cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བཅུ་གཅིག་པ།

གླེགས་བམ། ཞེ༽

འབར་མ་ཉི་མ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཁྲག་ཀློང་གསལ། འབར་མ་ཉི་མ།

མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཁྲག་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་བཞུགས་སོ། །྅྅྅ རྒྱ་གར་སྐད་དུ། དྷཱ་ཀི་ནི་སརྦ་ཙིཏྟ་ཨ྄ཧྱཻ་྅྅྅ རོ་ཏ་སུཪྱ་གུ་ཧྱ་ཏནྟྲ་ན་མ། བོད་སྐད་དུ། མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཁྲག་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཅེས་བྱ་བ། རིག་སྟོང་སྐྱེ་བ་མེད་པའི་དབྱིངས། ཡེ་ནས་ལྷུན་གྱིས་གྲུབ་པ། རྒྱར་མ་ཆད་པ། ཕྱོགས་སུ་མ་ལྷུང་བ། གང་ཡང་མ་ཡིན་པ། གང་དུ་འབྱུང་བའི་གཞི། སྔར་ཡང་སངས་མ་རྒྱས་པ། ད་སངས་མི་རྒྱ་བ། ད་ལྟ་ཡང་སངས་རྒྱས་ལ་མི་གནས་པ། སྔར་འཁོར་བར་མ་འཁྱམས་པ། ད་འཁོར་བར་མི་འཁྱམས་པ། ད་ལྟ་འཁོར་བ་ན་མི་གནས་པ། ལུང་དུ་མ་བསྟན་པའང་མ་ཡིན་པ། ཀུན་གྱི་མཁའ་རྒྱ། བྷ་ག་ཡངས་པའི་ཀློང་། སྲ་བ། བརྟན་པ། མི་འཇིག་པ། མ་འཁྲུལ་བ། མི་གཡོ་བ། མི་འགྱུར་བ། ཕྱི་དེར་འཛིན་གྱི་རྒྱ་མ་རལ་བ། ནང་འོད་ལྔའི་ཁ་དོག་མ་འགགས་པ། ཕྱི་དེར་རྟོག་གི་བཟོ་མ་གྲུབ་པ་ལ། ནང་མཁྱེན་སྤྱོད་ཀྱིས་ཐུགས་རྗེ་མ་ཡེང་བར། དྲན་པ་མེད་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ། ཁོ་རང་ཡིན་བཞིན་དུ་བདག་དང་བདག་གིས་མ་ཕྱེས་པ། འཁོར་འདས་ཀུན་གྱི་བྱེད་ལས་ཀྱི་སྟོབས་དང་ལྡན་ཀྱང་། སྟོབས་རྩལ་དེ་ཡི་རྗེས་སུ་མི་འབྲང་བར། རང་བབ་གདལ་བའི་སྐུ་དེ་ཁོ་ན་ལ་ཕྱག་འཚལ་ལོ། །ཨཱོཾ་མ་ཧྲཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ། ཨ་ཏྲི་ཪྣྲི་ཙིཏྟ་དུང་དུང་ཛ་ཛ། འདི་སྐད་བདག་གིས་བསྟན་པའི་དུས་ན། གནས་ཕུན་སུམ་ཚོགས་པ་འཁོར་འདས་ཀྱི་སྤྱི་དཔལ་བྷ་ག་ཡངས་པར། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་མོ་སྣང་སྟོང་བཟུང་རིས་དང་བྲལ་བའི་ཐུགས་ཀར་བེམ་སྟོང་མ་ཡིན། རིག་སྟོང་ཡིན་པའི་རྟགས་སུ། རྡོ་རྗེ་སེམས་དཔའ་ཚོན་གང་བས་བརྒྱན་ནས། དུས་སྔ་ཕྱི་ཐོག་མཐའི་རྩིས་དང་བྲལ་བའི་དུས་སུ། འཁོར་རང་གསལ་རིག་པའི་རང་རྩལ་མཁའ་འགྲོ་མ་སྡེ་ལྔ་ལ། བསྟན་པ་རྩོལ་མེད་དུ། རྒྱུ་འབྲས་ལས་འདས་པའི་དོན་འདི་བཀའ་སྩལ་ཏོ༔ ཀ྄ཧྱ་ཨོཾཧྱ་ཧ྄ཧྱ་རྒུ་྅྅྅བྷྱོ༔ ཨེ་མ་འཁོར་འདས་ཐམས་ཅད་ཀུན། །ཡེ་སྟོང་རྩ་བྲལ་གཞི་ཡིན་ཏེ། །མ་འགག་རྩལ་སྣང་ལམ་དུ་ཤར། །ཡེ་གྲོལ་ཆེན་པོའི་འབྲས་བུ་ཐོབ། །འདི་རུ་མ་འདུས་གང་ཡང་མེད། །ཅེས་གསུངས་པ་ཙམ་གྱིས། འཇིག་རྟེན་གྱི་ཁམས་སྟེང་འོག་ཐམས་ཅད། མེར་མེར་པོར་གྱུར་ཏོ། །ཁྱོམ་ཁྱོམ་པོར་གྱུར་ཏོ། །འོད་ཟེར་གྱིས་རང་བཞིན་དུ་གྱུར་ཏོ། །འཇའ་དང་། འོད་དང་། སྒྲ་དང་། ཟེར་གྱིས་འཁྲིགས་པར་གྱུར་ནས། ཐམས་ཅད་རང་བཞིན་གཞི་སྣང་ཆེན་པོར་གསལ་ལ་འཕོ་འགྱུར་མེད་པར་ལྷུན་གྱིས་མཉམས་པར་གྱུར་ཏོ། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། ། ྅྅྅ དེའི་ཚེ་འཁོར་རྣམས་ཐམས་ཅད་ཀྱི་ནང་ནས་མངོན་དུ་ཕྱུངས་བའི་ཟེར། །མཁའ་འགྲོ་ཐམས་ཅད་ཀྱི་གཙོ་མོ། དཔལ་རྡོ་རྗེ་ཕག་མོས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །དེ་ལྟར་གཞི་ལམ་འབྲས་བུ་ཡི། །ངོ་མཚར་གད་རྒྱང་གསུངས་ན་ཡང་། །ཐེག་དམན་རྣམས་ཀྱིས་རྟོགས་དཀའ་བས། །རྒྱས་པར་ཕྱེ་ལ་གནང་བར་ཞུ། །ཞེས་ཕྱག་འཚལ་བསྐོར་བ་བགྱིས་པ་དང་། སྟོན་པ་ཉིད་ཏིང་ངེ་འཛིན་ལས་ངེས་པར་གཡོ་ཚུལ་སྟོན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་མཁའ་འགྲོ་ཡུམ་ཆེན་ཉོན། །ཀློང་གསལ་གསང་རྒྱུད་འདི་ཉིད་ལས། །སྤྱི་གཞི་སྐུ་གསུམ་གནས་ལུགས་དང་། མ་རིག་རྐྱེན་བཞིས་འཁྲུལ་ཚུལ་དང་། སྤྱི་ཐེག་སྒོས་ཐེག་ངོས་བཟུང་དང་། །སྨིན་གྲོལ་ལག་ཁྲིད་རྒྱབ་ཡིག་དང་། །རྟགས་ཚད་གྲོལ་ས་བར་དོ་དང་། །མཇུག་དོན་གཏད་པ་མདོར་བཅད་ནས། །རྒྱས་པར་ཕྱེ་བས་ཡིད་ལ་ཟུངས། །ཆོས་སྒོ་བསམ་ཡས་ཅི་སྙེད་པ། །འདི་ལ་མ་འདུས་གང་ཡང་མེད། །སྔར་སངས་རྒྱས་ཀྱིས་མ་གསུངས་ཤིང་། །ད་སངས་རྒྱས་ཀྱིས་གསུངས་མི་འགྱུར། །འདི་ཐོས་འགྲོ་བ་སྐལ་བ་རབ། །ཅེས་གསུངས་པ་དང་། འཁོར་རྣམས་རབ་ཏུ་སྤྲོས་ནས། ཕྱོགས་མཚམས་ཐམས་ཅད་དུ་ཀུན་ཏུ་བཟང་མོའི་མཆོད་སྤྲིན་གྱིས་ཡོངས་སུ་བཀང་ནས་ལྷུན་གྲུབ་རྫོགས་ལྡན་དུ་མཆོད་དོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུ་གསང་སྔགས་ཀྱི་གནད་མཛོད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ། །྅྅྅ དེར་མཁའ་འགྲོའི་གཙོ་མོས་འདི་སྐད་ཅེས་ཞུས་སོ། །ཀྱཻ་ཀྱཻ་ཡུམ་ཆེན་ཀུན་ཏུ་བཟང་། །རིག་པ་གཤིས་ཀྱི་འདུག་ཚུལ་ལ། །ལྟ་བྷཻཾ་སྤྱོད་པ་ཅི་ལྟ་བུ། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཅེས་ཞུས་པ་དང་། ཉོན་ཅིག་ཡུམ་ཆེན་མཁའ་འགྲོའི་འཁོར། །ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་སོགས། །མཐའ་ཡས་མུ་མེད་ཐམས་ཅད་ཀྱང་། །མ་རིག་གཅིག་གི་ངོ་བོར་འདུས། །གྲོལ་བྱེད་ཆོས་སྒོ་བསམ་ཡས་ཀྱང་། །རྫོགས་ཆེན་རིག་ཀློང་མི་འདུས་མེད། །རང་སྣང་རང་ངོ་མ་ཤེས་པས། །མ་རིག་པ་ལ་དུ་མར་སྣང་། །ངོ་བོ་རྟོགས་ནས་རང་རིག་ཡིན། །རིག་པ་ཆོས་ཉིད་སྤྲོས་བྲལ་ནི། །གཅིག་ལ་ཐམས་ཅད་རྫོགས་པ་སྟེ། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཟེར། །སྟོང་གསལ་དེ་ལ་མཐའ་དབུས་བྲལ། །དམིགས་པར་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །ཚོགས་དྲུག་མ་འགགས་ལྷུག་པ་དེ། །སྣ་ཚོགས་རིག་པའི་རྩལ་ཡིན་ཕྱིར། །རིག་པ་སྟོང་པ་ཉིད་དུ་གྲོལ། །དབང་ལྡན་རྒྱལ་པོ་ཇི་བཞིན་ནོ། །ངོ་བོ་ཉིད་ལ་རྒྱུད་མར་གནས། །མཐོང་ཐོས་བཅས་པས་སངས་རྒྱས་འགྲུབ། །གཅིག་ཤེས་པས་ནི་གྲོལ་བར་འགྱུར། །གཅིག་པུའི་དོན་ཉིད་རིག་པས་ན། །ངོ་བོ་གཅིག་ལ་ཀུན་འབྱུང་ཕྱིར། །རང་སྣང་རང་གྲོལ་ཆེན་པོའོ། །གཅིག་པུ་ངོ་བོ་སྟོང་པ་ལས། རང་བཞིན་གསལ་ཆ་མ་འགགས་པ། །ཐུགས་རྗེ་རང་རྩལ་མ་འགགས་སོ། །དེ་དོན་ལེགས་བར་གཏན་ཕབ་ནས། ལྟ་བྷཻཾ་སྤྱོད་པ་གསུམ་དུ་འདུས། །ལྟ་བ་ལ་ཡང་རྣམ་པ་གསུམ། །ཆོས་ཅན་ལྟ་བའི་ལྟ་བ་ཡིས། ཕྱི་ཡི་ཡུལ་རྣམས་ཀུན་ལ་བལྟ། །ཆོས་ཉིད་ལྟ་བའི་ལྟ་བ་ཡིས། །ནང་གི་སེམས་ལ་བལྟ་བར་བྱེད། །རང་ཉིད་ལྟ་བའི་ལྟ་བ་ཡིས། །གསང་བ་རིག་པ་གཅེར་བུར་བལྟ། །བྷཻཾ་པ་ལ་ཡང་གསུམ་ཡིན་ཏེ། །ལྷ་དང་མི་ཡི་སེམས་འཛིན་དང་། །བྱང་ཆུབ་སེམས་དཔའི་བསམ་གཏན་ཏེ། །དེ་བཞིན་གཤེགས་པའི་དགོངས་པའོ། །སྤྱོད་པ་ལ་ཡང་རྣམ་པ་གསུམ། །མ་ཆགས་འཛིན་པའི་སྤྱོད་པ་དང་། །དགག་སྒྲུབ་མེད་པའི་སྤྱོད་པ་དང་། །ཆགས་ལ་ཞེན་པ་མེད་པ་སྟེ། །རྫོགས་པ་ཆེན་པོའི་དགོངས་པའོ། །འདི་འདྲའི་གནད་མཆོག་ཟབ་མོ་ནི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །སྣོད་དང་མི་ལྡན་གདམས་པ་སྤེལ། །རྡོ་རྗེའི་དམྱལ་བར་ལྟུང་བར་འགྱུར། །དེའི་ཕྱིར་དབང་པོའི་ཁྱད་པར་རྟོགས། །ཞེས་གསུངས་སོ། །ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ལྟ་བྷཻཾ་སྤྱོད་གསུམ་མདོར་བསྟན་པའི་ལེའུ་སྟེ་གསུམ་པའོ། །ཡང་ཅིག་སྟོན་པས་བཀའ་སྩལ་བ། །ཀྱེ་ཧོ་ཡུམ་ཆེན་མཁའ་འགྲོ་ཉོན། །ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་རྩལ་དུ་བརྗོད། །ཡེ་ཤེས་དེའི་དོན་རྟོགས་པས། །གཞི་མེད་རྩ་བྲལ་ངར་འཛིན་བྲོལ། །འཁྲུལ་མ་མྱོང་བའི་ཆོས་ཉིད་དེ། །ཆོས་རྣམས་མ་ལུས་ཐམས་ཅད་ཀྱང་། །རྩ་བ་ཐིག་ལེ་གཅིག་ལ་གྱེས། །ཐིག་ལེའི་ཆོས་རྣམས་ངོ་བོར་རྫོགས། །ངོ་བོ་ཆོས་རྣམས་ཀུན་གྱི་དོན། །དེ་མེད་ཚིག་སོགས་དོན་མེད་འགྱུར། །དེ་ཕྱིར་རྒྱུད་ཀྱི་དངོས་པོ་རྣམས། །བསྡུས་ན་བཅོ་ལྔར་འདུ་བ་སྟེ། །ལྟ་བ་སྤྱོད་བ་དབང་དམ་ཚིག །ཏིང་འཛིན་ད་ལ་ལྷ་མཆོད་པ། །འཕྲིན་ལས་ཉམས་རྟགས་ས་ལམ་རིམ། །གཞི་ལམ་འབྲས་བུའི་ཆོས་རྣམས་ཀུན། །ཉག་གཅིག་ཀློང་དུ་མ་འདུས་མེད། །མངོན་སུམ་དོན་འདི་སུས་མཐོང་བ། །ཕྱོགས་རིས་ཀུན་གྱིས་ལྟ་བ་གྲོལ། མ་འགག་ཡེ་ཤེས་ཆེན་པོ་ཉིད། །རང་གསལ་ཕྱོགས་རིས་འཛིན་པ་གྲོལ། །དེ་ལས་མ་ཡེངས་རོལ་པར་སྤྱོད། །ཀུན་འཆར་སྤྱོད་ཀྱང་མི་ཆགས་སོ། །དེ་ལ་གསལ་འགྲིབ་གཉིས་སུ་མེད། །བློ་བྷཻཾ་ཡིད་དཔྱོད་མེད་པ་དེ། །རང་བབ་རྒྱ་ཡན་ལྷག་གེ་བ། །རྟག་ཆད་བློའི་མུན་སང་བས། །སྟོང་གསལ་ཡིད་གཉིས་བྷཻཾ་དང་བྲལ། །བྷཻཾ་པ་ཀུན་གྱི་མཆོག་ཡིན་ནོ། །རང་རིག་རྟོགས་པས་དབང་དོན་མཆོག །ཞུ་དང་བསྐུར་བའི་མཐའ་ལས་འདས། །དེ་རྟོགས་ཉམས་ཆག་ག་ལ་ཡོད། །བསྲུང་བྱ་སྲུང་བྱེད་མེད་པའི། །ཡེ་བསྲུང་ཆེན་པོ་ཨ་ལ་ལ། །རང་བྱུང་རིག་པའི་ཡེ་ཤེས་ལས། །མཐའ་དབུས་ཕྱོགས་མཚམས་མ་གྲུབ་སྟེ། །སྐུ་གསུམ་ལྷུན་གྲུབ་དཀྱིལ་འཁོར་མཆོག །ཐིག་ལེ་ཚོམ་བུ་རང་བྱུང་བས། །རང་བྱུང་རང་ཤར་མཆོད་རྫོགས་སོ། །རེ་དོགས་རང་གྲོལ་མཆོད་པའི་མཆོག །སྙིང་པོའི་སྒྲ་རྣམས་གྲགས་སྟོང་སྟེ། །བརྗོད་མེད་དོན་དེ་སུས་རྟོགས་པས། །སྙིང་པོ་སྔགས་ནི་རང་སར་གྲོལ། །ཡེ་གྲོལ་ཕྱམ་བརྡལ་དེ་ཉིད་ལས། །འགྲོ་དོན་རྟག་ཆད་ཕྱོགས་ལྷུང་བྲལ། །རང་བྱུང་རིག་པའི་དོན་རྟོགས་ནས། །ཕྲིན་ལས་རྩོལ་མེད་ལྷུན་གྲུབ་བོ། །མི་རྟོག་བདེ་ཆེན་ལྷུན་གནས་པས། །ཉམས་དང་རྟགས་ལ་དེ་མཁས་པས། །འཁྲུལ་གྲོལ་བཟང་ངན་བརྟག་པ་ཟད། །རང་བྱུང་ཡེ་ཤེས་འཛིན་པ་མེད། །སྐུ་གསུམ་ལྷུན་གྲུབ་སྦྱང་བསྒྲོད་བྲལ། །མཐར་ཕྱིན་ས་ལམ་དོན་རྟོགས་ཏེ། །ས་ལམ་དབྱེ་བ་འུབ་ཆུབ་བོ། །གང་ཡང་མ་གྲུབ་གཞི་རྩ་བྲལ། །ཀུན་ཡང་འབྱུང་བ་མ་འགག་བྷཻཾ། །ཀུན་གཞི་རྣམ་པར་དག་ཤེས་ན། །གཞི་དོན་མངོན་གྱུར་རང་སར་གྲོལ། །རང་བྱུང་མི་གཡོ་འགྱུ་བྱེད་བྲལ། །རྩོལ་བྲལ་ལམ་ལ་ཉེ་རིང་མེད། །ཡེ་ཤེས་མངོན་དུ་གྱུར་པ་དེ། །ལམ་གྱི་རྩོལ་བ་བྲལ་བའོ། །སྐུ་གསུམ་ལམ་དུ་ཆོས་ཟད་པས། །འབྲས་བུ་རེ་དོགས་བྲལ་བའོ། །དོན་གྱི་ཡིན་ལུགས་རང་སར་གནས། །བློའི་སྤྲོས་པ་རང་སར་ཆོད། །གཉིས་འཛིན་མཚན་མ་རང་སར་གྲོལ། །ཁྲེགས་ཆོད་ལྟ་བ་ནར་སོན་བས། །ཐོད་རྒལ་འབྲས་བུ་མཐར་ཕྱིན་ཏེ། །གཅིག་ཤེས་ཀུན་ལ་མཁས་པར་འགྱུར། །འདི་དོན་ཤེས་པར་བྱ་བ་ལ། །དང་པོ་སྤྱོད་པ་མདོར་བསྡུས་བཤད། །མ་ཆགས་འཛིན་པའི་སྤྱོད་པ་ནི། །ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །མཚན་ཉིད་ཐེག་པའི་སྤྱོད་པ་སྟེ། །དོན་ལ་ཆགས་པ་ཆེན་པོས་བཅིངས། །ཐབས་ཎ་གྲོལ་བ་ག་ལ་ནུས། །དོན་མེད་ཆགས་པའི་སྤྱོད་པའོ། །རང་སྣང་འཛིན་པའི་སྤྱོད་པ་སྟེ། །རྟོག་པས་རང་རྒྱུད་རབ་ཏུ་བཅིངས། །རང་རིག་རང་གིས་སྒྲིབ་པའི་ཕྱིར། །གྲོལ་བར་མི་ནུས་འཁོར་བར་གནས། །ཚུལ་འཆོས་དམ་ཚིག་སྤྱོད་པའོ། །དགག་སྒྲུབ་མེད་པའི་སྤྱོད་པ་ནི། །ཀྲི་ཡོག་སྡེ་གསུམ་ལ་སོགས་པ། །གསང་སྔགས་ཕྱི་ནང་སྤྱོད་པ་དང་། །རྟོག་པ་ལྷའི་ངོ་བོར་བཞེངས། །ཉོན་མོངས་དགག་པར་མི་འདོད་ཅིང་། །ཡེ་ཤེས་བསྒྲུབ་པར་མི་འདོད་པས། །ཚིག་དོན་འབྲེལ་བའི་སྤྱོད་པའོ། །དོན་ནི་ཆགས་མེད་མ་ཡིན་ཏེ། །དམ་ཚིག་ཡེ་ཤེས་གཉིས་སོགས་པ། །ཐབས་ཤེས་ཡོད་པའི་ཁྱད་པར་འཕགས། །ཐབས་ཆེན་འཛིན་སྤྱོད་དེ་བཞིན་ནོ། །དེ་བཞིན་སྤྱོད་པའི་རྣལ་འབྱོར་ཀྱང་། །ཡང་དག་ཉིད་ཀྱི་སྤྱོད་པ་མིན། །རྫོགས་ཆེན་བླ་མེད་རྩར་མ་ཉེ། །ཐབས་ཀྱི་ཁྱད་ཀྱི་བྱང་ཆུབ་འབྱུང་། །ལྟ་སྤྱོད་གཅིག་པའི་ངོས་གདུང་ལས། །འོག་མས་གོང་མ་ཁྱད་པར་འཕགས། །མ་ཆགས་མ་ཞེན་སྤྱོད་པ་ནི། །རྫོགས་ཆེན་ཨ་ཏིའི་སྤྱོད་པ་ཡིན། །བྱར་མེད་བྱས་མེད་བྱུང་བ་མེད། །འགྲོ་མེད་འོང་མེད་གནས་པ་མེད། །ཆགས་པ་མེད་ལ་ཞེན་པ་མེད། །བག་ཆགས་སྤུབ་ལ་ཡེ་ཤེས་འཆར། །དབུགས་བོར་ཡེ་ཤེས་ཞེན་པ་མེད། །སྣང་བའི་ཡུལ་ལ་སྒྲོན་མ་ཆགས། །སྣང་འགག་སྒྲོན་མ་ཞེན་པ་མེད། །ད་ལྟ་སྣང་བ་ཐམས་ཅད་ལ། །མ་འགག་ཆགས་ཀྱང་ཞེན་པ་གྲོལ། །རྣལ་འབྱོར་ཆེན་པོའི་སྤྱོད་པ་ཡིན། །སྣང་བའི་ཡུལ་ལ་ཆགས་གྱུར་ཀྱང་། །དོན་ལ་ཞེན་པ་མེད་པ་ནི། །བདག་དང་འཛིན་པའི་ཡུལ་རྟོག་པས། །ཡོད་མེད་གཉིས་ཀྱིས་མཐའ་ལས་གྲོལ། །དམིགས་པར་བྱེད་པའི་ལམ་ཡང་མེད། །གཉིས་འཛིན་རྟོག་པ་རང་ཟད་པས། །ཆོས་ཅན་ཐམས་ཅད་ཟད་པ་ཡིན། །སྙིང་པོས་རྒྱུད་འདིར་སུ་འཕྲད་པས། །རྫོགས་སངས་རྒྱས་པར་ཐེ་ཚོམ་མེད། །མཐར་ཐུག་སྙིང་པོའི་རྒྱུད་འདི་ཉིད། །གང་དགར་སྤྱོད་ན་ན་རཀ་ལྟུང་། །དེ་ཕྱིར་ཡུལ་དང་བསྟུན་པར་བྱ། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྤྱོད་པ་མདོར་བསྡུས་ནས་དབྱེ་ཞིང་། རྒྱུད་དོན་དྲིལ་བའི་ལེའུ་སྟེ་བཞི་པའོ། །྅྅྅ ཡང་གཅིག་སྟོན་པས་བཀའ་སྩལ་པ། །ཀྱེ་ཧོ་ཡུམ་ཆེན་མཁའ་འགྲོ་ཉོན། །བྷཻཾ་པའི་རིམ་པ་འདི་ལྟ་སྟེ། །ཁ་དང་སྣའི་དབུགས་བསྡོམ་སྟེ། །རྟོག་མེད་འོག་འགྱུ་ཡིད་ཡོད་པས། །ཤེས་པ་གཅིག་པུ་ངོ་བོ་ཟེར། །འཕྲལ་གྱི་རྣམ་རྟོག་མེད་འདྲ་ཡང་། །ཡང་དག་དོན་ཆེན་དེས་མི་མཚོན། །བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ནི་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ལས་སྐྱེ་བར་འདོད། །གོམ་ཞིང་ཀློང་དུ་གྱུར་པ་ལས། །ཟས་ཀྱི་འདུ་ཤེས་སྤང་བ་སྟེ། །ས་ལ་གནས་པ་རྣམས་ཀྱི་སྤྱོད། །རྣམ་རྟོག་མེད་པའི་ཞི་བ་སྟེ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །དེ་བཞིན་གཤེགས་པའི་དགོངས་པ་ནི། །ནམ་མཁའི་མཐོངས་སུ་ཤེས་པར་བྱ། །དེ་ཉིད་གོམ་པར་གྱུར་ན་ཡང་། །ཡེ་ཤེས་སྣང་བ་ལྷུག་པར་འཆར། །དེ་ལྟ་བུའི་ཡེ་ཤེས་ཏེ། །ངོ་བོ་རང་ཐོག་དོན་འཕྲོད་པས། །གང་ཤར་སྦྲུལ་མདུད་བཞིན་དུ་གྲོལ། །དོན་རྟོགས་སངས་རྒྱས་ཀུན་གྱི་སྲས། །ཐམས་ཅད་འདི་ལས་བྱུང་ཞིང་གྲོལ། །འགྲོ་བ་ཀུན་གྱི་ཤེས་རྒྱུད་ལས། །བསྣན་འཕྲི་མེད་པར་ལྷག་གེ་གནས། །ཀུན་འབྱུང་སྲིད་རྩ་རྟོགས་པས་གྲོལ། །འདི་ལ་རེག་མཐོང་ཐོས་པས་གྲོལ། །ཤི་ཁར་བཅང་ཀྱང་སྐུ་གསུམ་ཐོབ། །རྒྱུད་འདི་ཐོས་པས་སངས་རྒྱས་པས། །ངེས་པར་ཐོབ་པ་གདོན་མི་ཟ། །རང་བྱུང་ཡེ་ཤེས་ཉག་གཅིག་དོན། །ཡེ་ཤེས་གསུམ་ལྡན་དབྱེར་མེད་དོ། །རང་ཤར་ལྷུག་པ་གཟའ་གཏད་བྲལ། །ལྷུག་པ་ཁྲོལ་ལེ་བུན་ནེ་བ། །རིག་པ་རྟོགས་ཚེ་འཛིན་པ་གྲོལ། །རབ་འབྱམས་རིག་པའི་དབང་མེད་ན། །འདུས་བྱས་དབང་གི་སྨིན་མི་སྲིད། །རང་རྒྱུད་མ་སྨིན་གཞན་མི་གྲོལ། །བོག་རྣམས་དབང་གི་འབྱིན་པར་བྱེད། །དབང་བཞི་རྫོགས་པའི་མཐའ་ཉིད་དུ། །རྒྱུད་ལ་ཞེན་པ་མེད་གྱུར་ན། །དཀོན་ཅིང་གསེར་གཡུ་ལ་སོགས་འབུལ། །གཅེས་འཛིན་བློའི་བཏང་བའི་ཕྱིར། །རང་གི་བུ་ནི་འབུལ་བར་བྱ། །ཆགས་སྲེད་འཛིན་པ་སྤང་བའི་ཕྱིར། །རང་གི་ཆུང་མ་འབུལ་བར་བྱ། །ཚོགས་གཉིས་ཡོངས་སུ་རྫོགས་བྱའི་ཕྱིར། །ཡིད་འཇུག་བུ་མོ་གསེར་གཡུའི་བརྒྱན། །བླ་མ་ཉིད་ལ་འབུལ་བར་བྱ། །ནད་མུག་བསྐལ་པ་ཐར་བྱའི་ཕྱིར། །སྨན་འབྲུའི་ཕུང་པོ་འབུལ་བར་བྱ། །རྗེས་ལ་བདག་ལུས་སྲོག་སོགས་ཀྱང་། །ཕུལ་ན་ཡེ་ཤེས་དབྱིངས་སུ་ལྟ། །རྟག་ཆད་གདིངས་བཞིའི་ས་ནོན་འགྱུར། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། བྷཻཾ་པའི་བྷཻཾ་པ་དབྱེ་བའི་ལེའུ་སྟེ་ལྔ་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། ཀྱཻ་ཧོ་ཡུམ་ཆེན་མཁའ་འགྲོ་ཉོན། །ཆོས་ཅན་མཚན་མ་ཐམས་ཅད་ནི། །ཤར་ནི་རང་གི་སྣང་བ་ཤར། །དེ་ལ་དམིགས་སོགས་མ་འགག་པར། །སེམས་ཀྱི་ལྟ་བ་ལོག་པ་ཡིན། །རྣམ་རྟོག་འགྱུ་འཕྲོ་ཅི་ཤར་ཡང་། །རང་གི་རིག་པའི་རོལ་བར་སྣང་། །ཆོ་འཕྲུལ་ཕྱིའི་སྣང་བ་སྟེ། །རྟོག་མེད་རང་གསལ་རིག་པ་སྟེ། །རྟོག་མེད་རང་གསལ་ཧྲིག་གེ་བ། །རང་བྱུང་ཆེན་པོར་ཤེས་པས་ན། །ཆོས་ཅན་ལྟ་བའི་ལྟ་བའོ། །ཆོས་ཉིད་རིག་པ་སྐྱེ་བ་མེད། །རང་གྲོལ་ཡུལ་གྱིས་མཁའ་རྒྱ་ལ། །རྣམ་རྟོག་མཚན་མ་ངང་གིས་མེད། །རིག་པ་དགག་སྒྲུབ་རྩོལ་བ་མེད། །ཞེན་ཆགས་སྤྱོད་པ་ག་ལ་ཡོད། །དེ་དོན་རྫོགས་པར་བྱེད་འདོད་ན། །བྱར་མེད་གཉེར་མེད་སོ་མ་ལས། །འབད་མེད་ངང་དུ་བཞག་པར་བྱ། །རང་བྱུང་གཤིས་ཀྱི་རིག་པ་འདི། །གང་གི་ཕྱོགས་སུ་མ་ལྷུང་བ། །བྷཻཻཾ་པ་ཆེན་པོ་ཞེས་བྱའོ། །ཐབས་ཀྱི་སྟོང་ཐབས་འདི་ལྟ་སྟེ །འདུ་ཤེས་གཅིག་པའི་འདུན་པའི། །རང་བབ་ཤེས་རབ་རང་ལྟ་ན། །གཟུང་འཛིན་འཁོར་བ་བློས་བཏང་ཕྱིར། །རང་སྣང་མ་ལ་ཡིད་ཆེས་ན། །ཆོས་ཉིད་སྐྱེ་མེད་རྟོགས་པར་འགྱུར། ། དེས་ན་ཆོས་ཅན་ལྟ་བ་ཡང་། །ཆོས་ཉིད་ལྟ་བ་ཉིད་དུ་འགྱུར། །ཐབས་ཀྱི་རྒྱལ་པོ་ཁྱད་པར་འཕགས། །གཟུང་འཛིན་འཁོར་བའི་སེམས་ཅན་ལ། །རང་རིག་ལྟ་བ་འདི་ལྟར་གནས། །གཞི་ཤེས་རིག་པ་ཀུན་ཏུ་བཟང་མོའི་མཁའ། །སྣང་བ་རྐྱེན་གྱིས་མ་བསླད་པ། །རང་རིག་ལྟ་བ་མཐར་ཐུག་སྟེ། །རྟགས་ནི་ཐུགས་རྗེས་འབྲེལ་ཐག་ཡིན། །དེ་ནི་སྐུ་ལྔ་དཀྱིལ་འཁོར་ཡིན། །དཔེ་ནི་ནམ་མཁའི་འཇའ་ཚོན་བཞིན། །གནས་ནི་ཙིཏྟའི་དཀྱིལ་ན་གནས། །ལམ་ནི་བྲེ་གུ་ཏ་ནས་འབྱུང་། །ཡུལ་ནི་ནམ་མཁའ་སྟོང་པ་ལས། །དུས་ནི་བར་དོའི་དུས་ནས་ཏེ། །ངོ་བོ་འགྱུར་མེད་ཆེན་པོ་ཡིན། །སྟོང་དང་གསལ་དང་མི་འགག་ཕྱིར། །རྟག་ཆད་ཕྱོགས་ལྷུང་མེད་པའོ། །འགགས་མེད་རྩལ་ལས་ཅིར་ཡང་འཆར། །སྟོང་གསལ་རིག་པའི་འགྱུར་བ་མེད། །རང་བཞིན་གསལ་དང་ཀུན་ཁྱབ་ལ། །ཐུགས་རྗེས་སྣང་བ་མ་འགག་བའོ། །རྒྱུན་ནི་ཀུན་ལ་དེ་བཞིན་གནས། །རྐྱེན་ནི་བླ་མའི་ངག་ལ་གསལ། །རྒྱུ་རྐྱེན་འཚོགས་ན་རིག་པ་མཐོང་། །སྟོང་ཉིད་གསལ་སྟོང་ལྷུག་པ་ལ། །འཛིན་མེད་ཕྱོགས་ལྷུང་འཁྲུལ་པ་མེད། །རང་གསལ་འཛིན་མེད་ཕྱམ་བདལ་བ། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །དབྱིངས་ཆེན་ཀུན་བཟང་བྷ་ག་ལ། །སྣང་བ་ཐབས་ཀྱི་རྡོ་རྗེར་སྤྱོད། །གཉིས་མེད་བདེ་བའི་གར་མཆོད་འབུལ། །འཁོར་བ་མ་སྤང་བདེ་སྟོང་གྲོལ། །གཞན་གྱི་དོན་ཆེན་བྱེད་འདོད་ན། །མཚན་མ་འབྱུང་བའི་དུས་དག་ཏུ། །རང་ཉིད་ཀུན་བཟང་ཡུམ་ལྔར་བྷཻཾ། །ཕྱོགས་དང་བསྟུན་ཏེ་རང་གིས་ལྕེ། །རྡོ་རྗེ་དང་ནི་རིན་ཆེན་དང་། པདྨ་དང་ནི་རལ་གྲི་དང་། །འཁོར་ལོ་བྷཻཾ་ལ་རྒྱུད་ཉིད་བརྗོད། །འདི་ཉིད་མ་གསང་འབྲས་མི་འབྱུང་། །འདི་འཆང་སྐྱེས་བུ་སྐལ་བ་བཟང་། །དེ་བྷཻཾ་རྣལ་འབྱོར་སྨོས་ཅི་དགོས། །དུས་གསུམ་རྒྱལ་བའི་མཆོད་རྟེན་ཡིན། །རང་རིག་རྟོགས་པའི་གང་ཟག་དེ། །འདས་པའི་ཚེ་ན་གདུང་བཞུ་བ། །གདུང་རིགས་ལྔའམ་གཅིག་འབྱུང་ངེས། །རྡོ་རྗེ་རིན་ཆེན་པདྨའི་གདུང་། །ལས་དང་དེ་བཞིན་གཤེགས་པའི་གདུང་། །ཤ་རི་རམ་དང་ཆུ་རི་རམ། །བ་རི་རམ་དང་ཉ་རི་རམ། །པཉྩ་རམ་དང་ལྔ་ལྡན་གདུང་། །རིགས་ལྔའི་གདུང་སྟེ་སྐུ་ཡང་འབྱུང་། །དེ་རྣམས་སྐུ་ཐོབ་རྟགས་ཡིན་ནོ། །གསུང་གི་རྟགས་ནི་མེ་འོད་སྒྲ། །འཇའ་ཚོན་ནམ་མཁའ་དྭངས་གསལ་བས། །ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ། །གདུང་རིགས་ལྔ་ནི་དེ་ལས་འབྱུང་། །མགོ་དང་ཁྲག་དང་སྒལ་ཚིག་དང་། །རྐང་དང་སྙིང་ལ་འབྱུང་བ་ཡིན། །ཨེ་མ་འདི་ནི་ཁྱད་པར་འཕགས། །ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ། །དབང་པོ་རྣམ་ལྔ་འོན་འགྱུན་ཀྱང་། །རྒན་གཞོན་ཕོ་མོ་དགེ་སྡིག་མེད། །བག་ཆགས་བཟང་ངན་མེད་པ་རུ། །འདི་ཉིད་བཅང་བས་བུདྡྷའོ། །ཐ་མ་དབུགས་ལ་སློབ་ཀྱང་གྲོལ། །སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ལྟ་བ་མཐར་ཕྱིན་པའི་དོན་བསྟན་པའི་ལེའུ་སྟེ་དྲུག་པའོ། །྅྅྅ དེ་ནས་མཁའ་འགྲོ་མ་ཐམས་ཅད་ཀྱིས་འདི་སྐད་ཅེས་བསྐུལ་ལོ། །ཀྱཻ་སྟོན་པ་ཡུམ་ཆེན་མོ། །ཐོག་མར་ཆོས་སྐུ་ཞེས་བྱ་བའི། །མིང་དོན་གང་ལགས་གསུང་དུ་གསོལ། །ཞེས་ཞུས་པས། སྟོན་པས་ལན་དུ་བཀའ་སྩལ་བ། ཀྱེ་ཧོ་འདུས་བའི་འཁོར་ཚོགས་ཉོན། །ཆོས་སྐུ་ཡེ་ཤེས་ཆེན་པོ་སྟེ། །མི་འགྱུར་སྙིང་པོ་ལྷང་ངེ་བ། །རང་ཤར་ཀུན་ཏུ་བདལ་ལེ་བ། །མཚན་ཉིད་རྣམ་གསུམ་མེ་རེ་བ། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་མ་འགག་ཟང་ཐལ་ལེ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །ཡེ་ཤེས་སྣང་བའི་ཡུལ་ལ་ཤར། །རབ་དགྱེས་འཛིན་ལྟར་སྣང་ན་ཡང་། །ཆགས་ཞེན་འཛིན་པའི་ངོ་བོ་སྟོང་། །མི་འཇིགས་སྲ་བ་བརྟན་པ་སྟེ། །ངོ་བོ་རང་གསལ་རྣམ་པ་གསལ། །བྱ་བྱེད་ཐམས་ཅད་རང་རྫོགས་པས། །ཆོས་ཀྱི་སྐུའི་ངེས་ཚིག་ཡིན། །ཡེ་ནས་ཕྱོགས་རིས་སྤྲོས་དང་བྲལ། །འགྱུར་མེད་ཆེན་པོ་ཞེས་ཀྱང་བྱ། །དེ་ལ་གཉིས་ཆོས་དྲི་མ་མེད། །འགགས་མེད་རོལ་བ་ཞེས་ཀྱང་བྱ། །ནམ་མཁར་གར་ཁྱབ་རིག་པའི་ཁྱབ། །དེས་ཁྱབ་ཀུན་ལ་འཁོར་འདས་ཁྱབ། །ཁྱབ་པ་ཆེན་པོ་ཞེས་ཀྱང་བྱ། །གསལ་དང་དྭངས་དང་མ་འདྲེས་གསུམ། །ཆོས་ཀྱི་སྐུའི་ཡུལ་དུ་བཤད། །འགགས་མེད་དམིགས་མེད་འཛིན་པ་མེད། །དཔེ་དང་ཚད་དང་མཚོན་པ་མེད། །ཆོས་ཀྱི་སྐུ་ཡི་གནས་ཡིན་ནོ། །སྣང་བ་དག་ནི་འགགས་མེད་ཀྱང་། །གཉིས་སྣང་བདག་ཏུ་འཛིན་པ་མེད། །དེ་ལ་བློའི་ཞེན་པ་མེད། །ཆོས་ཀྱི་སྐུའི་སྤྱོད་པ་ཡིན། །ལྷང་ངེ་རིག་པ་ཡིན་ལུགས་ལ། །ལྷན་ནེ་རྟོག་པའི་ཕུ་ཐག་བཅད། །མ་ཡེངས་སྣང་ཕྱིར་མི་འཕྲོ་བ། །ཆོས་ཀྱི་སྐུའི་བྷཻཾ་པའོ། །ལྟར་མེད་ལྟ་བྱའི་ཡུལ་ལས་འདས། །བལྟས་ཟིན་གཞི་ལ་འཁོར་འདས་རྫོགས། །ལྟ་རྫོགས་དེ་ལ་འབད་རྩོལ་ཞིག །དེ་ནི་ཆོས་སྐུའི་ལྟ་བ་ཡིན། །རང་རིག་ལྷུན་གྲུབ་བྱ་བ་ཡིན། །ཀ་དག་མིང་ཟད་བྱ་བ་ཡིན། །འདི་མིན་གཞན་ནས་བྱུང་ས་མེད། །ཆོས་ཀྱི་སྐུའི་འབྲས་བུ་ཡིན། །མཐའ་གྲོལ་ཡིན་པས་གྲུབ་བྱ་མེད། །རང་གྲོལ་ཡིན་པས་གྲུབ་བྱ་ཟིན། །ངང་གིས་མ་གོས་བསྒྲུབ་དང་བྲལ། །ཆོས་ཀྱི་སྐུའི་ཕྲིན་ལས་ཡིན། །གཅིག་འབྱུང་རིག་པ་ཉག་གཅིག་ལས། །གཉིས་འབྱུང་སྒྲོན་མ་གཞི་རྫོགས་བྱུང་། ཀུན་འབྱུང་སྣང་བ་སྣ་ཚོགས་པས། །ཆོས་ཀྱི་སྐུའི་ཡོན་ཏན་ཡིན། །ཡུལ་ཀུན་མ་འགགས་ཟང་ཐལ་ལེ། །འཁོར་འདས་མ་འདྲེས་གསལ་ལམ་མེ། །བཟུང་མེད་ངང་ནས་དངས་སང་ངེ་། །མི་འགྱུར་ངང་ནས་སྟོང་ཧྲིག་གེ། །ཆོས་ཀྱི་སྐུའི་སྣང་བ་ཡིན། །རིག་པ་སྐྱེ་མེད་ཕྱི་ནང་མེད། །ཁ་དོག་རི་མོ་དབྱིབས་སུ་མེད། །ཆོས་ཀྱི་སྐུའི་རང་ལུས་ཡིན། །དབུགས་ཎ་འགྲོ་བར་བྱེད་པ་མེད། །ཡིད་མེད་འོང་མེད་བྱེད་པ་མེད། །སེམས་མེད་གནས་པར་བྱེད་པ་མེད། །ཆོས་ཀྱི་སྐུའི་ཕོ་བྲང་ཡིན། །གསལ་བ་ཉི་མ་ལྟ་བུ་ལ། །གཏིང་ཟབ་རྒྱ་མཚོ་ལྟ་བུ་སྟེ། །མ་ཆགས་པདྨ་ལྟ་བུ་སྟེ། །མི་འགྱུར་རི་བོ་ལྟ་བུ་སྟེ། །ཡངས་བ་ནམ་མཁའ་ལྟ་བུ་ལ། །ཟིལ་གནོན་སེང་གེ་ལྟ་བུ་རུ། །ཆོས་ཀྱི་སྐུའི་མཚོན་དཔེའ་བཞག་པའོ། །བསམ་བྲལ་རིག་པ་ཆོས་ཀྱི་སྐུ། །ཡུལ་ལ་སྣང་བ་བྱ་བ་མེད། །བདག་ཏུ་སྣང་བར་བྱ་བ་མེད། །ལྷུན་གྲུབ་འགྲོ་བ་ཡོངས་ལ་ཁྱབ། །ཐོག་མ་ཐ་མ་བར་གསུམ་དུ། །སྐུ་གསུམ་དབྱེ་བ་མེད་པ་རུ། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །ཆོས་སྐུ་འཕོ་འགྱུར་མེད་པ་འདི། །རང་རང་ཙིཏྟའི་དཀྱིལ་ན་གནས། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །གསལ་བ་འོད་ཀྱི་སྙིང་པོ་ཅན། །རང་བྱུང་རིག་པའི་སྙིང་པོ་ཅན། །བརྗོད་པ་མཐའ་བྲལ་ཆོས་སྐུ་འདི། །ཀུན་ལ་ཡོད་ཀྱང་ངོ་མ་ཤེས། །རྒྱུ་ལ་ཡོད་ཀྱང་རྐྱེན་མེད་ན། །རྐྱེན་ནི་བླ་མའི་དྲིན་ལས་མཐོང་། །དེ་ཕྱིར་བླ་མ་སྤྱི་བོར་ལོང་། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཆོས་སྐུའི་ངེས་དོན་བསྟན་པའི་ལེའུ་སྟེ་བདུན་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱཻ་སྟོན་པ་ཡུམ་ཆེན་མོ། །དེ་ལས་ལོངས་སྐུ་ཞེས་བྱ་བའི། །མིང་དོན་གང་ལགས་གསུང་དུ་གསོལ། །ཞེས་ཞུས་པ་དང་། སྟོན་པས་ལན་བསྩལ་འདི་སྐད་དོ། །ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡང་། །དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། །མདོར་བསྡུས་བཤད་ཀྱི་འདི་ལྟར་རོ། །སྟོང་མདངས་ཁ་དོག་མ་འདྲེས་པས། །རང་རང་སོ་སོའི་མཚན་ཉིད་འཛིན། །མཚན་དཔེ་འོད་ཟེར་དཔལ་དུ་འབར། །ཡབ་ཀྱི་སྣང་ཆ་འཛིན་པ་ལ། །ཡུམ་ཡང་སྟོང་ཆ་ཙམ་དུ་འཛིན། །གཉིས་མེད་འཁྲིལ་བའི་རྣམ་པ་ལ། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་འཛིན། །སྐད་ཅིག་རྡོ་རྗེར་པདྨ་ལས། །སྐྱེ་མེད་འགག་མེད་རོལ་པ་ལས། །ཡབ་ཡུམ་འཆི་མེད་རྟག་པ་ཅན། །འོད་ལྔ་སྐུ་ལྔ་ཞིང་ཁམས་ལྔ། །མ་འདྲེས་མ་བྱས་སོ་སོར་གསལ། །རྣམ་སྣང་ལ་སོགས་ཡབ་ལྔ་དང་། །ཀུན་བཟང་ལ་སོགས་ཡུམ་ལྔར་སྣང་། །ཤར་ཕྱོགས་ལ་སོགས་ཚོམ་བུ་ལྔ། །མི་འགྱུར་ངེས་པ་ལྔ་ལྡན་པས། །ཡེ་ཤེས་ལྔ་ཤེས་རྟོགས་པ་ལྔ། །གཞི་ལམ་འབྲས་བུ་ལྔ་དང་ལྡན། །གནས་ལྔ་ཡུལ་ལྔ་ངོ་བོ་ལྔ། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཡིན། །ཆོས་ཉིད་སྟོང་པ་ཡིན་པས་ལོངས། །འགགས་མེད་རོལ་པ་སྣང་བས་སྤྱོད། །གསལ་ལ་མ་འདྲེས་པས་ན་ལོངས། །དེ་ལས་འཛིན་པ་མེད་པས་སྤྱོད། །སྣང་སྟོང་འདུ་འབྲལ་མེད་པས་ལོངས། །ས་ལེ་དབྱེ་བསལ་མེད་པས་སྤྱོད། །གསལ་ལ་དངོས་པོ་མེད་པས་ལོངས། །རྩོལ་མེད་སྤྲུལ་པ་འགྱེད་པས་སྤྱོད། །དམིགས་མེད་དོན་ལ་རྫོགས་པས་རྫོགས། །རྟག་ཆད་ཕྱོགས་སུ་མ་ལྷུང་བར། །རིག་པའི་ངང་དུ་རྫོགས་པས་རྫོགས། །བློ་འདས་བྱས་པ་མ་ཡིན་ཅིང་། །སྤྱད་བྱའི་ཕྱོགས་དང་བྲལ་བ་རྫོགས། །རང་རིག་རིག་པའི་དོན་རྟོགས་ནས། །གཞན་གྱི་གཟུང་འཛིན་གྲོལ་བས་རྫོགས། །སྣང་སྟོང་རང་ཆས་ཡིན་པས་དཔའ། །གསལ་སྟོང་རང་ཆས་ཡིན་བས་དཔའ། །རིག་སྟོང་རང་ཆས་ཡིན་པས་དཔའ། །མ་འགག་ཡུལ་ལ་སྤྱོད་པས་དཔའ། །རྒྱན་དང་ཆ་ལུགས་མཛེས་པས་དཔའ། །ཁ་དོག་ཞིང་ཁམས་དངས་པས་དཔའ། །ངོ་བོ་གཡོ་བ་མེད་པས་སྐུ། །མ་འགགས་སྤྲུལ་པ་འཆར་བའི་སྐུ། །སྤྲུལ་ཡང་ཐིག་ལེར་འདུས་པའི་སྐུ། །སྔ་ཕྱི་རྩིས་གདབ་མེད་པའི་སྐུ། །ཤ་ཁྲག་སྲོག་ཆགས་བྲལ་བས་སྐུ། །དེ་ནི་ལོངས་སྐུའི་རྣམ་བཤད་ཡིན། །གང་ཟག་དབང་པོ་ཡང་རབ་ཀྱིས། །དེ་དོན་ཐོབ་པར་འདོད་པ་ན། །ཐོག་མར་བླ་མ་བཅུད་ལྡན་བརྩལ། །ལོ་རྒྱུས་ཡིད་ཆེས་གདིང་ཆོས་ནས། །དབང་ནི་རྣམ་པ་བཞི་ཡིན་ཡང་། །སྐལ་བར་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་སྤྲོས་མེད་རབ་སྤྲོས་མེད། །ཤིན་ཏུ་རིག་པའི་རྩལ་དབང་བསྐུར། །དབང་མེད་དངོས་གྲུབ་ཐོབ་མི་འགྱུར། །དབང་ཐོབ་མ་བསྒྲུབ་སྐུ་གསུམ་ཐོབ། །དབང་རྟེན་དམ་ཚིག་གསུམ་ཡང་བསྲུང་། །གདམས་པ་སྦྱོར་དངོས་མཇུག་གསུམ་སྟེ། །མི་རྟག་སྙིང་རྗེ་བྱང་སེམས་སྦྱང་། །ལུས་འདི་མ་རིག་རྒྱུ་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །སྤྱི་བོ་མགྲིན་པ་སྙིང་ཁ་དང་། །ལྟེ་བ་གསང་བ་རྐང་མཐིལ་དུ། །ཨ་ཏྲི་ནྲྀ་སུ་པྲེ་དུ་དྲུག །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེ་རྩལ་སྦྱངས་རུ་ཤན་འབྱེད། །རྩ་གསུམ་ༀ་ཨཱཿཧཱུྃ་གསུམ་བཟླས། །འོད་ཟེར་མེའི་དམིགས་ཤིང་བསྲེག །འདི་ལ་དགོས་བ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བ་བརྟགས། །དེ་ནས་སྒོ་གསུམ་རྣལ་དུ་ཕབ། །ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕབ། །བྷོ་དྷི་ས་ཏྭའི་ལྟ་སྟངས་ཀྱིས། །རྣལ་ཕབ་བདེ་བ་ཉིད་ཐོབ་འགྱུར། །ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕབ་ཡོན་ཏན་གསུམ་ཙམ་འགྲུབ། །དང་པོ་སྟོང་པའི་རྩ་བ་བཅད། །དེ་ནས་སེམས་ཀྱི་རང་རྩལ་བརྩལ། །དེ་ནས་བྱུང་གནས་འགྲོ་གསུམ་བརྩལ། །དེ་ནས་རྣམ་རྟོག་སེམས་ངོ་སྤྲད། །སེམས་ནི་སྟོང་བའི་སྟོང་རྩ་སྣང་། །སྣང་སྟོང་གཉིས་མེད་རང་གྲོལ་ཉིད། །དུག་ལྔ་ནང་དུ་རང་གྲོལ་དང་། །ཚོགས་དྲུག་ཕྱི་རུ་རང་གྲོལ་ལོ། །དེ་ལྟར་རང་སེམས་གྲོལ་གྱུར་ན། །བར་དོ་མེད་པར་སངས་རྒྱས་སོ། །གནས་རྟེན་གྲོལ་བའི་གདིང་ཐོབ་ནས། །ཕྱི་ནང་བྱ་བ་དགུ་བཏང་ནས། །གནས་གསུམ་སྒོ་གསུམ་རབ་ཏུ་གཟིར། །མངོན་སུམ་རང་ཐོག་དབབ་པར་བྱ། །གླང་སེང་དྲང་སྲོངབཞུག་སྟངས་བཅའ། །ངག་ནི་སྨྲ་བཅད་རླུང་གནད་འདོར། །སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྒོ་ཡུལ་རླུང་གི་གནད་བསྟུན་པས། །ཡུལ་ལས་ཡེ་ཤེས་སྔོན་དུ་སྣང་། །སྟོང་གསལ་དངས་ལྔའི་སྒོ་ཕྱེས་ཏེ། །ཐིག་ལེ་གསལ་སྟོང་མཐའ་བྲལ་ཉིད། །རྐྱེན་མེད་རྩོལ་བྲལ་ལྷུག་པར་འཆར། ཙཀྵུས་ཟིམ་བུས་སུཪྱར་ལྟ། །ཤར་གྱི་རྒྱ་སྐར་བཞིན་དུ་གསལ། །ཕྱིའི་ནམ་མཁའ་སྟོང་བ་ལ། །དབང་པོ་འདུག་ཚུལ་སུས་གཏད་པས། །ཕྱི་དབྱིངས་མྱུར་དུ་མཐོང་བར་འགྱུར། །རྐྱེན་བྲལ་གསུམ་ལ་གསལ་བ་ཡིན། །ཡུལ་ལ་གསལ་བའི་ཡེ་ཤེས་ནི། །ཕྱི་དབྱིངས་ནམ་མཁའི་མེ་ལོང་འདྲ། །ནང་དབྱིངས་རྣམ་དག་རྨ་བྱ་འདྲ། །བདག་པོའི་བྱད་ལྟར་གསལ་བར་བྱེད། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །བདག་པོའི་སེམས་དང་མཚུངས་པའོ། །རང་རིག་ལུག་རྒྱུད་འདི་བཞིན་གསལ། །ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །གསལ་སྟོང་འབྲེལ་པ་ལུ་གུ་རྒྱུད། །ཅིར་ཡང་འགྲོ་འོང་རྣམ་པ་ཅན། །འགུལ་བ་དང་ནི་འཁྲིགས་པའོ། །སྙིང་དངས་འགགས་མེད་ལུ་གུ་རྒྱུད། །གསལ་བདེ་རང་རིག་སྟོང་པ་ཉིད། །དབྱེར་མེད་གསལ་བ་མ་འདྲེས་གནས། །རིག་གནད་ལུགས་རྒྱུད་བཙོན་དུ་བཟུང་། །མངོན་སུམ་བརྡལ་བ་ཉིད་ཀྱི་རྟེན། །དེ་ལ་སྣང་བ་བཞི་འཆར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ། །གོང་དུ་འཕེལ་པའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་རང་སར་དག །རིག་པ་ཚད་ཕེབ་སྣང་བ་ཡིས། །སྐུ་གསུམ་འགྲུབ་བྱའི་མདུད་པ་ཞིག །ཆོས་རྣམས་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །སྣང་ཉམས་ཤེས་ཉམས་ལ་སོགས་པ། །བློས་བཅས་ཀུན་རྫོབ་འཁྲུལ་བར་བཤད། །སྡོད་པ་གསུམ་གྱིས་ཚད་བཟུང་ནས། །ཐོབ་པ་གསུམ་གྱི་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །མི་འགྱུར་ལྟ་བའི་གདིང་ཆེན་བཞི། །མི་རྟོག་ཡེ་ཤེས་ཚད་བཟུང་ནས། །འཁོར་བ་གཏན་སྤྲུག་ཨ་ལ་ལ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་ཀྱི་གནད་མཛོད་ལས། །ལོངས་སྐུའི་ངོ་བོ་དབྱེ་བ་དང་། ངོ་སྤྲད་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །྅྅྅ ཡང་འཁོར་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱཻ་སྟོན་པ་ཡུམ་ཆེན་མོ། །སྤྲུལ་སྐུ་ཞེས་པ་གསུངས་པའི། །མིང་དོན་གང་ལགས་གསུང་དུ་གསོལ། །ཞེས་ཞུས་བ་དང་། །སྟོན་པས་ལན་དུ་བཀའ་བསྩལ་བ་འདི་སྐད་དོ། །ཀྱེ་ཧོ་རིག་རྩལ་འཁོར་རྣམས་ཉོན། །སྤྲུལ་པ་སྐུ་ཡི་མཚན་ཉིད་ནི། །བྱ་བ་རྫོགས་པའི་སྤྲུལ་སྐུ་དང་། །བྱ་བ་བྱེད་པ་གཉིས་སུ་འདོད། །བྱ་བ་རྫོགས་པའི་སྦྲུལ་སྐུ་ནི། །རང་གི་རྒྱུ་གྲོལ་མངོན་སངས་རྒྱས། །དེ་ནས་སྤྲུལ་པ་འགྱེད་པའོ། །དེ་ནི་ཕྱི་ནང་བྱ་བ་རྫོགས། །བྱ་རྫོགས་སྤྲུལ་སྐུ་ཡིན་པར་འདོད། །བྱ་བ་བྱེད་པའི་སྤྲུལ་སྐུ་ནི། །རིགས་དྲུག་ལ་སོགས་འཇིག་རྟེན་དུ། །སྟོན་པ་དེ་དང་མཐུན་པར་སྤྲུལ། །སྐད་ཀྱང་ལྷ་སོགས་མཐུན་པར་སྨྲ། །ཤེས་རྒྱུ་གཞན་དོན་མ་རྨོངས་པས། །གཞན་དོན་མཐུན་པར་དོན་བྱེད་པས། །ཉོན་མོངས་རང་རྒྱུད་དག་ལ་མེད། །འགྲོ་བ་ཟིལ་གྱིས་གནོན་པར་བྱེད། །བག་ཆགས་ལུས་འདི་མངོན་པའོ། །བསོད་ནམས་ཚོགས་གཉིས་ནར་སོན་པའི། །དུས་ལ་བབ་པའི་སེམས་ཅན་ལ། །ཡང་དག་དོན་ཆེན་སྟོན་པར་བྱེད། །དེ་ཡང་དབང་པོའི་ཁྱད་པར་གྱིས། །ཉན་ཐོས་ལ་སོགས་སྣང་བ་རུ། །ཚིག་གོ་དོན་མི་གོ་བར་སྟོན། །དེ་ནི་རྟོག་པ་སྔོན་ནས་སྤང་། །རང་སངས་རྒྱས་ཀྱི་སྣང་བ་ལ། །རྟེན་འབྲེལ་སྒོ་ནས་སྟོན་པ་སྟེ། །ང་རྒྱལ་དག་ནི་སྤང་བར་བསྟན། །བྱང་ཆུབ་སེམས་དཔའི་ཐེག་པ་ལ། །སྨོན་དང་འཇུག་པའི་སྒོ་ནས་སྟོན། །ཉོན་མོངས་ཞེ་སྡང་སྤང་པའོ། །ཀྲི་ཡ་དག་གི་ཐེག་པ་ལ། །ལྷར་བསྐྱེད་པའི་སྒོ་ནས་སྟོན། །ཉོན་མོངས་གཏི་མུག་སྤང་བའོ། །ཨུ་པ་ཡའི་ཐེག་པ་ལ། །གཉིས་ཀའི་སྒོ་ནས་སྟོན་པ་ན། །ཉོན་མོངས་ཕྲག་དོག་སྤང་པའོ། །ཡོ་ག་དག་གིས་ཐེག་པ་ལ། བྱང་ཆུབ་ལྔའི་ཚུལ་གྱིས་བསྟན། །ཉོན་མོངས་ཁོང་འཁྲོ་སྤང་བར་བྱེད། །མ་ཧཱ་ཡོ་གའི་ཐེག་པ་ལ། །ཏིང་འཛིན་རྣམ་པ་གསུམ་གྱིས་བསྟན། །ཉོན་མོངས་ལྔ་པོ་གནས་བསྒྱུར་རོ། །ཨ་ནུ་ཡོ་གའི་ཐེག་པ་ལ། །དབྱིངས་དང་ཡེ་ཤེས་དབྱེའ་མེད་སྟོན། །ཉོན་མོངས་ཐམས་ཅད་བཅད་པར་འདོད། །ཨ་ཏི་དག་གི་ཐེག་པ་ལ། །ཡེ་གྲོལ་བརྡལ་བ་ཆེན་པོ་སྟོན། ཉོན་མོངས་གནས་དག་ཆེན་པོའོ། །གང་ཟག་རིགས་ཅན་འགའ་འགའ་ལས། །ཀུན་གྱི་རྟོགས་པར་ག་ལ་འགྱུར། །དབང་པོའི་གོ་ལུགས་སོ་སོ་སྟེ། །ལ་ལས་བྷཻཾ་པ་ཅན་དུ་གོ། །ལ་ལས་རིག་མེད་སྟོང་པར་གོ། །ལ་ལས་རིག་མེད་བེམ་སྟོང་གོ། །ལ་ལས་རིག་པ་རྐྱང་པར་གོ། །ལ་ལས་སེམས་ལ་སངས་རྒྱས་གོ། །ལ་ལས་ཀུན་གཞི་ཆོས་སྐུར་གོ། །ལ་ལས་རྒྱུ་འབྲས་རྟག་པར་གོ། །ལ་ལས་བྷཻཾ་པ་ཅན་སྣང་ལ། །རྫོགས་པའི་རིམ་པ་མེད་པར་གོ། །དེ་རྣམས་སྟོན་བྱེད་སྤྲུལ་པའི་སྐུ། །གསང་སྔགས་བླ་མེད་གནས་ཆེན་འདི། །འགའ་ལས་སྣང་བར་མི་འགྱུར་ཏེ། །མ་གསུང་གསུང་པར་མི་འགྱུར་རོ། །སྐབས་སུ་གསུང་པར་གྱུར་ན་ཡང་། །དགྲ་བཅོམ་རང་རྒྱལ་མདོ་སྡེ་དང་། །ཐེག་དམན་ལྟ་ལོག་མེད་ནང་དུ། །རྫོགས་ཆེན་བླ་མེད་སྒྲོགས་པར་འགྱུར། །དེ་ནས་བློ་དམན་གཞན་ལ་གསང་། །དེ་ལྟར་སྟོན་པའི་སྐྱེས་བུ་དེ། །བྱ་བ་བྱེད་པའི་སྤྲུལ་སྐུ་ཡིན། །འཇིག་རྟེན་བློ་དང་མཐུན་པར་སྤྲུལ། །སྤྲུལ་པའི་སྐུ་རུ་གྲགས་པའོ། །འཕྲིན་ལས་བྱ་བ་བྱེད་པའི་ཕྱིར། །སྤྲུལ་པའི་སྐུ་རུ་ངས་བཤད་དོ། །སེམས་ཅན་སངས་རྒྱས་སར་སྒྲོལ་བས། །སྤྲུལ་པའི་སྐུ་རུ་ངས་བཤད་དོ། །ཞིང་ཁམསགཅིག་ཏུ་ཡུན་ཐུང་ཕྱིར་། །སྤྲུལ་པའི་སྐུ་རུ་ངས་བཤད་དོ། །འགྲོ་ཀུན་མཛེས་པར་མཐོང་བའི་ཕྱིར། །སྤྲུལ་པའི་སྐུ་རུ་ངས་བཤད་དོ། །འགྲོ་ན་མགྱོགས་ལ་བསྡད་ན་བརྗིད། །ངེས་མེད་ཚིག་ལ་བྲག་ཆ་འདྲ། །སྐུ་དང་རྟག་དང་ཡི་གེ་བརྒྱན། །འགྲོ་དོན་འཕེལ་འགྲིབ་དུ་མ་སྟོན། །དབང་པོ་འགྱུར་ལྡོག་དུ་མ་འཆར། །སྤྱོད་པ་མ་ངེས་ཆོ་རོལ་སྤྱོད། །ཅི་སྨྲ་རྗེས་སུ་འཛིན་པ་མེད། །རང་གི་ཞེ་འདོད་བརྟེན་མི་འགྱུར། །ཅི་སྤྱོད་སེམས་ཅན་དོན་དུ་སྤྱོད། །སེམས་ཅན་འདོད་པའི་དོན་ཀུན་བསྒྲུབ། །དེ་ནི་སྤྲུལ་སྐུ་ངེས་པའོ། །དེ་གསུངས་ཐེག་པ་ཐམས་ཅད་ཀྱང་། །ལེགས་པར་འདི་ལ་དྲི་བར་བྱ། །དང་པོ་སྣོད་དང་ལྡན་པའི་བུ། །དད་པ་བརྩོན་འགྲུས་སྙིང་རུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །རྒྱུད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །རྒྱུད་དུལ་ཏིང་འཛིན་དབང་པོ་རྣོ། །གསང་ཐུབ་བརྟུལ་ཞུགས་འགྱུར་བ་མེད། །སྐྱོ་ཤས་སྙིང་རུས་སྡུག་བསྲན་ཆེ། །གསང་སྔགས་གསང་བའི་སྣོད་ཡིན་པས། །བདུད་རྩི་ཐེག་པ་ཡང་ཞུན་འདི། །བུ་མཆོག་འདི་ལ་བསྟན་པར་བྱ། །དེ་ལྟར་ཉམས་ལེན་སྟོན་པའི་གནས། །གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་པ་དངས་ཤིང་མཐོའ་བའི་སར། །སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱ་བའི་གནས། །དུས་ཆེན་ངེས་པའི་གདམས་པ་བསྟན་པ་ནི། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །དེ་ལྟར་ཉམས་ལེན་གྲོགས་ཀྱི་ཁྱད་པར་གཙོ། །དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔའི་ཤུགས་ཆུང་བློ་ལྡན་ཁོང་ཡང་ཆེ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །དེ་ལྟ་བུའི་དུས་སུ་ཁྱད་པར་རྒྱུད་ཚོགས་ཆེ། །མེ་ཏོག་དབང་ཡོན་ཚོགས་འཁོར་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་གསུམ་ཁམས་ཀྱིས་བརྟན་སོ་བརྩལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །དེ་ནས་དྲང་དོན་ལོ་རྒྱུས་ཡིད་ཆེས་བཤད། །སྨིན་བྱེད་དབང་བཞིའི་སློབ་བུའི་ཤེས་རྒྱུད་བསྒྲུབ། །མི་རྟག་སྙིང་རྗེ་བྱང་སེམས་བདུན་སྦྱངས་ནས། །རྡོ་རྗེ་སྐྱིལ་ཀྲུང་ལུས་ཀྱི་རུ་ཤན་དབྱེའ། །ངག་ནི་རིགས་དྲུག་ཞི་ཁྲོའི་སྒྲ་སྐད་དང་། །ཧཱུྃ་ཞེས་གནས་དང་རྒྱས་གདབ་རྩལ་ཡང་སྦྱངས། །གཉེན་བཙལ་ལམ་ཞུགས་ངག་སྦྱངས་སེམས་ལ་ཕན། །ཡིད་ཀྱང་རིགས་དྲུག་སྡུག་བསྔལ་བློ་ལ་སྦྱངས། །སེམས་ཞེས་བྱུང་གནས་འགྲོ་གསུམ་དབྱིབས་དངོས་བརྟགས། །རིགས་དྲུག་ས་བོན་འབྲུ་གསུམ་བསྲེགས་སྦྱངས་བཟླས། །རྣལ་དབབ་སེར་བཞུགས་ཉམས་ལེན་བརྩོན་པར་བྱ། །ལུས་ངག་ཡིད་གསུམ་བྱ་བ་རབ་བཏང་ནས། །སྒོ་གསུམ་གནད་གཟིར་མངོན་སུམ་སྟེང་དབབ་བོ། །སྣང་བཞི་རིམ་ཤར་གདིང་བཞི་མཐར་ཕྱིན་ནས། །ཟག་བཅས་ཕུང་པོ་མི་སྣང་སངས་རྒྱས་སོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཆེན་མོ་ལས། །སྤྲུལ་སྐུའི་དབྱེ་བ་བསྟན་པའི་ལེའུ་སྟེ་དགུ་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱཻ་སྟོན་པ་ཡུམ་ཆེན་མོ། །སྐུ་གསུམ་ཞེས་པ་དེ་རྣམས་ཀྱང་། །གཅིག་པ་ལགས་སམ་སོ་སོ་ལགས། །བདག་ཅག་རྣམས་ལ་གསུང་དུ་གསོལ། །ཅེས་ཞུས་པ་དང་། །སྟོན་པས་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །སྐུ་གསུམ་ཡེ་ཤེས་ཆེན་པོ་ནི། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཏེ། །དམིགས་མེད་ཐིག་ལེ་ཉག་གཅིག་ཚུལ། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རྣམ་པ་གསལ་བ་ལོངས་སྤྱོད་རྫོགས། །འགགས་མེད་ཀུན་ཤར་སྤྲུལ་པའི་སྐུ། །གཅིག་དང་དུ་མའི་སྣང་བ་བྲལ། །ཆོས་ཀྱི་སྐུའི་སྣང་ལུགས་སོ། །རང་བཞིན་གཅིག་ལ་ངོ་བོ་གསུམ། །ལོངས་སྤྱོད་རྫོགས་སྐུའི་སྣང་བ་ཡིན། །ངོ་བོ་ཐ་དད་རང་བཞིན་ཐ་དད་པས། །གསལ་ལ་མ་འགག་བྱས་པ་མེད། །སྤྲུལ་པ་སྐུའི་སྣང་བ་ཡིན། །དེ་རྣམས་སོ་སོར་ཕྱེ་གྱུར་ཀྱང་། །སྐུ་གསུམ་གཅིག་ལ་ལྷུན་གྲུབ་རྫོགས། །གཅིག་ལ་དུ་མར་བཟུང་བ་ཡིན། །རང་སྣང་ཨ་འཐས་འཁྲུལ་པ་ཡིན། །ཆོས་སྐུའི་བསམ་བ་ཡུལ་དང་བྲལ། །ལོངས་སྐུའི་བདག་འཛིན་ཡུལ་དང་བྲལ། །སྤྲུལ་སྐུ་ཆགས་པའི་ཡུལ་དང་བྲལ། །དེ་ལྟར་གསུམ་ལྡན་ཐིག་ལེ་ལ། །སྤང་དང་བསྐྱེད་དང་དམིགས་པ་དང་། །འཇུག་གྲོལ་རྟོགས་པའི་སེམས་ཀྱང་མེད། །ཆགས་དང་ཞེན་སྤྱོད་ཚིག་ལ་འདས། །སྤང་དང་སྤང་བྱ་བློ་ལ་འདས། །ཡུལ་སེམས་ཡིད་ཡུལ་དམིགས་པ་འདས། །རང་སྣང་ཚོགས་མཆོག་ཆེན་པོའོ། །འཛིན་མེད་རང་གྲོལ་ཆེན་པོ་སྟེ། །སྤྲུལ་པ་ཕྱོགས་བཅུར་མཛད་པ་ཡིན། །དམིགས་པ་མེད་པའི་ཡུལ་སྣང་ལ། །ཡེ་ཤེས་ལྷུག་པར་རྩོལ་མེད་འཆར། །དམིགས་པ་མེད་པའི་ཡུལ་སྣང་ལ། །མཚན་མ་རང་སར་གྲོལ་བར་འགྱུར། །དེ་ཡང་སྣང་ལུགས་འདི་ལྟ་སྟེ། །རིག་པ་ཆོས་སྐུའི་ངོ་བོ་ཡིན། །དེ་ལས་སྣང་བ་མ་འགགས་པ། །ལོངས་སྐུའི་ངོ་བོ་ཡང་དག་འདོད། །དེ་ལས་རོལ་རྩལ་མ་འགགས་པ། །འཛིན་མེད་སྤྲུལ་སྐུར་འདོད་པའོ། །ཐིག་ལེ་ཡོད་མེད་ཡུམ་མཁའ་ལ། །ཡེ་ཤེས་སྣང་བ་མ་འགགས་གསལ། །སྣང་དག་ཡེ་ཤེས་འོད་ཟེར་འཕྲོ། །སེམས་བྲལ་རིག་སྟོང་མཐའ་བྲལ་ལ། །སྣ་ཚོགས་སྣང་བ་དུས་གཅིག་རྫོགས། །རང་གྲོལ་རང་སངས་ཆེན་པོ་ལ། །ས་ལམ་སྦྱང་བསྒྲོད་ཡེ་ནས་རྫོགས། །རྟོག་པ་མེད་པས་ཉོན་མོངས་སངས། །འཛིན་པ་མེད་པ་ཡེ་ཤེས་སངས། །ཞེན་པ་མེད་པ་གཉིས་འཛིན་སངས། །ཆགས་པ་མེད་པས་གྲུབ་མཐའ་སངས། །རྩོལ་བ་མེད་པ་མིང་ཚིག་སངས། །འགགས་པ་མེད་པས་འབྲས་བུ་སངས། །སྐུ་གསུམ་སངས་ལུགས་འདི་ལྟར་རོ། །རྟོག་པ་མེད་པ་ཡུམ་མཁའ་ལ། །འོད་ལྔ་གསལ་བའི་རྡོ་རྗེར་རྒྱས། །བྱ་བྱེད་བྲལ་བའི་མཁའ་དབྱིངས་ལས། །སྣང་གསལ་གཡོ་མེད་ཐིག་ལེ་རྒྱས། །ཡུལ་མེད་རྐྱེན་བྲལ་བྷ་ག་ལ། འཛིན་མེད་འོད་ཀྱི་བདེ་བ་རྒྱས། །རིག་པ་ཡེ་ཤེས་པདྨ་རྒྱས། །འོད་ལྡན་ཚོམ་བུའི་དགའ་བཞི་རྒྱས། །སྐུ་གསུམ་རྒྱས་ལུགས་འདི་ལྟར་རོ། རྟོག་མེད་ཆོས་སྐུའི་ངོ་བོ་ཡིན། །རང་གསལ་ལོངས་སྐུའི་ངོ་བོ་ཡིན། །ཅིར་འཆར་སྤྲུལ་སྐུའི་ངོ་བོ་ཡིན། །འཁོར་འདས་སྐུ་གསུམ་ངོ་བོ་ཡིན། །མ་རྫོགས་པ་ནི་གཅིག་ཀྱང་མེད། །ཆོས་སྐུ་ངོ་བོ་སྟོང་པའི་སྒྲོན། །ལོངས་སྐུ་ལྔ་ལྡན་གསལ་བའི་སྒྲོན། །སྤྲུལ་སྐུ་འགག་མེད་འབྱེད་པའི་སྒྲོན། །ཙིཏྟ་འབར་བ་གནས་འབྱེད་སྒྲོན། །ཀ་ཏི་ཤེལ་སྦུབ་རྒྱུ་ལམ་སྒྲོན། །རྒྱང་ཞག་སྒོ་ནི་གསལ་བའི་སྒྲོན། །རྐྱེན་བྲལ་ཡུལ་ནི་གཞིའི་སྒྲོན། །སྐུ་གསུམ་ལྷུན་གྲུབ་འདུས་པའི་སྒྲོན། །གཞི་སྣང་ཀ་དག་མཐའ་ཟད་སྒྲོན། །སྒྲོན་མའི་གཏིང་མཐའ་རྟོག་པ་མེད། །གཞིའི་སྒྲོན་མ་ཡུམ་གྱི་མཁའ། །ལམ་གྱིས་སྒྲོན་མ་སྣང་བའི་དབྱིངས། །འབྲས་བུའི་སྒྲོན་མ་སྐུ་གསུམ་རྫོགས། །ཀུན་ཀྱིས་སྒྲོན་མ་ཐིག་ལེ་གཅིག །ཆོས་སྐུའི་རིག་པ་སྤྱན་གྱིས་གཟིགས། །ལོངས་སྐུའི་ས་ལ་སྤྱན་གྱིས་གཟིགས། །སྤྲུལ་སྐུའི་མ་ངེས་སྤྱན་གྱིས་གཟིགས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྐུ་གསུམ་དབྱེར་མེད་དུ་བསྟན་པའི་ལེའུ་སྟེ་བཅུ་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས། །ཀྱཻ་སྟོན་པ་ཡུམ་ཆེན་མོ། །སྐུ་གསུམ་གནས་ལུགས་དེ་ལྟར་ན། །སྐུ་ལྔར་གནས་ལུགས་གསུང་དུ་གསོལ། །ཞེས་ཞུས་པ་དང་། སྟོན་པས་ལན་དུ་བཀའ་སྩལ་པ། །ཀྱཻ་འདུས་པའི་འཁོར་རྣམས་ཉོན། །སྐུ་ལྔ་དག་ཏུ་སྣང་བ་ནི། །ཀུན་ཁྱབ་སྤྲོས་བྲལ་ཆོས་ཀྱི་སྐུ། །རང་གསལ་མ་འདྲེས་ལོངས་སྤྱོད་རྫོགས། །རོལ་རྩལ་འགག་མེད་སྤྲུལ་པའི་སྐུ། །དེ་ལས་མི་འགྱུར་གཡུང་དྲུང་སྐུ། །ཡེ་རྫོགས་མངོན་པར་བྱང་ཆུབ་སྐུ། །དེ་ནི་རིགས་ལྔའི་སྣང་བ་སྟེ། །དེ་བཞིན་གཤེགས་པ་ཞེས་པ་ནི། །རིག་པ་སྤྲོས་བྲལ་ཉིད་དུའོ། །དེ་ལ་སྐྱེ་དང་འཆི་བ་མེད ། །རྡོ་རྗེའི་རིགས་སུ་བཤད་པའོ། །སྣ་ཚོགས་རོལ་བ་འབྱུང་བའི་ཕྱིར། །རིན་ཆེན་རིགས་སུ་ངས་བཤད་དོ། །དེ་ལ་འཁོར་བའི་སྐྱོན་མ་གོས། །པད་མའི་རིགས་སུ་བཤད་པ་ཡིན། །དེ་ལས་བྱ་བ་ཀུན་རྫོགས་པའི། །ལས་ཀྱི་རིགས་སུ་བཤད་པའོ། །རིག་པ་སྐུ་ལྔ་ལྟར་ཤར་བས། །ཕྱི་རོལ་རྣམ་པ་ཐམས་ཅད་ལ། །རོལ་པ་སྣ་ཚོགས་མཛད་པ་སྟེ། །རྣམ་པར་སྣང་མཛད་ཞེས་པའོ། །རིག་པ་སྐྱེ་མེད་རྡོ་རྗེ་ལ། །ཡུལ་ཀུན་སེམས་པར་བྱེད་པས་ན། །རྡོ་རྗེ་སེམས་དཔའ་ཞེས་བཤད་དོ། །རིག་པ་ཉིད་ལ་ཚོགས་དྲུག་གི །དགོས་འདོད་ཐམས་ཅད་རང་འབྱུང་བས། །རིན་ཆེན་འབྱུང་ལྡན་ཞེས་སུ་བཤད། །རིག་པའི་སྣང་བ་གཏིང་དཔག་དཀའ། །མུ་མཐའ་ཕྱོག་བཅུར་ཡངས་བས་ན། །སྣང་བ་མཐའ་ཡས་ཞེས་སུ་གྲགས། །སྣང་བ་ཀུན་ལ་ངེས་བརྟགས་པས། །འཛིན་མེད་སྐུ་གསུམ་ལྷུན་གྲུབ་པས། །དོན་ཡོད་གྲུབ་པ་ཞེས་བཤད་དོ། །དེ་ལྟར་སྐུ་ལྔའི་དགོངས་པ་ལ། །དུས་གསུམ་མ་ཡེངས་སྤྱོད་པས་ན། །ཉོན་མོངས་རྟོག་ཚོགས་ཐམས་ཅད་ཀྱང་། །སྦྲུལ་མདུད་བཞིན་དུ་རང་སར་གྲོལ། ཚིག་ལ་ཞེན་པ་ཨ་འཐས་ཆད། །དོན་ལ་སྤྱོད་ན་རང་རིག་མཐོང་། །ཀུན་བཟང་བྷ་གས་རྒྱ་ཡིས་ཐེབས། །རིག་པའི་ཡེ་ཤེས་སྲང་ལ་འཇལ། །འཁོར་བའི་རྒྱ་མཚོ་ཧུབ་ཀྱི་བཏབ། །ཉོན་མོངས་ཀུན་ལས་རྒྱལ་བར་འགྱུར། །ནམ་མཁའ་ཁྱབ་ཚད་རིག་པས་ཁྱབ། །ལུས་ཀྱི་ཁྱབ་ཚད་ཐམས་ཅད་ལ། །ཕུང་པོ་ལྔ་ནི་རིགས་ལྔ་དངོས། །ཁམས་ལྔ་ཡུམ་ལྔ་ཉིད་དུ་གནས། །སྟོང་གསལ་རིག་པའི་ཡེ་ཤེས་སྐུ། །ཐབས་ཤེས་ཟུང་འཇུག་དངོས་སུ་སྣང་། །སྣང་སེམས་ཀུན་བཟང་ཡབ་ཡུམ་ཡིན། །སྤྱི་བོར་རྡོ་རྗེ་སེམས་དཔའ་དང་། །མགྲིན་པར་རིན་ཆེན་འབྱུང་ལྡན་ཏེ། །སྙིང་གར་སྣང་བ་མཐའ་ཡས་ཉིད། །ལྟེ་བར་དོན་ཡོད་གྲུབ་བ་ལ། ཡན་ལག་བཞི་ལ་སྒོ་མ་བཞི། །ཀུན་ཀྱང་ཡབ་ཡུམ་འཁྲིལ་སྦྱོར་ལས། །སྐུ་མདོག་རིགས་ཀྱིས་ཁ་དོག་འཛིན། །སྐུ་ནི་སྣང་ལ་རང་བཞིན་མེད། །སྔགས་ནི་གྲག་སྟོང་བྲག་ཆ་འདྲ། །རྫོགས་རིམ་གསལ་སྟོང་མཐའ་དང་བྲལ། །དེ་ལྟར་རྫོགས་པར་བྱ་བའི་ཕྱིར། །སྐལ་ལྡན་གདུལ་བྱར་གྱུར་པ་ལ། །སྤྲོས་བཅས་བུམ་པ་ཕྱིའི་དབང་། །ཐུན་མོང་ལས་དང་པོ་ལ་བསྐུར། །ལས་ཅན་གཅིག་གཉིས་གསུམ་བཞི་ལ། །གསུམ་པའི་དབང་ཉིད་བསྐུར་བྱ་སྟེ། །དབང་ཁྲིད་སོ་སོར་ཉམས་སྙེད་ནས། སྐལ་ལྡན་སྙིང་དང་མིག་འདྲ་ལ། །ཀུན་ཏུ་སྤྲོས་པ་མེད་པའི་དབང་། །མངོན་སུམ་རང་ཐོག་དབབ་ཅིང་བསྐུར། །ཞིང་ས་གཤིན་པོ་ཡོད་གྱུར་ཀྱང་། །སོ་ནམ་རིམ་པ་མ་བྱས་ལྟར། །འབྲས་བུ་སྨིན་བར་མི་འགྱུར་ལྟར། །སེམས་ལ་ཆོས་ཉིད་གནས་གྱུར་ཀྱང་། །དབང་གིས་སྨིན་པར་མ་བྱས་ན། །རྣལ་འབྱོར་དངོས་གྲུབ་ག་ལ་ཐོབ། །དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་དང་། །ཕྱི་མ་མངོན་པར་རྫོགས་སངས་རྒྱས། །སྤྲོས་བྲལ་གསང་བ་ལ་བཟླ་བའི། །རིག་པའི་རྩལ་གྱི་དབང་མཆོག་བསྐུར། །སྤྲོས་བཅས་དབང་རྣམས་རྫོགས་བྱས་ནས། །ཁྱད་པར་རིག་པའི་དབང་ལྔ་བསྐུར། །དེ་ནས་མངོན་སུམ་རང་ཐོག་དབབ། །ལྷུན་གྲུབ་རིག་པའི་རྩལ་དབང་བསྐུར། །རྐྱེན་བྲལ་དངས་མཐོ་དབེན་པ་རུ། །ཟེར་གཉིས་དུས་སུ་མཆོད་པ་བཤམ། །གསོལ་བ་མཆི་མ་བྱུང་བྱུང་བཏབ། །གན་རྐྱལ་ཟིམ་བུས་སུཪྱ་ལྟ། །ཐིག་ལེ་ལུག་རྒྱུད་འཇའ་ཚོན་འབྱུང་། །ཡང་ན་ཙོག་པུས་འདུག་སྟངས་གཟིར། །ཕབ་བཟློག་ཟུར་ལ་གནས་པས་འབྱུང་། །དེ་ནི་ཀུན་བཟང་རིགས་ལྔའི་དབང་། །དེ་ལས་འབྲལ་བར་མི་བྱའོ། །ལྷག་མེད་ཀུན་བཟང་ཉིད་དུ་འགྱུར། །ཨེ་མ་ང་ནི་ཀུན་གྱི་ཡུམ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྷ་གའི་དབྱིངས་ནས་རང་བྱུང་ཏེ། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཉིད། །བྷ་ག་གསང་སྔགས་ཀུན་གྱི་གནས། །བདེ་ཆེན་ཡེ་ཤེས་འབྱུང་བ་ཡིན། །འདི་ཉིད་མ་བརྟེན་ཐབས་གཞན་མེད། །ཐབས་ཀྱི་རྒྱུད་ཀྱི་གྲོལ་བ་ཡིན། །བདེ་ཆེན་འདི་བརྟེན་མྱང་འདས་ཐོབ། །ཡང་དག་སངས་རྒྱས་འདི་ལས་བྱུང་། །བུད་མེད་བརྙས་ཤིང་མཁའ་ལ་གཤེ། །བདེ་དང་བྲལ་ན་ན་རཀ་སྤྱོད། །ཐབས་ཀྱི་ཚུལ་གྱི་བྷ་ག་མཆོད། །ཚོགས་མེད་ཡང་དག་འགྲུབ་མི་འགྱུར། །དང་པོ་ལྷའི་རྣལ་འབྱོར་དང་། །གཉིས་པ་ཌཀིའི་རྣལ་འབྱོར་དང་། །གསུམ་པ་རྫོགས་རིམ་རྣལ་འབྱོར་དང་། །བཞི་པ་ལས་མཐའི་རྣལ་འབྱོར་གྱིས། །གཟུགས་སྐུ་གཉིས་ཀྱི་རྩལ་རྫོགས་བྱ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྐུ་ལྔའི་གནས་ལུགས་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་གསོལ་པ། ཀྱཻ་ཡུམ་ཆེན་ཀུན་ཏུ་བཟང་། །དེ་ལྟར་སྐུ་ལྔ་དེ་རྣམས་ལ། །ཡེ་ཤེས་ཅི་ལྟར་སྣང་བ་ལགས། །ཞུས་པས། ཡང་བཀའ་སྩལ་པ་འདིའོ། །ཀྱེ་ཧོ་རིག་མདངས་འཁོར་རྣམས་ཉོན། །ཆོས་ཉིད་ཤེས་རབ་རང་གསལ་བས། །དེ་ལས་ཆོས་ཀུན་རང་ཤར་བས། །དེ་དོན་རང་བྱུང་ཡེ་ཤེས་ནི། །ཡེ་ཤེས་དབྱེ་བ་ཉེར་ལྔ་སྟེ། །བསྡུས་ན་རྣམ་པ་ལྔར་འདུས་སོ། །ཆོས་དབྱིངས་ཡེ་ཤེས་ཀུན་ཁྱབ་ཡངས། །མེ་ལོང་ཡེ་ཤེས་གཡོ་མེད་མདངས། །མཉམ་ཉིད་ཡེ་ཤེས་མ་འདྲེས་གསལ། །སོར་རྟོག་ཡེ་ཤེས་བདེ་སྟོང་བརྡལ། །བྱ་གྲུབ་ཡེ་ཤེས་ཆོས་རྣམས་རྫོགས། །དེ་ལྟར་རྣམ་པ་ལྔར་འདུས་སོ། །ཡེ་ཤེས་དེའི་བཤད་ལུགས་ནི། །རྟོགས་པ་མངོན་འགྱུར་སངས་རྒྱས་དང་། །རང་བཞིན་ལྷུན་གྲུབ་སངས་རྒྱས་སོཧ྅྅྅། །ཡེ་ནས་རང་བཞིན་ལྷུན་གྲུབ་སྟེ། །བླ་མ་དམ་པའི་བཀའ་དྲིན་གྱིས། །ཤེས་པ་རྟོགས་པ་མངོན་འགྱུར་ཡིན། །ཡེ་ཤེས་མ་ངེས་དེ་བཞིན་དེ། །ཚིག་དང་དོན་དང་མཐུན་སྦྱར་ནས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཡུམ་གྱི་མཁའ་ཉིད་ལ། །གསལ་བ་ཡབ་ཀྱི་གསང་བ་ཤར། །རིག་པ་གཉིས་མེད་ཐིག་ལེ་འཁྱིལ། །དེ་གསུམ་འཛོམ་པས་དབྱིངས་ཞེས་ཟེར། །དེ་ཡང་རྣམ་པ་གཉིས་སུ་བཤད། །དག་པ་ཡེ་ཤེས་དབྱིངས་ཉིད་དང་། །མ་དག་སེམས་ཅན་དབྱིངས་གཉིས་སོ། །དག་པ་ཡེ་ཤེས་དབྱིངས་ཆེན་ནི། །སྟོང་གསལ་རིག་པ་འདུ་འབྲལ་མེད། །འགྱུར་མེད་བྷ་ག་ཡངས་བའོ། །མ་དག་སེམས་ཅན་དབྱིངས་ཉིད་ནི། །སྟོང་པ་རིག་མེད་འདུས་མ་བྱས། །དེ་ལས་ས་རྡོའི་སྣང་བ་འབྱུང་། །སེམས་ཅན་རྣམས་ཀྱི་ཡུལ་ཡིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་གཡའ་དག་ལ། །གང་སྣང་ཡུལ་དེ་སྣང་བ་བཞིན། །དེ་བཞིན་རིག་དབྱིངས་མཁའ་དེ་ལ། །ཉོན་མོངས་རྐྱེན་དེ་སྣང་བར་འགྱུར། །དེ་ལས་གྲོལ་བའི་རིག་པ་ནི། །བླ་མའི་ངག་ལས་ཤེས་པར་བྱ། །དེ་ལ་མཚན་མའི་གྲོལ་ལུགས་ནི། །སྣ་ཚོགས་སྣང་བ་ཤེས་རིག་ཡུལ། །བློ་ལ་སྣང་བའི་ཐེ་ཚོམ་རྣམས། །རིག་པའི་ངང་དུ་རྫོགས་པའོ། །བློ་དང་དངོས་པོའི་ཆོས་རྣམས་ཀུན། །རིག་པའི་ངང་དུ་རྫོགས་པའོ། །དེའི་ངེས་ཚིག་འདི་ལྟ་སྟེ། །ཀུན་གྱི་འཆར་གཞིར་གྱུར་པས་ན། །མེ་ལོང་ཡེ་ཤེས་ཞེས་པའོ། །འཁོར་དང་འདས་པས་གཉིས་མེད་མཉམ། །བདེ་དང་སྟོང་པ་གཉིས་མེད་མཉམ། །སྣང་དང་སྟོང་པ་གཉིས་མེད་མཉམ། །གང་གི་ཕྱོགས་སུ་མ་ལྷུང་བས། །མཉམ་ཉིད་ཡེ་ཤེས་དེ་ལྟར་རོ། །སོ་སོར་དབང་པོ་ཉེར་གཅིག་ལ། །གང་འཚམ་ཉམས་ལེན་དྲོད་རྟགས་ཏེ། །འབྲས་བུའི་གྲོལ་ས་རེ་རེ་ཏེ། །མ་འདྲེས་སོ་སོར་རྟོགས་པས་ན། །སོར་རྟོག་ཡེ་ཤེས་དེ་བཞིན་ནོ། །བྱ་གྲུབ་ཡེ་ཤེས་ཞེས་པ་ནི། །ཅིར་སྣང་དབྱིངས་རིག་མཁའ་རུ་རྫོགས། །དབྱེར་མེད་ངང་དུ་བྱ་བ་རྫོགས། །རྟོག་མེད་ངང་དུ་མཁྱེན་པ་རྫོགས། །དམིགས་མེད་ངང་ནས་ཚིག་ཀུན་རྫོགས། །འབད་མེད་ངང་ནས་རྩལ་དབང་རྫོགས། །ཆོས་སྐུའི་ཀློང་ན་གཟུགས་སྐུ་རྫོགས། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྟར་ཡེ་ཤེས་ཆེན་པོ་སྟེ། །རྟོགས་ན་ཡང་དག་དབྱིངས་སུ་གྲོལ། །མ་རྟོགས་རང་གིས་རང་སྒྲིབ་པས། །ཚིག་རེ་དོན་རེ་བཀྲོལ་ཞིང་བཤད། །དེ་ཕྱིར་ཚིག་དང་དོན་སྒྲིལ་ནས། །ཚིག་གི་དོན་ཆེན་བཀྲོལ་ནས་བཤད། །དེ་ནས་དོན་ཚིག་སྒྲིལ་ཅིང་བརྟག །ཚིག་དང་ཡི་གེ་སྤྱོད་ཡུལ་ཀུན། །ཡང་དག་དོན་ལ་མེད་མོད་ཀྱང་། །བློའི་མདུད་པ་བཅད་པའི་ཕྱིར། །ཚིག་ལ་དྲིས་ཤེས་དོན་ལ་བྷཻཾ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡེ་ཤེས་ལྔ་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་བསྐུལ་བས། །ཀྱཻ་ཡུམ་ཆེན་ཀུན་ཏུ་བཟང་། །ཡེ་ཤེས་ཉི་ཤུ་རྩ་ལྔ་པོ། །དོན་སྦྱོར་བརྡའ་དེ་བསྟན་དུ་གསོལ། །ཞེས་པས། སྟོན་པས་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་རིག་མདངས་འཁོར་རྣམས་ཉོན། །ཡེ་ཤེས་ཉི་ཤུ་རྩ་ལྔའི། །དགོངས་པ་བཤད་ན་འདི་ལྟ་སྟེ། །དང་པོ་ཆོས་དབྱིངས་ཡེ་ཤེས་ལ། །རྣམ་པ་ལྔ་རུ་ངེས་པ་སྟེ། །དབང་པོ་ཞེན་པ་བཟློག་པའི་ཕྱིར། །ཀརྨ་རག་ཤ་གྷིར་ཧི་ཏེ། །དབྱིངས་ཀྱི་ཡེ་ཤེས་ཆེན་པོ་ཟེར། །དེ་མཐོང་སྐད་ཅིག་སྐུ་གསུམ་ཐོབ། །ཕུང་པོ་ཞེན་པ་བཟློག་པའི་ཕྱིར། །བྷེ་ག་རད་ན་སོ་གད་གླིང་། །ཆོས་དབྱིངས་འཁྱིལ་བའི་ཡེ་ཤེས་ཟེར། །དེ་མཐོང་སྐད་ཅིག་མྱ་ངན་འདས། །ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར། །པུཤྚ་རི་ལ་བྷ་དུ་ཏྲི། །རྣམ་པ་དབྱིངས་ཀྱི་ཡེ་ཤེས་ཟེར། །དེ་མཐོང་བར་དོར་རང་ངོ་ཤེས། །སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར། །རམ་པ་ག་ལ་ས་མི་ཁྱེ། །དབྱིངས་ཆེན་བདལ་བའི་ཡེ་ཤེས་ཟེར། །དེ་མཐོང་དགེ་སྡིག་དྲི་མ་དག །བྱུང་ཚོར་གནས་སུ་བཅད་པའི་ཕྱིར། །ཕ་ར་ཕ་ར་ས་མི་ཏ། །འཁོར་འདས་དབྱིངས་ཆེན་ཡེ་ཤེས་ཟེར། །དེ་མཐོང་སྐུ་གསུམ་རང་ཚུགས་ཟིན། །དེ་ནི་གོ་དང་མ་གོ་བས། །འཁོར་དང་འདས་པ་གཉིས་སུ་སྲིད། །བླ་མའི་དྲིན་གྱིས་རྟོགས་པར་གྱིས། །མེ་ལོང་ཡེ་ཤེས་ལ་ཡང་ལྔ། །འདུས་ཚོགས་སྣང་བ་དངོས་བཟུང་ཕྱིར། །ཐ་ཀྴ་རཀྴ་ས་མིག་རླུང་། །མེ་ལོང་གསལ་དངས་ཡེ་ཤེས་ཟེར། །དེ་མཐོང་དང་པོའི་བདེན་པ་ལོན། །རིག་པ་བཙོན་རར་ཞུགས་པའི་ཕྱིར། །ཨེ་ཀ་རེ་ན་བྷེ་ཙཀྴ། །མེ་ལོང་ཀུན་འཆར་ཡེ་ཤེས་ཟེར། །དེ་ནི་ལུག་རྒྱུད་ཨར་ལ་གནོན། །འཁྲུལ་པ་རང་རྒྱུད་ཁུང་བཅད་ཕྱིར། །ཡ་རི་མུ་ཏྲ་ས་གྷུ་ལི། །རྟོག་མེད་ཀུན་གསལ་ཡེ་ཤེས་ཟེར། །དེ་ནི་ཤེས་རབ་རང་བྱུང་རྫོགས། །རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར། །ཡ་སིང་རམ་པ་ས་མ་ཡ། །རྟོག་མེད་གསལ་བའི་ཡེ་ཤེས་ཟེར། །དེས་ནི་རིགས་དྲུག་རུ་ཤན་འབྱེད། ། འཁོར་བ་དོང་ནས་འདོན་པའི་ཕྱིར། །མ་མ་ཀི་ལི་ས་མིན་ཏ། །གསལ་ལ་འཛིན་མེད་ཡེ་ཤེས་ཟེར། །ཆོས་ཟད་བློ་ཟད་འདིས་འགྲུབ་བོ། །དེ་དོན་དྲིས་དང་མ་དྲིས་པས། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ཡུན་དུ་བསྲིང་ལ་གོམས་པར་མཛོད། །མཉམ་ཉིད་ཡེ་ཤེས་ལ་ཡང་ལྔ། །ཆོས་ཅན་མཐུན་དུ་ཞུགས་པའི་ཕྱིར། །གྷ་རི་ཡཾ་པ་རོ་མ་ཏི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཟེར། །ཞི་གནས་ཆེན་པོ་ཅི་སྙེད་དོ། །རིག་པའི་ཡུལ་ཁུང་སྤུར་བའི་ཕྱིར། །བྷུ་གྷ་སིང་ཧ་ཕ་ག་ལ། །མ་འགག་ལྷུན་མཉམ་ཡེ་ཤེས་ཟེར། །ལྷག་མཐོང་རིག་ངར་འདིས་ཐོགས་སོཧ྅྅྅། །ཞེན་པ་འཕྲེང་ཐག་བཅད་པའི་ཕྱིར། །ས་མི་ཏི་སི་ཁེ་ཏ་པ། །མི་གཡོ་མཉམ་ཉིད་ཡེ་ཤེས་ཟེར། །བྱ་བ་དགུ་པོ་འདིས་ཐོངས་སོ། །ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར། །ཙི་ཁུཾ་མ་ལ་པ་ཏཾ་ནི། །མཉམ་ཉིད་ཆེན་པོའི་ཡེ་ཤེས་ཟེར། །སྒྲོན་བཞི་དུས་གཅིག་འདིས་འདྲེས་སོ། །ལྷའི་ཕྱག་རྒྱའི་ལྟ་བའི་ཕྱིར། །ས་མ་ཉི་མེ་དྷ་ར་པ། །ཅི་ལ་མི་གནས་ཡེ་ཤེས་ཟེར། །འདི་ཡིས་འཁོར་བ་དོང་སྤྲུགས་སོ། །འདི་དོན་རིག་དང་མ་རིག་པས། །སྣང་དང་སྟོང་པ་གཉིས་སུ་ཕྱེ། །འདི་ལ་རིག་ཅིང་རྟོགས་པར་མཛོད། །སོར་རྟོག་ཡེ་ཤེས་ལ་ཡང་ལྔ། །ལྟ་བྷཻཾ་ལོག་པར་དག་བྱའི་ཕྱིར། །བཛྲ་སཏྭ་ཏྲི་ཏྭོ་མེ། །སོ་སོར་རྟོགས་པའི་ཡེ་ཤེས་ཟེར། །རྟག་ཆད་དྲི་མ་འདིས་དག་གོ། །ས་ལམ་དུས་གཅིག་བཅད་པའི་ཕྱིར། །བྷེ་ས་སུ་གྷུར་རྣར་མ་ཡེ། །དོན་རྣམས་འབྱེད་པའི་ཡེ་ཤེས་ཟེར། །ཇི་ལྟ་ཇི་སྙེད་འདིས་རྟོགས་སོ། །ཡིད་དཔྱོད་ལྟ་བ་ཁུང་བཅད་ཕྱིར། །དྷརྨ་པ་ཏི་ས་གྷུ་ལི། །རྟོག་པ་སྐད་ཅིག་ཡེ་ཤེས་ཟེར། །སྣང་བཞི་རིམ་གཅིག་འདིས་བསྒྲོད་དོ། །སྐུ་གསུམ་ལམ་དུ་སློང་བའི་ཕྱིར། །པ་ར་མ་ས་ཁ་རྒད་རྩེ། །རྟོགས་པའི་ཡེ་ཤེས་ཆེན་པོ་ཟེར། །ས་ལམ་དུས་གཅིག་འདིས་བསྒྲོད་དོ། །སྣང་བ་དངོས་སུ་བླང་བའི་ཕྱིར། །རུ་པ་ས་མི་མི་ཏ་ལང་། །གོ་བ་ཆེན་པོའི་ཡེ་ཤེས་ཟེར། །གཞན་དོན་འབད་མེད་འདིས་བྱེད་དོ། །འདི་དོན་ཡིན་མིན་མ་ཕྱེས་བས། །ཅི་ཙམ་ངལ་བ་དོན་མེད་ཡིན། །དེ་ཕྱིར་བླ་མའི་ངག་ལ་དྲིས། །བྱ་གྲུབ་ཡེ་ཤེས་ལ་ཡང་ལྔ། །སྒྲའི་ཞེན་པ་མཐའ་བཅད་ཕྱིར། །ང་ཏི་པ་ལ་ཡོ་གི་ས། །བྱ་བ་གྲུབ་པའི་ཡེ་ཤེས་ཟེར། །སྣང་མཉམ་ཡེ་ཤེས་འཕེལ་བར་བྱེད། །བསམ་གཏན་ཆེན་པོའི་ས་གནོན་ཕྱིར། །ག་ཙ་པ་ལ་ཨ་ཏཾ་ས། །བྱ་བ་བྱེད་པའི་ཡེ་ཤེས་ཟེར། །དྲོད་རྟགས་ཐམས་ཅད་འདི་ཡིས་འབྱིན། །འཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །ཀརྨ་ཨེ་ཀ་ཨ་ནུས་ས། །བྱ་བ་མི་གནས་ཡེ་ཤེས་ཟེར། །མངོན་པར་རྫོགས་སངས་འདི་ཡིས་རྒྱས། །སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར། །སང་ཀྲི་མ་མ་ཀརྨ་ཏ། །བྱ་བ་བཏང་བའི་ཡེ་ཤེས་ཟེར། །སྐུ་གསུམ་ཐིག་ལེ་འདིས་དྲིལ་ལོ། །རྒྱལ་སྲས་རྣམས་ཀྱི་ས་ནོན་ཕྱིར། །ང་ལ་ངེས་པ་ཀི་ལི་པ། །སྒྲ་འོད་དག་ཆོད་ཡེ་ཤེས་ཟེར། །འབད་མེད་འགྲོ་དོན་འདིས་བྱེད་དོ། །འདི་དོན་སྣོད་དང་མི་ལྡན་ནོ། །ཅི་ཙམ་འབད་ཀྱང་ངལ་བ་ཡིན། །བླ་མའི་དྲིན་གྱིས་རྟོགས་པར་མཛོད། །ཨེ་མ་རང་ལུས་འདི་ཉིད་ནི། །རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཞུགས། །འབྱུང་བའི་དངས་མ་ལས་གྲུབ་པའི། །ལུས་འདི་བདེར་གཤེགས་ཕོ་བྲང་ཉིད། །རིགས་ལྔ་ཡབ་ཡུམ་ལྔའི་གནས། །ཕུང་ཁམས་སྐྱེ་མཆེད་ལྷའི་སྐུ། །སྐྱེ་མེད་ཡུམ་གྱི་བྷ་ག་ལ། །འགག་མེད་རོལ་པའི་རྡོ་རྗེར་བསྐྱེད། །སྤྱི་བོ་བདེ་ཆེན་རྩ་འཁོར་ན། །རྡོ་རྗེ་དྷ་ཀི་ཡབ་ཡུམ་བཞུགས། །མེ་ལོང་ལྔ་པོ་དེ་ལྟར་དག །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །རཏྣ་དྷ་ཀི་ཡབ་ཡུམ་བཞུགས། །མཉམ་ཉིད་ལྔ་པོ་དེ་ལྟར་དག །སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །སངས་རྒྱས་དྷ་ཀི་ཡབ་ཡུམ་བཞུགས། །ཆོས་དབྱིངས་ལྔ་པོ་དེ་ལྟར་དག །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །པདྨ་དྷ་ཀི་ཡབ་ཡུམ་བཞུགས། །སོར་རྟོགས་ལྔ་པོ་དེ་ལྟར་དག །གསང་གནས་བདེ་བྱེད་འཁོར་ལོ་ན། །ལས་ཀྱི་དྷ་ཀི་ཡབ་ཡུམ་བཞུགས། །བྱ་གྲུབ་ལྔ་པོ་རང་སར་དག །ཕུང་པོ་ཐབས་མཆོག་དཔའ་བོ་ལ། །ཁམས་རྣམས་ཤེས་རབ་དཔའ་མོ་ཡིན། །བ་སྤུ་བུ་ག་ཐམས་ཅད་ཀྱང་། །ཏིལ་ལ་མར་གྱིས་ཁྱབ་པ་ལྟར། །ལྷ་དང་ལྷ་མོའི་རང་བཞིན་ཡིན། འབྱུང་བཞིའི་དཀྱིལ་འཁོར་སངས་རྒྱས་ཞིང་། །འཁོར་ལོ་ལྔ་པོ་རིགས་ལྔ་གནས། །ཕུང་པོ་ཁམས་ནི་ལྷ་ཚོགས་ཉིད། །སེམས་ནི་ཡེ་ཤེས་ཆེན་པོ་ཉིད། །རིག་པ་སྤྲོས་བྲལ་ཨ་ལ་ལ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡེ་ཤེས་ཉི་ཤུ་རྩ་ལྔའི་དགོངས་པའི་བཤད་པའི་ལེའུ་སྟེ་བཅུ་གསུམ་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་བསྐུལ་བ། ཀྱཻ་ཡུམ་ཆེན་ཀུན་བཟང་མཆོག །འོད་ལྔའི་སྣང་བ་ཅི་ལྟར་ལགས། །ཞེས་པ་དང་། སྟོན་པས་འདི་སྐད་དུ་བཀའ་སྩལ་པ། ཀྱེ་མ་འདུས་པའི་འཁོར་རྣམས་ཉོན། །འོད་ལ་དབྱེ་ན་བསམ་ལས་འདས། །དེ་ཡང་མདོ་རུ་བསྡུས་པ་ན། །དག་པ་ཡེ་ཤེས་ཀྱི་འོད་དང་ནི། །མ་དག་བ་འཁྲུལ་པའི་འོད་གཉིས་སོ། །དེ་ཡང་མ་དག་འོད་ལ་དྲུག །དཀར་སེར་དམར་ལྗང་ནག་དང་མཐིང་། །ཨ་འཐས་འཁྲུལ་པར་སྣང་བ་ཡིན། །རྟོགས་པ་ལྡན་པའི་གང་ཟག་ལ། །འོད་ལྔ་སྐུ་ལྔ་ལྷུན་གྱིས་གྲུབ། །མ་རྟོགས་སྐྱེ་བོ་ཐ་མལ་པས། །མི་ལ་དཔེའི་མཚོན་དུ་ཡོད། །ལྷ་རྣམས་ལ་ནི་ལྟ་རུ་ཡོད། །ལྷ་མིན་ལ་ནི་ཕྲ་བར་མངོན། །བྱོལ་སོང་རང་གནས་ཙམ་དུ་སྟེ། །ཡིད་བཏག་རྣམས་ལ་འཕྲིག་པར་མངོན། །དམྱལ་བ་རྣམས་ལ་ཏིལ་འབྲུ་ཙམ། །མ་དག་པ་ལ་སྣང་ལུགས་སོ། །རྟོགས་པར་ལྡན་པའི་སྣང་ལུགས་ནི། །བར་མ་དོ་ལ་སྣང་ལུགས་དང་། །འཁྲུལ་སྣང་འོད་ལ་སྣང་ལུགས་སོ། །དང་པོ་སྣང་བ་འདི་སྣང་ནི། །ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ཏེ། །གནས་ནི་ཙིཏྟའི་སྤུབ་ན་གནས། །ལམ་ནི་རྒྱ་མཚོའི་ནང་ལས་བྱུང་། །ཡུལ་ནི་ནམ་མཁའ་སྟོང་པ་ལ། ལུས་ནི་སྐུ་དང་ཡེ་ཤེས་ཏེ། །སྤྱན་ནི་ཤེས་རབ་སྒྲོན་མའོ། །སྙིང་པོ་ཀུན་གསལ་མེ་ཏོག་སྟེ། །དཔེར་མཚོན་མན་ཤེལ་དྲི་མེད་སྐུ། །དུས་ནི་ཆོས་ཉིད་བར་དོ་སྟེ། །རྐྱེན་ནི་ཉི་ཞུར་འཕྲད་དང་མཚུངས། །རིན་ཆེན་སྤུབས་སུ་ངོ་ཤེས་གྲོལ། །བར་མ་དོ་ཡིས་གྲོལ་ལུགས་ནི། །ཉི་ཤུ་རྩ་གཅིག་གསུང་བས་ཏེ། །དབང་པོ་རབ་འབྲིང་ཐ་མ་ལ། །རེ་རེ་ལ་ཡང་བདུན་བདུན་ནོ། །དག་པ་ཆོས་ཉིད་སྣང་བ་ནི། །ཡེ་ཤེས་རྐྱེན་བྲལ་ནམ་མཁའ་ལ། །འོད་ལྔ་དྲི་མེད་ལྷག་གིས་གསལ། །དེ་ཡང་ཚོམ་བུ་ལྔ་ལྔ་དང་། །ཡབ་ཡུམ་ཚུལ་དུ་འཆར་བའོ། །ཁ་དོག་སྦྱར་ན་འདི་ལྟ་སྟེ། །མཐིང་ཀ་རྣམས་ནི་ཆོས་དབྱིངས་ཏེ། །ཡུམ་ནི་ནམ་མཁའི་དབྱིངས་ཕྱུག་མ། །འབྱུང་བ་སྟོང་པ་ནམ་མཁའ་སྟེ། །ཕུང་པོ་གཟུགས་ཀྱིས་ཕུང་པོའོ། །ས་ནི་བྱ་བ་རྫོགས་པའི་ས། །དེ་བཞིན་གཤེགས་པའི་རིགས་ཡིན་ཏེ། །མཁའ་འགྲོ་རྡོ་རྗེ་ཕག་མོའོ། །ཉོན་མོངས་གཏི་མུག་རྣམ་པར་དག །དཀར་པོ་རྡོ་རྗེ་སེམས་དཔའི་སྐུ། །ཡེ་ཤེས་མེ་ལོང་ཡེ་ཤེས་ཏེ། །ཡུམ་ནི་མཱ་མ་ཀི་རུ་འདོད། །འབྱུང་བ་ཆུ་བོ་ཆེན་པོ་སྟེ། །ཕུང་པོ་རྣམ་ཤེས་ཕུང་པོ་ལ། །ས་ནི་བྱ་བ་སྟོང་པའི་ས། །རིགས་ནི་རྡོ་རྗེའི་རིགས་ཡིན་ཏེ། །མཁའ་འགྲོ་རྡོ་རྗེ་མཁའ་འགྲོ་མ། །ཉོན་མོངས་ཞེ་སྡང་རྣམ་པར་དག །སེར་པོ་རིན་ཆེན་འབྱུང་ལྡན་སྐུ། །ཡེ་ཤེས་མཉམ་ཉིད་ཡེ་ཤེས་སོ། །ཡུམ་ནི་སངས་རྒྱས་སྤྱན་མ་སྟེ། །འབྱུང་བ་སྲ་བརྟན་ཆེན་པོའོ། །ཕུང་པོ་འདུ་བྱེད་ཕུང་པོ་སྟེ། །ས་ནི་སྣ་ཚོགས་འབྱུང་བའི་ས། །རིགས་ནི་རིན་ཆེན་རིགས་ཡིན་ཏེ། །མཁའ་འགྲོ་རིན་ཆེན་མཁའ་འགྲོ་མ། །ཉོན་མོངས་ང་རྒྱལ་རང་སར་དག །དམར་པོ་སྣང་བ་མཐའ་ཡས་སྐུ། །ཡེ་ཤེས་སོར་རྟོག་ཡེ་ཤེས་ཡིན། །ཡུམ་ནི་གོས་དཀར་ཡུམ་ཆེན་མོ། །འབྱུང་བ་བསྲེགས་བྱེད་མེ་ཡིན་ནོ། །ཕུང་པོ་འདུ་ཤེས་ཕུང་པོ་སྟེ། །ས་ནི་རྣམ་པར་སྟོན་པའི་ས། །རིགས་ནི་པདྨའི་རིགས་སུ་བཤད། །མཁའ་འགྲོ་པདྨ་མཁའ་འགྲོ་མ། །ཉོན་མོངས་འདོད་ཆགས་རང་སར་དག །ལྗང་ཀུ་དོན་ཡོད་གྲུབ་པའི་སྐུ། །ཡེ་ཤེས་བྱ་གྲུབ་ཡེ་ཤེས་ཡིན། །ཡུམ་ནི་དམ་ཚིག་སྒྲོལ་མར་འདོད། འབྱུང་བ་གཡོ་བྱེད་ལུང་ཡིན་ནོ། །ཕུང་པོ་ཚོར་བའི་ཕུང་པོ་སྟེ། །ས་ནི་བྱ་བ་ཟིན་པའི་ས། །རིགས་ནི་ལས་ཀྱི་རིགས་སུ་བཤད། །མཁའ་འགྲོ་ཀར་མ་མཁའ་འགྲོ་མ། །ཉོན་མོངས་ཕྲག་དོག་རང་སར་དག །དེ་རྣམས་དག་པའི་སྣང་བ་སྟེ། །འོད་དང་སྐུ་དང་ཡེ་ཤེས་དང་། །ཡུམ་དང་ཕུང་པོ་འབྱུང་བ་དང་། །ས་དང་རིག་དང་མ་རིག་དང་། ཉོན་མོངས་དག་ཚུལ་བཤད་པའོ། །དེ་དོན་རྟོགས་པར་བྱེད་པ་ནི། །སངས་རྒྱས་རིགས་ལྔ་ཀུན་འདུས་གཙོ། །རང་རིག་བླ་མ་ཀུན་བཟང་ལ། །ཕྱི་ནང་གསང་བའི་མཆོད་འབུལ་ན། །དེའི་བསོད་ནམས་བརྗོད་མི་ལང་། །དེ་ཕྱིར་མཆོད་ལ་ངོ་སྤྲོད་ལོང་། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། འོད་ལྔ་དང་སྦྱར་ནས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ལོ། །ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །འབྱུང་བ་ལྔ་ཞེས་བྱ་བ་ཡིས། །དོན་དེ་གང་ལགས་གསུང་དུ་གསོལ། །ཞེས་པ་དང་། །སྟོན་པས་ཡང་བཀའ་སྩལ་པ། །ཉོན་ཅིག་རང་མདངས་རིག་པའི་འཁོར། །འབྱུང་བ་ཆེན་པོ་ཀུན་གྱིས་མྱེས། །སྐྱེ་འགྲོ་ཀུན་གྱི་རང་བཞིན་གནས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །འབྱུང་བ་ལྔའི་དབྱིངས་ལས་སྤྱོད། །འབྱུང་བ་མེད་པའི་སྔོན་རོལ་དུ། །སངས་རྒྱས་སེམས་ཅན་མིང་ཡང་མེད། །འབྱུང་བ་ཀུན་བཟང་གཞིའི་མཁའ། །མཁའ་ལས་རླུང་བྱུང་དེ་ལས་ཆུ། །དེ་ལས་ས་བརྟེན་འགྲོ་བ་བརྟེན། །བྷ་ག་ཡངས་ལ་རླུང་འབྱུང་སྟེ། །དབུགས་ལ་རླུང་འབྱུང་དེ་ལ་ཤ །དེ་ལ་སེམས་ཀྱི་གནས་བརྟེན་ནོ། །ཕྱི་འབྱུང་ནམ་མཁའ་ཡངས་པ་ལ། །བསྐྱེད་པ་རླུང་སྟེ་སྲ་བ་ས། །སྡུད་པ་ཆུ་སྟེ་བསྲེགས་པ་མེ། །འབྱུང་བའི་རྒྱུན་ནི་ས་ཡིན་ཏེ། །འབྱུང་བ་ཤེས་རབ་མ་ཡིན་ལ། །འབྱུང་བ་སྤྲུལ་བ་རླུང་ཡང་ཡིན། །འབྱུང་བའི་བདག་པོ་ཆུ་ཡིན་ཏེ། །འབྱུང་བའི་གཞི་ལ་ནམ་མཁའ་འོ། །མ་བྱས་རང་བྱུང་ས་ཡིན་ཏེ། །དངོས་ཎ་ཀུན་གྱི་རླུང་ཡང་ཡིན། །རྩུབ་རྐྱེན་དོན་ནུས་མེ་ཡིན་ཏེ། །སྡུད་པར་ནུས་བ་ཆུ་ཞེས་ཟེར། །ཀུན་འབྱུང་ཕྱིར་ན་མཁའ་ཞེས་བརྗོད། །དོན་ལ་རིག་ཐོག་སྦྱར་བ་ན། །རིག་པ་བཟང་ངན་གཡོ་མེད་པས། །འབྱུང་བ་ས་ཡང་རིག་པར་འདུས། །མེད་བཞིན་ཀུན་འཆར་སྤྲུལ་བ་འགྱེད། །རླུང་གི་དོན་ཡང་རིག་པར་འདུས། །འཁོར་འདས་ཐིག་ལེར་སྨིན་ནུས་པས། །འབྱུང་བ་མེ་ཡང་རིག་པར་འདུས། །གཉིས་ཆོས་སྒྲོན་བཞིར་བསྡུས་ནུས་པས། །འབྱུང་བ་ཆུ་ཡང་རང་ལ་འདུས། །སྐུ་ཡང་བྷ་གར་འུབ་ཆུབ་པས། །ནམ་མཁའི་ཁམས་ཀྱང་རང་ལ་འདུས། །སྣང་བ་འགག་མེད་འབྱུང་བའོ། །ཆོ་འཕྲུལ་ཆེན་པོ་ཞེས་སུ་བརྗོད། །རིག་པ་འགྱུ་བ་མེད་པ་དེ། །འབྱུང་བའི་ངོ་བོ་ཞེས་སུ་བརྗོད། །སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ནི། འབྱུང་བ་ལྔ་རུ་སྣང་བའོ། །འབྱུང་བ་ཆེན་པོའི་ཀློང་དཀྱིལ་ནས། །སྐུ་ལྔ་འགྱུར་མེད་གཏེར་དུ་སྤས། །བླ་མའི་ཐུགས་མཛོད་ཕྱེས་ལ་ཐོན། །ཆོས་ཉིད་བར་དོའི་སྣང་བ་ལ། །རིག་པ་ཡེ་ཤེས་གཏེར་དུ་སྤས། །ངོ་བོ་ཉེར་གཅིག་ཕྱེས་ལས་ཐོན། །ཉོན་མོངས་ལྔའི་གཏིང་རུམ་ན། །ཡེ་ཤེས་ལྔ་པོ་གཏེར་དུ་སྤས། ལུས་གནད་རླུང་དང་ཕྱེས་ལས་ཐོན། །བག་ཆགས་འཁྲུལ་པའི་ཀློང་དཀྱིལ་ནས། །ཤེས་རབ་རང་གསལ་གཏེར་དུ་སྤས། །ཚོགས་གཉིས་མངོན་སངས་ཕྱེས་ལ་ཐོན། །རང་གི་སྙིང་གི་དཀྱིལ་ཤེད་ན། །སྐུ་ལྔའི་དཀྱིལ་འཁོར་གཏེར་དུ་སྤས། །སྒྲོན་བཞི་ཕྱེ་ལ་ལྟ་བར་གྱིས། །ཀུན་བཟང་བྷ་ག་འཁྱིལ་བ་ལ། །འཁོར་འདས་ཆོས་ཀུན་གཏེར་དུ་སྦས། །ཡེ་གྲོལ་ཆེན་པོས་ཕྱེས་ལ་ལྟོས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཕྱི་འབྱུང་ལྔ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །དེ་ལྟར་འབྱུང་བ་ལྔ་པོ་དེ། །ལུས་ལ་ཚང་ངམ་མ་ཚང་ལགས། །ཞེས་ཞུས་པས། ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་རིག་པའི་འཁོར་རྣམས་ཉོན། །འབྱུང་ལྔ་ལུས་ལ་འདི་ལྟར་ཚང་། །རླུང་ལྔ་ཡེ་ཤེས་དངས་ཕྱེས་ཏེ། །མེ་ལྔ་ཡེ་ཤེས་རྩལ་འབྱེད་དང་། །ས་ལྔ་ཡེ་ཤེས་ངོ་བོ་འབྱེད། །ཆུ་ལྔས་ཡེ་ཤེས་ཡུལ་འབྱེད་ཏེ། །མཁའ་ལྔས་ཡེ་ཤེས་གནས་འབྱེད་དོ། །རླུང་ལྔའི་རྐང་གྲངས་གང་ཞེས་ན། །སྲོག་འཛིན་རླུང་དང་མེ་མཉམ་རླུང་། །བཀྲག་མདངས་སྐྱེད་དང་ཀུན་ཁྱབ་རླུང་། །སྙིང་རྗེ་མེད་པའི་ལས་རླུང་ལྔ། །ལས་རླུང་སྙིང་ཤུན་བར་ན་གནས། །གཞན་རྣམས་མགོ་ལུས་ཁྱབ་པར་གནས། །མེ་ལ་ཡང་ནི་ལྔ་ཡིན་ཏེ། །ཕྱི་ནང་ཀུན་གསལ་མེ་ཞེས་པ། །ཡིད་ཀྱི་གཏིང་ན་གནས་པའོ། །ཕྱི་ནང་ཀུན་ཏུ་ཁྱབ་བྱེད་མེ། །གློ་བའི་ནང་ན་གནས་པའོ། །ཕྱི་ནང་ཀུན་ཏུ་མཉམ་པའི་མེ། །ཤ་ལྤགས་བར་ན་གནས་པ་ཡིན། །ཕྱི་ནང་བར་དུ་རྫོགས་བྱེད་མེ། །རྐང་པའི་མཐིལ་ན་གནས་པ་ཡིན། །ཕྱི་ནང་བྱ་བ་བྱེད་པའི་མེ། །ལག་པའི་མཐིལ་ན་གནས་པ་ཡིན། །ཕྱི་ནང་བྱ་བ་གྲུབ་པའི་མེ། །སྙིང་གི་དཀྱིལ་ན་གནས་པ་ཡིན། །ཀུན་གསལ་བྱ་བ་གྲུབ་པ་གཅིག །ས་ལ་ཡང་ནི་ལྔ་ཡིན་ཏེ། །ཀུན་ཏུ་སྣང་བའི་ས་ཆེན་ནི། །རིག་པ་དག་དང་ལྷན་གཅིག་གནས། །མི་འགྱུར་རྡོ་རྗེའི་ས་ཆེན་ནི། དབྱིངས་སྒྲོན་དག་དང་དབྱེ་མེད་དོ། །ཀུན་འབྱུང་རིན་ཆེན་ས་ཆེན་ནི། །ཐིག་ལེ་སྟོང་སྒྲོན་དབྱེར་མེད་གནས། །སྣང་བ་མཐའ་ཡས་ས་ཆེན་ནི། །ཡེ་ཤེས་ཉིད་དང་ལྷན་གཅིག་གོ། །གྲུབ་པ་མཐར་ཕྱིན་ས་ཆེན་ནི། །ཤེས་རབ་དག་དང་ལྷན་གཅིག་གོ། །ཆུ་ལ་ཡང་ནི་ལྔ་ཡིན་ཏེ། །འགྱུར་བ་མེད་པའི་ཆུ་ཆེན་ནི། །རྩ་རྣམས་ཐམས་ཅད་ལ་གནས་སོ། །ཞི་བ་གསལ་དག་ཆུ་དག་ནི། །རུས་པ་དག་ལ་གནས་པའོ། །ཡོན་ཏན་འབྱུང་བ་རྒྱས་པའི་ཆུ། །ཁྲག་རང་ཉིད་ལ་གནས་པའོ། །ཆགས་པ་མེད་པའི་ཆུ་དག་ནི། །ཆུ་སེར་དག་ལ་གནས་པའོ། །འཛིན་མེད་རྫོགས་པའི་ཆུ་དག་ནི། །མིག་གི་འབྲས་བུ་དག་ལ་གནས། །ནམ་མཁའ་ལ་ཡང་རྣམ་པ་ལྔ། །ཀུན་ལ་ཁྱབ་པའི་ནམ་མཁའ་ནི། །རིག་པ་ཉིད་ལ་གནས་པའོ། །ཡུལ་མེད་གསལ་བའི་ནམ་མཁའ་ནི། །འོད་ལྔ་ཀློང་དུ་གནས་པའོ། །མ་འདྲེས་དག་པའི་ནམ་མཁའ་ནི། །དབྱིངས་ཆེན་རྣམ་དག་དག་ལ་གནས། །དོན་རྣམས་མཚོན་བྱེད་ནམ་མཁའ་ནི། །ཡེ་ཤེས་ཆེན་པོའི་ཀློང་ན་གནས། །དག་པར་གྲོལ་བྱེད་ནམ་མཁའ་ནི། །རྟོགས་པ་ཐུགས་རྗེའི་ཀློང་ན་གནས། །སྲོག་འཛིན་རླུང་ཡང་ལྔ་ཡིན་ཏེ། །རྩ་བ་འཛིན་པའི་སྲོག་ཉིད་ནི། །རིག་པའི་དངས་སྙིགས་འབྱེད་པར་བྱེད། །སྐྱོབ་པར་བྱེད་པའི་སྲོག་ཉིད་ནི། །མདངས་དངས་བཀྲག་ཡང་བསྐྱེད་པར་བྱེད། །རྣམ་པར་འཕྲོ་བའི་སྲོག་ཉིད་ནི། །འོད་ཀྱི་ཁ་དོག་བསྐྱེད་པར་བྱེད། །མི་གཙང་བའི་སྲོག་ཉིད་ཀྱིས། །མ་རིག་པ་ཉིད་བསྐྱེད་པར་བྱེད། །རྣམ་པར་དར་བྱེད་སྲོག་ཉིད་ཀྱིས། །ཡིད་ཀྱི་དྲན་པ་བསྐྱེད་པར་བྱེད། །མེ་མཉམ་རླུང་ཡང་ལྔ་ཡིན་ཏེ། །དངས་སྙིགས་འབྱེད་པའི་རླུང་ཞེས་པས། །ལོང་ཀ་དག་གི་སྟེང་ན་གནས། །དྲོད་བསྐྱེད་པའི་རླུང་ཞེས་པས། །ཕོ་བའི་ཟས་ཀུན་འཇུ་བར་བྱེད། །གསལ་བར་གྱུར་པའི་རླུང་ཞེས་པས། །སྨིན་མའི་བར་ན་གནས་པར་བྱེད། །རྣམ་པར་བསྡུད་པའི་རླུང་ཞེས་པས། །སྙིང་གི་དཀར་ནག་མཚམས་ན་གནས། །རྣམ་པར་གཟེངས་བསྟོད་ཞེས་པའི་ལུང་། །རླུང་སེམས་གཉིས་ཀྱིས་བར་ན་གནས། །གཟིའ་མདངས་བསྐྱེད་པའི་རླུང་ཡང་ལྔ། །རྣམ་པར་ཤེས་པ་བསྐྱེད་པའི་རླུང་། །ཤེས་རབ་ཀུན་གྱི་ཡུམ་ཡང་བྱེད། །རྣམ་པར་ཡིད་ལ་འབྱུང་བའི་རླུང་། །སྣང་བའི་ཡུལ་ཀུན་གསལ་བར་བྱེད། །གཞི་ལ་ཁྱད་པར་བྱེད་པའི་རླུང་། །སེམས་ཀྱི་བག་ཆགས་སློང་བར་བྱེད། །རྣམ་བར་དངས་དང་ལྡན་པའི་རླུང་། །སྒྲོན་མ་བཞི་པོ་སྨིན་པར་བྱེད། །རྣམ་པར་གློགས་པ་བྱེད་པའི་རླུང་། །ཤེས་བཞིན་དྲན་པའི་སྟེང་ན་གནས། །རྣམ་པར་ཁྱབ་བྱེད་རླུང་ཡང་ལྔ། །རྣམ་པར་རྒོད་བྱེད་ཞེས་པའི་རླུང་། །ཡུལ་ཀུན་དྲན་པའི་སྟེང་ན་གནས། །སྔངས་སྐྲག་ཁྱབ་པར་བྱེད་པའི་རླུང་། །གློ་སྙིང་གཉིས་ཀྱི་བར་ན་གནས། །དྲན་པ་ཁྱབ་བྱེད་རླུང་ཞེས་པས། །སེམས་དང་རྐྱེན་གྱི་བར་ན་གནས། །འཛིན་པ་ལུས་ཀུན་ཁྱབ་པའི་རླུང་། །ལུས་སེམས་གཉིས་ཀའི་སྟེང་ན་གནས། །སྙིང་རྗེ་མེད་པའི་རླུང་ཡང་ལྔ། །རྣམ་པར་བསྐྱེད་བྱེད་རླུང་ཞེས་པས། །ཡན་ལག་ལྷུ་ཚིགས་ཀུན་ལ་གནས། །རྣམ་པར་སྒྲོལ་བྱེད་རླུང་ཞེས་པས། །སྐད་ཅིག་གཅིག་གི་སྟེང་ན་གནས། །རྣམ་པར་བཟློག་བྱེད་རླུང་ཞེས་པ། །བར་དོའི་དུས་ན་འཆར་བའི་ཡིན། །རྣམ་པར་མྱུར་བྱེད་རླུང་ཞེས་པས། །ཕུང་ཁམས་ཀུན་ལ་གནས་པ་ཡིན། །སྐད་ཅིག་དུས་མཐའི་རླུང་ཞེས་པ། །འབྱུང་བ་སྡུད་དུས་འཆར་བ་ཡིན། །མ་དག་པ་རུ་བསྐྱོད་པ་ན། །བསྐྱོད་པར་བྱེད་པའི་རླུང་དུ་གྲགས། །དག་པ་ཡེ་ཤེས་སྲོག་འཛིན་པ། །སྲོག་འཛིན་པའི་རླུང་དུ་གྲགས། །ཡེ་ཤེས་རང་མདངས་སྟོན་པས་པ། །གཟི་མདངས་བསྐྱེད་པའི་རླུང་དུ་གྲགས། །ཤེས་རབ་ཆེན་པོ་ཡང་དག་ཕྱིར། །སྙིང་རྗེ་མེད་པས་སྐལ་རླུང་ཟེར། །ཡེ་ཤེས་སྣང་བ་གསལ་བས་ན། །མེ་དང་མཉམ་པའི་རླུང་ཞེས་སོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ནང་གི་འབྱུང་བ་རྣམས་ལུས་ལ་ངོ་སྤྲད་ཅིང་བཤད་པའི་ལེའུ་སྟེ་བཅུ་དྲུག་པའོ། །྅྅྅ དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱཻ་ཡུམ་ཆེན་ཀུན་བཟང་ཉིད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །དགོངས་པ་གང་ལགས་བཤད་དུ་གསོལ། །ཞེས་པ་དང་། །སྟོན་པས་བཀའ་སྩལ་པས་འདི་སྐད་དོ། །ཀྱཻ་འདུས་པའི་འཁོར་རྣམས་ཉོན། །དུས་གསུམ་སངས་རྒྱས་མིང་གྲགས་ཀྱང་། །དཀྱིལ་འཁོར་ཡོངས་སུ་ལྷུན་རྫོགས་པས། །རང་སྣང་རིག་པར་ཤེས་པར་གྱིས། །རིག་པ་སྐྱེ་མེད་ཡུམ་གྱི་མཁའ། །རང་སྣང་གཅིག་ཆོད་ཤེས་པ་ན། །ཆོས་ཉིད་བདེ་ཆེན་རོལ་པར་སྤྱོད། །ཙིཏྟ་འོད་གསལ་བུམ་པ་སྟེ། །འདས་པའི་སངས་རྒྱས་དངོས་ཡིན་ནོ། །འཇའ་འོད་བཀྲག་མདངས་ལམ་མེ་བ། །མ་འོངས་སངས་རྒྱས་དངོས་ཡིན་མོད། །རང་རང་སྒོ་ལ་མ་འགགས་འཆར། །ད་ལྟའི་སངས་རྒྱས་དངོས་ཡིན་མོད། །རིག་པ་བྱུང་ས་མེད་པའི་ཕྱིར། །མར་མེ་མཛད་དུ་ངས་བཤད་དོ། །རིག་པ་གནས་ཡུལ་བྲལ་བའི་ཕྱིར། །ཤཱཀྱ་ཐུབ་པ་ངས་བཤད་དོ། །རིག་པ་འགྲོ་འོང་མེད་པའི་ཕྱིར། །བྱམས་པ་མགོན་པོར་ངས་བཤད་དོ། །ངག་འདི་འདས་བའི་སངས་རྒྱས་ཡིན། །ཡིད་འདི་མ་འོངས་སངས་རྒྱས་ཡིན། །ལུས་འདི་ད་ལྟའི་སངས་རྒྱས་ཡིན། །འབྱུང་བའི་དངས་མ་ལས་གྲུབ་པས། །ལུས་འདི་བདེར་གཤེགས་ཕོ་བྲང་ཡིན། །རིགས་ལྔ་ཡབ་ཡུམ་ལྔ་ཡིན་པས། །ཕུང་ཁམས་སྐྱེ་མཆེད་ལྷའི་སྐུ། །རང་སྣང་རིག་པ་སྐུ་གསུམ་འདི། །ཀུན་ལ་སྣང་བས་རང་སྣང་ཡིན། །སངས་རྒྱས་དགོངས་པ་གྲངས་མང་ཡང་། །སྐུ་གསུམ་ཐུགས་ལ་མ་འདུས་མེད། །གསུང་ནི་འདས་པའི་སངས་རྒྱས་ཡིན། །ཐུགས་ནི་མ་འོངས་སངས་རྒྱས་ཡིན། །སྐུ་ནི་ད་ལྟ་བཞུགས་པའོ། །ཆོས་སྐུ་འདས་པའི་སངས་རྒྱས་ཡིན། །ལོངས་སྐུ་སླད་ནས་འ བྱོན་པ་ཡིན། །སྤྲུལ་སྐུ་ད་ལྟའི་སངས་རྒྱས་སོ། །རིག་པ་འཛིན་པ་མེད་པའི་ཕྱིར། །ཆོས་ཀྱི་སྐུའི་རང་བཞིན་ཡིན། །རིག་སྣང་སྐུ་ཐིག་རྒྱས་པས་ན། །ལོངས་སྤྱོད་རྫོགས་པའི་སྐུ་དངོས་ཡིན། །རིག་རྩལ་སྣ་ཚོགས་འཆར་བས་ན། །སྤྲུལ་པས་སྐུའི་རང་བཞིན་ཡིན། །ཆོས་སྐུ་ཞེས་པའི་ངོ་བོ་ནི། །རིག་པ་མཐའ་བྲལ་རྟོགས་པ་ཡིན། །ཆོས་རྣམས་ཀུན་གྱི་གཙོ་བོ་ནི། །བྱར་མེད་ཡིན་པར་ཤེས་པར་བྱ། །ཆོས་རྣམས་ཀུན་གྱི་མེ་ལོང་ནི། ནམ་མཁའ་བྱ་ལམ་ཤེས་པར་བྱ། །ཆོས་རྣམས་ཀུན་གྱི་འབྲས་བུ་ནི། །རྩོལ་མེད་ལྷུག་པར་ཤེས་བར་བྱ། །ཆོས་རྣམས་ཀུན་གྱི་ལག་ལེན་ནི། །རང་དབབ་བདལ་བར་ཤེས་པར་བྱ། །ཆོས་རྣམས་ཀུན་གྱི་ཁྱེར་སོ་ནི། །འཛིན་པ་མེད་པར་ཤེས་པར་བྱ། །ཆོས་རྣམས་ཀུན་གྱི་ཚིག་མཐའ་ནི། །སྨྲ་མེད་ལྷུག་པར་ཤེས་པར་བྱ། །ཆོས་རྣམས་ཀུན་གྱི་ཉམས་རྟོགས་ནི། །སྒྲོན་བཞིའི་ཀློང་དུ་ཤེས་པར་བྱ། །ཆོས་རྣམས་ཀུན་གྱི་ཐུག་ས་ནི། །གཉིས་ཆོས་ཟད་པར་ཤེས་པར་བྱ། །ཆོས་རྣམས་ཀུན་གྱི་ས་བོན་ནི། །ཀུན་བཟང་མཁའ་རུ་ཤེས་པར་བྱ། །ཆོས་རྣམས་ཀུན་གྱི་ཆོ་འཕྲུལ་ནི། །སྣང་བའི་རྡོ་རྗེ་ཤེས་པར་བྱ། །བྷ་ག་ཡོད་ན་རྡོ་རྗེ་བྱུང་། །བྷ་གའི་ནང་དུ་རྡོ་རྗེ་ཚུད། །རྡོ་རྗེའི་ནང་དུ་མཁའ་མི་ཚུད། །ཡུམ་ཡོད་ན་ནི་ཡབ་འབྱུང་སྟེ། །ཡུམ་གྱི་ནང་དུ་ཡབ་ཚུད་དེ། །ཡབ་ཀྱི་ནང་དུ་ཡུམ་མི་ཤོང་། །ཤེས་རབ་ཡོད་ན་ཐབས་འབྱུང་སྟེ། །ཤེས་རབ་ནང་དུ་ཐབས་སོང་ལ། །ཐབས་ནང་དུ་ཤེས་རབ་མི་ཚུད་དོ། །སྟོང་པ་ཡོད་ན་སྣང་བ་འབྱུང་། །སྟོང་པར་སྣང་བ་ཤོང་བ་སྟེ། །སྣང་བར་སྟོང་པ་ག་ལ་ཚུད། །དོན་དམ་ཡོད་ན་ཀུན་རྫོབ་འབྱུང་། །དོན་དམ་ཀློང་དུ་ཀུན་རྫོབ་ཤོང་། །ཀུན་རྫོབ་ཀློང་དུ་དོན་དམ་མི་ཤོང་ངོ་། །དོན་དམ་བདེན་པའི་མཐུ་དག་གིས། །རང་བཞིན་གཉིས་ཀའི་ངོ་བོ་སྟོང་། །ཀུན་རྫོབ་ཀོར་ལེ་དུམ་བུ་བ། །རང་ཉིད་སྟོང་ལ་གཞན་མི་སྟོང་། །དོན་དམ་རང་གི་ངོ་བོས་སྟོང་། །ཀུན་རྫོབ་གཞན་གྱི་ངོ་བོ་སྟོང་། །གཞི་དང་ལམ་གྱི་ཁྱད་པར་གྱིས། །འདིའི་དོན་ཀུན་རྟོགས་པར་གྱིས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ངོ་སྤྲོད་པའི་ལེའུ་སྟེ་བཅུ་བདུན་པའོ། །྅྅྅ དེ་ནས་མཁའ་འགྲོ་མ་རྣམས་ཀྱི་བསྐུལ་བ། ཀྱཻ་སྟོན་པ་ཡུམ་ཆེན་མོ། །དེ་ལྟར་སྐུ་གསུམ་དགོངས་པ་ཡིས། །ལག་ཁྲིད་གང་ལགས་བསྟན་དུ་གསོལ། །ཞེས་པ་དང་། སྟོན་པས་བཀའ་སྩལ་པ་ནི། ཀྱེ་ཧོ་འདུས་པའི་འཁོར་རྣམས་ཉོན། །སྐུ་གསུམ་དགོངས་པའི་ལག་ཁྲིད་ནི། །སྟོན་པ་ཐུགས་རྗེ་ཆེན་པོ་ཡིས། །གདུལ་བྱེད་ཐེག་པ་མང་གསུང་ཡང་། །ཡང་གསང་རྫོགས་པ་ཆེན་པོར་འདུས། །གླེང་གཞི་རྣམ་པ་གཉིས་ཡིན་ཏེ། །ཐུན་མོང་ཐུན་མོང་མ་ཡིན་པ། །ཐུན་མོང་མ་ཡིན་གླེང་གཞི་ནི། །གཞིའི་ཕུན་སུམ་ཚོགས་པ་ལྔ། །གནས་པ་ལུས་ཀྱི་ཕུན་ཚོགས་ལྔ། །ལམ་གྱི་ཕུན་སུམ་ཚོགས་པ་ལྔ། །འབྲས་བུའི་ཕུན་སུམ་ཚོགས་པ་ལྔ། །དང་པོ་ཕུན་སུམ་ཚོགས་པ་ནི། །གནས་ནི་ཆོས་དབྱིངས་སྤྲོས་བྲལ་ལ། །སྟོན་པ་རང་བྱུང་ཡེ་ཤེས་སོ། །འཁོར་ནིི་སྐུ་དང་ཡེ་ཤེས་སོ། །བསྟན་པ་བདེ་ཆེན་འགག་པ་མེད། །དུས་ནི་ཐོག་མཐའ་བྲལ་བའོ། །གནས་པ་ལུས་ཀྱི་ཕུན་ཚོགས་ནི། །ལུས་ལ་གནས་ནི་ཙིཏྟ་དང་། །དུང་ཁང་འཁོར་ལོ་རྩ་གསུམ་མོ། །སྟོན་པ་ངོ་བོ་ཀ་དག་ལ། །འཁོར་ནི་སྐུ་དང་ཡེ་ཤེས་ལྔ། །བསྟན་པ་རྩ་རླུང་ཐིག་ལེ་སྟེ། །བདེ་དང་གསལ་དང་མི་རྟོག་དང་། །དུས་ནི་ནད་སོགས་རྐྱེན་མེད་དོ། ལམ་གྱི་ཕུན་ཚོགས་ལྔ་པོ་ནི། །གནས་ནི་ཕྱི་དང་ནང་གི་དབྱིངས། །སྟོན་པ་རྡོ་རྗེ་ལུ་གུ་རྒྱུད། །འཁོར་ནི་སྐུ་དང་ཐིག་ལེ་སྟེ། །བསྟན་པ་སྒྲོན་མ་བཞི་ལྡན་ལ། །དུས་ནི་ལྟ་སྟངས་གཅིག་ནའོ། མཐར་ཐུག་འབྲས་བུའི་ཕུན་ཚོགས་ནི། །གནས་ནི་བདེ་ཆེན་ཆོས་ཀྱི་དབྱིངས། །སྟོན་པ་རིག་པ་ཡེ་ཤེས་ལ། །འཁོར་ནི་རོལ་རྩལ་སྤྱོད་པའོ། །བསྟན་པ་ཟག་མེད་བདེ་བ་ལ། །དུས་ནི་རྟོགས་པ་མངོན་འགྱུར་རོ། །གཞན་ལས་ཁྱད་པར་ཆེར་འཕགས་པས། །ཐུན་མོང་མ་ཡིན་ལུང་རིགས་སྦྱར། །སྙིགས་མ་དངས་མ་དྲིལ་བ་དང་། །བཅུད་རྣམས་སྙིང་པོར་འདུས་པའོ། །དང་པོ་སྤྱི་གཞི་གཏན་དབབ་སྟེ། །ཤེས་བྱའི་གཞི་དང་གནས་ལུགས་གཞི། །ཤེས་བྱའི་གཞི་ལ་བསམ་མི་ཁྱབ། །དཔེར་ན་སྤོས་གླང་བསྟན་པའམ། །མར་དཀར་མུན་ལོང་བསྟན་དང་མཚུངས། གནས་ལུགས་གཞི་ལ་རྣམ་པ་གསུམ། །ཐོག་མ་ཉིད་ནི་སྤྱི་གཞི་དང་། །མ་དག་འཁྲུལ་པའི་གཞི་དང་ནི། །དེ་ཉིད་རྟོགས་པའི་གྲོལ་གཞིའོ། །ཐོག་མའི་སྤྱི་གཞི་གཉིས་ཡིན་ཏེ། །ཡེ་ཐོག་དང་པོའི་གནས་ལུགས་དང་། །རང་གི་རིག་པའི་གནས་ལུགས་སོ། །ཡེ་ཐོག་གཞིའི་གནས་ལུགས་ནི། །ཐོག་མའི་ཀ་དག་སྟོང་གསལ་ཁྱབ། །རང་བཞིན་ཉིད་ནི་འདི་ལྟ་བུ། །གསལ་འཚེར་བུམ་པའི་སྐུ་བཞིན་ནོ། །ངོ་བོ་ཀ་དག་ཡེ་ཤེས་ཏེ། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་མདངས་ཉིད་དུ་གནས། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགག་མེད་སྟོང་པ་ཉིད་དུ་གནས། །སྟོང་དང་གསལ་དང་མི་འགག་གསུམ། །རྒྱ་ཆད་ཕྱོགས་ལྷུང་མེད་པའོ། །འགགས་མེད་རྩལ་ལ་ཅིར་ཡང་འཆར། །སྟོང་གསལ་རིག་ཅིང་འགྱུར་བ་མེད། །ངོ་བོ་སྟོང་པ་རྟག་མཐའ་བྲལ། །རང་བཞིན་གསལ་བས་ཆད་མཐའ་བྲལ། །ཐུགས་རྗེ་ཁྱབ་པས་གཉིས་མཐའ་བྲལ། །མཐའ་བཞི་དྲི་མ་རང་དག་ཉིད། །ངོ་བོ་སྣང་སྟོང་དབྱེར་མེད་ལ། །རང་བཞིན་གསལ་སྟོང་དབྱེར་མེད་པས། །ཐོག་མ་ཐ་མ་བར་གསུམ་དུ། །སྐུ་གསུམ་དབྱེ་བ་མེད་པ་རུ། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །མ་རིག་པའི་འཁྲུལ་གཞི་ནི། །དང་པོ་མ་རིག་དྲུག་ལས་བྱུང་། །མ་རིག་པའི་རྒྱུ་གསུམ་པོ། །ངོ་བོ་རང་བཞིན་ཐུགས་རྗེའོ། །ངོ་བོ་སྟོང་པ་མ་རིག་འཁྲུལ། །རང་བཞིན་གསལ་བ་མ་རིག་འཁྲུལ། །ཐུགས་རྗེ་སྣང་སྟོང་མ་རིག་འཁྲུལ། །འཁྲུལ་པ་དག་གིས་རྐྱེན་གསུམ་ནི། །རྒྱུ་རྐྱེན་དམིགས་རྐྱེན་ངར་འཛིན་རྐྱེན། །གོང་མ་གསུམ་ལ་རྒྱུ་མེད་ཀྱང་། །མ་རིག་པའི་རྐྱེན་དེས་འཁྲུལ། །རྒྱུ་དང་རྐྱེན་ཞེས་གྱུར་པ་ཡང་། །ངོ་བོ་སྟོང་པའི་གསལ་ཆ་ལ། །ཡེ་ཤེས་རང་མདངས་འོད་ཁྱམ་ཤར། །གསལ་མདངས་མ་ཤེས་དངོས་པོར་བཟུང་། །མ་རིག་པའི་རྒྱུ་རྐྱེན་ཡིན། །དེ་ལ་བདག་རྟོག་ཡུལ་ཅན་བཟུང། །དམིགས་པའི་རྐྱེན་ཞེས་བྱ་བའོ། །དེ་ལ་རབ་ཏུ་འཐས་པ་ཡིས། །འབྱུང་ལྔ་དངོས་སུ་གྲུབ་པ་སྟེ། །ལྷུན་གྲུབ་རང་མདངས་འབྱུང་ལྔར་འཁྲུལ། །ཡེ་ཤེས་རྩལ་གྱི་ཁྱབ་པ་ལ། །འཇིག་རྟེན་ཁམས་སུ་ཆགས་པའོ། །དེ་ཉིད་དངས་མ་ལྔ་ཉིད་ལས། །ནང་བཅུད་སེམས་ཅན་ཆགས་པའོ། །མདོར་ན་དེ་རྣམས་ཐམས་ཅད་ལ། །མེད་ལ་ཡོད་བཟུང་འཁྲུལ་པ་ཡིན། །རང་སྣང་རང་དུ་མ་ཤེས་པས། །ཐག་པ་སྦྲུལ་དུ་མཐོང་བ་འམ། །དུང་ལ་སེར་པོ་མཐོང་བ་བཞིན། །རང་སྣང་འཐས་ནས་འཁྲུལ་པ་ཡི། །མ་རིག་དེའི་འཁྲུལ་འབྲས་ནི། །ལུས་ཀྱི་གྲུབ་ཚུལ་བསྟན་པ་ནི། ཡེ་ཤེས་གསུམ་གྱི་འཁྲུལ་ཚུལ་དང་། །འཁྲུལ་པའི་འབྲས་བུ་བྱུང་ཚུལ་ལོ། །དང་པོ་ལུས་ཀྱི་བྱུང་ཚུལ་ནི། །མ་རིག་པའི་ལས་དབང་དེས། །འབྱུང་བཞི་གདོས་བཅས་ལུས་གྲུབ་སྟེ། །དེ་ལས་ཉོན་མོངས་ལ་དབང་གིས། །དབང་པོའི་སྒོ་སོགས་དོད་གྱུར་ནས། །ལས་ངན་སོ་སོར་སྤྱོད་པའོ། །དེ་ལ་བརྟེན་པའི་ཡེ་ཤེས་གསུམ། །ངོ་བོ་སྟོང་པར་འཁྲུལ་པ་སྟེ། །རང་བཞིན་སེམས་སུ་འཁྲུལ་པ་ཡིན། །ཐུགས་རྗེ་ཚོགས་དྲུག་ཡུལ་དུ་འཁྲུལ། །ཉོན་མོངས་ལས་མཐའ་དུ་མ་ཤར། །དེ་ལྟར་མ་རིག་རྫོགས་པའི་མཐའ། །འདོད་དང་གཟུགས་དང་གཟུགས་ཎ་ཀྱི། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །འཁྲུལ་པ་དེའི་འབྲས་བུ་ལ། །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱང་། །གཟུང་དང་འཛིན་པས་རབ་བསྡུས་ནས། །འཁོར་བ་ཉིད་དུ་ཡུན་རིང་འཁོར། །ཁམས་གསུམ་ཐར་མེད་ཁང་པ་རུ། །མིང་གཟུགས་ཆོས་ཀྱི་བཙོན་རར་ཚུད། །མ་རིག་ལྕགས་ཀྱི་ཡན་ལག་སྡོམ། །འཁོར་བའི་མུན་ནག་རླུང་གི་གཡོག །སྔ་ཕྱི་བག་ཆགས་དྲ་བར་ཚུད། །སྐྱེ་ཤི་རིགས་དྲུག་རྒྱ་མཚོར་བྱིང་། །ཐར་དུས་མེད་པ་ཨ་ཙ་མ། །དེ་ལྟར་འཁྲུལ་འབྲས་ལུས་འདི་ལས། །གྲོལ་གཞི་ས་བོན་ཅི་ལྟར་གནས། །ལེགས་པར་བསྟན་པ་འདི་ལྟ་སྟེ། །ལུས་འདི་སངས་རྒྱས་བསྟན་པ་དང་། །སེམས་ནི་སངས་རྒྱས་བསྟན་པ་དང་། །འཁྲུལ་སྣང་རང་གྲོལ་བསྟན་པའོ། །དེའི་ཐོག་མ་འདི་ལྟ་སྟེ། ཐོག་མའི་རིག་རྩལ་ཡེ་ཤེས་ལྔ། །མ་རིག་འཁྲུལ་པ་འབྱུང་བར་འགྱུར། །དེ་ལྟར་ལུས་ནི་སངས་རྒྱས་དངོས། །ཡེ་ཤེས་ཆེན་པོའི་འབྱུང་གནས་ཉིད། །ལུས་ཅན་ཀུན་ལ་བཟང་ངན་མེད། །བདེར་གཤེགས་ངོ་བོ་འགྲོ་ཀུན་ལ། ཏིལ་ལ་མར་གྱི་ཁྱབ་བཞིན་གནས། །མ་རིག་གྲོལ་ཚེ་འབྱུང་བའི་དུས། །ལྷག་མེད་ཡེ་ཤེས་ངང་དུ་བཟློག །ཕུང་ལྔ་ཡེ་ཤེས་སངས་རྒྱས་དངོས། །འབྱུང་བ་ལྔ་ལ་ཡུམ་ལྔ་སྟེ། །ཉོན་མོངས་ལྔ་ལ་ཡེ་ཤེས་ལྔ། །ཡུལ་ལྔ་པོ་ནི་འོད་ལྔའི་སྐུ། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང་། །གཉིས་མེད་ལྟ་བའི་རང་ལུས་ཡིན། །སེམས་ཅན་ཀུན་རིག་དྲི་མ་མེད། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། །རྩ་ཁམས་སྐྱེ་མཆེད་ལྷའི་ཚོགས། །སྲིད་གསུམ་དཀྱིལ་འཁོར་རང་ལུས་རྫོགས། །སེམས་ནི་སངས་རྒྱས་བསྟན་པ་ནི། །སེམས་ཅན་རང་རྒྱུད་རྟོག་ཚོགས་ཉིད། །བཞི་བཅུ་ཞེ་གཉིས་སངས་རྒྱས་སོ། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། །དུག་ལྔ་སེར་སྣ་ཐུབ་པ་དྲུག །ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད། །སྒོ་བཞི་སྒོ་མ་ཡབ་ཡུམ་བཞི། །གཡས་གཡོན་ཉི་མ་ཟླ་བའོ། །རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིགས་ལྔ་འོད་ལྔ་རླུང་ནི་ལྔ། །ཤེས་རབ་ལྔ་ལ་སོགས་པར་གནས། །རང་རིག་རིག་རྩལ་སྐུ་ལྔ་ཤར། རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་མཐའ་དོན་ཡོད་གྲུབ་པར་ཤར། །རིག་པའི་ཡོན་ཏན་འོད་ལྔར་གསལ། །རིག་པའི་རྩལ་ལ་ཡེ་ཤེས་གསུམ། །ངོ་བོ་སྟོང་པའི་ཡེ་ཤེས་དང་། །རང་བཞིན་གསལ་བའི་ཡེ་ཤེས་དང་། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་གསུམ། །དབྱེར་མེད་གསུམ་བརྩེགས་ཚུལ་དུ་ཤར། །དམིགས་སུ་མེད་པ་ཆོས་སྐུའི་འོད། །མ་འགགས་གསལ་བ་ལོངས་སྐུའི་འོད། །སྣང་བ་སྣ་ཚོགས་སྤྲུལ་པའི་སྐུ། །གསུམ་ལྡན་ཚུལ་དུ་དབྱེར་མེད་དོ། །སེམས་ནི་དྲན་སེམས་རིག་པའི་རྩལ། །སྣང་ཤེས་དག་ཏུ་འགྱུར་ཚད་ཀུན། །རིག་པ་ཉིད་ནི་ལོག་ན་མེད། །དེ་ལྟར་ལུས་ཅན་ཐམས་ཅད་ལ། །རིག་པའི་ཡེ་ཤེས་ཁྱབ་མོད་ཀྱང་། །ཁྱད་པར་གནས་དངོས་བསྟན་པ་ནི། །སྙིང་དང་རྩ་དང་དུང་ཁང་དང་། །མིག་དང་བཞིའི་གཞལ་ཡས་ཁང་ན། །ཡེ་ཤེས་ཆེན་པོ་དེ་ན་གནས། །སེམས་ཅན་ཀུན་གྱི་ལུས་ཀྱི་ནང་། །ཙིཏྟ་རྩ་ནང་དུང་ཁང་སྒོ། །དེ་ནི་རིག་པའི་གནས་ཡིན་ནོ། །གནས་ལུགས་ཇི་ལྟར་གནས་པ་ནི། །རིན་ཆེན་ལུས་ཀྱི་གནས་དེ་ན། །ངོ་བོ་སྟོང་གསལ་སྐུ་རུ་གནས། །རང་བཞིན་གསལ་སྟོང་དེ་ལ་འོད། །ཐུགས་རྗེ་སྣ་ཚོགས་སྒྲོན་མར་གནས། །རང་རིག་ངོ་བོ་སྐུར་གནས་ཏེ། །གསལ་ལ་རང་བཞིན་ལྷུན་གྲུབ་པས། །སྙིང་ནང་ཡབ་ཡུམ་ཞི་བའི་ཚུལ། །དུང་ཁང་ཁྲོ་བོའི་ཚུལ་དུ་གནས། །ལུས་ལ་གནས་པའི་རིམ་པ་ཡང་། །ཕྱི་ལྟར་ཞི་ཁྲོའི་རང་བཞིན་ལས། །ནང་ལྟར་དྷཱ་ཀི་ཡབ་ཡུམ་མོ། །སྒྱུ་མ་ལུས་ཀྱི་རྩ་ནང་ན། །རིག་པའི་ངོ་བོ་ཡི་གེར་གྲུབ། །ཨ་དང་ཧ་རི་ནི་ས་དང་། །ཧྲི་དང་ར་ཙ་ཧྲི་ཡའོ། །ཐམས་ཅད་རང་བྱུང་ཀ་དག་ཉིད། །རིག་པ་སྐུའི་རང་མདངས་ལས། །རྩའི་ནང་ན་ཐིག་ལེ་དང་། འོད་ཟེར་ལྟ་བུར་གནས་པའོ། །རིག་པ་སྐུའི་རང་རྩལ་ལས། །རྩའི་ནང་ན་ཉི་ཟེར་བཞིན། །དབང་པོའི་སྒོ་ནས་ངེས་ཐོན་ཏེ། །ཐུགས་རྗེ་ནམ་མཁའི་མཐོངས་སུ་གསལ། །སྒྲོན་མ་བཞིའི་ངོ་བོ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞག་ཆུའི་སྒྲོན་མའོ། །རིག་པའི་སྐུ་ནི་བུམ་སྐུ་འདྲ། །ཡེ་ཤེས་བུམ་པའི་མར་མེ་འདྲ། །ཐུགས་རྗེ་མེ་ལོང་ངོས་ལྟར་གསལ། །ལོངས་སྤྱོད་སྐུ་ལ་སྐུ་གསུང་ཐུགས། །ཡོན་ཏན་དང་ནི་ཕྲིན་ལས་སོ། །སྐུ་ནི་སྣང་ལ་རང་བཞིན་མེད། །དེ་ནི་ཡེ་ཤེས་གནས་ལུགས་སོ། །དེ་དོན་ཉམས་སུ་བླང་བ་ལ། །ཡེ་ཤེས་འཆར་བའི་ལམ་དག་དང་། །འཆར་བྱེད་ཡུལ་གྱི་གནས་ཉིད་དང་། །ཤར་བ་ཅི་ལྟར་ཉམས་བླང་བའོ། །དང་པོ་འཆར་ལམ་རྩ་ཡིན་ཏེ། །འཁོར་ལོ་ལྔའི་དབུས་དག་ན། །རོ་མ་རྐྱང་མ་ཀུན་དྷར་མ། །དབང་པོའི་སྒོ་ལ་ཟུག་པར་གནས། །རྩའི་གཙོ་བོ་གསུམ་ལ་ནི། །ཡལ་ག་གྲངས་ལས་འདས་པ་གྱེས། །ཐད་སོ་དབང་པོའི་སྒོ་དོན་བྱེད། །དེའི་ཆོས་ཀུན་སྟོན་བྱེད་ཅིང་། །ཁྱད་པར་ཙིཏྟ་ནས་འབྲེལ་བའི། །དར་སྐུད་བ་མན་རྭ་འདྲའི་ཁ། །དབང་པོའི་སྒོ་ལ་ཟུག་པ་སྟེ། །དེ་ནི་ཆོས་ཉིད་ཀུན་གྱི་ལམ། །འདི་དོན་ལེགས་པར་རྟོགས་པར་གྱིས། །འཆར་བར་བྱེད་པའི་ཡུལ་ལམ་ནི། །ཡིད་དཔྱོད་ཚིག་ཕྱིར་མ་ལུས་པ། །མངོན་སུམ་འཆར་བའི་སྒོ་ནི་མིག །གཞན་ལ་དེ་ལྟ་མ་ཡིན་ནོ། །ཡུལ་ནི་རྐྱེན་བྲལ་གསུམ་ཡིན་ཏེ། །དབང་པོ་རྐྱེན་དང་བྲལ་བ་དང་། །ཡུལ་མཁའ་རྐྱེན་དང་བྲལ་བ་དང་། །གནས་ཉིད་རྐྱེན་དང་བྲལ་བའོ། །རྐྱེན་བྲལ་གསུམ་ལས་འཆར་བར་འགྱུར། །དེ་ལྟར་འཆར་བྱེད་བླ་མ་གཙོ། །གནད་གསུམ་ལྡན་པས་བསྟན་པ་དང་། །ཡེ་ཤེས་སྣང་བ་ལྷུག་པར་འཆར། །དེ་ལྟར་བླ་མས་ངོ་སྤྲོད་པས། །རྒྱང་ཞག་ལས་ནི་སྒྲོན་མ་ཤར། །ཡུལ་སྣང་རང་མདངས་ཉིད་དུ་གསལ། །དེ་ཉིད་ཤེས་རབ་སྒྲོན་མ་ཡིན། །ཡིད་དཔྱོད་ཐེག་པ་སྒྲོ་འདོག་ཆོད། །དངོས་སུ་ཐིག་ལེ་སྒྲོན་མ་ཤར། །འཁོར་འདས་ཟང་ཐལ་ཉིད་དུ་ཆོད། །རྣམ་དག་དབྱིངས་ཀྱི་སྒྲོན་མ་ཡིན། །ཉམས་ཀྱི་སྣང་བ་གོང་འཕེལ་ལོ། །ཡུལ་དུ་སྒྲོན་མ་དག་ལ་ནི། །ལམ་སྣང་རིག་པ་ལུ་གུ་རྒྱུད། །ལམ་སྣང་ལྷུན་གྲུབ་རིག་མདངས་ལྔ། །ལམ་སྣང་ཐུགས་རྗེས་དབང་པོ་གསལ། །ཤར་བ་ཉམས་སྣང་ཐབས་གཉིས་མེད། །ཁྲེག་ཆོད་དང་ནི་ཐོད་རྒལ་ལོ། །ཉམས་སྣང་ཐབས་མང་གྲོལ་ཚུལ་ལོ། །ཐུན་མོང་དང་ནི་ཁྱད་པར་གྱིས། །འབྲས་བུས་གྲོལ་ཚུལ་བསྟན་པ་ནི། །དང་པོ་ཐུན་མོང་རྣམ་པ་གསུམ། །སའི་ནོན་ཚུལ་བསྟན་པ་དང་། །སངས་ཀྱི་རྒྱས་ལུགས་བསྟན་པ་དང་། །དེའི་རྟགས་ཀྱི་འབྱུང་ཚུལ་ལོ། །དང་པོའི་སའི་ནོན་ཚུལ་ནི། །ས་ཞེས་ལོག་ན་མི་གནས་ཏེ། །རིག་པ་གཅིག་པུའི་སྟེང་ན་གནས། །དང་པོ་བདེན་པ་མཐོང་བའི་དུས། །རབ་ཏུ་དགའ་བའི་ས་ནོན་ནོ། །རང་སྣང་ཡིན་པར་ཤེས་པ་ཡིས། །དྲི་མ་མེད་པའི་ས་ནོན་ནོ། །དེ་ལ་གོམ་ཞིང་འདྲིས་པ་ཡིས། །གསུམ་པ་འོད་བྱེད་ས་ནོན་ནོ། །དེ་ནས་འོད་སྣང་མཐོང་བ་ནི། །བཞི་པ་འོད་འཕྲོའི་ས་ནོན་ནོ། །ཉོན་མོངས་སྦྱངས་ནས་ཡེ་ཤེས་མཐོང་། །ལྔ་པ་སྦྱང་དཀའི་ས་ནོན་ནོ། །དེ་ནས་སྐུ་རྣམས་མཐོང་བ་ནི། །དྲུག་པ་མངོན་གྱུར་ས་ནོན་ནོ། །ཉོན་མོངས་རིང་དུ་སྤང་བ་ནི། །བདུན་པ་རིང་དུ་སོང་བའོ། །ཡོན་ཏན་ཐམས་ཅད་རྫོགས་པའི་དུས། །བརྒྱད་པ་མི་གཡོ་བའི་ས་ནོན་ནོ། །དེ་ནས་སྣང་ཤེས་ཚད་ལ་ཕེབས། །དགུ་པ་ལེགས་པའི་བློ་གྲོས་སོ། །སྣང་བ་ཡེ་ཤེས་ལྷུན་གྱིས་གྲུབ་པར་འཆར། །ཆོས་ཀྱི་སྤྲིན་གྱི་ས་ནོན་ནོ། །དེ་རྣམས་དབུགས་མ་བོར་བར་ནོན། །དབུགས་བོར་འདི་ལྟར་ནོན་པ་སྟེ །འཁྲུལ་སྣང་འགག་ནས་ཚོམ་བུ་འཆར། །བཅུ་གཅིག་ཀུན་ཏུ་འོད་ནོན་ནོ། །སྣང་བ་དེ་ལ་མ་ཆགས་པས། །པདྨ་ཅན་གྱི་ས་ནོན་ནོ། །ཚོམ་བུ་འཁོར་ལོའི་ཚུལ་དུ་སྣང་། །ཡི་གེ་འཁོར་ལོའི་ས་ནོན་ནོ། །ཡེ་ཤེས་སྣང་བའི་ས་ཟིན་པས། །བཅུ་བཞི་བདེ་ཆེན་ས་ནོན་ནོ། །ལྷུན་གྲུབ་སྦུབས་སུ་ཐིམ་པས་ན། །བཅོ་ལྔ་རིག་འཛིན་ས་ནོན་ནོ། །དེ་ནས་ཀ་དག་རང་ཚུགས་ཐུབ། །བཅུ་དྲུག་བླ་མའི་ས་ནོན་ནོ། །བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླང་བས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་སུ། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །གཉིས་པ་སངས་ཀྱི་རྒྱ་ལུགས་ནི། །ཐུན་མོང་སངས་རྒྱས་ཞེས་བྱ་བ། །ཕུང་པོ་རྟགས་ཅན་སངས་རྒྱས་ཏེ། །དེ་ལ་རྟགས་ཀྱིས་འབྱུང་ལུགས་ཀྱང་། །སྐུ་གདུང་སྒྲ་འོད་ལ་སོགས་པ། །སྐྱེ་འགྲོ་མངོན་པར་འབྱུང་བས་ནི། །མངོན་པར་སངས་རྒྱས་ཞེས་གྲགས་སོ། །ཁྱད་པར་འབྲས་བུ་ཐོབ་ཚུལ་ནི། །ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཕུང་པོ་ལྷག་མེད་རྒྱས་པ་ཡིན། །ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཆོས་ཀྱི་སྐུ་ནི་སྐུ་དང་གསུང་། །ཐུགས་དང་ཡོན་ཏན་འཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བའོ། །མཚན་ཉིད་མེད་པའི་རིགས་བཞིན་ནོ། །གསུང་ནི་སྒྲ་ཚིག་མིང་བྲལ་ནས། །བརྗོད་མེད་གླེང་གཞིའི་མིང་བྲལ་ལོ། །ཐུགས་ནི་བསམ་དང་འགྱུར་མེད་པས། །འཕྲོ་ཞིང་སྤྱོད་པ་རྣམས་ལས་འདས། །ཕྱིར་མི་འོང་བས་ཟློག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང་། །རང་བཞིན་བཅོས་པ་མེད་པའོ། །ཕྲིན་ལས་མ་བྱུང་བྱས་པ་མེད། །ཤུགས་འབྱུང་བ་དང་འགགས་པ་དང་། །མ་བྱས་བྱས་པ་མེད་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡོན་ཏན་དང་ནི་ཕྲིན་ལས་སོ། །སྐུ་ནི་གསལ་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་སྣང་རང་བྱུང་དང་། །སྤྲོ་བསྡུ་སྣང་བའི་འཁོར་ལོ་འོ། །ཐུགས་ནི་རྒྱུན་ཆད་མེད་གཟིགས་དང་། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེའ་རྫོགས་པ་ལ། །དགོངས་གསལ་མེ་ལོང་རྫོགས་པའོ། །ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམ་འཕྲོས་ཏེ། །སོ་སོ་རིག་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྗགས་རྣམས་འཕྲོས་པ་སྟེ། །འཁོར་ལ་རང་གི་ངོ་བོ་སྟོན། །སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །སྐུ་ནི་མཚན་དང་དཔེའ་བྱད་ལ། །གདུལ་བྱ་གང་འདུལ་ལུས་སྤྲུལ་ཏེ། །གསུང་གི་ཚིག་སྦྱོར་ལེགས་པ་ལ། །ཚངས་པའི་དབྱངས་ནི་ཡན་ལག་དྲུག །ཐུགས་ནི་ཤེས་བྱའི་ཡེ་ཤེས་ལྔ། །རང་བཞིན་དོན་གཉིས་རྫོགས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང་། །ཕྲིན་ལས་ཕྱི་ནང་གསང་བ་ཡིས། །མཛད་པ་མ་ལུས་རྫོགས་པའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྐུ་གསུམ་དགོངས་པ་ལག་ལེན་དུ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །྅྅྅ དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱཻ་ཡུམ་ཆེན་ཀུན་བཟང་མོ། །ཁམས་གསུམ་འཁོར་བའི་སེམས་ཅན་ལ། །གྲོལ་བའི་དུས་མཐའ་ནམ་ཙམ་ལགས། །ཞེས་ཞུས་པ་དང་། སྟོན་པས་འདི་སྐད་ཅེས་བཀའ་སྩལ་པ། ཉོན་ཅིག་མཁའ་འགྲོ་སྡེ་ལྔའི་འཁོར། །སེམས་ཅན་ཐ་མའི་གྲོལ་མཐའ་ཡང་། །རྣམ་པ་གཉིས་ཀྱིས་གཏན་ལ་དབབ། །རྟོགས་པ་དང་ནི་མ་རྟོགས་པའོ། །མ་རྟོགས་འཁོར་བར་གྲོལ་ལུགས་ནི། །རང་སྣང་རང་ངོ་མ་ཤེས་པས། །ཉོན་མོངས་ཞེ་སྡང་ཤས་ཆེ་བས། །དམྱལ་བ་ངུ་འབོད་སྡུག་བསྔལ་དང་། །འདོད་ཆགས་ཆེན་པོས་མནར་བ་ཡིས། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་དང་། །ཉོན་མོངས་གཏི་མུག་ཤས་ཆེ་བས། །མུག་ཤིང་མྱོས་པའི་བྱོལ་སོང་དང་། །ཉོན་མོངས་ཕྲག་དོག་ཤས་ཆེ་བས། །འཐབ་རྩོད་ལྷ་མིན་སྡུག་བསྔལ་དང་། །ཉོན་མོངས་ཐམས་ཅད་ཆ་མཉམ་པས། །མི་ཞེས་བརྒྱད་འགྱུར་སྡུག་བསྔལ་དང་། །ཉོན་མོངས་ང་རྒྱལ་ཤས་ཆེ་བས། །ལྷ་ཞེས་དགའ་ལྡན་སྡུག་བསྔལ་དང་། །སྐྱེ་བཞིའི་གནས་ལས་འགྲོ་ས་མེད། །ལོག་པར་འགྲོ་བའི་གནས་ཞེས་བྱ། །རྒྱུད་ཆེན་འདི་དང་འཕྲད་ཙམ་ན། །བདེན་པ་མཐོང་བའི་གང་ཟག་དེ། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ཅིང་མཐར་ཕྱིན་གྲོལ་བར་འགྱུར། །དབང་པོ་རབ་འབྲིང་ཐ་གསུམ་ལ། །གྲོལ་ལུགས་བདུན་བདུན་བྱུང་བ་དེ། །དབང་པོ་འབྲིང་གི་རྩེ་མོ་ནི། འོད་ལྔའི་དབྱིངས་སུ་གྲོལ་བར་འགྱུར། །འབྲིང་གི་ཕུལ་དུ་གྱུར་བ་ནི། །སྐུ་ལྔའི་དབྱིངས་སུ་གྲོལ་བར་འགྱུར། །འབྲིང་གི་མཆོག་གི་ཚོམ་བུ་འོ། །སྣང་བ་ཤར་མ་ཐག་ལས་གྲོལ། །འབྲིང་གི་རབ་ནི་དཀར་གསལ་གྱིས། །མེ་ལོང་ཡེ་ཤེས་ཤར་དུས་གྲོལ། འབྲིང་གི་འབྲིང་ནི་མུ་ཁྱུད་ཀྱིས། །ར་བ་ཤར་མ་ཐག་ཏུ་གྲོལ། །འབྲིང་གི་ཐ་མ་འོད་སྣང་དང་། །མེ་ཏོག་ཚོམ་བུ་ཤར་དུས་གྲོལ། །འབྲིང་གི་མཐར་ཕྱིན་མུ་ཁྱུད་ཀྱང་། །སྟོང་གཟུགས་རི་མོ་ཤར་དུས་གྲོལ། །དེ་ནི་འབྲིང་གི་གྲོལ་ལུགས་ཡིན། །གང་ཟག་ཐ་མའི་མཐར་ཕྱིན་ལ། །ལམ་བྱང་དཀར་པོ་ཤར་དུས་གྲོལ། །ཐ་མའི་རྩེ་མོ་འོད་སྣང་ལ། །ལམ་བྱང་སེར་པོ་ཤར་དུས་གྲོལ། །ཐ་མའི་ཡུལ་ནི་འོད་སྣང་ལ། །ཁ་དོག་དམར་ལམ་སྟེང་དུ་གྲོལ། །ཐ་མའི་མཆོག་ནི་ཚོམ་བུའི་སྟེང་། །ཁ་དོག་ལྗང་གསལ་སྟེང་དུ་གྲོལ། །ཐ་མའི་རབ་ཉིད་འོད་ཟེར་སྟེ། །མཐིང་ལམ་རྐྱང་པའི་སྟེང་དུ་གྲོལ། །ཐ་མའི་འབྲིང་ནི་ལམ་བྱང་ལྔ། །ཐིག་ལེ་བརྒྱད་པའི་སྟེང་དུ་གྲོལ། ཐ་མའི་ཐ་མ་བདག་ཉིད་ནི། །ཐིག་ལེ་སྐུའི་སྟེང་དུ་གྲོལ། །དེ་ནི་ཐ་མའི་གྲོལ་ལུགས་སོ། །གང་ཟག་དབང་པོ་རབ་མཐར་ཕྱིན། སྐད་ཅིག་གསུམ་པར་ངེས་ཅན་གྲོལ། རབ་ཀྱི་རྩེ་མོ་མེ་ལོང་དང་། །ཚོམ་བུའི་སྟེང་དུ་གྲོལ་བར་འགྱུར། །རབ་ཀྱི་ཕུལ་ནི་ཡབ་ཡུམ་གྱི། །འཁྲིལ་སྦྱོར་ཤར་མ་ཐག་ལ་གྲོལ། །རབ་ཀྱི་མཆོག་ནི་སྣང་བ་འདི། །འཇའ་འོད་མེར་མེར་སྣང་དུས་གྲོལ། །རབ་ཀྱི་འབྲིང་ནི་རང་སྣང་ལ། །བདེན་པ་སྐད་ཅིག་སྐྱེས་པས་གྲོལ། །རབ་ཀྱི་ཐ་མ་འོད་ཟེར་ལ། །ཐིག་ལེ་ཡབ་ཡུམ་འབྲེལ་དུས་གྲོལ། །རབ་ཀྱི་མཆོག་ནི་ཤར་ལུགས་བརྒྱད། །སྐད་ཅིག་གཅིག་ལ་ཤར་དུས་གྲོལ། །དེ་རྣམས་རབ་ཀྱི་གྲོལ་ལུགས་ཡིན། །དེ་རྣམས་རྟོགས་དང་མ་རྟོགས་པ། །ངོ་སྤྲོད་ཐོབ་མ་ཐོབ་ཡིན་ཏེ། །རྟོགས་ཐོབ་ངོ་སྤྲོད་ཉེར་གཅིག་ཡིན། །ངོ་སྤྲོད་ཐོབ་ན་རྟོགས་པར་འགྱུར། །མ་བསྟན་གྲོལ་མཐའ་ག་ལ་ཡོད། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །ངོ་སྤྲོད་ནང་དུ་ཤེས་པར་གྱིས། །ངོ་སྤྲོད་དཔེ་དོན་འཕྲོད་པ་ནི། །རང་རིག་བདེན་པ་མཐོང་བ་ཡིན། །རིག་པའི་བདེན་པ་འདི་ལྟ་སྟེ། །འོད་སྣང་མཐོང་དུས་མཁྱེན་སྣང་གཟུགས། །དག་པའི་སྣང་བ་རང་གྲོལ་འགྱུར། །རྣམ་དག་ཀློང་དུ་ཆོས་ཟད་ནས། །ཀུན་བཟང་བྷ་གར་འུབ་ཆུབ་སྟེ། །རྫོགས་ལྡན་ཡོད་ཏན་འོད་ཟེར་འཕྲོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སེམས་ཅན་གྱི་གྲོལ་མཐའ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱི་གསོལ་པ། །ཨེ་མ་ཡུམ་ཆེན་ཀུན་བཟང་ལགས། །འཁོར་འདས་མ་གྲུབ་སྔོན་རོལ་ན། །སྤྱི་གཞི་ཆེན་པོ་ཇི་ལྟར་གནས། །བདག་ཅག་རྣམས་ལ་གསུང་དུ་གསོལ། །ཞེས་ཞུས་པ་དང་། སྟོན་པས་ལན་དུ་བཀའ་སྩལ་པ་ནི། ཀྱེ་ཧོ་རིག་གདངས་འཁོར་རྣམས་ཉོན། །ཐོག་མ་འཁོར་འདས་མ་གྲུབ་གོང་། །རིག་པ་སྟོང་གསལ་མ་འགག་པ། །ངོ་བོ་སྟོང་པ་ནམ་མཁའ་འདྲ། །རང་བཞིན་གསལ་བ་འཇའ་ཚོན་འདྲ། །ཐུགས་རྗེ་འགགས་མེད་ནོར་བུ་འདྲ། །དཔེར་ན་མན་ཤེལ་མདངས་དང་མཚུངས། །སུས་ཀྱང་བྱས་པ་མ་ཡིན་ཏེ། །ལྷུན་གྲུབ་གདོད་མའི་སྤྱི་གཞི་ཟེར། །ངོ་བོ་སྟོང་ཕྱོགས་ངོས་དག་ནས། །འཁོར་དང་འདས་པའི་ཆོས་རྣམས་མེད། །རང་བཞིན་གསལ་བའི་ཆ་ཙམ་ལ། །སྐུ་དང་ཡེ་ཤེས་ཞིང་ཁམས་གསལ། །ཐུགས་རྗེ་ཉིད་ཀྱི་ངོས་ཕྱོགས་ན། །འཁོར་འདས་སྣང་སྟོང་གཉིས་སུ་མེད། །ཆོས་ཅན་ཆོས་ཉིད་གཉིས་སུ་མེད། །འཇའ་འོད་ནམ་མཁའ་དབྱེར་མེད་ལྟར། །མཁའ་དང་གསང་བ་དབྱེར་མེད་དོ། །གཤིས་ལུགས་ཀུན་ཁྱབ་བྷ་ག་ཡངས། །ཆོས་ཉིད་ལྷུན་གྲུབ་ཞེས་སུ་བཤད། །གདངས་ལ་སྣང་ཆ་མ་འགགས་ཤར། །ཆོས་ཅན་ལྷུན་གྲུབ་ཞེས་སུ་བཤད། །གཉིས་ཆོས་འཛིན་ཆ་རང་སར་གྲོལ། །གཉིས་མེད་ལྷུན་གྲུབ་མཐའ་གྲོལ་ཡིན། །སུས་ཀྱང་བྱས་པ་མ་ཡིན་ཏེ། །སྲ་བ་བརྟན་པ་མཐར་ཐུག་པ། །བདེར་གཤེགས་སའི་སྙིང་པོ་ཡིན། །འཁོར་འདས་ཆོས་རྣམས་ཐམས་ཅད་ལ། །ལྷུན་གྲུབ་མ་ཡིན་གཞན་མེད་པས། །བཟང་ངན་འཕོ་འགྱུར་མེད་པའོ། །འགག་མེད་རྩལ་དུ་ཤར་བའོ། །བདེན་པ་རང་རྒྱུད་ག་ལ་ཡོད། །མཐའ་བྲལ་ལྷུན་གྲུབ་ཕྱོགས་ལྷུང་བྲལ། །ཀ་ནི་སྔ་ཕྱིའི་ཐོག་མཐའ་ལ། །དག་པ་མིང་ལས་འདས་པ་སྟེ། །སྣང་མཐའ་སྟོང་མཐའ་བྲལ་བས་ན། །ཅིར་ཡང་ཁས་ལེན་བྲལ་བ་ཡིན། །འཁོར་འདས་ཆོས་ཀུན་ཡོངས་རྫོགས་པས། །མ་སྤང་རོལ་པ་ཆེན་པོའོ། །བློའི་ཆོས་ཀྱང་རང་བཞིན་མེད། །ཡེ་ཤེས་རིག་པའི་དྲི་མ་བྲལ། །ཡོད་སངས་མེད་པས་རྒྱས་པ་མིན། །ཕྱིའི་སྣང་རྒྱ་མ་རལ་ཏེ། །ནང་གི་འོད་ལྔ་མ་འགགས་པས། །བེམ་པོས་རིག་པ་གཡོགས་པ་མིན། །རིག་པ་བེམ་པོར་ཚུད་པ་མིན། །རྩལ་ཤུགས་ཡོད་སྟེ་རྩལ་མ་རྫོགས། །ས་བོན་ཡོད་སྟེ་ལོ་འདབ་མེད། །གཞོན་ནུ་བུམ་པའི་སྐུ་རུ་བཞུགས། །དེ་ལ་དབང་པོའི་ཁྱད་པར་གྱིས། །འདོད་ལུགས་མི་གཅིག་དུ་མ་སྣང་། །གཞི་ནི་ལྷུན་གྲུབ་འདོད་པ་དང་། །མ་ངེས་པ་རུ་འདོད་པ་དང་། །སྲ་བརྟན་ངེས་ཅན་གཞི་མ་དང་། །ཅིར་ཡང་བསྒྱུར་དུ་བཏུབ་པ་དང་། །ཅིར་ཡང་ཁས་ལེན་བྲལ་བ་དང་། །ཅིར་ཡང་ཁས་མི་ལེན་པ་དང་། །གཞི་ནི་སྟོང་གསལ་འདོད་པ་སོགས། །དབང་པོ་རེ་ལ་འདོད་སྣ་རེ། །བློ་སྣ་རེ་ལ་ཐེག་པ་རེ། །ཐེག་པ་རེ་ལ་གྲུབ་མཐའ་རེ། །དཔེ་ན་སྤོས་ཀྱི་གླང་པོ་ཉིད། །མུན་ལོང་དག་གིས་མཐོང་བ་འདྲ། །སྐྱེས་པ་འམ་ནི་བུད་མེད་ཅིག །ཉེ་འབྲེལ་རང་རང་བསྙན་མིང་རེ། །ལ་ཁའི་སྐྱེར་ཕུང་གཅིག་ཉིད་ལ། །མཐོང་སྣང་དགུ་རུ་སྣང་བའམ། །འབྱུང་བ་ཆུ་ཉིད་གཅིག་པུ་ལ། །རིགས་དྲུག་སྣང་བས་མཐོང་ཚུལ་རེ། །དུ་མར་སྣང་བ་རི་བྲན་འདྲ། །ལྷུན་པོའི་རྩེ་ལ་བལྟས་གྱུར་ན། །གླིང་བཞི་གླིང་ཕྲན་གསལ་བའོ། །མིག་ལྡན་དག་གིས་བལྟས་ཙམ་ན། །གླང་པོ་རྫོགས་པ་མཐོང་བ་ལྟར། །ལྟ་བའིི་རྒྱལ་པོ་འདི་ཉིད་ཀྱིས། །ཡིན་ལུགས་ཀུན་གཞིར་བསྟན་པའོ། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཐོག་མའི་ཀུན་གཞི་བསྟན་པའི་ལེའུ་སྟེ་ཉི་ཤུ་ཐམ་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །མ་དག་འཁྲུལ་སྣང་གང་ལས་བྱུང་། །སེམས་ཅན་འཁྲུལ་གཞི་བསྟན་དུ་གསོལ། །ཞེས་གསོལ་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་ཡུམ་ཆེན་མཁའ་འགྲོ་རྣམས། །གཞི་དང་གཞི་ཤེས་རྩལ་ཉིད་ལ། །མ་དག་འཁྲུལ་པའི་གཞི་མ་ནི། །གདོད་མའི་ཀུན་གཞི་བུམ་སྐུ་ལ། །ཡེ་ཤེས་དག་གིས་རང་རླུང་གིས། །གཡོ་འམ་དེ་ནི་མི་གཡོ་ན། །བྱ་ཕོད་རྐྱེན་མེད་འགུལ་ཙམ་གནས། །རིག་པ་རང་རླུང་སྟོང་པ་ལ། །རིག་གདངས་མཁའ་ལ་སྒོ་ཕྱེ་བས། །རིག་རྩལ་ཐུགས་རྗེ་ལམ་གྱི་ཤར། །ལྷུན་གྲུབ་འོད་དུ་མེར་མེར་གསལ། །དཔེར་ན་མུན་ནག་རྒྱ་སྐར་ལ། །ཤེལ་དཀར་ཉི་ཞུར་ཕོག་པ་ལྟར། །ཡུལ་ལ་རང་མདངས་ཕྱམ་མེ་ཤར། །ལྷུན་གྲུབ་སྣང་བ་དེ་རྣམས་ལ། །བདག་དང་གཞན་གྱི་རྟོགས་པ་དང་། །ནང་དང་ཕྱིའི་སྣང་བ་ཤར། །སྣང་བ་སེམས་ཀྱི་བརྟག་དཔྱད་པས། །ཕྲ་རགས་སྦོོམ་གསུམ་ཡིད་དུ་འགྱུ། །རྒྱུ་རྐྱེན་བདག་རྐྱེན་དམིགས་པའི་རྐྱེན། །དེ་མ་ཐག་བཞིས་མཚམས་སྦྱར་ནས། །ངོ་བོ་གཅིག་ལ་རྣམ་པ་གཉིས། །ག་པུར་རྐྱེན་གྱིས་བསྒྱུར་བ་ལྟར། །ཡིད་དྲུག་གིས་ནི་ཉིང་མཚམས་སྦྱར། །ཀུན་ཏུ་ཚོལ་བར་བྱེད་པའི་ཡིད། །གཏན་ལ་དབབ་པར་བྱེད་པའི་ཡིད། །ངེས་པར་འཇོག་པར་བྱེད་པའི་ཡིད། །འགྱུ་བྱེད་ཐམས་ཅད་འཛིན་པའི་ཡིད། །སྣ་ཚོགས་སྡུད་པར་བྱེད་པའི་ཡིད། །ཉོན་མོངས་སེར་སྣ་ཅན་གྱི་ཡིད། །དྲུག་པོ་རང་རང་བྱེད་ལས་དཔྱད། །དོན་ལ་ཐུགས་རྗེ་རྩལ་ཤར་ཡིན། །འོད་ལྔ་རང་མདངས་མ་རིག་པས། །ཡེ་ཤེས་ལྔ་ལ་ཁ་དོག་འཐས། །དེ་ལ་ཐིག་ལེའི་རྣམ་པ་ལ། །དེ་ཉིད་ཨ་འཐས་གཟུགས་དབྱིབས་འགྱུར། །དེ་ལས་ཨ་འཐས་འབྱུང་ལྔ་འགྱུར། །མཁྲིས་ནད་ཅན་གྱི་དུང་སེར་རམ། །ལིང་ཐོག་ཅན་གྱི་གང་མཐོང་མཚུངས། །ང་དང་བདག་ཏུ་ཐེར་ཟུག་པ། །མཁའ་ལ་རླུང་བརྟེན་དེ་ལ་ཆུ། །དེ་ལས་གསེར་རི་བང་རིམ་བཅས། །ཅོག་དང་གླིང་ཕྲན་འཁོར་ཡུག་བཅས། །ཉི་ཟླ་གཟའ་སྐར་སྟོང་གསུམ་མཆོག །འདོད་ཆགས་ཤ་གཟུགས་ཡིད་གཟུགས་སོགས། །དུ་མས་བདག་ཉིད་དུག་ལྔ་བྱས། །ཐུགས་རྗེ་འགགས་མེད་བཅུད་དུ་འཁྲུལ། །རྣམ་རྟོག་ཕྲ་རག་སྦོམ་གསུམ་ལ། །འདོད་དང་གཟུགས་དང་གཟུགས་མེད་ཀྱིས། །ཁམས་གསུམ་པོ་ནི་དེ་ལས་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང་། །རྣམ་ཤེས་ཅུང་ཟད་མེད་པའི། །གཟུགས་མེད་རྣམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་གོང་དུ་འཐིབ་པའི་ཚུལ། །དེ་ལ་ང་བདག་འཛིན་པའི་ས། །སྐྱེ་བ་རྣམ་པ་བཞི་རུ་འགྱུར། །བལྟས་དང་དགོད་དང་ལག་བཅང་དང་། །དབང་པོས་སྒོ་སྦྱར་འདོད་ཆགས་བཞིས། །ཕོ་མོ་སྒོ་འདོད་ཉི་ཟླ་འབྱུང་། །ཡིད་དྲུག་སྒོ་དྲུག་ཞུགས་པ་ལས། །ཨ་ཏྲི་ནྲྀ་སུ་པྲེ་དུ་སོགས། །ཡི་གེ་དྲུག་ཏུ་ཨ་འཐས་པས། །ཚོགས་དྲུག་ཡུལ་དྲུག་སྣང་བར་འགྱུར། །དེ་ལ་དགག་སྒྲུབ་སྤང་བླང་གིས། །ཚོགས་དྲུག་ངོ་བོ་བྱུང་ཚོར་མྱོང་། །དེ་ཡང་བཟང་ངན་ལུང་མ་བསྟན། །གསུམ་གྱིས་བསྡུས་ནས་སྨིན་པ་ལ། །སངས་རྒྱས་ཞིང་སྲིད་སེམས་ཅན་གནས། །འཕགས་པའི་ས་ལམ་སྲིད་པ་སྟེ། །སྲིད་པ་གསུམ་གྱི་རབ་བསྡུས་ནས། །རྒྱུན་ཆགས་འཁོར་བ་ཉིད་དུ་འཁོར། །ཡིན་མིན་རེ་དོགས་ཕྱི་ནང་ལ། །རང་མཚང་མ་རིག་བརྟག་པས་འཁྲུལ། །རྐྱེན་བཞི་རང་རྩལ་མ་ཤེས་པས། །ཡིད་རྟོག་གློ་བུར་རང་རྩལ་རྣམས། །བཀག་ཀྱང་མི་ཁོག་འོལ་འོལ་ཤར། །ཉོན་མོངས་སྡུག་བསྔལ་སྤྲིན་ཆེན་འཐིབ། །རྣམ་རྟོག་རེ་དོགས་སེར་ཆེན་འབེབས། །རང་སྣང་རང་གི་དགྲར་ལང་བས། །དར་གྱི་བུའི་ཁ་ཆུ་ལྟར། །ཀུན་གཞི་ཁྱིམ་འདྲའི་རྣམ་ཤེས་སྟོང་། །དགེ་སྡིག་བག་ཆགས་ཟས་ནོར་བསགས། །བདག་འཛིན་ཡིད་ཀྱི་ཆུང་མ་ལ། །དགག་བསྒྲུབ་འདོད་པའི་བུ་ཚ་སྐྱེས། །འདུ་བྱེད་གཞིའི་གཡོག་བྱས་ནས། །སེམས་བྱུང་རླུང་ཁྱོ་དང་འདྲ་བས། །ང་མེད་ཀུན་ལ་ང་རུ་འཛིན། །ལུས་ཀྱི་རྣམ་ཤེས་མནའ་མ་འདྲ། །དེའི་ཚོགས་དྲུག་འཁོར་དུ་ཚུད། །སྐྱེ་གནས་འཆི་ཁ་ཆོས་ཉིད་དང་། །སྲིད་པ་བར་དོ་བཞི་རུ་བསྐོར། །ཐོག་མ་ཐ་མ་བར་མེད་པར། །སྲིད་གསུམ་རིགས་དྲུག་ཀློང་དུ་འཁྱམས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། འཁྲུལ་གཞི་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་མ་ཡུམ་ཆེན་ཀུན་བཟང་མོ། །ཁམས་གསུམ་སེམས་ཅན་དེ་ལྟར་ན། །ཡུམ་ཆེན་ཁྱེད་ཉིད་ཇི་ལྟར་གྲོལ། །བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་མདངས་འཁོར་གྱི་ཚོགས། །གདོད་མའི་གནས་ལུགས་སྐུ་གསུམ་ཏེ། །ནོར་བུ་འོད་འབར་ཇི་བཞིན་མཚུངས། །དེ་ཡང་ལྷུན་གྲུབ་རང་སྣང་སྟེ། ཕྱི་ནང་རྒྱ་རུ་རལ་བའི་ཚེ། །རང་མདངས་རང་སྣང་ཤེས་པ་ལ། །རང་སྣང་རང་གྲོལ་རང་སངས་རྒྱས། །བསགས་སྦྱངས་དགེ་བ་བསགས་པ་མིན། །ངོ་བོ་སྟོང་པ་ཀ་དག་ནི། །ཆོས་སྐུ་བཅུ་དྲུག་བརྩེགས་པའི་ཚུལ། །མི་དམིགས་སྟོང་པའི་ཆོས་སྐུ་དང་། །གཡོ་མེད་གཞིའི་ཆོས་སྐུ་དང་། །རྣམ་པ་ཀུན་གསལ་ཆོས་སྐུ་དང་། །ཐུགས་རྗེ་འོད་ཟེར་ཆོས་སྐུ་དང་། །མི་འགྱུར་དབྱིངས་ཀྱི་ཆོས་སྐུ་དང་། །སྣང་བ་བརྡལ་བའི་ཆོས་སྐུ་དང་། །རང་བཞིན་བབ་ཀྱི་ཆོས་སྐུ་དང་། །རྐྱེན་བཅོས་དུམ་བུའི་ཆོས་སྐུ་དང་། །འཇའ་འོད་གསལ་བའི་ཆོས་སྐུ་དང་། །མ་འགག་འཕྲོ་བའི་ཆོས་སྐུ་དང་། །ཡུལ་རྣམས་སྡུད་པའི་ཆོས་སྐུ་དང་། །སྟོང་གསལ་ཆེན་པོའི་ཆོས་སྐུ་དང་། །བདག་མེད་འཆད་པའི་ཆོས་སྐུ་དང་། །བཟང་ངན་མེད་པའི་ཆོས་སྐུ་དང་། །རྣམ་རྟོག་ཟད་པའི་ཆོས་སྐུ་དང་། །གཞི་སྣང་འུབ་ཆུབ་ཆོས་སྐུ་དེ། །དེ་ཡང་ཇི་ལྟ་ཇི་སྙེད་མཁྱེན། །དག་པ་གཉིས་ལྡན་ཚུལ་དུ་བཞུགས། །རང་བཞིན་གསལ་བའི་ལྷུན་གྲུབ་ནི། །ལྔ་ཚན་སུམ་ཅུ་སོ་དྲུག་ཚུལ། །གཞི་ལྔ་ལམ་ལྔ་འབྲས་བུ་ལྔ། རིགས་ལྔ་ཡེ་ཤེས་ཉི་ཤུ་ལྔ། །སྟོང་པ་ལྔ་དང་ཡབ་ཡུམ་བཅུ། །ཕུང་པོ་ལྔ་དང་ཁམས་ལྔ་དང་། །འབྱུང་བ་ལྔ་དང་འོད་ལྔ་དང་། །ཕོ་ཡིག་ལྔ་དང་མོ་ཡིག་ལྔ། །ཡབ་ཡིག་ལྔ་དང་ཡུམ་ཡིག་ལྔ། །ཕྱོགས་ལྔ་དབང་པོ་ལྔ་དག་དང་། །ཡུལ་ལྔ་འོད་ལྔ་ཤེས་རབ་ལྔ། །རླུང་ལྔ་མཁའ་འགྲོ་སྡེ་ལྔ་དང་། ས་ལྔ་མེ་ལྔ་ཆུ་ལྔ་དང་། །ནམ་མཁའ་ལྔ་ལ་སོགས་པ་རྣམས། །དབྱེར་མེད་ཐིག་ལེ་གཅིག་ཏུ་བཞུགས། །དེ་ཡང་སྐྱེ་ཡོད་འཆི་བ་མེད། །ངེས་པ་ལྔ་ལྡན་ཚུལ་དུའོ། །ཐུགས་རྗེ་འགགས་མེད་རོལ་པ་ནི། །གཉིས་ཆོས་མ་ཟད་ཅི་སྲིད་བར། །གྲངས་བརྗོད་པ་ནི་མུ་མཐའ་ཡས། །གནས་དང་དུས་དང་ཆ་ལུགས་དང་། །འཁོར་དང་བསྟན་པ་མ་ངེས་པས། །ཆོས་སྐུ་ཀློང་ལ་གཡོ་མེད་འཕྲོ། །ལོངས་སྐུའི་ངོས་ནས་འགག་མེད་འཕྲོ། །སྤྲུལ་སྐུའི་ངོས་ནས་འཛིན་མེད་འཕྲོས། །དེ་རྣམས་ཐམས་ཅད་སྐུ་བཞི་སྟེ། །ཡེ་གྲོལ་བདལ་བའི་སྐུ་དང་གཅིག །རང་གྲོལ་གནད་ཀྱི་སྐུ་དང་གཉིས། །བསྐྱར་གྲོལ་བྱ་རྫོགས་སྐུ་དང་གསུམ། །འབད་གྲོལ་རྩོལ་བའི་སྐུ་བཞིའོ། །དེ་རྣམས་གཞོན་ནུ་བུམ་པའི་སྐུ། །ཀུན་བཟང་ངའི་བྷ་གར་འདུས། །དེ་ལྟར་རང་སྣང་རང་གྲོལ་ལ། །མི་འགགས་མི་འཛིན་ས་ལེ་བ། །བཅོས་བསྒྱུར་བྲལ་བའི་རིག་པ་ལ། །ཀ་དག་ཀུན་བཟང་བྷ་ག་ཟེར། །དེའི་གནས་ཚུལ་ཤེས་པ་ལ། །ཡེ་སངས་རྒྱས་པའི་སངས་རྒྱས་ཟེར། །དེའི་མཚན་ཉིད་རྟོགས་པ་ལ། །རང་སངས་རྒྱས་པའི་སྟོན་པ་ཟེར། །དེའི་རང་བཞིན་ཤེས་པ་ལ། །རྟོགས་པ་མངོན་འགྱུར་སངས་རྒྱས་ཟེར། །འཁོར་འདས་བྷ་ག་དེ་ལ་རྫོགས། །ཀུན་རྫོགས་ཐེར་གཟུགས་སངས་རྒྱས་ཟེར། །ངོ་བོ་སྟོང་པ་དངོས་སངས་པས། །ཆོས་སྐུ་དྲི་བྲལ་ཤེས་ལུགས་ཟེར། །འོད་མདངས་ཚོམ་བུ་རང་གྲོལ་བས། །རྫོགས་སྐུ་སྒྲོན་བཞིའི་སངས་རྒྱས་ཟེར། །རོལ་རྩ་མ་ཆགས་ཞན་སྤྱོད་པས། །སྤྲུལ་སྐུ་གཞན་དོན་སངས་རྒྱས་ཟེར། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། གྲོལ་གཞི་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །དེ་ལྟར་བདེ་གཤེགས་སྙིང་པོ་དེས། །སེམས་ཅན་ཀུན་ལ་ཁྱབ་ལགས་སམ། །ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། ཉོན་ཅིག་ཡུམ་ཆེན་མཁའ་འགྲོ་རྣམས། །བདེར་གཤེགས་སྙིང་པོ་སྟོང་གསལ་མདངས། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །ཏིལ་ལ་མར་གྱི་ཁྱབ་ལྟར་གནས། །ཕྱིའི་ནམ་མཁའ་གང་ཁྱབ་པ། །རིག་པ་དྲི་མེད་སྙིང་པོ་ཁྱབ། །འོ་མ་མར་གྱི་རྒྱུ་ཡིན་ཀྱང་། །མ་བསྲུབ་པ་རུ་དོན་མི་ནུས། །མེ་ལྕགས་མེའི་རྒྱུ་ཡིན་ཀྱང་། །རྟེན་འབྲེལ་མ་འཛོམ་བསྲེགས་མི་ནུས། །བུ་ཆུང་མིའི་རྒྱུ་ཡིན་ཀྱང་། །མ་གསོས་པ་རུ་དོན་མི་ནུས། །ཁྱབ་ནི་འཁོར་འདས་ཀུན་ལ་ཁྱབ། །གནས་ནི་ལྷུན་གྲུབ་ནང་དུ་གནས། །ཉི་མ་དག་དང་འོད་ཟེར་རམ། །ཆུ་དང་རླན་པ་ཇི་བཞིན་དུ། །ཡེ་ནས་ཐམས་ཅད་ལྷུན་གྱིས་གྲུབ། །རྒྱུ་ནི་སེམས་ཅན་ཡིན་པ་ལ། །ལམ་ལ་བསགས་སྦྱངས་བྱས་པའི། །འབྲས་བུ་སངས་རྒྱས་ཐོབ་པ་ཀུན། །བློ་དམན་དྲངས་ཕྱིར་བསྟན་པ་ཙམ། །ཡང་དག་དོན་ལ་གཉིས་ཆོས་འདས། །གང་ཡང་ཡིན་པ་སུས་རྟོགས་པས། ཀུན་འབྱུང་འཛིན་མེད་ཆེན་པོར་སྤྱོད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། བདེ་གཤེགས་སྙིང་པོ་འགྲོ་བ་ཀུན་ལ་ཁྱབ་ཚུལ་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ། །྅྅྅ དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱཻ་ཡུམ་ཆེན་ཀུན་བཟང་ཉིད། །དེ་ལྟར་བདེ་གཤེགས་སྙིང་པོ་དེ། །ཁྱད་པར་གང་ལགས་བསྟན་དུ་གསོལ། །ཞེས་ཞུས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་ཡུམ་ཆེན་མཁའ་འགྲོ་རྣམས། །རིག་པ་ཡེ་ཤེས་ནམ་མཁའ་འདྲ། །ནམ་མཁའ་བུམ་པས་བཅད་པ་ལྟར། །ཤ་གཟུགས་རྣམས་ལ་འདི་ལྟར་གནས། །འབྱུང་ལྔ་ཁམས་ལྔ་འདུས་པའི་དབུས། །ཙིཏྟ་མཆོང་གུར་སྨུག་པོའི་དབུས། །ཤེལ་གྱི་ཁ་བད་ཅན་ལ་གནས། །གསལ་ལ་དབང་པོའི་སྒོ་ལ་འདོན། །ཁྱབ་ནི་སྣང་སྲིད་ཀུན་ལ་ཁྱབ། །ཕྱི་རོལ་རྐྱེན་ལ་མཆེད་པར་སྣང་། །དོན་ལ་ཡིན་པ་ངེས་ཤེས་ཙམ། །བསྟན་དུ་མཚོན་བྱའི་ཐབས་རྣམས་ཟད། །སྒྲོན་བཞི་དུས་གཅིག་འཛོམ་པའི་ཚེ། །མཐོང་རྒྱུ་མེད་པའི་མཐོང་བ་དང་། །མྱོང་རྒྱུ་མེད་པར་མྱོང་བར་འགྱུར། །བརྡའ་སྦྱོར་བླ་མ་ངག་ལ་གསལ། །ཤེས་སུ་ཤེས་བྱའི་མཐའ་རྣམས་བྲལ། །ངོ་བོ་སྐུ་སྟེ་ཞལ་ཕྱག་ཚུལ། །རྣམ་པ་ཞི་ཁྲོ་མཁའ་འགྲོ་མ། །གང་ལྟར་དག་པ་དེ་ལྟར་ལས། །ངེས་པར་རྣམ་པར་གྲུབ་པ་ཎ། །གྲངས་ནི་འདུ་ཤེས་མ་ཟད་བར། །བརྗོད་པས་ལ་ཡང་ག་ལ་སྲིད། །ཐབས་ཤེས་ཡབ་ཡུམ་རྣམ་པ་ལ། །མདུན་རྒྱབ་མ་སྒྲིབ་ཟང་ཐལ་ལེ། །མངོན་ལྐོག་མེད་པར་རྗེན་ཧྲིག་གེ། །ཇི་ལྟ་ཇི་སྙེད་མཁྱེན་བརྩེ་ཡིས། །ཐུགས་རྗེའི་སྤྱན་ནི་ཁྲ་ཁྱུག་གེ །ཆེ་ཆུང་དཔག་པར་དཀའ་བ་སྟེ། །ཉུང་འབྲུ་སྟོང་གསུམ་དུས་གཅིག་འ ཁེང་། །སྟོང་གསུམ་ཉུང་འབྲུར་སྐད་ཅིག་འཛུད། །ཁ་དོག་ཕུག་རོན་འགུལ་བ་འམ། །སེང་གེའི་དཔྲལ་བ་འདྲ་བ་ཡིན། །ཀུན་ཤར་དབྱེའ་བ་མེད་པར་གསལ། །དེ་མདངས་ཀླད་པ་རྩ་འཁོར་ལྔར། །ཞི་ཁྲོ་རྟ་ཕག་མཁའ་འགྲོ་ཐུབ། །སྣ་ཚོགས་མི་སྲིད་མེད་པར་ཤར། །སྟོང་ཞིང་སྣང་ལ་རང་བཞིན་མེད། །རྟག་ཆད་བྲལ་བའི་དོན་ལྟ་ན། །རྣམ་དག་དབྱིངས་སྒྲོན་ངང་དུ་ལྟོས། །རིན་ཆེན་ཟུར་བརྒྱད་འགྱུ་བྱེད་རྩ། དུང་ཁང་ཀླད་རྒྱ་ལྟ་བྱེད་མིག །གཞལ་ཡས་ཕྱི་ནས་སྒྲོན་བཞི་ཤར། །སྣང་བཞི་ཤེས་ན་སྣང་བཞི་རྫོགས། །བར་དོ་བཞི་པོ་རང་གྲོལ་ནས། །གདིང་བཞི་ལོན་ནས་ཆོས་ཟད་དོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཁྱད་པར་རྟེན་བཞི་དང་། །ཡེ་ཤེས་ཀྱི་ངོ་བོ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱི་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །རིག་པ་ཡེ་ཤེས་དེ་ཉིད་ནི། །ལམ་ནི་གང་ལ་རྒྱུ་བ་ལགས། །ཞེས་པ་དང་། སྟོན་པས་ལན་དུ་བཀའ་སྩལ་པ། ཉོན་ཅིག་རིག་མདངས་འཁོར་རྣམས་ཉོན། །དེ་ལྟར་གནས་པའི་ཡེ་ཤེས་དེ། །རྒྱུ་ལམ་རྩ་མཆོག་དངས་པ་སྟེ། །སྤྱིར་ནི་ལུས་ཀྱི་ཀ་བ་ལྟར། །རྩ་གསུམ་གཤིབ་ནས་གནས་པ་ལྟར། །འཁོར་ལོ་ལྔ་པོ་ལུས་ཚུགས་འཛིན། །ལུས་ཀྱི་རྩ་རྣམས་དེ་ལ་བསྐྱེད། །ཇི་ལྟར་སྐུ་རྣམས་སྨིན་པར་བྱ། །རྩ་རླུང་ཐིག་ལེ་སྨིན་པ་དང་། འཁོར་ལོ་ཀུན་ཏུ་ཡིག་འབྲུ་སྨིན། །ཕུང་པོ་རྟེན་ཅན་གཟི་མདངས་བསྐྱེད། །དོན་དམ་འོད་ཀྱི་ཐིག་ལེ་ཡིས། །འཁོར་ལོ་ཀུན་གྱི་ཚད་གཡོ་བྱེད། ཀུན་རྫོབ་རྒྱུའི་ཐིག་ལེ་ཡིས། །ལམ་གྱི་འབར་འཛག་བོག་འདོན་ནུས། །རྣལ་འབྱོར་ཐབས་ལྡན་སྦྱོར་ཤེས་ན། །སྐད་ཅིག་བདེན་པས་ས་རུ་བསྒྲོད། །མཁས་པ་བཞི་པོ་གནད་དུ་ཟབ། །རྩ་གསུམ་ནང་ན་ཤེལ་སྦུབ་ཅན། །རྩེག་ཆུང་གཉིས་ན་ཀླད་རྒྱར་ཟུག །བ་མེན་རྭ་འདྲའི་མིག་ནས་འདོན། །ཁྲག་དང་ཆུ་སེར་མ་འགག་པ། །དཀར་གསལ་ནང་ན་ཟང་ཐལ་རྒྱུ། །ལམ་ཆེན་དེ་ནི་ཡེ་ཤེས་ལམ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡེ་ཤེས་ཀྱི་ལམ་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་བསྐུལ་བ། ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །ལམ་དེའི་སྒོ་དེ་གསུང་དུ་གསོལ། །ཞེས་ཞུས་པ་དང་། སྟོན་པས་ཡང་གསུངས་པ། ཉོན་ཅིག་རང་མདངས་མཁའ་འགྲོ་རྣམས། །རིག་པ་ཡེ་ཤེས་འཆར་སྒོ་ནི། །སྤྱིར་ནི་ལུས་ཀུན་ཐམས་ཅད་ཀྱིས། །རྩའི་སྒོ་ལ་འཆར་མོད་ཀྱི། །ཀུན་ཏུ་ཞལ་དུ་གནས་པ་ནི། །ཁྱད་པར་བུམ་ནང་མར་མེ་ཉིད། །བུ་གའི་སྒོ་ལ་གསལ་བ་ལྟར། །ལྐོག་གྱུར་སྒོ་ནི་སྨིན་མཚམས་ཏེ། །མཚན་སྣང་ལྟ་སྟངས་གཟིར་བས་མཐོང་། །ཞར་འབྱུང་སྒོ་ནི་རྣ་བ་གཉིས། །སྒྲ་རྩེ་དག་ལ་གཟིར་བས་འཆར། །དངས་མ་སྒོ་ནི་མིག་གཉིས་ཏེ། །རྒྱང་ནི་རིང་བ་ཐམས་ཅད་གཟིགས། །ཞགས་པས་བཏབ་བཞིན་འཛིན་པ་ནས། །རྒྱང་ཞག་ཆུའི་སྒྲོན་མ་ཟེར། །དཔེར་ན་མན་ཤེལ་སྒོ་དང་འདྲ། །འཁོར་འདས་སྣང་བ་སྟོན་པའམ། །ཉིན་མཚན་སྣང་བ་སྟོན་པར་བྱེད། །སྣང་དང་སྟོང་པ་འདིའི་བསྲེ། །ཕྱི་ནང་གཉིས་ཀྱིས་མཚམས་སྦྱོར་བྱེད། །གཟུགས་སོགས་ངོ་བོ་གཅིག་ཏུ་སྡུད། །དོན་རྣམས་སྣང་ཞིང་ཤན་ཡང་འབྱེད། །དེ་ཕྱིར་སྒོ་རྣམས་ཤེས་པར་བྱ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡེ་ཤེས་ཀྱི་སྒོ་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་བསྐུལ་བ། ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །སྒོ་དེ་ཤར་བའི་ཡེ་ཤེས་དེ། །ཡུལ་ནི་གང་ན་སྣང་བ་ལགས། །ཞེས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཀྱེ་མ་རིག་མདངས་འཁོར་རྣམས་ཉོན། །ཡེ་ཤེས་འཆར་བའི་ཡུལ་ཆེན་ནི། །སྤྱིར་ནི་འཁོར་འདས་ཐམས་ཅད་ཀུན། །ངའི་བྷ་གའི་ཀློང་ཡིན་ཏེ། །འཆར་བྱེད་དང་ནི་འཆར་ཡུལ་དང་། །གཉིས་འཛིན་བདུད་དུ་བཅད་པ་ལས། །ཁམས་གསུམ་འཁོར་བར་འཁྱམས་པ་ཡིན། །འོན་ཀྱང་མ་རྟོགས་སེམས་ཅན་ལ། །མ་ཕྱེ་བླུན་བྷཻཾ་བྱུང་སྲིད་པས། །ནང་དབྱིངས་རིག་སྟོང་འཆར་གཞི་སྟེ། །བར་དབྱིངས་རྩ་དཀར་དངས་པའི་ནང་། །ཁྲག་དང་ཆུ་སེར་མེད་པའི། །ཕྱི་དབྱིངས་ནམ་མཁའ་འདུས་མ་བྱས། །སྐྱོན་ཅན་མིང་གི་ནམ་མཁའ་དང་། ཁ་དོག་དབྱིབས་ཀྱི་ནམ་མཁའ་དང་། །རྒྱན་གྱི་ནམ་མཁའ་བུ་གའི་མཁའ། །སྣང་བའི་ནམ་མཁའ་དྲུག་ཡིན་པས། །འདུས་མ་བྱས་པའི་ནམ་མཁའ་ནི། །རིག་པའི་རྟེན་ཡིན་བེམ་སྟོང་སྟེ། །རིག་སྟོང་ཡེ་ཤེས་རྗེན་པར་འཆར། །གནད་གསུམ་གཟིར་བར་གྱུར་པ་ན། །ཉིན་དང་མཚན་ལ་ཁྱད་པར་མེད། །ཁ་དོག་དག་ལ་གསལ་འགྲིབ་མེད། །གདོས་བཅས་དག་ཏུ་བཅས་དུ་མེད། །ཡུལ་གསུམ་དུས་ཀྱི་ཤེས་པར་གྱིས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡེ་ཤེས་འཆར་བའི་ཡུལ་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱཻ་ཡུམ་ཆེན་ཀུན་ཏུ་བཟང་། །དེ་ལྟར་ཡུལ་དེར་རིག་པ་དེ། །ངོ་བོ་ཇི་ལྟར་འཆར་བ་ལགས། །ཞེས་ཞུས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་རང་རྩལ་རྣམས། །རིག་པ་ཡེ་ཤེས་ངོ་བོ་ནི། །སྨྲ་བསམ་གཏིང་དཔག་འདས་པའི་ཕྱིར། །གཟུགས་དབྱིབས་བརྗོད་པར་ག་ལ་ནུས། །ཀྱེ་ཧོ། གཞལ་བར་འོས་པ་ག་ལ་ཡིན། །འོན་ཀྱང་བསྐལ་བཟང་རེ་འགའ་ལ། །དཔེ་དོན་རྟགས་ཀྱིས་ངོ་སྤྲད་ཅིང་། །སྨིན་བྱེད་དབང་གི་ཚུགས་ཐུབ་ན། །ནམ་མཁའ་ཡངས་པའི་དཀྱིལ་དག་ཏུ། །ལྟ་སྟངས་གཟིགས་སྟངས་གནད་གཅུན་པས། །ཡེ་ཤེས་རིག་སྐུ་ལྷུག་པར་འཆར། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །དག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞག་ཆུའི་སྒྲོན་མ་རྣམས། །རེ་རེ་ལའང་བཞི་བཞི་སྟེ། །བཅུ་དྲུག་ལྷན་ཅིག་ལྷང་ངེ་འཛོམ། །ཆོས་ཉིད་མངོན་སུམ་སྣང་བ་ཟེར། །ཡིད་དཔྱོད་བློ་བྷཻཾ་བསྐྱར་ལ་འདོན། །དབང་པོ་ཉིད་ཀྱི་མངོན་སུམ་མཐོང་། །རྒྱང་ཞག་ཆུའི་སྒྲོ་སྒོ་ནི། །ཐེག་མཆོག་འདི་ལ་ཤིན་ཏུ་གཅེས། །ཤེས་རབ་རང་བྱུང་ཇི་སྙེད་པའི། །ཐེག་པ་གྲུབ་མཐའ་ཐེ་ཚོམ་གཅོད། །ཆོས་ཅན་མཚན་མ་ཅན་རྣམས་ཀུན། །ཆོས་ཉིད་མཚན་མ་མེད་པར་སྡུད། །བག་ཆགས་འཕྲལ་རྒྱུན་ཡིད་རྟོགས་ཆོད། །ཐིག་ལེ་སྟོང་པའི་སྒྲོན་མེ་ནི། །འཁོར་འདས་བསྲེ་བའི་མཚམས་སྦྱར་བྱེད། །རང་རླུང་དངས་བས་བཀྲག་མདངས་བསྐྱེད། །ཆེ་ཆུང་གཉིས་ལ་ཞི་ཁྲོ་འཆར། །རྩལ་རྫོགས་ཁྱུང་ཕྲུག་ཚར་བའམ། །སྦྲུམ་མ་ཟླ་གྲངས་ཐིམ་པ་འདྲ། །དག་དབྱིངས་སྒྲོན་མ་ཡུལ་ཡིན་ཏེ། །ཁྱད་པར་ཉམས་ཀྱི་ས་བོན་འདེབས། །སྟེང་ན་འཕེབ་དང་འོག་ནས་འདེགས། །ཕབ་བཟློག་སྐྱོན་གྱི་ངེས་མེད་སྣང་། །འདི་ལ་རྒྱུན་དུ་སུས་བྷཻཾ་པས། །གོང་དུ་འཕེལ་བར་མྱུར་དུ་བསྐྱོལ། །ལུས་འདི་ལྷ་ཁང་དག་དང་མཚུངས། །སྒྲོན་བཞི་འདུས་མཚུངས་ལྷ་ཁང་འདྲ། །རིག་སྐུ་གསལ་བ་ལྷ་མཐོང་འདྲ། །ལྷུན་གྲུབ་བུམ་སྐུ་བཞུགས་པ་འདྲ། །འོད་ཁྱིམ་སྣ་ཚོགས་འོད་ཟེར་འདྲ། །རིག་སྐུ་སྒྲོན་བཞི་འཁོར་འདས་ཀྱི། །བྱེད་ལས་ཐམས་ཅད་དུས་གཅིག་བྱེད། །དག་དབྱིངས་དག་ཏུ་ཆོས་རྣམས་འདུས། །ཡུལ་བྲལ་སྟོང་གསལ་སྤྲུལ་པའི་སྐུ། །སྟོང་གསལ་ལྷུན་སྡུག་བཀྲ་ལམ་མེ། །རང་རིག་རང་གསལ་བློ་བཟོའ་བྲལ། །འབད་རྩོལ་མེད་པས་བློ་ཞིག་པས། །རྡོ་རྗེ་ལུག་རྒྱུད་ཐིག་ལེ་བཅས། །ཁ་དོག་ཞིང་ཁམས་འགུལ་འཕྲེང་ཅན། །མུ་ཁྱུད་ར་བ་ཚོམ་བུར་བཅས། །རྟག་ཆད་མུན་སངས་སོ་མ་ལ། །དབྱིངས་ཀྱི་ནང་ན་བརྡལ་ལེ་ཁྱབ། །གཅེར་མཐོང་སྣང་གྲགས་རང་སར་གྲོལ། །བྱ་བྲལ་རང་བབ་འཕྱམ་མེ་བ། །འདི་ལ་གོམས་པ་སུས་རྙེད་པས། །མ་བསྐྱེད་དཀྱིལ་འཁོར་གཞི་ལ་རྫོགས། །མཐོང་བ་ཙམ་གྱིས་སྣང་སེམས་འདྲེས། །ཤེས་པ་ཙམ་གྱིས་མངལ་ཁ་འགེགས། །བསྟན་པ་ཙམ་གྱི་འཛིན་པ་སྟོང་། །གྲོལ་བ་རྩམ་གྱི་རང་ཚུགས་ཐུབ། །སྣང་བ་ཙམ་གྱི་གཞན་དོན་བྱེད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རིག་པའི་ངོ་བོ་ཇི་ལྟར་འཆར་ཚུལ་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ། །྅྅྅ དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱི་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །དེ་ལྟར་དག་པའི་ཡེ་ཤེས་དེའི། །དབྱེ་བ་བདག་ལ་གསུང་ན་ཡང་། །མ་དག་སེམས་བྱུང་དེ་ཉིད་ཀྱི། །གནས་ལམ་སྒོ་རང་ངོ་བོ་དང་། བྱེད་ལས་འབྲས་བུ་གསུང་དུ་གསོལ། །ཞེས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་ཡུམ་ཆེན་མཁའ་འགྲོའི་འཁོར། །མ་དག་སེམས་ཅན་ཉོན་ཡིད་ནི། །ཐོག་མའི་ཀུན་གཞི་གསུམ་ལྡན་ཏེ། །སྙིང་གི་དཀྱིལ་དུ་གནས་པ་ལ། །ཐུགས་རྗེ་འགྱུ་ཟེར་མ་འགག་པས། །སྲོག་རྩ་དམར་པོའི་ནང་ནས་འདོན། །རྩལ་མདངས་ཐལ་གྱི་གློ་བར་སོང་། །མ་རིག་པ་དེ་སེམས་དང་ཡིད། །དབུགས་དང་བཞི་པོ་དྲིལ་བ་ལ། །ཀུན་ལ་འཇུག་པའི་ཡིད་དུ་འགྱུར། །དེ་ཉིད་འཕེན་ལེན་སེམས་པ་ལ། །སེམས་ཞེས་བྱ་བར་ལོག་གིས་འགྱུར། །མ་ངེས་རྣམ་པ་དེ་དག་ལ། །རྟོག་དཔྱོད་སྟོང་པས་རྣམ་རྟོག་སྟེ། །བཟུང་བ་ཡུལ་ལ་ཨ་འཐས་ནས། །ང་དང་བདག་ཏུ་འཛིན་པ་ལ། །གཟུང་འཛིན་ཞེས་པ་མིང་དུ་བཏགས། །དེ་ལྟར་བག་ཆགས་ཀུན་གནས་པས། །བློ་ཞེས་བྱ་བ་བརྗོད་པའོ། །དུས་གཅིག་དུ་མར་འཆར་བ་ལ། །འཆར་སྒོ་ཞེས་པར་བཏགས་པ་ཡིན། །རྣམ་རྟོག་ཕྲ་རག་སྦོམ་གསུམ་གྱིས། །ལས་ངན་བསགས་ཀྱིས་ལུས་ངན་ལེན། །སྡུག་བསྔལ་རང་བསོགས་རང་གི་མྱོང་། །མ་རིག་པ་དེ་དམིགས་ཉིད་ལ། །གཞན་གསལ་རང་མ་མཐོང་བཞིན་སྒྲིབ། །སེམས་ཀྱི་ཡེ་ཤེས་དེ་ཉིད་བཏུམ། །རྣམ་རྟོག་དག་གིས་རང་གྲོལ་བསླད། །ཡིད་ཀྱི་རིག་རྩལ་རབ་ཏུ་གཡོགས། །དབུགས་ཀྱིས་བསྐྱོན་ནས་རྟ་ལ་ཞོན། །ལམ་ནི་རྩ་དམར་གཞུང་འདྲི་ཞུགས། །རྩ་ཆེན་གཉིས་ལ་རབ་ཏུ་འཕར། །སྒོ་ནི་རྩ་ཁམས་བ་སྤུ་ཀུན། །ཁྱད་པར་བུ་ག་དགུ་ལ་འཇུག །ཡང་དག་ཁ་དང་སྣ་ལ་རྒྱུ། །རྟགས་ནི་མེ་འོད་འཕྲོ་འཕྲོ་ཉིད། །སྤྲིད་པ་འབྱུང་བའི་དུས་སུ་འཆར། །ཡུལ་ནི་རྣམ་ཤེས་བསྡུ་བ་རྣམས། །ང་བདག་འགོང་པོས་རབ་ཏུ་སྡུད། །ངོ་བོ་དུག་ལྔ་དུག་གསུམ་ཡིན། །གྲངས་ནི་བརྒྱད་ཁྲི་བཞི་སྟོང་ངམ། །ནམ་མཁའ་གར་ཁྱབ་རླུང་དང་མཚུངས། །བྱེད་ལས་གཟུང་འཛིན་ངན་ལ་སོགས། །འབྲས་བུ་སྲིད་གསུམ་འཁོར་བར་འཁོར། །རིག་སྣང་སེམས་ཀྱི་ཚུར་གཡོགས་བས། །སྙིགས་མའི་དབྱིངས་སུ་དངས་མ་ཡལ། །ཡེ་ཤེས་སེམས་ཀྱི་ཕར་ལ་གཡོགས། །རང་གྲོལ་རང་བཅིངས་ཉིད་དུ་འགྱུར། །བག་ཆགས་འཐུག་པོའི་དབུས་སུ་འཐུམས། །སྔར་ཞེན་ལས་དེ་རྨི་ལམ་འདྲ། །ཕྱིས་འབྱུང་བག་ཆགས་ས་བོན་འདྲ། །རྒྱུ་རྐྱེན་འཛོམ་དུས་ཆོ་འབྲས་འདྲ། །ཁམས་གསུམ་འཁོར་ཞིང་རྒྱུད་དྲུག་འཁྱམས། །རང་གིས་རང་འཁོར་ལྟ་བ་ལོག །སྤྱོད་པ་ནོར་བས་འབྲས་བུ་འཁྲུལ། །སྲིད་གསུམ་ཐར་མེད་ཨ་ཙ་མ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། མ་དག་སེམས་ཀྱི་གནས་ལུགས་བཤད་པའི་ལེའུ་སྟེ་ཉེར་དགུ་པའོ། ། ྅྅྅྅྅྅྅྅྅྅྅དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱིས་བསྐུལ་བ། ཀྱཻ་ཡུམ་ཆེན་ཀུན་ཏུ་བཟང་། །དེ་ལྟར་སེམས་དང་ཡེ་ཤེས་ལ། །ངོ་གཅིག་བཟློག་པ་གཅིག་པ་ཡིན། །གློ་སྙིང་རྩ་སྒོ་རྟེན་གཞིའི། །ལུས་ཀྱི་ཆགས་ལུགས་གང་ལྟར་ལགས། །ཞེས་ཞུས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཀྱེ་མ་འདུས་པའི་འཁོར་ཚོགས་ཉོན། །གསང་སྔགས་བླ་མེད་ཐེག་པ་འདིར། །འཇུག་པར་འདོད་པའི་གང་ཟག་དེས། །ལུས་ཀྱི་ཆགས་ལུགས་མ་ཤེས་ན། །རྩའི་གནས་ལུགས་ག་ལ་ཤེས། །རྩའི་གནས་ལུགས་མ་ཤེས་ན། །རླུང་གི་གནས་ལུགས་ག་ལ་ཤེས། །རླུང་གི་གནས་ལུགས་མ་ཤེས་ན། །ཐིག་ལེ་ཡིག་འབྲུ་སྐུ་ཡེ་ཤེས། །རིག་པ་ལ་སོགས་ག་ལ་ཤེས། །དེ་རྣམས་གནས་ལུགས་མ་ཤེས་ན། །ཇི་ལྟར་སྒྲུབ་ཐབས་ཁ་གསག་ཅིང་། སྡུག་སྒྱུར་ངལ་བཏུབ་འབད་ན་ཡང་། བླུན་བྷཻཾ་ཁམས་གསུམ་བསྒྲུབ་པ་ཡིན། །དེ་ཕྱིར་འཁྲུལ་མེད་བློ་ལ་ཞོག །གནས་སྐབས་ཙམ་གྱི་ལུས་འདི་ཡི། རིག་པ་ཉིད་ཀྱི་རྟེན་གཞི་བྱེད། །དབང་ཅན་གཞན་དོན་སྤྲུལ་པ་དང་། །དབང་མེད་འཁོར་བར་འཁྱམས་བ་གཉིས། །འདྲ་འདྲ་རེ་ལ་ཁྱད་པར་ཆེ། །དབང་ཅན་ཡང་སྤྲུལ་ཞེས་པ་དེ། །ཆོས་སྐུའི་གདངས་ལ་ལོངས་སྐུ་ཤར། །ལོངས་སྐུའི་རྩལ་ལ་སྤྲུལ་སྐུ་ཤར། །སྤྲུལ་སྐུ་གདུལ་བྱའི་བློ་སྣང་དུ། །སྐྱེ་བཞི་ཤ་ཁྲག་ལྟར་སྣང་ངོ་། །དབང་མེད་དགེ་བའི་ས་བོན་གྱིས། །མཐོ་རིས་གནས་གཙང་ཐོབ་བ་དང་། །སྡིག་སྤྱོད་ངན་སོང་གསུམ་དུ་ཚུད། །ཐར་མེད་སྡུག་བསྔལ་མྱོང་བའོ། །དེ་ལྟར་སྐྱེ་བཞི་ཐ་དད་ཀྱང་། །འདི་རུ་མངལ་སྐྱེས་བཤད་པ་ན། །སྔ་མའི་སེམས་ནུབ་ཕྱི་མ་ཡིས། །སྣང་བ་མ་ཤར་བར་དེ་ལ། །བར་དོ་ཡིད་ཀྱི་ལུས་ཅན་ཟེར། །རྣམ་ཤེས་རླུང་གི་རབ་ཏུ་བཏེགས། །སེམས་གསལ་དབང་པོ་ཚང་ན་ཡང་། །སྐྱོབ་པའི་གྲོགས་དང་རྟེན་མེད་པས། །ཟས་གོས་དྲན་ཅིང་ཕྱོགས་བཅུར་རྒྱུག །བྱ་སྒྲོ་རླུང་གི་ཁྱེར་བའམ། །སྦྲང་མ་མཁའ་ལ་རླུང་ཁྱེར་འདྲ། །ཡབ་ཡམ་ཕྱད་ཕྱོད་ཤེས་པ་བུན། །རང་གི་གཉེན་འདུན་རྩར་ཕྱིན་ཡང་། །རང་དང་མི་མཐུན་ཕྱིར་ལོག་སྣང་། །ཕར་ལ་མཐོང་ཡང་ཚུར་མི་མཐོང་། །སྐད་ཅིག་ཤི་བར་ངོ་ཤེས་ནས། །ལུས་ཚོལ་བུ་ག་ཡོད་ཚད་ལ། །ཤ་གཡིབ་སྤྲང་འཐིབ་བཞིན་དུ་རུབ། །སྤྲང་མ་རླུང་འགག་ཇི་བཞིན་ཏེ། །ལ་ལས་ཞར་བའི་སྣང་བ་འཆར། །སྔོན་ནས་སྨོན་ལམ་ཆ་མཐུན་ཡིས། །ཕ་མའི་འདོད་སྲེད་འཛོམ་པའི་དུས། །ཚོགས་གཉིས་སྔོན་དུ་སོང་བ་ནི། །རིགས་མཐོ་འབྱོར་ལྡན་མངལ་དུ་འཇུག །བསོད་ནམས་མ་བསགས་ལས་ངན་ཅན། །སྡིག་འཕེལ་འོག་མའི་མངལ་དུ་འཇུག །རང་གིས་རང་ཉིད་མ་རིག་པས། །རྒས་ཤི་བར་དུ་རྒྱུན་ཆགས་འཁོར། །ཕ་མ་ཐིག་ལེ་གཉིས་ཤོར་ནས། །བདེ་བ་གཉིས་མཉམ་གནས་པའི་ཚེ། །རྣམ་ཤེས་ཨའི་རྣམ་པ་ཅན། །ཕའི་གཤང་བའི་ལམ་ལ་ཞུགས། །མའི་བྷ་གར་རིམ་གྱི་ཚུད། །སྔར་གྱི་སྡུག་བསྔལ་བྱུང་ཚོར་རྣམས། །སྐད་ཅིག་འགག་ནས་ཐིག་ལེ་ཐུམ། །བདེ་སྟོང་ངང་དུ་ཕྱམ་མེ་གནས། །བདུན་ཕྲག་དང་པོ་རླུང་གཡོས་ཚེ། །འབྱུང་ལྔའི་བྱེད་ལས་སོ་སོ་ཡིས། །མེར་མེར་པོ་རུ་ཆགས་པར་འགྱུར། །གཉིས་པ་ནུར་ནུར་གསུམ་པ་གོར། །བཞི་པ་ལྟར་ལྟར་ལྔ་པ་མཁྲང་མཁྲང་འགྱུར། །དྲུག་པ་ཁྱབ་འཇུག་ཉ་ལྟ་བུ། །བདུན་ཕྲག་བདུན་ལས་འབྱུང་བཞི་ལས། །རྩ་གསུམ་རྟ་རྔ་ཙམ་རེ་ཆགས། །འབྱུང་བ་བཞི་པོ་ཆགས་པ་ལ། །ཐིག་ལེ་དེ་ཉིད་ཆུའི་བཤིག །སས་མནན་མེས་བསྲེགས་རླུང་གི་གཏོར། །བརྒྱད་པ་སྙིང་དང་རྩ་ལྔ་ཆགས། །དགུ་པ་འཁོར་ལོ་ལྔ་ཆགས་ཏེ། །སྤྱི་བོར་རྩེ་མོ་རྣམ་བཀོད་དང་། །མགྲིན་བར་རོ་རྣམས་འདུས་པ་དང་། །སྙིང་གར་དྲན་པ་འཛིན་པ་དང་། །ལྟེ་བར་བསྐྱེད་པར་བྱེད་པ་དང་། །གསང་བ་བདེ་བ་མྱོང་བྱེད་ཆགས། །བཅུ་པ་རྩ་བྲན་སྲིན་བུ་ཆགས། །བཅུ་གཅིག་མ་ལ་མིག་གློ་ལྷང་། །གཟུགས་ཀྱང་རུས་སྤལ་ལྟ་བུ་ལ། །མའི་མཐོ་གང་ཙམ་ཚད་དུའོ། །བཅུ་གཉིས་རྩ་མདུད་ཐམས་ཅད་ཆགས། །བཅུ་གསུམ་སོང་བའི་དུས་ཚོད་དུ། །དབུགས་ཞེས་ཕྱི་ནང་རྒྱུ་བར་བྱེད། །བཅུ་བཞི་རུས་པའི་ཉ་རྣམས་ཆགས། །བཅོ་ལྔ་དག་ལ་ཤ་རྣམས་ཆགས། །བཅུ་དྲུག་ལྷ་བ་རྐང་མར་ཆགས། །བཅུ་བདུན་པགས་པ་སྐྲ་ཡང་ཆགས། །བཅོ་བརྒྱད་ལུས་ཀྱི་ཡན་ལག་ཆགས། །དཔེར་ན་སྤལ་པ་ལྟ་བུར་འགྱུར། །བཅུ་དགུ་ཉ་སུལ་ཆུ་སེར་ཆགས། །ཉི་ཤུ་ཉེར་གཅིག་ཉེར་གཉིས་ལ། །དོན་སྙིང་ལྔ་དང་ནང་རོལ་ཆགས། །གསུམ་བཞི་ལྔ་དང་དྲུག་རྣམས་ལ། །མཆིན་མཁྲིས་ཀླད་པ་གཞུང་པ་ཆགས། །བདུན་བརྒྱད་དགུ་ལ་གཞུང་པ་ཆགས། །སུམ་ཅུར་གློ་བ་རྒྱུ་མ་ཆགས། །ཚིལ་ལུ་བད་མཁྲིས་ལ་སོགས་ཆགས། །སོ་གཅིག་སོ་གཉིས་ལྟོག་སྣང་ཤར། །མས་ཟོས་བུ་ལ་ཕན་པར་འགྱུར། །སོ་གསུམ་སོ་བཞི་སོ་ལྔ་ལ། །ཁམས་ལྔ་ལུས་བཟུང་འཛིན་པར་བྱེད། །སོ་དྲུག་སོ་བདུན་སོ་བརྒྱད་ལ། །རླུང་དང་རྣམ་ཤེས་གཉིས་འཕྲད་ན། །ཚོགས་དྲུག་དྲན་པའི་སྣང་ཚོར་རྙེད། །སོ་དགུ་བཞི་བཅུ་ཐམ་པ་ལ། །སྔ་ཕྱི་ལེགས་ཉེས་ཐམས་ཅད་དྲན། །ཟླ་བ་དགུ་དང་ཞག་དགུ་སོང་། །ཕ་མ་སྐྱོན་ཅན་ཡིན་པའམ། །གདོན་ནམ་ནད་ཀྱིས་གཙིར་བའམ། །དབང་པོ་མ་ཚང་མི་འབྱུང་ན། །ཆགས་ལུགས་མི་འཁྲུག་གོང་ལྟར་ཆགས། །མངལ་འདིར་བཙོག་པའི་སྣང་བ་ཤར། །ལས་རླུང་སྟོབས་ཀྱི་མགོ་མཇུག་ལོག །མངལ་རྒྱ་རལ་སྣང་བག་ཆགས་ནུབ། །ཕྱི་མའི་ཉེ་ལེན་མ་འཕྲད་པར། །ཤེས་པ་མི་གསལ་ཉོག་ཉོག་པོ། །རྩ་རླུང་ཁམས་སྟོབས་མ་རྒྱས་པས། །ནད་གདོན་ལ་སོགས་ཤིན་ཏུ་སྡང་། །སྨན་རྩིས་སྲུང་གཏོའ་ལྷའི་སྐྱོབ། །ཤིན་ཏུ་ཤེས་པ་ཉམ་ཐགས་སོ། །དེ་ནས་ཁམས་ཀྱི་ཟས་ཟོས་པས། །དངས་མ་རྩ་དང་ཐིག་ལེར་བསྐྱེད། །སྙིགས་མ་ཤ་པགས་བསྐྱོད་པ་ལས། །འདོམ་གང་གྲུ་བཞི་ལུས་རྫོགས་ནས། །འཁོར་འདས་བྱ་བ་ཀུན་ལ་འཇུག །མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་དགུ་ནི་ས་བཅུའི་ཚུལ། །སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །རྒྱས་པར་ཟླ་ཤེལ་དྲ་བའི་འོད། །ཀློང་གསལ་ཕ་རྒྱུད་ལྟ་བར་གྱིས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། བརྟེན་གཞི་ལུས་ཀྱི་ཆགས་ལུགས་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །རྩའི་ཆགས་ལུགས་གསུང་དུ་གསོལ། །ཞེས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་འཁོར་རྣམས་ཉོན། །སྤྱིར་ནི་རྩ་ཞེས་བྱ་བ་བཤད་པ་ནི །འཁོར་འདས་གཉིས་པོ་འབྲེལ་པའམ། །སྣང་སྟོང་གཉིས་པོ་འབྲེལ་པའམ། །རྟག་ཆད་གཉིས་པོ་འབྲེལ་པའམ། །སེམས་རིག་གཉིས་པོ་འབྲེལ་པའམ། །དབྱིངས་སྒྲོན་འབྲེལ་ཕྱིར་རྩ་ཞེས་བཤད། །ཧྲིལ་གྱིས་དྲིལ་ན་འདི་ལྟར་ཡིན། །ལུས་ཆགས་ཉམས་སུ་རྩ་རླུང་དང་། །ཐིག་ལེ་སྐུ་དང་ཡེ་ཤེས་རྣམས། །དབྱེར་མེད་བརྩེགས་བའི་ཚུལ་དུ་གྲུབ། །འོད་ལས་ལུས་སུ་སྣང་བ་དང་། །སྒྲ་ལ་ངག་ཏུ་སྣང་བ་དང་། །ཟེར་ལ་སེམས་སུ་སྣང་བ་དང་། །སྐུ་ལ་གཟུགས་སུ་སྣང་བ་དང་། །ཡི་གེ་ཚིགས་སུ་སྣང་བ་དང་། །ཡེ་ཤེས་རིག་པ་ཤར་བ་ཡིན། འབྱུང་བ་ལས་ཀྱི་རྩ་རྣམས་ནི། །བ་སྤུའི་གྲངས་དང་མཉམ་པར་གནས། །དེ་ཡང་སྟོང་ཕྲག་བརྒྱད་ཅུར་འདུས། །དེ་ཡང་བཞི་བརྒྱ་རྩ་བཞིར་འདུས། །དེ་བསྡུས་འཁོར་ལོ་ལྔ་རུ་འདུས། །དེ་རྣམས་བཀོད་པ་སུམ་བརྒྱ་དྲུག་ཅུ་སྟེ། །རེས་འདུས་བརྒྱད་ནི་བཅུ་དྲུག་གོ། །སྙིང་གར་དྲན་པ་སུམ་ཅུ་གཉིས། །ལྟེ་བར་བསྐྱེད་བྱེད་དྲུག་བཅུ་བཞི། །གསང་བར་མྱོང་བྱེད་ཉི་ཤུ་བརྒྱད། །འཁོར་ལོ་ལྔ་པོ་དེའི་དབུས། །རོ་རྐྱང་དབུ་མ་གསུམ་པོ་ནི། །ཀ་བའི་ཚུལ་དུ་དྲང་པོར་གནས། །ཕོ་ནི་རྡོ་རྗེའི་རྣམ་པ་ལ། །མོ་ནི་དྲིལ་བུའི་ཚུལ་དུ་གནས། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་རྐང་མཐིལ་དུ། །ཨ་ཏྲི་ནྲྀ་སུ་པྲེ་དུ་དང་། །རིགས་དྲུག་སྦྱངས་པའི་ཡི་གེ་ཡང་། །ཨ་འ་ཧ་ཤ་ས་མ་དྲུག །དབྱེར་མེད་བརྩེགས་པའི་ཚུལ་དུ་གནས། །ཤེལ་སྤུབ་ཅན་ནི་ཐར་ལ་ཆེ། །ༀ་ཨཱཿཧཱུྃ་གསུམ་ལྷུན་གྲུབ་ཤར། །དག་པ་སྐུ་གསུམ་འཆར་གཞི་བྱེད། །བདེ་གསལ་མི་རྟོག་ལམ་རྟོགས་བྱེད། །འབྲས་བུ་སྐུ་གསུམ་སྨིན་པར་བྱེད། །རོ་མ་ཆུས་བསྐྱེད་རྐྱང་མ་ལ། །ཀུན་འདར་མ་ནི་རླུང་ཡིན་ཏེ། །ཀ་ཏི་ཤེལ་སྦུབ་མེ་འིས་བསྐྱེད། །རོ་མས་བྱང་སེམས་འབབ་རྟེན་བྱེད། །རྐྱང་མའི་སྙིང་རྩེའི་ཐད་ཉིད་ནས། །ཤེལ་སྦུབ་ཅན་དང་ཞར་འགྲོགས་ནས། །རྩེགས་ཆུང་གཡས་གཡོན་གཉིས་རྒྱུད་ལས། །ཀླད་དཀྱིལ་མིག་འབྲས་ནང་ལ་ཞུགས། །ཡེ་ཤེས་སྣང་བ་འཆར་ལམ་བྱེད། །ཀུན་དྷར་མ་ཞེས་བྱ་བ་ནི། །མར་སྣེ་གསང་བའི་གནས་སུ་ཟུག །རྩེ་མོ་གསུམ་དུ་སོང་བ་ལ། །དབུ་མ་སྤྱི་བོའི་གཙུག་ལ་ཟུག །ལྐོག་འགྱུར་སྒོ་ཡིན་དབྱིངས་སྒྲོན་འཆར། །འདི་ལ་ཉམས་སུ་སུས་ལེན་པ། །འབྲས་བུ་རེ་བ་མ་ཡིན་ནོ། །གཉིས་སྣང་རྣ་བ་གཉིས་ལ་ཟུག །ཡེ་ཤེས་རང་སྒྲ་འཆར་བར་བྱེད། །འདི་ལ་ཉམས་སུ་སུས་ལེན་པས། །འཁོར་འདས་སྐད་རྣམས་མྱུར་དུ་ཤེས། །མངོན་པར་ཤེས་པ་ཐོགས་མེད་འཆར། །ལུས་འདི་མི་འགྱུར་བརྟན་པའི་ཕྱིར། །རྩའི་ཐེམས་སུ་ཚུད་པ་ཡིན། །ངག་ནི་མི་འགྱུར་བརྟན་པའི་ཕྱིར། །ཡི་གེའི་ཐེམས་སུ་ཚུད་པ་ཡིན །ཡིད་ནི་མི་འགྱུར་བརྟན་པའི་ཕྱིར། །རླུང་གི་ཐེམས་སུ་གཟུད་པ་ཡིན། །གནས་དང་ཆགས་དང་འཇིགས་དང་སྟོང་། །ལྟེ་བ་དག་ལ་ཀུན་སྲིད་དོ། །རྩ་འདབ་དྲུག་ཅུ་རྩ་བཞི་གནས། །ཀུན་ལ་ཡི་གེ་རེ་རེ་གནས། །ཡི་གེ་རེ་ལ་ཐིག་ལེ་རེ། །ཐིག་ལེ་རེ་ལ་སྐུ་རེ་སྟེ། །སྐུ་རེ་ལ་ནི་ཡེ་ཤེས་རེ། །ཡེ་ཤེས་རེ་ལ་རིག་པ་རེ། །རིག་པ་རེ་ལ་ཐུགས་རྗེ་རེ། །དབུས་སུ་ཡི་གེ་ཧྲཱིཿ་དང་ནི། །པདྨ་མཁའ་འགྲོ་ཡབ་ཡུམ་ཚུལ། །དབྱེར་མེད་སྟོང་གསལ་འདུས་པར་བཞུགས། །དེ་ནས་སོ་བརྒྱད་འཇལ་བ་ན། །དྲན་བྱེད་སྙིང་ཁའི་འཁོར་ལོ་གནས། །གྲངས་མེད་བསམ་གྱིས་མི་ཁྱབ་ཀྱང་། །གྲངས་ཅན་སོ་གཉིས་དག་ཡིན་ཏེ། །བསྡུས་ན་བཞི་གཉིས་བརྒྱད་དུ་འདུས། །རང་བཞིན་ཡི་གེ་ཐིག་ལེའི་ཚུལ། །ཡི་གེའི་ལྟེ་བར་མ་ཧཱུྃ་དང་། །ཀུན་བཟང་རྟ་ཕག་ཡབ་ཡུམ་སོགས། །དབྱེར་མེད་སྟོང་གསལ་འདུས་པར་བཞུགས། །རྩ་ཡིག་ཧྲི་མ་ཡི་གེ་དང་། །ༀ་ལ་སོགས་པ་རེ་རེས་བརྒྱན། །དེ་རྣམས་ཀུན་བཟང་རྟ་ཕག་ཡིན། །རོ་འདུས་མགྲིན་པར་བཅུ་དྲུག་སྟེ། །དབུས་སུ་རི་ཙ་ཡི་གེ་གནས། །རིན་ཆེན་མཁའ་འགྲོ་ཡབ་ཡུམ་སོགས། །དབྱེར་མེད་སྟོང་གསལ་འདུས་པར་བཞུགས། །རྩ་ནང་རེ་ན་རི་ཙ་སོགས། །ཡི་གེ་རེ་རེའི་ནང་དུ་གནས། །དེ་རྣམས་རིན་ཆེན་ཡབ་ཡུམ་ཡིན། །རྣམ་པར་བཀོད་པའི་རྩེ་མོ་ནས། །གདུགས་ཀྱི་རྩིབ་མ་བརྒྱང་ཞིང་གནས། །རྩ་འདབས་སུམ་བརྒྱ་དྲུག་ཅུ་ཡོད། །རག་པ་སུམ་ཅུ་རྩ་གཉིས་ཡིན། །དབུས་སུ་ཧ་རི་ཡི་གེ་གཉིས། །དཀར་གསལ་ཐིག་ལེའི་དབུས་ན་བཞུགས། །རྩ་འདབ་ཀུན་ལའང་ཧ་རི་སོགས། །ཡི་གེ་འབྲུ་རེ་རང་བཞིན་གནས། །དེ་རྣམས་རྡོ་རྗེ་མཁའ་འགྲོ་ཡིན། །ལྟེ་བར་ལས་ཀྱི་རྩ་རྣམས་ནི། །དཔེར་ན་ཤིང་གེར་མེ་ཏོག་བཞིན། །ནུས་པ་ཀླད་པར་སྨིན་ཅིང་ཟུག །དབང་པོའི་སྒོ་ནས་བཏོན་ནས་བཟུང་། །བྱེད་ལས་དུ་མ་བྱས་པ་ལ། །འཁོར་འདས་གཉིས་སྣང་སྟོན་པར་བྱེད། །གསང་གནས་བདེ་བ་མྱོང་བྱེད་ནི། །རྩ་འདབ་ཉི་ཤུ་རྩ་བརྒྱད་ཡིན། །ལྟེ་བར་ཕ་མའི་ཁུ་ཁྲག་དང་། །ཡི་གེ་ཡ་དང་ས་རུ་གནས། །ཀརྨ་མཁའ་འགྲོ་ཡབ་ཡུམ་ཡིན། །དབྱེར་མེད་སྟོང་གསལ་འདུས་པར་བཞུགས། རྩ་འདབ་ཀུན་གྱི་སྣ་དག་ལ། །ཡི་གེ་འབྲུ་རེ་བརྒྱན་པའོ། །གཞན་ཡང་བ་སྤུ་རེ་རེ་ལ། །རྩ་རེའི་ནང་ན་རླུང་ཐིག་རེ། །ཡི་གེ་འབྲུ་བརྒྱའི་ས་བོན་ཏེ། །དམ་པ་རིགས་བརྒྱའ་ཞི་ཁྲོའི་ཚུལ། །འཇིག་རྟེན་ཤ་ཟ་སྣ་ཚོགས་དང་། །དམ་ཚིག་མཁའ་འགྲོ་ཆོས་སྐྱོང་སོགས། །ཡིག་འབྲུ་མ་ངེས་དུ་མར་སྣང་། །འབྱུང་བཞིའི་དཀྱིལ་འཁོར་སངས་རྒྱས་ཞིང་། །འཁོར་ལོ་ལྔ་ནི་རིགས་ལྔ་གནས། །ཕུང་པོ་ཐམས་ཅད་ལྷ་ཚོགས་ཉིད། །སེམས་ནི་ཡེ་ཤེས་ཆེན་པོ་ཉིད། །ཡི་གེ་ཐིག་ལེ་སྐུ་རིག་དང་། །ཡེ་ཤེས་ཐུགས་རྗེ་དབྱེར་མེད་པས། །སྣང་སྟོང་མཐའ་བྲལ་ཏིལ་གང་འདྲ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡི་གེའི་གནས་ལུགས་གསུང་པའི་ལེའུ་སྟེ་སོ་གཅིག་པའོ། ། ྅྅྅ དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཨཻ་མ་ཡུམ་ཆེན་ཀུན་ཏུ་བཟང་། །རླུང་གི་གནས་ལུགས་གསུང་དུ་གསོལ། །ཞེས་ཞུས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་ཡུམ་ཆེན་མཁའ་འགྲོའི་འཁོར། །གཡོ་བ་རླུང་གི་གནས་ལུགས་ནི། །རླུང་གི་མ་ཁྱབ་མེད་པ་ལྟར། །གཉིས་ཆོས་ཤེས་བྱས་བསྡུས་པ་ལ། །ཡེ་ཤེས་རླུང་གི་མ་ཁྱབ་མེད། །མདོར་བསྡུས་ལུས་ལ་གནས་ལུགས་ནི། །རྒྱས་པར་ཕ་རྒྱུད་ནང་ནས་གསལ། །ལས་རླུང་ཡེ་ཤེས་རླུང་ལ་འདུས། །ཡེ་ཤེས་རླུང་དང་སེམས་གཉིས་འདྲེས། །སེམས་དེ་ལས་ཀྱི་རླུང་དང་འདྲེས། །རླུང་སེམས་གཉིས་མེད་རྣམ་ཤེས་དེས། །འཁོར་འདས་འཇུག་བྱེད་ལས་རྣམས་སྡུད། །མ་རྒྱུད་ལ་སོགས་འགག་འགའ་ན། །སྣ་བུག་གཡོན་འགྱུ་སྲོག་ཡིན་ཏེ། །གཡས་ན་རྒྱུ་བ་རྩོལ་བར་འདོད། །ཕ་རྒྱུད་ལ་སོགས་འགའ་འགའ་ན། །ནང་དུ་འཇུག་པ་སྲོག་ཡིན་ཏེ། །ཕྱི་རུ་འབྱུང་བ་རྩོལ་བར་འདོད། །འདིར་ནི་སྲོག་ཉིད་རླུང་ཡིན་ཏེ། །རྩོལ་བ་འགག་པར་བྱེད་པ་ཡིན། །ཉིན་ཞག་ཕྲུགས་གཅིག་ནང་དག་ཏུ། །ལྔ་སྟོང་བཞི་བརྒྱའ་ས་རླུང་སྟེ། །མེ་ཆུ་གཉིས་ཀྱང་དེ་ཙམ་སྟེ། །ཉི་ཁྲི་གཅིག་སྟོང་དྲུག་ཕྲག་ཏུ། །དེ་ཉིད་བཟུང་བྱེད་ཐབས་ལ་ཡང་། །བུམ་པ་ཅན་གྱིས་ཚད་བཟུང་སྟེ། །པུས་མོ་ཐལ་མོ་ཡུད་རེ་བསྐོར། །སེ་གོལ་བརྡེག་པའི་ཡུན་ཚད་ལ། །སུམ་ཅུ་རྩ་དྲུག་བུམ་ཆུང་ལ། །བདུན་ཅུ་རྩ་གཉིས་བུམ་འབྲིང་ལ། །བརྒྱ་དང་རྩ་བརྒྱད་བུམ་ཆེན་ཡིན། །དེ་འདྲ་ཐུན་ཐུན་རྒྱུན་བྷཻཾ་ལ། །རྩ་མདུད་གྲོལ་ནས་མཆོག་ཐུན་གྲུབ། །དེ་ལྟར་རླུང་ཆེན་རླུང་འབྲིང་གིས། །བྱེད་ལས་གྱེན་རྒྱུ་མཐུར་སེལ་སོགས། །ལྔ་ཚན་ལྔའི་ལས་ཀུན་བྱེད། །འཐས་པ་མ་ཡིན་སྲ་བའི་རླུང་། །ས་དང་ཤའི་གཞི་མ་ཡིན། །གཡོ་བ་མ་ཡིན་བསྐྱོད་པའི་རླུང་། །རླུང་དང་དབུགས་ཀྱི་གཞི་མ་ཤར། །ཚ་བ་མ་ཡིན་བསྲེག་པའི་རླུང་། །མེ་དང་དྲོད་ཀྱི་གཞི་མ་ཤར། །རླན་པ་མ་ཡིན་གཤེར་བ་ཡིན། །ཆུ་དང་ཁྲག་གི་གཞི་མ་ཤར། །མཐའ་ཆད་མ་ཡིན་སྟོང་པའི་རླུང་། །ནམ་མཁའ་སེམས་ཀྱི་གཞི་མ་ཤར། །ནམ་མཁའ་མེད་ན་རླུང་མི་འབྱུང་། །ཡུམ་མཁའ་མེད་ན་ཡབ་མི་འབྱུང་། །སྟོང་པ་མེད་ན་སྣང་མི་འབྱུང་། །རྩ་མེད་རླུང་ཡང་ག་ལ་འབྱུང་། །མྱང་འདས་མེད་ན་འཁོར་བ་མེད། །བདེ་མེད་སྡུག་བསྔལ་ག་ལ་འབྱུང་། །རྩ་རླུང་ཐིག་ལེ་ཡེ་ཤེས་རླུང་། །ཕྱི་ན་རོ་གཅིག་གོ་སྦྱོར་ཨཱོཾ། །མ་ཤེས་ཕྱོགས་ལོག་ཐར་ལམ་འགག །རླུང་རིག་འཕྲད་ཀྱི་ཤེས་ཙམ་ན། །སེམས་འགྱུ་རྟོགས་པ་ཨར་སངས་ནས། །སྤྲིན་དང་ནམ་མཁའི་དཀྱིལ་ལྟ་བུ། །ཟག་བཅས་ལུས་ནི་འོད་དུ་ཡལ། །ཡེ་ཤེས་རླུང་དང་རང་ས་ཟིན། །སྐུ་གསུམ་ཕྱིར་མི་བཟློག་པ་ཐོབ། །ཕྱིའི་རྣམ་བཤད་དེ་ལྟར་ཏེ། །དགོས་སུ་ལུས་གནད་འདི་ལྟ་སྟེ། །འགེགས་བྱེད་རླུང་ནི་ལྷུ་ཚིགས་གནས། །ཁ་དོག་དཀར་པོའི་ཚུལ་དུའོ། །གཟི་མདངས་བསྐྱེད་པ་སྨིན་ཕྲག་གནས། །སེར་པོ་ལུས་ཀུན་ཁྱབ་པའོ། །མེ་མཉམ་ཕོ་བའི་སྟེང་ན་གནས། །ཁ་དོག་དམར་པོ་ཟས་འཇུའོ། །དངས་སྙིགས་འབྱེད་པའི་ཕོ་ལོང་གནས། །ཁ་དོག་ལྗང་གུའི་རྣམ་པ་ལ། །གྱེན་རྒྱུ་སྲོག་གི་ཀ་བ་འཛིན། །དངས་མ་ཕུང་པོ་ཁམས་རྣམས་བསྐྱེད། །སྙིགས་མས་དྲི་ཆེན་དྲི་ཆུར་བྱེད། །གསང་བའི་ལམ་ལ་མཐུར་འདོར་རོ། །སྙིང་རྗེ་མེད་པའི་ལས་རླུང་ནི། །མཐིང་ནག་འོད་བཅས་སྙིང་ན་གནས། །རིག་པ་དང་ནི་ལྷན་གཅིག་གོ། །ཁྱད་པར་སྲོག་རྩའི་ནང་ན་གནས། །དེ་གཡོ་སྙིང་རླུང་སྨྱོ་འབོག་འབྱུང་། །དེ་མལ་འཆུག་ན་སྲོག་ཆད་དོ། །བྱེ་བྲག་འཁོར་ལོ་ལྔ་པོ་ནི། །སྤྱི་བོ་ཆུ་རླུང་མགྲིན་པ་ས། །སྙིང་ཁ་ནམ་མཁའ་ལྟེ་བར་མེ། །གསང་བར་རླུང་གི་རླུང་གནས་སོ། །ཁ་དོག་རེ་ལའང་ལྔ་རུ་སྟེ། །ཀུན་གྱི་དབུས་སུ་སྲོག་འཛིན་གནས། །ཉ་མིག་རྨ་བྱའི་མདངས་སམ་ནི། །ལུག་རྒྱུད་ཟ་འོག་ལྕགས་ཚགས་སམ། །མ་ངེས་སྣ་ཚོགས་གཟུགས་མདོག་སྣང་། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རླུང་གི་གནས་ལུགས་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་མ་ཡུམ་ཆེན་ཀུན་བཟང་ལགས། །ཐིག་ལེའི་གནས་ལུགས་བསྟན་དུ་གསོལ། །ཞེས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་ཡུམ་ཆེན་མཁའ་འགྲོ་རྣམས། །འཁོར་དང་འདས་པའི་ཆོས་རྣམས་ཀུན། །ཡེ་ཤེས་སྟོང་གསལ་འདུས་མ་བྱས། །ཐིག་ནི་སྐྱེ་བ་མེད་པ་ལ། །ལེ་ནི་འགག་པ་མེད་པ་ཡིན། །ཐིག་ནི་ཡུམ་གྱི་བྷ་ག་ལ། །ལེ་ནི་ཡབ་ཀྱི་རྡོ་རྗེའོ། །ཐིག་ནི་སྟོང་པ་ལེ་སྣང་བ། །ཐིག་ནི་མི་འགྱུར་ལེ་རང་གནས། །ཉག་ནི་ཕྲ་བ་གཅིག་འུབ་ཆུབ། །སྐལ་ལྡན་ལམ་གྱི་གདམས་ངག་ལ། །ལུས་ནི་རྩའི་དྲ་བ་ཡིན། །རྩ་ནི་ཡི་གེའི་ངོ་བོ་ཡིན། །ཡི་གེ་རླུང་དང་ཁ་དོག་སྟེ། །རླུང་ནི་ཐིག་ལེ་བདེ་ཆེན་ཏེ། །བདེ་སྟོང་འདུས་མ་བྱས་པ་ནི། །རིག་པའི་ཡེ་ཤེས་ངོ་བོ་ཡིན། །ཆེ་ཆུང་ཏིལ་འབྲུ་ཉུང་འབྲུ་ཙམ། །ལུས་ཀུན་མ་ལུས་ཀུན་ལ་ཁྱབ། །ཕོ་ལ་དཀར་པོ་དངོས་སུ་བབ། །མོ་ལ་དམར་པོ་མཐུར་དུ་འབབ། །ཁམས་རྒྱས་དུས་སུ་དཀར་པོ་ཡང་། །སྣ་བུག་གཡས་ནས་དུམ་རེ་འབབ། །སྙོམས་འཇུག་དུས་སུ་འབབ་པའང་སྲིད། །དེ་ལྟར་ཐིག་ལེ་སྲ་སྙིའི་རིམ་པ་ཀུན། །རྩ་འགོ་མཐོ་དམན་རིམ་པ་དང་། །རྩ་ཁ་མདུད་པ་ཡངས་དོག་ཡིན། །ཀུན་རྫོབ་རྒྱུའི་ཐིག་ལེ་དེ། །འབྱུང་བ་ལྔའི་དངས་མ་ཡིན། །མཁའ་འགྲོ་ཡབ་ཡུམ་དངོས་ཡིན་ཏེ། །འདས་མ་འདས་ཀྱི་སྲོག་ཡིན་ཏེ། །དེ་ལ་ཡེ་ཤེས་ཐིག་ལེ་གནས། །དོན་དམ་ཀུན་རྫོབ་དབྱེར་མེད་ཡིན། །མ་དང་བླུན་པོ་འགའ་ཞིག་གི། །སོ་སོར་བཟུང་བ་རང་རང་འཁྲུལ། །རུས་པ་ལྷ་བ་རྐང་མར་ཞུགས། །ཀླད་པ་རྩ་རྒྱུས་ཞག་ཚིལ་རྣམས། །ཕ་ལས་ཐོབ་པའི་ཐིག་ལེ་བསྐྱེད། །ཤ་ཁྲག་སྤུ་ཡང་ཁྲག་ཆུ་སེར། །མའི་ཐིག་ལེ་དམར་ལ་བསྐྱེད། །ཐིག་ལེ་འཁོར་འདས་ཀུན་གྱི་སྲོག །ཕྱི་ནི་འབྱུང་ལྔ་ནང་ཡུམ་ལྔ། །གསང་བ་མཁའ་འགྲོ་ཡབ་ཡུམ་སྟེ། །ཡང་གསང་ཡེ་ཤེས་རྣམ་པ་ལྔ། །ཕྱི་ནི་འཁོར་ལོ་ལྔར་སྣང་ཡང་། །ནང་ལྟར་ཞིང་ཁམས་ལྔ་པོ་ཡིན། །གསང་བ་རླུང་ལྔ་ཐིག་ལེ་ལྔ། །སྲོག་ཡིག་ཡབ་ཡུམ་ལྔ་ལྔ་ཤར། །གསང་བ་ཁ་དོག་ལྔ་ཡིན་ཏེ། །གཞི་ལྔ་ལམ་ལྔ་འབྲས་བུ་ལྔ། །ས་ལྔ་རྟགས་ལྔ་ཉམས་ལྔ་དང་། །ཕྱག་རྒྱ་ལྔ་དང་འགྲོ་དོན་ལྔ། །རྒྱུའི་ཐིག་ལེ་མ་ཉམས་སྤེལ། །རྒྱུའི་ཆོས་རྣམས་སྤང་བ་སྟེ། །འབྲས་བུའི་ཆོས་རྣམས་བསྒྲུབ་པ་སྟེ། །ཐབས་ཀྱི་ཁྱད་པར་ཨ་ལ་ལ། །རྒྱུའི་ཐིག་ལེ་ཉམས་པ་ན། །གསང་སྔགས་དམ་ཚིག་ཀུན་ཉམས་ནས། །བསྐལ་པ་འབུམ་འཁྲིར་ན་རག་སྤྱོད། །མཁའ་འགྲོ་ཁྲི་འབུམ་ངུ་སྐད་འདོན། །འདི་རུ་མི་ཤེས་ཕྱི་མ་མནར། །དུས་བཞིར་རིག་གནད་མ་ངེས་སྣང་། །མཚན་ལྡན་ཡིད་འཇུག་ཕོ་མོ་ལས། །ཐབས་ཀྱིས་ཟིན་པས་བདེ་བ་སྦར། །རྩ་རྩལ་བྱིན་བརླབ་རིགས་ཉམས་སོ། །བདག་གཞན་གཉིས་ཀྱི་ལུས་པོ་སྦྱངས། །ཕབ་བཟུང་ལྡོག་འདྲེན་ལུས་གནད་བཅའ། །ཕུང་ཁམས་དཀྱིལ་འཁོར་ཆེན་པོས་མཆོད། །མ་ཆགས་སྤྱོད་པས་ཆགས་མེད་རོལ། །སྐྱེ་མེད་མཐའ་བྲལ་ཆོས་ཀྱི་སྐུ། །རྣམ་པ་ཀུན་གསལ་ལོངས་སྤྱོད་རྫོགས། །བདེ་བ་རོལ་ལྡན་སྤྲུལ་བའི་སྐུ། །མ་བཅོས་ངང་ནས་ཞེན་མེད་སྤྱོད། །ཞིང་བཞི་དུས་གཅིག་དགའ་བཞི་ནོན། །ས་བཅུའ་སྐད་ཅིག་ཐོབ་པ་དང་། །ལྟ་སྤྱོད་ཟུང་འབྲེལ་གནད་ཀྱི་ཆེ། །འདི་འདྲ་སྟོན་པའི་བླ་མ་དང་། །འདི་ཉིད་ཐོས་པའི་སློབ་མ་ཡང་། །སེམས་ཅན་ནང་ནས་རྨ་བྱ་ཙམ། །འགའ་འགའ་རེ་ལས་མི་སྣང་ངོ་། །དེ་ཕྱིར་ཐིག་ལེ་སྤེལ་བའི། །རྫས་ནི་ཤེས་རབ་ཐབས་ལ་སྣང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྷ་གའི་ཀློང་ནས་རང་བྱུང་སྟེ། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཉིད། །བྷ་ག་གསང་སྔགས་ཀུན་གྱི་གནས། །བདེ་ཆེན་ཡེ་ཤེས་འབྱུང་བ་ཉིད། །འདི་མིན་བསྟེན་པའི་ཐབས་གཞན་མེད། །ཐབས་ཀྱི་རྒྱུད་ཀྱིས་གྲོལ་བ་ཡིན། །བདེ་ཆེན་འདི་བསྟེན་བདེ་བ་ཐོབ། །ཡང་དག་སངས་རྒྱས་ཉིད་ལ་འབྱུང་། །བུད་མེད་བརྙས་ཤིང་མཁའ་ལ་གཤེའ། །བདེ་དང་བྲལ་ན་ན་རཀ་སྤྱོད། །གསུམ་པ་དབང་ཆེན་སུས་ཐོབ་པ། །བྷ་ག་ཡངས་པ་ཀུན་བཟང་ཀློང་། །གསལ་སྟོང་ངང་དུ་བུདྡྷ་འོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཐིག་ལེའི་གནས་ལུགས་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ། །྅྅྅ དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་མ་ཡུམ་ཆེན་ཀུན་བཟང་ལགས། །དག་པ་ཡེ་ཤེས་ཐིག་ལེ་སྟེ། །སྐུ་མདོག་ཞལ་ཕྱག་ཡོད་དམ་མེད། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་ཞུས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་མཁའ་འགྲོའི་འཁོར་ཚོགས་རྣམས། །དག་པ་ཡེ་ཤེས་རིག་པ་དེ། །གཞོན་ནུ་བུམ་པའི་སྐུ་རུ་བཞུགས། །མཚན་མ་རྟག་པ་ཐེར་ཟུག་པའི། །ཤ་ཁྲག་ཞལ་ཕྱག་མ་གྲུབ་སྟེ། །གང་ལྟར་བརྟགས་པ་དེ་ལྟར་སྣང་། །འོན་ཀྱང་ལྷུན་གྲུབ་གསལ་ཆ་ལ། །གདུལ་བྱའི་མོས་བློ་ཐ་དད་པས། །སྟོང་གསལ་རིག་པའི་ཡེ་ཤེས་ལྔ། །ཐབས་ཤེས་ཟུང་འཇུག་དངོས་གྲུབ་ཐོབ། །ལ་ལས་ཞི་བའི་སྐུ་རུ་སྣང་། །ལ་ལས་ཁྲོ་བོའི་སྐུ་རུ་སྣང་། །ལ་ལས་ཞི་མ་ཁྲོ་རུ་སྣང་། །ལ་ལས་ཡབ་ཡུམ་ཚུལ་དུ་སྣང་། །ལ་ལས་རྐྱང་བའི་ཚུལ་དུ་སྣང་། །ལ་ལས་སེམས་དཔའ་སེམས་མའི་ཚུལ། །ལ་ལས་ཉན་ཐོས་གཙུག་ཏོར་ཅན། །མ་དག་རིགས་དྲུག་གཟུགས་སུ་སྣང་། །ལ་ལས་གཤིན་རྗེ་གཤེད་དུ་སྣང་། །ལ་ལས་རང་སྣང་བགེགས་འདྲེར་སྣང་། །འོན་ཀྱང་རང་བཞིན་བཞུགས་ཚུལ་ནི། །ཞི་དང་ཁྲོ་དང་ཞི་མ་ཁྲོ། །འདྲེས་མ་ཡབ་ཡུམ་རྐྱང་པའི་ཚུལ། །ཐིག་ལེ་དཀར་པོ་ཕོར་སྣང་སྟེ། །དམར་པོ་མོ་ལ་འདྲེས་པ་རྣམས། །དབྱེར་མེད་ཡབ་ཡུམ་ཚུལ་དུ་གནས། །ཙནྡན་དྲི་ཡིས་སྤྱིར་ཁྱབ་པས། །ཁྱད་པར་སྙིང་པོ་བཟང་བ་བཞིན། །ཕོ་བྲང་བཞི་ན་གནད་ཆེན་གནས། །སྙིང་ནང་ཞི་བའི་ལྷ་ཚོགས་ལ། །ཚུལ་དགུའི་བརྒྱད་ཀྱི་རབ་ཏུ་སྤྲས། །ཆ་ལུགས་མ་ངེས་ཅིར་ཡང་སྟོན། ལྷུན་གྲུབ་འོད་གསལ་ཀླད་པར་སོང་། །ཞི་བའི་གནས་གྱུར་ཁྲོ་བོའི་སྐུ། །ཞལ་ཕྱག་དུ་མ་གར་དགུའི་ཚུལ། །ཞལ་ནས་ཧཱུྃ་ཕཊ་རྒྱོབ་སོད་སྒྲོགས། །ཐུགས་ཉིད་ཞི་བའི་སྙིང་གར་ལྡན། །དུར་ཁྲོད་བརྒྱད་དང་ཆས་བརྒྱད་ལྡན། །སྒྲ་འོད་ཟེར་དང་རང་ཆས་སོ། །ཀླད་པ་དུང་ཁང་རྩ་དབུས་སུ། །རྩེ་མོ་རྣམ་བཀོད་རྩ་མདུད་ལ། །འོད་ཟེར་ལྔའི་དྲ་བའི་ནང་། །ཆུའི་དངས་མ་ཁ་དོག་དཀར། །ཡེ་ཤེས་རང་འོད་ཧ་རི་ལ། །རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་འཁྲིལ། །གཡས་པས་རྡོ་རྗེ་གཡོན་ཐོད་ཁྲག །དཀར་གསལ་ལྷུན་གྲུབ་མཛེས་པར་གནས། །རྩ་འདབ་ཀུན་ལ་དེ་བཞིན་བཞུགས། །མགྲིན་པར་རོ་འདུས་རྩ་མདུད་དབུས། །འོད་ཟེར་ལྔའི་དྲ་བ་ལ། །སའི་དངས་མ་ཁུ་ཁྲག་སེར། །ཐིག་ལེ་ཡི་གེ་རི་ཙ་ཉིད། །རད་ན་དྷཱ་ཀི་ཡབ་ཡུམ་སེར། །འཁྲིལ་སྦྱོར་རིན་ཆེན་ཐོད་ཁྲག་བསྣམས། །རྩ་འདབ་ཀུན་ལ་དེ་བཞིན་ནོ། །སྙིང་ཁ་དྲན་པ་རྣམ་བཀོད་ནས། །འདབ་བརྒྱད་བཀོད་པ་རྩ་མདུད་མཐིང་། །ནམ་མཁའི་དངས་མ་ཐིག་ལེ་ཉིད། །ལྔ་ལྡན་ཧཱུྃ་ལ་ཐིག་ལེ་བཀོད། །སངས་རྒྱས་མཁའ་འགྲོ་ཡབ་ཡུམ་བཀོད། །ཕྱག་གཉིས་འཁོར་ལོ་ཐོད་ཁྲག་བསྣམས། །རུས་རྒྱན་བརྐྱང་སྐུམ་གར་ཐབས་ཅན། །འཁོར་ཀྱང་རང་འདྲ་དུ་མས་བསྐོར། །ལྷུན་གྲུབ་བུམ་པའི་སྐུ་རུ་བཞུགས། །རྩ་འདབ་རྣམས་ལ་དེ་བཞིན་ནོ། །ལྟེ་བ་བསྐྱེད་བྱེད་འཁོར་ལོ་རུ། །དྲུག་ཅུ་རྩ་བཞི་རྩའི་དབུས། །འབྱུང་བཞིའི་དངས་མ་ཕ་མའི་རྒྱུ། །དམར་དངས་ཐིག་ལེ་ཧྲི་ནི་ཉིད། །པད་མ་དྷཱ་ཀི་ཡབ་ཡུམ་འཁྲིལ། །གཡས་པ་པད་མ་གཡོན་ཐོད་ཁྲག །ལྷུན་གྲུབ་བུམ་པའི་སྐུ་རུ་བཞུགས་སོ། །རྩ་འདབ་རྣམས་ལ་དེ་བཞིན་གནས། །གསང་གནས་བདེ་བ་མྱོང་བྱེད་ན། །རྩ་འདབ་ཉི་ཤུ་རྩ་བརྒྱད་དབུས། །འབྱུང་བཞིའི་དངས་མ་ཕ་མའི་རྒྱུ། །ཐིག་ལེ་ཡི་གེ་ས་ཡའི་ཚུལ། །ལས་ཀྱི་དྷཱ་ཀི་ཡབ་ཡུམ་འཁྲིལ། །རྒྱ་གྲམ་ཐོད་ཁྲག་རྒྱན་ཅན་བཞུགས། །རྩ་འདབ་ཀུན་ལ་དེ་བཞིན་དུ། །གསལ་སྟོང་རིག་སྟོང་ཀུན་ཏུ་བཞུགས། །གཞན་ཡང་གྲངས་ཅན་རྩ་འདབ་ནི། །བཞི་བརྒྱ་བདུན་ཅུ་རྩ་གཉིས་ལ། །ཤ་ཟ་དྷཱ་ཀི་སྣ་ཚོགས་དང་། །ཆོས་དང་དམ་ཚིག་འཇིག་རྟེན་ན། །མངལ་སྐྱེས་དང་ནི་སྔགས་སྐྱེས་དང་། །དུར་སྐྱེས་རིག་སྐྱེས་ལ་སོགས་པ། །སྣ་ཚོགས་གྲངས་མེད་མ་ངེས་ཚུལ། །ཕྱག་མཚན་མགོ་བརྙན་ངེས་པ་མེད། །སྐུ་མདོག་ཆ་ལུགས་ཅིར་ཡང་འགྱུར། །དཔེར་ན་ཏིལ་གོང་ཁ་ཕྱེས་འདྲ། །རིག་པ་ཡེ་ཤེས་མུ་མེད་པས། །མ་ཤོང་བ་ནི་གཅིག་ཀྱང་མེད། །རིག་པ་ཡེ་ཤེས་མ་འགགས་པ། །མི་སྲིད་པ་ནི་གཅིག་ཀྱང་མེད། །ཏིལ་འབྲུའི་ནང་དུ་སྟོང་གསུམ་ཤོང་། །ཞལ་གཅིག་ཕྱག་གཉིས་བརྒྱ་སྟོང་ངམ། །ཞལ་བརྒྱ་ཕྱག་གཅིག་ལ་སོགས་པ། །གང་ལྟར་སྟོང་གཟུགས་རྟག་པར་འཆར། །བསོད་ནམས་ཚོགས་ཆེན་རྫོགས་བྱའི་ཕྱིར། །སངས་རྒྱས་རིགས་ལྔ་ཀུན་འདུས་གཙོ། །རང་རིག་བླ་མ་ཀུན་ཏུ་བཟང་། །ཕྱི་ནང་གསང་བའི་མཆ ོད་འབུལ་ན། །དེའི་བསོད་ནམས་བརྗོད་མི་ལང་། །ཚེགས་མེད་གང་ཡང་གྲུབ་མི་འགྱུར། །མ་གྲུབ་བཞིན་དུ་འཆར་བའི་ལམ། །སྣང་བཞིན་མ་གྲུབ་འཁོར་འདས་གཞི། །རྟག་ཆད་མེད་པའི་འབྲས་བུའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡེ་ཤེས་སྐུའི་ཞལ་ཕྱག་བསྟན་པའི་ལེའུ་སྟེ་སོ་བཞི་པའོ། །྅྅྅ དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཨེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །རིག་པ་སེམས་ཞེས་བྱ་བ་འདི། །འཕྲད་གྱེས་དུས་འདི་གང་ལྟར་ལགས། །ཞེས་ཞུས་པས། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་འཁོར་ཚོགས་རྣམས། །རིག་པ་དག་ནི་ནམ་མཁའ་འདྲ། །སེམས་འབྱུང་ཡིད་ནི་རླུང་དང་འདྲ། །སྤྱིར་ན་མ་བུ་ལྟ་བུ་སྟེ། །གནས་པ་རིག་པ་འགྱུ་བ་སེམས། །ཆུ་རླབས་ལྟ་བུ་ཕྱམ་གཅིག་སྟེ། །ངོ་བོ་གཅིག་ལ་རྣམ་པ་གཉིས། །ཐུགས་རྗེའི་རྩལ་ཤུགས་ཆེ་ཆུང་ཡིན། །འོན་ཀྱང་མི་གོ་གང་ཟག་ལ། །ཐབས་ཤེས་གནད་དུ་བསྣུན་པ་ན། །གནད་འདི་ཤེས་བས་གྲོལ་བ་ཐོབ། །དང་པོ་སྐྱེ་མེད་རིག་པ་ལ། །ཐུགས་རྗེའི་རོལ་པ་མ་འགག་པས། །ཉོན་ཡིད་དག་ཏུ་ཐལ་འགྱུས་པས། །གྱེས་པའི་དུས་གཅིག་དེ་དུས་ཡིན། །དེ་ཉིད་མཁའ་རུ་སྤྲིན་དངས་ལྟར། །རང་གྲོལ་ཨར་སངས་བྱེད་ཙམ་ན། །འཕྲད་པའི་དུས་ཆེན་ཞེས་སུ་གྲགས། །རིག་པ་སྙིང་ནང་ཧྲིག་གེ་གནས། །ཐུགས་རྗེ་རྩ་དམར་ལམ་ལ་ཞུགས། །རླུང་གྲང་གློ་བར་བསྐྱེད་པ་དེ། །གྱེས་པའི་དུས་གཅིག་དེ་དུས་ཡིན། །རླུང་བཟུང་བུམ་པ་ཅན་གྱི་གཅུན། །རིག་པ་གཞི་བཞག་རང་མལ་ཚུད། །སེམས་བྱུང་བག་ལ་རང་སར་བཞག །ཡུན་ཐུབ་བརྗོད་མེད་གནས་པ་དེ། །འཕྲད་པའི་དུས་གཅིག་དེ་དུས་ཡིན། །རིག་པ་དབྱིངས་སུ་གཡོ་མེད་གནས། །ཁོང་གསལ་ཡེ་ཤེས་ལྷུག་པར་འཆར། །སེམས་བྱུང་སྒོ་ལྔའི་རྗེས་སུ་འབྲངས། །གྱེས་པའི་དུས་གཅིག་དེ་དུས་ཡིན། །ལུས་གནད་ལྟ་སྟངས་དེ་དུས་གཟིར། །སྒྲོན་མ་བཞི་ལྡན་སྐད་ཅིག་འདྲེས། །རིག་པ་མངོན་སུམ་འཆུགས་མེད་མཐོང་། །སྣང་སེམས་དབྱེར་མེད་ཕུ་ཆུ་འདྲེས། །འཛིན་པ་དག་པའི་སྣང་བ་ཕྱོགས་། །སེམས་བྱུང་ཤར་སྒྲོན་དབྱིངས་སུ་ཐིམ། །སྣང་རིག་དབྱེར་མེད་ཁྲ་ལམ་མེ། །འདོད་བློ་ཞིག་ནས་དངས་སང་ངེ་། །མཐའ་བཞི་དྲི་མ་དག་ཙམ་ན། །འཕྲད་པའི་དུས་གཅིག་དེ་དུས་ཡིན། །འཆི་ཁར་འབྱུང་བ་མཐའ་ནས་སྡུད། །རིག་པ་སྙིང་ནང་ལྷང་ངེ་གནས། །ཉོན་ཡིད་སྡུག་བསྔལ་མྱོང་ཚོར་སྤྱོད། །གྱེས་པའི་དུས་གཅིག་དེ་དུས་ཡིན། །ཕྱི་དབུགས་བར་ཆད་མཁའ་ལ་ཡལ། །ཐུགས་རྗེ་རླུང་དང་སྙིང་ནང་འདུས། །རིག་སྟོང་ཚོགས་འགགས་ཞག་བདུན་གནས། །ས་ལེ་ཧྲིག་གེ་སང་ངེ་བ། །གདོད་མའི་གཞི་ནི་བུམ་སྐུའི་ཚུལ། །རང་གསལ་མི་གཡོ་ལྷང་ངེ་གནས། །འཕྲད་པའི་དུས་གཅིག་དེ་དུས་ཡིན། །དེ་ནས་ཁྲག་གིས་སྙིང་ནང་རྒྱས། །ཀ་ཏི་ཀ་ལ་རྒྱངས་ཀྱི་འཐོན། །སྒྲ་འོད་ཟེར་གསུམ་ལམ་གྱི་ཤར། །རིག་པ་འཕོ་འགྱུར་མེད་པར་གནས། །ཉོན་ཡིད་ཕྱིས་ལྟས་སྡུག་བསྔལ་སྤྱོད། །གྱེས་པའི་དུས་གཅིག་དེ་དུས་ཡིན། །སྔོན་དུས་བླ་མའི་ངོ་སྤྲད་རྣམས། །རང་རང་དེ་འདྲར་ལམ་གྱི་ཤར། །རང་རྩལ་སེམས་བྱུང་བུ་འདྲ་དྲན། །རང་གྲོལ་རང་དངས་ཤེས་པ་ཡིན། །སྐད་ཅིག་མ་ལ་སྐུ་གཉིས་ཀྱིས། འགྲོ་བའི་དོན་བྱེད་སྒྲིབ་གཉིས་དག །འཕྲད་པའི་དུས་ཅིག་དེ་དུས་ཡིན། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སེམས་རིག་འཕྲད་གྱེས་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱི་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་མ་ཡུམ་ཆེན་ཀུན་བཟང་ཉིད། །འཕྲད་གྱེས་གནད་དེ་ཤེས་བྱའི་ཐབས། །ཐེག་པ་དབྱེ་བ་དུ་ཙམ་ལགས། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་ཞུས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རང་བྱུང་འཁོར་ཚོགས་རྣམས། །རང་ངོ་རང་གི་ཤེས་པ་དང་། །ཡང་དག་རྟོགས་པའི་གང་ཟག་ལ། །གྲུབ་མཐའ་ཞེས་བྱ་ཟབ་མོད་ཀྱང་། །ཕྱོགས་རྟོགས་ལོག་པར་རྟོགས་པ་དང་། །མ་རྟོགས་པའི་གང་ཟག་ལ། །ཇི་སྲིད་བློ་རྟོག་མ་ཟད་པར། །དེ་སྲིད་ཐེག་པ་ཟད་པ་མེད། །ཅི་ཕྱིར་རང་རང་བློ་ལ་འཆར། །དཔེར་ན་མུན་ལོང་གླང་བསྟན་མཚུངས། །འོན་ཀྱང་སེམས་ཅན་བློ་སྦྱར་ན། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུ་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་གཞལ་དུ་མེད། །ཚིག་མཐའ་བཅད་ན་ནམ་མཁའི་མཐའ། །དོན་གྱི་རྩ་བ་ཆོད་པར་གྱིས། །མདོ་རུ་བསྟན་པ་འདི་ལྟ་སྟེ། །སྟོན་པ་གསུམ་གྱི་གནས་གསུམ་དུ། །འདུལ་ཞིང་གསུམ་དང་འཁོར་གསུམ་ལས། །བསྟན་པ་གསུམ་སོགས་ལྔ་ལྔར་གསུངས། །དེ་ཡང་གདུལ་བྱའི་བློ་ངོས་ལས། །དབྱེར་མེད་ཡིན་ཏེ་སོ་སོ་མིན། །ཆགས་འཇིགས་སྟོང་དང་གནས་པའོ། །འདས་དང་མ་འོངས་ད་ལྟ་བ། །མ་ངེས་གཞི་དང་རབ་སྦྱར་ནས། །ཉོན་མོངས་བཞིའམ་མ་རིག་བཞི། །འདུལ་ཕྱིར་རྒྱུད་སྡེ་བཞི་གསུངས་ཤིང་། །འོན་ཏེ་དབང་པོ་ཆེ་ཆུང་འབྲིང་། །རེ་རེར་གསུམ་གསུམ་ཚུལ་སྟོན་ནས། །ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །དབང་པོ་ཐ་མའི་དོན་དུ་གསུངས། །ཐབས་མེད་ཤེས་རབ་འབྲེལ་པ་སྟེ། །ཚིག་གོ་དོན་མི་གོ་བ་ཡིན། །ཀྲི་ཡ་ཨུ་པ་ཡོ་ག་གསུམ། །གང་ཟག་དབང་པོ་འབྲིང་ལ་གསུངས། །ཐབས་ཡོད་ཤེས་རབ་མི་མཁས་པས། །མ་ནོང་ཡ་མ་ཟུང་ཚུལ་ལོ། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །གང་ཟག་དབང་པོ་རབ་ལ་གསུངས། །ཐབས་དང་ཤེས་རབ་གཉིས་ལྡན་ཏེ། །དཔེར་ན་དུག་སྦྲུལ་ནོར་བུ་འདྲ། །ཁེ་ཉེན་ཤིན་ཏུ་ཆེ་བ་སྟེ། །ཚིག་མེད་དོན་གྱི་ཁྱད་པར་འཕགས། །རྒྱས་པར་བཤད་ན་འདི་ལྟ་སྟེ། །འཁོར་བ་དང་ནི་མྱང་འདས་སོ། །འཁོར་བ་ལའང་གཉིས་ཡིན་ཏེ། །ལོག་ལྟ་དང་ནི་བདག་ལྟའོ། །ལོག་ལྟ་མུ་སྟེགས་ཐེག་པའོ། །འཇིག་ཚོགས་སུམ་བརྒྱའ་དྲུག་ཅུར་འདོད། །སུམ་བརྒྱ་པོ་དེ་དབྱིངས་སུ་ཐིམ། །དྲུག་ཅུ་བཤད་ན་འདི་ལྟ་སྟེ། །དང་པོ་གྲངས་ཅན་ཞེས་པ་ནི། །རྡུལ་དང་མུན་པ་སྙིང་སྟོབས་གསུམ། །ལྟ་བ་ལོག་པར་འཛིན་པ་སྟེ། །གཏི་མུག་དག་གིས་གཞི་བྱས་ནས། །འདོད་ཆགས་དག་གི་བདེ་བ་བསྐྱེད། །ཞེ་སྡང་དག་གི་བསྲུང་བཟློག་འདོད། །གཉིས་པ་བྱེ་བྲག་ཅེས་པ་ནི། །ཕྱིས་འབྱུང་སྡུག་བསྔལ་ཕྲ་མོར་ལྡང་། །དངོས་པོ་འཛིན་པ་རབ་བཟུང་ནས། །འདི་ནི་འཇིག་པའི་རྒྱུ་ཅན་ཏེ། །སྟོང་པ་ཅི་ཡང་མེད་པའོ། །ལུས་ནི་འབྱུང་བའི་བག་ལ་ཞ། །སེམས་ནི་ནམ་མཁའི་དབྱིངས་སུ་ཐིམ། །ཅང་མེད་སྟོང་པ་ཡུག་པའོ། །ཞེས་པ་ཆད་དེ་ཉིད་འདོད་དོ། །གསུམ་པ་ཀུན་མ་རིག་ཅེས་པ། །ལུས་ལ་སེམས་ནི་གང་ལ་གནས། །ལེགས་པར་བལྟས་པས་མ་རྙེད་དོ། །ལུས་འདི་འདུས་བྱས་ཆུ་བུར་ཡིན། །སེམས་ནི་ཡེ་མེད་སྟོང་པ་ཡིན། །ཞེས་པའི་གྲུབ་མཐའ་ལོག་པའོ། །བཞི་པ་ལོག་པར་སྨྲ་བ་ནི། །རྟོག་པ་རེ་ལ་སེམས་རེ་སྲིད། །སེམས་རེ་ལུས་རེ་ལེན་པ་སྟེ། །གྲངས་ཚད་མུ་མཐའ་ཡས་པར་འདོད། །ལྔ་པ་སྣ་མ་ཕུག་པ་ནི། །སྣང་བ་གནས་སྐབས་ཙམ་རྟག་ཀྱང་། །དོན་ལ་སྣང་བ་མི་རྟག་སྟེ། །ཕྱི་མ་ཕྱ་དང་དབང་ཕྱུག་དྲུང་། །རང་རང་གང་འདོད་སྐྱེ་བར་འདོད། །དྲུག་པ་མེ་ལྔ་བརྟེན་པ་ནི། །ཙནྡན་སྡོང་པོའི་ཏིལ་བཅོམ་པའི། །མེ་དཔུང་ཕྱོགས་དབུས་ལྔ་སྦར་ན། །དེ་ལ་སྟེང་གི་བར་སྣང་ལ། །ལུས་གནད་བཅས་ལ་འཕུར་བ་ལ། །ཕྱོགས་ནི་གང་གི་སྟེང་འགྱེལ་ལྟ། །ཡེ་ཤེས་ཕྱོགས་མཐུན་ཐོབ་པར་འདོད། །གལ་ཏེ་མཚམས་སུ་འབབ་པ་ན། །གྲུབ་པ་མ་ཐོབ་བསྐྱར་བ་ཡོད། །དེའི་གྲུབ་མཐའ་ལྔ་ཡོད་དེ། །བདུན་པ་མེ་རས་པ་ཞེས་པ། །རས་ཏིལ་མར་བཙོ་རང་ལུས་དཀྲིས། །ལྷའི་དྲུང་དུ་མེ་སྤར་བས། །འགོའི་ཚིག་འགྱེལ་སྤྲུལ་སྐུ་ཐོབ། །སྐེ་ཡང་ཚིག་འགྱེལ་ལོངས་སྐུ་ཐོབ། །སྙིང་ཁ་ཚིག་འགྱེལ་ཆོས་སྐུ་ཐོབ། །ངེས་པའི་སངས་རྒྱས་ཐོབ་འདོད་པའང་ཡོད། །བརྒྱད་པ་མདུང་རྩེ་གསུམ་པ་ནི། །མདུང་རྩེ་གསུམ་ནི་ས་ལ་བཙུག །དེའི་ནང་དུ་མཆོང་པ་ལ། །གཡས་སུ་ལོངས་སྐུ་གཡོན་སྤྲུལ་སྐུ། །དབུས་སུ་ཆོས་སྐུ་འདོད་པ་ཡོད། །དགུ་པ་ལོག་པ་ཅེས་པ་ནི། །བྲག་གིས་གཡང་ལ་མཆོང་པ་ཡིས། །ལུས་པོ་བརླག་ན་དངོས་ཎ་གྱིས། །སངས་རྒྱས་ཐོབ་པར་འདོད་པའང་ཡོད། །གཞན་ལ་ལོག་པར་སྤྱོད་ཅེས་པ། །རང་ལུས་ཤ་པགས་བྲག་བྱས་ནས། །དུར་བྱ་གཅན་གཟན་དག་ལ་སྟེར། །དེ་ལྟ་རྟེན་འབྲེལ་བརྟག་པའང་ཡོད། །ལོག་པ་དུད་འགྲོ་ཞེས་པ་ནི། །ཁྱིའི་ཆ་བྱད་ལྟ་བུར་བཞུགས། །རིལ་མ་ཟ་ཞིང་དཀའ་ཐུབ་སྤྱད། །བྱེད་པ་རྒྱུ་སྨྲས་ཞེས་པ་ནི། །ད་ལྟ་ཡུལ་ཞིང་གཡོག་འཁོར་སྤང་། །མཛེས་འཛོམ་བཀོད་ལེགས་ཐོབ་ཅེས་ན། །ཤི་ན་ཇི་ལྟར་ཡོད་པ་བཞིན། །ཕྱྭའི་དྲུང་དུ་སྐྱེས་འདོད་ཡོད། །བྱེད་པ་ལམ་ཁྱེར་ཞེས་པ་ནི། །ད་ལྟ་ཕྱག་མཆོད་གཙང་སྦྲ་བྱ། །ཤི་ན་སེམས་ཅན་ཐམས་ཅད་ཀྱི། །རང་ལ་དེ་བཞིན་རེ་བ་ཡོད། །རྟག་པ་དོན་འཚོ་ཞེས་པ་ནི། །རང་ཉིད་རྟག་པ་ཐེར་ཟུག་པ། །གཞན་ལ་ཐེར་ཟུག་ལྟ་བའང་ཡོད། །ཐེར་ཟུག་ཆེན་པོ་ཞེས་པ་ནི། །སེམས་ཀྱི་གཞི་ནི་རྟག་པ་ལ། །སྨོན་ལམ་དབང་གི་མ་ངེས་འདོད། །གནས་སྐབས་འགྱུར་སྨྲ་འདི་ལྟ་སྟེ། །སྟོང་པ་ཅི་ཡང་མེད་པ་ཉིད། །དགེ་མེད་སྡིག་མེད་ཟེར་བའང་ཡོད། །རྒྱུ་རྟག་འདོད་པ་འདི་ལྟ་སྟེ། །རང་གི་སྙིང་གི་དཀྱིལ་ཤེད་ན། །སེམས་ནི་ཆེ་ཆུང་སྲན་མ་ཙམ། །དཀར་འཚེར་སྣུམ་ལ་འདྲིལ་བ་ནི། །ཕའི་རྒྱུ་ལས་མ་བྱུང་ཞིང་། །མའི་རྐྱེན་ལས་མ་གྲུབ་འདོད། །རྒྱུ་རྐྱེན་གཙོ་བོར་འདོད་པ་ནི། །རླུང་བཟུང་གོས་ཀྱང་རབ་ཏུ་སྲབ། །ཐིག་ལེ་གཡོ་བའི་བདེ་བ་ལ། །ཡང་དག་དོན་ལ་འདོད་པའང་ཡོད། །གཅེར་བུར་ལྟ་བའི་གྲུབ་མཐའ་ནི། །ཚུལ་དང་རྒྱན་གོས་མི་འདོད་པས། །གཅེར་བུར་སྣ་ཚོགས་སྤྱོད་པར་འདོད། །བཟའ་བཏུང་གོན་པའི་གྲུབ་མཐའ་ནི། །ལུས་ཀྱི་སྤྱོད་ལམ་རབ་ཏུ་གཟབ། །ཁ་ནི་སྙན་པའི་སྒྲ་དབྱངས་སྒྲོགས། །བཟའ་བཏུང་དུས་མིན་རབ་ཏུ་སྤང་། །ངེས་ཅན་མ་ངེས་གཙོར་འདོན་ཡོད། །འབྲས་བུ་རྟག་པར་འདོད་པ་ནི། །རྒྱུ་ཞིང་མི་རྟག་སེམས་མ་གྲུབ། །འབྲས་བུ་ཕྱ་དང་དབང་ཕྱུག་འདོད །ངེས་པར་རེས་འཇོག་འདོད་པ་ཡོད། །ལམ་ལ་རྟག་པར་འདོད་པ་ནི། །རྒྱུ་ནི་སེམས་མེད་གང་ལ་བརྟག །འབྲས་བུ་གྲོགས་མེད་ག་ལ་ཐོབ། །གནས་སྐབས་རི་རབ་ཁོང་སེང་དུ། །དབང་ཕྱུག་དྲུང་དུ་རྟག་འདོད་ཡོད། །སྤྱོད་པ་རྟག་པར་འདོད་པ་ནི། །རྒྱུ་འབྲས་གཉིས་པོ་མ་གྲུབ་སྟེ། །སྤྱོད་པ་རྟག་པའི་སངས་རྒྱས་འདོད། །ངན་སྔགས་གཙོ་བོར་བྱེད་པ་ནི། །ངན་སྔགས་དག་གི་བསད་ཚད་རྣམས། །རང་གི་འཁོར་དུ་སྐྱེ་བར་འདོད། །ནག་པོ་གཅིག་ཚུགས་ཞེས་བྱ་བ། །བསད་ཚད་ཤ་ཁྲག་རང་གིས་ཟོས། །རང་གིས་འཁོར་དུ་སྐྱེ་བར་འདོད། །མོ་དང་པྲ་ལ་གཙོར་བྱེད་པ། །ཐུན་མོང་དངོས་གྲུབ་འདོད་པའང་ཡོད། །རྫུ་འཕྲུལ་ཕྲ་མོ་གཙོ་བྱེད་ནི། །འཇིག་རྟེན་འདིའི་དམག་དཔུང་རྣམས། །སྒྱོག་དང་ཆོ་འཕྲུལ་གཙོ་བོར་སྟོན། །ཐབས་ཀྱིས་བཟློག་པར་འདོད་པའོ། །རྩོད་པ་ལྷུར་ལེན་ཅེས་པ་ནི། །རང་གི་བདེ་ཆེན་ཁོང་དུ་བཅུག །ཕ་རོལ་སུན་འབྱིན་པའང་ཡོད། །ཕྱི་མའི་དོན་དགོས་དྲན་གྱུར་ཀྱང་། །ཚེ་འདིའི་ཆེ་ཐབས་གྲགས་པ་བསྒྲུབ། །རྒྱང་འཕེན་པ་ཞེས་བྱ་བ་འང་ཡོད། །རང་ལ་བདེན་པ་འོག་ཏུ་སྤས། །གཞན་གྱི་ཡོན་ཏན་ཁྱད་བསད་ཅིང་། །ཟོབ་རྫུན་དག་གི་གྲུབ་མཐའ་འང་ཡོད། །ལ་ལས་ཆ་ལུགས་སྣ་ཚོགས་ཀྱིས། །དོན་ཚོལ་སངས་རྒྱས་རེ་བའང་ཡོད། །སྐྲའི་རལ་པ་མང་པོ་བཅིངས། །དེ་ལ་དོན་ཚོལ་རེ་བའང་ཡོད། །རས་རྐྱང་གཅིག་གིས་དྲོད་སྐྱེས་ཟེར། །དེ་ལ་དོན་རྩོལ་རེ་བ་འང་ཡོད། །ཕྱག་མཚན་ཁ་ཊྭཱྃ་ཅང་རེ་ཐོགས། །ང་ནི་སྤྲུལ་བ་ཡིན་ནོ་ཟེར་བ་འང་ཡོད། །ཁ་ནས་བཙོག་སྡོམ་སྤྱོད་ལོག་བྱེད། །ཞིག་པོ་ཡིན་ནོ་ཟེར་བའང་ཡོད། །རང་གི་རིག་པས་གཞན་སུན་འབྱིན། །མཁས་པ་ཡིན་པར་འདོད་པ་ཡོད། །ལྐོག་ཏུ་ཐིག་ལེའི་འབྲས་བུ་ཕྱུང་། །བཙུན་པ་ཡིན་ནོ་ཟེར་བའང་ཡོད། །ཁ་ལྟ་བཟང་པོ་ཁ་རུ་འདོར། །དོན་གྱི་སྤྱོད་པ་ལོག་པར་སྤྱོད། །བཟང་པོ་ཡིན་ནོ་ཟེར་བའང་ཡོད། །ཆ་མཐུན་གོལ་བའི་མུ་སྟེགས་ནི། །ནང་པ་སངས་རྒྱས་ཚུལ་བཟུང་ནས། །ལྟ་བ་ཕྱི་པར་གོལ་བ་ནི། །འཇིག་རྟེན་འདི་ན་ཤིན་ཏུ་མང་། །མངོན་སྣང་སེམས་ཀྱི་ཆོ་འཕྲུལ་ཡིན། །དེ་ལ་བཅོས་ཐབས་མེད་པར་འདོད། །ཆོ་འཕྲུལ་མཐུན་པའི་གྲུབ་མཐའ་འོ། །འཁྲུལ་པའི་སྣང་བ་ད་ལྟ་བདེན། །དོན་དམ་རྫུན་ནོ་ཟེར་བའང་ཡོད། །ཞེ་སྡང་སྐྱེས་པས་དགྲ་ཚར་གཅོད། །ཞེ་སྡང་གཙོ་བོར་འདོན་པའང་ཡོད། །སྣང་བ་སེམས་ཀྱི་ཆ་བྱད་དུ། །མི་འགག་མི་སྤང་བའང་ཡོད། །ལྷ་སྐུ་བྷཻཾ་པ་མཐར་ཐུག་ཏུ། །ལྷ་དེར་བདག་ཉིད་འགྱུར་རེ་འང་ཡོད། །ཁ་ཅིག་མུ་སྟེགས་ང་ཡིན་ཅེས། །ཁས་བླངས་གཙོ་བོར་འདོན་པ འང་ཡོད། །ཀ་ནི་པ་ནི་འཁོར་འདས་གཉིས། །གང་ཡང་མེད་དོ་ཟེར་བའང་ཡོད། །སྣང་བ་ཟད་ཀྱིས་དོགས་ནས་ནི། །ཚད་རང་འཛིན་པ་དག་ཀྱང་ཡོད། །བྷིར་ར་པ་ཞེས་བྱ་བ་ནི། །དོན་ལ་ཁྱད་པར་མེད་མོད་ཀྱང་། །རྩོམ་མེད་ཐུན་མོང་ཁྱད་འདོན་པ་འང་ཡོད། །ཀ་བྷི་ཤ་ཞེས་བྱ་བ་ནི། ཐུན་མོང་འདི་རྣམས་དོན་མེད་ཡིན། །དོན་ལ་ཁྱད་པར་གཞན་བས་ཆེ། །ཞེས་པའི་གྲུབ་མཐའ་འདོད་པ་ཡོད། །ཀ་བྷི་ཞེས་པའི་གྲུབ་མཐའ་ནི། །དབུགས་ཆད་བར་དུ་ཁྱད་པར་ཡོད། །དེ་ནས་དགེ་སྡིག་མེད་པར་འདོད། །སང་གྷ་ཏ་པ་ཞེས་པ་ནི། །དགེ་འདུན་ཆ་ལུགས་བཟུང་བ་ཡིས། །སྤྱོད་པ་ཅི་ཡང་བྱས་པས་ཆོག །ཟེར་བ་འམ་གྲུབ་མཐའ་འདོད་པའང་ཡོད། །ཤ་རི་ཀ་པ་ཞེས་པ་ནི། །ཐམས་ཅད་མི་རྟག་མི་བདེན་ཏེ། །རི་རབ་རིའི་རྩེ་མོ་ནས། །ཕྱ་དང་དབང་ཕྱུག་ཆེན་པོ་ཡོད། །དེ་མཆོད་དྲུང་དུ་བདག་ཀྱང་སྐྱེ། །ངེས་པར་དེ་བདེན་འདོད་པའང་ཡོད། །དེ་ལྟར་འཇིགས་ཚོགས་ལྟ་བ་རྣམས། །མངས་ཀྱང་རྟག་ཆད་གཉིས་སུ་འདུས། །དུས་མཐར་ནང་པའི་ཚུལ་བཟུང་ནས། །ལྟ་བ་ལོག་པ་དུ་མ་ཡིས། །ཤཱཀྱའི་བསྟན་པ་འཇིག་པར་བྱེད། །རྟག་ཆད་གཉིས་སུ་འཛིན་པར་འགྱུར། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། མུ་སྟེགས་ཀྱི་གྲུབ་མཐའ་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱི་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་ཧོ་ཡུམ་ཆེན་ཀུན་ཏུ་བཟང་། །ནང་པའི་ཐེག་པ་ཇི་སྙེད་པ། །དགུ་རུ་འདུས་ཚུལ་གསུངས་དུ་གསོལ། །ཅེས་ཞུས་པ་དང་། ཡང་སྟོན་པས་བཀའ་སྩལ་པ། ཉོ ན་ཅིག་རིགས་གདངས་རིག་འཁོར་རྣམས། །སྤྲུལ་སྐུའི་བསྟན་པ་གསུམ་ཡིན་ཏེ། །ཐོག་མར་ཉན་ཐོས་ཐེག་པ་ནི། །འཇུག་སྒོ་བདེན་པ་བཞི་ནས་འཇུག །ཉན་ཐོས་ཕྱིའི་འཇུག་སྒོ་ཡིན། །དབྱེ་ན་བྱེ་བྲག་མདོ་སྡེ་པའོ། །བྱེ་བྲག་པའི་ལྟ་བ་ནི། །ཕྱི་ལྟ་ཕུང་ཁམས་ཕྱི་ནང་ཀུན། །གཡག་རྔ་ནེའུ་སེང་ཚུལ་དུ་འདོད། །རང་གི་བློ་ཡིས་བལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་བཞིན་དུ་འདོད། །སྟོང་བ་ཉིད་དུ་བྷཻཾ་པའོ། །མདོ་སྡེ་པའི་ལྟ་བ་ནི། །ཁ་འདོན་བྱེད་པའི་རང་བཞིན་དང་། །ཐོས་པ་བསམ་བ་བྷཻཾ་པ་གསུམ། །ཤེས་རབ་རྣམ་གསུམ་དགོངས་པ་ཡིན། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱིའི་བྷཻཾ་པ་ནི། །བདེན་བཞི་རེ་ཞིང་ཉམས་ལེན་ནི། །འགོག་པ་བྷཻཾ་དང་ཀུན་འབྱུང་སྤང་། །འགོག་པ་བྷཻཾ་ལུགས་འདི་ལྟ་སྟེ། །ཕྱིའི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་བཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །དེ་ནས་བསམ་གཏན་ཏིང་འཛིན་བྷཻཾ། །བསམ་ནས་མི་རྟག་གཅིག་ཚུགས་བྷཻཾ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་བྷཻཾ་པ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ནི་ཆད་བར་འདོད། །ས་ལམ་བྷཻཾ་པ་འདི་ལྟ་སྟེ། །དུག་གསུམ་གཉེན་པོ་བྷཻཾ་བྱེད་ཅིང་། །དེ་བཞིན་ལམ་གྱི་བྷཻཾ་པ་ནི། །སྡུག་བསྔལ་སྤང་བར་འདོད་པ་སྟེ། །འདོད་ཆགས་གཉེན་པོ་དཔྲལ་བའི་དཀྱིལ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དེ་ནས་མགོ་ཙམ་རང་ལུས་ཙམ། །དེ་ནས་སྟོང་གསུམ་དཀར་པོ་བྷཻཾ། །འདོད་ཆགས་སྡུག་བསྔལ་སྤང་བར་འདོད །གཏི་མུག་གཉེན་པོ་སྤྱི་བོའ་གཙུག །ཨེ་དམར་གསལ་ལ་དངས་པ་ནི། །རིམ་གྱིས་ཆེན་པོར་བྷཻཾ་པ་ཡིན། །གཏི་མུག་སྡུག་བསྔལ་སྤང་བར་འདོད། །དེ་ལྟར་རྣམ་པ་བཞི་པོ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་སྟེ། །འགོག་པ་བྷཻཾ་པས་རྒྱུན་ཞུགས་ཐོབ། །ས་ནི་དང་པོ་རབ་དགའ་ནོན། །དེ་ནས་ས་བདུན་མན་ཆད་དོ། །ཀུན་འབྱུང་བྷཻཾ་པའི་འབྲས་བུ་ལ། །ལན་གཅིག་ཕྱིར་མི་ལྡོག་པ་སྟེ། །ས་བརྒྱད་མན་ཆད་ནོན་པ་སྟེ། །ལམ་ལ་བྷཻཾ་པས་དགྲ་བཅོམ་ཐོབ། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པ་གཙོ་བོར་བྱེད། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པའོ། །དེ་ཡང་དངོས་པོར་མཐོང་བ་མེད། །དེ་རྣམས་དུས་ན་དྲུག་ཡིན་ཏེ། །འཇུག་སྒོ་འཕགས་པའི་བདེན་པ་བཞི། །དེ་ཡང་སྡུག་བསྔལ་ཤེས་པར་བྱས། །ཀུན་འབྱུང་བ་ཉིད་སྤང་བར་བྱ། །འགོག་པ་དག་ཉིད་མངོན་དུ་བྱས། །ལམ་ནི་བྷཻཾ་པར་བྱ་བའོ། །དེ་དག་ཀུན་གྱི་འབྲས་བུ་ནི། །རབ་ནི་འདུ་ཤེས་མེད་པའོ། །བསྐལ་པ་གྲངས་མེད་གསུམ་མམ་ལྔ། །སངས་རྒྱས་ཐ་མའི་དྲུང་ཉིད་དུ། །སངས་རྒྱས་ཐོབ་པར་འདོད་པ་ཡིན། །འབྲིང་ནི་བསམ་གཏན་བཞིའི་ལྷ། །ཐ་མ་འདོད་པའི་ཁམས་སུ་སྐྱེ། །དེ་ལྟ་བུའི་ཐེག་པ་ཡང་། །ཀུན་བཟང་ངའི་རོལ་པའི་རྩལ། །རྫོགས་ཆེན་ཨ་ཏིའི་ལམ་སྟེགས་ཡིན། །མ་སྤང་རོལ་པའི་རྒྱན་དུ་མཛེས། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཐོག་མར་ཉན་ཐོས་ཀྱི་ཐེག་བ་བསྟན་པའི་ལེའུ་སྟེ་སོ་བདུན་པའོ། །྅྅྅ ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་རྩལ་འཁོར་རྣམས། །རང་རྒྱལ་ཐེག་པའི་དབྱེ་བ་ནི། །འཇུག་སྒོ་རྟེན་འབྲེལ་བཅུ་གཉིས་ཏེ། །དེའི་དོན་རྟོགས་སངས་རྒྱས་ལ། །དོན་མ་རྟོགས་ན་འཁོར་བའོ། །དབང་པོ་རྣོ་རྟུལ་གཉིས་ཡིན་ཏེ། །རྣོན་པོ་བསེ་རུ་ལྟ་བུ་དང་། །རྟུལ་བ་རང་སངས་རྒྱས་ཡིན་ནོ། །བསེ་རུས་ནང་གི་རྟེན་འབྲེལ་རྟོགས། །མ་རིག་པ་ལ་འདུ་བྱེད་འབྱུང་། །དེ་ལས་རྣམ་ཤེས་མིང་དང་གཟུགས། །སྐྱེ་མཆེད་དྲུག་དང་རེག་པ་དང་། །ཚོར་བ་སྲེད་པ་ལེན་པ་དང་། སྲིད་པ་སྐྱེ་བ་རྒ་ཤི་དང་། །དེ་ལས་འཆི་བ་རྒྱུ་རྐྱེན་བརྟགས། །འཕྲལ་གྱིས་ལེགས་ལེགས་ལས་ཀུན་བརྟགས། །ཡང་དག་དེའི་དོན་མ་རྟོགས། །སྔོན་ཆད་ཁམས་གསུམ་འཁོར་བར་ལྟུང་། །དེ་ནས་དེའི་དོན་རིག་པས། །མ་རིག་རིག་པར་རང་ངོ་ལོག །འཁོར་བའི་རྩ་བ་དེས་ཆོད་དོ། །རང་སངས་རྒྱས་ཀྱི་ལྟ་བ་ནི། །ཕྱིའི་གཟུང་ཡུལ་ལྟ་བར་རྟོགས། །འཛིན་པའི་རང་བཞིན་ཡོད་པར་རྟོགས། །འཛིན་པ་བརྗོད་དུ་མེད་པ་སྟེ། །གང་ཟག་དག་གིས་རྟོགས་པར་འདོད། །ལྟ་བ་གང་ཟག་བདག་མེད་རྟོགས། །ཚུལ་ཁྲིམས་ཉིས་བརྒྱའ་ལྔ་བཅུ་བསྲུང་། །ཕྲིན་ལས་བདག་དོན་འབའ་ཞིག་བྱེད། །བྷཻཾ་པ་དྲན་མེད་སྒོ་དྲུག་བགགས། །བསེ་རུ་ལྟ་བུ་གཅིག་པུ་དང་། །ནེ་ཙོ་ལྟ་བུ་ཁྱུར་ལྡིང་བ། །རང་སངས་རྒྱས་ཀྱི་ས་ཐོབ་འདོད། །རབ་ནི་ཚངས་པ་མདུན་ན་འདོན། །འབྲིང་ནི་འདུ་ཤེས་མེད་པ་བསྒྲོད། །ཐ་མ་འདོད་པའི་ཁམས་ན་འཁྱམས། །དེ་ལྟ་བུའི་ལམ་སྟེགས་དེ། །དབང་པོའི་ཁྱད་ཀྱིས་རང་ལ་ཤར། །ཀུན་བཟང་ངའི་ཀློང་ནས་གསལ། །སྣང་འགག་མེད་པ་ཨེ་མ་ཧོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རང་རྒྱལ་གྱི་ཐེག་པ་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ། །྅྅྅ ཡང་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཁོར་འདས་སེམས་རྩལ་མ་སྒྲིབ་སྟེ། །སེམས་ཅན་ཀུན་ལ་ཉོན་ཡིད་འདི། །སྐད་ཅིག་མི་རྟག་ལུང་མ་བསྟན། །གཞི་ནི་མ་བསྒྲིབ་འགྱུར་བ་ཡིས། །ལམ་ནི་གཞན་དབང་དག་མ་དག །མ་རིག་གཞན་དབང་འཁོར་བར་འཁྱམས། །རིག་ན་རང་དབང་སངས་རྒྱས་འདོད། །ལམ་མ་འགག་པ་ཚོགས་དྲུག་ཡུལ། །ཉོན་མོངས་རྒྱུ་རྐྱེན་དབང་ཤོར་བས། །རང་ཤེས་རང་གི་མ་རིག་པ། །ཁྱི་རྒན་རུས་པ་མུར་བའི་ཚེ། །རྐན་ཕུག་ཁྲག་གིས་བྲོ་བ་ལ། །རུས་པའི་ལྷ་བར་སེམས་པ་ལྟར། །རྐྱེན་གྱི་ལས་བསགས་ལུས་ངན་ལེན། །མུ་མེད་འཁོར་བར་གཞན་དབང་ངོ་། །དག་པའི་གཞན་དབང་འདི་ལྟ་སྟེ། །རྩ་བ་སྨོན་འཇུག་སེམས་བསྐྱེད་དང་། །ཚུལ་ཁྲིམས་ལ་སོགས་ཐོབ་བྱ་རྣམས། །མཁན་པོ་དག་ལ་རག་ལུས་སོ། །གཞན་དབང་དག་ལ་རག་ལུས་སོ། །རང་ཤེས་བསྒྱུར་བའི་ཐབས་དག་ཀྱང་། །གཞན་དབང་དག་ལ་རག་ལུས་སོ། །འབྲས་བུ་ཡོངས་གྲུབ་བྱ་བ་དེ། །བདག་མེད་གཉིས་པོ་མ་རྟོགས་ན། །འཁོར་བ་ཡོངས་གྲུབ་ཆེན་པོའོ། །བདག་མེད་གཉིས་སྟོང་ཉམས་ལེན་འཕེལ། །མྱང་འདས་ཡོངས་གྲུབ་ཆེན་པོའོ། །འཇུག་པ་སྒོ་ནི་བདེན་པ་གཉིས། །བསྲུང་བའི་དམ་ཚིག་ཉིས་བརྒྱའ་ལྔ། །ཕྲིན་ལས་གཞན་དོན་སུམ་ཅུ་བདུན། །བསྒྲུབ་ཐབས་འཕྲིན་ལས་ས་བཅུ་བསྒྲུབ། །དབང་པོ་ཡང་རབ་མི་ཚེ་ལྔ། །དབང་པོ་འབྲིང་གི་བསམ་གཏན་བཞི། །དབང་པོ་ཐ་མ་འདོད་པའི་ཁམས། །དེ་ལྟ་བུའི་འཇུག་ལམ་ནི། །ཀུན་བཟང་ངའི་ཡེ་ཤེས་བཤད་པ་མེད། །རང་རང་སྣང་ངོར་ཤར་བ་ཡིན། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྤྲུལ་སྐུས་ཐེག་པ་འོག་མ་གསུམ་བསྟན་པའི་ལེའུ་སྟེ་སོ་དགུ་པའོ། །྅྅྅ དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཨེ་མ་རིག་གདངས་འཁོར་རྣམས་ཉོན། །དབང་པོ་འབྲིང་གི་སྣང་ཚུལ་ནི། །ལོངས་སྐུའི་ཐེག་པ་སྡེ་གསུམ་རྣམས། །རིམ་པར་བཤད་ཀྱི་གུས་པས་ཉོན། །ཐོག་མར་ཀྲི་ཡའི་ཐེག་པ་ནི། །གཞི་ནི་རང་བཞིན་དག་པ་ལ། །ལམ་ནི་དག་པ་གསུམ་ན་འཇུག །འབྲས་བུ་རིག་གསུམ་མགོན་པོ་ཐོབ། །དག་པ་གསུམ་པོ་འདི་ལྟ་སྟེ། །ཕྱི་ནི་གཟའ་སྐར་དུས་ཚིགས་བཟང་། །ནང་དག་ཁྲུས་དང་གཙང་སྦྲ་བྱེད། །རྫས་དང་ཡོ་བྱད་གཙང་མ་སོགས། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །སྲོག་གཅོད་མ་བྱིན་ལེན་པ་དང་། །འདོད་ལོག་རྫུན་བཞི་རྩ་བཞི་ཡིན། །དཀོན་མཆོག་གསུམ་ནི་མཆོད་པ་དང་། །དྲིན་ཆེན་བླ་མ་ཕུད་དུ་ཁུར། །མཆེད་གྲོགས་དག་ལ་བརྩེ་བ་དང་། །མི་མཐུན་ཕྱོགས་ཀྱི་ཁ་ཟས་སྤང་། །ཁྱད་པར་ཉ་ཤ་རུལ་བ་དང་། །ཤ་ཆང་སྒོག་གཙོང་སྤང་བའོ། །མཆོད་རྫས་རྙིང་ལ་མི་འགོང་ཞིང་། །བཟའ་བར་བྱེད་པ་མ་ཡིན་ནོ། །ཕྱི་ནང་ཁྲུས་ལ་བརྩོན་པ་དང་། །ལུས་དང་སྤྱོད་པ་དག་པར་གཟབ། །དམ་ཚིག་མ་ཉམས་སྤྱོད་པ་ན། །རྡོ་རྗེ་པདྨ་དེ་བཞིན་འགྲུབ། །ལྷ་ལ་རྗེ་ཁོལ་ཚུལ་དུ་ལྟ། །རྒྱུའི་རྐྱེན་གྱི་དུས་ཉིད་དུ། །དད་བརྩོན་སྐྱེས་ནས་འཁོར་བར་སྐྱོ། །ཟག་བཅས་བདེ་བ་མ་ཞེན་གཅེས། །བདག་པོའི་རྐྱེན་དུ་དུས་ཉིད་དུ། །ཡང་དག་དགེའ་བའི་བཤེས་གཉེན་མཇལ། །དེ་འི་བྱིན་རླབས་ཞུས་པ་གཅེས། །དམིགས་པའི་རྐྱེན་གྱི་དུས་ཉིད་དུ། །སྡེ་སྣོད་ཟབ་མོའི་དོན་ལ་ལྟ། །མ་འཁྲུལ་ཉམས་སུ་ལེན་པ་གཅེས། །དེ་མ་ཐག་པའི་རྐྱེན་གྱི་དུས། །དོན་རྣམས་ཐམས་ཅད་གཏན་ལ་དབབ། །སྒྲོ་འདོགས་ཐེ་ཚོམ་གཅོད་པ་གཅེས། །དབང་པོ་ཡང་རབ་རིག་གསུམ་མགོན། །དབང་པོ་འབྲིང་ནི་བསམ་གཏན་བཞིས། །ཐ་མ་འདོད་པའི་ཁམས་སུ་འཁྱམས། །དེ་ལྟར་ཐེག་པའི་འཇུག་ལམ་ཡང་། །ཀུན་བཟང་ངའི་རོལ་པའི་རྩལ། །ངང་ངམ་ཤུགས་ལས་ཤར་བ་ཡིས། །ཉི་མའི་འོད་ལྟར་རང་བརྒྱན་ནོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཀྲི་ཡའི་ཐེག་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་ཐམ་པའོ། །྅྅྅ ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རང་རྩལ་རིག་འཁོར་རྣམས། །ཨུ་པའི་ཐེག་པ་འདི་ལྟ་སྟེ། །གཞི་ནི་ཡོ་ག་དག་དང་མཚུངས། །ལམ་ནི་རྩོལ་བ་དག་ལ་རག །འབྲས་བུ་མཐར་ཐུག་དག་པའོ། །དེ་ནི་ལམ་ནི་རྣམ་པ་གཉིས། །རིག་པ་རང་གི་རྩོལ་བ་དང་། །མ་རིག་པའི་རྩོལ་བའོ། །མ་རིག་པ་ལ་སྣང་ཡུལ་དྲུག །ལས་དང་ཉོན་མོངས་སྣ་ཚོགས་པས། །ལུས་ངག་ཡིད་ཀྱི་རྩོལ་བ་བསགས། །འབྲས་བུ་འཁོར་བར་མཐར་ཐུག་གོ། །རིག་པ་རང་རྩལ་འདི་ལྟ་སྟེ། །ལྟ་བ་ཡར་ལ་ཡོ་གར་སྤྱོད། །སྤྱོད་པ་མར་ལ་ཀྲི་ཡར་སྤྱོད། །བར་དུ་བྷཻཾ་པ་གཙོ་བོ་ཡིས། །ཆོ་འཕྲུལ་བཞི་བྷཻཾ་རིགས་ལྔ་ལྷ། །དཔོན་གཡོག་ཚུལ་དུ་བསྐྱེད་པར་འདོད། །དེ་ལ་ཕྱག་མཆོད་བསྙེན་བསྒྲུབ་བྱ། །འབྲས་བུ་རིགས་བཞིར་སྟེར་བར་རེ། །འབྲས་བུ་རིགས་གསུམ་མགོན་པོ་དང་། །རྡོ་རྗེ་འཆང་ལ་མཐར་ཐུག་གོ། །དབང་པོ་འབྲིང་ནི་བསམ་གཏན་བཞིས། །ཐ་མ་འདོད་པའི་ཁམས་སུ་འཁྱམས། །ཐེག་པའི་འཇུག་ལམ་དེ་ཉིད་ཀྱང་། །ཀུན་བཟང་ངའི་བྷ་གའི་ཀློང་། །བདེ་ཆེན་ཉི་མའི་འོད་དུ་འབར། །མ་སྤང་རོལ་པ་རྒྱན་དུ་མཛེས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཨུ་པའི་ཐེག་པ་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ། །྅྅྅ ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །ཡོ་གའི་ཐེག་བ་འདི་ལྟ་སྟེ། །གཞི་ནི་མཉམ་ཉིད་ཆེན་པོ་ལ། །ལམ་ནི་ཆོ་འཕྲུལ་ཆེན་པོ་སྟེ། །འབྲས་བུ་ཕུལ་ཕྱིན་ཆེན་པོའོ། །མཉམ་ཉིད་གཞི་ལ་དབྱེ་བ་མེད། །ལམ་ལ་རྣམ་པ་གཉིས་ཡིན་ཏེ། །སྣང་བ་སྣ་ཚོགས་རང་སེམས་རྩལ། །མ་རིག་ཆོ་འཕྲུལ་ཉོན་མོངས་ཤར། །དེའི་ཡིན་ཚུལ་དོན་མ་རྟོགས། །འབྲས་བུ་འཁོར་བར་ཕུལ་དུ་ཕྱིན། །ཡང་དག་ཆོ་འཕྲུལ་དེ་རིག་ན། །བདེན་པ་གཉིས་ལ་གཞི་བྱས་ན། །མངོན་བྱ་ལྔ་པོ་ཉམས་སུ་ལེན། །འཇིག་རྟེན་འདས་དང་མ་འདས་ཀྱིས། །དཀྱིལ་འཁོར་དྲུག་ཕྲག་གཉིས་སོགས་རྣམས། །བདག་ཉིད་དམ་ཚིག་སེམས་དཔའ་དང་། །ལྷ་ཚོགས་ཡེ་ཤེས་སེམས་དཔའ་རྣམས། །སྤུན་དང་གྲོགས་ཀྱི་ཚུལ་དུ་འདོད། །འབྲས་བུ་དེ་རྟོགས་ཆོ་འཕྲུལ་ལ། །ཀུན་རྫོབ་སྐུ་དང་ཡེ་ཤེས་ཚུལ། །རྣམ་པ་གཉིས་སུ་སངས་རྒྱས་འདོད། །དེ་ཉིད་ཕུལ་ཕྱིན་འབྲས་བུ་ལས། །མི་ཚེའ་གསུམ་ལ་སྟུག་བཀོད་དུ། །ཡང་དག་རྫོགས་སངས་རྒྱས་པར་འདོད། །རྩ་བའི་དམ་ཚིག་འདི་ལྟར་སྲུང་། །དཀོན་མཆོག་མགོ་དང་བླ་མ་མིག །མཆེད་ལྕམ་ཡན་ལག་ལྟ་བུར་བཙའ། །ཐེག་འོག་ལུང་གཅིག་ཆུ་མི་འཐུང་། །བྱང་སེམས་མ་སྤང་བླ་མ་བཀུར། །རྡོ་རྗེ་སྤུན་ལ་ཐོད་ལྟར་བསྟོད། །དབང་མ་ཐོབ་ལ་ཆོས་མི་འཆད། །ཐེག་པ་དམན་ལ་མི་སྨད་ཅིང་། །རྡོ་རྗེ་དྲིལ་བུ་འཆང་བ་ཡིན། །ཡན་ལག་དམ་ཚིག་འདི་ལྟར་སྲུངས། །བླ་མ་དང་ནི་མཆོད་རྟེན་གྱིས། །དྲི་མ་དག་ལ་འགོང་མི་བྱ། །དལ་མི་རྫི་ཞིང་ཆང་ཉིད་སྤང་། །གསང་སྔགས་སྤྱོད་པ་བབ་ཆོལ་སྤང་། །དབང་པོ་ཡང་རབ་ཚེ་གཅིག་ལ། །ཚེའི་རིག་འཛིན་ཆེན་པོ་ཐོབ། །དབང་པོ་འབྲིང་ནི་མི་ཚེ་གཉིས། །ཐ་མར་བསམ་གཏན་བཞི་པོར་སྐྱེས། །དེ་ལྟ་བུའི་ཐེག་པ་ཡང་། །ཀུན་བཟང་བྷ་གའི་ཆོ་འཕྲུལ་ལས། །གཞན་ཞིག་དག་ན་ཡོད་པ་མིན། །མ་སྤང་རོལ་པའི་རྒྱན་དུ་མཛེས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ། །྅྅྅ ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་གདངས་རྩལ་རིག་འཁོར་རྣམས། །ཆོས་སྐུའི་ཐེག་པ་སྡེ་གསུམ་ལས། །གསང་སྔགས་ནང་པ་བླ་མེད་ཀྱིས། །མ་ཧཱའི་ཐེག་པ་འདི་ལྟ་སྟེ། །གཞི་ནི་རྣམ་དག་དབྱིངས་ཆེན་ལས། །ལམ་ནི་རོལ་པ་མ་འགགས་པ། །འབྲས་བུ་སྐུ་གསུམ་མཐར་ཕྱིན་ནོ། །གཞི་ལ་དབྱེ་བ་མེད་པ་སྟེ། །ལམ་ལ་རོལ་པ་རྣམ་གཉིས་ཡིན། །མ་རིག་པ་ནི་ཉོན་མོངས་རོལ། །དེའི་ལས་ངན་སྣ་ཚོགས་བསགས། །ལས་དང་ཉོན་མོངས་མཐར་ཕྱིན་པས། །འཁོར་བའི་སྡུག་བསྔལ་ཆེན་པོའོ། །དེ་ཉིད་བྱང་བར་བྱེད་པའི་ཐབས། །རྒྱུད་ལུང་མན་ངག་ཐུགས་སུ་ཆུད། །ལྟ་བ་བདེན་པ་དབྱེར་མེད་རྟོགས། །བྷཻཾ་པ་ཏིང་འཛིན་རྣམ་གསུམ་བྷཻཾ། །སྤྱོད་པ་འཁོར་བའི་ཆོས་ཉི་ཤུ། །མ་སྤང་རོལ་པར་སྤྱོད་པ་སྟེ། །ཉོན་མོངས་རྣམ་པ་ལྔ་མི་སྤང་། །དམ་ཚིག་བདུད་རྩི་ལྔ་ལ་སྤྱོད། །བདག་གཞན་ཐམས་ཅད་མཉམ་པར་སྦྱོར། །འདོད་ཡོན་རྣམ་པ་ལྔ་མི་སྤང་། །ཡེ་ཤེས་རྣམ་པ་ལྔ་ལྡན་འདོད། །དེ་ལ་ཡུམ་གྱི་མཁའ་ལ་སྤྱོད། །ཡུམ་ནི་དངོས་སུ་བསྟེན་པ་སྟེ། །དབང་བཞི་དངོས་སུ་བསྐུར་བར་ནུས། །དེ་ལྟར་ཐམས་ཅད་གསུམ་དུ་འདུས། །རིག་པ་སྒྱུ་མ་ཙམ་ཉིད་ལས། །དོན་དམ་སྐྱེ་བ་མེད་པ་ཡིན། །རིག་དོན་བདེནགཉིས་དབྱེར་མེད་དེ། །རིག་པ་སྒྱུ་མ་ཡིན་པའི་ཕྱིར། །སེམས་ཀྱི་ཆོ་འཕྲུལ་སྣ་ཚོགས་དང་། །བུདྡྷ་བཞི་བཅུ་ཞེ་གཉིས་བསམ། །ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དམ། །དེ་ཉིད་ཆེན་པོ་རིགས་ལྔའམ། །གསང་བ་ཆེན་པོ་རིགས་གཅིག་གམ། །དམ་པ་རིགས་བརྒྱའི་སངས་རྒྱས་ཏེ། །ཉི་ཁྲི་ཆིག་སྟོང་ལ་སོགས་པས། །འཇམ་དཔལ་སྐུ་དང་པདྨ་གསུང་། །ཡང་དག་ཐུགས་དང་ཡོན་ཏན་འཕྲིན་ལས། །མ་མོ་རིག་འཛིན་འཇིག་རྟེན་མཆོད། །དམོད་པ་དྲག་སྔགས་ཆེ་མཆོག་སོགས། །སྐུ་མདོག་ཕྱག་མཚན་སྣང་བའོ། །དོན་དམ་སྐྱེ་བ་མེད་པའི་ཕྱིར། །རིག་པ་ཡེ་ནས་སྐྱེ་བ་མེད། །སྤྲོས་མེད་དེ་བཞིན་ཉིད་ཡིན་ནོ། །རིག་དོན་བདེན་གཉིས་དབྱེར་མེད་ནི། །སྣང་སྟོང་དབྱེར་མེད་ཟུང་འཇུག་གོ། །དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར། །བསྐྱེད་རྫོགས་ཟུང་འཇུག་རང་རྫོགས་སོ། །ལག་ཏུ་ལེན་པ་འདི་ལྟ་སྟེ། །འཇུག་སྒོ་ཏིང་འཛིན་གསུམ་ནས་འཇུག །ཕུང་ཁམས་ལྷར་གསལ་ཐབས་ཡིན་ལ། །ཡུལ་སེམས་གཉིས་མེད་ཤེས་རབ་ཡིན། །དམ་ཚིག་ཉི་ཤུ་རྩ་བརྒྱད་ཏེ། །བསྡུའ་ན་རྣམ་པ་གསུམ་དུ་འདུས། །ཚེ་འདིའི་སྣང་སྟོན་ཕ་མ་གཉིས། །རང་གི་སྲོག་བས་གཅེས་པར་བཙའ། །ཅི་ཕྱིར་ཕུང་ཁམས་བསྐྱེད་པའི་ཕྱིར། །མ་རིག་སྒོ་འབྱེད་སངས་རྒྱས་སྟོང་། །བླ་མ་མིག་ལྟར་བཙའ་བ་ཡིན། །དེས་འབྲེལ་མཆེད་གྲོགས་ཕོ་མོ་ལ། །རང་ལུས་བེས་ཀྱང་གཅེས་པར་བཙའ། །ཡི་དམ་བསྙེན་སྒྲུབ་མི་གཡེལ་ཞིང་། །དམ་ཉམས་ཚིག་ཟུར་མི་བསྒྲགས་པ། །གསང་བའི་མན་ངག་མི་སྤེལ་བ། །སྤྱོད་པ་གར་མ་མུ་ཏྲ་སྤྱོད། །བསྒྲུབ་ཐབས་ཕྱི་ནང་གསང་གསུམ་ཏེ། །རབ་ནི་ཚེ་འདིར་རྫོགས་སངས་རྒྱས། །འབྲིང་ནི་བར་དོར་ལོངས་སྐུ་ཐོབ། །ཐ་མ་ཕྱི་མར་སངས་རྒྱས་སོ། །དེ་ལྟར་ཐེག་པ་བྷ་གའི་རྩལ། །བདེ་སྟོང་ཐིག་ལེ་འོད་དུ་འབར། །ཀུན་བཟང་ངའི་རྒྱན་དུ་མཛེས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། མ་ཧཱའི་ཐེག་པ་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ། །྅྅྅ ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་པའི་འཁོར་གདངས་རྣམས། །ཨ་ནུའི་ཐེག་པ་འདི་ལྟ་སྟེ། །ཆོས་ཅན་ཐམས་ཅད་ཐབས་ཡིན་ཡབ། །ཆོས་ཉིད་ཐམས་ཅད་ཤེས་རབ་ཡུམ། །གཉིས་མེད་བདེ་ཆེན་སྲས་སུ་འདོད། །ཡང་ན་འདུས་བྱས་ཐབས་མཆོག་ཡབ། །འདུས་མ་བྱས་རྣམས་ཤེས་རབ་ཡུམ། །གཉིས་མེད་བདེ་ཆེན་སྲས་སུ་འདོད། །ལྷ་དང་ལྷ་མོ་བསྐྱེད་མི་དགོས། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །སྙིང་པོ་དྲན་པས་ཆོག་པའོ། །ཆོས་ཉིད་ཀུན་བཟང་ཡུམ་མཁའ་ལ། །ཆོས་སྐུ་ཀུན་བཟང་ཡབ་གསང་བསྟོད། །གཉིས་མེད་བདེ་ཆེན་སྲས་སུ་འདོད། །ལམ་དེར་མཐར་ཕྱིན་འབྲས་བུ་ལ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། གནས་གྱུར་སྐུ་དང་ཡེ་ཤེས་ཏེ། །དུག་ལྔ་གནས་གྱུར་ཡེ་ཤེས་ལྔ། །རྒྱས་པར་སྒྱུ་འཕྲུལ་དྲ་བར་ཤེས། །རབ་ནི་ཚེ་གཅིག་སངས་རྒྱས་ཐོབ། །འབྲིང་ནི་འཆི་ཁར་དབྱིངས་དང་འདྲེས། །ཐ་མར་བར་དོར་ལོངས་སྐུ་ཐོབ། །དེ་ཡང་ཐེག་པའི་ལམ་སྟེགས་ཡིན། །ཀུན་བཟང་བྷ་གའི་ཀློང་དུ་ཤར། །མ་སྤང་རོལ་པའི་རྒྱུན་དུ་འོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཨ་ནུའི་ཐེག་པ་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ། །྅྅྅ དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་རྩ་འཁོར་རྣམས། །ཨ་ཏིའི་ཐེག་པ་བསྟན་པར་བྱ། །སྟོན་པ་ཐུགས་རྗེ་ཆེན་པོ་ཡིས། །འདུལ་བྱེད་ཐེག་པ་མང་གསུངས་ཀྱང་། །ཡང་གསང་རྫོགས་པ་ཆེན་པོར་འདུས། །ཐེག་པ་འདི་ནི་ཐུན་མོང་མིན། །བློ་ལྡན་རྣམས་ཀྱི་ཡུལ་ཡིན་ནོ། །གཞི་ནི་ཡེ་ཤེས་གསུམ་ལྡན་ཏེ། །ལམ་ནི་ཁྲེགས་ཆོད་ཐོད་རྒལ་ལོ། །འབྲས་བུ་ཡང་དག་མངོན་སངས་རྒྱས། །རྣམ་པ་གསུམ་དུ་འདུས་པའོ། །ཡེ་ཤེས་གཞི་ལ་གསུམ་ཡིན་ཏེ། །སྤྱིའི་གཞི་དང་འཁྲུལ་པའི་གཞི། །གྲོལ་བའི་གཞི་དང་གསུམ་ཡིན་ཏེ། །ཁྲེགས་ཆོད་དག་ལ་གཉིས་ཡིན་ཏེ། །བྷཻཾ་དུ་སྤུ་ཙམ་མེད་པ་དང་། །ཡེངས་སུ་སྐད་ཅིག་མེད་པའོ། །ཐོད་རྒལ་དག་ལ་གཉིས་ཡིན་ཏེ། །སྣང་བ་དག་གིས་ཉམས་ལེན་དང་། །མུན་པ་དག་གིས་ཉམས་ལེན་ནོ། །འབྲས་བུ་སངས་རྒྱས་རྣམ་པ་གཉིས། །གྲོལ་བ་ཆེན་པོ་དུས་གཅིག་འདུས། །འདི་ནི་གཞན་ལས་ཁྱད་ཆེས་འཕགས། །རི་རབ་རྩེ་ནས་གླིང་བཞི་གསལ། །ཉི་ཟླ་གཟའ་སྐར་ཟིལ་གྱིས་མནན། །འབྲུག་གིས་སྒྲ་རྣམས་ཟིལ་ནོན་ལྟར། །ཐེག་ཕྲན་ཐམས་ཅད་ཟིལ་གྱིས་མནན། །ཀུན་བཟང་བྷ་ག་ཡངས་པའི། །ཐམས་ཅད་ཐམས་ཅད་རོལ་རྩ་ཡིན། །འཁོར་རྣམས་དེ་ལ་སྤྲོ་བར་གྱིས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རྫོགས་ཆེན་ཨ་ཏིའི་ཐེག་པ་སྟོན་པའི་ལེའུ་སྟེ་ཞེ་ལྔ་པའོ། །྅྅྅ དེའི་ཚེ་མཁའ་འགྲོ་མ་ཐམས་ཅད་ཕྱོགས་གཅིག་ཏུ་སྟན་ལས་ལངས་ཏེ། ཀུན་ཏུ་བཟང་མོ་ལ་རོལ་པ་ཆེན་པོའི་མཆོད་པས་མཆོད་ཅིང་། ཟག་པ་མེད་པའི་བདེ་བ་ཚད་མི་ཤེས་པས་མཉེས་པར་བྱས་ནས། མགྲིན་གཅིག་ཏུ་འདི་སྐད་ཅེས་ཞུས་སོ། །ཀྱཻ། ཡུམ་ཆེན་ཁྱེད་ཀྱི་དགོངས་པ་སྲིད་པའི་རྩ་བ། བདག་ཏུ་འཛིན་པ་ཡིན་པས། ཕྱི་ནང་ཀུན་ཏུ་བརྟགས་པས་ཡེ་སྟོང་དུ་གྲོལ་པའོ། །ཞེས་པའི་དོན་དེ་བདག་ཅག་རྣམས་ཀྱི་གོ་བར་ཕྱེས་ནས་བཀའ་སྩོལ་ཅིག །ཅེས་པ་དང་། སྟོན་པས་དགྱེས་པའི་མདངས་སྟོན་ནས། །འཛུམ་པའི་ཞལ་གྱིས་འདི་སྐད་དོ། །ཀྱེ་ཧོ་རིག་གདངས་འཁོར་རྣམས་ཉོན། །ཨ་ཏི་ངའི་མཐར་ཐུག་ནི། །སྲིད་པའི་རྩ་བ་བདག་འཛིན་འདི། །ཕྱི་ནང་ཀུན་བརྟག་ཡེ་སྟོང་གྲོལ། །སྟོང་པ་རིག་པའི་སྙིང་པོ་ཅན། །འཁོར་འདས་ཀུན་གྱི་མངའ་དབང་ཡིན། །དེའི་སྣང་བ་རྒྱ་ཡིས་བཏུམ། །རིག་པ་མ་རིག་པ་ཡིས་བཏུམ། །ཆོས་ཉིད་ཆོས་ཅན་དག་གིས་བཏུམ། །ཡེ་ཤེས་སེམས་བྱུང་དག་གིས་བཏུམ། །སྐུ་ནི་ཤ་ཁྲག་གདོས་བས་བཏུམ། །དཔེར་ན་ཉི་ཟླ་སྤྲིན་སྒྲིབ་བཞིན། །ཐོག་མའི་རིག་པ་རང་གསལ་ཏེ། །ཁམས་དང་དྲི་མ་ཚོགས་བརྒྱད་སྒྲིབ། །དེའི་རྒྱ་འདི་གྲོལ་བར་བྱས། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ནང་འཛིན་སེམས་ཀྱིས་སྟོང་པས་ན། ནང་གི་སྟོང་པ་ཉིད་ཡིན་ནོ། །ཕྱིའི་ཡུལ་འཛིན་སྟོང་པའི་ཕྱིར། །ཕྱིའི་སྟོང་བ་ཉིད་ཡིན་ནོ། །ཕྱི་ནང་བར་གྱི་དབང་པོ་ལྔ། །འཛིན་གནས་སྟོང་པ་གཉིས་སུ་མེད། །ཕྱི་ནང་མེད་པའི་སྟོང་ཉིད་ཡིན། །དེ་དག་ཐམས་ཅད་སྟོང་པ་རུ། །འཛིན་མཁན་རང་ཡང་སྟོང་པ་ན། །གཉིས་སུ་མེད་པས་སྟོང་ཉིད་དོ། །འབྱུང་བ་ཆེན་པོའི་གླིང་བཞི་དང་། །རི་རབ་ལ་སོགས་གང་ལ་ཡང་། །ཆགས་པའི་འཛིན་པ་སྟོང་པས་ན། །ཆེན་པོ་སྟོང་པ་ཉིད་དུའོ། ད་ལྟ་ཐོས་བསམ་བྷཻཾ་གསུམ་སོགས། །རྟོགས་པས་དོན་དམ་སྟོང་ཉིད་ཡིན། །དགེ་རྩ་བཟང་རྟོགས་རློམས་པས་ན། །འདུས་བྱས་སྟོང་པ་ཉིད་དུའོ། །འདུས་མ་བྱས་པའི་དགེ་བ་ཡིས། །རློམ་སེམས་ངང་གིས་སྟོང་པའི་ཕྱིར། །འདུས་མ་བྱས་ཀྱི་སྟོང་པ་ཉིད། །མཐའ་ལས་འདས་ཀྱི་འཛིན་པ་སྟོང་། །མཐའ་ལས་འདས་པའི་སྟོང་ཉིད་དོ། །ཐོག་མ་བར་དང་ཐ་མ་རུ། །སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར། །འཛིན་པ་ཐམས་ཅད་སྟོང་བས་ན། །ཐོག་མ་ཐ་མ་སྟོང་པའོ། །མྱ་ངན་འདས་པ་ཆེན་པོའི་ཚེ། །སེམས་ཅན་ཀུན་གྱི་དོན་མི་འདོར། །དོར་བ་མེད་པའི་སྟོང་ཉིད་དོ། །སྣང་བ་ཐམས་ཅད་རང་བཞིན་སྟོང་། །རང་བཞིན་སྟོང་པ་ཉིད་ཡིན་ནོ། །སྣང་སྟོང་འཁོར་འདས་མ་ལུས་ཀུན། །རང་བཞིན་དངོས་པོ་སྟོང་བའི་ཕྱིར། །ཆོས་རྣམས་སྟོང་པ་ཉིད་ཡིན་ནོ། །སངས་རྒྱས་མཚན་དཔེར་བརྒྱན་གྱུར་ཀྱང་། །དེ་ལ་བདག་འཛིན་མེད་པའི་ཕྱིར། །རང་གི་མཚན་ཉིད་སྟོང་པའོ། །ཆོས་རྣམས་མི་དམིགས་པ་རུ་ནི། །སྤུ་ཙམ་འཛིན་པས་སྟོང་པ་ན། །མི་དམིགས་པའི་སྟོང་པའོ། །དངོས་པོ་མེད་པའི་འཛིན་པ་རྣམས། །མཐའ་དེ་སྟོང་པ་དངོས་པོ་མེད། །ངོ་བོ་ཉིད་ཀྱི་སྟོང་པའོ། །དེ་ལྟར་ཕྱི་ནང་ཀུན་བརྟགས་པས། །སྟོང་ཉིད་མ་ཡིན་གཅིག་ཀྱང་མེད། །སྟོང་ཉིད་བདག་འཛིན་གྲོལ་བའི་ཚིག །བདག་འཛིན་གྲོལ་བའི་དུས་ཉིད་དུ། །སྤྲོས་བྲལ་གཤིས་ལུགས་རྗེན་པར་ཡིན། །འདི་ལ་ཆོས་སྐུ་ཀ་དག་ཟེར། །དེ་ལ་ལོངས་སྐུ་ངང་གིས་རྫོགས། །དེ་ལ་སྤྲུལ་སྐུ་ལྷུན་གྱིས་གྲུབ། །ཀུན་བཟང་བྷ་ག་ཡངས་པ་ཟེར། །ཆོས་རྣམས་ཀུན་གྱི་མདུད་པ་རུ། །བདག་འཛིན་གྲོལ་བའི་གནད་དུ་ཟབ། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྟོང་ཉིད་བཅོ་བརྒྱད་ཀྱི་སྲིད་པའི་རྩ་བ་བདག་འཛིན་གྲོལ་བའི་ལེའུ་སྟེ་ཞེ་དྲུག་པའོ། །྅྅྅ཡང་འཁོར་རྣམས་ཀྱིས་གསོལ་པ། ཀྱཻ་མ། དེ་ལྟར་བདག་ཏུ་འཛིན་པའི་སེམས་ཅན་རྣམས་ལ། སྟོང་པ་ཉིད་ཀྱི་རྒྱལ་ཚབ་རྒྱ་དེ་གྲོལ་བར་བྱེད་པའི་བླ་མ་དམ་པ་ཅིག་དགོས་ལགས་སམ། རང་གྲོལ་དུ་གྲོལ་ལགས། ཞེས་པ་དང་། ཡུམ་ཆེན་མོས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་འཁོར་ཚོགས་རྣམས། །བདག་ཉིད་གྲོལ་བའི་ཐབས་ཆེན་པོ། །མཆོག་ཏུ་བླ་མ་ཤིན་ཏུ་གཅེས། །ཀ་དག་ནམ་མཁའ་ལྟ་བུ་ལ། །ལྷུན་གྲུབ་ཐུགས་རྗེའི་ཉི་མ་ཤར། །ངོ་བོ་སྟོང་པ་དབྱེར་མེད་བཞུགས། །དེ་ཉིད་དཔེའ་དོན་བསྟན་པའི་ཕྱིར། །བླ་མ་མཚན་ལྡན་ཤིན་ཏུ་གཅེས། །རིག་གདངས་ཡེ་ཤེས་ལྷུན་གྲུབ་སྐུ། །ཙིཏྟའི་ནང་ན་ཚོམ་བུ་བཞུགས། །དེའི་རྩལ་ཉིད་དུང་ཁང་ན། །ཁྲོ་བོའི་སྐུ་རུ་གསལ་བར་བཞུགས། །དེའི་འཕྲུལ་སྒོ་འབྱེད་པའི་ཐབས། །ལྡེ་མིག་ཆེན་པོ་བླ་མ་གཅེས། །ལམ་ནི་རྩ་དེ་ཉི་ཞུར་བཞིན། །སྒོ་ནི་དབང་པོའི་མིག་ལ་གསལ། །ཡེ་ཤེས་མེ་ལོང་བྱད་ལྟར་སྣང་། །རྐྱེན་གྱི་དབང་གི་དུ་མར་སྣང་། །དེ་སྟོན་མེ་ལོང་བླ་མ་གཅེས། །བླ་མ་མཁས་པས་བསྟེན་པ་ལ། །ཡོན་ཏན་ཐམས་ཅད་དེ་ལས་འབྱུང་། །ཅི་ཕྱིར་རིག་པའི་ཡེ་ཤེས་ཏེ། །མ་རིག་སེལ་བྱེད་བླ་མ་ཡིན། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་དགེ་འདུན་བླ་མ་མཆོག །ཀུན་བྱེད་རྒྱལ་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །བླ་མ་དཔལ་ཆེན་ཧེ་རུ་ཀ །བླ་མ་མཉམ་མེད་རིན་པོ་ཆེ། །འོད་གསལ་གཡོ་མེད་ལྷུག་པར་བཞུགས། །འཁོར་འདས་གཉིས་ཆོས་སེལ་བའི་མཆོག །གུས་པས་མཆོད་ཅིང་སྐྱབས་གསོལ་འོས། །དལ་གྱི་གཙོ་བོ་བླ་མ་ལ། །རིགས་ལྔ་ལྷ་དང་ལྷ་མོ་ཚོགས། །ཞི་ཁྲོ་མ་ངེས་སེམས་དཔའ་དང་། །སེམས་མ་ཐུབ་དྲུག་སྒོ་མ་བཞི། །མཁའ་འགྲོ་ཆོས་སྐྱོང་ལས་བྱེད་སོགས། །ཟག་བཅས་ཟག་མེད་ཐམས་ཅད་ཀུན། །ཆོས་དབྱིངས་ངང་ནས་སྟོན་པའི་ཕྱིར། །མཆོག་ཏུ་བླ་མ་གཅེས་པའོ། །ནད་གདོན་ཞི་བྱེད་སྨན་གྱི་མཆོག །དགོས་འདོད་འབྱུང་བ་རིན་པོ་ཆེ། །ཐམས་ཅད་དབང་དུ་སྡུད་བྱེད་ཅིང་། འགྲོ་བ་མ་ལུས་སྒྲོལ་བའི་གྲུ། །འཕྲིན་ལས་ཀུན་གྱི་མངའ་བདག་མཆོག །ཐོག་མར་བླ་མ་གལ་ཆེའོ། །གང་ཟག་འཁོར་བར་ཞེན་པ་རྣམས། །ཞེན་པ་བཟློག་ཐབས་བླ་མ་གཙོ། །གང་ཟག་དམ་ཆོས་མ་དྲན་ཅིང་། །དགེ་སྡིག་ངོ་མ་ཤེས་པ་རྣམས། །ཆོས་སྟོན་དགེ་སྡིག་ངོ་སྟོན་ཕྱིར། །བླ་མ་དམ་པ་ཤིན་ཏུ་གཅེས། །སྒོ་སྐྱེ་འགགས་ཀྱི་འཐུམ་པ་ལ། །གེགས་སེལ་འབྲས་བུ་འབྱུང་བ་ཡང་། །བླ་མ་དག་གིས་དྲིན་གྱིས་འབྱུང་། །ཇི་ལྟར་ཉམས་སུ་བླང་བའི་མི། །ཐེག་ཆེན་བླ་མ་གདུང་གསོབ་པའི། །བླ་མ་སྤྱི་བོའི་གཙུག་ཏུ་ཁུར། །རྒྱུ་དང་འབྲས་བུས་ཆོས་རྣམས་ཀུན། །བླ་མའི་ཞལ་ལས་བྱོན་པ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བླ་མ་དམ་པ་བསྟེན་ལས་བྱུང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། །བསྐལ་པ་དུ་མར་མཆོད་པ་དང་། །སྲོག་སྐྱབས་ཁམས་གསུམ་ཚེ་སྐྱོབ་པས། །སྐད་ཅིག་སངས་རྒྱས་ཐོབ་པ་མེད། །བླ་མ་ཡིད་བཞིན་ནོར་བུ་གཅིག །མཆོད་པ་མཉེས་པའི་དྲིན་དག་ལས། །སྐད་ཅིག་སངས་རྒྱས་ཐོབ་པར་འགྱུར། །མཚན་ཉིད་བཞི་ལྡན་བླ་མ་ལ། །མོས་གུས་གདུང་བས་གསོལ་བཏབ་ན། །ཇི་ལྟར་ཡིད་ལ་གང་བསམ་པ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མཚམས་མེད་ལྔ་བྱས་གང་ཟག་དང་། །མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་དང་། །བླ་མའི་དྲིན་གྱིས་སངས་རྒྱས་སར། །སྐད་ཅིག་སྐྱེས་པར་ཐེ་ཚོམ་མེད། །བླ་མ་མཆོག་ཀྱང་མཉེས་དགོས་ཏེ། །རང་ཉིད་མོས་ལྡན་བླ་མ་ལ། །བུ་དང་ཆུང་མ་ནོར་གྱི་དབྱིག །ཤིན་ཏུ་ཅེས་དང་ཡིད་འཐད་པས། །རང་གི་སྲོག་གི་རྟེན་བྱས་ནས། །ཤིན་ཏུ་དེ་ནི་མཉེས་པས་མཆོད། །དེ་ལྟར་བླ་མ་མཉེས་བྱས་པས། །ཡོན་ཏན་རྒྱ་མཚོ་སྐྱེ་བར་བྱ། །ཐམས་ཅད་མཁྱེན་པའི་ནོར་བུ་ཡང་། །དེད་དཔོན་བླ་མ་མཉེས་ལས་བྱུང་། །གཞན་དོན་ཕྲིན་ལས་ལྗོན་ཤིང་ཡང་། །ས་བོན་བླ་མ་མཉེས་ལས་བྱུང་། །བྱང་ཆུབ་སྐམ་སར་ཐོན་པ་ཡང་། །མཉན་པ་བླ་མ་མཉེས་ལས་བྱུང་། །མི་ཤེས་མུན་པ་སང་བ་ཡང་། །ཉི་ཟླ་བླ་མ་མཉེས་ལས་བྱུང་། །འཁོར་བའི་རྒྱ་མཚོ་ཐོན་པ་ཡང་། །ལྕགས་ཀྱུ་བླ་མ་མཉེས་ལས་བྱུང་། །ཉོན་མོངས་ནད་ལས་སོས་པ་ཡང་། །སྨན་པ་བླ་མ་མཉེས་ལས་བྱུང་། །ངན་སོང་དོང་ནས་ཐོན་པ་ཡང་། །ཞགས་པ་བླ་མ་མཉེས་ལས་བྱུང་། །དེ་ཕྱིར་བླ་མ་ཚོལ་བ་གཅེས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། །བླ་མ་གལ་ཆེ་བར་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ། །྅྅྅ ཡང་མཁའ་འགྲོ་མ་རྣམས་ཀྱིས་གསོལ་པ། ཀྱེ་མཚན་ཉིད་དང་ལྡན་པའི་བླ་མ་ཇི་ལྟ་བུ་གཅིག་བཙལ་གསུང་དུ་གསོལ། ཅེས་པ་དང་། སྟོན་པས་བཀའ་སྩལ་པ། མཚན་ལྡན་བླ་མའི་མཚན་ཉིད་ནི། །བློ་ཆེ་ཁོང་ཡངས་རང་རྒྱུད་ལ། །བརྩེ་བའི་སེམས་ལྡན་རང་སྣང་དག །གནས་ལུགས་རྟོགས་པ་ཁོང་དུ་ཆུད། །ཤེས་རབ་གསུམ་ལྡན་བརྒྱུད་པར་ལྡན། །དུས་གསུམ་བླ་མའི་རྗེས་སུ་གནང་། །ཆོས་ཉིད་མངོན་སུམ་དོན་ལ་མཁས། །འཇིག་རྟེན་ཁྱིམ་སྤངས་དབེན་བར་གནས། །སློབ་བུ་གསོ་བའི་ཐབས་ལ་མཁས། །མདོ་སྔགས་རྒྱུད་སྡེའི་དོན་རྣམས་འཁྲོལ། །མཁྱེན་པ་ཆེ་ལ་ཆོས་བརྒྱད་བྲལ། །རང་གི་སྤྲོས་པ་ནང་ནས་ཆོད། །གཞན་ལ་ཁྱད་གསོད་མཚང་མི་བྲུ། །ཆོས་དང་གང་ཟག་དག་ལ་འང་། །མི་སྨད་ལོག་པར་ལྟ་དང་བྲལ། །རང་དོན་དུས་སུ་བསྒྲུབ་ལ་བརྩོན། །གཞན་དོན་དུས་སུ་ཐབས་ལ་མཁས། །བྱམས་དང་སྙིང་རྗེ་བརྩེ་བ་ཅན། །སྦས་ཚུལ་གདུལ་བྱ་འགྲོ་བ་འདྲེན། །དབང་ཁྲིད་འདི་སྟོན་ཐབས་ལ་མཁས། །མཚན་ཉིད་ལྡན་པའི་བླ་མ་ནི། །དབང་བསྐུར་བས་ན་སྡུག་བསྔལ་གྲོལ། །དེ་ལྟ་བུའི་བླ་མ་ལ། །གསོལ་བ་བཏབ་པས་དགོས་འདོད་འབྱུང་། །དཔེར་ན་ནོར་བུ་བསམ་འཕེལ་འདྲ། །སྣ་ཚོགས་རིག་པའི་རྩལ་ཡིན་ཕྱིར། །རིག་པ་སྟོང་པ་ཉིད་དུ་གྲོལ། །དབང་ལྡན་རྒྱལ་པོ་ཇི་བཞིན་ནོ། །ངོ་བོ་ཉིད་ལ་རྒྱུན་དུ་གནས། །ཡང་དག་དོན་ལ་གཡོ་བ་མེད། །མཐོང་ཐོས་བཅངས་པས་སངས་རྒྱས་འགྲུབ། །མཚན་ཉིད་དེ་རྣམས་གོ་ལོག་ན། །ནོར་བུ་མཆིང་བུ་དག་དང་མཚུངས། །གསོལ་བ་བཏབ་ཀྱང་བྱིན་རླབས་མེད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། བླ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ། །྅྅྅ གཉིས་པ་སློབ་མའི་མཚན་ཉིད་ནི། །བློ་ཆེ་རིགས་བཟང་ངང་རྒྱུད་རིང་། །དུག་ལྔའི་ཤུགས་ཆུང་བློ་ཁོག་ཡངས། །དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །དམ་ཚིག་སྒྲུབ་ལ་ཤིན་ཏུ་མོས། །སྡིག་འཛེམ་ཤེས་རབ་དབང་པོ་རྣོ། །གསང་ཐུབ་བརྟུལ་ཞུགས་སྤྱོད་པ་ནུས། །སྐྱོ་ཤས་ཞེན་ལོག་སྙིང་རུས་ཆེ། །ཚེ་འདིའི་ལོ་མ་རྒྱབ་ཏུ་བསྐྱུར། །བླ་མས་ཅི་གསུང་དང་དུ་ལེན། །ལྟོ་གོས་ཕྱིར་ན་ལྷག་སྐྱོབ་བརྟེན། །གྲོང་ཡུལ་བོར་ནས་དབེན་གནས་འགྲིམ། །དཀོར་ཟས་དག་ལ་མིག་རྡུལ་མཚུངས། །སྐྱོ་ངེས་ཐང་ལྷོད་ངོས་དགའ་མེད། །རྐྱེན་ངན་གང་ལའང་བཟོད་པ་ཐུབ། །དེ་ལྟ་བུའི་སློབ་མ་དེ། །གསང་སྔགས་འདིའི་སྣོད་མཆོག་ཡིན། །གསེར་དངུལ་རིན་ཆེན་སྣོད་ནང་དུ། །བདུད་རྩི་དག་ནི་བླུག་པ་འདྲ། །བཅུད་འཕེལ་ཡོན་ཏན་གོང་དུ་འཕེལ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སློབ་མ་སྣོད་དང་ལྡན་པ་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ། །྅྅྅ སྟོན་པས་ཡང་འདི་སྐད་གསུང་། སྣོད་དང་མི་ལྡན་སློབ་མ་ནི། །རིགས་ངན་བློ་ཆུང་ངང་རྒྱུད་ཐུང་། །ཁ་ཟོལ་ཤེས་ཆུང་གདུང་ལྟས་ཆེ། །ཁ་མཁས་ལག་དམ་གཡོ་ཟོག་ཆེ། །བླ་མའི་གསུང་གཅོག་དྲིན་ལན་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོགས། །རིགས་རྒྱུད་ངང་རྒྱུད་ངན་པ་དང་། བཀའ་དྲིན་ཁྱད་བསད་རང་ལ་བསྟོད། །དམ་ཚིག་ཉམས་ལེན་ཕྱལ་བར་བཏང་། །དེ་ལྟ་བུའི་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བསྟན། །བླ་མ་སྨད་དམ་ཐབས་ཀྱི་གསང་། །རང་གིས་ཆེ་བ་གཞོག་ངོམ་བྱེད། །གདམས་ངག་ཟབ་མོ་ཟིན་རིས་བྱེད། །དཔེ་རྐུན་ཁྲམ་པ་སྟོང་མི་ཐུབ། །བློ་རྒོད་འུར་འགྲོགས་བློ་གཏད་མེད། །དོན་དམ་དམ་ཚིག་ཕྱལ་བར་བཏང་། ཆང་དབང་གཉིད་དང་ལེ་ལོར་བཏང་། །སྒྲུབ་པ་གཡེལ་ཅིང་མུ་མེད་གཡེང་། །གདོང་དུ་བསྟོད་ཅིང་ལྐོག་ཤུབ་སྨྲ། །ཐབས་དང་གཡོའི་གདམས་པ་འབྲུ། །རང་གི་ཉམས་སུ་མ་བླངས་པ། །གཞན་ལ་དབང་ཁྲིད་སྟོན་པར་རིངས། །མི་འགོ་བསྐོར་འདོད་རང་མགོ་བསྐོར། །དེ་འདྲའི་སྣོད་ངན་འཕྲད་པ་ན། །སློབ་མ་མ་བརྟག་བླ་མའི་དགྲ། །སངས་རྒྱས་བསྟན་པའི་དགྲ་བོ་ཡིན། །དེ་ལས་གདམས་ངག་གི་འབྲེལ་མི་བྱ། །གལ་ཏེ་གདམས་པ་བྱིན་པ་ན། །དུག་ཅན་སྣོད་དང་ཞབས་རྡོལ་དང་། །རྫ་སོ་མ་བཏང་སྤྱད་པ་འདྲ། །སྣོད་ཆག་བཅུད་འབོ་དོན་མི་འགྲུབ། །སྣོད་དང་མི་ལྡན་གདམས་པ་སྤེལ། །རྡོ་རྗེའི་དམྱལ་བར་ལྟུང་བར་འགྱུར། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སློབ་མ་ངན་པ་སྤང་བའི་ལེའུ་སྟེ་ལྔ་བཅུ་པའོ། །྅྅྅ཀུན་བཟང་ཡུམ་གྱི་ཡང་གསུངས་པ། །བླ་མ་མ་བརྟག་སློབ་མའི་དགྲ། །དམྱལ་བར་ཁྲིད་པའི་ལམ་མཁན་ཡིན། །གལ་ཏེ་འཕྲད་པའི་ཉེན་ཡོད་པས། །མཚན་ཉིད་འདི་ལྟར་ཤེས་པར་བྱ། །བླ་མ་ཞེས་པའི་མིང་ཡང་བཏགས། །བརྒྱུད་པའི་བྱིན་བརླབ་བཀའ་བབ་མེད། །གདམས་ངག་ཡོད་ཟེར་ཚོད་དཔག་སྟོན། །འདུལ་ཁྲིམས་མེད་པ་ཁྱིམ་པའི་གཟུགས། །ལྷ་ཆོས་བོར་ནས་མི་ཆོས་ཀྱི། །སོ་ནམ་བུ་སྨད་གསོག་འཇོག་རེམ། །རང་ལ་ཉམས་ལེན་ཡོན་ཏན་མེད། །གཞན་ལ་ལོག་ལྟ་སྤྱོད་ལོག་སྟོན། །རིགས་དང་བརྒྱུད་པ་ང་ཆེ་ཟེར། །སྤྱོད་པ་ཁྱི་ཕག་ལས་ཀྱང་ལོད། །དྲེགས་པ་ཆེ་འདོད་མིང་ཆེ་ལ། །སྟོང་སོབ་རྫུན་ལ་མི་ཚེ་བསྐྱལ། །ས་རིས་བདག་འཛིན་རིས་སུ་བཅད། །གསོན་གཤིན་ལོག་པའི་ལམ་དུ་ཁྲིད། །རྒྱུ་འབྲས་ཁྱད་བསད་ཁ་ལྟ་མཐོའ། །ཆང་ནག་ཉིད་ལ་བསྒྲུབ་པ་བྱེད། །སངས་རྒྱས་བསྟན་པའི་སྲོག་ལ་བསྡོས། །སྙིང་རྗེ་མེད་ཅིང་ཆགས་སྡང་ཆེ། །ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་རྩལ་ཡིན་ཏེ། །དེ་ལྟ་བུའི་ཟུར་མ་གོ། །མི་མགོ་བསྐོར་ཅིང་རང་དོན་བསྒྲུབ། །གདུལ་བྱའི་བསྟན་འཛིན་ཟོག་ལ་བྱེད། །ཆོས་རྒྱུས་མེད་པས་མཁས་དྲུང་བཤོལ། །མི་ཤེས་བླུན་པོའི་ཚོགས་རྣམས་ལ། །ང་ཆེ་ཆོས་བཤད་ཁ་ཚོ་འདོན། །ཁྱི་སྐྱག་སྦྲང་མ་འདུ་བ་ལྟར། །ཚོགས་མ་བསགས་པའི་བླ་མ་ལ། །ལས་ངན་ཅན་གྱི་འཁོར་གྱིས་བསྐོར། །བཞེད་པ་མཐོ་རིས་སངས་རྒྱས་བཞེད། །གཤེགས་པ་ན་རཀ་དམྱལ་བར་གཤེགས། །ལོང་བས་ལོང་བ་ཁྲིད་པ་འདྲ། །བེའུ་སྦྲེལ་གཡང་ལ་ལྷུང་བ་འདྲ། །མཚན་ཉིད་མི་ལྡན་བླ་མ་ཡིས། །དབང་བསྐུར་བྱས་ཀྱང་གཉིས་ཀ་ཕུང་། །ཐ་མལ་ལོག་པར་ཁྲིད་པ་ལ། ངན་སོང་མིན་པ་འགྲོ་ས་མེད། །དེ་འདྲ་མི་གཙང་བུམ་པ་ལ། །བཟང་བཟང་འདྲ་ཡང་མ་འབྲེལ་ཅིག །དམ་པའི་ཆོས་ཀྱིས་རྒྱང་ཐག་བསྲིང་། །ཕྱི་བལྟས་བཟང་བཟང་འདྲ་མོད་ཀྱང་། །ནང་སྐྱོན་ཁོང་ནས་བརྡོག་ཙམ་ན། །ནམ་ཕུག་སྐྱོན་ཅིག་ཅིས་ཀྱང་འོང་། །དམ་ཉམས་གཉིས་ཀ་དམྱལ་བར་འགྲོ། །དེས་ན་ཐོག་མར་བརྟགས་པར་བྱའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། བླ་མ་ངན་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་ང་གཅིག་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། །བསྟེན་བྱའི་བླ་མ་རྙེད་པ་དང་། །སྣོད་དང་ལྡན་པའི་སློབ་བུ་དེས། །གུས་པས་འདི་ལྟར་བསྟེན་པར་བྱ། །ངང་ལྷོད་སེམས་དལ་སྐབས་བཙལ་ལ། །བླ་མའི་ཐུགས་དགོངས་འཕྲོད་པར་བྱ། །བསྒྲུབ་ཆོས་ཞུ་བའི་སྙན་གསན་དབབ། །བླ་མས་ཅི་གསུང་བསྒྲུབ་པའི། །དམ་བཅའ་གང་འཚམས་དུས་མཚམས་དབྱེ། །ལུས་ངག་ཡིད་གསུམ་གུས་པ་ཡིས། །བླ་མའི་མདུན་དུ་འདུག་པའི་ཚེ། །ཆེ་བཅོས་མི་བྱེད་དམན་ས་བཟུང་། །སྟེགས་དང་མཐོའ་སར་སྡོད་པ་སྤང་། །རྐང་བརྐྱང་མི་ལེགས་སྤྱོད་པ་སྤང་། །གོང་དང་རྒྱབ་ཏུ་འདུག་པ་སྤང་། །བཞུགས་དུས་གདན་བཏིང་བཞེངས་དུས་སྟབ། །ཁྲུས་དང་སྤོས་དང་ན་བཟའ་གསོལ། །བཞེངས་བཞུད་དུས་སུ་ལྡང་བ་བྱ། །བླ་མ་བཞུགས་པའི་དུས་ཉིད་དུ། །འཛིང་དང་རྒྱུག་པ་ངན་ལས་སྤང་། །ལུས་ཀྱི་མི་འཐད་ཐམས་ཅད་སྤོང་། །ངག་ཏུ་ཁྲེལ་རྒོད་བཞད་གད་སྤང་། །ཁ་བཙོག་ལ་སོགས་མི་འཐད་སྤང་། །སེམས་ཀྱི་འཁྲུལ་སེམས་བརྣབ་སེམས་སྤང་། །བསམ་ངན་དུག་ལྔ་ཐམས་ཅད་སྤང་། །གསོལ་ཆས་གཟིམ་ཆས་བཞུགས་པའི་ཆས། །ཕྱི་རབས་རྒན་གཞོན་ལ་སོགས་པ། །མི་འགོང་བཀུར་ཞིང་གོང་དུ་བཞག །གནང་བའི་དངོས་པོ་མ་གཏོགས་པས། །ཁབ་དང་སྐུད་པ་ཙམ་ལ་འང་། །མིག་གི་རྡུལ་བཞིན་འཛེམ་པར་བྱ། །ལམ་དུས་བྱེད་དང་འཇིགས་པ་མིན། །བཞུད་པའི་དུས་སུ་མདུན་མི་བཅད། །ཞབས་རྗེས་གྲིབ་མ་ལམ་མི་འགོང་། །སྐུ་མཉེའ་རྒྱབ་ཏུ་ཁུར་བ་དང་། །མཉེས་པར་གྱུར་བ་གང་གསུང་བསྒྲུབ། །རྒྱང་འབོད་འོ་འདོད་ལ་སོགས་པ། །ཞེ་མ་འཇིགས་པའི་སྤྱོད་པ་སྤང་། །ལུས་དལ་རྐང་ཤུག་འཇམ་པར་བྱ། །ཞུ་བ་ཐམས་ཅད་དལ་བུས་ཞུ། །སྙན་པའི་ངག་གིས་ཞྭ་ཐོད་ཕུད། །ཐལ་སྦྱར་པུས་བཙུགས་ཚུལ་གྱིས་འདུད། །ཡིད་ཀྱི་ལོག་ལྟ་ཐམས་ཅད་སྤང་། །ཡོན་ཏན་ཐམས་ཅད་དུས་གསུམ་གཞལ། །སངས་རྒྱས་ཀུན་གྱི་རྒྱལ་ཚབ་མཆོག །བདག་གིས་འདྲེན་པར་བྱོན་བར་བྷཻཾ། །ཡོ་བྱད་ལ་སོགས་གང་ཐུགས་བྱོན། །མཉེས་པ་ཐམས་ཅད་འཕང་མེད་ཕུལ། །རང་ལ་མེད་ན་ཐབས་ཀྱིས་བཙལ། །བླ་མ་མཉེས་ན་རྐུ་ཕྲོག་དང་། །སྡུག་བསྔལ་གཏམ་ངན་ཁྱད་དུ་བསད། །ཐུགས་ཀྱི་དགོངས་པ་རྫོགས་པར་བྱ། །བ་མོར་འོ་མ་བཞོས་པ་ལྟར། །དུས་སུ་གདམས་པ་སྣོད་ལྡན་ཞུ། །རིམ་པ་བཞིན་དུ་ཉམས་སུ་བླངས། །ཐོས་བསམ་ལ་སོགས་སྒྲོ་འདོགས་ཆོད། །གསོལ་བ་འདེབས་དུས་སྤྱི་བོར་བྷཻཾ། །ནུབ་མོ་སྙིང་གི་དཀྱིལ་དུ་བྷཻཾ། །ཟ་མ་ཟ་དུས་མགྲིན་པར་བྷཻཾ། །འཇིགས་ས་ཆེ་སར་ལག་མཐིལ་བྷཻཾ། །བྱ་བ་ཅི་དང་ཅི་བྱེད་པ། །བླ་མ་ཉིད་ལ་ཞུ་ལ་བསྒྲུབས། །ཐུགས་ཐུབ་ཁོང་ཚུད་སྐད་ཅིག་སྤང་། །གལ་ཏེ་ཐུགས་དཀྲུགས་སྐད་ཅིག་མས། །བསྐལ་པར་བསོགས་པའི་དགེ་བ་འཇོམས། །བླ་མེད་བྱང་ཆུབ་རྒྱང་ཐག་བསྲིངས། །བླ་མ་དང་ནི་དབང་མཆོག་གིས། །གསུང་དང་གཞུང་ལས་འགལ་བ་ན། །ན་རཀ་སྡུག་བསྔལ་མྱོང་བར་འགྱུར། །དེ་ཕྱིར་ཤིན་ཏུ་གཟབ་ལ་བསྟེན། །བླ་མའི་ཡུམ་མམ་འདུག་ས་འམ། །བླ་མ་ཉིད་དང་མཉམ་པར་ལྟ། །དེ་བཞིན་ཉེ་འཁོར་ལ་སོགས་ལ། །མེ་བཞིན་ཤིན་ཏུ་བག་ཟོན་བྱ། །བླ་མ་བསྟེན་མཉེས་ཡོན་ཏན་ནི། །སངས་རྒྱས་ཐམས་ཅད་བསྟེན་མཉེས་མཚུངས། །ཚེ་གཅིག་བླ་མའི་ས་ནོན་ནས། །སྤྲུལ་པ་དཔག་མེད་འགྱེད་པར་ནུས། །བླ་མ་བསྟེན་ཅིང་མཉེས་ལས་བྱུང་། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། །བླ་མ་བསྟེན་པའི་དགོས་པ་དང་སྤྱོད་ལམ་བསྟན་པའི་ལེའུ་སྟེ་ང་གཉིས་པའོ། །྅྅྅ཡང་སྟོན་པས་བཀའ་སྩལ་པ། །བླ་མས་སློབ་མ་གསོ་བའི་ཚེ། །སློབ་མ་གསར་བུ་དད་ལྡན་དེ། །ཐོག་མར་ཐབས་ཀྱིས་ཁྲིད་པར་བྱ། །ངེས་དོན་སྙིང་པོ་མ་གོ་བར། །རྒྱུ་འབྲས་གཉིས་ཀྱིས་ཆོས་རྣམས་བཤད། །སྒྲུང་དང་དཔེ་དང་བསྟན་ཆོས་དང་། །མགུར་གླུ་ལ་སོགས་འཁོར་བ་ལ། །ཡིད་བྱུང་ངན་སོང་སྡུག་བསྔལ་ལ། །སངས་རྒྱས་ཡོན་ཏན་ལ་སོགས་བཤད། །བླ་མ་ཉིད་ཀྱང་སྤྱོད་ལམ་གཟབ། །གལ་ཏེ་བསྟན་འགལ་ཟུར་འཕྲིག་ན། །བློ་ཆུང་དད་ལོག་རྫ་མི་དྲོས། །དེ་ལ་བྱིན་རླབས་ལ་མི་འགོས། །སློབ་མའི་མོས་གུས་ཆེ་ཆུང་སྟེ། །བླ་མའི་མཛད་སྤྱོད་ལེགས་ཉེས་ཡིན། །འགྲོ་འཆག་ཉལ་དང་ཟས་ལ་སོགས། །སྤྱོད་ལམ་ཐབས་ལ་ལེགས་པར་སློབ། །ཁྱད་པར་ཐེག་པ་འདི་ཉིད་ཀྱིས། །ཆོས་ཀྱི་ཡན་ལག་ཀུན་ལ་སློབ། །འཁོར་བ་བྱ་བ་འབྲེལ་འཁྲིག་ཀུན། །ཐབས་ཀྱིས་སྤང་ཞིང་དལ་དུ་ཞུགས། །སྤྲོས་བཅས་ལ་སོགས་དབང་བསྐུར་ནས། །དེའི་ལྷ་ལ་བསྙེན་སྒྲུབ་ཀུན། །ཐེག་པ་རིམ་གྱི་དབང་བསྐུར་ནས། །ཐོས་པའི་སྒྲོ་འདོགས་ཆོད་དུ་གཞུག །སྤྲོས་མེད་ལ་སོགས་དབང་བསྐུར་ནས། །གཡའ་གངས་དུར་ཁྲོད་དབེན་པ་རུ། །ལུས་ངག་རུ་ཤན་འབྱེད་དུ་གཞུག །དུས་དང་མཐུན་པའི་སྤྱོད་པ་བསླབ། །ལུང་དང་མཐུན་པར་བསླབ་པར་བྱ། །དཔེར་ན་བུ་གཅིག་ཆུང་བ་དེ། །མ་ཡིས་ཇི་ལྟར་གསོ་བ་ལྟར། །བརྩེ་བའི་གདུང་ཤུགས་ཆེན་པོ་ཡི། །གདམས་ངག་བདུད་རྩིའི་ནུ་མ་བླུད། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རྩ་བ་ཐིག་ལེ་གཅིག་མ་གྱེས། །གཅིག་པོ་ཐུགས་རྗེའི་རྩ་བ་ཡིན། །ཤེས་རབ་ཡེ་ཤེས་དབང་བསྐུར་ནས། །དབང་དང་འཚམས་པར་རིག་མ་བྱིན། །དྲེད་མོ་ལྟ་བུའི་སྤྱོད་པ་བསླབ། །རང་ཡང་སློབ་བུ་བློ་དག་ཕྱིར། །དངོས་བརྟེན་རྟག་ཚད་འབྱུང་བར་བྱ། །ཚིག་དབང་རྩལ་གྱི་དབང་བསྐུར་ནས། །སྤྲོས་བཅས་བྱ་བ་ཀུན་བོར་ནས། །སྤྲོས་མེད་ངང་དེར་ལྷོད་ཀྱིས་ཀློད། །རི་དྭགས་ལྟ་བུའི་སྤྱོད་པ་བསླབ། །ངེས་དོན་སྙིང་པོའི་ངོ་སྤྲོད་གདབ། །རང་རིག་མི་འགྱུར་གཟེར་ཐེབས་ནས། །རྒྱལ་ཚབ་དག་ཏུ་དབང་བསྐུར་ནས། །འགྲོ་དོན་གྱིས་ཤིག་བཀའ་ལུང་བྱིན། །རང་ཉིད་ཏིང་ངེ་འཛིན་ལ་བཞུགས། །གཞན་དོན་བྱང་ཆུབ་སེམས་དཔའ་འི། །བསླབ་བྱ་ཐམས་ཅད་བསླབ་པར་བྱ། །དང་པོ་སློབ་མ་དེ་དག་གིས། །རྣམ་དབྱེ་བསྲུང་མཚམས་མི་ཤེས་པར། །བླ་མའི་དམ་ཚིག་གསུམ་གཉིས་བསྲུང་། །རག་པ་ཤེས་ན་གསུམ་ཆ་སྟེ། །ཞིབ་པར་ཤེས་ན་སུམ་གཉིས་པོ། །སློབ་མ་ཉིད་ཀྱི་བསྲུང་བར་བྱ། །དུས་དང་གནས་དང་ཡུལ་ཉིད་དང་། །སྣང་དགག་རིམ་པ་མ་ལུས་པ། །བླ་མས་སློབ་བུར་ཁྲིད་པར་བྱ། །དེའི་ཡོན་ཏན་བསམ་མི་ཁྱབ། །སངས་རྒྱས་ཀུན་གྱི་གདུང་མི་ཆད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །དེ་ལྟར་བསླབ་ལས་རིམ་གྱིས་བྱུང་། །རྒྱལ་ཚབ་སློབ་བུ་གཅིག་ཚར་ནས། །འཁོར་བ་དོང་ནས་སྤྲུག་པར་འགྱུར། །ཁམས་གསུམ་སེམས་ཅན་མ་ལུས་པ། །འདྲེན་པའི་ལྕགས་ཀྱུ་དེ་ལས་བྱུང་། །དེ་ཕྱིར་སློབ་མ་བླ་མ་གཉིས། །ཕན་ཚུན་རྟེན་འབྲེལ་མ་འཆུགས་གཅེས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། བླ་མ་བསྟེན་པའི་དུས་སུ་བསླབ་བྱ་བསྟན་པའི་ལེའུ་སྟེ་ང་གསུམ་པའོ། །྅྅྅ ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །དང་པོར་སློབ་མས་བླ་མ་ལ། །དམ་ཆོས་ཞུ་ཚོལ་འདི་ལྟར་བྱ། །སྔ་མོར་ལངས་ལ་ཁ་ལག་བཀྲུས། །ལུས་ཀྱི་ཆས་རྣམས་ལེགས་པར་གཟབ། །མཆེད་གྲོགས་དམ་ཚིག་ལྡན་མི་ལྡན། །སྟ་གོན་རྣམས་ཀྱང་ལེགས་པར་བྱ། །ཆོས་རར་ཆག་ཆག་བྱི་དོར་བྱ། །བཞུགས་ཁྲི་ཡོལ་བ་གདན་ཁྲི་དང་། །མཆོད་པ་ཕྱི་ནང་རྒྱས་པ་བཤམ། །བཀོད་པ་ཁྱད་པར་འཕགས་པ་ནི། །ངང་གིས་དང་འདྲེན་བློ་ཕེབ་བཅའ། །དེ་ནས་ཆོས་འཁོར་བསྐུལ་བའི་སྒྲ། །ཆོས་ཀྱི་དུང་ཆེན་ལན་དགུའོ། །བླ་མའི་ཕྱོགས་སུ་ཁ་བལྟས་འབུད། །ཀུན་གྱི་གསོལ་འདེབས་གདུང་བ་བྱ། །མཆེད་ཀུན་འཛོམ་པར་གྱུར་པའི་ཚེ། །བླ་མ་སྤོས་དང་རོལ་མོས་བསུ། །བདེ་བའི་སྟན་ལ་བཞུགས་སུ་གསོལ། །གུས་པས་མཎྜལ་མང་པོ་ཕུལ། །བདེ་བའི་ས་ལ་སྐྱིལ་ཀྲུང་བཅའ། །ས་གཅིག་དག་ལ་གནས་མི་སྤོ། །ཞྭ་མོ་ཡོད་ན་མདུན་དུ་བཞག །སྐྲ་ལོ་ཡོད་ན་མདུན་དུ་ཕབ། །ལག་པ་ཐལ་སྦྱར་མཉམ་བཞག་བྱ། །ལག་གི་འདུ་བྱེད་ཐམས་ཅད་སྤང་། །མིག་ནི་བླ་མའི་ཞལ་ལ་ལྟ། །རྣ་བ་བླ་མའི་གསུང་ལ་ཉན། །སེམས་ནི་ཚིག་དོན་གཏན་ལ་ཕབ། །ཐེ་ཚོམ་དུས་སུ་བཟློག་ལ་ཞུ། །ངག་ཏུ་ཤུག་བུའི་ཚོགས་རྣམས་སྤང་། །རྐང་བརྐྱང་གཞོག་ཉལ་ཆེ་བཅོས་དང་། །མ་གནང་སྟན་དང་གདན་ཁྲི་སྤང་། །མི་ན་བ་ལ་མགོ་གཡོག་དང་། །དགྲ་མེད་པ་ལ་མཚོན་ཐོགས་དང་། །མ་རྒས་པ་ལ་དབྱུག་ཐོགས་དང་། །ཚུལ་དང་མི་མཐུན་ཐམས་ཅད་སྤང་། །ཚིག་དོན་རེ་རེས་གཞི་འབྲེལ་བྱ། །ཆོས་མཐུན་འཇུག་གི་དམིགས་པ་ལ། །ནན་ཆགས་ཆེན་བོས་གོང་འོག་མཐུད། །ཐ་མལ་སྤྱོད་པ་ཐམས་ཅད་སྤང་། །ཆོས་ཁྲིམས་ལུང་བཞིན་བག་ཡོད་སྤྱོད། །ཁྲེལ་ཡོད་གཡོའ་སྒྱུ་སྤང་བྱ་ཞིང་། །ཚོགས་ལ་སྤྱང་ཀུར་མ་གྱུར་བྱ། །སྤྱི་འཁྲིམ་འཇིགས་པའི་བྱ་བ་སྤང་། །མདོར་ན་བླ་མ་མཆེད་ལྕམ་རྣམས། །ཅི་ལྟར་གསུང་བྱོན་སྤྱོད་ལྟར་སྤྱོད། །ཆོས་གྲལ་སྐུ་དྲིན་མཎྜལ་དང་། །སྐུ་ལ་དྲོ་བ་ཞལ་དུ་བདའ། །ཐུགས་སུ་བྱོན་པ་ཕུལ་བར་བྱ། །ཕྱག་འཚལ་མོས་པས་བསྐོར་བ་བསྐོར། །རང་རང་བདེ་བ་ལ་འདུག་སྟེ། །ཏིང་ངེ་འཛིན་ལ་གནས་པར་བྱའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སློབ་མས་ཉན་འཆད་གྱི་དུས་སུ་སྤྱོད་ལམ་ཇི་ལྟར་བྱེད་བསྟན་པའི་ལེའུ་སྟེ་ང་བཞི་པའོ། །྅྅྅ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །དེ་ལྟར་སྣོད་ལྡན་སློབ་མ་ལ། །ཟབ་ཆོས་བསྟན་པ་དུས་ཀྱི་ཚེ། །བླ་མས་སྤྱོད་ལམ་འདི་ལྟར་བྱ། །བདེ་བའི་ཁྲི་ལ་སྐྱིལ་ཀྲུང་བཅའ། །རང་ཉིད་ཐེག་པ་གང་སྟོན་པའི། །དཀྱིལ་འཁོར་གཙོ་བོ་གསལ་འདེབས་ལ། །འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །མདུན་དུ་སྐད་ཅིག་འཁོར་བར་བསམ། །རང་རང་སྐད་དང་བློ་འཚམས་པས། །ཐེག་ཆེན་ཆོས་སྟོན་སེམས་ཀྱང་བསྐྱེད། །ཆོས་སྐྱོང་དཀར་ཕྱོགས་ཐམས་ཅད་ལ། །ལེགས་སྤེལ་བར་ཆད་སྲུངས་ཤིག་ཅེས། །རང་རང་ལས་བྱས་ཕྲིན་ལས་བཅོལ། །ཆོས་གྲལ་དབུས་སུ་སྟོང་པར་བཞག །མི་དང་མི་མིན་དཀར་ཕྱོགས་ཀུན། །མོས་པས་དམ་ཆོས་ཉན་པར་བསམ། །མིག་གི་སློབ་མ་ཀུན་ལ་ལྟོས། །ལག་པ་ཆོས་འཆད་མཉམ་བཞག་བཅའ། །ངག་གི་ཚིག་ལ་གདངས་སྙན་པས། །དཔེ་དོན་རྟགས་གསུམ་འབྲེལ་བར་བཤད། །དབང་པོ་གང་ལ་འཚམས་པའི། །ཆོས་སྒོ་ཐེག་པའི་འཚམས་པར་སྟོན། །རྡོ་རྗེའི་ཚིག་རྐང་བཀྲོལ་བར་བཤད། །རྒྱུད་འཁྲུག་པ་རྣམས་སྡེབ་ལ་བཤད། །ལུང་གཅུས་པ་རྣམས་བརྐྱང་ལ་བཤད། །དྲང་པོར་དགོངས་དང་ལྡེམ་པོར་དགོངས། །མ་འོངས་འཇུག་དོན་དགོངས་པ་དང་། །དྲང་དོན་ངེས་དོན་སྙིང་པོའི་དོན། །གཉིས་སུ་མེད་པའི་ཚིག་དོན་རྣམས། །རྒྱུད་ལུང་མན་ངག་ཕྱེས་ལ་བཤད། །མུན་ནག་འཛུབ་གཡུག་མ་སོང་བའི། །སློབ་བུའི་རྒྱུད་ལ་ཐེབ་པར་སླེབ། །མུན་གླང་མིག་ཕྱེས་ཇི་བཞིན་དུ། །མན་ངག་མྱོང་བས་ཡིད་ཆེས་གཞུག །ཆོས་མཚམས་ལེའུ་ཐུན་གྱི་དུས། །ཡས་དྲིལ་མས་དྲིལ་དོན་རྣམས་བཤད། །བྷཻཾ་བྱ་དམིགས་པ་བསྟན་དུ་གཞུག །བསམ་བྱའི་གོ་བ་བསམ་དུ་གཞུག །སྐབས་སུ་སྒྲུང་རྒྱུད་ལ་སོགས་པ། །ངོ་མཚར་གཏམ་གྱི་བྱིང་བ་སེལ། །སློབ་བུའི་སྐྱོན་མཚང་འདོན་པའི་ཕྱིར། །སྔོན་གྱི་སྒྲུང་རྒྱུད་ལྡེ་ཆུང་འདོག །རྗེས་སུ་བསྔོ་བ་སྨོན་ལམ་བཏབ། །ཀུན་ལ་བྱང་སེམས་བརྩེ་ལྡན་གཅེས། །དེ་ལྟར་ལག་ལེན་སྟོན་མཁས་ན། །བླ་མ་སངས་རྒྱས་བརྐོས་ཕོར་ལ། །དམ་པའི་ཆོས་ཀྱི་རི་མོ་ཡོད། །སློབ་མ་སྣོད་ལྡན་འབི་འབི་བཅུག །བརྐོས་ཕོར་རི་མོ་དེ་ཐེབ་ན། །སྐུ་གསུམ་སཱཙྪ་ཀྲུང་གི་གྱུར། །དེ་ལྟར་དཔོན་སློབ་མན་ངག་ལག་ལེན་གཅེས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། བླ་མས་ཆོས་བསྟན་པའི་དུས་ཀྱི་སྤྱོད་ལམ་བསྟན་པའི་ལེའུ་སྟེ་ང་ལྔ་པའོ། །྅྅྅ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་རྩལ་འཁོར་རྣམས། །བླ་མ་སློབ་མ་འཛོམ་མོད་ཀྱང་། །མཚན་ཉིད་ལྡན་པའི་གནས་གཅིག་དགོས། །གལ་ཏེ་གནས་ངན་གཅིག་འཕྲད་ན། །འཕྲལ་གྱི་ངན་དགུ་འབྱུང་སྲིད་པས། གནས་བཟང་འདི་ལྟར་བཙལ་བ་གཅེས། །ཕུ་ན་གངས་དཀར་ཆུ་འགོ་ཡོད། །མདའ་ནི་ཕྱག་རྒྱ་བསྣོལ་བ་འདྲ། །བར་དུ་ཐུ་བ་བཏིང་བ་འདྲ། །སྐྱིལ་ཀྲུང་བཅས་པ་ལྟ་བུ་ཡོད། །ཚ་གྲང་སྙོམས་ཤིང་ཆུ་ཤིང་འཛོམ། །སྐྱེ་བོ་ཐ་མལ་ས་ལ་འཕགས། །བཙན་ཅིང་དབེན་ལ་དངས་མཐོ་བ། །འབྲས་བུ་འཚོ་བ་ཤུགས་ཀྱི་མོད། །མི་རྒོད་འཚེ་བ་གཅན་གཟན་མེད། །སྔོན་ཡང་གྲུབ་ཐོབ་བཞུགས་སའི། །གཞི་བདག་འཇམ་ལ་བློ་ཕེབ་པ། །རང་དབང་ཐོབ་ཅིང་དགུ་བག་བདེ། །ལྟ་སྤྱོད་མི་གཅིག་མ་འདྲེས་ཤིང་། །མཛེ་ཡུག་ལ་སོགས་མ་འབགས་པ། །དེ་ལྟ་བུ་གཅིག་བཙལ་ལ་བརྟེན། །དུར་ཁྲོད་བསྡད་ན་སྐྱོ་ཤས་ཆེ། །གངས་ཁྲོད་བསྡད་ན་རིག་པ་དངས། །གཡའ་ཁྲོད་བསྡད་ན་རྟོགས་པ་འཕེལ། །གནས་ཆེན་བསྡད་ན་བྱིན་རླབས་འཕེལ། །རི་ཐང་མཚམས་སུ་འཕྲལ་རྐྱེན་འཛོམ། །དབེན་པའི་གནས་སུ་ཉམས་མྱོང་སྐྱེ། །དུས་དང་མཐུན་པའི་སྤྱོད་པ་ལ། །དུས་དང་མཐུན་པའི་གནས་ཅིག་ཚོལ། །དེའི་དུས་ཀྱི་མྱོང་བ་སྐྱེས། །དེའི་སྐུ་གསུམ་ཉིད་ལ་རེག །སྔར་སངས་རྒྱས་པ་ཐམས་ཅད་ཀྱང་། །གནས་བཟང་བསྟེན་པས་སངས་རྒྱས་སོ། །དེ་བཞིན་གནས་ལ་བརྟག་པར་བྱ། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། བླ་མེད་ཟབ་མོ་ཉམས་སུ་བླངས་པའི་གནས་གསུམ་གྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ང་དྲུག་པའོ། །྅྅྅ཡང་སྟོན་པས་བཀའ་སྩལ་པ། དེ་ལྟར་དབེན་པར་གནས་པ་ལ། །གྲོགས་ཀྱི་མཚན་ཉིད་གལ་ཆེ་སྟེ། །ཁ་ངན་དུག་ཆུ་འཐོར་བ་ན། །བློ་གསར་ཁམས་འདུས་ཀློང་བར་འགྱུར། །ཁོང་གྱོང་ཆེ་བཅོས་ཆེ་བ་ན། །ཞེ་འགྲས་དམ་ཚིག་ཉམས་པར་འགྱུར། །ཁ་གཡེང་སྐྱོན་མཚང་གཡེང་བ་ཅན། །དུག་ལྔ་མེ་ལྟར་འབར་བར་འགྱུར། །རིགས་ངན་བསམ་པ་ཆུང་བས་ན། །ནམ་ཞིག་དམན་པར་ལྟུང་བར་འགྱུར། །ཆང་སྨྱོ་འུར་འགྲོགས་ཆེ་བ་ན། །ནམ་ཞིག་ཞོར་ངན་འཕོག་པར་འགྱུར། །སྔར་དང་སུ་འགྲོགས་རྗེས་སུན་ན། །ད་ཡང་དེ་དང་མཚུངས་པར་འགྱུར། །སྒྲུབ་གཡེལ་གཡེང་བ་སྤེལ་བ་ན། །ནམ་ཞིག་འཇིག་རྟེན་པར་འགྱུར་སྲིད། །ཆང་ངན་གྲོང་ཁ་ཉུལ་བ་ན། །དམྱལ་བའི་སྣ་ཁྲིད་འབྱུང་སྲིད་པས། །གྲོགས་པོ་ངན་པ་སྤང་བར་བྱ། །གྲོགས་པོ་བཟང་པོའི་མཚན་ཉིད་ནི། །སྔར་ཡང་བླ་མ་མང་པོ་བསྟེན། །དེ་རྣམས་ཀུན་གྱི་ཐུགས་རྗེ་བཟུང་། །དམ་ཉམས་ལ་སོགས་སེལ་མེད་པས། །ཐོས་བསམ་ལ་སོགས་གདར་ཤ་བཅད། །བྷཻཾ་པའི་དུས་སུ་རྡོ་རུས་ཐུག །སྔར་ཡང་བསྒྲུབ་གེགས་འབྱུང་བ་སེལ། །དཀའ་སྤྱད་སྙིང་རུས་ཞེ་བཅའ་ལྡན། །དེ་འདྲ་བླ་མ་དག་དང་མཚུངས། །ཤིང་སྡོང་རྩ་བའི་རྩ་ཉག་གཅིག །ཤིང་སྡོང་རྩེ་མོར་སླེབ་དང་མཚུངས་། །དེ་ལྟར་མ་ཡིན་འབྲིང་པོས་ཀྱང་། །རང་དང་བློ་མཐུན་ལྟ་སྤྱོད་འདྲ། །གསང་ཐུབ་ཁ་ཉུང་བསྒྱུར་ཁ་ལྕི། །བློ་སྣ་ཐུང་ཞིང་སྐྱོ་ཤས་ཆེ། །ཁོང་དྲང་སྙིང་རུས་ཤེས་རབ་ཆེ། །རིགས་བཟང་རང་དང་བསྟུན་ཐུབ་པས། །དེ་ལྟ་བུ་དང་འགྲོགས་པར་བྱའོ། །གནས་སྐབས་སྒྲུབ་པའི་གེགས་མི་བྱེད། །མཐར་ཐུག་དམ་ཚིག་མ་ཉམས་པ། །སྐུ་གསུམ་དབྱིངས་སུ་སངས་རྒྱས་སོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། གྲོགས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ང་བདུན་པའོ། །྅྅྅ཡང་སྟོན་པས་བཀའ་བསྩལ་པ། དེ་ནས་དུས་ཀྱི་ཁྱད་པར་གྱིས། །སྤྱིར་ནི་ན་སོ་གཞོན་པ་གཅིག །རྩ་རླུང་དར་དུས་ཉམས་མྱོང་མྱུར། །གནས་རྫས་མཐུན་རྐྱེན་འཛོམ་དུས་སུ། །བློ་ཕེབ་པའི་དགོས་པ་ཡོད། །གྲོགས་བཟང་བླ་མ་བཟང་དུས་འདིར། །དམ་ཆོས་ཟབ་པའི་དགོས་པ་ཡོད། །བླ་མས་ཐུགས་ལ་འདོགས་དུས་སུ། །གདམས་པ་རྩད་གཅོད་དགོས་པ་ཡོད། །རང་ཉིད་དད་པ་གསར་དུས་སུ། །བརྩོན་འགྲུས་འབྱུང་བའི་དགོས་པ་ཡོད། །དུས་ཚོད་ཚེས་གྲངས་བཟང་དུས་སུ། །རྟེན་འབྲེལ་འགྲིགས་པའི་དགོས་པ་ཡོད། །སོ་སོ་སྐྱེ་བོ་དབེན་དུས་སུ། །སྤྱོད་པ་སྐྱོང་བའི་དགོས་པ་ཡོད། །ལུས་ལ་ནད་སོགས་མེད་པའི་དུས། །དགེའ་སྦྱོར་འཕེལ་བའི་དགོས་པ་ཡོད། །སེམས་ལ་སྡུག་བསྔལ་མེད་པའི་དུས། །གང་བྷཻཾ་གསལ་བའི་དགོས་པ་ཡོད། །ཁྱད་པར་གསང་སྤྱོད་སྐྱོང་བ་ནི། །སྟོན་དཔྱིད་གཉིས་ཀྱིས་དུས་སུ་བཟང་། །མངོན་སུམ་ཉམས་སུ་ལེན་པའི་དུས། །དབྱར་མ་སྟོན་དང་དགུན་ཆུང་དང་། །ཟེར་གཉིས་དུས་སུ་ཁྱད་པར་ཤེས། །ནམ་མཁའ་སྤྲིན་དང་ཁུ་རླང་མེད། །སྤྲོ་བ་སྐྱེས་པའི་དུས་ན་བཟང་། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། དུས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ། །྅྅྅སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། སློབ་མ་གསར་བུ་ཁྲིད་པ་དང་། །སྐྱེ་བོ་སྨིན་གྲོལ་འགོད་པ་ལ། །ཡོ་བྱད་ཕུན་སུམ་ཚོགས་པ་དགོས། །འཚོ་བ་ཟས་ཀྱང་འདབ་ཏུ་བཤམས། །དམ་བཅའ་བསྲིང་ཅོག་དགོས་པ་ཡོད། །ནད་བཟློག་སྨན་དང་སྨན་ཡིག་བཤམས། །འབྱུང་འཁྲུགས་སེལ་བའི་དགོས་པ་ཡོད། །དགྲ་བཟློག་གོ་མཚོན་དུས་བསྟུན་བསགས། །བར་ཆད་སེལ་བའི་དགོས་པ་ཡོད། །བསྐང་བའི་རྫས་ཀྱང་མ་རུལ་བཤམས། །དམ་ཅན་དགྱེས་པའི་དགོས་པ་ཡོད། །མཆོད་པའི་རྫས་ཀྱང་མ་སྙིལ་བཤམས། །དཀོན་མཆོག་མཉེས་པའི་དགོས་པ་ཡོད། །སྒྲུབ་པའི་རྫས་ཀྱང་མ་ཆགས་པ། །དངོས་གྲུབ་འབྱུང་བའི་དགོས་པ་ཡོད། །ཚོགས་འཁོར་རྫས་ཀྱང་ཅི་མང་བསོགས། །ཉམས་རྟོགས་འཕེལ་བའི་དགོས་པ་ཡོད། །མེ་ཏོག་དབང་ཡོན་ལགས་ཡོན་བསོགས། །ཚོགས་གཉིས་རྫོགས་པའི་དགོས་པ་ཡོད། །གཏོར་མའི་རྫས་ནི་མ་སྦག་པ། །དམ་ཅན་ལས་བྱེད་དགོས་པ་ཡོད། །དབང་རྫས་རོལ་མོ་མཆོད་རྫས་བསགས། །སྣང་བ་འགྱུར་བའི་དགོས་པ་ཡོད། །དཔེ་ཆ་རྟེན་ཆ་འཛོམ་པ་དང་། །ཁྱད་པར་ཆོས་འདིའི་ངོ་སྤྲོད་ཆས། །ཤེལ་འབག་ལ་སོགས་གང་དགོས་བསོགས། །བུ་སློབ་འདུ་བའི་དགོས་པ་ཡོད། །ལུས་རྒྱན་ཆས་གོས་ལེགས་པར་བསོགས། །དང་བ་འདྲེན་པའི་དགོས་པ་ཡོད། །འཕྲལ་རྐྱེན་བཀོད་པ་འཕགས་པར་བྱ། །ཡིད་ཆགས་བློ་ཕེབ་དགོས་པ་ཡོད། །དབང་རྟེན་མཚན་ལྡན་བུད་མེད་བསོགས། །ཆགས་པ་རྒྱས་བྱེད་དགོས་པ་ཡོད། །བླ་མའི་གསང་ཡུམ་ཐུགས་མཉེས་བསགས། །དབང་བཞི་ཐོབ་པའི་དགོས་པ་ཡོད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡོ་བྱད་རྫས་ཀྱི་བསགས་ཚུལ་བསྟན་པའི་ལེའུ་སྟེ་ང་དགུ་པའོ། །྅྅྅ཡང་མཁའ་འགྲོ་མ་ཐམས་ཅད་ཀྱི་འཁོར་ཐམས་ཅད་ཀྱི་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཀྱཻ། བླ་མ་ཀུན་ཏུ་བཟང་མོ་ཉིད་ཀྱིས་ཡིད་ཚིམས་པར་མཛད་པ་ཨ་ལ་ལ་ཧོ། །དེ་ལྟར་སྤྱི་དང་སྒོས་ཐེག་དང་ངོས་ཟིན་ནས་སྔར་དུས་མདོར་མཆོད་གསུང་པ་ལ་འབྲེལ་པ་མེད་པ་ལས་སྨིན་གྲོལ་ལག་ཁྲིད་རྒྱབ་ཡིག་དང་། །རྟགས་ཚད་གྲོལ་བ་བར་དོ་དང་། །མཇུག་དོན་གཏད་པ་མདོར་བཅད་ནས། །ཞེས་པ་རྣམ་པ་གནང་བར་འཚལ་ལོ། །ཞེས། ཐབས་ཀྱི་རྡོ་རྗེའི་འདུས་མ་བྱས་པའི་མཆོད་པས་མཉེས་པར་བྱའོ། །ཡང་སྟོན་པས་འཛུམ་པའི་མདངས་ཕྱུངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཧོ། ཉོན་ཅིག་རིག་གདངས་རྩལ་འཁོར་རྣམས། །ངའི་ཐེག་པ་བླ་མེད་འདི། །སུ་འཕྲད་གྲོལ་བར་ཐེ་ཚོམ་མེད། །སྙིང་པོའི་རྒྱུད་འདིར་སུ་འཕྲད་པ། །རྫོགས་སངས་རྒྱས་པར་ཐེ་ཚོམ་མེད། །ཅི་ཕྱིར་རང་རིག་སྐུ་གསུམ་ཡིན། །དེ་ལྟ་བུའི་ཡི་གེ་སྟེ། །ངོ་བོ་རང་ཐོག་འཕྲད་པ་ཡིན། །གང་ཤར་སྦྲུལ་མདུད་བཞིན་དུ་གྲོལ། །གྲོལ་བར་བྱེད་པ་གཞན་ནས་མིན། །ཀུན་འབྱུང་སྲིད་རྩ་རྟོགས་པས་གྲོལ། །སེམས་བྱུང་ཡིད་རྟོག་བག་ལ་ཞ། །རིག་པ་རྟོགས་ཚེ་འཛིན་པ་གྲོལ། །དེ་ཕྱིར་འདི་ཉིད་གར་བབ་པའི། །བརྒྱུད་པའི་རིམ་པ་བཤད་པར་བྱ། །སྤྱི་གཞི་སྐུ་གསུམ་བསྟན་པ་སྟེ། །ཆོས་སྐུའི་ཕུན་སུམ་ཚོགས་ལྔ་དང་། །ལོངས་སྐུའི་ཕུན་སུམ་ཚོགས་ལྔ་དང་། །སྤྲུལ་སྐུའི་ཕུན་སུམ་ཚོགས་ལྔ་བཤད། །ལོ་རྒྱུས་དོན་གྱི་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ནང་གཞི་ལུས་ཀྱི་ཕུན་སུམ་ཚོགས་ལྔ་དང་། །གསང་བ་ལྟ་སྟངས་གཅིག་གི་སྟེང་། །ཁྲེགས་ཆོད་ཐོད་རྒལ་ཕུན་ཚོགས་ལྔ། །ཡང་གསང་སྐུ་གསུམ་བུདྡྷ་ཚེ། །ཕུན་སུམ་ཚོགས་ལྔ་བདེ་བཞིར་ལྡན། །དེ་ཀུན་རྒྱུད་མཆོག་བླ་མེད་འདི། །མཁས་པ་པཎྜི་ཏ་ལྟར་བསྟན། །ནང་དོན་རྒྱལ་བ་དགོངས་བརྒྱུད་དང་། །རིག་འཛིན་བརྡ་དང་གང་ཟག་སྙན། །མཁའ་འགྲོ་གཏད་རྒྱས་བརྒྱུད་པ་དང་། །སྨོན་ལམ་དབང་བསྐུར་གྲུབ་ཐོབ་བརྒྱུད། །ཟབ་མོ་གཏེར་དུ་བརྒྱུད་པ་དང་། །བྱིན་བརླབས་དམ་རྫས་བརྒྱུད་པ་སོགས། །བརྒྱུད་པ་དགུ་ལྡན་ཕྱེས་ལ་བཤད། །དེ་ཀུན་རྒྱུད་མཆོག་ཐེག་ཆེན་འདི། །ཉམས་མྱོང་ཀུ་སུ་ལུ་ལྟར་བསྟན། །འདས་པའི་སངས་རྒྱས་ཆེ་བ་བརྗོད། །གདམས་པ་འདི་སྨིན་གྲོལ་བར་བཤད། །མ་འོངས་གྲུབ་ཐོབ་རིམ་གྱིས་བྱོན། །གདམས་པ་འདི་འཕྲད་གྲོལ་བར་བཤད། །ད་ལྟར་གང་ལ་བབ་པའི་ཆེ། །ཡོན་ཏན་དངོས་གྲུབ་མཉེས་ཚུལ་བཤད། །གང་ཟག་བློ་གསར་ཡིད་ཆེས་ཕྱིར། །ཆུ་འགོ་གངས་ལ་གཏུག་པ་ལྟར། །ཀུན་བཟང་ངའི་བར་དུ་བཤད། །སྣོད་འཇིག་པ་ལ་བཅུད་བརྟེན་དང་། །སེམས་འཇིག་པ་ལ་རིག་པ་བརྟེན། །རིག་པ་ཉིད་ལ་སྐུ་གསུམ་བརྟེན། །དེ་སོགས་སྤྲོས་པ་ཆོད་པར་བཤད། །དེ་ཡིས་ཡིད་ཆེས་གདར་ཤ་ཆོད། །གདམས་པ་ཁུངས་བཙུན་སློབ་མ་སྤྲོ། །བླ་མ་བཟང་པོའི་དགོས་པ་ཡོད། །འདི་མེད་གདམས་པ་སྟོན་འདོད་ན། །ལག་རྡུམ་བྲག་ལ་འཛེགས་པ་ལྟར། །ཁྲོན་ཆུ་ལྐུག་པའི་སྦལ་ཅོང་འདྲ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡིད་ཆེས་པའི་ལོ་རྒྱུས་ཀྱི་དོན་བསྟན་དགོས་པའི་ལེའུ་སྟེ་དྲུག་ཅུ་ཐམ་པའོ། །྅྅྅ཡང་འཁོར་རྣམས་ཀྱིས་བསྐུལ་ཏོ། །ཀྱཻ་སྟོན་པ་ཡུམ་ཆེན་མོ། །དབང་གི་མིང་དོན་གསུང་དུ་གསོལ། །སྟོན་པས་ལན་དུ་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩ་འཁོར་རྣམས། །དབང་གི་དབྱེ་བ་མང་བཤད་ཀྱང་། །དེ་ཡང་རྣམ་པ་བཞིར་འདུས་ཏེ། །སྤྲོས་བཅས་དབང་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞིའི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱ། །དེ་ནས་རིག་པའི་རྩལ་དབང་བསྐུར། །དང་པོ་སྤྲོས་བཅས་ལ་སོགས་ལས། །སྟ་གོན་གོང་མ་ཚར་བ་དང་། །བུམ་དབང་ཆེན་པོ་འདི་བཞིན་བསྐུར། །གདམས་པ་སྦྱོར་དངོས་རྗེས་འཇུག་གསུམ། །དང་པོ་སྔོན་འགྲོ་བཅུ་གཅིག་སྟེ། །བླ་མས་བྱ་བ་དག་དང་གཅིག །སློབ་བུ་བྱ་བ་དག་དང་གཉིས། །གསོལ་བཏབ་བསྙེན་པ་ས་ཆོག་དང་། །སྟ་གོན་ཐིག་ཆོག་མཚོན་ཆོག་དང་། །དཀྱིལ་འཁོར་བསྒྲུབ་དང་མཆོད་པར་བྱ། །སློབ་བུ་དཀྱིལ་འཁོར་ཞུགས་པའོ། །དངོས་གཞིའི་ཆོས་ལ་བཅུ་ཡིན་ཏེ། །རིགས་ལྔ་ཀུན་བཟང་དབང་དང་དྲུག །ཕྱག་རྒྱ་བརྡའི་དབང་དང་བརྒྱད། །དོན་དབང་ཚིག་གི་དབང་དང་བཅུ། །རྗེས་ལ་རྣམ་པ་གསུམ་ཡིན་ཏེ། །ཡོན་འབུལ་བཀའ་བཞིན་བསྒྲུབ་པ་དང་། །སྐྱོན་ཡོན་འགག་གདམས་བསྟན་པའོ། །དེ་ལྟར་དབང་དོན་རྒྱས་པ་རུ། །མཚན་ལྡན་བླ་མས་བསྐུར་བས་ན། །འབྲས་བུ་སྤྲུལ་པའི་སྐུ་ལ་རག །དབང་བསྐུར་ཐོག་མ་ཐ་མ་རུ། །དགའ་སྟོན་མ་བྱས་དངོས་གྲུབ་མེད། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྡོ་རྗེའི་སྤུན་སོགས་ལ། །ཚོགས་མཆོད་ཡོན་གྱི་མ་མཉེས་ན། །ནད་མང་ཚེ་ཐུང་བར་གཅོད་འབྱུང་། །ཐུན་མོང་དངོས་གྲུབ་མེད་པ་དང་། །མཆོག་ལ་རིང་དུ་སོང་བ་ལ། །ཚེ་འཕོས་ཡི་དྭགས་སྐྱེ་བར་འགྱུར། །མཚན་ཉིད་མི་ལྡན་བླ་མས་ནི། །དབང་བསྐུར་བྱས་ཀྱང་གཉིས་ཀ་ཕུང་། །དེ་ཕྱིར་རྣམ་དབྱེ་ཤེས་པར་གྱིས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྤྲོས་བཅས་བུམ་དབང་བསྐུར་བའི་ལེའུ་སྟེ་རེ་གཅིག་པའོ། །྅྅྅ཡང་སྟོན་པས་བཀའ་སྩལ་པ། །ད་ནི་ཡང་དག་ཁྱོད་ཉོན་ལ། །སྤྲོས་པ་ཐམས་ཅད་བཅད་དགོས་ཏེ། །སེམས་ཞེས་བྱ་བའི་རིག་རིག་པོ། །ཡིད་ཞེས་བྱ་བའི་འགྱུ་འ གྱུ་པོ། །ཡོད་དོ་བྱས་ན་དངོས་པོ་མེད། །མེད་དོ་བྱས་ན་སྣ་ཚོགས་སྟོན། །མིག་ལ་གཟུགས་དང་རྣ་བར་སྒྲ། །སྣ་ལ་དྲི་དང་ལྕེ་ལ་རོ། །ལུས་ལ་རེག་དང་ཡིད་ལ་ཆོས། སྤང་བླང་དུ་མས་བདག་ཏུ་བཟུང་། །ཚོགས་དྲུག་དེ་རྣམས་རེ་རེ་ལ། །ཆགས་པ་མིར་སྐྱེ་སྡང་བས་དམྱལ། །ཕྲག་དོག་ལྷ་མིན་སེར་སྣ་ཡི། །རང་ལ་ང་རྒྱལ་ལྷ་རུ་སྐྱེ། །དེ་རྣམས་རང་སྣང་ངོ་མ་ཤེས། །བླུན་པོ་གཏི་མུག་བྱོལ་སོང་སྐྱེ། །རིགས་དྲུག་ས་བོན་དེ་སྦྱངས་ཕྱིར། །སེམས་ཀྱི་སྤྲོས་པ་འདི་ལྟར་བཅད། །ལུས་ཀྱི་སྤྲོས་པ་བྱར་མེད་བཅད། །ངག་གི་སྤྲོས་པ་ལྐུག་བར་བཅད། །ཡིད་ཀྱི་སྤྲོས་པ་བསམ་མེད་བཅད། །ཡུལ་གྲོང་སྤྲོས་པ་དབེན་པར་བཅད། །གཉེན་བཤེས་སྤྲོས་པ་མེད་པར་བཅད། །ནོར་གྱི་སྤྲོས་པ་དཔེ་ལ་བཅད། །ཟས་ཀྱི་སྤྲོས་པ་དཀའ་ཐུབ་བཅད། །གོས་ཀྱི་སྤྲོས་པ་ཧྲུལ་པོར་བཅད། །འདུ་འཛིའི་སྤྲོས་པ་ཡེངས་མེད་བཅད། །ཆགས་ཞེན་སྤྲོས་པ་ཞེ་ནས་བཅད། །གཟུང་འཛིན་སྤྲོོས་པ་ཞེན་ལོག་བཅད། །དུག་ལྔའི་སྤྲོོས་པ་སྐུ་ལྔར་བཅད། །དུག་གསུམ་སྤྲོས་པ་སྐུ་གསུམ་བཅད། །ཡང་དག་སྤྲོས་པ་སེམས་ལ་བཅད། །སེམས་ཀྱི་སྤྲོས་པ་ལྟ་བས་བཅད། །ལྟ་བའི་སྤྲོས་པ་ཚིག་ལ་བཅད། །ཚིག་གི་སྤྲོས་པ་ཉམས་ལེན་བཅད། །ཉམས་ལེན་སྤྲོས་པ་བྷཻཾ་གྱི་བཅད། །བྷཻཾ་གྱི་སྤྲོས་པ་རྟགས་ཀྱིས་བཅད། །རྟགས་ཀྱི་སྤྲོས་པ་རིག་པས་བཅད། །རིག་པས་སྤྲོས་པ་གཅེར་བུས་བཅད། །གཅེར་བུ་བྱ་བྲལ་ཟླ་བྲལ་ལོ། །ཐོག་མར་སྤྲོས་གཅོད་གལ་ཆེ་བས། །ལེགས་པར་དབང་པོ་དགུང་པར་བྱ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཞེན་ཐག་བཅད་པའི་ལེའུ་སྟེ་རེ་གཉིས་པའོ། །྅྅྅ ཡང་སྟོན་པས་བཀའ་སྩལ་པ། དེ་ནས་མི་རྟག་འཆི་བ་བསམ། །ཕྱི་སྣོད་འཇིག་རྟེན་ཁམས་འདི་ན་འང་། །མེ་བདུན་ཆུ་གཅིག་རླུང་གིས་འཇིགས། །འདི་ལ་བློ་གཏད་ག་ལ་ཐུབ། །ནང་བཅུད་སེམས་ཅན་ཐམས་ཅད་ཀྱང་། །ནད་མཚོན་མུ་གེ་གསུམ་གྱིས་འཆི། །འདི་ལ་བློ་གཏད་ག་ལ་ཐུབ། །བར་དུ་ན མ་ཟླ་དུས་བཞི་ཡང་། །དབྱར་དགུན་སྟོན་དཔྱིད་རིམ་བཞིན་འགྱུར། །འདི་ལ་བློ་གཏད་ག་ལ་ཐུབ། །ཁར་སང་དེ་རིང་ནུབ་མོ་ཡང་། །མི་རྟག་ཐང་གཅིག་འགྱུར་བ་སྟོན། །འདི་ལ་བློ་གཏད་ག་ལ་ཐུབ། །ཤིང་རྩི་ལོ་ཐོག་སྐྱེ་བྲི་དང་། །སྐྱེས་པ་འཆི་ཞིང་འདུས་པ་འབྲལ། །བསོགས་པ་ཟད་ཅིང་བརྩིགས་པ་འཇིག །ཡོད་པའི་མཐའ་ནི་མེད་པར་འགྱུར། །ཐམས་ཅད་མི་རྟག་འགྱུར་བའི་ཚེ། །འདི་ལ་བློ་གཏད་མེད་པར་ཞེན། །བློ་བརྟན་པོ་ཁྱོད་ཞེ་རེ་ཁྲེལ། །ཐམས་ཅད་མི་རྟག་ཐག་བཅད་པས། །ད་ནི་རང་སེམས་བཙན་ས་ཟིན། །སྙམ་པ་ཡང་ཡང་ཞེ་ནས་བྷཻཾ། །འཁོར་བའི་ཆོས་ལ་སྐྱུག་ལོག་ན། །ཡང་དག་དོན་ལ་འཇུག་པར་འགྱུར། །སྐབས་སུ་རྣམ་སྣང་ཆོས་བདུན་བཅའ། །ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕབ། །ཁྲོ་བོ་ཉིད་ཀྱི་ལྟ་སྟངས་གྱིས། །རྣལ་ཕབ་ཡོན་ཏན་གསུམ་ཡང་འགྲུབ། །སྙིང་མདངས་འགགས་མེད་ལུ་གུ་རྒྱུད། །གསལ་བདེ་སྣང་རིག་སྟོང་པ་ཉིད། །དབྱེར་མེད་གསལ་བ་མ་འདྲེས་གནས། །རིག་གནས་ལུག་རྒྱུད་བརྩོན་འཛིན་པ། །མངོན་སྣང་དལ་བ་ཉིད་ཀྱི་བརྟེན། །སྣང་བཞི་མྱུར་དུ་མཐོང་བར་བྱེད། །བྱས་ཆོས་ཐམས་ཅད་བློ་ཡིན་ཏེ། །བློ་ནི་ཀུན་རྫོབ་འཁྲུལ་པར་བཤད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཐོག་མར་མི་རྟག་བློ་ལ་སྦྱངས་པའི་ལེའུ་སྟེ་རེ་གསུམ་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། །འདུས་བྱས་ཐམས་ཅད་མི་རྟག་པ། །དེའི་ནང་ནས་ལུས་མི་རྟག །སྦྱིར་ནི་རིགས་དྲུག་སེམས་ཅན་ལ། །སྐྱེས་ནས་མི་འཆི་སུ་ཡང་མེད། །སྒོས་སུ་གླིང་བཞིའི་མི་རྣམས་ལ། །སྐྱེས་ནས་མི་འཆི་སུ་ཡོད་པ། །ཡང་སྒོས་འཛམ་གླིང་སེམས་ཅན་རྣམས། །མ་ཤི་ལུས་པ་སུ་ཡིས་མཐོང་། །སྔར་འདས་ཕ་མ་རྣམས་ལ་ལྟོས། །ད་སྐྱེས་གཞོན་པ་རྣམས་ལ་བསམ། ། འཆི་ལུགས་བསམ་གྱིས་མི་ཁྱབ་ཀྱང་། །གནས་ལུགས་འཆི་དང་བཙན་ཐབས་འཆི། །རྣམ་པ་གཉིས་སུ་འདུས་པ་ཡིན། །རྒས་ཤིང་རྒུད་ནས་འཆི་བ་དེ། །གནས་ལུགས་ཡིན་ཏེ་རེ་རེ་ཙམ། །ཕལ་ཆེར་རྐྱེན་གྱིས་བཙན་ཐབས་འཆི། །ནད་རིགས་སུམ་བརྒྱའ་དྲུག་ཅུ་པོ། །ཁོང་པའི་ནང་ནས་ལངས་ནས་འཆི། །གདོན་བགེགས་སྟོང་ཕྲག་བརྒྱད་བཅུ་ཡིས། །ཕྱི་ནང་སྲོག་ལ་ཧུར་ཐུམ་སྤྱད། །ས་ཆུ་མེ་རླུང་དུག་མཚོན་སོགས། །གློ་བུར་སུམ་བརྒྱའ་དྲུག་ཅུས་འཆི། །ཡེ་འགྲོགས་བཞི་བརྒྱ་རྩ་བཞི་ཡིས། །ཞུན་མར་རླུང་གི་བསད་ཅིང་འཆི། །འཚོ་ཐབས་ལྟོ་གོས་གཉིས་ཡིན་ཀྱང་། །སུབ་དང་བརྣང་བ་ལ་སོགས་པས། །སྲོག་གཅོད་རྐྱེན་དུ་གྱུར་པ་ཡིན། །ཀྱི་ཧུད་མི་འཆི་ལུས་པ་སུ། །ལྷ་འམ་འཇིག་རྟེན་གཞན་ཞིག་ནས། །སངས་རྒྱས་ཀྱིས་ཀྱང་གཟིགས་པ་མེད། །རང་གི་གཉེན་དང་ཁྱིམ་མཚེས་སོགས། །ཡུལ་མི་ཀུན་ལའང་ལེགས་བསམ་ན། །དམ་ཆོས་མ་གཏོགས་ཅིས་ཕན་པས། །འཆི་བའི་དུས་ཆེན་སླེབ་ཙ་ན། །རྒྱལ་པོའི་དབང་གིས་འཕྲོག་པ་མེད། །བློན་པོའི་གྲོས་ཀྱི་བྲིད་ཐབས་མེད། །ཕྱུག་པོའི་ནོར་གྱིས་བླུས་པ་མེད། །ཁ་གཉན་ཞུ་བ་ཕུལ་ས་མེད། །དམ་ཆོས་ཟབ་ཀྱང་བཤད་ས་མེད། །ལྕེ་བདེ་དག་གིས་བཀྲོལ་ས་མེད། །འཁོར་གཡོག་བླུན་མར་བཏང་ས་མེད། །ད་ནི་ཡང་དག་སྙིང་པོའི་དོན། །དོན་མཆོག་གཅིག་ཚུགས་མི་བྷཻཾ་རེ། །སྙམ་པ་ཡང་ཡང་དྲན་པར་བྷཻཾ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། འཆི་བ་ལ་བློ་སྦྱངས་པའི་ལེའུ་སྟེ་རེ་བཞི་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་ཡང་གསུངས་པ། ཉོན་ཅིག་རིག་པའི་རང་འཁོར་རྣམས། །གལ་ཏེ་འཆི་བ་འབྱུང་བ་ན། །དྲན་ནས་དེ་རིང་ཐུག་གི་བར། །མཐོ་རིས་ཐོབ་པའི་ལས་ཅི་བྱས། །ངན་སོང་འཁོར་བའི་གནོད་ཅི་བྱས། །ལེགས་པར་དཀར་ནག་རྡེའུ་བགྲང་། །ལུས་སྡིག་གསུམ་དང་ངག་སྡིག་བཞི། །སེམས་སྡིག་གསུམ་པར་མི་དགེའ་བཅུ། །རྡེའུ་ནག་པོ་རེ་རེ་བཤར། །དེ་བཞིན་དགེ་ལ་དཀར་པོ་རེ་རེ་བཤར། །ནག་པོ་གང་འདུག་འགྱོད་པས་བཤགས། །ཕྱི་ལྟར་ཚིག་དང་རུ་གཟུགས་བཤགས། །སྨྲེ་སྔགས་ངུ་འབོད་ཆེན་པོ་ཚངས། །ནང་ལྟར་བསྐྱེད་རྫོགས་ཟབ་མོ་དང་། །གསང་བ་གནས་ལུགས་སྟེང་དུ་བཞག །ཕྱིས་ནས་སྲོག་ལ་བབ་ཀྱང་བསྲུང་། །བདེར་གཤེགས་སངས་རྒྱས་ཐམས་ཅད་ཀྱིས། །ལས་ཀྱི་རྣམ་སྨིན་སྐྱེས་རབས་ལྟ། །དེ་ལ་ཡོན་ཏན་དུ་མ་སྟེ། །ཆོས་ཀྱི་ཡན་ལག་སྤང་ལེན་གཉིས། །དགེ་སྡིག་འདོར་ལེན་ཤེས་པར་འགྱུར། །གནས་སྐབས་སྡིག་དག་རིག་པས་མཐོང་། །མཐར་ཐུག་བར་དོར་སྔངས་སྐྲག་གྲོལ། །ངན་སོང་སྒོ་ཁེགས་བདེ་བར་འགྲོ། །དེ་བཞིན་དགེ་བ་ཐམས་ཅད་ཀྱང་། བླ་མ་ཉིད་དམ་རྟེན་གྱི་དྲུང་། །འཁོར་གསུམ་ཡང་དག་བསྔོ་བ་བྱ། །སྨོན་ལམ་དག་པར་ཁ་བསྒྱུར་གདབ། །དམིགས་མེད་ཡོངས་སྒྲོལ་ཆེན་པོར་བཞག །གནས་སྐབས་དགེ་འཕེལ་བསྟན་ལ་གནས། །བར་དོར་ལྷའི་ལམ་སྣ་སྟོན། །ཕྱི་མ་རིགས་བཟང་ཆོས་དང་མཇལ། །དེ་ཕྱིར་གཞི་འབྲེལ་ལེགས་བཏང་ཕྱིར། །རྒྱུ་འབྲས་གཉིས་པོ་གོ་བར་གྱིས། །བསམ་པ་དཀར་ལ་སྦྱོར་བ་ནག །བསམ་པ་ནག་ལ་སྦྱོར་བ་དཀར། །འཕེན་བྱེད་མཐོ་ལ་ལག་ལེན་དམའ། །འཕེན་བྱེད་དམའ་ལ་སྦྱོར་བ་མཐོ། །རེག་འཇོམས་ཅན་དང་འདྲེས་མ་དང་། །གནས་སྐབས་གོང་འོག་དུས་ཁྱད་ཀུན། །རིམ་པར་རང་གི་ཤེས་པར་བྱ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ལས་རྒྱུ་འབྲས་ལ་སེམས་སྦྱངས་པའི་ལེའུ་སྟེ་རེ་ལྔ་པའོ། །྅྅྅ཡུམ་ཆེན་ཉིད་ཀྱིས་ཡང་གསུངས་པ། ཉོན་ཅིག་རིག་པའི་རང་འཁོར་རྣམས། །དེ་ནས་ངན་སོང་སྡུག་བསྔལ་བསམ། །ཨ་པ་ད་ལྟ་ང་ཤི་ན། །བར་དོའི་འཕྲང་ལ་འགྲོ་དགོས་སྟེ། །དགེ་བྱེད་མཐོ་རིས་ལས་རེ་དཀོན། །དུག་གསུམ་འདིའི་གཞི་བླངས་ནས། །ངན་སོང་གསུམ་དུ་འགྲོ་བ་དེ། །དམྱལ་ཁམས་བཅོ་བརྒྱད་སྐྱེས་པ་ན། །ད་ལྟ་གྲང་དྲོ་གཅིག་མི་བཟོད། །སྡུག་བསྔལ་དེ་འདྲ་སུས་བཟོད་པས། །ཡི་དྭགས་གནས་སུ་སྐྱེས་པས་ན། །ད་ལྟ་འཁྱག་སྐོམ་ཅིར་མི་བཟོད། །སྡུག་བསྔལ་དེ་འདྲ་སུས་བཟོད་པས། །བྱོལ་སོང་གནས་སུ་སྐྱེས་པ་ན། །ད་ལྟ་ངལ་དུབ་ཅིར་མི་བཟོད། །སྡུག་བསྔལ་དེ་འདྲ་ཡུན་ཐུང་ག་ལ་ཡིན། །བར་བསྐལ་ཉི་ཤུ་ལ་སོགས་པས། །ལས་ངན་མ་ཟད་ཚེ་ཚད་མེད། །འདི་རུ་མིར་སྐྱེ་བའི་ཐབས་འབད་དགོས། །མཐོ་རིས་གནས་སུ་སྐྱེ་ན་ཡང་། །ལྷ་ལ་འཕོ་ལྟུང་སྡུག་བསྔལ་ཆེ། །ལྷ་མ་ཡིན་ལ་འཐབ་ཅིང་རྩོད། །མི་ལ་སྐྱེ་རྒ་ན་དང་འཆི། །བརྒྱད་འགྱུར་སྡུག་བསྔལ་ཆུ་གཉེར་འདྲ། །སངས་རྒྱས་སྐུ་གསུམ་མ་ཐོབ་ན། །འཁོར་བ་འདི་ན་བདེ་བ་མེད། །འཁོར་བའི་ཉེས་དམིགས་མེ་དོང་ནས། །སྐྱོབས་ཤིང་ཐར་པའི་ཐབས་ཚོལ་ལོ། །དེ་ཡང་ལེ་ལོར་མ་གྱུར་བྱ། །ཐར་པ་བྱང་ཆུབ་བསྒྲུབ་པ་ལ། །གེགས་སུ་མ་གྱུར་གང་ཡང་མེད། །གཉེན་འབྲེལ་འཁོར་བའི་བཤལ་ཐག་ཡིན། །རྦད་གྱིས་བཅད་ལ་བྱང་ཆུབ་བསྒྲུབ། །བསོད་ནམས་བདུད་ཀྱི་མགོ་བསྐོར་ཡིན། །ལིངས་གྱིས་བོར་ལ་བྱང་ཆུབ་སྒྲུབས། །ནོར་རྫས་སྡུག་བསྔལ་ཐུམ་པོ་ཡིན། །བཤིག་གྱིས་བཤིག་ལ་བྱང་ཆུབ་བསྒྲུབ། །སྡེ་དགོན་འཁོར་བའི་བཟང་བཙོན་ཡིན། །རྒྱངས་ཀྱིས་བསྐྱུར་ལ་བྱང་ཆུབ་བསྒྲུབ། །དཔེ་རྟེན་གསེར་གྱི་སྡོང་ཤིང་ཡིན། །འཐོར་གྱིས་གཏོར་ལ་བྱང་ཆུབ་བསྒྲུབ། །བུ་སློབ་ཆགས་སྡང་བྱུར་ཤིང་ཡིན། །གཅེར་གྱིས་གཏོན་ལ་བྱང་ཆུབ་བསྒྲུབ། །ཁེ་དང་གྲགས་པ་ལོ་འདོད་དང་། །གཏམ་སྙན་བདེ་བ་ཅི་དང་ཅི། །ཐར་ལམ་སྒྲུབ་པའི་གེགས་ཆེན་བྱེད། །བཟང་ངན་དཀར་ནག་ལ་སོགས་པ། །ཅི་དང་ཅི་ཡིས་རྐྱེན་བྱས་ན། །འཁོར་བའི་རྨིང་རྡོ་མིན་པ་མེད། །རིགས་དྲུག་སྡུག་བསྔལ་སྐྱོབ་པའི་ཐབས། །སྐུ་གསུམ་ཞིང་དུ་འགྲོ་བའི་ལམ། །ཕྱི་ནང་ཀུན་ལ་སྐྱབ་འཚལ་ལོ། །སྙིང་དང་ཁ་ཞེ་འཕྲོད་པར་སྤྲད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རིགས་དྲུག་སྡུག་བསྔལ་ལ་སེམས་སྦྱང་བའི་ལེའུ་སྟེ་རེ་དྲུག་པའོ། །྅྅྅ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་རིག་པའི་མདངས་འཁོར་རྣམས། །དེ་ལ་ལག་ལེན་འདི་ཡིན་ཏེ། །སྐྱབས་གནས་མདུན་གྱི་ནམ་མཁར་གསལ། །ལུས་ནི་སྐྱིལ་ཀྲུང་ཐལ་མོ་སྦྱར། །ངག་ནི་གདུང་དབྱངས་སྙན་པོས་བརྗོད། །སེམས་ནི་ཁ་ཞེ་འཕྲོད་པར་སྤྲད། །མོས་གུས་མཆི་མ་ཁྲོམ་པ་ཡིས། །ན་མོ། །རྣམ་པ་ཀུན་མཁྱེན་སངས་རྒྱས་གཙོ། །དེས་གསུང་ཞི་བ་དམ་པའི་ཆོས། །དེ་རྗེས་འཇུག་པའི་དགེ་འདུན་ལ། །བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི། །ཤེས་རབ་ལྔ་ལྡན་བླ་མ་རྗེ། །ཡེ་ཤེས་ལྔ་ལྡན་ཡི་དམ་ལྷ། །མཚན་ཉིད་ལྔ་ལྡན་མཁའ་འགྲོའི་ཚོགས། །བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི། །དག་པ་གཉིས་ལྡན་ཆོས་ཀྱི་སྐུ། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །མ་ངེས་དོན་མཛད་སྤྲུལ་པའི་སྐུ། །བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི། །ཡུམ་ཆེན་མཁའ་འགྲོ་ཀུན་བཟང་ལྔ། །སྤྲུལ་སྐུ་རིམ་བརྒྱུད་བླ་མ་དང་། །སྐྱབས་ཡུལ་གོང་མ་ཐམས་ཅད་ལ། །ངོ་བོ་རང་ཐོག་འདི་བཞིན་བཞག །ན་མོ། དག་པ་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཐིག་ལེ་རང་གསལ་ཚོམ་བུར་རྒྱས། །ཡེ་ཤེས་རིག་པ་ཟང་ཐལ་སྐུ། །བདག་འཛིན་བྲལ་བར་སྐྱབས་སུ་མཆི། །ཉིན་མཚན་དུས་དྲུག་ཐམས་ཅད་དུ། །བློ་སྐལ་ངེས་པས་དུང་ངེ་བསམ། །ཨ་པ་ངའི་སྔོན་ཆད་དུ། །བྱས་པ་དོན་མེད་མི་ཚེ་ཟད། །ཉིན་པར་བྱ་བའི་ལས་ལ་ཡེངས། །ནང་ནུབ་ལྟོ་གོས་ཁོལ་པོར་སོང་། །ནུབ་མོ་གཏི་མུག་གཉིད་ཀྱིས་ཁྱེར། །ཚེ་འདི་ཡེངས་བ་ལམ་ལ་ཟད། །དར་ཙམ་ཡུད་ཙམ་རེ་རེ་བས། །ཚེ་འདི་ཆེ་འཕྲང་ཡུད་ཡུད་པོས། །ལོ་ཟླ་འདས་པ་ངས་མཚོར། །མི་ཚེ་སྟོང་ལོག་བྱུང་བས་ན། །མི་ལུས་ཐོབ་པ་དོན་ཅི་ཡོད། །རིགས་དྲུག་གར་སྐྱེས་ཅི་ཆ་ཡོད། །འཁོར་བ་མཐའ་དེ་སུ་ཡིས་རྙེད། །ད་ལྟ་རང་དབང་ཡོད་དུས་སུ། །སྐྱབས་གནས་མི་ཚོལ་ཡི་རེ་མུག །གཞན་རྐྱེན་ཁ་རུ་གཏོང་རེ་ན། །བདག་རྐྱེན་འདོད་པ་མི་སྐྱོང་རེ། །སེམས་ཅན་སྙིང་རྗེ་མི་བྷཻཾ་རེ། །ལེ་ལོར་དར་གཅིག་གཏོང་རེ་ན། །སྐྱིད་འདོད་ཕྱི་ཤོལ་བྱེད་རེ་ན། །ཆང་ནག་གཉིད་དབང་བཏང་རེ་ན། །དཀོན་མཆོག་བླ་མ་སྐྱབས་སུ་བསྟེན། །ཅི་ཡོད་དེའི་ཕྱོགས་སུ་གཏོང་། །ད་ལྟའི་བདེ་ཆུང་ཡུད་ཙམ་རེས། །ཡུན་གྱི་བདེ་བ་འགག་བར་འདུག །སྙིང་རུས་སྡུག་བསྲན་མི་བྱེད་རེ། །ཚེ་འདི་རླུང་ལ་མི་བསྐུར་རེ། །སྙིང་པོའི་དོན་གཅིག་མི་བསྒྲུབ་རེ། །དབེན་པའི་རི་སུལ་མི་འགྲིམ་རེ། །ལུས་ཀྱི་གཅེས་འཛིན་མི་གཏོང་རེ། །དགྲ་གཉེན་རེ་དྭོགས་མི་གཅོད་རེ། །འཇིག་རྟེན་བྱ་བ་བྱེད་རེ་ན། །བླ་མའི་བཀའ་བཞིན་མི་བསྒྲུབ་རེ། །རིག་པ་མངོན་སུམ་མི་ལྟ་རེ། །ཆོས་ཟད་སྐུ་གསུམ་མི་བསྒྲུབ་རེ། །སྙམ་པའི་ཞེ་བཅང་དྲང་པོར་བྱ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྐྱབས་སུ་འགྲོ་བ་ལ་བློ་སྦྱང་བའི་ལེའུ་སྟེ་རེ་བདུན་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། །ཉོན་ཅིག་རིག་གདངས་རྩལ་འཁོར་རྣམས། །དེ་ནས་སངས་རྒྱས་ཡོན་ཏན་ནམ། །དམ་པའི་ཆོས་འདི་བྱས་གྱུར་ན། །ཡུན་དང་མཐར་ཐུག་གཉིས་ཀ་བདེ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་སྐུའི་མཛད་པ་བསམ་མཐའ་ཡས། །ལོངས་སྐུའི་ཞིང་བཀོད་མུ་མཐའ་ཡས། །སྤྲུལ་སྐུའི་ཆོ་འཕྲུལ་བློས་མི་འཁྱུད། །སྐྱེ་ལ་རང་དབང་ཐོབ་པ་དང་། །འཕོ་ལ་རང་དབང་ཐོབ་པ་དང་། །རང་རང་ཡོན་ཏན་བརྗོད་ལས་འདས། །ཡང་དག་རྫོགས་པའི་སངས་རྒྱས་ནས། །འཁོར་བ་དུས་གཅིག་དོང་ནས་སྤྲུག །མངོན་པར་སངས་རྒྱས་ཐོབ་པ་ན། །སྐད་ཅིག་སྤྲུལ་པ་བྱེ་བ་འགྱེད། །འཕོ་བ་ཆེན་པོར་བཞུགས་པ་ན། །སྐད་ཅིག་སྡིག་ཅན་སུམ་སྟོང་གྲོལ། །མཆོག་སྤྲུལ་སྟོང་དང་རྩ་གཉིས་སོགས། །ཡང་སྤྲུལ་ཐུབ་དྲུག་སུམ་སྤྲུལ་སོགས། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དེས་གསུང་དམ་ཆོས་བསམ་མི་ཁྱབ། །ཟབ་དང་རྒྱ་ཆེ་བློ་ལ་འཚམས། །འཁོར་གཅོང་འབྱིན་པའི་སྨན་ལ་ཟབ། །དེ་བཞིན་ཉམས་ལེན་དགེ་འདུན་བསྐྱང་། །ལྷ་མི་ཀུན་གྱི་མཆོད་པའི་རྟེན། །འགྲོ་ཀུན་འདྲེན་པའི་ལམ་སྣ་བ ། །སངས་རྒྱས་བསྟན་པའི་སྲོག་ཤིང་མཆོག །སྤས་པའི་སངས་རྒྱས་མི་གཟུགས་ཅན། །ཐོས་བསམ་བྷཻཾ་པའི་སྲོག་ཤིང་མཆོག །བཤད་སྒྲུབ་ཆ་ལུགས་བསམ་མི་ཁྱབ། །དཀར་སེར་དམར་ནག་ཆ་ལུགས་ལ། །དབུ་ཟླུམ་ལྕང་ལོ་ངེས་པ་མེད། །སེམས་ཅན་བློ་དང་གང་འཚམས་པར། །རིག་གནས་ལྔ་སོགས་རེ་བ་སྐོང་། །གསོན་གཤིན་རིགས་དྲུག་འདྲེན་པའི་དཔལ། །སངས་རྒྱས་མི་གཟུགས་བསམ་མི་ཁྱབ། །གཉིས་འཛིན་ལོག་ལྟ་ངོ་མི་ཤེས། །སངས་རྒྱས་བྱིན་རླབས་རྨད་དུ་བྱུང་། །དམ་ཆོས་ཐུགས་རྗེ་ངོ་མཚར་ཆེ། །དགེ་འདུན་མཛད་པ་ཨ་ལ་ལ། །དེ་ལྟ་བུ་ལ་ལེགས་བསམ་ན། །བདག་ཀྱང་དེ་བཞིན་མི་བསྒྲུབ་རེ། །ཐོག་མའི་སངས་རྒྱས་ཐམས་ཅད་ཀྱང་། །ཆུ་ཐིག་རེ་ལ་བརྟེན་ཙམ་ན། །སྨོན་འཇུག་སེམས་བསྐྱེད་བརྩམ་པའི། །བདག་ཀྱང་སྨོན་འཇུག་སེམས་བསྐྱེད་དེ། །ཉམས་སུ་ཡང་ཡང་ཁ་ཞེ་སྤྲད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སངས་རྒྱས་ཀུན་གྱི་ཡོན་ཏན་ལ་སྦྱངས་པའི་ལེའུ་སྟེ་རེ་བརྒྱད་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །དེ་ནས་མདུན་གྱི་ནམ་མཁའ་ལ། །སེམས་བསྐྱེད་དཔང་པོ་སྤྱན་དྲངས་ལ། །པུས་བཙུག་ཐལ་སྦྱར་ཁ་ཞེ་སྤྲད། །ཧོ་ཡུམ་ཆེན་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱི་གཞན་རྣམས་ལ། །གནོད་པའི་ལས་ལོག་དགེ་བ་བསྒྲུབ། །དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོར་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུངས། །བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །མ་དང་བུའི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དབུགས་འབྱིན་ཕྱིར། །བྱང་ཆུབ་སྨོན་པའི་སེམས་བསྐྱེད་དོ། །ཧོ་སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས། །སྡོམ་པ་ལ་ནི་གནས་པ་ལྟར། །དེང་ནས་འཁོར་བ་མ་སྟོང་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །རྒྱལ་བ་སྲས་སུ་དཔང་བསྐྱེད་དོ། །གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རང་ངོ་མ་ཤེས་གཟུང་འཛིན་འཐས། །འཁོར་བ་དོང་ནས་སྤྲུགས་པའི་ཕྱིར། །རང་ངོ་ཤེས་པར་སེམས་བསྐྱེད་དོ། །དཀོན་མཆོག་གསུམ་བཟུང་མི་བཏང་ངོ་། །བླ་མ་ཡི་དམ་མི་སྤང་ངོ་། །སྐུ་གསུམ་རང་ཆས་རང་གསལ་གདབ། །འཁོར་འདས་ཆོས་རྣམས་རང་གྲོལ་བཞག །ཧོ་རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བཟུང་། །རྣམ་རྟོག་གཉིད་ཀྱི་བྱུང་ས་བརྟག །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཡིན། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་གཏོང་། །ཚོགས་དྲུག་ལྷུག་པ་ཉིད་དུ་བཞག །རིན་ཆེན་མཁའ་འགྲོའི་དམ་ཚིག་ཡིན། །པདྨ་རིགས་ཀྱིས་དམ་ཚིག་ཏུ། །ཐེག་པ་རྣམ་གསུམ་ཆོས་རྣམས་སྤྱད། །པདྨའི་རིགས་གྱུར་ཐམས་ཅད་མཆོད། །པདྨ་མཁའ་འགྲོའི་དམ་ཚིག་ཡིན། །ལས་ཀྱི་རིགས་ཀྱིས་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །རྣམ་རྟོག་ཕྲ་རག་སྤོམ་གསུམ་བསྒྲལ། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཡིན། །བདེར་གཤེགས་རིགས་ཀྱིས་དམ་ཚིག་ཏུ། །མི་འགུལ་གསུམ་ལ་གཞི་བྱས་ནས། །དབྱིངས་རིག་གཉིས་པོ་འབྲལ་མི་བྱ། །སངས་རྒྱས་མཁའ་འགྲོའི་དམ་ཚིག་ཡིན། །ཅེས་པས་ཁ་ཞེ་སྤྲད་བྱས་ནས། །ཚད་མེད་བཞི་ལྡན་ཚུལ་གྱིས་ནི། །ཉིན་མཚན་དུས་དྲུག་ལག་ཏུ་བླང་། །དེའི་གོང་མའི་ཡོན་ཏན་རྣམས། །རྒྱུད་ལ་སྐྱེ་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྐྱེ་བ་མེད་པ་ལ་བློ་སྦྱངས་བའི་ལེའུ་སྟེ་རེ་དགུ་པའོ། །྅྅྅ཡང་གཅིག་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །དེ་ནས་ཚོགས་གཉིས་རྫོགས་པའི་ཕྱིར། །མཆོད་ཡུལ་གོང་མ་གསལ་གདབ་ལ། །ས་ཤིང་རིན་ཆེན་མཎྜལ་ལ། །དམིགས་རྟེན་བྱས་ལ་སྐུ་གསུམ་གྱི། །མཎྜལ་རྒྱས་བསྡུས་མང་དུ་ཕུལ། །ཁྱད་པར་རང་གི་གསོལ་འདེབས་པའི། །ཡང་དག་དོན་གྱི་ཚིག་འདི་ཉིད། །ཚིག་དོན་བསམ་ཞིང་འབུལ་བར་བྱ། །ན་མོ། ཧྲཱི་གདོད་མའི་གཞིའི་ཞིང་ཁམས་ཡེ་ནས་རྣམ་པར་དག་པ། སྟོང་པའི་ངོས་ནས་ཁྱམས་དང་མཐའ་དབུས་མ་གྲུབ་ལ། རང་བཞིན་ངོས་ནས་གསལ་ཞིང་བཀྲ་བ། ལྷུན་གྱིས་གྲུབ་པ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར། འཁོར་འདས་ཀྱི་འབྱུང་གནས་ཆེན་པོ། ལྷུན་གྲུབ་རིན་པོ་ཆེའི་མཁའ་སྤུབ། ཁ་དོག་རྣམ་པ་སྣ་ཚོགས་པ་གསལ་ཞིང་། ནང་ནས་ཡེ་ཤེས་འོད་ལྔ་མ་འགག་ཀྱང་། ཕྱི་དེར་འཛིན་གྱིས་རྟོག་པའི་རྒྱ་མ་རལ་བ། འདས་པ་དང་། མ་འོང་བ་དང་། ད་ལྟར་དང་། མ་ངེས་པ་བཞི་ཡེ་ཤེས་སུ་རང་གསལ་བ། ཁ་དོག་དང་རི་མོའི་སྣང་གཟུགས་གྱི་ནམ་མཁའ་གང་ཞིང་། དག་པའི་སྣང་བས་ཕྱོགས་ཀུན་ཁྱབ་པ། ཐུགས་རྗེའི་ཆ་ནས་ཀུན་ཏུ་ཡང་སྣང་བ། བློས་བྱས་གྱིས་རྟོག་པས་བར་མ་ཆད་པ། ཚོགས་དྲུག་གིས་སྣང་བ་མ་འགག་པ་ལ། ཞེན་པ་མེད་པར་རོལ་བ། ཟད་མི་ཤེས་པའི་གཏེར་གྱིས་མངོན་པར་མཐོ་བ། རྣམ་པ་ཅིར་ཡང་འཆར་བ་ལ། ངོ་བོ་གང་དུ་ཡང་མ་གྲུབ་པ། ཡིན་བཞིན་དུ་དག་བྱའི་བློའི་རིས་སུ་མ་བཅད་པ། གསལ་བཞིན་དུ་ཡིད་ཀྱིས་དྲི་མས་མ་བསླད་པ། འཁོར་འདས་ཀུན་ཏུ་ཁྱབ་པ་ལ། དངོས་པོའི་གཟུགས་དང་བྲལ་བ་ལ། མ་ཆགས་རོལ་པའི་རྣམ་དཔྱོད་དང་བཅས་པ་འདི། འདི་ཕྱིའི་བརྟེན་གནས། དགོས་འདོད་འབྱུང་བའི་ནོར་བུ། བླ་མ་དམ་པས་ཐོགས་དྲངས། ཕྱོགས་བཅུའི་བདེ་བར་གཤེགས་པ། ཡི་དམ་དཀྱིལ་འཁོར་གྱིས་ལྷ་ཚོགས། མ་དང་མཁའ་འགྲོ་ཆོས་སྐྱོང་དང་སྲུང་མ་རྣམས་ལ། ཡེ་གྲོལ་རང་བབ་གྱིས་མཆོད་པ་གསལ་གདབ་སྟེ། ལུས་གུས་པ། ངག་སྙན་པ། སེམས་གདུང་བས་འབུལ་ལོ། །བརྩེ་བ་ཆེན་པོས་བཞེས་སུ་གསོལ། ཨེ་མ་ཧོ། ཡེ་ནས་སྤྲོས་མེད་རྟག་ཆད་བློ་འདས་འོད་གསལ་ཞིང་ཁམས་མཆོག །ཐུགས་རྗེ་ཅི་ཤར་དུག་ལྔ་རང་གྲོལ་ཡེ་ཤེས་གཞལ་མེད་ཁང་། །ཚོགས་དྲུག་ཞེན་མེད་སྐུ་གསུམ་མཛད་པའི་འོད་ཟེར་ལྷུན་གྲུབ་ཅན། །བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཚོགས་ལ་འབུལ། །ངོ་བོ་སྟོང་པ་སྤྲོས་བྲལ་ཞིང་ཁམས་སུ། །ལྷུན་གྲུབ་ཡེ་ཤེས་སྐུ་དང་ཐིག་ལེས་བརྒྱན་པ་འདི། །ཐུགས་རྗེ་ཤར་གྲོལ་ངང་དུ་འབུལ་བ་ཡིས། །འགྲོ་ཀུན་སྐུ་གསུམ་ཞིང་དུ་གྲོལ་བར་ཤོག །དེའི་བདག་རྒྱུད་ཚོགས་གཉིས་རྫོགས། །གནས་སྐབས་རིག་སྣང་རང་ངོ་འཕྲོད། །མཐར་ཐུག་གདོད་མ་རང་ཚུགས་ཐུབ། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། མཎྜལ་འབུལ་བ་དང་ཚོགས་བསགས་པ་ལ་སེམས་སྦྱངས་བའི་ལེའུ་སྟེ་བདུན་ཅུ་ཐམ་པའོ། །྅྅྅ཡང་ཅིག་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །གཞན་ཡང་ཚོགས་བསགས་རིམ་པ་ནི། ཕྱག་འཚལ་ལུས་ངག་ངལ་དུབ་བྱ། །སྡིག་སྒྲིབ་སྦྱངས་པའི་དགོས་པ་ཡོད། །ཕྱི་གཏོར་བརྒྱ་རྩ་ནང་གཏོར་ལྔ། །གསང་བ་ཆ་གཅིག་ལ་སོགས་བཏང་། །རྐྱེན་བཟློག་དངོས་གྲུབ་མྱུར་བ་ཡིན། །ཁྱད་པར་སྲོད་དང་ནམ་གུང་ཚེ། །མཁའ་འགྲོའི་ཚོགས་བསོགས་ཆེན་མོ་བྱ། །རང་ལུས་ཐ་མལ་ལུས་འདི་ཉིད། །དཀར་ལ་འཚེར་བའི་རོ་རུ་གྱུར། །སྙིང་ནང་ཕག་མོ་མཐིང་ནག་པ། །རུས་རྒྱན་དང་ལྡན་ཅེར་གྱིས་དོན། །རོའི་ཐོད་པ་རྦད་ཀྱིས་བྲག །རི་གསུམ་རྩེ་ལ་ལམ་མེ་བཞག །རང་ལུས་བཏུབ་ལ་ཧྲུབ་གྱིས་བྲུབ། །རྃ་ལས་མེ་སྦར་ཐོད་རྫས་ཁོལ། །བླང་བས་མགྲོན་རིགས་བཞི་པོ་བཀུག །ནམ་མཁའ་བར་སྣང་ས་གཞི་ལ། །ཉི་རྒས་གྲིབ་བཞིན་འཁྲིག་གེ་ནང་། །རང་རིག་ཕག་མོ་དེ་ཉིད་ལས། །ལས་བྱེད་མཁའ་འགྲོ་དུ་མ་སྤྲོས། །རྩིབ་མ་གྲིས་བཅད་མགྲོན་ལ་བཀྲམ། །ཁོང་པ་ཐོད་པས་བཅུས་ནས་དྲངས། །ཐམས་ཅད་མཉེས་ཤིང་ཚིམས་པར་བསམ། །ཐ་མ་མཁའ་འགྲོ་དབྱིངས་སུ་ཡལ། །ཕུང་པོ་ཚོགས་ཀྱི་འཁོར་ལོ་བསྐོར། །གང་ཡང་མི་དམིགས་བློ་དང་བྲལ། །བརྒྱག་གཏད་མེད་པར་རྗེན་ནེ་བཞག །དེ་ཡིས་ཉམས་ཆགས་ཐམས་ཅད་སྐོང་། །རྐྱེན་ངན་ནད་གདོན་བར་ཆད་བཟློག །འཆི་བསླུའ་ཉམས་རྟོགས་ཁོང་ནས་འཁྲུངས། །འདི་ཡིས་ཡོན་ཏན་བསམ་མི་ཁྱབ། །དེ་ཕྱིར་གསང་གཏོར་དེ་ལ་འབད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའ་ིགསང་རྒྱུ་ལས། ཚོགས་བསགས་རིམ་པ་ལ་སྦྱངས་བའི་ལེའུ་སྟེ་དོན་གཅིག་པའོ། །྅྅྅ཡང་གཅིག་སྟོན་པས་བཀའ་སྩལ་པ། །དེ་ནས་སྡིག་པ་སྦྱང་བྱ་སྟེ །ལུས་ངག་ཡིད་ཀྱིས་མི་དགེ་སྤྱད། །སྡིག་པ་ཞེས་ནི་བྱ་བ་ཡིན། །བག་ཀྱིས་མ་རིག་མུན་ཅིང་རྨོངས། །སྒྲིབ་པ་ཞེས་ནི་བྱ་བ་ཡིན། །འདོད་ཆགས་ཞེ་སྡང་ཕྲག་དོག་ཆེ། །ཉོན་མོངས་ཆེ་བ་ཞེས་སུ་བཤད། །ཕ་རོལ་མཛེ་ཡུག་གྲིབ་སོགས་ཕོག །གྲིབ་ཞེས་བྱ་བའི་རིགས་སུ་བཤད། །དམ་ཉམས་སྡིག་ཉམས་ཁ་རླུང་འདྲེས། །མི་གཙང་ཆེན་པོས་ཕོག་པ་ཟེར། །བྷཻཾ་པ་མི་གསལ་མ་བྷཻཾ་འཆར། །བག་ཆགས་ཞེས་ནི་བྱ་བ་ཡིན། །མདོར་ན་ཐར་པའི་གེགས་སུ་ཀུན། །སྦྱངས་པའི་ཐབས་ལ་འབད་པར་བྱ། །ཞེས་གསུངས་པ་དང་། སྟོན་པའི་ཐུགས་ཀ་ནས། དཔལ་རྡོ་རྗེ་སེམས་དཔའ་འཛུམ་པ་དང་བཅས་འདི་སྐད་དོ། །སྐྱབས་སེམས་སྔོན་དུ་སོང་བ་ནི། །སྐད་ཅིག་རང་ཉིད་ཐ་མལ་པའི། །སྤྱི་བོར་ཉི་ཟླ་པདྨའི་སྟེང་། །ཧཱུྃ་ལས་བླ་མ་རྡོ་རྗེ་སེམས། །སྐུ་མདོག་ཤེལ་འདྲ་རྡོར་དྲིལ་བསྣམས། །རིན་ཆེན་རྒྱན་མཛེས་འགྱིང་བའི་ཚུལ། །འོད་ལྔའི་རང་བཞིན་མེ་རེ་རེ། །དེའི་ཐུགས་ཀའི་ཧཱུྃ་མཐིང་ལས། །ཡིག་བརྒྱའ་ཞི་ཁྲོའི་རྣམ་པར་བཞུགས། །བརྒྱའ་སྟོང་འབུམ་ཕྲག་གྲངས་མེད་བརྗོད། །དེ་ལས་བདུད་རྩིའི་ཆུ་རྒྱུན་བབས། །སྤྱི་བོའི་ཁ་ཕྱེས་ཕྱི་ནང་བཀྲུས། །རང་ལུས་ཤེལ་སྒོང་བཞིན་དུ་དག །སྡིག་སྒྲིབ་སོལ་ཁུ་ལྟ་བུ་འདོན། །རྗེས་ལ་རྡོར་སེམས་སྤྱི་གཙུག་ཐིམ། །དེ་ཡང་མི་དམིགས་བློ་བྲལ་བཞག །འདི་ལ་བདུན་གསུམ་སུས་བརྗོད་པས། །ཚེ་འདིར་མཆོག་ཐུན་དངོས་གྲུབ་བརྙེས། །འཆི་ཁར་འཇའ་འོད་ས་གཡོས་དང་། །མངོན་པར་སངས་རྒྱའི་རྟགས་རྣམས་འབྱུང་། །བར་དོ་མེད་པའི་གདམས་པ་ཡིན། །རིན་ཆེན་བྲིས་ལ་མགུལ་དུ་འཆང་། །བཏགས་གྲོལ་རེག་གྲོལ་བཀླག་གྲོལ་ཡིན། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རྒྱུད་ཀྱིས་སྡིག་སྒྲིབ་སྦྱངས་པ་ལ་སེམས་སྦྱངས་པའི་ལེའུ་སྟེ་དོན་གཉིས་པའོ། །྅྅྅ཡང་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། དེ་ལྟར་སྡིག་སྒྲིབ་སྦྱངས་གྱུར་ཀྱང་། །རིགས་དྲུག་ས་བོན་མ་དག་ན། །འཁོར་བའི་ས་བོན་ལུས་སྲིད་པས། །ནང་ཚངས་ཅན་གྱི་གདན་སྟེང་དུ། །ལུས་པོ་ལྕོག་སོ་སུམ་བལྟབ་བྱ། །བྷཻཾ་ཐག་འཁོར་གཅིག་བསྐྱེད་ལ་སྡོམ། །རང་ལུས་རྟ་ཕྲུ་ཕུས་བཏབ་འདྲ། །ཕྱི་དཀར་ནང་དམར་གསལ་བ་ལ། །སྤྱི་བོར་ལྷའི་ས་བོན་ཨ། །མགྲིན་པར་ལྷ་མིན་ས་བོན་ཏྲི། །སྙིང་གར་མིའི་ས་བོན་ནྲྀ། །ལྟེ་བར་བྱོལ་སོང་ས་བོན་སུཾ། །གསང་གནས་ཡི་དྭགས་ས་བོན་པྲེ། །རྐང་མཐིལ་དམྱལ་བའི་ས་བོན་དུ། །དཀར། ལྗང་། དམར་ནག །སེར་ནག །སེར་པོ། ནག་པོ་རིམ་བཞིན་གསལ། །རྐང་པ་གཉིས་ཀྱིས་བར་ཉིད་དུ། །འོད་ལྔ་ཐིག་ལེ་གཅིག་གི་ངང་། །ༀ་ཨཱཿཧཱུྃ་གསུམ་བརྩེགས་པའི་ཚུལ། །དེ་ལས་ཡེ་ཤེས་མེ་འབར་བས། །རྣམ་སྨིན་ཤ་ཁྲག་ལུས་འདི་དང་། །རིགས་དྲུག་ས་བོན་འབྲུ་དྲུག་པོ། །ཤོག་བུ་དག་ལ་མེ་འབར་ལྟར། །རིམ་པ་ཐུལ་ཐུལ་ཚིག་པར་བསམ། །རླུང་བཟུང་དམིགས་པ་གསལ་བར་བྷཻཾ། །སྐྱོ་དུས་རྗེས་ལ་མ་བཅོས་པར། །ཡིན་ལུགས་ངང་དུ་འབོལ་ལེ་བཞག །དེ་ཡིས་རིགས་དྲུག་ས་བོན་ཚིག །འཁོར་བར་འཁྱམས་པའི་འབྲེལ་ཐག་ཆད། །འབྲུ་གསུམ་དག་ལ་བདུན་འབུམ་བཟླས། །སྐུ་གསུམ་དངོས་གྲུབ་མྱུར་དུ་ཐོབ། །ཨེ་མ་བསྲེགས་སྦྱངས་ཁྱད་པར་འཕགས། །སྡིག་པོ་ཆེ་ལ་གསེང་ལམ་ཡིན། །ཅེས་གསུངས་ནས་ཐུགས་ཀར་ཐིམ་མོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། འཁོར་བའི་ས་བོན་སྦྱངས་པའི་ལེའུ་སྟེ་དོན་གསུམ་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་གསུངས་པ། ཉོན་ཅིག་རིག་མདངས་རྩལ་འཁོར་རྣམས། །ད་ནི་བླ་མའི་རྣལ་འབྱོར་གྱིས། །སེམས་སྦྱང་འདི་ལ་འབད་པར་བྱ། །བླ་མ་སངས་རྒྱས་ཀུན་གྱི་ཚབ། །མོས་གུས་གདུང་བས་གསོལ་བཏབ་ན། །སྒྲུབ་ཐབས་གཞན་ཚོ་ག་ལ་དགོས། །དངོས་གྲུབ་ཆེན་པོ་དུས་གཅིག་འབྱུང་། །དེ་ཕྱིར་གུས་པས་གསོལ་བ་གདབ། །དེ་ཡང་བདེ་བར་ལུས་སེམས་ལྷོད། །ལག་པ་ཐལ་སྦྱར་མིག་བཙུམ་ལ། །སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །བླ་མ་ཀུན་ཏུ་བཟང་མོའི་སྐུ། །རང་ཉིད་ཇི་ལྟར་གསལ་བར་བྷཻཾ། །དེ་ཡང་གདུག་སེམས་ཆེན་པོ་བསྐྱེད། །འདི་དང་ཕྱི་མ་བར་དོ་གསུམ། །རེ་ས་ཁྱེད་མིན་ཡོད་རེ་ན། །བདག་ནི་སྔོན་ནས་ད་ལྟའི་བར། །མ་རིག་ལམ་སྟོར་འཁོར་བར་འཁྱམས། །བླ་མ་ཁྱེད་ཀྱི་ཐུགས་རྗེ་ཡིས། །རིག་པའི་ལམ་སྟོན་འཁོར་བར་སྒྲོལ། །སྙམ་པ་ཁ་ཞེ་ཐག་པ་ནས། །མིག་ནས་མཆི་མ་ཤུམ་པ་དང་། །ཁོང་པ་ཡུས་ཀྱིས་གང་བ་དང་། །དྲིན་མེད་དགའ་བ་ལ་སོགས་པར། །བསྐྱར་ཞིང་ཡང་ཡང་གསོལ་བ་བཏབ། །ཕྱི་ལྟར་བརྒྱུད་པའི་བླ་མ་ལ། །རིམ་པར་མཚན་བརྗོད་གསོལ་བ་གདབ། །ནང་ལྟར་རང་ལུས་མཁའ་འགྲོ་ལ། །ཚིག་དང་བཅས་ནས་འདི་སྐད་དོ། །ན་མོ། །སྣང་སྟོང་དག་པའི་གཞལ་ཡས་སུ། །རིག་སྟོང་ཀུན་བཟང་ཡབ་ཡུམ་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །རང་ངོ་ཤེས་པར་བྱིན་གྱིས་རློབས། །སྤྱི་བོ་བདེ་ཆེན་འཁོར་ལོ་རུ། །སུམ་བརྒྱ་དྲུག་ཅུ་རྩའི་དབུས། །ཆུ་ཁམས་རྣམ་པར་དག་པའི་ལྷ། །རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །རང་ངོ་ཤེས་པར་བྱིན་གྱིས་རློབས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །བཅུ་དྲུག་བཀོད་པ་རྩའི་དབུས། །ས་ཁམས་རྣམ་པར་དག་པའི་ལྷ། །རིན་ཆེན་མཁའ་འགྲོ་ཡབ་ཡུམ་ལ། །མོས་གུས་གདུང་བས་གསོལ་གསོལ་བ་འདེབས། །རང་ངོ་ཤེས་པར་བྱིན་གྱིས་རློབས། །སྙིང་ཁ་ཆོས་ཀྱི་འཁོར་ལོ་རུ། །འདབ་བརྒྱད་བཀོད་པ་རྩའི་དབུས། །ནམ་མཁའ་རྣམ་པར་དག་པའི་ལྷ། །སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །རང་ངོ་ཤེས་པར་བྱིན་གྱིས་རློབས། །ལྟེ་བ་སྤྲུལ་བའི་འཁོར་ལོ་རུ། །དྲུག་ཅུ་རྩ་དྲུག་རྩའི་དབུས། །མེ་ཁམས་རྣམ་པར་དག་པའི་ལྷ། །པདྨ་མཁའ་འགྲོ་ཡབ་ཡུམ་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །རང་ངོ་ཤེས་པར་བྱིན་གྱིས་རློབས། །གསང་གནས་བདེ་བསྐྱེད་འཁོར་ལོ་རུ། །ཉི་ཤུ་རྩ་བརྒྱད་རྩའི་དབུས། །རླུང་ཁམས་རྣམ་པར་དག་པའི་ལྷ། །ཀརྨ་མཁའ་འགྲོ་ཡབ་ཡུམ་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །རང་ངོ་ཤེས་པར་བྱིན་གྱིས་རློབས། །རང་ལུས་འབྱོངས་བར་བྱིན་གྱིས་རློབས། །རང་སེམས་རྟོགས་པར་བྱིན་གྱིས་རློབས། །དབང་བཞི་ཐོབ་པར་བྱིན་གྱིས་རློབས། །སྒྲིབ་བཞི་དག་པར་བྱིན་གྱིས་རློབས། །རྒྱུད་བཞི་གྲོལ་བར་དགའ་བཞི་མྱོང་བར་བྱིན་གྱིས་རློབས། །ཞིང་བཞི་བསྒྲོད་པར་བྱིན་བྱིན་གྱིས་རློབས། །སྐུ་བཞི་གསལ་བར་བྱིན་གྱིས་རློབས། །སྣང་བཞི་འབྱོངས་བར་བྱིན་གྱིས་རློབས། །གདིང་བཞི་ལོན་པར་བྱིན་གྱིས་རློབས། །ཡང་གསང་རིག་ཐོག་གསོལ་བ་གདབ། །ༀ་ཨཱཿཧཱུྃ། གཞིའི་རིག་པ་སྤྱིའི་གཞི། །ཡེ་ཤེས་གསུམ་ལྡན་ཆོས་ཀྱི་སྐུ། །ཡུམ་ཆེན་ཀུན་ཏུ་བཟང་མོ་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །རང་ཚུགས་ཐོབ་པར་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ། ལམ་གྱི་རིག་པ་ཉམས་ལེན་བཞི། །བདེ་གསལ་མི་རྟོག་ལོངས་སྤྱོད་རྫོགས། །རིག་རྩལ་མཁའ་འགྲོ་སྡེ་ལྔ་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །ལམ་གྱི་རང་གྲོལ་ཆེན་པོར་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ། འབྲས་བུ་རིག་པ་གཞན་དོན་བཞི། །ཁམས་གསུམ་དོང་སྤྲུགས་སྤྲུལ་པའི་སྐུ། །ལྷུན་གྲུབ་སྣ་ཚོགས་རོལ་པ་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཅེས་པས་ཡང་ཡང་བསྐྱར་ཞིང་བྱ། །བྷཻཾ་མ་སྐྱེས་ལ་བྷཻཾ་སྐྱེ་ཞིང་། །སྐྱེས་པ་བོག་འབྱུང་བྱིན་རླབས་འབེབས། །དོན་རྒྱུད་ནང་བརྡོལ་ཨེ་མ་ཧོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། མོས་གུས་བླ་མའི་རྣལ་འབྱོར་ལ་སེམས་སྦྱང་བའི་ལེའུ་སྟེ་དོན་བཞི་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། །ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །མོས་གུས་དེའི་རྫོགས་རིམ་ནི། །བླ་མ་ནམ་མཁའི་དབྱིངས་རུམ་དུ། །འོད་ཀྱི་གོང་བུ་གཅིག་ཏུ་གྱུར། །དེ་ཉིད་སྤྱི་བོའི་གཙུག་ཏུ་ཐིམ། །དེ་ནས་རང་སེམས་དཀྲུས་ཀྱིས་འདྲེས། །དེ་ལས་ཡེ་ཤེས་མེ་འབར་ཏེ། །རྣམ་སྨིན་ལུས་འདི་ཐུལ་གྱིས་བསྲེག །བླ་མའི་ཐུགས་དང་རང་གི་སེམས། །དབྱེར་མེད་ཡེ་ཤེས་འོད་གོང་སྟེ། །སྐྱེས་བུས་མདའ་འཕང་བཞིན་དུ་སྤར། །དེ་ལྟར་མཁའ་ལ་སྤྲིན་དངས་ལྟར། །རྒྱར་བསྐྱེད་མ་བཅོས་ལྷུག་པ་ལ། །དམིགས་གཏད་མེད་པར་ཕྱམ་མེ་བ། །ཕྱོགས་ལྷུང་མེད་པར་བདལ་ལེ་བ། །རང་བབ་ངང་དུ་ཨ་ཕྱལ་ལེ། །འདས་པའི་སྣང་བ་བྱ་ལམ་འདྲ། །ད་ལྟའི་སྣང་བ་བར་སྣང་འདྲ། །མ་འོངས་སྣང་བ་མ་བསྐྱེད་པར། །བདེ་གསལ་མི་རྟོག་ངང་ལ་བཞག །འདི་ཡི་ཡོན་ཏན་བརྗོད་མི་ལང་། །བླ་མའི་ཐུགས་དང་དབྱེར་མེད་འདྲེས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། བླ་མའི་རྣལ་འབྱོར་གྱི་རྫོགས་རིམ་བྷཻཾ་བའི་ལེའུ་སྟེ་དོན་ལྔ་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱི་བཀའ་སྩལ་པ། ཉོན་ཅིག་རིག་མདངས་རྩལ་འཁོར་རྣམས། །དེ་ལྟར་སེམས་སྦྱངས་ཚར་བ་དང་། །ཐེག་པ་བཅུ་གཅིག་སྒོས་དབང་བསྐུར། །དང་པོ་འཇིག་རྟེན་ལྷ་མིའི་དབང་། །རིགས་དྲུག་ས་བོན་བསྲེགས་བར་བྱ། །ཨ་འ་ཧ་ཤ་ས་མ་དྲུག །དབང་བསྐུར་ཐུབ་དྲུག་སྒོས་སྒྲུབ་ཙམ། །ཡང་ན་སངས་རྒྱས་སྟོང་རྩ་གཉིས། །ཕྱག་མཆོད་དབང་དོན་རྒྱས་པར་སྤྲོས། །དེ་ནས་དབང་གི་དགའ་སྟོན་བྱ། །གཉིས་པ་ལྟ་ལོག་མུ་སྟེགས་དབང་། །རྒྱས་པར་སུམ་བརྒྱ་དྲུག་ཅུ་དང་། །བསྡུས་པ་དྲུག་ཅུ་རྟག་ཆད་རྣམས། །ལེགས་པར་ཕྱེ་ལ་བསྐུར་བར་བྱ། །དེ་ནས་ཉན་ཐོས་རྣམ་པ་གཉིས། །དབང་བསྐུར་ཆ་ལུགས་རྟགས་ཀྱིས་དབྱེ། །དེ་ནས་རང་རྒྱལ་མཆོག་དབང་བསྐུར། །བྱང་ཆུབ་སེམས་དཔའ་སྨོན་འཇུག་བླངས། །དེ་ནས་ཀྲི་ཡོག་སྡེ་གསུམ་གྱིས། །དབང་མཆོག་མ་ལུས་བསྐུར་བར་བྱ། །དེ་ནས་ཆོས་སྐུའི་ཐེག་པ་གསུམ། །མ་ཧཱ་ཨ་ནུ་ཨ་ཏིའི། །དབང་མཆོག་རིམ་པ་བཞིན་དུ་བསྐུར། །གཏོར་ཚོགས་དགའ་སྟོན་རྒྱས་པར་བྱ། །བླ་མ་བཞེད་པ་མེད་གྱུར་ཀྱང་། །བུ་ཆུང་ཡིད་འཐད་རང་ལུས་སོགས། །རིམ་པ་བཞིན་དུ་འབུལ་བར་བྱ། །དེའི་གྲུབ་མཐའ་འཕགས་ཚུལ་ཤེས། །ཆོས་རྣམས་ཀུན་གྱི་ཕུ་ཐག་ཁྲུས། །ལྟ་བྷཻཾ་ཀུན་གྱི་གདར་ཤ་ཆོད། །ཤིན་ཏུ་གཅེས་པའི་གལ་མདོའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློངགསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཐེག་པ་སོ་སོའི་སྒོས་དབང་བསྐུར་བའི་ལེའུ་སྟེ་དོན་དྲུག་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་རིག་མདངས་མཁའ་འགྲོ་རྣམས། །དེ་ནས་ལུས་ངག་རུ་ཤན་དབྱེ། །འཁོར་བ་དང་ནི་མྱང་འདས་ཀྱིས། །ས་བོན་ཤན་ཐང་མ་ཕྱེད་ན། །ད་རུང་བག་ཆགས་ངན་པའིས། །སྟེང་དང་ནང་ན་ལྡང་སྲིད་པས། །ཆོས་འབྱུང་ཡུམ་གྱི་ལུས་གནད་བཅའ། །བདེ་བའི་སྟན་ལ་པུས་གཉིས་བརྩེགས། །རྟིང་པ་གཉིས་པོ་དཔྱི་ལ་སྦྱར། །འཕང་རུས་ས་ལ་ཅེར་གྱིས་ཕབ། །ལག་པ་གཉིས་པོ་པུས་འཁྱུད་བསྡོམ། །སྒལ་ཚིག་ཐད་ཀར་དྲང་པོར་བསྲངས། །རླུང་རོ་གསུམ་འབུད་སྲོག་རྩོལ་གྱིས། །བུམ་པ་ཆེ་འབྲིང་ལན་བདུན་བཟུང་། །རྗེས་ལ་མ་བཅོས་རང་སར་ལྷོད། །འདི་ཡི་རྟགས་ཚད་འདི་ལྟ་སྟེ། །ལུས་པོ་མེ་རུ་འབར་བའོ། །བདེ་བ་ཚད་མེད་སྐྱེ་བ་དང་། །རྣམ་རྟོག་རྒྱུན་ལམ་འགགས་པ་དང་། །ལུས་པོ་མེད་པ་སྙམ་པ་དང་། །མངོན་ཤེས་ཐལ་ཐོལ་འཆར་བ་དང་། །ཟས་གོས་དྲན་པ་མེད་པ་དང་། རླུང་ཟིན་རྩ་མདུད་གྲོལ་བ་དང་། །འགྲོ་ལ་སྙིང་རྗེ་སྐྱེ་བ་སོགས། །ཡོན་ཏན་དཔག་མེད་འཆར་བ་དང་། །ཡུམ་ཆེན་བྷ་གའི་ལུས་གནད་འདི། །རྒྱུན་དུ་བྷཻཾ་ན་ང་དང་མཚུངས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཆོས་འབྱུང་ཡུམ་གྱི་ལུས་གནད་བཅའ་བ་བསྟན་པའི་ལེའུ་སྟེ་དོན་བདུན་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་རིག་རྩལ་མཁའ་འགྲོ་རྣམས། །དེ་ནས་སྐྱེ་མེད་ཆ་དེ་ལ། །འགག་མེད་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ནང་ཚང་ཅན་གྱི་གདན་སྟེང་དུ། །རྐང་མཐིལ་གཉིས་པོ་ས་ལ་སྦྱར། །བྲང་ཐེབ་ཀུན་ལ་ལུས་བརྗིད་བཀལ། །ལག་གཉིས་སྤྱི་བོར་རྩེ་སྤྲད་པས། །པུས་མོ་གཉིས་པོ་ཕྱི་ལ་བསྐྲད། །གྲུ་མོ་གཉིས་པོ་ཕྱིར་བརྒྱངས་ཤིང་། །སྒལ་ཚིགས་དྲང་པོར་བསྲང་བྱས་ལ། །རུས་ཚིག་ཐམས་ཅད་རང་སར་ཐོན། །ཉྭ་ཤ་ཐམས་ཅད་བསྒྲིམ་ཤ་བཏོན། །རླུང་ནི་བུམ་ཆེན་བ དུན་གྱི་བར། །མིག་རྩེ་སྣ་རྩེ་སེམས་རྩེ་གསུམ། །མདུན་དུ་འོད་ལྔའི་ར་བའི་ནང་། །ཨ་དཀར་མཐེ་བོང་ཙམ་ཞིག་བྲིས། །སལ་ལེ་ཧྲིག་གེ་སེམས་བཟུང་ངོ་། །རྗེས་ལ་མ་བཅོས་རང་བབ་ལྷོད། །འདི་ལ་རྟགས་ཚད་འདི་འདྲ་འབྱུང་། །དང་པོ་ལུས་ཚིགས་ཐམས་ཅད་ན། །གཉིས་པ་ལུས་གནད་བཅའ་དུས་འཚེར། །དེ་ནས་ཆུ་སེར་འདྲིལ་བ་རྣམས། །ཐམས་ཅད་ཐིག་ལེ་གཅིག་ཏུ་འགྱུར། །བདེ་བ་ཟག་མེད་འཁྲིལ་ལེ་འབྱུང་། །ངག་གི་རླུང་བཟུང་རིང་དུ་སོང་། །སེམས་ནི་གང་གཏད་ཧྲིག་གེ་བཞག །འཁྲུལ་པའི་རྣམ་གཡེང་རྒྱུད་ཐག་ཆོད། །བྱམས་པ་ཚད་མེད་ཀུན་ལ་སྐྱེས། །སྐྱོ་ཤས་ཞེན་ལོག་ཁོང་ནས་འཆར། །འཇག་མའི་རྩེ་ལ་བསྡད་པ་འམ། །ཁབ་མིག་ནང་དུ་ཚུད་པའམ། །ཕྱག་ཞབས་རྗེས་སོགས་རྫུ་འཕྲུལ་འཆར། །ལུས་ཉིད་འཁོར་བའི་ས་བོན་དང་། །རུ་ཤན་ལེགས་པར་ཕྱེད་པའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡབ་ཀྱི་ཐབས་མཆོག་རྡོ་རྗེ་སྐྱིལ་ཀྲུང་བཅའ་བའི་ལེའུ་སྟེ་དོན་བརྒྱད་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རིག་རྩལ་མཁའ་འགྲོ་རྣམས། །དེ་ནས་ངག་གི་རུ་ཤ ན་འབྱེད། །ལུས་གནད་དེ་ལ་མ་གཡེངས་པས། །ངག་ཏུ་ཨ་རིང་གླུའི་དབྱངས། །སྙན་ལ་འགྱུར་འཁྱུག་བཅས་པས་བརྗོད། །མདུན་གྱི་ཨ་ཏི་ཇི་ལྟ་བར། །རང་གི་སེམས་ཉིད་ཧྲིལ་གྱིས་འགྱུར། །ཕྱིའི་སྣང་བ་ཐམས་ཅད་ཀྱང་། །ཟང་ཐལ་ཉིད་དུ་ཐལ་ཐལ་ཕིག །སྣོད་ཀྱི་འཇིག་རྟེན་ཁམས་འདི་ཉིད། །ཕྱོགས་མཚམས་སྟོང་པར་སོང་བར་བྷཻཾ། །འདི་ལ་རྟགས་ཚད་འདི་འདྲ་འཆར། །ཁང་ཁྱིམ་བེམས་པོར་མི་འདུག་དང་། །མེ་ཆུས་གནོད་པ་མི་ཚུགས་དང་། །སྣང་བ་ཐམས་ཅད་སྟོང་ཉམས་ཀྱིས། །ཟང་ཐལ་ཕྱམ་ཕྱམས་ཉིད་དུ་འཆར། །སྟོང་ཉིད་བཅོ་བརྒྱད་དེ་དུས་འབེབས། །ཡུམ་ཆེན་བྷ་གའི་དགོངས་པ་ཡིན། །དེ་ནས་ཨ་ཡི་སྟོང་ཁམས་གང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །དོན་ཆེན་ཡི་གེ་དམ་པས་ཁེངས། །དེ་ཚེ་གསལ་ཉམས་དཔག་མེད་རྣམས། །སྐབས་སུ་བུམ་ཆེན་རླུང་བཟུང་གཅེས། །དེ་ནས་རང་ལུས་རྟ་ཕྲུ་མ། །ཕུས་བཏབ་ལྟ་བུར་བྷཻཾ་བྱས་ལ། །སྟོང་ཁམས་ཨ་རྣམས་ཁེངས་བར་བླུག །བུང་བ་ཚང་དུ་འདུས་པ་ལྟར། །ལུས་པོ་ཨའི་ཐེར་ཐག་བཅད། །ཨ་ཚིགས་དྲག་ལ་ཐུང་བར་བརྗོད། །འདི་ལ་བདེ་ཉམས་དཔག་མེད་འཆར། །ཟས་སྐོམ་ཡིད་ལ་དྲན་པ་མེད། །རང་བཞིན་ཏིང་ངེ་འཛིན་གྱི་འཚོ། །རིག་པ་གསལ་སྟོང་འགྱུ་བ་མེད། །གཅེར་གྲོལ་ངང་དུ་འབོལ་ལེ་གནས། །འདི་གསུམ་ཨའི་ངག་དབྱངས་ཡིན། །འདི་ལ་ཡོན་ཏན་བསམ་མི་ཁྱབ། །མཆོག་དང་ཐུན་མོང་གཉིས་ཀ་འགྲུབ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཐོག་མའི་ཀུན་བཟང་ང་དང་མཚུངས། །སྨྲ་བསམ་བརྗོད་མེད་ཡུམ་ཚིག་ལ། །ཨ་ནི་ངོ་བོ་སྟོང་པ་ཡིན། །ཨའི་རང་བཞིན་གསལ་བ་ཡིན། །ཨའི་ཐུགས་རྗེ་འགག་པ་མེད། །སྐུ་གསུམ་ཨ་ཡི་ངོ་བོ་རྫོགས། །ཨ་ཡིས་ཚེ་འདིར་ཚེ་རིང་དང་། །བདེ་གསལ་མི་རྟོག་རྟོགས་པས་འཕེལ། །སྣང་བ་བཞི་པོ་ཚད་དུ་སྐྱོལ། །ཞི་རྒྱས་དབང་དྲག་མ་བསྒྲུབ་འགྲུབ། །ལྷ་རྣམས་ཀུན་གྱི་སྲོག་ཡིག་ཨཱ། །མཁའ་འགྲོ་ཆོས་སྐྱོངས་མ་བསྐུལ་ཡང། །ཨ་བཟླས་མི་དེའི་འཕྲིན་ལས་འགྲུབ། །ཤི་ཚེ་གདུང་དང་རིང་སྲེལ་དང་། །འཇའ་དང་ས་གཡོས་སྐུ་ཡིག་འབྲུ། །མངོན་པར་སངས་རྒྱས་རྟགས་རྣམས་སྟོན། །དབྱིངས་སུ་འཕོས་ནས་སྐད་ཅིག་གྲོལ། །ནང་དབུག་ཆད་ཚེ་སྙིང་ནང་དུ། །སྐྱེ་མེད་ཨ་ལ་རྫོགས་སངས་རྒྱས། །བར་དོ་རང་སྣང་རང་ངོ་ཤེས། །སྤྲུལ་སྐུའི་ཞིང་དུ་ཡང་སངས་རྒྱས། །སེམས་ཅན་དོན་ཀུན་རྩོལ་མེད་འགྲུབ། །ཨ་འདི་སུས་བཟླས་དོན་དང་ལྡན། །ཡི་གེ་གཅིག་མ་བདེར་གཤེགས་དངོས། །དེ་ཕྱིར་ཡི་གེ་ཨ་འདི་ཉིད། །རྟོག་ནས་རྟོག་གྲོལ་རེག་ཀྱང་གྲོལ། །དྲན་ནས་དྲན་གྲོལ་བྲིས་ཀྱང་གྲོལ། །བཅང་ནས་བཅང་གྲོལ་བཟླས་ཀྱང་གྲོལ། ། བྷཻཾ་ནས་བྷཻཾཻ་གྲོལ་ཚོར་ཀྱང་གྲོལ། །དབང་པོ་རྣོ་རྟུལ་རྒན་གཞོན་དང་། །སྡིག་པ་ཆེ་ཆུང་སྐྱེ་བ་ལ། །ཕོ་མོ་ལ་སོགས་གཏམ་ཁ་མེད། །དེ་ཕྱིར་གཅེས་པའི་གལ་མདོར་བཟུངས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡི་གེ་ཨ་ཡིག་ངག་རུ་ཤན་འབྱེད་ནས་འཁོར་བ་དང་འབྲེལ་རྒྱུད་བཅད་པའི་ལེའུ་སྟེ་དོན་དགུ་པའོ། །྅྅྅སྟོན་པས་ཡང་གཅིག་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །དེ་ནས་ཨའི་རྫོགས་རིམ་ནི། །ལུས་ནི་གང་བདེ་བར་དུ་བཞགས། །ངག་གི་རླུང་འཛིན་བརྗོད་པ་སྤང་། །ལུས་སེམས་ཨ་དང་སྣང་རིག་རྣམས། །ཐམས་ཅད་དམིགས་མེད་སྟོང་ཉིད་དང་། །འབོལ་ལེ་ཤིག་གེ་རང་སར་ལྷོད། །ངོས་བཟུང་མེད་པར་ལྷོད་དེ་ཞོག །དེ་ལ་ཉམས་མྱོང་འདི་ལྟར་འཆར། །འཁྲུལ་སྣང་བྱས་ཆོས་ཐམས་ཅད་ལ། །སྙིང་པོ་མེད་པར་བློ་ཐག་ཆོད། །ལུས་གནད་དམིགས་བཅས་ཐམས་ཅད་ལ། །གཙང་འཛིན་མེད་པར་སྐྱུག་ལོག་ཅིང་། །བྱར་མེད་རང་བབ་ངང་ཉིད་ལ། །ཆེད་གཉེར་མེད་པར་ལྷན་ནེ་བཞག །ངག་གི་བརྗོད་ཚིག་ཐམས་ཅད་ལ། །མུ་མཐའ་མེད་པར་དང་བ་ལོག །སུ་དང་བརྗོད་སྙིང་མི་འདོད་པས། །ལྐུག་པ་ལྟ་བུར་ངག་གི་ཚུག །འདི་དུས་འཁྲུལ་པའི་སུམ་གཉིས་ནུབ། །རིག་པ་ཡེ་ཤེས་རང་སྣང་ཡིན། །ཅེས་གསུངས་སོ། །ཀུན་དུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ངག་སྦྱང་ཨ་ཡི་རྫོགས་རིམ་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་ཐམ་པའོ། །྅྅྅དེ་ནས་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་པའི་སྣང་འཁོར་རྣམས། །དེ་ནས་ཞི་བའི་དབང་དང་ནི། །ཁྲོ་བོའི་དབང་མཆོག་རིམ་བཞིན་བསྐུར། །རྫས་དབང་ལྷ་དབང་དཀྱིལ་འཁོར་རྣམས། །བཞི་བསྒྲིལ་བྱས་ལ་སློབ་བུ་རྣམས། །ཚིག་རེས་དོན་རེ་ངོ་སྤྲོད་གདབ། །ལུས་ངག་ཡིད་གསུམ་སྨིན་པ་ཡིས། །རྟགས་ཚད་ཡིད་ཆེས་མ་བྱུང་བར། །བྱ་བ་རིང་ཆོས་སྤང་བྱས་ལ། །སློབ་བུའི་རྒྱུད་མཆོག་སྨིན་པར་བྱ། །དེ་ནས་སྤྱི་གཞི་འཁྲུལ་གཞི་དང་། །གྲོལ་གཞི་གསུམ་དུ་ཕྱེ་ལ་བཤད། །འཁྲུལ་འབྲས་མ་དག་ཁམས་གསུམ་དང་། །རིགས་དྲུག་སྡུག་བསྔལ་གོ་བར་བཤད། །རིག་འབྲས་སྐུ་གསུམ་ཞིང་ཁམས་དང་། །སྐུ་ལྔའི་ཞིང་དང་གསང་ཆེན་རོལ། །མེ་རི་འབར་བའི་ཞིང་ཁམས་དྲུག །དག་མ་དག་གིས་རྒྱུ་མཚན་བཤད། །ཁྱད་པར་སྐྱེ་བའི་མངལ་སྐྱེས་གྱིས། །དང་པོ་ལུས་ཀྱིས་ཆགས་ལུག་དང་། །དེ་ནས་རྩ་དང་དེ་ནས་རླུང་། །དེ་ནས་ཐིག་ལེ་ཡི་གེ་སྐུ། །ཡེ་ཤེས་རང་བཞིན་གཞུགས་ཚུལ་རྣམས། །ལུང་གི་རྒྱབ་བཀྲོལ་སློབ་བུའི། །བློ་ལ་ལེགས་པར་གོ་རུ་གཞུག །དེའི་ཡིད་སྤྱོད་མུ་ལྟས་སངས། །བླུན་བྷཻཾ་རྟག་ཆད་མཐའ་རྣམས་སངས། །བདེ་བར་གཤེགས་པའི་དགོངས་པ་ལོན། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །ཅེས་གསུངས་སོ། །ཀུན་དུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཞི་ཁྲོའི་དབང་བསྐུར་བ་དང་གྲོལ་འཁྲུལ་རྩ་རླུང་ཐིག་ལེ། སྐུ་དང་ཡེ་ཤེས་གཞུགས་ཚུལ་བསྟན་པའི་ལེའུ་སྟེ་གྱ་གཅིག་པའོ། །྅྅྅ཡུམ་ཆེན་གྱིས་བཀའ་སྩལ་པ། ཉོན་ཅིག་རིག་མདངས་རྩལ་འཁོར་རྣམས། །དེ་ནས་སེམས་ཀྱི་རུ་ཤན་དབྱེ། །དེའི་སྔོན་འགྲོ་འདི་ལྟར་བཅའ། །ནང་ཚངས་ཅན་གྱི་གདན་སྟེང་དུ། །རྐང་པ་རྡོ་རྗེ་དཀྱིལ་ཀྲུང་བྱ། །ཉོན་མོངས་གཏི་མུག་རྣམ་པར་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས། །རྣམ་པར་སྣང་མཛད་ཕྱག་རྒྱ་ཡིན། །སྒལ་པ་མདའ་ལྟར་དྲང་པོར་བསྲངས། །ཉོན་མོངས་ཞེ་སྡང་རྣམ་པར་དག །མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡིན། །ལག་པ་མཉམ་བཞག་ལྟེ་འོག་བཅའ། །ཉོན་མོངས་འདོད་ཆགས་རྣམ་པར་དག །སོ་སོར་རྟོགས་པའི་ཡེ་ཤེས་རྟོགས། །སྣང་བ་མཐའ་ཡས་དགོངས་པ་ཡིན། །ལུས་ཁོགས་འཕགས་པ་ལྟ་བུ་གཟིགས། །དཔུང་པ་རྒོད་གཤོག་བཞིན་དུ་བརྐྱངས། །མགྲིན་པ་ཡིད་ཙམ་དགུག་པར་བྱ། །ཉོན་མོངས་ང་རྒྱལ་རྣམ་པར་དག །མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས། །རིན་ཆེན་འབྱུང་ལྡན་དགོངས་པ་ཡིན། །མཆུ་སོའི་བར་དུ་ནས་ཐར་ཙམ། །རླུང་སེམས་རང་སར་འདུའ་རུ་གཞུག །མིག་ནི་སྣའི་རྩེ་ལ་གཏད། །ཉོན་མོངས་ཕྲག་དོག་རང་སར་དག །བྱ་བ་གྲུབ་པའི་ཡེ་ཤེས་རྟོགས། །དོན་ཡོད་གྲུབ་པའི་དགོངས་པ་ཡིན། །དེ་ནས་ལུས་གནད་དེའི་སྟེང་། །ངག་གནད་སྨྲ་བ་བཅད་བྱས་ལ། །སེམས་གནད་མདུན་དུ་རྡེའུ་འམ། །ཤིང་བུ་གཅིག་ལ་རྟེན་བྱས་ལ། །སྔ་ཕྱིའི་རྟོག་པ་མ་ཤར་བར། །སལ་ལེ་སིང་ངེ་མེར་རེ་བ། །ངང་མདངས་ངང་དུ་ཕྱམ་མེ་བཞག །མི་ཁྱིའི་འཚེ་བ་རབ་སྤངས་ལ། །དབེན་པར་གནས་པའི་ལེགས་པར་བཅའ། །དེ་ལ་རྟགས་ཚད་འདི་ལྟར་འབྱུང་། །ལུས་ནི་ཡོད་དུ་མི་ཚོར་དང་། །ཡང་ན་ཤིང་བལ་ལྟ་བུ་ལ། །ཟས་སྐོམ་འཚོགས་པའི་འདུ་ཤེས་བྲལ། །ངག་ཀྱང་བརྗོད་མེད་ལྷུག་པ་ལ། །རླུང་ཡང་ཕྱི་ནང་མི་འབྱུང་འདྲ། །སེམས་ནི་ནམ་མཁའི་སྤྲིན་དངས་སམ། །རྒྱ་མཚོ་དངས་པ་རླབ་མེད་ལྟར། །ཕྱི་ནང་འགྱུ་བ་རྒྱུན་ཆད་འགྱུར། །ཁ་ཆུ་མིག་ཆུ་སྣ་ཆུ་འཛག །དེ་ལྟར་འགྱུར་བ་ལ་སོགས་འབྱུང་། །འདི་དུས་འགྱུ་རླུང་ཟིན་པ་ཡིན། །འདི་ལ་ཡོན་ཏན་བསམ་མི་ཁྱབ། །བྷཻཾ་སྐྱེས་རྩེ་གཅིག་དང་པོ་ཡིན། །འཁོར་བའི་རྒྱ་མཚོ་རིང་དུ་བརྒལ། །ཚོགས་གཉིས་རྫོགས་བའི་གང་ཟག་ལས། །ཀུན་ལ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་འདི་ལ་ནན་ཆག་བྱ། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སེམས་རུ་ཤན་དབྱེ་བའི་སྔོན་འགྲོ་བསྟན་པའི་ལེའུ་སྟེ་གྱ་གཉིས་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱི་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩ་འཁོར་རྣམས། །དེ་ནས་ལུས་གནད་དེ་བཤིགས་ལ། །སེམས་རིག་རུ་ཤན་དབྱེ་བའི་ཕྱིར། །བསམ་མནོ་འདི་ལ་བརྟག་པར་བྱ། །རིག་པ་སྤྲོས་མེད་ཆོས་ཀྱི་སྐུ། འདི་ལ་བྱུང་གནས་འགྲོ་གསུམ་མེད། །མེད་པ་བཙལ་ཡང་ག་ལ་རྙེད། །སེམས་ཞེས་བྱ་བའི་འགྱུ་འགྱུ་པོ། །འོལ་འོལ་ཕྲིག་ཕྲིག་ཡུད་ཡུད་འདི། །དང་པོ་གང་ལས་བྱུང་བ་དང་། །བར་དུ་གནས་དང་ཐ་མ་འགྲོ། །དབྱིབས་དང་ཁ་དོག་ཇི་ལྟ་བུ། །ཕྱི་ནང་བར་གསུམ་བཤིག་ཕྲལ་ལྟ། །རེས་ནི་སྤྲོས་ལ་བསམ་མནོ་བཏང་། །རེས་ནི་སྡུག་བསྔལ་ངང་ལ་བརྟག །རེས་ནི་བློའི་ངོ་ལ་ལྟ། །རེས་ནི་ལུང་རིགས་རྩ་བ་བཅད། །ཐང་ཆད་གོམ་ལ་ཐུག་པའི་ཚེ། །བྱུང་བ་རིག་པའི་ངང་ལས་བྱུང་། །གནས་པ་ཚོགས་དྲུག་སྟེང་དུ་གནས། །འགྲོ་ནི་སྡིག་ཅན་ངན་སོང་གསུམ། །དགེ་བ་ཅན་རྣམས་མཐོ་རིས་ལ། །མི་གཡོ་རིག་ཀློང་མ་ལ་ཐིམ། །གཟུགས་ནི་སྣང་བ་སྣ་ཚོགས་པ། །སེམས་ཀྱིས་བཟོས་པ་བློ་ཐག་ཆོད། །ཁ་དོག་དབང་པོར་སྣང་བ་རྣམས། །རྟོག་དཔྱོད་བྱས་ཚད་སེམས་ཀྱི་མདོག །དབྱིབས་ནི་གང་ལྟར་བརྟག་ལྟར་སྣང་། །ཆེ་ཆུང་ཚད་ནི་བརྗོད་མི་ལང་། །དཔེ་དེས་འདུས་བྱས་གློ་བུར་པ། །རྐྱེན་དབང་ཅན་དུ་ཐག་ཀྱང་ཆོད། །འདི་ནི་སེམས་རིག་ཤན་འབྱེད་དེ། །གཞི་དང་གཞི་ཤེས་ཁྱད་པར་དང་། །གནས་དང་འགྱུ་བའི་ཁྱད་པར་ཤེས། །འདིའི་ཁྱད་པར་མ་ཤེས་ན། །བླུན་བྷཻཾ་རྟག་ཆད་གོལ་སྲིད་པས། །རུ་ཤན་ལེགས་པར་ཕྱེ་བར་བྱ། །ཞེེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སེམས་དང་རིག་པ་ཤན་ཕྱེ་ནས། སེམས་བྱུང་གནས་འགྲོ་གསུམ་རྩད་བཅད་པའི་ལེའུ་སྟེ་གྱ་གསུམ་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩ་འཁོར་རྣམས། །རིག་པ་རང་བྱུང་མེ་ཏོག་ཡིན། །སེམས་ནི་རྐྱེན་ཤར་སྡོང་པོ་ཡིན། །རིག་པ་འདུས་མ་བྱས་པ་སྟེ། །སེམས་ནི་འདུས་བྱས་གློ་བུར་བ། །རིག་པ་ཆོས་ཉིད་སྤྲོས་བྲལ་ལ། །སེམས་ནི་ཆོས་ཆེན་སྤྲོས་པ་ཅན། །རིག་པ་རང་གྲོལ་མཐའ་བྲལ་ལ། །སེམས་ནི་གཟུང་འཛིན་མཐའ་རྒྱས་ཅན། །རིག་པ་སེམས་ལ་ཕར་མི་ལྟོས། །སེམས་ནི་རིག་ལ་ཚུར་ལྟོས་ཅན། །རིག་པ་བྱུང་གནས་འགྲོ་གསུམ་བྲལ། །སེམས་ནི་བྱུང་གནས་འགྲོ་གསུམ་ཅན། རིག་པ་གཟུགས་དབྱིབས་ཁ་དོག་བྲལ། །སེམས་ནི་གཟུགས་དབྱིབས་ཁ་དོག་ཅན། །རིག་པ་དོན་དམ་བློ་ལས་འདས། །སེམས་ནི་ཀུན་རྫོབ་བློའི་ཡུལ། །རིག་པ་ཀུན་བཟང་ཡུམ་མཁའ་ལ། །སེམས་ནི་ཀུན་བཟང་ཡབ་ཀྱི་གསང་། །རིག་པ་ཤེས་རབ་སྐྱེ་མེད་ལ། །སེམས་ནི་ཐབས་མཆོག་འགག་པ་མེད། །རིག་པ་རྟག་པ་ཐེར་ཟུག་ལ། །སེམས་ནི་ཆད་པ་ཀོར་ལེ་བ། །རིག་པ་སྐུ་དང་ཡེ་ཤེས་ཅན། །སེམས་ནི་ཉོན་མོངས་རྫུ་འཕྲུལ་ཅན། །རིག་པ་ཞིང་ཁམས་མཛད་པ་ཅན། །སེམས་ནི་ཁམས་གསུམ་ལས་སྤྱོད་ཅན། །རིག་པ་བསྡུས་རྣམས་བློ་ལས་འདས། །སེམས་ཀྱི་བསྡུས་རྣམས་བློ་མ་འདས། རིག་པ་བསྡུས་རྣམས་མྱ་ངན་འདས། སེམས་ཀྱི་བསྡུས་རྣམས་འཁོར་བའོ། །དེ་ཕྱིར་སྡེ་བསྐོར་ས་ལ་བཀྲམས། །བློའི་རྒྱུད་ལ་གོ་བར་བྱ། འདིའི་མི་བྷཻཾ་གོ་བས་གྲོལ། །གནད་འདི་ཟབ་པའི་ལེའུ་སྟེ། །མཁའ་འགྲོ་རྣམས་ཀྱི་སྙིང་ཐིག་གོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སེམས་ཀྱི་སྡེ་སྐོར་དུ་ཕྱེ་བའི་ལེའུ་སྟེ་གྱ་བཞི་པའོ། །྅྅྅ཡང་གཅིག་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །དེ་ནས་ཆོས་ཅན་གཏན་འབེབས་ཕྱིར། །སེམས་དང་རིག་པའི་འདྲ་དཔེ་བརྩལ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ན། །སེམས་རིག་མ་བུ་མཚུངས་པའོ། །འདྲ་དཔེ་མང་པོ་བསྡུར་བར་བྱ། །སྣ་རེ་དག་ནས་མཚུངས་མོད་ཀྱང་། །གང་དང་མཚུངས་ཞིང་ཅི་དང་འདྲ། །མཐའ་ཟད་ཐང་ཆད་མཐར་ཐུག་ཏུ། །རིག་པ་ནམ་མཁའ་དག་དང་འདྲ། །ཁ་དོག་རྒྱན་དང་མིང་དང་ནི། །གཟུགས་དང་བུ་ག་ནམ་མཁའ་མིན། །འདུས་མ་བྱས་པ་ནམ་མཁའ་འོ། །སེམས་ནི་རླུང་དང་འདྲ་བར་ཤེས། །བྱུང་ནི་ནམ་མཁའི་ངང་ནས་བྱུང་། །གནས་ནི་ནམ་མཁའི་ངང་ན་གནས། །འགྲོ་ཡང་ནམ་མཁའི་ཀློང་དུ་འགྲོ། །གཟུགས་དབྱིབས་ཁ་དོག་ཆེ་ཆུང་ཡོད། །གདོས་བཅས་འཕོ་འགྱུར་བྱེད་ལས་ཡོད། །སེམས་ཀྱི་ཉོན་མོངས་ལྔ་མཚུངས་པས། །ས་རླུང་ཆུ་རླུང་མེའི་རླུང་། །ནམ་མཁའི་རླུང་དང་རླུང་གི་རླུང་། །རླུང་ལྔ་དག་ཀྱང་རང་ཆས་ཡོད། །དེ་ནི་སེམས་རིག་འདྲ་དཔེར་མཚུངས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སེམས་རིག་འདྲ་དཔེར་ཕྱེ་བའི་ལེའུ་སྟེ་གྱ་ལྔ་པའོ། །྅྅྅ ཀུན་བཟང་ཡུམ་གྱིས་བཀའ་སྩལ་པ། འདྲ་དཔེ་གོ་བ་རྙེད་གྱུར་ཀྱང་། །ནམ་མཁའ་བྱུང་གནས་འགྲོ་གསུམ་བྲལ། །རླུང་ནི་བྱུང་གནས་འགྲོ་གསུམ་ཅན། །ནམ་མཁའ་མི་ཤིགས་འཕོ་འགྱུར་མེད། །རླུང་ནི་རྐྱེན་དབང་འཕོ་འགྱུར་ཅན། །ནམ་མཁའ་རྐྱེན་ནི་ཀུན་བཟང་ཡུམ། །རླུང་ནི་འགག་མེད་ཀུན་བཟང་ཡབ། །ནམ་མཁའ་འདུས་མ་བྱས་པ་ལ། །རླུང་ནི་འདུས་བྱས་གློ་བུར་པ། །ནམ་མཁའ་ཤེས་རབ་དབྱིངས་ཆེན་ལ། །རླུང་ནི་ཐབས་ཀྱི་རོལ་པ་རྩལ། །ནམ་མཁའ་རྟག་པ་ཐེར་ཟུག་པ། །རླུང་ནི་ཆད་པ་བྱེར་གཟུགས་ཅན། །ནམ་མཁའ་རླུང་རྐྱེན་རག་མ་ལུས། །རླུང་ནི་ནམ་མཁའ་རྐྱེན་ལ་ལྟོས། །ནམ་མཁའ་རྟག་ཏུ་གང་ཅི་ཡོད། །རླུང་ནི་མ་གང་མེད་པའི་གདག །ནམ་མཁའ་ཤེས་དོན་མྱ་ངན་འདས། །རླུང་དབང་སོང་ནས་འཁོར་བར་འཁྱམས། །དེ་ཕྱིར་ཆོས་ཅན་ཐམས་ཅད་གྱིས། །མཚན་ཉིད་ལེགས་པར་བཤིག་པ་ཞེས། །སྡེ་བསྐོར་ས་ལ་ལེགས་བཀྲམ་ལ། །སློབ་བུའི་རྒྱུད་ལ་བསྐྱལ་བ་གཅེས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ནམ་མཁའ་རླུང་ཆེན་གྱི་དབྱེ་བ་བསྟན་པའི་ལེའུ་སྟེ་གྱ་དྲུག་པའོ། །྅྅྅ཡང་ཅིག་སྟོན་པས་བཀའ་སྩལ་པ། །དེ་ནས་རིག་པ་སྤྲོས་བྲལ་ཏེ། །ནམ་མཁའ་དག་ལས་འདྲ་བ་ན། །ཕྱོགས་རྣམས་ཐམས་ཅད་ཐུན་མོང་གིས། །འདྲ་ཡང་དངོས་པོ་མེད་པའི་ཕྱིར། །རིག་སྟོང་བློ་འདས་ཆོས་སྐུ་དང་། །བེམ་སྟོང་ནམ་མཁའ་ཁྱད་པར་ཆེ། །རིག་པ་ལོངས་སྐུ་མཚན་དཔེ་དང་། །བེམ་གསལ་ཉི་ཟླ་ཁྱད་པར་ཆེ། །རིག་སྤྲུལ་གཞན་དོན་མཛད་པ་དང་། །བེམ་སྤྲུལ་གླིང་བཞི་ཁྱད་པ་ཆེ། །ཡང་དག་རྟོགས་པའི་ལྟ་བ་ཉིད། །ཕྱོགས་རིག་མེད་པར་ཡངས་པ་དང་། །མ་རྟོགས་པའི་ལྟ་བ་ཉིད། །ཕྱལ་བ་ཡུག་པོ་ཁྱད་པར་ཆེ། །རྟོགས་པའི་བྷཻཾ་པ་ཡེ་བབ་དང་། རང་བཞིན་ཤུགས་ཀྱིས་གསལ་བ་དང་། །མ་རྟོགས་པའི་བློ་རྣམས་དང་། །ཡིད་དཔྱོད་གཉིས་པོ་ཁྱད་པར་ཆེ། །རང་གྲོལ་བ་ཡི་སྤྱོད་པ་ཉིད། །ཤུགས་རྡོལ་འབད་མེད་ཆེན་པོ་དང་། །མ་རྟོགས་པའི་བཅོས་མ་ལ། །སྨྱོན་སྤྱོད་གཉིས་པོ་ཁྱད་པར་ཆེ། །ཡེ་གྲོལ་འབྲས་བུ་ཡེ་ཤེས་ལུགས། །དེ་བཞིན་གཤེགས་པའི་རང་ལུགས་དང་། །འཕྲལ་རྐྱེན་བསོད་ནམས་དགེ་བསགས་འབྲས། །སྐྱེ་མཆེད་མུ་བཞི་ཁྱད་པར་ཆེ། །གྲུབ་མཐའི་སྤྱིའི་མཐར་ཐུག་པ། །སྟོང་ཉིད་ཧད་པོ་མུ་མེད་དང་། །རང་བཞིན་འོད་གསལ་རྫོགས་ཆེན་མཐའ། །སྟོང་རིག་འགགས་མེད་ཁྱད་པར་ཆེ། །རིག་མེད་ནམ་མཁའ་དཔེ་བཞག་ན། །སློབ་བུའི་གོ་བ་མཚོན་པ་དང་། །སྤྲོས་བྲལ་རིག་བ་དོན་ཐོག་སྐལ། །རྒྱུད་ཐོག་མྱོང་བ་ཁྱད་པར་ཆེ། །ཆོས་ཉིད་བར་དོར་འོད་གསལ་ཤར། །སྐལ་མུན་སྒྲོན་མེ་བཏེགས་འདྲ་དང་། །རྨི་ལམ་བག་ཆགས་འོད་གསལ་ཤར། །འཁྲུལ་སྣང་སྐམ་གློག་ཁྱད་པར་ཆེ། །མངོན་པར་རྫོགས་པའི་སངས་རྒྱས་མཆོག །ལོངས་སྐུའི་སྤྱན་ལ་སྣང་བ་དང་། ཡང་དག་པའི་སངས་རྒྱས་ཏེ། །གཟིགས་སྣང་ལས་འདས་ཁྱད་པར་ཆེ། །རྣམ་མཁྱེན་ཡེ་ཤེས་ཐོབ་པའི་ཚེ། །འཁོར་འདས་གཉིས་སུ་སྣང་བ་དང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །དབྱེར་མེད་འདྲེས་པར་ཁྱད་པར་ཆེ། །རྒྱུད་གཅིག་ལས་སྤྲུལ་ལས་ཀྱི་སྐྱེ། །མངལ་ལ་མས་ཀྱིས་འཇུག་པ་དང་། །ཐུགས་རྗེ་ཐམས་ཅད་དོན་དུ་སྤྲུལ། །རྨྱིག་ནས་ཡས་འཇུག་ཁྱད་པར་ཆེ། །དེ་ཕྱིར་ཁྱད་པར་འདི་རྣམས་ཀུན། །མ་འཁྲུལ་བློ་ལ་ལེགས་པར་ཞོག །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། །རིག་པ་དཔེ་བྲལ་གྱི་དོན་དང་། །ཁྱད་པར་དབྱེ་བའི་ལེའུ་སྟེ་གྱ་བདུན་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་རྩལ་འཁོར་རྣམས། །དེ་ལྟར་བློ་ཡུལ་གོ་མོད་ཀྱང་། །དེ་ཡི་གཞིའི་རིག་པ་ཉིད། །གནས་པ་གཏན་ལ་ཕབ་བ་ཙམ། །སྤྱི་གཞི་འཁྲུལ་གཞི་གྲོལ་གཞི་ལ། །སྤྱི་གཞི་ཡིན་ལུགས་དེ་རྟོགས་ཏེ། །གཞི་དང་འབྲས་བུ་གཅིག་མི་གཅིག །གཅིག་ན་མི་གཅིག་ཅི་ལ་འོང་། །མི་གཅིག་ས་བོན་འབྲས་བུ་ལ། །གཟུགས་དབྱིབས་རིགས་སུ་མི་གཅིག་གམ། །གཞི་དང་འབྲས་བུ་ཐ་དད་ན། །འགལ་བ་དུ་མའི་སྐྱོན་དུ་རིག །གལ་ཏེ་གཞི་འབྲས་གཅིག་པས་ན། །སངས་རྒྱས་སེམས་ཅན་དག་ཏུ་ལྡོག །སྟོང་བསྐོར་ལྟ་བུར་སྐྱོན་གཅིག་འོང་། །དེ་ཕྱིར་ལམ་གྱི་རིག་པ་ཉིད། །ཉམས་སུ་མྱོང་ཚུལ་གཏན་ལ་དབབ། །ད་ལྟ་ཉམས་སུ་བླངས་པའི་ཚེ། །མ་བཅོས་ལྷུག་པར་གནས་པའི་དུས། །བདེ་དང་གསལ་དང་མི་རྟོག་གསུམ། །འདི་གསུམ་གཅིག་གམ་མི་གཅིག་བརྟགས། །ལུས་སེམས་གང་གི་སྟེང་ནས་གནས། །རྩོལ་མེད་རྣམས་ཀྱི་རྩོལ་བཅས་འཆར། །ལེགས་པར་ཉམས་སུ་བླངས་ལ་བཤིག །ཉམས་སུ་བླང་བའི་གང་ཟག་ལ། །མི་རྟོག་པ་ལ་སྣང་ཆ་གསལ། །རིག་ཆ་མེད་པར་མི་རྟག་ཙམ། །གཅིག་དང་དུ་མའི་ཐ་སྙད་བྲལ། །དཔེར་ན་སྒོང་ཆུ་ལྟ་བུར་ཤེས། །ལུས་སེམས་གང་ལའང་གནས་པ་མེད། །ཕྱོགས་ལྷུང་མེད་པར་ཀུན་ཁྱབ་ཡིན། །ད་ལྟ་རྩོལ་བར་འཆར་བར་སྣང་། །ཡེ་ནས་རྩོལ་བྲལ་རང་ཆས་ཡིན། །མི་རྟོག་ཆོས་ཀྱི་སྐུ་དེ་ཉིད། །གཟུགས་མེད་ཁམས་རྣམས་རྩད་ནས་བཅད། །གསལ་སྣང་ལོངས་སྤྱོད་རྫོགས་སྐུ་ཡིས། །གཟུགས་ཀྱི་ཁམས་རྣམས་རྩད་ནས་བཅད། །བདེ་ཆེན་སྤྲུལ་པའི་སྐུ་ཡིས་ནི། །འདོད་པའི་ཁམས་རྣམས་རྩད་ནས་བཅད། །མི་རྟོག་པ་དེ་ལྟ་བ་ཡིན། །གསལ་སྣང་དེ་ནི་བྷཻཾ་པ་ཡིན། །དེ་ལ་རིག་གྲོལ་སྤྱོད་པ་དེ། །དབྱེར་མེད་འབྲས་བུ་སྐུ་གསུམ་ཡིན། །མི་རྟོག་པ་ཡི་གཏི་མུག་དང་། །ཆོས་དབྱིངས་ཡེ་ཤེས་ངང་གིས་ཤར། །གསལ་བ་ཞེ་སྡང་རང་སར་དག །མེ་ལོང་ཡེ་ཤེས་ངང་གིས་ཤར། །བདེ་བ་འདོད་ཆགས་རང་སར་གྲོལ། །སོར་རྟོགས་ཡེ་ཤེས་ངང་གིས་ཤར། །མི་རྟོག་ངོ་བོ་རང་བཞིན་གསལ། །ཐུགས་རྗེ་བདེ་རིག་མཐའ་བྲལ་ལོ། །ཡོངས་རྫོགས་མ་འདྲེས་མཉམ་ཉིད་ལ། །ཀུན་རྫོབ་བྱ་གྲུབ་ཡེ་ཤེས་ཡིན། །འདིའི་ཉམས་ལ་ཞེན་པས་ན། །ཁམས་གསུམ་འཁོར་བའི་ས་བོན་འདེབས། །འདི་ཕྱོགས་རེ་རེར་ལྷུང་བས་ན། །ལྟ་བ་ལོག་པའི་ཕྱོགས་སུ་འཆོར། །འདི་ལ་མ་ཞེན་རྩལ་རྫོགས་ནས། །གང་ཟག་སྒོས་བཙན་འཁོར་བ་སྟོང་། །དེ་ཕྱིར་ལམ་འདིར་རིག་བ་གཙོའ། །ལམ་གྱི་རིག་པ་འདི་མེད་ན། །རྫོགས་པ་ཆེན་པོ་ཁས་བླང་ན། །གོ་བ་སྤྱི་སྐད་ལུས་པ་ཡིན། །ཁང་སྟོང་དག་གིས་རྐུན་མ་འདྲ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ལམ་གྱི་རིག་པ་བདེ་གསལ་མི་རྟོག་པ་མྱོང་ཐོག་ཏུ་བརྒལ་བའི་ལེའུ་སྟེ་གྱ་བརྒྱད་པའོ། །྅྅྅ ཀུན་བཟང་ཡུམ་གྱིས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་རྩ་འཁོར་རྣམས། །དེ་ལྟར་སེམས་དང་རིག་པ་དང་། །ཆོས་ཉིད་ཆོས་ཅན་འཁོར་མྱང་འདས། །ཡོད་མེད་རྟག་ཆད་འཕོ་འགྱུར་དང་། །ཐབས་དང་ཤེས་རབ་འདུས་བྱས་དང་། །འདུས་མ་བྱས་སོགས་དབྱེ་བ་རྣམས། །ལེགས་པར་རུ་ཤན་འབྱེད་པ་གཅེས། །རིག་པ་སྤྱི་སྐད་མ་ལུས་ཕྱིར། །གཞིའི་རིག་པ་སྤྱི་གཞི་སྟོན། །ལམ་གྱི་རིག་པ་ཉམས་ལེན་སྟོན། །འབྲས་བུའི་རིག་པ་གྲོལ་གཞི་སྟོན། །འདི་ཞེས་ས་ལམ་དུས་གཅིག་ཆོད། །སྲིད་པའི་ཧྲིལ་པོར་སྟོང་པ་ཡིན། །དེ་ནས་སྐལ་ལྡན་བུ་མཆོག་ལ། །སྤྲོས་མེད་གསང་བའི་དབང་མཆོག་བསྐུར། །རྩ་རླུང་ཐིག་ལེ་སྦྱང་དུ་གཞུག །དེ་ནས་མཁའ་འགྲོའི་གསང་དབང་བསྐུར། །དེ་ཡང་སྦྱོར་དངོས་རྗེས་གསུམ་སྟེ། །ཞུ་འབུལ་སྣང་བ་སྦྱིན་པ་ཡིན། །དཀྱིལ་འཁོར་མཆོད་རྫས་དབང་རྫས་བཤམས། །ལས་གཞུང་བསྲང་ཞིང་དཀྱིལ་འཁོར་བསྒྲུབ། །ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱ། །སློབ་མའི་སྟ་གོན་དཀྱིལ་འཁོར་ཞུགས། །དམ་བསྒྲག་ཡེ་ཤེས་ཕབ་པར་དབབ། །ལྷ་ངོ་སྤྲོད་ཅིང་རྣམ་དག་བཤད། །དགའ་སྤྲོ་ཆེན་པོས་གཟེངས་བསྟོད་དོ། །དངོས་གཞི་ཡིད་ཆེས་ལོ་རྒྱུས་བཤད། །དབང་དོན་རྣམ་པ་བཞི་ཡིན་ཏེ། །བུམ་པ་སྐུ་དང་ཚིག་དོན་སྤྲད། །སྤྱི་བོ་མགྲིན་པ་སྙིང་ཁ་དང་། །ལྟེ་བ་གསང་གནས་རྩ་ཁམས་སུ། །ཡབ་ཡུམ་རོལ་པའི་ཆས་ཀྱིས་བསྐོར། །ཐོད་པ་བདུད་རྩི་ལྕེ་ལ་བཞག །སྔགས་དབང་རྫོགས་པར་ངག་ལ་བསྐུར། །ཐིག་ལེ་དཀར་དམར་ལྕེ་ལ་བཞག །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིས། །གསུམ་པའི་དབང་མཆོག་སེམས་ལ་བསྐུར། །ཤེལ་དང་རྨ་བྱའི་དཔེ་མཚོན་ནས། །ཚིག་དབང་ངོ་སྤྲོད་རིག་ཐོག་བསྐུར། །གཞན་ཡང་འཇིག་རྟེན་འདས་མ་འདས། །མཁའ་འགྲོ་ཀུན་གྱི་དབང་མཆོག་བསྐུར། །ཕྱག་མཚན་ཆ་ལུགས་རང་རྟགས་གྱིས། །དབང་མཆོག་དོན་ཚིག་བཅས་པ་བསྐུར། །ལུང་སྟོན་རྗེས་གནང་གཟེངས་བསྟོད་དོ། །རྗེས་ལ་ཚོགས་མཆོད་ཡོན་གྱིས་བསྐངས། །གཏང་རག་བཏང་ལ་བྱ་བ་འགྲུབ། །དབང་འདི་ཐོབ་ནས་འཁོར་འདས་ཀྱིས། །མཁའ་འགྲོ་ཀུན་གྱི་སྲོག་དབང་ཐོབ། །མིའི་ལུས་ལ་བདེ་བར་གཤེགས། །སྐལ་བཟང་རེ་ལས་མ་གནང་ངོ་། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། དབང་གཉིས་པ་བསྐུར་ཐབས་དང། དུས་བསྟན་པའི་ལེའུ་སྟེ་གྱ་དགུ་པའོ། །྅྅྅ ཀུན་ཏུ་བཟང་མོས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་རྩལ་འཁོར་རྣམས། །དངོས་གཞིའི་གདམས་པ་དྲུག་ཡིན་ཏེ། །བྷཻཾ་སངས་རྒྱས་པའི་བསྐྱེད་རྫོགས་དང་། །གོ་སངས་རྒྱས་པའི་ཁྲེགས་ཆོད་དང་། །མཐོང་སངས་རྒྱས་པའི་ཐོད་རྒལ་དང་། །བཏགས་སངས་རྒྱས་བའི་བཏགས་གྲོལ་དང་། །དྲན་སངས་རྒྱས་པའི་འཕོ་བ་དང་། །ཐོས་སངས་རྒྱས་པའི་བར་དོ་དང་། །མཁའ་འགྲོ་ཀུན་གྱི་སྙིང་ཐིག་ཡིན། །དེ་ལ་ཐོག་མའི་བསྐྱེད་རྫོགས་ནི། །དབང་པོའི་རིམ་པ་བསམ་འདས་པ། །ཞི་བ་དང་ནི་ཁྲོ་བོ་དང་། །ཞི་མ་ཁྲོ་དང་ཡབ་ཡུམ་ཅན། །གཙོ་འཁོར་ཅན་དང་སྐུ་རྐྱང་དང་། །རང་རང་གང་མོས་བྷཻཾ་ཞིང་བསྒྲུབ། །དེ་ཡང་རིག་པའི་རང་རྩལ་ཡིན། །རང་གི་བྷཻཾ་པས་རྒྱུ་ཡི་ལྷ། །རང་བཞིན་བཞུགས་པ་འབྲས་བུའི་ལྷ། །རང་ཉིད་ཚོགས་གཉིས་མངོན་མ་རྫོགས། །སྒྲིབ་པ་གཉིས་ཀྱིས་སྦགས་པ་ཡིན། །ལྷ་ནི་ཚོགས་རྫོགས་སྒྲིབ་གཉིས་དག །ད་ལྟ་གཉིས་འཛིན་དབང་གིས་ནི། །རྩལ་མ་རྫོགས་པས་ན་སོ་གཞོན། །མཐར་ཐུག་འབྲས་བུ་རྩལ་རྫོགས་ཚེ། །ལྷ་དང་རང་རིག་གཉིས་སུ་མེད། །ཞི་རྒྱས་དབང་དྲག་ལས་རྣམས་འགྲུབ། །དེ་ཕྱིར་རིག་པ་སྐྱེ་བ་མེད། །ཀུན་བཟང་ཡུམ་གྱི་བྷ་ག་ལ། །ཐབས་མཆོག་འགགས་མེད་ལྷ་སྐུ་བཞེངས། །དབྱེར་མེད་བདེ་བའི་མཆོད་པ་འབུལ། །འཁོར་བ་དོང་སྤྲུགས་ཨ་ལ་ལ། །ཞི་ཁྲོ་མཁའ་འགྲོ་མ་ལུས་པ། ཕུང་ཁམས་སྐྱེ་མཆེད་ལྷ་ཡིན་པས། །རང་རིག་རང་ལས་ཐོབ་པར་མཛོད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། བསྐྱེད་རྫོགས་ལ་རྩལ་སྦྱངས་པའི་ལེའུ་སྟེ་དགུ་བཅུ་ཐམ་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་བ། ཉོན་ཅིག་རང་རྩལ་རིག་འཁོར་རྣམས། །གོ་སངས་རྒྱས་པའི་གནད་མཆོག་ནི། །ཁྲེགས་ཆོད་བླ་མེད་འདི་ཡིན་པས། །དེ་ཡང་སེམས་རིག་དབྱེ་བའི་དོན། །བདེ་གསལ་མི་རྟོག་ཉམས་མྱོང་ལ། །མིང་དུ་བཏགས་ན་གང་འདྲར་འདོགས། །མྱོང་བ་སྐད་ཅིག་འདོན་དུ་གཞུག །ཡར་མར་ཕར་ཚུར་གང་བརྟག་ཀྱང་། །འདི་མིན་སྤུ་ཙམ་འདུག་རིག་ན། །ཇི་ལྟར་བྷཻཾ་བསམ་མཉན་གཞུག་ཀྱང་། །མྱོང་བ་འདི་མིན་འདུག་རིག་ན། །མིང་ཚིག་ཐ་སྙད་ཅི་བརྗོད་ཀྱང་། །འདི་ལ་བློ་ཐག་མ་ཆོད་རིགས། །ཁྲེགས་ཆོད་སྟེང་དུ་ལྷན་གྱིས་བསྐྱངས། །སྐུ་དང་གཏོར་མ་མགོ་ཐོག་བཞག །ཐེ་ཚོམ་བྱུང་ན་བསྐྱར་ཞིང་བྷཻཾ། །ད་རུང་ཐེ་ཚོམ་སེལ་བ་དང་། །རྟོགས་པ་བྷཻཾ་དུ་འཆར་བ་ལ། །གནས་པ་དང་ནི་འགྱུ་བ་གཉིས། །སྔ་ཕྱི་གོང་འོག་ཨེ་འདུག་ལྟ། །རྟོག་པ་དང་ནི་མི་རྟོག་པ། །བཟང་ངན་ཁྱད་པར་ཨེ་འདུག་ལྟ། །དྲན་བཅོལ་བྷཻཾ་དང་དྲན་མེད་ལ། །རང་བབ་གཤིས་ཀྱི་གནས་ལུགས་གསུམ། །ཁྱད་པར་གང་གིས་ཕྱེ་འདུག་ལྟ། །མིག་གིས་གདངས་བཙུམ་གཉིས་པོ་ལ། །དོན་ལ་ཁྱད་པར་ཨེ་འདུག་ལྟ། །འཕྲོ་དུས་ས་ཕྱོགས་གང་ཙམ་ཁེངས། །འདུག་དུས་འདུག་ལུགས་ཅི་འདྲར་འདུག །ལེགས་པར་བཤིགས་ལ་ཡང་ཡང་བརྟགས། །རེས་ན་དམྱལ་ཁམས་ཐམས་ཅད་སྤྲུགས། །རེས་ན་སངས་རྒྱས་ཞིང ཁམས་ལྟ། །རེས་ན་སྔ་ཕྱི་བག་ཆགས་ལྟ། །རེས་ན་ལྟ་བྱེད་ལམ་ལམ་བསམ། །དེ་ལྟར་གསལ་ཆའི་རྣམ་པ་དེ། །རིག་པས་ཕྱིན་ནམ་སེམས་ཀྱི་ཕྱིན། །བག་ཆགས་ཡིན་ནམ་བློས་བྱས་ཡིན། །འགྲོ་བའི་དུས་སུ་མདུན་རྒྱབ་ཅི། །ལོག་པའི་དུས་ན་སྤྱོད་ལམ་ཅི། །ལེགས་ལྡན་ཕྱིན་དྲི་རླུང་ཁྱེར་འདྲ །གཞི་ཡི་རིག་པ་ཕྱིན་པ་མེད། །དེ་ཕྱིར་ཀུན་ཁྱབ་ཆེན་པོ་ཡིན། །ལམ་གྱི་རིག་ཆ་གསལ་ཙམ་ཡིན། །འོན་ཀྱང་འབྲས་བུ་གྲོལ་དགོས་པས། །གནས་པ་སྐྱེ་བ་མེད་པ་ལ། །འགྱུ་བ་འགགས་མེད་བྲེང་བ་ཤར། །དེ་རང་མ་རིག་ཁ་ཕྱིར་ལྟ། །སེམས་ཞེས་འཁྲུལ་པ་འགྱུར་བ་ཡིན། །དེ་རང་རིག་པ་ནང་དུ་གསལ། །རིག་པ་སྤྲོས་བྲལ་རྗེན་པར་ཡིན། །དྲན་འཛིན་གཉེན་པོ་མ་བསླད་པར། །རང་བབ་ལྷུག་པར་གུ་ཡངས་པ། །འབྲས་བུ་རིག་པ་དྲི་བྲལ་ཡིན། །ཀུན་གཞི་ཆོས་དང་བཅས་པ་བདག །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ། །སྐུ་གསུམ་ལྷུན་གྲུབ་དེ་ཀ་ཡིན། །གནས་པ་འགྱུ་བ་གྲོལ་བ་གསུམ། །སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས། །གནས་པ་འགྱུ་བ་འཛིན་ཤེས་གསུམ། །སྐད་ཅིག་གཅིག་གི་བྱེ་བྲག་ཕྱེད། །གནས་པ་གཞི་ནས་སྟོང་པ་ལ། །འགྱུ་བ་རིག་པའི་རང་ཞལ་སྟོན། །གྲོལ་བ་ལྷག་མཐོང་རྗེན་པ་ཡིན། །འདི་མཚངས་གོ་བས་འཁྲུལ་པ་མེད། །འདི་གནད་ཤེས་པ་ཀུན་བཟང་ང་། །སྔར་མ་འཁྲུལ་ཅིང་ད་མི་འཁྲུལ། །ད་ལྟ་འཁྲུལ་པར་ང་མི་གནས། །འདི་ལས་དོན་ལ་མ་གཡོས་པས། །སྔར་སངས་མ་རྒྱས་ད་མི་རྒྱས། །ད་ལྟ་སངས་རྒྱས་པར་མི་གནས། །འཁོར་བ་སྤང་བའི་ཕ་རོལ་ན། །མྱང་འདས་ལོག་ནས་བཙལ་དུ་མེད། །རྟོགས་འགྱུ་སྤང་བའི་ཕ་རོལ་དུ། །མི་རྟོགས་ལོག་ན་བཙལ་མི་རྙེད། །དམྱལ་བའི་ངོ་བོ་སངས་རྒྱས་རང་། །དང་པོ་ལེགས་པར་ཕྱེད་པར་བྱ། །ཡིད་དཔྱོད་བླུན་བྷཻཾ་བརྐྱང་ལ་འདོན། །བར་དུ་ཉམས་སུ་ལེན་པ་བྱ། །མྱོང་བ་རྡོ་རུས་ཐུག་པར་འགྱུར། །ཐ་མར་འདྲེས་པར་བསྲེའ་བར་བྱ། །འཐོར་བ་སྡུད་ཅིང་ཐག་ཆོད་འགྱུར། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཁྲེགས་ཆོད་ཀྱི་དོན་དུ། འབྲས་བུའི་རིག་པ་ངོས་བཟུང་བའི་གནས་འགྱུ་གྲོལ་གསུམ་ལ་བཟླ་བའི་ལེའུ་སྟེ་གོ་གཅིག་པའོ། །྅྅྅ སྟོན་པས་འཁོར་རྣམས་ལ་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །ནམ་མཁའ་དཔེ་བཞག་རིག་པ་ཡིས། །གནས་ལུགས་ལེགས་བར་གོ་ན་ཡང་། །རླུང་དང་འདྲ་བའི་སེམས་བྱུང་འདི། །རྩ་བ་ལེགས་པར་ཆོད་བ་དགོས། །འདིའི་རྩ་བ་མ་ཆོད་ན། །ནམ་མཁའ་ཕྱོགས་ལྷུང་མེད་མོད་ཀྱང་། །རླུང་ནི་འཕོ་འགྱུར་དར་རྒུད་དང་། །ནམ་ཟླ་གྲང་དྲོ་དུས་མ་ཕྱེད། །དེ་བཞིན་ཁྲེགས་ཆོད་དོན་གོ་ཡང་། །སྒོ་ལྔ་ཡུལ་ལ་སེམས་ཐོན་ནས། །འཁོར་འདས་བདེ་སྡུག་དུ་མ་བྱེད། །དེ་ཕྱིར་བཤིག་ཅིང་འདི་ལྟར་བསམ། །སེམས་དང་ངག་གཉིས་མེད་པའི་ལུས། །དབང་པོ་སྒོ་ལྔ་ཚང་བ་འདི། །དཔེ་ནི་ཅི་འདྲ་ལེགས་པར་བརྟགས། །ངག་སེམས་མེད་པ་འདེར་སོ་འདྲ། །ལུས་ནི་བེམ་པོ་ངོ་ཡང་སྤྲད། །ཕན་གནོད་མེད་པར་དོན་གོ་བས། །གཅེས་འཛིན་མེད་པར་བློ་ཐག་ཆོད། །དེ་ནི་ལུས་ཀྱི་བཤིག་པ་ཡིན། །ལུས་དང་སེམས་གཉིས་མ་གཏོགས་པའི། །ངག་ཞེས་བྱ་བའི་ཅ་ཅོ་ཅན། །འདི་ཡི་དཔེ་ནི་ཅི་དང་འདྲ། ཆུ་ཀླུང་འདྲ་བར་དཔེ་བཞག་ན། །སྒྲ་སྐད་རྟེན་མེད་ངོ་ཡང་འཕྲོད། །བྲག་ཆ་འདྲ་བར་བློ་ཐག་ཆོད། །དེ་ནི་ངག་ལ་བཤིག་པ་ཡིན། །ལུས་ངག་གཉིས་ཀ་མེད་པའི་སེམས། །ཝལ་ཝལ་འཆར་ཞིང་འགྱུ་འགྱུ་པོ། །སལ་སལ་གསལ་ལ་དངོས་པོ་མེད། །ཁྱེད་ཀྱི་དཔེ་དེ་ཅི་དང་འདྲ། །འགྱུ་ལ་དངོས་མེད་རླུང་དང་འདྲ། །ཕན་གནོད་ལས་བྱེད་ཆུ་དང་འདྲ། །བྱ་བྱེད་ཡུན་ཐུང་གློག་དང་འདྲ། །སྣ་ཚོགས་རང་གསལ་མེ་ལོང་འདྲ། །བྱ་བྱེད་བློ་མང་སྤྲེའུ་འདྲ། །འབྱར་ལ་གོག་དཀའ་བག་སྦྱིན་འདྲ། །ངེས་རེས་མི་འདྲ་གང་ཡང་མེད། །འགྱུ་འགྱུ་ཝལ་ཝལ་ཅི་ཤར་ཡང་། །དངོས་མེད་སྟོང་པར་བློ་ཐག་ཆོད། །དུ་དགོད་འཕག་ཅིང་བྱས་རྒྱུག་ཀྱང་། །ཆུ་ལ་དབྱུག་བ་བརྒྱབ་པ་འདྲ། །བྲིང་བྲིང་ཧྲིག་ཧྲིག་རིག་པའི་རྩལ། །རིག་རྩལ་དབྱིངས་སུ་ཐིམ་ཙ་ན། །རིག་སྟོང་ཆོས་སྐུར་བློ་ཐག་ཆོད། །དེ་ལ་སེམས་ནི་བཤིག་པའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སེམས་བྱུང་འགྱུ་བའི་ཕུ་ཐག་བཅད་བ་ལས། ཐོག་མར་ལུས་ངག་ཡིད་གསུམ་ལ་བཤིག་པའི་ལེའུ་སྟེ་གོ་གཉིས་པའོ། །྅྅྅ ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །ད་རུང་སེམས་ཀྱི་རྩ་བ་བཅད། །སྣ་ཚོགས་དྲན་བསམ་འཆར་བ་འདི། །སེམས་ཀྱིས་བྱས་པ་ཡིན་ནམ་མིན། །ཡིན་ན་བྱེད་མཁན་ཁྱོད་རང་གིས། །གཟུགས་དབྱིབས་ཁ་དོག་ཇི་ལྟ་བུ། །དེ་ཉིད་ལྟ་མཁན་རང་ཡང་གང་། །རྐྱང་དེད་མཐའ་རུ་འདས་པ་ལ། །རང་ཡང་སྟོང་པ་ཨར་སངས་པའི། །དེའི་དཔེ་དེ་ཅི་དང་འདྲ། །ཉི་ཟླ་གཟའ་སྐར་གླིང་བཞི་སོགས། །ནམ་མཁའ་མ་བྱས་རང་རྩལ་ཡིན། །ཆུ་དང་ཆུ་རླབ་ལྟ་བུ་ཡི། །མེ་ལོང་ནང་གི་ཟུགས་བརྙན་འདྲ། །གནས་པ་གཞིའི་རིག་པ་ལ། །སེམས་བྱུང་ལམ་གྱི་འགགས་མེད་རྩལ། །ངང་ངམ་ཤུགས་ཀྱིས་ཐོལ་ཐོལ་སྐྱེས། །ཤར་ཡང་དངོས་མེད་རྗེན་པར་འདུག །མདོར་ན་གཞི་མེད་རྩ་བྲལ་ངང་། །སྨྲ་བསམ་ཡུལ་བྲལ་ངང་དུ་གྲོལ། །གྲོལ་ལོ་སྙམ་པའི་འཛིན་པ་ཟད། །ཟད་ཅེས་བྱ་བའང་བླ་དྭགས་ཙམ། །ད་རུང་སྣང་བའི་ཡུལ་ཉིད་དུ། །ཚོགས་དྲུག་སྣང་བ་ཅི་ཤར་ཡང་། །ད་རུང་རྟོག་པ་འཇུག་པ་ན། །དེ་ལ་རྣམ་རྟོག་ཞེས་པ་ཡིན། །རྣམ་རྟོག་བྱ་བའི་ཝལ་ཝལ་པོ། །བྱུང་བ་རྒྱུ་རྐྱེན་གང་གིས་ལེན། །དང་པོ་ཕྱི་ནང་སྣོད་བཅུད་སོགས། །གང་ན་བྱུང་ཡང་ཕོ་ཚོད་གཞུག །ད་ལྟ་སྣང་སྟོང་གང་ལས་བྱུང་། །སྣང་བ་ནང་དུ་ཚུར་བྱུང་ངམ། །སྟོང་པས་སྣང་བ་ཕར་བཟུང་ངམ། །འདི་གཉིས་འཕྲད་པའི་བར་དག་གང་། །ལེགས་བར་བརྟགས་ཤིང་བཤིག་པའི་ཚེ། །རྣམ་རྟོག་སྣང་སྟོང་བར་དུ་ཡལ། །ཐོག་མཐའ་བྱུང་ས་མ་རྙེད་ན། །རིག་སྟོང་རྗེན་པར་ཧད་དེ་བ། །དེ་ལ་མིང་འབྲལ་ཆོས་སྐུ་ཟེར། །དཔེ་བྲལ་དེ་རུ་ཐག་ཆོད་ཅིག །ད་རུང་ཁྱོད་ཉིད་གང་དུ་གནས། །ཡིད་ཅེས་བྱ་བའི་ལམ་ལམ་ཁྱོད། །ཕྱི་ནང་བར་གསུམ་ལེགས་བཤིག་པས། །འདིར་གནས་ཏིལ་འབྲུ་ཙམ་མེད་པར། །སྣང་སྟོང་བར་དུ་ཡིད་བྱེད་སྟོར། །གསལ་སྟོང་ངང་དུ་ལམ་མེ་བ། །འདི་ལ་རང་གསལ་ལོངས་སྐུ་ཟེར། །བཟུང་བྲལ་ངང་དུ་ཐག་ཆོད་ཅིག །ད་རུང་ཁྱོད་ཀྱི་འགྲོ་ས་གང་། །འཛིན་པ་བྱ་བའི་ཨ་འཐས་པོ། །བཟུང་ཡུལ་སྒྲ་ཡི་སྟོང་སོང་ན། །སྒྲ་དེ་གང་སོང་རྐྱང་དེད་བྱ། །འདིར་སོང་སྙིང་པོ་མ་རྙེད་ཡལ། །འདི་ལ་རིག་སྟོང་སྤྲུལ་སྐུ་ཟེར། །འཛིན་བྲལ་ངང་དེར་ཐག་ཆོད་ཅིག །སེམས་ལས་འདས་པ་ཆོས་ཀྱི་སྐུ། །ཡིད་ལས་འདས་པ་ལོངས་སྤྱོད་རྫོགས། །འཛིན་པ་བྲལ་བ་སྤྲུལ་པའི་སྐུ། །འདི་ལྟར་ཞུན་ཐག་ཆོད་པར་མཛོད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རྣམ་རྟོག་བྱུང་གནས་འགྲོ་གསུམ་གྱི་འཕྲང་བཅད་ནས། སྐུ་གསུམ་ངོ་སྤྲད་ཐག་བཅད་པའི་ལེའུ་སྟེ་གོ་གསུམ་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། ད་རུང་སེམས་རྟོག་བྱ་བ་ཁྱོད། །བྱུང་གནས་འགྲོ་གསུམ་མེད་པ་ན། །དྲན་བསམ་ཝལ་ཝལ་འཆར་བ་ཁྱོད། །སེམས་ལས་བྱུང་ཤིང་སེམས་ལ་གནས། །སེམས་གྱི་སྟེང་ན་ཐིམ་པ་ཡིན། །དེ་བཞིན་ཡིན་ན་སྐད་ཅིག་སེམས། །ཚན་པ་མང་པོ་ཡོད་པར་འགྱུར། །སྐྱེ་བའི་སེམས་དང་བྱུང་བའི་སེམས། །བྱུང་མཁན་སེམས་དང་ཐིམ་པའི་སེམས། །རྩད་ཆོད་མཁན་པོའི་སེམས་དང་ནི། །ཚན་པ་གཉིས་གཉིས་དུ་མ་འབྱུང་། །དེ་ནི་སྐྱོན་མེད་སྐྱོན་ཅན་ཡིན། །ཆུ་དང་ཆུ་རླབ་ཇི་བཞིན་ནམ། །མེ་ལོང་གཟུགས་བརྙན་ཇི་བཞིན་ནོ། །ངོ་བོ་སྟོང་པ་གཡོས་པ་མེད། །རང་བཞིན་གསལ་ཆ་དུ་མ་སྣང་། །ཐུགས་རྗེ་སྣ་ཚོགས་བཟུང་བ་ལ། །བྱད་གཟུགས་མང་པོ་སྣང་བ་ནི། །རང་རྒྱུད་སྟེང་དུ་ཐག་ཆོད་ན། །ཁྲེགས་ཆོད་སྟེང་དུ་ངོ་སྤྲད་དོ། །སེམས་གཅིག་པ་ལ་མེད་སྙམས་ན། །སེམས་དང་དྲན་པ་རྣམ་རྟོག་དང་། །འགྱུ་བ་འཆར་སྒོ་ཡིད་དང་བློ། །བསམ་པ་ཕོ་ཚོད་ལ་སོགས་པ། །དུ་མ་འབྱུང་བ་ལྟས་ངན་ཡིན། །དཔེར་ན་མེ་ལ་ཆུ་མི་སྐྱེས། །གསེར་ལས་ཟངས་སུ་འབྱུང་ངམ་ཅི། །ད་རུང་སེམས་ལས་འབྱུང་སྙམས་ན། །སེམས་ཞེས་ཡོད་ལས་འབྱུང་ངམ་མེད་ལས་བྱུང་། །ཡོད་ལས་བྱུང་ན་རྟག་པ་ཅན། །མེད་པ་ལས་ནི་འབྱུང་མི་སྲིད། །རྒྱུ་མེད་འབྲས་བུ་ལྟས་ངན་ཡིན། །ཡོད་མིན་མེད་མིན་ཡིན་བསམ་ན། །དྲན་བསམ་ཝལ་པོ་རྗེས་མེད་འདི། །སྔ་མ་ཤར་བ་མའི་ཚུལ། །ཕྱི་མ་ཤར་བ་བུ་ཡི་ཚུལ། །མ་བུ་གཉིས་པོ་གཅིག་མི་གཅིག །སྔ་ཕྱི་གཉིས་པོ་འཕྲད་མི་འཕྲད། །ཡང་ན་སོ་སོར་གྱེས་སམ་ཅི། །ལེགས་པར་བརྟག་དཔྱད་བསྐོར་ཞིང་བཏང་། །མ་བུ་གཉིས་པོ་གཅིག་པ་ན། །སྔ་ཕྱི་འོང་བ་ཅིའི་ཕྱིར། །སྔ་ཕྱི་གཉིས་པོ་མི་གཅིག་ན། །ཡོངས་ལ་ཁྱབ་པའི་སེམས་གཅིག་པོ། །ཞེས་པ་ལ་སོགས་རྫུན་དུ་ཐལ། །སྔ་མ་སེམས་ལ་ཕྱི་མ་ཐིམ། །ད་རུང་འཆར་བ་ཇི་ལྟར་རུང་། །སྔ་ཕྱི་གཉིས་པོ་མི་འཕྲད་ན། །བར་དོར་མ་བུ་སྦྱོར་བ་དང་། །སེམས་ངོ་འཕྲོད་ཅེས་ཅི་ལ་ཟེར། །ད་རུང་སེམས་ཞེས་དཔེ་མཚོན་པའི། །མིང་རྣམས་དང་པོ་གང་ནས་བྱུང་། །འདོགས་མཁན་སངས་རྒྱས་སེམས་ཅན་གང་། །སངས་རྒྱས་ཡིན་ན་འཛིན་པ་ཅན། །སེམས་ཅན་ཡིན་ན་སེམས་མེད་པའི། །གོང་དུ་སེམས་ཅན་སུ་ཡོད་པ། །དྲན་རིག་ཝལ་གྱིས་ཤར་དུས་སུ། །མིང་དེ་འདི་ཡིན་ཞེས་པ་སྟེ། །གཟུགས་སུ་འདུག་གམ་རི་མོར་འདུག །བརྟགས་པས་མ་རྙེད་དུས་དེར་སྟོར། །སེམས་ཞེས་དཔེ་མཚོན་མིང་རྣམས་མེད། །དཔེར་ན་མ་ཁོང་བུ་ཚ་རྣམས། །མིང་ནི་དང་པོ་གང་ཡང་མེད། །སྐྱེས་ནས་མིང་བཏགས་བདག་དུ་བཟུང་། །དེ་ཡི་འཁོར་བར་འཁྱམས་པར་མཚུངས། །མིང་མེད་པ་ལ་མིང་དུ་བཏགས། །དེ་ལ་ཨ་འཐས་བདག་ཏུ་བཟུང་། །སྲིད་པས་དྲ་བར་ཚུད་པའོ། །མིང་བྲལ་གཅིག་ཏུ་ཐག་ཆོད་ན། །ཁྲེགས་ཆོད་སྟེང་དུ་སླེབ་པའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སེམས་འབྱུང་རྟོག་པ་ཕུ་ཐག་བཅད་པའི་ལེའུ་སྟེ་གོ་བཞི་པའོ། །྅྅྅ ཀུན་བཟང་ཡུམ་གྱིས་བཀའ་སྩལ་པ། ད་རུང་སེམས་ཀྱི་རྩ་བ་བཅད། །ཡོངས་ལ་ཁྱབ་པའི་སེམས་གཅིག་པོ། །ཡོད་ན་རྒྱུ་རྐྱེན་ཅི་ལས་བྱུང་། །མེད་ན་འགྱུ་དྲན་ཅི་ལས་སྐྱེས། །ལུས་སེམས་གཉིས་པོ་གཅིག་མི་གཅིག །གཅིག་ན་ལུས་འཇིག་སེམས་འཇིག་གམ། །མི་གཅིག་ད་ལྟ་འདྲེས་པས་གསལ། །འགྲོ་དྲུག་སེམས་ཅན་འདི་རྣམས་དང་། །རང་གི་སེམས་གཉིས་གཅིག་མི་གཅིག །གཅིག་ན་གཅིག་སྐྱེས་ཀུན་སྐྱེས་ཐང་། །གཅིག་ཤི་ཐམས་ཅད་ཤི་བར་ཐང་། །གཅིག་སངས་རྒྱས་དུས་ཀུན་རྒྱས་ཐང་། །འོ་ན་མི་གཅིག་གྱུར་པ་ན། །འགྲོ་དྲུག་གཟུགས་བརྙེན་ཐ་དད་ལྟར། །སེམས་ཀྱང་དངོས་པོ་ཐ་དད་དམ། །གལ་ཏེ་ཐ་དད་གྱུར་པས་ན། །མི་གཅིག་ཤི་བའི་དུས་ཉིད་དུ། །ལུས་གནས་སྲིན་བུ་མི་འཆི་ཐང་། །འཁོར་བ་སེམས་ཅན་ཐམས་ཅད་རྣམས། །བདེ་ལ་ཀུན་དགའ་སྡུག་ལ་འཚེར། །འཆི་ལ་འཇིགས་ཤིང་དགྲ་ལ་སྡང་། །གཉེན་ལ་བྱམས་སོགས་མི་གཅིག་ཐང་། །དེ་ལྟར་ལེགས་པར་བརྟག་པའི་ཚེ། །གཞིའི་རིག་པ་མ་གཡོས་ཀྱང་། །ལམ་གྱི་རིག་པ་ངོ་མ་ཤེས། །ཁ་ཕྱིས་ལྟས་ན་ལས་རྣམས་བསགས། །ལས་རེ་ལུས་བླང་ལས་ངན་སྤྱོད། །དེ་ཕྱིར་ལམ་གྱི་རིག་པ་ལ། །ངོས་བཟུང་ཉམས་བླངས་འབྲས་བུར་གྲོལ། །དེ་ཕྱིར་ཁྲེགས་ཆོད་དོན་ལ་སྦྱར། །འཁོར་བའི་རྨིང་རྡོ་འདོན་པར་བྱ། །ཡིན་ལུགས་ད་རུང་ཐག་ཀྱང་ཆོད། །ལུས་ལ་གནས་པའི་སེམས་གཅིག་པོ། །དུག་ལྔ་དུག་གསུམ་ཉོན་མོངས་རྣམས། །སྣ་ཚོགས་སྐྱེས་པ་ཅི་ལ་སྐྱེས། །སྐྱེ་འམ་མི་སྐྱེས་ལེགས་པར་ལྟོས། །རྒྱུ་གཅིག་ཡོད་ན་རྐྱེན་གྱིས་འཇིགས། །ལན་གཅིག་ཞི་བར་གྱུར་བ་ན། །ཕྱི་ན་མི་ལྡང་ཐང་བ་ལ། །མང་ཞིག་འཁོར་འདས་གཉིས་སུ་སྣང་། །འོ་ན་ཉོན་མོངས་ཐམས་ཅད་གྱིས། །འབྲས་བུར་འཁོར་བར་ཐག་ཆོད་ན། །བྷཻཾ་བསྒྲུབ་ཙམ་བྱས་འབྲས་བུ་ནི། །སངས་རྒྱས་མི་ཐོབ་སྐྱོན་རེ་ཆེ། །འོན་ཀྱང་གདོད་མའི་སངས་རྒྱས་ཡིན། །གཉིས་འཛིན་དབང་གི་འཁོར་བར་འཁྱམས། །ད་རུང་ཉམས་བླང་གདོད་མ་རུང་། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །སྙམ་ན་ད་རུང་སངས་རྒྱས་ན། །རིམ་གྱིས་འཁོར་བར་ལྡོག་པ་ཅི། །འོ་ན་དང་པོ་སངས་རྒྱས་ཡིན། །ད་ལྟ་སངས་རྒྱས་ཆོས་མ་འགྱུར། །འབྲས་བུ་སངས་རྒྱས་ཐེ་ཚོམ་མེད། །སྙམ་ན་སྔོན་གྱི་སངས་རྒྱས་རྣམས། །བསྐལ་བ་གྲངས་མེད་ཚོགས་བསགས་ནས། །ཐོས་བསམ་བྷཻཾ་བསྒྲུབ་དཀའ་བ་སྤྱད། །དེ་ལྟ་བུ་རྣམས་ཅི་ལ་དགོས། །སངས་རྒྱས་སེམས་ཅན་གཉིས་པོ་འདི། །རྒྱུ་གཅིག་པས་ན་འཁོར་འདས་གཉིས། །གཅིག་ལས་མི་འོང་ཐང་བ་ལ། །མི་གཅིག་སེམས་ཅན་བྷཻཾ་བསྒྲུབ་པས། །སངས་རྒྱས་མི་ཐོབ་པར་ཡང་རིག །དེ་ཕྱིར་ལེགས་པར་རྩལ་བ་བཅད། །ཀུན་གཞི་འཁྲུལ་གཞི་གྲོལ་གཞི་གསུམ། །ལེགས་པར་གོ་བར་རྟོགས་པར་བྱ། །གནས་དང་འགྱུ་དང་གྲོལ་དང་གསུམ། །ལེགས་པར་ལག་ཏུ་བླང་བར་བྱ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །འབྲས་བུ་ཕྱི་དུས་མ་ལུས་བྱས། །དཔེར་ན་རིག་པ་སེམས་གཉིས་པོ། །མེ་ལོང་དང་ནི་གཡའ་ལྟ་བུ། གཡའ་དག་དུས་སུ་མེ་ལོང་གསལ། །དཔེར་ན་སྤྲིན་དང་ཉི་མ་འདྲ། །སྤྲིན་གྱིས་ཉི་མ་བསྒྲིབ་པ་མེད། །ཉི་མའི་འོད་ལ་ཉམས་པ་མེད། །ཆུ་ལ་དྲོ་བར་བསྒྱུར་བའམ། །ཁ་དོག་སྣ་ཚོགས་བསྒྱུར་དང་མཚུངས། །རྒྱུ་མཚན་མེད་པར་བློ་ཐག་བཅད། །ཏིག་པོ་མེད་པར་ཆོས་ཀྱི་སྐུ། །ངང་དངས་ས་ལེ་ཧྲིག་གེ་བ། །རྣམ་པ་ཀུན་གསལ་དེ་རྟོག་བྲལ། །གུ་ཡངས་ཁོག་བདེ་བློ་ཟག་བྲལ། །ཁྲེགས་ཆོད་དོན་དང་དེ་དུས་འབྲེལ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སེམས་ཀྱི་ཕྲ་བཅད་ཁང་ཆུང་བཤིག་པའི་ལེའུ་སྟེ་གོ་ལྔ་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། མཁའ་འགྲོའི་ཚོགས་རྣམས་ཚུར་ཉོན་ཅིག །སེམས་ཅན་མ་ལུས་ཐམས་ཅད་གྱིས། །དྲན་རིག་ཝལ་ཝལ་འཆར་བ་འདི། །མིག་ལ་བཏག་ཀྱང་ངོ་བོ་གཅིག །སེམས་ཡིད་རྟོགས་པ་ཤེས་རབ་དང་། །བློ་ལོག་དུ་མར་ཀུན་བརྟག་ཀྱང་། །སེམས་ཞེས་བྱ་བ་གཅིག་པུར་འདུས། །སེམས་ཞེས་བྱ་བའི་དཔེ་ལ་ནི། །སྒྱུ་མ་མཁན་གྱི་གྲོང་ཁྱེར་འདྲ། །རྟག་ཅིང་བརྟན་བྱ་གང་ཡང་མེད། །དཔེར་ན་དྲི་ཟའི་གྲོང་ཁྱེར་འདྲ། །ད་ལྟའི་སྣང་སེམས་ཕྲ་རག་འདི། །རྐྱེན་གྱིས་འཕྲལ་ལ་བསྒྱུར་བ་སྟེ། །ཆུ་སྣ་ཁྲིད་དམ་རྟ་སྲབ་འདྲ། །བག་ཆགས་ངན་པ་རྫ་དྲེག་འདྲ། །འདོད་པ་སྣ་ཚོགས་གར་སྤྱིན་འདྲ། །མ་རིག་རྒྱུས་མེད་མུན་འགྲོས་འདྲ། །མི་རྟག་རི་གཟར་རྦབ་དང་འདྲ། །དྲན་པ་རླུང་བུར་འཚུབ་མ་འདྲ། །རྟོག་པ་བར་སྣང་གློག་དང་འདྲ། །ཉོན་མོངས་ཆར་སྤྲིན་འཐིབ་པ་འདྲ། །ཕྲ་རག་རྟོག་པའི་རྫུན་མ་འདྲ། །ཟས་ནོར་སྦྲང་མའི་རྩི་ཟིལ་འདྲ། །འཇིག་རྟེན་འདི་དག་རྨི་ལམ་འདྲ། །བདེན་བདེན་འདྲ་ཡང་སྙིང་པོ་མེད། །དྲན་རྟོག་གློ་བུར་གང་ཤར་ཡང་། །རིག་རྩལ་ཡིན་པས་དགག་མི་དགོས། །རྟོག་པ་ཤར་རྐྱེན་མི་རྟོག་རྒྱས། །སྡུག་བསྔལ་ཤར་རྐྱེན་བདེ་བ་རྒྱས། །ཉོན་མོངས་ཆེ་ཞིང་ཡེ་ཤེས་རག །ཤིང་དཔུང་ཆེ་ཞིང་མེ་ཆེན་འབར། །གཟུང་འཛིན་ཆེ་ཞིང་གྲོལ་ཆ་ཆེ། །འཁྱགས་གངས་ཆེ་ཞིང་ཆུ་ཆེན་སྐྱེ། །སྤྲིན་ཚོགས་འཐུག་གྱིན་ཆར་ཆེན་འབབ། །སྦྲུལ་མདུད་གློ་བུར་ལྷོད་ལ་ཞོག །མི་རོ་བཞིན་དུ་བསྐྱུར་ལ་ཞོག །དྲི་ངན་བཞིན་དུ་བོར་ལ་ཞོག །བགག་ན་སླར་ཡང་འཕྲོ་བའི་རྒྱུ། །འདས་ན་སླར་ཡང་བཟློག་པའི་རྒྱུ། །གདམས་ན་སླར་ཡང་འཕར་བའི་རྒྱུ། །བཏུལ་ན་སླར་ཡང་གྱོང་བའི་རྒྱུ། །བསྲེགས་ན་སླར་ཡང་འཁྱགས་པའི་རྒྱུ། །དགག་བསྒྲུབ་ཕྲལ་ལ་ཕྱམ་མེ་ཞོག །བསྒྲུབ་ན་སངས་རྒྱས་འགྲུབ་ཀྱང་ངལ། །ཆགས་ན་ཡི་དམ་ལྷས་ཀྱང་འཆིངས། །ལྟོས་ན་བླ་མ་ཡིན་ཀྱང་བསླུ། །བཙལ་ན་ཡེ་ཤེས་ཡིན་ལ་བྲོས། །ཞེན་ན་དངོས་གྲུབ་ཡིན་ཡང་བདུད། །བྱར་མེད་སྙམ་མེད་ངང་དུ་བཞག །བཞག་ཅེས་པ་ཡང་བླ་དྭགས་ཙམ། །དྲན་འཛིན་མཁན་པོ་ངོ་བོ་སྟོང་། །དྲན་འཛིན་སེམས་ལ་རགས་པ་མེད། །སེམས་ཀྱི་དྲན་པ་ཚོར་བ་མེད། །སེམས་ཀྱི་ཡེ་ཤེས་ཕུག་དེད་དང་། ཡེ་ཤེས་ངང་དངས་རིག་པའི་ཀློང་། །རིག་པ་ཡེ་གྲོལ་ཀུན་བཟང་ངང་། །བྷ་ག་ཡངས་པའི་ཀློང་དུ་གྲོལ། །རྣམ་རྟོག་མ་བསྒག་ཡན་དུ་ཆུག །དྲན་པ་སྣ་ཚོགས་འཕྲོ་རུ་ཆུག །དཔེར་ན་གཟིངས་གྱི་བྱ་རོག་བཞིན། །ཁོ་རང་ངོ་བོ་ཐང་ཆད་དེ། །སྒྱིད་ལུག་སྟོང་གསལ་ཐིག་ལེར་ཆུབ། །བྷ་གའི་ནང་ན་ཐར་བ་མེད། །སངས་རྒྱས་སེམས་ཅན་འཁོར་མྱང་འདས། །ཐམས་ཅད་ངའི་བྷ་གར་ཚུད། །ཀུན་བཟང་བྷ་ག་ཡངས་པ་ཟེར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། །བྷ་གའི་ནང་དུ་དགོངས་པ་སྐྱོང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །བྷ་གའི་ནང་ན་སྙིང་གིས་ཁོལ། །དགྲ་བཅོམ་འཕགས་པ་ཐམས་ཅད་ཀྱང་། །བྷ་གའི་ནང་ནས་ས་ལམ་སྤྱོད། །བྷ་གའི་ནང་ན་མ་འདུས་མེད། །བྷ་གར་ཐོང་དང་རང་ངོ་འཕྲོད། །སེམས་རིག་དབྱེར་མེད་བདེ་བ་ཆེ། །སེམས་འཁོར་བར་འདུག་གོ་སྙམ་པའི། །དགོས་པ་ཐམས་ཅད་རང་སར་བཤིག །དབྱེར་མེད་བདེ་ཆེན་སྐུ་གསུམ་ངང་། །ཀུན་ཏུ་བཟང་མོ་དེར་ཞལ་མཇལ། །རྣམ་རྟོག་རང་གི་བླ་མར་རྟོག །བླ་མ་རང་རིག་དབྱེར་མེད་འཕྲོད། །རྣམ་རྟོག་ཉིད་ཀྱིས་སློབ་མར་བརྟག །སྣང་སྲིད་ཐམས་ཅད་རིག་པར་གྲོལ། །རྣམ་རྟོག་ཉིད་ཀྱང་དབང་བསྐུར་ཞུས། །རིག་པ་རང་དབང་རང་ཚུགས་ཐུབ། །རྣམ་རྟོག་ཉིད་ཀྱིས་དམ་ཚིག་བསྲུངས། བསྲུངས་མཚམས་བྲལ་བར་རང་ཐག་ཆོད། །རྣམ་རྟོག་ཉིད་ཀྱིས་ཡུལ་ལ་བརྟག །ཡུལ་སྣང་སྒྲོན་བཞི་སེམས་ལ་ཤར། །རྣམ་རྟོག་ཉིད་ཀྱིས་ལུས་ལ་བརྟག །དེ་བཞིན་གཤེགས་སྐུ་རང་ངོ་འཕྲོད། །རྣམ་རྟོག་ཉིད་ཀྱིས་ངང་ལ་བརྟག །གྲགས་སྟོང་གསུམ་དང་རང་ངོ་འཕྲོད། །རྣམ་རྟོག་ཉིད་ཀྱིས་ཡེ་ཤེས་བརྟག །རིག་སྟོང་རྗེན་པར་རང་ངོ་འཕྲོད། །ཡངས་པ་གསལ་བ་ཁྱབ་བརྡལ་ལོ། །ཡེ་གྲོལ་བྱར་མེད་སོ་མའོ། །ཤུགས་གྲོལ་ངང་དངས་སོ་མའོ། །འབད་མེད་ཅོག་བཞག་བྱར་མེད་དོ། །བསྒྲུབ་མེད་རེ་དོགས་མཐའ་བཤིག་པ། །ཀུན་བཟང་བྷ་གར་ཁྲེགས་ཀྱིས་ཆོད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སེམས་རིག་བསྲེས་ནས་ཡིན་ལུགས་ཁྲེགས་བཅད་པའི་ལེའུ་སྟེ་གོ་དྲུག་པའོ། །྅྅྅ སྟོན་པས་འཁོར་ལ་བཀའ་སྩལ་པ། ཉོན་ཅིག་རིག་པའི་སྣང་འཁོར་རྣམས། །རིག་པ་རིག་པ་ཞེས་པ་ནི། །རིག་ཅིང་གསལ་བས་རིག་པ་ཡིན། །དེ་ཡང་རྣམ་པ་ལྔ་ཡིན་ཏེ། །གཞི་གནས་རིག་པ་ཀ་དག་ཡིན། །ལམ་སྣང་རིག་པ་དྲན་གསལ་ཡིན། །འབྲས་བུའི་རིག་པ་རང་གྲོལ་ཡིན། །ཉམས་སྣང་རིག་པ་ལུ་གུ་རྒྱུད། །སྣང་ཤེས་རིག་པ་དབྱེར་མེད་ལ། །ཡེ་ཤེས་ལྔ་ཞེས་བྱ་བར་བརྟག །ཐ་མར་གཉིས་ཆོས་ཟད་དུས་སུ། །གདོད་མའི་རིག་པ་ཀུན་འདུས་སོ། །དེ་ཡང་ཉམས་ལེན་དག་དང་སྦྱར། །ལྐུག་པ་རྨི་ལམ་རྨིས་པ་བཞིན། །སྨྲ་རུ་མེད་པར་ས་ལེ་བ། །གཞོན་ནུས་བདེ་བ་མྱོང་བ་ལྟར། །དགའ་ལ་བརྗོད་དུ་མེད་པ་དང་། །བུ་ཆུང་ལྷ་ཁང་མཐོང་བ་བཞིན། །སྣང་ལ་འདི་གཏད་མེད་པ་དང་། །སྒེགས་མོས་མེ་ལོང་མཐོང་བ་བཞིན། །གསལ་ལ་བཟུང་བ་མེད་པ་དང་། །མ་མཐོང་གླིང་བཞི་མཐོང་བ་བཞིན། །མིང་དོན་མེད་པར་ས་ལེ་པ། །རྒྱ་མཚོར་གཟའ་སྐར་ཤར་བ་འདྲ། །ངོས་བཟུང་མེད་པར་ལམ་མེ་བ། །རྒྱ་བོད་སྐད་གསར་འདྲེས་པ་བཞིན། །ཅི་ཟེར་ཁྱབ་བརྡལ་ཧད་དེ་བ། །རོང་བས་བྱང་ཐང་མཐོང་བ་བཞིན། །ཕྱོགས་ཆ་བྲལ་བར་ཕྱམ་མེ་བ། །རྒྱལ་བུ་འབངས་སུ་འཁྱམས་པ་བཞིན། །རིག་པ་རྗེན་པར་ཁྲོང་ངེ་བ། །གྱད་ཀྱི་ནོར་བུ་མཐོང་བ་བཞིན། །རེ་དོགས་བྲལ་བར་ཧྲིག་གེ་བ། །དབུལ་མོས་གསེར་ཁུང་བརྡོལ་བ་ལྟར། །བློ་བདེ་ཁོང་ནས་འབོལ་ལེ་བ། །ཨ་ཡུས་ཐག་ཁྲ་མཐོང་བ་བཞིན། །ཐེ་ཚོམ་མེད་པར་དངས་སང་ངེ་། །སྦྲུལ་འཛིན་ཐག་པར་ངོ་ཤར་ལྟར། །སོམ་ཉི་མེད་པར་རྗེན་ཅེ་རེ། །མཁས་པ་བ་གླང་སྐྱོང་བ་ལྟར། །ཁོང་ལྷོད་རིག་གསལ་བཀྲ་ལམ་མེ། །རྣམ་རྟོག་སྔ་མ་རང་སར་གྲོལ། །ཕྱི་མའི་དེར་འཛིན་མ་ཤར་བར། །བར་དེར་གཉེན་པོའི་བཅོས་སླད་བྲལ། །དྲི་བྲལ་སངས་དངས་ཕྱེད་པ་འདི། །རིག་པ་ཡིན་པར་ངེས་ཟུངས་ཤིག །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ལ་སྣང་ནུས་པ། །དེ་ནི་རིག་པའི་གནས་ལུགས་ཡིན། །ཆོས་སྐུའི་རིག་པ་ཀ་དག་ཡིན། །ལོངས་སྐུའི་རིག་པ་གསལ་བ་ཡིན། །སྤྲུལ་སྐུའི་རིག་པ་ཀུན་ཁྱབ་ཡིན། །ལྟ་བའི་རིག་པ་མཐའ་བྲལ་ཡིན། །བྷཻཾ་བའི་རིག་པ་རང་གྲོལ་ཡིན། །སྤྱོད་པའི་རིག་པ་ཤུགས་འབྱུང་ཡིན། །འབྲས་བུའི་རིག་པ་སྐུ་གསུམ་ཡིན། །མ་རིག་པ་ནི་རིག་པ་ཡིན། །དཔེར་ན་གཉིད་དངས་བརྒྱལ་སངས་མཚུངས། །རིག་པ་དོན་ལ་ཤར་ནུབ་མེད། །རིག་པ་གཅེར་བུར་སྒྲིབ་གཡོག་བྲལ། །རིག་པའི་སྐུ་ལ་མདུན་རྒྱབ་མེད། །རིག་པའི་གནས་ལ་ཕྱི་ནང་མེད། །རིག་པ་རྟག་ཆད་གཉིས་མཐའ་ཟད། །རིག་པ་ཡེ་ཤེས་འོད་དུ་བརྡལ། །རིག་པ་དབྱིངས་དང་འདུ་འབྲལ་མེད། །སྣང་བ་ཐམས་ཅད་རིག་པ་ཡིན། །རིག་པའི་རང་བཞིན་ཡི་གེ་ཨ། །རིག་པའི་དཀྱིལ་འཁོར་བརྡལ་བ་ཆེ། །རིག་པ་ཆོས་དབྱིངས་ཁ་དོག་མཐིང་། །རིག་པ་དྲི་མེད་མེ་ལོང་དཀར། །རིག་པ་མཉམ་ཉིད་ཁ་དོག་སེར། །རིག་པ་སོར་རྟོག་ཁ་དོག་དམར། །རིག་པ་བྱ་གྲུབ་ཁ་དོག་ལྗང་། །རིག་པ་གཞོན་ནུ་བུམ་པའི་སྐུ། །རིག་པ་འགྱུར་མེད་རྡོ་རྗེའི་སྐུ། །རིག་པ་རིན་ཆེན་འདོད་དགུ་འབྱུང་། །རིག་པ་དྲི་མེད་མདངས་དང་ལྡན། །རིག་པ་ཡེ་ཤེས་སྐུ་ལྔ་རྫོགས། །རིག་པ་ཐབས་ཤེས་རོལ་པའི་ཚེ། །རིག་པ་རང་བྱུང་རང་ལ་གནས། །རིག་པ་ཡུམ་ཆེན་བྷ་གའི་ངང་། །ཐམས་ཅད་དེའི་ནང་དུ་སྡུད། །དེ་ཕྱིར་རིག་པའི་གནས་ལུགས་རྟོགས། །དེ་ཕྱིར་རིག་པའི་ངང་དུ་ཞོག །དེ་ཕྱིར་རིག་རྩལ་རྫོགས་པར་མཛོད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རིག་པ་སྤྲོས་བྲལ་ཁྲེགས་ཆོད་དུ་ངོ་སྤྲད་པའི་ལེའུ་སྟེ་གོ་བདུན་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་གདངས་རྩལ་འཁོར་རྣམས། །དེ་ལྟ་བུའི་ངོ་འཕྲོད་ན། །ཚོགས་དྲུག་སྟེང་དུ་རྩལ་ཡང་སྦྱངས། །གཟུགས་ཀྱི་སྟོང་པ་རིག་རྩལ་སྤྲོ། །གསལ་སྟོང་ཆེན་པོ་ཉམས་སུ་བླངས། །སྒྲའི་སྟེང་དུ་རིག་རྩལ་སྤྲོ། །གྲགས་སྟོང་ཆེན་པོ་ཉམས་སུ་བླངས། །དྲིའི་སྟེང་དུ་རིག་རྩལ་སྤེལ། །ཚོར་སྟོང་ཆེན་པོ་ཉམས་སུ་བླངས། །རོའི་སྟེང་དུ་རིག་རྩལ་སྤེལ། །རེག་སྟོང་ཆེན་པོ་ཉམས་སུ་བླངས། །ཡིད་རྟོག་སྟེང་དུ་རིག་རྩལ་སྤེལ། །དྲན་སྟོང་ཆེན་པོ་ཉམས་སུ་བླངས། །རེས་ནི་མང་ཚོགས་གསེབ་དུ་བསྡད། །སྣ་ཚོགས་ཆོ་འཕྲུལ་ཉམས་སུ་བླངས། །རེས་ནི་གཅིག་པུར་བྱར་མེད་བཞག །གཅིག་པུའི་སྟེང་དུ་ཨེ་གནས་ལྟ། །རེས་ནི་ལྷ་བྷཻཾ་སྔགས་བཟླས་ལ། །བསྐྱེད་རྫོགས་གཉིས་པོ་ཨི་འཕྲུག་ལྟ། །རེས་ནི་རེ་བ་དཔག་མེད་བསམ། །དེ་ལ་བགོ་འདུན་ཨི་འདུག་ལྟ། །རེས་ནི་སྡུག་བསྔལ་འཁོར་ལོ་བསྐོར། །དེ་ཡིས་བྷཻཾ་ལ་ཨེ་སྡོད་ལྟ། །རེས་ངུ་རེས་དགོད་སྣ་ཚོགས་བྱ། །དོན་ལ་ལྟ་ཞིང་མ་ཡེངས་ཀྱང་། །སྤང་དང་བླང་བའི་ཁྲིས་མ་ཞུགས། །རེ་དང་དོགས་པའི་ཁང་བུ་ཞིག །ཡ་ང་བག་ཚ་ཐམས་ཅད་བྲལ། །རང་གྲོལ་བག་ཡངས་གང་བདེར་སྐྱོངས། །སྲོད་ལ་དབང་པོ་གནས་སུ་སྡུད། །ནམ་གུང་ཤེས་བྱའི་བུམ་པར་ཚུད། །ཐོ་རངས་རིག་པ་རང་གསལ་གདབ། །ཉིན་མོ་སྣང་བ་རྒྱ་ཡིས་གདབ། །བྷཻཾ་རྒྱུ་དངོས་པོ་མེད་མོད་ཀྱང་། །མ་ཡེངས་བྱ་ར་སྐད་ཅིག་གིས། །སེམས་རྟོག་རླུང་དབང་མ་བཏང་ཅིག །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ངོ་སྤྲོད་པའི་དོན་ཉམས་སུ་བླང་ཞིང་རྩལ་སྦྱངས་པའི་ལེའུ་སྟེ་གོ་བརྒྱད་པའོ། །྅྅྅ སྟོན་པས་བཀའ་སྩལ་པ། དེ་ནས་སྣོད་ལྡན་སློབ་མ་ཉིད། །ཐིག་ལེར་རང་དབང་ཐོབ་པ་དང་། །རྡོ་རྗེ་ལས་སུ་རུང་བའི་ཕྱིར། །གསུམ་པའི་དབང་མཆོག་བསྐུར་བར་བྱ། །དབང་རྟེན་མཚན་ཉིད་ལྡན་པ་བཙལ། །དེ་ལ་དབང་བསྐུར་གནང་བ་བྱིན། །དེ་ཡང་རྣམ་དབྱེ་འདི་ལྟ་སྟེ། །དེ་ལ་རབ་འབྲིང་ཐ་མ་གསུམ། །ལམ་བོག་ཐོན་པའི་རིགས་བཞི་ནི། །ལོ་ཀའི་ཁམས་ན་རྙེད་པ་དཀའ། །གཞན་དབང་སོང་དང་རིས་ཅན་སོགས། །ཡོན་ཏན་ཀུན་ཚང་སྐྱོན་མ་གོས། །རྡོར་བཞི་མ་དང་རིན་རྒྱས་མ། །བད་འདབ་མ་དང་དཀར་སྤྱོད་མ། །འདི་བཞི་ཡེ་ཤེས་མཁའ་འགྲོ་ཡིན། །བརྟེན་ན་ཚེའི་དངོས་གྲུབ་ཐོབ། །རིན་བཞི་མ་དང་རིན་རྒྱས་མ། །རིན་པད་མ་དང་རིན་སྤྱོད་མ། །འདི་བཞི་ཡེ་ཤེས་མཁའ་འགྲོ་ཡིན། །བརྟེན་ན་མཆོག་ཐུན་བསམ་པ་འགྲུབ། །པད་བཞི་མ་དང་པད་རྒྱས་མ། །པད་དབང་མ་དང་པད་སྤྱོད་མ། །འདི་བཞི་ཡེ་ཤེས་མཁའ་འགྲོ་ཡིན། །བརྟེན་ན་འཛམ་གླིང་དབང་དུ་འདུ། །དཀར་བཞི་མ་དང་དཀར་རྒྱས་མ། །དཀར་དབང་མ་དང་དཀར་སྤྱོད་མ། །འདི་བཞི་ཡེ་ཤེས་མཁའ་འགྲོ་ཡིན། །བརྟེན་ན་སྙན་གྲགས་མཐུ་ལ་དབང་། །མཚན་ལྡན་བཅུ་དྲུག་དེ་དག་གིས། །རབ་ཡིན་རེག་བས་དངོས་གྲུབ་ཐོབ། །བསྐལ་བ་ཁྲི་རུ་ཁྲིམས་བསྲུང་བས། །མཚན་ལྡན་གཅིག་ལ་རེག་བས་ཆོག །ཚེ་གཅིག་སངས་རྒྱས་གདོན་མི་ཟ། །འབྲིང་ནི་བོག་འདོན་བཞི་ཡིན་ཏེ། །ལོ་ཀའི་ཁམས་ན་རེ་རེ་སྲིད། །ལྕུག་ཕྲན་མ་དང་རི་དྭགས་མ། །དུག་མགྲིན་མ་དང་པདྨ་དང་། །བྱ་རོག་ལ་སོགས་ལྔ་བརྒྱད་འདུའ། །འདི་བརྟེན་རྟོགས་པ་མྱུར་དུ་འཆར། །བརྟེན་དུ་མི་རུང་བུད་མེད་ནི། འཇིག་རྟེན་ཁམས་ནི་ཐམས་ཅད་གང་། །ཟ་ཤིང་མ་དང་མེ་དབལ་མ། །མེ་རེག་མ་དང་དམར་ཞལ་མ། །ལྕག་མཚོན་མ་དང་ཞོང་ཅག་མ། །སྤྱན་རིངས་མ་དང་ཁམས་ཟན་མ། །རླུང་གཡབ་མ་དང་ཤོ་རེ་མ། །གྱེན་ཐུར་མ་དང་སོག་སྐྱོང་མ། །སེང་གདོང་མ་དང་སྟག་རིག་མ། །རིས་རྐྱང་མ་དང་ཆུ་རིས་མ། །རུས་མུར་མ་དང་རྐང་འཇིབ་སོགས། །རེག་པས་ཚེ་ཐུང་བར་གཅོད་འབྱུང་། །རྣལ་འབྱོར་བསྐལ་བར་བྷཻཾ་བསྒྲུབ་ཀྱང་། །སྐད་ཅིག་དུས་ཕྱིས་བཞིན་དུ་འགྱུར། །དམྱལ་བར་ཁྲིད་པའི་ལམ་མཁན་བྱེད། །ཚེ་འདིར་མི་ཤིས་སྣ་ཚོགས་འབྱུང་། །དེ་ཕྱིར་སྤང་བླང་ཤེས་པར་བྱ། །བརྟགས་དགུག་བསྒྱུར་དང་སྨིན་བྱས་ན། །དབེན་པའི་གནས་སུ་ཁྲིད་བྱ་ལ། །ཡབ་ཡུམ་ལྷའི་སྐུ་བསྐྱེད་ནས། །ཐིག་ལེ་རང་ཚན་ཤེས་པ་དེས། །རང་གིས་ཐིག་ལེ་སྦྱང་བ་དང་། །ཕྱག་རྒྱའི་ཐིག་ལེ་དྲང་བར་བྱ། །ཡབ་ཡུམ་ལྷ་སྐུ་བསྐྱེད་པ་ལ། །ཁྱད་པར་མཁའ་གསང་བྱིན་གྱིས་བརླབ། །ཐིག་ལེའི་གྲངས་ཚན་བཅུ་དྲུག་ཕྱེད། །རང་གི་ཐིག་ལེར་རྩལ་སྦྱངས་ལ། །ཡབ་ཡུམ་ལྷ་སྐུ་བསྐྱེད་ལ་མཁས། །མེ་ལོང་གཟུགས་བརྙན་འདྲ་དང་གཅིག །རང་གི་ཐིག་ལེ་དབབ་དང་མཁས། །ལུག་མཁན་ཞུས་འཇུ་ལྟ་བུ་གཉིས། །ཐིག་ལེ་མཁའ་ནས་འདྲེན་པ་མཁས། །ཁྲོན་ཆུ་སྤྱང་འདྲེན་འདྲ་དང་གསུམ། །ཐིག་ལེ་ནོར་བུར་འཛིན་པ་མཁས། །ཆང་རྫའི་ཐེམ་བུ་བསྒག་འདྲ་བཞིན། ལུས་ཀུན་ཁྱབ་པར་འདྲིམ་ལ་མཁས། །སྦྱིན་ཤུགས་ཡོ་ལ་འགྱེད་པ་བཞིན། །འདིའི་རྩལ་སྦྱངས་གནད་དུ་ཟབ། །ཕྱག་རྒྱའི་ཐིག་ལེ་དྲངས་པ་ལ། །དང་པོ་ཕྱག་རྒྱའི་རྩ་བཙལ་མཁས། །སྨན་པའི་རྩ་བཤད་འདྲ་དང་གཅིག །ཕྱག་རྒྱའི་ཐིག་ལེ་འབབ་ལ་མཁས། །བུང་བའི་རྩི་ཐོག་བསྙབ་འདྲ་གཉིས། །ཕྱག་རྒྱའི་ཐིག་ལེ་དྲངས་པར་མཁས། །སྦྲང་མར་སྨྱུག་སྤུབ་བཅུག་འདྲ་གསུམ། །བདེ་བའི་རང་བཞིན་གྲོལ་ལ་མཁས། །མཁའ་ལ་སེར་བུ་དངས་འདྲ་བཞི། །ཐབས་སུ་ལེན་ཅིང་གནད་ཤེས་བྱ། །རྗེས་ནི་བདེ་བའི་འཆར་ཚུལ་དང་། །ཡོན་ཏན་ཐོབ་ཚུལ་བསྟན་པ་དང་། །གེགས་འབྱུང་སེལ་ལ་མཁས་པ་དང་། །འབྲས་བུ་མཐར་ཕྱིན་བཞིར་ཤེས་བྱ། །རིགས་རྒྱུད་སྤྲུལ་སྐུར་འགྱེད་པ་དང་། །སློབ་མ་མཚན་ལྡན་སྨིན་པ་དང་། ཡབ་ཡུམ་སྲོག་གི་གེགས་བྱུང་ན། །ཐིག་ལེ་སྟོང་པར་སྣང་བ་ལ། །ཏིལ་འབྲུ་ཙམ་ལས་ཉམས་དབང་མེད། །མི་ཉམས་སྟེང་དུ་སྤེལ་བ་ཡིན། །ཐབས་དང་རྫས་ལ་སྣག་ཅིང་སྦྱངས། །ཕྱི་ནང་གསང་བ་ལ་སོགས་པའི། །དར་རྒུད་འཕོ་འགྱུར་འབྱུང་བའི་ལས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཡང་གསང་ཉམས་སུ་ལེན་པ་ལ། །རྩ་ཞིག་རྩ་ཞ་རྩ་རྒུད་གསུམ། །བདེ་བ་མེད་པས་སྤང་བར་བྱ། །ཕྱི་ནང་གསང་བའི་རྟགས་ཚངས་ཞིང་། །དྲི་ཞིམ་ཡིད་འོང་སྐད་སྙན་མཛེས། །བདེ་བའི་མདངས་ལྡན་ཆོས་ལ་མོས། །གསང་ཐུབ་ཤེས་རབ་ཆེ་བ་བསྒྲུབ། །དབབ་སྙིལ་བཟློག་འདྲིམ་ཡོན་ཏན་ལེན། །ཕོ་ཉ་ཐག་རིང་ཇག་པ་འདྲ། །དེ་ཕྱིར་ཐིག་ལེ་ཚོད་ཟིན་གཅེས། །ཁྱད་པར་ལྔ་དང་ལྡན་པའི། །བྱང་ཆུབ་སེམས་ཀྱི་ཀུན་བསླང་ནས། །གཞན་དོན་ལྷུར་དུ་ལེན་འདོད་པས། །སྤྲུལ་སྐུ་བཞག་ལ་ངེས་པ་མེད། །ཡོན་ཏན་ཡར་ལྡན་སྣང་བའོ། །མཁའ་འགྲོ་རྣམས་ཀྱིས་སྲོག་བཅུད་འདི། །བསྐལ་བཟང་རེ་ལས་མ་གནང་ངོ་། །དེ་ཕྱིར་སྐལ་མེད་ལ་གསང་ཞིང་། །བསགས་པ་ཅན་ལ་བསྔགས་པའོ། །ཨཻ་མ་ངོ་མཚར་རྨད་ཀྱི་ཆོས། །འབྲས་བུ་ལམ་དུ་བྱས་པ་འདི། །ཐེག་དམན་རྣམས་ཀྱི་རླུང་ཕྱོགས་སུ། །ཟུར་ཙམ་འཕྲིགས་པར་མ་བྱེད་ཅིག །རང་ཉམས་བླངས་པས་ཤེལ་ལྟར་དུ། །ཚེ་གཅིག་རྡོ་རྗེའི་སྐུ་ཐོབ་བོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཤེས་རབ་ཡེ་ཤེས་བསྐུར་ཞིང་ཆགས་ཅན་ལམ་འབྲས་བུ་དང་བཅས་བ་བདེ་བ་ཉམས་སུ་བླངས་བའི་ལེའུ་སྟེ་གོ་དགུ་པའོ། །྅྅྅ དེ་ནས་འཁོར་ཐམས་ཅད་ཀུན་ཏུ་བཟང་མོའི་མཆོད་སྤྲིན་ནམ་མཁའ་བཀང་བས་མཆོད་ནས་མགྲིན་གཅིག་ཏུ་ཞུས་པ། ཨེ་མ་ཧོ། སྟོན་པ་ཡུམ་ཆེན་མོ། ཉམས་ལེན་སངས་རྒྱས་སུས་བསྟན་ཀྱང་། མངོན་སུམ་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་འཆར་ཐབས་བསྟན་དུ་གསོལ། ཨེ་མ་ངོ་མཚར་བསྐལ་བ་མཐོའ ། ཞེས་ཞུས་པས། སྟོན་པས་མཛུམ་པའི་མདངས་ཕྱུངས་ནས། གསལ་དག་སྙན་པའི་དབྱངས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ནས། ཀྱེ་ཧོ། རང་རིག་མདངས་འཁོར་མཁའ་འགྲོ་རྣམས། །གུས་པས་ཉོན་ལ་ཡིད་ལ་བཟུང་། །སྐལ་བཟང་ཚོགས་གཉིས་བསགས་པའི་བུས། །མཐོང་སངས་རྒྱ་བའི་གདམས་པ་མཆོག །དངོས་གཞི་ཟག་མེད་ཡེ་ཤེས་ཏེ། །རྒྱུད་ལ་བསྟན་པར་འདོད་པ་ན། །ཚོགས་འཁོར་བརྒྱ་རྩས་མཁའ་འགྲོ་བསྐང་། །རིན་ཆེན་མཎྜལ་བདག་ལུས་རྣམས། །བླ་མ་དག་ལ་གུས་པས་འབུལ། །རི་མཐོ་དབེན་པར་བརྩོན་པར་སོང་། །ཐོག་མར་ལུས་ངག་ཡིད་གསུམ་མོ། །བྱ་བ་དགུ་ཕྲུགས་ཉིད་དུ་བཏང་། །ལུས་ཕྱིའི་བྱ་བ་འཇིག་རྟེན་གྱིས། །རྣམ་པར་གཡེངས་བ་ཐམས་ཅད་བཏང་། །ལུས་ཀྱི་ནང་གི་བྱ་བ་ནི། །ལུས་གནད་བྱ་བ་ཕྱག་འཚལ་དང་། །བསྐོར་བ་ལ་སོགས་ཐམས་ཅད་སྤངས། །ལུས་ཀྱི་གསང་བའི་བྱ་བ་ནི། །ལུས་གནད་འཁྲུལ་འཁོར་ཙམ་ཡང་སྤངས། །ངག་ཕྱིའི་བྱ་བའི་འཇིག་རྟེན་གཏམ། །ཐམས་ཅད་རྦད་ཀྱི་བཅད་ལ་བཏང་། །ངག་ནང་བྱ་བའི་ཆོས་གཏམ་དང་། །ཉན་བཤད་ཁ་འདོན་ཐམས་ཅད་སྤང་། །ངག་གསང་བྱ་བ་སྔགས་བཟླས་དང་། །རླུང་འཛིན་བྱེད་པ་ཐམས་ཅད་སྤངས། །སེམས་ཕྱིའི་བྱ་བ་འཇིག་རྟེན་གྱིས། །ཐ་མལ་བསམ་བློ་ཐམས་ཅད་སྤངས། །སེམས་ནང་བྱ་བ་བཟང་རྟོག་གིས། །ལྷའི་བསྐྱེད་བྷཻཾ་ཙམ་ཡང་སྤངས། །སེམས་ཀྱི་གསང་བའི་བྱ་བ་ནི། །རྣམ་རྟོག་དྲན་འཛིན་ཙམ་ཡང་སྤངས། །དེ་ལྟར་དགུ་པོ་བཏང་བ་ཡིས། །རིག་པ་ཡེ་ཤེས་རྗེན་ལ་བུད། །རང་བབ་ངང་དུ་སིང་དང་ཕྱེད། །དཔེར་ན་ནོར་བུ་ཆུ་དངས་འདྲ། །དེ་ནི་ཐོག་མར་གལ་ཆེ་བས། །བརྟན་པ་མ་ཐོབ་བར་དུ་སྦྱངས། །དཔེར་ན་མེ་ལོང་དངས་པ་འདྲ། །བྱད་གཟུགས་གང་ཡང་གསལ་བ་ལྟར། །ཁྲེགས་ཆོད་དོན་དེ་མི་གསལ་ན། །ཐོད་རྒལ་ཤར་ཡང་གཟུང་འཛིན་ཅན། །མྱོང་མེད་ཁ་ལྟ་ཕུག་པོ་ལ། །བསྟན་གོལ་གསེར་ཕྱེ་ཆུ་ཕོར་མཚུངས། །དེ་ཕྱིར་འདི་ལ་ལེགས་པར་སྦྱངས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཐོད་རྒལ་བླ་མེད་ཟག་པ་མེད་པའི་ཡེ་ཤེས་མངོན་སུམ་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་བའི་ལེའུ་སྟེ་བརྒྱའ་ཐམ་པའོ། །྅྅྅ དེའི་ཚེ་རིག་པ་རང་གསལ་ལམ་ཀུན་ཏུ་བཟང་མོ་ལ། ཐུགས་ཀའི་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པར་རོལ་ནས། བདེ་བ་ཆེན་པོ་གཉིས་སུ་མེད་པའི་གླུ་འདི་གསུངས་སོ། །ཀྱེ་ཧོ། ངོ་མཚར་རྡོ་རྗེའི་གླུ་འདི། །གསང་སྔགས་འདི་དོན་སྟོན་པ་ལ། །སྣོད་ཀྱི་གདམས་པ་རབ་ཏུ་གཅེས། །སྣོད་ལྡན་ཡོན་ཏན་དགུ་ཚངས་ན། །གསང་སྔགས་སྙིང་པོའི་སྣོད་དུ་རུང་། །འགྲོ་བ་འདྲེན་པའི་གྲུ་ཆེན་ཡིན། །ཉམས་སུ་ལེན་པའི་གནས་གལ་ཆེ། །གསང་སྔགས་གནད་ཀྱིས་ཁྱད་པར་འབྱུང་། །ཡོན་ཏན་ལྡན་པའི་གནས་རྙེད་ནས། །བསམ་གཏན་འཕེལ་ཞིང་བརྟན་པ་ཐོབ། །གནས་ངན་དག་དང་འཕྲད་པ་ན། །མཚན་ལྡན་སློབ་བུ་རྐྱེན་དབང་འགྱུར། །ཁྱད་པར་དུས་ཀྱང་གཙོ་ཆེ་སྟེ། །ངོ་སྤྲད་དུས་ཀྱི་ཁྱད་པར་ཕྱིར། །མཁས་པས་དུས་གནད་བརྩལ་བར་བྱ། །དབྱར་མ་སྟོན་དང་རྒུན་ཆུང་དཔྱིད། །ཟེར་གཉིས་དུས་སུ་མཆོག་ཏུ་བཟུང་། །ངོ་འཕྲོད་མགྱོགས་ཤིང་ཉམས་སྣང་འཕེལ། །དུས་གནད་མི་ཤེས་བླུན་པོ་ལ། །དུས་ཀྱི་ཁྱད་པར་མ་ཤེས་པས། །ངོ་བོ་འགག་ཅིང་ཉམས་འཕེལ་བྲལ། །འབྲས་བུ་ཚེ་གཅིག་གསང་སྔགས་གནད། །ཁྱད་པར་འཕགས་པའི་གྲོགས་ལས་བྱུང་། །གྲོགས་མཆོག་ཆོས་ལྡན་བྱང་ཆུབ་ཐོབ། །བདེ་བའི་གྲོགས་སྤང་སྡུག་བསྔལ་ཐོབ། །གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར། །རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསོག །རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ། །དེ་ནས་སློབ་བུ་ཁྲིད་པ་ལ། །སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །རྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །རྒྱུད་པ་ཉེ་ཟབ་ཁུངས་བཙུན་པ། །ཀུན་བཟང་ཉིད་ནས་རིམ་གྱིས་བཤད། །རྒྱུད་པ་ཁྱད་པར་འཕགས་གོ་བས། །གདམས་ཟབ་བྱིན་རླབས་ངེས་ཤེས་བསྐྱེ། །དེས་ན་དབང་མཆོག་བསྐུར་བར་བྱ། །སྤྲོས་བཅས་ཕྱིའི་བུམ་དབང་དང་། །སྤྲོས་མེད་ནང་གི་གསང་དབང་དང་། །ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་དབང་། །རབ་ཏུ་སྤྲོས་མེད་ཚིག་གི་དབང་། །སྣོད་ལྡན་བུ་ལ་རིམ་བཞིན་བསྟན། །མངོན་སུམ་གནད་དུ་དབབ་པའི་ཕྱིར། །སྤྲོས་མེད་ཁྱད་པར་དབང་ལྔ་བསྐུར། །དབང་ཐོབ་རྒྱུད་སྨིན་ཆོས་སྒོ་ཕྱེད། །གསང་སྔགས་དོན་ཀུན་འགྲུབ་པར་འགྱུར། །གསང་སྔགས་དབང་ནི་མ་ཐོབ་ན། །ཟབ་དོན་དངོས་གྲུབ་ག་ལ་འབྱུང་། །དེ་ནས་སྔོན་དུ་འགྲོ་ལ་སྦྱངས། །བྱམས་དང་སྙིང་རྗེ་ཆོས་སྤྱིའི་ལམ། །ཐེག་པ་ཆེན་པོར་འཇུག་ཕྱིར་སྦྱངས། །དེ་ལྟར་བདུན་སྦྱངས་ཡོན་ཏན་ཀྱང་། །མི་རྟག་སྙིང་རྗེ་བྱམས་སེམས་ཀྱིས། །ཆོས་འཇུག་ཐེག་ཆེན་ལམ་དུ་འགྲོ། །ལུས་ངག་ཡིད་གསུམ་མངོན་འགྲོས་ནས། །ཐུན་མོང་ཁྱད་པར་མཐར་ཐུག་གིས། །དགོས་པ་གསུམ་དུ་ཤེས་པར་བྱ། །དེ་ནས་ལུས་ངག་རུ་ཤན་འབྱེད། །ནང་གི་འཁྲུལ་རྒྱུ་ཟད་པའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་འབྱེད། །རིགས་དྲུག་ས་བོན་འབྲུ་གསུམ་བསྲེགས། །ནང་ལྟར་བསྲེགས་སྦྱངས་སུ་བྱས་པས། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོང་། །སྒོ་གསུམ་འཁོར་བར་ལྡོག་པ་མེད། །དེ་ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །དེ་ནས་རྣལ་དུ་དབབ་ལ་བསླབ། །ལུས་ངག་ཡིད་གསུམ་འབྱུང་འཁྲུག་ལ། །དེ་དག་གྲོལ་ཕྱིར་རྣལ་དུ་དབབ། །དེ་ལྟར་རྣལ་དབབ་ཡོན་ཏན་གྱིས། །འབྱུང་འཁྲུག་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །དེ་ལྟར་མ་དབབ་སྐྱོན་མང་སྟེ། །ཡོན་ཏན་རྣམས་ལ་བཟློག་རྐྱེན་ཡོད། །དེ་ནས་སོར་འཇུག་དག་ལ་སྦྱངས། །ཀ་དག་དོན་ནི་རྟོགས་ཕྱིར་དང་། །ཉམས་ལྡན་མངོན་སུམ་དོན་རྟོགས་འགྱུར། །དེ་ཉིད་མ་དབབ་འགྲུབ་མི་འགྱུར། །མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་གསུམ་དགུ་ཕྲུགས་བཏང་། །དེ་ཡང་ལག་ལེན་འདི་ལྟ་སྟེ། །ལུས་ཀྱི་བྱ་བ་བཏང་བའི་ཕྱིར། །ཆོས་དང་ལོ་ཀའི་བྱ་བ་བཏང་། །གྲོགས་མེད་གཅིག་པུར་གནས་པར་བྱ། །ངག་ནི་འཁྲུལ་གཏམ་ཆོས་སྤྱོད་སྤང་། །ལྐུག་པ་ལྟ་བུ་ཉིད་ལ་བསླབ། །ཡིད་ནི་ལོ་ཀ་འདས་པའི། །འགྱུ་བ་བཅད་ལ་གནས་པར་བྱ། །ལུས་ངག་འཁྲུལ་པ་རྒྱུན་བཅད་པས། །ཡེ་ཤེས་རྒྱུད་ལ་གནས་པར་འགྱུར། །བྱར་མེད་རྒྱུད་ལ་མི་གནས་ན། །རིག་པའི་དོན་ལ་རེག་པ་མེད། །དེ་ནས་མངོན་སུམ་རང་ཐོག་དབབ། །རིག་པ་ལུས་ལ་གནས་གྱུར་ཀྱང་། །འཁྲུལ་འཁོར་དག་གིས་མ་གཅུན་ན། །ཡེ་ཤེས་དབང་པོ་སྣང་མི་ནུས་། །ལུས་ཀྱི་གནད་མཆོག་མ་ཟིན་ན། །དེ་བཞིན་ལུས་ལ་དྲོད་མི་སྐྱེས། །རིག་པ་དངོས་སུ་སྣང་མི་ནུས། །དེ་ནས་ངག་གནད་མ་གཟིར་ན། །བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་པའི་གཏམ་གྱིས་དོན་ལ་སྒྲིབ། །ངག་གི་གནད་གཟིར་མཆོག་ཏུ་གཅེས། སེམས་ཀྱི་གནད་ནི་མ་གཟིར་ན། །དབྱིངས་དང་རིག་པ་མི་མཐོང་བས། །གནད་གཟིར་སྟོང་པའི་འབེན་ཉིད་བཅས། །སེམས་ཉིད་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་དུ་སྣང་། །གནད་གསུམ་མངོན་དུ་མ་གཟིར་ན། །མངོན་སུམ་རང་ཐོག་མི་ཕེབ་སྟེ། །ཡིད་དཔྱོད་འཛིན་དང་ཁྱད་པར་ཆེ། །གནད་གསུམ་རྩོལ་བ་མཆོག་ཏུ་གཅེས། །ཡེ་ཤེས་འཆར་བའི་སྒོ་ནི་མིག །འཆར་གནད་ཕབ་བཟློག་ཟུར་ལ་གནོད། །རྐྱེན་བྲལ་གསུམ་ལ་འཆར་བར་འགྱུར། །ཕྱི་ནང་རླུང་ནི་དལ་ཞིང་སྙོམས། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །དངོས་སྣང་དལ་བ་ཉིད་ཀྱི་རྟེན། །སྒོ་དང་ཡུལ་རིག་བསྟུན་པ་ཡིས། ཡུལ་ལ་ཡེ་ཤེས་ཀུན་ཏུ་སྣང་། །གནད་གསུམ་བསྟུན་པར་མ་བྱས་ན། །རིག་པའི་དོན་ལ་རེག་མི་འགྱུར། །དེ་ལྟར་ཉམས་སུ་ལེན་པ་ལ། །སྣང་བཞི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་སྐྱོན་འབྱུང་བས། །སྣང་བ་བཞི་རུ་ཤེས་པར་བྱ། །རྐྱེན་བྲལ་མཁའ་ལ་བླ་མའི། །གཟིགས་སྟངས་གཅུན་ཞིང་ངོ་སྤྲད་པས། །དབང་པོའི་སྒོ་ལ་སྒྲོན་མ་ནི། །འཇའ་འམ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུག་རྒྱུད་འགྲེལ་པ་ལ། །འགུལ་འཕྲིག་རྒྱུ་བའི་རྣམ་པའོ། །དེ་ལྟར་གསལ་བའི་དབྱིངས་རིག་ནི། །ཉི་མ་འོད་ཀྱི་ཚུལ་དུ་གནས། །དེ་དག་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་ཉིད་དུ་སྟེ། །ཐུགས་རྗེ་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དག་ནས་རྩ་ལ་འཆར། །ངོ་བོ་མངོན་སུམ་སྒོ་ལ་འཆར། །རིག་པ་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བའོ། །རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་ནི། །ཁམས་གསུམ་བཟློག་པ་མ་ཡིན་ནོ། །མངོན་སུམ་རིག་པ་མ་མཐོང་ན། ཡིད་དཔྱོད་མུན་པའི་མཐའ་འཁོར་བས། །འཁོར་བ་ཉིད་དུ་རྣམ་པར་རྒྱུ། །གོང་དུ་འཕེལ་བའི་སྣང་བའི། །ཉམས་ཀྱི་འཕེལ་ཤན་དབྱེ་བ་གཅེས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། འོད་ཟེར་སྣ་ཚོགས་འགྱུར་འཕེལ་དང་། །ཐིག་ལེ་འཕེལ་ཞིང་རིག་རྟེན་ཚད། །ས་བོན་འབྲས་བུའི་བར་བཞིན་འབྱུང་། །སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ནས། །བར་དོའི་སྣང་བ་འདིར་ཆོད་པའི། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོང་། །ཉམས་སྣང་གོང་དུ་མ་འཕེལ་ན། །བར་དོ་ལས་ནི་གྲོལ་མི་འགྱུར། །རིག་པ་ཚད་ལ་མ་ཕེབ་ན། །རྣལ་འབྱོར་དྲོད་ཚད་རྙེད་མི་འགྱུར། །རིག་པ་ཚད་ལ་ཕེབ་པ་ཡི། །ལོངས་སྤྱོད་སྐུ་ཉིད་མངོན་དུ་གྱུར། །དེ་ལྟར་ཚད་ལ་མ་ཕེབ་ན། །ཕུང་བོའི་སྣང་འཛིན་དག་མི་འགྱུར། །ཆོས་རྣམས་ཟད་པའི་སྣང་བ་ནི། །ཉམས་ཟད་ཡུལ་ཟད་དབང་ཡུལ་ཟད། །རྟོག་ཚོགས་འཁྲུལ་པ་ཆོས་ཆེན་ཟད། །བརྗོད་གཞི་ཚིག་བྲལ་རང་བབ་བོ། །དེ་ལྟར་ལུས་གནད་རང་སར་གྲོལ། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་ཡང་དག་སངས་རྒྱས་སོ། །ཆོས་རྣམས་ཟད་པར་མ་གྱུར་ན། །ལྷག་མེད་ཉིད་དུ་འགྱུར་བ་མེད། །དེ་ལྟར་འགྱུར་བའི་ཐབས་མཆོག་ལ། །མཐའ་རྟེན་མན་ངག་རྣམ་པ་བཞིས། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །མི་འགུལ་གསུམ་ལ་གཞི་བྱས་ན། །རླུང་གནད་སེམས་གནད་དབབ་པ་གཅེས། །སྡོད་པ་གསུམ་གྱི་ཚད་བཟུངས་པས། །རྨི་ལམ་བཟློག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ལེགས་པར་ཟིན། །ཐོབ་པ་གསུམ་གྱི་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །མི་འགྱུར་ལྟ་བའི་གདིང་ཆེན་བཞི། །མི་ལྡོག་ཡེ་ཤེས་ཚད་བཟུང་ཞིག །མཐའ་རྟེན་དེའི་ཡོན་ཏན་གྱིས། །གདོད་མའི་ཡོན་ཏན་མཐའ་རུ་ཕྱིན། །མཐའ་བརྟེན་གནད་ཀྱི་རྒྱབ་མེད་ན། །རྫོགས་ཆེན་ཉམས་ལེན་མཐར་མི་ཕྱིན། །ཨེ་མ་ངོ་མཚར་རྡོ་རྗེའི་གླུ། །བདེ་བའི་གད་རྒྱང་ཆེན་པོ་ཡིས། །ཡིད་བཞིན་ནོར་བུའི་གསང་རྒྱུད་འདི། །མ་འོངས་ལས་ཅན་རྣམས་དང་འཕྲད། །ཅེས་གསུངས་སོ། །ཀུན་བཟང་ཡུམ་གྱི་བྷ་གར་ཐིམ་ནས། འཁོར་རྣམས་ཡིད་རངས་པར་གྱུར་ཏོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ངོ་མཚར་རྡོ་རྗེ་བདེ་བའི་གླུ། རྒྱུད་དོན་དྲིལ་ནས་བསྟན་པའི་ལེའུ་སྟེ་བརྒྱ་དང་གཅིག་གོ། ། ྅྅྅ དེར་འཁོར་རྣམས་ཀྱིས་སྟོན་པ་ལ་ཕྱི་ནང་གི་མཆོད་པ་ཕུལ་ཅིང་། སྟོན་པ་ཉིད་བར་གྱིས་ཏིང་ངེ་འཛིན་བསྐལ་པ་གཅིག་ཏུ་ཏིང་ངེ་འཛིན་ལ་བཞུགས་སོ། །དཀྱིལ་འཁོར་རྣམས་ཀྱི་ཏིང་ངེ་འཛིན་གྱིས་བསྐུལ་ནས་ཞུས་པ། ཀྱཻ་ཡུམ་ཆེན་དགོངས་ཤིག །དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རང་ཐོག་དུ་ཕབ་པར་བྱེད་པ་ལས། ལུས་དང་ངག་གི་བྱ་བ་གཏང་ནས། ཇི་ལྟར་བསླབ་པ་བསྟན་དུ་གསོལ། ཞེས་གླུས་བསྐུལ་བ་དང་། སྟོན་པ་འཛུམ་པའི་མདངས་ཕྱུངས་ནས་འདི་སྐད་དུ་བཀའ་སྩལ་པ། ཀྱཻ་ཉོན་ཅིག་རིག་པའི་འཁོར་མདངས། །མཁའ་འགྲོའི་ཚོགས་རྣམས་ད་ཉོན་ཅིག །སྣོད་ལྡན་སྐལ་ལྡན་སྐྱེས་བུ་ཉིད། །ཚིག་དབང་རིན་ཆེན་ངོ་སྤྲོད་དང་། །རིག་པའི་རྩལ་དབང་ཐོབ་པའི་བུ། །ནང་ཚང་ཅན་གྱི་གདན་སྟེང་དུ། །པུས་མོ་གཉིས་པོ་ས་ལ་ཕབ། །གཡོས་བྱེད་རླུང་ནན་དགོས་པ་ཡོད། །ལུས་ཀྱི་ཆ་རྣམས་ཐམས་ཅད་བསྲངས། །ལས་རླུང་བདེ་བར་རྒྱུ་བར་འགྱུར། །མགོའི་བརྗིད་ནི་མཇིང་ལ་བཀལ། །རྣམ་རྟོག་འགག་པའི་དགོས་པ་ཡོད། །ལག་སོར་བསྐུལ་ལ་ཁྱི་ཚུགས་བྱ། །ཡེ་ཤེས་དྲོད་ཕབ་འབྱུང་བཞི་བྷཻཾ། །མིག་གཉིས་སྨིན་ཕྲག་མཁའ་ལ་གཏད། །ཉོན་མོངས་ཐམས་ཅད་རང་དག་གོ། །ཆོས་སྐུའི་བཞུགས་སྟངས་སེང་གེའི། །འཁྲུལ་བའི་འཇིགས་པ་དང་བྲལ་ནས། །མི་འགྱུར་རྡོ་རྗེའི་མིག་གིས་མཐོང་། གཉིས་པ་ལོངས་སྐུའི་བཞུགས་སྟངས་ནི། །ཁ་སྦུབ་པུས་མོ་བྲང་ལ་སྦྱར། །བདེ་དྲོད་ཡེ་ཤེས་ཁམས་རྒྱས་སོ། །གྲུ་མོ་གཉིས་པོ་ས་ལ་བཙུགས། །མ་ནིང་རླུང་དང་ནང་དུ་རྒྱུད། །ཐལ་མོ་མགྲིན་པ་ཡུད་ཙམ་བརྟགས། །རགས་པའི་རླུང་རྣམས་རང་སར་འགགས། །རྐང་སོར་ཕྱིར་ཕུལ་ཅུང་ཟད་བསྐུམ། །བྱིང་རྒོད་གཉིས་པོ་ཆ་སྙོམས་སོ། །མིག་གཉིས་སྨིན་ཕྲག་མཁའ་ལ་ལྟ། །ཟུར་གྱི་གཡས་དང་གཡོན་དུ་ཁྲིད། །ལོངས་སྐུ་མ་འགགས་མིག་གི་མཐོང་། །གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་ནི། །བདེ་བའི་སྟན་ལ་ཙོག་པུར་འདུག །རྩ་རླུང་རང་སོར་སྙམ་པ་ཡིན། །རྐང་མཐིལ་ས་ལ་ཅེར་གྱིས་ཕབ། །ཆུ་རླུང་རང་སར་ནོན་པ་ཡིན། །སྒལ་ཚིགས་དྲང་པོར་ཐལ་གྱིས་བསྲང་། །རླུང་སེམས་ཆོས་ཉིད་རྗེན་པ་རུ། །པུས་མོ་གཉིས་པོ་ཅར་གྱིས་སྦྱར། །མེ་རླུང་ཡེ་ཤེས་རང་སར་གསལ། །རྒྱུ་མ་ཡུད་ཙམ་གྱེན་ལ་ཐོན། །སྒལ་པར་སྦྱར་བས་འཕྲོ་འདུ་བསྒག །ལག་མཐིལ་གཉིས་ཀྱིས་འགྲམ་གཉིས་བཏེགས། །ཚ་གྲང་ནད་སེལ་བྷཻཾ་བསྲན་ཆེ། །ཟིལ་འབྲུའི་མིག་གིས་བར་སྣང་ལྟ། །སྤྲུལ་སྐུའི་ཞིང་ཁམས་མཐོང་བར་འགྱུར། །སྦྲུལ་ལ་ཡན་ལག་ཡོད་གྱུར་ཀྱང་། །མ་གཅུས་བར་དུ་མི་མངོན་ལྟར། །རིག་པ་ལུས་ལ་གནས་གྱུར་ཀྱང་། །ལུས་གནད་མ་གཟིར་མི་མངོན་ནོ། །གཞན་ཡང་ཡན་ལག་ལུས་གནད་ནི། །སྔོན་ཡང་བྱ་རྒོད་ལྟ་བུ་དང་། །མི་འགྱུར་རྡོ་རྗེ་ལྟ་བུའོ། །རྩ་བ་གསུམ་དུ་རྒྱུན་དུ་ལྟ། །ཡན་ལག་གཉིས་པོ་ངལ་བསོ་ཙམ། །གཞན་ཡང་ཡེ་ཤེས་རྣམ་ལྔ་ཡིས། །ལུས་གནད་ལྔ་སོགས་གཟིགས་སྟངས་བསྟུན། །བཞུགས་སྟངས་ཐམས་ཅད་གང་བྱེད་ཀྱང་། །ལུས་མི་འགུལ་ཅིང་མིག་མི་འགུལ། །དབུགས་ཀྱང་ཕྱིར་ལ་ཅུང་ཙམ་འདོར། །ཕར་ཚུར་འགྲོ་འོང་དལ་བར་བྱ། །མི་འགུལ་རྣམ་པ་གསུམ་པོ་འདི། །ཤིན་ཏུ་གལ་ཆེའི་གལ་མདོ་འོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། མངོན་སུམ་རང་ཐོག་དུ་དབབ་པའི་ལུས་གནད་བསྟན་པའི་ལེའུ་སྟེ་བརྒྱའ་དང་གཉིས་པའོ། །྅྅྅ ཀུན་བཟང་ཡུམ་གྱིས་བཀའ་སྩལ་པ། དང་པོ་སེང་གེ་ལྟ་བུ་ནི། །གཟིགས་སྟངས་ཨ་འབྲས་གྱེན་ལ་ལྡོག །སྨིན་མཚམས་དབྱིངས་སུ་ལྟ་བར་བྱ། །དེ་ཡིས་དབྱིངས་སྒྲོན་མྱུར་དུ་འཆར། །གླང་ཆེན་ལྟ་བུའི་ལུས་གནད་ལ། །ཐད་ཀ་ཟུར་ཁྲིད་ཉིད་དུ་ལྟ། །ཐིག་ལེ་སྟོང་སྒྲོན་ངོས་ཟིན་ནོ། །སྤྲུལ་སྐུ་དྲང་སྲོང་ལྟ་བུ་ནི། །ཐུར་མིག་ཟུར་དུ་ཟིམ་བུས་ལྟ། །སྤྲུལ་སྐུའི་ཞིང་ཁམས་དཔག་མེད་མཐོང་། ལུ་གུ་རྒྱུད་ཉིད་བརྩོན་ཟིན་ནོ། །སྔོན་བྱང་ཁྲིད་ཅིང་ཟླུམ་པོར་ལྟ། །དབྱིངས་སྣང་འཕེལ་ཚེ་ཤེས་ཉམས་རྒྱས། །རྡོ་རྗེའི་མིག་གིས་མཐུར་དུ་ལྟ། །ཞིང་ཁམས་རྒྱན་རྣམས་མྱུར་དུ་རྫོགས། །གཞན་ཡང་ལྟ་སྟངས་གཟིགས་སྟངས་ཀྱིས། །རང་བཞིན་གནས་པའི་རིག་སྣང་ཀུན། །ཆུ་བུར་མིག་གིས་མཐོང་རྐྱེན་བྱེད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ལུས་གནད་དེ་ལ་གཟིགས་སྟངས་བསྟུན་པའི་ལེའུ་སྟེ་བརྒྱ་དང་གསུམ་པའོ། །྅྅྅ སྟོན་པས་འཁོར་རྣམས་ལ་བཀའ་སྩལ་བ། དེ་ནས་ངག་གནད་སྨྲ་བ་བཅད། །གལ་ཏེ་སྨྲ་བ་མ་ཆོད་ན། །སེམས་འཁྲུལ་རྩོད་དང་སྒྲིབ་རྐྱེན་སོགས། །དོན་མེད་དུས་མཐའི་ཏིང་འཛིན་ཉམས། །སྐྱོན་རྣམས་ཐམས་ཅད་འབྱུང་བའི་ཕྱིར། །བསླབ་དང་གནས་དང་ལ་བཟླ་སྦྱངས། །དང་པོ་ལུང་སྟོང་དབེན་པར་སོང་། །གང་ལ་ཞེན་པའི་ཚིག་དེ་ཉིད། །བརྒྱ་སྟོང་བར་དུ་བསྡུད་ཅིང་བརྗོད། །གཞན་ཡང་སྣ་ཚོགས་བརྗོད་བྱས་ལ། །ངལ་ནས་བརྗོད་སྙིང་མི་འདོད་ཚེ། །ཉིན་རེ་བས་ནི་ཇེ་ཉུང་སྐྱོང་། །འཛབ་དང་འདོན་པ་མི་སྤང་ངོ་། །དེ་ནས་གནས་པར་བྱ་བ་ནི། །ཕྱག་བསྐོར་འདོན་ཟློས་ཐམས་ཅད་སྤང་། །སྔགས་ཀྱི་ཚིག་རྣམས་མི་འདོག་གོ། །གཞན་དང་ཚིག་ཟུར་ཙམ་ཡང་སྤང་། །གལ་ཏེ་གནད་ནི་ལུས་ཀྱིས་ནི། །བརྡ་རེ་ཙམ་ལ་བྱ་བར་སྣང་། །དེ་ནས་སྟོན་ཅིང་ལ་བཟླ་བ། །ལྐུག་པ་ལྟ་བུར་གནས་པ་ལ། །ལུས་ཀྱི་བརྡ་ཡང་མི་བྱ་ཞིང་། །སེམས་ཀྱི་བརྡ་ཙམ་བྱ་བའོ། །དེ་ལས་མི་འདའ་སུས་བྱས་པ། །མྱུར་དུ་གཉིས་ཆོས་ཟད་པ་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །རླུང་གི་གནད་ཡང་འདི་ལྟར་བསླབ། །ཡུད་ཙམ་འདོར་ཞིང་དལ་བར་བརྟེན། །དེས་ནི་ལས་རླུང་བག་ལ་ཞ། །རིག་རླུང་དབྱིངས་སུ་འཁྱིལ་པར་འགྱུར། །འགྲོ་འོང་རླུང་ཡང་དེ་ལྟར་ཚུལ། །སྙིང་ནང་ཡེ་ཤེས་རང་མདངས་ཏེ། །མི་ནག་རྟ་ལ་ཞོན་དང་མཚུངས། །རྟ་ཕོ་སྒྲོགས་སུ་བཅུག་པ་ན། །མི་ནི་རྐང་རྡུམ་གང་དུ་འགྲོ། །རིག་པ་སྙིང་ནང་མི་གཡོའ་བ། །གསལ་སྟོང་ཆེན་པོར་གནས་ཕྱིར་རོ། །དེ་ཕྱིར་ཁ་སྣའི་རླུང་དལ་བས། །རྩ་གསུམ་འཁོར་ལོ་ཉོན་རླུང་འགག །ཡེ་ཤེས་རླུང་ནི་ཟིན་པར་འགྱུར། །དེ་ཕྱིར་རླུང་གནད་གལ་ཆེའོ། །མཁས་པ་གནད་དང་ལྡན་པ་ཡིས། །སྲོག་རྩོལ་བུམ་ཆེན་བཟུང་བར་ཤེས། །དེ་ལྟར་གནད་གསུམ་མི་སླ་སྟེ། །མདུད་པ་ལྟ་བུར་གཅིག་ཏུ་དྲིལ། །གཅུན་ཕུར་ལྟ་བུར་རླུང་སེམས་གཅུན། །མེ་ལོང་ལྟ་བུར་རང་བྱད་ལྟོས། །གནད་གསུམ་ཉམས་སུ་ལེན་པ་ལ། །ཐབས་མཆོག་ཆེན་པོར་གལ་ཆེའོ། །བུ་ཡིས་ཕ་ཚོལ་གདམས་པ་དང་། །མདའ་ཡིས་གཞུ་ཚོལ་གདམས་པ་དང་། །འབེན་གྱི་མདའ་ཚོལ་གདམས་པ་དང་། །ཆུང་མས་ཁྱོ་ཚོལ་གདམས་པ་དང་། །བུ་མོས་མ་ཚོལ་གདམས་པ་དང་། །རྗེའི་འབངས་ཚོལ་གདམས་པ་གཅེས། །དེ་དུས་ཕུན་སུམ་ཚོགས་ལྔ་པོ། །ལྟ་སྟངས་གཅིག་གི་ངང་དུ་རྫོགས། །གནས་ནི་ཕྱི་ནང་གསང་དབྱིངས་དང་། །སྟོན་པ་རྡོ་རྗེ་ལུ་གུ་རྒྱུད། །འཁོར་ནི་སྐུ་དང་ཐིག་ལེ་སྟེ། །སྟོན་པ་རིག་སྟོང་སྐུ་གསུམ་ཉིད། །དུས་ནི་ལྟ་སྟངས་གཅིག་ཏུ་གོ། །ཁྱད་པར་ཟེར་གཉིས་དུས་སུ་ཤེས། །ཉིན་མོ་ཉི་མ་མཚན་ཟླ་བ། །སྐབས་སུ་ཨ་ལོ་ཨར་ལ་གཏད། །ཉི་ཟླ་འཕེལ་ན་ཉམས་འཕེལ་ཆེ། །ཟེར་ཁྲིད་ཟུར་ལྟ་རྒྱབ་ལྟ་གཅེས། །མིག་ལ་མི་གཟན་གྲང་དྲོ་སྙོམས། །དེ་ཕྱིར་འདི་རྣམས་གལ་ཆེའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ངག་གནད། ལུས་གནད། སེམས་གནད། དུས་གནད། དབེན་གནད། རྐྱེན་གྱི་གནད་ཐམས་ཅད་བསྟན་པའི་ལེའུ་སྟེ་བརྒྱ་དང་བཞི་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དེ་ལྟར་ཉམས་སུ་བླངས་པ་ལ། །སྣང་བཞི་རིམ་གྱིས་འདི་ལྟར་འཆར། །དང་པོ་ཆོས་ཉིད་མངོན་སུམ་ནི། །ངོ་བོ་ངེས་ཚིག་དབྱེ་དང་བསྡུ། །དོན་དང་གདམས་པ་རྟགས་དང་ཚད། །འབྲས་བུ་གྲོལ་ས་དགུ་ཡིན་ཏེ། །སྒྲོན་བཞི་འདུ་འབྲལ་མེད་པར་གསལ། །དེ་ནི་མངོན་སུམ་ངོ་བོའོ། །དབང་པོ་མངོན་སུམ་རྗེན་པར་གསལ། །ངེས་པའི་ཚིག་ཏུ་དེ་བཞག་གོ། །དབྱེ་ན་དབང་པོ་འདུས་བྱས་དང་། །རྣལ་འབྱོར་རང་རིག་བཞི་རུ་འདོད། །བསྡུ་ན་རིག་པ་མངོན་སུམ་འདུས། །དོན་ནི་བླ་མའི་གདམས་པ་བསྟེན། །ལྟ་སྟངས་བྱས་དུས་མངོན་པའོ། །དེ་ཡང་དཀར་འཕྲོ་ཟང་ཟིང་དང་། །ཁྱག་ཁྱུག་དུ་བ་ལྟ་བུ་དང་། །ལུག་རྒྱུད་གསེར་དངུལ་ཕྲེང་བ་འདྲ། །ཤེལ་ལྟར་འཆར་རམ་དངུལ་ཆུ་ལྟར། །ཟླུམ་ལ་འདྲིལ་བ་འགུལ་འཕྲིང་ཅན། །འཇའ་འོད་ཐིག་ལེར་བཅས་པ་མཐོང་། །འདི་ཉིད་མངོན་སུམ་གཅེས་མཐོང་བས། །ཡིད་ཀྱི་འཛིན་པ་ཉིད་ལས་གྲོལ། །ཉམས་སུ་ལེན་པ་གདམས་པ་ནི། །མིག་གི་གཡས་གཡོན་གོང་འོག་ཁྲིད། །དབང་ལག་བུར་སྦྲང་འཁོངས་སུ་བཟུང་། །འབྲི་མར་ལ་སོགས་སྐུ་མཉེ་བྱ། །བཞུགས་སྟངས་སྤྲུལ་སྐུ་གཙོ་བོར་འདོན། །གང་ཟག་རྩོལ་བ་རབ་རྣམས་ལ། །ཟླ་བ་གཅིག་ལ་རྟགས་འདི་འབྱུང་། །ལུས་ནི་རུས་སྦལ་གཞུག་བཅུག་འདྲ། །ངག་ནི་ལྐུག་པ་འཁྲུལ་རྒྱུན་ཆད། །སེམས་ནི་གང་གཏད་ལྷན་ནེ་བསྡད། །རེས་ནི་མངོན་པར་ཤེས་པ་འབྱུང་། །ཟས་གོས་མི་གདུང་ངོ་ཚ་བྲལ། །ལུས་བདེ་ངག་གསང་སེམས་མི་རྟོག །རིག་པ་ལུག་རྒྱུད་འབྲེལ་མི་ཆོད། །དབྱིངས་ཀྱང་ཕུབ་ཙམ་ཆེར་འཕེལ་ཏེ། །རྨི་ལམ་རྨི་ལམ་ངོ་ཤེས་སོ། །འབྲས་བུ་འོད་ཁྱིམ་རྣམ་ལྔ་མཐོང་། །དུག་ལྔ་དག་ནས་ཡེ་ཤེས་ལྔ། །རང་གསལ་ཉིད་དུ་ཤར་བ་ཡིན། །ཞིང་ཁམས་ལྔ་ལ་རང་བྱན་ཚུད། །རིག་ལྔ་སྐུ་ལྔ་ལྷུན་གྱིས་གྲུབ། །ཨེ་མ་ངོ་མཚར་རྫོགས་སངས་རྒྱས། །ཀུན་བཟང་བྷ་གའི་རང་ཞལ་མཐོང་། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །བདེར་གཤེགས་རིགས་ལྔ་རིགས་གསུམ་མགོན། །ཞི་ཁྲོ་མཁའ་འགྲོ་དཔའ་བོ་རྣམས། །མངོན་སུམ་ཉིད་དུ་མཇལ་བ་ཡིན། །ལས་སྒྲིབ་བག་ཆགས་ཟད་པ་ཡིན། །འདི་ཉིད་མཐོང་བའི་རྣལ་འབྱོར་ལ། །ཁམས་གསུམ་འཁོར་བའི་མིང་མེད་ཅིང་། །སྲིད་གསུམ་གདར་ཤ་ཆོད་པ་ཡིན། །མངོན་སུམ་འདི་དང་མ་བྲལ་ཅིག །ཆོས་རྣམས་ཀུན་གྱི་འདུན་པའོ། །གྲོལ་བ་འདི་ཉིད་ལན་གཅིག་མཐོང་། །སྲིད་པའི་བར་དོ་ཤར་མ་ཐག །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ། །རྫུས་ནས་སྐྱེ་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བ་འཆར་ཚུལ་དོན་དགུས་བཅིངས་གནས་བསྟན་པའི་ལེའུ་སྟེ་བརྒྱ་དང་ལྔ་པའོ། ། ྅྅྅ སྟོན་པས་འཁོར་ལ་བཀའ་སྩལ་པ། ཉོན་ཅིག་རིག་རྩལ་མཁའ་འགྲོ་རྣམས། །གཉིས་པ་ཉམས་སྣང་གོང་འཕེལ་གྱིས། །སྣང་བ་འཆར་ཚུལ་བཤད་པར་བྱ། །ངོ་བོ་ངེས་ཚིག་དབྱེ་བ་དང་། །བསྡུ་བ་དོན་དང་གདམས་པ་དང་། །རྟགས་ཚད་འབྲས་བུ་གྲོལ་ས་སྟེ། །རྣམ་པ་དགུའི་རབ་ཏུ་དབྱེ། །སྣང་བ་སྔར་ལས་ཤར་བ་རྣམས། །རིམ་པར་འཕེལ་བའི་ངོ་བོ་ཟེར། །རིག་སྟོང་ཉམས་དང་གསལ་སྟོང་ཉམས། །འགྱུ་སྟོང་ཉམས་རྣམས་རིམ་བཞིན་འཕེལ། །ངེས་པའི་ཚིགས་སུ་དེ་བཞག་གོ། །དབྱེ་ན་མ་དག་འཁྲུལ་ཉམས་དང་། །དག་པ་ཡེ་ཤེས་དག་གིས་ཉམས། །རང་དོན་ཉམས་ལེན་དག་གིས་ཉམས། །གཞན་དོན་ཕྲིན་ལས་ཉམས་བཞི་ཡིན། །བསྡུ་ན་སྣང་ཉམས་ཤེས་ཉམས་འདུས། །དོན་ནི་མངོན་སུམ་དེ་སྦྱོངས་པས། །འོད་ཀྱི་རང་གི་ཐོ་ཕྱི་གང་། །ཐིག་ཕྲན་མེ་ལོང་འཕང་ལོ་ཙམ། །དབྱིངས་སྣང་ཁ་དོག་དུ་མར་འགྱུར། །ཐིག་ལེ་སྟོང་སྒྲོན་སྟོང་དུ་སྣང་། །དབྱིངས་རིག་ཟ་འོག་རྨ་བྱའི་རིགས། །སྨིན་མཚམས་སོར་བཞི་དང་འབྲེལ་ཏེ། །གྱེན་འགྲེང་རྩིབ་ཤར་ཟླུམ་པོར་འཁྲིགས། །རེ་ལྡེ་གྲུ་ཆད་རིགས་བཞི་རིག །འོད་ཀྱི་ཡུལ་གྲུ་གང་བ་དང་། །ཐིག་ལེ་ཚོམ་བུར་འདབ་བཞིར་གྱུར། །ད་རུང་ཉམས་སུ་བླང་བ་ཡིས། །རིག་པ་ཤ་ར་རྒྱུག་པ་ཙམ། །ཐིག་ལེ་ལྔ་ལྡན་རྣམས་ཀྱི་ནང་། །ཁྲི་དང་རྒྱབ་ཡོལ་རྣམ་པ་དང་། །ཉན་ཐོས་སྤྲུལ་སྐུའི་ཆ་ལུགས་དང་། །ཕྱེ་སྐུ་ཞལ་ཕྱག་དོད་མ་དོད། །གཟུགས་བརྙེན་མ་ངེས་དུ་མ་འཆར། །ད་རུང་ཉམས་སུ་བླངས་པ་ཡིས། །རིག་པའི་བར་རྣམས་སྐུའི་བརྒྱན། །རིག་པ་འགུལ་འཕྲིག་མེད་པར་སྡོད། །ལུས་ལ་འབུ་སྲིན་ཤིག་མི་འབྱུང་། །སྐྲ་དཀར་གཉེར་མ་མེད་པ་དང་། །ཟས་དང་སྐོམ་གྱི་གདུང་བ་ཆོད། །སྔར་མ་ཐོས་པའི་ཆོས་རྣམས་ཤེས། །ཅི་སྨྲ་ཐམས་ཅད་ཆོས་སུ་འོང་། །དགྲ་གཉེན་གཉིས་ཀྱིས་ཉེ་རིང་བྲལ། །ཤེས་པ་དགེ་སྡིག་ངོ་ཤེས་ཙམ། །མངོན་པར་ཤེས་པ་ཕྱོགས་མེད་འཆར། །ཉིན་མཚན་འཁོར་ཡུག་འོད་གསལ་འདྲེས། །དེ་ལ་ཉམས་ལེན་གདམས་པ་ནི། །མུན་ཁང་གསུམ་རིམ་ནང་ཉིད་དུ། །རླུང་ནི་བུམ་ཆེན་མདུན་དུ་བཟུངས། །ལུས་གནད་སེང་གེ་རྣམ་གྲོལ་བཅའ། །མིག་འབྲས་བར་སྣང་མཁའ་ལ་གཏད། །ཡང་ན་མཐེབ་མཛུབ་ཨར་ལ་གཏད། །དེའི་ཞིང་ཁམས་གཏན་ལ་ཕེབ། །དེ་ནས་སྐུ་ཡང་གཏན་ལ་ཕབ། །དེ་ནས་ཡེ་ཤེས་རང་ས་ཟིན། །ཉིན་པར་སྣང་བ་ཉམས་སུ་ལེན། །མཚན་མོ་མུན་པ་དག་ལ་བསླབ། །རིགས་དྲུག་ཞིང་ཁམས་མིག་གིས་མཐོང་། །རྣ་བས་འཁོར་འདས་ཚིག་ཀུན་ཐོས། །འདི་ཡང་ད་རུང་ཆེར་འཕེལ་ལོ། །རྟགས་ཚད་ཕྱིའི་གཟུང་འཛིན་ཞིག །ལུས་ཀྱི་རྒྱན་དང་བྱི་དོར་བྲལ། །སྨྱོན་པ་ལྟ་བུར་འགྱུར་བ་ཡིན། །ལས་རླུང་ཕྱེ་དག་ཡེ་ཤེས་གསལ། །ངག་ནི་གཏད་མེད་ཅལ་ཅོལ་སྨྲ། །རླུང་ཆེན་ཆང་གི་ར་རོ་ལྟར། །བག་ཆགས་སྣང་བ་དབྱིངས་སུ་ཐིམ། གདོད་མའི་དབྱིངས་སུ་རྩལ་རྒྱས་སོ། །སེམས་ནི་འབྲུམ་ནད་འབྱང་བ་ལྟར། །འཁོར་བར་མི་ལྡོག་གདིང་ཆེས་སོ། །རྨི་ལམ་མངོན་ཤེས་དག་ཏུ་འཆར། །འབྲས་བུ་དེ་ལྟར་གོང་འཕེལ་དུས། །ལོངས་སྐུའི་ཞིང་ལ་ལོངས་སྤྱོད་པས། །གལ་ཏེ་ཚེའི་དུས་བྱས་ན། །ལྷུན་གྲུབ་སྣང་བ་ཤར་མ་ཐག །སྤྲུལ་པ་འགྱེད་ནས་དོན་བྱེད་དོན། །འདི་ནི་ཉམས་སྣང་གོང་འཕེལ་ཡིན། །གང་ཟག་བརྩོན་པ་རབ་རྣམས་ནི། །ཟླ་བ་གསུམ་ལ་རྩལ་རྫོགས་འགྱུར། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཉམས་སྣང་གོང་འཕེལ་གྱིས་སྣང་བ་དོན་དགུས་བཅིངས་ནས་བསྟན་པའི་ལེའུ་སྟེ་བརྒྱ་དང་དྲུག་པའོ། ། ྅྅྅ ཡུམ་ཆེན་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩལ་འཁོར་རྣམས། །གསུམ་པ་རིག་པ་ཚད་ཕེབ་ཀྱི། །སྣང་བ་འཆར་ཚུལ་བསྟན་པར་བྱ། །ངོ་བོ་ངེས་ཚིག་དབྱེ་བ་དང་། །བསྡུས་དོན་གདམས་པ་རྟགས་ཚད་དང་། །འབྲས་བུ་གྲོལ་ས་དགུ་ཡིན་ཏེ། །ངོ་བོ་གདོད་མ་ཡེ་ཤེས་གསུམ། །དབང་བོས་ཉམས་སུ་ལེན་པ་ཡིན། །ངེས་ཚིག་ཡེ་ནས་རིག་པ་དེ། །ལུས་ངག་ཡིད་ཀྱི་སྟེང་ཉིད་དུ། །རྩལ་སོགས་ཚད་ལ་ཕབ་པའོ། །དབྱེ་ན་ངག་དང་ལུས་དང་སེམས། །རིག་པ་ཚད་ཕེབ་བཞི་ཡིན་ནོ། །དོན་ནི་ད་རུང་ཉམས་བླངས་བས། །འོད་ཟེར་སྟོང་གསུམ་གང་བར་ཁྱབ། །ཐིག་ལེ་ཆེན་པོ་གཅིག་གིས་ནང་། །ལྔ་ལྡན་ཚོམ་བུ་ལྔའི་བརྒྱན། །རིགས་ལྔ་ཡབ་ཡུམ་དབུས་སུ་རྫོགས། །སེམས་དཔའ་སེམས་མའི་འཁོར་གྱིས་བསྐོར། །ལུ་གུ་རྒྱུད་ཀྱི་བར་མཚམས་སུ། །ཞི་ཁྲོ་མ་ངེས་དུ་མ་ཡིས། །ཏིལ་གང་ཁ་ཕྱེས་ལྟ་བུར་གང་། །ཉིན་མཚན་གཉིས་ཀྱིས་སྣང་བ་ནུབ། །དག་པའི་སྣང་བ་འཁོར་ཡུག་འཆར། །རི་བྲག་ཀུན་ལ་ཟང་ཐལ་བ། །ཉམ་ང་བག་ཚ་མེད་པ་རུ། །སྤྱན་དང་མངོན་ཤེས་ཡོན་ཏན་འཆར། །དུག་མཚོན་འབྱུང་བའི་རྫི མི་ནུས། ཕྱི་ནང་རང་སའི་གཟུང་འཛིན་ཟད། །ནང་གི་རླུང་སེམས་ཚད་ལ་ཕེབ། །རྫུ་འཕྲུལ་རྣམ་པ་སྣ་ཚོགས་སྟོན། །རླུང་ལ་ཡོན་ཏན་འཐབ་རྩོད་ཡིན། །སེམས་ལ་རང་དབང་ཐོབ་པའི་རྟགས། །བེམ་པོ་ལ་སོགས་སྣང་བ་ལ། །རིག་པ་གང་ཚུད་འགུལ་བ་དང་། །སྐད་འབྱིན་ཆོས་སྨྲ་ལ་སོགས་དང་། །ཟས་གོས་དག་དང་བྲལ་བའོ། །ལུས་ཀྱང་རེས་ན་འོད་དུ་གྲོལ། །དབུས་སུ་ཡི་གེ་ཨ་དང་གནས། །རིག་པའི་དངོས་པོ་ཐམས་ཅད་ཀུན། །ལོངས་སྐུའི་ཞིང་དུ་རང་སྣང་ངོ་། །སྤྱི་གཙུག་རླུང་གིས་འདེགས་པ་ན། །ཁྲོ་བོ་ཐམས་ཅད་རྫོགས་པར་འཆར། །ལུས་ཀྱི་བ་སྤུ་རེ་རེ་ལ། །སངས་རྒྱས་ཞིང་ཁམས་བརྗོད་མེད་འཆར། །འདི་ནས་བྷཻཾ་ན་རང་གྲོལ་ལོ། །འབྲས་བུ་ཐོབ་པར་ཐེ་ཚོམ་མེད། །དེ་ཚེ་ཉམས་བླང་གདམས་པ་ནི། །རིག་པ་གང་ལ་སྣ་མི་སྐྱིལ། །རིག་རླུང་ཁྱད་མེད་རོལ་པར་ཁྱེར། །སྤྱོད་པ་ཉི་ཤུ་རྩ་གཅིག་སྤྱོད། །རྟགས་ཚད་ལས་རླུང་དག་པ་ཡིས། །འབྱུང་བ་ལྔ་ལ་ཆགས་པ་མེད། །ངག་ནི་ཅི་སྨྲ་ཆོས་སུ་འོང་། །སེམས་ནི་འབྲས་བུ་མ་ཐོགས་ཐིམ། །འཁོར་བར་མི་འཁྱམས་གདིང་ཆེན་ཆོས། །འབྲས་བུ་སྣོད་རྣམས་དག་བའི་ཞིང་། །ནང་བཅུད་ཞི་ཁྲོའི་ལྷ་རུ་གྲོལ། །རང་ལུས་ཉིད་ནི་འཇའ་འོད་ཡལ། །ལྷག་མ་མེད་པར་སངས་རྒྱས་སོ། །འགྲོ་བ་འདི་ནས་རྩོལ་བ་ཞིག །རང་གྲོལ་ཆེན་པོར་སངས་རྒྱས་སོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རིག་པ་ཚད་ཕེབ་ཀྱི་སྣང་བ་དོན་དགུས་བཅིངས་ནས་བསྟན་པའི་ལེའུ་སྟེ་བརྒྱ་དང་བདུན་པའོ། །྅྅྅ ཡང་གཅིག་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་རྩལ་མཁའ་འགྲོ་རྣམས། །བཞི་པ་ཆོས་ཟད་ཀ་དག་ནི། །སྣང་བའི་འཆར་ཚུལ་བསྟན་པར་བྱ། །ངོ་བོ་ངེས་ཚིག་དབྱེ་དང་བསྡུ། །དོན་དང་གདམས་པ་རྟགས་དང་ཚད། །འབྲས་བུ་གྲོལ་ས་དགུ་ཡིན་ཏེ། །ངོ་བོ་གཞི་ཐོག་བཙན་ས་ཟིན། །སེང་གེས་གངས་ལ་ཟིན་པ་འམ། །བཅོ་ལྔའི་ཟླ་བ་ཉ་གང་འདྲའ། །ངེས་ཚིག་གཉིས་ཆོས་ཐམས་ཅད་ཟད། །དབྱེ་ན་ཆོས་ཟད་བློ་ཟད་དང་། །འཕེལ་ཟད་ཉམས་ཟད་བཞི་ཡིན་ཏེ། །བསྡུ་ན་ཆོས་རྣམས་ཟད་པར་འདུས། །དོན་ནི་གོང་གི་འཕེལ་རྒྱུ་ཟད། །འཁོར་འདས་ཆོས་རྣམས་རེ་དོགས་བྲལ། །ཕུང་པོ་གདོས་བཅས་འདི་ཉིད་ཀྱིས། །བག་ཆགས་རྐྱེན་དབང་ཐམས་ཅད་ཟད། །མ་དག་རིགས་དྲུག་སྣང་ཚུལ་དག །དག་པའི་ཞིང་ཁམས་ངང་གིས་གསལ། །དེའི་དུས་ཀྱི་གདམས་པ་ནི། །རང་གི་ལག་སོར་འཇའ་འོད་དུ། །བཀྲམ་པ་ཙམ་ལ་ལུས་བརྟེན་ནས། །རིག་པ་དེ་ལ་ཅུང་ཙམ་གཏད། །ལུས་ནི་ཆུ་ནང་ཟླ་ལྟར་སྣང་། །ངོ་བོ་མེད་པར་རང་ལོག་ནས། །སེམས་ཅན་ཚོགས་རྣམས་མ་ཟད་བར། །སྐྱེ་དང་འཇུག་པའི་དབང་གསུམ་གྱིས། །འགྲོ་བ་གྲོལ་བའི་ཕྲིན་ལས་མཛད། །འཕོ་བ་ཆེན་པོར་བཞེངས་བའོ། །གལ་ཏེ་ལག་སོར་མ་གཏད་ན། །སྐད་ཅིག་ན་བུན་ཡལ་བ་ལྟར། །ཕྱི་ནང་འོད་ལུས་དེ་ཡལ་ནས། །དཔེར་ན་གནམ་སྟོང་ཟླ་བ་ལྟར། །བྲི་གང་མེད་ཀྱང་མི་མངོན་བཞིན། །ལྷག་མ་མེད་པར་སངས་རྒྱས་སོ། །རྟག་ཏུ་གཤེད་མས་གནོད་མི་ནུས། །ངག་ནི་ཟུངས་ཟད་བྲག་ཆ་འདྲ། །དབྱིངས་ནི་བག་ཆགས་དབྱིངས་སུ་ཡལ། །གཞི་སྣང་འཇའ་དེ་ཙམ་ཡང་ཐིམ། །འདི་དུས་ཆོས་རྣམས་ཟད་པ་ཡིན། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ། །མངོན་སུམ་གོང་འཕེལ་རྣམ་གཉིས་ཀྱིས། །འདོད་ཁམས་སྟོངས་ཞིང་སྤྲུལ་སྐུར་གྲོལ། །རིག་པ་ཚད་ལ་ཕེབ་པ་ཡིན། །གཟུགས་ཁམས་སྟོངས་ནས་ལོངས་སྐུར་གྲོལ། །ཆོས་རྣམས་ཟད་པར་གྱུར་པ་ཡིན། །གཟུགས་མེད་ཁམས་རྣམས་ཆོས་སྐུར་ཐིམ། །གྲོལ་ས་ཡེ་གྲོལ་ད་ལྟར་ཉིད། །སྐུ་གསུམ་རང་ཆས་རྩལ་རྫོགས་པས། །འོད་གསལ་གཞི་སྣང་མཐའ་རུ་ཕྱིན། །ཡིན་ལུགས་དྲི་བྲལ་རྗེན་པར་ཐོབ། །ཐེག་པ་ཀུན་གྱི་མཐར་ཐུག་མཆོག །ཀུན་བཟང་མཁའ་འགྲོའི་སྙིང་ཁྲག་ཡིན། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཆོས་རྣམས་ཟད་པའི་སྣང་བ་འཆར་ཚུལ་དོན་དགུས་བཅིངས་ནས་བཤད་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོ། །྅྅྅ སྟོན་པས་འཁོར་ལ་བཀའ་སྩལ་པ། །ཉོན་ཅིག་རིག་རྩལ་མཁའ་འགྲོ་རྣམས། ཁྲེགས་མ་ཆོད་ན་ཐོད་མི་རྒལ། །ཐོད་མི་རྒལ་ན་ཁྲེགས་མི་ཆོད། །གཉིས་མེད་ཉམས་སུ་ལེན་པ་ལ། །སྣང་བཞི་རིམ་གྱིས་འཆར་ཐབས་ཀྱི། །རྒྱབ་བརྟེན་འདི་ཉིད་བསྟན་པར་བྱ། །དེའི་དང་པོ་འདི་ལྟ་སྟེ། །མི་འགུལ་གསུམ་ལ་གཞི་བྱས་པས། །རླུང་སེམས་གནད་ལ་ཕེབ་པ་ཡིན། །ལུས་ནི་བཞུགས་སྟངས་ལས་མི་འགུལ། །མིག་ནི་གཟིགས་སྟངས་ལས་མི་འགུལ། །རིག་པ་དབྱིངས་ལས་འགུལ་མི་བྱ། །ལུས་མ་འགུལ་བས་རྩ་མི་འགུལ། །རྩ་མི་འགུལ་བས་མིག་མི་འགུལ། །མིག་མི་འགུལ་བས་དབྱིངས་མི་འགུལ། །ལུས་མ་འགུལ་བའི་ཡོན་ཏན་ཡིན། །རླུང་མི་འགུལ་བས་སེམས་མི་འགུལ། །སེམས་མི་འགུལ་བས་རྣམ་རྟོག་འགག །རྣམ་རྟོག་འགགས་པས་དབྱིངས་རིག་གསལ། །རླུང་མི་འགུལ་བས་ཡོན་ཏན་ཡིན། །མིག་མ་འགུལ་བས་ལུས་མི་འགུལ། །ལུག་རྒྱུད་མི་འགུལ་ཁྲེགས་ཆོད་རྟོགས། །ཁྲེགས་ཆོད་གནས་ནས་སྣང་བ་མཆེད། །སྒྲོན་བཞི་དབྱེར་མེད་འདྲེས་པའི་རྟགས། །མིག་མ་འགུལ་བའི་ཡོན་ཏན་ཡིན། །སྒྲོན་བཞི་དབྱེར་མེད་འདི་ལྟ་སྟེ། །སྙིང་ནང་འོད་གསལ་རིག་པའི་གདངས། །རྒྱང་ཞག་ཆུ་སྒྲོན་སྒོ་ལས་གསལ། །དབྱིངས་སྒྲོན་ཞིང་ཁམས་རྒྱ་ཆེའི་ནང་། །སྟོང་སྒྲོན་མུ་ཁྱུད་ལྔ་ལྡན་འཆར། །ཤེས་རབ་རང་བྱུང་སྒྲོན་མ་ཉིད། །ཇི་ལྟ་བ་ཉིད་རང་གི་ཤེས། །ཇི་སྙེད་པ་ཞིག་དུས་གཅིག་ཤེས། །གསལ་སྟོང་ཞི་ལྷག་དབྱེར་མེད་པ། །སྣང་བའི་རིག་པ་དབང་མེད་འཕྲོག །རིག་པས་སྣང་བ་དབང་མེད་བཀྲམ། །སྣང་སྲིད་སིལ་བླུག་དེར་རྟོགས་ནས། །འཁོར་བ་ཀ་ནས་འདིར་དག་གོ། །དེ་ལྟར་ཉམས་བླང་སྣོད་གསུམ་འབྱུང་། །ཕྱི་ནང་ཆོས་རྣམས་ཡེ་སྟོང་ཤེས། །ཁྲེགས་ཆོད་ཐོད་རྒལ་དབྱེར་མེད་པས། །ཕྱིའི་སྣང་བ་སྡོད་པའི་ཕྱིར། །རྐྱེན་ངན་གྲོགས་སུ་འཆར་བ་ཡིན། །ནང་གི་ཕུང་པོ་སྡོད་པའི་ཕྱིར། །བཞུགས་སྟངས་དག་ལས་མི་གཡོའོ། །གསང་བའི་རླུང་སེམས་སྡོད་པའི་ཕྱིར། །རྣམ་རྟོག་འཁྲུག་པ་རང་འགགས་སོ། །རྟགས་ནི་སྒོ་གསུམ་དག་ལས་འབྱུང་། །རབ་ནི་ཕུང་པོ་ལྷག་མ་མེད། །འབྲིང་ནི་འཕོ་བ་ཆེན་པོ་ཐོབ། །ཐ་མ་རྫུ་འཕྲུལ་སྣ་ཚོགས་སྟོན། །དེ་ནི་ལུས་ཀྱི་རྟགས་ཚད་དོ། །རབ་ནི་ཆོས་ཀྱི་དབྱིངས་སུ་བསྒྲགས། །འབྲིང་ནི་མངོན་ཤེས་སྣ་ཚོགས་སྨྲ། །ཐ་མ་ལྐུག་པ་ལྟ་བུའི། །དེ་བཞིན་ངག་གི་རྟགས་ཚད་དོ། །རབ་ནི་སྤྲོས་བྲལ་ཆོས་ཀྱི་སྐུ། །འབྲིང་ནི་གསལ་སྟོང་ལོངས་སྤྱོད་རྫོགས །ཐ་མ་ཤར་གྲོལ་ལྷུག་པ་དེས། །དེ་ནི་སེམས་ཀྱི་རྟགས་གསུམ་ཡིན། །ཚད་ནི་རྨི་ལམ་འཛིན་པ་སྟེ། །རབ་ནི་རྨི་ལམ་འོད་གསལ་འདྲེས། །འབྲིང་ནི་རྨི་ལམ་མངོན་ཤེས་འཆར། །ཐ་མ་རྨི་ལམ་རང་གྲོལ་ཙམ། །དེ་ནི་རྨི་ལམ་ཚད་བཟུང་ཡིན། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རྒྱབ་བརྟེན་གྱི་གདམས་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་དགུ་པའོ། །྅྅྅ ཀུན་བཟང་ཡུམ་གྱིས་བཀའ་སྩལ་བ། དེ་ལྟར་ཉམས་སུ་བླང་བའི་ཚེ། །ངང་ངམ་ཤུགས་ལ་མ་འབད་ཀྱང་། །ཐོབ་པ་གསུམ་གྱི་གཟེར་ཐེབས་འགྱུར། །ཕྱིའི་སྣང་བས་དབང་ཐོབ་པས། །སྣང་རྐྱེན་ཞིང་ཁམས་ཉིད་དུ་གྲོལ། །ནང་གི་ལུས་ལ་དབང་ཐོབ་པས། །ཕུང་པོ་འོད་གསལ་ཉིད་དུ་གྲོལ། །གསང་བའི་རླུང་སེམས་དབང་ཐོབ་པས། །ཀུན་རྟོག་ཆོས་དབྱིངས་ངང་དུ་གྲོལ། །མངོན་ཤེས་དཔག་མེད་འཆར་བ་ཡིན། །དེ་ལ་གོམས་པའི་རྣལ་འབྱོར་པས། །དང་པོ་གར་སྐྱེས་དབང་ཐོབ་སྟེ། །རང་ལུས་འོད་སྐུར་གསལ་བའི་ཚེ། །འཕོ་བ་ཆེན་པོའི་སྐུ་འདོད་ན། །རང་གི་ལག་སོར་ཤེས་པ་གཏད། །སྣང་འཛིན་རང་ལོག་འབྱུང་སྒྲ་ལྔ། །སིལ་སྒྲ་ཤང་སྒྲ་དུ་མ་ཐོས། །མི་འམ་སེམས་ཅན་གང་འདོད་དུ། །རིག་པར་བཅུག་སྟེ་སྤྲུལ་པར་ནུས། །འདི་ལྟར་རང་དབང་ཐོབ་དུས་སུ། །རིག་པ་བེམ་པོའི་ནང་དུ་བཅུག །དེ་ཡང་འགུལ་དང་སྐད་འབྱིན་ནུས། །གང་ཟག་མཚམས་མེད་ལྔ་སྤྱད་པས། །སྡིག་སྤྱད་རྣམས་ཀྱི་སྐད་ཐོས་ཀྱང་། །མོས་གུས་སྐྱེས་ནས་སྡིག་པ་བྱང་། །སྡུག་བསྔལ་གྲོལ་ནས་སངས་རྒྱས་ཐོབ། །གང་ཟག་གི་བཤན་པ་མུ་སྟེགས་ལ། །རིག་པ་བཅུག་པས་བདེན་པའི་མཐུས། །བཟང་ངན་མེད་པར་གྲོལ་བ་དང་། །གཞན་དོན་དཔག་མེད་འབྱུང་བར་འགྱུར། །སྐྱེས་ནས་རང་དབང་ཐོབ་པའོ། །གཉིས་པ་འཇུག་པ་དབང་ཐོབ་པས། །རང་རང་ལག་སོར་འཇའ་འོད་ལ། །རིག་པ་བཅུག་གཏད་རང་ལུགས་བཞག །དེ་ཉིད་ཟག་བཅས་མི་སྣང་བར། །ལྷུན་གྲུབ་སྦུབས་སུ་རང་ཐིམ་མོ། །གཞན་ཡང་ཐུབ་དྲུག་ལྟ་བུ་འམ། །ཞི་ཁྲོ་ལ་སོགས་ཞིང་ཁམས་སུ། །གང་ལྟར་དྲན་པ་དེར་འཇུག་གོ། །དེའི་རྫུ་འཕྲུལ་ཐུགས་རྗེ་དང་། །མཐུ་རྩལ་ཐམས་ཅད་དུས་གཅིག་རྫོགས། །སེམས་ཅན་དོན་ཀུན་བྱེད་པའོ། །གསུམ་པ་རླུང་སེམས་ལས་རླུང་རྟགས། །སེམས་ཅན་གང་དག་ཚེ་འཕོས་པས། །དེ་ལ་རིག་པ་ཧྲིག་གེ་བཅུག །མངོན་སངས་རྒྱས་པའི་རྟགས་རྣམས་འབྱུང་། །སྡིག་པོ་ཆེ་དང་མུ་སྟེགས་སོགས། །ཇི་ལྟ་བུ་ཞིག་ཡིན་གྱུར་ཀྱང་། ལས་ལ་བཟང་ངན་མེད་པ་རུ། །རང་དང་དབྱེར་མེད་སངས་རྒྱས་པས། །རྟགས་རྣམས་མངོན་སུམ་གསལ་བའོ། །མངོན་པར་ཤེས་པ་ཐོགས་མེད་འཆར། །རི་བྲག་ཀུན་ལ་ཟང་ཐལ་རྒྱུ། །འབྱུང་བཞི་དུག་མཚོན་གནོད་པ་མེད། ས་ལམ་དུས་གཅིག་རྫོགས་པའི་རྟགས། །དེ་རྣམས་ཐོབ་གསུམ་གཟེར་གསུམ་ཡིན། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཐོབ་གསུམ་གཟེར་གསུམ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་ཐམ་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་མདངས་རྩལ་འཁོར་རྣམས། །དེ་ལྟར་ཉམས་བླངས་མཐར་ཐུག་ཚད། །ཇི་ལྟར་བརྗོད་ཚིག་མང་ན་ཡང་། །མི་འགྱུར་གདིང་ཅན་བཞི་རུ་འགྱུར། །དེ་ཡང་ཡར་གདིང་རྣམ་པ་གཉིས། །མར་གདིང་གཉིས་དང་བཞི་ཡིན་ནོ། །དཀོན་མཆོག་ཡོན་ཏན་ལ་སོགས་པས། །བྲོད་པ་སྐྱེ་རུ་རྡུལ་ཙམ་མེད། །རང་རིག་སངས་རྒྱས་ཐག་ཆོད་པས། །གདེང་ཆེན་དེ་ཉིད་ཆོས་པའོ། །ཡར་གྱི་སངས་རྒྱས་ལ་རེ་བ་མེད། །ཅི་ཕྱིར་རང་སྣང་རང་དག་པས། །སངས་རྒྱས་གཞན་མེད་ཐག་ཆོད་པས། །གདིང་ཆེན་དེ་ཉིད་ལོན་པའོ། །དམྱལ་བ་ལ་སོགས་སྡུག་བསྔལ་ལ། །སྔངས་སྐྲག་འཇིགས་པ་ཀུན་དང་བྲལ། །ཅི་ཕྱིར་རང་སྣང་རང་གྲོལ་དུ། །ཐག་ཆོད་གདིང་ཆེན་ལོན་པའོ། །ངན་སོང་འཁོར་བ་དོང་ཕྱིན་ནས། །ལོག་གི་དོགས་པའི་སྡུག་བསྔལ་མེད། །ཅི་ཕྱིར་ཡེ་ནས་སྐུ་གསུམ་དང་། །ཐག་ཆོད་གདིང་ཆེན་ལོན་པའོ། །བདེ་ཆེན་འདི་ལོན་སྐྱེས་བུ་དེས། །མ་རྙེད་པ་ཡི་ནོར་བུ་རྙེད། །རྒྱ་མཚོ་ཆེན་པོ་ཧུབ་གྱིས་བཏབ། །སྲིད་བའི་རི་བོ་སྤང་བ་སྟེ། །ཀུན་བཟང་བྷ་ག་རྒྱ་ཡིས་ཐེབ། །མངའ་ཁ་སྟོང་པར་བཞག་པ་ཡིན། །དེ་ལྟར་ང་ཡིས་བཤད་པ་ལྟར། །འཆུག་མེད་ཉམས་སུ་བླངས་བས་ན། །ཉིན་ཞག་ཆུ་ཚོད་དྲུག་ཅུ་ཐོབ། །རླུང་ནི་ཉི་ཁྲི་གཅིག་སྟོང་དང་། །དྲུག་བརྒྱའ་དང་ནི་ཞག་གཅིག་རྒྱུ། །དེ་ནས་བུམ་ཆེན་བདུན་བདུན་བྷཻཾ། །བརྩོན་འགྲུས་རབ་ཀྱིས་ལོ་གསུམ་ལ། །ལྷག་མེད་རྡོ་རྗེ་འོད་སྐུ་ཐོབ། །འབྲིང་ལྔ་ཐ་མ་བདུན་གཉིས་ལ། །ལོངས་སྤྱོད་རྫོགས་སྐུར་གྲོལ་བར་ངེས། །ནམ་མཁའི་ཁྱབ་ཚད་སེམས་ཅན་འདྲེན། །སྤྲུལ་སྐུར་སྟོན་པ་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། མཐར་ཐུག་གདིང བཞིའི་གྲོལ་ཚུལ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གཅིག་པའོ། །྅྅྅ ཀུན་བཟང་ཡུམ་གྱིས་བཀའ་སྩལ་པ། ཉོན་ཅིག་རིག་པའི་རྩལ་འཁོར་ལྔ། །དེ་ལྟར་གདིང་ལོན་རྣལ་འབྱོར་པས། །ཡང་དག་རྫོགས་པའི་སངས་རྒྱས་དང་། །མངོན་པར་རྫོགས་པའི་སངས་རྒྱས་གཉིས། །ངེས་པར་གཅིག་ཐོབ་ཐེ་ཚོམ་མེད། །དེ་ལ་དང་པོ་ཡང་དག་པའི། །སངས་རྒྱས་ཐོབ་ཚུལ་འདི་ལྟ་སྟེ། །ཕུང་པོ་ལྷག་མ་མེད་པ་རུ། །ཐོག་མའི་ཀུན་བཟང་ངང་ཉིད་དུ། །ངོ་བོ་སྟོང་པ་སྐུ་རུ་རྒྱས། །རང་བཞིན་གསལ་བ་འོད་དུ་རྒྱས། །ཐུགས་རྗེ་ཀུན་ཁྱབ་ཟེར་དུ་རྒྱས། །ཡེ་ཤེས་སྤྱན་གྱིས་འཁོར་འདས་གསལ། །དབྱིངས་སུ་ཡེ་ཤེས་འཁྱིལ་པ་སྟེ། །ནང་གསལ་སྐུ་དང་ཡེ་ཤེས་ལས། །འདུ་འབྲལ་མེད་པར་རྟག་པ་དང་། །བསྟན་པ་མི་འགྱུར་གཡུང་དྲུང་དང་། །མི་ཤིག་རྡོ་རྗེ་སྲ་བརྟན་དང་། །འཕོ་འགྱུར་མེད་པར་བཞུགས་པའོ། །སེམས་ཅན་ངོ་ལ་སྤྲུལ་པ་ཤར། །འབད་རྩོལ་མེད་དེ་རང་རྡོལ་ཡིན། །རོ་སྙོམས་འདྲེས་པའི་དཔེའ་བཞག་ན། །བུམ་ཆག་ནམ་མཁའ་འདྲེས་པ་འདྲ། །རང་གསལ་ཉི་མའི་དཀྱིལ་འཁོར་རྒྱས། །ཉིན་མཚན་གསལ་འགྲིབ་མེད་པར་མཚོན། །ཡེ་ཤེས་དབྱིངས་སུ་ཞི་བའི་དཔེའ། །བཅོ་ལྔའི་ཟླ་བ་ཉ་གང་ལྟར། །ལོངས་སྐུའི་ཞིང་ལ་ཕྱིར་ལ་གསལ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །གནམ་གང་ཟླ་བ་ཇི་ལྟ་བུར། །ཆོས་སྐུའི་དབྱིངས་སུ་རོ་གཅིག་གོ། །སྤྲུལ་སྐུ་ཆུའི་ཟླ་བ་ལྟར། །ཟླ་བ་མཁའ་ལས་མ་གཡོས་ཀྱང་། །ཆུ་སྣོད་སོ་སོར་སྣང་དང་མཚུངས། །སྐུ་གསུམ་དབྱིངས་ལས་མ་གཡོས་ཀྱང་། །སྤྲུལ་སྐུའི་ཞིང་དུ་རིགས་ལྔ་འམ། །རིགས་དྲུག་གནས་སུ་ཐུབ་དྲུག་སོགས། །སེམས་ཅན་སོ་སོའི་ངོ་ཁར་སྣང་། །འདི་ཉིད་ངོ་བོ་རང་བཞིན་དང་། །ཐུགས་རྗེ་མཛད་པ་དཔེ་རུ་བསྟན། །གདོད་མའི་ཡེ་ཤེས་གསུམ་ལྡན་དུས། །འཁོར་འདས་གཉིས་སུ་མ་ཆད་པས། །ལུང་མ་བསྟན་དུ་མེད་པ་ཡིན། །སེམས་ཅན་དུས་སུ་འཁྲུལ་གྱུར་པ། །ཁམས་དང་དྲི་མར་བཅས་པ་དག །སླར་ལ་རང་ངོ་རང་གི་ཤེས། །དག་པ་གཉིས་ལྡན་སངས་རྒྱས་ཏེ། །དྲི་མེད་ཕྱིར་མི་ལྡོག་པའི། །འབྲས་བུ་སྐུ་གསུམ་ཞེས་སུ་བརྗོད། །དག་པ་གཉིས་ལྡན་ཞེས་པ་ནི། །གཞི་ནི་ཀ་དག་ཆེན་པོ་ལ། །ལམ་ནི་ཁམས་དང་དྲི་བཅས་དག །ཡང་ན་ཉོན་མོངས་དྲི་མ་དང་། །ཤེས་བྱའི་དྲི་མ་དག་པའོ། །གཞི་དང་འབྲས་བུའི་ཁྱད་པར་ནི། །ས་ལེ་སྦྲམ་ཞིག་གཡའ་སྦྱངས་སམ། །ཏིལ་འབྲུ་མར་ཁུར་བཙིར་དང་མཚུངས། །ཀུན་གཞི་ཉོན་ཡིད་བཅས་པ་སངས། །ཡེ་ཤེས་ལྔ་དང་སྐུ་ལྔ་རྒྱས། །འཁོར་བ་སྤངས་ནས་རང་རིག་རྟོགས། །སྤང་རྟོགས་མཐར་ཕྱིན་སངས་རྒྱས་སོ། །དེ་ཚེ་ནང་དབྱིངས་ཡེ་ཤེས་གནས། །སྟོན་པ་རིག་སྟོང་ཀུན་བཟང་དང་། །འཁོར་ནི་ཡེ་ཤེས་རྒྱ་མཚོ་ལས། །དུས་ནི་འཕོ་འགྱུར་མེད་པའི་ཚེ། །ཆོས་ནི་འོད་གསལ་རྫོགས་པ་ཆེ། །རང་ཆས་རྒྱུན་ཆད་མེད་པར་སྟོན། །སངས་རྒྱས་འོད་མི་འགྱུར་ཞེས་བྱ། །ངོ་བོ་ཀ་དག་རྩལ་རྫོགས་པས། །ཆོས་སྐུ་དག་པའི་ཡེ་ཤེས་ཐོབ། །རང་བཞིན་ལྷུན་གྲུབ་རྩལ་རྫོགས་པས། །ལོངས་སྐུ་རང་གསལ་ཡེ་ཤེས་ཐོབ། །ཐུགས་རྗེ་རིག་པའི་རྩལ་རྫོགས་པས། །སྤྲུལ་སྐུ་མ་འགགས་ཡེ་ཤེས་ཐོབ། །རང་སྣང་དག་པའི་ཞིང་ཁམས་ལྔར། །སྟོན་པ་རིགས་ལྔའི་ཆ་ལུགས་ལས། །ཞི་ཁྲོའི་ཚོམ་བུ་དཀྱིལ་འཁོར་རྒྱས། །དུས་ནི་འོད་གསལ་ཡངས་པའི་ཚེ། །ཆོས་ནི་ལྷུན་གྲུབ་བདེ་ཆེན་ཚིག །མི་གཡོས་རྒྱུན་ཆད་མེད་པར་གསུང་། །མེ་ལོང་མཉམ་ཉིད་སོ་སོར་རྟོགས། །བྱ་བ་གྲུབ་པ་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ཡི་རྣམ་པ་ཡིས། །མཚན་དང་དཔེ་བྱད་དཔལ་འབར་བ། །ལྟ་བ་མི་སྐྱོའི་ཚུལ་དུ་བཞུགས། །དེའི་ངང་ལས་མ་གཡོས་པར། །འགྲོ་བ་རིགས་དྲུག་ཞིང་ཁམས་སུ། །མཆོག་སྤྲུལ་ཐུབ་དྲུག་ལ་སོགས་པ། །འདས་དང་མ་འོངས་དུས་གསུམ་དུ། །མ་ངེས་སེམས་ཅན་སྣ་ཚོགས་ལས། །ཆོས་ནི་ཐེག་པ་སྣ་ཚོགས་ལས། །དབྱངས་ཀྱི་ཡན་ལག་དྲུག་ཅུ་སྟོན། །སྟོན་པ་དེད་དཔོན་རྐང་གཉིས་གཙོ། །འགྲོ་འདུལ་ཚད་མེད་ཅེས་བྱའོ། །ཡེ་ཤེས་ལྔ་ཡང་གཉིས་སུ་འདུས། །ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱིས། །ཆོས་ཉིད་རོ་སྙོམས་རྫོགས་ཆེན་རྟོགས། །ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། །ཆོས་ཅན་སྣ་ཚོགས་མ་འདྲེས་རྟོགས། །གཉིས་མེད་ལྷུན་མཉམ་ཆེན་པོ་ཡིས། །འགྲོ་བའི་ཁམས་དང་མོས་བ་ལས། །ཇི་ལྟར་འཚམས་པར་དོན་བྱེད་དོ། །དེ་ལྟར་དབྱིངས་ཆེན་ཆོས་སྐུ་ལས། །སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད། །དེ་རྣམས་མིང་ཚིག་མ་ཕྱེ་ཡང་། །སོ་སོ་མ་ཡིན་ཐ་མི་དད། །རྒྱལ་བ་གཅིག་གི་དགོངས་པ་ཉིད། །སྟོང་གསུམ་ཡུང་འབྲུར་འུབ་ཀྱིས་ཚུད། །ཉུང་འབྲུས་སྟོང་གསུམ་ཁྲིག་གེ་གང་། །ཉུང་འབྲུ་ཆེ་རུ་སོང་བ་མེད། །སྟོང་གསུམ་ཆུང་དུ་སོང་བ་མེད། །རང་ཤར་འདུ་འབྲལ་མེད་པ་ནི། །དཔེར་ན་ཉི་མའི་སྙིང་པོ་དང་། །འོད་དང་དྲོད་དང་ཤེས་རབ་ཀྱིས། །འདི་ནི་ཡང་དག་སངས་རྒྱས་ཏེ། །རྒྱ་རུ་མེད་པས་སངས་རྒྱས་ཐོབ། །འདའ་རུ་མེད་པས་མྱ་ངན་འདས། །ཡང་དག་སངས་རྒྱས་ཡང་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །འཁྲུལ་ཆགས་ལུས་ཀྱང་འོད་དུ་ཡལ། །འདི་ནི་འབྲས་བུ་ཐོབ་ཚུལ་ལོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ནས། སྐུ་གཉིས་སམ་གསུམ་གྱིས་འཁོར་བ་དོང་ནས་སྤྲུགས་ཚུལ་གྱི་ལེའུ་སྟེ་བརྒྱ་དང་བཅུ་གཉིས་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རིག་རྩལ་མཁའ་འགྲོ་རྣམས། །ངེས་པར་བཤད་ཀྱིས་བློ་ལ་ཟུངས། །སྣང་བཞི་ཉམས་བླང་རྣལ་འབྱོར་ལ། །དཔེར་ན་སངས་རྒྱས་སྟོང་རྩ་འམ། །ཁྱད་པར་ཤཱཀྱ་ཐུབ་པ་ལྟར། །མཛད་པ་སྣ་ཚོགས་ཚུལ་བསྟན་ནས། །ཐ་མ་མངོན་པར་སངས་རྒྱས་ཏེ། །འཇའ་དང་འོད་དང་སྒྲ་དང་གདུང་། །སྐུ་དང་ཡི་གེ་ས་གཡོས་དང་། །ནམ་མཁའ་སྤྲིན་མེད་དག་ལ་སོགས། །ཕྱི་རབས་སྤྲོ་བ་སྐྱེ་བ་དང་། །སོ་སོ་སྐྱེ་བོ་ཐ་མལ་དང་། མུ་སྟེགས་སྟོན་གོལ་མུ་རྟུག་རྣམས། །མངོན་དུ་རྫོགས་པར་སངས་རྒྱས་རྟགས། །ཐབས་ཀྱིས་འདྲེན་ཕྱིར་འབྱུང་བ་ཡིན། །དེ་ཡང་འདོད་པས་འགྲུབ་པ་མིན། །རིག་སྣང་ཆོས་ཉིད་བདེན་པའི་མཐུས། །རོལ་པ་ཙམ་དུ་ཤར་བ་ཡིན། །རྟགས་ཤར་བཟང་དུ་སོང་བ་མེད། །མ་ཤར་ངན་དུ་སོང་བ་མེད། །འོན་ཀྱང་མི་བསླུ་ཚད་དུ་འཇོག །གང་དག་མྱ་ངན་འདས་པ་ན། །ནམ་མཁའ་དངས་ཞིང་སྤྲིན་སེར་མེད། །ཆོས་སྐུ་ཐོབ་པའི་རྟགས་ཚད་ཡིན། །རུས་པ་དག་ལ་འཆར་བ་ནི། །ཞི་བའི་སྐུ་འབྱུང་ཞག་ལྔ་ནི། །དབྱིངས་སུ་གྲོལ་བ་ཐེ་ཚོམ་མེད། །ཁྲོ་བོའི་སྐུ་ཉིད་ཤར་བ་ན། །ཁྲོ་བོ་བར་དོར་ཤར་མ་ཐག །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། །ཡི་གེ་ཤར་ནས་པད་མའི། །སྣང་ཐག་ཤར་མ་ཐག་ཏུ་གྲོལ། །ཤ་རི་རམ་ནི་དཀར་ལ་དངས། །སྲན་མའི་འབྲུ་ཙམ་རུས་ལ་འབྱུང་། །རྡོ་རྗེ་རིགས་ཀྱི་འབྲས་བུ་ཐོབ། །བ་རི་རམ་ནི་སྔོ་ལ་ནག །སྲན་ཆུང་ཙམ་པ་དྲོད་ལ་འབྱུང་། །བདེར་གཤེགས་རིགས་ཀྱི་འབྲས་བུ་ཐོབ། །ཆུ་རི་རམ་ནི་ཁ་དོག་སེར། །ཉུང་འབྲུ་ཙམ་པ་ཁྲག་ལས་འབྱུང་། །རིན་ཆེན་རིགས་ཀྱི་འབྲས་བུ་ཐོབ། །གསེར་རི་རམ་ནི་དམར་ལ་དངས། །ཉུང་འབྲུ་ཙམ་པ་མཁའ་ལས་འབྱུང་། །པདྨ་རིགས་ཀྱི་འབྲས་བུ་ཐོབ། །ཉ་རི་རམ་པཉྩ་སྔོ་ལྗང་སྟེ། །ཉུང་འབྲུ་ཙམ་པ་ལྔའི་དངས། །གློ་བའི་སྟེང་ནས་འབྱུང་བར་འགྱུར། །ཀརྨ་རིགས་ཀྱི་འབྲས་བུ་ཐོབ། །རིང་བསྲེལ་ལྔ་པོ་གང་བྱུང་ཡང་། །ངེས་པར་སངས་རྒྱས་ཐོབ་པའི་རྟགས། །འབྱུང་བཞིའི་གནོད་པས་ཤིག་མི་འགྱུར། །གཞན་ཡང་པཉྩ་རམ་ཅེས་པས། །འཕྲ་མོ་ངེས་པ་དུ་མ་འབྱུང་། །འདི་ཡང་སྤྲུལ་སྐུ་ངེས་པར་ཐོབ། །འོད་ནི་མུ་ཁྱུད་ཅན་བྱུང་ན། །ཕྱི་དབུགས་ཆད་ཁར་གྲོལ་བར་ངེས། །གལ་ཏེ་གྱེན་ལ་འགྲེང་བ་ན། །འོད་གསལ་ཤར་མ་ཐག་ཏུ་གྲོལ། །འོད་ལྔ་རྩིབ་ཤར་འཇའ་དཀར་འཁྱུགས། །ཆོས་ཉིད་བར་དོར་གྲོལ་ངོ་ཤེས། །འཇའ་སྤྲིན་འོད་དཔུང་མདུང་རྩེ་འདྲ། །ལམ་བྱང་བཞི་པོ་ཤར་མ་ཐག །སྤྲུལ་པ་ཕྱོགས་བཅུར་ཐུབ་དྲུག་སོགས། །མཆོག་གིས་འོད་ཟེར་འགྱེད་པར་བྱེད། །ཤར་དུ་སྒྲ་ནི་འུར་གྲགས་ན། །རྡོ་རྗེའི་རིགས་སུ་སངས་རྒྱས་པའོ། །ལྷོ་རུ་ཐུག་བྱུང་རིན་ཆེན་རིགས། །ནུབ་ཏུ་ལྡིར་བྱུང་པདྨའི་རིགས། །བྱང་དུ་སིལ་སྒྲ་ལས་ཀྱི་རིགས། །ཀུན་ཏུ་འབར་སྒྲ་རྒྱུན་རིང་ན། །བདེར་གཤེགས་རིགས་སུ་སངས་རྒྱས་པའོ། །ཐུག་ཐུག་གྲགས་ན་ཁྲོ་བོ་ལ། །འཇམ་ཤིང་རྒྱུན་རིང་ཞི་བ་ཐོབ། །སྒྲའི་ལོངས་སྐུ་ཐོབ་པ་ཡིན། །སྐྱེ་ཡོད་འཆི་མེད་རྡོ་རྗེའི་སྐུ། །སྤྲུལ་པའི་ཤུགས་ལས་འགྱེད་པའོ། །ས་གཡོས་པའི་དུས་ཚོད་ནི། །དབུགས་དང་མི་འབྲལ་གོང་ཉིད་དུ། །ལོ་དང་ཟླ་བ་ཞག་ལས་འབྱུང་། །འཁོར་དང་སྤྲུལ་པའི་དེད་དཔོན་ཐོབ། །དབུགས་བྲལ་བྱུང་ཚེ་ཉན་ཐོས་ཐོབ། །གསུམ་ཚུད་རང་སངས་རྒྱས་པ་སྟེ། །བདུན་ན་བྱང་ཆུབ་སེམས་དཔའ་ཐོབ། །གསུམ་དུ་བསྟུན་པ་འོད་དང་བཅས། །རིན་ཆེན་བླ་མའི་ས་ནོན་ནོ། །ནམ་མཁའ་དངས་ལ་རླུང་སེར་མེད། །སྤྲིན་ནི་དར་དཀར་ལྟ་བུ་བརྐྱངས། །སྐབས་སུ་གདུགས་ཤམ་པ་ཏྲ་འདྲ། །ཤིན་ཏུ་བཀྲ་ཞིང་གསལ་བ་ལ། །ཉི་ཟླ་འོད་ཁྱིམ་དག་དང་བཅས། །དེ་ཉིད་གང་ལ་བྱུང་བ་དེ། །དེ་ནས་བར་དོ་མེད་པ་རུ། །ཞག་བདུན་སོང་བའི་ཐོ་རངས་ཁར། །རིགས་ལྡན་ཕ་མའི་མངལ་དུ་ཞུགས། །ཆོས་འདི་སྤྱོད་ཅིང་གཞན་དོན་བྱེད། །དེ་བས་རང་སངས་རྒྱས་པའི་རྟགས། །གཞན་ཡང་མེ་འོད་གསལ་བ་དང་། །དུད་པ་གནམ་ལ་འབྲེལ་པ་དང་། །ཕུང་པོ་མཉེན་ཤིང་མདངས་མ་ཤོར། །ཟིལ་པ་དང་བཅས་སྤྱི་གཙུག་འབུར། །ངེས་པར་ལོངས་སྐུ་ཐོབ་པའི་རྟགས། །འདི་ནི་མངོན་པར་སངས་རྒྱས་ཀྱི། །རྟགས་རྣམས་ངེས་བར་བསྟན་པ་ཡིན། །མཁའ་འགྲོ་རྣམས་ཀྱིས་བཀའ་འདི་བཀྲོལ། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུ་ལས། མངོན་པར་སངས་རྒྱས་པའི་རྟགས་ཚད་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གསུམ་པའོ། །྅྅྅ དེའི་ཚེ། དེའི་དུས། འཁོར་ཐམས་ཅད་ཀྱི་གཙོ་མོ། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དང་། རིན་ཆེན་དང་། པདྨ་དང་། ཀརྨ་དང་། ཆོས་དང་། དམ་ཚིག་ལ་སོགས་པའི་འཁོར་ཐམས་ཅད་ཡི་རངས་སྟེ། སྟོན་པ་ཀུན་ཏུ་བཟང་མོ་ལ་མངོན་པར་བསྟོད་དོ། །མངོན་སུམ་དུ་སྙིང་ཐིག་མཁའ་འགྲོ་མ་ཀུན་གྱི་སྙིང་ཁྲག །ཐེག་པ་ཀུན་གྱི་སྙིང་ཁྲག་རྫོགས་སོཧ྅྅྅།། །།ས་མ་ཡ། རྒྱ་རྒྱ་རྒྱ། ནམ་ཞིག་སྐལ་ལྡན་བུ་དང་འཕྲད་པར་ཤོག །ས་མ་ཡ་ཐ། སོ་ཕག་ཤི་ཁ་ཐམ། སྔགས་སྲུང་གཟའ་དང་རྡོ་རྗེ་ལེགས་པ། ཤན་པ་ནག་པོས་བཀའི་བྱ་ར་གྱིས་ཤིག །྅྅྅

མཁའ་འགྲོ་མའི་གསང་ཐིག་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ཆེན་མོ་ལས་བར་དོ་གསང་སྐོར་བླ་ན་མེད་པའི་སྐོར།

