དུ་ནན་ཏན་བྱ་བ་ནི་སྡུད་པར་བྱེད་པའི་འགྲེལ་པ་ནི། །ཆོས་ཀུན་རྩ་བ་གཅིག་བསྡུས་ནས། །སྤྲོས་པ་མེད་པའི་དོན་དུ་སྟོན། །དོན་སྡུད་པ་ཡི་འགྲེལ་པར་བཤད། །ཉམས་སུ་བླང་བའི་དོན་དྲིལ་བ་ཆེན་པོའི་དོན་དུ་ངེས་པའོ། ༈ །གཞི་ཇི་ལྟར་གནས་པའི་དོན་མངོན་སུམ་དུ་རྟོགས་པ་ལས། །གོམས་པས་ངེས་པར་བརྟན་ན་ངན་སོང་ངམ་འཁོར་བར་སླར་མི་ལྡོག་པར་རྩོལ་མེད་བདེ་ཆེན་གྱི་ཡོན་ཏན་རྟོགས་གོམས་ཀྱི་ཤུགས་ལས་འཆར་བ། དེ་ཙམ་ནི་དོན་ལ་འཇུག་པ་ལམ་གྱི་ཆོས་ཡིན་ནོ། ༈ །དེ་ལྟར་དུ་ལམ་མཐར་ཕྱིན་པའི་འབྲས་བུ་ལ། །ངོ་བོ་དང་རང་བཞིན་དང་ངེས་པའི་ཚིག་དང་། རྣམ་པར་དབྱེ་བ་དང་དུས་དང་ལྔ་ཡིས་དབྱེའོ། ༈ །ངོ་བོ་ནི་སེམས་ཉིད་ཡེ་ནས་རང་གསལ་བའི་དོན་ལམ་གྱིས་མཐར་ཕྱིན་པས། གཞི་མ་རིག་པ་དང་ལམ་རྩོལ་བ་དང་ཞོར་སྣང་གིས་བརྟགས་པའི་དུཿཁ་དང་གསུམ་གྱི་སྐྱོན་རྣམས་མ་སྤངས་བྲལ་བ་ཡིན་ནོ། ༈ །གནས་ལུགས་རང་བཞིན་གྱི་སྣང་བ་ནི་ཐ་སྙད་ཀུན་གྱི་གདགས་སུ་རུང་གཞི་ཅན་གྱི། ཐ་སྙད་རྣམས་རང་སར་གྲོལ་བར་ལམ་གྱིས་མངོན་དུ་ཤར་བས། །ཡང་ན་མཚོན་པའི་མཚན་ཉིད་ཀྱི་པའི་ཆོས་ཐ་སྙད་ཀུན་ལས་རང་ལས་གྲོལ་ཀྱང་མཚན་ཉིད་ཀྱང་ཐ་སྙད་ཀུན་གྱི་མཚན་པའི་གདགས་པའི་གཞི། །རང་སྣང་ཇི་ལྟ་བ་ཉིད་དུ་ལམ་གྱིས་མཐར་སོན་པ་ཡིན་ནོ། ༈ །སེམས་སངས་རྒྱས་ཀྱི་རྒྱུ་ཙམ་ལས་རྐྱེན་ཚོགས་གཉིས་གྱིས་འབྲས་བུ་རུ་བསྒྱུར་བ་མིན་ལ། །ལམ་མཐར་ཕྱིན་ཏེ་དེ་ལས་བསྐྱེད་དུ་བྱར་མེད་པས། །སྨིན་པའི་ཕྱིར་འབྲས་བུ་ཞེས་བྱ་བར་བརྡར་བཏགས་པ་ནི། །དེ་དང་དོན་མཐུན་པའི་མིང་དུ་ངེས་པའི་ཚིག་ཡིན་ནོ། ༈ །དབྱེ་བ་ནི་རྒྱས་པར་ཡང་སྤྲུལ་དཔའ་བོ་ཡིས། །ངེས་པ་འབྲས་བུའི་ཀློང་དུ་སྐུ་དང་ཡེ་ཤེས་རྫོགས་པ་ཆེ། །རྣམ་པས་བྱང་ཆུབ་སྙིང་པོར་གནས། །ཞེས་གསུངས་པར་ཤེས་པར་བྱའོ། ༈ །དེ་གནས་པའི་དུས་ལ་ཐོག་མ་མེད་ཅིང་མཐར་མི་ནུབ་པ་ནི། །རྒྱུ་ལ་མི་གནས་ཞེས་དྲང་གནས་ལུགས་ཀྱི་སྐབས་སུ་བསྟན་པ་བཞིན་དུ་འདིར་ཤེས་པར་བྱ། །རྒྱུད་དག་དུས་ཀྱི་འབྲས་བུ་ཐོབ་པའི་དང་པོ་ནི། །གང་ཟག་རང་རང་ནམ་གྲོལ་བའི་ཚེའི་སྐབས་ལས་སྦྱར་བའོ། །གཞན་དག་བཤད་བཞིན་རིག་པར་གྱིས། ༈ །གནས་ལུགས་མ་ནོར་བར་རང་སྣང་བ་ལ་མ་རིག་པས་བསྒྲིབས་པས་འཁྲུལ་སྣང་དུ་ཤར་བ་ལ་ལམ་བརྒྱུད་པའི་གདམས་པས་སྒྲིབ་བྱེད་དང་བྲལ་བར་མངོན་དུ་བྱས་པས་འབྲས་བུ་མཐར་ཕྱིན་ཏེ་མི་ལྡོག་པར་བརྟན་པའི། ལྡོག་ཆ་ལས་གཞི་ལམ་འབྲས་བུ་གསུམ་དུ་བགྲངས་ཀྱིས་དོན་དབྱེར་མེད་གྱིས་ངོ་བོ་གཅིག །རྐྱེན་ཤུགས་ཀྱི་མཐུ་ཡིས་བསྟན་པའི་ཐབས་ཡིན་ནོ། ༈ །ཡང་སྤྲུལ་དཔའ་བོས་དོན་མཚོན་པའི་ཐབས་སུ་ཚིག་སྡེབ་སྦྱོར་ལེགས་པས་གསུངས་ལ། གསང་སྔགས་བདག་པོའི་དགོངས་པས་རྒྱུད་སྡེ་རྣམས་ཚིག་ཏུ་བསྡུས། །ལོངས་སྐུའི་བརྡ་ཡིས་དོན་བཀྲོལ་ཆོས་སྐུ་ཡི། །བྱིན་གྱི་རླབས་ལས་རང་སྣང་བས་གསལ་བར་མཛད་པའི་རྒྱུད་དང་མན་ངག་རྣམས་སློབ་དཔོན་མི་སྟེན་པར་རང་ཡན་དུ་འཇུག་པས་རྟོགས་པ་མ་ཡིན་པའི་ཕྱིར་གཞི་ལམ་འབྲས་བུའི་དོན་རྣམས་ཚང་ལ་འཐོར་བུ་དཀྲུགས་པས་གབ་པ་ཡིན་ཀྱང་རྒྱ་གར་བ་རྣམས་མི་བརྗེད་པའི་གཟུངས་དང་ལྡན་ཞིང་སྒྲས་དོན་མ་ནོར་བར་འཐེམས་པའི། །སངྐྲི་ཏ་ལྷའི་སྐད་ལ་དེའི་ནུས་མཐུ་དང་ལྡན་པས་ཤེས་པའི་རྒྱུད་ལ་བསྡེབས་ཏེ་བརྒྱུད་པས་བསྡེབ་མི་དགོས་ཀྱང་བོད་ཀྱི། ༈ །དགེ་སློང་བཻ་རོ་ཙ་ན་གཞི་དད་པ་གྲོགས་བརྩོན་འགྲུས་དང་བརྩེར་དམ་ཚིག་དང་ལྡན་པ་ལ། །རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སེར་སྣ་སྤངས་པ་ལ་སོགས་པ། །མཐའ་འཁོར་པ་རྣམས་སྒྲའི་མཐུ་ཞན་ཅིང་མི་བརྗེད་པའི་གཟུངས་དང་བྲལ་བས། །ར་ཆོད་ཅན་ལ་གབ་པ་ལ་བསྡེབས་པའི་དོན་མཚོན་པའི་ཐབས་ཀྱི་ཚིག །རིན་ཆེན་གྱི་མིང་གི་དོན་དང་ལྡན་པ་མཛེས་པར་རྒྱན་བཀོད་པ་ནི། ༈ །སྐུ་གསུམ་གྱི་བཀའ་ལུང་བརྒྱུད་པ་ཡི། །བླ་མ་དམ་པ་མཆོག་ཀུ་ཀུ་རཱ་ཛའི་གདམས་པ་ལ། །རང་རིག་པའི་ཉམས་ཚད་མ་དང་ལྡན་པ་ལ་སྙིང་བརྩེར་བས་ཀུན་སློང་བཅས་ཏེ། །རྒྱ་མཚོའི་བཅུད་བསྲུབས་ཏེ་བསྡུས་པས་ནོར་བུ་རིན་ཆེན་བྱུང་བ་དང་། །ངང་པ་རབ་དགའ་ས་རྒྱ་མཚོ་ལས་འོ་མ་བླངས་པ་ལྟར་དུ། །བཀའི་བཅུད་ཕྱུང་སྟེ་དོན་བསྡུས་པའི་དགེ་བ་འདིས། །སེམས་ཅན་ཐམས་ཅད་རྣལ་མའི་དོན་ལ་མོས་པ་དང་ལྡན་ཏེ་འཁྲུལ་པ་རང་པར་གྲོལ་བར་ཤོག་ཅིག་པའོ། ༈ །རིན་པོ་ཆེ་རྒྱན་ཨ་ཙཪྱ་སློབ་དཔོན་ཤྲཱི་དཔལ་སེངྷ་སེང་གེ་པྲ་བྷ་ཏའི་འོད་ཅན་གྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁས་པ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས། ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཞུས་ཤིང་བོད་སྐད་དུ་བསྒྱུར་ཏེ་གཏན་ལ་མ་ནོར་བར་ཕབ་པ། །ཚིག་བཞི་ལ་ཤྭ་ལོ་ཀ་གཅིག་སྟེ་དེ་ཉིས་བརྒྱ་དང་རྩ་བརྒྱད་དང་ཚིག་གི་རྐང་པ་གཅིག་པའོ། །རྫོགས་སོ།། །། ༈ སེ་ཡི་བནྡྷེ་འབྱུང་ལྡན་གྱིས། །རང་རྟོག་དང་མཐུན་མཆན་བུ་འདི། །བརྩེ་བའི་སེམས་ཀྱིས་བཏབ་པ་ཡིན། །འགྲོ་ཀུན་མྱུར་དུ་སངས་རྒྱས་སྨོན། །


previousརིན་པོ་ཆེ་རྒྱན་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next