མཁའ་འགྲོ་མའི་གསང་ཐིག་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ཆེན་མོ་ལས་བར་དོ་གསང་སྐོར་བླ་ན་མེད་པའི་སྐོར་བཞུགས་སོ། །྅྅྅ རྒྱ་གར་སྐད་དུ། ྅྅྅ བོད་སྐད་དུ། མཁའ་འགྲོ་ཀུན་གྱི་སྙིང་ཐིག་ཀློང་གསལ། སངས་རྒྱས་ལག་འཆང་གི་རྒྱུད་ཉི་མ་འོད་ཟེར་འབར་བ་ཞེས་བྱ་བ། ཁྲོས་མ་ནག་མོ་གཞིའི་རང་སྣང་གྲོལ་བ་ལ་ཕྱག་འཚལ་ལོ། །དེའི་ཚེ་འདི་དུས་ན། དུས་མ་འགྱུར་བར་སྣང་བ་འགྱུར་བ་སྟེ། དུར་ཁྲོད་མེ་རི་འབར་བའི་ཞིང་ཁམས། །གཞལ་ཡས་ཁང་ཡང་། ཐོད་པའི་ཁང་པ་གྲུ་བཞི་པ། ཐོད་སྐམ་གྱི་འབྲམ་གཞི། རྙིད་པའི་གྲ་ཚག །ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དང་འཕང་དཔག་ཏུ་མེད་པ། གནམ་ལྕགས་ཀྱི་གཟེར་གདབ་པ། རཀྟའི་ཞམ་ཆུ་འབྱུང་བ། ཉི་ཟླའི་ཀ་གདན་འོད་དང་བཅས་པ་ལ། ཆུ་སྲིན་གྱི་ཀ་ཞུ། ལྷ་བརྒྱད་ཀྱི་གདུང་མ། གཟའ་བརྒྱད་ཀྱི་ཀ་བ། རྒྱུ་སྐར་གྱི་དྲལ་ཕྱམ། མཆོག་ཆེན་གྱི་དྲལ་ཕྱམ། ཞིང་ཆེན་གྱི་ཐོག་ཕུབ་བྱས་པ། ཉིན་བཞིན་རླུང་འཚུབས་པ། མཚན་བཞིན་མེ་འབར་བ། དེ་ཡིས་ཟུར་བཞི་ན། ཞིང་ཆེན་གྱི་གདུགས་དང་རྒྱལ་མཚན། ཐོད་པའི་ཏོག །ལྷ་མོས་གར་བསྒྱུར་ཞིང་། ས་གཞི་ཐམས་ཅད་རཀྟའི་མཚོ། ཞིང་ཆེན་ཞིང་ཆུང་གསར་རྙིང་གི་བླ་རེ་ཕུབ་པ། དེའི་དབུས་སུ་རྒྱན་མི་འགོ་སྐམ་རློན་རྩིག་པའི་ཁྲི། བམ་ཆེན་ཕོ་མོ་བསྣོལ་བའི་གདན་སྟེང་ན། ཀུན་ཏུ་བཟང་མོ་ཉིད་ཐུགས་ཞི་བ་ལས་མ་གཡོས་ཀྱང་། སྐུ་ཁྲོ་མོའི་ཆ་ལུགས་སུ། ཁྲོས་མ་ནག་མོ་སྲོག་དབུགས་ཀུན་གྱི་བདག་མོར་སྐུར་བཞེངས་ཏེ། དབུ་དགུ་ཕྱག་བཅོ་བརྒྱད་མ། འཇིགས་ཤིང་སྐྱི་གཡའ་བར་བསྟན་ནས། འཁོར་ཡང་རྡོ་རྗེ་སྲོག་ལེན་མ་དང་། རིན་ཆེན་མདངས་འཕྲོག་མ་དང་། པདྨ་བཅུད་སྡུད་མ་དང་། ཀརྨ་དབུགས་གཅོད་མ་དང་། ཨེ་ཀ་ཙ་ཏི་སྤུན་དྲུག་དང་། བྲན་མོ་བཅུ་བཞི་དང་། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་། ཀོའུ་སིང་བཅུ་དྲུག་པ་དང་། ཤུགས་འགྲོ་ཉི་ཤུ་རྩ་བརྒྱད་དང་། ཡང་གཡོག་འབུམ་ཁྲི་འབུམ་སྟོང་དང་། ཁྲོ་མོ་དང་། ཡང་ཁྲོ་མོ་ལ་སོགས། འབུམ་ཁྲི་འབུམ་སྟོང་མང་པོས་བསྐོར་ནས། ཉི་མ་འབུམ་ཤར་བའི་འོད་ཟེར་ཙམ་དུ་ལྷག་ཅིང་། འོད་ཟེར་དཔག་ཏུ་མེད་པ་དང་བཅས་པ། ཆོས་ཉིད་ཀྱི་སྒྲ་འབྲུག་སྟོང་དུསགཅིག་ལ་གྲགས་པ་ལྟ་བུ། ཧཱུྃ་ཧཱུྃ་དང་། ཕཊ་ཕཊ་དང་། སོད་སོད་དང་། རྒྱོབ་རྒྱོབ་ཀྱི་སྒྲས་སྣང་སྲིད་ཐམས་ཅད་དུས་གཅིག་ལ་གཡོའོ། །འགུལ་ལོ། །ལྡེག་གོ། །ཡོམ་ཡོམ། །ཤིག་ཤིག །འུར་འུར། ཆེམ་ཆེམ། དེའི་ཚེ་དེའི་དུས་སུ། འཁོར་རྣམས་ཀྱི་ནང་ནས། ཁྲོ་གཉེར་མ་ཨེ་ཀ་ཙ་ཏི་སྟན་ལས་ལངས་ཏེ། འདི་སྐད་ཅེས་ཞུས་སོ། །ཨེ་མ་ཧོ། སྟོན་པ་ཆེན་མོ་ཁྲོས་མ་ནག་མོ་ཏིང་ངེ་འཛིན་ལས་བཞེངས་པ་དང་། སྟོན་པ་ཀུན་ཏུ་བཟང་མོ་ཞི་བའི་ཆ་ལུགས་ཀྱིས། མངོན་སུམ་སྙིང་ཐིག་ཚེ་གཅིག་གི་རྡོ་རྗེའི་སྐུར་གྲོལ་བའི་གདམས་པ། གཞི་སྣང་རང་གྲོལ་འོད་གསལ་རྡོ་རྗེ་སྙིང་པོའི་གདམས་པ་བསྟན་ཟིན་གྱིས། འོན་ཀྱང་སྟོན་པའི་ཞལ་ནས། བཏགས་པའི་སངས་རྒྱ་བའི་བཏགས་གྲོལ་དང་། དྲན་པས་སངས་རྒྱ་བའི་འཕོ་བ་དང་། ཐོས་པས་སངས་རྒྱས་པའི་བར་དོ་ཞེས་པ་ཡོད་གསུངས་ཀྱང་། བདག་ཅག་རྣམས་ཀྱི་རྣ་བའི་དབང་པོར་མ་མནོས་པས། སྟོན་པ་ཉིད་ཀྱིས་གནང་བའི་སྐབས་དབྱེར་བར་གསོལ། ཞེས་ཞུས་པས། སྟོན་པ་ཉིད་ཞལ་འཛུམ་པའི་མདངས་བསྟན་ནས། བཞད་པའི་མཆེ་བ་གཙིགས་ནས། འདི་སྐད་ཅེས་གསུངས་སོ། །ཀྱེ་ཧོ་ཁྲོ་གཉེར་མས་གཙོར་བྱས་པའི་འཁོར་རྣམས་ཐམས་ཅད་ཉོན་ཅིག །འདིར་གང་ཟག་རྩོལ་བ་དང་སྙིང་རུས་ཞན་པའམ། ལེ་ལོ་དང་གཡེང་བས་ཁྱེར་བ། གདམས་པ་ལ་མོས་ཀྱང་ཚེ་ལ་བར་ཆད་པའི་རིགས་ལ། གསང་བ་བར་དོའི་སྐོར་བླ་ན་མེད་པ་གནད་ཀྱི་གདམས་པ་གོལ་ས་མེད་པ། འཁྱར་དུ་འཁྱར་ས་མེད་པ། འཁྲུལ་བས་འཁྲུལ་ས་མེད་པར་བསྟན་གྱིས། ཡིད་ཆེས་པ་དང་། དང་བ་དང་། སྤྲོ་བ་དང་བཅས་པའི་མ་འཁྲུལ་བར་ཡིད་ལ་ཟུངས་ཤིག །དེ་ཡང་བར་དོ་ཞེས་པ་ནི། ཆོས་སྤྱིའི་སྐད་ཡིན་ཏེ། འདིར་ཆོས་ཐམས་ཅད་མ་འདུས་པ་མེད་དོ། །དེ་ཡང་ཐོག་མར་དབྱེ་བ་བསྟན་པ་ལ་བཞི་སྟེ། དང་པོ་མའི་མངལ་ནས་སྐྱེས་ནས། འཆི་ནད་ཀྱིས་མ་བཏབ་བར་ཚུན་ཆད་དེ། རང་བཞིན་སྐྱེ་གནས་གྱི་བར་དོ་ཞེས་ཟེར་ཏེ། དེའི་དུས་སུ་ཐོས་བསམ་བྷཻཾ་གསུམ་གྱིས་ཤེས་བྱའི་གྲོས་ཐག་བཅད་དེ། སྐྱ་བཀྲ་ཚང་དུ་འཇུག་པ་ལྟ་བུ་ཐེ་ཚོམ་དང་བྲལ་བར་བྱའོ། །འཆི་ནད་ཀྱིས་བཏབ་ནས་ནང་དུ་དབུགས་ཁྲོག་གི་ཆད་པ་ཡན་ཆད་ཏེ། འཆི་ཁ་སྡུག་བསྔལ་གྱི་བར་དོ་ཡིན་ཏེ། དེའི་དུས་སུ་རང་གི་གདམས་ངག་གསལ་གདབ་ལ། སྒེགས་མོ་མེ་ལོང་ཕྱིས་ནས་ལྟ་བ་ལྟ་བུས་རང་ངོ་ཤེས་པར་བྱའོ། །ནང་དུ་དབུགས་ཆད་ནས་ཐིམ་ལུགས་བརྒྱད་མ་བྱུང་གི་བར་ཚུན་ཆད་དེ། །ཆོས་ཉིད་ཞི་ཁྲོའི་བར་དོ་ཡིན་ཏེ། མ་དང་བུ་འཕྲད་བའི་གདམས་ངག་གིས། རང་སྣང་ངོ་ཤེས་བར་བྱའོ། །ཐིམ་ལུགས་བརྒྱད་ཤར་ནས་མངལ་གྱི་ནང་དུ་ཚུད་པ་ཚུན་ཆད། །སྲིད་པར་འཁྱམས་བའི་བར་དོ་ཞེས་བྱ་སྟེ། དེའི་དུས་སུ་ལས་བཟང་པོ་ལ་འཕྲོ་མཐུད་པས། ཡུར་བ་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་པས། རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་སྐྱེ་བར་བྱས་པ་དང་བཞི་ཡིན་ནོ། །དོན་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་བཀའ་སྩལ་ཏོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། བར་དོ་གསང་སྐོར་དུ་ཕྱེས་ནས། བར་དོའི་ས་མཚམས་དང་། གདམས་པ་རྐང་གྲངས་བཤད་པའི་ལེའུ་སྟེ་བརྒྱ་དང་བཅུ་བཞི་པའོ། །྅྅྅ ཡང་ཅིག་སྟོན་པས་བཀའ་སྩལ་པ། ཀྱཻ་ཨེ་ཀ་ཙ་ཏི་ཉོན་ཅིག །རང་བཞིན་སྐྱེ་གནས་ཀྱི་བར་དོར་ཐོས་བསམ་བྷཻཾ་གསུམ་གྱི་དྲས་ཐག་བཅད་པ་ལ་ཡང་རྣམ་པ་བཅུའི་བཅད་དེ། གཞི་ཡི་གནས་ལུགས་ཆོས་སྐུ་དྲི་མེད་དེ་རྟོགས་དགོས་ཏེ། །མ་རྟོགས་ན་གདམས་པ་འདི་ཐེག་པ་འོག་མ་ལྟར་གོལ་དུ་འགྲོ། །ལྟ་བ་ཐུན་མོང་མ་ཡིན་པ་དེ་མི་རྟོགས་པའི་སྐྱོན་ཡོད་དོ། །གཞི་དེ་རྟོགས་པ་ཙམ་མ་ཡིན་ལ། བྷཻཾ་བསྒྲུབ་ལས་འདས་པར་མ་རྟོགས་ན། གདམས་པ་འདི་གང་ཟག་གིས་བྱས་པའི་བསྟན་བཅོས་ལ་འགྲོ། སངས་རྒྱས་ཀྱི་རྒྱུ་མེད་པ་ལས། རྐྱེན་གྱིས་བཅོས་པ་ལྟ་བུར་གྱུར་པའི་སྐྱོན་ཡོད། གཞི་སྣང་དེ་མ་རིག་པས་སེམས་ཅན་གྱིས་འཁྲུལ་ལུགས་མ་བསྟན་ན། གདམས་པ་འདི་མུ་སྟེགས་ཕྱིན་ཅི་ལོག་དང་འདྲ་སྟེ། མ་རིག་པ་འཁྲུལ་པ་རྩད་ནས་མི་ཆོད་པའི་སྐྱོན་ཡོད། འཁྲུལ་ཡང་སེམས་ལ་ཆོས་སྐུ་རང་ཆས་སུ་ཡོད་པར་མ་བསྟན་ན། རིག་པ་རྐྱེན་གྱི་སྒོ་མེད་ཉན་ཐོས་བྱིས་པའི་ཆོས་སུ་གོལ་ཏེ། ཆོས་སྐུ་རང་བྱུང་དེ་ངོ་མི་ཤེས་པར་སངས་རྒྱས་གཞན་ནས་ཚོལ་བའི་སྐྱོན་ཡོད། རང་བྱུང་དུ་ཡོད་པའི་ཆོས་སྐུ་དེ་དཔེ་དོན་རྟགས་གསུམ་གྱིས་ངོ་མ་སྤྲད་ན། གདམས་པ་འདི་བྱང་ཆུབ་སེམས་དཔའ་དང་འདྲ་སྟེ། ཉོན་མོངས་པའི་སྒྲིབ་པ་དག་ཀྱང་ཤེས་བྱའི་སྒྲིབ་པ་མི་དག་པའི་སྐྱོན་ཡོད། ཆོས་ཉིད་སྣང་བ་ཤར་མ་ཐག་ངོ་ཤེས་པས་ཆོག་ཅིང་། བྷཻཾ་མི་དགོས་པའི་གནད་མ་བསྟན་ན། གདམས་པ་འདི་བསྟན་པའི་སྐྱོན་ལྷ་དང་འདྲ་སྟེ། བྷཻཾ་ཤེས་ཀྱང་གྲོལ་མི་ཤེས་པའི་སྐྱོན་ཡོད། ཆོས་ཉིད་ཀྱི་རང་སྣང་དེ་ངོ་ཤེས་པ་སངས་རྒྱས་པ་མ་བསྟན་ན། གདམས་པ་འདི་དབུ་མ་པ་དང་འདྲ་སྟེ། སེམས་མཐོང་བའི་ཁས་ལེན་མེད་ཟེར་བ་གཞི། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མ་མཐོང་བའི་འབྲས་བུའི་མཐའ་སྟོང་པའི་སྐྱོན་ཡོད། སངས་རྒྱས་ནས་གཟུགས་སྐུས་གཞན་དོན་མཛད་ལུགས་མ་བསྟན་ན། གདམས་པ་འདིའི་ལུགས་ཀྱི་གཞི་ཆོས་སྐུ་དྲི་མེད་དེ་གནོད་སྦྱིན་དང་འདྲ་སྟེ། སངས་རྒྱས་ཐུགས་རྗེས་རྒྱུན་ཐག་ཆད་པའི་སྐྱོན་ཡོད། གཞན་དོན་མཛད་ནས་སངས་རྒྱས་མྱ་ངན་ལས་འདས་པར་མ་བསྟན་ན། གཞི་འབྲས་གཉིས་ཀྱི་ཁྱད་མི་ཕྱེད་པའི་སྐྱོན་ཡོད་པས། ཁྱད་པར་བཅུའི་ཕྱེེ་བ་འདི་ནི། གདམས་པ་གོང་མ་རྣམས་ལས་ཆེས་ཁྱད་དུ་འཕགས་པའོ། །ཁྲོ་གཉེར་མ་ཉོན་ཅིག །ས་བཅད་བཅུའི་གདམས་པ་སྟོན་པར་བྱེད། འདི་ལྟ་བུའི་གདམས་པ་དང་། མ་རྟོགས་པ་རྟོགས་པའི་དཔེ་སྐྱེས་བུ་བརྒྱལ་བ་སངས་བ་ལྟར་སྟོན། མ་རིག་པ་རིག་པའི་ཚད། རྒྱལ་བུ་འབངས་སུ་འཁྱམས་པ་རྒྱལ་སར་བཏོན་པ་ལྟར་སྟོན། མ་ཤེས་པ་ཤེས་པའི་ཚད། རྒྱུས་མེད་པ་ལ་ལམ་སྟོན་པ་ལྟར་སྟོན། མ་ཐོབ་པ་ཐོབ་པའི་ཚད། དབུལ་བོས་ནོར་རྙེད་པ་ལྟར་སྟོན། མ་གྲོལ་བ་གྲོལ་བའི་དཔེ། བཙོན་བུ་ལྕགས་སྒྲོག་ལས་གྲོལ་བ་ལྟར་སྟོན། མི་གསལ་བ་གསལ་བའི་དཔེ། མུན་པ་ལ་མར་མེ་གཏམས་པ་ལྟར་སྟོན་པ་ཡིན་ཏེ། མདོར་ན་སངས་རྒྱས་སེམས་ལ་མི་རེ། ལམ་བྷཻཾ་པ་ལ་མི་རེ། འབྲས་བུ་སྐུ་གསུམ་ལ་མི་རེ། བར་ལ་ཆོད་པ་ཡིན་པས། དེའི་དོན་ཁྲོ་གཉེར་མ་ལེགས་པར་ཉོན་ཅིག །ཁྱད་པར་བཅུའི་ཕྱེ་བ་འདི་ནི། གདམས་པ་གོང་མ་རྣམས་ཀྱི་ཆེས་ཁྱད་དུ་འཕགས་པའོ། །ཞེས་བཀའ་སྩལ་ཏོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། བླ་ན་མེད་པའི་གདམས་པ། ཁྱད་པར་བཅུས་འཕགས་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅོ་ལྔ་པའོ། །྅྅྅ ཡང་གསུངས་པ། ཉོན་ཅིག་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། གཞིའི་གནས་ལུགས་འདི་ལྟ་སྟེ། རིག་པ་ཡེ་གདོད་མ་ནས་བྱུང་བ་མེད་པ་ཡིན་པ་ལ། གཞན་ནས་བྱུང་སའི་རྩད་གཅོད་པའི་མཁན་པོ་འཁྲུལ་པ་དང་གཅིག །རིག་པ་གདོད་མ་ནས་གནས་པ་མེད་པ་ལ། གནས་པ་རྩད་གཅོད་པའི་མཁན་པོ་འཁྲུལ་པ་དང་གཉིས། རིག་པ་ལ་བྱུང་གནས་མེད་པ་འགྲོ་འོང་དང་བྲལ་བ་ཡིན་ལ། ཐ་མ་འགྲོ་ས་རྩད་གཅོད་པའི་མཁན་པོ་འཁྲུལ་བ་ཡིན་པ་དང་གསུམ། རིག་པ་དབྱིབས་ཁ་དོག་གང་དང་ཡང་ཐ་སྙད་བྲལ་བ་ལ། ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་མ་འགགས་པ་ལ་སོགས་པའི་མིང་གཟུགས་ཁ་དོག་དུ་མར་ངོ་སྤྲོད། འཁྲུལ་པ་དང་བཞི། དུག་ལྔ་མ་སྤངས་ཡེ་ཤེས་མ་སྒྲུབ་པ་སྤྲོས་པ་མཐའ་བྲལ་དུ་རྗེན་ནེ་བ་འདི་སངས་རྒྱས་ཡིན་པ་ལ། དུག་ལྔ་དང་ཡེ་ཤེས་ལ་སོགས་དུ་མར་ཕྱེས་ནས་བོར་ལེན་བྱེད་པའི་མཁན་པོ་འཁྲུལ་པར་བསྟན་པ་དང་ལྔ། ལུས་འདི་ཡེ་ནས་གཞལ་ཡས་ཁང་ཆེན་པོ་ཡིན་པ་ལ། སྡུག་བསྔལ་གྱི་རི་མོ་ལ་ངོ་སྤྲད་པའི་མཁན་པོ་འཁྲུལ་པར་བསྟན་པ་དང་དྲུག །རིག་པ་ཡེ་ནས་སངས་རྒྱས་ཡིན་པ་ལ། ད་ལྟར་གྱི་འགྱུ་དྲན་སྣ་ཚོགས་པ་འདི་ཀ་རང་གྲོལ་སྐད་ཅིག་གིས་སངས་རྒྱས་སུ་སྟོན་པར་འཁྲུལ་པ་དང་བདུན། རང་སྣང་རང་ངོ་མ་ཤེས་པ་འདི་ཀ་དམྱལ་བ་ཡིན་པ་ལ། ཕྱིའི་ཡུལ་ཞིག་ནས་དམྱལ་བ་ལོགས་ན་གཅིག་ཡོད་པར་འདོད་པ་དང་བརྒྱད། རིག་པ་འཁྲུལ་མེད་རང་གསལ་འདི་ཀ་རིག་པའི་ཡེ་ཤེས་ཡིན་པ་ལ། སངས་རྒྱས་ཞེས་བཟང་པོ་གཅིག་ལོགས་ན་ཡོད་པར་འདོད་ཅིང་ངོ་སྤྲད་པ་དང་དགུ། བྷཻཾ་བྱེད་ཀྱི་རྩོལ་བ་དེ་ཁོ་ན་འང་འཆིང་བ་ཡིན་པ་ལ། ལུས་གནད་ལྟ་སྟངས་དང་རླུང་གནད་ལ་སོགས་དུ་མ་གཅིག་བྱེད་པ་དེ་ཁོ་ན་འཁྲུལ་པར་བསྟན་པ་དང་བཅུ། སྤྱོད་པ་སྤང་བླང་མེད་པར་གང་སྣང་གཅེར་གྲོལ་རོ་སྙོམས་ཆེན་པོ་ཡིན་པ་ལ། དུས་ཚོད་དང་། དགག་སྒྲུབ་གནས་སྐབས་དང་། སྤང་བླང་དང་བོག་འདོན་ལ་སོགས་དུ་མ་གཅིག་དུ་སྟོན་པ་ཐམས་ཅད་འཁྲུལ་པ་ཡིན་པར་ཐག་བཅད་ནས་སྟོན་པ་དང་བཅུ་གཅིག །ཐེག་པ་འོག་མ་ལས་ཆེས་ཁྱད་པར་དུ་འཕགས་པའི་ལྟ་བ་གཏན་ལ་ཕབ་པའོ། །ཨེ་མ་གཏད་མེད་ལྟ་བ་ལྟ་བའི་མཆོག །བྷཻཾ་མེད་བྷཻཾ་དེ་བྷཻཾ་པའི་མཆོག །སྤྱོད་མེད་སྤྱོད་དེ་སྤྱོད་པའི་མཆོག །ལུས་མེད་ལུས་དེ་ལུས་ཀྱི་མཆོག །གསུང་མེད་གསུང་དེ་ཚངས་པའི་གསུངས། །དྲན་བསམ་བྲལ་བའི་ཡེ་ཤེས་ཐུགས། །རིག་པ་ཀ་དག་དྲི་མེད་དོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་གསང་སྐོར་ཐིག་ལེ་རིག་པ་ཀ་དག་གཏན་ལ་ཕབ་པའི་ལེའུ་སྟེ་བརྒྱ་དང་བཅུ་དྲུག་པའོ། །྅྅྅ ཀྱེ་ཧོ། མཁའ་འགྲོ་ལས་ཀྱི་དབང་མོ་ཉོན་ཅིག །གཞི་དེ་ལ་བྷཻཾ་མི་དགོས། རྟོགས་པ་ཙམ་གྱིས་སངས་རྒྱས་པ་ནི། རང་བྱུང་གི་ཆོས་གསུམ་འབྱུང་སྟེ། ལུང་ལས་མ་བསྟན་པའི་མན་ངག །རིག་སྣང་རང་གྲོལ་ནས་སངས་རྒྱས། དེའི་དུས་སུ་སངས་རྒྱས་ཞེས་བྱ་བའི་མིང་མེད། དེས་ཆོས་མེད་དོ། །སེམས་ལས་མ་སྐྱེས་པའི་བྷཻཾ་པ་རང་ལ་ཤར་ནས་སངས་རྒྱས། ཡིད་སེམས་ལས་མ་སྐྱེས་པའི་གོང་དུ་གྲོལ། དེའི་དུས་སུ་དྲན་འཛིན་མེད་པའི་ཕྱིར། རྒྱུ་ལས་མ་བྱུང་བའི་འབྲས་བུ་སྐུ་གསུམ་རང་ལ་ཤར་ནས་སངས་རྒྱས། རྒྱུ་རྐྱེན་གང་ལའང་རག་མ་ལུས་བར། སྐུ་གསུམ་གཞི་བཞེངས་སུ་ཐོབ་པའོ། །ཅིའི་ཕྱིར་ཡུལ་གྱི་གྲོལ་གཞི་རང་འོད་ཀྱིས་བྱས། སྐུའི་གྲོལ་གཞི་རང་སྣང་གཟུགས་སྐུས་བྱས། ཐུགས་ཀྱི་གྲོལ་གཞི་རིག་པའི་ཡེ་ཤེས་རང་ཤར་བའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། རྒྱུ་རྐྱེན་ལ་རག་མ་ལས་པར་གྲོལ་ཚུལ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་བདུན་པའོ། །྅྅྅ དེ་ལས་མ་རིག་པ་འཁྲུལ་ཚུལ་ནི། ཀྱེ་མཁའ་འགྲོ་མ་ཉོན་ཅིག །ཡུལ་གྱི་འཁྲུལ་གཞི་རང་སྣང་དང་འོད་ཀྱིས་བྱས། ལུས་ཀྱི་འཁྲུལ་གཞི་གཟུགས་སྐུས་བྱས། སེམས་ཀྱི་འཁྲུལ་གཞི་རིག་པ་ཡེ་ཤེས་ཀྱིས་བྱས་ནས། རྒྱུ་རྐྱེན་ངོ་བོ་བྱེད་ལས་བྱེད་པའོ། །དུས་དང་དྲུག་གིས་འཁྲུལ་པའི་རྒྱུ་འབྲས་བྱུང་ངོ་། །དེ་ཡང་རྒྱུ་མ་རིག་པའོ། །རྐྱེན་རང་སྣང་གི་འོད་དོ། །ངོ་བོ་ནི་རང་རྟོག་གོ། །བྱེད་པ་པོ་ནི་བདག་གོ། །དུས་གཟུང་འཛིན་སྐྱེས་བའི་ཚེ་ནའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། གསང་སྐོར་གྱི་རྒྱུད་ལས་འཁྲུལ་པ་རྩད་གཅོད་ཀྱི་ལེའུ་སྟེ་བརྒྱ་དང་བཅོ་བརྒྱད་པའོ། །྅྅྅ ཡང་ཅིག་ཁྲོ་གཉེར་མ་ཚོགས་དང་བཅས་པ་རྣམས། འཁྲུལ་པའི་འབྲས་བུ་ལུས་གྲུབ་ཚུལ་ནི་གོང་དུ་ཤེས་ཤིང་། ལུས་དེ་གནས་བའི་ཚེ་བར་ལ། ཐོས་པ་དང་བསམ་པས་གྲས་ཐག་ཆོད་པར་བཅད་ནས། སྣང་བ་བཞི་མཐར་ཕྱིན་པར་བྱ་བ་ནི། ཞེས་གསུངས་སོ། །གལ་ཏེ་འདུས་བྱས་ཀྱི་ཕུང་པོ་འཇིག་པར་འགྱུར་རམ་མི་འགྱུར་བརྟག་པ་ནི་གལ་ཆེ། སྐྱེས་བུས་རྟགས་འདི་རྣམས་ཤེས་པར་གྱིས་ཤིག །དེ་ལས་ཕྱི་ནང་གསང་གསུམ་ལས། ཕྱིའི་རྟགས་ནི་མི་མཐུན་པའི་ཚོགས་རྣམས་ལངས་པ་དང་། དབང་པོ་མི་གསལ་ཞིང་ཚིག་པ་ཟ་བ། ནོར་ལོངས་སྤྱོད་གོད་པར་གྱུར་པ། རང་སེམས་ཀྱང་ཕྱད་ཕྱོད་ལས། རྨི་ལམ་འཁྲུགས་པ། དགེ་སྦྱོར་མི་ནུས་ཅིང་སྡོད་མི་ཚུགས་པ། གདམས་ངག་མི་གསལ་ཞིང་ལོག་ལྟ་ཆེ་བ། སྔར་སྤྱོད་འགྱུར་ཞིང་ཆགས་སྡང་ཆེ་བའོ། །དེ་ལ་བཟློག་པའི་ཐབས་ནི། བར་ཆད་འབྱུང་བར་ངོ་ཤེས་པར་བྱས་ལ། དྲན་པས་གཅེར་གྱིས་བཟུང་ལ། །བསོད་ནམས་ཀྱི་ཚོགས་འགྲུབ་ཚད་བྱ། བླ་མ་བསྟེན་ནས་གསོལ་བ་གདབ། མོས་གུས་བསྐྱེད་དབང་དང་གདམས་པ་ཞུ། བཟློག་པ་དང་། བསྐང་གསོལ་ལ་འབད། སུ་དང་མི་འཕྲད། གདམས་པའི་གནད་ཀྱིས་ཉམས་ལེན་ལ་འབད། དེ་ཡིས་བཟློག་པར་འགྱུར་རོ། །ནང་གི་འབྱུང་བའི་བཀྲག་གྱུར་པ་ནི། ནང་གི་ཚེ་གཟུགས་ལ་བརྟག་པར་བྱ་བ་སྟེ། གལ་ཏེ་ཡན་ལག་ཁ་དོག་ལ་སོགས་པ། ཚེ་ཉམས་པའི་རྟགས་འདུག་ན། འབྱུང་བ་ལྔའི་འཁོར་ལོས་ཚེ་བསྡུ། ངར་གླུད་རྡོ་རྗེའི་བདེན་ཚིག་དང་བཅས་པ། མི་མཐུན་པའི་ཚོགས་ཕྱིར་བཟློག་ཅིང་བསླུ་བའི་ཆོ་ག་བྱ་བ་དེས་བཟློག་བར་འགྱུར་རོ། །གསང་བའི་རྟགས་སེམས་ལ་འཆར་ཏེ། བླ་མ་ཡི་དམ་མཁའ་འགྲོས་ལུང་བསྟན་དང་། མངོན་ཤེས་དང་། ནུས་མཐུ་ལ་སོགས་སྒྲུབ་པ་མ་བྱས་པར་སྟོན་ནུས་པ་དང་། མི་འདུ་ཡེངས་བ་ཆེན་པོ་སྐྱེས། སྙིང་རྗེ་ཆུང་། །དཔེ་རྒྱུད་དང་འཕྲལ་བ་དང་། དངོས་པོ་དང་། འཇམ་རྩུབ་གཉིས་ཀ་དགེ་སྦྱོར་ལ་བར་དུ་གཅོད་པས། དུག་ལྔ་དང་། རློམ་སེམས་དང་། ཞེན་པ་དང་། ཁེ་གྲགས་ཀྱི་བདུད་ཀྱིས་ཁྱེར། དེའི་ཚེ་ཐུན་མོང་དུ་ཚེ་ལ་བར་ཆད། མཆོག་ཏུ་སངས་རྒྱས་པ་ལ་བར་དུ་གཅོད་པ། རྣལ་འབྱོར་པས་དོན་གཉིས་ཕྱིར་རིང་བར་བྱེད། དེ་ལ་བཟློག་པའི་ཐབས་ནི། རབ་ཀྱི་ཆོས་ཉིད་རོལ་པ་ཆེན་པོར་ཁྱེར། འབྲིང་གི་ཞེན་ཆགས་སྒྱུ་མ་ལྟ་བུར་སྦྱངས། ཐ་མ་རི་དྭགས་ལྟ་བུར་དབེན་ཞིང་ངོ་མི་ཤེས་པའི་ས་ཕྱོགས་སུ་བྲོས་ལ། རིག་པ་བཙན་ས་མ་ཟིན་གྱི་བར་དུ། ཉམས་ལེན་ལ་བརྩོན་པར་བྱའོ། །དེ་ཡིས་བཟློག་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། གསང་སྐོར་གནད་ཀྱི་མེ་ལོང་འཆི་བ་བརྟགས་པ་བསླུ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་དགུ་པའོ། །྅྅྅ ཀྱེ་ཉོན་ཅིག །གལ་ཏེ་ཅིས་ཀྱང་མི་བཟློག་ན། བཏགས་པས་སངས་རྒྱའ་བའི་གདམས་པ། སྐྱེལ་མ་ལ་ཁྲིད་པར་བྱ་སྟེ། བཏགས་གྲོལ་རྒྱུད་དྲུག་གིས་གདམས་པ་རྣམས། ཡེ་ཤེས་ཉེར་ལྔའི་འཁོར་ལོ་འདས་རྗེས་དང་བཅས་པ། རིན་པོ་ཆེའི་བྲིས་ལ་མགུལ་དུ་བཏགས་ཤིང་མཆོད་བསྟོད་བྱའོ། །ཨེ་མ་འདི་དང་སུ་འཕྲད་སྐལ་པ་རབ། །ན་སོ་དག་ལ་རྒན་གཞོན་མེད། །ཤེས་རབ་དག་ལ་ཆེ་ཆུང་མེད། །སྡིག་པ་དག་ལ་ཆེ་ཆུང་མེད། །དབང་པོ་རྣོ་རྟུལ་མེད་པ་སྟེ། །དོན་གྱིས་འདི་ནི་ཁྱད་པར་འཕགས། །ཤི་དུས་སྙིང་གར་སུས་བསྲེགས་པས། །འཇའ་འོད་སྐུ་གདུང་རིང་བསྲེལ་དང་། །སྒྲ་དང་ས་གཡོས་དུ་མ་འབྱུང་། །ངེས་པར་སངས་རྒྱའི་རྟགས་སུ་བསྟན། །རྒྱས་པར་རྒྱུད་དྲུག་ནང་དུ་ལྟོས། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། བཏགས་པས་སངས་རྒྱས་པའི་གདམས་པ། བཏགས་གྲོལ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་པའོ། །྅྅྅ ཉོན་ཅིག་ཨེ་ཀ་ཙ་ཏི་མ། །འདི་ནི་བར་དོ་གཉིས་པའོ། །གང་ཟག་གི་སྐྱེས་བུ་དེ་ཉིད་ནི། །འཆི་རྐྱེན་ནད་ཀྱིས་འབྱུང་བ་འཁྲུགས། །ལུས་ངག་ཡིད་གསུམ་སྡུག་བསྔལ་ལོ། །དུས་ཆེན་མ་འབྱུང་རྟགས་རེ་ལ། །ཆོ་ག་རིམ་གྲོས་བཟློག་པ་སྟེ། །སྣུམ་ཟད་མར་མེ་ཇི་བཞིན་དུ། །དུས་ཆེན་འབབ་པར་འགྱུར་བ་ལས། །སུས་ཀྱང་མི་བཟློོག་འགྲོ་དགོས་ན། །ལུས་འདི་མི་རྟག་མགྲོན་པོ་འདྲ། །མགྲོན་པོ་ཡུན་རིང་བསྡད་པ་མེད། །ངག་འདི་མི་རྟག་བྲག་ཆ་འདྲ། །བྲག་ཆ་རྟག་སྐད་ཐུབ་པ་མེད། །སེམས་འདི་མི་རྟག་བྱེའུ་ཆུང་འདྲ། །བྱེའུ་ཆུང་ཤིང་ཁར་རྟག་མི་གནས། །དབུགས་འདི་ནམ་མཁའི་ན་བུན་འདྲ། །ན་བུན་ནམ་ཡལ་ཅི་ཆ་ཡོད། །བླ་འདི་བར་སྣང་འཇའ་ཚོན་འདྲ། །འཇམ་ཚོན་ནམ་མཁར་ནམ་ཡལ་ལམ། །རྣམ་ཤེས་ནམ་མཁའི་བྱ་སྒྲོ་འདྲ། །བྱ་སྒྲོ་རླུང་དམར་གྱིས་ནམ་ཁྱེར་རམ། །གཉེན་བཤེས་ཚོང་འདུས་འཚོགས་པ་འདྲ། །འདུས་པ་འདི་རྣམས་ནམ་བྲལ་ལམ། །ནོར་ཟས་རྩྭའི་ཟིལ་པ་འདྲ། །ཟིལ་པ་ཉི་མའི་ནམ་སྐམ་མམ། །ནམ་ཞིག་འཆི་བའི་ལམ་ཞུགས་ཚེ། །རྒྱལ་པོས་ཁས་དྲག་བཙན་པོ་མེད། །འཆི་བདག་བདུད་ཀྱིས་བཟུང་ནས་འགྲོ། །ཁས་ཉན་ཞུ་བ་ཕུལ་ས་མེད། །ཤ་ཟ་སྲིན་པོས་དེད་ནས་འགྲོ། །སྐྱབས་གནས་རེ་ས་གཞན་ན་མེད། །འཇིགས་པའི་འཕྲང་གཅིག་དེ་ལ་མཆིས། །དེ་ཚེ་བླ་མའི་གདམས་ངག་དགོས། །ཁྱད་པར་འཕོ་བའི་གདམས་ངག་གཅེས། །རང་ལུས་རྟ་ཕྲུ་ཕུལ་བཏབ་ལྟར། །དཀར་དམར་སྟོང་པ་ཉིད་དུ་བྷཻཾ། །ཕུང་པོ་སེང་གེའི་ཉལ་ལུགས་བཅའ་འོ། །མིག་ནི་སྨིན་ཕྲག་མཁའ་ལ་གཏད། །ནམ་མཁའི་དཀྱིལ་དུ་བླ་མ་བྷཻཾ། །རིག་པ་ཨ་དཀར་སྒོ་ང་ཙམ། །གསལ་ལ་འཚེར་བ་གཅིག་བྷཻཾ་ལ། །ཧིཀ་ཐེབས་བདུན་གྱི་ཚིག་ལ་འདོན། །བར་སྣང་བླ་མའི་ཐུགས་ཀར་ཐིམ། །དེ་ཡང་མི་དམིགས་རྒྱས་བསྐྱེད་ལ། །ངར་འཛིན་མེད་པར་ཕྱལ་ལེ་བཞག །འདི་ནི་སྐུ་གསུམ་གཅིག་དྲིལ་ཡིན། །སྡིག་པོ་ཆེའི་གསེང་ལམ་ཡིན། །མ་བྷཻཾ་སངས་རྒྱས་ངོ་མཚར་ཆེ། །དྲན་པ་ཙམ་གྱིས་གྲོལ་བ་ཡི། །གདམས་པ་འདི་ཉིད་གཅེས་པར་བཟུང་། །ཀྱེ་ཧོ་འདི་ཉིད་ཤིན་ཏུ་ཟབ་བོ། །ཟབ་བོ་ཆེས་ཟབ་གནད་ཟབ་བོ། །རབ་ཏུ་དམ་ཞིང་ཡིད་ཆེས་བར་ཟུངས་ཤིག །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། འཆི་ཁ་མའི་སྐྱེལ་མ་འཕོ་བ་དྲན་པའི་ལེའུ་སྟེ་བརྒྱ་དང་ཉེར་གཅིག་པའོ། །྅྅྅ ཡང་ཅིག་ཨེ་ཀ་ཙ་ཏི་མ། རང་ལ་ཡོད་པའི་ཡེ་ཤེས་དེ། དཔེ་དོན་རྟགས་གསུམ་གྱིས་ངོ་མ་སྤྲད་ན། ཆོས་ཉིད་བར་དོར་ངོ་མི་ཤེས་པའི་སྐྱོན་ཡོད་པས། ཡིད་ལ་འདི་ལྟར་ཟུངས་ཤིག །ཧོ་གཏོར་ཚོགས་མཁའ་འགྲོ་མཉེས་བྱས་ནས། །སྔོན་འགྲོ་ལེགས་པར་ཐོབ་པའི་བུས། །ལུས་གནད་མ་ངེས་ལེགས་བཅོས་ལ། །ཤིན་ཏུ་ནམ་མཁའ་དངས་པའི། །དཀྱིལ་དུ་སྨིན་ཕྲག་མིག་བཟློག་ལ། ལུས་མིག་རླུང་གསུམ་མ་འགུལ་ན། །དབྱིངས་ཀྱི་སྒྲོན་མ་ངེས་པར་འཆར། །རིག་པ་སྤྲོས་བྲལ་མངོན་དུ་གྱུར། །དེ་ནི་ཆོས་སྐུའི་ངོ་སྤྲོད་ཡིན། །དེ་ནི་བར་དོའི་གཞི་སྣང་ཉིད། །དང་པོ་འཆར་ཚུལ་ངོ་སྤྲད་དོ། །གཉིས་པ་མིག་གཉིས་ཟླ་བ་ལ། །དཀྱིལ་དུ་ལྟ་ཞིང་གན་རྐྱལ་བྱས། །ཡུན་རིག་སྣང་ལ་རང་བཞིན་མེད། །མེར་མེར་ཁྱོམ་ཁྱོམ་སྣང་བ་ལ། །ལང་ལོང་འབར་འབུར་ཟལ་ཟིལ་མཐོང་། །གཞི་སྣང་ལོངས་སྐུར་འཕེལ་ཚུལ་ལོ། །གསུམ་པ་དྲང་སྲོང་ཙོག་པུ་བྱས། །མེ་ལོང་ཤིན་ཏུ་ཆེ་བ་གཅིག །འདོམ་གང་ཙམ་གྱི་ཐད་སོར་བཞག །དེའི་མཐའ་མ་ཉེར་གཅིག་བསྐོར། །དེ་ལ་མིག་གཉིས་མ་ཡེངས་པར། །ལྷང་ངེ་ཅེ་རེ་མ་བཅོས་བཞག །དེ་ནས་མུན་ནག་ཕྱོགས་སུ་ནི། །མིག་བཙུམ་ཧྲིག་གེ་བཞག་པར་བྱ། །ཁ་དོག་སྣ་ཚོགས་འཕེལ་འགྲིབ་ཅན། །ཡ་མཚན་ངེས་མེད་དུ་མ་འཆར། །བར་དོར་རང་སྣང་འཆར་ཚུལ་གྱིས། །ངོ་སྤྲོད་གསུམ་པ་ཞེས་སུ་གྲགས། །ཡང་ན་རང་ཉིད་གན་རྐྱལ་ཉལ། །ཁྱད་པར་ཉི་མ་དངས་པ་ལ། །སྐེ་རག་རྒྱ་མ་མིག་ལ་བཀབ། །ཉི་མའི་དཀྱིལ་དུ་ལེགས་པར་ལྟ། །ལུག་རྒྱུད་མུ་ཏིག་ཐིག་ཕྲན་འཆར། །འདི་ཡང་བར་དོ་འཆར་ཚུལ་ཡིན། །ངོ་སྤྲོད་བཞི་པ་ཞེས་སུ་གྲགས། །བྱང་ཆུབ་རྣམ་སྣང་ལུས་གནད་བཅའ། །མིག་གཉིས་ཟིམ་བུས་ཉི་མར་ལྟ། །འཇའ་འོད་ཟེར་དང་ཐིག་ཕྲན་མཐོང་། །ནམ་མཁའ་ཆོས་ཀྱི་སྐུ་རུ་སྤྲད། །ལོངས་སྐུ་ཉི་མ་འཇའ་ཟེར་སྤྲུལ། །སྐུ་གསུམ་གཅིག་རྫོགས་ཆེན་པོ་སྟེ། །བར་དོར་འཆར་བ་ངོ་ཡང་སྤྲད། །ངོ་སྤྲོད་ལྔ་པ་ཞེས་སུ་གྲགས། །ཧོ། ཁྲོ་གཉེར་ཅན་མ་ཉོན་ཅིག །གངས་སམ། གཡའ་འམ། མཚོ་འམ། ས་ལ་བྱོན་པའམ། རིན་ཆེན་མན་ཤེལ་རྡོ་རྗེ་སེམས་དཔའི་མེ་ལོང་། །འོད་མི་འགྱུར་བའི་སྲས་པོ། ཀུན་ཏུ་བཟང་པོའི་རྒྱལ་ཚབ། །ཀུན་ཏུ་བཟང་མོའི་ཐིག་ལེ། །མཁའ་འགྲོ་ཀུན་གྱི་མིང་གཅིག་པོ་ཞེས་པ། ཟུར་དྲུག་གམ། བརྒྱད་དམ། །བཅུ་དྲུག་པ། གས་ཆགས་དང་། དྲམ་གྲུམ་དུ་མ་སོང་བ་གཅིག་བཙལ་ལ། ཕྱི་ནང་གི་མཆོད་པས་མཉེས་པར་བྱ། གསོལ་བ་གདབ། དེ་ནི་ངོ་སྤྲོད་ཀུན་གྱི་གཞི་མ་ཡིན་པས་གལ་ཆེའོ། །ཀྱེ་མ་རིག་རྩལ་འཁོར་རྣམས་ནོན། །ནམ་མཁའ་དངས་པའི་དུས་ཀྱི་ཚེ། །མུན་ཁང་ནང་དུ་ཉི་ཞུར་བཏང་། །མདུང་ཤིང་ཙམ་པའི་སྲང་མདའ་ལ། །ཤེལ་དང་འཕྲད་པ་འཇམ་འོད་འཆར། །དེ་ལ་ངོ་སྤྲོད་འདི་ལྟར་བྱ། །ཤེལ་དེ་དྲི་མེད་ཀ་དག་དཔེ། །ཆོས་ཀྱི་སྐུའི་བརྡའ་མཚོན་ཡིན། །ཅི་ཕྱིར་རྐྱེན་དང་འཕྲད་པའི་དུས། །ཁ་དོག་སྣ་ཚོགས་འཆར་བར་བྱེད། །རྐྱེན་མ་འཕྲད་ན་ཁ་དོག་མེད། །རྟག་པར་མ་གྱུར་འཇའ་འོད་མེད། །ཆད་པར་མ་གྱུར་འཇའ་འོད་གནས། །གཉིས་ཀ་མ་ཡིན་གཅིག་ཏུ་མིན། །ཁྱི་སྐྱག་དར་ཟབ་ལ་སོགས་པའི། །ཐུམ་པ་དག་ལ་བཟང་ངན་མེད། །ཤེལ་ནི་རིག་པ་དྲི་མེད་དཔེ། །ཕྱི་ཐུམ་ལུས་ཀྱི་དཔེ་ཙམ་ལ། །ཐབས་ཤེས་དུ་མས་ལུས་སྦྱངས་ལ། །ཕུང་པོ་བོར་དུས་རིག་པ་གསལ། །རྐྱེན་དང་འཕྲད་དུས་ཁ་དོག་སྟོན། །དཔེ་དེ་འདྲ་བར་ངོ་སྤྲད་དོ། །འཇའ་ཚོན་ཁ་དོག་ལྔ་ལྡན་དེ། །ཡེ་ཤེས་ལྔའི་དཔེ་རུ་བསྟན། །དཀར་ཐིག་སེམས་ཀྱི་དཔེ་རུ་བསྟན། །དེ་ནི་འཇའ་ལ་ཕོག་པར་བྱ། །སེམས་དང་ཡེ་ཤེས་འདྲེས་པའི་དཔེ། །ཡང་ནི་དེ་གཉིས་སོ་སོར་བྲལ། །སེམས་དང་ཡེ་ཤེས་བྲལ་བའི་ཚེ། །སེམས་ལ་བརྟེན་པ་ཡེ་ཤེས་འགྱུར། །དཔེ་དེ་རང་ལ་ཤེས་པར་བྱ། །ཤེལ་བསྡུས་རིག་པ་དབྱིངས་སུ་ཐིམ། །འཇའ་འོད་ཤེལ་གྱི་ནང་དུ་འདུས། །འདུས་པ་སུ་ཡི་མཐོང་བ་མེད། །རྐྱེན་དང་འཕྲད་མ་ཐག་ལ་འཆར། །ཟད་མེད་འཕེལ་བ་འགྲིབ་པ་མེད། །འགྲོ་འོང་གང་ཡང་མེད་པར་ཤེས། །དཔེར་ན་ཉམས་བླང་དེ་དང་འདྲ། །དབྱིངས་ལ་ཤར་ནས་དབྱིངས་ལ་ཐིམ། །དྲན་བཞིན་འགྲོ་དོན་རྒྱུན་ཆད་མེད། །འདི་ནི་བར་དོ་ཐ་མའི་དཔེ། །ཀ་དག་ངང་དུ་ངོ་སྤྲད་དོ། །ངོ་སྤྲོད་དྲུག་པ་ཞེས་སུ་གྲགས། །ཉི་ཞུར་དེ་ལ་ཤེལ་དཀར་སྤྲད། །བསྐྱོད་འགུལ་མང་པོ་འོད་སྣང་འགྱུར། །རེས་འགའ་ཆུ་ཟངས་གཟེད་ལ་བསྐྱོད། །སྲིད་པའི་བར་དོའི་བྲེད་སྔངས་དང་། །རིགས་དྲུག་སྣང་བ་འཆར་དུས་སུ། །འབྱུང་བའི་ངོ་སྤྲོད་བདུན་པའོ། །སྤྲིན་བྲལ་ནམ་མཁའ་དངས་བའི་ཚེ། །བྲིས་སམ་འབུར་བླུགས་སམ། ། གཞལ་ཡས་ཁང་དཀྱིལ་འཁོར་ལོགས་སྲ་བ་ལ། །མིག་གཡོན་ཤེལ་སྦྱར་བལྟས་པ་ཡིས། །བར་སྣང་ཁམས་སུ་གཞལ་ཡས་ཁང་། །སྟོང་གསལ་མདངས་ལྔས་རྒྱན་ཆེན་མཐོང་། །སྤྲུལ་སྐུར་དབུགས་འབྱུང་འགྲོ་བའི་དཔེ། །ངོ་སྤྲོད་བརྒྱད་པ་ཞེས་སུ་གྲགས། །ནམ་མཁའ་ཤིན་ཏུ་དངས་པའི་དུས། །རྒྱལ་བ་རིགས་ལྔའི་གཟུགས་སྐུ་ནི། །བྲིས་འབུར་བླུགས་གསུམ་གང་ཡང་རུང་། །གདན་ཁྲི་རྒྱབ་ཡོལ་འཛོམས་པ་བཤམས། །དེ་ནས་མན་ཤེལ་མིག་ལ་སྦྱར། །མཁས་པས་ནམ་མཁའི་མཐོངས་སུ་ལྟ། །ཉེར་གཅིག་བརྩེགས་སོགས་ཁ་དོག་ལྔ། །གསལ་འཚེར་ལྷུན་སྡུག་མཐོང་བར་འགྱུར། །དེ་ནི་བར་དོར་སྐུ་གསུམ་འཆར་བ་ནི། །ངོ་སྤྲོད་དགུ་པ་ཞེས་སུ་གྲགས། །རང་ལུས་དཀར་པོའི་ཆས་ཀྱིས་བརྒྱན། །བཞི་འམ་ལྔ་སོགས་ཁྲི་ཁར་འདུག །ལ་ལས་འགྲོ་འོང་གར་སྣ་བསྒྱུར། །དེ་ནས་ཤེལ་མིག་གཉིས་པོ་སྤྲད། ནམ་མཁའི་དབྱིངས་ལ་ཡར་ཡར་ལྟ། །ཆོས་སྐུ་གོང་མ་ལོངས་སྐུ་བར། །སྤྲུལ་སྐུ་མ་འགག་འོག་མ་སྟེ། །དེ་ཡང་བར་དོར་འཆར་བས་ན། །ངོ་སྤྲོད་བཅུ་པ་ཞེས་སུ་གྲགས། །མཁར་སྡེར་ལྔ་ནི་ཆུས་བཀང་ལ། །ཁ་དོག་ལྔ་ནི་རེས་སུ་བསྒྱུར། །དབུས་དང་ཕྱོགས་བཞི་འཚམས་པ་བྱ། །མིག་དང་ཤེལ་སྦྱར་མཁའ་ལ་ལྟ། །ཆོས་དབྱིངས་ཡེ་ཤེས་བར་དོར་འཆར། །ངོ་སྤྲོད་བཅུ་གཅིག་པ་ཞེས་བྱ། །སྣ་ཚོགས་རྒྱན་དང་དཀྱིལ་འཁོར་བཤམས། །མེ་ལོང་དཔྲལ་བའི་དབྱིངས་སུ་བཞག །གསལ་སྟོང་སྒྱུ་མའི་སྐུ་རུ་མཐོང་། །མེ་ལོང་ཡེ་ཤེས་ངོ་སྤྲོད་ཡིན། །ངོ་སྤྲོད་བཅུ་གཉིས་པ་ཞེས་གྲགས། །ཆུ་ཟླ་དང་ནི་འཇའ་ཚོན་གཉིས། །སྔ་ཕྱི་མེད་པར་དུས་གཅིག་ཤར། །སོ་སོར་སྣང་ཡང་དབྱེ་མི་ཤེས། །མཉམ་ཉིད་ཡེ་ཤེས་ངོ་སྤྲོད་གྱིས། །བར་དོའི་ངོ་སྤྲོད་བཅུ་གསུམ་མོ། །མར་མེ་གསལ་བ་ཉི་ཤུ་གཅིག །ནུབ་མོ་ཕྱོགས་མཚམས་ཀུན་ཏུ་བཞག །ཤེལ་དང་མིག་གཉིས་སྦྱར་ལྟ་བའི། །འཇའ་ཚོན་ཟེར་དུ་ཕྱོགས་བཅུར་འཁྲིགས། །སོ་སོར་སྣང་ཡང་ཤེལ་ནང་གཅིག །བར་དོར་སོར་རྟོག་ཡེ་ཤེས་ཀྱིས། །ངོ་སྤྲོད་བཅུ་བཞི་པ་ཞེས་གྲགས། །མན་ཤེལ་མིག་སྦྱར་ཕྱོགས་བཅུར་ལྟ། །འཇའ་ཚོན་འོད་ཟེར་ལྔ་ལྡན་པའི། །བྱས་པ་མེད་པར་ལྷུན་གྲུབ་གསལ། །བྱ་གྲུབ་ཡེ་ཤེས་ངོ་སྤྲོད་ཡིན། །བར་དོར་གཞི་སྣང་རྩོལ་མེད་འཆར། །དཔེ་དོན་བཅོ་ལྔ་པ་ཞེས་གྲགས། །མི་གནས་ཡེ་ཤེས་དཔེ་དོན་ནི། །བར་སྣང་ཁམས་ཀྱི་རླུང་དང་འདྲ། །ད་ལྟ་ཤར་ཡང་ད་ལྟ་ཡལ། །ནམ་མཁའི་རང་རྩལ་ཆོ་འཕྲུལ་ཡིན། །དོན་ནི་རང་གི་རྣམ་རྟོག་འདི། །ཤར་ཡལ་དུས་མཉམ་ངོ་བོ་སྟོང་། །ངོ་སྤྲོད་བཅུ་དྲུག་པ་ཞེས་གྲགས། །སྤྲིན་མེད་ནམ་མཁའི་དངས་པ་ནི། །རྫོགས་ལྡན་རིག་སྟོང་ངོ་སྤྲོད་དོ། །ཐམས་ཅད་ཁྲོ་བོའི་ཆས་སུ་གཞུག །རྔམ་ཐབས་མཚོན་ཆ་སྣ་ཚོགས་ཐོགས། །ཤེལ་མིག་སྦྱར་ལ་དབྱིངས་སུ་ལྟ། །བར་དོར་ཁྲོ་བོ་འཆར་བ་ནི། །ངོ་སྤྲོད་བཅུ་བདུན་པར་གྲགས་སོ། །དབྱུག་པ་རིང་པོ་ཅིག་ལ་ནི། །མེ་ལོང་ལི་སྡེར་མང་པོ་སྦྱར། མདུན་དུ་བཙུག་ལ་ཤེལ་མིག་སྦྱར། །བར་དོར་ཐིག་ལེ་འཆར་བའི་དཔེ། །ངོ་སྤྲོད་བཅོ་བརྒྱད་པར་གྲགས་སོ། །གོ་མཚོན་ཐོག་ནས་འཐབ་ཚུལ་རྒྱུག །མ་ངེས་ཆ་ལུགས་མཛེས་པ་ལ། །ཤེལ་མིག་སྦྱར་ནས་ལྟ་བ་ནི། །ལྷ་མིན་ངོ་སྤྲོད་བཅུ་དགུ་པའོ། །ཕྱར་དར་ཕྱེ་མ་ཕུར་མ་ཕྱར། །ཐག་པ་རིང་པོའི་བར་མཚམས་ལ། །དར་སྣ་མེ་ལོང་མང་པོ་བཏགས། །ཀར་ཤ་པ་ཎིའི་ཕྲེང་བ་དང་། དུང་ཕྲེང་ལ་སོགས་དྲ་ཕྱེད་བྲེས། །ཤེལ་མིག་སྦྱར་ལ་དབྱིངས་སུ་ལྟ། །སྣ་ཚོགས་མ་ངེས་བར་སྣང་གང་། །དེ་ནི་ཡེ་ཤེས་རང་རླུང་གིས། །ངོ་སྤྲོད་ཉི་ཤུ་པར་གྲགས་སོ། །གན་རྐྱལ་ཉལ་བའི་སྙིང་ཁ་རུ། །གདུགས་ཆེན་གཅིག་ནི་དྲག་ཏུ་བསྐོར། །དེ་ལ་ཤེལ་མིག་སྦྱར་ལ་ལྟ། །ཁ་དོག་ལྔ་ལྡན་འཁོར་བར་མཐོང་། །ཆོས་ཉིད་བར་དོར་ཐིམ་དུས་སུ། །ལྷུན་གྲུབ་སྦུབས་ཆེན་འཆར་བའི་དཔེ། །ངོ་སྤྲོད་ཉི་ཤུ་རྩ་གཅིག་ཡིན། །ཨེ་མ་འདི་རྣམས་དཔེ་དོན་རྟགས། །བླ་མས་ངོ་སྤྲོད་རྒྱས་པར་གདབ། །བྷཻཾ་བསྒྲུབ་བསྐལ་བར་འབད་གྱུར་ཀྱང་། །འདི་རྣམས་ཤར་དུས་ངོ་མ་ཤེས། །གྲོལ་བར་མི་འགྱུར་དོན་རེ་ཆུང་། །འདི་རྣམས་ངོ་སྤྲད་ཐོབ་ཙམ་ཀྱང་། །ཆོས་ཉིད་སྣང་བ་ཤར་མ་ཐག །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ཕྱིར་གསང་བ་བླ་མེད་ཡིན། །སྔགས་སྲུང་ཁྱོད་ཀྱིས་གཉེར་གྱིས་ཤིག །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། བར་དོ་གསང་སྐོར་ཆེན་མོ་རང་ལ་གནས་པའི། ཡེ་ཤེས་ངོ་སྤྲོད་བའི་ལེའུ་སྟེ་བརྒྱ་དང་ཉེར་གཉིས་པའོ། །྅྅྅ ཀྱེ་ཆོས་ཐམས་ཅད་གསང་བའི་མཛོད་འཛིན་པའི་བདག་མོ་ཉོན་ཅིག །དཔེར་ན་ཆོས་སྐུ་ནི། ནམ་མཁའི་སྤྲིན་མེད་དངས་པ་དང་འདྲ་སྟེ། རྟག་ཆད་གཉིས་ཀའི་མཐར་མ་ལྷུང་ཅིང་། ཀུན་ཤོང་ཀུན་འབྱུང་དཔེའོ། །ཡང་ཡིད་བཞིན་ནོར་བུ་དང་འདྲའི་དཔེ། གསོལ་བ་བཏབ་ན་དགོས་འདོད་འབྱུང་། གསོལ་བ་མ་བཏབ་ན་ཡོན་ཏན་མི་འབྱུང་། སྨད་ན་དམྱལ་བར་འགྲོ་སྟེ། ནོར་བུ་ལ་བཟང་ངན་མེད་དོ། །དེ་བཞིན་དུ་ངོ་ཤེས་ན་སངས་རྒྱས། སྣང་བ་ལོག་ནས་དམྱལ་བར་ལྟུང་། རང་སར་གནས་ན་ཀུན་གཞིར་གྱུར་བའོ། །ཡང་ན་མེ་ཤེལ་དང་འདྲ་སྟེ། མེ་ཤེལ་རྐྱེན་དང་འཕྲད་ན་མེ་འབྱུང་། མ་འཕྲད་ན་རང་སར་གནས། མེའི་རྒྱུ་བྱས་པས་ཆད་པར་མ་ལྷུང་། མེ་རང་གིས་གསལ་བས་རྟག་པར་མ་ལྷུང་། དེ་བཞིན་དུ་རིག་པ་ཆོས་སྐུ་ལ་སྦྱར་ནས་ངོ་ཤེས་པར་བྱའོ། །ཡང་ཆུ་ཤེལ་དང་འདྲ་སྟེ། གོང་དང་མཚུངས། ཡང་མན་ཤེལ་དང་འདྲ་སྟེ། ཉི་ཞུར་དང་འཕྲད་ན་འཇའ་འཆར་རོ། །མ་འཕྲད་ན་རང་སར་གནས། ཕྱི་ནང་རྟག་ཆད་དང་བྲལ་བས། དེ་བཞིན་དུ་རིག་པ་ལ་སྦྱར་ནས་དོན་ལ་ཤེས་པར་བྱའོ། །ཡང་མེ་ལྕགས་དང་འདྲ་སྟེ། སྤྲ་རྡོ་དང་འཕྲད་ན་མེ་འབྱུང་། རྐྱེན་མེད་ན་རང་སར་གནས། རྟག་པ་ཅན་གྱིས་མེ་ཕྱིར་མ་ཤོར། ཆད་པ་མ་ཡིན་མེ་རང་ལ་གནས། དབྱེར་མེད་མེ་ལྕགས་ངོ་བོ་གཅིག་པས་མཚོན། ཡང་མེ་ལོང་གཡའ་དག་པ་དང་འདྲ་སྟེ། རྐྱེན་དང་འཕྲད་ན་ཁ་དོག་འཆར། རྟག་ཆད་ལས་འདས་པའི་དཔེར་བཞག་པ་ནི། ཆོས་སྐུའི་དཔེ་དོན་ངོ་སྤྲོད་བདུན་པ་ཡིན་པས། གོ་བར་གྱིས་ལ་ཡིད་ལ་ཟུངས་ཤིག །ས་མ་ཡཱ། ཀྱེ་མ། ཆོས་ཐམས་ཅད་གསང་བའི་མཛོད་འཛིན་བདག་མོ་ཉོན་ཅིག །ལོངས་སྐུའི་ངོ་སྤྲོད་ནི། བར་སྣང་དངས་པ་ལ་གཟའ་སྐར་འཁོད་པ་དང་འདྲ་སྟེ། འབྱུང་བཞིའི་རྐྱེན་གྱིས་མ་སྒྲིབ་ན། རྟག་པ་མ་ཡིན་ནམ་མཁའི་དང་། ཆད་པ་མ་ཡིན་གཟའ་སྐར་གསལ། རྐྱེན་གྱིས་སྒྲིབ་ཡང་གཟའ་སྐར་གར་ཡང་སོང་བ་མེད། དེ་བཞིན་རང་གི་ཡེ་ཤེས་ཀྱང་། རིག་པ་དག་གིས་ངང་ལས་རང་སྣང་ཤར་ཀྱང་། རྟག་ཆད་དང་བྲལ་ཞིང་། བཟང་ངན་གང་དབྲི་མེད་པའི་དཔེའོ། །དཔེར་ན་རྒྱ་མཚོ་ཆེན་པོར་ཉི་ཟླ་གཟའ་སྐར་ཤར་བ་དང་འདྲ་སྟེ། སྣང་ལ་རང་བཞིན་མེད་པ། རྟག་ཆད་དང་བྲལ་ཞིང་མངོན་སུམ་དུ་གསལ་བས། རྐྱེན་རླུང་གི་གཡོའ་འགུལ་བྱས་ཀྱང་འཕོ་འགྱུར་དབྲི་གང་མེད་པ་བཞིན་དུ་ཤེས་པར་བྱའོ། །ཡང་འཇའ་དང་མཚུངས་སྟེ། ངོ་བོ་སྟོང་། རྣམ་པ་གསལ་བ། དོན་ལ་དབྱེ་བ་མི་ཕྱེད་པ། རྟག་ཆད་དང་བྲལ་བའི་དཔེའོ། །ཡང་ཉི་མའི་དཀྱིལ་འཁོར་དང་འདྲ་སྟེ། སྟོང་གསལ་ཟེར་དང་འཕྲད་ན་ཁ་དོག་འཆར། ཟེར་དང་བཅས་པ། རྟག་ཆད་དང་བྲལ་བ་ཡིན་ཅིང་། འབྱུང་བཞིའི་གྲིབ་མས་སྒྲིབ་ཀྱང་། ཉི་མ་ལ་གསལ་འགྲིབ་གང་ཡང་མེད་པའི་དཔེའོ། །ཡང་ཅིག་མེ་ལོང་ནང་གི་གཟུགས་བརྙན་དང་མཚུངས་སོ། །ཡང་ཅིག་ཆུ་ནང་གི་ཟླ་བ་དང་མཚུངས་སོ། །སྨིག་རྒྱུ་དང་རྨི་ལམ་དང་སྒྱུ་མ་དང་མཚུངས་སྟེ། དེ་ལྟར་སྣང་ལ་རང་བཞིན་མ་གྲུབ། རྟག་ཆད་དབྲི་གང་མེད་པའི་ངོ་སྤྲོད་བདུན་ཡིན་པས། གོ་བར་གྱིས་ལ་ཡིད་ལ་ཟུངས་ཤིག །ཀྱཻ་ཆོས་ཐམས་ཅད། སྤྲུལ་སྐུའི་ངོ་སྤྲོད་བདུན་ནི། རྫ་ཁ་སྦུབ་ལ་བཞག་སྟེ། ཕྱིའི་ནམ་མཁའི་ཆོས་ཀྱི་དབྱིངས་ཀྱི་དཔེ། རྫ་མ་ལུས་ཀྱི་དཔེ །རྫ་མའི་ནང་སྟོང་པ་རིག་པའི་དཔེ། །རྫ་མ་དེ་ཆག་དུས་ལུས་རྒྱ་ཞིག་པའི་ཚེ། དབྱིངས་རིག་འདྲེས་པའི་དཔེ་རུ་ངོ་སྤྲོད་པའོ། །ཡང་འདི་ལྟ་སྟེ། སྐོས་ཕོར་དང་འདྲ་སྟེ། སྐོས་ཕོར་ཁ་སྦུབ་པ་ལ་རི་མོ་དོད། ས་སྤྱིན་གྱིས་རི་མོ་འབི་འབི་ལ་རི་མོ་མ་གྲུབ་ཀྱང་། གཉིས་པོ་འཛོམ་དུས་ནང་ནས་དོན་པ་སཱཙྪ་སྣང་བ་བཞིན་ནོ། །སྐོས་ཕོར་ལུས། འབི་འབི་སེམས་ཡིན་པས། རྣལ་འབྱོར་པའི་ལུས་རྒྱ་ཞིག་ཚེ། སྐུ་གསུམ་ལྷུན་གྲུབ་ཏུ་འཆར་བའི་དཔེའོ། །ཆུ་དང་ཆབ་རོམ་ལྟ་བུ་ཡིན། རང་སེམས་དང་རིག་པའོ། །དེ་ལྟར་འཁྱགས་པའི་འཁྱགས་པ་ལྟ་བུ། ཚད་པས་ཞུ་དུས་ཆུ་དང་མཚུངས། ལུས་རྒྱ་ཞིག་དུས་ཆོས་ཉིད་བར་དོར་རང་གྲོལ་བའི་དཔེའོ། །ཡང་འདི་ལྟ་སྟེ། བུམ་སྐུ་ལ་དཔེ་བཞག་ན། བུམ་པ་ལུས་ཀྱི་དཔེ། སྐུ་སེམས་ཀྱི་དཔེ། བུམ་པ་གཞིའི་དུས་ལྷ་རྣམས་མ་བསྐྱེད་པར་ལྷག་གེར་འཆར་བ་བཞིན། རྣལ་འབྱོར་པ་ལུས་རྒྱ་ཞིག་དུས། རང་སྣང་རང་གྲོལ་དུ་འཆར་བའི་དཔེ་བཞག་པའོ། །ཡང་འདི་ལྟ་སྟེ། ལྡེར་སོ་ཁོང་སྟོང་ཞུན་མེར་བཅུག་པ་ལ། ཞུགས་པ་དང་གནས་པ་ངོ་སྤྲོད་དེ་གཉིས་ཕྲལ་ལ་ཁྱིམ་ནང་འོད་ཀྱི་གང་བ་ལྟ་བུ་ལ། བར་དོར་སྒྲ་འོད་ཟེར་གསུམ་འཆར་བ་ལ་ངོ་སྤྲོད་པར་བྱའོ། །ཡང་འདི་ལྟ་སྟེ། མེ་ལོང་ཁ་སྦྱར་གྱི་བར་དུ་དཀྱིལ་འཁོར་ཐང་སྐུ་བཞག་ལ། གཅིག་ལ་གཉིས་སུ་འཆར་བ་ནི། བར་དོར་གཞི་རང་གྲོལ་ཅིང་། ལྷུན་གྲུབ་ཀྱི་ཞིང་ཁམས་རྩོལ་མེད་དུ་འཆར་བའི་དཔེར་བཞག་པར་བྱའོ། །ཡང་འདི་ལྟ་སྟེ། སྨན་ག་པུར་འདྲ་སྟེ། ཚད་པའི་སྨན་གྲང་བ འི་དུག་དང་འདྲ་བར། རང་སྣང་ངོ་ཤེས་པའི་ཚེ་ན། སྐད་ཅིག་གིས་གྲོལ་བའི་གསལ་འདེབས་སྒྲ་འོད་ཟེར་གསུམ་ཀྱིས་བྱེད་དེ། །ངོ་སྤྲོད་མ་ཐོབ་ན། རང་ངོ་མ་ཤེས་པ་རྣམས་འཁྲུལ་པའི་གཞིར་གྱུར་པ་ཡིན་ནོ། །དེ་རྣམས་སྤྲུལ་སྐུའི་ངོ་སྤྲོད་བདུན་ཡིན་པས། ཞེས་པ་གལ་མདོར་ཟུངས་ཤིག །གཞན་ཡང་ཤེལ་དང་། །ཉི་མ་དང་། འདྲ་འབག་དང་། སྒྲ་འོད་ཟེར་གསུམ་གྱི་ངོ་སྤྲོད་ཐེག་པར་གདའ་འོ། །རྩེའུ་ཆུང་གཏེམ་ལ་འཆི་ཁ་བར་དོའི་དཔེའ་བསྟན། མུན་ནག་གི་ཉི་ཞུར་སྲབ་འདའ་ལ། སྒྲ་འོད་ཟེར་གསུམ་ཞི་ཁྲོའི་སྐུར་བསྟན་ཏེ། ཆོས་ཉིད་བར་དོའི་དཔེ་བསྟན། གཤིན་རྗེས་གཤིན་པོའི་གཟུགས་ཁྲིད་ལ། ལྷས་ཞུ་འཕུལ་ལ་སོགས་སྐྱབས་བྱེད་པ་དང་། རིགས་དྲུག་གིས་གཟུགས་སྣ་ཚོགས་བསྟན་ནོ། །སྲིད་པ་ལས་ཀྱི་བར་དོ་ལ་ངོ་སྤྲོད། རྡེའུ་དཀར་ནག་ཤེར་བ་དང་། རིགས་དྲུག་གི་ལམ་བསྟན་ནས། རིགས་ལྔའི་ཐང་སྐུ་རེ་རེ་བཞིན་ཤེལ་མིག་སྦྱར་ལ་ལྟ་ལ། ཞིང་ཁམས་ལྔར་དབུགས་འབྱུང་སངས་རྒྱས་པའི་དཔེ་ངོ་སྤྲོད། །དེས་ནི་ཆོས་ཉིད་སྣང་བ་ཤར་མ་ཐག་གྲོལ་བར་འགྱུར་རོ། །དེའི་ཚེ་འདིར་བྷཻཾ་མི་དགོས་པར་བསྟན་གསུངས་སོཧ྅྅྅། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། བར་དོ་གསང་སྐོར་སྐུ་གསུམ་དཔེ་དོན་ངོ་སྤྲོད་པའི་ལེའུ་སྟེ་བརྒྱ་དང་ཉེར་གསུམ་པའོ། །྅྅྅ ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་ཁྲོ་གཉེར་ཅན་མ། །འཁོར་ཚོགས་ཐམས་ཅད་གུས་པས་ཉོན། །ངེས་པར་དུས་ཆེན་འབྱུང་བའི་ཚེ། །མལ་གྱི་ཐ་མལ་ཤི་མལ་ཉལ། །གོས་ཀྱི་ཐ་མ་རོ་གོས་གོན། །ཟས་ཀྱི་ཐ་མ་ཤི་ཟས་ཟ། །སྐོམ་གྱི་ཐ་མ་ཤི་ཆུ་འཐུང་། །གཏམ་གྱི་ཐ་མ་ཁ་ཆེམས་འཇོག །རྩའི་དངས་མ་མིག་ཀྱང་འགྲིབ། །ཆུའི་དངས་མ་མཆིལ་སྣབས་སྐམ། །རླུང་གི་དངས་མ་དབུགས་རྒོད་ངར། །མཚེར་བའི་དངས་མ་ལྕེ་མི་འགྱུར། །མཁལ་མའི་དངས་མ་རྣ་བ་འབྱར། །མཆིན་པའི་དངས་མ་མཆུ་མི་འདུས། །རུས་པའི་དངས་མ་སོ་རྣམས་ནག །གློ་བའི་དངས་མ་སྣ་ཡང་ཞོམ། །ཤའི་དངས་མ་འགྲམ་པ་ཤོར། །སྤུའི་དངས་མ་སྨིན་མ་ཚོམ། །སྲོག་གི་དངས་མ་ཧིག་ག་འབྱིན། །འདུ་ཤེས་དངས་མ་ལང་འདུག་མང་། །བློ་སྣ་མང་ལ་ལག་པ་སྦྲེེལ། །འཆི་བར་ངོ་ཤེས་སྡུག་བསྔལ་མང་། །ཤུལ་དུ་ཆགས་སེམས་དྲག་པོ་སྐྱེས། །རྟགས་ནི་སུ་ལ་འབྱུང་བ་དེ། །འདི་རུ་མི་གནས་གཤིན་ཡུལ་ཆ། །ཐང་སྐྱ་ཡངས་པར་འགྲོ་དགོས་པས། །དེ་ཚེ་བླ་མའི་གདམས་ངག་རྣམས། །ལེགས་པར་གསལ་ཡང་གདབ་བར་བྱ། །གལ་ཏེ་ཐེ་ཚོམ་མི་གསལ་ན། །བླ་མ་བཞུགས་ན་རབ་ཡིན་ཅིང་། །མེད་ན་དམ་གཙང་རྡོ་རྗེ་སྤུན། །ཡིད་ཆེས་བོས་ལ་གསལ་གདབ་གཞུག །ཕུང་པོ་སེང་གེའི་ཉལ་ལུགས་བཅས། །རིག་པ་ཉིད་ནི་དབྱིངས་ལ་གཏད། །ས་ལེ་སེང་ངེ་འཕོ་བར་བྱ། །སྐད་ཅིག་དེ་ལ་གྲོལ་བར་ངེས། །སྒྲ་རྣམས་ཐམས་ཅད་རང་གི་སྒྲ། །འོད་རྣམས་ཐམས་ཅད་རང་གི་འོད། །ཟེར་རྣམས་ཐམས་ཅད་རང་གི་ཟེར། །སྣང་བ་ཐམས་ཅད་རང་སྣང་དུ། །ཐག་བཅད་ས་ལེ་ཧྲིག་གེར་བཞག །བར་དོ་མེད་པར་སྐད་ཅིག་གྲོལ། །ཨེ་མ་ག ང་ཟག་རབ་ཉིད་ལ། །ལིང་གིས་བསྐྱུར་བ་སྒྱུ་ལུས་ཡིན། །ཐིབས་ཀྱིས་དགག་པ་འཁྲུལ་སྣང་ཡིན། །ལྷག་གིས་འཆར་བ་ཡེ་ཤེས་ཡིན། །ཁྲོལ་གྱིས་གྲོལ་བ་རིག་པ་ཡིན། །རྣལ་འབྱོར་ལུས་རྒྱ་ཞིག་པ་ལ། །སྐད་ཅིག་གྲོལ་བ་དུས་མཉམ་མོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློ ང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། འཆི་ཁ་བར་དོ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉེར་བཞི་པའོ། །྅྅྅ ཀྱཻ་ཉོན་ཅིག །གལ་ཏེ་དེར་མི་གྲོལ་བའི་རིགས་ལ་བཏགས་གྲོལ་གྱི་གདམས་པ་ཀློག་ཅིང་། ངུ་སྐད་ལ་སོགས་སྤང་ཅིང་། གདམས་པ་འདི་ཡི་ཆོས་སྤྱོད་གྱི་སྒྲ་སྒྲོགས། ཁྱད་པར་ནང་དབུགས་གནས་ཀྱི་བར་དུ། ཕོའི་གཡས་མོའི་གཡོན་གྱི་རྣ་བུག་དུ། སྨྱུག་སྦུག་བཅུག་ནས་འདི་སྐད་དུ་གསལ་གདབ་བོ། །ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་ཉོན་ཅིག །ཁྱོད་ལ་འདུས་བྱས་མི་རྟག་པ་འཆི་བ་བྱ་བ་དེ་བྱུང ། ཆ་མེད་གྱི་ཡུལ་དུ་རྒྱུས་མེད་འགྲོ་བས། ལམ་ཟུར་མེད་གཤིན་རྗེའི་འཕྲང་ལ་ནི་འགྲོ་དགོས། སྐྱབས་མགོན་གཞན་གྱིས་ནི་མི་ཕན། རང་སྣང་རང་ངོ་ཤེས་པར་བྱེད་དགོས་ཅིང་། བླ་མའི་གདམས་པ་དྲན་པར་བྱེད་དགོས་པས། ད་ནི་སེམས་གློ་བ་ནང་ནས་སྙིང་ནང་དུ་འདུས། དབུགས་སྣ་སྒོ་ནས་ཆད་པའི་དུས་ཡིན་ནོ། །ད་ལྟ་ཆོས་སྐུ་གཞི་སྣང་མི་གཡོའ་བར་གནས་ཀྱི། མྱུར་དུ་ཆོས་ཉིད་བར་དོ་འཆར་བ་ཡིན་ཏེ། དེ་ཡང་དུས་མ་འགྱུར་བར་སྣང་བ་འགྱུར་ནས། ཞིང་ཁམས་ཁ་དོག་ལྔ་ལྡན། ཕྱོགས་མཚམས་སྟེང་འོག་ཐམས་ཅད། མེར་མེར་ཁྱམ་ཁྱམ། བཏེག་ན་འཕར་བ་སྙམས། མནན་ན་ནེ མ་པ་སྙམས། བཀྲག་ལ་ཉམ་ང་བ། རྒྱ་ཆེ་བ་ཁོག་ཡངས་པ་མཐོ་ལ་ལྷུན་མངའ་བ་འཆར་རོ། །དེ་ནི་རང་སྣང་ཡེ་ཤེས་ཡིན་ནོ། །ཤར་མ་ཐག་ངོ་ཤེས་པར་གྱིས་ཤིག །རང་གི་ལུས་ཀྱང་འཇའ་ཡི་རང་བཞིན་ཅན་དུ་གསལ་བ། ཕྱོགས་མཚམས་ཐམས་ཅད་ནས་འོད་ཟེར་མཚོན་ཆ་སྤུངས་བ་ལྟ་བུ་སྙིང་གར་ཟུག་པ་འཆར། དེ་རང་སྣང་རང་ཟེར་ཡིན་ནོ། །ཕྱི་ནས་ཚུར་ཟུག་པ་མ་ཡིན། ནང་ནས་ཕར་ཤར་བ་ཡིན་ནོ། །དེ་ངོ་ཤེས་པར་གྱིས་ཅིག །དེ་དང་དུས་མཚུངས་པར། འཁོར་ལོ་མེ་རི་དང་། བྲག་རི་ལྟ་བུའི་དཀྱིལ་འཁོར་ལ། ཁྲོ་བོ་དབུ་དགུ་པ་དང་། གསུམ་པ་དང་། གཅིག་པ་དང་། ཕྱག་མང་པོ་ལ་སོགས་གར་དགུ་དང་ལྡན་པ། འཇིགས་པ། མགོ་བརྙན་སྣ་ཚོགས་པ། ཕྱག་མཚན་སྣ་ཚོགས་པ་ཐོགས་ནས། ཧཱུྃ་ཧཱུྃ་དང་། ཕཊ་ཕཊ་དང་། རྒྱོབ་རྒྱོབ་དང་། སོད་སོད་གྱི་སྒྲ་སྣ་ཚོགས་པ་སྒྲོགས་པ་མང་པོ་རང་གི་ཕྱོགས་སུ་རུབ་པ་སྙམ་བྱེད་པ་འཆར་རོ། །དེ་རང་སྣང་ཡིན་པས་ཤར་མ་ཐག་ཏུ་ངོ་ཤེས་པར་གྱིས་ཤིག །རང་གི་ཀླད་པའི་ནང་ནས་ཁྲག་འཐུང་རྣམས་ཐོན་པ་ཡིན་ནོ། །སྒྲ་ཐམས་ཅད་རང་སྒྲ་ཡིན་ནོ། །ངོ་ཤེས་པར་གྱིས་ཤིག །དེ་དང་དུས་མཚུངས་པར་ཐིག་ལེ་དང་། ཚོམ་བུ་དང་། འོད་ཀྱི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་སྐུ་རྐྱང་པ་དང་། ཡབ་ཡུམ་ཅན་དང་། འཁྲིལ་བ་དང་། ཚོམ་བུ་ལ་སོགས་བསམ་གྱིས་མི་ཁྱབ་པ་ཞི་བའི་ཚུལ་དགུ་དང་ལྡན་པ་འཆར་རོ། །འོད་ཀྱང་ཉི་མ་འབུམ་ཤར་བ་ཙམ་འབྱུང་ངོ་། །དེ་རང་གི་སྙིང་ནང་གི་ཞི་བའི་ལྷ་ཚོགས་བཞུགས་པ་རྣམས་ཐོན་པ་ཡིན་ནོ། །རང་གི་ཆོས་ཉིད་རང་མདངས་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཤར་མ་ཐག་མ་བུ་འཕྲོད་པར་གྱིས་ཤིག །དེ་དང་དུས་མཚུངས་སུ་ཞི་ཁྲོ་གཉིས་ཀྱིས་བར་དུ། འོད་རྣམ་པ་བཞིའི་སྣམ་བུ། གནམ་ལ་འབྲེལ་བ་ལྟ་བུའི་སྟེང་དུ། ཁ་དོག་མི་གཅིག་པའི་ཐིག་ལེ་བསམ་གྱིས་མི་ཁྱབ་པ་འཆར་ཏེ། དྲྭ་བ་དང་། དྲྭ་ཕྱེད་དང་། ཐིག་ལེ་དང་། འོད་སྐོར་ལ་སོགས་པ་བསམ་ཡས་མུ་མེད་པ། ཁ་དོག་དང་། རི་མོ་དང་། ཤེས་བྱ་སྲིད་ཚད་དམ། བློ་ལ་བྱས་ཚད་འཆར་བར་འབྱུང་ངོ་། །དེ་རྣམས་ཤར་མ་ཐག་ངོ་ཤེས་པར་གྱིས་ཤིག །རང་སྣང་དུ་རང་ངོ་ཤེས་པར་གྱིས་ཤིག །དེ་ལ་བསམ་གཏན་གྱི་ཞག་ལྔ་གནས་ཤིང་། དེའི་ཚེ་གྲོལ་བའི་དུས་ཀྱི་གནད་ཡིན་ཏེ། ཕུང་པོ་ལྔའི་བདག་འཛིན་ཐམས་ཅད་རང་སར་དངས་ནས། ལུས་ལོངས་སྤྱོད་རྫོགས་སྐུར་གྲོལ། །རིག་པ་སྤྲོས་མེད་ཆོས་སྐུར་གྲོལ། །ཐུགས་རྗེ་སྤྲུལ་པའི་སྐུར་རང་ཤར་རོ། །མ་བུ་གཉིས་འཛོམ་བར་ངོ་ཤེས་པར་གྱིས་ཤིག །འདིའི་དུས་སུ་ཤར་ལུགས་བརྒྱད་འཆར་ཏེ། རིག་པའི་ཡེ་ཤེས་དེ་ཐུགས་རྗེ་ལྟར་ཤར་བ་དང་། འོད་དུ་ཤར་བ་དང་། སྐུ་ལྟར་ཤར་བ་དང་། ཡེ་ཤེས་ལྟར་ཤར་བ་དང་། གཉིས་མེད་ལྟར་ཤར་བ་དང་། མཐའ་གྲོལ་ལྟར་ཤར་བ་དང་། མ་དག་པ་འཁོར་བ་ལྟར་ཤར་བ་དང་། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་འཆར་བས། མ་ཡེངས་པར་རང་ངོ་ཤེས་པར་གྱིས་ཤིག །དེའི་རྗེས་ལ་དྲན་པ་དྲུག་དང་། མངོན་པར་ཤེས་པ་དྲུག་ཕྲག་དྲུག །སྐྱེས་བུའི་ལག་པ་བརྐྱང་བསྐུམ་གྱི་བར་འཆར་སྟེ། ལྷའི་རྗེས་སུ་དྲན་པ་དང་། བླ་མ་དང་སྐྱབས་གནས་དང་། གདམས་ངག་དང་། ལྟ་བ་དང་། བྷཻཾ་པ་རྣམས་དྲན་ནས་མི་ཕྱེད་པའི་གཟུགས་ཐོབ་པར་གྱིས་ཤིག །དེའི་ཚེ་རང་ངོ་ཤེས་པར་གྱིས་ཤིག །དེ་ནས་ཐིམ་ལུགས་བརྒྱད་འབྱུང་སྟེ། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པས་ཉི་མ་ནུབ་པའི་ཟེར་ལྟ་བུ་དང་། ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་འཇུག་པ་ལྟ་བུ་དང་། འོད་འོད་ལ་ཐིམ་པས་འཇའ་ཚོན་ནམ་མཁར་ཡལ་བ་ལྟ་བུ་དང་། སྐུ་སྐུ་ལ་ཐིམ་པས་བུམ་སྐུ་བསྡུས་པ་ལྟ་བུ་དང་། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་ལ་ཆུ་ཐིམ་པ་ལྟ་བུ་དང་། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ནམ་མཁའ་དབྱིངས་དང་འདྲེལ་པ་ལྟ་བུ་དང་། མ་དག་པ་དག་པ་ལ་ཐིམ་པས་སྤྲའི་ཆོན་ཐག་བསྡུས་པ་ལྟ་བུ་དང་། དག་པ་དག་པ་ལ་ཐིམ་པས་སེང་གེས་གངས་ལ་ཟིན་པ་དང་འདྲ་སྟེ། ཡ་ང་ཡི་རྟོག་པ་དང་བྲལ་ནས་སངས་རྒྱས་པར་འགྱུར་རོ། །ཀ་དག་རང་ས་ཟིན་པ་ཡིན་ནོ། །དགའ་བར་བསམ་ལ་བྱོན་ཅིག །སྤྲོ་བར་བསམ་ལ་བྱོན་ཅིག །གསལ་འདེབས་འདི་རྣམས་རྣ་བས་ཐོས་པ་ཙམ་གྱིས་ཀྱང་རབ་སྐད་ཅིག་མ་གཅིག་ལས་གྲོལ། འབྲིང་སྐད་ཅིག་མ་གསུམ་ལས་གྲོལ། ཐ་མ་བསམ་གཏན་གྱི་ཞག་ལྔ་ལས་གྲོལ། ཡང་མཐའ་ལ་སྤྲུལ་སྐུའི་ཞིང་ཁམས་སུ་སྲིད་པའི་བར་དོ་མེད་པར་གྲོལ་བ་ལ་ཐེ་ཚོམ་ཡོད་རེ་ཀན། ཀུན་ཏུ་བཟང་མོ་ཁྲོས་མ་ནག་མོ་ངའི་བཀའ། རྒྱལ་བའི་བཀའ་མི་བསླུ་བའི་གདིང་དང་ཆོད་ལ་བྱོན་ཅིག །འདི་རྣམས་མ་བརྗེད་ཅིག །མ་ཡེངས་ཤིག །ཅེས་ཡང་ཡང་བསྐྱར་ཞིང་གདབ་བོ། །འདི་ནི་མུན་ཁང་སྒྲོན་མེ་ཡིན། །འདི་ནི་འཇིགས་པས་སྐྱེལ་མ་ཡིན། །འདི་ནི་རྒྱུ་མེད་ལམ་སྟོན་ཡིན། །གལ་ཏེ་ངོ་སྤྲོད་མ་ཐོབ་པའི། །གང་ཟག་རྣམས་ལ་བརྗོད་ན་ཡང་། །གྲོལ་བར་འདི་ལ་ཐེ་ཚོམ་མེད། །ཤིན་ཏུ་ཟབ་པས་གཅེས་པར་ཟུང་། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། འཆི་ཁའི་བར་དོ་ནུབ་ནས། ཆོས་ཉིད་བར་དོར་གསལ་གདབ་པའི་ལེའུ་སྟེ་བརྒྱ་དང་ཉེར་ལྔ་པའོ། །྅྅྅མ སྟོན་པ་ཉིད་ཀྱིས་ཡང་གསུངས་པ། རྣལ་འབྱོར་ལུས་རྒྱ་ཞིག་ནས་ནི། །རང་སྣང་ཤེས་པས་གྲོལ་བ་ཡི། །གནས་ཀྱི་གདམས་པ་བསྟན་པ་ནི། །ཀྱཻ་ཉོན་ཅིག །རྣལ་འབྱོར་པ་རབ་གྱིས་ངོ་སྤྲོད་པས་གྲོལ་ཏེ། ངོ་སྤྲོད་པ་དང་རྟོགས་པ་དུས་མཉམ། རྟོགས་པ་ཐོབ་པ་དང་ཆོས་བོར་བ་དུས་མཉམ། ཆོས་བོར་བ་དང་འཁྲུལ་རྟོག་འགག་པ་དུས་མཉམ། འཁྲུལ་རྟོག་འགག་པ་དང་མ་རིག་པ་སངས་པ་དུས་མཉམ། ཡེ་སངས་རྒྱས་པ་དང་མངོན་སངས་རྒྱས་པ་དུས་མཉམ། འབྲིང་ཉམས་སུ་བླངས་པས་གྲོལ་སྟེ། བླ་མས་ངོ་སྤྲོད་པའི་དོན་རྣམས། ནེམ་ནུར་མེད་པར་ཉམས་སུ་བླང་བས། མ་ཆོས་ཉིད་ཀྱི་དཀྱིལ་འཁོར་ལས། བུ་རང་བྱུང་གི་དཀྱིལ་འཁོར་ཤར་ནས། བར་དོའི་སྣང་བ་མེད་པར་ནམ་མཁའ་ལ་སྤྲིན་སངས་པ་ལྟར་སངས་རྒྱས་སོ། །ཐ་མ་ལུས་བོར་བ་དང་གྲོལ་བ་དུས་མཉམ་མོ། །ལེ་ལོ་ཅན་གྱི་རིགས་སྤྱི་གཞིའི་ཐོག་ཏུ་གྲོལ་བ་ཡིན་ནོ། །གོང་དུ་བཤད་པ་ལྟར་རྣལ་འབྱོར་པའི་ལུས་རྒྱ་འཇིག་སྟེ། སའི་རླུང་། ཆུ་ལ་ཐིམ། བག་བཞི་ས་ལ་ལྷུང་། ཆུའི་རླུང་མེ་ལ་ཐིམ་པས་ཁ་སྣ་སྐམ། མེའི་རླུང་མེ་ལ་ཐིམ་པས་དྲོད་འཆོར། །རླུང་གི་རླུང་ནམ་མཁའ་ལ་ཐིམ་པས། ཤེས་པ་མི་གསལ། དེའི་དུས་སུ་དབུགས་ཕར་ཧར་ཟེར། ཉམས་ཆུང་བ་གཅིག་བྱུང་ནས་ཚུར་མ་འདུས་པས་ཤི་ཟེར། རླུང་སེམས་ནམ་མཁའི་ངང་དུ་སྙིང་ནང་དུ་ཟུག །རྟ་ལོང་བ་རྐང་ཅན་དང་། མི་འཕྱེ་འོ་མིག་ཅན་བྲལ་བ་ལྟར། སེམས་རིག་རྒྱབ་གྱེས་སོ། །དེ་ལ་རབ་ཞག་བདུན། འབྲིང་ལྔ། ཐ་མ་གསུམ། སྙིང་ཁྲག་དང་ཆུ་སེར་མེད་པར་ལྷང་ངེ་ཞུགས་ཏེ། ཕལ་པ་བརྒྱལ་བ་ཟེར། །དེ་ནས་ལུས་ཀྱི་ཁྲག་ཐིག་སྲོག་རྩར་འདུས་སྟེ། སྲོག་རྩ་ནས་སྙིང་དུ་ཡང་འདུས་སོ། །རྔམ་པ་གསུམ་ལ་རྩ་དར་དཀར་ཤེལ་གྱི་སྦུབ་ཅན་ལ་བྱས། ལམ་ཆུའི་སྒྲོན་མ་ལ་ཐོན། བུམ་པ་ནང་གི་མར་མེ་སྟོན་པ་ལྟར། སྐུ་གསུམ་གྱི་སྣང་བ་ཐམས་ཅད་དུས་གཅིག་ཤར་ཏེ། སྐད་ཅིག་མ་ལས་གྲོལ་ནས་སྣང་བ་ཤར་བ་དང་རྟོགས་པ་དུས་མཉམ། རྟོགས་པ་དང་གྲོལ་བ་དུས་མཉམ། གྲོལ་བ་དང་ཐུགས་རྗེ་ཤར་བ་དུས་མཉམ། ཐུགས་རྗེ་ཤར་བ་དང་འགྲོ་དོན་འབྱུང་བ་དུས་མཉམ་མོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། དབང་པོ་རབ་ཀྱིས་གྲོལ་ཚུལ་གསུམ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་རྩ་དྲུག་པའོ། །྅྅྅ ཡང་སྟོན་པས་གསུངས་པ། དབང་པོ་འབྲིང་གིས་ཆོས་ཉིད་བར་དོར་གྲོལ་བ་ལ་གསུམ་སྟེ། ཀྱེ་ཉོན་ཅིག །སྐད་ཅིག་མ་དང་པོ་ལ་ཡེ་ཤེས་འཆར་བའི་རླུང་ཡོད་ཙམ་ཡིན། གཉིས་པ་བླ་མའི་གདམས་པ་ཧྲིག་གེས་ངོ་ཤེས། གསུམ་པ་ལ་སྔར་འདས་ཀྱི་སངས་རྒྱས་དང་དབྱེར་མེད་ཀྱི་རྟོགས་པ་སྐྱེས་ནས། དཀྲུག་གིས་འདྲེས་ཏེ། འགྲོ་དོན་རྒྱ་ཆེན་པོ་འགྲུབ་བོ། །འབྲིང་གི་འབྲིང་སྐད་ཅིག་མ་དྲུག་ལས་གྲོལ་ཏེ། དང་པོ་འཁྲུལ་པ་ཕྱི་ནང་འགག །གཉིས་པ་རང་མདངས་འོད་དུ་གསལ། གསུམ་པ་རང་གསལ་དུ་གནས་པ། བཞི་པ་ལ་ཤེས་རབ་ཧྲིག་གེས་སྐྱེས། ལྔ་པ་ལ་དགོངས་པ་རྫོགས། དྲུག་པ་བློ་འདས་ཆོས་སྐུར་ཐིམ། ཤར་གནས་གྲོལ་གསུམ་སྐུ་གསུམ་གྱི་ངང་ནས། རང་ས་ཟིན་ཅིང་གཞན་དོན་འབྱིན་ནོ། །འབྲིང་གི་ཐ་མ་བསམ་གཏན་གྱི་ཞག་ལྔ་ལ་གྲོལ་བ་ནི། དེ་ཡང་ཕྱི་འབྱུང་ཉི་མ་ནུབ་པ་ལྟར་སྣང་བ་འགག །ནང་འབྱུང་ས་སྲོས་པ་ལྟར་ཚོགས་དྲུག་འགག །གསང་འབྱུང་ཉི་མ་ཤར་བ་ལྟར་འོད་དུ་ཤར། རྟོགས་པའི་ཤེས་རབ་དུས་གཅིག་སྐྱེས་སྟེ། ཞག་དང་པོ་ལ་འོད་མཐིང་ཁ་ཆོས་དབྱིངས་ཡེ་ཤེས་བདེར་གཤེགས་རིགས་འཆར། གཉིས་པ་ལ་འོད་དཀར་པོ་མེ་ལོང་ཡེ་ཤེས་རྡོ་རྗེའི་རིགས་འཆར། གསུམ་པ་ལ་འོད་སེར་པོ་མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས་འཆར། བཞི་པ་ལ་འོད་དམར་པོ་སོར་རྟོག་ཡེ་ཤེས་པདྨའི་རིགས་འཆར། ལྔ་པ་ལ་འོད་ལྗང་གུ་བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས་འཆར། ཀུན་དང་དུས་མཚུངས་ཀྱི་ཐད་ཀར་ཐད་ཀར། ཁྲོ་བོ་ཐམས་ཅད་རྫོགས་པར་འཆར་ཏེ། ཞི་ཁྲོའི་དཀྱིལ་འཁོར་རྫོགས་པར་འཆར་རོ། །འདི་ཡི་དུས་སུ་མངོན་ཤེས་དྲུག་འཆར་ཏེ། སྤྱན་གྱིས་ཡར་ཆོས་སྐུ། བར་ལོངས་སྐུ། ཐ་མར་སྤྲུལ་སྐུའི་ཞིང་ཁམས་མཐོང་ངོ་། སྙན་གྱིས་ཡར་ཆོས་སྐུའི་གསུང་ཡེ་ཤེས་རྩེ་གཅིག་པ། ཐད་ཀར་ལོངས་སྐུ་དང་། མར་རིགས་དྲུག་སྒྲ་ཐོས་སོ། །ཐུགས་ཀྱིས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། རིགས་དྲུག་གི་སེམས་ཤེས་སོ། །གནས་ཀྱང་དེ་དང་མཚུངས་ཤིང་། ལས་ཀྱི་མངོན་ཤེས་རང་བཞིན་གྱི་རྒྱུ་འབྲས་ཐམས་ཅད་མཁྱེན། རྫུ་འཕྲུལ་གྱི་མངོན་ཤེས་སྐྱེ་དང་འཇུག་པ་ལ་དབང་ཐོབ་སྟེ། སྤྲུལ་སྐུ་ཐུབ་པ་དྲུག་ལ་སོགས་པ། གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་འབྱུང་ངོ་། །དེ་ལས་འགྲོ་དོན་འབྱིན་པ་ཡང་། ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལས་འོད་ཟེར་ཚོན་སྐུད་སྒྲིལ་བ་ལྟ་བུ་འཕྲོས་ནས། སྐྱེས་བུ་ལས་དག་པས། བསྐྱེད་རྫོགས་འཕྲོ་འདུ་བྱེད་པའི་མིག་ལ་ཞུགས། ཡབ་ཀྱི་ཡུམ་ལ་ཞུགས་སྟེ། སྐུའི་དབྱིབས་བརྒྱུད། ཡུམ་གྱི་པདྨའི་རྫིང་བུར་འཁྱིལ་སྟེ། དབྱེར་མེད་ཆེན་པོ་གཅིག་གིས་ངང་དུ་འགྲོ་དོན་བྱེད་དོ། །དེ་ལ་ཡང་འཆར་ཏེ། སྔ་མ་ལས་ཕྱི་མ་འཆར་བ་རྒྱུད་མི་ཆད་པས། སྤྲུལ་པ་ཕྱོགས་བཅུར་འགྱེད་པ་ཡིན་ནོ། །རྫོགས་ལྡན་ཆེན་པོ་ཞེས་བྱ་བ། སྟོབས་ལྡན་མ། ཤུགས་འཆང་མ། འདེགས་བྱེད་མ། རྟེན་མ་དང་བཞི་འཆར་ཏེ། ཤེས་རབ་མཁའ་ལ་འདེགས་པ་ཟེར་བ་ཡིན། གྲོལ་བའི་རྐྱེན་རང་བྱུང་དུ་ཤར་བའོ། །འབྱུང་བ་མ་ལ་ཞ་བ་ནི། དངས་སྙིགས་དབྱིངས་སུ་ཐིམ་པའོ། །ཡེ་ཤེས་དབྱིངས་སུ་ཐིམ་པ་ཞེས་བྱ་བ། ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་བའོ། །ཤེས་རབ་མཁའ་ལ་འཁྱིལ་བ་ནི། ལྷུན་གྲུབ་རིན་པོ་ཆེའི་སྤུབས་སུ་ཚུད་པའོ། །དེའི་དུས་སུ་རིག་པ་རང་སར་གནས་པ་ཡིན་ཏེ། ཆོས་སྐུ་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུའི་སྐུ་རིག་པ་ལ་གཟུགས་སྐུར་ཤར་ནས། ཡེ་ཤེས་མ་འགག་པ་གཡུང་དྲུང་ལྟ་བུའི་ཚེ་འོ། །རྒྱུན་གྱི་ཏིང་ངེ་འཛིན་ལ་འདུ་འབྲལ་མེད་པ། ཆུ་བོ་ལྟ་བུའི་དགོངས་བ། རིག་པ་གསལ་འགྲིབ་མེད་པ་ཉི་མའི་སྙིང་པོ་ལྟ་བུ་ཐོབ་ནས་རང་ས་ཟིན་པའོ། །འདི་ནི་འཕོ་འགྱུར་མེད་པའི་གནད་ཆེན་པོ་འཁོར་འདས་དབྱེར་མེད་དུ་འདྲེས་པའི་གནད་ཆེན། འཁོར་བ་གཏིང་སྤྲུགས་ཆེན་པོའི་གདམས་པ་བྱ་བ་ཡིན་པས། ཤིན་ཏུ་ཡང་གཅེས་གསང་བ་བླ་ན་མེད་པའི་སྐོར་བྱ་བར་ཟུངས་ཤིག །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། དབང་པོ་འབྲིང་ཆོས་ཉིད་ཀྱི་བར་དོར་གྲོལ་ཚུལ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་རྩ་བདུན་པའོ། །ཀྱཻ་ཉོན་ཅིག །རྒྱས་པར་བཤད་ཀྱང་མ་འདུས་ན། པྲ་ཡས་པས་གོ་བར་བསྟན་གྱིས། སྒྲོན་མ་དྲུག་ཏུ་འདུས་སོ། །གནས་པ་གཞིའི་སྒྲོན་མ་ཐིག་ལེ་བདལ་པའི་ཚུལ་དུ་གནས། དཔེ་འོ་མ་ལ་མར་གྱི་ཁྱབ་པ་བཞིན་ནོ། །ཙིཏྟ་ཤའི་སྒྲོན་མ་ནི། ཐིག་ལེ་སྤུངས་པའི་ཚུལ། དཔེ་འོད་ཁང་ནང་དུ་མར་མེ་བཅུག་པ་ལྟ་བུའོ། །དཀར་འཇམ་རྩའི་སྒྲོན་མ་ནི། ཐིག་ལེ་ཉི་ཞུར་དུ་འཆར། དཔེར་ཅི་འདྲ་ན་རྒྱ་སྐར་ལ་ཉི་མ་ཤར་བ་ལྟ་བུའོ། །རྒྱང་ཞག་ཆུའི་སྒྲོན་མ་ཐིག་ལེའི་མདངས་ཤར་བ་སྟེ། དཔེ་ཤར་གྱི་ལ་ཁར་ཉི་མ་ཤར་བས་ནུབ་རི་ལ་གསལ་བ་ལྟ་བུའོ། །བར་དོ་དུས་ཀྱི་སྒྲོན་མ་ཉམས་ལེན་མངོན་དུ་གྱུར་པའོ། །དཔེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་འདྲའོ། །མཐར་ཐུག་འབྲས་བུའི་སྒྲོན་མ་ཐིག་ལེ་བཅུད་དུ་སྨིན་པ། །འོ་མ་དཀྲོགས་བས་མར་ཐོན་པ་དང་འདྲའོ། །གཅིག་ཏུ་ཉམས་སུ་ལེན་ན། ལིང་གིས་བསྐྱུར་ལ་སྒྱུ་ལུས་ཀྱི་ཕུང་པོ་ཡིན་པས་བདག་འཛིན་མ་བྱེད་དོ། །ཐིབ་ཀྱིས་འགག་པ། འགྱུ་བྱེད་ཀྱི་སེམས་བྱུང་ཡིན་པས་སྡུག་བསྔལ་མ་བྱེད། གཏོལ་གྱིས་འཆར་བ་རང་སྣང་གི་དཀྱིལ་འཁོར་ཡིན་པས་སྔངས་སྐྲག་མ་བྱེད། ཧྲིག་གིས་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་བས་བཅོས་སླད་མི་བྱེད་པ་གནད་ཡིན། གཞི་ཡེ་སངས་རྒྱས་པ་དེ། ལམ་མངོན་སངས་རྒྱས་པ། འབྲས་བུ་རྫོགས་སངས་རྒྱས་པར་བསྟན་པའི་གདམས་པ་འདི་ནི། ཤིན་ཏུ་ཟབ་ཆེ་བས་དམ་པ་ཟུངས་ཤིག །ཨེ་ཀ་ཙི་ཏིས་གསུངས་སོཧ྅྅྅། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། གསང་སྐོར་ཐམས་ཅད་སྒྲོན་མ་དྲུག་ཏུ་འདུས་སྟེ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་རྩ་བརྒྱད་པའོ། །྅྅྅ ཀྱཻ་ཨེ་ཀ་ཙ་ཏི་ཉོན་ཅིག །གདམས་པ་འདི་ཟབ་པའི་གནད་ཀྱིས། མི་གནས་པ་གསུམ་ཡོད་དེ། རང་ལུས་རྒྱ་ཞིག་པའི་ཚེ། གཞི་སྐུ་གསུམ་འགྱུར་ས་མེད་པ་མཁའ་ལ་ཤར་ཏེ། མར་འཁོར་བའི་ས་ལ་མི་གནས། བར་འཕགས་པའི་ས་ལ་མི་གནས། ཡར་སངས་རྒྱས་ཀྱི་ས་ལ་མི་གནས་སོ། །དག་པ་བཞི་ཡོད་དེ། ལུས་སྔ་མ་བོར། ཕྱིི་མ་མ་བླངས། སྒྲིབ་པ་མ་སྦྱངས་པ་དག །ལུས་ཕྱི་མ་མེད་པ་སྙམ། སྐྱེ་བའི་རྩ་བ་མེད། ཉོན་མོངས་པ་མ་སྤངས་པར་དག །སྐྱེ་བ་མ་བླངས་པས། འཁོར་བ་མ་སྤངས་པར་དག །རང་སྣང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཤར་བས། སྣང་སྲིད་མ་སྤངས་པར་དག །དག་དུས་དབང་དུ་མི་འགྲོ་བ་བཞི་ཡོད་ཏེ། རང་བྱུང་གི་དཀྱིལ་འཁོར་ཤར། ལུས་སྔ་ཕྱི་མེད་པས་སྒྲིབ་པའི་དབང་དུ་མི་འགྲོ། རིགས་དྲུག་གི་ལུས་ངག་སེམས་མེད་པས། ཉོན་མོངས་པའི་དབང་དུ་མི་འགྲོ། དགེ་སྡིག་སེམས་དང་བག་ཆགས་མི་དྲན་པས། ལས་ཀྱི་དབང་དུ་མི་འགྲོ། མཐོ་རིས་དང་ངན་སོང་དུ་མི་སྐྱེ་བའི། རྒྱུ་འབྲས་ཀྱི་དབང་དུ་མི་འགྲོ། འགགས་བསྡམས་པ་གཉིས་ནི། འཁོར་བར་འཁོར་ས་མེད། སྣང་སྲིད་ཐམས་ཅད་འོད་གསལ་དུ་ཤར། གོལ་དུ་གོལ་ས་མེད། རང་བྱུང་གི་དཀྱིལ་འཁོར་རང་གསལ་ལོ། །གསལ་འདེབས་བཞི་ཡོད་དེ། རང་སྣང་རྐྱེན་དུ་ཤར་ནས་གསལ་གདབ། འོག་མིན་གྱི་གནས་སུ་གསལ་ལོ། །འོད་ཟེར་རྐྱེན་དུ་ཤར་ནས་གསལ་གདབ། རང་ལུས་འོད་གསལ་ལས་ཕྱིར་འཕྲོ། དཀྱིལ་འཁོར་རྐྱེན་དུ་ཤར་ནས་གསལ་གདབ། ཞི་ཁྲོའི་ཚོམ་བུ་རང་གསལ། གདམས་ངག་རྐྱེན་དུ་ཤར་ནས་གསལ་གདབ། རང་རིག་རང་གསལ་གཅིག་ཏུ་ཧྲིག་གིས་རིགས་སོ། །སྐྱེ་བ་མི་ལེན་པའི་གཏན་ཚིགས་གསུམ་ནི། ཕྱི་སྣང་བའི་ཡུལ་དག་པས། སྐྱེ་བ་ལེན་པའི་གནས་མེད། ནང་འཛིན་པའི་སེམས་མེད། སྐྱེ་བ་ལེན་པའི་བདག་མེད། རང་སྣང་རིག་པའི་རྩལ་རྫོགས་ནས་ས་ཟིན་ངོ་ཤེས། ཐག་ཆོད་ཐེ་ཚོམ་དང་བྲལ་ནས་སྐྱེ་བ་རྒྱུན་ཆད་དོ། །ཟང་ཐལ་བཞི་ནི། རང་སྣང་གི་དཀྱིལ་འཁོར་ཟང་ཐལ་དུ་ཤར་བས། ལུས་ལ་སྒྲིབ་ཤིང་མེད་ཏེ་སངས་རྒྱས། རང་འཛིན་མེད་ཟང་ཐལ་དུ་ཤར་བས། འཇིག་རྟེན་པའི་སྣང་བ་དག་སྟེ། ཕྱི་བཟུང་བའི་ཡུལ་དག་ནས་སངས་རྒྱས། ཐུགས་རིག་པ་ཆོས་ཉིད་དུ་ཤར་བས། རྣམ་པར་ཤེས་པ་གཞི་ལ་ཐིམ་སྟེ། ནང་འཛིན་པའི་སེམས་མེད་པས་སངས་རྒྱས། དྲན་པ་ཤེས་རབ་ཟང་ཐལ་དུ་ཤར་བས། མ་རིག་པ་སྐད་ཅིག་ལ་སངས་ནས་སངས་རྒྱས། དེ་ཡང་རབ་འབྲིང་ཐ་མ་གསུམ་ལ་གསུམ་སྟེ། རབ་གསུམ་སེང་གེ་མཆོང་ཐབས་ཀྱི་ཚུལ་དུ་སངས་རྒྱས། འབྲིང་གའུ་ཁ་སྦྱོར་གྱི་ཚུལ་དུ་སངས་རྒྱས། ཐ་མ་དཔག་ཆེན་མདའི་ཚུལ་དུ་སངས་རྒྱས། འབྲིང་གི་གསུམ་ལ། རབ་རི་བོང་འཛིན་པའི་ཚུལ་དུ་སངས་རྒྱས། འབྲིང་ཁྱུང་དང་སྒོ་ངའི་ཚུལ་དུ་སངས་རྒྱས། ཐ་མ་ནི་རྣིལ་ཕྲུག་དང་ཕྲུ་མའི་ཚུལ་དུ་སངས་རྒྱས། ཐ་མ་གསུམ་ནི། རབ་མགྲོན་པོ་རང་ཡུལ་དུ་སླེབས་ནས་བློ་བདེ་བ་ལྟར་སངས་རྒྱས། འབྲིང་མའི་པང་དུ་བུ་རྒྱུག་པ་ལྟར་སངས་རྒྱས། ཐ་མ་ཨ་ནེ་བྱམས་པའི་ཁྱིམ་དུ་ཚ་བོ་འགྲོ་བ་ལྟར། བྲོད་བ་དང་བཅས་ནས་སངས་རྒྱས་པ་ཡིན་ནོ། །དེའི་ཕྱིར་གསང་བའི་གདམས་སྐོར་རྣམས། མཁའ་འགྲོའི་སྙིང་ཁྲག་ཡིན་པས་དམ་པར་ཟུངས་ཤིག །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། གདམས་པའི་འགག་ཐམས་ཅད་གདམས་ཏེ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་རྩ་དགུ་པའོ། །྅྅྅ ཀྱེ་ཉོན་ཅིག །སངས་རྒྱས་ནས་གཟུགས་སྐུས་གཞན་དོན་མཛད་ལུགས་བསྟན་པ་འདི་ལྟ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དེ་ལ། ཐུགས་རྗེ་སྤྲུལ་སྐུ་འཆར་ཏེ། སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱར། ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་གསུང་ཞིང་། རིགས་དྲུག་གང་ལ་གང་འདུལ་དུ་བསྟན་ནོ། །ཁྱད་པར་ཤཱཀྱ་ཐུབ་པ་ལྟ་བུ་གཅིག་གིས་ཀྱང་། གཟིགས་པ་རྣམ་པ་དྲུག་ཏུ་གཟིགས་པས་ཆོས་གསུངས་པ་ནི། བདུད་དང་སོ་སོ་སྐྱེ་བོ་དང་། ཐེག་པ་དམན་པའི་རིགས་ལ་དགོངས་ནས་གསུངས་པའོ། །བློ་ལ་གཟིགས་པ་ནི། རབ་དང་། འབྲིང་དང་། ཐ་མ་ལ་སྦྱར་ནས་གསུངས་པའོ། །ཉོན་མོངས་པ་གཟིགས་ནས་གསུངས་བ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྦྱར་ནས་གསུངས་པའོ། །དགོངས་གཞི་གསུམ་ལ་གཟིགས་པ་ནི། མདོ་སྡེ་མུ་སྟེགས་པ་ལ་དགོངས། ཚེ་སྔ་ཕྱི་མེད་ལས་རྒྱུ་འབྲས་མེད་ཟེར་བ་རྣམས་ལ་ཡོད་པར་བསྟན་པའོ། །འདུལ་བ་སོ་སོ་སྐྱེ་བོ་ལ་དགོངས། ལུས་ངག་སྡིག་ལ་རང་ཁ་བྱེད་པ་ལ། ལུས་ངག་སྲུང་སྡོམ་བྱེད་པ་ལ་དགོངས། མངོན་པ་ཕ་རོལ་ཕྱིན་པ་ཉན་ཐོས་པ་ལ་དགོངས་ཏེ། ཉན་ཐོས་ཀྱི་རྒྱུའི་ཆོས་ཉིད་དང་། ལྟ་བའི་གཟུང་འཛིན་དོན་དམ་དུ་མཐོང་བས། འབྲས་བུ་སངས་རྒྱས་ཀྱི་བདེན་པ་མི་མཐོང་བས། མཐོང་བར་བྱ་བའི་ཕྱིར། འབྲས་བུའི་ཆོས་གསུངས་སོ། །གསང་སྔགས་གསུམ་ཀ་ལ་གཟིགས་ཏེ། དེ་གསུམ་གྱི་ལྟ་བྷཻ་ལ་འཇུག་མི་ནུས་ཤིང་། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཅིང་། འདོད་ལ་སོགས་པ་ལ་གསུངས་ཤིང་། ཨ་ཏི་རྫོགས་པ་ཆེན་པོ། ཕྱི་ནང་གི་ཐེག་པ་ཐམས་ཅད་ལ་དགོངས་ཅིང་། གཟིགས་ནས་གསུངས་ཏེ། འོག་མ་བྱས་པའི་ཆོས་ཀྱི་སྐྱེ་རྒྱུད་མི་ཆད་དོ། །སྐྱེས་པ་མེད་པ་བྱས། ཆོས་ལས་འདས་པ། རྩོལ་སྒྲུབ་དང་བྲལ་བར་བསྟན་པའོ། །དེ་རྣམས་གཟིགས་པ་དྲུག་གི་ཆོས་རྣམས་གསུངས་ཚུལ་ཡིན་ནོ། །ཨེ་ཀ་ཙ་ཏི་ཉོན་ཅིག །ཆོས་དེ་རྣམས་སྤྱོད་པའི་འབྲས་བུ་ལས། དགེ་འདུན་གསུམ་འབྱུང་སྟེ། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། བདེར་གཤེགས་རང་བཞིན་ནོ། །དེ་རྣམས་ཐེག་པ་འོག་མ་དང་སྒྲ་མཐུན་ཀྱང་། དོན་ལ་ཆོས་དང་ལམ་གྱི་ཁྱད་པར་འདི་འདྲ་ཡོད་དེ། འབྲས་བུ་དང་འགྲུབ་པའི་ཁྱད་པར། དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའི་ཁྱད་པར། དེ་རྣམས་དང་རང་སངས་རྒྱས་ཀྱི་ཁྱད་པར། དེ་རྣམས་དང་སྐལ་ལྡན་གྱི་ཁྱད་པར། དེ་ལ་ཉན་ཐོས་དགྲ་བཅོམ་པ་ལ། སྐུ་སྤྲིན་དཀར་ལྟ་བུ། གསུང་གཞན་ལ་ཆོས་སྟོན་མི་ནུས། ཐུགས་དྲན་པར་དྲག་པོར་ཉོན་མོངས་པ་མི་སྐྱེ། ཞི་གནས་རྩེ་གཅིག་པའོ། །སྤྱོད་པ་རང་དོན་གཅིག་པུ་བྱེད་དོ། །བྱང་ཆུབ་སེམས་དཔའ་ལ་ཟླ་བ་ལྟ་བུ་ཡོད། གསུང་གཞན་ལ་ཆོས་སྟོན་མི་ནུས། ཐུགས་རང་དོན་དུ་ཆོས་ཉིད་སྟོང་པ་ཉིད་བྷཻཾ། ཞི་གནས་རྩེ་གཅིག་པ་དང་། སངས་རྒྱས་པ་དང་། གཞན་དོན་དུ་སེམས་ཅན་ལ་གདུང་སེམས་དང་སྙིང་རྗེ་བསྐྱེད་དོ། །མངོན་ཤེས་ཡོད་པ་ས་ལ་གནས། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རང་གཞན་གཉིས་ཀའི་དོན་བྱེད། དེ་དང་སངས་རྒྱས་ཀྱི་ཁྱད་པར་ནི། སངས་རྒྱས་ལ་སྐུ་གསུམ་དབྱེར་མེད་གསུངས། ཆོས་སྒོ་དཔག་མེད་གསུངས། ཐུགས་རིག་པ་རང་ཤར་དུ་གནས། མཁྱེན་པ་ཐམས་ཅད་མཁྱེན། འོད་དཔག་ཏུ་མེད། ས་ལམ་བསྒྲོད་མི་དགོས་པའོ། །དེ་རྣམས་དང་བདེར་གཤེགས་རིག་འཛིན་དངོས་གྲུབ་ཐོབ་ནས། རང་གྲོལ་བའི་རིག་པའི་ཁྱད་པར་ནི། གཞི་ཡེ་སངས་རྒྱས་པ་ལ། ལམ་མངོན་སངས་རྒྱས། འབྲས་བུ་རྫོགས་སངས་རྒྱས་ནས། ཆོས་སྐུས་ནམ་མཁའ་ཁྱབ་ཚད་ཀྱི་དོན་བྱེད། ལོངས་སྐུས་སྣང་བ་ཁྱབ་ཚད་དང་། སྤྲུལ་སྐུས་རིག་པ་ཁྱབ་ཚད་གྱི་དོན་བྱེད་དོ། །ཚད་ལས་འདས་སོ། །འདིའི་དུས་སུ་གཞི་ཡེ་སངས་རྒྱས་པའི་སྐུ་གསུམ་འཇའ་ལོག་པ་ཡི ན་ཏེ། ངོ་བོ་སྟོང་པ་ཆོས་སྐུ་འཇའ་ལོག་ནས་གནམ་གང་གི་ཟླ་བ་ལྟར། ཕྱི་ནང་མེད་པར་གསལ། རང་བཞིན་གསལ་བ་ལོངས་སྐུའི་འཇའ་ལོག་ནས། ནང་ལོངས་སྐུ་འོད་འབར་བའི་ཞིང་ཁམས་དང་སྐུ་རུ་གསལ། ཐུགས་རྗེ་འགག་མེད་སྤྲུལ་སྐུ་འཇའ་ལོག་ནས། ཡེ་ཤེས་ལྔའི་རང་མདངས་ཐུགས་རྗེ་སྤྲུལ་སྐུ་གོང་དུ་བཤད་པ་ལྟར། སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ། དེའི་བློ་དང་འཚམས་པའི་ཆོས་སྡེ་དང་། ལྟ་སྤྱོད་འབྲས་བུ་རེ་སྟོན་པའོ། །དེ་ལྟ་བས་ན་གདམས་པ་འདི། སྐུ་གསུམ་ལ་མི་རེ་བའི་ཆོས་ཡིན་པས། གཅེས་བར་ཟུངས་ཤིག །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། གྲོལ་བས་མི་ཆོག་སངས་རྒྱས་དགོས། སངས་རྒྱས་པས་མི་ཆོག་གཞན་དོན་བྱེད་དགོངས་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་སུམ་ཅུ་ཐམ་པའོ། །྅྅྅ ཀྱེ་ཉོན་ཅིག །གཞན་དོན་མཛད་ནས། སངས་རྒྱས་མྱ་ངན་ལས་འདས་པར་བསྟན་པ་ནི། སངས་རྒྱས་ཀྱི་ཆེ་བ་མཐའ་རྫོགས་ནས། རིན་པོ་ཆེའི་སྤུབས་སུ་འཇུག་པ་ཡིན་ཏེ། རང་སྣང་དག་པས་གཞན་དོན་བྱེད་པ་ལ། གཞན་སྣང་གི་ཡུལ་མེད། རིག་པ་དྲི་མེད་དབྱིངས་སུ་ཤར་བས་བྷཻཾ་པའི་དྲན་པ་མེད། ཐམས་ཅད་མཁྱེན་པའི་ཡེ་ཤེས་གསལ་ཏེ། དམ་པའི་ཆོས་བྱེད་མེད། ཡེ་ཤེས་ཀྱི་སྐུ་ཡོད་དེ། སེམས་ཅན་གྱི་གཟུགས་མེད། སྐྱེ་མེད་དོན་གྱི་གསུངས་ཡོད་ཏེ་སེམས་ཅན་གྱི་ངག་མེད། ཐུགས་ཆོས་ཉིད་རིག་པ་རང་གསལ་ཡོད་དེ། ཕ་རོལ་ཚོར་བའི་འདུ་ཤེས་ཀྱི་སེམས་མེད། འབྲས་བུ་རྫོགས་སངས་རྒྱས་ནས་བདག་ཏུ་འཛིན་པ་མེད་པའོ། །ཡེ་ཤེས་སྒོ་ལྔ་དག་པའི་སྤྱན་ཡོད་དེ། འཁྲུལ་སྣང་གི་སྒོ་ལྔ་མེད་པའོ། །རང་བཞིན་གྱི་དཀྱིལ་འཁོར་མ་འདྲེས་པར་རང་གསལ་ཏེ། ཡིན་མིན་གྱི་འབྱེད་པ་བྱེད་པ་བཞིན་ལྟ་བུ། དུས་སྔ་ཕྱི་དང་། མུན་པ་དང་། སྣང་བ་དང་། འབྱུང་བ་དང་། གདོས་བཅས་ཅན་དང་། སྲིད་པའི་ཆོས་ཐམས་ཅད་དག་པའོ། །ཆོས་སྐུ་མྱ་ངན་མེད་པར་བྱུང་བས། མྱ་ངན་ལས་འདས་པ་ཞེས་མིང་དུ་བཏགས་སོ། །སྐུ་ལ་སྒྲིབ་པ་མེད་པས་གཟུགས་ཀྱི་འཁྲུལ་པ་ཞིག །དབུགས་ཀྱི་འདོར་ལེན་མེད་པས་འབྱུང་བའི་འཁྲུལ་པ་ཞིག །ཁམས་ཀྱི་བདེ་སྡུག་མེད་པས་ཟག་བཅས་ཀྱི་འཁྲུལ་པ་ཞིག་པ་ཞེས་གསུངས་ཏེ། སངས་རྒྱས་ཀྱང་མྱ་ངན་ལས་འདས་པ་གཅེས་པར་འབྱུང་ངོ་། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། གསང་བ་བླ་ན་མེད་པའི་སྐོར་ལས། མྱ་ངན་ལས་འདས་པར་བསྟན་པ་བཤད་པའི་ལེའུ་སྟེ་བརྒྱ་དང་སོ་གཅིག་པའོ། །྅྅྅ ཡང་ཨེ་ཀ་ཙ་ཏི་ལས་ཀྱི་དབང་མོ་ཆེས་གཙོ་བྱས། མཁའ་འགྲོ་མ་ཐམས་ཅད་ཀྱིས་འདི་སྐད་ཅེས་བསྐུལ་ཏོ། །ཀྱཻ་ཡུམ་ཆེན་མོ་ཁྲོས་མ་ནག་མོ་ཆོས་ཉིད་ཀྱི་བར་དོ་ཡན་ཆད་གྲོལ་བའི་གདམས་པ་བསྟན་པ་ངོ་མཚར་རོ། །ཨ་ལ་ལ་ཧོ། རྨད་དུ་འབྱུང་བ་བརྡ་ཐིམ། གལ་ཏེ་དབང་པོའི་ཁྱད་པར་རམ། ལས་ངན་པ་རྣམས་ལ་སྲིད་པའི་བར་དོ་ཇི་ལྟར་འཆར་ཚུལ་བསྟན་དུ་གསོལ། ཅེས། ཕྱི་ནང་གསང་བའི་མཆོད་པས་མཉེས་པར་བྱས་ནས་ཞུས། སྟོན་པའི་འཛུམ་པའི་མདངས་ཕྱུང་ནས། བཀའ་སྩལ་པ། ཀྱཻ་འདུས་པའི་འཁོར་རྣམས་གུས་པས་ཉོན་ཅིག །གོང་མའི་ངོ་སྤྲོད་རྣམས་མ་ཐོབ་ན། ཅི་ལྟར་བྷཻཾ་སྒྲུབ་རེམ་ཀྱང་། ཆོས་ཉིད་ཀྱི་བར་དོ་ཞག་ལྔ་པོ་དེ་ངོ་མ་ཤེས་ཏེ། ཅིའི་ཕྱིར་སྐུ་དེ་ལ་འཇིགས། སྒྲ་ལ་སྔངས། འོད་ཀྱི་སྐྲག །ཟེར་ལ་སྔངས། སྣང་བ་ཐམས་ཅད་དགྲར་ལངས་ཏེ། སྒྲ་རྣམས་ཐམས་ཅད་གཤིན་རྗེའི་སྐད་དུ་གྱུར་ནས། ཟུངས་ཤིག །རྒྱོབ་ཅིག །ཆིངས་ཤིག །ཡུལ་འདི་ཡི་མི། མིང་འདི་ཞེས་པས་སྲོག་དང་ཕྲོལ་ཅིག །ཅེས་པ་སྣ་ཚོགས་པའི་སྒྲར་གྲགས་སོ། །སྐུ་ཐམས་ཅད་ལྷ་སྲིན་སྡེ་བརྒྱད་དང་། བདུད་དང་། གཤིན་རྗེར་གྱུར་ནས་འཇིགས་སོ། །སྐུའི་ཟེར་ཐམས་ཅད་མཚོན་ཆ་སྣ་ཚོགས་པས། རང་གི་སྙིང་ཁར་བཙུག་པར་མངོན། ཡེ་ཤེས་ཀྱི་འོད་ཉི་མ་འབུམ་ཙམ་སྣང་སྟེ་བལྟར་མི་བཟོད་དོ། །དེར་ཡ་ང་ནས་བྲོས་པས་ལྷ་ཚོགས་དེ་རྣམས་ཐམས་ཅད། རང་གི་ཕྱོགས་སུ་རུབ་རུབ་ལ་འདུས་ཏེ། སླར་ཡང་འཇིགས་སོ། །སྔང་ངོ་། །སྐྲག་གོ། །བརྒྱལ་ལོ། །འགྱེལ་ལོ། །དེའི་དུས་ཀྱི་ཚེ། རང་ལུས་མེད་ཀྱི་ཡིད་ཀྱི་ལུས་སུ་གྱུར་ཏེ། བྱིས་པ་ལོ་བརྒྱད་པ་ཙམ། །ཚེ་ཚད་ཞག་པོ་ཉེར་གཅིག་འབྱུང་སྟེ། ཚེ་སྔ་མའི་ལུས་དེ་ཡོད་སྙམ་ནི་བྱེད། དབང་པོ་ཚང་ཞིང་གང་ལ་ཡང་ཐོགས་པ་མེད་པ། རྫུ་འཕྲུལ་འཕགས་པ་དང་མཉམ་པ། བར་དོར་ནང་ལ་ནང་དང་། ལྷའི་མིག་རྣམ་པར་དག་པ་དང་། མིག་རྣོ་མཁན་གྱི་མཐོང་བ། སྔར་གྱིས་བག་ཆགས་དགེ་མི་དགེ་ལ་སྤྱོད་པ་སྙམ་དང་། སེམས་རྟེན་དང་འབྲལ་བའི་སྟོབས་ཀྱིས། རང་བཞིན་བག་ཆགས་དྲན་ཅིང་ཡ་ང་བ། ཇི་ལྟར་བྱས་ཀྱང་ཚིག་པ་ཟ་བ་གཅིག་ཏུ་སྡོད་མི་ཚུགས་ཏེ། ཤེས་པ་ཕྱད་ཕྱོད། བན་བུན་ལ་སོང་བ། ཀྱེ་མ་ཀྱེ་མ། བདག་འཆི་འདུག་སྙམ་པས། སྙིང་མི་དགའ་ཞིང་ཉ་བྱེ་ཚན་ལ་བསྒྲིལ་བ་ལྟ་བུར་གྱུར་ཏོ། །དེ་ཡང་ཆོས་འདིའི་དབང་དང་ངོ་སྤྲོད་ཐོབ་ནས། གོང་དུ་མ་འ གྲོལ་བའི་དབང་པོ་ཐ་མའི་རིགས་རྣམས་ལ། སྒྲ་འོད་རྣམས་རིམ་གྱིས་ཉི་མ་རྒས་པ་ལྟར་ཡལ་ནས། ཀྱེ་མ་ཀྱེ་མ་ཤི་ནས་འདུག་པས། ལུས་ཚོལ་སྙམས་ནས་དྲན་མ་ཐག་ལས། ཁང་བཟང་དང་། རི་སུལ་དང་། མུན་ཁུང་དང་། གྲོག་ཕུག་ཆུད་པ་སྙམ་པ་ལས། རིམ་པ་བཞིན་དུ་རིགས་དྲུག་ཏུ་སྐྱེ་བ་ལེན་ཏེ། ད་ལྟ་བས་ཤེས་པ་བདུན་འགྱུར་གྱིས་གསལ་ཞིང་རྗེས་དྲན་དྲུག་འཆར་ཏེ། བླ་མ་དང་གདམས་པ་དྲན་འོངས་པས། དབང་པོ་ཐ་མའི་རབ་སྒྱུ་མ་ལྟ་བུའི་བློ་འཁོར་བ་རུ་བཟློག་སྟེ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། དཔལ་རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་མཆི། ཞེས་དེའི་ཆ་ལུགས་དྲན་པ་ཙམ་གྱིས། ཞིང་ཁམས་དེར་མེ་ཏོག་པདྨ་ལ་ཁྱེའུ་ཆུང་ལོ་བརྒྱད་པའི་ཐལ་ལོ་གྱུར་ནས་གྲོལ། ཞིང་ཁམས་གཞན་དུ་དེ་དང་ཡང་འདྲའོ། །ཐ་མའི་ཐ་མ་དབང་པོ་དགུའི་ཐ་མ་དེ་ཡང་། །བླ་མ་དྲན་པ་ཙམ་ལས། ལས་བཟང་པོའི་འཕྲོ་མཐུད་དེ། ཡུར་བ་རྐ་ཆག་པ་ལ་ཝ་བཙུག་པ་ལྟར་གདམས་པ་འདི་ལ་མོས་པ་དང་། རྣ་བར་ཐོས་པ་ཙམ་གྱི་མཐུས། ཕ་མ་ཆོས་ལྡན་དད་པ་ཅན་གྱི་མང ལ་དུ་ཚུད་ནས། དལ་འབྱོར་བཅོ་བརྒྱད་དམ། མཐོ་རིས་བདུན་ལྡན་དུ་སྐྱེ་ནས། ལོ་བཅུ་གསུམ་མམ། བཅོ་བརྒྱད་དམ། ཉི་ཤུ་རྩ་བརྒྱད་ནས་ཆོས་འདི་དང་འཕྲད་ནས། ཟག་བཅས་ཀྱི་ཕུང་པོ་ལྷག་མ་མེད་པ་ལ་འགྱུར་བ་ལ་ཐེ་ཚོམ་ཡོད་རེ་ཀན། དེའི་ཕྱིར་རྒྱུད་འདི་རེག་པ་དང་། བཅངས་པ་དང་ཐོས་པ་ཙམ་དང་། བྲིས་པ་ཙམ་གྱིས་གྲོལ་བར་ངས་ལུང་བསྟན་ནོ། །ཐེ་ཚོམ་དང་སོམ་ཉི་མ་བྱེད་ཅིག །ངོ་སྤྲོད་ཅིང་བྷཻཾ་པ་རྣམས་ལ་ནི་ལྟ་ཅི་སྨོས་ན། དེའི་ཕྱིར་གཅེས་པར་ཟུངས་ཤིག །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། བར་དོ་གསང་བ་བླ་མེད་དུ་ཕྱི་མའི་སྐབས་ན། དབང་པོ་ཐ་མ་གསུམ་གྱི་སྲིད་པ་བར་དོ་འཆར་ཚུལ་ལམ། གྲོལ་ཚུལ་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་གཉིས་པའོ། །྅྅྅ ཀྱེ་ཨེ་ཀ་ཙ་ཏི་ཉོན་ཅིག །འདི་ནས་སྡིག་པོ་ཆེ་དང་ཕལ་པའི་བར་དོ་འཆར་ཚུལ་བསྟན་ཏེ། ཤི་མ་ཐག་ནས་ཞག་ལྔ་བརྒྱལ་བར་འགྱུར་ཏེ། གོང་མའི་གཤིན་རྗེ་རྣམས་ཀྱི་སྐྲག་པས། ཁ་གདངས། མིག་གདངས། སྤར་བ་འཐམས། རོ་རེངས་པར་འགྱུར་རོ། །དེ་ནས་བརྒྱལ་སངས་མ་ཐག་ལས་མ་དག་པའི་གཤིན་རྗེའི། ཡུལ་སྐྱ་ཐང་ཞེས་པ། རི་མེད་ཉི་མ་རྒས་ཁ་སྐྱོ་ཞིང་འཇིགས་པ་ཞིག་ཏུ་སླེབ་སྟེ། ལྷ་ལམ་དཀར་ལ་འཇམ་པ་ཞིག་ཕར་ལ་ནར་རེ་བྱས། གཤིན་ལམ་ནག་ལ་རྩུབ་པ་མཚོན་གཟིངས་པ་ལྟ་བུ་ཞིག་མར་ལ་ནར་རེ་བྱས་པའི་མཚམས་སུ་ཕེབ། རྣག་ཁྲག་གི་ཆར་པ་འབབ། འཇིགས་པའི་མུན་ནག་གིས་བསུ། དྲག་པོའི་རླུང་འཚུབས་ཀྱིས་ཕུལ་ནས་སྡུག་བསྔལ་ལོ། །ལམ་དེའི་མཚམས་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ། སྐུ་ཆེ་ཆུང་རི་རབ་ཙམ་ལ། ཡ་སོས་མ་མཆུ་མནན་པ། མིག་ཤེལ་མིག་དུ་ལྟ་བ། སྐྲ་སྤྱི་གཙུག་དུ་བཅིང་བ། གསུས་པ་ཆེ་བ། ཉ་སུལ་རག་པ། གཡས་སུ་ཁྲམ་ཤིང་། གཡོན་ཐོད་ཁྲག་གསོལ་བ། ཞལ་ནས་རྒྱོབ་ཅིག །སོད་ཅིག །ཟུངས་ཤིག་སྒྲོགས་པ། ཐོ་ཕྱི་ཐམས་ཅད་ནས་མགོ་ལུས་བྲེག་པ་དང་། གསོད་པ་དང་། བརྡུང་བ་དང་། བསྲེག་པ་དང་། འཆིང་བ་དང ། བཙོད་པ་དང་། སྣ་ཚོགས་པས་བསྐོར་ཞིང་། གཡོག་འཁོར་ཨ་བ་སྦྲུལ་མགོ་དང་། འཇིགས་པའི་སྟག་གི་མགོ་དང་། ཡཀྴ་གླང་མགོ་དང་། ཟ་བྱེད་ཕག་མགོ་ལ་སོགས་དུ་མས་ཁེངས་པའི་དཀྱིལ་དུ་སླེབ་བོ་སྙམ་པ་ལ། ལྷན་ཅིག་སྐྱེས་པའི་ལྷས་དགེའ་བའི་རྡེའུ་དཀར་པོ་འདྲེན། ལྷན་ཅིག་སྐྱེས་པའི་འདྲེས་སྡིག་པ་བྱས་པའི་རྡེའུ་ནག་པོ་འདྲེན། དེས་རང་ཉིད་སྔངས་ཞིང་བྲེད་ནས། སྡིག་པ་མ་བྱས་ཟེར་ཞིང་རྫུན་བཏབ་པར་བྱས་ཏེ། གཤིན་རྗེའི་ལས་ཀྱི་མེ་ལོང་བསྟན་པ་དང་། གང་ཡོད་བཀྲ་ལམ་གྱིས་འཆར་བར་འགྱུར་རོ། །དེར་ཁྲམ་བམ་དཀར་ནག་ལ་བལྟས་ཀྱང་ནག་པོ་འབྱུང་བར་འགྱུར། དགེའ་སྡིག་འགྱུར་ཁྱད་ཀྱིས་སྲང་ལ་འཇལ་ཡང་སྡིག་པ་ལྕི་བ་དང་། རྫུན་གྱི་ཤུལ་མ་ཐུབ་མ་འཁྱོག་པས། ལྷན་ཅིག་སྐྱེས་པའི་ལྷ་ནི་ན་བུན་ཡལ་བ་ལྟར་ཡལ་བར་འགྱུར་རོ། །ཡང་དགེ་བ་སྟོབས་ཆེ་ན་ནི། ལྷ་དེས་ལག་ནས་འཐེན། ལྷ་མོ་བཅུ་དྲུག་གིས་བསྐོར་ནས། ལྷ་ལམ་དཀར་པོ་ནས་ཡར་ལ་རོལ་མོ་དང་བཅས། སྤྲོ་བ་དང་བཅས་ནས་འགྲོ་སྟེ། མཐོ་རིས་གནས་གསུམ་དུ་སྐྱེའོ། །སྡིག་པ་ཅན་རྣམས་ལས་ཀྱི་གཤིན་རྗེ་རྣམས་ཀྱིས། སྐེ་ལ་ཐག་པ་བཏགས་ནས་དྲུད། སྐེ་བྲེག །སྙིང་འདོན། རྒྱུ་མ་ཟ། ཀླད་པ་ལྡག །ལྷ་བ་འཇིབས། ད་རུང་ཞག་ལྔར་འཆི་བར་མི་འདོད་དོ། །ལས་ངན་པ་བསགས་པས། ཡང་ཤི་ཡང་སོས་ཀྱི་སྡུག་བསྔལ་དཔག་མེད་མྱོང་བར་འགྱུར་རོ། །དེ་ལྟར་ཞག་ལྔ་སོང་བ་དང་། སྐད་ཅིག་ལ་སྣང་བ་དེ་རྣམས་ནུབ་ནས། གོང་གི་སྲིད་པའི་བར་དོའི་ལུས་དེར་གྱུར་ཅིང་། ཡང་ཡུད་ཕྱད་ཕྱོད་དུ་འཁྱམས་པས། རང་གི་ཉེ་དུ་དང་གཟའ་རོགས་རྣམས་ཀྱིས། ངུ་བ་དང་། སྨྲེ་སྔགས་དང་། མཆི་མ་འདོན་པ་དང་། སྡུག་བསྔལ་ཅིང་། མིང་ནས་འབོད་པ་རྣམས་མཐོང་ནས། ཀྱེ་མ་བུ་ང་ཤི་བ་ཡིན་པར་འདུག་པས། ཀྱི་ཧུད། ད་ཅི་ཙུག་བྱ་ན་དྲག་སྙམས་པ་ལས། སྙིང་ཚ་ཧད་པ་ཅིག་བྱུང་བ་དང ། དུས་མཉམ་དུ་ཉ་བྱེ་ཚན་ལ་བསྒྲེས་པ་འམ། སོས་ཀའི་བྱེ་ཚན་ཁར་མར་བཞག་པ་ལྟར་གྱུར། ལྕགས་ཀྱི་ཤལ་མ་རིའི་མཚོན་སྣ་ཚོགས་པ་གཟིངས་པས། སྤུ་གྲིའི་ལམ་དུ་ཡོད་པས་རྩར་སླེབས་ནས། ངུ་བ་རྣམས་ལ་ང་འདི་ན་ཡོད། མ་ངུ་བྱས་ཀྱང་། དེ་རྣམས་ཀྱིས་མི་ཚོར་ཅིང་། རི་དེའི་རྩར་འོང་། དེར་ཕྱིན་ནས་མཚོན་ཆ་རྣམས་ལ་ཤ་ཁྲག་ཟག་ནས། སྡུག་བསྔལ་ཅིང་ཡོད་པའི་དུས་སུ། ཡང་རིའི་རྨིང་དུ་ངུ་བ་རྣམས་འོང་ངོ་། །ཡང་དེར་ཕེབ་པའི་སྡུག་བསྔལ་གྱིས་མནར་བའོ། །དེ་ནས་ལུས་ཚོལ་དགོས་སྙམས་ནས། ཕུག་པ་འདུག་ཚད་ནང་དུ་འཚང་བའི་སྣང་བ་ཞག་ཉེར་གཅིག་དུ་འབྱུང་ངོ་། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། སོ་སོ་སྐྱེ་བོ་རང་འཐད་ཐ་མལ་པ་ལ། སྲིད་བ་བར་དོ་འཆར་ཚུལ་བཤད་པའི་སྐབས་ཀྱི་ལེའུ་སྟེ་བརྒྱ་དང་སོ་གསུམ་པའོ། །྅྅྅ ཨེ་ཀ་ཙ་ཏི་མཁའ་འགྲོ་མ་ཀུན་གྱི་གཙོ་མོ། ལས་ཀྱི་དབང་མོ་ཆེ་ཉོན་ཅིག །གོང་གི་སྲིད་པ་བར་དོར་དེ་རྣམས་ཀྱི་སྣང་བ་འབྱུང་བའི་ཚེ། ལས་དགེ་བ་ཤས་ཆེ་ཞིང་། ང་རྒྱལ་ཤས་ཆེ་ཞིང་ཆེ་བ་རྣམས། འོད་དཀར་པོ་བཀྲག་མེད་ཀྱི་ནང་དུ། ལྷ་ཁང་དུ་ཚུད་སྙམ་པ་ལས། ལྷའི་མངལ་དུ་ཚུད་ནས་ལྷ་རུ་སྐྱེ་སྟེ། ལས་ངན་པ་དག་པ་དང་། ལྷའི་ཐུབ་པས་ཕྱིའི་ཆོས་བཤད། ལྷའི་གུ་རུས་ནང་གི་དབང་བསྐུར་ནས་གྲོལ་ལོ། །གལ་ཏེ་མ་དག་ན། དམྱལ་བ་ལྷུང་བར་འགྱུར་ཞིང་། འཁོར་བ་ལ་མཐའ་མེད་དོ། །ཀྱེ་འོད་སྔོན་པོ་བཀྲག་མེད་གྱི་ནང་། སྤྲིན་དང་སྨུག་པའི་ནང་དུ་ཚུད་སྙམ་པ་ལས། ཕྲག་དོག་ཤས་ཆེ་བ་རྣམས་ལྷ་མ་ཡིན་དུ་སྐྱེས་ཏེ། ལས་ངན་པ་དག་པ་དང་། ལྷ་མིན་གྱི་ཐུབ་པས་ཕྱིའི་ཆོས་བཤད། ལྷ་མིན་གྱི་གུ་རུ་ལ་ནང་གི་དབང་ཐོབ་ནས་གྲོལ། གལ་ཏེ་མ་དག་ལྷ་དང་མཚུངས། ཀྱཻ། འདོད་ཆགས་ཤས་ཆེ་བ་རྣམས། འོད་ལྗང་དམར་དུ་མཐོང་། སྣང་བ་ཁྱིམ་བཟང་པོའི་ནང་དུ་ཚུད་སྙམས་པ་ལ། ཕ་མའི་མངལ་དུ་ཚུད་ནས་མིར་སྐྱེས་ཏེ། ལས་ངན་པ་དག་པ་དང་། མིའི་ཐུབ་པ་རྣམས་ལ་ཕྱིའི་དབང་ཐོབ་བོ། །མིའི་གུ་རུ་རྣམས་ལ་འབྲས་བུ་གསང་སྔགས་ཀྱི་དབང་ཐོབ་ནས་གྲོལ་བར་འགྱུར་རོ། །ཀྱཻ། ལས་སྡིག་པ་ཤས་ཆེ་ཞིང་། གཏི་མུག་ཤས་ཆེ་བ་རྣམས་ནི། འོད་ཟེར་སེར་མདོག་པའམ། མུན་པ་ལྟ་བུ་ལ་གྲོག་པོ་ཕུག་རྡུགས་སམ། བྲག་ཕུག་ནང་དུ་ཚུད་སྙམས་པའི་ཚེ། བྱོལ་སོང་དུ་སྐྱེས་ཏེ། ལས་དག་པ་དང་། བྱོལ་སོང་གི་ཐུབ་པ་རྣམས་ཀྱིས་ཕྱིའི་ཆོས་བཤད། བྱོལ་སོང་གི་གུ་རུ་རྣམས་ལ་འབྲས་བུ་གསང་སྔགས་གི་དབང་ཐོབ་ནས་གྲོལ་བར་འགྱུར་རོ། །ཀྱཻ། སྡིག་པ་སེར་སྣ་ཤས་ཆེ་བ་རྣམས་ནི། འོད་མོག་མོག་གི་ནང་དུ། སྡོང་དུམ་མམ་ཁང་སྟོང་ངམ། ས་ཕུག་གཏིང་རིང་དུ་ཚུད་སྙམ་པ་ལ། ཡི་དྭགས་སུ་སྐྱེས་ཏེ། ལས་དག་པ་དང་། ཡི་དྭགས་ཀྱི་ཐུབ་པ་རྣམས་ཀྱིས་རྒྱུའི་ཆོས་བཤད། ཡི་དྭགས་ཀྱི་གུ་རུ་རྣམས་ཀྱིས་འབྲས་བུ་གསང་སྔགས་ཀྱི་དབང་བསྐུར་ནས་གྲོལ། ཀྱཻ། སྡིག་པ་ཁམས་པོ་ཆེ་ན། དམ་ཉམས་དང་། སྡོམ་པ་ཉམས་པ་དང་། བསླབས་པ་ཉམས་པ་དང་། ཞེ་སྡང་ཤས་ཆེ་བ་རྣམས། འོད་མོག་མོག་གི་ནང་། བྲག་ལ་ཆུ་འཐབས་སམ། རོ་མྱག་གི་འདམ་བར་དུ་ཚུད་སྙམས་པ་ལ། དམྱལ་བར་རྫུས་སྐྱེས་སུ་ཁྲོང་གྱུར་ནས། སྡུག་བསྔལ་སྤྱོད་ཅིང་། ལས་ངན་པ་དག་པ་དང་། དམྱལ་བའི་ཐུབ་པས་རྒྱུའི་ཆོས་བཤད། དམྱལ་བའི་གུ་རུ་ལས་འབྲས་བུ་གསང་སྔགས་ཀྱི་དབང་ཐོབ་ནས་གྲོལ་ལོ། །ལས་མ་ཟད་པ་རྣམས་ནི་རིགས་དྲུག་གཞན་ཡང་བསྒྲོད་པ་དང་། ཐར་བའི་མཐའ་མེད་དོ། ཀྱཻ་ཉོན་ཅིག་དེའི་དུས་སུ་སོ་སོའི་ཕ་མ་སྦྱོར་བ་བྱེད་པ་མཐོང་བར་འགྱུར་ཏེ། དེའི་ཚེ་འདི་འདྲ་བའི་དྲན་པ་བདུན་འགྱུར་གྱིས་གསལ་ཅིང་། རྗེས་དྲན་དྲུག་འཆར་ཞིང་། དཀོན་མཆོག་གསུམ་མམ། བླ་མའམ། ཡི་དམ་གྱི་སྙིང་པོ་དྲན་པ་ཙམ་གྱིས་འདོད་སྲེད་ལ་མ་ཆགས་ན། སྤྲུལ་སྐུའི་དབུགས་ཕྱུང་ཞིང་། དེ་ལོངས་སྐུར་གྲོལ་ལོ། །དེ་ཉིད་ཆོས་སྐུ་ཀ་དག་གི་ས་ལ་གྲོལ་བར་ངེས་པ་ཡང་ཡོད་དོ། །ཀྱཻ་མངལ་སྒོ་གདམས་པ་ནི། རིགས་དྲུག་གི་ཕ་མ་སྦྱོར་བ་བྱེད་པ་ལས། ཆགས་སྡང་མེད་པར་ཞེན་ལོག་རིག་པ་ཅིག་དྲན་ནས། ལྷ་དང་བླ་མ་ཡབ་ཡུམ་དང་། ཡ་རབ་རིགས་ལྡན། སྦྱོར་བར་བྱེད་པའི་བར་དུ་ཧུར་གྱིས་འཚངས་ཕྱིན་པས། ལས་བཟང་པོའི་འཕྲོ་མཐུད་ནས། རིགས་ལྡན་དུ་སྐྱེ་ཞིང་། ཡར་ཡར་མཐོ་བར་གྱུར་ནས་གྲོལ་བ་ཡང་ཡོད་དོ། །ཀྱཻ་ལས་ཀྱི་དབང་མོ་ཆེ་ཉོན་ཅིག །ལས་དེ་རྣམས་དྲན་པ་ནི་ཤིན་ཏུ་དཀའ་སྟེ། དཔེར་ན་ཆུ་མཐུར་ལ་རྒྱུག་པ་ནི་མང་། གྱེན་ལ་འགྲོ་བ་ནི་ཉུང་བ་བཞིན་ནོ། །ཕལ་པ་རྣམས་ལ་འདི་ལྟ་སྟེ། ལས་ངན་ཡིད་གཟུགས་དེ། ལུས་བག་ཆགས་བར་སྣང་ལ་བོར་སྙམས་ནས། ནམ་མཁའི་སྣང་བ་ཞག་ལྔ་འཆར་རོ། །དེ་ནས་ལུས་ས་འོག་དུ་མནན་སྙམས་པའི་བར་དོ་ཞག་ལྔ་འཆར་རོ། །དེ་ནས་རླུང་གིས་ཁྱེར་ཅིང་བཏེགས་པའི་སྣང་བ་ལ། རླུང་གི་བར་དོ་ཞག་ལྔ་སྟེ། ཉི་ཤུ་རྩ་ལྔ་འབྱུང་བའི་བར་དོ་ཆེན་མོ་འབྱུང་ངོ་། །དེ་ནས་རྫོགས་ལྡན་མུན་པ་ནག་པོར་ཞག་བདུན་བསྡད་ནས། ངན་སོང་དུ་འཁོར་ཏེ། གོང་གི་ལུས་མེད་པའི་ལས་འབྲས་གཙོ། ལར་སྲིད་པའི་བར་དོར་གཤིན་རྗེའི་སྔངས་སྐྲག་ལ་ཞག་ལྔ། སྲིད་པའི་བར་དོར་ཞག་ཉེར་གཅིག །འབྱུང་ལྔའི་བར་དོར་ཞག་ཉེར་ལྔ། མུན་པའི་གླིང་ལ་བར་དོར་ཞག་བདུན། ཞག་ལྔ་བཅུ་ང་བརྒྱད་པོ་གཤིན་ཞག་ཡིན་ནོ། །ཀྱཻ་དེ་བར་དུ་དགེ་བའི་ར་མདས་བསྙག་པ་ཡིན་པས། ཆེ་ཆུང་རབ་འབྲིང་ཐ་མ་རྒྱུ་དང་། བསམ་པ་དང་། དངོས་པོ་དང་། ཞིང་དང་། བསྔོ་བ་དང་། སྨོན་ལམ་རྣམ་པར་དག་པ་ལས་འབྱུང་བས། འཁྲུལ་བ་ཆེན་པོ་སྡུག་བསྔལ་གྱི་སྡུག་བསྔལ་ངན་སོང་གསུམ་ནས་ཐོན་ནས། མཐོ་རིས་སུ་སྐྱེ་བའང་ཡིན་ནོ། །ཡང་བླ་མ་ཐུགས་རྗེ་ཅན་གྱིས་རིགས་དྲུག་གི་སྒོ་བཀག་ནས། ཡི་དམ་གྱི་སྲས་སུ་འཕངས་པ་དང་། སྤྲུལ་སྐུར་འཕངས་ནས་སྤྲུལ་པ་དང་། ཀ་དག་གིས་ས་ལ་བསྐྱལ་བ་ལ་སོགས་བདག་རྐྱེན་གཞན་རྐྱེན་གྲོལ་བ་ཐོབ་པའི་ཐབས་སུ། དུ་མ་ཞིག་ཡོད་པས། ཡིད་ལ་བཟུང་ལ་གསོན་དོན་དང་། གཤིན་དོན་དང་། འཕོ་བ་དང་། བཏགས་གྲོལ་དང་། ངོ་སྤྲོད་དང་། འཐེན་སྐྱེས་གསལ་འདེབས་ལ་འབུངས་ཤིག །ཀྱཻ་སེམས་ཅན་གྱི་ནི་ལས་ངན། སྣང་བ་ལ་དགྲར་ལང་། དྲན་པ་ནི་ཅོལ་ཆུང་། ཚོགས་དྲུག་འདི་བྲིད་མཁས། འདོད་ཡོན་འདི་འཕྲོ་བཞིན། འཁོར་བ་འདི་ཉམས་དགའ། ང་བདག་ནི་རུ་ང་། བདག་འཛིན་འཕྲང་དམ། བག་ཆགས་འདི་བཀོག་དཀའ། ལས་ངན་འདི་བསྒྱུར་དཀའ། ལུས་ངན་འདི་སྡིག་ཆེ། ཁམས་གསུམ་ནི་རྫོང་བཙན། གཉིས་འཛིན་ནི་གྲོས་མཁས། ཨ་འཐས་འདི་ཕོ་རུས་ཆེ་བས། སྲིད་པ་རུ་བཟློག་པའི་ཐབས་ལ་འབད་པར་གྱིས་ཤིག །ཨེ་མ་ཧོ། སྐྱེ་ཤི་གཡོའ་བའི་གནས་ལས་ཐར་བའི་ཐབས་འདི་ཉིད་གཅེས་པར་ཟུངས་ལ་སྟོན་ཅིག །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། སྲིད་པ་བར་དོར་གྲོལ་ཐབས་ཀྱི་དབྱེ་བ་བཤད་པ་དང་། རིགས་དྲུག་དུ་འཁོར་ཚུལ་བཤད་པའི་ལེའུ་སྟེ་བརྒྱ་དང་སོ་བཞི་པའོ། །྅྅྅ ཀྱེ་ལས་ཀྱི་དབང་མོ་ཆེ་ཉོན་ཅིག །དེ་ལྟར་ལས་མ་དག་པ་རྣམས་ལ། སྣང་བ་རང་ལོག་པ། སྲིད་པ་ཚང་ལོག་ནས། དམྱལ་བའི་སྣང་བ་འཆར་ཏེ། དེ་ཡང་མེ་མ་མུར་གྱི་འོབས་ཞེས་བྱ་བ། ལྕགས་བསྲེག་གི་ཁང་པ་སྒོ་མེད་དུ་ཚུད་ནས། ཕྱིར་ཐོན་སྙམ་པ་ལས་འཕྱངས་པས། མེ་འོབ་ཀྱི་འཁོར་ལོར་ཚུད་ནས། ལུས་རྡུལ་དུ་བུན་གྱིས་ཚིག་སྙམ་པ་ལས། འཆིར་མི་འདོད་པས། ཐལ་ཚན་བྱེ་ནུར་རྐེད་པ་མན་ཆད། ཟུལ་ཟུལ་ཚིག་ཀྱང་འཆི་མི་འདོད་པར། བསྐལ་པ་གཅིག་གི་བར་དུ་མི་ཐོན་པར་སྡུག་བསྔལ་བ་དང་། རོ་མྱག་གི་འདམ་ཞེས་པ། མི་གཙང་བ་གཅིན་སྐྱག་གིས་འདམ་རྫབ་ལ་རྐེད་པ་མན་ཆད་བརྒལ་བས། སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོས་ཤ་རུས་ཐམས་ཅད་ཟོས་ཤིང་མི་ཐོན་སྡུག་བསྔལ་ཏེ། ཚེ་ཚད་ནི་བར་བསྐལ་གཅིག་ཐུབ་བོ། །ཡང་སྤུ་གྲིའི་ལམ་ནི། ལམ་འཕྲང་ཐམས་ཅད་སྤུ་གྲིའི་རྩེ་བསྣོལ་དུ་གྱུར་ནས། ཡན་ལག་ཐམས་ཅད་གཏུབ་ཅིང་སྡུག་བསྔལ་ལོ། །ཚེའི་ཚད་བསྐལ་པ་གཅིག་ཐུབ་བོ། །ཡང་ནགས་ཚལ་རལ་གྲིའི་ལོ་འདབ་ཅན་ནི། ནགས་མ་ཐམས་ཅད་རལ་གྲིར་སོང་བ་ལ། འཛུལ་ཕྱིན་པས་མགོ་ལུས་ཐམས་ཅད་གཏུབ་པ་དང་། ཤལ་མ་རིར་ཡར་འཛེག་མར་བབ་བྱས་པའི་ཚེ། རེག་པས་མགོ་ལུས་ཕྲལ་བ་ལ་སོགས་ཏེ། སྡུག་སྔལ་ཅིང་། ཚེ་ཚད་ནི་བསྐལ་པ་གཅིག་ཐུབ་བོ། །ཉི་ཚེ་བ་ནི། ཉིན་རེའི་ཚེ་ལ་སྡུག་བསྔལ་འཁོར་བ་ནས་རྒྱུན་མི་ཆད་པ་ཡོད་དོ། །ཉི་ཚེ་ཉེ་འཁོར་རྣམ་པ་ལྔ་ཕྱེས་ནས་མེ་མ་མུར་གྱི་འོབས། ཐལ་ཚན་གྱི་ཆུ་བོ། །རོ་མྱག་གི་འདམ། སྤུ་གྲིའི་ལམ། རལ་གྲིའི་ནགས་ཚལ་དང་ལྔར་ཕྱེས་ནས་བསྟན་པའོ། །དེ་ཡང་ཚ་དམྱལ་བཤད་པ་འདི་ལྟ་སྟེ། ཀྱཻ་ཉོན་ཅིག །ཡང་སོས་ཅན་ཞེས་བྱ་བ། རི་དང་། ར་དང་། ལུག་དང་། མགོ་བརྙན་སྣ་ཚོགས་ཀྱི་བར་ན་གཅར་ནས། ཤོག་བུ་ཙམ་དུ་སོང་ངོ་བསམ་པའི་སྡུག་བསྔལ་དང་། ཡང་རི་དེ་ཉིད་ཕྱིར་གྱེད་སྙམ་པ་དང་། སྔར་ཤུལ་དུ་སོས་པའོ། །ཐིག་ནག་ཅན་ནི། ལྟོ་རྒྱབ་གཉིས་སུ་ཐིག་བཏབ་ནས་དྲ་བའི་སྡུག་བསྔལ་ལོ། །བསྡུས་འཇོམས་ནི། ལྕགས་ཀྱི་གཏུན་གྱི་སྟེང་ན་བཞག་ནས། ལྕགས་ཀྱི་ཐོ་བས་བར་སྣང་ཁམས་ནས། སྤྱི་གཙུག་ཏུ་འབབ་པའི་སྡུག་བསྔལ་ལོ། །ངུ་འབོད་ནི། ལྕགས་བསྲེག་གི་ཁང་པའི་ནང་དུ་བཅུག་ནས། ཕྱོགས་མཚམས་ཀུན་ཏུ་སོལ་བའི་ཕུང་པོ་སྤུངས་ནས། ལྕགས་ཀྱིས་སྤུད་ཁང་ཁྲོལ་ཆག་ཅན་གྱིས་ཕྱིན་ནས་རླུང་གིས་བུས་ནས། ལུས་གཞོབ་ཏུ་ཐུལ་ཐུལ་ཚིག་པའོ། །ཡང་ངུ་འབོད་ཆེན་པོ་ནི། ལུས་ལྕགས་ཀྱི་ཁང་པ་ཉིས་རིམ་དུ་བཅུག་ནས་བསྲེགས་ཏེ། འཆིར་མི་འདོད་པས་འོ་དོད་འབོད་པའོ། །ཚ་བའི་སྡུག་བསྔལ་ནི། ལྕགས་བསྲེག་གི་རིའི་བར་དུ་བཏེགས་ནས། མེ་མ་མུར་གྱི་འོབས་སུ་འབོག་པའི་སྡུག་བསྔལ་ལོ། །ཚ་བ་ཆེན་པོ་ནི། བསྐལ་པའི་མེ་དཔུང་གི་བར་དུ་བསྲེག་པའོ། །མནར་མེད་པ་ནི། ཟངས་དམར་ཁ་སྦྱོར་གྱི་བར་དུ་བ ཅུག་ནས། ཁྲོ་ཆུ་ཁོལ་མར་བཙོད་ཅིང་། དམྱལ་དཔོན་རྣམས་ཀྱིས་སྐྱ་བས་དཀྲུགས་པའི་སྡུག་བསྔལ་ཡོད་དོ། །དེ་ལྟར་ཚ་དམྱལ་རྣམས་ཀྱི་ཚེ་ཚད་ནི། ལྕགས་ཀྱི་རི་ཆེན་པོ་གཅིག་ལ། མིའི་ལོ་བརྒྱད་བརྒྱ་ལ། བྱའི་སྒྲོ་ཞིག་གིས་ལན་རེ་དྲུད་པས། ཟད་པའི་དུས་སུ་ཐར་བའོ། །དེ་ནི་མནར་མེད་པའི་ཚེ་ཚད་དོ། །གཞན་ཞག་བདུན་པོ་རང་ངོ་མ་ཤེས་གྱི་བར་ལ་ཐུབ། རྗེས་དྲན་དྲུག་དང་མ་བྲལ་བར་རང་ངོ་ཤེས་ནས། ཐར་བའང་སྲིད་པའོ། །སྤྱིར་ན་རིང་ཐུང་ཅི་ཙམ་བཤད་ཀྱང་། རང་ངོ་མ་ཤེས་ན་ཐར་རྒྱུ་མེད་ཅིང་། སྡུག་བསྔལ་མྱོང་བ་ཡིན་ནོ། །དེ་ནི་ཚ་དམྱལ་བརྒྱད་བཤད་པའོ། །ཀྱཻ་ཉོན་ཅིག །གྲང་བའི་དམྱལ་བ་བརྒྱད་ནི། ཆུ་བུར་ཅ ན་ཞེས་བྱ་བ་ནི། ལྕགས་ཚན་གྱི་ཁང་པ་མིག་མང་རིས་ཀྱི་ནང་དུ་བཅུག་ནས། ཕྱོགས་མཚམས་ཀུན་ནས་རླུང་གི་སྦུད་པས། འཁྱགས་ནས་ལུས་ལ་ཆུ་བུར་མཐེ་བོང་ཙམ་སྐྱེས་པའོ། །ཆུ་བུར་བརྡོལ་བ་ནི། དེ་བས་ཀྱང་འཁྱག་སྟེ། ཆུ་བུར་རྡོལ་ནས་རྣག་ཁྲག་ཏུ་འཛག་པའོ། །ཨ་ཆུའི་སྡུག་བསྔལ་ནི། འཁྱག་དྲག་པས། སྐབས་སུ་ཨ་ཆུ་ཟེར་བ་རེ་ལས་མ་ཐོན་པའོ། །ཀྱི་ཧུད་ཞེས་པ་ནི། འཁྱག་ཆེ་དྲག་གི་ཉེན་ནས་སྐབས་སུ་ཀྱི་ཧུད་ཅེས་པའོ། །སོ་ཐམ་ཐམ་པ་ནི། རེངས་ནས་སོ་ཐམ་པའོ། །པདྨ་ལྟར་གས་པ་ནི། ཆུ་བུར་རྣམས་རྒྱ་གྲམ་དུ་གས་པའོ། །ཨུཏྤལ་ལྟར་གྱེས་པ་ནི། ཆུ་བུར་ཐམས་ཅད་གྱེས་ནས་ཤ་རུས་ཐམས་ཅད་གས་ནས་ལོག་བའོ། །ཨུཏྤལ་ལྟར་ཆེར་གྱེས་པ་ནི། རྩ་རུས་མ་ཆད་རྩ་མིག་འབྲེལ་ཏེ། ཤ་རུས་ཐམས་ཅད་ཆེ་རུ་གྱེས་པའོ། །འདི་བརྒྱད་གྲང་བའི་དམྱལ་བ་བརྒྱད་དུ་གྲགས་ཏེ། ཚེ་ཚད་ནི། ཏིལ་མ་ག་ཏའི་བྲེའི་ཁལ་བརྒྱ་བླུག་པའི་ཁང་པ་ཞིག་ནས། ལོ་བརྒྱ་བརྒྱའ་ལ་རེ་རེ་བཏོན་ནས། ནམ་ཟད་ན་ཐར་བའི་ཚེ་ཚད་དོ། །དེ་ཡང་ཆུ་བུར་ཅན་ཡིན་ཏེ། དེའི་འོག་མ་རྣམས། མར་མར་ལ་ཉིས་འགྱུར་ཉིས་འགྱུར་གྱིས་རིང་བའོ། །གཞན་ཡང་མཚམས་མེད་ལྔ་བྱས་པ་དང་། བླ་མ་དང་དམ་ཚིག་ཉམས་པ་རྣམས། ཚ་དམྱལ་དང་གྲང་དམྱལ་གཉིས་ཀྱི་འོག་བར་མཚམས་ཀྱི་ས་ན། རྡོ་རྗེ་དམྱལ་བ་བྱ་བ། རྡོ་རྗེ་ཆེན་པོ་གཅིག་གི་མནན་ནས། ཚ་དམྱལ་དང་། གྲང་དམྱལ་གཉིས་ཀའི་སྡུག་བསྔལ་བས་བདུན་འགྱུར་གྱི་ཆེ་བ། སེམས་ཅན་གཅིག་པོ་དེའི་རྒྱུད་ལ་སྨིན་ཅིང་ཐར་བའི་དུས་མེད་པར་མནན་པ་ཡོད་དོ། །མནར་མེད་ཆེན་པོ་ཞེས་བྱའོ། །སེམས་ཅན་ལས་མ་དག་པ་རྣམས་ལ། དམྱལ་བའི་ཞིང་ཁམས་སུ་ཤར་ནས་འཁྲུལ་ཚུལ་ལོ། །ཀྱཻ་ཁྲོས་མ་ལས་ཀྱི་དབང་མོ་ཆེ་ཉོན་ཅིག །སྐྱེས་བུ་ལས་དག་པ་རྣམས་ངོ་སྤྲོད་ཐོབ་ཅིང་། རང་ངོ་ཤེས་པ་རྣམས་ནི། དེ་ལྟར་འོག་གི་གནས་དེར། སྟེང་ཕྱོགས་མེ་རི་འབར་བ་ཞེས་བྱ་བའམ། འོག་མིན་ནམ། དགའ་ལྡན་འཕྲུལ་དགའ་ཞེས་བྱ་བའི་ཞིང་དུ་གནས་སུ་འགྱུར་ཏེ། དེ་ཡང་གཉིས་འཛིན་གྱི་མིང་མེད་པར། མེ་རླུང་སྒྲ་འོད་དུ་འབར་བ། རྒྱ་ཆེ་བ། ཁོག་ཡངས་པ། ཐོད་པ་སྐམ་པོས་རྩིག་རྨང་། རྙིད་པའི་ར་བ། རློན་པ་ལྕང་ལོ་ཅན་གྱི་ཁ་བད་དུ། སངས་རྒྱས་དང་། རྡོ་རྗེ་དང་། པདྨ་དང་། མེ་རི་ར་བ་ཅན། གསང་སྔགས་ཀྱི་སྔགས་སྒྲ་འབྲུག་སྟོང་ལྟར་ལྡིར་བ། ཡེ་ཤེས་ཀྱི་འོད་ཟེར་ཉི་མ་སྟོང་ཙམ་བདལ་ལ། དུར་ཁྲོད་བརྒྱད་ལ་སོགས་པས་ཕྱོགས་མཚམས་གང་བ། དེ་ན་ཁྲོ་བོ་དབུ་མཐའ་ཡས་པ་དང་། ཕྱག་མཐའ་ཡས་པ་བརྒྱའ་དང་། དབུ་ཕྱག་སྟོང་དང་། དབུ་ཕྱག་བརྒྱ་དང་། དབུ་ཕྱག་ཉེར་གཅིག་པ་དང་། དབུ་གསུམ་ཕྱག་དྲུག་པ་དང་། ཞལ་གཅིག་ཕྱག་གཉིས་པ་དང་། ཡབ་ཡུམ་ཅན་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ཀེའུ་རི་དང་། སེང་ཧ་དང་། དབང་ཕྱུག་མ་ཆེན་མོ་དང་། མ་མོ་དང་། ལས་བྱེད་མ་དང་། བཀའ་ཉན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་མང་པོས་བསྐོར་བ། འཇའ་དང་། འོད་དང་། དག་པའི་སྣང་བ་དུ་མས་ཁེབས་པ། སྐུ་འཇིགས་པར་སྣང་ཡང་། ཐུགས་ཞི་བ་ཆོས་ཉིད་གསལ་བ། གསུང་གྲགས་སྟོང་ཚང་དབྱངས་སུ་བརྗོད་པ། མ་ཉམས་དྲན་ཙམ་ཧྲིག་ཙམ་གྱིས། སྐད་ཅིག་མ་ལ་རྩལ་རྫོགས་ནས། དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་མངལ་དུ་ཚུད། སྐད་ཅིག་མ་དགུ་ལ་པདྨའི་ཕྱིར་དོན། སྐྱེ་འཇུག་ལ་དབང་ཐོབ་ནས། སེམས་ཅན་གྱི་དོན་བྱེད་ཅིང་། དཀྱིལ་འཁོར་རྡོ་རྗེ་མེ་རི་དང་བཅས་པའི་གཙོ་བོར་གྱུར་ནས། མི་འགྱུར་བའི་གཡུང་དྲུང་། མི་ཤིག་པའི་རྡོ་རྗེ། རྟག་པ་རྒྱུན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་། འཁོར་བ་དོང་ནས་སྤྲུག་པའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། ལས་མ་དག་པ་ལ་དམྱལ་བར་འཁྲུལ་པ་དང་། ལས་དག་པར་དུར་ཁྲོད་མེ་རི་འབར་བ་བྱ་བར་གྱུར་ནས། གྲོལ་ཚུལ་བཤད་པའི་ལེའུ་སྟེ་བརྒྱ་དང་སོ་ལྔ་པའོ། །྅྅྅ ཀྱཻ་ལས་ཀྱི་དབང་མོ་ཆེ་ཉོན་ཅིག །ཡང་ལས་མ་དག་པ་ལ། དམྱལ་ཁམས་དེ་དག་གིས་གོང་ན། ཡི་དྭགས་ཞེས་པའི་གྲོང་ཁྱེར་ཡོད་དེ། དེ་ལ་ཕྱིའི་སྒྲིབ་པ་ཅན་ཞེས་བྱ་བ། བཟའ་བཏུང་ཐམས་ཅད་རྣག་ཁྲག་དུ་མཐོང་ནས། བཟའ་བའི་སྐལ་པ་མེད་པ་ཡོད་དོ། །དེ་རང་གི་ནོར་ལ་འཕང་བའི་སྒྲིབ་པ་ལས་བྱུང་ངོ་། །ནང་གི་སྒྲིབ་པ་ཅན་ཞེས་བྱ་བ་ནི། ཁ་ཁབ་མིག་ཙམ་ལ། ལྟོ་བ་རི་རབ་ཙམ། ཡན་ལག་འཇག་མ་ཙམ། བཟའ་བཏུང་དང་པོ་མི་རྙེད། རྙེད་ནས་ཁར་མི་ཤོང་། བག་ཙམ་སོང་ཡང་ཕན་མི་ཐོག །དེ་གཞན་གྱིས་ནོར་ལ་སེར་སྣ་བྱས་པས་ལེན་ནོ། །སྒོས་ཁུར་གྱི་སྒྲིབ་པ་ཅན་ནི། ཁ་ཁབ་མིག་ཙམ། བཟའ་རྒྱུ་ཐམས་ཅད་ཟར་མི་འདོད། ཨེན་རེ་སོང་ཡང་ལྕགས་སྲེག་གི་ཐོ་ལུམ་འབར་བར་སོང་ནས། ཁོང་པར་མེ་འབར་བར་འགྱུར་རོ། །དེ་ནི་དཀོན་མཆོག་གི་དཀོར་ལ་འབག་པས་ལེན་ནོ། །སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་ཐམས་ཅད་རྣག་ཁྲག་དུ་གྱུར་པ་དང་། ཞིམ་མངར་ལྡན་པ་གཞན་གྱི་བསྲུངས་ནས་ཟར་མི་སྟེར་བ་ཡོད་དོ། །དེ་ནི་བདག་གཞན་གཉིས་ཀའི་ནོར་ལ་འཕོང་པས་ལེན་ནོ། །དེ་རྣམས་ཀྱི་ཚེ་ཚད་ནི་། མི་ལོ་ཁྲི་དང་ལྔ་སྟོང་ལྔ་བརྒྱ་ཐུབ་བོ། །མཁའ་ལ་རྒྱུ་བ་དང་། བྱིང་ན་གནས་པ་ཞེས་པ་ནི། ཚེ་ལ་ཚད་མེད་དོ། །ཀྱེ་མ་ལས་ཀྱི་དབང་མོ་ཆེ། ལས་དག་པ་རྣམས་དང་། ངོ་སྤྲོད་ཐོབ་པ་རྣམས་ནི། དུས་དེ་ཉིད་ལས་སྣང་བ་འགྱུར་ནས། ལྷོ་ཕྱོགས་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས། ས་རྡོ་དང་། བེམ་པོ། གདོས་བཅས་ཀྱི་སྣང་བ་མེད་པ། འོད་ལྔའི་རང་བཞིན། གཟུང་འཛིན་དང་བྲལ་བ་འདི་བར་སྣང་ལ་མ་འདྲེས་ཡོངས་རྫོགས་སུ་ཤར་སྟེ། རིན་ཆེན་གསེར་ལས་གྲུབ་པའི་གཞལ་ཡས་ཁང་། གྲུ་བཞི་སྒོ་བཞི་རྟ་བབ་བཞི་དང་ལྡན་པ། ཡིད་དུ་འོང་བ། ལྟ་ན་སྡུག་པ། རིན་པོ་ཆེ་རྣམ་ལྔའི་ཐེམ་སྐས་ཅན། ཕྱོགས་བཞི་ན་གསིང་སྐར་ཆེན་པོ་བཞི་ཡོད་པ། དེའི་ནང་ན་ཚུར་ཉི་མ་ཤར་པ། རིན་ཆེན་ཤེལ་གྱི་རྩིག་པ་དང་འཐས་པ། ནང་དུ་འོད་ལྔའི་མདངས་དང་ལྡན་པ། དེའི་ཕྱི་རོལ་ན་ཡན་ལག་བརྒྱད་ལྡན་གྱི་ཆུ་འབབ་པ། དྲི་ཞིམ་ཁྲུས་ཀྱི་རྫིང་བུ་འཁྱིལ་བ། འཚོ་བྱེད་སྨན་གྱི་ལྡུམ་ར་དངས་པ། དེ་ལ་ནད་ཀྱིས་ཤན་པ་རྣམས་ཀྱི་ཁྲུས་བྱས། འཐུང་བས་ནད་འབྱོངས་པ། དེའི་ཕྱི་རོལ་ན། རིན་པོ་ཆེའི་ལྕགས་རིའི་བར་ན། མཚོ་ཆེན་པོ་བརྒྱད་ཡོད་པ། དེའི་ནང་ན་བྱའི་རིགས། བྱ་ཚོགས་ཁ་དོག་དཀར་སེར་དམར་ལྗང་སྣ་ཚོགས་པ། གསུང་སྙན་ཆོས་དབྱངས་སུ་སྒྲོགས་ལ། དེ་རྣམས་ཀྱི་དབུས་ན། སངས་རྒྱས་རིན་ཆེན་འབྱུང་ལྡན་ཡབ་ཡུམ། མཚན་དང་དཔེ་བྱད་དུ་ལྡན་པ་ལ། འཁོར་ཡང་རིན་ཆེན་གྱི་རིགས་གྲངས་ལས་འདས་པས་བསྐོར་བ། དེའི་རྒྱུའི་ཆོས་དང་འབྲས་བུའི་ཆོས་དང་། རྒྱུ་འབྲས་ལས་འདས་པའི་ཆོས་རྣམས། འཁོར་ར་འཁོར་ཡུག་ཏུ་འཆད་པ། ཏིང་ངེ་འཛིན་གཙང་མའི་ཟས་ཟ་ཞིང་འདོད་ཡོན་ལྔ་ལ་ལོངས་སྤྱོད་པས་ཟས་སྐོམ་དང་། འགྲངས་ལྟོག་གི་མིང་མེད་པས་བར་སྣང་ལ་གཡེར་ཁ་དང་། ལྕང་གི་དྲ་བ་རླུང་གིས་བསྐྱོད་པས། ཆོས་ཀྱི་སྒྲ་སྣ་ཚོགས་སྒྲོགས་པ། དཔག་ཡས་པ་དང་ལྡན་པ་དེར། སངས་རྒྱས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱིས་གསང་བར་ཚུད། སྐད་ཅིག་མ་དགུ་ལྷུམ་ནས་འདོན། རིན་ཆེན་རིགས་ཀྱིས་སངས་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། མ་དག་པ་ལ་ཡི་དྭགས་དང་། དག་པ་ལ་ལྷོ་དཔལ་དང་ལྡན་པའི་ཞིང་། རིན་ཆེན་རིགས་སུ་གྲོལ་ཚུལ་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་དྲུག་པའོ། །྅྅྅ ཀྱཻ་ལས་ཀྱི་དབང་མོ་ཆེ་ཉོན་ཅིག །ལས་མ་དག་པ་དང་། གཏི་མུག་ཤས་ཆེ་བ་རྣམས་བྱོལ་སོང་ཞེས་པའི་གླིང་དུ་སྐྱེ་སྟེ། རྐང་ཅན་དང་། རྐང་ཎ་དང་། གཤོག་པ་ཅན་དང་། མཇུག་མ་ཅན་དང་། རྐང་གཅིག་དང་། རྐང་མང་ལ་སོགས་རིགས་དབྱེ་བ་དྲུག་ཡོད། ཁ་འཐོར་བ་མི་ཡུལ་བ་རྣམས་ཡིན་ནོ། །བདག་པོ་ཅན་རྣམས་མིས་བདག་ཏུ་བྱས་པ་རྣམས་དྲག་ཤོས་ཡིན་ཀྱང་། བཞོ་བཞོ་བའི་སྡུག་བསྔལ། རྨོ་རྨོ་བ་དང་། ཁལ་བཀལ་བཀལ་བ་དང་། ཞོན་ཞོན་པ་དང་། སྤུ་བྲེག་པ་དང་། དམར་ཁེར་གཏོང་བ་དང་། བདག་པོ་བརྗེ་བ་ལ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །ཀྱེ་ཉོན་ཅིག །གཞན་ཡང་མུན་གླིང་གི་བྱོལ་སོང་དང་། གླིང་བར་དང་། རྒྱ་མཚོ་དང་། བྱིང་ན་གནས་པའི་བྱོལ་སོང་དང་། མཁའ་ལ་གནས་པ་ལ་སོགས། གླེན་ལྐུག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ། ཚེ་ནི་བར་གྱི་བསྐལ་པ་རེ་རེར་རིང་བ་ལ་ཐུབ། ལ་ལ་ནི་བརྒྱ་བརྒྱ་ཙམ་དང་། ལ་ལ་སྟོང་དང་། ཐུང་བ་ལ་ངེས་པ་མེད་པའོ། །དེ་རྣམས་སུ་འཁྲུལ་སྣང་ཆེན་པོས་འཁྲུལ་ནས་སྡུག་བསྔལ་ལོ། །ཀྱེ་ཉོན་ཅིག །ལས་དག་པ་རྣམས་ནི། དབུས་ཕྱོགས་མི་འགྱུར་བ་ཞེས་བྱ་བའི་ཞིང་ཁམས་སུ་གྱུར་ཏེ། ཡོན་ཏན་བཀོད་པ་ལྷོ་དཔལ་དང་ལྡན་པ་དང་མཚུངས་ཤིང་། སྟོན་པ་རྣམ་པར་སྣང་མཛད་དེ། བདེ་གཤེགས་རིགས་ཀྱི་འཁོར་གྱིས་བསྐོར་བའི་ཐུགས་ཀར་ཐིམ། མངལ་ནས་ཐོན། བདེར་གཤེགས་རིགས་ཀྱི་གཙོ་བོར་སངས་རྒྱས་ནས་འཁོར་བ་དོང་སྤྲུག་གོ། །ཀྱཻ་ཉོན་ཅིག །གཞན་ཡང་ལས་མ་དག་པ་རྣམས། འདོད་ཆགས་ཤས་ཆེ་བའི་རྐྱེན་གྱིས། མིའི་ཡུལ་དུ་འཁྲུལ་ཏེ། དེ་ཡང་གླིང་བཞི། ལུས་འཕགས་པོ་དང་། འཛམ་བུ་གླིང་དང་། བ་ལང་སྤྱོད་དང་། སྒྲ་མི་སྙན་དང་། གླིང་ཕྲན་བརྒྱད་ལ་སོགས་ཡོད་དོ། །རང་རང་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད། ཁྱད་པར་འཛམ་བུ་གླིང་ཆོས་དར་ཞིང་དྲག་ཤོས་ཡིན་ཀྱང་། སྐྱེ་བ། རྒས་པ། ན་བ། འཆི་བ། ནང་གི་སྡུག་བསྔལ་བཞི། དགྲ་དང་འཕྲད་ཀྱི་དོགས་པ། ཡོད་པ་གཉེར་ཁ་མ་གྲུབ་པ། གཉེན་དང་བྲལ་གྱི་དོགས་པ། མེད་པ་བཙལ་གྱི་མི་རྙེད་པ། ཕྱིའི་སྡུག་བསྔལ་བཞི། གཞན་ཡང་བརྩིགས་པ་འཇིག །འདུས་པ་བྲལ། འགྱུར་བའི་སྡུག་བསྔལ་ལ་སོགས་པ། གྲངས་དང་ཚད་མེད་པ། ཆུའི་གཉེར་མ་དང་འདྲ་བ། འཁྲུལ་ཞིང་འཁོར་བའོ། ཀྱཻ་ཉོན་ཅིག །ལས་དག་པ་རྣམས་ལ། ནུབ་ཕྱོགས་བདེ་བ་ཆེན་པོ་ཞེས་བྱ་བར་གྱུར་ཏེ། ཞིང་ཁམས་དང་། གཞལ་ཡས་ཁང་བཀོད་པ། ལྷོ་དང་མཚུངས་པ་དེར། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ། ཡུམ་གྱི་པདྨ་ལས་ཐོན་ནས། པདྨ་རིགས་ཀྱི་གཙོ་བོར་གྱུར་ཏེ། སངས་རྒྱས་ནས་འཁོར་བ་དོང་སྤྲུག་པའོ། །ཀྱཻ་ཉོན་ཅིག །ཡང་ཕྲག་དོག་ཤས་ཆེ་བ་རྣམས་ནི། ལྷ་མ་ཡིན་གྱི་རིགས་སུ་སྐྱེས་ཏེ། དེ་ལ་ཡང་རིགས་བརྒྱའ་དང་དྲུག་ཡོད་ཀྱང་། ལྷ་དང་མི་གཉིས་ཀ་མིན་པས། ལྷ་མིན་དུའོ། །གསོད་གཅོད་དམག་འཁྲུག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པར་འཁྲུལ་ནས་སྡུག་བསྔལ་ཅིང་འཁོར་རོ། །ཀྱཻ་ཉོན་ཅིག །ལས་དག་ཅིང་ངོ་སྤྲོད་ཐོབ་པ་རྣམས་ནི། བྱང་ཕྱོགས་ལས་རབ་བརྩེགས་པའི་ཞིང་ཁམས་བྱ་བར་གྱུར་ཏེ། ཞིང་ཁམས་དང་བཀོད་པ་ལྷོ་ཕྱོགས་དང་མཚུངས་པ་དེར། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་སྲས་སུ་འཁྲུངས་ནས། ལས་ཀྱི་རིགས་ཐམས་ཅད་ཀྱི་གཙོ་བོར་གྱུར་ནས། འཁོར་བ་དོང་སྤྲུགས་སོ། །ཀྱཻ་ཉོན་ཅིག །ལས་མ་དག་ཅིང་། དགེ་བ་བདག་ཏུ་བཟུང་བས་ང་རྒྱལ་ཆེ་བ་རྣམས་། ལྷ་ཞེས་པར་སྐྱེས་ཏེ། དེ་ལ་ཡང་། ལྟུང་བའི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲིལ་བ་ལྟ་བུས་སྡུག་བསྔལ་ཅིང་། བྷཻཾ་ཤེས་ཀྱང་གྲོལ་མ་ཤེས་ནས། སྲིད་པར་འཁྲུལ་ཞི་པར་གནས། ཡང་འཁོར་བར་རྒྱུན་དུ་འཁོར་ཏེ། འདིར་དག་དང་འདིར་སོང་མེད་དོ། །ཀྱཻ་ཉོན་ཅིག །ལས་དག་པ་རྣམས་དང་། ངོ་སྤྲོད་ཐོབ་ཅིང་། རང་སྣང་ལ་ཡིད་ཆེས་པ་རྣམས་ནི། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་གནས་འགྱུར་ནས། ཞིང་ཁམས་གྱི་ཡོན་ཏན་དང་། ཕོ་བྲང་གི་བཀོད་པ་ནི། ལྷོ་ཕྱོགས་ལྟ་བུའི་དབུས་སུ། དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་དྲན་པ་ཚུད། སྐད་ཅིག་མ་དགུ་ལ། རྡོ་རྗེ་རིགས་ཀྱི་གཙོ་བོར་གྱུར་ཏེ། མི་འགྱུར་བའི་གཡུང་དྲུང་། མི་ཤིགས་པའི་རྡོ་རྗེ། སྐྱེ་ཡོད་འཆི་མེད། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། རྟག་པ་རྒྱུན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། སྤྲུལ་པ་སྐྱེ་འཇུག་ལ་རང་དབང་ཐོབ་པས། མ་དག་པ་འདྲེན་བྱེད་ཀྱི་སྐྱེས་བུ་ཉི་མ་ལྟ་བུ་ཐོན་ནས། འཁོར་བ་དོང་སྤྲུག་པའོ། །ཀྱཻ་ཉོན་ཅིག །ལས་ཀྱི་དབང་མོ་ཆེ་ཉོན་ཅིག །ཡང་ལ་ལ་རིགས་གཅིག་ལམ་བྱང་བཞི་མ་ཤར་མ་ཐག །རིགས་ལྔའི་ཞིང་ཁམས་ལྔ། ལམ་གྱིས་ཤར་ནས། ཤར་ཕྱོགས་མངོན་པར་དགའ་པར། པདྨར་བརྫུས་ཏེ་ཏལ་ལེ་སྐྱེས། རྡོ་རྗེ་སེམས་དཔའ་དང་ཞལ་མཇལ་ལོ། །ངོ་བོ་ལྟ་བུའི་ཆོས་བསྟན་ཏེ། ལོ་བརྒྱ་ཉི་ཤུ་རྩ་ལྔ་གནས། དེ་ནས་སྐད་ཅིག་གི་བར་དོ་མེད་པར། ལྷོ་དཔལ་དང་ལྡན་པར་རིན་ཆེན་འབྱུང་ལྡན་དང་ཞལ་མཇལ། དབང་བསྐུར་ནས་ལོ་བརྒྱ་ཉི་ཤུ་རྩ་ལྔ་གནས། དེའི་འོག་ཏུ་ནུབ་ཕྱོགས་པདྨ་བརྩེགས་པར་སྣང་བ་མཐའ་ཡས་དང་ཞལ་མཇལ། དེས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན། ལོ་བརྒྱ་ཉི་ཤུ་རྩ་ལྔ་གནས། དེའི་འོག་ཏུ་བྱང་ཕྱོགས་ལས་རབ་བརྩེགས་པར་དོན་ཡོད་གྲུབ་པས། ཚེ་དེ་ཉིད་ལ་སངས་རྒྱས་པར་བྱིན་གྱིས་བརླབ། དབུགས་ཕྱུང་ནས་ལོ་བརྒྱའ་ཉི་ཤུ་རྩ་ལྔ་གནས། སྟེང་གི་ཕྱོགས་སུ་དུར་ཁྲོད་མེ་རི་འབར་བར། ཁྲོ་བོའི་དཀྱིལ་འཁོར་ལམ་གྱིས་སྣང་མ་ཐག །རང་སྣང་དུ་ཧྲིག་གེ་ཤེས། རང་ཐོག་དུ་རྗེན་གྱི་གྲོལ་བའི་སྐད་ཅིག་མ་ལ། གདོད་མར་གྲོལ་ནས། ནང་གསལ་དུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ། ཕྱི་གསལ་གྱི་འཆར་གཞི་བྱས་ཏེ། སེམས་ཅན་གྱི་དོན་ཐམས་ཅད་རྟག་པར་རྒྱུན་མི་ཆད་པར། གཡོ་བ་དང་འབད་པའི་རྩོལ་བ་མེད་པར། ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛད་པ་ཡིན་ནོ། །དེའི་ཕྱིར་ན་དབང་པོའི་ཁྱད་པར་དང་། དག་མ་དག་དང་། ངོ་ཤེས་མ་ཤེས་དང། རིག་མ་རིག་དང་། ཡིད་ཆེས་མ་ཆེས་དང་། ཐག་ཆོད་མ་ཆོད། སོམ་ཉི་ཟ་མི་ཟའི་ཁྱད་པར་གྱི་ངོ་བོ་གཅིག་ཀྱང་། བཟློག་པའི་རྣམ་པ་མི་གཅིག་པ་དུ་མ་ཡོད་པར་ཤེས་པར་གྱིས་ཤིག །ཕྱི་རབས་ཀྱི་སྐྱེས་བུ་ལ་སྟོན་ཅིག་དང་། དཔེ་དོན་རྟགས་གསུམ་གྱི་ངོ་སྤྲོད་ཡིད་ཆེས། གཞི་སྣང་ཤར་བའི་རང་སྣང་གྲོལ་བ་ཐོབ་པར་གྱིས་ཤིག །ཤིན་ཏུ་ཡང་ཟབ། གསང་བ་བླ་ན་མེད་པའི་ངོ་སྤྲོད་ཐོབ་པ་ཙམ་གྱིས། འབད་རྩོལ་བྷཻ་བསྒྲུབ་ལས་འདས་པའི་གདམས་པ་འདི། ཐེག་པ་དམན་པས་ཐོས་ནས། སྔང་ངོ་། །སྐྲག་གོ། །བརྒྱལ་ལོ། །འགྱེལ་ཞིང་དོན་ལ་ལོག་པར་ལྟ། ཐེ་ཚོམ་དང་སོམ་ཉི་ཟ། དེར་སླར་དམྱལ་བར་འཕེན་པས་སྐལ་མེད་ལ་གསང་ཞིང་དམ་པར་བྱའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློ ང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། གསང་སྐོར་བླ་ན་མེད་པར་ཕྱེ་བའི་སྐབས་ན། མ་དག་པ་རྣམས་རིགས་དྲུག་དུ་འཁྲུལ། དག་པ་དང་ངོ་སྤྲོད་ཡོད་པ་རྣམས། རིགས་ལྔ་དང་། རྫོགས་ལྡན་གྱི་དུར་ཁྲོད་དུ་གྲོལ་ཚུལ་བསྟན་པའི་ལེའུ་སྟེ་བརྒྱ་དང་སུམ་ཅུ་སོ་བདུན་པའོ། །྅྅྅ དེའི་ཚེ། དེའི་དུས། ཁྲོས་མ་ནག་མོ་ཐུགས་ཀྱི་དཀྱིལ་ནས་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ཕག་མོ་གཉིས་འཁྲིལ་སྦྱོར་དུ་གཞུག །ཀྲ་ཐ་ནི། ཀྲ་ཐ་ནི། ཞེས་པའི་སྒྲ་དབྱངས་དང་། ཏྲུྃ་བྷྲུྃ་ཀྷུྃ྅྅྅། བྲུྃ་ཧྲཱུྃ་མྲུྃ། ཅེས་པའི་སྒྲ་བསྒྲུབ་བྱེད་དང་། ཌ་ཐ་ཎ། ཧྲ་ཐ་ཐ་ཚྪ། ཞེས་པའི་སྒྲའི་རང་བཞིན་དང་། ཏི་རི་ཏི་གྷ་ལི། ཏིང་ཏུང་། ཏིང་ཏུང་། གྷུ་ལི་ལི་ལཱི། ཞེས་པའི་སྒྲ་འཕེན་རྐྱེན་བཞིས། སྤྱི་དང་རང་གི་མཚན་ཉིད་ཀྱི་ཆོས་ཐམས་ཅད་འོད་ཟེར་འཕྲོས། དེའི་དུས་སུ། འཁོར་མཁའ་འགྲོ་མ་ཐམས་ཅད་སྟན་ལས་ལངས་ཏེ། འདི་སྐད་ཅེས་ཞུས་སོ། །ཨེ་མ་སྟོན་པ་ཡུམ་ཆེན་དགོངས། །མ་གྲུབ་ཐོག་མ་འདི་དག་ནས། །ཀུན་ཁྱབ་ཡེ་ཤེས་གནས་པ་ལ། །འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ། །ལམ་དང་འཆར་སྒོ་ཡུལ་གང་གསལ ། །ཉམས་ལེན་གང་འཕེལ་གྲོལ་བའི་ཐབས། །རྐྱེན་གྱི་བར་ཆད་ཇི་ལྟ་བུ། །མང་ན་འཐོར་ཞིང་ཉུང་ན་གབ། །གསལ་འགྲིམ་མཁར་འགྲོའི་སྙིང་ཏིག་འདི། །བདག་ཅག་རྣམ་ལ་བཀའ་སྩོལ་ཅིག །ཅེས་ཕྱི་ནང་གི་མཆོད་བས་མཉེས་པར་བྱས་པས། སྟོན་པས་བཀའ་སྩལ་པ། ཧོ་ཉོན་ཅིག་རིག་རྩལ་འཁོར་རྣམས་ཀུན། །འཁྲུལ་མེད་གུས་པས་འདི་ཡིད་ཟུངས། །ཐོག་མ་ཀ་དག་གསལ་སྟོང་ཁྱབ། །ཡེ་ནས་ལྷུན་གྲུབ་ཆེན་པོར་བཞུགས། འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། སྤྲོས་དང་བྲལ་བའི་ཆོས་ཉིད། མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོ་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བ། ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགགས་པ། མ་འཁྲུལ་བའི་ཆོས་ཉིད། ཕྱིའི་རྒྱ་མ་རལ་བ། ནང་ཡེ་ཤེས་ཀྱི་འོད་མ་འགག་པར། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོཧ྅྅྅། །ཨེ་མ་འཁྲུལ་དང་མ་འཁྲུལ་གྱི། །ཐ་སྙད་ཀུན་ལས་འདས་པ་སྟེ། གནས་ལུགས་མི་གཅིག་བསམ་ཡས་ཀྱང་། །ཡེ་ཤེས་རྣམ་པ་གསུམ་ཡིན་ནོ། །དེ་ལ་འཁོར་འདས་འཁྲུལ་ཚུལ་ཀྱང་། །ཡེ་ཤེས་ཉིད་ལ་མ་རིག་འཁྲུལ། །ཡེ་ཤེས་ཁ་དོག་འབྱུང་བ་ལྔ། །གདོད་ནས་ཡེ་ཤེས་རྩལ་ཉིད་དུ། །འབྲལ་བ་མེད་དེ་མ་རིག་འཁྲུལ། །ཡེ་ཤེས་གསལ་བའི་ཡུལ་དྲུག་ལས། །གཉིས་འཛིན་སེམས་དེ་བྱུང་བའོ། །ཡིད་དྲུག་འཛིན་པ་མ་འགག་པས། །ཆོས་སྐུ་ཉིད་ཀྱང་བཟུང་བས་བཅིངས། །ཡེ་ཤེས་མ་རིག་ཡུལ་ལ་བཟུང་། །དེར་འཛིན་རླུང་སེམས་འདུས་པ་ལས། །འབྱུང་བ་ལྔའི་སྦུབས་སུ་ཚུད། །དེར་ཚུད་འབྱུང་བའི་སྐྱེ་འཇིག་ལས། །ཉོན་མོངས་ཕུང་པོ་ལྔ་ལྔ་གྲུབ། །ལྔ་འདུས་མཚན་མ་སྦྱོར་བ་ལ། །ཉོན་མོངས་དུག་ལྔ་ཡིད་དྲུག་དང་། ཡེ་ཤེས་ལྔའི་བདག་ཉིད་དུ། །རིག་པ་རང་ངོ་མ་ཤེས་པས། །དེར་འཛིན་དྲི་མས་ལུས་སུ་གྲུབ། །དེ་ལ་རྒ་ཤིའི་བར་དུ་འཁྱམས། །གཟུང་འཛིན་སྲིད་པའི་སྦྱོར་མཚམས་སུ། །ལྟེ་བ་གྲུ་གསུམ་རྩ་མདུད་ནས། །རླུང་སེམས་ཐིག་ལེ་རྣམ་པར་འཕྲོ། །མིག་གི་རྣམ་པ་ལྟ་བུ་རུ། །མེར་ནུར་གོར་དང་རུས་སྦལ་ལྟར། །ལྟེ་བ་དག་ལས་འབྱུང་བ་བསྐྱེད། །ཤུགས་ནས་ཐོན་པས་སྤྲུལ་སྐུར་བསྟན། །དེ་ལྟ་བུའི་ལུས་ཉིད་ལ། །ཡེ་ཤེས་རླུང་གི་ལུས་ཀུན་ཁྱབ། །རླུང་གིས་ལས་ཀུན་བྱེད་པའོ། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུར་བ་ནི། །འགྱུ་བ་ཆེན་པོའི་རླུང་དུ་འདོད། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས། །སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག །རྩ་ནས་ངེས་པར་འབྱུང་བ་དེ། །རྒྱུ་བ་ཆུང་ངུའི་རླུང་དུ་འདོད། །ཡེ་ཤེས་རྩ་ཉིད་ལུས་སུ་འགྲུབ། །རྩ་འགྲུབ་དེ་ལ་ཐིག་ལེས་ཁྱབ། །རྒྱུའི་ཐིག་ལེར་ཡི་གེར་གནས། །དེ་ལ་སྐུ་དང་ཡེ་ཤེས་ཀྱི། །ཐིག་ལེ་དག་ནི་གནས་པའོ། །དེ་ལྟར་འཁྲུལ་པའི་ལུས་ཉིད་ལ། །རྒྱལ་བའི་དགོངས་པ་གནས་ཚུལ་ཀྱང་། །དེ་ལུས་གྲུབ་དེ་རྩ་གྲུབ་ཅིང་། །དེ་ལ་རླུང་དང་ཐིག་ལེ་གྲུབ། །དེ་ནི་འབྱུང་ལྔའི་དངས་མ་ཡིན། །དེ་ནི་ཡུམ་ཆེན་སྡེ་ལྔ་ཡིན། །མཁའ་འགྲོ་ཀུན་གྱི་སྲོག་ཡིག་ཡིན། །ཀྱེ་ཧོ་ཐོག་མའི་ཀ་དག་ཡེ་ཤེས་རྩལ། །འབྱུང་བ་ལྔའི་ཡུལ་ལ་ཤར། །འབྱུང་ལྔའི་འོད་ལ་འཛིན་པ་འདུས། །དེ་ཉིད་མ་གྲོལ་དེར་འཛིན་ལས། །འབྱུང་བ་ལྔའི་དངས་མ་འདུས། །གཅིག་གྲོགས་གཅིག་གིས་བསྐྱེད་པ་ལས། །ཤ་ཁྲག་ལུས་རྩ་ཐིག་ལེ་གྲུབ། །ཡི་གེ་སྐུ་དང་ཡེ་ཤེས་གྲུབ། །ཕྱི་ལྟར་འབྱུང་ལྔ་ནང་ལྟར་ན། །ཡུམ་ཆེན་ལྔ་པོ་དངོས་ཡིན་ནོ། །གསང་བ་མཁའ་འགྲོ་ལྔ་ཡིན་ནོ། །ཡང་གསང་ཡེ་ཤེས་ལྔ་ཡིན་ནོ། །ཕྱི་ལྟར་འཁོར་ལོ་ལྔ་ཡིན་ནོ། །ནང་ལྟར་ཐིག་ལེ་ལྔ་ཡིན་ནོ། །ཡང་གསང་མཁའ་འགྲོ་ལྔ་ཡིན་ནོ། །ཕྱི་ལྟར་ཕུང་པོ་ལྔ་ཉིད་ལ། །ནང་ལྟར་ཉོན་མོངས་དུག་ལྔ་ཡིན། །གསང་བ་ལྟར་ན་སྐུ་ལྔ་སྟེ། །ཡང་གསང་ཡེ་ཤེས་ལྔ་ཡིན་ནོ། །རྒྱུའི་ཐིག་ལེ་སྤང་བ་ནི། སྔགས་ཀྱི་དམ་ཚིག་གཏན་ནས་ཉམས། །འབྲས་བུ་རྒྱབ་ཀྱི་ཕྱོགས་ནས་སུ། །བསྐལ་པ་འབུམ་ཁྲིར་ན་རཀ་སྤྱོད། །ཐིག་ལེ་རང་དབང་འདུས་པ་ན། འདས་མ་འདས་ཀུན་དབང་དུ་འདུས། །འདོད་པའི་ཡོན་དང་མཆོད་ཚོགས་ཀུན། །ཕྱི་རུ་མི་འབུལ་ནང་དུ་འབུལ། །བསོད་ནམས་འབུམ་འགྱུར་འདི་ཁྱད་ཆེ། །ཡོན་ཏན་ཕྱི་རུ་ཚོལ་བ་ཀུན། །བསྐལ་པ་འབུམ་དུ་གྲོལ་མི་སྲིད། །མཚན་ཉིད་ལྡན་པའི་རིག་མ་ལ། །བདེ་བ་བསྐུལ་ཞིང་དབང་རྣམས་བླངས། །ཉོན་མོངས་ཐམས་ཅད་གྲོགས་སུ་འཆར། །མཆོག་དང་ཐུན་མོངས་ཡོན་ཏན་འབྱུང་། །དེ་ལྟར་སྤྱོད་པའི་གང་ཟག་ནི། །ལས་ཟད་པ་ཡིས་ཐ་མའོ། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྣམ་པར་གནས། །ཐོག་མའི་ཀ་དག་ཡེ་ཤེས་ལྔ་། །དེ་ལས་དབྱེར་མེད་སྐུ་ལྔ་ཡིན། །དེར་གསལ་འོད་ལྔ་དེ་ཡུལ་ལྔ། །རླུང་ལྔས་བསྐྱེད་བྱེད་འབྱུང་བ་ལྔ། །འབྱུང་བ་ལྔའི་དངས་མ་ལྔ། །དེ་ལ་ཕུང་པོ་ཁམས་ལྔ་དང་། །ཡི་གེ་མཁའ་འགྲོ་ཤེས་རབ་ལྔ། །ཡེ་ནས་རང་ཆས་ཉིད་དུ་སྟེ། །ལམ་ལྟར་གཞི་ལམ་འབྲས་བུ་སྐུ་གསུམ་ལྟར་དུ་སྣང་། །དུས་གསུམ་སྐུ་དང་ཡེ་ཤེས་རྣམས། །འདུ་འབྲལ་མེད་པའི་དོན་ཡིན་ནོ། །ལུས་ཀུན་ཁྱབ་པར་གནས་མོད་ཀྱི། །རྩའི་ནང་ན་དངས་མ་ནི། །ཐིག་ལེ་ཡི་གེ་ཐབས་ཤེས་ཚུལ། །ལྔར་གནས་ཁྱད་པར་རྩའི་ནང་། །དར་དཀར་རྩ་ཡི་འབྲེལ་ཐག་ལ། །ཡེ་ཤེས་མིག་གི་ཚུལ་དུ་གནས། །ཙནྡན་དྲིའི་ཁྱབ་མོད་ཀྱང་། །ཁྱད་པར་སྙིང་པོ་བཟང་དང་མཚུངས། །རིན་ཆེན་ཟུར་བརྒྱད་སྙིང་དཀྱིལ་ནས། །ཀུན་ཁྱབ་ཡེ་ཤེས་ངོ་བོ་ཉིད། །ས་བོན་ཡི་གེའི་ཚུལ་དུ་གནས། །གཞི་ཡང་ཡེ་ཤེས་ལམ་ཡེ་ཤེས། །འབྲས་བུ་ཡེ་ཤེས་ཀློང་དུ་བརྡལ། །འབྲས་བུ་འང་གཞི་ལམ་འབྲས་གསུམ་ཏེ། །ཡེ་ཤེས་མ་རིག་འཁྲུལ་པ་ལ། །འབྱུང་བ་གཅིག་དང་ཡེ་ཤེས་འདྲེས། །དེར་འཛིན་རྐྱེན་གྱི་ཤ་ཁྲག་ལུས། །ཡེ་ཤེས་ཙིཏྟའི་སྙིང་ནང་དུ། །ཐིག་ལེ་དག་དང་མཉམ་དུ་གནས། །རྩའི་སྒོ་གསལ་ཙམ་ཡིན་པས། །ནང་གསལ་ཤ་ཁྲག་རྒྱ་རུ་ཐུམ། །རྩ་ལ་གསལ་བའི་ཡེ་ཤེས་དེས། །རྐྱེན་གྱིས་ཉམས་སུ་སུས་བླང་བ། །ལྷག་མེད་དག་ཏུ་མྱ་ངན་འདས། །དེ་ཕྱིར་རིག་ནས་སྙིང་པོ་ཡིན། །དེའི་ལམ་ནི་འབྱུང་བ་ལྔའི་དངས། །འཁོར་ལོ་ལྔའི་རྩ་མདུད་ནང་། །སྤྱན་གཉིས་དར་དཀར་སྐུད་འདྲས་སྦྲེལ། །བ་མེན་རྭ་འདྲས་ཀླད་པ་ནས། །མིག་གི་ཨ་འབྲས་ནང་ལ་རྒྱུ། །ཡེ་ཤེས་སྙིང་གི་ནང་ན་གནས། །དར་དཀར་སྐུད་པ་ལྟ་བུའོ། །རྩའི་ལམ་ལ་སྣང་བར་བྱེད། །རྒྱང་ཞག་ལ་ནི་གཟུགས་བསྡུས་ཏེ། །རླུང་གིས་བསྐྱེད་ཅིང་འཕེལ་བར་བྱེད། །འོང་དང་འགྲོ་བའི་འཕེལ་འགྲིབ་ཀྱིས། །ཡེ་ཤེས་དག་ནི་སྡུད་པར་བྱེད། །ཐིག་ལེ་སྟོང་པས་ལས་ཀུན་བྱེད། །འདས་པའི་ལས་ཀྱི་སྣང་བཟུང་ནས། །རླུང་གིས་བཀྲག་དང་གཟི་མདངས་བསྐྱེད། །སྒྱུར་ཅིང་ཡེ་ཤེས་སྣང་བ་སྟོན། །ཤེས་རབ་རང་བྱུང་སྒྲོན་མ་ཡི། །ཆོས་རྣམས་མཉམ་པར་རོ་གཅིག་ཏུ། །བསྡུས་ཏེ་རང་སྣང་འཛིན་པར་བྱེད། །འདི་ནི་བག་ཆགས་འབྲེལ་རྒྱུན་གཅོད། །དབྱིངས་ཀྱི་དངས་པ་སྡུད་པ་དང་། །རིག་པའི་སྐུ་རྣམས་འཛིན་པ་དང་། །གནད་གསུམ་བཅུད་དུ་སྨིན་པ་སྟེ། །འཁོར་བ་ཉིད་ནི་སྤངས་པར་བྱེད། །དེ་ལྟར་མིག་ལ་སྒྲོན་ཤར་བས། །སངས་རྒྱས་དགོངས་པའི་གནད་བསྡུས་པས། །རང་སྣང་སྣང་ཡུལ་འཛིན་པ་ནི། །སྒོ་ལ་ཤར་བའི་རིག་པ་དེ། །རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཡུལ་ལས་སྣང་བའི་ཆོས་ཉིད་ནི། །ནམ་མཁའ་སྔོ་སང་སྤྲིན་མེད་ལ། །འོད་དང་ཁ་དོག་དབྱིངས་ཉིད་དང་། །ཡེ་ཤེས་ལྔའི་རང་སྣང་སྟོན། །དག་པའི་ཡེ་ཤེས་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང་། །འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་ནོ། །དོན་དེ་གང་ཡིན་མཁའ་ལ་རྟོག །རིག་པ་ལུག་རྒྱུད་དངོས་པོ་མཐོང་། །ཡེ་ནས་གཞི་ལ་གནས་མོད་ཀྱང་། །བར་དུ་རྐྱེན་མེད་རྐྱེན་གྱིས་གསལ། །སངས་རྒྱས་མཁའ་འགྲོའི་ཞིང་ཁམས་སུ། །རྡོ་རྗེ་མཁའ་འགྲོའི་མེ་ལོང་བསྟན། །རིན་ཆེན་མཁའ་འགྲོ་དཀྱིལ་འཁོར་ཕྱེ། །སྣ་ཚོགས་ལས་ཀྱི་མཁའ་འགྲོ་བྱོན། །པདྨ་མཁའ་འགྲོས་དངོས་སུ་བསྟན། །སུས་ཀྱང་བྱས་པ་མ་ཡིན་ཏེ། །མ་འཁྲུལ་བའི་སངས་རྒྱས་སོ། །འདི་ཉིད་མཐོང་བའི་རྣལ་འབྱོར་པ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པ་ཡིན། །དེ་ལྟར་དབྱིངས་རིག་འབྲལ་མེད་ལ། །དགེ་སྡིག་བྲལ་བའི་ལྟ་བ་ཟེར། །དེའི་དོན་རྣམས་བྷཻཾ་པ་དེ། །དེ་ལ་སྤྱོད་པས་སྤྱོད་པ་ཟེར། །འབྲས་བུ་ནམ་མཁར་ཡོངས་རྫོགས་སོ། །དེ་ལྟར་ཡུལ་ནི་མཁར་གསལ་ལོ། །དེ་དག་ལེགས་པར་གོ་བ་དང་། །དོན་དེ་ཉམས་སུ་ལེན་པ་ན། །ལས་ལྡན་སྐྱེས་བུ་འཁོར་བ་ལ། །བློ་ལྡོག་ཐེག་ཆེན་ཆོས་ལ་མོས། །དམ་ཚིག་སྡོམ་ལ་གནས་པ་ཡིས། །མཚན་ཉིད་ལྡན་པའི་བླ་མ་བཙལ། །ཕུན་སུམ་ཚོགས་པའི་གནས་ཉིད་དུ། །རྫས་དང་བསྒྲུབ་གྲོགས་རྫས་འཛོམས་ནས། །མཚན་ཉིད་ལྡན་པའི་བླ་མ་ཡིས། །དབང་གིས་སྨིན་པར་བྱས་ནས་ནི། །དབེན་པའི་གནས་སུ་བྱ་བ་བཏང་། །རྐྱེན་བྲལ་བཞིའི་ཡུལ་དག་ལ། །མི་འགུལ་གསུམ་གྱིས་ཉམས་སུ་བླངས། །བདེ་བའི་སྟན་ལ་འདུག་སྟངས་བྱས། །རླུང་གནད་འདོར་དང་ཁྲེགས་ཆོད་ལས། །མ་ཡེངས་རྩེ་གཅིག་མིག་གི་སྒོ། །རྡོ་རྗེ་མཁའ་འགྲོའི་མེ་ལོང་ལ། །མི་འགྱུར་རྡོ་རྗེའི་མིག་བལྟས་པས། །མཁའ་འགྲོས་སྐུ་རྣམས་དངོས་སུ་སྟོན། །ཡེ་ཤེས་སྣང་བ་དེ་མཐོང་ནས། །ལས་དང་སྡིག་སྒྲིབ་ཟད་པ་ཡིན། །འཁོར་བ་དང་ནི་རྒྱབ་གྱེས་ཚར། །དུག་ལྔ་ཡེ་ཤེས་ལྔར་ཤར་ནས། །ཉོན་མོངས་མ་སྤང་རང་སར་དག །ཆོས་ཉིད་མངོན་སུམ་མཐོང་བ་ཡིན། །རིག་པའི་རྩ་དབང་དུས་འདིར་ཐོབ། །དེ་ནས་ཉམས་སྣང་ཡར་འཕེལ་ཏེ། །འོད་སྣང་མཆེད་ཅིང་ཐིག་ལེར་འཕེལ། །སྣང་ཤེས་ཉམས་རྣམས་རྒྱས་པའི། །ད་རུང་ཉམས་སུ་བླང་བ་ཡི། །རིག་པ་ཕུག་རོན་འཕུར་བ་ཙམ། །ལུས་ལ་འབུ་སྲིན་ཤིག་མི་འབྱུང་། །ད་རུང་གོང་དུ་འཕེལ་བ་ཡིས། །རིག་བ་ཤ་ར་རྒྱུག་པ་ཙམ། །ལུས་ལ་གཉེར་མེད་གཞོན་པར་འགྱུར། །ཟས་སྐོམ་གདུང་བ་དག་དང་བྲལ། །སྣང་བ་དེ་དང་མི་འབྲལ་ལོ། །འཁྲུལ་གཏམ་ཟད་ནས་ལྐུག་པར་འགྱུར། །ད་རུང་ཉམས་མྱོང་ཡར་འཕེལ་བས། །ཐིག་ལེ་སྐུ་རྐྱང་ཡབ་ཡུམ་དང་། །འཁོར་དང་ཚོམ་བུར་བཅས་པ་འཆར། །དེ་ནས་སེམས་སྣང་ཐམས་ཅད་འགགས། །སྔར་མེད་ཆོས་རྣམས་ཁོང་ནས་བརྡོལ། །དགྲ་གཉེན་ཡིད་ལ་མི་འབྱུང་ངོ་། །དེ་ནས་ཚད་ལ་ཕེབས་པ་ནི། །འོད་ནི་སྟོང་གསུམ་ཁྱབ་པ་ལ། །ཐིག་ལེ་མཁའ་འགྲོ་སྐུ་རྣམས་འཆར། །དེ་ནས་དཀྱིལ་འཁོར་རྫོགས་པར་འཆར། །ལུག་རྒྱུད་བར་དུ་སྐུའི་གང་། །སྟོང་སྒྲོན་གཉིས་པོ་ཞི་ཁྲོ་ཡིས། །དཀྱིལ་འཁོར་གའུ་ཁ་སྦྱོར་རྫོགས། །ཉིན་མཚན་སྣང་བ་རྒྱུན་ཆད་མེད། །རང་ལུས་གདོས་བཅས་འོད་དུ་འགྱུར། །སྐབས་སུ་ལག་སོར་རྩེ་མོ་ལ། །ལག་སོར་བཀྲམ་སྐྲང་ཡོད་པ་ཙམ། །འཁོར་འདས་གཉིས་ཀྱི་འདུ་ཤེས་བྲལ། །ལུས་ལ་འབྱུང་བའི་དགྲས་མི་ཚུགས། །དྲན་པ་ཝལ་པོ་རྗེན་མེད་འདི། །འཁྲུལ་སྣང་ཐམས་ཅད་དབྱིངས་སུ་ནུབ། །རེ་དོགས་དགག་སྒྲུབ་ཀུན་བྲལ་བས། །ཆོས་རྣམས་ཟད་སར་ཞེས་བརྗོད་དོ། །སྐྱེ་དང་འཇུག་པའི་རང་དབང་ཐོབ། །སྐུ་གསུམ་དབྱིངས་སུ་སངས་རྒྱས་སོ། །དེ་ལྟར་སྣང་བ་མཐོང་བ་ལ། །རྟགས་ཚད་བཅུ་གཉིས་རིམ་གྱིས་འཆར། །དེ་ལྟར་རིམ་གྱིས་ཉམས་བླངས་བས། །ལྟ་དང་བྷཻཾ་དང་སྤྱོད་པ་དང་། །འབྲས་བུའི་རྣལ་འབྱོར་བཞི་ཡིས་བསྟན། །དང་པོ་ལྟ་བའི་ངོ་བོ་དང་། །རྟོགས་ཚུལ་ངེས་ཚིག་དབྱེ་བ་དང་། །ཉམས་སུ་བླང་ཐབས་མཚན་དང་དྲུག །ཕྱི་ནང་གསང་བ་ཐམས་ཅད་ཀྱང་། །ངོ་བོ་གཅིག་ཏུ་མཐོང་ཞིང་རྟོགས། །ཆོས་ཉིད་དབང་པོས་དངོས་མཐོང་བས། །ལྟ་བ་ཞེས་ནི་དེ་ལ་བགྱིས། །རིག་བཅས་སོ་སོའི་འདོད་པ་ལ། །ཡིད་དཔྱོད་འཛིན་པ་ཉིད་དུ་འདོད། །དེས་ན་འདི་ཉིད་མངོན་སུམ་འཕགས། །འགྱུར་བྱེད་ཉིད་ལ་ཚུར་བལྟས་པས། །མ་སྤང་རང་གྲོལ་སེར་བུ་འདྲ། །གསང་བ་བསམ་འདས་ངང་ལ་བཞག །ཆོས་སུ་འཛིན་པ་ཙམ་དང་བྲལ། །ཀ་དག་ངང་དུ་ཆོས་ཟད་དོ། །བྱ་བྲལ་ཡོངས་རྫོགས་ལྟ་བ་ཟེར། །རབ་ནི་ལྷག་མེད་འབྲིང་བར་དོ། །ཐ་མ་སྤྲུལ་སྐུར་སངས་རྒྱས་སོ། །བྷཻཾ་བའི་ངོ་བོ་བྷཻཾ་པའི་ཚུལ། །ངེས་ཚིག་དབྱེ་བ་ཉམས་བླང་ཐབས། །བྷཻཾ་པའི་མཚན་བསྟན་དྲུག་ཡིན་ནོ། །བྷཻཾ་གྱི་ངོ་བོ་གསུམ་ཡིན་ཏེ། །བྷཻཾ་བྱ་བྷཻཾ་བྱེད་ཐབས་ཀྱི་བྷཻཾཻ། །ལེ་ལོ་སྙོམས་ལས་སྤང་བྱས་ལ། །རྒྱུན་དུ་བྷཻཾ་ལ་གནས་པར་བྱ། །བྷཻཾ་གྱི་ངེས་ཚིག་གནས་ཕྱིར་རོ། །བྷཻཾ་གྱི་རྣམ་གྲངས་མང་ཡོད་ཀྱང་། །ཟུང་དུ་འཇུག་པ་མཆོག་ཏུ་ཟབ། །དགེ་སྦྱོར་སྲང་དུ་གཞུག་པའི་ཕྱིར། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། །ཉིན་མཚན་ཆོས་ཀྱི་འདའ་བའི་ཕྱིར། །མིང་ནི་ཉིན་མཚན་ཁ་སྦྱོར་ཟེར། །སྤྱོད་པའི་ངོ་བོ་སྤྱོད་ཚུལ་དང་། །ངེས་ཚིག་དབྱེ་བ་ཉམས་བླངས་ཐབས། །སྤྱོད་པའི་མཚན་དང་དྲུག་ཡིན་ནོ། །སྤྱོད་པའི་ངོ་བོ་རོ་སྙོམས་ཉིད། །རང་ཤར་རང་གྲོལ་ཉིད་དུ་སྤྱོད། །དང་པོ་ཆོས་སྤྱོད་བཅུ་སོགས་ཀྱིས། །ལས་ངན་བཟང་པོར་བཟློག་ལ་བསླབ། །གཉིས་པ་འཁོར་འདས་རུ་ཤན་དབྱེ། །གསུམ་པ་བརྟུལ་ཞུགས་ལམ་དུ་བླངས། །རྒྱས་པ་ཉི་ཤུ་གཅིག་ཡིན་ཀྱང་། །སྤྱོད་པའི་གྲངས་ནི་བདུན་དུ་འདུས། །བུམ་བ་རི་དྭགས་རྒྱུག་པ་དང་། །ཐི་བྱ་སྨྱོན་པ་སེང་གེ་དང་། །ཁྱི་ཕག་ལྟ་བུས་ལམ་དུ་བཏང་། །མི་ཡང་བརྟུལ་ཞུགས་དབང་བསྒྱུར་རོ། །འབྲས་བུའི་ངོ་བོ་ཚུལ་ལམ་ཐབས། །ངེས་ཚིག་དབྱེ་བ་ཉམས་བླངས་ཐབས། །འབྲས་བུ་མཚན་དོན་དྲུག་ཡིན་ཏེ། །འབྲས་བུ་ཞེས་བྱ་བཙན་ས་ཟིན། །རྒྱལ་པོས་གདན་ས་ཟིན་པ་ལྟར། །མི་འགྱུར་བཟློག་པ་མེད་པའོ། །འབྲས་བུ་སྨིན་པ་བསྟན་པ་སྟེ། །རྐྱེན་གྱིས་མི་འཇིག་རྟོག་པ་མེད། །སྨིན་པ་འབྲས་བུ་ཞེས་སུ་བརྗོད། །དེ་ཡང་དབྱེ་ན་གཉིས་ཡིན་ཏེ། །གནས་སྐབས་དང་ནི་མཐར་ཐུག་གོ། །མིང་ནི་རྣམ་དག་ལྷུན་གྲུབ་གྱིས། །འབྲས་བུ་རྫོགས་ཆེན་ལྷུན་རྫོགས་སོ། །དེ་ལྟར་རྣལ་འབྱོར་བཞི་ཉིད་ཀྱིས། །མི་སྤང་ཉམས་སུ་བླང་བ་ལས། །འབྲས་བུ་ཇི་ལྟར་ཐོབ་ཚུལ་ཀྱང་། །ཡང་དག་རྫོགས་པའི་སངས་རྒྱས་དང་། །མངོན་པར་སངས་རྒྱས་གཉིས་ཡིན་ནོ། །ཕུང་པོ་ལྷག་མ་མེད་པ་རུ། །དབྱིངས་སུ་སངས་རྒྱས ལྷག་མེད་ལ། །འོད་དང་སྐུ་དང་གདུང་དང་སྒྲ། །མངོན་པར་བྱོན་པ་མངོན་རྫོགས་སོ། །དེ་གཉིས་གང་ལྟར་ཐོབ་མོད་ཀྱང་། །ཐུགས་རྗེའི་ཆ་ལས་གཞན་དོན་རྣམས། །རྩོལ་བ་མེད་པར་འབྱུང་བའོ། །གལ་ཏེ་ཉམས་སུ་ལེན་པ་ལས། །རྐྱེན་གྱིས་བར་ཆད་ལུས་བོར་ནས། །ཕྱི་ནང་དབུགས་ཆད་གྱུར་པ་ན། །འོད་ལྔའི་སྣང་བ་བར་དོར་འཆར། །དེ་ཉིད་ངོ་ཤེས་ཟུང་དུ་འབྲེལ། །རིག་པ་རྡོ་རྗེ་ལུག་རྒྱུད་དང་། །སྒྲ་འོད་ཟེར་དང་སྐུ་ཞིང་ཁམས། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་གྲོལ་བར་འགྱུར། །དེའི་ཀ་དག་རང་ས་ཟིན། །སྐུ་གསུམ་དབྱིངས་སུ་སངས་རྒྱས་སོ། །གལ་ཏེ་ཆོས་ལ་མོས་གྱུར་ཀྱང་། །ཉམས་སུ་བླང་ལོང་མེད་པ་ལ། །གསང་སྒོ་གནད་ཀྱི་གདམས་པ་གདབ། །བར་དོ་བཞིའི་མཚམས་དབྱེ་ནས། །བཏགས་གྲོལ་འཕོ་བ་གསལ་འདེབས་དང་། །ངོ་སྤྲོད་རིམ་པར་ཐིམ་པར་བྱ། །སྒྲོན་མ་དྲུག་གི་དོན་སྦྱོར་ནས། །ཚིག་གསུམ་དག་གིས་ཉམས་སུ་བླང་། །གདོད་མའི་ས་ལ་གྲོལ་བའི་གནད། །དབང་པོ་མཐོ་དམན་རིམ་པའི། །རབ་འབྲིང་ཐ་མ་གསུམ་པོ་ལ། །གསུམ་གསུམ་དགུ་རུ་ངེས་དབྱེ་ནས། །གྲོལ་བ་ཐོབ་པ་ཐེ་ཚོམ་མེད། །ཡང་ན་ཆོས་ཉིད་བར་དོ་རུ། །བདུན་གསུམ་ཉེར་གཅིག་ཚུན་དུ་འགྲུབ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །གནད་འདི་མ་རྟོགས་དགེ་བ་བཅུ། །སྤྱོད་ཀྱང་འཁོར་བ་ལས་མི་གྲོལ། །སྔར་གྱི་མཚམས་མེད་ལྔ་བྱས་ཀྱང་། །འདི་འཕྲད་ངན་སོང་ལྷུང་མི་སྲིད། །འདི་དང་བཏགས་གྲོལ་གཉིས་སྤྲད་ན། །ལོ་དྲུག་ཕུང་པོ་ལྷག་མེད་འགྲོ། །འདི་མེད་གང་དང་གཞན་སྤྱོད་པ། །སྐལ་པར་མཉན་བསམ་བྷཻཾ་བསྒྲུབ་ཀྱང་། །བསྐལ་པར་སངས་རྒྱས་རེ་བ་མེད། །ཅི་ཕྱིར་མངོན་སུམ་གནད་མ་རྟོགས། །སྡེ་གསུམ་རིམ་དགུའི་ཆོས་རྣམས་ཀྱིས། །འདི་ཉིད་དོན་ལ་རེག་པ་མེད། །དེ་ཕྱིར་ཀུན་ལས་ཁྱད་པར་འཕགས། །གཞི་ལ་ཤེས་རབ་ལྷུན་གྱིས་གྲུབ། །ཐབས་ཀྱིས་མངོན་སུམ་སྐད་ཅིག་ལ། །མཐོང་སྟེ་གྲོལ་འགྱུར་ཐེ་ཚོམ་མེད། །ཅི་ཕྱིར་མཁའ་འགྲོ་དངོས་ཀྱིས་སྟོན། །འདི་ཉིད་སྤྱོད་པའི་སྐྱེས་བུ་ནི། །ཀུན་བཟང་ཡབ་ཡུམ་དབྱེ་རུ་མེད། །ཌཱ་ཀྐི་ལུས་དང་གྲིབ་མར་འགྲོགས། །འདི་དང་ཚིག་གིས་འབྲེལ་པ་ཡང་། །སྐྱེ་བ་གསུམ་དུ་མི་ཐོགས་གྲོལ། །སྒྲ་ཙམ་རྣ་བས་ཐོས་པས་ཀྱང་། །ཐ་མལ་སྐྱེ་བ་འདི་ཆོད་འགྱུར། །མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་སངས་རྒྱས་སོ། །ཅི་ཕྱིར་འདི་ནི་ཡེ་ཤེས་དངོས། །མཐོང་བས་ཤེས་གྲོལ་དུས་མཉམ་འབྱུང་། །ཅི་ཕྱིར་ཐེག་པ་གཞན་དག་གིས། །ལོ་སྟོང་བྷཻཾ་ཡང་འདི་མ་མཐོང་། །འདིས་ནི་སྐད་ཅིག་ཉིད་ལས་སྟོན། །ལོ་སྟོང་སྡིག་སྤྱོད་སྐྱེ་བོས་ཀྱང་། འདི་ཉིད་ལོ་དྲུག་ཉམས་བླང་ནས། །ལྷག་མ་མེད་པར་སངས་རྒྱས་སོ། །ཅི་ཕྱིར་ངོ་བོ་ཅེར་མཐོང་ཡིན། །རིག་པ་ཡེ་ཤེས་ངོ་བོ་ལ། །སྡིག་པའི་སྐྱོན་གྱིས་གོས་པ་མེད། །དགེ་བ་སྤྱད་ཀྱང་ཕན་མ་བཏགས། །རིག་པ་དགེ་སྡིག་དོན་ལས་འདས། །དེ་ལྟ་བུའི་གདམས་པ་འདི། །མཁའ་འགྲོའི་གཙོ་མོས་གུས་པས་ཟུངས། །བདག་ཅག་སྙིང་གི་ཐིག་ལེ་འདི། །ལྔ་ལྡན་བུ་ལ་རིམ་གྱིས་གཏད། །ཅེས་གསུངས་ནས། སྟོན་པ་ཡབ་ཡུམ་སྐྱེ་མེད་ཀྱི་དབྱིངས་སུ་ཐིམ་མོ། །འཁོར་རྣམས་ཀྱང་རྗེས་སུ་ཡི་རངས་ནས་གུས་པས་བསྟོད་དོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། ཐུགས་སྟོན་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཀྱིས། རྒྱུད་ཀྱི་དོན་ཐམས་ཅད་གཅིག་ཏུ་དྲིལ་ནས། རྡོ་རྗེའི་གླུ་རུ་གསུངས་པའི་ལེའུ་སྟེ་བརྒྱ་དང་སོ་བརྒྱད་པའོ། །྅྅྅དེའི་ཚེ། དེའི་དུས་སུ། ཁྲོས་མ་ནག་མོ་ཤིན་ཏུ་མི་སྲུན་པ་དེས། རྐན་སྒྲ་བརྡབ་པ་ཙམ་གྱིས། དུར་ཁྲོད་ཀྱི་མ་མོ་ཐམས་ཅད་རང་དབང་མེད་པར་དབང་དུ་འདུས་ཤིང་ལས་བྱེད་དེ། ལྟ་བ་ལོག་པ་དང་བྷཻཾ་པ། སྤྱོད་པ་ལོག་པའི་རུ་ཏྲ་ཐམས་ཅད་སྲོག་གཅོད། སྙིང་འདོན། ཤ་ཟོས། ཁྲག་འཐུང་། ལྷ་བ་འཇིབ། སྐུ་གསུང་ཐུགས་ལས་སྤྲུལ་པའི་མ་མོ་འབུམ་ཕྲག་དང་བཅས་ནས། དྲག་པོའི་སྒྲ་སྒྲོགས་ཤིང་། ཕྱག་ན་རྡོ་རྗེ་ཡང་སྐྱི་གཡའ་ཤུམ་ཤུམ། ལས་ཀྱི་ཁྲོ་བོ་ཐམས་ཅད་འགུལ་མི་ནུས་པར། ཟིལ་གྱིས་གནོན་པར་གྱུར་ཏོ། །སྐུ་ལས་ཕུང་བྱེད་རྫས་སྦྱོར་ལས་དཀར་ནག་ཁྲི་དང་དྲུག་སྟོང་འཕྲོ། གསུང་ལས་ཕུང་བྱེད་དྲག་པོའི་ལས་ལེའུ་ཁྲི་དང་དྲུག་སྟོང་འཕྲོའོ། །ཐུགས་ལས་ཕུང་བྱེད་ངན་སྔགས་རེག་གཅོད་ཁྲི་དྲུག་སྟོང་འཕྲོའོ། །ཡོན་ཏན་དང་འཕྲིན་ལས་ལས་གཅོག་རྡུང་དྲག་པོའི་ལས་འབུམ་ཕྲག་དྲུག་ཅུ་རྩ་བཞི་འཕྲོའོ། །དེའི་དུས་སུ་སྐུ་གསུང་ཐུགས་ཀྱི་འཁོར་རྣམས་ཀྱིས་འདི་སྐད་གསོལ་པ། ཨེ་མ་མ་མོ་ཆེན་མོ་དགོངས། །འདི་ལྟ་བུའི་གླུ་ཆེན་འདི། །འཆང་ཞིང་ཉམས་སུ་ལེན་པ་ལ། །གང་ཟག་གི་ལོག་པར་ལྟ་བ་དང་། །ཉམས་ལེན་བར་ཆད་བྱེད་པ་དང་། ཐུགས་རྗེས་འཁྲོས་པའི་ནུས་པ་ཡིས། །སྒྲོལ་བར་བྱེད་པའི་ལས་སྩོལ་ཅིག །ཅེས་པ་དང་ཁྲོས་མ་ཉིད་ཀྱིས་འདི་སྐད་དུ་བཀའ་སྩལ་པ། ཉོན་ཅིག་རིགས་ཀྱི་མ་འཁོར་རྣམས། །མ་འོངས་ཚེ་ལོ་མར་འགྲིབ་ཚེ། །བསྒྲུབ་ལ་བར་ཆོད་ལོག་ལྟ་མང་། །དེ་དུས་ཚར་བཅད་རྗེས་བཟུང་ཐབས། །ལེགས་པར་བཤད་ཀྱི་གུས་པས་ཉོན། །འདི་ལ་རྣམ་པ་གསུམ་ཡིན་ཏེ། །ཕྱི་ནང་གསང་བའི་སྒྲུབ་པའོ། །དང་པོ་ཕྱི་ལྟར་བསྒྲུབ་པ་ནི། །བྲག་ནག་ཕུག་གམ་བཙན་པའི་སར། །དམ་གཙང་སྙིང་རུས་ལྡན་པ་དེས། །དྲེགས་པའི་སྲོག་དབང་ལེགས་ཐོབ་ནས། །སྔོན་འགྲོ་མཎྜལ་བྲུབ་ཁུང་བཤམ། །ལྕགས་ཕུར་བཞི་དང་གཏོར་མ་དང་། །མི་ཁྲག་ལ་སོགས་ཁྲག་སྣ་དང་། །ཉུང་ཐུན་དུག་ཐུན་ཐུན་རྫས་བསགས། །ལིང་ག་ཟག་རྫས་མིང་རུས་བཅས། །བྲུབ་ཁུག་ནང་དུ་བཅུག་ལ་བཞག །བྱ་ཁྱི་ལུག་གི་སྙིང་སྣ་གསུམ། །བླ་རྡོ་དག་ཏུ་བཟུང་བར་བྱ། །དངོས་གཞི་གོང་ནོན་ཡེ་ཤེས་ལྷ། །ཁྲོས་མ་ནག་མོ་ཡབ་ཡུམ་བྷཻཾ། །སྤྱན་དྲང་བཞུགས་གསོལ་བསྐྱེད་བསྟིམ་བྱ། །དེ་ནས་བསྙེན་པ་འདི་ལ་འབད། །ཏྲག་རག་པ་ཏི། རུ་ལུ་རུ་ལུ་སྙིང་ཁ་རག་མོ་བྷྱོ། དེ་ལ་འབུམ་ཕྲག་གསུམ་སོང་བས། །རྟགས་གསུམ་མངོན་དུ་འབྱུང་བ་ཡིན། །དེ་ནས་སྔགས་འདིས་རྦད་པར་བྱ། །ཏྲག་ཤ་མུ་ཏྲ། སྙིང་ཁ་རག་མོ། དགྲ་ལ་བྷྱོ། སྐབས་སུ་འཕྲིན་ལས་བསྐུལ་བར་བྱ། །དེ་ལ་འབུམ་ཕྲག་གཅིག་སོང་ནས། །བསད་པའི་ལམ་སྦྱོར་འདི་བྱའོ། །རག་མོ་དགྲ་བོ་མ་ར་ཡ་སོད་སོད། ཡ་ཡ་ཐུམ་ཐུམ། ཕུར་པ་ལིང་ག་དག་ལ་གདབ། །མེར་བསྲེག་ཐལ་བ་རླུང་ལ་ཕྱར། །ཆ་གཅིག་རྒྱ་གྲམ་ལམ་དུ་མནན། །གཏོར་མ་དགྲའི་ཕྱོགས་སུ་འཕོང་། །རྗེས་ནི་གཏང་རག་བཟང་པོ་གཏོང་། །དེ་ལྟར་བསྙེན་སྒྲུབ་རྫོགས་པའི་ཚེ། །ཚངས་པའི་ཚེ་ཡང་ཟླ་གསུམ་འགུམ། །ལན་གཅིག་འགྲུབ་ནས་ཕྱིས་ཀྱིས་ཚེ། །ཐུན་བཞིར་བསྐུལ་ཞིང་རྦད་པ་དང་། །ཐལ་མོ་བརྡབ་ལས་ཙམ་གྱིས་ཆོག །ཁྲོས་ནག་ཕྱི་ལྟར་བསྒྲུབ་པའོ། །྅྅྅ནང་ལྟར་ཨེ་ཀ་ཙ་ཏིར་བསྒྲུབ། །དུར་ཁྲོད་ལ་སོགས་དབེན་ས་རུ། །མཎྜལ་མདའ་གང་ཆོས་འབྱུང་དབུས། །སྐུ་གཟུགས་བཞུགས་མདུན་གཏོར་མ་བཅའ། །ལིང་ག་ལ་སོགས་རྫས་ཀུན་བསགས། །རང་ཉིད་དབྱིངས་ཀྱི་ཡུམ་གསལ་བས། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཡིག་འབྲུ་བརྒྱད་པོ་སུམ་འབུམ་བསྙེན། །རྟགས་རྣམས་ཐམས་ཅད་རྫོགས་པ་དང་། །ལིང་ག་གཏོར་མའི་འོག་ཏུ་གཞུག །མདུན་དུ་ཨེ་ཀ་ཙ་ཏི་མ། །ཞལ་གཅིག་ཕྱག་གཉིས་མི་སྙིང་དང་། །ཞིང་ཆུང་རྒྱལ་མཚན་འཛིན་པ་ལ། །འཁོར་བཞིས་བསྐོར་བ་གསལ་བར་བསྐྱེད། །འབོད་སྔགས་ཡིག་འབྲུ་བཅུ་བཞི་བརྗོད། །དེ་ནས་ཞག་བདུན་འདིའི་རྦད། །ༀ་མ་མ་ཏྲག་རག་ཤ་སྙིང་ཐུམ་རྦད། སྙིང་གཟེར་སྲོག་ཧར་ཡེ་ཆུམ་ཡ། སྲོག་པྲིག་པྲིག་ཆུམ་ཁྱོར་བྷྱོ། སྒྲ་དང་འོད་དང་ཐུན་ཆོམ་འོང་། །ཉམས་དངོས་རྨི་ལམ་བཟང་པོ་འོང་། །དུས་གནད་བསྡུས་ལ་ལིང་ག་རྣམས། །ལས་སྦྱོར་བྱས་ནས་དགྲ་ལ་འཕོངས། །ཁྲག་ནད་རྒྱུ་གཟེར་སྨྱོ་འབོག་ལ་སོགས་པ། །ཁྲག་ཏུ་སྐྱུག་ནས་མདུན་ན་འགུམ། །ལོ་གཅིག་ཟླ་བ་བཅུ་གཉིས་ལ། །ར་བ་བཞི་ལ་བསད་དུས་བཞི། །སྔགས་དག་ལས་སྦྱོར་ཤེས་པ་ན། །བཅས་པ་ཙམ་གྱིས་དགྲ་གཤེད་སྒྲོལ། །ཤིན་ཏུ་ཟབ་པས་སྙིང་ལྟར་འཆོང་། །ས་མ་ཡཱ། ྅྅྅ གསང་བ་ཤན་པས་སྲོག་སྒྲུབ་བཤད། །དགྲ་བོ་ངེས་པར་བསད་འདོད་ན། །མཚན་མ་ལྟ་བུའི་བྲག་ཕྲག་ཏུ། །མཎྜལ་མཐོ་དོ་གྲུ་གང་བ་ལ། །སྒོ་བཞི་དབུས་སུ་ཆོས་འབྱུང་བྲི། །ཐོད་པར་ཤ་ཁྲག་གཏོར་ཆེན་བཤམ། །གྲོ་ག་ཤིང་ཤུན་རས་དག་ལ། །རང་གི་དྲི་རླང་མ་སོང་བར། །དགྲའི་བླ་ཁྲག་གིས་ལིག་ག་བྲིས། །ཟག་རྫས་མིང་རུས་བཅས་ཚར་ནས། །དགུག་དང་ལྷ་དབྱེ་ལ་སོགས་བྱ། །དུར་ཁྲོད་ཤིང་བུའི་རྩེ་ལ་སྐྱོན། །གཏོར་མ་རྩེ་ལ་གཟུག་པར་བྱ། །རང་ཉིད་ཁྲོས་མ་ནག་མོར་བསྐྱེད། །གསོད་བྱེད་ཤན་པ་ནག་མོ་ཡིས། །ཐོགས་པ་མེད་པར་དགྲ་བསད་བསམ། །ཉུང་དཀར་ཉུང་ནག་སྐེ་ཤང་དུག །ཐུན་གྱིས་བྲབ་ཅིང་སྔགས་འདི་བཟླས། །ༀ་ཁྱི་ཁ་ལེ་ནག་མོ་སོད། སྲོག་མ་ཏྲི་སོད། སྙིང་ཁ་ཁ་བམ་མ་ཡ་སོད། རྩ་བ་བྷི་རི་མུ་སོད། ག་ཡ་སོད། རྣི་ཡ་སོད། རག་མོ་ཙིཏྟ་རྦད། རག་མོ་ཙིཏྟ་རྦུད། སྤུ་གྲིའི་སོ་དང་སྐྲ་འཕྲད་དམ། །རྩ་སྐམ་དག་ལ་མེ་འཕྲད་འདྲ། །ཞག་བདུན་དག་གིས་ཁྲག་སྐྱུག་ནས། །ངེས་པར་དགྲ་བོ་འཆི་བར་ངེས། །གྲུབ་རྟགས་ཉམས་དངོས་རྨི་ལམ་དུ། །མ་སྲིང་ཆུང་མ་མ་སྲུ་དང་། །མཛའ་མོ་བྲན་མོ་ཐོག་འཚེགས་དང་། །འོད་དང་རླུང་གི་ཆོ་འཕྲུལ་འོང་། །གཞན་ཡང་བུད་མེད་གཅེར་བུ་ལ། །ཁྲག་དང་ཐལ་བས་ལུས་བྱུག་ནས། །མཚན་མ་བསྒྲད་ནས་མཆེ་བ་གཉེར། །གྲི་ཐོག་གསོད་པར་བྱེད་ལ་སོགས། །དགྲ་ལའང་དངོས་སུ་འབྱུང་བ་ཡིན། །འཁུ་ན་བྱ་སེར་ཚིལ་བུ་བསྲེགས། །རྡུག་ནས་གང་ལ་རྟགས་མེད་ན། །རག་མ་རག་མོ། གཟེར་ནན་ཁུག་དྲང་། ཆེ་གེ་མོའི་ཙིཏྟ་ལ་རྦད། སོད་ཡ། དེ་ལ་རྟགས་མེད་མི་སྲིད། རྐ་ན་ཡིག་འབྲུའི་སྒྲོམ་སུ་གཞུག །རྟགས་རྫོགས་གཏོར་མ་དགྲ་ལ་འཕོང་། །ལིང་ག་རྩུབ་ཤིང་མེ་ལ་སྲེགས། །ཐལ་བ་ལིང་ག་མནན་པར་བྱ། །དེ་ལྟར་ལས་མཇུག་རྫོགས་བྱས་ནས། །ཚངས་པའི་ཚེ་དང་ལྡན་ནའང་། །ཉི་ཤུ་གཅིག་གི་ཞག་ནང་དུ། །འགུམ་འགྱུར་འདི་ལ་ཐེ་ཚོམ་མེད། །ཀུན་ལ་སྤེལ་ན་འཇིག་རྟེན་ཕུང་། །དེ་བས་འདི་ནི་གསང་བ་གཅེས། །སྒྲུབ་པ་པོའི་མཚོན་ཆ་ཡིན། །ཅེས་གསུངས་སོ། །ཀུན་ཏུ་བཟང་མོ་ཀློ ང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། རྒྱལ་བ་དགོངས་བརྒྱུད་ཀྱི་བཀའ་གཉེར། ཕྱི་ལྟར་ཁྲོས་མ་ནག་མོ། ནང་ལྟར་ཨེ་ཀ་ཙ་ཏི། གསང་བ་ཤན་པ་སྲོག་སྒྲུབ་ལ་གཏད་པའི་ལེའུ་སྟེ་བརྒྱ་དང་སོ་དགུ་པའོ། །྅྅྅ དེའི་ཚེ་ཁྲོས་མ་ནག་མོའི་ཐུགས་ཀ་ནས། དཔལ་རྡོ་རྗེ་སེམས་དཔའ་ཁྲོས་པར་གྱུར་ཏེ། གཟའི་རྒྱལ་པོ་ར་ཧུ་ལ་འཁོར་སྡེ་བརྒྱད་དབང་མོ་དང་བཅས་པ་ཐམས་ཅད་མདུན་དུ་ལྷགས་སོ། །ཡང་གཙོ་མོས་བཀའ་སྩལ་པ། ཉོན་ཅིག་དྲེགས་པའི་འཁོར་ཚོགས་རྣམས། །མ་འོངས་བསྟན་པའི་མར་གཤམ་དུ། །གསང་སྔགས་གནད་རྒྱུད་དམ་པ་འདི། །འཛིན་འཆང་ཉམས་ལེན་སྒྲུབ་པ་པོ། །སྲུང་སྐྱོབ་བཀའི་གཉེར་གཏད་པ། །གཟའི་རྒྱལ་པོ་ཉིད་ལ་བཅོལ། །འདི་ལ་ཕྱི་ནང་གསང་གསུམ་སྟེ། །ཕྱི་སྒྲུབ་སེར་བ་ལྕོག་རྡུང་མ། །དབེན་པར་གཉེན་པོ་ལྷ་བྷཻཾ་ལ། །དཀྱིལ་འཁོར་བྲུབ་ཁུང་ནང་དག་ཏུ། །ཐོད་ནག་ནང་དུ་སྦྲུལ་ཤུན་མཉེས། །དཀར་གསུམ་མངར་གསུམ་སྔགས་ཀྱི་གཞུག །སྟོད་དུ་རོལ་གསུམ་སྔགས་བྱང་གཞུག །བར་དུ་དགྲ་ཡུལ་སྔོ་སྣ་དང་། །མིང་རུས་ལ་སོགས་གཞུག་པར་བྱ། །གཏོར་མ་བྲིས་སྐུ་བཅས་ལ་གཞུག །སྨན་གཏོར་རཀྟ་ཕྱི་ནང་རྫས། །ཐུན་དང་ཁྲག་དོང་ལ་སོགས་བསགས། །དེ་རྣམས་སྔོན་དུ་འགྲོ་བའོ། །དངོས་གཞི་ཐོད་ནང་གཟའ་བདུད་བསྐྱེད། །བདག་ཉིད་ཕྱག་ན་རྡོ་རྗེར་བསྐྱེད། །ༀ་པ་ཤ་མི་གི་དུ་རུ་མ་ཤི་ཛ་ལ་ཏི་སྭཱ་ཧཱ། གོང་བསྙེན་འབུམ་ཕྲག་གསུམ་སོང་ནས། །འགྲུབ་རྟགས་ཉམས་དང་རྨི་ལམ་དུ། །གཟའ་བདུད་འཁོར་དང་བཅས་པ་རྣམས། །ཐོད་པ་ནང་གི་རྫས་དང་བཅས། །གཏག་གཏོར་ཐུན་དང་བཅས་པ་རྣམས། །དགྲ་བོ་དེའི་ཡུལ་ཕྱོགས་ཀྱི། །དྲེགས་པ་ཅན་གནས་ས་རུ་སྦ། །ཐོག་དང་སེར་བ་གཉིས་ཀ་འོང་། །ཡུལ་གྱི་གཞི་བདག་སྲིད་དུ་བཅད། །ཡང་ནི་སྔར་ལྟར་བཅས་གཞི་བཞི་བཤམ། ༀ་ན་ག་ཤུ་ཤུ། ན་ག་དུམ་བ་ལ། ཕྲམ་ཕཊ། དེ་ལ་སྔགས་འབྲུ་བཅུ་གཉིས་ཡོད། ཏ་སུ་བཛྲ་ཡ་ཤི། ཀེ་ཏེ་བཛྲ་རག་ཤ་ཕྲམ་ཕཊ། སྔགས་འདི་འབྲུ་བཅུ་གཉིས་ཡོད་པ་སྦྲེལ། འབུམ་སོང་སེར་བའི་རྒྱུ་གྲུབ་ན། །སྔགས་འབྲུ་ཉི་ཤུ་ཐམ་པ་ལ། །ཁྲི་ཚོ་གཅིག་དུ་བཟླས་པ་བྱ། དེ་ནས་སྔགས་འབྲུ་ཉེར་དྲུག་པ། །ནང་ནུབ་གཉིས་སུ་རེས་མོས་བཟླས། །སྐམ་ཐུན་རློན་ཐུན་ནང་དུ་བརྡེག །དེ་དུས་གྲུབ་རྟགས་དགུན་ཡིན་པས། །ད་ལྟར་སེར་བ་འབབ་ལྟར་དུས། །འཇིགས་ཤིང་སྐྱི་ཤ་གཡའ་བ་འོང་། །བོ་ཟག་འཁྱུད་གསུམ་མ་བྱུང་གཅེས། །འཕོང་སྔགས་བཟླས་ཤིང་དགྲ་ཡུལ་བསྟན། དེ་ནས་ལས་ལ་སྦྱར་བ་ནི། དགྲ་ཡི་ཞིང་དཀྱིལ་བཅས་རྣམས་གཞུག །རི་ལ་གཅིག་ཏུ་ཐབ་བཙུག་ལ། །དཀར་ཐབ་དམར་ཐབ་སྔོ་ཐབ་བཏང་། །ལོ་ཐོག་ཐམས་ཅད་དུས་གཅིག་འཇོམས། །ཨཱོཾ་རྩ་པ་ཏི་ར་ཧུ་ལ་ཨ་ཀྲོ་ཏེ་ཀ་ཤ་ར་ཤ་ར་ཏ་ཁྲམ་ཁྲམ་དུས་ཁྲམ། དཀར་ཁྲམ། ཤུ་རི་ཁྲམ། ཕོབ་ཡཱ། ཕབ་སྔགས་ཉི་ཤུ་རྩ་དྲུག་བཟླས། །མུ་ཁྲིད་བྱས་པས་གང་འདོད་འགྲུབ། །ལོ་ཐོག་འཇོམས་པའི་ཐོ་བ་ཡིན། །྅྅྅ གཟའ་མཆོག་ནང་ལྟར་བསྒྲུབ་པ་ནི། །འདི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ། །དབེན་པར་གཟའི་གཏོར་ཚོགས་བཤམ། །ཕྱག་རྡོར་བྷཻཾ་ལ་སྔགས་འདི་བསྙེན། །ཧྲི་ཤྲག་རུ་རམ་ན་གེ་ཙིཏྟ་ཏྲཾ། མ་མ་ངོས་ཟ་འགྲམ། །ཧ་ཧེ་ཡོ་གེ་ཤ་ལ་ཛ་རཾ། གཉིས་པ་སྒྲུབ་པའི་རིམ་པ་ཡང་། །རྫ་བྲག་རི་བྲག་བྲག་གསེབ་ཏུ། །མཎྜལ་ནག་པོ་གྲུ་གསུམ་བྱ། །དགྲ་བོ་དུ་ཡོད་ལིང་ག་བྱས། །གཟའ་བཤོས་འོག་གི་དཀྱིལ་འཁོར་བྲུས། །གན་རྐྱལ་སྐྱེལ་ལ་བཞག་པར་བྱ། །གཞན་ཡང་སྦྱོར་བ་བཀོད་ལེགས་བཤམས། །རང་ཉིད་ཡེ་ཤེས་ར་ཧུ་ལ། །དམར་པོ་ཕྱག་བཞི་པ་རུ་བྷཻཾ། །དེ་ལ་དུས་གསུམ་སངས་རྒྱས་རྣམས། །འུབ་ཀྱིས་བསྡུ་ལ་ཐིམ་པར་བྷཻཾ། །ཙཀ་ལི་དང་གཏོར་མ་འདི། །འཇིག་རྟེན་གཟའ་བདུད་ཉིད་ལ་བྷཻཾ། །འཇིག་རྟེན་དྲེགས་པ་ཐམས་ཅད་བསྟིམས། །ལས་བྱས་ཕྱི་ནང་གསང་བས་མཆོད། །འབོད་སྔགས་ཤམས་སུ་རྦད་སྔགས་བཏགས། །སྲའི་ཤག་སྲའི་ཤག་ཧ་ཧ་ཚལ་པ་ཚལ་པ། རཾ་རཾ། ཤིག་ཤིག །འུར་འུར། རྒྱུག་རྒྱུག །ར་ཧུ་ལ་དགྲ་བོའི་སྙིང་དང་ནང་རོལ་ལ་རྦད་ཡ་ཤ་རུས་པགས་པ་ལ་རྦད་ཡཱ། བླ་ཚེ་སྲོག་ལ་རྦད། དེ་ལ་དང་པོ་འདི་རྣམས་འབྱུང་། །རྒྱ་གར་ཨ་ཙ་ར་མོན་བ་ཕོ་མོ། །ཁྱི་ནག་བྱ་ནག་མི་ནག་འོང་། །གཉིས་པ་རྦད་པའི་རྟགས་ནི། །ཁྱི་འགྱེད་གཡུལ་འགྱེད་གོ་མཚོན་ཐོགས། །འོད་དང་ཐུག་ཆོམ་མི་ནག་འོང་། །དེ་ནས་བསད་པའི་ལས་སྦྱོར་ལ། །ཐོད་ངན་ནང་དུ་ལིང་ག་བྲུབ། །ཉིན་མཚན་དུས་དྲུག་ཐུན་གྱིས་བྲབ། །སྔགས་ནི་འབོད་རྦད་བསད་གསུམ་དྲིལ། །ཧེ་དུ་ཧི་ས་ར་ཧོར་ཏི་བྱད་ཟོན་ཟོན། །ཆེ་གེ་མོ་མ་ར་ཡ་རྦད་སོད་ཡཱ། ལིང་བྱེད་རི་དྭགས་གསོད་པ་དང་། །སེམས་ཅན་གསོད་དང་མགོ་བོ་བཅད། །ནང་རོལ་གློ་སྙིང་ཁྱེར་བ་འབྱུང་། །གང་བྱུང་རྟགས་ཡིན་ངེས་པར་སོད། །དེ་ནས་ལས་ལ་སྦྱོར་བ་ནི། །རྟག་གཏོར་དགྲའི་ཡུལ་དུ་འཕོངས། །ལིང་ག་དུག་ཤིང་མེ་ལ་བསྲེགས། །ཐལ་བ་སྟོང་ལམ་བཞི་མདོར་མནན། །གཏང་རག་རིམ་པར་བཟང་བར་གཏོང་། །ཚངས་པའི་ཚེ་དང་ལྡན་པ་ཡང་། །ཉི་ཤུ་རྩ་གཅིག་ཞག་གྲངས་ལ། །ཁྲག་སྐྱུག་འཆི་བར་ཐེ་ཚོམ་མེད། །ཤིན་ཏུ་ཟབ་པས་གསང་ལ་བཟུང་། །྅྅྅ དེ་ཡང་གསང་བའི་སྒྲུབ་པ་ནི། །དང་པོ་སྐུ་རྟེན་ཐང་སྐུ་དང་། །གཙོ་འཁོར་ཐམས་ཅད་ཚང་བར་བཞེངས། །རས་ནག་དར་ནག་རུ་རུ་ཤིང་། །རབ་གནས་མཆོད་བསྟོད་མངའ་གསོལ་ནས། །གཟའ་བདུད་འཁོར་བཅས་སྐུ་རུ་བསམ། །དབེན་བར་སྟེགས་བུ་ཆོས་འབྱུང་ནང་། །དགྲའི་ལིང་ག་གཞུག་པར་བྱ། །དེ་སྟེང་གཟའ་བཤོས་གཏོར་ཆེན་བཞག །བྲིས་སྐུ་མདུན་དུ་བཤམ་པར་བྱ། །བླ་རྡོ་དར་ཟབ་དྲིལ་ལ་བཅངས། །བདག་ཉིད་གཉེན་པོའི་ལྷ་རུ་བྷཻཾ། །བསོ་རྦད་བསད་གསུམ་དྲིལ་བ་ཡིས། །སྔགས་རྒོད་སྤུ་གྲི་འདི་བཟླས་བྱ། །ཧ་ཧ། ཧྲི་ཤག་རུ་རམ། ན་གེ་ཙིཏྟ་ཏྲཾ། མ་མ་ཡོ་ཟ་འགྲམ། ཧ་ཧེ་ཡོ་གི་ཤེ་ལ་ཛ་ཛ། ཨ་ཡ་མ་དུ་རུ་རྩ་ཤ་ན། བཛྲ་གིང་ག་ར། གིང་ཀ་ར། དྷ་ཤ་གྷྲི་བ། དྷ་ཤ་གྷྲི་བ། ཡཀྵ་གྷྲི་བ། ཡཀྵ་གྷྲི་བ། པྲའི་ཤག །པྲའི་ཤག །འུར་བ། འུར་བ། ཐུན་ཐུན། སྲོག་ལ་བྷྱོ་བྷྱོ་ཧ་ཧ། ཚལ་པ་ཚལ་པ། ཞུད་ཏུམ་ཏུམ་ཞུད་ཞུད། ཉིག་ཉིག །ཆྒཻ་མོའི་སྲོག་ལ་མ་ར་ཡ་རྦད། ཅེས་པས་ཞག་གྲངས་ཉེར་གཅིག་བཟླས། །སྐབས་སུ་མཆོད་བསྟོད་བསྐུལ་ཡང་བྱ། །ཟུར་གཏོར་རེ་རེ་བ རྟག་དཔྱད་གཏད། །ཨ་ཙ་ར་བན་དྷེ་ནག་པོ་དང་། །སྔགས་པ་ལ་སོགས་གཏོར་ལེན་འོང་། །དེ་དུས་ལྟ་བས་ཟིན་པ་གཅེས། །ཆང་ཕུད་གཏོར་ཞིང་དམ་ཚིག་བསྲེ། །ལིང་ག་གཏུབ་ལ་ཆ་གཅིག་ནི། །གཏོར་མ་ར་ཧུ་ལ་ལ་གཏད། །ཆ་གཅིག་སྦྱིན་སྲེག་བྱ་བ་སྟེ། །ཆ་གཅིག་ཐལ་བ་རླུང་ལ་བསྐུར། །ཆ་གཅིག་ལིང་ག་བསག་པར་བྱ། །ཀླུ་གཉན་པ་རུ་གཏད་པར་བྱ། །ཆ་གཅིག་རྒྱ་གྲམ་ཆེན་པོའི་འོག །སྡེ་བརྒྱད་ལ་སོགས་གཏད་ལ་མནན། །དེ་ཡིས་ཉེར་གཅིག་ཞག་གིས་ནི། །གཟའ་རིམས་སྨྱོ་འབོག་གཟེར་ཐུང་འཆི། །ལོ་ཐོག་འཇོམ་ནས་ཐབས་གཏང་བས། །སྐད་ཅིག་ཡུལ་ཁམས་ཕྱག་མས་འདེབས། །རྟག་ཏུ་ཕྱར་སྐུ་དེ་ཉིད་ལ། །ཉ་སྟོང་བརྒྱད་གསུམ་གསོལ་ཀ་བྱ། །འདི་ཉིད་དྲག་པོ་ཁོལ་བསྒྲུབ་སྟེ། །ཚན་ཆེ་བཀྲ་ཤིས་རིགས་རྒྱུད་འཕེལ། །དགྲ་བགེགས་ཐམས་ཅད་ཐོག་ལྟར་འཇོམས། །ཕྱར་སྐུ་དགྲ་ཕྱོགས་ཕྱར་བས་ཀྱང་། །ཐོག་སེར་ཆོ་འཕྲུལ་ངེས་པར་འབྱུང་། །དམ་ཆོས་འདི་ཡིས་གཉེར་གྱིས་ཤིག །ཅེས་རྡོ་རྗེ་མགོ་ལ་བཞག །གཟའ་འཁོར་དང་བཅས་བས་བཀའ་བཞིན་བྱེད་པར་ཁས་བླངས་སོ། །ཀུན་ཏུ་བཟང་མོ་ཀློ ང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། གཟའ་བདུད་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས། རིག་འཛིན་རྣམས་ཀྱིས་གཉེར་དུ་བཞག་པའི་ལེའུ་སྟེ་བརྒྱ་དང་བཞི་བཅུ་པའོ། །྅྅྅ ཡང་ཀུན་ཏུ་བཟང་མོའི་སྔགས་ཀྱི་འོད་ཟེར་ལས་སྤྲུལ་བ། དཔལ་རྟ་མགྲིན་གྱི་ལས་མཁན། དྲེགས་པ་སྡེ་བརྒྱད་ཀྱི་ནང་ནས་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་སྟན་ལས་ལངས་ནས། གཙོ་མོ་རྒྱུད་འདི་ནི་ཆེས་ཟབ། འདིའི་བཀའ་གཉེར་རྣམས་བདག་གིས་བགྱིད་དོ། །ཞེས་ཁས་བླངས་ཞིང་སྲོག་གི་སྙིང་པོ་ཡང་ཕུལ་ལོ། །དེར་འཁོར་རྣམས་ཀྱི་ནང་ནས་ལས་ཀྱི་དབང་མོ་ཆེས་གསོལ་པ། ཀྱཻ་དམ་ཅན་རྡོ་རྗེ་ལེགས་པ་ཡི། །ཁས་བླངས་བསྟན་པ་བསྲུང་བ་ནའ། །ཕྱི་རབས་ཉམས་ལེན་གང་ཟག་དང་། །བསྟན་པ་དག་ལ་དགྲ་བྱུང་ཚེ། །དེ་ཉིད་བསྒྲུབ་དང་བྲན་འཁོལ་ཐབས། །ཡུམ་ཆེན་ཉིད་ཀྱིས་བཀའ་སྩོལ་ཅིག །ཅེས་པ་དང་། གཙོ་མོས་བཀའ་སྩལ་པ། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །ནམ་ཞིག་བསྟན་པ་མར་འགྲིབ་ཚེ། །ཚུལ་བཞིན་བསྒྲུབ་པ་བྱེད་པ་ལ། །བར་དུ་གཅོད་པ་འབྱུང་སྲིད་པས། །དེའི་བྲན་ཁོལ་འདི་གཏད་དོ། །འདི་ཉིད་བསྒྲུབ་པའི་ཐབས་ལའང་། །ཕྱི་ནང་གསང་བ་གསུམ་ཡིན་ཏེ། །དང་པོ་ཕྱི་ལྟར་བསྒྲུབ་པ་ལ། །ཤིན་ཏུ་དབེན་པའི་ས་ཆ་རུ། །རང་ཉིད་རྟ་མཆོག་རྒྱལ་པོར་བྷཻཾ། །གཏོར་མཆོད་མཛེས་གཙང་ཡིད་འོང་འབུལ། །བསྙེན་སྔགས་འདི་ཉིད་འབུམ་ཕྲག་བཟླས། ཏྲིག་ཏྲཾ་བེ་ཅོན་ཏ། ཡ་མ་ར་ནི་ཧཱུྃ། གླེ་གད་མ་ཧཱ་བྷཻཾ་ཤ་ཛ་ཛ། དེ་ནས་བསྒྲུབ་ལ་ཞུགས་པ་སྟེ། །མཎྜལ་བྲུབ་ཁུང་བཅས་པའི་ནང་། །བླ་རྡོ་དགྲ་ལིང་བཅས་པ་གཞུག །དམ་ཅན་སྐུ་ཡིས་སྟེང་ནས་བཀབ། །རོ་གཡམ་དག་གིས་ཁ་ཡང་བཅད། །རྟག་གཏོར་རྟེན་གཏོར་ལས་གཏོར་བཤམ། །སྐམ་ཐུན་རློན་ཐུན་བཅས་རྣམས་བསགས། །རང་ཉིད་ཡི་དམ་གསལ་བ་ཡི། །བྲུབ་ཁུང་དམ་ཅན་དམར་སྐྱ་བ། །ལྕགས་སྤྱང་མགོ་དགུ་ཞོན་པ་ལ། །འཁོར་ཡང་སུམ་བརྒྱ་དྲུག་ཅུས་བསྐོར། །ལས་མཁན་དང་བཅས་གསལ་བར་བསྐྱེད། །བསྙེན་སྔགས་བཟླས་པས་རྟགས་འདི་འབྱུང་། །བླ་མ་དགེ་བཤེས་ཞང་བློན་དང་། །བོན་པོ་མི་རིག་སྐྱ་བཤར་དང་། །བྱིས་པ་སྤྱང་ཀི་ཨ་ཙར་འབྱུང་། །རྦད་བསད་གཉིས་སྦྲེལ་སྔགས་འདི་བཟླས། །སྙིང་ཐོད་པ་དྷ་ར་རུ་རུ། སྙིང་ལིང་རྦུད། ཐུམ་ཐུམ། ས་མ་ཡ་ལས་ཏེ་རྦུད། ཆེ་གེ་མོའི་སྙིང་ལ་ཁ་རཾ་ཛ། སྙིང་ཕྱུང་གཏུབ། ཙིཏྟ་བྃ། སྲོག་རྩ་ཆོད། ཁྲག་ཏུ་སྐྱུག །མ་ར་ཡ་རྦད། གོ་གོན་མཚོན་ཐོགས་གཡུལ་ལས་རྒྱལ། །རི་དྭགས་ལིང་བྱེད་དང་ཤ་བཤོར་དོན་སྙིང་ཟ། །རི་དྭགས་ལ་སོགས་བསད་བཅད་ཟ། །དེ་ལྟར་བྱུང་ན་ལས་ལ་སྦྱར། །དུག་ཤིང་མེ་ལ་ལིང་ག་བསྲེགས། །ཐལ་བ་རླུང་ཕྱར་ལིང་ག་མནན། །རྟགས་དང་བཅས་ནས་ལས་མཇུག་སྡུད། །སྐུ་ནི་མི་མཐོང་ཕུགས་སུ་སྦ། །བླ་རྡོ་ལུས་ལ་བཅངས་པར་བྱ། །གཏོར་མ་དགྲའི་ཕྱོགས་སུ་འཕང་། །མ་གྲུབ་སྤོག་ན་སྔགས་མཇུག་བཟློག །བཅའ་གཞི་ཐམས་ཅད་དཀྲུག་པའི། །སྲེད་མེད་བུའི་སྟོབས་ཡོད་པས། །དགྲ་བོ་ཡིན་ཡང་མྱུར་དུ་འགུམ། །ཤིན་ཏུ་ཟབ་པས་གསང་བར་བྱ། །བསྟན་པ་བསྲུང་བའི་ལྕགས་རི་ཡིན། །྅྅྅ ནང་ལྟར་བསྒྲུབ་པའི་རིམ་པ་ནི། །དབེན་པར་ཕྱི་ནང་མཚམས་བཅད་ལ། །བྲུབ་ཁུང་ནང་དུ་བླ་རྡོ་དང་། །ལིང་ག་དམ་ཅན་སྐུ་བཅས་གཞུག །གཏོར་མ་ཐུན་སོགས་ཚང་བར་བསགས། །རྟ་མགྲིན་སྐུ་བསྐྱེད་དམ་ཅན་དགུག །བཛྲ་ས་དུ་ས་མ་ཡ་ཛ་ཛ། ཆེ་གེ་མོའི་སྙིང་ལ་ཁ་རཾ་ཛ། སྙིང་ཆུམ་གཏུབ། ཙིཏྟ་བྃ། སྲོག་རྩ་ཆོད། ཁྲག་དུ་སྐྱུག །མ་ར་ཡ་རྦད། བསྟོད་བསྐུལ་བྱས་ལ་གུང་གཉིས་བྲབ། །དགྲ་བོ་འགུག་གཞུག་ལས་འགྲུབ་བྱ། །རྟགས་ནི་ཁོ་རང་དངོས་སུ་འོང་། །དེ་ནས་དགྲ་སྙིང་ཁྱེར་བྱུང་ན། །ལིང་ག་བསྲེག་མནན་གཏད་པ་དང་། །ལས་སྦྱོར་མཇུག་མ་སྡུད་པར་བྱ། །ཞག་བདུན་བཅུ་བཞི་རྩ་གཅིག་ན། །དགྲ་ལ་ཆོ་འཕྲུལ་སྣ་ཚོགས་འོང་། །ལྟས་ངན་སྲོག་གཉིས་དུས་གཅིག་ལ། །དགྲ་བོ་ཐམས་ཅད་ཁ་ཕུང་འགྲོ། །ཀུན་ལ་སྤེལ་ན་འཇིག་རྟེན་ཕུང་། །བསྟན་པ་འཇིག་ཏུ་ཉེ་ན་སྤྱད། །ས་མ་ཡཱ། ྅྅྅ དེ་ནས་གསང་བའི་བསྒྲུབ་པ་ནི། །དབེན་བར་མཚམས་བཅད་དཀྱིལ་འཁོར་སྟེང་། །ལིང་གའི་སྟེང་དུ་གཏོར་མ་བཞག །དེའི་རྩེ་ལ་དམ་ཅན་གཟུགས། །བདག་བསྐྱེད་རྟ་མགྲིན་གསལ་བ་ལས། །མདུན་བསྐྱེད་མགར་བ་ནག་པོ་ནི། །སྔོ་ནག་འཁོར་དང་བཅས་པ་བསྐྱེད། །ཛཿཧཱུྃ་བྃ་ཧོ། བཛྲ་ས་དུ་ས་མ་ཡ། ཧས་བྱས་ཧུས་བྱས། གླེ་གད་མ་ཧཱ་ཨ་བེ་ཤ་ཛ་ཛ། ཀྱཻ་ཚུར་བྱོན། བཛྲ་ས་དུ་ས་མ་ཡ། བཛྲ་གིང་ཀ་ར། ཧྲིང་ཧྲིང་། ཡཀྴ་གིང་ཀ་ར། ཙིཏྟ་ཛྭ་ལ་རཾ། ཏྲག་ཏྲཾ་ནྲྀ། ཤི་ནྲྀ་ས་མ་ཡ། ཡ་དུ་ཁ། ཕྲ་ན་རྦད་ཐུམ། ཚེ་ལ་གུར་རྦད། ཏི་ས་དུ་ཡ་བྷྱོ། གིང་ཀ་ར་ཏྲག །ཨ་བ་ར་ཁྲམ་ནི་བྷྱོ། རྞཱི་མ་ར་་ནྲྀ་དུ་ཛ། གིང་ཀ་ར་ས་མ་ཡ། མུ་ལ་རཀྟ། ཙ་མུད་ཏི་བྷྱོ་རྦད། སིག་ཤི་ཏྲ་མ་ར་ཡ་རྦད་བྷྱོ། འབོད་རྦད་བསད་གསུམ་ཆུན་གཅིག་བཟླས། །འདི་ནི་སྲོག་གི་སྤུ་གྲི་ཡིན། །གཏོར་ཟོར་དགྲ་བོའི་ཕྱོགས་སུ་འཕང་། །མ་ཉེས་དཔང་གཟུགས་ཤག་ཀྱང་གདབ། །གུང་གཉིས་སྲོད་དང་ཐོ་རངས་བསྐུལ། །ཆང་ཕུད་རཀྟ་མཆོད་པར་བྱ། །སོད་རྟགས་བྱུང་མཐར་ལིང་ག་གཏུབ། །མནན་བསྲེག་འཕང་གསུམ་ཚང་བར་བྱ། །རྗེས་ལ་གཏང་རག་བཟང་པོ་བཏང་། །ལན་གཅིག་འགྲུབ་ན་རྒྱུན་དུ་མཆོད། །ནམ་དགོས་གཏོར་མ་གདབ་པས་འགྲོ། །ལྟས་ངན་ཆོ་འཕྲུལ་སྲོག་དང་ནི། །རང་རང་ཡིད་ལ་གང་བསམ་འགྲུབ། །བཀྲ་ཤིས་སྙིང་ཉེ་བསྒྲུབ་སླ་ཞིང་། །འཁུ་ལྡོག་མེད་པ་ཤིན་ཏུ་ཟབ། །བསྟན་པ་སྲུང་བའི་ལས་མཁན་ཡིན། །ཅེས་གསུངས་སོ། །དེའི་ཚེ་དྲེགས་པ་སྡེ་བརྒྱད་བཀའ་འཁོར་ན་གནས་པ་ཐམས་ཅད་ཀྱི་ཡང་། རྒྱུད་འདི་གང་ན་བཞུགས་པའི་ས་ཕྱོགས་སུ་བསྲུང་བ། སྐྱོབ་པ། མཆོད་པ། སྦ་བ། བར་ཆད་བསལ་ཞིང་། དངོས་གྲུབ་སྟེར་བའི་དམ་བཅས་སྲོག་སྙིང་ཕུལ། ཁས་བླང་ངོ་། །ཀུན་ཏུ་བཟང་མོ་ཀློ ང་གསལ་འབར་མ་ཉི་མའི་གསང་རྒྱུད་གསང་སྔགས་གནད་མཛོད་ལས། དམ་ཅན་རྡོ་རྗེ་ལེགས་པ་ཕྱི་ནང་གསང་གསུམ་དུ་བསྒྲུབ་ནས་བཀའ་གཉེར་དུ་གཏད་པའི་ལེའུ་སྟེ་བརྒྱ་དང་ཞེ་གཅིག་པའོ། །྅྅྅ དེའི་དུས་ཀྱི་ཚེ། རྫོགས་ལྡན་མེ་རི་འབར་བའི་དུར་ཁྲོད་ཐམས་ཅད། ལྷུན་གྲུབ་རིན་པོ་ཆེའི་ཞིང་ཁམས་སུ། རང་གསལ་ཁྲོས་མ་ནག་མོ་གཙོ་འཁོར་དང་བཅས་པ་ཐམས་ཅད་ཀྱང་། གཞི་སྣང་ལས་གཡོས་པ་མེད་པའི་ངང་དུ་གནས་སོ། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་མོ་བཞུགས་པ་འཁོར་རྣམས་ཀྱིས་མཐོང་ངོ་། །དེའི་ཚེ་འཁོར་ཐམས་ཅད་ཀྱིས་ཕྱི་ནང་གི་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་། ངོ་མཚར་བའི་གླུ་བརྗོད་པའི་ཚེ་འཁོར་རྣམས་ཀྱི་ནང་ནས། ཐོག་མེད་དུས་ཀྱི་ཨ་ཕྱི་རྒན་མོ་ཞེས་བྱ་བ། རྒས་པ། འཁོག་པ། ཁ་ངན་པ། ཁོང་གྱོང་བ། མིག་ལོང་བ། དབང་བོ་རག་པ། ཤེས་པ་གསལ་བ། སྣང་བ་ཐམས་ཅད་ཕྱིན་ཅི་ལོག་ཏུ་འཆར་བ་དེ་ཉིད་སྟན་ལས་ལངས་ཏེ། སྟོན་པ་ཀུན་ཏུ་བཟང་མོ་ལ་འདི་སྐད་ཅེས་ཞུས་སོ། །ཀྱཻ་ཡུམ་ཆེན་མོ་གསོན་ཅིག །སྟོན་པ་ལ་བཀའི་བགྲོ་བ་ཡོད་དོ། །ཐོག་མེད་ཀྱི་ཨ་ཅེ་རྒན་མོ་ང་ལ་ཕ་མ་མེད། དེ་འཁོར་འདས་ཀྱི་ཐོག་མར་སྐྱེས་སོ། །ངའི་ཡུལ་ཡངས་པ་ཅན་ཞེས་བྱའོ། །ཁྱིམ་ནི་མུ་ཁྱུད་ཅན་ཞེས་བྱའོ། །བསོགས་པའི་ནོར་བུ་ལྔ་ཡོད་དོ། །ནོར་བུ་ལྔའི་མིང་ནི། ཁ་དོག་དཀར་སེར་དམར་ལྗང་མཐིང་ཀར་འབར་རོ། །དེ་རྣམས་ལ་དམ་དུ་བཅངས་ནས་ཕྱུག་པར་ཡོད་པ་ལ། དེར་ཕ་མེད་པའི་བུ་ལྔ་སྐྱེས། བུ་ཆེ་བའི་མིང་དྲན་པ་གསལ། དེ་འོག་འགྱུ་བྱེད་རྒྱལ། དེ་འོག་གཉིས་འཛིན་རྒྱལ། དེ་འོག་ང་རྒྱལ་དཔལ། ཡང་ཆུང་ཧྲིག་ཧྲིག་སྐྱེས་བྱ་བར་བཏགས་པས། བུ་ལྔ་ཚར་བ་དང་། གྲོས་བྱས་ནས་ཨ་མ་སྒྲོད་བསྲུང་ངོ་། །ཀྱཻ་ངའི་སེམས་ལ་བུ་ལྔ་པོ་བཙོན་ལ་ཤོར་བ་སྙམ་མོ། །བུ་ལྔ་དགྲ་ལག་ཏུ་ཤོར་བ་འདྲའོ། །དེའི་རོགས་དང་། ར་མདའ་དང་། གྲོགས་དང་། མདུན་གྲོས་བདོག་གམ་ཞེས་སྨྲ་བ་དང་། སྟོན་པ་ཏིང་ངེ་འཛིན་ལ་བཞུགས་པའི་ངང་ལ་བཀའ་སྩལ་པ། ཀྱཻ། ཨ་ཕྱི་རྒན་མོ། སྲིད་པའི་བདག་མོ་དྲུང་མོ་ལོང་མ། ཁྱོད་ཕ་མ་མེད་པའི་སྔོན་ནས་སྐྱེས་ན། ཁྱོད་ཀྱི་ཕ་ཡུལ་མིང་མེད་ནམ་མཁའ་ཡངས་པ་ཅན་ཞེས་པ འང་ཡིད་དཔྱོད་ཡིན་མོད། ཁྱིམ་མུ་ཁྱུད་ཅན་བདག་མེད་པ་ལ། ཁྱོད་རང་གི་ཁྱིམ་དུ་བཟུང་བས་ཕུང་ངོ་། །བསོགས་པའི་ནོར་བུ་ལྔ་ཡང་ཁ་དོག་དང་རེ་འདོད་ལ་ཆགས་པས་ཁྱོད་རང་བསླུས་སོ། །ཁྱོད་རང་གི་གཞན་སུ་ལ་འང་བློས་མ་ཐོང་བར། ང་དང་བདག་དང་། བཟུང་བ་དང་། འཛིན་པ་དང་། རེ་བ་དང་། དོགས་པས་བཅིངས་པས་ཕུང་ངོ་། །ཕ་མེད་པའི་བུ་ལྔ་པོ་ཡང་། རྒན་མོ་ལོང་མ་སྐྱེ་མེད་ལ། སེམས་དྲན་པའི་རྩལ་འགག་མེད་དུ་རྒྱས་པ་ལེན་ནོ། །བུ་ལྔ་པོ་ཡང་བཙོན་དུ་མ་ཤོར་རོ། །ནོར་བུ་ལྔ་པོ་ཡང་དགྲ་ལ་མ་ཤོར་རོ། །བུ་ཆེ་ཤོས་དྲན་པ་གསལ་བའི་ཕྱིར་ན། འདིས་ནོར་བུ་ཕྱིར་ཕུལ་བའི་ནང་དབྱེན་ཡིན་ནོ། །འདུ་བྱེད་རྒྱལ་དེས་ལག་ཆེ། འདི་ནི་ནོར་བུ་རྐུ་མཁན་ཡིན་ནོ། །གཉིས་འཛིན་རྒྱལ་གྱིས་བཟུང་མཁན་བྱས་སོ། །ཅིའི་ཕྱིར་ན་འདི་འཛིན་པ་ཆེ་བས་སོ། །ནོར་བུ་བགོ་བཤའ་བྱེད་མཁན་རང་རྒྱལ་དཔལ་ཡིན་ནོ། །ཁོ་འདོད་པ་ཆེ་བའི་ཕྱིར་ཕམ་དོགས་པའོ། །ཆུང་ཆུང་ཧྲིག་ཧྲིག་དཔལ་གྱི་བྱ་ར་བྱས་སོ། །ཅིའི་ཕྱིར་ན། ཁོ་མིག་རྣོ། རྫི་རྣོ། དྲན་པ་གསལ། ཟོ་རྟོག་མཁས་པའོ། །ཀྱཻ་དེ་རྣམས་བུ་མ་ཡིན་ནོ། །དགྲ་ཡིན་པར་ཟུངས་ཤིག །ཕ་མེད་པའི་བུ་ནི་ལྟས་ངན་དུ་ཆེ་བས། ཁྱོད་རང་མ་ཤི་བ་ཡང་ཆ་ལྟས་ལྷས་ཆེ་ན། ད་རུང་བུ་ལྔ་པོ་སྦས་ན། ཁྱོད་རང་སྲོག་དང་བྲལ་ལོ། །དེས་ན་སྡུག་བསྔལ་མ་བྱེད། །ད་ལྟར་ཡུལ་འཁྲུལ་སྣང་ཅན་ན། བུ་ལྔ་པོ་ནོར་བུའི་ཁ་དོག་དང་བཟང་ངན་ལ་མ་འཆམས་པར། ནང་འཁྲུག་བྱེད་ཅིང་ཡོད་དོ། །དེ་རྣམས་ཀྱི་ནོར་བུ་རྒྱ་མཚོར་བོར་བའམ། འདམ་དུ་སྦས། ཡོན་ཏན་དང་བཀྲག་མདངས་འཆོར་བས། དེའི་ར་མདའ་བྱེད་དགོས་སོ། །ཞེས་པ་དང་། རྒན་མོས་ཞུས་པ། ཀྱཻ། ཡུམ་གྱིས་གསུངས་པ་བདེན་ནོ། །ནོར་བུ་འཕྲོག་པ་དང་། བུ་ལྔ་གསོད་པ་དང་། ང་ལ་འང་མིང་གཅིག་ཞུ། ཁྱོད་ཀྱི་བཀའ་འབངས་སུ་མཆིའོ། །ཞེས་པ་དང་། ཡུམ་ཆེན་མོས་བཀའ་སྩལ་པ། ཀྱཻ་རྒན་མོ་ཉོན་ཅིག །བུ་ལྔ་པོ་དགྲ་ཡིན། ཆེ་ཆུང་མེད་པར་སུ་རྩར་བྱུང་བའི་དུས་སུ་སོད་ལ་ཟོ་ཞིག །དེའི་རྩལ་རྒྱས་ནས་མིག་ཀྱང་འོང་ངོ་། །ཡུལ་དང་ནོར་བུ་ཡང་དབང་དུ་འདུས་སོ། །ཞེས་པ་དང་། དེར་རྒན་མོས་བུ་ལྔ་པོ་བོས་ནས། སྐྱེས་པའི་ས་དེར་བསད་ནས་ཤ་ཟོས། ཁྲག་འཐུང་། རུས་པ་མུར་བས། བདེ་བ། གསལ་བ། མི་རྟོག་པའི་ཡོན་ཏན་སྐྱེས་ནས། བུ་ལྔའི་བཅུད་ཀྱིས། ལུས་པོ་རྒྱས་ཤིང་། རྒན་མོ་ཤ་ཁྲག་འོད་ལྔར་འབར་ཏེ། འཕྲལ་དུ་མིག་གསལ་བར་གྱུར་ཏོ། །དེར་རྒན་མོས་སྔར་མ་མཐོང་བའི་རང་ཡུལ་མཐོང་བར་གྱུར་ཏོ། །མ་གསལ་བའི་རང་ཁྱིམ་གསལ། ནོར་བུ་ལྔ་ཡང་ལོངས་སྤྱོད་དོ། །དེའི་ཡོན་ཏན་གྱིས་འཁོར་འདས་ཀྱི་སྤྱི་དཔལ་དུ་གྱུར་ཏོ། །དེར་རྒན་མོ་རང་དགའ་དྲག་ནས། འཁྲབ་པས་རྒན་མོའི་ནང་རོལ་ཐམས་ཅད་ཕྱིར་ལུད། ལུས་དང་ཡན་ལག་དང་། པགས་པ་ཐམས་ཅད་ཐང་ལ་བཀྲམ། སྲིད་པའི་རྒན་མོ་ལ་ལྷག་མ་མེད་པར་ཕུང་པོ་སྐྱེ་མེད་ཐམས་ཅད་ཡུལ་ཡངས་པ་ཅན་དེར་ཁྱབ་པར་གྱུར་ནས། སྟོན་པ་ཀུན་ཏུ་བཟང་མོ་དང་དབྱེར་མེད་དུ་འདྲེས་སོ། །དེར་སྟོན་པ་སྤྲོས་མེད་ཀྱི་དབྱིངས། བྷ་ག་ཡངས་པའི་ཟེའུ་འབྲུ་ལ་ཐིམ་པར་ཤེས་པ་དང་། རིགས་ཀྱི་མཁའ་འགྲོ་རྣམས་དང་། ཁྱད་པར་དབྱིངས་ཀྱི་མཁའ་འགྲོ་མས། ཐུགས་བསྐུལ་བའི་དུས་སུ་ཤེས་ནས། འདི་སྐད་ཅེས་ཞུས་སོ། །ཀྱཻ་ཡུམ་ཆེན་མཁའ་འགྲོའི་གཙོ། །སྟོན་པ་དབྱིངས་སུ་ཡལ་བས་ན། །རྒྱུད་འདི་མཚན་ནི་ཇི་སྐད་གསོལ། །ཇི་ལྟར་བཟུང་ཞིང་ཉམས་སུ་བླང་། །བཅང་ཞིང་སྤེལ་ན་ཇི་ལྟ་བུ། །རིམ་གྱིས་གཏད་པའི་སྣོད་གང་ལགས། །མཇུག་དོན་རྫོགས་པར་བཤད་དུ་གསོལ། །ཞེས་པ་དང་། སྟོན་པས་འཛུམ་པའི་མདངས་ཕྱུང་ནས། བཀའ་སྩལ་པ། ཨེ་མ་ཧོ། རང་རྩལ་མཁའ་འགྲོའི་འཁོར་རྣམས་ཉོན། །ང་ཡི་རྒྱུད་ཆེན་དམ་པ་འདི། །ནམ་མཁའ་ལྟ་བུའི་ཀློང་དཀྱིལ་ནས། །ཐེག་ཀུན་མ་འདྲེས་འོད་བསྟན་པས། །ནམ་མཁའ་ཀློང་གསལ་བྱ་བར་བཟུངས་། གསང་སྔགས་ཀུན་གྱི་དོན་སྟོན་པས། །གསང་སྔགས་གནད་རྒྱུད་བྱ་བར་བཟུངས། །དགོངས་པ་ཀུན་གྱི་ཐིག་འདེབ་པས། །དགོངས་པ་ཐིག་འདེབས་བྱ་བར་བཟུངས། །ཨ་ཏི་ཀུན་གྱི་བཅུད་ཡིན་པས། །ཨ་ཏི་བཅུད་ཐིག་བྱ་བར་བཟུངས། །མཁའ་འགྲོ་ཀུན་གྱི་སྙིང་ཡིན་པས། །མཁན་འགྲོ་སྙིང་ཐིག་བྱ་བར་བཟུངས། །ཐེག་པ་ཀུན་གྱི་སྲོག་ཡིན་པས། །སྲོག་རྒྱུད་ཆེན་མོ་ཞེས་བྱར་བཟུངས། །ཆོས་ཀུན་ཉི་མའི་སྙིང་པོ་ལྟར། །གསལ་འགྲིབ་མེད་པར་འདི་ལྟོས་ཤིང་། །ཐེག་པ་ཐམས་ཅད་ཟེར་དུ་འགྱེད། །ཉི་མ་འབར་བའི་རྒྱུད་དུ་བཟུངས། །ཡུམ་ཆེན་བྷ་གའི་དོན་ཡིན་པས། །བདེ་ཆེན་བྷ་གའི་རྒྱུད་དུ་བཟུངས། །ཁྲོས་མ་ནག་མོའི་དོན་སྟོན་པས། །ཁྲོས་མ་ནག་མོའི་རྒྱུད་དུ་བཟུངས། །སྒྲ་ཡི་སྐད་ཀྱི་ཤན་འབྱེད་པས། །ཐལ་འགྱུར་རྒྱུད་ཅེས་བྱ་བར་བཟུངས། །སྐུ་གསུམ་གནས་ལུགས་བྱེ་བྲག་དང་། །སྐུ་གསུམ་བྱེ་བྲག་བཞུགས་ཚུལ་དང་། །མ་འཁྲུལ་ཡེ་ཤེས་གནས་ཚུལ་དང་། །འཁྲུལ་ལུགས་ཕྱོགས་སྟོན་པར་བྱེད་པ་རྒྱས་པར་བཤད་བའི་ཕྱིར། །ལས་ཀུན་གྱི་ཡིད་འཕྲོག་པ། རྒྱ་བཀྲ་ཤིས་པས་འདོད་པའི་་དོན་ཕུན་སུམ་ཚོགས་པ་ལ་མཛེས་རྒྱ་ལྡན་པས་གཞན་ལ་རག་མ་ལུས་པ་རྒྱུད་དུ་བཟུངས། །འཁྲུལ་ན་རིགས་དྲུག་ཁམས་གསུམ་དང་། །དག་དང་ཞིང་དྲུག་སྐུ་གསུམ་དང་། །དངས་སྙིགས་སྐུ་ལྔ་སྐུ་གསུམ་དང་། །ཡེ་ཤེས་ཉི་ཤུ་རྩ་ལྔ་ཡི། །བཞུགས་ཚུལ་ལེགས་པར་བཤད་པའི་ཕྱིར། །ཐུགས་ཟབ་པའི་དོན་ཀྱི་མེ་ལོང་འཁོར་འདས་གཉིས་གཟུགས་ཆེན་ལྟར་གསལ་བར་བྱེད་བས་རྒྱུད་དུ་བཟུངས། །ལུས་དང་རྩ་དང་རླུང་ཐིག་ལེ། །ཡི་གེ་ཡེ་ཤེས་ངོ་སྤྲོད་གྱིས། །ངོ་སྤྲོད་སྤྲས་པའི་རྒྱུད་དུ་བཟུངས། །བླ་མ་སློབ་མའི་མཚན་ཉིད་དང་། །དེ་དག་དམ་ཚིག་བསྲུང་བའི་ཐབས། །བསྟེན་ཚུལ་ཁྲིད་ཚུལ་བསླབ་བྱ་ཡིས། །རྫོགས་པ་རང་བྱུང་རྒྱུད་དུ་བཟུང་། །གནས་དང་དུས་དང་མཚན་ཉིད་དང་། །བྱ་སྤྱོད་བློ་འཕྲོ་བཅད་ཐབས་དང་། །བྱ་བཏང་འཆི་དྲན་ཡུན་འདའ་བསམ། །ཡི་གེ་མེད་པའི་རྒྱུད་དུ་བཟུང་། །ལུས་ངག་ཡིད་གསུམ་རུ་ཤན་དབྱེ། །ཕྱི་ནང་ཆེན་པོ་མཚན་ཉིད་བྱེད། །ཀུན་བཟང་ཀློང་དྲུག་རྒྱུད་དུ་བཟུང་། །སྐྱབས་འགྲོ་སེམས་བསྐྱེད་མཎྜལ་དང་། །གསོལ་འདེབས་སེམས་ཀྱི་རྩད་རྣམས་བཅད། །སྐུ་གསུམ་ཡིན་ལུགས་ངོ་སྤྲོད་པས། །རྡོར་སེམས་སྙིང་གི་མེ་ལོང་ཚང་། །རིག་པ་ཡེ་ཤེས་ངོ་སྤྲོད་དང་། །གནད་ཀྱི་ལག་ལེན་ཞིབ་ཚགས་གྱིས། །རིག་པ་རང་གྲོལ་རྒྱུད་དུ་བཟུང་། །ཁྲེགས་ཆོད་ཡིན་ལུགས་ལེགས་བཤད་པས། །སེང་གེ་རྩལ་རྫོགས་རྒྱུད་དུ་བཟུང་། །ཐོད་རྒལ་བླ་མེད་ལྟ་ལུགས་དང་། སྣང་བཞི་རིམ་གྱིས་འཆར་ཚུལ་བཤད། །སྒྲོན་མ་འབར་བའི་རྒྱུད་དུ་བཟུང་། །ལྟ་བྷཻཾ་སྤྱོད་པ་འབྲས་བུ་དང་། །རྒྱས་བསྡུས་ཐེག་པའི་དབྱེ་བ་བཤད། །རིག་པ་རང་ཤར་རྒྱུད་དུ་བཟུངས། །རྟགས་ཚད་རྒྱ་བརྟེན་གདམས་པ་དང་། །གདེང་བཞི་ཡང་དག་མངོན་སངས་རྒྱས། །རྟགས་རྣམས་ལེགས་པར་བཤད་པ་ཡིས། །སྐུ་གདུང་འབར་བའི་རྒྱུད་དུ་བཟུངས། །དཔེ་དོན་རྟགས་གསུམ་ངོ་སྤྲོད་གྱིས། །གྲོལ་འཁྲུལ་གཞི་ཡི་དབྱེ་བ་བཤད། །ནོར་བུ་འཕྲ་བཀོད་རྒྱུད་དུ་བཟུངས། །བར་དོ་རྣམ་པ་བཞིར་དབྱེ་ནས། །རྒྱས་དང་བསྡུས་དང་ལག་ལེན་གྱིས། །གསང་བ་བླ་མེད་སྐོར་རྣམས་བཤད། །ཉི་མ་ནི་ཤེས་རབ་ཟླ་བ་ནི་ཐབས་ཁ་སྦྱོར་བ་ནི་བར་དོ་བཞི་སྦྱོར་བས་རྒྱུད་དུ་བཟུངས། །རིགས་དྲུག་འཁྲུལ་ཚུལ་སྡུག་བསྔལ་བཤད། །མུ་ཏིག་འཕྲེང་བའི་རྒྱུད་དུ་བཟུངས། །འཆི་ཁ་སྐྱེལ་མ་འཕོ་བ་དང་། །བཏགས་གྲོལ་དྲན་གྲོལ་ལ་སོགས་བཤད། །རིན་ཆེན་སྤུངས་བའི་རྒྱུད་དུ་བཟུང་། །བཅུ་བདུན་རྒྱུད་རྣམས་ཚང་བའི་མཐའ། །བཀའ་སྲུང་དྲག་པོའི་བསྒྲུབ་ཚུལ་ལ། །ཕྱི་ནང་གསང་བ་གསུམ་གསུམ་དབྱེ། །སྡེ་གསུམ་དགུར་ཕྱེ་ལེགས་བསྟན་པས། །ཁྲོས་མ་ནག་མོའི་རྒྱུད་དུ་བཟུང་། །འདི་ནི་ཡིད་བཞིན་ནོར་བུ་འདྲ། །སུ་ཡོད་འཁོར་བའི་གཡུལ་ལས་རྒྱལ། །སྐུ་གསུམ་སྟོན་པའི་མེ་ལོང་ཡིན། །སྡུག་བསྔལ་རྒྱ་མཚོ་སྐམ་བའི་མེ། །འདི་མེད་ཉམས་སུ་ལེན་པ་ཀུན། །ཆུ་སྲུབ་མར་འབྱུང་རེ་དང་མཚུངས། །རྒྱུད་འདི་ཤིན་ཏུ་དཀོན་པ་སྟེ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །མ་གསུང་མི་གསུང་གསུང་མི་འགྱུར། །ཐུགས་ནས་ཐུགས་སུ་དགོངས་ནས་བརྒྱུད། །བརྡའ་ནས་བརྡའ་རུ་བསྟན་ནས་བརྒྱུད། །སྙན་ནས་སྙན་དུ་བཀྲོལ་ནས་བརྒྱུད། །གཏེར་ནས་གཏེར་དུ་གསུང་ནས་བརྒྱུད། །མཁའ་འགྲོ་གཅིག་ནས་གཅིག་ཏུ་བརྒྱུད། །སྨོན་ལམ་དབང་དུ་བསྐུར་ནས་བརྒྱུད། །དེ་ཕྱིར་བརྒྱུད་པ་ཟམ་མ་ཆད། །འདི་དང་སུ་འཕྲད་བདེ་ཆེན་འགྲོ། །རྒྱུད་འདི་རིན་ཆེན་གསེར་གྱིས་བྲིས། །གླེགས་བམ་སོར་ནི་བཞི་པར་བཅས། །རྟག་ཏུ་སྤྱི་བོའི་གཙུག་ཏུ་འཆང་། །རྒྱུན་དུ་མ་ཡེངས་དོན་ལ་བྷཻཾ། །རིག་ཅན་ཀུན་ལ་རེག་པར་བྱ། །རྒྱུད་འདི་ལན་གཅིག་སུས་བྲིས་པ། །སྤྲུལ་སྐུར་དབུགས་ཕྱུང་སངས་རྒྱས་ངེས། །རྒྱུད་འདི་ལན་གཅིག་ཀློག་པ་དེ། །ལྟ་བའི་གནས་ལུགས་རྟོགས་པར་འགྱུར། །རྒྱུད་འདི་སུའི་འཆང་བ་དེ། །ཡུམ་ཆེན་ང་དང་གཉིས་སུ་མེད། །རྒྱུད་འདི་གང་ལ་རེག་པ་ཡང་། །སྡིག་ཅན་ཡིན་ཀྱང་ཕྱི་མ་ལ། །འདི་དང་འཕྲད་ན་སངས་རྒྱས་ངེས། །གལ་ཏེ་འདི་ལ་གུས་འདུད་བསྟོད། །ཆོས་ཉིད་བར་དོར་གྲོལ་བར་ངེས། །རྒྱུད་འདི་གང་གནས་ས་ཕྱོགས་སུ། །མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས། །བཀའ་སྲུང་རྣམས་ཀྱིས་ལེགས་མཐུན་བསྒྲིགས། །མཆོག་ཐུན་དངོས་གྲུབ་འབེབས་པར་བྱེད། །འདི་ཉིད་སུས་འཆང་སྐྱེས་བུ་དེ། །སྒྲ་དང་འོད་དང་ས་གཡོས་དང་། །མངོན་སངས་རྒྱ་བའི་རྟགས་རྫོགས་ནས། །བར་དོ་མེད་པར་གྲོལ་བར་ངེས། །བྷཻཾ་བསྒྲུབ་འབད་པ་དགོངས་པ་མིན། །འདི་དང་འཕྲད་པའི་སྐྱེས་བུ་རྣམས། །འཁྲུལ་སྣང་རྐྱེན་དབང་མི་བཏང་བར། །ལུང་བཞིན་ཉམས་སུ་ལེན་པར་གྱིས། །རྒྱུད་འདི་རིན་ཆེན་གའུར་བཅུག །སྙིང་ག་སྤྱི་གཙུག་བཅངས་པར་གྱིས། །དམ་ཚིག་ཅན་ལ་དགོངས་པ་སྟེ། །དམ་མེད་ལ་སོགས་གང་རུང་ལ། །རྒྱུད་འདི་འཕགས་པས་སྤེལ་མི་བྱ། །གལ་ཏེ་གཅིག་ལས་མང་བ་ན། །མཁའ་འགྲོ་བཀའ་སྲུང་ཐུགས་ཁྲོས་ནས། །སྲོག་གཅོད་ཁྲག་སྐྱུག་མ་རུང་འབྱུང་། །ཕྱི་མ་མནར་མེད་གནས་སུ་ལྟུང་། །དེ་ཕྱིར་གསང་ཞིང་ཉམས་སུ་བླངས། །ཁྱད་པར་གསང་བའི་ཡུལ་དག་ནི། །རང་ཆེ་རློམ་ཞིང་གདམས་པ་འཁྲུད། །བླ་མར་མི་འཛིན་ཟབ་དོན་ལེན། །དམ་ཉམས་རྫུན་མ་ཁྲོམ་རྒྱལ་འགོ། །བྷཻཾ་སྒྲུབ་ཛ་གད་དབང་དུ་བཏང་། །ཉམས་ལེན་བུད་མེད་ཕྱོགས་སུ་ཤོར། །ཤེས་རབ་ཆེ་ཡང་དམ་ཚིག་འཆལ། །དྲུང་དུ་བསྟོད་ཅིང་ལྐོག་ཏུ་ཤུབ། །དད་པ་མི་རྟག་གསར་འགྲོགས་ཆེ། །བཞེད་པ་སངས་རྒྱས་སར་འགྲོ་བཞེད། །བསྒྲུབ་པ་མནར་མེད་ལས་ངན་བསྒྲུབ། །དེ་འདྲའི་རིགས་ལ་འདི་གསང་ངོ་། །དེ་ལ་འདི་ཡིས་སྐལ་བ་མེད། །རླུང་ཕྱོགས་ཙམ་དུ་འང་མ་བསྟན་ཅིག །གལ་ཏེ་དམ་ལས་འགལ་བས་ན། །མཁའ་འགྲོ་བཀའ་སྲུང་ཐམས་ཅད་ཀྱིས། །དཔོན་སློབ་གཉིས་ཀ་དམར་ཟས་གྱིས། །ཨེ་ཀ་ཙ་ཏི་ར་ཧུ་ལ། །ས་དུ་ས་མ་ཡ། ཛ་རྦད་སོད། འདི་ཉིད་གཏད་པའི་སྣོད་ལྡན་ནི། །བདག་གི་མཁའ་འགྲོ་ལྔ་ལ་གཏད། །མཁའ་འགྲོ་ལས་ཀྱི་དབང་ཆེན་གྱིས། །བཻཌཱུར་གླེགས་བམ་འདི་བསྡུས་ལ། །མེ་རི་འབར་བའི་དུར་ཁྲོད་དུ། །དྷརྨ་ཀོ་ཤའི་ཕོ་བྲང་བཞུགས། །ང་ཡི་རྒྱལ་ཚབ་ཁྱོད་ཀྱིས་གྱིས། །སྣོད་དང་བསྟུན་ལ་ལམ་སྣ་ཁྲིད། །ཕྱི་རྒྱུད་སྟོན་པ་བཅུ་གཉིས་ཀྱིས། །བསྟན་པ་འཛིན་ཅིང་འོད་ཟེར་འཕྲོས། །ནད་རྒྱུད་རྡོ་རྗེ་སེམས་དཔའ་ཡི་ཚབ། །དགའ་རབ་ཉིད་ཀྱིས་རིམ་བཞིན་སྟོན། །གསང་རྒྱུད་སྤྱན་རས་གཟིགས་ཀྱིས་སྤྲུལ། །མཚོ་སྐྱེས་རྡོ་རྗེ་ཞེས་ལ་གཏོད། །དེས་ཀྱང་རིན་ཆེན་གཏེར་དུ་གདམས། །མ་འོངས་ཤཱཀྱའི་བསྟན་ཞབས་ལ། །རྟགས་ཙམ་འཛིན་གྱི་གཞུང་སྐྱོང་ཞིང་། །རྒྱུའི་ཆོས་རྣམས་ནུབ་ལ་ཉེ། །དགེ་སྦྱོང་ཤ་ཆང་བག་མེད་སྤྱོད། །འབྲས་བུའི་ཆོས་རྣམས་དར་ལ་ཉེ། །སེམས་ཅན་དུག་ལྔ་རང་ཁར་སྤྱོད། །ནད་མཚོན་མུ་གེའི་སྡུག་བསྔལ་ལངས། །ཆོས་གཞུང་མཁན་རྣམས་ལྟ་ལོག་འཆད། །བྷཻཾ་ཆེན་གྲོང་ཁར་ཁྱི་བཞིན་ཉལ། །དགེ་བཤེས་སློབ་བུ་ནོར་པར་ཁྲིད། །སྔགས་པས་བསྐྱེད་རྫོགས་བོན་དུ་གྱེར། །གསང་སྔགས་ཁྲོམ་བཤད་ནོར་དུ་ཚོང་། །རྒྱུ་འབྲས་འདས་པའི་དོན་རྣམས་ཀྱང་། །དར་ལ་མ་སྨིན་འཇའ་ལྟར་ཡལ། །དེ་ཚོ་འདིའི་འོད་ཟེར་འཕྲོས། །འདི་སྤེལ་སྐྱེས་བུ་ལས་འཕྲོ་ཅན། །རྒྱུ་འབྲས་འདས་པའི་དོན་གོ་བ། །འཇམ་དཔལ་བྱིན་རླབས་གཅིག་དང་སྤྲོད། །དེས་ཀྱང་ལྔ་ལྡན་རྟགས་ཚང་བའི། །བུ་མཆོག་རྣམས་ལ་རིམ་བཞིན་གཏོད། །ཐ་མ་མགོན་པོ་བྱམས་པའི། །ཐུགས་དམ་སྙིང་པོར་འདི་སྤྲོད་ཅིག །ཁྱོད་རྣམས་བཀའ་ཉན་ལས་མཁན་ཀུན། །རྒྱུད་འདི་གང་གནས་ས་ཕྱོགས་སུ། །སུ་འཆང་སྤྱོད་པའི་གང་ཟག་དང་། །རྒྱུད་འདིས་ཁྱབ་པའི་ས་ཕྱོགས་སུ། །སྲུང་སྐྱོབས་དམ་ལ་མ་འགལ་བར། །མཐུན་པའི་ཕྱོགས་རྣམས་སྤེལ་བར་གྱིས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །མཐོང་ཐོས་དྲན་རེག་སངས་རྒྱས་པའི། །གསང་ཆེན་ཀློང་གསལ་འབར་མའི། །རྒྱུད་ཆེན་བླ་ན་མེད་པ་ཡིས། །རྡོ་རྗེ་ཕག་མོའི་ཐུགས་ལ་ལྷོད། །མཁའ་འགྲོ་སྡེ་ལྔས་ཉམས་ལེན་གྱིས། །ལས་ཀྱི་དབང་ཆེན་ལག་ཏུ་ལོངས། །ཨེ་མ་ཧྲིང་ཧྲིང་རྡོ་རྗེའི་གླུ། །ཨ་ཧོ་ར་ཧ་ས་མི་སྟྭྃ། །ར་ཧོ་ཧོ་སརྦ་པདྨ་གར། །བདེ་ཆེན་རོལ་པར་ཨར་སང་དྷོ། །ཞེས་གསུངས་ནས། རང་ལ་ཤར་བའི་རྩལ་འཁོར་རྣམས། །ཉི་མ་རྒས་པའི་ཟེར་ཐག་བསྡུས་པ་ལྟར། སྟོན་པའི་ཐུགས་ཀར་ཐིམ། སྟོན་པ་ཉིད་ཀྱང་གདོད་མ་ཡིས། །དབྱིངས་སུ་ཏིང་ངེ་འཛིན་ལ་མཉམ་པར་བཞག །ཁམས་གསུམ་འཁོར་བ་དོང་སྤྲུགས་སོ། །སྐུ་གསུམ་གཞི་བཞེངས་ཀྱི་ངང་དུ་རང་གྲོལ་ལོ། །དེར་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས། །གསང་བའི་རྒྱུད་མཆོག་འདི་ཉིད་ནི། །བཻཌཱུ་ཪྱའི་གླེགས་བམ་ལ་རིན་པོ་ཆེས་བྲིས་ནས་ཤེལ་གྱི་ཟ་མ་ཏོག་ཏུ་བཅུག་ནས། དུར་ཁྲོད་ཆེན་པོ་མེ་རི་འབར་བ། རྫོགས་ལྡན་ཁྲོ་བོའི་དཀྱིལ་འཁོར་གྱི་ཕོ་བྲང་གི་རྩེ་མོར། རིན་ཆེན་སྣ་ལྔའི་གཙུག་ལག་ཁང་བཞེངས་ནས། དེའི་རྩེ་རམ། རིན་པོ་ཆེ་ཕ་ལམ་འོད་འབར་བའི་མཆོད་རྟེན། ཁྲི་འཕང་བརྒྱ་རྩ་བརྒྱད་པའི་རྩེ་རམ། སྟེགས་ཀྱི་ནང་དུ་བཞུགས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། མ་འདས་པའི་མཁའ་འགྲོ་མ་ཐམས་ཅད་ཀྱིས། །ཉིན་མཚན་དུས་དྲུག་ཏུ་མཆོད་པ་ཕུལ་ལོ། །ཐེག་པ་ཐམས་ཅད་ཀྱི་མཐར་ཐུག །ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད། ཀུན་ཏུ་བཟང་མོའི་དགོངས་པ། གསང་སྔགས་ཀྱི་གནད་རྒྱུད་ཆེན་མོ། ཁྲོས་མ་ནག་མོ་གསང་བ་བླ་ན་མེད་པའི་དོན། ཁྲོས་མ་ནག་མོ་རག་གདོང་མའི་རྒྱུད་ཅེས་བྱ་བ་ལས། འཁྲུལ་པ་ལས་ལ་བཟླ་བ་དང་། མཇུག་ཡོངས་སུ་གཏད་པའི་ལེའུ་སྟེ། བརྒྱ་དང་བཞི་བཅུ་ཞེ་གཉིས་པའོ། །྅྅྅ས་མ་ཡ། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཞེས་བྱ་བ་རྫོགས་སོ། །དཔལ་ཁྲོས་མ་སྤུན་གསུམ། གཟའ་བདུད་སྡེ་གསུམ། དམ་ཅན་རིགས་གསུམ་གྱིས་སྲུངས་ཤིག །གཉེར་གྱིས་ཤིག །སྣོད་མེད་ཀྱི་ལག་ཏུ་ཤོར་ན། སྲོག་ཆོད་སྙིང་ཕྱུང་། ལས་ཅན་ལ་གཏོད་ཅིག །གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། བཀའ་རྒྱ། དམ་ཚིག་གི་རྒྱའོ། ༼༑༽ ྅྅྅ ཨཐྎ། ཨེ་མ་ཧོ། ཨོ་རྒྱན་པདྨས་བྱིན་རླབས་རྡོར་གླིང་ངས། །ཚེ་འདིར་སྦྱང་བསྒྲོད་དཀའ་བ་མ་སྤྱད་ཀྱང་། །བཅུ་གསུམ་ལོ་ལ་ཁ་བྱང་དང་པོ་རྙེད། །བཅོ་ལྔའི་ལོ་ལ་ཐུགས་གཏེར་ཆེན་པོ་རྙེད། །དེའི་ནང་ནས་མཁའ་འགྲོའི་མ་རྒྱུད་འདི། །ཞེ་གཉིས་མ་སོང་བར་དུ་ཤིན་ཏུ་བསྡམས། །རང་ཉིད་ཉམས་བླངས་བྱིན་རླབས་ཐོབ་པ་དང་། །རྟགས་ཚད་བྲོད་པ་གདིང་དང་ལྡན་པ་བྱུང་། །ཨོ་རྒྱན་པདྨས་བསིལ་བ་ཚལ་དུ་ཁྲིད། །གདམས་པའི་ལག་ཁྲིད་རྡོ་རུས་ཐུག་པར་གནང་། །ཧ་ཧ། ད་ལྟ་ཤི་ཡང་ནམ་མཁའ་ཕྱི་ནང་འདྲེས། །ཉམ་དགའ་ཐ་མལ་ཐོས་ན་བློར་མི་ཤོང་། །ལུང་བསྟན་བཞིན་དུ་དུས་ལ་བབ་པའི་ཚེ། །ཡོས་ལོ་ཟླ་བ་གཉིས་པའི་ཡར་ཚེས་ལ། །གྲུབ་ཐོབ་བཞུགས་གནས་དཔལ་གྱི་དགའ་ར་འཁོར། །ལ་ཡག་ལུང་ཕུ་ཆུ་བོའི་འགོ་བོ་རུ། །ལུང་མཐུན་ལྡན་པའི་སློབ་མ་མཆོག །བསོད་ནམས་སྙིང་པོ་སྔགས་ཀྱི་རྡོར་འཛིན་གྱིས། །སྙིང་ནས་མོས་ཤིང་དོན་དུ་རབ་གཉེར་ནས། །ཆེད་དུ་བསྐུལ་ཞིང་མཉེས་པ་གསུམ་སྒྲུབ་མཐུས། །བཻ་རོའི་བྱིན་རླབས་ཆོས་ཀྱི་བཤེས་གཉེན་ངས། །བརྩེ་བའི་སེམས་ཀྱིས་སེམས་བསྐྱེད་ཕུལ་ཕྱུང་ནས། །ཨོ་རྒྱན་བླ་དཔེ་ཤོག་སེར་ཚན་མོ་ལས། །མཁའ་འགྲོའི་སྤུང་ཡིག་རིན་ཆེན་རྒྱ་མདུད་བཀྲོལ། །རྣམ་དཀར་ཤོག་བུའི་ལོགས་ལ་དཀར་ཆག་ཕབ། །སྒྲ་གཙང་ཉེས་པའི་སྐྱོན་གྱིས་གོས་པ་མེད། །སྒྲ་བསྒྱུར་བཟང་ངན་གཞན་དུ་བསྡུར་བས་ཤེས། །ཀྱེ་ཧོ། འགྲོ་དོན་བསྟན་པ་འཕེལ་བར་ཕྱུང་འདུག་གིས། །བཟང་རྟགས་ལུང་བསྟན་ཉམས་དང་རྨི་ལམ་བྱུང་། །ཀུན་ཏུ་བཟང་མོས་མཁའ་འགྲོ་ལྔ་ལ་བཤད། །ལས་ཀྱི་དབང་མོས་གསང་རོལ་དུར་ཁྲོད་སྦས། །རྟ་ཕག་སྡེ་ལྔས་ཕྱུང་ནས་གླེགས་བམ་ནས། །དབང་གི་ཆུ་བོ་བཞི་བསྒྲིལ་མ་ལུས་པ། །ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ་གྱིས་གནང་། །མིའི་ཡུལ་དུ་རྒྱུད་ལྡན་གསལ་བར་བྱས། །སྙིགས་མའི་དུས་སུ་ལོ་པཎ་བཀའ་བགྲོས་ནས། །རིན་ཆེན་སའི་སྙིང་པོར་གཏེར་དུ་བདམས། །བརྒྱུད་པ་དགུ་ལྡན་ཇོ་སྲས་བདག་འདྲ་ལ། །མཁའ་འགྲོས་ལུང་བསྟན་གཏེར་སྒྲོམ་དངོས་སུ་ཕྱེས། །ཐེག་མཆོག་མཐར་ཐུག་ཀུན་གྱི་བདུད་རྩི་བབ། །འཐུང་པས་ཉམས་དགའ་སྐྱུག་པས་རྒྱལ་ཁམས་འགེངས། །སྣོད་དང་ལྡན་པའི་བུ་ལ་བྱིན་པ་ཡིན། །བུ་དང་ནོར་གྱི་ཕྱུག་པས་མི་དགའ་སྟེ། །ཆོས་དང་སློབ་མས་ཕྱུག་པས་ཕྱུག་པོ་ཡིན། །རྡོ་རྗེའི་འོད་སྐུ་ཐོབ་པར་དཀའ་མོད་ཀྱང་། །རྣལ་འབྱོར་ལུས་རྒྱ་ཞིག་ཚེ་ཞེ་བློ་བདེ། །ཞེས་རྒྱུད་ཚར་བའི་ཉིན། ཚོགས་མཆོད་ཀྱིས་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་བསྐང་ནས། དགའ་ཞིང་སྤྲོ་བའི་ལག་དལ་ལ་བྲིས་པ་ལགས་སོ། །རྒྱུད་འདི་གསང་སྐོར་འབེབ་པའི་སྐབས་སུ། བུད་མེད་གཞོན་ནུ་མ་གཅིག་བྱུང་ནས། ཁྱོད་ཀྱི་ཤོག་གྲས་དེ་ཆེས་པ་ཡིན། ཚད་འདི་ལས་མ་འདའ་ཟེར་ནས། ཤོག་གྲས་མཁའ་འགྲོ་གྲས་བྱེད་དགོས་སོ། །བསྒྲུབ་པ་དང་གསེར་གྱི་མཎྜལ་གཉིས་སུ་མེད་པར་མ་སྦྱིན། གལ་ཏེ་རྒྱུད་ཚང་བར་བྱིན་ན། ངེས་ཕྲག་དོག་བྱེད་པས་མ་འཁང་ཟེར་བས། ཚོགས་མཆོད་མཎྜལ་གཉིས་སུ་མེད་པར་ཚང་བ་མི་སྦྱིན་པའི་བཀའ་རྒྱ་ཡོད་དོ། །ཕྱིན་ནས་མ་འཆལ་ཅིག །འདི་དང་འཕྲད་པ་རྣམས་ཀྱིས། ཡང་ཟོང་དང་སྐྱས་མ་བྱེད་ཅིག །མཁའ་འགྲོ་རུ་ང་ལ་ཕྲག་དོག་ཆེ་བས། རབ་ཏུ་གཉན་པར་འདུག །ཨ྄ྀིཊ ྅྅྅ ༔བཛྲ་བྷོ་ཏྲ༔

ཐེག་པའི་མཐར་ཐུག་ལྟ་བའི་ཡང་རྩེ་མཁའ་འགྲོ་གསང་ཐིག་ཀློང་གསལ་ཀུན་ཏུ་བཟང་མོའི་དགོངས་པ་འབར་མ་ཉི་མའི་གསང་རྒྱུད།

ཐེག་པའི་མཐར་ཐུག་ལྟ་བའི་ཡང་རྩེ་མཁའ་འགྲོ་གསང་ཐིག་ཀློང་གསལ་ཀུན་ཏུ་བཟང་མོའི་དགོངས་པ་འབར་མ་ཉི་མའི་གསང་རྒྱུད་དབང་བཞི་བྱ་རྒྱུད་ཆེན་མོ་བཞུགས་སོ།། ྅྅྅ རྒྱ་གར་སྐད་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨཏྨ་ཨ་སུ་ཀ །བོད་སྐད་དུ། ལུས་སྨིན་པར་བྱེད་པ་སྐུའི་བྱིན་རླབས་ཞིང་ཁམས་སྦྱང་བའི་དབང་། སྐྱེ་མེད་འགག་མེད་གཉིས་མེད། ཐབས་ཤེས་རིམ་པ་ཡི་ལྷ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། ཆོས་དབྱིངས་སྐྱེ་མེད་ཀྱི་བྷ་ག་ཡངས་པ། ཆོས་སྐུ་ཀུན་ཏུ་བཟང་མོ་སྣ་ཚོགས་གཟུགས་རིས་དང་བྲལ་བ། དུས་ཐོག་མཐའ་དང་བྲལ་བའི་ཚེ། འཁོར་རང་གསལ་རིག་པའི་རང་རྩལ་མཁའ་འགྲོ་མ་ལྔ་ལ། བསྟན་པ་རྩོལ་མེད་རྒྱུ་འབྲས་ལས་འདས་པ་འདི་བཀའ་སྩལ་ཏོ། །བྷ་ག་ཝན་སརྦ་ཏ་ཐཱ་ག་ཏེ་ཨ་ཨཾ་བུདྡྷ་ཛྙཱ་ན་གྷེ་རོ། །ཙཀྵུ ས་དྷྲི་ཧོ། ཨེ་མ་ཡུམ་ཆེན་ཀུན་བཟང་ངས། །ཡང་དག་རིག་པའི་སྐུ་ལྔ་ནི། །དབང་མཆོག་རྣམ་པ་ལྔ་ཐོབ་པས། །འཁོར་འདས་ས་ལམ་རྫོགས་པ་སྟེ། །སྲིད་པའི་རྩ་བ་བདག་འཛིན་ཉིད། །བརྟག་པས་ཕྱི་ནང་ཡེ་སྟོང་གྲོལ། །སྣང་བཞི་གདེང་བཞི་མཐར་ཕྱིན་ནས། །གདོད་མའི་ངང་དུ་ཆོས་ཚིགས་ཟད། །ཅེས་གསུངས་སོ། །དེའི་ཚེ་མཁའ་འགྲོ་སྡེ་ལྔས་ཕྱག་འཚལ། བསྐོར་བ་བྱས། ཐལ་མོ་སྦྱར་སྟེ། སྙན་པའི་ངག་གིས་འདི་སྐད་ཅེས་ཞུས་སོ། །ཀྱེ་མ་ཆོས་དབྱིངས་ཀུན་བཟང་མོས། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །རང་མདངས་རང་ངོ་མ་ཤེས་པས། །ཁམས་གསུམ་ཉིད་དུ་སྡུག་བསྔལ་སྤྱོད། །རང་གྲོལ་རང་དབང་ཐོབ་བྱའི་ཕྱིར། །དབང་གི་རིམ་པ་དེ་དག་ཀུན། །བདག་ཅག་ཀུན་ལ་བཀའ་སྩོལ་ཅིག །ཅེས་ཞུས་པས། ཞལ་འཛུམ་པའི་མདངས་ཕྱུང་སྟེ་བཀའ་སྩལ་པ། ཧོ་རང་མདངས་འཁོར་རྣམས་ཉོན། ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །གཟུང་འཛིན་དྲི་མས་རབ་ཏུ་བཅིངས། །དེ་ལས་གྲོལ་ཞིང་ཐར་པའི་ཐབས། །རང་ལུས་དཀྱིལ་འཁོར་རྫོགས་བྱེད་པ། །ཀློང་གསལ་གསང་བ་ངས་བཤད་དོ། །རིག་རྩལ་རང་ངོ་ཤེས་བྱའི་ཕྱིར། །གསང་སྔགས་ཐབས་ལ་རབ་བརྟེན་ནས། །དབང་གི་རིམ་པ་རྫོགས་པར་བྱ། །སྤྲོས་བཅས་བུམ་པའི་ཕྱིར་དབང་དང་། །སྤྲོས་མེད་ནང་གི་གསང་བའི་དབང་། །ཤིན་ཏུ་སྤྲོས་མེད་ཤེས་རབ་དབང་། །ཡོངས་སུ་སྤྲོས་མེད་ཚིག་དབང་མཆོག །སྣོད་ལྡན་བུ་ལ་རིམ་བཞིན་བསྟན། །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དང་པོ་དབང་མཆོག་བསྐུར་བ་ལས། །གནས་ཀྱི་མཚན་ཉིད་བསྟན་པ་ནི། །མཐོ་ཞིང་དངས་མཐོ་རིག་པ་དངས། །ཤར་དམའ་ལྷོ་ཞོལ་ནུབ་སྐྱོར་བ། །བྱང་ཕྱོགས་མཐུ་བ་བཏིང་བ་འདྲ། །ཤར་ལྷོ་མ ཚམས་ཀྱི་དབང་ཕྱོགས་ལ། །ཁ་བསྟན་གནམ་ས་པདྨ་འཁོར་ལོས་བརྒྱན། །འདོད་ཡོན་འབྱོར་ཚོགས་མེ་ཆུ་འཛོམ། །མི་རྒོད་འཚེ་སྤང་སེམས་ཆགས་པ། །བསྒྲུབ་ཁང་ཆེ་ཆུང་འབྲིང་གསུམ་སོགས། །རང་བློ་སྦྱོར་བས་བསྟུན་ཏེ་བརྩིགས། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་གི་རྒྱུད་ལས། གནས་བསྟན་པའི་ལེའུ་སྟེ་གཉིས་པའོ། ། ྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དེ་ནས་གྲོགས་ཀྱི་མཚན་ཉིད་ནི། །གསང་ཐུབ་སྙིང་རུས་སྡོད་ཚུགས་ཐུབ། །ཞེན་ལོག་སྐྱོ་ཤས་འཁོར་བ་སྤངས། །ཤེས་རབ་བློ་རྩལ་རྟོགས་ལྡན་པར། །ཤེས་རབ་ཡོན་ཏན་འབྱོར་པར་ལྡན། །བསྲན་ཚུགས་རྟོགས་ལྡན་ཉམ་ང་མེད། །རྣམ་རྟོག་དུག་ལྔ་ཤུགས་ཀྱི་ཆུང་། །དེ་ཉིད་བསྒྲུབ་པ་མཐའ་རུ་སྐྱོལ། །མ་རྙེད་བསྒྲུབ་ལ་གེགས་འབྱུང་ངོ་། །དེ་ཕྱིར་གྲོགས་ཉིད་གལ་ཆེའོ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་གི་རྒྱུད་ལས། གྲོགས་བསྟན་པའི་ལེའུ་སྟེ་གསུམ་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དེ་ལྟར་དབང་འདི་བསྐུར་འདོད་ན། །མཚན་ཉིད་ལྡན་པའི་བླ་མ་ལས། །དབང་མཆོག་བཞི་པ་རིམ་བཞིན་རྫོགས། །ཐེག་པ་རིམ་པའི་ཆོས་ལ་མཁས། །ཐོས་པས་ཕྱི་རྟོག་སྤྲོས་པ་ཆོད། །བསམ་པས་ནང་རྟོག་རང་མཚང་རིག །བྷཻཾ་པས་འགྱུ་བ་ཆོས་སྐུར་གྲོལ། །བསྐྱེད་རྫོགས་ཟུང་འཇུག་ལས་བཞི་མཁས། །བསྟན་པའི་རུ་ཏྲ་སྒྲོལ་ལ་བ རྩོན། །བདེ་སྟོང་ཕྱག་རྒྱའི་རྟེན་ལ་སྦྱངས། །དཀྱིལ་འཁོར་གསུམ་གྱི་དོན་ལ་མཁས། །སྣང་བཞི་བསྒྲོད་ཚད་གདེང་བཞི་ལྡན། །སློབ་མ་བསྟེན་པའི་ཐབས་ལ་མཁས། །དེ་འདྲའི་མཚན་ཉིད་བླ་མ་ཡི། །དབང་བསྐུར་བྱས་པས་སྡུག་བསྔལ་གྲོལ། །དབང་བཞི་ཐོབ་ནས་སྒྲིབ་བཞི་དག །སྐུ་བཞི་བསལ་ནས་ཞིང་བཞི་བསྒྲོད། །རྩ་བཞི་གྲོལ་ནས་སྣང་བཞི་རྒྱས། །གདིང་བཞི་ལོན་ནས་གཞན་དོན་འགྲུབ། །མཚན་ཉིད་མི་ལྡན་བླ་མ་བསྟེན། །དབང་བསྐུར་བྱས་ནས་གཉིས་ཀ་ཕུང་། །བེལ་སྦྲེལ་གཡང་ལ་ལྟུང་བའམ། །ལོང་བས་ལོང་ཁྲིད་བྱེད་བཞིན་དུ། །ངན་སོང་གནས་ལས་ཐར་མི་འགྱུར། །དང་པོ་བླ་མ་གལ་ཆེའོ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་གི་རྒྱུད་ལས། བླ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དེ་ནས་སློབ་མའི་མཚན་ཉིད་བཤད། །སྣོད་དང་ལྡན་པའི་སློབ་མ་ནི། །ཤེས་རབ་ཆེ་བས་ཚིག་དོན་གོ། །སྦྱིན་པ་བཏང་བའི་ཅི་ཡོད་འབུལ། །བརྩོན་འགྲུས་ཆེ་བས་བསྒྲུབ་པའི་རིམ། །བཟོད་པ་ཆེ་བས་མཛད་དང་མཐུན། །ཚུལ་ཁྲིམས་བསྲུང་བས་དམ་ཚིག་གཙང་། །བསམ་གཏན་བྷཻཾ་པས་མཚམས་ལ་ཚུགས། །བློ་ཆེ་ཁོག་ཡངས་བློ་བརྟན་པ། །རིགས་བཟང་རྒྱུད་འཇམ་སྤོབས་པ་ཆེ། །སྡིག་སྤངས་འཁྲུལ་པའི་ཞེན་བློ་ལོག །སྒོ་གསུམ་བླ་མ་མཉེས་བྱེད་པས། །དེ་ཉིད་གདམས་པའི་སྣོད་མཆོག་ཡིན། །དེ་དག་བདག་གཞན་གཉིས་ཀ་བསྒྲུབ། །དབང་གི་ཆུ་བོ་འབྱིན་པར་བྱས། །སྣོད་དང་མི་ལྡན་སློབ་མ་ནི། །ཤེས་ཆུང་ཁ་གསག་གདུང་ལྟས་ཆེ། །ཁ་མཁས་ལག་དམ་གཡོ་སྒྱུ་ཅན། །བླ་མའི་གསུང་བཅག་དྲིན་ལ་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་བལྟས། །རིགས་ངན་ངང་རྒྱུད་ཐུང་བ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །དོན་དམ་དམ་ཚིག་ཉོན་མོངས་འཆལ། །སློབ་མ་མ་བརྟག་བླ་མའི་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དབང་དང་ནི། །དོན་དམ་གདམས་པ་བསྟན་མི་བྱ། །བསྟན་ན་ཚེ་འདིར་མི་རུང་འབྱུང་། །ཕྱི་མ་མནར་མེད་གནས་སུ་འཁྱམས། །མེ་ཐབས་གཉིས་ཀྱིས་ཡུལ་ཁམས་བསྲེགས། །དམ་ཉམས་གཅིག་གིས་ཁམས་གསུམ་ཕུང་། །དེ་ནས་དཔོན་སློབ་མཚན་ཉིད་བརྟག །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་གི་ཀློང་གསལ་འབར་མའི་རྒྱུད་ལས། སློབ་མའི་མཚན་ཉིད་བརྟག་པའི་ལེའུ་སྟེ་ལྔ་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། རིགས་ལྡན་བུ་མཆོག་དེ་ལྟ་བུ། །གཅིག་གཉིས་གསུམ་མམ་བདུན་བཅུ་བཞི། །ཉི་ཤུ་གཅིག་དང་ལྔ་བཅུ་ལ། །སྐྱབས་འགྲོ་ཐུན་མོང་ནས་བརྩམས་ཏེ། །དབང་བཞི་རིམ་བཞིན་རྫོགས་པར་བསྐུར། །ཡོ་བྱད་ཁང་ཁྱིམ་བརྟན་པོ་བསགས། །དང་པོ་ཞུ་འབུལ་མཇུག་སྟོན་བྱ། །དགའ་སྟོན་བར་ཆད་བསལ་བ་དང་། ཡོན་ཏན་ཀུན་རྫོགས་བསྒྲུབ་པར་འགྱུར། །དགའ་སྟོན་ཚོགས་འཁོར་ཡོན་མེད་ན། །བར་ཆད་རྐྱེན་ངན་སྣ་ཚོགས་འབྱུང་། །དབང་གི་རྒྱལ་ས་ཞིག་པ་དང་། །དངོས་གྲུབ་མི་ཐོབ་ཡི་དྭགས་སྐྱེས། །དེ་བས་དགའ་སྟོན་ཡོ་བྱ྄ད་བཤམས། །བུམ་དབང་བསྐུར་བའི་ཐོག་མར་ཡང་། །སྡིག་སྒྲིབ་སྦྱང་ཕྱིར་སྔོན་འགྲོ་རུ། །རྡོར་སེམས་བྷཻཾ་ཞིང་ཡིག་བརྒྱ་བཟླས། །བར་ཆད་མི་ཞུགས་བསྲུང་བའི་ཕྱིར། །ཧཱུྃ་གིས་སྦྱོར་བ་སྲུང་མཚམས་བཅད། །གཟུགས་སྣང་སྒྲ་སྒྲོགས་ཧཱུྃ་དུ་བསམ། །སྤྲུལ་སྐུའི་རིམ་པ་སྦྱངས་བར་བྱ། །དམ་ཚིག་རྒྱུད་ལས་གནས་འདོད་པས། །ཐབས་ཤེས་གཉིས་ཀྱི་དམ་ཚིག་ཏུ། །མཚན་མ་ལ་ཡང་འགོང་མི་བྱ། །རྡོ་རྗེ་སློབ་དཔོན་མན་ཆད་ལ། །འགོང་ཡུག་ཟུར་ཙམ་ཡང་མི་བྱའོ། །རྡོ་རྗེ་སྤུན་ལ་རྩོད་མི་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག །ལུས་ངག་ཡིད་ཀྱིས་བསྲུངས་ནུས་སམ། །སློབ་བུ་དེ་ལ་དྲི་བར་བྱ། །ཀྱེ་མ་སངས་རྒྱས་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བདག་ཅག་རྣམས་ཀྱིས་བསྲུང་བར་བགྱི། །ནུས་པ་རྣམས་ལ་འདི་སྐད་དུ། །གུས་པའི་ལུས་ལ་སྙན་ངག་དང་། །ཡིད་ཀྱི་ཐག་བཅད་ལས་བླང་ངོ་། །དེ་ནས་ཡུམ་ཆེན་ཀུན་བཟང་མོ། །མཁའ་འགྲོ་བརྒྱུད་པའི་བླ་མ་ལ། །གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས། །མོས་གུས་མཆི་མ་ཕྲུལ་དུ་གཞུག །དེ་ནས་ལུས་འདི་མ་རིག་པའི། །རྒྱུས་བསྐྱེད་རིགས་དྲུག་ས་བོན་རྣམས། །སྤྱི་བོ་མགྲིན་པ་སྙིང་ཁ་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་ཏྲི་ནྲྀ་སུ་པྲེ་དུ་དང་། །གནས་གསུམ་སྐུ་གསུང་ཐུགས་ཡིག་ནི། །ༀ་ཨཱཿཧཱུྃ་གསུམ་གྱིས་བསྲེགས་པར་བྱ། །འདིའི་རིགས་དྲུག་དོང་སྤྲུག་གོ། །བུམ་དབང་བསྐུར་བའི་སྣོད་དུ་རུང་། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། སྟ་གོན་གྱི་ལེའུ་སྟེ་དྲུག་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་རིག་མདངས་འཁོར་རྣམས་ཉོན། །སྤྲོས་བཅས་བུམ་པའི་དབང་མཆོག་ནི། །སྤྱི་དང་བྱེ་བྲག་མེད་པ་རུ། །ཆོ་ག་སྤྱི་དང་མཐུན་པའོ། །གཞི་ཆོས་གསུང་གླག་རིགས་དྲུག་བསྐོངས། །དེ་ནས་ད་ལ་བཤམ་པ་ནི། །ད་ལ་སྤྱི་དང་མཐུན་པ་ལ། །དྲི་ཞིམ་སྤོས་ཀྱི་བག་ཆགས་གདབ། །བྱི་དོར་ལེགས་པར་ཚར་བར་བྱ། །ཀུན་བཟང་རིགས་ལྔའི་ཞིང་དུ་བསྔོའོ། །གསོལ་འདེབས་མོས་གུས་དྲག་པོ་བྱས། །དེ་ནི་སློབ་མའི་སྟ་གོན་ཡིན། །རྡོ་རྗེ་སློབ་དཔོན་བྱ་བ་ལས། །བུམ་པ་ལྷ་དང་སྦྱིན་བསྲེག་དང་། བུམ་པ་སྟ་གོན་ཉེ་བར་བྱས། །ཡེ་ཤེས་ལྔ་ལྡན་བུམ་པ་ལ། །རྒྱན་སྤྲས་ལྷ་བསྐྱེད་དྲིའི་བསང་། །མཎྜལ་ཚོམ་བུའི་ཁ་རུ་བཞག །ཚོགས་གཏོར་མཆོད་བསྟོད་གསོལ་བ་གདབ། །ཐེག་པ་སྤྱི་མཐུན་དབང་རྣམས་བསྐུར། །ཐེག་དགུའི་དབང་ཡང་རིམ་བཞིན་བསྐུར། །ཞི་རྒྱས་དབང་དྲག་ཚོགས་མཆོད་བྱས། །མཇུག་ནི་དམིགས་པ་རྒྱའི་གདབ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་རྒྱུད་ལས། ནུབ་གསུམ་པའི་སྐབས་སྟེ་ལེའུ་བདུན་པའོ། །྅྅྅རྒྱ་རྒྱ་རྒྱ༔ དེ་ནས་བཞི་པའི་དུས་ནི། ནང་པར་བླ་མ་ཁྲི་ལ་ལངས་ཏེ། །རྡོ་རྗེ་དྲིལ་བུ་ཕྱོགས་བཅུར་དཀྲོལ། །དེ་ནས་ཁྲི་ལ་བཞུགས་པ་དང་། །སློབ་མས་ཞུ་བ་འདི་ལྟར་ཕུལ། །ཀྱེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །བདག་རྣམས་ཁྱེད་ཀྱི་རྗེས་སུ་འཇུག །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །ཐར་པའི་དྲུང་དུ་འཇུག་པར་བགྱི། །མགོན་པོ་བདག་ཅག་རྣམས་ལ་གསོན། །ཅེས་པས་མེ་ཏོག་ལན་གསུམ་འཐོར། །ངག་ཏུ་འདི་སྐད་བརྗོད་པར་བྱ། །ཀྱེ་ཧོ་སྣོད་ལྡན་བུ་རྣམས་ཉོན། །ལུས་ངག་ཡིད་གསུམ་དད་པ་ཡིས། །ཐར་པའི་གྲོང་དུ་འཇུག་དོན་དུ། །མདུན་གྱི་ནམ་མཁའི་དབྱིངས་རུམ་དུ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རྒྱལ་བ་སྲས་འཁོར་བཅས་པ་རྣམས། །གུས་པའི་ཡིད་ཀྱིས་སྤྱན་དྲངས་ནས། །ལུས་སོགས་མཆོད་པ་བཞི་རྫོགས་འབུལ། །ཕྱག་འཚལ་ཡོན་འབུལ་ཐལ་མོ་སྦྱར། །འདི་སྐད་གསོལ་བ་གདབ་པར་གྱིས། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བའི་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ཅག་གུས་པས་སྐྱབས་སུ་མཆི། །ཞེས་པས་ལན་གསུམ་བརྗོད་པར་བྱ། །ཀྱཻ་ཧོ་ཀུན་བཟང་རིགས་ལྔའི་སངས་རྒྱས་དང་། །རྒྱལ་བ་ཡབ་ཡུམ་སྲས་འཁོར་ལས། །ད་ནས་བཟུང་སྟེ་ཡང་དག་དོན། །བྱང་ཆུབ་སྙིང་པོ་མ་ཐོབ་བར། །གུས་པས་ཡིད་ཀྱིས་སྐྱབས་སུ་མཆི། །ཞེས་པ་ལན་གསུམ་བརྗོད་པར་བྱ། །ཀྱེ་དཔའ་བོ་དཔའ་མོ་ཆོས་སྐྱོངས་ཚོགས། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ལས། །གསུམ་ལྡན་བླ་མའི་ཚོགས་བཅས་ལ། །བདག་ཉིད་གུས་པས་སྐབས་སུ་མཆི། །ཞེས་པས་ལན་གསུམ་སྤྱིར་བརྗོད་དོ། །ཀྱེ་རང་བྱུང་གདོད་མ་སྐྱེ་བ་མེད། །རང་མདངས་འོད་སྣང་འགགས་པ་མེད། །སྣང་སྲིད་སྟོང་གསུམ་དབྱེར་མེད་པ། །གཟུང་འཛིན་བྲལ་བར་སྐྱབས་སུ་མཆི། །ཅེས་པས་ལན་གསུམ་བརྗོད་པ་ནི། །སྐྱབས་འགྲོ་སྤྱི་དང་ཁྱད་པར་རོ། །ད་ནི་སྡོམ་པ་བླང་བར་བྱ། །ཧོ་བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པར་མི་བྱེད་དགེ་བ་བསྒྲུབ། །དགེ་ཚུལ་དགེ་བསྙེན་བྱང་ཆུབ་སེམས། །སོ་སོར་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཅིང་སྲུང་། །ཞེས་པས་ལན་གསུམ་ཕྱི་ལྟར་བརྗོད། །ད་ནི་སྨོན་པ་སེམས་བསྐྱེད་དོ། །ཀྱེ་ཧོ་བླ་མ་ཀུན་བཟང་དགོངས་སུ་གསོལ། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུའི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བ་དང་། །དབུགས་མ་འབྱུང་བ་རྣམས་དབུགས་འབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །སྨོན་པ་བྱང་ཆུབ་སེམས་བསྐྱེད་ཡིན། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནི། །ཇི་ལྟར་སྔོན་གྱི་རྒྱལ་བ་རྣམས། །སྡོམ་པ་ལ་ནི་གནས་པ་ལྟར། །ད་ནས་འཁོར་བ་མ་སྟོང་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི། །ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ། །བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ། །ཀུན་དོན་ཚུལ་ཁྲིམས་གསུམ་ཡང་སྲུངས། །བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས། །མ་གྲོལ་དགྲོལ་དང་མ་བསྒྲལ་སྒྲོལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །ཅེས་པ་ལན་གསུམ་བརྗོད་པར་བྱ། །ད་ནི་སྡོམ་པ་བླང་བ་ནི། །དེང་ནས་བཟུང་སྟེ་སྙིང་པོའི་བར། །དཀོན་མཆོག་གསུམ་བཟུང་མི་བཏང་ངོ་། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །བདེར་གཤེགས་རིགས་ཀྱི་དམ་ཚིག་ཏུ། །སྙིང་པོའི་དོན་དང་འབྲལ་མི་བྱ། །ཞེས་པས་ཞེ་ནས་ལན་གསུམ་བྱ། །རྩ་བ་བཞི་པོ་མི་འདའ་བསྲུང་། །དེ་ནས་བདུད་རྩི་ལྕེ་ལ་བཞག །ཧཱུྃ་གི་སྲུང་བ་བགྲངས་སུ་བཅུག །ཐམས་ཅད་ཕྱོགས་སུ་གདེངས་སུ་བཅུག །ཡོལ་བ་དག་གིས་གཡོལ་བར་བྱ། །དེ་ནི་སློབ་མའི་སྟ་གོན་ནོ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། བུམ་པ་སློབ་མའི་སྟ་གོན་གྱི་རིམ་པའི་ལེའུ་སྟེ་བརྒྱད་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ད་ནི་ཐིག་གི་ཆོ་ག་བསྟན། །ཐིག་སྐུད་ཡེ་ཤེས་ལྔ་སྦྲེལ་ལ། །དཀྱིལ་འཁོར་སྟེང་གི་ནམ་མཁའ་ལས། །ཚངས་ཐིག་ལྷ་ཆེན་དག་ཀྱང་གདབ། །སྐད་ཅིག་དལ་གྱིས་ལྷ་ཚོགས་བསྐྱེད། །མཆོད་པ་དང་ནི་བསྟོད་པ་བྱ། །དེ་ནས་དཀྱིལ་འཁོར་ཐིག་གདབ་སྟེ། །ད་ལ་སྤྱི་དང་མཐུན་པར་གདབ། །ད་ལའི་བཀོད་པ་ཤེས་པར་བྱ། །ཚོན་རྩི་རིན་ཆེན་སྣ་ལྔ་དང། །ཚོན་གཞི་སྒོའི་ཉི་ཤུ་ཆ། །འཕྲ་སྦོམ་མདའ་ཙམ་འབྲི་བར་བྱ། །སྐྱོན་སྤང་ཡོན་ཏན་ཚང་བར་གཅེས། །དཀྱིལ་འཁོར་སྤྱི་དང་འདྲ་བ་ལ། །དབུས་སུ་མུ་ཁྱུད་ལྔ་ལྡན་བཀོད། །ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ། །རེ་ཁ་མུ་ཁྱུད་ལྔ་དང་ལྡན། །ཚོན་ཀྱང་རིགས་ཀྱི་ཁ་དོག་འདྲ། །དེ་ལྟར་ད་ལ་ཚར་རྗེས་སུ། །སྐྱོན་ཡོན་བརྟག་ཅིང་ལྷག་ཆད་སྐོངས། །བཀྲ་ཤིས་རྫས་བཀྲམ་རྒྱན་རྣམས་བཀོད། །ཕྱོགས་མཚམས་བརྒྱད་དང་དབུས་སུ་ནི། །རིགས་ལྔ་ཡབ་ཡུམ་བུམ་པར་བསྐྱེད། །ལས་བུམ་ཤར་སྒོའི་ཕྱོགས་སུ་བཞག །ཡོལ་བ་དཀར་པོས་དཀྱིལ་འཁོར་གཡོགས། །ཕོ་རྣམས་རྒྱན་ཆས་ལྡན་པ་ཉིད། །གཡས་ཀྱི་གྲལ་ལ་བཞག་པར་བྱ། །མོ་རྣམས་མཛེས་ཚུལ་རིམ་བཞིན་དུ། །གྲལ་གྱི་གཡོན་དུ་བཞག་པར་བྱ། །ལས་ཆོག་རྒྱལ་ཐེབས་དཀྱིལ་འཁོར་གྱིས། །མཐའ་མ་གསུམ་དུ་བཀོད་པར་བྱ། །སྐུ་གསུམ་མཛེས་པའི་མཎྜལ་ལ། །ཚོམ་བུ་ལྔ་སོགས་བཀོད་པར་བྱ། །མཆོད་རྫས་གཏོར་མ་ལ་སོགས་དང་། །བཀོད་པ་རིམ་བཞིན་བཤམས་པར་བྱ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་རྒྱུད་ལས། དཀྱིལ་འཁོར་དབང་རྫས་བཤམས་པའི་ལེའུ་སྟེ་དགུ་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་རིག་མདངས་རྩལ་འཁོར་རྣམས། །དབང་བསྐུར་དངོས་གཞིའི་རིམ་པ་ནི། །རྡོ་རྗེ་སློབ་དཔོན་ཁྲི་ལ་བཞུགས། །སྐད་ཅིག་རིགས་ལྔ་ཀུན་བཟང་བྷཻཾ། །དཀྱིལ་འཁོར་སྒོ་བཞིར་སློབ་དཔོན་གྱིས། །སྒོ་མ་བཞི་ལ་གསོལ་བ་གདབ། །དཀྱིལ་འཁོར་ནང་གི་ལྷ་ཚོགས་ལ། །ཞལ་མཇལ་དབང་བསྐུར་ཞུ་བ་ཕུལ། །ཀྱེ་ཧོ་དུས་གསུམ་རྒྱལ་བ་རྣམས། །བདག་ལ་ཅི་ལྟར་དབང་བཞི་བསྐུར། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་མི་འགྱུར་བའི་དབང་བསྐུར་ཞུ། །ལྔ་ལྡན་རྡོ་རྗེ་འབར་བའི་དཀྱིལ་འཁོར་དུ། །རྡོ་རྗེ་འདུ་འབྲལ་མེད་པའི་དབང་བསྐུར་གསོལ། །གསང་ལྡན་རྡོ་རྗེ་རིགས་ཀྱི་དབང་བཞི་ཞུ། །རྡོ་རྗེ་འདུ་འབྲལ་མེད་པར་བསྐུར་དུ་གསོལ། །གསུང་མ་འགགས་པའི་དབང་བསྐུར་ཞུ། །དབང་ལྡན་དབང་གི་རིགས་ལྡན་རིག་མཆོག་དེ། །འབར་བའི་འོད་འཕྲོ་པདྨའི་གཞལ་ཡས་སུ། །བདེ་ལྡན་དབྱིངས་མཆོག་སྐུ་ལྔའི་དབང་བསྐུར་ཞུ། །པདྨ་འདུ་འབྲལ་མེད་པར་བསྐུར་དུ་གསོལ། །ཧཱུྃ་ཆོས་ཀྱི་དབྱིངས་ལ་རིག་པའི་དབྱིངས་ཤར་བས། །མཐོང་བ་ཉིད་དག་ཡེ་ཤེས་ཐབས་ཀྱི་སྐུ། །ཙིཏྟ་རིན་ཆེན་འབར་བའི་གཞལ་ཡས་སུ། །བདེ་མཆོག་ཐུགས་ཀྱི་དཀྱིལ་འཁོར་དབང་བསྐུར་བས། །ཆོས་ཉིད་སྤྲོས་བྲལ་ཆེན་པོར་བསྐུར་དུ་གསོལ། །ཞེས་པས་དབྱངས་དང་བཅས་པས་ཞུ། །དེ་ནས་གསང་མཚན་ཡིད་ལ་བཟུང་། །ཨེ་མ་ཧོ། རྡོ་རྗེ་མོས་པ་རྩལ། །རིག་དང་གདུང་དང་རྡོ་རྗེ་དྲག་པོ་རྩལ། །སྟོང་དང་བདེ་མཆོག་རྡོ་རྗེ་འོད་འབར་རྩལ། །ཆོས་ཉིད་རང་སྟོང་རྡོ་རྗེ་གཏེར་དབང་རྩལ། །དཀྱིལ་ཡང་གསང་མཆོག་རྡོ་རྗེ་ཡང་གསང་རྩལ། །དམར་ལྡན་ཡིད་འཕྲོག་རྡོ་རྗེ་གསུང་ཐོབ་རྩལ། །དཀྱིལ་འཁོར་རྒྱས་མཛད་རྡོ་རྗེ་རིག་འཛིན་རྩལ། །གསང་མཚན་རབ་བདུན་ཡེ་ཤེས་མིང་གི་དབང་། །རིག་ལྡན་བདག་ལ་ཅི་ལྟར་བཏགས་པ་ལྟར། །སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་དུ་གསོལ། །ཞེས་པས་ཞུ་འབུལ་བྱའོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། ཞུ་འབུམ་གསང་མཚན་བཏག་ཏུ་གསོལ་བའི་ལེའུ་སྟེ་བཅུ་པའོ། །྅྅྅ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ད་ནི་སློབ་མ་དལ་དུ་ཞུགས། །ལས་ཀྱི་སློབ་དཔོན་ལས་བུམ་ཁྱེར། །སྒོ་ཕྱིར་ཐམས་ཅད་ཁྲུས་བྱས་ལ། །དེ་ནས་མིག་དར་གཡོགས་བྱས་ལ། །ཐམས་ཅད་ལག་པ་སྦྲེལ་བྱ་སྟེ། །དཀྱིལ་འཁོར་ལན་གསུམ་བསྐོོར་བ་བྱ། །ཕྱིའི་སྒོ་མཚམས་དག་ནས་ནི། །ཞུ་བ་འདི་ལྟར་འབུལ་བར་བྱ། །ཀྱེ་ཁྲོ་མོ་མི་བཟད་འཇིགས་པའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །བདག་ཅག་འཁོར་བ་བསྒྲལ་བའི་ཕྱིར། །ཁྱོད་ཀྱིས་ནང་དུ་བཏང་དུ་གསོལ། །ནང་ནས་སུ་ཡིན་ཅི་བྱེད་དྲིས། །ལན་དུ་རིགས་ཀྱི་བུ་ཡིན་བྱ། །བདག་ཅག་རིགས་ཀྱི་བདག་པོ་ལས། །དབང་བསྐུར་ཞུ་བ་འབུལ་བ་ལགས། །དེ་ནས་ནང་དུ་ལེགས་པར་བསྒྲིལ། །སློབ་དཔོན་འཁོར་བཅས་ཐམས་ཅད་ཀྱིས། །རྒྱན་འདོགས་རོལ་མོ་ཧཱུྃ་སྒྲ་གྱེར། །མཚམས་བཅད་ཐུན་གྱིས་བྲབ་པར་བྱ། །དེ་ནས་ༀ་གཙོ་བོ་དབང་བསྐུར་རོ། །དེ་ནས་སློབ་མས་ཞུ་བ་ནི། །སྒོ་སྲུང་བཞི་ལ་མཎྜལ་འབུལ། །ཀྱེ་ཧོ། རིགས་ལྔ་བདེ་བར་གཤེགས་པ་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་མ་ཆེན་མོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེས་ཐར་པའི་ལམ་སྟོན་འཚལ། །ཅེས་པས་ལན་གསུམ་ཞུ་བ་འབུལ། །ཡོལ་བ་ཕྱེས་ལ་དཀྱིལ་འཁོར་ནི། །མིག་དར་བཀྱག་ལ་དུས་གཅིག་བསྟན། །སྒོ་མ་བཞིའི་དབང་བསྐུར་བྱ། །དེ་ནས་ཡི་གེའི་ཕཊ་དབང་བསྐུར། །མགོ་དྲིལ་མདུན་དུ་ཕཊ་གཅིག་གསལ། །རང་ཉིད་ཕཊ་དུ་བསམ་ཞིང་བསྐོར། །མ་ཡེངས་དམིགས་པ་དྲག་ཏུ་བྷཻཾ། །རོལ་མོ་སྣ་ཚོགས་འཁྲོལ་བའོ། །དེའི་བྱིན་འབེབས་ལུས་འདར་རོ། །རིག་པ་ནམ་མཁའི་དབྱིངས་སུ་འཕངས། །དེ་ནས་དབུགས་ཅིག་ཁ་ན་དྲོངས། །ཕཊ་ཕཊ་བརྒྱ་རྩ་གསུམ་ཙམ་བསྒྲངས། །དེ་ནས་ལུས་འདར་བ་སྤུ་གཡོས། །སྐྱུག་ལོག་མགོ་ན་ཧད་དེ་བ། །དེ་ནས་གསོལ་བ་དར་ཅིག་འདེབས། །དེ་ནས་མིག་དར་གཡོག་པར་བྱ། །མེ་ཏོག་ལག་ཏུ་ཐོག་ཏུ་བཅུག །དེ་ནས་བླ་མས་འདི་སྐད་བརྗོད། །ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས། །དཀྱིལ་འཁོར་གཉན་པོར་ཞུགས་བྱས་ནས། །ཡེ་ཤེས་ལྷ་དང་སྦྲེལ་བའི་ཕྱིར། །གསང་སྔགས་གཉན་པོའི་དམ་ཚིག་རྣམས། །གཞན་ལ་སྨྲ་བར་མ་བྱེད་ཅིག །སྨྲས་ན་ཡེ་ཤེས་ལྷ་དང་བྲལ། །དེ་ཕྱིར་དམ་ཚིག་ཆུ་འདི་འཐུངས། །ས་མ་ཡ། ན་ར་ཀན། ཨི་དན་ཏི། ཨ་པ་ཅི། སོ་ཕག་ཤི་ཀོ་ཐམ། མི་རི་ཨ་ཙི་ཀོ་ཐམ། ཞེས་ལྕེ་ལ་བདུད་རྩི་བཞག་ནས། མགོ་ལ་ཐོད་པ་བདུད་རྩི་བཞག །དེ་ནས་ལས་ཀྱི་སློབ་དཔོན་གྱིས། །རྡོ་རྗེས་ཁྲིད་ལ་དཀྱིལ་འཁོར་གྱིས། །མེ་ཏོག་ཕྱག་རྒྱ་གཏོར་དུ་གཞུག །དེ་ནས་གསེར་ཐུར་མིག་ཡོལ་ཕྱེས། །ཁྱོད་ཀྱིས་མ་རིག་མུན་པའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བས་ལྟོས། །ཅི་ལྟར་མཐོང་བ་ཞེས་ནི་དྲི་བར་བྱ། །གང་མཐོང་རིགས་ཀྱི་མིག་ཡང་བཏགས། །མེ་ཏོག་གང་ལ་ཕོག་པའི། །བཛྲ། རཏྣ། པདྨ། ཀརྨ། བུདྡྷ། ལས་རབ་རྩལ་གྱི་མིང་ཡང་བཏགས། །ལྷ་རིགས་དེའི་སྔགས་བྷཻཾ་ཕོག །དེ་ནི་དངོས་སུ་འབྲེལ་བའི་དབང་རིགས། དངོས་གཞི་ཡན་ཆད་རྫོགས་སོ། །མཁའ་འགྲོ་གསང་ཐིག་ཀློག་གསལ་བླ་མེད་ཀྱི་རྒྱུད་ལས། དམ་བསྒྲགས་དབྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་མདངས་ལྔ་རིག་པའི་འཁོར། །སྤྲོས་བཅས་བུམ་དབང་དངོས་གཞིའི་དབང་། །ལུས་འདི་རྒྱལ་བའི་དཀྱིལ་འཁོར་ཏེ། །ཕུང་པོ་རིགས་ལྔའི་དབང་བསྐུར་བྱ། །ཁམས་ལྔ་སངས་རྒྱས་ཡུམ་ལྔ་སྟེ། །ཡུམ་ཆེན་རིགས་ལྔའི་བུམ་དབང་བསྐུར། །སྐུ་ལྔ་ཡེ་ཤེས་ལྔ་པོ་རུ། །ཕུང་ཁམས་སྐྱེ་མཆེད་ངོ་ཡང་སྤྲད། །དེ་ནི་རྩ་བའི་བུམ་དབང་རྫོགས། །རིགས་ལྔའི་བྷཻཾ་བསྙེན་ཚད་དུ་སྐྱོལ། །དེ་ནི་བུམ་དབང་མདོ་བཅད་དོ། །བླ་མ་རྡོ་རྗེ་སློབ་དཔོན་གྱིས། ཏིང་འཛིན་ལེགས་པར་བྷཻཾ་བྱས་ཤིང་། །ཚིག་དབང་ཕྱག་རྒྱ་འདི་སྐད་དོ། །ཧཱུྃ། ལྔ་ལྡན་རྡོ་རྗེ་འབར་བའི་དཀྱིལ་འཁོར་དུ། །རྡོ་རྗེ་འདུ་འབྲལ་མེད་པའི་སྐུར་གསལ་བས། །གསང་ལྡན་རྡོ་རྗེ་རིགས་ཀྱིས་དབང་བསྐུར་ཞིང་། །རྡོ་རྗེ་འདུས་པའི་སྲས་སུ་དབང་བསྐུར་རོ། །དཀྱིལ་འཁོར་ལྷ་དང་སྐུ་ལྔ་ཡེ་ཤེས་ལྔ། །དུས་དང་གནས་དང་རྡོ་རྗེའི་ཚིག །གསང་བ་བདེ་ལྡན་རྡོ་རྗེ་རིགས་ཀྱི་བདག །བདག་དང་གཞན་ཡང་སྐུ་ལྔ་མཐར་ཕྱིན་ནས། །མི་འགྱུར་གནས་མཆོག་དགྱེས་པའི་སྒེག་མོ་ཆེ། །རིག་དང་སྟོང་དང་བྱེད་པའི་སྟོབས། །ཆོས་དང་གནས་དང་ཡིད་དང་སེམས་ལ་བསྐུར། །ཨ་ལ་ལ་ཧོ་རྡོ་རྗེ་མོས་པ་རྩལ། །རིག་དངས་པ་དང་རྡོ་རྗེ་དྲག་པོ་རྩལ། །སྟོང་དང་དབྱེ་དགྱེས་དང་རྡོ་རྗེ་འོད་འབར་རྩལ། །ཆོས་ཉིད་རང་སྣང་རྡོ་རྗེ་གཏེར་དབང་རྩལ། །དཀྱིལ་འཁོར་གསང་མཆོག་རྡོ་རྗེ་རབ་སྔགས་རྩལ། །དམར་ལྡན་ཡིད་འཕྲོག་རྡོ་རྗེ་གསུང་ཐོབ་རྩལ། །དཀྱིལ་འཁོར་རྒྱས་མཛད་རྡོ་རྗེ་རིག་འཛིན་རྩལ། །ཨེ་མ་ཧོ། ཧོ་སི་ཏི་རྡོ་རྗེ་གསང་མཆོག་ཁྱོད། །དབང་ལྡན་དབང་གི་རིག་མཆོག་རིག་ལྡན་དེ། །འབར་བ་འོད་འཕྲོ་འཁོར་ལོའི་གཞལ་ཡས་སུ། །བདེ་ལྡན་དབྱིངས་མཆོག་སྐུ་ལྔའི་དབང་བསྐུར་རོ། །ཆོས་ཉིད་དབྱིངས་ལས་རིག་པའི་དབྱིངས་ཤར་བས། །མཐོང་བ་ཉིད་ནི་ཡེ་ཤེས་ཐབས་ཀྱི་སྐུ། །ཙིཏྟ་རིན་ཆེན་གཞལ་ཡས་སུ། །བདེ་མཆོག་ཐུགས་ཀྱིས་འཁོར་ལོའི་དབང་བསྐུར་རོ། །བདེ་ལྡན་དབྱིངས་ཤར་ཤེས་རབ་ཡུམ་གྱི་ངང་། །གསལ་འཚེར་ལྷུན་སྡུག་རྡོ་རྗེ་རང་གསལ་རྩལ། །གསང་བ་མཁའ་དབྱིངས་བྷ་གའི་གཞལ་ཡས་སུ། །ཆོས་ཉིད་སྤྲོས་བྲལ་བདེ་ཆེན་དབང་བསྐུར་རོ། །རྡོ་རྗེ་གསང་བ་བདེ་མཆོག་དབྱིངས་སུ་སྒྲོལ། །ཤེས་རབ་ཐབས་ལྡན་ཀ་དག་ཡངས་པའི་དབང་། །སེམས་དཔའི་དཀྱིལ་འཁོར་སེམས་མའི་མཆོག །ཆོས་རྣམས་དམིགས་མེད་རྡོ་རྗེ་སེམས་དཔའི་སྐུ། །ནམ་མཁའི་མཐའ་ལས་ཆོས་དབྱིངས་རོ་གཅིག་ཏུ། །ལས་རྣམས་མཐར་ཕྱིན་ཆོས་ཉིད་བདལ་བའི་སྐུ། །སེམས་དང་སྟོང་ཉིད་ཆོས་ཀྱི་སྐུ་ལ་དབང ། །མཚན་ལྡན་སྲིད་བསྐྱེད་ལྟེ་བའི་གཞལ་ཡས་སུ། །རྡོ་རྗེ་ལས་གསང་ཐུགས་ཀྱིས་དབང་བསྐུར་རོ། །གསང་བ་རབ་རྫོགས་ཡེ་ཤེས་སེམས་དཔའི་དབང་། །ཤེས་རབ་འོད་འཕྲོ་ཉོན་མོངས་ཟིལ་གྱིས་གནོན། །རྡོ་རྗེ་མདའ་འཕེལ་ཤེས་རབ་དབྱིངས་སུ་འཕེན། །དཀྱིལ་འཁོར་མདའ་སྡུད་ཡེ་ཤེས་སྣང་བའི་བདག །མཉམ་ཉིད་ཡེ་ཤེས་ཆོས་སྐུའི་དབང་བསྐུར་རོ། །རིན་ཆེན་རྒྱུག་བྱེད་རྩའི་གཞལ་ཡས་སུ། །རྡོ་རྗེ་བདེ་ལྡན་ཐུགས་ཀྱིས་གསང་མཆོག་བསྐུར། །གསང་བ་ཡང་གསང་ཐུགས་ཀྱི་འཁོར་ལོའི་བདག །གསང་ལྡན་དབྱིངས་ལས་ཡེ་ཤེས་འོད་འཕྲོ་ཞིང་། །ཕྱོགས་མེད་རང་སྣང་དཀྱིལ་འཁོར་བདག །བདེ་ཆེན་ཆོས་དབྱིངས་ཡེ་ཤེས་དབང་བསྐུར་བྱ། །དུས་གསུམ་སངས་རྒྱས་ཡབ་ཡུམ་གཉིས་མེད་པས། །རྡོ་རྗེ་ཐུགས་སྲས་དམ་པ་དབང་བསྐུར་རོ། །དེ་ནས་ཕྱག་རྒྱའི་དབང་བསྐུར་ནི། །རྣམ་སྣང་འཁོར་ལོ་དྲིལ་བུའི་ཕྱག་རྒྱའི། །སྣོད་ལྡན་བུའི་སྤྱི་བོར་དབང་བསྐུར་རོ། །ༀ་ཨཱཿཧཱུྃ། བུདྡྷ་ཙཀྲ་པ་ཙ་ཧཱུྃ། རྣམ་པར་སྣང་མཛད་ཀྱི་སྐུ་དབང་ཐོབ་པར་ཤོག །རྡོ་རྗེ་དྲིལ་བུའི་ཕྱག་རྒྱའི། །སྣོད་ལྡན་བུ་ཡི་མགྲིན་པར་དབང་བསྐུར་རོ། །ཨོཾ་ཨཱ་ཧཱུྃ་སྭཱ་ཧཱ། བཛྲ་ཙཀྲ་པ་ཙ་ཧཱུྃ། རྡོ་རྗེ་སེམས་དཔའི་གསུང་དབང་ཐོབ་པར་ཤོག །རིན་ཆེན་དྲིལ་བུའི་ཕྱག་རྒྱའི། །སྣོད་ལྡན་བུའི་ཐུགས་ཀར་དབང་བསྐུར་རོ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། རཏྣ་ཙཀྲ་པ་ཙ་ཨབྷི་ཥིཉྩ་ཨ་ཨཱ། རིན་ཆེན་འབྱུང་ལྡན་ཐུགས་དབང་ཐོབ་པར་ཤོག །པད་མ་དྲིལ་བུའི་ཕྱག་རྒྱའི། །སྣོད་ལྡན་བུའི་ལྟེ་བར་དབང་བསྐུར་རོ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། པདྨ་ས་ཏྭ་ཀུ་ལ་རྣ་ཧྭ་ཧྭ་ཧཱུྃ་ཨ། སྣང་བ་མཐའ་ཡས་ཡོན་ཏན་དབང་ཐོབ་ཤོག །རྒྱ་གྲམ་དྲིལ་བུའི་ཕྱག་རྒྱ་ཡིས། །སྣོད་ལྡན་བུའི་གསང་བར་དབང་བསྐུར་རོ། །ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ། ཀརྨ་དུ་སྟན་ཀར་བྷེ་ༀ་ཨཱཿཧཱུྃ་ཕཊ། གསང་བ་དོན་ཡོད་གྲུབ་པའི་དབང་ཐོབ་ཤོག །ཕྱག་རྒྱ་ལྔའི་རིགས་མཚན་ལག་ཏུ་ཐོགས། །ལག་པས་གར་ཐབས་བྱ་ཞིང་དབང་བསྐུར་རོ། །ལག་གཉིས་བུམ་པའི་ཕྱག་རྒྱ་ཡི། །སྣོད་དང་ལྡན་པའི་སྤྱི་བོར་བསྐུར། །རྒྱལ་བ་ཡུམ་ལྔའི་དབང་ཐོབ་ཤོག །མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། ༀ་ཨཱཿཧཱུྃ་སྭཱ་ཧཱ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུའི། །ཕྱག་རྒྱ་བཞིའི་བརྡ་འདི་ཡིས། །སྣོད་ལྡན་བུའི་སྒོ་བཞིར་དབང་བསྐུར་རོ། །ཛཿཧཱུྃ་བྃ་ཧོཿ ཨཱ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་པའི་རྫས་བརྒྱད་དབང་། །སངས་རྒྱས་ཀུན་གྱི་རྟགས་ཡིན་ཕྱིར། །སྐྱོབ་པ་མཐར་ཕྱིན་གསང་དབང་ལྡན་པ་ཡིས། །བདེར་གཤེགས་བཀྲ་ཤིས་གདུགས་ཀྱི་དབང་། །སྣོད་ལྡན་བུ་ལ་དབང་བསྐུར་རོ། །ༀ་ཨཱཿ ཧཱུྃ་སྭཱ་ཧཱ། ལྟ་བྱེད་མ་འགགས་དོན་གྱི་ཚོལ་བ་ཡིས། །བཀྲ་ཤིས་རྫས་བརྒྱད་ཉའི་དབང་། །སྣོད་ལྡན་བུའི་སྤྱན་ལ་བསྐུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། སྨྲ་བྱེད་ཕ་རོལ་སྨྲ་ལ་མཁས། །པདྨ་དམར་པོ་སྒྲའི་དབང་། །སྣོད་ལྡན་བུའི་ལྗགས་ལ་བསྐུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཧཱུྃ། ཆོས་རྣམས་རང་བྱུང་ཆོས་དབྱིངས་ཟླུམ། །འགགས་མེད་རང་བྱུང་བུམ་པའི་དབང་། །སྣོད་ལྡན་བུའི་མགུལ་ལ་བསྐུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། སྒྲ་དབྱངས་རྟོག་མེད་དོན་མཚོན་པའི། །བཀྲ་ཤིས་སྐུའི་དབང་བསྐུར་འདི། །སྣོད་ལྡན་བུའི་སྐུ་ལ་བསྐུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། གསལ་བའི་འོད་ལྡན་ཡེ་ཤེས་ཐུགས། །བཀྲ་ཤིས་དཔལ་བེར་ཐུགས་ལ་བསྐུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཐོགས་མེད་མྱུར་མགྱོགས་འཁོར་ལོའི་དབང་། །བཀྲ་ཤིས་སྣོད་ལྡན་ཞབས་ལ་བསྐུར། །དབང་མཆོག་རྟགས་ཀྱིས་བཀྲ་ཤིས་བརྒྱད། །ཡོན་ཏན་བརྒྱད་ཀྱི་དབང་བསྐུར་རོ། །ༀ་ཨཱཿ ཧཱུྃ་སྭཱ་ཧཱ། པདྨ་ཙཀྲ་ཧཱུྃ། དེ་ལྟར་རིམ་གྱིས་རྫོགས་པར་བསྐུར་རོ། །དེའི་ལུས་སྨིན་ལུས་སྒྲིབ་དག །ཨ་ཏི་སྟོན་པའི་སྣོད་དུ་རུང་། །ཕུང་ཁམས་ལྷ་དང་ལྷ་མོར་གྲོལ། །འབྲས་བུ་སྤྲུལ་པའི་སྐུ་ཐོབ་འགྱུར། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། བུམ་དབང་དངོས་གཞིའི་དབང་བསྐུར་བའི་ལེའུ་སྟེ་བཅུ་གཉིས་པའོ། །྅྅྅ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ད་ནི་རྗེས་ཀྱི་རིམ་པ་ལས། དབང་སྲོག་དམ་ཚིག་ཡིན་པས་བསྲུངས། །དམ་ཚིག་ས་ཡ་འབུམ་བཤད་ཀྱང་། །སྐུ་གསུང་ཐུགས་སུ་མ་འདུས་མེད། །སྐུའི་དམ་ཚིག་བསྲུང་བ་ནི། །རྡོ་རྗེ་སློབ་དཔོན་མན་ཆད་ནས། །གཟུགས་སུ་གྲུབ་པ་ཐམས་ཅད་ལ། །དད་མོས་གུས་གསུམ་ལོག་ལྟ་སྤང་། །གསུང་གི་དམ་ཚིག་དེ་དང་མཚུངས། །ངག་འཁྱལ་ཚིག་རྩུབ་ལོག་ལྟ་སྤངས། །ཐུགས་ཀྱི་དམ་ཚིག་མི་དགེ་ལོག་ལྟ་སྤངས། །དགེ་སེམས་བྱང་ཆུབ་རྒྱུན་མ་གཅོད། །ལུས་ལྷ་ངག་སྔགས་བསྐྱེད་རྫོགས་རིམ། །འདི་ལ་རྒྱུན་དུ་འདའ་མ་བྱེད། །ཡོན་ཏན་འཕྲལ་དང་ཡུན་གཉིས་སུ། །བདེ་བ་བླ་ན་མེད་པ་ཐོབ། །རྗེས་སུ་དགའ་སྟོན་ཆེན་པོ་བྱ། །དབང་བསྐུར་ཐོག་མཐའ་བར་དང་གསུམ། །དགའ་སྟོན་མ་བྱས་དངོས་གྲུབ་མེད། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྡོ་རྗེ་སྤུན་རྣམས་ལ། །ཚོགས་མཆོད་ཡོན་གྱིས་མ་མཉེས་ན། །ནད་མང་ཚེ་ཐུང་བར་ཆོད་འབྱུང་། །ཐུན་མོང་དངོས་གྲུབ་མེད་པ་དང་། །མཆོག་ལ་རིང་དུ་སོང་བ་དང་། །ཚེ་འཕོས་ཡི་དྭགས་སྐྱེ་བར་འགྱུར། །བླ་མ་དང་ནི་དབང་གྲོགས་ཀྱིས། །སྐུ་གསུང་ཐུགས་ལ་འགལ་བ་ན། །ན་རཀ་སྡུག་བསྔལ་སྤྱོད་པར་འགྱུར། །བཀའ་དང་མི་འགལ་ཡོན་ཏན་ནི། །ཆོས་སྐུ་ཀུན་ཏུ་བཟང་མོ་འགྲུབ། །དབང་འདི་ཐོབ་པར་མ་གྱུར་ན། །ཞིང་ས་གཤིན་པོ་ཡོད་གྱུར་ཀྱང་། །སོ་ནམ་རིམ་གྱིས་མ་བྱས་ན། །འབྲས་བུ་སྨིན་པར་མི་འགྱུར་ལྟར། །སེམས་ལ་ཆོས་ཉིད་གནས་གྱུར་ཀྱང་། །དབང་གིས་སྨིན་པར་མ་བྱས་ན། །དལ་འབྱོར་དངོས་གྲུབ་ག་ལ་ཐོབ། །དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་གྲུབ་ནས། །ཕྱི་མ་མངོན་པར་རྫོགས་སངས་རྒྱས། །དབང་མེད་འཁོར་བའི་མཐའ་སྙགས་ཏེ། །འདི་མེད་བདེ་བ་ཐོབ་པ་མེད། །དེ་བས་དབང་བསྐུར་མཆོག་ཏུ་གཅེས། །ཞེས་གསུངས་སོ། །མཁའ་འགྲོ་མའི་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། བུམ་དབང་གི་རྗེས་དམ་ཚིག་དང་དབང་ཐོབ་མ་ཐོབ་ཀྱི་སྐྱོན་ཡོན་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྅྅྅ དེ་ནས་མཁའ་འགྲོ་སྡེ་ལྔས་འདི་སྐད་ཅེས་ནི་ཡང་གསོལ་པ། ཀྱེ་ཀྱེ་བདེ་ཆེན་ཀུན་བཟང་ཀློང་། །འཁོར་འདས་ཀུན་ཤོང་ཕྱག་རྒྱ་མཆོག །ཤེས་རབ་སྐྱེས་ཆེན་བྷ་གའི་བདག །སྤྲོ བཅས་བུམ་དབང་དེ་ལྟར་ན། །སྤྲོས་མེད་གསང་དབང་ཇི་ལྟར་ལགས། །འདུས་པའི་འཁོར་ལ་བཀའ་སྩོལ་ཅིག །ཅེས་གསོལ་གསན་དགོངས་བཀའ་སྩལ་པ། །ཀྱེ་མ་འདུས་པའི་འཁོར་རྣམས་ཉོན། །སྟོན་པ་ཡུམ་ཆེན་ཀུན་བཟང་ངས། །ཊ་ཀི་ཙིཏྟའི་ཡང་བཅུད་འདི། །རྡོ་རྗེ་མེ་ལོང་གསང་མཆོག་བསྟན། །རྡོ་རྗེ་བཀོད་པའི་སྒྲ་འདི་ཉོན། །འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་རྟོག་ཡིད་ལ་འགྱུ་བ་ནི། །ཡེངས་ས་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་གནད་ཐུག་ནི། །དམིགས་པ་ཅན་དུ་མེད་པ་ལས། །དོན་དམ་རང་བཞིན་ཉིད་ཀྱིས་སྐུ། །འཛིན་རྟོག་རྒྱས་པའི་ནམ་མཁའ་ལ། །ཐུན་མཚམས་མེད་པའི་ཏིང་འཛིན་གསལ། །འགྱུར་མེད་ཆོས་ལ་སྒྲོ་སྐུར་མེད། །ང་དང་བདག་ཏུ་མེད་པས་ན། །ཆོས་ཉིད་མ་དང་འཕྲད་པ་ཡིན། །གསང་བའི་དབང་གི་ཡང་སྙིང་ཡིན། །དབང་ལ་རྣམ་པ་བཞི་ཡིན་ཏེ། །ཕྱི་དང་ནང་དང་གསང་བ་དང་། །ཡང་གསང་བླ་ན་མེད་པའོ། །ཕྱི་དབང་སྣང་བ་སེམས་སུ་བསྐུར། །ནང་དབང་སེམས་ཉིད་ཆོས་སྐུར་བསྐུར། །གསང་དབང་ཆོས་སྐུར་མཐའ་བཞི་གྲོལ། །ཡང་གསང་འོད་གསལ་ལུ་གུ་རྒྱུད། །བླ་མེད་སྣང་བཞི་ཆོས་ཟད་དོ། །ཕྱི་དབང་སྣང་གྲགས་ཐོས་ཚད་རྣམས། །ཡེ་ཤེས་སྣང་བ་གར་ཡང་ཐོགས་པ་མེད། །ཡེ་ཤེས་མཁའ་ལ་མཐའ་བཞིའི་དྲི་མ་མེད། །ཡེ་ཤེས་ལམ་ལ་ཡེ་ཤེས་ཚིག་དང་བྲལ། །ཡེ་ཤེས་རིག་པ་ཡང་དག་ཤེས་ཤིང་རིག །ཡེ་ཤེས་ངོ་བོ་འགྱུར་བའི་ཕྱོགས་དང་བྲལ། །ཕྱི་ནང་ཡེ་ཤེས་རྫས་སུ་སྟོན། །འཇུག་བསྐུར་ཐོབ་སྨིན་བཞི་རུ་བཤད། །ཕྱིའི་སྣང་བ་ཐམས་ཅད་ཀུན། །རང་བྱུང་རིག་པའི་རང་བཞིན་ཡིན། །རོལ་པ་ཆེན་པོར་བསྐུར་བའོ། །ནང་དབང་རིག་པའི་ཡུལ་ལ་བསྐུར། །གསང་དབང་ངོ་སྤྲོད་ཉིད་དུ་བསྐུར། །ཡང་གསང་ཉག་གཅིག་ཐིག་ལེ་བསྐུར། །ཅིར་ཡང་རོལ་པ་ཆེན་པོ་བསྐུར། །གཟུགས་སྣང་ཐམས་ཅད་སྐུའི་དབང་། །སྒྲ་གྲགས་ཐམས་ཅད་ཆོས་ཀྱི་སྒྲའི་དབང་། །དྲན་རྟོགས་ཐམས་ཅད་ཆོས་ཉིད་དབང་། །སྲིད་རྩ་བདག་འཛིན་གྲོལ་བའི་དབང་། །ཕྱི་ནང་ཀུན་བཏགས་ཡེ་གྲོལ་དབང་། །རིག་པ་དབྱིངས་ཀྱི་རྒྱས་བཏབ་ནས། །གཞི་ལམ་ལྷུན་གྱིས་གྲུབ་པའི་དབང་། །སྣང་གྲགས་ཕྱག་རྒྱ་བཞིའི་དབང་། །སྒྲུབ་པ་ཚད་སྨིན་ལྷའི་དབང་། །ཡབ་ཡུམ་མཐུན་སྦྱོར་བྱང་སེམས་དབང་། །མ་རིག་རིག་པ་སྒྲོན་མེའི་དབང་། །རང་ལུས་ཚད་སྨིན་བཞི་རྫོགས་དབང་། །སྐལ་ལྡན་རྣམས་ཀྱིས་ཐོབ་པར་བྱ། །འདི་ཐོབ་སྣང་སྲིད་ཡེ་སངས་རྒྱས། །དབང་མཆོག་དམ་པ་འདི་མེད་ན། །ཐུན་མོང་རྫས་ཚིག་ཐུན་མོང་ཙམ། །ཐེག་དམན་བློ་ཁ་བསྒྱུར་བ་ལས། །སྐུ་གསུམ་ཞིང་དུ་ཆ་མི་ཉེ། །དེ་ནས་འདི་ལ་ནན་ཆག་འབོད། །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། སྤྲོས་མེད་ནང་གི་གསང་དབང་བསྐུར་བའི་ལེའུ་སྟེ་བཅུ་བཞི་པའོ། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྅྅྅ མཁའ་འགྲོ་སྡེ་ལྔས་ཡང་ཞུས་པ། ཀྱེ་ཀྱེ་སྟོན་པ་ཡུམ་ཆེན་མཁའ། །སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས། །ཐབས་ཤེས་གཉིས་མེད་སྦྱོར་བའི་ཐབས། །གསང་སྔགས་གསང་བའི་ལམ་ཆེན་པོས། །ཤེས་རབ་ཡེ་ཤེས་བདེ་ཆེན་དབང་། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །སྟོན་པས་གསན་ནས་བཀའ་སྩལ་པ། །ཀྱེ་མ་རིག་མདངས་འཁོར་རྣམས་ཉོན། །ལས་གསང་ཤེས་རབ་ཡེ་ཤེས་དབང་། །ཐབས་ཤེས་ཟུང་འཇུག་བདལ་པ་ཆེ། །རྟོགས་པའི་ཤེས་རབ་མཁའ་ལ་གསལ། །མ་རྟོགས་ཤེས་རབ་གཏིང་ནས་གསལ། །ཤེས་རབ་ཡེ་ཤེས་མེད་པར་དག །ཤེས་རབ་ཐབས་དང་འབྲེལ་བ་ཡིན། །དོན་གྱི་དཀྱིལ་འཁོར་ལྔ་མཐོང་འགྱུར། །ཐབས་ཤེས་གཉིས་མེད་རྒྱས་འདེབས་ན། །ཤེས་རབ་ཡེ་ཤེས་རང་དབང་ཐོབ། །འདུས་པའི་དོན་གྱིས་ཐིག་ལེ་ཉེ། །དགྱེས་ན་དུས་གཅིག་འོད་དུ་ཤར། །འོད་སྣང་དག་པ་ཐིག་ལེའི་སྐུ། །རང་བཞིན་གཉིས་སུ་མེད་པར་ཤར། །ཤེས་རབ་ཡེ་ཤེས་དོན་གྱི་དབང་། །མཁའ་མཉམས་བྷ་ག་ཡངས་པ་རུ། །རྡོ་རྗེ་རིག་པ་ཡེ་ཤེས་སྦྱོར། །སྐུ་དང་ཡེ་ཤེས་ཐིག་ལེར་རྫོགས། །ཤེས་རབ་དོན་ལ་ཡེ་ཤེས་མེད། །ཡང་དག་ཤེས་རབ་དོན་ལ་སྦྱོར། །སྣ་ཚོགས་ཤེས་རབ་ཅི་ཡང་མཐོང་། །རྟོགས་མེད་ཤེས་རབ་རང་སར་གྲོལ། །འཛིན་མེད་ཤེས་རབ་མཁའ་ལ་གསལ། །རིག་པའི་ཤེས་རབ་དབྱིངས་སུ་སྦྱོར། །མཁའ་མཉམ་ཤེས་རབ་གཅིག་ཏུ་འཁྱིལ། །སྐུའི་ཤེས་རབ་འགྱུར་བ་མེད། །གསུང་གི་ཤེས་རབ་འགགས་པ་མེད། །ཐུགས་ཀྱི་ཤེས་རབ་རྟོག་པ་མེད། །ཡོན་ཏན་ཤེས་རབ་ཅིར་ཡང་རྟོགས། །འཕྲིན་ལས་ཤེས་རབ་རྩོལ་བ་མེད། །མྱུར་མགྱོགས་ཤེས་རབ་ཐོག་རྡུགས་མེད། །སྨིན་གྲོལ་ཤེས་རབ་ཉམ་ང་མེད། །ཡངས་པའི་ཤེས་རབ་མཐའ་དབུས་མེད། །ཟབ་མོའི་ཤེས་རབ་ཁ་གཏིང་མེད། །ཕྲ་མོའི་ཤེས་རབ་མཐོང་བ་མེད། །ཁྱབ་པའི་ཤེས་རབ་ཐོགས་པ་མེད། །སྟོང་པའི་ཤེས་རབ་མཚོན་དུ་མེད། །གསལ་བའི་ཤེས་རབ་དྲི་མ་མེད། །འདས་པའི་ཤེས་རབ་ཚིག་དང་བྲལ། །ད་ལྟའི་ཤེས་རབ་མཚོན་དཔེའ་བྲལ། །མ་འོངས་ཤེས་རབ་ཡུལ་དུ་མེད། །རིགས་པའི་ཤེས་རབ་གཉིས་སུ་མེད། །ཡེ་ཤེས་ཤེས་རབ་གསལ་བ་མེད། །འོད་ཀྱི་ཤེས་རབ་སྒྲིབ་པ་མེད། །དབྱིངས་ཀྱི་ཤེས་རབ་ཕྱོགས་ཆ་བྲལ། །འབྱུང་བའི་ཤེས་རབ་མཚན་ཉིད་མེད། །སའི་ཤེས་རབ་ལྷུན་གྲུབ་དཔེའ། །ཆུའི་ཤེས་རབ་སེམས་ཀྱི་དཔེའ། །མེའི་ཤེས་རབ་བེམ་པོའི་དཔེའ། །རླུང་གི་ཤེས་རབ་ཡེ་ཤེས་དཔེ། །ནམ་མཁའི་ཤེས་རབ་དབྱིངས་ཀྱི་དཔེ། །སྡུད་བྱེད་ཤེས་རབ་དབྱིངས་སུ་སྡུད། །བསྐྱོད་བྱེད་ཤེས་རབ་མཁའ་ལ་གཤེགས། །གཅོད་བྱེད་ཤེས་རབ་དོན་ལ་སྤྱོད། །བསམ་བྲལ་ཤེས་རབ་རྟོག་པ་མེད། །སེམས་མེད་ཤེས་རབ་ཡུལ་ལ་སྣང་། །ཡིད་བྲལ་ཤེས་རབ་ཡབ་ཡུམ་བྲལ། །སྒྲོན་མའི་ཤེས་རབ་ཁྱབ་བརྡལ་ཆེ། །འདུས་པ་ཡི་ཤེས་རབ་བདེ་བ་ཆེ། །རྒྱུ་མེད་ཤེས་རབ་འབྲས་བུ་ཆེ། །དངས་པའི་ཤེས་རབ་རྙོག་པ་མེད། །མཚན་མའི་ཤེས་རབ་ཆོས་དང་བྲལ། །དོན་དམ་ཤེས་རབ་བཟུང་དུ་མེད། །ཀུན་རྫོབ་ཤེས་རབ་ཐམས་ཅད་དུ། །འཛིན་པ་མེད་བའི་ཤེས་རབ་བོ། །དེ་བཞིན་རྟོག་མེད་ཤེས་རབ་རྣམས། །འགགས་མེད་ཤེས་རབ་དོན་ལ་སྦྱོར། །ཤེས་རབ་ཡེ་ཤེས་དབང་རྣམས་ཀུན། །འཛིན་དང་རྟོག་པ་མེད་པའོ། །ཡངས་ལ་མཐའ་དབུས་མེད་པའི་དབང་། །རྟོག་མེད་ངེས་བཟུང་མེད་པའི་དབང་། །རྟགས་ཆད་མཐའ་ལས་འདས་པའི་དབང་། །འདས་དང་མ་འདས་མེད་པའི་དབང་། །ཕྱོགས་དང་རིས་སུ་མེད་པའི་དབང་། །འཁོར་འདས་ཡང་དག་དོན་ལ་སྦྱོར། །ཤེས་རབ་རྡོ་རྗེའི་བརྡའ་འདི་ཉིད། །དག་པའི་ཡེ་ཤེས་ངང་ལ་འཆར། །ཤེས་རབ་ཡེ་ཤེས་དོན་གྱི་དབང་། །སྐལ་ལྡན་བུ་རྣམས་ཐོབ་གྱུར་ཅིག །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསང་གསལ་བླ་མེད་ཀྱི་རྒྱུད་ལས། ཤེས་རབ་ཡེ་ཤེས་ཀྱི་དབང་། ཤེས་རབ་ཡེ་ཤེས་སྐྱེེ་བ་མེད་པའི་དོན་སྦྱོར་དུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། གསང་བའི་ཤེས་རབ་ཡེ་ཤེས་དབང་ཐོབ་ཐབས་ཀྱི་དཀྱིལ་འཁོར་འདི་ཉིད་ཉོན་ཅིག །ཐབས་ཀྱི་བྷ་ག་ཡངས་པ་ནི། །ཡང་དག་ཐུགས་ལ་རྣམ་པར་རོལ། །གསང་སྔགས་ཐབས་ཀྱི་རང་བཞིན་ལ། །ཐབས་ལ་གནས་ཤིང་སྤྱད་བར་བྱ། །ཐབས་ཉིད་གསང་སྔགས་ཀུན་གྱི་ལམ། །ཡང་དག་ཆོས་ཉིད་ཐབས་ལ་གནས། །རིག་པའི་དཀྱིལ་འཁོར་གསལ་བ་དང་། ཡིད་ཀྱི་རྟོག་པ་མ་འགྱུས་པས། །ཐབས་ཀྱི་དཀྱིལ་འཁོར་མཆོག་ཏུ་བཤད། །འབྱུང་བ་ལྔ་ཉིད་ཐབས་ཀྱི་སྐུ། །ཆེན་པོ་ལྔ་ནི་ཐབས་ཀྱི་ཡུལ། །སྣ་ཚོགས་འབྱུང་བ་ཐབས་ཀྱི་རྒྱ། །རྟོག་པ་མེད་པ་ཐབས་ཀྱི་སྐུ། །དེ་ཉིད་མཐོང་བ་ཐབས་ཀྱི་ལམ། །ཐབས་ཉིད་མ་འགགས་ཆོས་ཉིད་དེ། །ཡང་དག་པ་ལ་མི་གཡོ་ཞིང་། །བདེན་པ་མཐོང་བའི་ས་དེ་ཉིད། །མཐར་ཕྱིན་བརྟན་པ་ཐོབ་པ་ཉིད། །ཐམས་ཅད་དཀྱིལ་འཁོར་ཆེན་པོར་བཤད། །ཡེ་ཤེས་ཆེན་པོ་རྙེད་པ་ནི། །ཐབས་ཀྱི་དཀྱིལ་འཁོར་མཉམ་ཉིད་ཡིན། །མཚན་མའི་ཆོས་དང་བྲལ་གྱུར་ན། །ཐབས་ཀྱི་དཀྱིལ་འཁོར་རྫོགས་པ་ཡིན། །ཐབས་ཀྱི་དབྱེ་བ་འདི་ལྟ་སྟེ། །ཐམས་ཅད་བསྐྱེད་བའི་ཐབས་ཉིད་དང་། །འདྲེན་པའི་ལམ་གྱི་ཐབས་དང་ནི། །འཇུག་པ་ལམ་གྱི་ཐབས་ཉིད་དང་། །འགྲོ་བ་སྒྲོལ་བའི་ཐབས་ཉིད་ནི། །ལམ་ཉིད་རྟོགས་པའི་ཐབས་དང་ནི། །འབྲས་བུ་ཤེས་པའི་ཐབས་ཉིད་དོ། །ཤེས་རབ་ཡུམ་གྱིས་ཐབས་དང་ནི། །གསང་བ་ཡེ་ཤེས་ཐབས་ཉིད་དོ། །མཚོན་པ་དཔེའི་ཐབས་དང་ནི། །ཡང་དག་པ་ཡི་ཐབས་ཉིད་དོ། །སྒྲོན་མ་ཡུལ་གྱི་ཐབས་དང་ནི། །མཁའ་མཉམ་སྐུའི་ཐབས་ཉིད་དོ། །ཡོད་པ་རྟགས་ཀྱི་ཐབས་དང་ནི། །རང་གསལ་མཐུའི་ཐབས་གཉིས་པོ། །སྟོང་པ་དབྱེར་མེད་ཐབས་དང་ནི། །རང་བཞིན་གསལ་བའི་ཐབས་སུ་བཤད། །ཤེས་རབ་ཡུམ་གྱི་བྷ་ག་རུ། །ཐབས་ཀྱི་དཀྱིལ་འཁོར་རང་བཞིན་རྫོགས། །གཉིས་མེད་ཟུང་འཇུག་ཐབས་ཤེས་རབ། །སྣང་བ་ཡབ་ལ་སྟོང་པ་ཡུམ། །སྐྱེ་མེད་ཡུམ་ལ་འགགས་མེད་ཡབ། །གཉིས་སུ་མེད་པས་གཉིས་མེད་སྟོན། །ཡང་དག་ཐབས་ལ་རྣམ་པར་གནས། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་རྒྱུད་ལས། ཐབས་འགགས་པ་མེད་པ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། །ཐབས་ཤེས་ཐུགས་ཀྱིས་དཀྱིལ་འཁོར་ནི། །ཐུགས་རྗེས་རྟགས་ཀྱི་ཟླ་བ་ཤར། །ཐབས་ཤེས་རིན་ཆེན་ཕུང་པོ་ལ། །གཉིས་མེད་ཟླ་བའི་ཐུགས་སུ་ཤར། ། རང་བྱུང་གཉིས་མེད་མཁའ་ལ་བསྐྱེད། །གཉིས་མེད་གསུམ་མཐའ་ཟད་པའི་ཆོས། །ཡེ་ཤེས་དོན་ལ་ཅིར་སྣང་རྫོགས། །ཡང་དག་དོན་ལ་སྣ་ཚོགས་འཕྲོ། །འོད་དང་ཟེར་དུ་རྒྱ྄ས་པའོ། །ཐིག་ལེ་སྐུ་ལ་སྣང་སྲིད་རྫོགས། །དག་པའི་སྐུ་ལ་འོད་དུ་གསལ། །རིག་པ་གཉིས་མེད་ཐབས་ཤེས་ལས། །ཐམས་ཅད་ཡོངས་སུ་སྦྱོངས་པའོ། །གསང་སྔགས་ངེས་པ་ཐམས་ཅད་རྫོགས། །སྟོང་པའི་ལམ་ལ་འོད་ཟེར་འཕྲོ། །སྣ་ཚོགས་གཟུགས་ལ་ཡེ་ཤེས་སྐྱེས། །སྐྱེ་མེད་ངང་ལ་ཆོ་འཕྲུལ་འབྱུང་། །འགགས་མེད་ཐབས་ཤེས་རང་རྩལ་ལོ། །དེ་བཞིན་ཐབས་ཤེས་ཟུང་འཇུག་ལ། །དྲི་མའི་མཚན་ཉིད་ག་ལ་ཡོད། །རྟག་དང་ལྷའི་དོན་ཉིད་ལས། །འཛིན་པའི་སེམས་ཉིད་ག་ལ་ཡོད། །གཉིས་མེད་གདངས་ཀྱི་འཐས་པ་ལས། །སྟོང་པས་ཡེ་ཤེས་ཡུལ་ལས་འདས། །ཐབས་ཤེས་མ་བྲལ་མཚན་ཉིད་འཛིན། །སེམས་དང་ཡེ་ཤེས་འདྲེས་ཅིང་མཚུངས། །དེ་ལ་གྲོལ་བར་བྱ་བའི་ཐབས། །སེམས་ནི་དྲི་མའི་རང་བཞིན་ལ། །དྲི་མ་གཉིས་སྣང་ཐབས་ཤེས་རབ། །དྲི་མ་ཉིད་ལས་ཐར་དུས་མེད། །སེམས་ནི་སྣ་ཚོགས་འབྱུང་བའི་རྒྱུ། །སྣ་ཚོགས་གཅིག་གི་རང་བཞིན་ལས། །རིག་པའི་ཀློང་དུ་མྱ་ངན་འདས། །གཉིས་མེད་ཡེ་ཤེས་དག་པ་ལས། །དྲི་མའི་མཚན་ཉིད་ཀ་ནས་དག །དག་པའི་ཆོས་ལ་གསལ་འགྲིབ་མེད། །སྟོང་པའི་ཆོས་ལ་སྐྱེ་འགགས་མེད། །གསལ་བའི་ཐབས་ལ་སྤང་ལེན་མེད། །ཡེ་ཤེས་དོན་ལ་འདས་པ་མེད། །རྡོ་རྗེའི་དོན་ལ་འགྱུར་བ་མེད། །དག་པའི་ས་ལ་སྦྱང་དུ་མེད། །སྟོང་པའི་ཡུལ་ལ་གནས་སུ་མེད། །ཡང་དག་སངས་རྒྱས་དེ་བཞིན་ནོ། །ཐབས་ཤེས་གཉིས་མེད་འོད་གསལ་བས། །དག་པའི་ལམ་ལ་ཆགས་མེད་ཤར། །འཛིན་པ་རང་སར་གྲོལ་བ་ནི། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །ཐབས་ཤེས་གཉིས་མེད་འཛིན་ཡུལ་བྲལ། །རང་གྲོལ་ཆེན་པོའི་ངང་ལ་སྐྱོལ། །འོད་གསལ་ཐབས་ཀྱི་སྐུ་མངའ་བས། །ཡེ་ཤེས་ཐབས་ལ་ཤེས་རབ་རོལ། །དག་པའི་ཡེ་ཤེས་ཟླ་འོད་བྲལ། །ཐབས་ཀྱི་ཀློང་ནས་བདེ་གསལ་བའི། །ཤེས་རབ་ཀློང་དུ་གཉིས་མེད་ཐིམས། །གཉིས་མེད་ཐབས་ཤེས་རོལ་པ་ལས། །སྒྲོན་མ་འབར་བའི་སྐུ་འོད་རྒྱས། །ནམ་མཁའི་ཀློང་དུ་གཉིས་མེད་ཐིམ། །སྙིང་གི་དཀྱིལ་ནས་འོད་འཕྲོ་བས། །འགྱུར་མེད་ནམ་མཁར་ལྷ་ཆེན་གསལ། །ཆུའི་དཀྱིལ་དུ་མེ་འབར་ནས། །སྣ་ཚོགས་འབྱུང་བའི་སེམས་ཉིད་བསྲེག །སྟོང་པའི་ངང་ལ་རྟགས་ཤར་བས། །འཁྲུལ་པའི་ཡུལ་ལ་མངོན་པར་སྣང་། །བག་ཆགས་ལུས་འདིས་ཡེ་ཤེས་སྒྲིབ། །ལུས་ལ་མི་ཆགས་ཡེ་ཤེས་རང་སར་ཕྱིན། །དཔེར་ན་སྦྲུལ་གྱི་སྐོག་བུ་བཞིན། །ལས་ལ་མི་གནས་ཡེ་ཤེས་མཁའ་ལ་སྤྱོད། །རིག་པའི་ངོ་བོ་ལུས་ཀྱིས་སྒྲིབ་པ་མེད། །གསང་བ་རྟགས་ལ་ཉིན་མཚན་མེད། །ཐབས་ཤེས་གཉིས་ལ་མ་འབྲེལ་མེད། །གཉིས་མེད་དོན་ལ་ཕོ་མོ་མེད། །ཐབས་ཤེས་གཉིས་མེད་ཟུང་འཇུག་དབང་། །མ་ཆགས་བག་ཆགས་དབྱུང་ལ་ནི། །ཐབས་དང་ཤེས་རབ་དོན་དམ་རྣམས། །རང་གསང་ཡིན་པས་རྟོག་མི་སྲིད། །གཉིས་འཛིན་ཅན་ལ་ཤེས་རབ་གསང་། །རྟོག་བྷཻཾ་ཅན་ལ་ཐབས་རང་གསང་། །དོན་མ་རྟོགས་ལ་གཉིས་མེད་གསང་། །མ་རིག་པའི་དྲི་མ་འདི། །གསང་བ་ཐམས་ཅད་རང་གསང་ངོ་། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། ཐབས་ཤེས་དབྱེར་མེད་དབང་དོན་རྣམས་ངོ་སྤྲད་པའི་ལེའུ་སྟེ་བཅུ་བདུན་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཤེས་རབ་ཡེ་ཤེས་དབང་བསྐུར་ནི། །ལུས་སྒྲིབ་དག་ནས་ནུས་ལྡན་ནོ། །ད་ལ་ཆེན་པོའི་ནུབ་ཕྱོགས་སུ། །དུས་ནི་སྲོད་དམ་གུང་གི་དུས། །བཅུ་གསུམ་ཕྱག་རྒྱ་མཚན་ལྡན་མ། །ཁྲུས་དང་རྒྱན་གྱིས་སྤྲས་ལ་བཞག །རྒྱུད་དྲུག་ལྡན་པའི་ཕྱག་རྒྱ་མ། །བདེ་བ་དར་ལ་བབ་པའི་ས། །བཅུ་དྲུག་ལོ་ལོན་ལུས་ལྡན་བླང་། །རྩ་ཞ་རྩ་རྒུད་རྩ་ཞིག་གསུམ། །བདེ་བ་མེད་པས་སྤང་བར་བྱ། །ཐིག་ལེ་ཕབ་པའི་ཉམས་ཉིད་ནི། །ཕོ་ཉ་ཐག་རིང་བྱ་དང་འདྲ། །མྱུར་མགྱོགས་ལེགས་སྐྱོན་ཚོད་འཛིན་གཅེས། །རིགས་རྒྱུད་སྤྲུལ་སྐུ་བཞག་འདོད་ན། །བྱང་ཆུབ་སེམས་ཀྱི་ཀུན་སློང་ནས། །གཞན་དོན་ལྷུར་ལེན་སེམས་དཔའ་ཡི། །སྤྲུལ་སྐུ་འབྱིན་ལ་ཉེས་པ་མེད། །ཡབ་ཡུམ་ལྷའི་རོལ་མོ་སྟོན། །ཕྱག་རྒྱ་ཕྱི་ནང་གསང་བ་ལ་སོགས་དང་། །དར་རྒུད་འཕོ་འགྱུར་འབྱུང་བའི་བབ། །དངས་སྙིགས་འབྱེད་པ་མཁས་པའི་ལུགས། །དབང་ཁྲིད་རིམ་བཞིན་རྫོགས་པར་བྱ། །ཤེས་རབ་ཡེ་ཤེས་དབང་བསྐུར་མཆོག །བདེ་སྟོང་དོན་དང་ཐིག་ལེ་ནི། །ལས་སུ་རུང་བར་མ་གྱུར་ན། །ཕྱག་རྒྱ་མ་དང་འབྲལ་མི་བྱ། །ལམ་འབྲས་གསང་བའི་གནད་གཅིག་ཞིག །བརྒྱད་ཀྱི་དབང་གི་དངོས་གཞི་གསུངས། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། ཟག་མེད་ཐབས་ཤེས་དོན་སྦྱོར་གྱིས་ལག་ལེན་གྱི་ལེའུ་སྟེ་བཅོ་བརྒྱད་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དོན་ལ་ཐབས་ཤེས་ཡབ་ཡུམ་གྱིས། །ངོ་སྤྲོད་འདི་རྣམས་ཡིད་ལ་ཞོག །ཕྱིའི་ནམ་མཁའ་སྟོང་པ་འདི། །ཤེས་རབ་ཚུལ་དུ་བརྟེན་པ་ཡིན། །ནམ་མཁའ་རང་འོད་རང་རྩལ་ནི། །སྐུ་དང་ཡེ་ཤེས་ཐིག་ལེ་རྒྱས། །འོད་དང་འོད་ཟེར་གཏིང་མཐའ་ཡས། །དེའི་ཐབས་ཀྱི་ཚུལ་དུའོ། །ཤེས་རབ་སྐྱེ་མེད་ནམ་མཁའ་ལས། །ཐབས་མཆོག་འགགས་མེད་གསལ་ཆ་འབྱུང་། །གསལ་བ་ལ་ནི་ཞིང་ཁམས་རྒྱས། །རྒྱས་ཀྱང་ཤེས་རབ་ནམ་མཁའི་ངང་། །ཞིང་ཁམས་འོད་ཚོགས་འཁྲུལ་པ་ལ། །རྩལ་སྣང་སྣ་ཚོགས་ཤར་བའོ། །གཉིས་མེད་ཤེས་ན་འཛིན་པ་བྲལ། །ནང་གི་ནམ་མཁའ་འདི་ཉིད་དོ། །སེམས་འཛིན་མ་ཞུགས་སྟོང་པའི་ངང་། །འདི་ཉིད་ཤེས་རབ་ཡུམ་གྱི་ཚུལ། །འཛིན་མེད་ཟང་ཐལ་ཤེས་པ་འདི། །ཐབས་ཞེས་མིང་དུ་བརྗོད་པ་ནི། །དེའི་རིག་རྩལ་ཡོན་ཏན་རྣམས། །གཉིས་མེད་འཛིན་བྲལ་ཤེས་རབ་ཡུམ་དུ་ཤར། དོན་ལ་སྣང་བའི་དངོས་པོ་ཀུན། །ཐབས་ཀྱི་ཡབ་ཡིན་ངོ་ཡང་སྤྲད། །སྟོང་པའི་དངོས་པོ་ཇི་སྙེད་ཀུན། །ཤེས་རབ་ཡུམ་དུ་ངོ་ཡང་སྤྲད། །དོན་ལ་སྟོང་ངོས་སྣང་བ་ཚུད། །སྣང་བའི་ངོས་ལས་སྟོང་པ་རྫོགས། །གཉིས་མེད་ངང་ནས་བཟུང་ཡུལ་བྲལ། །དེ་བཞིན་སེམས་དང་རིག་པ་གཉིས། །རིག་པ་སྐྱེ་མེད་ཡུམ་གྱི་ཚུལ། །སེམས་ནི་འགགས་མེད་ཡབ་ཀྱི་ཚུལ། །རིག་པའི་ངོ་ལ་སེམས་མི་གནས། །རིག་པའི་ངང་དུ་སེམས་ཀྱང་རྫོགས། །ཅི་ཕྱིར་རིག་སྟོང་སེམས་མི་གནས། །རིག་པའི་ངང་དུ་སེམས་ཀྱང་རྫོགས། །ཅི་ཕྱིར་ངོས་བཟུང་མེད་པ་སྟེ །འཛིན་པ་བྲལ་བའི་སྟོང་གསལ་སེམས། །རིག་པའི་ངང་དུ་རང་རྫོགས་ཡིན། །དེ་ལྟར་ཡབ་ཡུམ་སྦྱོར་ཤེས་ན། །ཤེས་རབ་ཡེ་ཤེས་དབང་ཐོབ་སྟེ། །གཉིས་འཛིན་ཅན་ལ་རང་གསང་ངོ་། །ཡུམ་གྱི་ཀློང་དུ་ཡབ་ཚུད་ཏེ། །ཡབ་ཀྱི་ཀློང་དུ་ཡུམ་མི་ཚུད། །ཅི་ཕྱིར་ཤེས་རབ་ནམ་མཁའ་ཆེ། །འགྱུར་བ་མེད་པ་ཤེས་པར་བྱ། །སྣང་བ་ཐམས་ཅད་ཡུམ་མ་ཡིན། །འཕོ་འགྱུར་འཕེལ་འགྲིབ་འབྱུང་བའོ། །སྟོང་པ་ཐམས་ཅད་ཡུམ་ཡིན་ནོ། །སྟོང་པའི་ཀློང་དུ་སྣང་བ་ཐིམ། །སྣང་བ་ཐམས་ཅད་སྟོང་པའི་གཟུགས། །ཤེས་རབ་ཡུམ་གྱི་བྷ་ག་ཆེ། །དེ་བཞིན་རང་ཐོག་དབབ་པ་ན། །གཞིའི་ཁྲེགས་ཆོད་རིག་པ་འདི། །ཤེས་རབ་ཡུམ་གྱི་བྷ་ག་ཆེ། །ཁྲེགས་ཆོད་ཀློང་དུ་ཐོད་རྒལ་ཤར། །ཐོད་རྒལ་ཐམས་ཅད་སྣང་བ་ཡབ། །ཐབས་ཀྱི་ཆ་འཛིན་དབྱིབས་ཁ་དོག །རི་མོ་རང་གཟུགས་བཀྲག་མདངས་རྣམས། །ཁྲེགས་ཆོད་ངང་དུ་རང་རྫོགས་སོཧ྅྅྅། །ཐོད་རྒལ་ངང་དུ་ཁྲེགས་མི་ཆོད། །ཅི་ཕྱིར་ཁྲེགས་ཆོད་ཡིན་པའོ། །གང་ཟག་ཐོད་རྒལ་ལམ་ཞུགས་ནས། །ཁྲེགས་ཆོད་རིག་པའི་ཀློང་དུ་འདུས། །ཁྲེགས་ཆོད་དེ་ལྟར་ཆོད་པས་ན། །ཐོད་རྒལ་ལམ་ལ་ཞུགས་མི་དགོས། །ཅི་ཕྱིར་ད་ལྟའི་སྣང་བ་རྣམས། །དག་ནས་ཁྲེགས་ཆོད་དག་དང་མཇལ། །ཐོད་རྒལ་ཡང་དག་ཞུགས་པའི་ཐབས། །ཐབས་ཀྱང་འཛིན་པའི་ཕུང་པོ་སྟེ། །གཉིས་འཛིན་སྤང་ནས་ཁྲེགས་ཆོད་དོ། །ཤེས་རབ་ཡེ་ཤེས་རང་དབང་ངོ་། །ཐམས་ཅད་བྷ་ག་ཡངས་པ་འདིར། །ཞུགས་ནས་ཡང་དག་ལམ་ལ་སྦྱོར། །བློས་བྱས་ཐམས་ཅད་ཡབ་ཀྱི་ཆ། །བྱར་མེད་ཐམས་ཅད་ཡུམ་གྱི་ཆ། །གཉིས་མེད་ཐམས་ཅད་སྦྱོར་བའི་ཆ། །གཉིས་མེད་དེ་ཡང་བྱར་མེད་ཡིན། །ཡུམ་གྱི་ཚུལ་དུ་ཐམས་ཅད་འདུས། །ལྟ་བ་དབྱེར་མེད་ལྷུག་པ་ཡིན། །བྷཻཾ་པ་ཅོག་བཞག་རང་བབ་ཡུམ། །སྤྱོད་པའི་ངང་ནས་ཞི་བའི་ཡུམ། །ལྟ་བ་སྤྱོད་པ་བྷཻཾ་པ་གསུམ། །མིང་ལ་བཟོ་དྲིས་ཡབ་ཡིན་ཏེ། །གཉིས་སུ་མེད་པ་སྦྱོར་བའི་མཆོག །འདི་ཤེས་འཁོར་འདས་ས་ལམ་རྫོགས། །ཐབས་ཤེས་གཉིས་མེད་མི་ཤེས་པར། །རྟག་ཆད་གཉིས་སུ་འཐས་པས་ན། །ཁམས་གསུམ་གནས་ནས་ཐར་པ་དཀའ། །ཉན་ཐོས་གནས་སུ་ལྷུང་བར་འགྱུར། །ཐེག་ཆེན་གཉིས་མེད་འདི་སྤྱོད་ཅིག །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་རྒྱུད་ལས། ངོ་སྤྲོད་ཡང་ཞིབ་ཀྱི་ལེའུ་སྟེ་བཅུ་དགུ་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔྅྅྅ དེ་ནས་མཁའ་འགྲོ་སྡེ་ལྔས་གསོལ་པ། ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །ཤེས་རབ་ཡེ་ཤེས་དབང་བསྐུར་སེམས་སྨིན་ཀྱང་། །ཚིག་གི་དོན་གྱིས་ངོ་སྤྲད་འཚལ། །ཞེས་ཞུས་པས། ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། བཛྲ་ཙཀྲ་ཌཱ ཀྐི་ནི་ཙིཏྟ། ཉོན་ཅིག་ཡེ་ཤེས་རིག་མདངས་འཁོར། །སྐུ་ལྔ་ཡེ་ཤེས་བདག་ཉིད་མཆོག །སྐུ་གསུམ་འདུ་འབྲལ་མེད་པའི་བདག །ངོ་སྤྲོད་སྤྲོས་པའི་གསལ་བྱེད་དམིགས། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །རིག་པ་འགག་མེད་རང་སྣང་ཡང་། །འདི་ཀུན་སུའི་ག་ལ་མཐོང་། །མཐོང་མེད་ཡེ་ཤེས་ཆེན་པོ་འདི། །ཐོག་མ་ཉིད་དུ་རང་སྣང་དེས། །འགྱུར་བ་མེད་པ་ཉིད་དུ་ཤར། །ཤར་བ་ཡེ་ཤེས་ནུབ་པ་མེད། །མི་ནུབ་པའི་ཡེ་ཤེས་ནི། །སུའི་མཐོང་བ་སྐལ་པ་བཟང་། །སྒྲོན་མ་བཞིའི་སྣང་བ་འདི། །སེམས་ཅན་ཀུན་གྱི་སྣང་བ་འཛིན། །རྒྱང་ཞག་མིག་གི་སྒྲོན་མ་ཡིས། །གཟུགས་རྣམས་ངོ་བོ་ཉིད་དུ་མཐོང་། །ཤེས་རབ་རང་སྣང་སྒྲོན་མ་ཡིས། །ཆོས་རྣམས་ཀུན་གྱི་ཐེ་ཚོམ་གཅོད། །ཐིག་ལེ་བྱང་སེམས་སྒྲོན་མའི། །འཁོར་བའི་རང་བཞིན་ས་ལ་སྦྱོར། །དག་པ་དབྱིངས་ཀྱི་སྒྲོན་མའི། །རྣལ་འབྱོར་ཉམས་སྣང་བཞི་པོ་འཕེལ། །དེ་ཡང་དབྱིངས་ཀྱི་སྒྲོན་མར་འདུས། །སྣང་བ་བཞི་ཡང་རང་ཆས་སོ། །རྒྱང་ཞགས་མིག་གི་སྒྲོན་མ་ལས། །ལྟ་བ་ཀུན་གྱི་ཐོག་མར་ཡང་། །སྐྱེ་མེད་ས་བོན་བཞིན་དུ་གནས། །ངོ་བོ་སྣང་བ་ཀ་དག་སྡུད། །མཐོང་བྱེད་འཛིན་པ་འགག་མེད་ཕྱིར། །ཡེ་ཤེས་སྣང་བ་མ་འགག་ལྟ། །ཐེག་པ་གཞིའི་ཡིད་དཔྱོད་ཡིན། །མིག་ནི་ཡེ་ཤེས་འཆར་བའི་སྒོ། །སྙིང་ནས་འབྲེལ་པའི་རྩ་ཡིན་ཏེ། །དར་དཀར་སྐུད་པ་བ་མན་འདྲ། །སྣང་བ་འཁོར་ལོ་གཉིས་ཆ་འཛིན། །འདི་ཉིད་མངོན་སུམ་ལྟ་བའོ། །འདི་ཉིད་གོམས་པས་བྷཻཾ་པའོ། །ཡེ་ཤེས་རང་ལ་སྤྱོད་པས་སྤྱོད་པའོ། །སྣ་ཚོགས་རང་གྲོལ་བརྟགས་པས་འབྲས་བུའོ། །ཤེས་རབ་རང་སྣང་སྒྲོན་མ་ནི། །སྒྲོན་མ་བཞིའི་ཤན་འབྱེད་ཡིན། །ཀུན་གྱི་ཆ་ལ་འདི་གནས་པས། །འབྱེད་པའི་ཤེས་རབ་ཉིད་ལ་ནི། །འབྱེད་པ་མེད་པའི་ཚུལ་དུ་གནས། །ཆ་འཕྲ་བསྐྱེད་པའི་ངོ་བོ་ནི། །ཡེ་ཐོག་ནས་ནི་བསྐྱེད་པའོ། །ཤེས་པ་དངོས་དང་དངོས་མེད་ཡིན། །སྣང་བ་ཀུན་ལ་རབ་ཞུགས་ནས། །ཆོས་རྣམས་སྤྱི་དང་དོན་རང་གིས། །མཚན་ཉིད་ཡེ་ཤེས་ཚད་རྣམས་ཤེས། །དབྱེ་བ་རྣམ་པ་ལྔ་ཡིན་ཏེ །གཞི་གནས་རང་བྱུང་ཤེས་རབ་ཀྱིས། །ལུས་སྲོག་ཆོས་ཀྱི་རྟེན་རྣམས་འབྱེད། །སྣང་བ་གཅེར་འཛིན་ཤེས་རབ་ཀྱིས། །དབྱིངས་དང་རིག་པའི་འདུན་པ་འཛིན། །མགྲིན་པ་འགག་མེད་ཤེས་རབ་ཀྱིས། །ཤེས་པ་རྩེ་གཅིག་ཡུད་དུ་ཆུག །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །སྤྱི་དང་རང་གི་མཚན་ཉིད་དབྱེའ། །འཇུག་བྱེད་ཤེས་རབ་རྣམ་གསུམ་གྱིས། །རང་བཞིན་བར་དོ་གཏན་ལ་ཕབ། །སྣང་དང་མི་སྣང་ཆོས་རྣམས་ཀུན། །རང་བཞིན་མེད་པར་སུས་ཤེས་པས། །འདི་ནི་དེའི་མཚན་ཉིད་དོ། །ཤེས་རབ་རང་སྣང་སྒྲོན་མའི་སྒོ། །སྒོ་ལྔའི་ཁྱད་པར་སྣང་བ་ཡིན། །ལམ་འདི་རོ་རྐྱང་ཀུན་འདར་ཤེལ་སྤུབ་ཡིན། །གསལ་བའི་ཤེས་རབ་ཆེན་པོ་བཞུགས། །ཤེས་རབ་ཆེན་པོའི་སྐད་ཅིག་ལས། །ཆོས་ཀུན་ཁོང་དུ་ཆུད་པར་ཤེས། །ཐིག་ལེ་བྱང་སེམས་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་ཡིན། །འདི་ཉིད་སུའི་ཤེས་པ་དེ། །ཉག་གཅིག་དེའི་སྐུ་ལ་སྤྱོད། །མ་བསྐུར་དབང་བཞི་རྫོགས་པའོ། །རང་བཞིན་རང་གསལ་གཅིག་ཆ་འཛིན། །དབྱེ་བ་ལྔ་རུ་འབྱུང་བ་སྟེ། །ལུས་གནད་རྩ་བའི་ཐིག་ལེ་དང་། །ཀུན་རྫོབ་རྒྱུའི་ཐིག་ལེ་དང་། །དོན་དམ་སྤྲོས་མེད་ཐིག་ལེ་དང་། །རང་བྱུང་འབྲས་བུའི་ཐིག་ལེ་དང་། །གསལ་སྟོང་མ་འགག་ཐིག་ལེ་ལྔ། །སེམས་ཅན་ཀུན་གྱི་སྙིང་གི་ནང་། །རྩ་ཆེན་རྣམ་པ་བཞི་ལ་གནས། །ཁྱད་པར་མིག་གི་རྩ་ལ་འདོན། །རང་གི་འོད་དང་ཟེར་བཞིན་དུ། །རང་ཆས་རྣམས་སུ་རྣམ་པར་སྣང་། །གསལ་སྟོང་མ་འགག་ཉག་གཅིག་གོ། །དག་པ་དབྱིངས་ཀྱི་སྒྲོན་མ་ནི། །རིག་པའི་ས་འདིར་ངོ་བོར་བསྡུ། །ལུ་གུ་རྒྱུད་ཀྱི་ར་བར་སྣང་། །སུས་ཀྱང་བྱས་པ་མེད་པ་རུ། །སྣ་ཚོགས་འོད་ལྔ་ཉིད་དུ་གནས། །ནམ་མཁའ་ཉིད་ལ་རྗེན་པར་གསལ། །རང་བཞིན་མེད་པར་གསལ་བར་བྱེད། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །གཞི་སྣང་དག་པ་དབྱིངས་སྒྲོན་གྱིས། །རིག་པ་ཡེ་ཤེས་སྐུ་རུ་འཛིན། །ལམ་སྣང་དག་པའི་དབྱིངས་སྒྲོན་གྱིས། །རིག་པ་ཐིག་ལེ་དངས་མར་སྡུད། །ཡུལ་སྣང་དག་པའི་དབྱིངས་སྒྲོན་གྱིས། །ལུག་རྒྱུད་ཐམས་ཅད་སྡུད་པར་བྱེད། །དབྱིངས་ནི་རིག་པའི་ཡུལ་ཡིན་པས། །སྣང་བ་འགག་བ་མེད་པར་འཆར། །འཁོར་ལོ་ལྷ་རུ་འཁོར་འདས་རུ་ཤན་ཤེས་ནས་ཟེར་ཤེས་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་ཕབ། །དེ་ནས་དབྱིངས་རིག་སྣང་བ་བརྟགས། །འདི་ལ་གོམས་པའི་ཚད་སྙེད་ན། །ཕྱི་རོལ་སྣང་བ་ཐམས་ཅད་ཀུན། །གོང་ནས་གོང་དུ་ཡར་འཕེལ་ནས། །རིམ་གྱིས་གོམས་ནས་ཆོས་ཟད་དོ། །སྤྲིན་བྲལ་ནམ་མཁའ་དངས་པ་ལས། །ཟིམ་བུས་སུཪྱ་ལྟ་བ་བྱེད། །དབྱིངས་རིག་སྣང་བ་མ་འགག་འཆར། །ནུབ་མོ་ཙནྡྲ་ལྟ་བར་བྱེད། །མིག་དང་རིག་པ་སྣང་བ་གསུམ། །ལུས་ཚུགས་སྨིན་ཕྲག་མཁའ་གཏད་ནས། །ནུབ་མོ་ཤེས་པ་སྙིང་ཁར་གཏད། །རླུང་གནད་ཤིན་ཏུ་དལ་བར་བསླབ། །སྒོ་གནད་བཟློག་ཕབ་ཟུར་གྱིས་ལྟ། །རྐྱེན་བྲལ་གསུམ་ལ་གསལ་བའི། །ལུས་གནད་འདུག་སྟངས་གསུམ་ཡང་གཟིར། །ལུས་ངག་ཡིད་གསུམ་བྱ་བ་བཏང་། །ཤེས་པ་རྩེ་གཅིག་རང་རིག་གཅུན། །འཕྲོ་འདུ་བྱུང་ན་དེ་ཉིད་ལྟ། །བྱུང་གནས་འགྲོ་གསུམ་བརྟག་པས་ཤེས། །དབྱིངས་ཀྱི་ནང་དུ་འོད་ཀྱི་ཁྱིམ། །འགྱུར་མེད་ཡེ་སྣང་ཆེན་པོ་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ནི། །བྱས་པ་མེད་པ་ཡེ་གནས་ཡིན། །འདི་ཉིད་སུ་ཡི་གོམས་པའི་མི། །རང་རིག་ངོ་བོ་རྟོགས་པའོ། །དེ་ནི་དབང་བཞི་རང་ཆས་སྟེ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །སྒྲོན་མ་རང་སྣང་ཐོད་རྒལ་དབང་། །དེ་ཉིད་དོན་འཕྲོད་ཁྲེགས་ཆོད་དབང་། །འཛིན་པ་མེད་པས་རང་གསང་ཡིན། །བཅོས་པ་མེད་པའི་ངང་ལ་ཞོག །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །ངོ་སྤྲད་སྙིང་གི་དཀྱིལ་དུ་ཞོག །རྟོག་པ་མེད་པའི་སྣང་བ་འདི། །ནམ་མཁའ་སྟོང་པའི་དཀྱིལ་དུ་སྦོས། །རང་བཞིན་བཅོས་པ་མེད་པ་ནི། །སྒྲོན་མ་རྣམ་དག་ཡུལ་ལ་ཞོག །སངས་རྒྱས་རྣམས་ཀྱི་སྙིང་པོ་ནི། རང་བྱུང་ཡེ་ཤེས་ཡུལ་ལ་ཞོག །གསང་སྔགས་ཀུན་གྱི་ལྟ་ཕུགས་ནི། །སྒྲོན་མ་བཞི་ལ་མ་ཡེངས་ལྟ། །སངས་རྒྱས་ཀུན་གྱི་དགོངས་པ་ནི། །བཙལ་བ་མེད་པར་རང་ལ་རྙེད། །ཕོ་བྲང་རྣམ་པར་དག་པའི་དཀྱིལ་འཁོར་ནི། །འགྱུར་བ་མེད་པ་རང་རང་སྣང་། །རྟོག་པ་མེད་པའི་ཆོས་ཉིད་ནི། །འགྱུར་བ་མེད་པར་རང་སར་གྲོལ། །རྣམ་དག་འོད་གསལ་ཆེན་པོ་ནི། །ཕྱི་ནང་མེད་པའི་ཡུལ་དུ་འཕྲད། །བྱས་པ་མེད་པའི་དཀྱིལ་འཁོར་ནི། །འཛིན་པ་མེད་པར་རང་ཡུལ་རྙེད། །ཡང་དག་ཡུལ་མེད་སྤྱོད་པ་ནི། །བཅོས་པ་མེད་པར་ཀློང་དུ་ཞོག །རྒྱུན་ཆད་མེད་པའི་དགོངས་པ་ནི། །རང་བྱུང་དགོངས་པའི་ངང་དུ་ཤེས། །སངས་རྒྱས་ཡེ་ཤེས་དངོས་མེད་ལ། །འཛིན་པ་མེད་པའི་བསམ་པ་སྤང་བའོ། །རྣམ་དག་ཡེ་ཤེས་རང་འབར་ལས། །ཉེས་སྐྱོན་དྲི་མ་མེད་པའོ། །གསང་སྔགས་ཐེག་ཆེན་དགོངས་པ་ནི། །ནམ་མཁའི་ངང་དུ་ཤེས་པར་བྱ། །སྟོང་པ་ཆེན་པོའི་ཡེ་ཤེས་ནི། །རྟོག་མེད་ངང་དུ་ཤེས་པར་བྱ། །མནོའ་ཁ་བསམ་ཀ་བྲལ་བའི་རིག་པ་ནི། །སྙིང་གི་དཀྱིལ་དུ་ཤེས་པར་བྱ། །རང་བྱུང་རིག་པའི་རྒྱལ་པོ་ནི། །ལུ་གུ་རྒྱུད་དུ་ཤེས་པར་བྱ། །རང་གྲོལ་ཆེན་པོའི་ལྟ་སྟངས་ནི། །སེང་གེ་ལྟ་བུར་ཤེས་པར་བྱ། །རང་གྲོལ་རང་སངས་ཆེན་པོ་ལ། །བསམ་པའི་དངོས་པོ་མིག་མེད་དེ། །བརྗོད་པའི་ཚིག་དང་བྲལ་བའི་ཆོས། །རིག་པའི་ཀློང་དུ་ཤེས་པར་གྱིས། །གཞི་ནི་ཁྲེགས་ཆོད་ལམ་ཐོད་རྒལ། །འབྲས་བུ་སྐུ་གསུམ་དབྱེར་མེད་ཆོས། །ཆོས་ཉིད་མངོན་སུམ་སུས་གོམས་པས། །ཉམས་ཀྱི་སྣང་བ་གོང་དུ་འཕེལ། །རིག་པ་ཚད་ལ་མྱུར་དུ་ཕེབས། །ཆོས་ཟད་ཟག་བཅས་རང་དེངས་སོ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། ཚིག་དབང་དོན་ཁྲིད་ཀྱི་ལེའུ་སྟེ་ཉི་ཤུ་ཐམ་པའོ། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། །རབ་ཏུ་སྤྲོས་པ་མེད་པའི། །ཚིག་དབང་རིན་ཆེན་སངས་རྒྱས་ལས། །བར་དོ་རྣམ་པ་བཞི་རུ་གསུངས། །དེ་ཡང་རིག་པའི་ཡེ་ཤེས་སྐུ། །མ་བསྐྱེད་པའི་ཚོམ་བུ་ལྔ། །རང་ལས་བྱུང་ཞིང་རང་ལས་འཕྲོ། །རིག་པ་རྣམ་དག་ཡེ་ཤེས་ནི། །མ་འགག་པའི་མངོན་ཤེས་བཞི། །སྐྱེ་འགྲིབ་མེད་པར་རང་སྣང་ངོོ་། །སངས་རྒྱས་ཀུན་གྱིས་རྒྱུན་དུ་གསུངས། །རིག་པ་སྣ་ཚོགས་ཡེ་ཤེས་ནི། །རང་བྱུང་སྒོ་བརྒྱད་དཀྱིལ་འཁོར་ལྡན། །རིག་པ་འགྱུར་མེད་གནས་པ་ཡིན། །རང་གྲོལ་ཡེ་ཤེས་གཅིག་པུ་ལས། །སངས་རྒྱས་སེམས་ཅན་གཅིག་པའི་ས། །ཐམས་ཅད་རང་ངོར་ཤར་གྱུར་ན །ཡེ་ཤེས་དག་པའི་སྣང་བའོ། །བག་ཆགས་མེད་པའི་རིག་པ་ནི། །རང་གི་ལུས་ལ་རྟོགས་པར་བྱ། །རང་རིག་སྟོང་པའི་ཡེ་ཤེས་ནི། །ནམ་མཁའི་སྟོང་པའི་ངང་དུ་ཐིམ། །རིག་པ་རྟོག་མེད་ཆེན་པོ་ནི། །རྣམ་དག་བརྗོད་མེད་ངང་དུ་ཐིམ། །འཛིན་མེད་རང་དག་ངོ་བོ་ནི། །རྟོག་མེད་ཆེན་པོའི་ངང་དུ་ཐིམ། །འགྱུར་མེད་སངས་རྒྱས་ཆེན་པོ་འདི། །མཁའ་ཁྱབ་སྟོང་པའི་ངང་དུ་ཐིམ། །འབྱུང་བ་མེད་པའི་ཆོས་ཉིད་ནི། འོང་བ་མེད་པའི་ངང་དུ་ཐིམ། །རྒྱུ་མེད་སངས་རྒྱས་རང་བྱུང་ནི། །སྐྱེ་མེད་རྣམ་དག་ངང་དུ་ཐིམ། །ཕྱོགས་དང་རིས་སུ་འཛིན་པ་ཡང་། །ཕྱོགས་ལྷུང་མེད་པའི་ངང་དུ་ཐིམ། །རང་གསལ་རང་དག་ཆོས་ཆེན་ནི། །ཡེ་ཤེས་འགྱུར་མེད་ངང་དུ་ཐིམ། །དུས་གསུམ་སངས་རྒྱས་དགོངས་པ་ནི། །སྒྲོན་མ་བཞིའི་ངང་དུ་ཐིམ། །ཟག་མེད་ངང་དུ་རབ་གནས་པས། །སྐད་ཅིག་ཡེ་ཤེས་ཀློང་དུ་འདུས། །རང་རང་ལུས་ལ་རབ་གནས་ནས། །བརྗོད་མེད་ངང་ལ་དེ་བཞིན་གཤེགས། །དུས་མེད་ཡེ་ཤེས་རང་སྣང་ངོ་། །རབ་ཏུ་སྤྲོས་པ་མེད་པའི་ཚིག །ཡེ་ཤེས་ལྔ་རྫོགས་ཡུལ་ལ་འདས། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་རྒྱུད་ལས། རིག་པ་ཡེ་ཤེས་ལྔ་ལྡན། ཡེ་གནས་ཡུལ་འདས་སུ་བ ཞུགས་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ། །྅྅྅ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དེ་ལྟར་ཡེ་ཤེས་གནས་པ་དེ། །དཔེ་དང་དོན་དང་རྟགས་གསུམ་གྱིས། །ལེགས་པར་གཏན་ལ་ཕབ་བྱས་ནས། །ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས། །ཡིད་ཆེས་ཐེ་ཚོམ་བྲལ་བར་བྱས། །སངས་རྒྱས་ཡེ་ཤེས་རིག་གཟུགས་ནི། །འདི་ཉིད་ཡིན་པར་ཤེས་པར་བྱ། །གང་ཟག་རབ་འབྲིང་ཐ་གསུམ་ལ། །བར་དོའི་སྣང་བ་ཤར་བའི་ཚེ། །རིག་པ་གཞི་ལ་ལམ་འཇུག་ཚེ། །སྐུ་གསུམ་འབྲས་བུ་མངོན་སུམ་ལྟ་འདོད་ན། །བཅུད་ཀྱིས་སྙིང་པོ་དོན་གྱི་ཡེ་ཤེས་ལྟོས། །དཔེ་དོན་རྟགས་སུ་བསྟན་པའི་ངོ་སྤྲོད་འདི། །ཕྱི་རབས་རྣམས་ཀྱི་ཐུགས་ལ་ལྡན། །གང་བསམ་གཅིག་པའི་རྒྱ་མཚོ་ལས་བྱུང་བའི། །རྡོ་རྗེ་སྙིང་པོ་རིན་ཆེན་མན་ཤེལ་འདི། །དྲི་མ་མེད་ཅིང་འོད་ལྔ་ལྡན་པ་སྟེ། །ཆེ་ཆུང་རབ་འབྲིང་ཐ་མ་གསུམ་ལ་ནི། །རྡོ་རྗེ་སེམས་དཔའི་སྐུ་བྷཻཾ་ཕྱག་མཆོད་འབུལ། །དེ་ནི་ངོ་སྤྲོད་རྫས་ཀྱི་དངོས་གཞི་ཡིན། །ནམ་མཁའ་དངས་པའི་དུས་ཚོད་ཐམས་ཅད་དུ། །སྐྱེས་བུ་མིག་སྐྱོན་མེད་པས་མཐོང་བར་འགྱུར། །ས་མ་ཡ་ནི་ཟབ་མོ་ཡི་དམ་ཚིག་རྒྱ། །གནས་ཁང་ཤིན་ཏུ་ནག་པོ་རུ། །ཉི་ཞུར་འོང་བའི་ཕུག་པ་ལ། །མདུང་ཤིང་ཙམ་པ་ཅིག་ཕུག་ལ། །ཉི་མའི་ཟེར་ཐག་འོང་བར་བྱ། །དེ་ལ་ཤེལ་དཀར་ཟད་དེ་ཕྱར། །དེ་ལ་འཇའ་ཚོན་ལྔ་འཆར་རོ། །མེ་ལོང་གཅིག་ཀྱང་ཕྱར་བར་བྱ། །བསྐྱེད་པས་འོད་ཀྱི་གློག་ཀྱང་འཁྱུགས། །ཤེལ་གཅིག་རང་མིག་གཡོན་ལ་སྦྱར། །མིག་གཡས་ལག་པ་གཡས་པས་བཀབ། །འཇའ་འོད་མེ་ལོང་ལོགས་ལ་ལྟོས། །འོད་དང་ཟེར་དང་ལྡན་པ་མཐོང་། །དེ་ནི་དཔེའི་ངོ་སྤྲོད་ཡིན། །དོན་ནི་རང་གི་སྙིང་གི་དཀྱིལ། །དེ་ལྟར་འོད་ཟེར་ལྔ་ལྡན་ནས། །རྟགས་ནི་མུན་ནག་རང་གི་མིག །མཛུབ་མོས་བཙིར་བས་འོད་ཟེར་འོང་། །རང་ལ་སྙིང་པོ་ཡེ་ཤེས་གནས་པའི་ངོ་སྤྲོད་དོ། །ཆོས་ཀྱི་སྐུའི་ངོ་སྤྲོད་ནི། །སྐྱོན་བྲལ་ནམ་མཁའ་དངས་པའི་དུས། །ཟིམ་བུའི་མིག་གིས་སུཪྱར་ལྟ། །འོད་ཟེར་དྲ་བ་དཔག་ཏུ་མེད། །ཡུན་དུ་བལྟས་པས་ཉི་མ་ཡང་། །རང་བཞིན་མེད་པར་བཟུང་ཡུལ་བྲལ། །འོད་ཟེར་ཉི་མའི་ཆོ་འཕྲུལ་སྟེ། །ཉི་མའི་འོད་ཟེར་ནམ་མཁའི་ཉིད། །ནམ་མཁའི་ཉི་མའི་ཟེར་དང་གསུམ། །སྙིང་པོའི་དོན་ལ་ངོ་བོ་གཅིག །གསལ་བའི་ངང་ནས་བཟུང་ཡུལ་བྲལ། །རིག་སྟོང་ཡིན་པས་ཟེར་མ་འགག །སྣང་སྟོང་ཡིན་པས་ཀུན་ལ་ཁྱབ། །བདེ་སྟོང་ཡིན་པས་ཉེ་རིང་མེད། །དཔེར་ན་ཁང་ཁྱིམ་བྲག་ཕུག་བྱང་། །ཉི་ནུབ་བྱེ་བྲག་ཐམས་ཅད་ཀུན། །བེམ་པོས་རང་གི་སྒྲིབ་པ་ཡིན། །ཉི་མའི་སྒྲིབ་པ་མ་ཡིན་ནོ། །བེམ་པོས་ཡུལ་ཐོན་ཉི་མ་ལྟོས། །དེ་ལ་གྲིབ་ནག་མུན་པས་སངས། །ཉི་མས་མུན་པ་གསལ་བ་མེད། །མུན་པ་ཉི་མའི་ཀློང་ན་གནས། །དེ་ནི་སྤྱིའི་དཔེ་རུ་བསྟན། །དོན་ནི་ཡེ་ཤེས་རང་རིག་ནི། །སྙིང་གི་དཀྱིལ་ནས་ཟང་ཐལ་གནས། །སེམས་ཉིད་ཡེ་ཤེས་འོད་པོ་ཆེ། །ལེགས་པར་རྟོགས་པའི་དུས་ཉིད་དུ། །བྱུང་གནས་འགྲོ་གསུམ་མེད་པའོ། །སྟོང་གསལ་འགགས་མེད་ཟང་ཐལ་ལེ། །སྟོང་ནི་ངོས་བཟུང་མེད་པའོ། །གསལ་ནི་གཞི་བྱེད་ཤེས་པ་གསལ། །མ་འགགས་རིག་རྩལ་སྣ་ཚོགས་གསལ། །ཟང་ཐལ་གང་ཡང་གཞི་རྩ་བྲལ། །འདི་ནི་དོན་གྱི་ངོ་སྤྲོད་ཡིན། །རྟགས་ནི་ད་ལྟར་ཤེས་པ་ནི། བཅོས་སླད་མེད་པར་ཟང་ཐལ་ལེ། །དགག་སྒྲུབ་མེད་པར་ཡངས་ཁྲོལ་ལེ། །གཤིས་ལུགས་མ་བཅོས་རྗེན་པ་འདི། །ཆོས་སྐུ་ཡིན་པར་རྟག་ཏུ་ངེས། །ལོངས་སྤྱོད་རྫོགས་སྐུའི་ངོ་སྤྲོད་ནི། །ནམ་མཁའ་ཤིན་ཏུ་དངས་པའི་དུས། །རྒྱལ་བ་རིགས་ལྔའི་སྐུ་གཟུགས་ནི། །བྲིས་འབུར་བླུགས་གསུམ་གང་ཡང་རུང་། །ཤིན་ཏུ་ཆེ་བའི་སྐུ་གཟུགས་ནི། །ཉི་མ་ཡོད་པའི་བྱང་ནུབ་ཟུར། །ཡོལ་བ་དམར་པོ་བྲེས་བའི་ནང་། །གདན་ཁྲི་འཛོམས་པར་བཤམས་པར་བྱ། །དེ་ནས་མན་ཤེལ་མིག་ལ་སྦྱར། །མཁས་པས་ནམ་མཁའི་ཐད་དུ་ལྟ། །གསུམ་བརྩེགས་གསུམ་བརྩེགས་ཁ་དོག་ལྔ། །གསལ་འཚེར་ལྷུན་སྡུག་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་ངོ་སྤྲོད་དོ། །སྤྲུལ་སྐུའི་ངོ་སྤྲོད་ནི། །རང་ལུས་ཆས་ཀྱིས་རབ་བརྒྱན་ཏེ། །གདན་ཁྲི་ལ་སོགས་མཁའ་ལ་བཞག །དེ་ནི་གཟུགས་ཅན་མཚོན་པའི་སྐུ། །བག་ཆགས་འཁོར་བའི་སྐུ་ཡིན་ནོ། །ཆོས་ཉིད་རང་གི་རིག་པའི་རྩལ། །འོད་དང་ཟེར་གྱི་ཕུང་པོར་མཐོང་། །གང་ཡང་བསྒྱུར་བའི་སྤྲུལ་པའི་སྐུ། །འདི་ནི་སྤྲུལ་སྐུའི་ངོ་སྤྲོད་དོ། །དེས་ནི་དངོས་པོ་དེ་རང་ཡིན། །དོན་ནི་རང་གི་སེམས་ཉིད་འདི། །ཅིར་ཡང་བསྒྱུར་དུ་བཏུབ་པའོ། །རྟགས་ནི་རང་གི་སེམས་ཉིད་འདི། །སྣ་ཚོགས་འགྱུར་བར་ཤེས་པའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་སྤྲོད་ནི། །འཁར་སྡེར་ལྔ་ནི་ཆུས་བཀང་ལ། །མདུན་དུ་ཁྲོལ་ལེ་བསྒྲིགས་ལ་བཞགས། །དེ་ནས་མན་ཤེལ་མིག་ལ་སྦྱར་། །ཐིག་ལེ་ཐིག་ཕྲན་འོད་ཟེར་འཕྲོ། །ཆོས་དབྱིངས་ཡེ་ཤེས་ངོ་སྤྲོད་ཡིན། །ནམ་མཁའ་དངས་པ་གལ་ཆེའོ། །མེ་ལོང་ཡེ་ཤེས་ངོ་སྤྲོད་ནི། །མེ་ལོང་ཆེ་གསལ་གཉིས་བཙུགས་ལ། །བར་དུ་རྡུལ་ཚོན་དཀྱིལ་འཁོར་བཀོད། །མེ་ལོང་གཉིས་ནི་ནམ་མཁར་ཕྱར། །དེ་ལ་སྣང་བ་གཉིས་སུ་འཆར། །སྣང་སྟོང་དག་པ་ཡེ་ཤེས་གཟུགས། །གསལ་སྟོང་དག་པ་འོད་དུ་ཤར། །དེ་ནི་མེ་ལོང་ཡེ་ཤེས་ངོ་སྤྲོད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །ཆུ་ཟླ་དངས་པ་ངོས་ཀྱང་བཟུང་། །ཡང་ན་འཇའ་ཚོན་ལྔ་བཅོས་ལ། །སྔ་ཕྱི་མེད་པར་དུས་གཅིག་འཆར། །སོ་སོར་མ་ཡིན་མཉམ་ཤར་བས། །མཉམ་ཉིད་ཡེ་ཤེ་ངོ་སྤྲོད་ཡིན། །སོ་སོར་རྟོགས་པའི་ཡེ་ཤེས་ནི། །མར་མེ་གསལ་བ་གཅིག་བྱས་ལ། །མུན་པར་བཞག་ལ་ངོ་ཡང་སྤྲོད། །མེ་དང་མེ་འོད་གཉིས་སུ་བཟུང་། །སོར་རྟོག་ཡེ་ཤེས་ངོ་སྤྲོད་ཡིན། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །མན་ཤེལ་དྲི་མ་མེད་པ་ལས། །ཕྱི་ནང་མེད་པར་ཟང་ཐལ་དུ། །འོད་ལྔ་དག་དང་ལྡན་ནས་སུ། །གནས་པ་མེད་པར་རང་གསལ་འདི། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །མི་གནས་པའི་ཡེ་ཤེས་ནི། །ནམ་མཁའ་སྟོང་པའི་འཇའ་ཚོན་ལྟར། །ད་ལྟར་ཤར་ཡང་ད་ལྟ་ཡལ། །དེ་ནི་མི་གནས་ཡེ་ཤེས་སོ། །ཡོངས་སུ་རྫོགས་པའི་ཡེ་ཤེས་ནི། །སྤྲིན་མེད་ནམ་མཁའ་དངས་པའོ། །འོད་ཟེར་ཡེ་ཤེས་རྣམ་བདུན་ནི། །ངོ་སྤྲོད་དག་ཏུ་བསྟན་པའོ། །བདུན་ཡང་ངོ་བོ་གཅིག་ཏུ་འདུས། །ཉི་ཞུར་ཤེལ་འཇའ་མཐོང་བ་ནི། །ངོ་བོ་སྟོང་པ་ཆོས་སྐུའི་ཡེ་ཤེས་སོ། །རང་བཞིན་གསལ་བ་མེ་ལོང་ཡེ་ཤེས་སོ། །དུས་གཅིག་ཤར་བ་མཉམ་ཉིད་ཡེ་ཤེས་སོ། །ཁ་དོག་སོ་སོར་ཤར་བ་སོར་རྟོགས་ཡེ་ཤེས་སོ། །ལྷུན་གྲུབ་ཡིན་པས་བྱ་གྲུབ་ཡེ་ཤེས་སོ། །བསྟན་དུ་མེད་པའི་མེ་ལོང་ཡེ་ཤེས་སོ། །རང་བྱུང་རང་གསལ་རང་ཤར་ནས། །ཡེ་ནས་རྫོགས་པའི་ཡེ་ཤེས་སོ། །ཡེ་ཤེས་རང་གནས་ངོ་སྤྲོད་ནི། །ཁམས་སའི་མི་གཟུགས་ཁོང་སྟོང་ནི། །ཆེ་ཆུང་ཁྲུ་གང་ཙམ་ཅིག་བྱས། །དབང་པོ་སྒོ་ལྔ་གསལ་བར་བཏོད། །ཁོང་བར་མར་མེ་སྤར་ལ་བཞག །ཡེ་ཤེས་འཆར་སྒོ་ངོ་ཡང་སྤྲོད། །དེ་ནི་དཔེ་རུ་བསྟན་པའོ། །དོན་ནི་སྙིང་ནང་དེ་ལྟར་གནས། །རྟགས་ནི་སྒོ་ལྔ་མ་འགགས་པའོ། །འོད་ཟེར་ཡེ་ཤེས་ལྔ་ལྡན་ནི། །མུན་པར་གསལ་སྣང་མེད་པ་རུ། །ཕྱོགས་བཞི་དབུས་ལྔ་མེ་ལོང་བཞག །དེ་ནས་སྐལ་ལྡན་ཐམས་ཅད་ཀྱིས། །མན་ཤེལ་མིག་གཡོན་སྦྱར་ལ་ལྟ། །འོད་ཟེར་འཇའི་ཕུང་པོར་འཆར། །བར་དོ་དེ་ལ་མ་འཇིག་ཅིག །དེ་ནི་ཡེ་ཡིན་རང་ལ་གནས། །རྟགས་ནི་ནུབ་མོ་མིག་གཉིས་བཙིར། །འོད་ཟེར་སྣ་ཚོགས་འཆར་བའོ། །དོན་ནི་རང་རིག་རང་མདངས་སོ། །རིག་པ་རྡོ་རྗེ་ལུག་རྒྱུད་ངོ་སྤྲོད་ནི། །སྣམ་བུ་རྒྱ་མ་སྲབ་མོ་གསར་པ་ནི། ནམ་མཁའ་དངས་དུས་མིག་ལ་བཀབ་པར་བྱ། །ཉི་མའི་དཀྱིལ་འཁོར་དཀྱིལ་དུ་ལྟ། །དེ་ནི་འོད་ལྔའི་དཀྱིལ་འཁོར་གསལ། །ཉ་མིག་འཁོར་ལོ་འོད་དཀར་དང་། །བསམ་ལས་འདས་པའི་དཀྱིལ་འཁོར་མཐོང་། །དེ་ནི་དཔེའི་ངོ་སྤྲོད་ཡིན། །དོན་ནི་རང་གི་རིག་མདངས་ཡིན། །རྟགས་ནི་མིག་གིས་མངོན་སུམ་མཐོང་། །རིག་པ་གཞོན་ནུ་བུམ་སྐུ་ལ། །ངོ་སྤྲོད་འདི་ལྟར་ཤེས་པར་བྱ། །ནམ་མཁའ་དངས་པའི་དུས་ཚོད་དུ། །དཀར་དམར་གྱོན་པའི་མི་གཅིག་ནི། །རང་གིས་འདོམ་གང་མདུན་དུ་བཞག །མིག་ལ་ཤེལ་སྦྱར་བུམ་སྐུ་འཆར་བར་མཐོང་། །དཔེ་ནི་དེ་ཡིན་དོན་དེ་རང་ལ་གནས། །རྟགས་ནི་མིག་གིས་མཐོང་བའོ། །ཁྲོ་བོ་བདེ་ལྡན་ངོ་སྤྲོད་ནི། །མུན་པ་ནག་པོའི་ཁྱིམ་དུ་ནི། །མི་ནག་ཁྲོས་ཆས་འཇིགས་གཟུགས་གསུམ། །རང་མདུན་འདོམ་གང་སོར་བཞག་སྟེ། །ཤེལ་མིག་སྦྱར་བས་མཐོང་བར་འགྱུར། །དཔེ་ནི་དེ་ཡིན་དོན་ནི་རང་གི་རྩལ་སྣང་ངོ་། །རྟགས་ནི་མངོན་སུམ་སྣང་ནུས་སོ། །བར་དོར་དེ་ལ་མ་འཇིགས་ཤིག །ཁྲོ་བོའི་ངོ་སྤྲོད་ལག་ལེན་ནོ། །ནམ་མཁའ་དངས་བའི་དུས་ཚོད་དུ། །གཞལ་ཡས་གྲུ་བཞི་སྒོ་བཞི་པ། །མེ་ལོང་འགྲོན་བུ་དར་སྣ་ལྔ། །དུང་དང་རུས་རྒྱན་དར་སྣས་བརྒྱན། །ནང་དུ་རྣམ་སྣང་རྒྱན་ལྡན་མི་ཅིག་ཞུགས། །དེ་ནས་མན་ཤེལ་མིག་ལ་སྦྱར། །རིག་པའི་དཀྱིལ་འཁོར་མཐོང་བ་སྟེ། །དཔེ་དོན་རྟག་གསུམ་ཀུན་དང་མཐུན། །རིག་པ་གཞི་གནས་ངོ་སྤྲོད་ནི། །རྒྱ་མཚོ་འདྲ་བར་ངོ་ཡང་སྤྲད། །རིག་པ་ཀུན་གསལ་ངོ་སྤྲོད་ནི། །ཉི་ཟླ་གཉིས་ལ་ངོ་ཡང་སྤྲད། །རིག་པ་གཉིས་མེད་ངོ་སྤྲོད་ནི། །བུམ་པའི་སྐུ་ལ་ངོ་ཡང་སྤྲད། །རིག་པ་གྲིབ་བཅས་ངོ་སྤྲོད་ནི། །རིག་པ་སྤྲིན་གྱིས་གྲིབ་ལ་སྤྲད། །རིག་པ་ཅི་ཡང་མེད་པའི་ངོ་སྤྲོད་ནི། །འཁོར་འདས་གཉིས་སུ་ངོ་ཡང་སྤྲད། །རིག་པ་ལྔ་ལྡན་ངོ་སྤྲོད་ནི། །ནམ་མཁའི་འཇའ་ལ་ངོ་ཡང་སྤྲད། །རིག་པ་འགྱུར་བ་མེད་པའི་ངོ་སྤྲོད་ནི། བར་སྣང་རླུང་ལ་ངོ་ཡང་སྤྲད། །རིག་རྩལ་འགགས་མེད་ངོ་སྤྲོད་ནི། །འཁོར་འདས་གཉིས་སུ་ངོ་ཡང་སྤྲད། །འཁོར་བ་མི་འགག་རང་བྱུང་ངོ། །མྱང་འདས་མི་བསྒྲུབ་རང་བྱུང་ངོ་། །གཅིག་གི་ངོ་ལ་གཅིག་མི་འགག །རིག་པ་སྣ་ཚོགས་ངོ་སྤྲོད་དོ། །སྐུ་དང་ཐིག་ལེའི་ངོ་སྤྲོད་ནི། །ནམ་མཁའ་ཤིན་ཏུ་དངས་པའི་དུས། །མན་ཤེལ་མིག་ལ་སྦྱར་བལྟས་པས། །གཟུགས་རྣམས་གང་ཕྱོགས་གསལ་པའི་ངོས། །དར་ཡུག་ཁ་དོག་ལྔ་ལྔ་འམ། །སྣམ་ཡུག་ཁ་དོག་ལྔ་ལྡན་ནོ། །སོ་སོར་ཤིང་རིང་མཁའ་ལ་སྦྱར། །ཤེལ་གྱིས་དེ་ལས་བལྟས་པ་ཡི། །ཡེ་ཤེས་ལྔ་པོ་ངོ་ཡང་སྤྲད། །དཔེ་ནི་དེ་ཡིན་རྟགས་ནི་རང་ལ་ཚང་། །དོན་ནི་བར་དོར་འཆར་བ་སྟེ། །རང་སྣང་ཡིན་པར་ཐག་ཆོད་ཅིག །ཡང་ཅིག་ནམ་མཁའ་དངས་པའི་དུས། །ཤར་ཕྱོགས་ཉི་མའི་ཟེར་ལ་ནི། །མན་ཤེལ་མིག་སྦྱར་ཆུའི་རྫིང་ལ་ལྟོས། །བར་དོར་འོད་ཀྱི་དཀྱིལ་འཁོར་ནི། །དེ་ལྟར་འཆར་བར་ངོ་ཡང་སྤྲོད། །ད་ནི་དཔེ་ལ་དོན་རང་སྣང་། །རྟགས་ནི་ད་ལྟ་དམར་འཐོམས་དང་། །བྲེད་སྔངས་དྲག་པོ་བཏབ་པའི་དུས། །དཀར་ལམ་དམར་འཕྲུག་འཆར་བའོ། །སྐུ་ལྔ་ནམ་མཁའ་དངས་པའི་ཚེ། །རིགས་ལྔའི་ཁ་དོག་རྒྱན་ལྔ་ལྡན། །བར་སྣང་ཁྲི་ལ་བཞུགས་བཅུག་ལ། །ཤེལ་གྱིས་བལྟས་པས་སྐུ་ལྔ་མཐོང་། །སྐྱེས་བུ་རྒྱན་ལྡན་བར་སྣང་ཡོལ་བའི་དཔག །སྐུ་སྟོད་ལྷག་པ་ཤེལ་གྱིས་རབ་སྤྲས་ནས། །སེམས་དཔའ་སེམས་མའི་གཟུགས་སྐུ་མཐོང་། །ཕོ་མོ་རྒྱན་དང་ལྡན་པ་གང་རུང་གཟུགས། །འཁྲིལ་སྦྱོར་གསུམ་སྦྱོར་ལ་སོགས་བསྟན། །དེ་ལ་ཤེལ་གྱིས་བལྟས་གྱུར་ན། །གཉིས་མེད་སྣང་སྟོང་གསང་སྦྱོར་སྐུ། །ཡབ་ཡུམ་སྦྱོར་བའི་ངོ་སྤྲོད་དོ། །ཤིང་གི་དབྱུག་པ་མོང་པོ་ལྔ། །དར་དང་མེ་ལོང་རིན་ཆེན་བརྒྱན། །རྟིང་ནི་མཁའ་སྡེར་བསྒྲིགས་ལ་ཕྱར། །གྱེན་དུ་སློང་ལ་བཙུགས་པར་བྱ། །དེ་ནས་མན་ཤེལ་མིག་སྦྱར་བལྟས། །ཐིག་ལེ་ཐིག་ཕྲན་ཡེ་ཤེས་རླུང་། །འོད་དང་ཟེར་དང་ལྡན་པ་མཐོང་། །སྐྱེས་བུ་གོ་གྱོན་མཚོན་ཐོགས་དང་། །འབག་སིང་ལྷ་མགོན་གཅེར་བུ་ཅན། །ཤིན་ཏུ་གདུག་པའི་གཟུགས་ཅན་རྣམས། །འགྲོ་འོང་བསད་བཅད་བྱེད་ཚུལ་སྟོན། །དེ་ལ་མན་ཤེལ་གཏད་ལ་བལྟས། །ལས་ཀྱི་གཤིན་རྗེ་འོད་ཀྱི་སྐུ། །བར་དོར་དེ་ལྟར་འཆར་བ་ལ། །བྲེད་པ་མེད་པར་ངོ་ཡང་སྤྲད། །དཔེ་ནི་དེ་ཡིན་དོན་ནི་རིག་རྩལ་ཡིན། །རྟགས་ནི་བག་ཆགས་སྣང་བ་དང་། །རྨི་ལམ་དུ་ཡང་འབྱུང་བའོ། །བར་དོའི་སྣང་བ་དེ་རྣམས་ལས། །གོམས་མ་གོམས་ལ་ངོ་སྤྲད་ན། །ངོ་སྤྲད་བུ་རྣམས་གྲོལ་བྱས་ལ། །རེ་རེ་བཞིན་དུ་དབུས་སུ་ཁྲིད། །སྐེའི་རྩེའུ་ཆུང་གཉིས་ནི། །མཐེ་མོ་གཉིས་ཀྱི་ལྟག་པའི་ཕྱོགས་སུ་ཕུལ། །མཛུབ་མོ་གཡས་གཡོན་དྲུག་པོ་ཡིས། །མཁུར་བའི་ཕྱོགས་སུ་ཚུར་ལ་སྐྱོར། །རྣལ་འབྱོར་རྣམས་ཀྱིས་རོལ་མོ་བསྒྲགས། །སྡུག་པའི་སྐད་ངན་སྣ་ཚོགས་བརྗོད། །དཔེ་ནི་དེ་ཡིན་དོན་ནི་གོམས་སམ་ལྟ། །རྟགས་ནི་མ་གོམས་པ་ལ་བྲེད་སྔངས་འཆར། །གོམས་པ་རྣམས་ལ་འཇིག་སྣང་མེད། །ཤི་དུས་བར་དོ་དང་པོ་ཡིན། །ངོ་སྤྲོད་ཞིབ་རྒྱས་བསྟན་པའོ། །ནམ་མཁའ་བཙོན་དུ་བཟུང་བ་ནི། །རྫ་བུམ་ནང་གི་ནམ་མཁའ་དང་། །ཕྱི་ཡི་ནམ་མཁའ་གཉིས་པའོ། །ཆེ་ཆུང་ཡངས་དོགས་མཐོ་དམན་དང་། །ཁྱད་པར་དེ་ནི་འདུག་གམ་དྲི། །ཁྱད་པར་མེད་པར་ངོ་ཤེས་ན། །ཕྱི་དབྱིངས་ནམ་མཁའ་སྟོང་པ་དང་། །ནང་དབྱིངས་རིག་སྟོང་ཟང་མ་གཉིས། །གཉིས་སུ་མེད་པས་ངོ་སྤྲོད་དོ། །འོད་གསལ་བཙོན་དུ་བཟུང་བ་ནི། །བུམ་པའི་འོག་ཏུ་མར་མེ་སྦས། །ཕྱིའི་མུན་པ་ནག་པོ་འདི། །མེ་འདིའི་མེད་པར་ཚུགས་སམ་ཅི། །ནང་གི་མེ་སྤར་འདི་ཉིད་ཀྱིས། །ཕྱི་ཡི་མུན་པ་གསལ་ཚུགས་སམ། །གང་ཡིན་སྙམ་ནས་ཐེ་ཚོམ་ན། །མེའི་མུན་པ་གསལ་བ་མེད། །མུན་པ་གཏན་ནས་སོང་བ་མེད། །མེའི་རང་ངོ་རང་གསལ་ཙམ། །དེབཞིན་རང་གི་འོད་གསལ་གྱིས། །ཕྱིའི་འོད་གསལ་གསལ་བ་མེད། །ཕྱི་ནང་མེད་པར་རང་ལ་གནས། །ངོ་སྤྲད་དེ་དག་ཐམས་ཅད་དུ། །དཔེ་དེ་ཡིད་གོ་བསྟན་པ་ཡིན། །དོན་ནི་རང་རིག་ཆོ་འཕྲུལ་ཡིན། །རྟགས་ནི་འཁོར་བའི་སྣང་ཚུལ་དང་། །མྱང་འདས་གསུམ་དུ་ཤར་བའོ། །དེ་དག་གཉིས་གཉིས་དབྱེ་གྱུར་ན། །དོན་ནི་རང་རང་ངོ་ལ་གནས། །གཅིག་ལ་གཅིག་ཉིད་མ་རྟོགས་སོ། །ངོ་སྤྲོད་ཉི་ཤུ་རྩ་གཅིག་འདི། །ཚིག་དབང་ངག་ཏུ་བསྐུར་བྱས་ནས། །ཕྱི་ཡུལ་སྣང་བ་ཐམས་ཅད་ནི། །ཞིང་ཁམས་དག་ཏུ་ཤེས་པར་བྱ། །ཕྱི་རུ་སྣང་བ་ཅི་ཤར་ཡང་། །འགགས་མེད་རིག་པའི་རང་རྩལ་དུ། །ངོ་ཤེས་ཐག་ཆོད་ཐེ་ཚོམ་བྲལ། །ཕྱིའི་དབང་མཆོག་ཐོབ་པ་ཡིན། །བར་དོར་ཞག་ལྔ་འདས་འོག་ཏུ། །ཡེ་ཤེས་མཐོང་སྣང་ཞེས་ཀྱང་བྱ། །ཐུགས་རྗེས་ཟེར་ཐག་ཞེས་ཀྱང་བྱ། །ཡུལ་སྣང་ཞིང་ཁམས་ཞེས་ཀྱང་བྱ། །གཞི་སྣང་ཤར་བ་ཞེས་ཀྱང་བྱ། །རིག་པའི་གཏོར་ཕུར་ཞེས་ཀྱང་བྱ། །ཞིང་ཁམས་རྒྱལ་བའི་འོད་སྣང་ཀུན། །རང་རིག་རྩལ་དུ་ཤར་གྱུར་ནས། །སྤྲོས་མེད་ནང་དུ་དབང་ཐོབ་བོ། །རིག་པ་མ་དང་བུའི་ཚུལ། །རང་ངོ་ཤེས་ཤིང་འདྲིས་པ་ནི། །སྤྲོས་མེད་གསང་བའི་དབང་ཞེས་བྱ། །ད་ལྟ་རང་ངོ་འཕྲོད་པའི། །བར་དོར་རང་སྣང་རང་གྲོལ་ལོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ། །གཞི་སྣང་ཤར་བའི་དུས་དག་ཏུ། །འོད་དང་འོད་ཟེར་སྟོང་ཁམས་ཁྱབ། །བེམ་པོའི་སྣང་བ་འོད་དུ་འཁྲུགས། །འོད་ཀྱི་ནང་དུ་ཆོས་ཉིད་སྒྲ། །འབྲུག་སྟོང་ལྡིར་བ་ཞི་ཁྲོའི་གསུང ། །ཞི་ཁྲོའི་སྐུ་ཡང་རི་རབ་ཙམ། །ཆུང་བའི་ཚད་ཀྱང་ཡུང་འབྲུ་ཙམ། །གཟི་བརྗིད་ཉི་མ་འབུམ་ཙམ་ཤར། །དེ་ལྟར་ཤར་བའི་དུས་ཉིད་དུ། །རིག་པ་རང་བྱུང་རང་མདངས་ཀྱིས། །རང་རྩལ་ཡིན་པར་ཤེས་པར་བྱ། །གཉིས་འཛིན་མ་ཞུགས་རང་ཡིན་པས། །དཔག་ཆེན་མདའ་ལྟར་དབྱིངས་སུ་འཕངས། །མ་དང་བུའི་འདུ་ཤེས་དྲན། །མི་འགྱུར་གསེར་ཐུར་དྲན་པར་གྱིས། །དེ་ལྟར་རང་རིག་རང་གྲོལ་ན། །ཉེར་གཅིག་ཞག་གྲངས་སྤྲུལ་སྐུར་གྲོལ། །དབང་བཞི་རིག་པའི་ངང་དུ་རྫོགས། །འདི་ཤེས་འཁོར་བ་དོང་སྤྲུགས་ཏེ། །སངས་རྒྱས་ཞིང་ཁམས་དཔག་མེད་སྤྱོད། །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་བླ་མེད་ཀྱི་རྒྱུད་ལས། ཚིག་དབང་རིན་ཆེན་དབང་གི་ངོ་སྤྲོད། ཉི་ཤུ་རྩ་གཅིག་བསྟན་པའི་ལེའུ་སྟེ་རྩ་གཉིས་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྅྅྅ མཁའ་འགྲོ་སྡེ་ལྔས་གསོལ་པ། ཨེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །དེ་ལྟར་དབང་མཆོག་ཐམས་ཅད་ཀུན། །རིག་པའི་ཀློང་དུ་ཅི་ལྟར་རྫོགས། །རྩལ་དབང་དམ་པ་བཤད་དུ་གསོལ། །ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཨེ་མ་རིག་མདངས་འཁོར་རྣམས་ཉོན། །དེ་ལྟར་དཔེ་དོན་རྟགས་རྣམས་ཀྱང་། །རིག་རྩལ་ཀློང་དུ་ཐིམ་པ་སྟེ། །རིག་པ་འཛིན་པ་མེད་པ་ཆོས་ཀྱི་སྐུ། །རིག་པ་འགགས་པ་མེད་པ་ལོངས་སྐུ་ཡིན། །རིག་པ་སྣ་ཚོགས་འཆར་བ་སྤྲུལ་སྐུ་ཡིན། །སྐུ་གསུམ་གཉིས་མེད་ཤེས་ན་སྐུ་གསུམ་ཡིན། །རིག་པ་སྐྱེ་མེད་ཤེས་ན་ཆོས་སྐུ་ཡིན། །རིག་པ་འགགས་མེད་ཤེས་ན་ཆོས་སྐུའི་མདངས། །རིག་པ་འགྱུར་མེད་ཤེས་ན་ཆོས་སྐུའི་ངང་། །རིག་པ་ཕྱོགས་མེད་ཤེས་ན་ལྟ་བ་ཡིན། །རིག་པ་རྟོག་མེད་ཤེས་ན་བྷཻཾ་པ་ཡིན། །རིག་པ་རང་སྣང་ཤེས་ན་སྤྱོད་པ་ཡིན། །རིག་པའི་འགྲོ་ས་ཤེས་ན་བཞག་པ་ཡིན། །རིག་པ་གཉིས་སྣང་ཤེས་ན་རིག་ཡུལ་ཡིན། །རིག་པ་སེམས་མེད་ཤེས་ན་དྲི་མེད་ཡིན། །རིག་པ་ཡིད་མེད་ཤེས་ན་ཞེན་མེད་ཡིན། །རིག་པ་ཐིག་ལེར་ཤེས་ན་གྲོལ་བ་ཡིན། །རིག་པ་འོད་ལྔར་ཤེས་ན་རིག་སྤྲུལ་ཡིན། །རིག་པ་གཉིས་མེད་ཤེས་ན་གནས་པ་ཡིན། །རིག་པ་བྱར་མེད་ཤེས་ན་ཡུལ་བྲལ་ཡིན། །རིག་པ་མཚན་དཔེར་ཤེས་ན་ཡོངས་གྲོལ་ཡིན། །རིག་པ་རང་རྟགས་ཤེས་ན་གྲུབ་རྟགས་ཡིན། །རིག་པའི་དངོས་པོ་ཤེས་ན་ཉག་གཅིག་ཡིན། །རིག་པའི་ཆོ་འཕྲུལ་ཤེས་ན་རིག་རྩལ་ཡིན། །རིག་པའི་རྩ་བ་ཤེས་ན་ཆོས་སྟོང་ཡིན། །རིག་པའི་གྲོགས་པོ་ཤེས་ན་ཆོས་རྣམས་སྤངས་པ་ཡིན། །རིག་པའི་དཀྱིལ་འཁོར་ཤེས་ན་ཆོས་ཀྱི་ཐུག་ས་ཡིན་ནོ། །རིག་པའི་རྩལ་གྱི་དབང་ཐོབ་གྱུར་པ་ན། །ལུས་ཀྱི་དབང་རྣམས་རིག་པའི་ཀློང་དུ་རྫོགས། །བློའི་ཐེ་ཚོམ་བཅད་ན་རིག་པའི་རྟགས་ལུགས་ཤེས། །ཨེ་མ་ཡེ་ཤེས་རྣམ་དག་མཁའ་ཀློང་དུ། །རྟོག་མེད་གསལ་བའི་རིག་པ་ཐིམ། །རིག་པ་སྐྱེ་མེད་ཀློང་དཀྱིལ་དུ། །ཕྱི་ནང་གསང་བའི་ཆོས་རྣམས་འདུས། །ཆུ་རྣམས་རྒྱ་མཚོར་ཐིམ་དང་མཚུངས། །འཛིན་མེད་སྐྱེ་མེད་རང་སར་གྲོལ། །རྟོག་མེད་མཉམ་ཉིད་རིག་པའི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །རིག་པའི་སྐུ་ནི་བུམ་སྐུ་འདྲ། །ཡེ་ཤེས་བུམ་པའི་མར་མེ་འདྲ། །གསང་བའི་ཡེ་ཤེས་དབྱིངས་སུ་ནུབ། །ཤེས་རབ་ཡེ་ཤེས་ཟང་ཐལ་ལས། །སྤྲོས་མེད་ཡེ་ཤེས་ལྔའི་བདག །རིག་རྩལ་ཡེ་ཤེས་ཐོབ་པ་མེད། །དབང་བཞི་རིག་པའི་དབྱིངས་སུ་བསྐུར། །བསྐུར་བར་བྱ་བ་རིག་པའི་ཡུལ། །བསྐུར་བར་བྱེད་པའི་ཡེ་ཤེས་ལྔ། །བསྐུར་བའི་མཁན་པོ་དོན་རང་གསལ། །དེ་ཉིད་རང་ལ་རང་དབང་བསྐུར། །དབང་བཞི་རིག་པའི་ངང་དུ་རྫོགས། །རིག་པ་རྩལ་དབང་སེམས་ལ་མ་ཐོབ་ན། །འདུས་བྱས་དབང་གིས་གྲོལ་མི་འགྱུར། །རིག་པ་རང་ཡང་ཡོད་པ་མིན། །རང་བྱུང་རིག་པའི་རྩལ་དབང་ལས། །བཅད་པའི་ཡུལ་མེད་གཅོད་བྱེད་མེད། །སྔར་འདས་པ་དང་ཕྱིས་འབྱུང་མེད། །ད་ལྟར་གྱིས་ནི་སྣང་བ་མེད། །ལས་དང་བག་ཆགས་གང་ཡང་མེད། །མ་རིག་པ་དང་ཡིད་མེད་དོ། །ཤེས་རབ་དང་ནི་འཁོར་བ་མེད། །མྱ་ངན་འདས་པ་ཡོད་མ་ཡིན། །རིག་པ་ཞེས་པའང་ཐ་སྙད་ཡིན། །ཡེ་ཤེས་ཡེ་ཤེས་སྣང་བ་མེད། །རིག་པ་ཡེ་ཤེས་སྲོག་མེད་པས། །དགེ་སྡིག་ཀུན་གྱི་མཐའ་ལས་འདས། །རིག་པ་ཡེ་ཤེས་རྩལ་གྱིས་དབང་། །བྱ་བྱེད་བྲལ་བའི་ནམ་མཁའ་ལས། །ཡུལ་སྣང་རྟོག་པ་རང་སར་ཡལ། །རང་སྣང་ཡུལ་དུ་ཡོངས་སུ་རྫོགས། །ཕྱོགས་དང་རིས་སུ་མེད་པ་སྟེ། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །རང་རིག་སྣང་བ་འགགས་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །གཅིག་པུ་མ་ཡིན་གཉིས་མཐའ་ཟད། །དབང་ལྡན་རྒྱལ་པོ་ཇི་བཞིན་ནོ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། རིག་པ་རྩལ་གྱི་དབང་ཆོས་ཚིག་མཚན་མ་ཐམས་ཅད་ཟད་པ། གདོད་མར་གྲོལ་ཞིང་རྫོགས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །྅྅྅ མཁའ་འགྲོ་སྡེ་ལྔས་ཡང་གསོལ་པ། ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །རྒྱུད་འདིའི་མཚན་ཉིད་རྣམ་གྲངས་གང་། །ཅི་ལྟར་བཟུང་ཞིང་བཅང་བར་བགྱིའ། །གང་ལ་གསང་ཞིང་སུ་ལ་གཏད། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་ཞུས་པས་ལན་གསུངས་པ། །འདུས་པའི་འཁོར་རྣམས་ད་ཉོན་ཅིག །ངའི་རྒྱུད་ཆེན་བླ་མེད་འདི། །མཁའ་འགྲོ་ཀུན་གྱི་སྲོག་ཡིན་པས། །མཁའ་འགྲོའི་སྲོག་རྒྱུད་ཞེས་སུ་གྲགས། །གསང་བ་གནད་གྱི་ཐིག་ཡིན་པས། །གསང་ཐིག་ཆེན་པོ་ཞེས་སུ་གྲགས། །ཆོས་རྣམས་འདིའི་ཀློང་ན་གསལ། །ཀློང་གསལ་ཆེན་པོའི་རྒྱུད་ཅེས་གྲགས། །འོད་ཟེར་ངོ་སྤྲོད་ཀུན་འདུས་པའི། །ཉི་མ་འབར་མའི་རྒྱུད་ཅེས་གྲགས། །གསང་སྔགས་ཀུན་གྱི་གནད་འདུས་པས། །གསང་སྔགས་གནད་རྒྱུད་ཅེས་སུ་གྲགས། །འདི་ནི་བསྟན་པ་རིན་པོ་ཆེ། །འདི་ནི་མུན་སེལ་སྒྲོན་མའོ། །མངོན་སུམ་རང་གནད་གཅར་ཕོག་ཏུ། །སྟོན་པར་བྱེད་པའི་རྒྱུད་འདི་ལ། །ཐུགས་ནས་ཐུགས་སུ་བརྒྱུད་པའི་ཕྱིར། །རྒྱལ་བ་དགོངས་པའི་བརྒྱུད་པ་ཚང་། །བརྡ་ནས་བརྡ་རུ་བརྒྱུད་པས་ན། །བརྡའི་བརྒྱུད་པ་ཟམ་མ་ཆད། །སྙན་ནས་སྙན་དུ་བརྒྱུད་པའི་ཕྱིར། །སྙན་ཁུང་བརྒྱུད་པའི་ཟམ་མ་ཆད། །གཏེར་ནས་གཏེར་དུ་བརྒྱུད་པའི་ཕྱིར། །གཏེར་གྱི་བརྒྱུད་པ་ཟམ་མ་ཆད། །འདི་མེད་དབང་བཞི་བསྐུར་བ་ཀུན། །ལག་རྡུམ་གསེར་གླིང་ཕྱིན་པའམ། །ཁ་དབྲག་ལམ་དུ་ཞུགས་པའམ། །བྲག་སྐམ་སོ་ནམ་བྱས་དང་མཚུངས། །རྒྱུད་འདི་རིན་ཆེན་གསེར་གྱིས་བྲིས། །རྟག་ཏུ་མི་འབྲལ་ལུས་ལ་བཅངས། །རྒྱུན་དུ་མ་ཡེངས་དོན་རྣམས་བྷཻཾ། །རྒྱུད་འདི་རེག་པ་ཙམ་གྱིས་ཀྱང་། །ཡུམ་ཆེན་ང་དང་འདུ་འབྲལ་མེད། །འཛིན་འཆང་སྐྱེས་བུ་བུདྡྷའོ། །རྒྱུན་དུ་གུས་པས་མཆོད་པའམ། །ཁྱིམ་མམ་ཡུལ་གནས་ས་ཕྱོགས་དེར། །ཐུན་མོང་ཡོན་ཏན་དཔག་མེད་འབྱུང་། །ཕྱི་མ་བར་དོ་མེད་པར་གྲོལ། །རྒྱུད་འདི་སུའི་བཀླག་པ་དེ། །ལྟ་བའི་དོན་ཀུན་ཁོང་དུ་ཆུད། །རྒྱུད་འདི་སུའི་བྲིས་པའི་མི། །ཕྱི་མ་སྤྲུལ་པའི་སྐུ་ཐོབ་འགྱུར། །རྒྱུད་འདི་གང་ན་གནས་པ་ན། །མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས། །ལྷ་དང་ལྷ་མོས་མཆོད་པ་བྱེད། །དེ་ལྟ་བུའི་རྒྱུད་ཆེན་འདི། །བླ་མ་མི་ཁུར་རང་ཆེ་འཛིན། །དམ་ཚིག་ཉམས་དང་རྫུན་པའི་ཚེ། །བྲིལ་པ་མ་ནོར་ཚོགས་རྫོགས་སོ། །བྷཻཾ་བསྒྲུབ་མི་ནུས་ཆང་ནག་སྲེད། །ཤེས་རབ་ཆེ་ཡང་ཉམས་ལེན་སྟོར ། །འབུལ་བ་མི་ནུས་སྟོང་ཞུས་བྱེད། །དད་གུས་མེད་ཅིང་གཡོ་ཁྲམ་བསྒྱུར། །བློ་མི་བརྟན་ཅིང་སྙིང་རུས་མེད། །དེ་ལྟ་བུ་ལ་བཀའ་འདི་གསང་། །བློ་ཆུང་སྐམ་དྲོད་ཅན་ལ་གསང་། །སྐལ་མེད་རང་འདོད་ཅན་ལ་གསང། །དམ་ཉམས་ལག་ཏུ་ཤོར་བ་ན། །གསང་སྔགས་ཐམས་ཅད་བཀའ་འཆོལ་ནས། །མཁའ་འགྲོ་འཁྲུགས་སྟེ་མི་དགེ་འབྱུང་། །བཀའ་སྲུང་འཁྲུགས་ཤིང་སྲིན་མོས་བསྲེགས། །དེ་བས་རབ་གསང་ནན་ཆགས་བྱ། །གཏད་པར་བྱ་བའི་སྣོད་ལྡན་ནི། །མཁའ་འགྲོ་སྡེ་ལྔ་རྣམས་ལ་གཏད། །རིག་རྩལ་མཁའ་འགྲོ་ཁྱེད་རྣམས་ཀྱིས། །སྦྱན་རས་གཟིགས་ཀྱིས་སྤྲུལ་པ་མཆོག །པདྨ་ཐོད་ཕྲེང་རྩལ་ལ་གཏོད། །དེས་ཀྱང་རིན་ཆེན་གཏེར་དུ་གདམས། །ནམ་ཞིག་དུས་ཀྱི་ཐ་མ་ལ། །སེམས་ཅན་ཉོན་མོངས་རང་ཁར་སྤྱོད། །ཆོས་བཞིན་སྤང་ནས་ཆོས་བརྒྱད་བསྒྲུབ། །བྷཻཾ་ཆེན་བྷཻཾ་བསྒྲུབ་ཡལ་བར་དོར། །དགེ་བཤེས་ཐམས་ཅད་བཟང་རྫུན་འདེབས། །གསང་སྔགས་ཁྲམ་བཤད་རང་ཁར་སྤྱོད། །མཚན་ཉིད་སྡེ་གསུམ་ཆོས་ལ་ཡང་། །དགེ་བཅུ་ཕ་རོལ་ཕྱིན་དྲུག་དང་། །ལམ་ལྔ་ས་བཅུ་སྤྱོད་མཁན་མེད། །བདག་འཛིན་རྟོག་པས་ཁེངས་པའི་ཚེ། །འདུས་བྱས་སྐྱེས་བུ་ལས་འཕྲོ་ཅན། །རྒྱུ་འབྲས་ཆོས་མཁྱེན་རིག་གནས་མཁས། །བློ་ཆེན་བློ་གསལ་བློ་བརྟན་པ། །འཇམ་དཔལ་ཉིད་ཀྱི་སྤྲུལ་པ་མཆོག །ཐེག་ཆེན་ཨ་ཏིའི་དོན་སྤྱོད་པ། །བླ་མེད་ཨ་ཏིའི་བདག་པོ་ལ། །བཀའ་འདི་གཏོད་ཅིག་ས་མ་ཡ། །དེས་ཀྱང་དོན་བཅུ་ལྔ་ལྡན་པའི། །ཐུགས་མཆོག་རྣམས་ལ་རིམ་གྱིས་གཏོད། །ཅེས་གསུངས་སོ། །ཆོས་སྐུ་སྐྱེ་མེད་ཀྱི་མཁའ་ཀློང་དུ། དམིགས་མེད་དུ་ཡལ་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རིགས་ལྔ་ཡང་ཡི་རངས་སྟེ། འཁོར་རྣམས་ཀྱིས་ཀྱང་མངོན་པར་བསྟོད་ཏེ། དབང་བཞི་ཐོབ་སྟེ། འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་ནས། སླར་ཡང་འཁོར་བ་དོང་ནས་སྤྲུག་པའི་སྤྱོད་པ་ལ་འཇུག་ཅིང་། སེམས་ཅན་རྣམས་སྨིན་གྲོལ་ལ་བཀོད་དོ། །ཐེག་པ་ཀུན་གྱི་མཐར་ཐུག །རྨད་འབྱུང་སྙིང་པོའི་བསྟན་པ། མཁའ་འགྲོ་གསང་ཐིག་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ལེའུ་བརྒྱ་དྲུག་ཅུ་རྩ་དྲུག་པ་ལས། དབང་བཞིའི་ལེའུ་། གསང་སྔགས་གནད་རྒྱུད་ཅེས་བྱ་བའི་མཇུག་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ སྔགས་སྲུང་ཤན་པ་ནག་མོ། གཟའ་བདུད་དུག་གི་སྤུ་གྲི་འབར་བ། དམ་ཅན་རྡོ་རྗེ་ལེགས་པ་གསུམ་གྱིས་བཀའ་འདི་ཡི་བདག་པོ་གྱིས། ཐུབ་པར་སྲུངས་ཞིག །སྤྲུལ་པའི་གཏེར་སྟོན་རྡོ་རྗེ་གླིང་པས་གདན་དྲངས་པའོ། །རྒྱུད་འདི་བཞེངས་པའི་དགེ་བ་དེས། །འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྟོགས་ཤོག །རྟོགས་ནས་རང་གཞན་དོན་གཉིས་འགྲུབ་པ་དང་། །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་ཤོག །

ཨཻ་མ་མཁའ་འགྲོའི་མན་ངག་གསང་བའི་གནད།

ཨཻ་མ་མཁའ་འགྲོའི་མན་ངག་གསང་བའི་གནད། །སུ་ལ་ཡང་མ་མཆིས་པདྨའི་གསང་མཛོད་བརྡོལ། །ཐུགས་ཉམས་བཞེས་ནས་བཻ་རོ་ཉིད་ལ་བཀའ་བབ་གཏེར་དུ་སྤས། །དེ་ཉིད་སྤྲུལ་པ་མཁའ་ལ་འཕྲུལ་ཞིང་ཐུགས་གཏེར་འབྱིན། །གསང་བ་སྙིང་པོའི་བཅུད་བསྡུ་རྡོ་རྗེ་གླིང་པས་འགྲོ་བ་འདུལ། །དེ་ཉིད་ཐུགས་སྲས་བསོད་ནམས་དབང་ཕྱུག་འགྲོ་བའི་དཔལ། །དེ་ཉིད་རྒྱུད་འཛིན་ནམ་མཁའི་རྒྱལ་པོ་ཉམས་རྟོགས་འབར། །དེ་ཉིད་བཀའ་བབས་འོད་གསལ་རྡོ་རྗེ་རྫོགས་ཆེན་བསྟན་པ་སྤེལ། །དེའི་བཀའ་བབ་འོད་གསལ་ཀུན་གྲོལ་སྐལ་ལྡན་རྣམས་ལ་སྤེལ། །དེ་ལ་བརྟེན་ནས་འགྲོ་བ་མ་ལུས་སྨིན་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།
ཤྲཱི་བི་ཛ་ཡནྟུ། ཆོས་ཉིད་ནམ་མཁའི་ངོས་ལ་གནས་བཅས་ཤིང་། །སྤྲོས་པའི་སྲིན་ཚོགས་རྣམ་དྲལ་ཟུང་འཇུག་སྐུ། །བདེ་ཆེན་གྲུབ་པའི་འཁོར་བསྒྱུར་རྟ་བདུན་ཅན། །དཔལ་ལྡན་མཁའ་འགྲོའི་དབང་ཕྱུག་རྒྱལ་གྱུར་ཅིག །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གྱིས། །དགེ་ལེགས་རྫོགས་ལྡན་སྤྲིན་གྱི་མི་མཚོན་པ། །གཏིབ་ལས་ཆོས་གཏེར་བདུད་རྩིའི་ཆར་ཆེན་པོ། །གངས་ཅན་བསྟན་པའི་འཛིན་མར་ལྷུང་ཙམ་ན། །ཕན་བདེའི་སྙེ་མ་ཅི་དགར་འཕྲོ་འདི་འཁྲུངས། །འཇམ་དབྱངས་རྣམ་པར་སྣང་མཛད་རྒྱལ་ཀུན་གསུང་། །མཁའ་ཁྱབ་སྐུ་ཡི་རྡོ་རྗེ་དུར་སྨྲིག་གི །འཇོ་སྒེགས་སྐད་གཉིས་སྨྲ་བར་བསྒྱུར་ཙམ་ན། །བློ་ལྡན་བློ་ཡི་མིག་ཏུ་ཡང་དག་གྱུར། །དེ་ཉིད་སླར་ཡང་དུས་ལ་བབས་པ་ན། །ས་ཆེན་རྒུད་པ་གསོ་བྱེད་སྤྲུལ་པའི་སྐུ། །རིག་འཛིན་རྡོ་རྗེ་གླིང་པར་ཡོངས་གྲགས་པའི། །མཚན་ཉིད་ཀཻ་ལ་ཤ་ཡི་རི་བོར་གསལ། །གང་གི་ཐུགས་རྗེ་ནམ་མཁའ་མཛོད་ཀྱི་སྒོ། །བྱེ་ལས་རྒྱུད་ཀྱི་རྒྱལ་བོ་ཀློང་གསལ་གྱི། །ཐེག་པའི་རྩེ་མོ་སྐལ་ལྡན་འགྲོ་བ་ལ། །རྡོ་རྗེའི་ལམ་ནས་རྡོ་རྗེའི་སྐུ་བསྒྲུབ་པའི། །ཐབས་ཚུལ་བསམ་གྱིས་མི་ཁྱབ་དབྱེ་མཛད་མོད། །ལྔ་བདོའི་རབ་རིབ་རྒྱས་པའི་དུས་ཀྱི་མཐར། །ལན་འགར་སྣང་ལ་ལན་འགར་ནུབ་པར་གྱུར། །འོན་ཀྱང་ཕྱི་མའི་དུས་ན་ཀུན་མཁྱེན་གྱི། །ལུང་རྟོགས་བསྟན་པ་འཛིན་པའི་རྒྱལ་ཚབས་ཆེ། །འགྲན་བྲལ་མཁྱེན་བརྩེའི་དབང་བོའི་ཉིན་བྱེད་ཀྱི། །སྐལ་ལྡན་བློ་ཡི་པདྨ་འབྱེད་པའི་ཚེ། །མཁའ་འགྲོའི་ཕྱག་ནས་རྡོ་རྗེའི་བརྡ་སྟོན་མཐུས། །སྔོན་དུས་སྔོན་རབ་རྣམས་སུ་ཡང་དང་ཡང་། །ཉེ་བར་གོམས་པའི་བག་ཆགས་སད་པ་ལས། །མངོན་སུམ་རྗེས་སུ་དྲན་དང་ལུང་ནོད་ཅིང་། །པདྨས་རྗེས་བཟུང་བརྒྱུད་པའི་གཏད་རྒྱ་རྫོགས། །དེ་སླད་དྲིན་ཆེན་ཆོས་རྗེའི་བཞེད་དོན་ལྟར། །ལྷག་བསམ་ཟླ་བ་ཞུན་མའི་མདངས་འཛིན་པས། །རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་སྤྱི་ཏིའི་རྒྱུད། །གཅིག་ལས་དུ་མར་འཆར་བའི་ཕྱི་མོ་ཡི། །སྣང་བ་སྐལ་བཟང་དགའ་བའི་བསིལ་ཟེར་སྤྲོས། །དགེ་བས་དཔལ་ལྡན་བླ་མའི་དགོངས་པ་རྫོགས། །བདག་གཞན་སྐྱེ་བ་ཀུན་ཏུ་གསང་ཆེན་གྱི། །སྙིང་པོའི་བསྟན་དང་དེ་ཉིད་མཇལ་བ་ལས། རྒྱལ་བ་དགྱེས་པའི་སྤྱོད་པ་མཐར་སོན་ཅིང་། །རིག་སྟོང་མངོན་གྱུར་འཁྲུལ་པའི་སྦུབ་གོན་ཞིག །འགྲོ་ལ་ཕན་བདེའི་དགའ་སྟོན་བསྒྲུབ་བར་ཤོག །མདོ་རྒྱུད་ཆོས་གྱི་རྒྱ་མཚོ་ལས་འོངས་པའི། །ལུང་རིགས་སྤྲིན་སྔོན་རོལ་པའི་ནམ་མཁའ་ལ། །ལེགས་བཤད་འོད་ཟེར་སྟོང་དུ་སྤྲོ་བ་ནས། །སྒྲུབ་བརྒྱུད་བསྟན་པའི་ཉི་མ་འབར་གྱུར་ཅིག །ཅེས་ལྔ་བརྒྱ་ཐ་མ་རྣམས་ཀྱི་གཙུག་གི་ནོར་བུ། །གངས་རིའི་ཁྲོད་ཀྱི་བདེ་བར་གཤེགས་པའི་རིངས་ལུགས་པ་ཆེན་པོ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ཞལ་སྐྱིན་རྗེ་བཙུན་བླ་མ་མཁྱེན་བརྩེའི་དབང་པོའི་བཀའ་དྲིན་རྗེས་སུ་དྲན་པའི་ཐུགས་བཞེད་རྫོགས་པའི་སླད་དུ། མགོན་པོ་གང་གི་བཀའ་འབངས་ཤར་ཀཿ་ཐོག་གི་སི་ཏུ་པ་ཤཱཀྱའི་དགེ་སློང་ཆོས་ཀྱི་རྒྱ་མཚོའི་སྤྲིན་བཤད་སྒྲུབ་བསྟན་པའི་ཉི་མས་བརྗོད་པ་དགེ་ལེགས་སུ་གྱུར་ཅིག། །།

ཁྲོས་མ་ནག་མོ་གསང་བ་བཀའ་སྲུང་གི་རྒྱུད།

ཀྲོ དྷཱི ཀཱ ལི གུཧྱ ཨཱ ཛྙཱ ར ཀྵི ཏ སྱ ཏ ནྟྲ བི ཛ ཧ རཾ། །
ཁྲོས་མ་ནག་མོ་གསང་བ་བཀའ་སྲུང་གི་རྒྱུད་བཞུགས་སོ། །
རྒྱ་གར་སྐད་དུ༔ ཀྲོ་དྷཱི་ཀཱ་ལི་གྷུ་ཧྱ་ཙིཏྟ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ ཁྲོས་མ་ནག་མོ་གསང་བ་སྙིང་གི་རྒྱུད་ཅེས་བྱ་བས་དཔལ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ དཔལ་ལྡན་རང་བྱུང་གི་རྒྱལ་མོའི་གནས༔ རང་བཞིན་ལྷུན་གྱིས་རྫོགས་པ་ཡི༔ བྷནྡྷ་འབར་བའི་གཞལ་ཡས་ཁང༔ དཀར་དང་སེར་དང་དམར་ནག་པའི༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ ཞི་བས་དཔའ་སྐོང་རྒྱས་པས་ཟིལ་གནོན་པ༔ དབང་གིས་སྔར་སྡུད་དྲག་པོས་སྒྲོལ་བར་བྱེད༔ ཁམས་གསུམ་དབང་སྡུད་དྲག་པོའི་གཞལ་ཡས་ནི༔ དྲི་ཟ་ལ་སོགས་ཕྱོགས་སྐྱོང་བཅུ་ཡི་མགོས༔ ཤར་ལ་སོགས་པ་དེ་བཞིན་རབ་ཏུ་མཛེས༔ བྷནྡྷའི་གཞལ་ཡས་ལྷུན་གྱིས་གྲུབ་པ་ལ༔ གནམ་ལྕགས་འབར་བའི་གཟེར་ཆེན་རབ་ཏུ་བཏབ༔ ཡེ་ཤེས་ལྔ་ལྡན་ཁ་དོག་རབ་ཏུ་འཕྲོ༔ ལྷ་བརྒྱ་ཀ་བ་ཀླུ་བརྒྱད་གདུང་དུ་བྲེས༔ གཟའ་བརྒྱད་ཕྱམ་བྲེས་རྒྱུ་སྐར་དྲལ་ཟིབ་ཀྱིས༔ རཱུ་ཏྲ་དཀར་པོ་སེར་པོ་དམར་པོ་དང ༔ ལྗང་གུ་ལ་སོགས་པ་ཡི་ཐོག་ཀྱང་ཕུབ༔ ཡེ་ཤེས་བཞི་ལྡན་སྒོ་བཞིར་གནས་པ་ནི༔ སྒོ་སྐྱེས་གཡས་གཡོན་ཆུ་སྲིན་འགྲམ་པ་ལ༔ ཟས་པ་ཕོ་མོའི་ཡ་ཐེམ་མ་ཐེམ་བྱས༔ ཆུ་སྲིན་ཐོད་པའི་རྟ་བབས་རབ་ཏུ་མཛེས༔ བྷནྡྷ་སུམ་ཅུ་རྩ་གཉིས་རབ་ཏུ་གཏིབས༔ ཆོས་ཀྱི་འཁོར་ལོ་རབ་ཏུ་ཉམས་མི་དགའ༔ འོད་ཟེར་དམར་ནག་འཕྲོ་འདུ་རྒྱུན་མི་ཆད༔ ཆོས་ཀྱི་འཁོར་ལོ་སྨུག་ནག་གདུགས་ཕུབ་ནས༔ གཡས་གཡོན་ཆུ་སྲིན་ཕྲུ་གུ་དལ་ཞིང་ཕྱོགས༔ སེང་གེ་སྟག་དང་ཆུ་སྲིན་དོམ་གྱི་མགོས༔ བྷནྡྷ་འབར་བའི་གཞལ་ཡས་བད་བགྱིས་ཏེ༔ ཐོད་པའི་དྲ་བ་ཚལ་བུའི་དྲ་ཕྱེད་པ༔ ཞེ་སྡང་སྦྲུལ་ནག་ཆུན་པོའི་ཐག་པས་བརྒྱུས༔ གསེར་གྱི་དྲིལ་འཁྲོལ་རིན་ཆེན་འོད་ཟེར་འབར༔ སྦྲུལ་ནག་གདུག་པའི་ཆུན་པོ་ཉི་ལི་ལི༔ ཐབས་དང་ཤེས་རབ་ཉི་ཟླ་གསལ་རྒྱས་ཏེ༔ གཞན་ཡས་ཕྱི་ནང་མེད་པར་འོད་གསལ་འབར༔ ཐོད་པ་ཁྲག་འཛག་དར་བུ་ཁད་དུ་ལྡན༔ སྤྲུལ་པའི་ལྷ་མོས་འདོད་ཡོན་མཆོད་པ་སྟོབས༔ རྒྱལ་མཚན་ཆེན་པོ་བཞི་ཡང་གནས་པ་ནི༔ བྱང་ཤར་སྤྲུལ་པའི་རྡོ་རྗེ་རྒྱལ་མཚན་དང༔ ཤར་ལྷོ་འདུལ་བྱེད་ལྕགས་ཀྱི་རྒྱལ་མཚན་དང༔ ལྷོ་ནུབ་ལྡ་ལྡི་དར་གྱི་རྒྱལ་མཚན་དང༔ ནུབ་བྱང་དམར་ནག་ཁྲག་གི་རྒྱལ་མཚན་དང༔ རྒྱལ་མཚན་ཆེན་པོ་བཞི་ཡང་དེ་བཞིན་གནས༔ དེ་ལྟར་གནས་པའི་གཞལ་ཡས་ཆེན་པོ་དེ༔ དཔལ་ལྡན་རང་བྱུང་རྒྱལ་མོ་བཞུགས་པའི་གནས༔ གཞལ་ཡས་ཕྱི་རིམ་ཁྲག་གི་རྒྱ་མཚོ་ན༔ སྤྲུལ་པའི་མ་མོ་མཁའ་འགྲོ་བཞུགས་པའི་གནས༔ ཕྱི་རིམ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ནི༔ བདུད་དང་སྲིན་པོ་གཤིན་རྗེ་བཞུགས་པའི་གནས༔ མཐའ་མ་ལྕགས་རི་ནག་པོའི་བསྐོར་བའི་ནང༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་གཏམས་པའོ༔ དུར་ཁྲོད་ནག་པོ་ཕྱོགས་སྐྱོང་མགོན་པོ་དང ༔ མི་རོ་སྣ་ཚོགས་རྣམ་པར་བམ་རུལ་དང ༔ མྱགས་དང་རྣམ་པར་ཤིན་ཏུ་བམ་པ་དང ༔ སྟག་དང་གཟིག་དང་གཅན་གཟན་སྣ་ཚོགས་དང ༔ དུར་བྱ་ཀང་ཀ་འདབ་ཆགས་སྣ་ཚོགས་དང ༔ ཤིང་ལ་སོགས་པ་ཡང་ནི་དེ་བཞིན་གནས༔ ཤ་ཟ་ཁྲག་འཐུང་ལས་ཀྱི་མཁའ་འགྲོ་དང༔ གིང་དང་ལང་ཀ་གནོད་སྦྱིན་ཕོ་མོ་ཡི༔ ཆོས་ཉིད་ཀློང་དུ་མི་འགྱུར་མི་ཤིག་རྟགས༔ རྡོ་རྗེའི་ར་བ་ཡོངས་སུ་རྒྱ་མ་ཆད༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་གནས༔ ཕོ་བྲང་གྲུ་གསུམ་མཁའ་དབྱིངས་བདེ་ཆེན་ནས༔ དུར་ཁྲོད་མི་རོའི་གདན་ལ་འགྱིང་པའི་ཚུལ༔ བུད་མེད་ནག་མོ་མཛེས་པའི་ཆ་བྱད་ཅན༔ དཀར་མོ་ནག་མོ་སེར་མོ་དམར་མོའི་ཚོགས༔ ཉིད་ལས་མི་གཞན་འཁོར་གྱིས་བསྐོར་ཏེ་གནས༔ ཉིད་ཀྱི་ཐེ་ཚོམ་རྒྱས་པའི་ཕྱིར༔ ཕྱག་རྡོར་སྤྲུལ་པ་ལྷ་མོ་བདེ་བྱེད་མ༔ ཉིད་ལས་མི་གཞན་དམོད་པའི་མཚོན་ཆ་ཅན༔ རང་ལས་སྤྲུལ་པའི་ནག་མོ་འབུམ་དང་བཅས༔ རང་བྱུང་རྒྱལ་མོ་ཉིད་ལ་འདི་སྐད་གསོལ༔ ཨེ་མ་ཧོ༔ རང་བྱུང་རྒྱལ་མོ་ཉིད༔ བདག་ནི་རྟག་ཏུ་ཁྱོད་ལ་འདུད༔ ཁྱོད་ཀྱི་བྱིན་རླབས་ཐུགས་རྗེ་གང༔ རྒྱ་ཆེར་བདག་ལ་བཤད་དུ་གསོལ༔ ཞེས་གསོལ་བས༔ དེ་དུས་དེའི་ཚེ༔ དཔལ་ལྡན་རང་བྱུང་གི་རྒྱལ་མོ་ཞེས་བྱ་བ་དེ་ཡང༔ སྐུ་མཐིང་ནག་འབར་བ་ལ་མཆེ་བ་གཙིགས་པ༔ རྔམ་པ་ས་གཞི་ཁེབས་པ་ལ༔ སྤྱི་བོའི་གཙུག་ན་མ་ལྷ་མོ་རལ་པ་མཐིང་ཁ་འབར་བ་གཅིག་གནས་པ་ལ༔ ཞབས་གྱད་ཀྱི་དོར་སྟབས་སུ་བཞུགས་པ༔ གཡས་ན་བམ་ཆེན་པོའི་ཙིཏྟ་སྲོག་པ་རྩ་དང་བཅས་ནས་བཟུང་བ༔ གཡོན་ན་གཡུའི་སྤྱང་མོ་བཀྱེ་ནས་ཁ་ཐབས་སྒྱུར་བ་ལྷ་ལྔ་པ་སྟེ༔ ཏི་ར་ཡོ་གི་གདན་ལས༔ ཏྲག་རཀྴ་ཞེས་བྱ་བའི་སྔགས་བརྗོད་ནས༔ ཉིད་ཀྱི་སྐུ་ལས་སྤྲུལ་པའི་མ་མོ་བཀྱེ་སྟེ༔ སྐུའི་སྤྲུལ་པ་ལས་བལ་མོ་ནག་མོ་དང༔ གསུང་གི་སྤྲུལ་པ་ལས་མ་མོའི་ཚོགས་དང༔ འདི་ནས་ཚང་མེད་དཔྱད། མཆན། གཞན་ཡང་སྦྱོར་གིང་དང་སྒྲོལ་གིང་ལ་སོགས་པ་ཁྲམ་ཐོགས་ཀྱི་བདུད་དང༔ སྲོག་གཅོད་ཀྱི་གིང་ཕོ་དང་བཅས་ཏེ་སྤྲུལ་པ་མང་པོ་ཉིད་ལས་བཀྱེ་བས་སྣང་སྲིད་ཐམས་ཅད་དུས་གཅིག་ཏུ་གཡོས་པར་གྱུར་ཏོ༔ ནད་ཀྱི་རྨོངས་པ་དང་མཚོན་གྱི་བསྐལ་པ་དང༔ བསྐལ་པ་དང༔ བསྐལ་པ་ཕྲ་མོ་དང༔ དུག་སྤལ་ཡམས་ནད་དང༔ གནམ་ལྕགས་སེར་བ་ལ་སོགས་དུས་གཅིག་ཏུ་འཁྲུགས་པར་གྱུར་ཏེ༔ སླར་ཡང་བ་དང་པོ་དེ་དག་རང་ལ་རྫོགས་པར་གྱུར་ཏེ༔ སྣང་སྲིད་ཐམས་ཅད་དུས་གཅིག་ཏུ་བདེ་བ་ལ་བཀོད་དོ༔ དུག་སྤལ་དང་ཡམས་ནད་ལ་སོགས་པ་ཀུན་ཡང༔ བདུད་རྩི་ཆེན་པོར་གྱུར་ཏེ༔ ཐམས་ཅད་ཐུགས་རྗེ་ཆེན་པོ་བདེ་བ་ལ་བཀོད་དོ༔ ཁྲོས་ནག་གསང་རྒྱུད་ལས༔ གླེང་གཞིའི་སྐབས་ཏེ་དང་པོའོ༔ ལྷ་མོ་བདེ་བྱེད་མས་འདི་སྐད་ཅེས་གསོལ་ཏོ༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ༔ ཐུགས་རྗེ་བྱིན་རླབས་བདག་མོ་ན༔ ཉིད་ཀྱི་ལྟ་སྤྱོད་ཇི་ལྟར་ལགས༔ ཐུགས་རྗེའི་བདག་མོས་བཤད་དུ་གསོལ༔ ཞེས་གསོལ་པས༔ དཔལ་ལྡན་རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ ལྟ་བ་རྣམ་པ་གཉིས་ཡོད་དེ༔ གཉིས་པོ་དེ་དག་གཅིག་གི་ངང༔ རང་བཞིན་ལྷུན་རྫོགས་ལྟ་བ་དང༔ རྟོགས་པ་མངོན་གྱུར་ལྟ་བའོ༔ རང་བཞིན་ལྷུན་རྫོགས་ལྟ་བ་ནི༔ སྣང་སྲིད་འདི་ལྟར་སྣང་བའི་ཆོས༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ མ་མོ་ཉིད་ལས་གཞན་མ་ཡིན༔ མ་རྣམས་ཀུན་གཞི་དབྱིངས་ཀྱི་ཀློང༔ མོ་ནི་བྱང་སེམས་ཡེ་ཤེས་དང༔ དབྱིངས་དང་ཡེ་ཤེས་དོན་རྟོགས་པ༔ མ་དང་མོ་ཡི་དོན་རྟོགས་ཡིན༔ མ་མོ་དེ་ལྟར་རྟོགས་པ་ཡིན༔ རྟོགས་པ་མངོན་གྱུར་ལྟ་བ་ཡིན༔ དེ་ལྟར་གཉིས་མེད་དོན་རྟོགས་ན༔ བསྒྲོད་པ་མེད་པའི་ས་ཆེན་ནོན༔ ཡང་ན་མ་མོའི་ལྟ་བ་ནི༔ མ་མོ་སྙིང་པོ་བྱང་ཆུབ་སེམས༔ སྙིང་པོ་ཉིད་ལས་གཞན་མ་ཡིན༔ སྙིང་པོ་བྱང་ཆུབ་ཡེ་སངས་རྒྱས༔ ཐམས་ཅད་དག་པས་སངས་རྒྱས་ཡིན༔ ལྷུན་གྱིས་གྲུབ་པའི་མ་མོ་ཡིན༔ གཉིས་སུ་མེད་པའི་མ་མོ་ཡིན༔ རང་ལས་བྱུང་བའི་མ་མོ་ཡིན༔ ཡོངས་ལ་ཁྱབ་པས་མ་མོ་ཡིན༔ ཅིར་ཡང་སྣང་བས་མ་མོ་ཡིན༔ གང་ཡང་འཆར་བས་མ་མོ་ཡིན༔ ཁྱབ་པས་གདལ་བས་མ་མོ་ཡིན༔ མི་འགྱུར་མི་ཤིགས་མ་མོ་ཡིན༔ གཅིག་ལས་མེད་པས་མ་མོ་ཡིས༔ ཐ་དད་སྣང་བས་མ་མོ་ཡིན༔ མ་མོ་སྒྲུབ་ཅིང་འགྲུབ་པ་མེད༔ མ་མོ་བསྒོམ་ཞིང་བསྒྲུབ་ན་འགྲུབ༔ བསྒྲོད་དུ་མེད་པས་གར་ཡང་ཕྱིན༔ བཙལ་དུ་མེད་པས་གར་ཡང་འགྲུབ༔ གདགས་སུ་མེད་པས་ཐམས་ཅད་ཡིན༔ ཐ་དད་སྣང་བས་གཉིས་སུ་མེད༔ གཉིས་མེད་དོན་རྟོགས་མ་མོ་ཡིན༔ མ་ནི་སྙིང་པོ་བྱང་ཆུབ་སེམས༔ མོ་ནི་རང་བྱུང་ཡེ་ཤེས་ཡིན༔ སྙིང་པོ་བྱང་ཆུབ་ཉིད་ལས་ནི༔ མ་མོ་གཞན་ནས་བཙལ་མི་རྙེད༔ རང་བྱུང་ཡེ་ཤེས་དེ་བཞིན་ཉིད༔ ཡེ་ནས་རྣམ་དག་སྙིང་པོ་ཉིད༔ ཡེ་ནས་ལྷུན་གྱིས་རྫོགས་པར་གནས༔ ཁྱུང་ཆེན་ནམ་མཁར་ལྡིང་པ་ཡང༔ སྣང་སྲིད་སྤྱི་རྒྱ་རླབས་ཀྱིས་གཅོད༔ སྙིང་པོ་བྱང་ཆུབ་ཉིད་ལས་ནི༔ མ་མོ་ཞེས་ནི་གདགས་སུ་མེད༔ སྙིང་པོ་བྱང་ཆུབ་སེམས་ལས་ནི༔ མ་མོ་གཞན་ནས་བཙལ་མི་རྙེད༔ སེམས་ལས་ཀུན་འབྱུང་ཐམས་ཅད་སེམས༔ མ་མོ་བྱང་ཆུབ་སེམས་ཀྱི་རྒྱན༔ དེ་ལྟར་གཉིས་མེད་རྟོགས་པ་ན༔ མ་མོ་བསྒོམ་ཞིང་བསྒྲུབ་མི་དགོས༔ མ་མོ་ལུས་དང་གྲིབ་མ་འདྲ༔ ཞེས་གསུངས་སོ༔ ཁྲོས་མའི་གསང་རྒྱུད་ལས༔ ལྟ་བ་བསྟན་པའི་སྐབས་ཏེ་གཉིས་པའོ༔ དེ་ནས་སྤྱོད་པ་བཀའ་སྩལ་པ༔ གཟུགས་སུ་སྣང་བ་ཐམས་ཅད་ཀུན༔ མ་མོ་སྐུ་ཡི་བདག་ཉིད་ཡིན༔ སྒྲ་རུ་གྲགས་པ་ཐམས་ཅད་ཀུན༔ མ་མོ་གསུང་གི་བདག་ཉིད་ཡིན༔ སེམས་ཀྱི་དྲན་རྟོག་ཐམས་ཅད་ཀུན༔ མ་མོ་ཐུགས་ཀྱི་བདག་ཉིད་ཡིན༔ རང་བྱུང་ཡེ་ཤེས་ཐམས་ཅད་ཀུན༔ མ་མོ་ཡོན་ཏན་བདག་ཉིད་ཡིན༔ ཐམས་ཅད་རང་ལས་བྱུང་བས་ན༔ འཕྲིན་ལས་རྣམ་བཞི་ཅི་སྤྱད་ཀྱང༔ མ་མོ་འཕྲིན་ལས་བདག་ཉིད་ཡིན༔ དེ་ལྟར་སྤྱོད་ལུགས་ཅིས་སྤྱད་ཀྱང༔ ཐམས་ཅད་གཉིས་སུ་མེད་པར་སྤྱད༔ ཐམས་ཅད་མ་ལུས་མ་མོར་སྤྱད༔ མ་མོ་སྙིང་པོ་སེམས་སུ་བསྐྱེད༔ ཅེས་གསུངས་སོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ སྤྱོད་པ་བསྟན་པའི་སྐབས་ཏེ་གསུམ་པའོ༔ ལྷ་མོ་བདེ་བྱེད་ཡང་གསོལ་པ༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ༔ ལྟ་སྤྱོད་གཉིས་ཀྱི་བདག་མོ་ན༔ ཉིད་ཀྱི་བསྒོམ་བསྒྲུབ་ཇི་ལྟར་ལགས༔ ལྟ་སྤྱོད་བདག་མོས་བཤད་དུ་གསོལ༔ དེ་སྐད་གསོལ་མས་གསན་ནས་ཀྱང༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ སྣང་སྲིད་ཐམས་ཅད་མ་མོར་བསྒོམ༔ མ་མོ་བྱང་ཆུབ་སེམས་སུ་སྒོམ༔ ཐམས་ཅད་འབྱུང་བ་ལྔ་རུ་སྒོམ༔ འབྱུང་བ་ལྔ་ཉིད་ནམ་མཁར་སྒོམ༔ ཕྱི་ནང་སྣོ་བཅུད་ཆོས་རྣམས་ཀུན༔ ཆོས་ཉིད་བྱང་ཆུབ་སེམས་སུ་སྒོམ༔ དབྱིངས་དང་ཡེ་ཤེས་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ ཐབས་དང་ཤེས་རབ་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ འཁོར་བ་མྱང་འདས་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ སེམས་ཅན་སངས་རྒྱས་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ བདེ་དང་སྡུག་བསྔལ་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ ཤེས་རབ་ཏིང་འཛིན་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ ལྟ་བ་སྤྱོད་པ་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ ཕྱི་ནང་སྣོད་བཅུད་གཉིས་མེད་ན། དེ་ཡང་མ་མོ་སྒོམ་པ་ཡིན༔ མ་མོ་སེམས་སུ་གཉིས་མེད་ན༔ བསྒོམ་པ་མེད་པའི་སྒོམ་པ་ཡིན༔ ཅེས་གསུངས་སོ༔ ནག་མོ་ཁྲོས་མའི་གསང་རྒྱུད་ལས༔ སྒོམ་པ་བསྟན་པའི་སྐབས་ཏེ་བཞི་པའོ༔ དེ་ནས་བསྒྲུབ་པ་ནི༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ ཐམས་ཅད་མ་མོར་བསྒྲུབ་པར་བྱ༔ མ་མོ་རང་བྱུང་སེམས་སུ་བསྒྲུབ༔ སེམས་ཉིད་ཡེ་བསྒྲུབ་ཆེན་པོ་ཡིན༔ སྣང་མེད་ཀུན་ཏུ་སྣང་བའི་དགོངས་བ་ཅན༔ བྱ་བ་བྱེད་ཅིང་མཚན་ཉིད་ཅི་དགར་འགྱུར༔ ནོར་བུ་རིན་ཆེན་ལྟ་བུའི་སེམས་ཉིད་དེ༔ མ་མོ་འགྲོ་བ་སེམས་ཅན་རྣམས་ལ་འཕྲོས༔ དེ་ཉིད་མ་ཡེངས་མ་མོ་བསྒྲུབ་པ་ཡིན༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ སྒྲུབ་པ་བསྟན་པའི་སྐབས་ཏེ་ལྔ་པའོ༔ ལྷ་མོ་བདེ་བྱེད་ཡང་གསོལ་པ༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ༔ སྒོམ་བསྒྲུབ་གཉིས་ཀྱི་བདག་མོ་ན༔ ཉིད་ཀྱི་སྦྱོར་སྒྲོལ་ཇི་ལྟར་ལགས༔ སྒོམ་བསྒྲུབ་བདག་མོས་བཤད་དུ་གསོ༔ དེ་སྐད་གསོལ་བ་གསན་ནས་ཀྱང༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་ལས༔ རང་རིག་ཡེ་ཤེས་བློ་ཡི་སྦྱོར༔ ཐམས་ཅད་ཆོས་ཀྱི་ཆོས་ཉིད་ལ༔ སེམས་ཀྱི་སེམས་ཉིད་གཉིས་མེད་སྦྱོར༔ ཐབས་དང་ཤེས་རབ་གཉིས་མེད་སྦྱོར༔ དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར༔ སངས་རྒྱས་སེམས་ཅན་གཉིས་མེད་སྦྱོར༔ འཁོར་བ་མྱང་འདས་གཉིས་མེད་སྦྱོར༔ ཕྱི་ནང་སྣོད་བཅུད་གཉིས་མེད་སྦྱོར༔ ཡུལ་དང་དབང་མོ་གཉིས་མེད་སྦྱོར༔ སྣང་སྲིད་ཐམས་ཅད་མ་མོར་སྦྱོར༔ མ་མོ་སྙིང་པོ་སེམས་སུ་སྦྱོར༔ སེམས་ཉིད་ཡེ་སྦྱོར་ཆེན་པོ་ཡིན༔ དེ་ལྟར་གཉིས་མེད་སྦྱོར་བ་ན༔ དེ་ནི་མ་མོའ་ིསྦྱོར་བ་ཡིན༔ ཅེས་གསུངས་སོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ སྦྱོར་བ་བསྟན་པའི་སྐབས་ཏེ་དྲུག་པའོ༔ དེ་ནས་སྒྲོལ་བ་བསྟན་པ་ནི༔ ཁམས་གསུམ་ཐམས་ཅད་རང་གི་སེམས་ཡིན་པས༔ ཡེ་སངས་རྒྱས་པའི་ཁམས་གསུམ་ཡོངས་སྒྲོལ་ལོ༔ སྲིད་གསུམ་ཐམས་ཅད་རང་གི་སེམས་ཡིན་པས༔ ཡེ་སངས་རྒྱས་པས་བྱ་བྱེད་འབད་རྩོལ་བྲལ༔ སྲིད་གསུམ་དག་པའི་ཞིང་དུ་ཡེ་སྒྲོལ་ཡིན༔ སེམས་ཅན་རྒྱུད་དྲུག་ཕུང་པོར་སྣང་བ་ཡང༔ རང་གི་སེམས་ཉིད་ཡིན་ཏེ་ཡེ་སངས་རྒྱས༔ དེ་ལྟར་གཉིས་མེད་སྒྲོལ་བ་ནི༔ དེ་ནི་མ་མོའི་རྒྱུད་དྲུག་རྩད་བཅད་དག་པའི་ཞིང་དུ་བསྒྲལ༔ རྒྱུད་ལྔ་ལས་ཀྱི་སྒོ་ཡང་རང་གི་སེམས༔ སེམས་ཉིད་སངས་རྒྱས་ངན་སོང་ལམ་ཡང་མེད༔ ཡེ་ནས་དག་པས་དག་པའི་ཞིང་དུ་སྒྲོལ༔ སྣང་སྲིད་ཐམས་ཅད་མ་མོའི་ངང་དུ་བསྒྲལ༔ མ་མོ་མཁའ་འགྲོ་བྱང་ཆུབ་སེམས་སུ་བསྒྲལ༔ སེམས་ཉིད་ཡེ་སྒྲོལ་ཆེན་པོ་ཡིན༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ སྒྲོལ་བ་བསྟན་པའི་སྐབས་ཏེ་བདུན་པའོ༔ ལྷ་མོ་བདེ་བྱེད་ཡང་གསོལ་པ༔ སྦྱོར་སྒྲོལ་གཉིས་ཀྱི་བདག་མོ་ན༔ ཉིད་ཀྱི་གསོ་བསད་ཇི་ལྟར་ལགས༔ སྦྱོར་སྒྲོལ་བདག་མོས་བཤད་དུ་གོས༔ དེ་སྐད་གསོལ་པ་གསན་ནས་ཀྱང༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ འཁོར་བའི་སེམས་ཅན་ཐམས་ཅད་ཀུན༔ བདེ་ཆེན་ཆོས་ཀྱི་དབྱིངས་སུ་གསོ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ སྙིང་པོ་བྱང་ཆུབ་སེམས་སུ་གསོ༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི༔ ཁམས་གསུམ་སེམས་ཅན་ཉོན་མོངས་གསོ༔ འདུ་བའི་ནད་ཀྱིས་ཟིན་པ་རྣམས༔ བདུད་རྩི་ཆེན་པོ་སྨན་གྱིས་གསོ༔ ཐུགས་རྗེའི་རྒྱུན་ཐག་ཆད་པ་རྣམས༔ མི་བརྗེད་གཟུངས་ཀྱི་ཐུགས་རྗེས་གསོ༔ ཤེས་རབ་མེ་སྟག་ཤི་བ་རྣམས༔ ཏིང་འཛིན་མ་ཡེངས་བརྟན་པོས་གསོལ༔ ཤེས་རབ་མེ་ལྕེ་ཆད་པ་རྣམས༔ རྟོགས་པ་ཁྱད་པར་བརྟན་པོས་གསོ༔ རང་བྱུང་ཡེ་ཤེས་རྒྱུན་ཆད་པ༔ སྙིང་པོ་བྱང་ཆུབ་སེམས་ཀྱིས་གསོ༔ སེམས་ཀྱི་དེ་ཉིད་མ་རྟོགས་པ༔ ཤེས་རབ་ཏིང་འཛིན་བརྟན་པོས་གསོ༔ མ་མོ་མཁའ་འགྲོ་གདུག་གཏུམ་པ༔ སྙིང་པོ་བྱང་ཆུབ་སེམས་སུ་གསོ༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ གསོ་བ་བསྟན་པའི་སྐབས་ཏེ་བརྒྱད་པའོ༔ བསད་པའི་སྦྱོར་བ་བསྟན་པ་ན༔ དུག་ལྔ་ཡེ་ཤེས་ལྔ་རུ་བསད༔ དུག་གསུམ་སྐུ་གསུང་ཐུགས་སུ་བསད༔ སྡུག་བསྔལ་བདེ་བ་ཆེན་པོར་བསད༔ འཁོར་བ་མྱ་ངན་འདས་པར་བསད༔ ཤེས་རབ་མེ་ལྕེ་འབར་བར་བསད༔ གཟུང་འཛིན་རླུང་དམར་འཚུབས་མར་བསད༔ ཤེས་རབ་མེ་སྟག་ཚན་པོ་ཆེས༔ རྣམ་རྟོག་གྲུ་ཆད་འབབ་པ་བསད༔ རྣམ་འབྱོར་རྟོགས་པའི་ཁྱད་པར་གྱིས༔ མ་རྟོགས་རྨོངས་པའི་གཏི་མུག་བསད༔ ཡེ་ཤེས་ཉི་མ་འོད་གསལ་བས༔ གཏི་མུག་མུན་པ་འཐིབ་པས་བསད༔ སྣང་སྲིད་ཆོས་རྣམས་སེམས་སུ་བསད༔ མ་མོ་མཁའ་འགྲོ་དབྱིངས་སུ་བསད༔ ཤི་བ་མེད་པར་ཡེ་བསད་ཡིན༔ སེམས་ཅན་ཐམས་ཅད་སེམས་སུ་བསད༔ རྟོགས་པ་མངོན་དུ་གྱུར་པ་ན༔ ཏིང་འཛིན་ལས་སུ་རུང་བའོ༔ སྣང་སྲིད་ཐམས་ཅད་བསད་པར་བྱ༔ བསད་དུ་མེད་དེ་ཡེ་བསད་ཡིན༔ ཞེས་གསུངས་སོཿ ཁྲོས་མ་ནག་མོའི་རྒྱུད་ལས༔ བསད་པ་བསྟན་པའི་སྐབས་ཏེ་དགུ་པའོ༔ ལྷ་མོ་བདེ་བྱེད་ཡང་གསོལ་པ༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ༔ གསོ་བསད་གཉིས་ཀྱི་བདག་མོ་ན༔ ཉིད་ཀྱི་དབབ་བཅད་ཇི་ལྟར་བྱ༔ གསོ་བསད་བདག་མོས་བཤད་དུ་གསོ༔ དེ་སྐད་གསོལ་པ་གསན་ནས་ཀྱང༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ འཁོར་བའི་རོ་སྐམ་ལུང་པ་རུ༔ བྱང་ཆུབ་སེམས་ཀྱི་ཆུ་བོ་དབབ༔ རྣམ་རྟོག་མེ་ཆེན་འབར་བ་ལ༔ ཡེ་ཤེས་ཆེན་པོའི་ཆུ་བོ་དབབ༔ དུག་ལྔའི་འབྲས་བུ་སྨིན་པ་ལ ༔ ཡེ་ཤེས་ལྔ་ཡི་སེར་བ་དབབ༔ དུག་གསུམ་ལོ་མ་རྒྱས་པ་ལ༔ སྐུ་གསུམ་ཐུགས་ཀྱི་ཐོག་སེར་དབབ༔ གཟུང་འཛིན་འཚུབ་མར་ལྡང་པ་ལ༔ ཏིང་འཛིན་བརྟན་པའི་ཐབས་ཀྱིས་མནན༔ ཡུམ་གྱི་པདྨ་བྷ་ག་རུ༔ བྱང་ཆུབ་སེམས་ཀྱི་ཆུ་བོ་དབབ༔ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ༔ རིག་པ་ཡེ་ཤེས་ཆུ་བོ་དབབ༔ མཁའ་དབྱིངས་བདེ་ཆེན་ཀློང་ཡངས་སུ༔ ཤེས་རབ་ཏིང་འཛིན་ཆུ་བོ་དབབ༔ མ་མོ་མཁའ་འགྲོ་ཕྱོགས་ཚད་ལ༔ སྲིད་མེད་བྱང་ཆུབ་ཆུ་བོ་དབབ༔ འབབ་དུ་མེད་དེ་ཡེ་འབབ་ཡིན༔ དེ་ལྟར་འབབ་པ་བསྟན་པ་ནི༔ བྱང་ཆུབ་སེམས་ཀྱི་ཆུ་ཆེན་ཏེ༔ མ་མོ་མཁའ་འགྲོའི་དབབ་བཅད་ཡིན་༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོ་རྒྱུད་ལས༔ དབབ་པ་བསྟན་པའི་སྐབས་ཏེ་བཅུ་པའོ༔ དེ་ནས་བཅད་པ་བཀའ་སྩལ་པ༔ བདེ་ཆེན་ཆོས་ཉིད་ཀློང་ཡངས་སུ༔ ཉོན་མོངས་འཁོར་བའི་རྒྱུན་ཐག་བཅད༔ ང་དང་བདག་ཏུ་འཛིན་པ་ལ ༔ གཉིས་མེད་རལ་གྲི་རྣོན་པོ་ཡིས༔ བྱང་ཆུབ་སེམས་སུ་རྒྱུན་ཐག་བཅད༔ དུག་ལྔའི་ཁང་བུར་བཅུག་པ་ལ༔ ཡེ་ཤེས་ལྔ་རུ་རྒྱུན་ཐག་བཅད༔ དུག་གསུམ་དྲྭ་བར་ཚུད་པ་ལ༔ སྐུ་གསུང་ཐུགས་སུ་རྒྱུན་ཐག་བཅད༔ ཆགས་སྡང་ལྕགས་སུ་བཅུག་པ་ལ༔ ཐབས་དང་ཤེས་རབ་སྤུ་གྲི་ཡིས༔ ཆགས་སྡངགཉིས་ཀྱི་རྒྱུན་ཐག་བཅད༔ ཡིད་གཉིས་ཐེ་ཚོམ་ཟ་བ་ལ༔ ཤེས་རབ་ཏིང་འཛིན་བརྟན་པོ་ཡིས༔ ཡིད་ཆེས་དད་པར་རྒྱུན་ཐག་བཅད༔ སྣང་སྲིད་མ་མོ་ཐམས་ཅད་ཀུན༔ རང་གི་སེམས་ལས་བྱུང་བས་ན༔ སེམས་ཉིད་ཡིན་པར་རྒྱུན་ཐག་བཅད༔ བཅད་དུ་མེད་དེ་རྣམ་རྟོག་རྣམས༔ ཡེ་སངས་རྒྱས་པར་ཡེ་ནས་བཅད༔ ཅེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ བཅད་ཐབས་བསྟན་པའི་སྐབས་ཏེ་བཅུ་གཅིག་པའོ༔ ལྷ་མོ་བདེ་བྱེད་ཡང་གསོལ་པ༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ༔ དཔབ་བཅད་གཉིས་ཀྱི་བདག་མོ་ན༔ ཉིད་ཀྱི་མངོན་དུ་སྒྲུབ་ཐབས་གང༔ རྫས་དང་བྱ་བ་ཇི་ལྟར་ལགས༔ ཕྲིན་ལས་གཞུང་བསྲོང་ཇི་ལྟར་བསྲོང༔ སྒྲུབ་ཐབས་རྣམ་པ་དུ་རུ་བསྟན༔ དབབ་བཅད་བདག་མོས་བཤད་དུ་གསོལ༔ དེ་སྐད་གསོལ་པ་གསན་ནས་ཀྱང༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ། ལས་ཀྱི་བྱ་བའི་བྱེ་བྲག་རྣམས༔ ངེས་པར་བཤད་ཀྱི་ཚུལ་བཞིན་ཉོན༔ མངོན་དུ་སྒྲུབ་ཐབས་རྣམ་པ་གསུམ༔ རབ་ཀྱིས་ཏིང་འཛིན་བརྟན་པས་བསྒྲུབ། འབྲིང་གིས་སྔགས་ལ་བརྟེན་ནས་བསྒྲུབ༔ མཐའ་མས་རྫས་ལ་བརྟེན་ནས་བསྒྲུབ༔ རབ་ཀྱིས་ཏིང་འཛིན་བསྒྲུབ་པ་ནི༔ དཀྱིལ་འཁོར་གཞལ་ཡས་གསལ་སྒོམ་ལ༔ དམིགས་པ་བསྐྱེད་ལ་ནན་ཏན་བྱ༔ ཏིང་འཛིན་བརྟན་པོར་གྱུར་པ་ན༔ མ་མོ་ལས་སུ་རུང་བ་ཡིན༔ རྣལ་འབྱོར་ལུས་དང་གྲིབ་བཞིན་འགྱུར༔ ལྷ་མོ་ལས་སུ་མ་རུང་ན༔ ནམ་ཀྱང་བཀོལ་དུ་མ་གཏུབ་སྟེ༔ དབེན་པ་ཆེན་པོའི་ས་ཕྱོགས་སམ༔ དུར་ཁྲོད་མ་མོའི་ཆགས་ས་རུ༔ བདག་ལས་མ་ཡིན་གཞན་མ་ཡིན༔ འདུ་འཛི་སྤངས་ལ་བདེ་མལ་བཤམས༔ མཎྜལ་ཆག་ཆག་ལེགས་བཏབ་ལ༔ དར་དཀར་རས་ལ་མ་མོ་ཉིད༔ བྲི་མཁན་དམ་ཚིག་ཅན་གྱི་བྲི༔ མདོག་ནག་ཞལ་བསྒྲལ་མཆེ་གཙིགས་པ༔ སྤྱན་ལོག་རལ་པ་མཐུར་དུ་གཏིབས༔ མཐིང་གི་རལ་པ་ཆག་གང་བ༔ འོད་འབར་གྱེན་དུ་བསྒྲེང་བའོ༔ གཡས་པས་བམ་ཆེན་ཙིཏྟ་ལ༔ གཡོན་པས་སྤྱང་མོ་ཁྲ་ཐབས་ཐོགས༔ སྐུ་དང་རལ་པའི་གསེབ་ནས་ཀྱང༔ སྤྱང་མོ་མང་པོ་འཕྲོ་བའོ༔ གཡས་སུ་སྒྲོལ་བའི་གིང་ཆེན་བྲི༔ གཡོན་དུ་སྦྱོར་བའི་གིང་ཆེན་བྲི༔ ཁ་དོག་གཟུགས་མདངས་ལེགས་པར་བྲི༔ དེ་ལྟར་བྲིས་པའི་མ་མོ་དེ༔ མཎྜལ་དབུས་སུ་དེ་བཞག་ལ༔ དམིགས་པ་བསྐྱེད་ལ་ནན་ཏན་བྱ༔ རེས་བྱིང་རེས་གསལ་ཅུང་ཟད་ཙམ༔ མང་དུ་འབྱུང་བས་ནན་ཏན་བྱ༔ དེ་ལྟར་བྱུང་སྟེ་མངོན་གསལ་ནས༔ རང་གི་སེམས་ཉིད་གསལ་བར་ལྟ༔ ལོ་འམ་ཟླ་བའི་བར་དུ་བྱ༔ དེ་ལྟར་ཡིན་པར་ཤེས་རྟོགས་ནས༔ འཕྲིན་ལས་བཞི་པོ་གང་དགར་སྤྱད༔ ཞི་རྒྱས་གཉིས་ཀྱིས་གསོ་བར་བྱ༔ དབང་དྲག་གཉིས་པོས་བསད་པར་བྱ༔ གསལ་བ་མངོན་དུ་གྱུར་པ་ན༔ རང་ཉིད་ཅི་བདེ་ཅི་དགར་སྤྱད༔ ཅེས་གསུངས་སོ༔ ཁྲོས་མའི་རྒྱུད་ལས༔ ཏིང་ངེ་འཛིན་བརྟེན་ནས་བསྒྲུབ་པའི་སྐབས་ཏེ་བཅུ་གཉིས་པའོ༔ སྔགས་ལ་བརྟེན་ནས་བསྒྲུབ་པ་ནི༔ དེ་ལྟར་དགྲམ་པའི་མ་མོ་དེ༔ མདུན་དུ་རྫས་རྣམས་འཚོགས་བྱས་ལ༔ སྔགས་འདི་སེལ་མ་ཞུགས་པར་བཟླས༔ ཏྲག་རག་ཤ་མུ་ཏྲ་མུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རག་མོ་ཏེ་ཀེཾ་ཙ་ཙ་ཁ་ལ་བྷྱོ༔ རུ་ལུ་རུ་ལུ་མ་ཧིང་བྷྱོ༔དེ་ནས་རྒྱུན་དུ་བསྒྲང་བར་བྱ༔ དྲག་པོའི་སྔགས་ཀྱི་མཆོད་པར་བྱ༔ ཤ་ཁྲག་སྙིང་སོགས་སྤྱན་གཟིགས་དང༔ གཏོར་མ་རྒྱས་པ་གསར་བཀྲམ་ལ༔ ཏྲག་རག་ཤ་མ་མ་ཏྲག་རགྴ་ཙིཏྟ་ལ་ཁཱ་ཧི༔ སྙིང་ཁ་རག་རག་ཤ་ཏྲཾ་མ་ཧཱ་མཾ་ས་མ་ལ་ཡ་མ་ཧཱ་རཀྟ་ལ་ཏྲཾ༔ ཙིཏྟ་རྦ་ཐུཾ་རིལ་ལི་ལི་རྦད༔ དྲག་པོའི་ལས་འདི་ལས་ལ་བཏགས༔ ཏྲག་རག་ཤ་བཛྲ་ཁ་ཆུཾ་རིལ་ལི་ལི་བྷྱོ་རྦད་བྷྱོ་རྦད༔ པྲ་ཏི་ས་མན་ཛ་སྐ་ག་པྲ་ཏི་ས་མན་ཙ་ནི༔ ཁཾ་སྨག་ཁུཾ་ཁུ་མག་མག་ཆོད༔ ཉུངས་དཀར་ཉུངས་ནག་སྐེ་ཚེ་དང༔ དུག་རྫས་ལ་སོགས་རྫས་ཀྱིས་རྡེགས༔ རྫས་རྣམས་སྒྲོལ་བའི་གིང་དུ་སྒོམ༔ དེ་བཞིན་སྔགས་རྣམས་རིམ་གྱིས་སོ༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ སྔགས་ལ་བརྟེན་ནས་བསྒྲུབ་པའི་སྐབས་ཏེ་བཅུ་གསུམ་པའོ༔ རྫས་ལ་བརྟེན་ནས་སྒྲུབ་པ་ནི༔ རྫས་ནི་རྣམ་པ་ལྔ་རུ་བཤད༔ དབང་རྫས་མཆོད་རྫས་སྒྲུབ་པའི་རྫས༔ བརྟེན་རྫས་བསྐང་རྫས་ལྔ་རུ་བཤད༔ དབང་རྫས་བྱང་སེམས་དཀར་དམར་དང༔ ཆང་ཕུད་ཨ་མྲྀ་ཏར་སྦྱར་བའོ༔ རྒྱུད་རྫས་སྲོག་ཆགས་ལ་སོགས་པའོ༔ མཆོད་རྫས་སྙིང་ཁྲག་སྣ་ཚོགས་བཤད༔ དཀར་གསུམ་མངར་གསུམ་སྤྱན་གཟིགས་ཚོགས༔ སྨན་དང་ཕུད་དང་སྙིང་གི་མཆོད༔ འབྲས་བུ་སྣ་ཚོགས་དེ་བཞིན་ནོ༔ བསྒྲུབ་རྫས་སྦ་དཀར་ཚིག་གསུམ་ལ༔ དུག་རྫས་ལ་སོགས་ཐུན་རྣམས་སོ༔ བརྟེན་རྫས་ཤེས་རབ་མཚལ་ཆེན་དང༔ ཨ་མྲྀ་ཏ་དང་བྱང་ཆུབ་སེམས༔ ཤ་ཁྲག་སྙིང་སྣ་ཚོགས་པའི་ཕྱེ༔ རྟག་ཏུ་ལུས་ལ་བསྲེལ་བར་བྱ༔ རུ་དར་དམར་ནག་ལེ་བརྒན་གུར༔ རྨ་བྱའི་རྒྱལ་མཚན་མཐིང་ནག་གུར༔ རྣེལ་མོའི་གཡང་གཞི་རྣེལ་མོའི་མགོ༔ ནལ་བུའི་ཤ་ཁྲག་རྒྱལ་མཚན་སྙིང༔ སྤྱི་བླུག་ཞྭ་དང་རྐང་གླིང་དུང༔ ཙིཏྟའི་རྒྱལ་མཚན་ལུག་ནག་གསོབ༔ ལྟག་སྤྲོད་རྔ་དང་ཕྲེང་ཆེན་རྣམས༔ མ་མོ་བརྟེན་པའི་རྫས་སུ་བཤད༔ བསྐང་རྫས་འབྲས་བུ་སྣ་ཚོགས་དང༔ བྱང་ནག་ལུག་ནག་ཁྱི་རོག་མོ༔ འབྲི་རོག་མོ་ལ་སོགས་པས་བསྐང༔ མི་ཁྱི་བྷནྡྷའི་བམ་གྱིས་བསྐ་༔ མདོས་ལ་སོགས་པའང་དེ་བཞིན་ནོ༔ དེ་ལྟར་རྫས་རྣམས་ཚོགས་པ་ན༔ མ་མོ་གཉིས་སུ་མེད་པར་འགྱུར༔ ཁྲོས་མ་ནག་མོའི་རྒྱུད་ལས༔ རྫས་ལ་བརྟེན་ནས་བསྒྲུབ་པའི་སྐབས་ཏེ་བཅུ་བཞི་པའོ༔ དེ་ནས་འཕྲིན་ལས་གཞུང་བསྲངས་པ༔ བྲག་དམར་ཆོས་བསྲུང་འདུ་ས་འམ༔ མཚོ་གླིང་དུར་ཁྲོད་དག་ཏུ་བསྒྲུབ༔ ཟླ་བ་མར་གྱི་ཉི་ཤུ་གཉིས༔ གཟའ་མཆོག་སྒྲ་གཅན་འཛིན་ལ་གཏད༔ བསྒྲུབ་བྱ་ཤེས་ལྡན་དབང་རྫོགས་པས༔ དཀྱིལ་འཁོར་ཞི་རྒྱས་དབང་དྲག་ལ༔ དབུས་སུ་མཚལ་གྱི་ཏྲག་བྲིས་ལ༔ སྦ་དཀར་ཚིག་གསུམ་གཟུག་པར་བྱ༔ སྐྱེར་པ་མགོ་ལིང་ཡལ་ག་ལྔ༔ དེ་བཞིན་མཁར་བའི་རྩ་རུ་གཟུག༔ རྣེལ་མོའི་ཐོད་པ་དུམ་ལྔའི་ནང༔ བརྟེན་རྫས་ཤེས་རབ་མཚལ་ཆེན་དང༔ ཨ་མྲྀ་ཏ་དང་ཆང་ཕུད་སོགས༔ སྦྱན་གཟིགས་གཏོར་མ་དེ་བཞིན་ཏེ༔ རྒྱབ་ནི་འཇམ་དཔལ་ཕུར་ལ་བརྟེན༔ ཡང་ན་ཆེ་མཆོག་དེ་བཞིན་ནོ༔ ཏིང་ངེ་འཛིན་རྣམས་གསལ་བསྒོམས་ལ༔ དབང་ཆེན་གཞལ་ཡས་གདན་བཅས་བསྒོམ༔ བསྐྱེད་པ་རྐྱེན་གྱི་སྔགས་བརྗོད་དེ༔ དབུས་སུ་ཤིང་དང་ཐ་མི་དང༔ དབང་བསྐུར་དྲུག་གི་གཟི་བྱིན་བསྐྱེད༔ འཕྲིན་ལས་རྫོགས་ནས་རྒྱུད་སྔགས་བཟླས༔ བར་རྦད་ཐ་མར་བསད་སྔགས་བཟླས༔ བརྡེགས་པའི་བསྔགས་བཟླས་སྙིང་ཐུན་དབབ༔ གཏོར་མ་བཏང་ཞིང་ལས་མཐའ་བསྡུ༔ ས་ཚོན་མཁར་བ་དགྲ་ཕྱོགས་བསྟན༔ བརྣག་པའི་ལིང་ག་དུག་གིས་མནན༔ མིང་བྱང་སྔགས་བཟླས་སྦྱིན་སྲེག་བྱ༔ སྦ་དཀར་མི་ལ་མི་བསྟན་མ་མོར་བསྒོམ་༔ འཕྲིན་ལས་རྫོགས་ནས་ལུས་དང་གྲིབ་མ་འདྲ༔ ཞེས་གསུངས་སོ༔ ཁྲོས་མའི་རྒྱུད་ལས༔ འཕྲིན་ལས་བསྟན་པའི་སྐབས་ཏེ་བཅོ་ལྔ་པའོ༔ བདེ་བྱེད་ལྷ་མོས་ཡང་གསོལ་པ༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ༔ འཕྲིན་ལས་ཐམས་ཅད་བདག་མོ་ན༔ བསྒྲུབ་ཐབས་རྣམ་པ་དུ་ནི་བསྟན༔ འཕྲིན་ལས་བདག་མོས་བཤད་དུ་གསོ༔ དེ་སྐད་གསོལ་པ་གསན་ནས་ཀྱང༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ སྒྲུབ་ཐབས་རྣམ་པ་གསུམ་དུ་བཤད༔ ཕོ་བསྒྲུབ་འཁོར་ལོ་རྟེན་ལ་བསྒྲུབ༔ དྲག་སྔགས་ཉུང་ཀར་རྟེན་ལ་བསྒྲུབ༔ ཕོ་དང་འཁོར་ལོ་སྟོབས་ཆེ་སྟེ༔ དེ་ཕྱིར་འཁོར་ལོ་རྟེན་ལ་བསྒྲུབ༔ ཕོ་ནི་གདུག་ཅིང་གཏུམ་པས་ན༔ དེ་ཕྱིར་འཁོར་ལོ་རྟེན་ལ་བསྒྲུབ༔ ཕོ་ཡིས་ཐམས་ཅད་སྒྲོལ་བྱེད་པས༔ འཁོར་ལོ་འཁོར་བས་ཐམས་ཅད་སྒྲོལ༔ འཁོར་ལོ་འཁོར་བས་ཐམས་ཅད་གཅོད༔ འཕྲིན་ལས་རྣམ་བཞིའི་དངོས་པོ་གཅོད༔ དེ་ཕྱིར་འཁོར་ལོ་རྟེན་ལ་བསྒྲུབ༔ དུར་ཁྲོད་རས་ལ་སྐྱང་འདུལ་བྱ༔ དུག་ཁྲག་མཚོན་ལྕགས་བརྡར་ལ་བྱུག༔ སྒྲོལ་གིང་སྦྱོར་གིང་བཞེངས་བྲིས་ལ༔ ལྟོ་བར་སྲིད་པའི་འཁོར་ལོ་བསྐོར༔ སྲོག་གི་འཁོར་ལོ་བསྐོར་བའི་ཚེ༔ སྲོག་ལས་དྲངས་པའི་སྙིང་པོས་བསྐོར༔ གསོད་པའི་འཁོར་ལོ་བསྐོར་བའི་ཚེ༔ ཕུང་བཤིག་བསྒྲལ་བའི་འཁོར་ལོ་བསྐོར༔ བར་བར་མིང་རུས་ཤམ་བུ་སྦྱར༔ མཱ་ར་ཡ་ཡི་བྷྱོ་སྒྲས་གདབ༔ སྲོག་གི་འཁོར་ལོ་བསྒྲུབ་པ་ན༔ བདུད་རྩི་ཆང་ཕུད་ཁྲག་གིས་མཆོད༔ བསྐང་བའི་ཆོ་ག་རྒྱ་ཆེར་བྱ༔ བསད་པའི་འཁོར་ལོ་བསྒྲུབ་པའི་ཚེ༔ རབས་ཆད་ཐོད་བསྒྲུབ་ནན་ཏན་བྱ༔ སྒྲོལ་བ་སྒྲོལ་གིང་ཉིད་ལ་སྟེ༔ གཏད་པ་ཞང་པོ་ཀླུ་ལའོ༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ ཕོ་འཁོར་ལ་བརྟེན་ནས་སྒྲུབ་པའི་སྐབས་ཏེ་བཅུ་དྲུག་པའོ༔ ༔མོ་བསྒྲུབ་ཁྲག་ལ་བརྟེན་ནས་བསྒྲུབ་པ་ནི༔ མོ་ཡི་རང་བཞིན་འདོད་ཆགས་ཆེ༔ ཁྲག་གི་རང་བཞིན་འདོད་ཆགས་རྒྱུ༔ ཆགས་པའི་འབྲས་བུ་ཁྲག་ཏུ་སྨིན༔ དེ་ཕྱིར་ཁྲག་ལ་བརྟེན་ནས་བསྒྲུབ༔ དང་པོ་བསྒྲུབ་ཚེ་ཁྲག་གིས་མཆོད༔ བསད་པའི་མཚོན་ཆ་ཁྲག་གི་བྱ༔ ཁྲག་རྫས་དུག་གི་གྲོགས་དང་སྦྱར༔ དུག་ཁྲག་ནད་ཀྱི་རྒྱུ་ཡིན་པས༔ བསད་ཚེ་དུག་རྫས་སྦྱོར་བར་བྱ༔ ཁྲག་ལ་རྣམ་པ་གཉིས་ཡོད་དེ༔ ཤི་བའི་ཁྲག་དང་གསོན་པོའི་ཁྲག༔ གསོན་པོའི་ཁྲག་གིས་བསྒྲུབ་ཅིང་མཆོད༔ ཤི་བའི་ཁྲག་གིས་བསད་པར་བྱ༔ དུག་དང་ཁྲག་གཉིས་བསད་པའི་རྫས༔ ཁྲག་འཕངས་དྲག་ལ་མནན་པ་བྱ༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ མ་མོ་ཁྲག་ལ་བརྟེན་ནས་བསྒྲུབ་པའི་སྐབས་ཏེ་བཅུ་བདུན་པའོ༔ ༔དྲག་སྔགས་ཡུངས་ཀར་དག་ལ་བསྒྲུབ་བྱ་བ༔ ཉུངས་ཀར་སྔགས་ཀྱི་མཚོན་ཆ་ཡིན༔ དྲག་པོའི་སྔགས་སུ་རབ་ཏུ་བསྔགས༔ ཉུངས་ཀར་རྒྱལ་པོ་དག་ལ་ཡང༔ གོང་དུ་བསྙེན་པ་རྫོགས་བྱ་སྟེ༔ མཚན་མ་དྲོད་ལ་ཕེབས་པ་དང༔ དམིགས་པའི་ལིང་ག་ཉིད་ལའོ༔ ཏྲིག་ཏྲིག་སེར་སེར༔ ཀུ་ལུ་ཀུ་ལུ༔ མོ་ཀུ་མོ་ཀུ༔ ཙ་ཧ་ཙ་ཧ༔ མུ་ར་ཛ་ལ་ཁཱ་ཧིིཿ ཙག་ར་ལྡིང་མུ་རུ༔ མགོ་ལྡིང་ལྡིང་བུ་བྱུག་བྱུག༔ མི་ཧ་ཧི༔ བཤལ་བ་ཤུལ༔ མུ་ཧུ་ལ་པ་ནེ༔ ཙག་ཙག༔ ཙིག་ཙིག༔ མུ་དམ་དི༔ ཧི་ལེ་ཧེ་སྟེ༔ པུ་རི་ཙིས་ཙི༔ མྱོག་མྱོག༔ ཐུཾ་ཐུཾ༔ དཀར་ལྡན་མི་ཧེ་ཧ༔ ཀུམ་ལུ་ཙེ༔ ཨེ་ཕཊ་ནི་དགའ་བའི་མཆོག་ཆེན་པོའོ༔ ཙིང་ལྡིང་མུ་ཁ་ཡེ༔ ཀོད་ཀོད་མེ་ཧེ༔ མྱག་མྱ་མྱི་ཚེ༔ ཀུ་ཧུ་ཧུ་མཆེ་ཧེ་མུད་ཡ་རྩེ་ལྡིང་ལྡིང་ཀུ་ཙོག་ན་ཙ་ཧ་མུ་ཧཿ ཀ་ཡེ་ཏིང༔ མུ་ལོང་ཙ་ཁ༔ ཡེ་དཀར་མེ་ཏིང་ཏིང༔ ཕྲབ་ཕྲབ༔ ཕྲིབ་ཕྲིབ༔ ཙིང་ལྡིང་ལྡིང༔ མུ་ལོ་ཀ་ཡང་ཤི་བ་མྱོག་ཏ་ཏེ༔ གོང་དུ་བསྙེན་པ་རྫོགས་བྱ་སྟེ༔ ལིང་ག་ཉིད་ལ་བརྡེག་པར་བྱ༔ འདི་ནི་སྔགས་ཀྱི་མཆོག་ཡིན་ཏེ༔ ཡང་སྙིང་ཐུགས་ཀྱི་རྒྱལ་མོས་བྱ༔ བརྡེག་ན་གང་ཡིན་གསོད་པ་སྟེ༔ ཕུང་བྱེད་དྲག་སྔགས་གཟེར་བའི་ཐབས༔ དཀྲུག་ན་སྲིད་པ་གོ་ལོག་སྟེ༔ སྲིད་པ་གསུམ་ནི་འཁྲུག་པར་འགྱུར༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ དྲག་སྔགས་ཉུངས་ཀར་ལ་བརྟེན་པའི་སྐབས་ཏེ་བཅོ་བརྒྱད་པའོ༔ ༔ལྷ་མོ་བདེ་བྱེད་ཡང་གསོལ་པ༔ ལས་ཀྱི་དཀྱིལ་འཁོར་ཆེན་པོ་དག༔ ཚུལ་དང་ཐབས་ནི་ཇི་ལྟར་བྱ༔ རང་བྱུང་རྒྱལ་མོས་བཤད་དུ་གསོལ༔ དེ་སྐད་གསོལ་པ་གསན་ནས་ཀྱང༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ མན་ངག་ལས་ཀྱི་དཀྱིལ་འཁོར་ནི༔ དུར་ཁྲོད་མ་ལ་ཡར་སོང་ལ༔ རྣེལ་མོའི་རོ་འམ་ཡང་ན་ནི༔ གྲི་མོ་ཤི་བའི་རོ་བླངས་ལ༔ ཏི་ར་རོ་འཚོལ་ཆོ་ག་བྱུང༔ སྤོས་དང་སྨན་གྱི་རོ་བཀྲུས་ལ༔ རོ་ལ་དཀྱིལ་འཁོར་བྲི་བར་བྱ༔ སྙིང་གར་སྲོག་གི་དཀྱིལ་འཁོར་བྲི༔ མཐིང་ནག་གྲུ་གསུམ་ཟླ་གམ་གསུམ༔ མུ་ཁྱུད་ཟླུམ་པོ་གྲུ་ཆད་ལྡན༔ སྒོ་བཞི་རིགས་དང་མཐུན་པར་བྱ༔ ཤེས་རབ་མཚལ་གྱིས་སྔགས་འདི་བྲི༔ གྲུ་གསུམ་དབུས་སུ་ཏྲག་བྲིས་ལ༔ མཐའ་མར་དྲག་པོ་འདི་དག་བྲི༔ རག་ཤ་ཁ་མུན་ཏྲ་ཞེས་པ༔ སྲིན་པོ་ནག་མོའི་དྲག་སྔགས་ཏེ༔ རང་རྟགས་སྲོག་གི་སྙིང་པོར་བཤད༔ སྲིད་པ་གསུམ་ཡང་སྒྲོལ་བར་བྱེད༔ ཟླ་གམ་གསུམ་ལ་སྔགས་འདི་བྲི༔ མུ་རུ་མུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གནོད་སྦྱིན་ནག་མོའི་དྲག་སྔགས་ཏེ༔ གྲུབ་པའི་རྟགས་ཀྱི་སྙིང་པོར་བཤད༔ སྲིད་གསུམ་དབང་དུ་བསྡུད་པར་བྱེད༔ མུ་ཁྱུད་ཟླུམ་པོར་འདི་དག་བྲི༔ རག་མོ་ཏེ་ཀེམ་ཙ་ཙ་ཁ་ལ་བྷྱོ༔ མ་མོ་ནག་མོའི་དྲག་སྔགས་ཏེ༔ ཁམས་སུམ་ཟ་བྱེད་སྙིང་པོར་བཤད༔ ཐམས་ཅད་མ་ལུས་ཞི་བར་བྱེད༔ གྲུ་ཆད་བཞི་ལ་སྔགས་འདི་དགོད༔ རུ་ལུ་རུ་ལུ་མ་ཧིང་བྷྱོ༔ བདུད་མོ་ནག་མོའི་དྲག་སྔགས་ཏེ༔ གདུག་པ་འདུལ་བྱེད་སྙིང་པོར་བཤད༔ ཐམས་ཅད་མ་ལུས་རྒྱས་པར་བཤད༔ སྒོ་བཞིར་ཛཿཧཱུྃ་བཾ་ཧོ་བྲིས༔ སྒོ་བཞི་འབྱེད་པའི་ཕོ་ཉའོ༔ དེ་ལྟར་དཀྱིལ་འཁོར་བྲི་བ་ཡང༔ བྱང་སེམས་དཀར་དམར་སྦྱར་ལ་བྲི༔ དེ་ནི་སྲོག་གི་དཀྱིལ་འཁོར་ཡིན༔ ལྟེ་བར་སྲིད་པའི་འཁོར་ལོ་བྲིས༔ དབུས་སུ་དུག་གསུམ་ཡི་གེ་དགོད༔ ཐ་མ་བསད་པའི་སྔགས་ཀྱིས་བསྐོར༔ མ་དཱའི་མཐའ་ལ་མིང་རུས་སྦྱར༔ དུག་དང་ཁྲག་ཏུ་སྦྱར་ལ་བྲིས༔ སྲིད་པ་བཤིག་པའི་འཁོར་ལོར་བཤད༔ བསད་ནས་བསད་པའི་དཀྱིལ་འཁོར་དག༔ གྲུ་གསུམ་བྷ་གའི་དཀྱིལ་འཁོར་དུ༔ དབུས་སུ་ལྗང་ཁུ་ཅིག་བྲིས་ལ༔ མཐའ་མ་མིང་དང་རུས་ཀྱི་བསྐོར༔ དེ་ཡི་མཐའ་མ་ཛས་བསྐོར་ཏེ༔ ལྷ་མོ་ལྕགས་ཀྱུ་འཕྲོ་ཞི་བསྡུ༔ ཞགས་པ་ལྕགས་སྒྲོག་ཐོ་བ་དང༔ མདའ་གཞུ་མེ་རི་དམར་ནག་བྲི༔ དེ་ནི་བསྒྲལ་བའི་དཀྱིལ་འཁོར་ཡིན༔ ཞལ་དུ་བསྲེག་པའི་མཎྜལ་ནི༔ གྲུ་གསུམ་རྩེ་མོ་སྣ་སྒོར་དགོད༔ ནང་དུ་རྡོ་སོལ་ཆང་ཕུད་སྦྱར༔ དབུས་སུ་རྃ་ཅེས་བྲི་བར་བྱ༔ མཐའ་མར་ཨག་ནེ་མ་བརྒྱད་དང༔ ཛྭ་ལ་རྃ་བརྒྱད་བྲི་བར་བྱ༔ གྲུ་གསུམ་ཁ་ཁྱེར་མེ་རིས་བསྐོར༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཡང༔ སྦྱིན་སྲེག་མེ་ཡི་ལྷ་མོར་བསྐྱེད༔ དུག་ཤིང་སྣ་ཚོགས་ཧོམ་བྱས་ཏེ༔ ཚེར་མ་ཅན་གྱི་ཤིང་མེས་སྤར༔ སྦྱིན་སྲེག་འབོད་རྦད་སྦྲེེལ་ལ་བྱ༔ དེ་ནི་བསྲེག་པའི་དཀྱིལ་འཁོར་ཡིན༔ མགོ་བོ་བྱང་ཤར་མཚམས་སུ་བསྟན༔ སྙིང་གར་སྤ་དཀར་ཚིག་གསུམ་གཟུགས༔ དབང་བསྐུར་དགྱེས་བསྐྱེད་འཕྲིན་ལས་བཅོལ༔ ལྟེ་བའི་དཀྱིལ་འཁོར་མིང་རུས་ཉིད༔ གོས་དང་རྐང་རྗེས་ངར་སྣབ་དང༔ དྲི་ཆེན་དྲི་ཆུ་དག་ལ་བྱ༔ སྔོ་དམར་བཏགས་ལ་བྱད་དུ་གཞུག༔ སྣེ་གཅིག་མཁར་བའི་རྩེ་མོར་གདགས༔ ཉམས་པའི་ཚེ་ཡི་རྒྱུན་ཐག་ཀྱང༔ མ་མོའི་ཞལ་དུ་རྔུབ་པར་བསམ༔ བསད་པ་གནས་པའི་བྲུབ་ཁུང་ཉིད༔ ལྕགས་ཀྱི་ཁང་སྒྲོམ་འབར་བར་བསམ༔ རབས་ཆད་ཐོད་པར་མིང་རུས་གཞུག༔ ལྕགས་ཀྱི་ཕུར་པ་སོར་བརྒྱད་པ༔ གདུག་བྱེད་ནག་མོའི་སྐུར་བསྒོམ་ལ༔ སྔོ་དམར་སྣེ་གཅིག་ཕུར་བུ་ལའོ༔ གདུག་བྱེད་ཕུར་བུ་བྷ་ག་བཤད་པ༔ བསད་པ་ལས་ཀྱི་སྦྱོར་བ་ལ༔ རོ་དེ་མ་མོ་ཉིད་ཡིན་ཏེ༔ ནང་ནུབ་ཉིན་གུང་མཚན་གུང་དུ༔ མཆོད་པའི་བྱེ་བྲག་ཞལ་དུ་འབུལ༔ སྙིང་གར་དར་ནག་གུར་ཅིག་འབུབ༔ གལ་ཏེ་རོ་དེ་མེད་གྱུར་ན༔ སྤྱིན་པའི་ས་ལ་རོ་གཟུགས་བྱ༔ གོང་བཞིན་དཀྱིལ་འཁོར་རྒྱས་པར་བྲི༔ རོ་དེ་མི་ཡིས་མཐོང་མི་རུང༔ མཐོང་ན་དམ་ཚིག་ཉམས་པ་སྟེ༔ རྣལ་འབྱོར་བདག་ལ་བར་ཆད་འབྱུང༔ མིས་མ་མཐོང་ན་དངོས་གྲུབ་འབྱུང༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྟེར༔ ཁྲོས་མ་ནག་མོའི་རྒྱུད་ལས༔ མན་ངག་གསང་བའི་དཀྱིལ་འཁོར་སྲོག་གི་བསྒྲུབ་པའི་སྐབས་ཏེ་བཅུ་དགུ་པའོ༔ བདེ་བྱེད་ལྷ་མོས་ཡང་གསོལ་པ༔ དཔལ་ལྡན་རང་བྱུང་ལྷ་མོ་ཡི༔ གསང་སྔགས་བྱེ་བྲག་ཇི་ལྟར་ལགས༔ བདག་འདུད་ཁྱོད་ཀྱིས་བཤད་དུ་གསོལ༔ དེ་སྐད་གསོལ་བ་གསན་ནས་ཀྱང༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ གསང་སྔགས་དགོས་པའི་རྩ་བ་རྣམས༔ ངེས་པར་བཤད་ཀྱི་ཡང་དག་ཉོན༔ ཏྲག་རཀ་ཤ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རཀ་མོ་ཏི་ཀེཾ་ཙ་ཙ་ཁ་ལ་བྷྱོ་རུ་ལུ་རུ་ལུ་མ་ཧི་བྷྱོ༔ རྩ་བ་རྒྱུན་གྱི་སྙིང་པོ་ཡིན༔ ཏྲག་རག་ཤ་གུར་ལེན་ཏུག་ཏུག་རྩ་ཏུག་ན་ཤག༔ བལ་མོ་ཤཾ་མུ་ཀ་ཡེ༔ ཨ་བ་ཡེ་ཀ་ས་ཡེ༔ ནམ་མཁའ་ཁམས་ཀྱི་སྒྲ་དག་པའོ༔ ནུབ་པའི་མཐུ་ལྡན་དབང་བསྐུར་སྔགས༔ ཛཿཧཱུྃ་བྃ་ཧོ༔ཏྲག་རག་ཤ་ཁ་རག་ཤ་ཛ༔ དེ་ནི་མ་མོ་སྤྱན་དྲངས་སྔགས༔ ཏག་རག་ཤ་ཏྲི་རུ་ལུ་ཏྲི་རུ་དི་ཤུད་ལྷན༔ དེ་ནི་བཞུགས་སུ་གསོལ་བའི་སྔགས༔ ཏྲག་རག་ཤ་ཨེ་ཀ་ཙ་ཏི་པ་ཏྲི་ན་མོ༔ ཏྲག་རག་ཤ་ཙ་པ་ལ་ན་མོ༔ དེ་ནི་ཕྱག་འཚལ་བའི་སྔགས༔ མ་མ་ཏྲག་རག་ཤ་ཨེ་ཀ་ཙ་ཏི་ཨི་དཾ་བ་ལིདྟ་པཱུ་ཙ་ཧོ༔ རཾ་ཧིཿ དེ་ནི་གཏོར་མ་འབུལ་བའོ༔ ཏྲག་རག་ཤ་མ་ཏི་ཏ་ས་མ་ཡ༔ དམ་བདར་བའི་སྔགས་སོ༔ ལས་ལ་དྲག་པོའི་སྔགས་འདིས་གཏད༔ ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཙ་ཏི་སྙིང་ཁ་རང་སྲོག་རྩ་ལ་རྦད༔ ཙིཏྟ་ལོང་རཀྟ་ཐུཾ་བྷྱོ༔ དྲག་པོའི་སྔགས་འདིས་བསད་པར་བྱ༔ ཏྲག་རག་ཤ་བཛྲ་ཁ་ཆུམས་རིལ་ལི་བྷྱོ་རྦད༔ པྲ་རི་ས་ནཾ་རྩཾ་སྨག་པྲ་ཏི་ས་ནཾ་ཙ༔ ནྲྀ་ཁཾ་སྨག་ཁུཾ་ཁུཾ་མག་མག་ཆོད༔ མིང་རུས་གཟུགས་ལ་སྔགས་འདི་བརྡེག༔ ༀ་མེ་ད་ཧྲིང་ཐུཾ་རི་ལ་རྦད༔ མེ་ད་ར་ལིག་སྙིང་ཁ་རག་རྦད༔ ཨོཾ་ཙ་ར་མ་སྙིང་ཁ་རག་ཤ་བཛྲ་དུན་བྷྱོ༔ བསད་པ་ཕོ་མོའི་སྔགས་འདིས་བརྡེག༔ ཏྲིག་ཏྲིག་སེར་སེར་ཀུ་ལུ་ཀུ་ལུ༔ མོ་ཀུ་མོ་ཀུ༔ ཙ་ཧ་ཙ་ཧ༔ མུ་ཏྲ་ཛྭ་ལ་ཁའི་ཙག་ད་ལྡི་མུ་རུ༔ མགོ་ལྡིང་ལྡིང༔ བུ་བྱག་བྱུག༔ མི་ཧེ་ཧེ༔ ཤལ་ཤུལ༔ མུ་ཧུ་པ་ནེ༔ ཙག་ཙག༔ ཙིག་ཙིག༔ མུ་ད་མ་དི་མ༔ ཧེ་ལེ་ཧེ་དེ་སུ་རུ་ཙིས་ཙི༔ མྱོག་མྱོག་ཐུཾ་ཐུཾ་དཀར་ལྡན་མི་ཧེ་ཧ་མ་ཀྲུ་མ་ལུ་ཙེ༔ ཨེ་ཕཊ་ནི་དགའ་བའི་མཆོག་ཆེན་པོ༔ ཙིང་ལྡིང་མུ་ཁ་ཡེ༔ ཀོ་ད་ཀོང་མི་ཧེ་མྱ་མྱ་མི་ཙེ༔ ཀུ་ཧུ་ཧུ༔ ཆེ་ཧེ༔ མུ་ད་ཡ༔ ཙིང་ལྡིང་ལྡིང་ཁུ་ཙེག་ན༔ ཙ་ཧ་མ་ཀ་ཡེ་ཏ༔ མུ་ལོ་ཙ་ཀ་ཡེ་དཀར་མི༔ ཏིང་ཏིང་ཕྲབ་ཕྲབ༔ ཕྲི་བ་ཕྲི་བ་ཙི་ལྡིང་ལྡིང་མི་ལོ་ཀ་ཡང་ཤི་བ་མྱོགས་སྟ་རི༔ ཕོ་བོ་བསད་པ་རུ་ལོག་དང༔ དཀྲུག་དང་བཅད་དང་བརྡེག་པའི་སྔགས༔ དེ་ལ་རབ་ཏུ་གནག་པར་བྱ༔ མོ་རང་སྙིང་ཐུན་སྔགས་འདིས་བསྒྲུབ༔ ཏྲག་རགྴ་ཁ་མུན་ཏྲ༔ མུ་རུ་ལུ་རུ་ལུ་མ་ཧིང་རུ་ལུ་བྷྱོ༔ སྔགས་འདིས་སྙིང་ལ་རྦད་པར་བྱ༔ ཨེ་ཀ་ཙ་ཏི་མི་ད་ར་ལིག་སྙིང་ཁ་རག་མ་རག་མོ་སྲོག་རྩ་རྦད༔ ཁ་འདར་རུ་ནི་ས་མ་ཡ་བྷྱོ༔ འདིས་བསད་པར་བྱའོ༔ ཨེ་ཀ་ཙ་ཏི་མེ་སེན་མེ་སེན༔ ཏྲག་རག་ཤ་སྙིང་ཁ་རག་པ་དཾ་ཡ་ཛ་ཛཿ དྲག་སྔགས་གསུམ་པའི་བསྒྲུབ་ལུགས་སུ། ཕུར་པའི་སྔགས་འདིས་གཟིར་བར་བྱ༔ ཧཱུྃ་ཧཱུྃ་ཚིན་དྷ་ཚིན་དྷ་མཱ་ར་ཡ༔ མ་མ་རག་ཏུ་ད་པྲ་བེ་ཤ་ཡ་ཕཊ༔ ཕུང་པོ་བཤིག་པའི་སྔགས་འདིས་བརྡེག༔ པྲ་བེ་ཤ་ཡ་ཕཊ༔ ཙི་བི་ཤག་དེ་མོག་ཤུ་གུ༔ ཨ་གྷུ་ཤ་ཛ༔ ཙིཏྟ་ཀུ་ལུ་དམར་མ་ཤག་ཏི་ཛ༔ ཡིད་ཀྱི་རྣམ་པར་ཤེས་པ་དྲོངས་ཤིག་པའོ༔ བཾ་མུག་རྦད་ཐིབས་ལིང་ཤར་ངེས་སོད༔ ཙིཏྟ་རྩད་ནས་དྲོངས་ལས་ཤོག་ཅེས་ངེས་པའོ༔ དེ་ནི་སྙིང་ཐུན་སྔགས་གཟིར་ཏེ༔ ཕུང་པོ་བཤིག་པའི་དྲག་སྔགས་ཡིན༔ ཕྲིན་ལས་བདག་མོ་ཡིན་པས་ཕྱིར༔ ཏྲག་རག་ཤ་ཨེ་ཀ་ཙ་ཏི་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཐམས་ཅད་དབང་དུ་བསྡུ་བའི་ཕྱིར༔ ཏྲག་རག་ཤ་ཨེ་ཀ་ཙ་ཏི་སརྦ་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ དྲག་པོས་བསྒྲལ་བའི་བསད་སྔགས་འདི༔ ཏྲིག་ཏྲིག་སེར་སེར་སྔགས་ཀྱིས་སོ༔ སེར་བ་འབེབས་པ་ནི༔ ཏྲག་རག་ཤ་མ་མ་ཨེ་ཀ་ཙ་ཏི༔ དུད་ཁྲོཾ་དཀར་ཁྲོཾ་ཤུད་ཏི་ཁྲོོཾ་ཡུག་ཏི་ཁྲོཾ་སྨིན་ཏྲག་ཏུ་ཚར་ཤར་ཤལ་ཏུ་ཕོབ་ཏྲཾ་ཏྲཾ་ཕོབ༔ ཆོ་འཕྲུལ་ལྟས་ངན་བསྟན་པ་ནི༔ མ་མོ་རག་མོ་ཨེ་ཀ་ཙ་ཏི་ཡཾ་ལི་བ་ཤཾ་ལིང་མ་ཤ་ཛ༔ མ་ཤ་དུན་ཛ་ཕོབ་ཡ་ཏྲག་ཧེ་ཧེ་མ་དུན་ཙེ་ཡ་ཏྲཾ་ཀེཾ་སྲི་ལ་དུན་ཙེ་ཡང་ཀྱང ཀྱེང་ཕོབ་ཡུ་ཏག་ཧེ་ཧེ་མ་དུན་ཙ་ཡ་ཏྲི་ཀེཾ་སྲི་ལ་དུ་ན་ཙེ་ཡ་ཀྱང་ཀེང་ཕོབ་ཡ་འུར་འུར་ཏྲབ་ཏྲབ་ཐིབ་ཐིབ་ཀྱང་ཀྱོང༔ དུན་དུན་ཕོབ་ཡ་ཙི་བོ་ལི་དུར་ཡག་ཤིང་རུ་རུ་པྲི་ལ་དུན་ཙེ་ཕོབ་ཡ་རྒྱ་རྒྱ་ཡ་ཕོབ་ཡ༔ དེ་ནས་སྔགས་ཀྱི་དགོས་པ་སྟེ༔ ཡང་དག་བཤད་ཀྱང་ངེས་པར་བྱོས༔ ཁྲོས་མ་ནག་མོའི་རྒྱུད་ལས༔ དགོངས་པ་མ་ལུས་པ་སྔགས་ཀྱི་སྐབས་ཏེ་ཉི་ཤུ་པའོ༔ བདེ་བྱེད་ལྷ་མོས་ཡང་གསོལ་པ༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཡི༔ ཐུགས་ཀྱི་ཁ་ཚར་བདག་ཉན་འཚལ༔ གདུག་བྱེད་ནག་མོས་བཤད་དུ་གསོལ༔ དེ་སྐད་གསོལ་པ་གསན་ནས་ཀྱང༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ ཐུན་ལ་རྣམ་པ་བཞི་རུ་འདོད༔ བསྒྲལ་བར་བྱ་བའི་ཐུན་བཞི་ནི༔ སྙིང་ཁྲག་དུག་དང་ཕུར་ཐུན་བཞི༔ ཁྲག་ཐུན་སྙིང་དུ་བསྒྲུབ་པར་བྱ༔ དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དུ༔ སྐྱེར་ཕུར་གསུམ་གྱི་ཁ་ལ་གཞུགས༔ རྒྱས་རབ་སོ་ས་ལེ་བརྒན་གུར༔ བྱ་རྒོད་སྒྲོ་རྩ་དག་ནས་བསྔགས༔ བླ་འགུག་བྱེད་པའི་ཕོ་ཉ་བཏང༔ སྔོ་དམར་བཟུང་ནས་ལྕགས་ཕུར་གཏོད༔ འབྱུང་བཞི་མ་མོར་བསྒོམ་ལ་གདབ༔ ཁྲག་ཐུན་སྔགས་འདི་རབ་ཏུ་བསྒྲུབ༔ ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཙ་ཏི་སྙིང་ཁ་རག་མོ་བྷྱོ༔ ཏྲག་རག་ཤ་ས་མ་ཡ་དགྲ་བོའི་སྙིང་ལིང་རྦུད་མ་མ་སྙིང་ཁ་རག་མ་རག་ཤ་མ་རགྴ་རག་མོ་སྙིང་ཁྲག་ལ་མ་དུན་དུན༔ ཏྲག་རགྴ་ཡ་མ་སྙིང་ཧེ་ཀེཾ་མ་མ་རུ་ལུ་རུ་ལུ་བྷྱོ༔ ཁོག་སྤུབས་ཧྲོལ་ཅིག་སྙིང་ཁྲག་ས་མ་ཡ་དཾ་དཾ་ཛཿཛཿསྙིང་རྩ་ཕྱུག་ཤིག་མ་སྙིང་ལ་ཐུན་སྙིང་ཁྲག་ལ་མ་ཐུན༔ ཤི་ཏི་ཏ་མ་སྙིང་ལ་མ་བྷྱོ༔ མ་མ་ཤ་ཤ༔ མ་མ་ཧྲིང་ཧྲིང༔ མ་མ་ས་མ་ཡ་དགྲ་བོ་མ་ར་ཡ་སོད་སོད༔ མ་ཙེ་ཏ་ཛྭ་ལ་རཾ་སྙིང་རྩ་ལ་ཧྲོལ་ཐུཾ་རི་ལི་ལི༔ མ་ལུས་མྱུར་དུ་མཛོད་ཅིག༔ ཁྲག་ལས་སྙིང་དུ་གྲུབ་པ་དང༔ དེ་ནས་སྔགས་འདི་བཟླས་པར་བྱ༔ ༀ་བཛྲ་ད་ར་ལི་བ༔ ཨོཾ་བཛྲ་སྙིང་མགོ་ཆོད་ཅིག༔ ཁ་ལ་ཟ་མུན་ད་ལ་དུ་ཏིང་ད་ཡ་རྦད༔ བཛྲ་ཁྲག་ཏི་སྣར་མ་རྦད༔ ༀ་བཛྲ་ཙ་རུ་ཀྱི་ད་ར་རྦད༔ བཛྲ་ཤུ་ཏྲི་ད་ར་ཏི་ཏི་ཡ་བཛྲ་ཧཱུྃ་ཕཊ༔ རྦད་དུ་རྦད་དུ༔ རྦད་སུ་རྦད་སུ༔ ད་ར་ཀ་ཡ་ཏི་མ་བི་ཤི་ཏ་ས་མ་ཡཱ༔ དེ་ནས་སྙིང་དེ་གཏུབ་ཅིང་བསྲེག༔ དངོས་གྲུབ་མཆོག་ཏུ་ཐོབ་པར་བཤད༔ ཁྲོས་མ་ནག་མོས་རྒྱུད་ལས༔ ཁྲག་ཐུན་གྱི་སྐབས་ཏེ་རྩ་གཅིག་པའོ༔ ༔དེ་ནས་སྙིང་ཐུན་འདི་གསུངས་སོ༔ གྲུ་གསུམ་མཐིང་ནག་ཁ་ཁྱེར་ཛ༔ དབུས་སུ་བྷ ན་དྷ་ཁ་སྦྱར་ལ༔ ཕྱི་རོལ་དུག་ཁྲག་དམན་ནག་བྱུག༔ གྲི་མོར་ཤི་བའི་སྙིང་ཆེན་ལ༔ ནང་དུ་སྙིང་ཕྱེ་སྣ་ཚོགས་བླུགས༔ རྒྱུས་ཆེན་དག་གིས་བཙེམ་པར་བྱ༔ མིག་རུས་སྙིང་གར་སྔོ་དམར་གདགས༔ དེ་ཡང་སྙིང་གི་ནང་དུ་གཞུག༔ སྐུད་པ་སྲོག་རྩའི་ནང་ནས་ཕྱུང༔ ལྕགས་ཕུར་སྟོང་ལ་གདུག་བྱེད་བསྒོམ༔ ཐོད་པའི་སྟེང་དུ་བུ་ག་དབུག༔ གྲི་ལྕགས་བུ་གར་ཉུངས་ཀར་སྔགས༔ མཐིང་ནག་དར་རམ་ལེ་བརྒན་གུར༔ རྒྱ་དང་བཅས་ཏེ་སྔོ་དམར་བཅིང༔ སྲོག་གི་སྙིང་པོས་མངོན་དུ་བསྒྲུབ༔ མ་མ་ཏྲག་རག་ཤ་ཁ་མུན་ཏྲ༔ མུ་རུ་ལུ་མུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རག་མོ་ཏི་ཀེཾ་ཙ་ཙ་ཁ་ལ་བྷྱོ༔ རུ་ལུ་རུ་ལུ་མ་ཏིང་བྷྱོ༔ འབོད་ཅིང་མ་མོ་མངོན་དུ་བསྒྲུབ༔ མ་མ་ཏྲག་རག་ཤ་ཁ་མུན་ཏྲ་སྙིང་ཁ་རག་སྲོག་རྩ་རྦད་ཙིཏྟ་ལོང་རཀྟ་ཐུན་བྷྱོ༔ ཆུཾ་ཆུཾ་རི་ལི་ལི་རྦད༔ ཙིཏྟ་ཀུ་སུ་དམར་མ་ཤུག་ཏི་ཛཿཛ༔ རྟགས་དང་སྦྱར་ལ་ལས་ལ་རྦད༔ དེ་ནས་སྙིང་ཐུན་འདི་ཡིས་བསྒྲུབ༔ སྙིང་བཾ་རིལ་སྙིང་ཁ་རག་ཚལ་པ་རྦད་ཕཊ༔ ཙག་ཡེ་མུ་རུ་བཾ་ཧེ་སྟེ་ཕཊ༔ ནེ་ཙག་སོད་སོད་འུར་མྱོག་ཐུམ་ཐུམ་རིལ་ཨ་ལོ་ཤ་འུད༔ ཁ་ཐུཾ་སྙིང་དུ་དུམ་བུ་རྦད༔ ལུས་སྲོག་ཁྱེར་ཡཀྴ་བཾ་རིལ་རྦད༔ ཉུངས་ཀར་རྒྱལ་པོ་སྔགས་ཤིང་བརྡེག༔ དེ་ནས་ཕུར་བུ་དྲིལ་བྱ་ཞིང༔ སྙིང་ལ་མགོ་མཇུག་མེད་བར་བརྡེག༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཙིཏྟ་རྦད་ཁུག་ཡ་ཁུག༔ མྱོག་ཐུཾ་ཐུཾ་རིལ་ཁུར་ཁུར་ཆུཾ་ཆུཾ་རྦད་རྦད་ཀཱི་ལི་ཀཱི་ལ་ཡ༔ རཀྴ་རཀྴ་ཁུཾ་ཁུཾ་ཀྲོ་ཏ་བཾ་རིལ༔ ཞེས་བརྡེག༔ དེ་ནས་སྙིང་དང་ལིདྒར་བཅས༔ གཏུབ་ཤིང་སྔགས་བཟླས་གཏོར་མར་འབུལ༔ གཏོར་མ་བདུད་ཀྱི་ཉི་མ་ལ༔ རླུང་ལ་ཕྱར་ན་ཕུང་བར་བཤད༔ ཁྲོས་མའི་རྒྱུད་ལས༔ སྙིང་ཐུན་བརྣག་པོའི་སྐབས་ཏེ་རྩ་གཉིས་པའོ༔ དེ་ནས་མྱོས་པ་དུག་ཐུན་དགཿ ཤིན་ཏུ་དྲག་པོ་མཛེ་ཐོད་ནང༔ ཕྱི་རོལ་དུག་བྱུགས་ཆེ་བས་དྲིལ༔ སྣ་ཚོགས་དུག་དང་ཁྲག་སྦྱར་ལ༔ བུད་མེ་ཞབས་མས་ཁ་ཡང་བཅད༔ དྲག་པོའི་སྔགས་འདིས་དུག་ཐུན་བསྒྲུབ༔ མ་མ་ཏྲག་རགྴ་ཐུཾ་རི་ལི་ལི་ར་ལ་དུག་ཀུན་དུག༔ ཨཻ་ཀ་ཙ་ཏི་ཏི་བ་ཏ་ཙཀྲ་ཀྲོ་མ་བྷྱོ་བྷྱོ༔ ཁོལ་ལམ་ལངས་བྱུང་རྦོས་པ་ན༔ མིང་རུས་དུག་གི་རླབས་པས་བདུག༔ གྲུ་གསུམ་བཅུག་ལ་དུག་གིས་བསྲེག༔ ཨཾ་ཨ་བེ་ཤ་ཁ་བེ་ཤ་བེ་ཤཾ་རུ་བ་ཤ་ཁ་ཐུན་ཤོག་ཐཾ་པ་ཐཾ་པ༔ བཾ་མུག་བཾ་མུག༔ མྱོས་རྒལ་མྱོས་རྒལ་ན་རི་ཏྲཾ་བ་མནན༔ ཞེས་བཟླས་ལིདྒ་ལ་ཏིག་ཅིང༔ ཀླུ་བདུད་ནག་པོ་གནས་སར་མནན༔ ཁྲོས་མའི་གསང་རྒྱུད་ལས༔ མྱོས་པ་དུག་ཐུན་གྱི་སྐབས་ཏེ་རྩ་གསུམ་པའོ༔ ༔དེ་ནས་གདུག་བྱེད་ཕུར་ཐུན་དག༔ གྲུ་གསུམ་མཐིང་ནག་མཐུར་དུ་བརྐོ༔ ཁ་ཁྱེར་ཐོད་ཕྲེང་མེ་རིས་བསྐོར༔ ལྕགས་ཀྱི་ཕུར་པ་སོར་བརྒྱད་པ༔ གདུག་བྱེད་ནག་མོར་བསྒོམ་པར་བྱ༔ སོ་བ་ཚིག་ཕྱེ་གུ་གུལ་དང༔ ཤ་ཆེན་རཀྟ་ཞིང་གི་རས༔ གོ་རོ་ཙ་ན་ལ་སོགས་པ༔ ཆག་གང་གཟུགས་དང་དབང་པོ་དགོད༔ མིང་རུས་བྲིས་ལ་མདུན་རྒྱབ་ཀླན༔ རྐང་རྗེས་ལུད་པ་ངར་སྣབས་ཀྱང༔ ལིང་ག་དེ་ཡི་རྒྱུ་རུ་བྱ༔ ཚོན་སྐུད་སྣ་ལྔས་གཟུགས་དྲིལ་ལ༔ ཕུར་པ་དེ་ལ་བཏག་ལ་བཞག༔ གུ་གུལ་དུད་པས་ལྷ་དང་ཕྲལ༔ ཉུངས་ཀར་རྒྱལ་པོ་དག་དང་ནི༔ ཕུར་པ་དབང་བསྐུར་བྱིན་གྱིས་བརླབས༔ ཕུར་པ་དག་ནི་དྲག་པོའི་སྒྲུབ༔ ༀ་མེ་ད་ར་ཧྲིང་ཐུཾ་རིལ་རྦད༔ ༀ་ར་ཙ་མ་སིང་ཁ་རག་ར་ཏི་བཛྲ་དུན་བྷྱོ༔ ༀ་མེ་ད་ར་ལིག་སྙིང་ཁ་རག་རྦད༔ གྲུབ་རྟགས་འོད་དང་དུ་བ་དང༔ མེ་འབར་སྒྲ་དང་དྲི་ཞིམ་དང༔ འབར་བའི་གསང་སྔགས་གཟུགས་ལ་བརྡེག༔ ད་ར་ཧྲིང་གིས་མིག་ལ་བརྡེག༔ ད་ར་ལིག་གིས་ལུས་ལ་བརྡེག༔ དེ་ནས་ལུས་སྤྱི་སྔགས་འདིས་བརྡེག༔ ཧཱུྃ་ཧཱུྃ་ཚིན་དྷ་ཚིན་དྷ་མཱ་ར་ཡ་ག་ཤ་ཏུཾ༔ པྲ་བེ་ཤ་ཕཊ༔ དེ་ནས་ལུས་ཕྱི་བཏུང་ནས་བརྡེག༔ སྙིང་ཁྲག་སྲོག་པ་རྩ་ཡི་ཁྲག༔ པདྨ་རཀྟའི་གཏོར་མ་ཡང༔ གདུག་བྱ་ནག་མོ་ཉིད་ལ་འབུལ༔ གཟུགས་དེ་ཀླུ་གནས་ས་རུ་མནན༔ ཡང་ན་བྱང་ཤར་སྦྱིན་བསྲེག་ཧོ༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ ཡང་སྙིང་ཕུར་ཐུན་གྱི་སྐབས་ཏེ་རྩ་བཞི་པའོ༔ ལྷ་མོ་བདེ་བྱེད་ཡང་གསོལ་པ༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཡི༔ འབབ་པའི་ལས་དག་བཤད་དུ་གསོལ༔ དེ་སྐད་གསོལ་པ་གསན་ནས་ཀྱང༔ རང་བྱུང་ལྷ་མོས་བཀའ་སྩལ་པ༔ འབབ་པ་རྣམ་པ་གཉིས་ཡོད་དེ༔ སེར་བ་འབབ་དང་ལྟས་ངན་འབབ༔ སེར་བ་འབབ་པར་འདོད་ན་ཡང༔ མཛེ་ཅན་དག་གི་མགོ་ཐོད་དམ༔ རབས་ཆད་ཡུགས་སའི་ཐོད་ནང་དུ༔ ཁྱི་རྒྱ་ར་རོག་བ་དམར་ཁྲག༔ སྔོ་སྣ་ཚོགས་པའི་ཁུ་བར་སྦྱར༔ གུ་གུལ་དུད་པས་ཐོད་པ་བདུག༔ རྒྱ་ཚིལ་གསུར་ཆེན་གུ་གུལ་གྱིས༔ དུད་པས་ཡུལ་ལྷ་བདུག་པར་བྱ༔ རྟ་མགྲིན་སྐུར་བསྒོམ་མ་མོ་གཟིར༔ མ་མོའི་བསྙེན་པ་རྫོགས་པ་དང༔ སྔགས་འདི་བསྙེན་པ་འབུམ་དུ་སྐྱེལ༔ དུད་ཁྲོཾ་དཀར་ཁྲོཾ་ཤུ་ཏི་ཁྲོཾ༔ ཡུག་ཏི་སྨིན༔ ཏྲག་ཏུ་ཚ་ཧྲིལ་བྷྱོ༔ ཤར་ཤལ་ཧྲིལ་བྷྱོ༔ ཏྲཾ་ཏྲཾ་མུཾ་བྷྱོ་ཕོབ༔ ཡུལ་ལྷའི་རི་རྩེར་ཐོད་པ་མནན༔ ཁྲག་དང་སྔོ་ཁུས་ཡུལ་ལྷ་དཀྲུག༔ དེ་དུས་སྔགས་འདིས་ཡུལ་ལྷ་གཟིར༔ ༀ་ཡ་མནྟ་ཀ་ཡ་པདྨ་ཏ་ཀྲི་ཏ་ཧྱ་གྷྲྀ་ཝ་ཨ་བ་མེ་ད་ར་ཀུན་རུ་མེ་ཙེ༔ པ་དྲག་སྭཱ་ཧཱ༔ དྲག་ཏུ་ཁྲོས་ཏེ་བཟླས་པར་བྱ༔ ཡུལ་ལྷའི་རྟེན་དག་གཟིར་ནས་ཀྱང༔ ཡུལ་ཁམས་སེར་བས་འཇོམས་པར་བཤད༔ ཡང་ན་ཀླུ་གནས་ཆུ་མིག་ཏུ༔ བདག་ཉིད་ནུབ་ཕྱོགས་ཕྱིར་བསྐྱེད་ལ༔ བག་ཕྱེས་སྤལ་པ་བཞི་བྱས་ལ༔ ཁྲག་ལ་སྔགས་བཟླས་སྤྱི་བོར་བླུག༔ མགོ་མཇུག་ཁྲག་དང་སྔོ་ཁུས་བསྐུ༔ ཀླུ་ཡང་མི་བཟོད་འཇོམས་པར་བཤད༔ ཐང་སོ་ཆེ་ལ་ལས་བྱས་ནས༔ བུམ་པ་གཅིག་ཏུ་མེ་བཏང་ལ༔ དགྲ་གཟུགས་བག་ཕྱེ་དག་ལ་བྱ༔ མིང་རུས་ཁྲག་དང་སྔོ་ཁུ་དག༔ གཅིག་ཏུ་བསྲེས་པའི་སྦྱིན་བསྲེག་བྱ༔ སྲིད་པ་འཁྲུག་པར་མ་གྱུར་ན༔ སེར་བ་འབེབས་པར་མི་འགྱུར་ཏེ༔ མ་མོ་ཆུ་འཁྱགས་བདག་མོར་བསྒོམ༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ སེར་བ་འབབ་པའི་སྐབས་ཏེ་རྩ་ལྔ་པའོ༔ ༔དེ་ནས་ལྟས་ངན་དབབ་པའི་ཕྱིར༔ དཀྱིལ་འཁོར་ཕྲིན་ལས་རྣམ་བཞི་བྲི༔ དབུས་ཀྱི་མཐིང་ནག་གྲུ་གསུམ་དུ༔ ལྟས་ངན་བདག་མོ་ཞལ་ཕྱུང་སྟེ༔ འབྲུ་ནག་ཟན་ལ་ཇི་བཞིན་ནོ༔ མཐིང་ནག་རལ་པས་ས་གཞི་ཁྱབ༔ མཆེ་གཙིགས་སྤྱན་བསྒྲད་རྣ་བ་ཀྲོང༔ ཕྱག་གཡས་ཙིཏྟ་གཡོན་སྤྱང་མོ༔ ཐུར་དུ་གྲུ་གསུམ་ཁ་ཕྱེ་ལ༔ དགྲ་བགེགས་གང་ཡིན་མིང་རུས་དང༔ མ་མོའི་སྙིང་པོ་གཞུགས་པར་བྱ༔ སླར་ཡང་མཐིང་ནག་དར་གྱིས་བཅད༔ སྤྱི་བོར་ལེ་བརྒན་གུར་ཅིག་ཕུབ༔ འབྲུ་ནག་ཟས་ལ་ལྟས་ངན་ནོ༔ རང་ཉིད་གང་འབེབས་ལྟས་ངན་སྤུ༔ བསྲེས་ལ་ལྟས་ངན་གཟུགས་བྱས་ཏེ༔ མ་མོ་ཉིད་ལ་བསྐོར་ནས་བཞག༔ ཡང་སྤྲུལ་སྣ་ཚོགས་འབབ་པའི་ཕྱིར༔ རེ་རེ་ལ་ཡང་བཞི་བཞིས་བསྐོར༔ རང་རང་སྙིང་ཁྲག་ཤ་རུས་ལ༔ ༔གཏོར་མ་བྱས་ལ་བཞག་པར་བྱ༔ གསོབ་ལ་སོགས་པ་དེ་བཞིན་ཏེ༔ སུམ་སྤྲུལ་འོད་དང་འབབ་པའི་ཕྱིར༔ མེ་ལོང་གཡབ་ཅིང་སྔགས་ཀྱང་བཟླས༔ རུ་དར་ནག་པོ་རྟེན་དུ་བཅས༔ མ་མོ་ཉིད་ཀྱི་རྒྱབ་ཏུ་ཡང༔ སྔོ་དམར་དྲྭ་བས་བསྐོར་བར་བྱ༔ སྐེ་རུ་གསེར་གྱི་དྲྭ་བ་གདགས༔ སྔོན་དུ་རྒྱ་ཤོག་དག་ལ་ཡང༔ མ་ཉེས་ཡུས་ཀ་བྲིས་ལ་བཞག༔ རྣལ་འབྱོར་རང་གི་སྤྱོད་ཡུལ་ལས༔ རྒྱལ་བའི་སྲས་པོ་ཉིད་མི་བརྟེན༔ བྱང་སེམས་དཀར་དམར་ཨ་མྲྀ་ཏཿ ཆར་ཕུད་སོགས་པའི་དབང་ཡང་བསྐུར༔ ལྟས་ངན་བདག་མོར་དབང་བསྐུར་ལ༔ སྙིང་ཁྲག་སྙིང་དང་སྲོག་རྩའི་ཁྲག༔ ལྟས་ངན་སྣ་ཚོགས་ཤ་ཁྲག་སྦྱར༔ ནང་ནུབ་གཏོར་མ་རྒྱུན་མི་བཅད༔ ཉམས་དང་རྨི་ལམ་མངོན་སུམ་དུ༔ རྣལ་འབྱོར་རང་གི་གནས་སུ་འོང༔ དེ་ནས་དགྲ་ལ་རྦད་པར་བྱ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མ་མོ་ཏྲག་ལས་མདུན་དུ་བསྐྱེད༔ ལྟས་ངན་སྣ་ཚོགས་འགྱེད་པར་བསྒོམ༔ སྔགས་འདི་རྒྱུན་དུ་བཟླས་པར་བྱ༔ ཏྲག་རཀྴ་ཁ་མུན་ཏྲ༔ མུ་རུ་ལུ་རུ་ཧཱུྃ་བྷྱོ་ཧཱུྃཿ རག་མོ་ཏེ་ཀེཾ་ཙ་ཙ་ཁ་ལ་བྷྱོཿ རུ་ལུ་རུ་ལུ་མ་ཧེ་བྷྱོ༔ ཡཾ་ལིཾ་ཤིཾ་ལིཾ་མ་ཤ་ཛ༔ མི་ཤ་དུན་ཛ་ཕོབ་ཡཱ༔ ཏྲག་ཧེ་ཧེ༔ མ་དུན་ཙེ་ཡཱ༔ ཀཾ་ཀཾ་སྲི་ལ་དུན་ཙེ་ཡཱ༔ ཀྱང་ཀྱེང་ཕོབ་ཡཱ༔ འུར་འུར་ཏྲབ་ཏྲབ༔ ཐིབ་ཐིབ༔ ཀྱིང་ཀྱིང༔ དུན་དུན་ཕོབ་ཡཱ༔ ཙི་པོ་ལི་རུ་ཡག་ཤིག་རུ་རུ་ཕྲི་ལ་དུན་ཙེ་ཕོབ་ཡ༔ རྒྱ་རྒྱ་ཡ་ཕོབ་ཡ༔ རང་གི་གནས་ངང་ཐོ་ཕྱི་རུ༔ ཐིབས་ཐིབས་མ་བྱུང་བར་དུ་བཟླས༔ ཏིང་ངེ་འཛིན་གྱིས་མ་ཟིན་ན༔ ཡང་ཡང་འོང་བས་ཕེབས་པ་དཀའ༔ དེ་ནས་འོ་དོང་དཔང་གཟུགས་ཏེ༔ རྫས་རྣམས་དགྲ་ཕྱོགས་ཁ་ཡང་བསྟན༔ འོད་དང་སྒྲ་དང་གདུག་ཆོམ་དང༔ ལྟས་ངན་སྣ་ཚོགས་གདོན་མི་ཟ༔ དེ་ནས་རྫས་རྣམས་དྲིལ་བྱས་ལ༔ རང་གི་ལུས་མ་བསྲེལ་བར་བྱ༔ ཕྱི་ནང་རྫས་ཀུན་གཏོང་བར་བྱ༔ ཡིད་ལ་གང་འདོད་གང་བསམ་ཡོང༔ ཁྲོས་མ་ནག་མོའི་རྒྱུད་ལས༔ ཆོ་འཕྲུལ་ལྟས་ངན་དབབ་པའི་སྐབས་ཏེ་རྩ་དྲུག་པའོ༔ ལྷ་མོབདེ་བྱེད་ཡང་གསོལ་པ༔ རང་བྱུང་རྒྱལ་མོའི་བསྐང་ལུགས་གང༔ བསྐང་ལུགས་བདག་ལ་བཤད་དུ་གསོལ༔ དེ་སྐད་གསོལ་པ་གསན་ནས་ཀྱང༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ རྣལ་འབྱོར་མ་མོ་སྤྱོད་པའི་ཚེ༔ བསྐང་ལུགས་མཆོད་པ་འདི་ལྟར་བྱ༔ དུར་ཁྲོད་ཆེན་པོའི་གནས་མལ་ལམ༔ ཆུ་འགྲམ་མཚོ་གླིང་རི་རབ་ཁར༔ བྲག་ཕུག་མི་དང་མི་འཕྲད་པར༔ འབྲུ་སྣ་ཚོགས་པའི་ངར་ཕྱེ་ལ༔ ཤ་ཁྲག་སྙིང་ཕྱེ་གསེར་གཡུ་བརྡར༔ ཞི་རྒྱས་བཞི་ཡི་གློ་འབུར་རྩག༔ རྒྱས་པ་གསེར་གཞིའི་སྟེང་དག་ཏུ༔ སྣང་སྲིད་གཟུགས་ཀྱིས་བསྐོར་ལ་བཞག༔ དེ་སྟེང་ཞི་བ་དཀར་ཟླུམ་དུ༔ སྤྱན་གཟིགས་སྣ་ཚོགས་བཀྲམ་ལ་བཞག༔ གར་གསུམ་ཙམ་པས་ཟླ་གམ་གསུམ༔ ཟླ་གམ་གསུམ་ལ་རྫས་ནི་གསུམ༔ མི་ཁྱི་རྟ་ཡི་ཤ་ཁྲག་སྙིང༔ གཞན་ཡང་སྣ་ཚོགས་འབྱོར་པར་བསགས༔ གྲུ་གསུམ་རྩེ་མོ་ལྷོ་རུ་བསྟན༔ སོར་གཉིས་གྱེན་དུ་སྟོན་པ་ལ༔ ཁྲུ་གང་མཐུར་དུ་བྲུ་བར་བྱ༔ སོལ་ཆེན་དག་གིས་ནག་པོར་བྱ༔ གྲུ་གསུམ་རྩེ་རུ་དར་གསུམ་དང༔ རྨ་བྱའི་རྒྱལ་མཚན་གསུམ་ཡང་དགོད༔ མི་རྟ་ཁྱི་ཡི་སྙིང་གསུམ་ཡང༔ སྲོག་པ་རྩ་དང་བཅས་པ་བཞག༔ གྲུ་གསུམ་དབུས་སུ་སྣེལ་མོའི་མགོ༔ དུམ་བུ་ལྔ་པ་བཞག་པར་བྱ༔ དེ་ཡི་ནང་དུ་མ་མོའི་སྐུ༔ ལུགས་མ་དག་གམ་རྭ་ཤིང་ལ༔ འབུར་དུ་དོད་པ་བཞུགས་སུ་གསོལ༔ ཡང་ན་འབྲུ་ནག་ཟན་བྱས་པའི༔ མཐིང་ནག་འཇིགས་པའི་ཆ་བྱད་ཅན༔ ཞལ་གདངས་མཆེ་གཙིགས་སྤྱན་བསྒྲད་པའི༔ རལ་པས་ས་གཞི་ཁྱབ་པ་ལ༔ སྤྱི་བོར་མཐིང་རལ་འོད་དུ་འབར༔ གཡས་པའི་བམ་ཆེན་ཙིཏྟ་ལ༔ གཡོན་པས་སྤྱང་མོ་ཁྲ་ཐབས་ཐོགས༔ འཁོར་དུ་སྤྱང་མོ་འབུམ་གྱིས་བསྐོར༔ ཐུགས་ཀར་མཚལ་གྱི་ཏྲག་ཅིག་བྲི༔ ཞལ་དུ་གནག་པའི་མིང་རུས་གཞུག༔ མདུན་དུ་རྣལ་འབྱོར་བྱོལ་ཟོར་བྲི༔ ལེ་བརྒན་གུར་ཕུབ་ཞིང་ཡོལ་བྲེ༔ དེ་ལྟར་བཞེངས་པའི་མ་མོ་དེ༔ ཚེ་སྲོག་བདག་མོ་ཡིན་ཞེས་བཤད༔ ཚེ་ཡི་དཀྱིལ་འཁོར་བཞེངས་གསོལ་ལ༔ སྐབས་སུ་ཚེ་ཡི་སྙིང་པོ་བསྒྲངས༔ དང་པོ་ཏིང་འཛིན་རྣམ་གསུམ་གྱི༔ རང་གི་སེམས་ཉིད་རྟོགས་པར་བྱ༔ རྟོགས་པ་མ་ཡེངས་བརྟན་པོ་ཡི༔ ཕྲིན་ལས་རྣམ་བཞིའི་མཎྜལ་ལ༔ བྷན་དྷ་འབར་བའི་གཞལ་ཡས་སུ༔ རང་གི་ཡེ་ཤེས་ཆེན་པོ་ལས༔ ཡི་གེ་ཏྲག་ཏུ་འཕྲོས་པ་ལས༔ ཏྲག་ལས་མ་མོ་གསལ་བསྒོམ་ཏེ༔ འཁོར་ནི་ནག་མོ་འབུམ་དང་བཅས༔ ཏིང་འཛིན་བརྟན་པོས་མ་ཡེངས་བསྒོམ༔ འབྲུ་ཆད་ཡོད། ནག་བདུག་པའི་རྫས༔ བདུད་དང་གིང་ལ་དེ་བཞིན་དུ༔ རང་རང་མཉེས་པའི་རྫས་ཀྱང་བཤམ༔ ཞག་གསུམ་བར་དུ་བསྙེན་པ་བྱ༔ དྲུག་གི་བར་དུ་ཚེ་བསྒྲུབ་བྱ༔ དགུ་ཡི་བར་དུ་མ་མོ་བརྟེན༔ བཅུ་གཉིས་བར་དུ་མ་མོ་བསྐང༔ བཅྭ་ལྔའི་ནུབ་མོ་ཐུན་བོར་འཕང༔ ༔རྒྱ་མཚོ་ཆུ་བོའི་གཞུང་ལ་བསྐྱོན༔ དེ་ཡིས་དགོས་འདོད་ཐམས་ཅད་འགྲུབ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ གྷུ་ཡ་ཙིཏྟ་མདོས་ཀྱི་སྐབས་ཏེ་རྩ་བདུན་པའོ༔ ལྷ་མོ་བདེ་བྱེད་ཡང་གསོལ་བ༔ བདག་མ་ཡིན་པ་ཡིན་ཆེས་ཕྱིར༔ སྐྱེ་རྒྱུད་ལུང་བསྟན་བདག་ཉན་འཚལ༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ ཉོན་ཅིག་ལྷ་མོ་བདེ་བྱེད་མ༔ སུམ་ཅུ་རྩ་གསུམ་ལྷ་གནས་ན༔ མ་ཧཱ་དེ་ཝ་ཨུ་མ་གཉིས༔ མ་མཇལ་ཡིད་ཀྱིས་སྦྱོར་མཛད་པས༔ ཡབ་ཡུམ་གཉིས་སུ་མེད་པའི་མདངས༔ ལྷ་མོ་ཨུ་མ་དེའི་དཔྲལ་བར༔ ལྕགས་ཀྱི་མཛེར་པ་གཅིག་སྐྱེ་སྟེ༔ ཡབ་ཀྱིས་ཁྱེའུར་སྨོན་ལམ་བཏབ༔ ཡུམ་གྱིས་བུ་མོར་སྨོན་ལམ་བཏབ༔ ཡུམ་གྱི་སྨོན་ལམ་མཐུ་བཙན་ནས༔ བུ་མོ་བཟང་སྡུག་ལ་འོད་ཆགས་པ་ཅིག་སྐྱེས་སོ༔ མིག་ཡང་ལྷ་མོ་མདངས་ལྡན་མར་གསོལ་ཏོ༔ བུ་མོ་དེ་ཡི་ཟས་སུ་ལྷ་ཡི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་ཅིག་སྨོན་ལམ་བཏབ༔ གོས་ནི་ལྷ་ཡི་གོས་པཉྩ་ལི་ཀ་གོན་པ་ལས༔ བདུད་ཐོད་པའི་ཕྲེང་བ་ཅན་དང༔ བདུད་མོ་བརྒྱ་བྱིན་ཀུན་དགའ་མོའི་བུ༔ བདུད་བྲང་རྐུན་ནག་པོ་བྱ་བའི་ཆུང་མར་བྱིན་ཏེ༔ ཕ་མ་གཉིས་ཀྱི་དམོད་པ་བོར་ཏེ༔ ཁྱེའུ་ལྷའི་བུ་གསོས་པས་བདུད་དུ་སོང་བས༔ ཁྱོད་ལུས་མཐིང་ག་ནག་པོར་སོང་ཅིག༔ ཟས་སུ་མི་ཤ་རྟ་ཤ་ཟ་བར་སོང་ཅིག༔ ཁྱོད་གོས་སུ་མི་ལྤགས་རྟ་ལྤགས་གོན་པ་ཅིག་ཏུ་སོང་ཞིག༔ ཅེས་རྨོད་པ་བོར་རོ༔ ཡུམ་གྱི་རྨོད་པ་བཙན་པར་གྱུར་ཏེ༔ རྨི་ཤ་གསུམ་ལ་རྒན་ཕབ་ནས༔ ལྷའི་ཞལ་ཟས་ཟོས་པས་རོ་རྒྱས༔ གོས་སུ་ཞིང་ལྤགས་གོན་པས་བརྗིད་ཆེ༔ རལ་པ་ནག་པོས་ས་གཞི་ཁྱབ་པ་ཅིག་ཏུ་གྱུར་ཏེ༔ ཡང་ཡུམ་ལྷ་ཡིན་པའི་རྟགས་སུ༔ སྤྱི་བོའི་གཙུག་ཏུ་མཐིང་གི་རལ་པ་འོད་འཕྲོ་བ་གཅིག་མ་འགྱུར་བར་གནས་པ་ལས༔ མཚན་ཀྱང་རལ་པ་གཅིག་མར་གསོལ་ཏོ༔ དེ་ནས་རྒྱ་མཚོའི་གཏིང་དུ་ཡུམ་མཚོ་སྨན་རྒྱལ་མོའི་དངོས་གྲུབ་བརྙེས་ཏེ༔ བྲག་དམར་ཆོལ་ཟངས་འདྲ་བ་ལ་ཉིད་ཀྱི་གནས་བཅས༔ མཚན་ཀྱང་མེ་བཟའ་བྲག་བྱོན་མར་གསོལ་ཏོ༔ དེ་ནས་གྲུ་གསུམ་ཀློང་དགུ་མ༔ གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་དུ༔ དཔལ་ཆེན་ཁྲག་འཐུང་དབང་ཐོབ་པས༔ མཚན་ཀྱང་དཔལ་ལྡན་གཟུགས་གཅིག་མ༔ ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་དུ༔ ཡ་མནྟ་ཀའི་ཡུམ་མཛད་པས༔ མཚན་ཀྱང་དྲག་མོ་ངས་གཅིག་མ༔ གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་དུ༔ རྡོ་རྗེ་གཞོན་ནུའི་ཡུམ་མཛད་པས༔ མཚན་ཀྱང་འཁོར་ལོ་རྒྱས་འདེབས་མ༔ རི་བོ་མ་ལ་ཡ་ཡི་རྩེར༔ ཕྱག་ན་རྡོ་རྗེའི་ཞབས་དྲུང དུ༔ གསང་སྔགས་བསྲུངས་མར་དབང་ཡང་བསྐུར༔ མཚན་ཡང་སྔགས་བསྲུངས་ནག་མོ་བྱ༔ ཐམས་ཅད་གསོད་པའི་ལས་བྱེད་པའི༔ རཀྴ་སྲིན་མོ་རལ་གཅིག་མ༔ རྣལ་འབྱོར་ཡོངས་ཀྱི་གྲོགས་བྱེད་མ༔ མཚན་ཡང་དགྲ་འདུལ་ནད་འཚང་མ༔ དེ་ནས་ཚ་བའི་ནད་གཏོང་བས༔ མཚན་ཡང་བལ་མོ་ཀུན་གདུག་མ༔ ཁྲག་རིམ་ཡམས་ནད་གཏོང་བྱེད་པས༔ མཚན་ཡང་ནག་མོ་ཁྲག་འཛག་མ༔ ལྟས་ངན་ཆོ་འཕྲུལ་གཏོང་བྱེད་པས༔ མཚན་ཡང་མོན་མོ་ནག་མོ་བྱ༔ དེ་བཞིན་མཚན་གྱི་རྣམ་གྲངས་ཀྱང༔ བརྗོད་ཀྱི་མི་ལངས་བསམ་ཡས་ཏེ༔ ཕྱག་ན་རྡོ་རྗེ་སྤྲུལ་པའི་སྐུ༔ ཉིད་ཀྱི་སྤྲུལ་པ་བསྟན་པར་བསམ༔ ནག་མོ་ཁྲོས་མའི་རྒྱུད་ལས༔ ལུང་བསྟན་པའི་སྐབས་ཏེ་རྩ་བརྒྱད་པའོ༔ དེ་ནས་འདུས་པ་ཕལ་པོ་ཆེ༔ ཤིན་ཏུ་ངོ་མཚར་ཡི་རངས་ནས༔ མ་མོ་ཉིད་ལ་མངོན་པར་བསྟོད༔ ཧཱུྃ་སྔགས་བསྲུངས་ནག་མོ་རལ་གཅིག་མ༔ མངོན་པར་བསྟོད་ཀྱི་དམ་མ་འདའ༔ གྲུ་གསུམ་ཡུམ་གྱི་མཁའ་དབྱིངས་ནས༔ སྐུ་མདོག་མཐིང་ནག་འབར་བ་ནི༔ འགྱུར་མེད་དོན་དམ་ཐུགས་ཆུད་བརྡ༔ རལ་པའི་ཐོར་ཚུགས་བཅིངས་པ་ནི༔ ཁམས་གསུམ་དབང་དུ་བསྡུད་པའི་བརྡ༔ ཕྱག་གཡས་ཞིང་ཆེན་ཙིཏྟ་ནི༔ འགྲོ་དྲུག་རྩད་ནས་གཅོད་པའི་བརྡ༔ གཡོན་པས་སྦྱང་མོ་ཁྲ་ཐབས་བསྣམས༔ དགྲ་བགེགས་མྱུར་དུ་འདྲེན་པའི་བརྡ༔ ཐུགས་ལས་སྤྱང་མོ་དགུ་འབུམ་འཕྲོ་བ་ནི༔ སྟོང་ཁམས་དགྲ་བོ་མ་ལུས་སྒྲོལ་བའི་བརྡ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བཞུགས་པ་ནི༔ ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བའི་བརྡ༔ མ་མོ་གདུག་པའི་སྲོག་སྒྲོལ་མ༔ མངོན་པར་བསྟོད་ཀྱི་མཐུ་མ་ཆུང༔ ཞེས་བསྟོད༔ ཕྲིན་ལས་ཀྱི་བདག་མོ་འདིས་བསྐུལ་ལོ༔ བྷྱོ་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གྲུ་གསུམ་མཐིང་ནག་ཀློང་དཀྱིལ་ནས༔ སྔགས་ཀྱི་བསྲུངས་མ་མཐུ་མོ་ཆེ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ རལ་པའི་ཟར་བུས་ས་གཞི་ཁེབས༔ གཡས་པས་ཞིང་ཆེན་ཙིཏྟ་བསྣམས༔ གཡོན་པས་གཡུ་ཡི་སྤྱང་མོ་བསྣམས༔ གཡུ་སྤྱང་དགུ་འབུམ་ཕོ་ཉར་འགྱེད༔ འཛིན་བྱེད་འབར་བའི་ལྕགས་ཀྱུ་ཡིས༔ མིག་གི་དབང་བོ་མངོན་དུ་ཕྱུངས༔ ལྕགས་ཀྱི་སྟ་ཆེན་གདེངས་པ་ཡིས༔ ལུས་ཀྱི་ཁོང་ཧྲོལ་སྙིང་ཕྱུངས་ཤིག༔ སྤྱང་མོ་སྤྲུལ་པའི་འཕྲོ་འདུ་ཡིས༔ སྲོག་རྩ་སྙིང་རྩེ་ཆོད་ལ་ཤོག༔ མགོ་དང་ལུས་སུ་ཕྲོལ་ལ་ཤོག༔ ཤ་དང་རུས་པ་ཕྱེས་ལ་ཤོག༔ ནང་རོལ་དབང་པོ་སྤྱོས་ལ་ཤོག༔ དགྲ་བོའི་ལྷ་ལྔ་དབང་དུ་བསྡུས༔ མངོན་སྤྱོད་དྲག་པོས་རྡུལ་དུ་རློག༔ ཞེ་སྡང་བསྐྱེད་ལ་སྲིད་པ་དཀྲུག༔ མི་མངོན་མཁའ་དབྱིངས་བདེ་ཆེན་ནས༔ ཨཻ་ཀ་ཙ་ཏི་རལ་གཅིག་མ༔ དབུ་དགུ་ཐོར་ཚུགས་གཅིག་བཅིངས་ཤིང༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ དེང་འདིར་ལས་རྣམས་ཐམས་ཅད་བྱེད༔ མཁའ་ལ་དེ་བཞིན་གཤོག་གཅིག་མ༔ དཔལ་གྱི་གཙུག་འབྱམས་ཨ་པ་ལ༔ ཟངས་གྱི་ཁ་ལ་ལྕགས་ཀྱི་སོ༔ སྣ་ཚོགས་ཞལ་དུ་ཞིང་བསྒྲོད་མ༔ མཐིང་ནག་གཅེར་བུ་དབུ་དགུ་མ༔ སྙིང་ཡང་དགུ་སྟེ་རྐང་གཅིག་མ༔ སྟོང་ཁམས་འཆང་ཞིང་མཁའ་ལ་འགྲོ༔ ལྟས་པས་བདུད་རྣམས་སྒྲོལ་བར་བྱེད༔ ལག་ན་ལྕགས་ཀྱུ་རྩེ་ད གུ་བསྣམས༔ གདུག་བྱེད་རྣམས་ཀྱི་སྙིང་འབྱིན་མ༔ རྡོ་རྗེ་བ་སྤུ་རེ་རེ་ལ༔ རྡོ་རྗེ་ལྕགས་ཀྱུ་རེ་རེ་འཕྲོ༔ གནོད་བྱེད་མ་ལུས་རྡུལ་དུ་རློག༔ བར་བར་མིག་ནས་ཁྲག་འཛག་མ༔ རྐན་སྒྲ་རྡེབ་ཅིང་བདུད་དཔུང་འཇོམས༔ རྟག་ཏུ་དབང་ཕྱུག་སྐུ་ལ་འཁྲིལ༔ དགའ་བའི་མདངས་ཀྱིས་སྤོགས་བྱེད་མ༔ འདོད་ཁམས་གཙོ་བོ་དབང་དུ་སྡུད༔ ཁྱོད་ནི་མ་བརྒྱད་གཙོ་མོ་སྟེ༔ ཁྲག་བཅུད་འཐུང་ཞིང་དགྲ་བོ་གསོད༔ དམ་རྫས་རྒྱན་གྱི་གཏོར་ལོངས་ལ༔ ཁྲག་ནད་འཕེན་ཞིང་ཕྲིན་ལས་མཛོད༔ ཕྲིན་ལས་བདག་མོ་མཐུ་མ་ཆུང༔ ཞེས་བསྐུལ་ལོ༔ ལྟས་ངན་བདག་མོ་འདི་སྐད་བསྐུལ༔ རུ་དང་ནའབྲུ་ཆད་ཡོད། མེའབྲུ་ཆད་ཡོད། བྱེད༔ ཧཱུྃ་གསང་སྔགས་གཉན་བསྲུངས་མཐུ་མོ་ཆེ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྐུལ་ལོ་དམ་ཚིག་བདག་མོ་བསྐུལ༔ གཤེགས་ཤིག་ཆོ་འཕྲུལ་བདག་མོ་གཤེགས༔ སྐུ་མདོག་མཐིང་ནག་ཙེ་རེ་རེ༔ རལ་པ་ནག་པོ་ཤ་ར་ར༔ མཐིང་གི་རལ་པ་རྒྱངས་སེ་རྒྱང༔ གཡུ་ཡི་སྨིན་མ་ཁྱུགས་སེ་ཁྱུག༔ སྤྱན་མིག་ཉི་ཟླ་འཁྱིལ་པ་འདི༔ ཁྲག་གི་ནད་གྱིས་ཤྭ་ར་ང༔ ཞལ་གདངས་མཆེ་བ་ཐམས་སེམས་ཐམ༔ ཁྲག་དང་ཞག་འཛག་ཟུ་ལུ་ལུ༔ ལྤགས་དང་རྐན་རྡེབས་ཆེམས་སེ་ཆེམ༔ མི་ལྤགས་གཡང་གཞི་ཡ་ལ་ལ༔ དར་ནག་བེར་ཆེན་ལྷུབས་སེ་ལྷུབ༔ གཡས་པས་བེ་ཅོན་འཕང་མི་ཆད༔ གཡོན་པས་སྤྱང་མོ་ཁྲ་ཐབས་འགྱེད༔ ཕྲིན་ལས་བདག་མོ་མཐུ་མ་ཆུང༔ ཞལ་ནས་ནད་ཀྱི་རླངས་པ་འཐུལ༔ མིག་ནས་ཁྲག་རིམས་ཡམས་ནད་གཏོང༔ སྣ་ནས་དུད་འཐུལ་མཛེ་ནད་གཏོང༔ སྐུ་ལས་འོད་འཕྲོས་འབྲུམ་ནད་གཏོང༔ ཁོངས་ནས་ནང་རྨིངས་མཁྲིས་པ་གཏོང༔ ནད་ཀྱི་བདག་མོ་མཐུ་མ་ཆུང༔ གཡས་ན་གསེར་གྱི་བྲག་ཆེན་ཟངས་སེ་ཟངས་༔ གཡོན་ན་གཡུ་ཡི་མཚོ་མོ་ཆི་ལི་ལི༔ མདུན་ན་མོན་མོ་མཛེས་པ་ཤ་ར་ར༔ སླད་ནས་བལ་མོ་མཛེས་པ་ལྡེམས་སེ་ལྡེམ༔ ཞབས་གཉིས་དོར་སྟབས་དམ་ཉམས་སྙིང་ལ་གཟིར༔ ལྟས་ངན་ཝ་མོ་བརྒྱལ་ཚོ་དི་རི་རི༔ འདབ་ཆགས་ཁྲ་ཐབས་མང་པོ་ཞ་ལ་ལ༔ ཤ་ཟན་སྡེར་ཆགས་མང་པོ་ལྡེམས་སེ་ལྡེམ༔ སྡེར་ཆགས་སྟག་གཟིག་འཛུམ་མདངས་མུ་ལུ་ལུ༔ རུ་སྤལ་སྦྲུལ་དང་སྡོམ་ནག་ཉི་ལི་ལི༔ ལྕེ་སྤྱང་ཝ་བསུག་མང་པོ་འདུར་རུ་རུ༔ མོན་པ་སྤྲེལ་ཞོན་རྒྱ་ཞོན་ཡེ་རེ་རེ༔ གཡུ་འོད་གསེར་འོད་རྒྱ་འོད་ལམས་སེ་ལམ༔ བུད་མེད་མང་པོས་གཡབ་འདོར་དི་རི་རི༔ ལྟས་ངན་ཆོ་འཕྲུལ་མང་པོ་ཐིབས་སེ་ཐིབ༔ དེ་ཕྱི་ལྟས་ངན་བདག་མོ་དམ་ལ་འདུད༔ ཉིད་ཀྱིས་ཆེ་བ་བརྗོད་ཀྱིས་མི་ལངས་ཏེ༔ ཡོན་ཏན་སྣ་ཚོགས་འབྱུང་བའི་དཔལ་ལྡན་མ༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་དབབ་ཏུ་གསོལ༔ མ་མ་ཀི་ལ་ཏ་ཀང་ཀང་ཀེང་ཀིང་ཀྱིང་ཀྱིང་མཁའ་ལ་ལྡིང་དུ་འདུང་བྷྱོ་ཁ་ཁ་རྒྱུག༔ ཆོར་མ་མོ་གོང་ནོངས་ཅེས་ཉུངས་ཀར་གཏོར་ན་ལྟས་ངན་སྣ་ཚོགས་ཤིག་འོང་ངོ་༔ ཁྲོས་མ་ནག་མོའི་རྒྱུད་ལས༔ མངོན་དུ་བསྐུལ་བའི་སྐབས་ཏེ་རྩ་དགུ་པའོ༔ ༔དེ་ནས་ཡང་དག་བཤད་བྱ་བ༔ བསྐུལ་ཞིང་བསྲུངས་མར་དབང་བསྐུར་རོ༔ མཎྜལ་མདའ་གང་གྲུ་བཞི་པ༔ སྣ་ཚོགས་ཁྲག་གིས་ཆག་ཆག་གདབ༔ རྡོ་རྗེ་སྔགས་སྲུང་ནག་མོ་ནི༔ ལུགས་སམ་ཡང་ན་དར་དཀར་ལ༔ མཁས་པས་ཕྱག་བྱས་རྫོགས་པར་བྲི༔ དེ་ཡི་མཐའ་མར་རྫས་རྣམས་དགོད༔ ཏིང་འཛིན་བརྟན་པོས་བཀུག་ལ་བསྟིམ༔ ཡང་དང་ཡང་དུ་དམིགས་པ་བསྐྱེད༔ དམིགས་པ་བརྟན་པོར་གྱུར་པ་ན༔ བསྟོད་ཅིང་བསྐང་ཞིང་དབང་ཡང་བསྐུར༔ མཁའ་ལས་སྐུ་ཡི་དབང་ཡང་བསྐུར༔ དྲག་པོ་སྔགས་ཀྱི་དབང་ཡང་བསྐུར༔ གཉིས་མེད་ཐུགས་ཀྱི་དབང་ཡང་བསྐུར༔ ཡེ་ཤེས་ཡོན་ཏན་དབང་ཡང་བསྐུར༔ མཐུན་རྫས་འཕྲིན་ལས་དབང་ཡང་བསྐུར༔ འབྲས་བུ་སྣ་ཚོགས་གཏོར་མའི་དབང༔ བྱང་སེམས་དཀར་དམར་སྦྱོར་བའི་དབང༔ དེ་ལྟར་དབང་རྣམས་རྫོགས་པརབསྐུར༔ དེ་རྫོགས་འཕྲིན་ལས་ཐོགས་པ་མེད༔ དེ་མ་རྫོགས་པས་རྣལ་འབྱོར་པས༔ མ་མོ་སྒྲུབས་བས་འགྲུབ་མོ་འགྱུར༔ ཞེས་གསུངས་སོ༔ ནག་མོ་ཁྲོས་མའི་རྒྱུད་ལས༔ དབང་བསྐུར་བའི་སྐབས་ཏེ་སུམ་ཅུ་པའོ༔ ༔དེ་ནས་དཔལ་ལྡན་རང་བྱུང་རྒྱལ་མོ་དེས༔ འདི་སྐད་ཅེས་གསུངས་སོ༔ ཧེ་ནི་དུས་གསུམ་ཐམས་ཅད་དུ༔ ང་ཡི་ཐུགས་རྗེ་རྒྱུན་མི་འཆད༔ ང་ནི་བདེ་གཤེགས་སྦྱོར་སྡེ་མོ༔ ང་ནི་རྣལ་འབྱོར་བསྒྲུབ་སྡེ་མོ༔ དམ་ཚིག་ཅན་གྱི་དགྲ་ལྷ་མོ༔ དམ་ཚིག་ཉམས་པའི་སྲོག་གཅོད་མ༔ ང་ནི་རང་བྱུང་རྒྱལ་མོ་སྟེ༔ ང་ནི་ང་ལས་བྱུང་བ་ཡིན༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན༔ དཀར་མོ་སྐུ་ཡི་སྤྲུལ་པ་ཡིན༔ སྨུག་མོ་གསུང་གི་སྤྲུལ་པ་ཡིན༔ ནག་མོ་ཐུགས་ཀྱི་སྤྲུལ་པ་ཡིན༔ སེར་མོ་ཡོན་ཏན་སྤྲུལ་པ་ཡིན༔ དམར་མོ་གསུང་གི་སྤྲུལ་པ་ཡིན༔ ལྗང་མོ་ཕྲིན་ལས་སྤྲུལ་པ་ཡིན༔ དེ་དག་ཐམས་ཅད་ང་ཡིན་པས༔ ང་ཡི་སྤྲུལ་པ་བསམ་མི་ཁྱབ༔ ང་ཡི་མིང་ནི་ཅིར་ཡང་གྲགས༔ ང་ཡི་འཕྲིན་ལས་ཐམས་ཅད་བྱེད༔ ཀུན་གྱི་རྩ་བ་གཅོད་འདོད་ན༔ ཐམས་ཅད་ང་ཡིན་ང་ལ་ལྟོས༔ ང་ཉིད་ཡོངས་སུ་བཟུང་བར་བགྱི༔ ཞེས་ཟེར་ནས་མི་སྣང་བར་གྱུར་ཏོ༔ ནག་མོ་ཁྲོས་མའི་རྒྱུད་ལས༔ ཡོངས་སུ་གཏད་པའི་སྐབས་ཏེ་སོ་གཅིག་པའོ༔ རང་བྱུང་ཡུམ་གྱིས་གསུངས་པ་ཁྲོས་མ་ནག་མོ་སྙིང་ཐིག་གི་རྒྱུད་རྫོགས་སོ༔ ༔རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རྒྱལ་བ་ཞང་སྟོན་གྱི་གཏེར་ནས་གདན་དྲངས་བའི་རིམ་པར་བརྒྱུད་དོ༔ ༄༅༔ ཁྲོས་མ་ནག་མོ་སྤྲུལ་པའི་ཚངས་པའི་གསུངས་པས་རྒྱུད་བཞུགས་སོ༔ བོད་སྐད་དུ༔ དྲག་པོ་སྔགས་ཀྱི་བསད་པའི་སྦྱོར་བ་མཚོན་ཆ་ལས་ཀྱི་འཁོར་ལོ་ཞེས་བྱ་བ༔ དཔལ་འཇིག་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ ཡེ་ནས་སྟོང་པ་ཆེན་པོ་ཅི་ཡང་མེད་པ་ལས༔ འཇིག་རྟེན་གྱི་མེས་པོ་ཤྲཱི་རལ་པ་ཅན་ཚངས་པ་ཆེན་པོ་ཞལ་བཞི་གདངས་པ་ཅིག་བྱུང་སྟེ༔ ཤར་གྱི་ཞལ་ནས་བྲ་ཟེའི་སྟོན་པ་ཚངས་པ་བྱུང་ནས་བདག་རྟག་པའི་ཆོས་སྟོན་ཏོ༔ བྱང་གི་ཞལ་ནས་ལེགས་ལྡན་གྱི་བུ་སྟོན་པ་དབང་ཕྱུག་ཆེན་པོ་བྱུང་ནས་བདག་བདེ་བའི་ཆོས་སྟོན་ནོ༔ ནུབ་ཀྱི་ཞལ་ནས་ཨེ་རེའི་སྟོན་པ་ཁྱབ་འཇུག་བྱུང་ནས་བདག་ཁྱབ་པའི་ཆོས་སྟོན་ཏོ༔ ལྷོ་ནས་གྲངས་ཅན་གྱི་སྟོན་པ་འཇིགས་བྱེད་བྱུང་ནས་བདག་བཅིང་བའི་ཆོས་སྟོན་ཏོ༔ དེ་ནས་ཚངས་པ་ཆེན་པོ་ཁྲོས་ཏེ་སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་བོ་ཉི་ཁྲི་ཆིག་སྟོང་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་སྲོག་ཟ་བ་དང་མདངས་འཕྲོག་པ་དང་ཤ་ཟོས་པ་དང་ཁྲག་འཐུང་བ་དང་ཙིཏྟ་ཟ་བ་ཤ་སྟག་དུ་གྱུར༔ ལ་ལས་ནི་ལོ་འབྲས་འཐོར་ཞིང་ལོ་ཏོག་ཟ་བ་དང༔ ཚེ་འཕྲོག་ཅིང་འཇོམས་པར་འགྱུར་བ་རྣམས་ཀྱིས་བསྐོར་ནས་འཇིག་རྟེན་ཕུང་པར་བྱེད་པའི་རྒྱུད་འདི་གསུངས་སོ༔ དེའང་དྲག་པོ་རྫས་ཀྱི་སྦྱོར་བ༔ ངན་སྔགས་གདུག་པའི་ཕྲེང་བ་དང༔ བྱ་ཐབས་གནད་ཀྱི་སྦྱོར་བ་གསུམ་དུ་བསྡུས་ནས་གསུངས་སོ༔ དབྱེ་ན་ཐུན་མོང་དང༔ ཁྱད་པར་དང༔ དུག་རླུང་ཞོན་དང༔ བྱུག་པ་དང༔ རེག་ཕུང་དང༔ འདུ་བའི་ངན་ཐབས་ཀྱི་འགྲོ་བ་ཁ་ཕུང་དུ་བཏང་བའི་ལས་དང༔ གདུག་བྱེད་ཀྱི་སྲོག་ལ་ཟ་བའི་དྲག་སྔགས་ཀྱིས་འགྲོ་བ་བསྒྲལ་བའི་ཕྱིར་གསོད་བྱེད་ཁྲམ་ལ་གདབ་པ་དང༔ མྱོས་པ་ཀླུ་ལ་གཏད་པ་དང༔ ཁྲག་སྐྱུག་མ་མོའི་ཟོར་ཁ་དབབ་པ་དང༔ མཐོ་བ་བདུད་ཀྱིས་བསད་པ་དང༔ བཙན་གྱིས་མངོན་དུ་གཟིར་བ་དང༔ རྒྱལ་པོས་མངོན་དུ་སྨྱོ་བ་དང༔ མུ་སྟེགས་མངོན་དུ་བཀོད་བ་དང༔ གཟའ་སྤྱང་ལོ་ལ་རྦད་པ་དང༔ སྔགས་པ་རང་གཤེད་འབེབས་པ་དང་༔ མོན་མོ་ཀ་ཀུ་མངོན་དུ་བཀོལ་བ་དང༔ སྡིག་པ་མགོ་དགུས་བསད་པ་དང༔ སྦྲུལ་ནག་མགོ་དགུ་ལ་གཏད་པ་དང༔ གནས་ཁང་གཞི་དང་ཡུལ་ཁམས་ཕུང་བར་བྱ་བ་རྣམས་མངོན་དུ་ཕྱུང་སྟེ་བསྟན་པར་བྱའོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ གསང་བ་ལས་ཐེམས་ཀྱི་ལེའུ་སྟེ་དང་པོའོ༔ ༔གསོད་པར་བྱེད་པ་གཤིན་རྗེ་ལས་ཀྱི་འཁོར་ལོ་ནག་པོ་ལས༔ དུར་ཁྲོད་ཀྱི་གནས་སམ་རི་ནག་པོ་མོན་པ་ཁྲོས་པ་འདྲ་བར་དཔའ་བོ་གྲིས་བསད་པའི་ས་བླངས་ལ༔ ༔མཎྜལ་མཐིང་ནག་གྲུ་གསུམ་པ་ཅིག་བྱས་ལ་གྲི་རྒོད་ཀྱི་ཁྲག་དང་བཙན་དུག་བསྲེས་ལ་བྱུག་པར་བྱའོ༔ ཁ་ཁྱེར་རྩང་དམར་གྱི་བསྐོར་རྩང་དཀྱིལ་ལ༔ མི་དང་རྟའི་སྙིང་ཁམས་དུ་མ་བཟླས་སོ༔ རྒྱ་ཤོག་ལ་གདུག་པའི་འཁོར་ལོ་བྲིས་ལ་གོང་ང་སྔོན་རྟ་ཐོད་པོའི་ཐོད་པར་ལིདྒ་བཅས་པ་གཞུག༔ མདུན་དུ་གཡག་རོག་གཡག་རུ་འམ་བ་རུ་པོའི་ཐོད་པར་ཁྲག་སྣ་གསུམ་གྲི་བོ་རྟ་ནག་ཁྱི་ནག་དང་དུག་སྣ་བཞི་བཙན་དུག་ར་དུག་སྦྱར་དུག་གཡུག་དུག་དང་མཚོན་ཆ་སྣ་ཚོགས་པའི་ཕྱེ་མ་བྱས་ཏེ་སྐབས་སུ་ཐུན་དབབ་བོ༔ དེ་ནས་འདི་ཉིད་ཀྱི་མདུན་དུ་འཁོར་ལོ་བརྒྱངས་ལ་དེ་ཉིད་གསོད་བྱེད་གཤིན་རྗེ་མདོག་ནག་མོ་སྐུ་ཆེ་ལ་ཡན་ལག་རགས་པ་གཡས་པས་གསོད་བྱེད་ཀྱི་རལ་གྲི་ཐོགས་པ་གཡོན་པས་བདུད་ཀྱི་ཞགས་པ་ཐོགས་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པ་ཨག་ཚོམ་ཁམ་པར་འདུག་པ་བསྐྱེད་ལ༔ དེའི་ལྟོ་བར་དམ་ཉམས་པ་དེ་འབྱུང་བ་བཞི་དུས་གཅིག་ལ་འཁྲུགས་ཏེ་རང་སྲོག་རང་གིས་གཅོད་པར་བསམ༔ ངན་སྔགས་ཀྱི་བཙན་ཐབས་མཚོན་ཆ་ལས་ཀྱི་འཁོར་ལོ༔ ཏྲི་ལིང་ཤང་ཀ་ལ་ཐུན་རཀྴ་ཡ༔ ཤང་ཀ་དུ་ནི་ཡཀྴ་ཛ་མ་ནི་ཛ་ཏུར་ཁ་ལ་རྦད༔ དུར་ཡཀྴ་དགྲ་བོའི་སྙིང་ལ་ཡཱ༔ ཞེས་བཟླས་སོ༔ རྟགས་ཀྱང་མྱུར་བུ་འབྱུང་སྟེ་བསད་པའི་ངན་སྔགས་འདི་བཟླས་སོ༔ ལཾ་ལཾ་ལཾ་ལཾ་ཐུཾ་རི་ལི་ལི་རྦད༔ ཁྲག་ཐིབས་ཁཾ་ཁཾ་ཁཾ་ཁཾ་རྦད༔ རྩལ་་བྲག་ཤག་རཾ་རཾ་རཾ་རཾ་རྦད༔ ཙིཏྟ་དུན་མུག་པ་ཡཾ་ཡཾ་ཡཾ་ཡཾ་རྦད༔ ལང་ཤང་སྲོག་ལ་བྲེང་ནྲྀ་ཧུར་ཐུཾ་ཐུཾ་རྦད༔ ཅེས་ཞག་གསུམ་དུ་བཟླས་ཏེ་འཁོར་ལོ་ཐོད་པར་བཅུག་ནས་སྦྲུལ་ནག་གིས་མདུང་རྩེ་ལ་མནན་པས་དགྲ་བོ་ཁྲག་ཏུ་སྐྱུག་པར་འགྱུར་རོ༔ ཆུ་སྲིན་རྔ་མ་འཁྱོག་པ་དང་གནོད་སྦྱིན་སྣང་སྲིད་རྟ་ཀུ་བ་དང་སྲིན་པོ་ལྟོ་བ་རུ་བབ་དང༔ ཤན་པ་གྲི་ཐོགས་འཇོམས་པ་དང༔ ཐུན་གྱིས་ཏིག་ཅིག ལིདྒ་ལ་ཕུར་པས་གདབ༔ བསད་པའི་ལས་ཡིན་པས་ཟླ་བ་གསུམ་ན་ངེས་པར་བརླག༔ དེ་ལ་ངེས་པར་མ་སོད་ན་མནན་ཏེ་བསད་པ་འབྱུང་བ་སྔགས་ཀྱི་གྲོང་ཁྱེར་དཀྲུག༔ ཏྲི་ལིང་ཤང་ཀ་དུན་རཀྴ་ཡ༔ ལཾ་ལཾ་ལཾ་ལཾ་དགྲ་བོའི་སྲོག་ལ་ཐིབས་ལོག་རྦད༔ རཾ་རཾ་རཾ་རཾ་དགྲ་བོའི་རྩ་ལ་བྲེང་ཤག༔ ཡཾ་ཡཾ་ཡཾ་ཡཾ་དགྲ་བོའི་ཙིཏྟ་དུན་རྨུག་རྦད༔ ནྲྀ་ཧུར་ཐུཾ་ཐུཾ་ལིང་ཤག་སྲོག་ལ་བྲེང་བྲེང་རྦད༔ ཅེས་མནན་ཏེ་གསོད༔ དེ་ནས་ལིདྒ་ལ་དུས་བཞིར་ཐུན་བརྡེག་མི་བསད་པའི་གྲིས་གཏུབ་བོ༔ ཤང་ཀ་དུ་ཡཀྴ་ནྲྀ་དགྲ་བོའི་རྩ་ལ་རྦད༔ མ་ནྲྀ་རྩ་ཐུར་དགྲ་བོའི་སྲོག་ལ་ཁ་ལ་རྦད༔ དུར་ཡཀྴ་དགྲ་བོའི་སྙིང་ལ་ཡ༔ ཞེས་གྲིས་གཏུབ་བོ༔ དེ་ནས་ཀླུ་ནག་གི་ལྕེ་མདུང་ལ་གཏད་ཅིང་མནན་ན་མྱུར་དུ་སྐྱུག་པར་འགྱུར་རོ༔ དགྲ་རྟགས་བྱུང་ན་རྟ་སྔོན་སྙིང་གིས་གཏང་རག་བཏང་ངོ་༔ གསོད་བྱེད་གཤིན་རྗེ་ཕུང་བཤིག་ནག་པོ་ལས་དྲག་པོ་ལས་ཀྱི་མཚོན་ཆའོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ གསོད་པ་གཤིན་རྗེའི་ལེའུ་སྟེ་གཉིས་པའོ༔ ༔ངན་སྔགས་ཀྱི་འཁོར་ལོ་མཚོན་ཆ་བསད་པའི་སྦྱོར་བ་ཕུང་བཤིག་མྱོས་པ་ཀླུའི་མཚོན་ཆ་ལས་ཀྱི་འཁོར་ལོ་ནག་པོ་གསང་བའི་ལས༔ སྡིག་པ་ཕུང་བཤིག་དུག་སྦྲུལ་རལ་ཅན་གྱི་ལས༔ དང་པོ་མཛེ་ཅན་གྱི་ཐོད་པ་བླངས་ལ་ལྟག་པ་ནས་སོག་ལེས་གྲས་བཏབས་པ་མ་ཐོད་ལ་འཆི་བདག་གི་གཟུགས་ཡོད་པ་ད་ལར་མ་པ་དང་མི་ཁྲག་སྦྱར་ལ་ཀླུའི་ཞལ་དབྱུང་ངོ་༔ མགོ་དགུ་པར་བྱའོ༔ མཐའ་མར་ཕོ་སྔགས་ཀྱིས་བསྐོར་རོ༔ ཐོད་པ་གཅིག་ལ་ཀླུ་མོ་ནག་མོའི་གཟུགས་བྱས་ལ་མོ་སྔགས་དགོད་དོ༔ དེ་ནས་བདག་ཉིད་ལུས་ལ་བསྲུང་བའི་རྫས་བཅངས་ལ་སྙིགས་མ་ལ་དུག་སྦྲུལ་ནག་པོ་ཁ་ནས་མེ་འབར་བ་གཅིག་ཏུ་བསྐྱེད་ལ་གཏོར་མ་བཤམས་ལ་ནཱ་ག་ཀླུའི་ཆོ་ག་ཉ་བར་འབད་དོ༔ ཨོཾ་ཕེ་ཤ་བསྙེན་པ་མ་ག་དུ་བྷྲཱུྃ༔ ཨོཾ་ནག་ཡབ་འབོད་པ་པོ་ཏི་པ་ཙ་ཡ་ཧཱུྃ་ཛཿ ཡུམ་འབོད་པ། ནཱ་ག་ཀྲོ་དྷི་ཤྭ་རི་ཧཱུྃ་ཛ༔ འཁོར་འབོད་པ། ནཱ་ག་དུ་ནཱ་ག་དུ་ན༔ ཧེ་ལི་ཧེ་ལི་ནཱ་ག འདུས་འདུས་ས་མ་ཡ༔ ཞེས་ནཱ་ག་འབོད་ཅིང་བསྙེན་པར་བྱའོ༔ བསད་པ་ལས་ཀྱི་འཁོར་ལོ་ནི༔ ནག་པོ་ཏི་རི་པ་ཙ་ཡ་དགྲ་བོའི་གློ་སྙིང་ལ་མ་ར་ཡ་ཛཿ ཀླུ་སྦྲུལ་ནག་པོ་ནཱ་ག་སྙིང་ལ་ཡ༔ ཁྲུཾ་པོ་ཡེ་ཛཿ ནག་པོ་ཏི་པ་ཙ་ཡ༔ ནག་པོ་བསད་པ་ཞག་ཏི་པ་ཙ་ཡ༔ དགྲ་བོའི་སྙིང་ལ་ཡ་རྦད་སུ་ཡ་ཐུཾ་རིལ་ཡ་ཛཿ ནཱ་ག་རཱ་ཙ་སྲོག་ལ་ལཾ་ལཾ་ལཾ་ལཾ་བསད་པ་སྲོག་འབྲལ་བ་རུ་ཛྭ་ལ་སྲོག་ལ་ལྷན་ལྷན༔ ནཱ་ག་ར་ཛ་ཁྲག་ལ་ཁཾ་ཁཾ་ཁཾ༔ ཛྭ་ལ་ཁྲག་ལ་མྱོས་མྱོས༔ ནཱ་ག་རཱ་ཙ་རྩ་ལ་རཾ་རཾ་རཾ་རཾ་ཛ་ཛཿལ་ཏིག་ཏིག༔ ནཱ་ག་རཱ་ཛ་དབུགས་ལ་ཡཾ་ཡཾ་ཧ་ས་ཧཾ་ཐུན་གཟིར་ཛྭ་ལ་ཛི་དགྲ་བོ་མ་ར་ཡ་ནག་པོ་ཙིཏྟ་ལ་རྒྱོབ༔ འབྱུང་བ་དཀྲུག་པའི་སྔགས་ཡིན༔ སྟོང་ཕྲག་གསུམ་ལས་མང་ཉིན་རེ་ལ་བས་ན༔ སྔགས་ཀྱི་ནུས་པ་ཚད་རྒལ་བས༔ རང་གི་རིགས་ཀྱང་ཕུང་བར་བྱེད༔ ཉིན་གྱི་སྔགས་སུ་ཤེས་པར་བྱ༔ མཚན་མོ་འབྱུང་བ་དཀྲུག་པའི་ལས༔ ནཱ་ག་ཀྲོ་ཏི་ཤྭ་རི་མོ་དགྲ་བོའི་སྲོག་ལ་ལྷན་དེའི་ཕྱི་རོལ་དུ་སྡིག་པ་མགོ་དགུ་པ་བྲིས་ལ་རེ་བས་བཏུམ་ནས་ནང་དུ་ལིངྒ་སྲོག་རྩ་ཆད་པའི་སྔགས་བྲིས། ལྷན་ལྷན་ལྷན༔། ནཱ་ག་རཱ་ཛ་ལཾ་ལཾ་ལཾ་ལཾ་རྦད་དགྲ་བོའི་སྲོག་ལ་ཛྭ་ལ་མྱོག་མྱོག༔ ཁཾ་ཁཾ་ཁཾ་ཁཾ་ནཱ་ག་རཱ་ཛ་རྦད་དགྲ་བོའི་རྩ་ལ་ཛྭ་ཏིག་ཏིག་ནཱ་ག་རཱ་ཛ་རཾ་རཾ་རཾ་རཾ་དགྲ་བོའི་རྩ་ལ་ཛྭ་ལ་ཏིག་ཏིག་ནཱ་ག་རཱ་ཛ་རཾ་རཾ་རཾ་རཾ་རྦད༔ དགྲ་བོའི་དབུགས་ལ་ཛྭ་ལ་ཛི་ཏི་ཡཾ་ཡཾ་ཡཾ་ཡཾ་ཧ་ལ་ཧ་ཡཾ་ཐུན་གཟིར་ནག་པོ་ཙིཏྟ་ལ་རྒྱོབ༔ དགྲ་བོ་མཱ་ར་ཡ༔ མཚན་མོ་སྟོང་ཕྲག་གསུམ་དུ་བཟླས༔ དེ་ནས་གཏད་པའི་ལས་དག་ནི༔ བྱང་ཕྱོགས་གདོལ་བ་གནས་པའི་ཕྱོགས་དེའི་ཆུ་མིག་ཏུ་དུག་སྦྲུལ་ནག་པོའི་ཏིང་འཛིན་གྱི༔ གདོལ་བ་ཀླུ་ལ་གཏད་པར་བྱ༔ ཕོ་བྲང་རྒྱ་མཚོའི་གསང་སྒོ་ན༔ བཞུགས་པ་གདོལ་ལ་ཁྱོད་ཀྱིས་ནི༔། བསྟན་པ་བཤིག་པའི་དགྲ་བོ་འདི༔ ནཱ་ག་གླུ་ཡི་ཚོགས་ལ་གཏད༔ གཏད་དོ་གཉེར་རོ་ས་མ་ཡ༔ ཞེས་བྱས་ལ་གཏད་དོ༔ ཟླ་བ་གཉིས་ན་མཛེས་འཛིན་པར་འགྱུར་རོ༔ འདི་ལ་དཔོག་པའི་ལས་མེད་དེ༔ ཀླུ་མི་ལྡོག་པར་བྱ་བའི་ཐབས་ནི༔ རྫས་དང་སྔགས་དང་ཏིང་ངེ་འཛིན་དང་གསུམ༔ རྫས་ལ་བརྟེན་པ་ནི༔ མེ་ལོང་ལ་བུད་མེད་ཀྱི་མངལ་ཁྲག་གིས་ཁ་ཁཾ་བྱ་བ་བྲིས་ལ་ཚགས་བྱ༔ དེ་ནི་ཀླུས་ཁྲག་གི་རྒྱ་མཚོར་མཐོང་ནས་འབྲོས་སོ༔ སྔགས་ནི༔ ༀ་ཕེ་ཤ་ནཱ་ག་དུ་བྷྲཱུྃ༔ ༀ་ནས་རིམ་གྱི་སྟོན་པ་དྲུག་དང་ཤར་དེ་ལ་ནཱ་གའི་ཚོགས་ཀྱི་ལྡོག་པ་མེད༔ ཏིང་ངེ་འཛིན་བདག་ཉིད་ནི་དུག་སྦྲུལ་ནག་པོ་ཁྲག་མིག་ཅན་དུ་བསྒོམ༔ དུག་གི་དུག་འཇོམས་ཀླུ་ཡི་གཉེན་པོར་འགྲོ༔ གཞན་གྱི་ལྷ་ཡི་གཉེན་པོ་བྱེད་པ་ནི༔ ཀླུ་སྦྲུལ་ནག་པོས་ངེས་པར་འཛིན་པ་ཡིན༔ དེ་བས་སྟོང་པ་ཉིད་ལ་གོམས་པ་བརྟན༔ ཆུ་མིག་ཏོག་དང་ཕར་མར་བར་ཚུད་ཕྱོགས་བཞིར་མེ་རེ་སྟེ༔ སྤེ་རང་མགོ་གད་ཕྱེ་ན་ཆུ་མིག་སྲང་དང༔ སྲང་སྒོ་བྱ་རའི་ས༔ མེ་ལོང་ཕར་གཡས་དང་ནི་བསྐུལ་གཡོན་པ་ཡིན་པས་ན༔ གང་དུ་གཏད་ཀྱང་འགལ་བ་མེད༔ ཕོ་བྲང་ཡིན་པར་རྒྱ་མཚོ་འདོད༔ དགྲ་བོ་ནད་ཀྱི་བཏབ་ནས་ཀླུ་ལ་གཏོར་མ་སྦྱིན་ནོ༔ དུག་སྦྲུལ་ནག་པོ་སྡིག་པ་མགོ་དགུ་པའི་ངན་སྔགས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ བྱས་པ་ཀླུ་ལ་གཏད་པའི་ལེའུ་སྟེ་གསུམ་པའོ༔ ༔ངན་སྔགས་ཀྱི་ཟླ་གསང་ནག་པོ་ལས་བསད་པའི་སྦྱོར་བ་འདིའོ༔ དང་པོ་སྔགས་པ་འདི་ཉིད་ནི་ཉི་མ་ནུབ་ཕྱོགས་ནས་ས་ནག་པར་བྱའོ༔ ཁ་གུལ་བུ་གསུམ་པ་ཚས་བླངས་ལ༔ རོ་བསྲེགས་པའི་སར་སོལ་བ་དང་བསྲེས་ལ༔ ག་ར་རྟ་ནག་ཀ་ལའི་ནན་པ་སྟེ༔ ཁ་ར་བོང་ནག་ཎ་དང༔ བྷ་ན་ཧའི་ཆུ་བ་ལང་ནག་པོ་ག་དང༔ གང་རུང་པས་ནི་སྒྲུབ་པ་ལ༔ ཨ་མུ་ཀའི་གཟུགས་ཁྲུ་གང་པ་ཅིག་བྱས་ལ༔ མིང་དང་རུས་བྲིས་ལ་སྙིང་གར་གཞུག་པར་བྱའོ༔ ཁ་གུ་གུལ་ནག་པོས་བཅད་དོ༔ བུད་མེད་ཡུགས་ས་མོའི་གོས་དུམ་རྙིང་པས་དཀྲིས་ལ་དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ཅིག་བྱས་ལ་ཡི་གེ་ཏྲག་པར་ཐ་བྱ་བས་གཟུགས་མནན་ལ་བཞག༔ དེ་ནས་དྲག་པོའི་ཐུན་བཅས་ལ་མོན་རབས་ཆད་མགོང་སེམས་ཅན་གསུམ་པོའི་ཆུ་བླུགས་ལ་དེར་ཁྲག་དང་ཉུངས་ཀར་དང་མཚེ་ནག་པོ་དང་གུ་གུལ་ནག་པོ་དང་དུར་ཁྲོད་སོལ་བ་ནག་པོ་རྣམས་བླུགས་ལ་དྲག་སྔགས་བཟླས་ཤིང་སྐབས་སུ་ལིང་ག་དགྲ་དང་གཟུགས་དེ་ལ་དགྲ་གདབ་བོ༔ ༀ་ནི་ར་མ་རྩ་ཀྲུ་བ་ཧ་ཙ་ཀྲུ་ཀུ་ལེ་ཤ་ཤེ་ཀུ་རི་ཏི༔ བི་རི་ཏི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ནག་པོ་ཧ་ལ་ཙ་མ་རི་སྙིང་རྩ་སྲོག་རྩ་ལ་རྃ་འབྱུང་བ་བཞི་ལས་ཀྱི་སྔགས་རྃ་རྃ་ཁྲག་སྙིང་ལ་ཁཾ་ཁཾ་ཁཾ་རྦུད༔ སྲོག་རྩ་ལ་མུག་ཏི་ལཾ་ལཾ་ལཾ༔ སྲོག་ཕྱེ་ཤར་གྱི་ཧུར་ཐུམ༔ སྲོག་ལ་ཡཾ་ཡཾ་ཡཾ་རྩ་ལ་བྲེང་ཤག་མ་ར་ཡ༔ ཞེས་བཟླས་སོ༔ རྟགས་ནི་འོད་འབར་བར་དང་འབག་དང་བཙུན་པ་ཆེན་པོ་དང༔ བཙང་པོ་ལྟ་བུར་འབྱུང་ངོ༔ བསད་ལས་ཀྱི་དུག་མདའ༔ བསད་པ་སྲོག་གི་གཟེར་བུ་གདུག་པ་སྔགས་ཀྱི་ཕྲ་མན་འདི་ནི༔ ཏྲི་རཀྴ་བསད་པ་རྦད་མྱག་རིལ་རྦད་ཁྲག་ཏེ་རྦད་དེ་ཁ་ལ་ཁྲག་ཏིག་སྤྱང་པོ་འདུར་བ་རྒྱུག༔ སྲོག་གི་མགོ་ལ་རྒྱོབ༔ ཁྲག་ཆེན་ཐུན་གྱི་གདབ༔ གཟུགས་ཀྱི་སྟེང་དུ་བླུགས་པར་བྱ༔ ཞག་གསུམ་མ་ཡེངས་པར་བཟླས་ན༔ ཟླ་བ་གཅིག་ན་ངེས་པར་འཆི༔ བདག་ཉིད་ནི་ལུས་གཅེར་བུར་ཕྱུང་ལ་ཐལ་བ་དང་ཁྲག་གིས་བྱུག༔ ང་དང་བདག་ཏུ་འཛིན་པའི་ལྟ་བ་ལ་ཞུགས་ལ་ཨ་མུ་ཀའི་དགྲ་གཟུགས་གཞོམ་མོ༔ ཟླ་བ་གཅིག་ན་རྟགས་མེད་ན་སྒྲུབ་པ་བསྐྱར་བར་བྱ༔ གལ་ཏེ་འགོར་ན་མནན་ཏེ་ལོག་ནོན་འདིས་གསོད༔ དགྲ་གཟུགས་འབྲུབ་ཁུང་ནང་དུ་མནན་པ་དེ་དྲག་པོའི་སྔགས་འདིས་གདབ་པར་བྱའོ༔ ཏྲི་རཀྟ་མྱག་རིལ་རྦད༔ ཁྲག་རིགས་ཁ་ལ་ཁྲག་རིགས་སྤྱང་པོ་འུར་བ་རྒྱུགས་སྲོག་གི་མགོ་ལ་རྒྱོབ༔ ཧ་ལ་ཡ་མ་སྲོག་རྩ་ཁྲག་རྩ་ཏ་རྦུད༔། རྦུད་རྦུད་ལཾ་ལཾ་ལཾ་སྲོག་ལ་རྦད༔ ཁཾ་ཁཾ་ཁཾ་སྙིང་ཁྲག་ཁ་ལ་ཏིག༔ རཾ་རཾ་རཾ་རྩ་ཁྲག་ཙིཏྟ་རྦུད༔ ཡཾ་ཡཾ་ཡཾ་སྲོག་ལ་མྱ་ཏིག་རྦད༔ སྲོག་ལ་ཏིག་རྦད༔ སྙིང་བྱུང་རྦད་བསད་པ༔ ཞེས་ཞག་གསུམ་མནན་ལ་བསད་དོ༔ དེའི་དགྲ་གཟུགས་སྙིང་གར་དུག་ཤིང་གི་ཧོམ་བཙུགས་ལ་བསྲེག་པར་བྱའོ༔ དེ་ནས་ཐལ་བ་དང་དགྲ་གཟུགས་ཀྱི་ཐོ་རོ་ལ་ཐམས་ཅད་ལྷ་ཁང་མཛེ་ནད་འོང་། ཧྲུལ་པོ་དང་མཆོད་གྲི་རྒོད་འོང་། རྟེན་རྙིང་པར་སྦས་ན་ཞག་གསུམ་ན་སྨྱོ་ཞིང་འགུམ་མོ༔ ནཱ་ག་ཡོད་སར་སྦས་ན་གྲི་རྒོད་དུ་འཆིའོ༔ མྱུར་དུ་ཧ་ལ་མུ་སྟེགས་འབྱུང་བ་མཚོན་ཆའི་འཁོར་ལོ་ནག་པོ་ཁྱད་པར་གྱི་ལས་མ་ར་ཡ་བསད་པའི་ཏི་ཀ་མྱོས་བྱེད་སྙིང་འཕྲོག་ནག་པོའི་ལས་སོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལ༔ ཟླ་གསང་ནག་པོ་མཚོན་ཆ་འཁོར་ལོའི་ལེའུ་སྟེ་བཞི་པའོ༔ ༔བསད་པ་ལས་ཀྱི་མཚོན་ཆ་སྲོག་བདག་ཤེལ་གིང་བསད་པ་དུག་གི་མཚོན་ཆ༔ མཎྜལ་མཉམ་པོ་ཡིད་འོང་ལ་དྲ་ཕྱིང་གཙང་མ་བཏིང་ལ་འབྲུ་ལྔ་ལ་གཏོར་མ་བྱ༔ ཨ་མུ་ཀའི་སྨེ་རྫས་ལ་སྦྲུས་པའི་ངར་གླུད་སོར་གཉིས་བྱས་ལ༔ སྙིང་གར་དགྲ་བོའི་མིང་རུས་གཞུག་གོ༔ དེ་ལ་གུ་གུལ་ནག་པོ་བདུག༔ རྣམ་ཤེས་ཆགས་པའི་རྟེན་ཡིན་ནོ༔ དྲག་སྔགས་བཟླ་ཞིང་ཞག་གྲངས་གསུམ་དུ་རྦད༔ གིང་བདུད་སྲིན་པོ་འདིའོ༔ བདུད་པ་མ་ཡ་ད་རུ་ནན་ནི་ནན༔ ཨ་མོ་ཁ་རུ་རྦད་ཤེལ་གྱི་རུ་སྙེན་དཀར་པོ་དགྲ་བོའི་སྲོག་ལོང་དབུགས་ཆོད་རྩ་ནན་པྲ་མ་ཡ་ཕཊ༔ ཧཱུྃ་ཨ་ཀ་བཾ་དུ་རུ་དུ་རུ་རྦད༔ རཱ་ཙ་སྲོག་དུང་དུང་ཛ༔ ཞེས་བཟླས་སོ༔ སྲོག་བདག་དངོས་སུ་འོངས་ནས་ལས་ཅི་བྱ་ཟེར་རོ༔ དེ་ལ་བསད་པ་ལས་ལ་བསྐུལ༔ གསང་སྔགས་འདི་རབ་ཏུ་འབད༔ བདུད་བདུད་ཏྲི་ནི་ར་ཟུང༔ ཡཾ་གཤིན་རྗེ་ཏྲི་ནི་ར་ཟུང༔ ཆུ་མ་སྲོག་བདག་ཤིག་ཡཾ་ཏྲི་ནི་ར་ཟུང༔ དུན་ཏྲི་ས་ཏྲི་དན་ཤོ་མ་ཏྲི་དན་ན་ཛ་མ་ར་ཏྲི་ཛ་ཛཿ མ་ཡ་ཐིབ་ཐིབ་རཱ་ཙ་སྲོག་ལ་ཕྱེ་ཤག་ལཾ་ལཾ་ལཾ་པྲ་མ་ཡ་ཐུཾ་རིལ་ཧུར་ཐུམས་ཤིག༔ ཁཾ་ཁཾ་ཁྃ་མགྲིན་རྩ་བཅད་རག་ཏ་ཙ་ར་ཡ་སྙིང་ཁྲག་སྤུར་ཡ༔ ལྟེ་རྩ་བཅད་རཾ་རཾ་རཾ་སྲོག་ཏིག་མུར་ཅ་ཧ་ལ་རྦད༔ སྙིང་རྩ་བཅད་ཡཾ་ཡཾ་ཡཾ་སྲོག་ཕྱེ་ཤག་ཕྱེ༔ ཞེས་བཟླའོ༔ དགྲ་བོ་སྨྱོ་ཞིང་འབོག་པ་དང༔ བརྒྱལ་བ་དང༔ ཁྲག་ཏུ་སྐྱུག་པ་དང༔ རང་གི་ཁང་པ་ཚིག་པ་དང༔ རི་ཉིལ་བ་དང༔ འབྲུག་ལྡིར་བ་སྐད་ཟེར་བ་འོང་ངོ་༔ རང་སྙིང་ཙིག་ཙིག་བྱེད་ན་ལས་མྱུར་དུ་འགྲུབ་བོ༔ སྙིང་འདར་བ་དང་མི་དགའ་ན་སྟོང་པ་ཉིད་ལ་གནས་པར་བྱའོ༔ སྔགས་འདི་བརྡེག་གོ༔ ཏྲི་ཏྲི་རྦད་བསད་ཁ་ཐུན་ཁ་ཁ་ཏྲི༔ སྨྱུག་ཏྲི་བདུད་ཏྲི་ཙི་བདུད་མ་ཏྲི་སྐྱོལ༔ ས་ནི་བ་མ་དུ་ཆོ་སྐྱོལ་མ་ར་དུམ་སེར་སེར༔ ཏ་ཆོད་ཕོབ་ཡ་ཡ༔ ས་མ་ཡ་ཏྲི་ཛ་ཛ་ཕོབ༔ གསང་སྔགས་འདི་དག་ཀྱང་བརྡེག་གོ༔ རཱ་ཛ་སྲོག་ལ་བྲེང་ཤག༔ རཱ་ཙ་སྲོག་ལ་ཧལ་ཡཾ་རྦད༔ རཱ་ཙ་སྲོག་ལ་རྩ་ཁྲག་ཕྱུང༔ རཱ་ཙ་སྲོག་ལ་མྱལ་ཏི་རྦད༔ ལཾ་ལཾ་ལཾ༔ རཾ་རཾ་རཾ༔ ཁཾ་ཁཾ་ཁཾ༔ ཡཾ་ཡཾ་ཡཾ༔ སྲོག་ཏིག་རྩ་ཏིག་སྙིང་ཏིག༔ རཱ་ཙ་ཙིཏྟ་ཟུང་སྙིང་ཁྲག་མྱོག་ཁ་ཡ་ཁེད་ཁེད༔ མ་ཧཱ་སྲོག་ལ་མུག་མུག་རྩ་སྲོག་ཙིཏྟ་མ་ར་ཡ༔ སྲོག་བདག་མོ་ཤེལ་གིང་ལ་སོགས་པས་དགྲ་གཟུགས་དེ་དག་གཏུབས་ལ༔ སྤྲེའུ་འམ་ཏྲི་བོའི་ཐོད་པར་བཅུག་ནས་ལྷ་ཁང་དུ་མནན་ན་དགྲ་བོ་མངོན་དུ་སྨྱོའོ༔ ༔གལ་ཏེ་ལས་འགོར་ན་མནན་ཏེ་ཐོག་ཐན་གྱི་བསད་པ་ལིང་ག་ཤིང་ཚེར་མ་ཅན་གྱི་མེ་ལ་བསྲེག་ཅིང༔ རཱ་ཙ་སྲོག་དུན་དུ་ཛ་ཨ་ཀ་ཙི་དུ་ཏུ་དུ་རྦད༔ པྲ་མ་ཡ་ཧཱུྃ་ཕཊ༔ སྙིང་རྩ་ནར་དབུགས་ཆོད་ཤེལ་གྱི་རུ་སྙན་དཀར་པོ་དགྲ་བོའི་སྲོག་ལོང་ནི་ནན༔ ཨ་མོ་ཀ་རུ་ཁ་རྦད༔ བདུད་པྲ་མ་ཡ༔ སྲོག་ལ་མ་ར་ཡ་རྦད་གནད་ཆེ་ན་རྒྱུན་རྔམ་སྲོག་ལ་བྲེང་བྲེང་ཧ་ར་ཧ་ར་རྦད་རྦད༔ ཅེས་བཟླས་པས་ལིང་ག་བསྲེག་སྲོག་བདག་ཉིད་ཀྱང་ཁྲག་ཏུ་སྐྱུག་ན་དགྲ་བོ་དག་སྨོས་ཅི་དགོས༔ ཐལ་བ་དེ་ནི་རླུང་དམར་བྱུང་ཙ་ན་བསྐུར་ཏེ༔ སྨྱོ་འབོག་དྲན་པར་འགུམ་མོ༔ དྲག་སྔགས་སྲོག་གཅོད་པའི་སྔགས་དང༔ ལས་ལ་རྦད་པའི་སྔགས་དང༔ བསད་པར་བྱ་བའི་སྔགས་དང༔ མ་འགྲུབ་མནན་ཏེ་བསད་པ་དང་བཞི༔ དྲག་པོའི་རྫས་ནི་བསྲུང་བ་བརྡའི་གགས་དང༔ བསད་པའི་མིག་གི་རྟེན་ནས་མནན་བུ་གའི་རྫས་དང༔ ཨ་ར་ལ་གཏད་པ་དུག་གི་ཧོམ་ཚེར་མ་ཅན་མོ༔ གསང་བའི་ཡང་ཏིག་སྙིང་གི་ལས་སོ༔ སྲོག་བདག་དམྱལ་བྱེད་ཀྱི་ངན་སྔགས་འབྱུང་བ་འཁྲུགས་པ༔ ཁྲོས་མའི་རྒྱུད་ལས་ལེའུ་ལྔ་པའོ༔ ༔དྲག་པོ་བསད་པའི་སྦྱོར་བ་མཚོན་ཆ་ལས་ཀྱི་འཁོར་ལོ་ཤུ་མངོན་དུ་གཟེར་པ་འགྱོག་ཕུག་གི་རྔ་བ་ཁྲག་སྐྱུག་ཀུན་གྱི་བདག་མོ་འདི་བསྒྲུབ་བོ༔ རི་གསུམ་རྩེ་ལ་ཕྱིན་ལ་གནས་བཅལ་ལ༔ ར་དམར་པོའི་ཐོད་པ་ཅིག་ལ་ཁྲག་གིས་བྱུག་ལ་དམར་སེར་བྱས་ལ༔ དེ་ནས་ར་སྙིང་ནང་དུ་བཙན་དུག་དང་དགྲ་བོའི་ལིང་ག་བཅུག་ལ༔ བདག་ཉིད་སེམས་མ་ཡེངས་པར་བྱས་ལ་དགྲ་བོའི་བླ་འགུག་གོ༔ བླ་ཁུག་པའི་བརྡ་ནི། ར་ཁྲིད་པ་དང༔ བྱ་ཁྲས་བསད་པ་དང༔ རི་དྭགས་བཤོར་བ་འོང་བས༔ རྟགས་དེ་བྱུང་མ་ཐག་ཏུ་སྤྱང་ཀི་འམ་ཝ་དང་མིའི་ཐོད་པར་སྤྱང་ཀིའི་ཁྲག་གམ་གྲི་རྒོད་ཁྲག་ལ་ར་དུག་བཙན་དུག་སྦྱར་ལ་སེག་ཁྲག་གིས་བྱུགས་ལ་སྐྱེར་མདའ་འུག་པ་མ་བྱས་ལ་སྲོད་ཐོ་རངས་ཉིན་མཚན་གསུམ་བྱས་ལ་མདེའུ་དེ་ཁྲག་ཏུ་ལིངྒ་ལ་ཏིག་གོ༔ ཞག་གསུམ་རྫོགས་ནས་འགྲུབ་ངེས་ཏེ་བཙན་གྱི་སྲངས་སུ་ཐོད་པ་མནན་ནོ༔ ངན་སྔགས་འདི༔ ནཱ་ག་ར་ཛ་ཀྲོ་ཏི་ནི་ཁ་ཁ་ཐུན་ཧེ་ཤི་ཏྲི་ད་མ་ཙ་ལ་ཏྲི་ར་གཾ་པ་མ་ཡ་ཛ་ཛཿ ཨ་བའི་ཕུ་ན་ག་ར་ཛ་ཛ་ཛཿ ཤན་ཏིང་ཀུ་རུ་ལ་ནྲྀ་ཤ་ཀུ་རུ་ཛ་ཛཿ ཞེས་བཟླས་སོ༔ ཤ་ཁྲག་གཏོར་མ་གཅིག་ཀྱང་གཏོང་ངོ༔ ནཱ་བཙན་གྱི་འབྱུང་བ་འཁྲུག་པ་ག་ར་ཙ་ཨ་བི་ཤུ་ཏི་ཏིག་ཏ་ནི་སྲོག་ཁ་ལ་ཏིག་རཾ་ལཾ་ལཾ་ལཾ་བྲེང་ཤག་རྦད་རྣམ་ཤེས་དངས་སྙིགས་ཕྱེ་བ༔ མྱལ་ཏི་བཾ་ཡ་ཏི་ཡཾ་ཡཾ་ཡཾ༔ ཁ་ལ་ཧ་པ་ཡཾ་སྙིང་ཏིག་ཕོབ༔ ཙ་ཏིག་ཕོབ་སྲོག་ཏིག་ཨ་མུ་ཀ་མ་ར་ཡ་རྦད༔ མ་ར་ཡ་རྦད་རྦད༔ བསྒྲུབ་པ་ཞག་བདུན་བསད་པ་ཞག་གསུམ་དེ་བས་མང་ན་མི་འཚལ་ལོ༔ སྔགས་ཀྱི་སྦལ་གྱི་རང་འདར་ན་ལ་འུར་ལིངྒ་ལ་བྲབ་བོ༔ ཟླ་བ་གསུམ་ནས་མངོན་སུམ་དུ་ཁྲག་སྐྱུག་གཟེར་ནད་ཀྱི་འཆིའོ༔ གལ་ཏེ་སོད་ན་མནན་ཏེ་ལོག་ཐོམ་སྔགས་འདིས་བསད་དོ༔ ནཱ་ག་རཱ་ཙ་ཨ་བ་ཤུ་ཀྲོ་ཏ་ནི་རཾ་རཾ་རཾ་དགྲ་བོའི་སྲོག་ཁ་ཁ་ཁྲག་ཏིག༔ རྩ་ཁྲག་ཙིཏྟ་རྦད༔ ཁཾ་ཁཾ་ཁཾ་སྙིང་ཁྲག་ཁ་ལ་ཏིག་མྱལ་རྦུད༔ ལཾ་ལཾ་ལཾ་རྩ་ཁྲག་ཙིཏྟ་ཁ་ས་ཏིག་བྲེང་ཤག་རྦད༔ ཁ་ལ་ཧ་ལ་ཡང་སྙིང་ཐིག་ཕོབ༔ སྲོག་ཐིག་ཕོབ་སྲོག་ཐིག་ཕོབ༔ ཨ་མུ་ཀ་མ་ར་ཡ་རྦད་རྦད༔ ཞེས་ཞག་གསུམ་བཟླས་པར་བྱ༔ མདའ་བསྣུན་ཁྲག་ཏིག་གོ༔ དེ་ནས་ར་སྙིང་དུ་དེའི་མིང་བྱང་བཅུག་ན༔ སྙིང་འགས་སོ༔ ཟླ་བ་གསུམ་ལས་མི་འགོར་རོ༔ བརྡ་བྱུང་རུང་མ་བྱུང་རུང་ཐོད་བཙན་གྱི་རྒྱུ་སྲངས་སུ་མནན་ནོ༔ ངན་སྔགས་ཁྲོས་མ་ནག་མོའི་རྒྱུད་ལས༔ བཙན་གྱི་མཚོན་ཆས་གཟིར་ཞིང་ཁྲག་ཏུ་སྐྱུག་པའི་ལེའུ་སྟེ་དྲུག་པའོ༔ ༔དྲག་པོ་བསད་པའི་སྦྱོར་བ་མཚོན་ཆ་ལས་ཀྱི་འཁོར་ལོ་གནོད་བྱེད་ནག་པོའི་སྔགས་ནི༔ ༀ་བཛྲ་སུཾ་ཏྲི་རཀྴ་ར་ཙ་ད་ར་མཱ་རཱ་ཙ་ཡ༔ སུཾ་ཏྲི་རཀྴ་གཏུབས་གཏུབས༔ ཙཀྲ་ཀྲ་མ་ཡ༔ ༔ལཾ་ལཾ་ལཾ་ཙཀྲ་ཝ་ར་ཏི་རྦད་མ་ར་ཡ༔ ཡཾ་ཡཾ་ཡཾ་ཙཀྲ་ཝ་ར་ཏི་རྦད་མ་ར་ཡ༔ འཕུང་སའི་འབྲས་བུ་ཁུང་བྱས་ལ་ཁ་དང་གྲ་ཤད་ལ་གཟུགས་བྱས་ལ༔ ཙ་ཁྲག་ཙིཏྟ་ཁ་ལ་ཏིག༔ སྙིང་གར་མིང་བྱང་གཞུག༔ གྲུ་གསུམ་ཁ་ལ་རྩངས་དམར་གྱིས་བསྐོར༔ བཤོས་བུ་དམར་པོ་ཟུར་གསུམ་དང༔ ར་རོག་པའི་སྙིང་ཁྲག་ལ་གཏོར་མ་བྱས་ལ་མཆོད༔ མི་སྙིང་གཏད་གཟུགས༔ རྟགས་མོན་པ་བཙུན་པ་དང་ཞུབ་ཅན་སྐྱེས་པ་མཚོན་ཐོགས་པ་འོང་༔ གནོད་བྱེད་དངོས་སུ་ཡོངས་པ་དང་སྙིང་སྟོབས་བྱུང་ན་ཤེས་པ་བརྟན་དུ་བྱ༔ དྲག་སྔགས་ཞག་བཅུ་བཞི་བྱ༔ སྐབས་སུ་གཞུ་ལ་སྐྱེར་པའི་མདེའུ་བྱས་ལ་བརྡེག༔ རྫས་ལ་གྲོག་པོ་ཕུག་པ་རྡུགས་སམ་གནོད་སྦྱིན་གྱི་ལས་འདི་པའོ༔ ས་མ་ཡ་ར་ཛ་ད་ར་མ་ར་ཙ་བཛྲ་སུམ་ཏྲི་རཀྴ་དགྲ་བོའི་ཙིཏྟ་ལ་གཏུབས་ཙཀྲ་མ་ར་ཡ་ཁཾ་ཁཾ་ཁཾ་རྦད༔ ཙཀྲ་མ་ར་ཡ་ལཾ་ལཾ་ལཾ་རྦད༔ ཙཀྲ་མ་ར་ཡ་ཡཾ་ཡཾ་ཡཾ་རྦད༔ ཅེས་གཟུགས་དུག་རྒོད་ཀྱི་མེ་ལ་བསྲེག་ནས་ཐལ་བ་མནན་ནོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ གནོད་སྦྱིན་མ་ར་ཡ་ཁྲག་སྐྱུག་གི་ལེའུ་སྟེ་བདུན་པའོ༔ བསད་པ་ལས་ཀྱི་འཁོར་ལོ་མཚོན་ཆའི་སྦྱོར་བ༔ མ་ར་ཡ་དྲག་པོ་སྲིད་པ་ཀུན་འདུལ་ཁམས་གསུམ་དབང་བསྒྱུར་གྱི་དྲག་སྔགས༔ མ་མ་རག་མོ་ཁྱི་མ་ཁ་ལ་སྲོག་བྲེང་བྲེང་ཛ་ཛཿ མ་མ་རག་མོ་སྙིང་ལ་ཛ༔ མ་སྙིང་ཁྲག་ཁ་ལ་རཀྴ་རག་རྦད་བརྗོད་པ༔ མ་མ་རག་ཤ་སྙིང་ལ་ཡངས་ཏིག་སྲོག་ལ་ཁྱིམ་བ་མ་འདུས་བསད་པ༔ ཁྲག་སྙིང་ལ་རྦུད་རྦུད༔ མ་ར་ཡ་ཐུན་བྷྱོ༔ མ་མ་རག་མོ་ཙིཏྟ་ཁ་ལ་ཙ་མོ་རི་ཧ་ལ་ཧ་ལ་ཙ་ལེ་མུ་རུ་བཾ་ནེ་གེ་ཙག་རྦད་སོད༔ རཾ་རཾ་རཾ་ཧ་ལ་ཙ་མ་མེའི་དུག་ཐུན་རི་ཐུན་བྷྱོ༔ ལཾ་ལཾ་ལཾ་སའི་དུག་ཐུན་ཧ་ལ་ཙ་མ་རི་ཐུན་བྷྱོ༔ ཁཾ་ཁཾ་ཁཾ་རྩ་ཞག་འབྲེལ་བར་ཆུ་དུག་ཧ་ལ་ཙ་མ་རི་ཐུན་བྷྱོ༔ ཡཾ་ཡཾ་ཡཾ་ཧ་ལ་ཙ་མ་རི་ཐུན་བྷྱོ༔ བཅད་དོ༔ ངན་སྔགས་འདིའི་བྱ་ཐབས་ལ༔ ལུག་ནག་པོའི་ཐོད་པར་ལུག་གི་སྙིང་དུ་ལིངྒ་ཨ་མུའི་རྫས་ལ་བྱས་པ་བཅུག་ལ་ཐོད་ངན་ནམ་ཐོད་པ་ཁ་ཡེལ་དུ་ས་དུག་ཆུ་དུག་མེ་དུག་རླུང་དུག་འདུ་བའི་ཕྱིར་དུག་སྔགས་བཟླས་ཤིང་དུག་ཐུན་བཤམ་མོ༔ ཤ་ཁྲག་གི་གཏོར་མ་གཅིག་ཀྱང་བྱས་ལ་བཤམ་མོ༔ གྲུབ་རྟགས་ནི་བུད་མེད་རལ་པ་ཅན་དང༔ རྒྱ་མཚོ་དང་རླུང་ནག་འོང་ངོ༔ ཞག་བདུན་ནས་དངོས་སུ་བྱོན་ནོ༔ དེ་ནས་གཏོར་མ་བ་ལིཾ་གྷ་ཧ་ཎ་ལ་ཁཱ་ཧི་བྱས་ལ་འབུལ་ལོ༔ དེ་ནས་ཐུན་སྔགས་དྲིལ་ལ་བཟླས་སོ༔ ཐུན་བྲབ༔ ཐུན་ཏིག༔ དེ་ནས་མ་གྲུབ་ན་གནད་བཅོས་ཀྱི་སྔགས་ལ་ཞག་གསུམ་བཟླས་ལ༔ ཕྱེད་ཁང་ཁྱིམ་ལ་གཟའ་ར་ཧུ་ལ་རྒྱུ་བ་ལ་བརྡེག༔ མཁར་འགས་པར་འགྱུར་རོ༔ ལ་ལ་ལིངྒ་ལ་ཏིག་ལ་ལམ་རྒྱ་གྲམ་གྱི་མདུད་པ་ལ་མནན་ན་དགྲ་བོར་རིམས་ནད་མཁལ་ནད་འབབ་པར་འགྱུར་རོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ མ་མོ་དུག་རི་ནག་མོས་བསད་པའི་ལེའུ་སྟེ་བརྒྱད་པའོ༔ ༔བསད་པའི་སྦྱོར་བ་མཚོན་ཆ་ལས་ཀྱི་འཁོར་ལོ་གསང་བ་སྲོག་བདུད་ནག་པོ་ལས་ཀྱི་མོན་པ་གཏུམ་དྲག་ཅན་གྱི་དྲག་སྔགས་སོ༔ རཱ་སྲོག་སྙིང་ཛ་སི་ཏི་ས་མ་ཡ་ཐིབས་ཛཿ རཱ་ཙ་ཡབ་ཨ་ཧོ་བྲུཾ་རྦད༔ ཤ་མ་ཡུམ་རུ་ཏྲི་མ་ཧོ་ཛ་རཀྴ༔ ར་ཛ་འཁོར་དུམ་བུ་ཤིག་ཙིཏྟ་ཟུང་སོད༔ མ་ལེ་ཐུན་མ་ལེ་ཐུན་མ་ལེ་རཱ་ཙ་བྷྱོ༔ རཱ་ཙས་རྨོ་མོ་ཙཀྲ་བ་མོ་ལ་ཆོ་ཞིག་རཀྴ་རྩ་ལཾ་ལཾ་པུ་དང་ས་སྤུད་པ་ར་ཙ་ལཾ་ལཾ་ལཾ་ཙིཏྟ་ཟུངས་ཐུམས༔ ཁཾ་ཁཾ་ཁཾ་སྙིང་སྤུར་ཆུ་སྦུད་པ་ཡ་ཐུམས༔ རཾ་རཾ་རཾ་མེ་རྩ་ཁྲག་ཙིཏྟ་ཐུམས་སོད༔ ཡཾ་ཡཾ་ཡཾ་རླུང་ཚལ་པ་རྦད་ཏྲི༔ སྲོག་ཐུམ་དགྲ་བོའི་ནྲྀ་མ་ར་ཡ་ཙ་ཐིབས་མ་ས་ཏི་སི་ཚ་ར༔ ཛ་ཧོ་མ་རུ་རུ་མ་ཤ༔ རྦད་བྲུཾ་ཧོ་མ་ར་ཡ་ཛཿ གྷུ་ན་དུམ་བུ་ཙི༔ ཧ་ཤིག་འདའ་རཀྴ་ཙིཏྟ་ཕྱུངས༔ ལྷོག་ན་རཀྴ་ཙིཏྟ་ཤིག་དྷ་ན་རཀྴ་ཙིཏྟ་ཕྱུང༔ ལྷོག་ན་རཀྴ་ཙིཏྟ་རྦད་ཏྲི་གཏུབས༔ སྲོག་བདུད་ལས་ལ་གཏད་པའི་སྦྱོར་བ་འདི་ལ་དང་པོ་རྟེན་བཅས་ཏེ༔ ཕྱི་རྟེན་སྙུག་མ་ཚིག་གསུམ་པ་དང༔ ཁྱི་ནག་པོའི་རྒྱལ་མཚན་དང༔ སྟག་དང་སྤྱང་ཀིའི་རྒྱལ་མཚན་དང༔ དར་ནག་པོའི་འཕན་ཕྱར༔ དྲག་པོའི་ས་ནས་འབྲུབ་ཁུང་རྩིག་ཅིང་བྲུ༔ ནང་དུ་རྒྱ་མོལ་དག་གིས་བྱུག༔ དེའི་ཁ་ལ་མེ་རིས་བཏང༔ བསང་ཕྱི་ལ་ཉུངས་དཀར་བཙུགས་པ་དང༔ ལྷ་བཤོས་དག་ཀྱང་རྟེན་དུ་བཙུགས༔ གསང་རྟེན་ཐོད་པ་རྣམ་གསུམ་སྟེ༔ གངས་ཀྱི་ཝ་ཐོད་ལུས་ལ་བཅང༔ བསད་པའི་ཕག་ཐོད་འབྲུབ་ཁུང་བཞག༔ ཐུན་གྱི་མི་ཐོད་ཉེ་བར་བཞག༔ བསྒྲུབས་པ་ཞག་གསུམ་བྱས་པ་ཡང༔ ཕྱི་རྟེན་འོག་ཏུ་མནན་པར་བྱ༔ ཟླ་བ་གསུམ་ལས་མི་འདའ་བར༔ སྨྱོ་འབོག་མཛེ་ནད་བ་ཙ་ཀ༔ ཁྲག་སྐྱུག་དག་གིས་འགུམ་པར་འགྱུར༔ དེ་ལ་་ཐོད་པ་ཆས་ཀྱི་མན་ངག་ལ༔ ཝ་དང་མིའི་ཐོད་པ་ཅིག་གི་ནང་དུ༔ བླ་རྡོ་ཕ་བོང་ལོང་བུ་དང༔ བོང་བུའི་རྔོག་མ་དང༔ དར་དཀར་ལ་སྲོག་སྔགས་བྲིས་པ་བཅུག་ལ༔ དར་ནག་གི་ཚོན་རྒྱ་གྲམ་དུ་བཅིངས་ལ་རྣལ་འབྱོར་པའི་ལུས་རྟེན༔ ཕག་ཐོད་ཅིག་ཏུ་དགྲ་བོ་བདུད་བཅད་པའི་རྫས་ཁམས་དྲི་ཆེན་ས་དང་ནམ་མཁའི་ཐིག་སྣབས་ལུད་པ་རྣམས་དང༔ གྲོག་རྗེས་ས་མཁར་གྱི་ས་ལ་བྱ་སྟེ༔ དབང་པོ་དོད་པའི་འདྲ་འབག་བྱས་ལ༔ དབྱེ་གཞུག་བྱས་གཞུག་གོ༔ ཐུན་ཁྲག་སྤྱོད་པའི་མི་ཐོད་ནི༔ རབ་གྲི་རྒོད་དུ་ཤི་བའི་ཐོད་པ་དེ་ཕག་པ་རོག་པོའི་ཐོད་པ་དང་སྲེ་མོའི་སྙིང་ཁྲག་དང༔ ར་རོག་པོའི་སྙིང་ཁྲག་དང༔ རྟ་དང་བོང་བུ་ནག་པོའི་གཅིན་དང༔ ཡུངས་ནག་དང་མཚོ་བསིངས་མ༔ དེ་ལ་སྔགས་བཟླས་ཐུན་ཏིག་གོ༔ དང་པོ་འབོད་ད་ཙ་པི་རི་པ་དང་མོན་པ་དང་རྟ་པ་ཨ་ཙ་ར་དང་བན་དྷེ་ནག་པོ་བྱུང་བ་ན་རྦད་སྔགས་ཕལ་བརྡ་ལ་བསད་པ་ལས་སྦྱར་རོ༔ ཁྱི་ནག་པོ་དོམ་དང་མི་ཐུབ་པའི་རྟགས་བྱུང་ན་ལེགས་ཤིང་ཨར་ལ་གཏད་པའི་ལས་བྱས་སོ༔ བསྙེན་པ་ལ་མདུན་ལ་བསད་པའི་ལས་གསུམ་བྱའོ༔ དེ་ཡིས་ལས་རྣམས་འགྲུབ་པར་ངེས་ཟླ་བ་གཉིས་ན་དགྲ་བརྡ་འབྱུང་བར་འགྱུར༔ གལ་ཏེ་འགོར་ན་བཀའ་ལོག་གནད་ཀྱི་མན་ངག་འདིས་བྱའོ༔ འབྲུབ་ཁུང་དུ་གུ་གུ ལ་ནག་པོ་དང༔ བཙན་དུག་མི་ཚིལ་དང་ཉ་ཤ་དང་སྦྱར་དུག་གི་དུད་པ་བཏང་ལ་ཕག་ཐོད་ཁྱི་ལིངྒ་དེ་ཝ་ཐོད་དུ་བཅུག་ལ། ཝ་ཐོད་མ་འཇིམ་ཁར་བཞག་ལ་དུད་པས་བདུག་ཅིང་སྔགས་འདི་བཟླས་སོ༔ ༀ་བཛྲ་རཀྴ་ཛ་ནག་པོ་ཙིཏྟ་ཟུང་ཐུམས་ཤ་མ་རུ་ཏྲི་མ་ཧོ་ཛ་ར་ཙ་ཨ་ཧོ་བྲུཾ་རྦད༔ ར་ཙ་སི་ཏི་ས་མ་ཡ་ཐིམ་ཛཿ རཀྴ་ར་ཙ་མ་དུམ་བུ་ཤིག་ཙིཏྟ་ཟུང་སོད་མི་ལོ་ཐུན༔ མ་ལི་ར་ཛ་བྷྱོ༔ རོ་ཙ་ཏེ་མོ་ཙཀྲ་བ་མོ་ལཾ་ལཾ་ལཾ་དགྲ་བོའི་ཙིཏྟ་ཐུམས་སོ༔ ཁཾ་ཁཾ་ཁཾ་སྙིང་ཁྲག་ཧུར་ཐུམས་སོད༔ རཾ་རཾ་རཾ་ཙ་ཁྲག་ཙིཏྟ་ཕྱུངས་སོད་ཐུམས་རྦད༔ ཡཾ་ཡཾ་ཡཾ་ཚལ་པ་རྦད༔ ནྲྀ་སྲོག་ཐུམས་མ་ར་ཡ་རྦད༔ ཅེས་དུ་བས་བདུག་ཅིང་ནང་དུ་ཁྲག་ཏིག༔ ཝ་ཐོད་དག་ཀྱང་འཕར་བར་ཡོང༔ དེ་ནས་ལིང་ག་འདར་བར་ཡོང༔ དེ་ལ་ཐེ་ཚོམ་མེད་པར་འགུམ༔ དྲག་སྔགས་དུག་རྒོད་ལས་ཀྱི་རྣག་པའོ༔ ཁྲོས་མའི་རྒྱུད་ལས༔ སྲོག་བདུད་ནག་པོ་ཁ་གདངས་ཀྱི་ལེའུ་སྟེ་དགུ་པའོ༔ བསད་པ་མཚོན་ཆ་ལས་ཀྱི་འཁོར་ལོ་ཟ་བྱེད་བལ་མོའི་ངན་སྔགས༔ རབས་ཆད་ཐོད་པ་ཁ་མ་གཅིག་ཏུ་དགྲ་བོའི་མིང་རུས་གཟུགས་སུ་བྱས་ལ་བཅུག་ལ༔ མཎྜལ་གྲུ་གསུམ་ནག་པོའི་ཁར་བཞག༔ བལ་མོ་ཤན་ཏིང་རོ་ཟན་མའི་སྔགས་འདི་དུག་སྣ་ཚོགས་བྱེ་མ་ལ་སྔགས་ཏེ་གདབ༔ ཙ་ལ་ཙ་ལ་ཅིག་རུང་ལམ་བྱའོ༔ ད་ན་ཏྲག་རཀྴ་ས་ར་མི་ལོ་བྱའོ༔ ཛ་ལི་ཏི་སི་ན་གཏུབས་གཏུབས༔ ཞེས་ཁྲོས་མ་བཟླས་ཏེ༔ ད་ཡང་ཞག་དགུར་བཟླས་པ་བར་མ་ཆད་པར་བྱ༔ ལམ་རྒྱ་གྲམ་དུ་སྦས་ན་ཟླ་བ་གཅིག་གི་ནང་དུ་ཁྲག་སྐྱུག་ནས་གྲི་ཐབས་གློ་བུར་དུ་འགུམ་མོ༔ བསད་པའི་དུས་ཀ་མ་རུ་ཏི་མྱལ་ཏེ༔ ཅ་ཁྲག་མྱལ་ཏི་སྲོག་རྩ་བྲེང་བྲེང་ཁ་ལ་འུར་ཆོག་ནི་རྣམས་འགྱེལ་ཧ་ར་ཧ་ར་མྱལ་ཏིག་རྦད༔ བ་ལ་ཡུ་བ་ལ་ཡུ༔ མུག་མུག༔ རྨ་དག་ཐིབས་ལོ་ཐིབས་ལོ༔ ད་ར་ཏིག་ཐིབས་ཁ་རཾ་ཁཾ་ཁཾ་ཁཾ་ཡཾ་ཡཾ་འུར་སྲོག་ལ་རྩ་ཁྲག་སྐྱུག་མ་ར་ཡ༔ སྟོང་ལས་མང་ན་རང་གི་སྙིང་ཁྲག་འཛག༔ བརྒྱ་ཙམ་བརྗོད་ན་དགྲ་སྙིང་ཚལ་པར་འགེམ༔ འདི་ནི་ལས་ཀྱི་སྦྱོར་བ་མནན་ཁར་སྟོང་ཙམ་བཟླས༔ བལ་མོ་ཁྲག་སྐྱུག་གི་ལེའུ་སྟེ་བཅུ་པའོ༔ མཱ་ར་ལ་སྒང་ཚལ་གྱི་བསད་པའི་སྦྱོར་བ༔ ཉི་མ་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཁ་བྱང་དུ་བལྟ་བ་ནས་ཕ་ཚན་རོག་པོས་ས་བླངས་པ་ལ་གྲི་རྒོད་ཁྲག་དང་དུག་རྒོད་ཆུས་སྦྲུས་ལ་གའུ་ནག་པོ་གཉིས་བྱའོ༔ དེ་ཡང་ཕྱི་རིམ་སྦལ་པའི་གཟུགས་སུ་བྱའོ༔ དེའི་ནང་ཁྭ་ཏས་སྒོ་ངས་ཁྱབ་པར་བྱུག་གོ༔ བྷི་ད་ན་བས་མེད་བྱ་ཅེ་དེ་ཟ་པར་བྱེད་པ་དེ་ཡི་སུ་བྱས་ལ་ཁྲག་གིས་བྱུག་པར་བྱའོ༔ རྫས་ཏིག་ལ་ནག་པོ་བཞི༔ སྒ་སྐྱ་འམ་ཕུང་ཤིང་སྟག་པ་ནག་པོ་བཙན་དུག་དང༔ དུག་མཚེ་ཅན་དང༔ དྲེལ་སྤུ་དང་མཛོ་སྤུ་དང༔ ཕོ་རབས་ཆད་ཀྱི་སྐྲ་ལ་ཐིག་གུ་བྱས་ལ་བསགས་པར་བྱའོ༔ སྣམ་དྲག་པོའི་ཡི་གསུམ་བརྒྱས་བཟླས༔ ༀ་ཀེ་ཏེ་ཀེ་ཏེ་སྭཱ་ཧཱ༔ གསང་བའི་ངན་སྔགས་དང་བཟླས་པའི་མཆོག༔ ཀུན་ཏུ་རྒྱུ་བསྐུལ་བསྐྱོད༔ ཆུགས་དང་ལ་ཐུགས༔ གཟུགས་ལ་སེང་ཡིད་ལ་གྱིས་ཐུགས་ལ་རྦད༔ ཨ་མའི་ཤ་པའི་མ་མོ་དྲོག་མཉམས་ཤིག་ཁྲག་ལ་པི་མཚིམས༔ སྲོག་དུམ་བུར་གཏུབས་ཤིག་དགྲ་བོ་ནྲྀ་མ་ར་ཡ་རྦད༔ ནག་མོ་ཏིང་ན་གཤེགས་མ་སྒོ་ལྔ་ལྔ་སྟོམས༔ རཾ་རཾ་ཁཾ་ཁཾ་ལཾ་ལཾ་སྒོ་ལྔ་ལྔ་སྟོམས༔ བམ་འཁྱིག་ལོ་ལ་ཐིམས༔ ན་གུ་བོ་མ་ར་ཡ༔ གསང་བའི་ངན་སྔགས་ནི་དང་པོ་བསྙེན་པ་ནི༔ འབྲུ་གཉིས་ལ་བྱའོ༔ སྡིག་པ་ལ་བསྟིམ༔ བདག་ཉིད་ལྕགས་ཀྱི་སྡིག་པ་མགོ་དགུར་བསྒོམ༔ སྔགས་ཀྱི་འོད་ཟེར་ནག་པོ་སྡིག་པ་ལ་ཐིམ་པས་རྭ་བསྒྲད་ཅིང་རྔམ་པར་བསམ༔ དེ་ནས་བཅོ་བརྒྱད་པ་ཕྲག་གཅིག་རྒ་དང་སྡིག་པའི་ཕུར་པ་དུག་གིས་བྱུག་པ་སྙིང་གར་བཏབ་ལ་དྲི་ཆེན་འོག་ཏུ་གཞུག༔ ལིང་ག་ལ་བོང་བུའི་ཁུ་བས་བྱུག༔ གའུ་ཁ་འགྲིག་པར་བྱས་ལ་རླངས་པ་ཕྱིར་མ་ཤོར་བར་བྱའོ༔ དེ་ལ་སྨྱུག་མ་རྩི་མ་ཉམས་པ་ལ་སྲང་བཞི་བྱས་ལ༔ རབས་ཆད་བཞིས་སྲང་ཐག་བྱས་ལ་འོམ་བུ་ལ་སྟོང་ལ་ཞག་ཕྲུག་གཅིག་གམ་གྲངས་གསུམ་དུ་ཕོ་སྔགས་མོ་སྔགས་ཉིན་མཚན་ཕྱེ་ལ་བཟླས་སོ༔ དེ་ནས་གཟའ་རྒྱུ་བའི་དུས་སུ་ཡོད་པའམ་ས་བདག་ཡོད་པའམ་བཙན་དྲག་པོའི་ལམ་སྲང་དུ་དོང་བྲུས་དེ་བྱས་ལ་གཞུག་གོ༔ གའུའི་ནང་དུ་བྱ་མོ་ནག་མོའི་སྒོང་ང་དང་རྩོད་ཁྲག་བ་བླའི་རི་མོ་བྱས་ལ་བཞག་གོ༔ གསུར་ཆེན་གཅིག་ཀྱང་བཏང་ངོ་༔ དེ་ནས་རང་ཡང་གཟའི་ཕྱོགས་ནས་ར་རོག་པོའི་ཁྲག་དང་དུག་བསྲེས་ལ་གཏོར་རོ༔ སྦ་བ་དང་ངུ་སྦ་ཟེར་གཟའ་དང་བསྟུན་ནོ༔ གའུ་དང་སྒོ་ང་ཡང་གས་ན་ཟླ་བ་མི་འགོར་བར་འཆི་ངེས་སོ༔ མུ་སྟེགས་ཀྱི་གཏད་ཁྲམ་སྒང་ཚལ་ནག་པོའོ༔ ནག་མོ་ཁྲོས་མའི་རྒྱུད་ལས༔ སྡིག་པ་མགོ་དགུ་པ་སྒང་ཚལ་གྱི་ལེའུ་སྟེ་བཅུ་གཅིག་གོ༔ ངན་སྔགས་མཚོན་ཆ་ལས་ཀྱི་འཁོར་ལོས་བསད་པའི་སྦྱོར་བ་སྔགས་པ་དང་ནུས་པ་ལྡན་པ་བསད་པའི་ལས༔ མཆོད་རྟེན་དཀར་ནག་ལ་བརྟེན་པའི་བསད་པ་དང༔ མཛེ་ཅན་ཐོད་པ་ལ་བརྟེན་ཏེ་བསད་པ་གཉིས༔ མུ་སྟེགས་བསད་པའི་ཏིག་ལ་འབྱུང་བ་བཞི་རང་གཤེད་དབབ་པའོ༔ སྒྱུ་སྐར་རྫོགས་པའི་དུས་སུ་དགྲ་བོའི་རྗེས་ས་ལ་ཁྲག་བྱུག་ལ་གཟུགས་རྟེན་བྱའོ༔ རས་སམ་དར་སེར་པོ་ལ་ཁོའི་གསང་མཚན་མིང་ལོག་པར་ཁྲག་གིས་བསལ༔ རི་བོང་གི་སྤུ་གྲིས་བྱས་ལ་བྲིའོ༔ དེ་དགྲ་གཟུགས་ཀྱི་སྙིང་གར་གཞུག༔ དུག་ཤིང་ནག་པོ་གདུག་བྱེད་ཀྱི་ཤིང་ལ་ཕུར་པ་རྒྱ་མདུད་མེད་པ་ལོགས་ལྔ་པ་དབལ་ཡོད་པར་བྱས་ལ་སྔགས་འདི་བཟླས་སོ༔ དེ་རྫོགས་པ་དང་སྙིང་གར་ཕུར་པ་བཏབ་ལ་ཁྲག་དང་དུག་ཏིག་ལ་མཆོད་རྟེན་ནག་པོའི་བུམ་པར་བཅུག་སྟེ་ལམ་རྒྱ་གྲམ་དུ་དོང་བྲུས་ལ་མཆོད་རྟེན་སྤྱིར་ཚར་དུ་ཁ་དུག་དང་ཚེར་མ་མང་པོས་བཅད་ལ༔ ཁ་འབྱུང་བ་བཞི་ལས་ཀྱི་འཁོར་ལོས་བཅད༔ སྔགས་པ་དེ་མཐུ་དང་བུལ་ནས་ཟུར་དུ་ཁྲག་དང་ཐིགས་པ་ལ་མཛེ་ནག་གིས་འཁྱེར་རོ༔ ངན་སྔགས་ལ༔ ཨེ་ལཾ་ལཾ་ལཾ་བཾ་བཾ་བཾ་རཾ་རཾ་ཁྲཾ་ཁྲཾ་ར་ག་དེ་མ་ཤ་མོ་ཧ་ཡ་ནན་ང་ཤྲི་ཤ་བུ་ལོ་ཀ་ཕེན་དེ་ཁྲག་ཚལ་པ་སྙིང་མགོ་ཆོད་རྩ་ནས་ཆོད་མུ་ལོ་ཆོད༔ ཅེས་འབུམ་ཕྲག་གཅིག་བཟླས་ཁ་འཆིངས་ཀྱི་རྒྱལ་པོར་འགྱུར་རོ༔ མནན་པ་བྱས་ན་སྔགས་པ་ལོ་མི་འགོར༔ སྔགས་པ་སྟོབས་ཅན་བསད་པ་ཕུང་བྱེད་མཛེ་ཐོད་ནག་པོ་སྔགས་ཀྱི་དུག་མདའ་འོ༔ ཟླ་བ་གང་ཡང་རུང་བའི་ཐ་ཆུང་ལ༔ མཛེ་ཅན་གྱི་ཐོད་པ་བླངས་ལ་སྤོས་ཆུས་བཀྲུས་ལ་ཐོད་པའི་ཕྱི་རོལ་དྲུག་པོའི་ངན་སྔགས་བཀོད་ལ་ནང་དུ་སྔགས་པ་འཇོམས་པའི་གཟུགས་ལ་ཁོའི་གོས་དུམ་དང་རྗེས་ཕྱི་ས་ལུས་ཀྱི་ཟག་པའི་རྫས་གང་སྙེད་བཙལ་ལ་ལིངྒ་དོད་པ་བྱས་ལ་སྙིང་གར་ནྲྀ་ལ་གསང་མཚན་ཡོད་ན་རབ༔ མེད་ན་མིང་བྲིས་ལ་ཕྱི་རོལ་དུག་སྦྲུལ་ནག་པོ་མགོ་དགུ་པ་འཁྱིལ་བར་བྲིའོ༔ དེ་ལ་བླ་དང་ཤེས་པ་བཅུག་ལ་མི་ཐོད་པའི་གོས་དུམ་གྱིས་དྲིལ་ཐོད་པར་གཞུག་གོ༔ ཉི་མ་བྱང་ཕྱོགས་ཀྱི་གྲོག་པོ་ཕུག་རྡུག་ཀྱི་ས་བླངས་ལ༔ ཕུང་ཤུལ་བྲལ་ཉམས་པ་རོ་དུལ་རྙིང་པ་ནས་ས་བླངས་པ་བསྲེས་ཏེ༔ བསད་ཁུང་ནག་པོ་བྱས་པ་དེར་བཞག་ཁ་འདག་བའམ་རེ་བས་བཅད་དྲག་པོ་གནད་གཅོད་ཀྱི་སྔགས་ལ་བཙན་དུག་དང་ར་དུག་དང་ཕག་ཁྲག་དང་ར་རོག་པོའི་ཁྲག་དང་སོལ་བརྡར་ཕྱེ་མ་སྤྱང་ཀིའི་ཁྲག་དང་བོང་བུའི་ཆུ་ངན་དུ་སྦྱར་ལ༔ བོང་ནག་རྔོག་མ་དང་གྲི་རྒོད་ཀྱི་ས་ལ་སྲག་ཤད་བྱས་ལ་སྐམས་སུ་དེ་ལ་ཐུན་ཏིག་ཅིང་བསྒྲུབ་པ་ཞག་གསུམ་བྱའོ༔ བདག་ཉིད་མི་ནག་པོ་ཁ་ནས་མེ་འབར་བ་གཅིག་ཏུ་སྒོམ༔ ༀ་ནཱ་ག་ནག་པོ་ཏྲ་སྲག་མ་ར་ཡ་ཤ་ཨ་མུ་ཀ་རྦད་རྦད་མྱག་རྦད་མྱོག་རྦད་རྦད་ནག་པོ་ཙིཏྟ་སྙིང་ལ་ཐོད་པ་བ་རུ་ནག་པོ་ཏྲ་པ་ལ་དགྲ་བོའི་སྙིང་ལིང་རྦུད༔ སྙིང་དུམ་བུ་རྦུད་ཐུམས་ཐུམས་ས་མ་ཡ་ལང་ཏི་རྦད༔ ཨེ་ཁ་དུར་སྙིང་ལ་མ་ཙ་དུ་ར་རཀྴ་སྲོག་ལ་ཡ་མ་ཧཱ་དུར་ན་སྲོག་ཕྱེ་ཤག༔ རཱ་ཙ་དུར་ན་སྲོག་ཏིག་རྦད༔ རཾ་རཾ་ཁཾ་ཁཾ་བཾ་བཾ་ནག་ཡཾ་ཡཾ་སྲོག་ལ་ཏ་ཁུགས་ལང་ཀ་བཾ་ཐམས་སྤུར་ཤན་ཏིང་རྦད༔ མུ་ཀ་ཡ་ཡེས་ཧ་སྟཾ་ནག་པོ་སྙིང་ལ་ཐུར་ཐུར༔ ཞེས་བཟླས་སོ༔ རང་གི་སྙིང་བག་ལ་སྙམ་བྱེད་པ་འོང་སྟེ༔ དེའི་ཉམས་པ་སྤངས་ལ་ཐུན་ཏིག་གོ༔ གནས་ཁང་དུ་མེ་བཏང་བཏང་འཕྲོ་བ་འོང༔ ཟས་ལ་སོ་སྒྲོན་མོར་ནས་འོང་ཿ བསད་པའི་བརྡ་རུ་ཤེས་པར་འགྱུར་བའམ་ཁྲོས་མའི་སྙིང་འདོད་པའམ་སེམས་ཚིག་ཚིག་བྱེད་པ་འོང་ངོ་༔ སྙིང་ལ་ཟས་པ་དོད་པ་རྔམ་པ་འབྱུང་སྟེ་ལས་འགྲུབ་ངེས་སོ༔ དགྲ་ཁྲག་ཏུ་སྐྱུག་པའམ་མཛེ་ནད་ཀྱིས་བཏབ་ནས་འགུམ་པར་འགྱུར་རོ༔ གལ་ཏེ་བརྡ་དེ་ཀུན་མ་བྱུང་ན་ཟླ་བ་ཐ་ཆུང་ཀྱི་ཉི་ཤུ་དགུ་ལ་དྲང་སྲོང་སར་སོ་ཏི་རྒྱུ་བའི་ཉི་ཤུ་བརྒྱད་ལ་མཛེ་ཐོད་རེ་བས་དྲིལ་ལ་ཁོའི་གནས་ཁང་གི་རྩ་འམ་འགྲམ་ལ་ཚུད་ན་རབ་ཡིན་ནོ༔ ཉི་ཤུ་དགུ་ལ་ཐུན་ལྷག་མ་དེ་དག་གཟའ་རྒྱུ་བ་དང་སྦྱར་ཏེ་ཁང་པ་ལ་ཡང་བརྡེག་གོ༔ ལོ་མི་འགོར་བར་མཛེ་ནད་ཁྲག་སྐྱུག་གོ༔ ༔རྩ་རྒྱུད་མན་ཆད་བརླག་པར་བྱེད་དོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ མཛེ་ཐོད་ཟེར་འཕེན་གྱི་སྔགས་པ་གསོད་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ༔ངན་སྔགས་ཀྱི་མཚོན་ཆ་ལོ་འབྲས་བརླག་པ་བྱེད་པ་ངན་སྔགས་ཀྱི་ཆུ་འཁྱག་སྤུངས་པའོ༔ རྫས་སུ་དགོད་པའི་བ་དམར་མོའི་ཤ་ཁྲག་དགོས༔ རྒྱུས་པ་དང་བག་ཟན་ལ་སྦྲུལ་ཁ་གདངས་པ་ཅིག་བྱས་ལ་ཤ་ཁྲག་གི་གཏོར་མའི་དབུས་སུ་གཞུག་གོ༔ མི་ལག་གཡས་ཙེན་ཏི་ཀ་བ་ལ་སྙམ་པ་ལ་ཁྲོ་ཁྲོ་ཁྲོ་གསུམ་བྲི་བ་ཁྲེ་ཁྲོ་བྲི༔ པ་ལ་མ་མོའི་སྔགས་བྲིས་ལ་གཡོན་དུ་བཞག༔ རྟ་ལག་གཡས་པ་ལ་ཐེ་བྲང་གི་སྔགས་བྲིས་ཙ་ར་ལ་དུ་ཁྲོཾ་ཁྲོཾ་ཧྲིལ་ཧྲིལ་ཤར་ཤར༔ ལ་གཡས་སུ་བཞག༔ རྒྱ་ཤོག་ལ་ཁྲག་གིས་འཁོར་ལོ་བྲིས་ལ་སྟེང་ནས་དགབ༔ བདག་ཉིད་ལྷ་མ་ཧཱ་དེ་ཝར་བསྒོམ༔ ཡང་ན་ལྷ་མོ་ཙན་ཏི་ཀ་སྐུ་མདོག་དམར་མོ་སྐྲ་བརྫིས་པ་ཞལ་གཅིག་ཕྱག་གཉིས་པ་ཏྲི་ཤུལ་ཐོད་པ་འཛིན་པར་བསྒོམ༔ ཐོག་སེར་གྱི་བདག་པོ་སྦྲུལ་གྱི་རྒྱལ་པོ་ཧ་ཡ་ཅན༔ ཁ་ནས་ཐོག་སེར་གྱི་རླུང་ལ་ལྕགས་ཀྱི་སེར་བ་འཕྲོ་བ་གཅིག་ཏུ་དགྲ་ཡུལ་དབང་དུ་བྱེད་པ་བསྒོམ༔ ལས་མ་གྲུབ་པ་དུ་རྒྱུན་གཏོར་བག་རེ་དང༔ གཏའ་གཏོར་བཏང་ནས་ལས་མ་གྲུབ་པ་མེད༔ ༀ་ནཱ་ག་པོ་ཙིཏྟ་རཀྴ་མན༔ མ་ཏ་མ་ཧ་ཧ་ཧ་ན༔ ཙན་ཏི་ཀ་ཀ་པ་ལེ་ཨ་པ་ཀ་ཉམས་པ་ཡཾ༔ ནཱ་ག་ཕུ་ཨ་ནན་ཏེ་ཁྲག་ཏེ་ཁྲན་ཏི་ཀྲན་ཏི་ཕཊ༔ ཀཱི་ཧྲི་ཧཱུྃ་ཕཊ་སྭཱ་ཧཱ༔ ༀ་ཧྲི་ཕཊ་སྭཱ་ཧཱ༔ ༀ་ཕུ་ནཱ་ག་རཱ་ཙ༔ ༀ་ནན་ཏེ་ཨ་ཏེ་མང་དེ༔ ཕྱོ་ཕྱྭོ་ཕྱྭོ་ཧྲི་པྲ་ཕཊ་མན༔ ཕྲོཾ་ཕྲོཾ་ཆུ་དྲིལ་ལ། ཧྲི་ཡ་ཨ་མོ་ཀ༔ གྲི་མི་སྟི་དི་ཝ་ན་ཡ་ཤ༔ ཏྲི་ཤཾ་ཨུ་ཀྲ་ཇོ་ཏི་པ་ཏན་བྷེ་ནས་ཏཾ་པ་ཡ༔ མ་ཏི་ག་ཏོ་ན་ས་ཤ་ཡ་ཏི་ཕཊ་སྭཱ་ཧཱ༔ དེ་རྩ་བ་ལས་འབྲེལ་སྔགས་ཀྱི་བཅོམ་ཐབས༔ ཀླུ་དང་མ་མོ་ཐེའུ་བྲང་གསུམ་གྱི་ངན་སྔགས་འདི་ཞག་བདུན་པར་དུ་བསྒྲུབ་པ་རྒྱུན་མི་ཆད༔ བརྡ་ཀྱང་ལོ་འབྲས་རྨང་གི་འཐོར་བ་ཡོང༔ དེ་ནས་སེར་པ་འཕེབས་པ་ལ༔ བརྡ་ཡི་འབེབས་པའི་ལས་བྱ་སྟེ༔ ཀི་ཀང་བདག་མོ་རྒྱུ་དུས་སུ་རྟ་གསུམ་གཞུག་སྟེ༔ ནག་པོ་སྟོབས་ཅན་གྱི་རྟ༔ མི་རིང་ངར་ཐོགས་ཀྱི་རྟ༔ སྲིན་མོ་ཁུས་འདེབས་ཀྱི་རྟ་གསུམ་ཁྱེར་ལ་ཡུལ་དབུས་སམ་རྟེན་ནམ་བདག་པོ་སྟོབས་ཀྱི་རྟ་གཞུག་གོ༔ ཁམས་སའི་ག་འུར་གཏོར་མ་དང་ཐུན་རྫས་བླུག་ཙལ་ལོ༔ རི་ཟུར་དུ་མི་རིག་ངར་ཐོགས་ཀྱི་རྟ་རུང་བུའི་ལག་པ་སྤའོ༔ རི་རྩེར་སྲིན་མོ་ཁུས་འདེབས་ཀྱི་གཞུག་གོ༔ ཡུལ་ཁམས་ཆེ་ན་རྟ་བང་དུ་གཞུག་གོ༔ སྔགས་ཀྱི་གྲས་ཚད་མང་དུ་རྟ་གསུམ་གཞུག་ཀྱང་མི་དགོས༔ ཐབས་ཀྱི་འབབ་ན་བའི་ཤ་ཁྲག་དང་ཡུངས་ཀར་བསྲེས་ལ་བླུང་ངོ་༔ གལ་ཏེ་མི་འབེབ་ན་རི་རྩེར་ཐབས་བླུང་ལ་མི་གི་གཏོར་རོ༔ ཐོག་སེར་གློ་བུར་དུ་འོང་ངོ་༔ གལ་ཏེ་མེད་ན་ཀླུའི་ཁ་ནས་ཧ་ལ་བླངས་ལ་རང་གི་ཆུ་ངན་དང་བསྲེས་ལ་སྲིན་བསྲེག་བཏང་ལ་ཡུལ་ཁམས་ཕུང་ས་སྟེང་འོག་ཕིག་པ་འབེབ་བོ༔ གཏོར་མ་སྒོ་བ་གཉིས་ལ་བཏང༔ སྲན་ཆེན་དང་བ་ཡི་འོ་མ་ཤ་ཁྲག་གི་གཏོར་མ་བཏང༔ ༀ་ག་ཙ་ག་ཏྲ་ཡ་སྭཱ་ཧཱ༔ ༀ་ཝ་ཏེ་ཀ་ཡ་སྭཱ་ཧཱ༔ དབང་ཕྱུག་ཆེན་པོ་མ་ཧཱ་དེ་ཝས་ཀླུ་དང་མ་མོ་བསྐུལ་བའི་ལས་ཡིན་ནོ༔ ཁྲོས་མའི་རྒྱུད་ལས༔ ཟླ་བ་ཁྲོས་མ་སྨུག་ནག་ཁྲོ་མོ་ཙན་ཏི་ཀས་ཀླུ་གཟིར་བ་ལོ་ཐོག་གཞོམ་པའི་ལེའུ་སྟེ་བཅུ་གསུམ་པའོ༔ ༔བསད་པ་ལས་ཀྱི་སྦྱོར་བ་བསད་པའི་ངན་སྔགས་དུག་གི་སྤུ་གྲི་འདི་ལ༔ དང་པོ་ཀ་ན་ཨ་མུ་ཀའི་རྫས་བླངས་ལ་བླ་རྟེན་དུ་བཞག༔ རང་ཁྲོ་མོ་དམར་མོ་རལ་གྲི་ཐོགས་པ་ཅིག་ཏུ་སྒོམ་པར་བདུད་རྩིའི་ལྔའི་རི་ལུ་བཅུག་ལ་སྔགས་འདི་བཟླས་སོ༔ ༀ་ཙན་ཏི་ཀ་ཀ་པ་ལ་ནི༔ སུ་ཙི་འགི་ན་དཀར་མ་ཏ་ཀི་ནི༔ སྲོག་བྲེང་བྲེང་ཛ་ཛ་ཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླས་སོ༔ གཏོར་མ་ཡང་འདིས་སྦྱིན༔ ༀ་སརྦ་ར་ཏུ་ཌཱ་ཀི་ནི་བྱ་ༀ་བཾ་བ་ལིཾ་ཏ་པྲ་ཏི་ཛ་ས་མ་ཡ་མ་ནུ་སྨྲ་ར་ཨཱཿཧཱུྃ་ཕཊཿསྭཱ་ཧཱ༔ ཞེས་གཏོར་མ་དམར་པོ་འབུལ༔ དེ་ནས་དགྲ་གཟུགས་བྱས་ལ་བསད་པར་བྱ་སྟེ༔ དུར་ཁྲོད་གནས་སུ་ཕྱིན་ལ་རོ་བསྲེག་པའི་ཐལ་བ་དང་ཁྱི་ནག་པོའི་མཆེ་བ་དང༔ དགྲའི་རྐང་རྗེས་དང༔ གཤང་གཅི་དང༔ ཉི་མ་ནུབ་ཕྱོགས་བལྟས་པའི་ཆུ་མིག་དང༔ ཕག་ཤ་དང་བོང་ཤ་དང༔ མིང་རུས་སན་ཚ་དང་དུག་གི་བསྲེས་པ་རྣམས་ཕྱེད་པའི་དུས་སུ་མིས་མ་མཐོང་བར་དགྲ་གཟུགས་བྱས་སོ༔ དེ་འབྲུབ་ཁུང་ནང་དུ་བཅུག་ལ་ད་ནས་སེམས་ཀྱི་དངོས་ལྕགས་ཀྱུ་ལ་དྲངས་པ་ཅིག་གིས་དགྲའི་རྣམ་པར་ཤེས་པར་མར་མེ་འདྲ་བ་དེ་བཀུག་ལ་གཟུགས་བརྙན་ལ་བསྟིམ་ལ་བོང་བུའི་ཆུ་བན་ནོ༔ དེ་ནས་ལག་གྲི་བོ་ཨྀར་ཏ་བྱ་བ་མི་བསད་པའི་མཚན་མ་ལས་བྱས་པའི་ཁབ་དུག་ཆུས་བྱུག་ལ༔ ཡང་ན་དུག་ཤིང་ཁབ་བྱས་ལ་སྔགས་འདི་བཟླས་སོ༔ ༀ་ཙན་ཏི་ཀ་ཀ་པ་ལི་ནི་བུ་ཙམ་འགྲོ་ཁོན་ཏ་ཀི་ལི་ཨ་མུ་ཀ་མ་ར་ཡ་པི་ཏི་ཙིཏྟ་ཧུར་ཤག་ཚལ་པ་མྱག་རྨུག་རྦད༔ རཾ་རཾ་སྙིང་རྩ་ལ་ཁ་ལ་ཁྲག་ཏིག༔ བཾ་བཾ་མྱལ་ཏེ་སྲོག་ལ་ཏོག༔ ཁཾ་ཁཾ་ལོག་ནན་ཐེར་སོང་ཏིག༔ ཡཾ་ཡཾ་དབུགས་ལ་ཁ་ཐམ་སོད༔ རྒྱུ་ཁྲག་སྟོང་ཁྲག་ཙ་ཏིག་སྲོག་ཏིག་སྙིང་ཏིག་ནང་ཆོད་རྒྱུན་ཆོད༔ ཅེས་བཟླས་ལ་ཁབ་ལ་བཟླས་སོ༔ སྔགས་སྟོང་སྟོང་བཟླས་སོ༔ ཟླ་བ་གཅིག་ཏུ་བྱས་ན་དེས་ངེས་པར་འཆི༔ ཇི་སྲིད་མ་ཤི་ན་ཀླུའི་གནས་སུ་ལིང་ག་དེ་བསྲེག༔ ཐལ་བ་གཏོར་མཛེས་འཛིན་པར་འགྱུར་རོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ བསད་པ་དུག་ཁབ་ཀྱི་སྦྱོར་བའི་ལེའུ་སྟེ་བཅུ་བཞི་པའོ༔ ༔བསད་པ་ལས་ཀྱི་སྦྱོར་བ་ཐར་བུད་མཚོན་ཆའི་འཁོར་ལོ་ལས༔ གསང་བ་མུ་སྟེགས་ཀྱི་རྒྱལ་པོ་ཀཱ་ལ་སྙིང་འབྱིན་ལ༔ ཤིང་དམ་རྒྱུའི་སྦྱིན་བསྲེག་བཏང་ལ་དགྲ་བོ་སྦོས་གྲིར་བསད་པའི་ལས་འདི་བྱའོ༔ ཕུས་པའི་བགས་པ་བླུབ་བུརབཅུག་ལ༔ ནང་དུ་ཀུ་ཀུ་ར་ཙའི་རྩིབས་སེམས་ཅན་གང་ལ་མ་ལ་དགྲ་བོའི་གོས་ཀྱི་དྲི་མ་དང་ཕྱི་ས་ནང་ངོས་ཁྱབ་པར་གཞུག་ཤིང་སྣའི་མེ་བཏང་ལ་དུ་བས་བདུག༔ འཕོངས་སུ་སེང་ལྡེང་ཐེམས་བཅུག་ལ༔ ཁ་ལ་ལྕགས་ཀྱི་བུ་གུས་གདབ༔ ལྟེ་ལོ་པའི་པགས་པ་ལ་ནང་དུ་དགྲ་གཟུགས་བྱས་ལ་གཞུག༔ སྔགས་བཟླས་རྐྱལ་ཐེར་གྱི་འོང༔ དེ་ཚེ་དགྲ་བོ་ཐེར་གྱི་འགྲོ༔ སྔགས་འདི་བཟླས་སོ་རྫས་བཀོད་ཅིང༔ མ་ཧཱ་དེ་ཝ་སྙིང་ཐུར་ཁྲག་ཐུར་མི་ཤ་སྲོག་ཐུར་ཏ་ཀའི་ཐུར་ཐུམ་ཧྲིལ་ཐུམ་ཧྲིལ༔ ཐུན་དཀྲུག་ཐུན་ནག་རྦད༔ ཅེས་བཟླས་པས་རྐྱལ་པ་ཁེངས་ནས་འོང་ངོ་༔ བྱུང་བ་དང་ལིངྒ་སྦའོ༔ སྦུད་ངེས་སྤྲོ་བར་འགྱུར་རོ༔ གསོད་ན་རྐྱལ་པ་ཐེར་གྱིས་ཁེངས་པ་དང་གྲི་ལྕགས་ཕུར་པ་དུག་གིས་བྱུགས་ལ་རྐྱལ་པ་ལ་རྒྱབ་ན་ཕོ་བ་གས་ནས་འགུམ་པར་ཐེ་ཚོམ་མེད་དོ༔ རང་ལ་ལྡོག་མེད་སྔགས་ཀྱི་མཚོན་ཆ་ཡིན༔ ཁྲོས་མའི་རྒྱུད་ལས༔ ཐེར་བུད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ༔ ངན་སྔགས་ཀྱི་རྒྱལ་པོ་མཚོན་ཆ་ཕུང་ནག་སྔགས་ཀྱི་དུག་མདའ༔ མཎྜལ་ནི་ར་རྒྱ་མོའི་པགས་པ་ལ་སྟག་ཁྲག་གིས་གྲུ་གསུམ་བྱ་སྟེ་ཐོད་པ་ཅིག་ཏུ་ལིངྒ་ཅིག་བཅུག་ལ་སྔགས་འདི་བཟླས་སོ༔ མཁས་ལྡོག་མཐུ་དམ་ཚིག་དབང་བསྙེན་གང་ཡང་མི་དགོས༔ སྔགས་ལ་རྟོགས་པ་མེད་དོ༔ བྲབ་པའི་རྫས་ནི་ཡུ་གསུམ་ར་དུག་བཙན་དུག་གོ༔ ༀ་ཁྲག་དབུགས་ཙིཏྟ་ར་ལེ་དབུགས་བྲེང་བྲེང་ད་དུང་ན༔ པྲིལ་པྲིལ་ཏྲི་ཁྲག་ཏུ་སྐྱུག་ནྲྀ་ལ་ཡཾ་ཤ༔ ཧཾ་ཧ་བ་ཏྲི་པ་ཤ་ཤ་ནག་དབུགས་ལ་ཕྲིལ་ཕྲིལ་རྒྱུན་གྲ་མ་ར་ཡ་ཐུམས༔ གཏོར་མ་གཅིག་བཤམས་ལ་བཏང༔ མཱ་ཙིཏྟ་དང་རའི་ཙིཏྟས་སྔགས་བདག་མཆོད༔ ངན་སྔགས་དེ་ཞག་གསུམ་དུ་ལིངྒ་ལ་བརྡེག་གོ༔ བླ་བབས་སམ་རི་ཉིལ་བའམ་བྲག་དྲུམ་པ་སྐད་ཟེར་བ་ཡང་ཡོང་ངོ་༔ དེ་ནས་ལིངྒ་རྒྱ་གྲམ་དུ་མནན་ལ་བྱའོ༔ ཟླ་བ་གསུམ་ཚུན་ཆད་ལ་བརྡ་ཡོང་ངོ༔ གལ་ཏེ་བརྡ་འགོར་ན་སླ་ངའི་ནང་དུ་དུག་ཤིང་གི་མེ་བཏང་ལ་ངན་སྔགས་འདིས་མེད་པར་བྱེད་དོ༔ ༀ་ཙིཏྟ་རོ་ལ་སྦུགས་བྲེང་བྲེང་ཁྲག་རུལ་དུ་དུ་ན་ཕྲིལ་ཕྲིལ་ཏྲི་ནི་ལ་ཁྲག་ཏུ་སྐྱུགས༔ ཡཾ་ཤ་ལ་ཧབ་ཧབ༔ ཏྲཾ་པ་ན་ཤ་ནན༔ དབུགས་ལ་ཕྲིལ་ཕྲིལ༔ རྒྱུན་མཱ་ར་ཡ་ཐུགས༔ རྩ་སྲོག་མ་ར་ཡ་རྩ་ཁྲག་རཾ་རཾ་རཾ་ཧ་ལ་ཧ་ལ་མ་ར་ཡ་རྦད༔ ཅེས་མེ་ལ་ལིངྒ་བསྲེག་པ་རླུང་ལ་གཏོར་ན་མྱུར་དུ་བརླག་སྟེ་ཟླ་བ་ཚུན་ཆད་ན་འཆི་ངེས་སོ༔ ཁྲོས་མའི་རྒྱུད་ལས༔ བསད་པ་དུག་མདའི་ལེའུ་སྟེ་བཅུ་དྲུག་པའོ༔ ༔ཐོག་སེར་གྱི་ཐལ་བའི་རྫས་ཀྱིས་རི་ལ༔ ཁྲག་སྣ་ཚོགས་རྙེད་ཚད་མི་རྟ་ཀྱའོ་ཤ་ཁྲག་ཐོག་ལྕགས་རྣམས་དོང་དུ་བསག་གོ༔ མི་དང་བོང་བུའི་ཚིལ་བུ་དང་གུ་གུལ་ནག་པོ་དང་སེང་ལྡེང་ཕུར་པ་སེར་པོ་བརྒྱ་དང་མཛེ་ཐོད་དག་ཀྱང་བསག་གོ༔ བ་དང་མཛོ་དང་རའི་འོ་མ་ཡར་ཐབ་ཀྱི་རྫས་སུ་བསག་གོ༔ མི་ལག་རྟ་ལག་ལ་གཏའ་མ་བྱའོ༔ ༔གཟའ་ལག་སྐར་ལག་བདུད་ཀྱི་ཉི་མ་ལ་ལས་ལ་སྦྱར་ན་ས་འོག་ཕིག་པའི་སེར་བ་ཟུར་གསུམ་འབབ༔ ཤྲི་མ་ཤྲི་མ་རལ་པ་ཧཱ་དེ་ཝ་ཟེ་ཟེར་བོ་ཐོ་ཐོ་བ་ཡུ་ཟོ་ཐོ༔ བྷ་ཡུ་རླུང་གི་བུ་མོ་ཙ་དམར་ཁག་ཕབ༔ མ་རུ་ཁན་ནག་ཙ་ཙ་དམར༔ མ་ཧཱ་རུ་སྲོག་བདག་རྗེ་ཙ་དམར༔ ཁུ་རོང་ཧམ་ནག་རྗེས་རྩ་དམར༔ སུ་བདུད་རོང་རྗེ་ཙ་དམར༔ རྒྱ་གཟའ་ཕུར་རོང་རྗེས་ཙ་དམར༔ ཆེ་གེ་མོར་དགྲ་ཡུལ་ཕོབ་ཕོབ༔ ཡ་ཡ་དྷེ་ཝ་ཁུག་ལོ་ཐོག་ཆོམ༔ དེ་བ་དཀྲུག་བདུད་དཀྲུག་ཀླུ་དཀྲུག་ནཱ་ག་ཕྲོཾ་ཕྲོཾ་ཤར་ཤར་ཧྲིལ་ཧྲིལ་ཏྲག་ཏུ་ཕོབ་ཕོབ་ཡ་ཡཱ༔ བྷ་ཡུ་ཡཾ་ཡཾ༔ ཁཾ་ཁཾ་ཧྲིལ་ཧྲིལ་ཡུལ་མ་ར་ཡ་ཧཱུྃ་ཕཊ༔ གུ་གུལ་བདུག་ལ་གཏའ་མ་ཡུལ་དུ་གཞུག༔ སྔགས་ཀྱི་དྲོད་ཚད་བརྡ་དང་སྦྱར་དུ་མེད༔ བདུན་གཉིས་པར་འདས་ཡང་འཁྱག་རོམ་འབབ༔ འདི་ནི་ངན་སྔགས་ཀྱི་མདའ་དང་ཁྲག་འབེབས་ཡིན༔ གནད་རྒྱུད་འཛེམ་པས་ཁྲག་ལོ་ཧྱ་ས་རླག་བྱེད་ཡིན༔ ཁྲོས་མའི་རྒྱུད་ལས༔ ལོ་ཏོག་སེར་བས་འཇོམས་པ་མུ་སྟེགས་རལ་པ་ཅན་གྱི་ལེའུ་སྟེ་བཅུ་བདུན་པའོཿ ཿསྔགས་ཀྱི་འབྱིན་འཇུག་ཤེས་ནཿ ཉུངས་ཀར་ལ་རྡོག་མ་ཆེནཿ འབྱིན་འཇུག་མ་ཤེས་སྔགས་པ་ཁྲག་སྐྱུག །འདི་ནས་འབྲུ་ཆད་ཡོད། ན་ཆ་རྨོད་པའི་ལས་མཐའ་རྣམས༔ མནན་བསྲེག་འཕང་ལ་བསྡུས་པ་ཡིན༔ ས་མ་ཡ་རྒྱ༔ ཚང་ང་ཚ་གན་སྦྱོར་བ་བཤད༔ ར་གསང་གི་ལོ་ལ་ར་ཚ་སྔོན་ཚམ་སྦྲུམ་མ་དེ་ལ་དུག་ཆུ་རེ་དག་ཐང་ཕྲོམ་རེ་ལྕགས་བླུད་ལ་ར་ཚ་གུམ་པ་དང༔ དོང་བྲུས་ཏེ་དུག་ཤིང་གི་དུག་སྔ་མ་གསུམ་ལོ་མ་རྟིང་ལ་ར་ཚ་ཆེ་བཞག༔ སྟེང་ནས་ཀྱང་སྣོལ་དུག་གི་ལོ་མས་བྱིབ་པོ༔ དེ་དབྱར་ཞག་གསུམ་དགུན་ཞག་དགུ་བཞག་གོ༔ དེ་ནས་ར་ཚ་དེ་བཤས་པ་ལས༔ མཆིན་པ་དང་རེའུ་ཕྱུང་ལ་ཉི་གྲིབ་ལ་སྐམས་སོ༔ དེ་འོག་མ་སྦྱར་དྲང་ཐུར་རོ༔ ཚ་ཐུར་ནི་ཟངས་གསར་པའི་ནང་དུ་ཆང་ཕུལ་གང་ལ་བཙན་དུག་མཐེབ་རྡོག་ཙམ་ཅིག་ཞབ་པར་བྱས་ལ་མཆིན་པ་སྐམ་པོ་དེ་རུ་བཅས་ལ་ཆང་ཕུད་དེ་ལ་ཐིབས་པ་དང་གླ་བའི་རིལ་མ་ཕྱེད་ཙམ་སྦྱར༔ བྱང་བ་ནག་པོ་ཁྲ་བོར་གཅིག་དང་མཆིན་པ་དེ་སྙམ་པར་སྦྱར་ནས་དྲངས་ན་དྲི་མ་འགགས་ནས་འགུམ་མོ༔ མཆིན་པ་རིལ་མ་ཕྱེད་དང་སྦལ་པའི་ཤ་དང་སྦྱར་ནས་བཏང་ན་མཁལ་ནད་ཀྱིའོ༔ དེ་བཞིན་དུ་བའི་སྦུར་པ་གཡག་དང་སྦྱར་ན་ཕོ་བ་གས་པའོ༔ ཐང་ཕྲོམ་དང་སྦྱར་ན་རེངས་ནས་སོ༔ ཁ་ཤོག་པ་དང་སྦྱར་ན་སྨྱོ་ནས་སོ༔ མཆིན་པ་དང་སྟག་ཤར་སྦྱར་ན་མཁྲིས་པ་རྩ་རྒྱུག་གོ༔ མཆིན་པ་དང་རྒྱ་ཚར་སྦྱར་ན་ཁྲག་ནད་སྦྱར་རོ༔ མཆིན་པ་དང་ག་པུར་སྦྱར་ན་ཀླད་ནད་དོ༔ མཆིན་པ་དང་དན་རོག་སྦྱར་ན་བད་ཀན་སྨུག་པོའོ༔ ཐང་ཕྲོམ་དང་སྦྱར་ན་རེངས་ནས་སོ༔ ལྡོང་རོས་དང་སྦྱར་ན་འདུ་བའི་ནད་ཀྱིས་སོ༔ ཚད་ནི་གླ་བའི་རིལ་མ་ཙམ་རེ་བཏག་ན་ཟླ་བ་ན་འགུམ་མོ༔ དེའི་ཕྱེད་བཏང་ན་ཟླ་བ་གསུམ་ནའོ༔ སྦྱོར་ཚད་མཆིན་པ་སུམ་ཆ༔ གཞན་སུམ་ཆའོ༔ རེག་ཕུང་ལོང་རུལ་མ་བྱས་པའི་ངན་སྔགས་སོ༔ རྟགས་ཡིག་མེད་དོ༔ ཟངས་ཀྱི་མཁའ་ལྡིང་རལ་ཅན་གྱི་ཐབས་ལ༔ མཁའ་ལྡིང་ཟུར་ཕུད་ཅན་དང་པོ་གུར་གུམ་གྱི་ཆུས་བླུད་དོ༔ དེ་ནས་ལུས་ནུས་དང་ལྡན་པ་དང་མར་དཀར་དང་བོང་ཚན་ཚན་ནག་པོ་སྦྱིན་ནོ༔ དུག་གི་ཤི་བའི་མཆིན་པ་དང་རྒྱ་ཚར་སྦྱར་ལ་སྦྱིན༔ དེ་ནས་ཁོ་ན་བཞིན་སྐོམས་པར་འོང་བས་ཆང་འཐུང་ངོ༔ དེ་འདས་པ་དང་སྤུ་ལེགས་པར་ཕྱིན་ལ་རྨུག་བྲོ་གང་ལ་དུག་ཚོམ་པ་གཅིག་བཏབ་རླབས་ལ་མ་ཤོར་བར་ཞག་གསུམ་མནན་ནོ༔ དེ་ནས་ཉི་གྲིབ་མཚམས་སུ་སྐམས་ནས་དེ་ནས་མཆིན་པ་དང་ཕྱི་ཤ་ཚག་བྱས་ལ༔ དེའི་ཕྱེད་སོ་སོའི་ཆ་ཡིན་ནོ༔ མཆིན་པ་དང་སོ་སོར་ཆ་སྦྱར་ན་ཆ་ཆེན་ཟླ་བ་གཅིག༔ ཆ་ཆུང་ན་ཟླ་བ་གཉིས༔ དེ་བས་ཆུང་ན་ལོ་གཅིག་ན་སྐུ་འདའ་འོ༔ རྐྱེན་ནི་ཁུ་ཁུར་བའམ་རྟ་ཞོན་པའམ་ལས་དྲག་པོ་བྱས་པའི་སློང་ངོ་༔ མཁའ་ལྡིང་རལ་པ་ཅན་དེའི་མགོ་དང་མཆིན་པས་སྦྱར་ནས་དྲངས་ན་ཀླད་པ་སྙུང་ངོ་༔ མིག་བཏབ་ན་མིག༔ རྣ་བ་བཏབ་ན་ཀླད་པ་ན༔ ལྕེས་ཁ་ལྐུག༔ སྐྱེ་བཏག་ན་སྐྱ་རེངས༔ གཤོག་པ་གཡས་པ་བཏང་ན་གཞོག་གཡས་ན༔ གཡོན་པས་གཡོན༔ ཁོག་སྟོད་ཀྱི་སྟོད་ན༔ ཁོག་སྨད་ཀྱི་སྨད་ན༔ ཁྲག་གིས་ཁྲག་སྐྱུགས༔ དེའི་སྐྱོབས་ངན་དྲའམ་སོ་སོའི་ཆེ་ཡིན༔ མཆིན་པ་ཆ་གཅིག་མགོ་སོགས་པ་ཆ་གཉིས་སྐྱོབ་ཆ་གཉིས་ཏེ་ཚེ་སྦྱར་ནས་གླ་རིལ་ཙམ་པས་དྲངས་ན་ཟླ་བ་ན་འབྱོན༔ སྲན་མ་ཙམ་གྱི་ཟླ་བ་གསུམ་ནའོ༔ ནས་རེ་བཏང་ན་ལོ་ནའོ༔ བསྙེན་པ་མེད་པའི་སྦྱོར་བ་སྤྲེ་མ་སྟེ༔ ནང་རིགས་སྦྱར་ནས་བཏང་བར་བྱ༔ ཕུང་བྱེད་རྒྱ་གར་སྐད་དུ་དྷ་དུ་ར་བལ་སྐད་དུ་སྨྱོ་དུག་པ་བོད་སྐད་དུ་སྨྱོ་དུག་པ་ཐང་ཕྲོམ་རྩ་བ་ལུམ་བུ་ས་ལ་ཏ་ཀའི་ལས་ལ་བཞི༔ ཁུ་བ་འདག་པ་ཕྱེ་མ་རི་ལུ་རྣམས་ཀྱི་སྦྱོར་བ་སྟེ༔ ལོ་མ་ཁུ་བ་དཔྱིད་མེ་ཏོག་འདག་པ་དབྱར་ན་སྟོན་འབྲས་བུ་རི་ལུ་དང་སྟོང་དགུན་དུ་སྦྱོར༔ དེ་ལ་ལོ་མ་དང་ཁུ་བ་ཀ་ཤོག་ཁ་དྷ་དེ་དག་བསྡུས་ནས༔ དྲངས་པའི་མཁྲིས་པ་བ་ཤ་ཡའི་ནད༔ ལུམ་བུ་མེ་ཏོག་གི་འདག་པ་དང་སྦྱར་སྐྱུ་རུ་ར་དང་བསྲེས་ནས་ཕུལ་ན་ཁྲག་ནད་སྟོང་དུ་དོ༔ ཕྱེ་མ་སྦྱར་ཏེ༔ ག་པུར་སྡེབས་ན་རླུང་ནད༔ ༔འབྲུམ་བུ་ནི་རི་ལུ་དང་སྦྱར་ན་བད་ཀན་སྨུག་པོ་འདུམ་བུ་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་སྡོང་པོ་ཆ་མཉམ་ནས་བཏང་ན་འདུས་པའི་ནད་དོ༔ སྡོང་བུ་བཙན་དུག་དང་སྦྱར་ན་རེངས་ནས་འགུམ༔ བོང་སྟག་ཁྲག་སྦུའི་ནེ་ཤའི་སྦྱོར་བ་སེམས་ཅན་ཁྲ་བོ་དེ་ཟུང་ལ་འཁར་བའི་སྣོད་དུ་འོ་མ་བླུག་ལ་གསོ༔ དེ་ནས་ཤ་བར་བྱས་ལ་དངུལ་ཕྱེ་མ་བཞི་ན་མ་དང་བསྲེས་ནས་བཏག་ན་ཁྲག་སྐམ་མོ༔ གོང་གི་གཉིས་དང་སེར་པོ་ལྗིད་མཉམ་ན་ཆུ་ནད་དོ༔ གོང་མ་དང་སྦྱར་ན་འཁར་བའི་ཕྱེ་མས་མཁལ་ནད༔ གོང་མ་དང་ལྕགས་བཏང་ན་གློ་སྙིང་ལ་སྲན་འོང༔ གོང་མ་དང་ཅོང་ཞི་ནང་སྲིན་འདི་ནས་འབྲུ་ཆད་ཡོད། འཆི༔ བྱང་བ་ད་རའི་མཆིན་པ་དང་བྱའི་ཕྱི་ཤ་ཏི་ལོ་པའི་ཤ་ཁུ་བ་བཏང་ན་མེ་སྦལ་གྱིས་འཆི༔ དྷ་དྷུ་ར་དང་བྱང་པ་དང་སྦྲུལ་གྱི་ཀླད་པ་དང་ཆ་མཉམ་ནས་བཏང་འདི་ནས་འབྲུ་ཆད་ཡོད།ལྕོག་འགྱེལ་ན་འགྲོ༔ བྱང་བ་དང་རའི་མཁྲིས་པ་དང་སྟག་གི་མཁྲིས་པ་དང་སྦྱར་ནས་བཏང་ན་ཀླད་ནད་ཆེན་པོས་འགུམ༔ ཚད་ནི་མཉམ་པོར་སྦྱར་ན་སྲན་མ་རེ་རེའམ་ཕྱེད་ཕྱེད་ཀྱི་འཕུང་ངོ་༔ དབྱིག་རིན་ཆེན་ཀུན་འདི་ནས་འབྲུ་ཆད་ཡོད། ༔ ཁམ་སའི་བླུ་གུ་ཅིག་དུ་ཆང་ཞིག་པོ་ཕུལ་གང་བླུག་ལ༔ དེའི་ནང་དུ་ལྕགས་ཕྱེ་ཟངས་ཕྱེ་དངུལ་ཕྱེ་མུ་ཏིག་དང་སྲེ་མང་རྒྱུ་བའི་གོང་མ་དང་ཆུ་རུས་ཨ་རུ་ཟ་ནང་དང༔ ལྟོང་ནད་ཟི་བྲུག་ལ་ས་ལ་ཆད་བྲུས་ལ༔ དགུན་ཟླ་གཅིག་ཏུ་སྦྱར་ཟླ་ཕྱེད་ན་ལྡང་ངོ་༔ དེ་ལངས་པ་དང་དོང་ཏིང་སྲིད་ས་ལ་ཞག་གཉིས་མནན་ནོ༔ དགོས་སུ་གླ་རིལ་ཕྱེད་དོ༔ དྲི་ཆུ་འགག་པ་དང༔ ཐོར་བུ་འོང་བ་དང་བླུ་རྫིངས་ནས་འགུམ་མོ༔ ཞག་ཞེ་དགུ་འཆི་བའི་སྦྱོར་བའོ༔ ལྕགས་སམ་འཁར་བའི་སྣོད་དུ་རིན་ཆེན་ལྔ་དང༔ དུག་ཆུ་སྒོང་གང་རྨ་བྱའི་མཆིན་པ་དང་མུ་ཟི་དང་ཕབ་དུམ་གཅིག་དང་ཆང་ཕུལ་དོ་ཙམ་ལ་ལེགས་པར་མནན་ལ་ཞག་གཉིས་བར་དུ་བཞག༔ དེ་ནས་སྲན་མ་རེ་རེ་ཆང་ལ་བཏང་ཞག་ཉི་ཤུ་རྩ་གཅིག་རྨུ་རྒོད་ཀྱིས་འགུམ་མོ༔ དེའི་ཁར་བྱང་པ་དང་རྒྱ་ཚ་དང་སྦྱར་ནས་རྒྱུ་འབྲས་རྒང་འཇིབ་ཀྱིས་འགུམ་མོ༔ རིའི་བུ་དང་ག་པུར་དང་བསེ་ཞོ་དང་དེ་རྣམས་སྦྱར་སོ་བའི་ཆད་དུ་མནན་ནས་ཤ་དང་གོང་གི་རིན་ཆེན་སྦྱར་ནས་ཧ་ལ་འབར་བའི་རྫས་སོ༔ ཁུང་དུག་རེག་པ་རྨུ་རྒོད་ཀྱི་ཅོག་སྨྱོས༔ ཙམ་གྱི་མཁྲིས་པ་ཤེས་པ་རྨ་བྱའི་མཁྲིས་པ་དང་སྟག་མཁྲིས་དང་བྱང་པ་དང༔ དྲག་གི་ཤི་བའི་མཁྲིས་པ་བཙན་དུག་དང་ཤིང་དུག་དང་ས་དུག་ནག་པོའི་དྲེགས་པ་དེ་ཀུན་ཆ་མཉམ་པ་དང་རིན་ཆེན་སྦྱར་ནས་སྲས་ཆང་བྲི་ཕྱེད་ནང་དུ་མེ་སྐོལ་ཞག་གསུམ་མནན་ལ་བཞག༔ ཁོང་དུ་ནང་རོལ་དུ་མ་སྣང་བཞག༔ འགྲོ་དབྱིག་རིན་པོ་ཆེ༔ ཡང་སྦྱོར་བབ་སྣ་ཚོགས་པ་ལ༔ ས་ནུ་བུལ་ཏོག་ཡུངས་ཀར་ཕལ་ཏ་ཀ་ཐང་ཕྲོམ༔ ར་དུག་དང་བྱ་ཕུག་རོན་གྱི་རུས་པར་སྦྱར་ནས་སྒྱུའོ༔ ཙནྡན་གྱི་ཕྱེ་མ་དང༔ ཤུག་པའི་ཕྱེ་མ་ཤིང་མེ་ལ་བའི་ཕྱེ་མ་དང༔ ཟངས་ཙི་བའི་ཚི་བ་བེས་ཤིང་གི་ཚི་བ་སྟག་པ་ནག་པོའི་ཚི་བ་དུར་བྱིད་ཚི་བ་སྦེའུ་ཚེའུ་དང་སྦྱར་ལ་ར་རུ་དབུགས་དང་མ་བྲལ་བར་བླུག་ལ་མནན་ནས་ལུས་ལ་བྱུགས་པ་ཁོང་དུ་བཏང་ན་ཛི་ཏི་ཛ་ཏི་ལའི་ནད་ལའོ༔ ཕག་རྒྱ་མོའི་གོ་རོ་ཙ་ན་སྦྱར་ན་འབོག་པའི་ནད་དོ༔ ཆུའི་མིག་དང་སའི་གཡས་རུ་སྦྱར་ལ༔ བུ་ག་ལེ་ན་ཁྲག་འབྱོན༔ འགར་རྩེ་ཐར་ནུ་བོད་ཀྱི་སྟག་པའི་གཡག་རུ་སྦྱར་ན་དྲི་ཆུ་འགག༔ ག་པུར་དང་ངོ་བའི་རྩ་དབར་ཤ་སྦྱར་ན༔ སྙིང་ཁྲག་བཞེ༔ ར་ཁྲག་དང་བོང་ནག་ལོ་མར་སྦྱར་གླང་ཐབས༔ ཁུ་བྱུག་རྩ་བོ་སྔོ་དམར་བ༔ ངང་པའི་མཁྲིས་པས་ཟ་འཕྲུག་ལས་སོ༔ བོད་ཅི་སྟག་དང་ཁ་ཤོག་ཕོ་བཙན་དུག་སྐྱུག༔ བཙན་དུག་མཁར་བར་འོ་མས་ཙི་མུ་ཟི་ནག་པོ་གཞོགས་སྐམ༔ ཁ་ཤོག་པའི་ཁུ་བ་ཀ་ཤོག་ཀ་མདའ་ཁུ་བ་ཁྲག་སྐྱུག༔ ཤ་དུག་གིས་ཤི་བའི་མཚན་པ་འདྲ་སེང་མཁྲིས་པས་དམུ་ཆུ༔ རྒྱའི་ཀླད་པ༔ སྦྲུལ་གྱི་མགོ་ངང་པའི་ལག་གིས་ཀླད་སྲིན་པོའོ༔ བྱིིའུ་མཆིལ་པའི་ཀླད་པ་བྱ་མ་བྱའི་ཤ་དང་བྱིང་ནག་པོའི་ཤ་ཁྲག་གིས་ཀླད་པ་ཟ་ད་ཙུག༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ སྤྱོར་པ་སྣ་ཚོགས་པའི་ལེའུ་སྟེ་བཅུ་དགུ་པའོ༔ ༔ཡང་གྲོ་ཆང་དང་ཚ་སྦྱར་ཞག་དགུར་བསྲིང་ལ༔ སྨར་པ་ཀྱའོ་དེ་བཅུས་ལ༔ དེའི་ན་འདུས་དུག་དང་མི་ཚིལ་ཤ་ཚིལ་རྡོ་རྡག་པོ་ཏི་ཚའི་ཕྱེ་མ་དང་ཁྱི་སྨྱོན་གྱི་ཀླད་པ་རབ་རྩངས་པའི་ཀླད་པ་སྐམ་པོ་བཙན་དུག་ཧྲག་ཧྲག་ཡོས་ཙམ་བསྲེས་པ་ཀུན་རྫངས་གས་པའི་ནང་དུ་བླུག་ཐབས་ཀྱི་འོག་ཏུ་ཞག་དགུ་མནན་ནུས་པ་སྙོམ་ནོ༔ དེ་ནས་མེ་ཏོག་ལུག་མིག་དང་སྲད་མའི་འབྲུ་རྣམས་ཞིབ་པར་བསྲེས་ལ་གོང་མའི་ནང་དུ་བླུག་གོ༔ དེ་དག་རི་ལུ་སྲན་མ་ཙམ་རྟ་རྔ་ལ་བརྒྱུས་ལ་གྲིབ་སྐམ་མ་རེ་སྐུར་ལ་སྐྱོན་མི་དེ་དྷ་ཏྲི་རྦད་གྲིར་འགྲོ༔ དེའི་བརྡ་དང་ཚད་བསྟན་ཆང་གི་སྦུ་པ་ཕུལ་འཁོར་གང་ཟེར་གང་ལ་དུག་མུ་ཟི་མི་ཚིལ་ཤ་པའི་གསུམ་འདྲེ་མོ་འཇུག་འདར་པ་དེ་ཞོ་རེ་རེ་ཡིན༔ ཏི་ཚ་དང་ཀླད་པ་ཞོ་ཕྱེད༔ བཙན་དུག་བསྲེག་པ་ཞོ་གཅིག༔ ལུག་མིག་དང་སྲད་ཕྱེ་ཞོ་ཕྱེད་ཕྱེད༔ རྟགས་ནི་མི་དགོས་བཏང་ཚད་སྲན་ཚད་དེ་དང༔ དེས་ནི་ཟླ་བའི་དུས་ནའོ༔ རྒྱ་རྒྱ་རྒྱ༔ ཡང་ཁྱོར་གང་ལ་བྱེའུ་ཀེ་ཀ་སྟོད་ནག་ཀླད་པ་རྩངས་པ་ཕོའི་ཀླད་པ༔ ཁ་ཤོག་བྲུ་སྒྲ་རྒོད་དང་མི་དང་ཤ་བའི་ཚིལ་བུ་རྡོ་ཏི་དག་པོ་ཚ་བཙན་དུག་ཧྲག་ཧྲག་སྦྱར་ཞག་གསུམ་ཐབ་འོག་ན་དེ་ནས་སྲད་ཕྱེ་དར་ཚོགས་བྱས་པ་དང་བསྲེས་ལ་སྐམ་པའི་རི་ལུ་བྱས་ལ་རྫས་ཀྱི་ནུས་པ་ཟླ་བར་འགོང་དེ་དག་ནི་དམར་གསུམ་གྱི་རྟ་ལ་བསྐྱོན་ནས་བཏང་ན་ཆུ་ནང་དུ་ཙ་བྲན་མྱུར་དུ་འགྱེལ་ཏེ་འགྲོ་༔ ཚད་བདེ་ཏོའི་ཀླད་པ་ཞོ་གཅིག༔ རྩངས་པ་དེ་དང་འདྲ༔ ཁ་འབྲུ་བཙན་དུག་གཉིས་ཞོ་ནི་ཕྱེད་ཕྱེད་གཉིས་ལ་གཅིག༔ སྦྲང་རྒོད་ཞོ་གཅིག་རྡོ་ཏི་ཚ་ཞོ་ཕྱེད་སྲད་ཕྱེ་ཞོ་གཅིག༔ བཏང་ཚད་སྲན་མ༔ ཆུ་བོ་ཆེ་རྒལ་བའི་ཚེ༔ རྩ་སྦྲིད་ལུས་སྦྲིད་ཤེས་པ་རླག༔ ཆུ་ལ་གང་ཡིན་འབྱོན་པ་བརྡ༔ མེད་ཐབས་མེད་མེ་ལྕེབས་གྲིར་བའི་ཀླད་པ༔ རི་བོང་སྙིང་ཁྲག་སྐྱེར་པས་དུད་པས་བདུག་པ་གཅིག་དང༔ རྒྱ་ཤོག་མའི་བྲུལ་དང་ཝ་ཁྲོམ་ཙ་བ་ཉའི་རྒྱུ་ལོང་བསྲེས་ལ་ཉའི་ཁོག་པ་གཅིག་ཏུ་ཞག་དགུར་སྔོ་དུག་གི་ལོ་མས་བྱིབས་ལ་དེ་སྙམས་པ་དང་རི་ལུ་སྲན་མ་ཙམ་བྱས་ལ་བུར་གྱི་རྟ་མ་སྐྱོན་ན་ལྕེབས་གྲིའོ༔ རི་བོང་སྙིང་ཁྲག་སུམ་ཆ་གཅིག༔ རྒྱ་ཤོག་པའི་བྲུ༔ ཐང་ཕྲོམ་སུམ་ཆ་ལ་གོང་ལྟར་མནན་ཏེ་རྟགས་འབྱུང༔ བྱུང་ནན་སྒོ་གཡག་ཤི་སྤུ་གོས་ལ་བསྐུས་པ་དེ་ལྟར་འགྱུར་རོ༔ ཁྲོས་མའི་རྒྱུད་ལས༔ བསེ་སྦྱོར་གྱི་ལེའུ་སྟེ་ཉི་ཤུ་པའོ༔ ༔ཡང་རྫས་ཀྱི་ནུས་པ་རྩི་སྦྱོར་ལ༔ བྱ་རྒོད་ཀྱི་མར༔ ཟར་མའི་མར༔ ཟོ་ཤའི་མར༔ རྟའི་ཚིལ་བུ༔ ཉུངས་ནག་མར་ཁུ༔ དན་ཏྲའི་མར་རྣམས་སྦྱར་ཏེ་ཕུལ་གང་ཚད་ལ་སུམ་ཆ་ཟད་པར་རྡོར་ཐེར་དང་ཆུའོཿ ཡང་ན་མཁར་ཕོར་ལ་ཕུལ་ཏོག་པ་མཚུར་ཀྱང་དུམ་གཅིག་བླུག་གོ༔ དེ་ནས་བསེ་ཞོ་དང་བྱང་ནག་ཁྲ་བོ་བཅུ་མགོ་དང་རྐང་ལག་རྣམས་བཏགས་ཏེ་དེ་ནང་དུ་བསྲེ་ལ་དགྲ་བོ་གནས་པའི་ཡུལ་དུ་བཏང་སྟེ་མུ་ཟི་ནག་པོ་དང་དན་དྲ་ནག་པོ་དང་རུ་ཏེ་སྦྱར་ནས་ཚངས་པའི་རྩ་ལ་རེག་པ་ཡི་སྒོ་ཡི་ཡ་ཐེམས་སམ་སྔགས་ལ་བྱུག་ན་དང་པོ་ཚངས་པའི་རྩ་ལ་འགྲོ༔ དེ་ནས་ལུས་ཁྱབ་སར་འགྲོ་སྟེ་ལུས་སྦྲིད་པར་འོང་བ་དང༔ མིག་ཕོར་འོང་བ་དང་དེ་ནས་རྩ་སྦྲིད་ནས་ར་ཏེ་ཞག་བཅུ་ན་ལུས་ཀྱི་རྣག་ཁྲག་ཏུ་འོང་ནས་ཁ་སྣ་དང་བུ་ག་དགུ་འམ་གསུམ་ནས་འཛག་སྟེ་འགུམ་སྟེ་ཅིས་ཀྱང་དེ་ལ་གསོ་ཐབས་མེད་དོ༔ རྒྱ༔ ཡང་མར་དྲུག་པོ་གོང་ལྟར་བསྡུས་ནས་པ་ནུ་ཡང་གོང་ལྟ་གང་པོ་དེས་ན་བསེ་ཞོ་དང་བཙན་དུག་མུ་ཟི་ནག་པོ་དང་སྡིག་པ་ནག་པོའི་ཤ་སྦལ་པ་བྲ་བོ་བའི་རྡོག་ཁྲག་རྟ་དམར་དང་མཛེ་བོའི་མཁྲིས་པ་དང་ཚིལ་བུ་སྦྱར་སྤྱི་བོར་སོང་ན་མཛེས་འཛིན་ནོ༔ ཚད་ནི་མར་དུག་བསྡུས་པས་གཙོ་བོ་བྱ༔ མཛེ་མཁྲིས་སུམ་ཆ་རྫས་ལྷག་མ་སུམ་ཆ༔ རང་ལ་མ་རེག་གཞན་ལུས་ལ་རེག་པ་ན་ཛ་ཏི་ཛ་ལ་འོང༔ སྤྱི་བོར་སོང་ན་ལུས་སྦྲིད་མགོ་ན་ཟླ་བ་གཅིག་ན་ལུས་སྐྱ་ཟླ་བ་གཅིག་ན་ནད་དྲག་པོས་བཏབ་ནས་མཛེ་འོང༔ ལུས་གཞན་གར་སོང་ཐོར་པ་འོང༔ དེ་རྨར་འགྲོ༔ དེ་ནས་ཟླ་བ་དགུ་ཚུན་ལ་མཛེས་འཁྱེར་རོ༔ རྒྱ༔ ཡང་སྣུམ་དྲུག་གོང་བཞིན་བདུས་ལ༔ དེའི་ནང་དུ་བཙན་དུག་ཤིང་དུག་སྦྱར་དུག་པི་པི་ལིང་ཁ་ཏ་ར་ནག་པོ་དང་སླུབ་ཁ་དང་ལྕེ་ཆོ་བྱང་ནག་བདུན་སྦྱར་ལ་ལུས་ལ་སོང་ན་རྨར་སོང་ནས་འགྲོའོ༔ ཚང་སྣུམ་དྲུག་པོ་སུམ་ཆ་རྫས་གཞན་སུམ་ཆ་ལ་བཙན་དུག་གསུམ་རྫས་གཞན་བཏགས་པ་བོང་མཉམ་པ་སུམ་ཆ་དེ་རྣམས་སྦྱར་ན་ལུས་ལ་ཐེབས་ན་དང་པོ་ཐོར་བ་ཤུ་བ་དེ་རྨར་འགྲོ༔ དེ་ནས་ལུས་རྨར་བྱེད་དོ༔ རྒྱ༔ ཡང་གོང་གི་སྣུམ་དྲུག་བསྡུས་པ་དོམ་འབྲས་ཀྱི་ཤི་བའི་མཁྲིས་པ་དང༔ མ་རྙེད་ན་རྣག་སྐམ་པོ་དང་བྱང་བ་དང་བུལ་ཏོག་དང་བཙན་དུག་དང་སེམས་ཅན་ཏི་ལོ་པའི་ཀླད་པ་དང༔ དེ་རྣམས་སྦྱར་ཏེ་བསྡུས་ན་རུས་འབྲས་ནག་པོར་འགྲོའོ༔ ཚད་སྣུམ་དུག་སུམ་ཆ༔ བྱང་བ་སུམ་ཆ༔ བཙན་དུག་སུམ་ཆ༔ རྫས་གཞན་སུམ་ཆའོ༔ དེ་ཚེ་ལུས་ལ་གར་ཐེབས་ཀྱང་རྩ་ལ་ཐེབས་ན་ཁྲག་འབྲས་ཤ་ལ་ཐེབས་ན་ཤ་འབྲས༔ མགོ་ལ་སོང་ན་རུས་འབྲས་སོ༔ ཡང་གོང་གི་རྫས་པ་རུས་པ་དེ་དང༔ གྲོགས་ཀྱིས་ལས་སུ་འདི་ལྟར་བྱ༔ བྱང་པ་དང་དན་ཏྲ་དང་ཐལ་ཕྲོམ་དང་ཐར་ནུ་དང་བཙན་དུག་དང་སྦྲང་རྒོད་དང་བསེ་ཞོ་དེ་རྣམས་ལུས་སོང་ལྷོག་པ་ནག་པོ་ཐེབས་སོ༔ དང་པོ་གར་རེག་པར་ཐོར་བ་འབྱུང་དེ་ལ་སྨན་གྱི་གསོ་བ་མེད་དོ༔ ནག་པོ་མེ་ལྟར་མཆེད་པའོ༔ སྲང་མདོག་མ་བྱུང་མ་བ་ཁྱབ་པ་འདྲ༔ ཅིས་ཀྱང་མ་ཕན་ཟླ་ཕྱེད་ན༔ གློ་སྙིང་ཐེབས་ནས་སྨྱོ་འབོག་བྱེད༔ རྒྱ༔ ཡང་གོང་གི་སྣུམ་དྲུག་བསྡུས་པ་དང༔ བཙན་དུག་རྒྱ་ཚ་བསེ་ཞོ་རྐང་མང་གི་ཤཿ ཁང་རོའི་ཕྱེ་མ་མི་རྐང་རུལ་པ་རྣམས་སྦྱར་ནས་ཀ་བས་ཀ་འགྲིལ་བའི་རྐང་པ་ལ་འོངས་སར་བཞག་ན་རྐང་པ་ཞ་ལག་པ་རེག་ན་ལག་པ་ཞ་རྫས་རྣམས་ཆ་སྙོམས༔ རྒྱ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ བྱུགས་པ་རྩི་སྦྱོར་གྱི་ལེའུ་སྟེ་རྩ་གཅིག་པའོ༔ ༔ཡང་བྱུགས་པ་ཕྱེ་མའི་སྦྱོར་བ་བསེ་ཞོ་དག་ལ་གཞི་མ་བྱས་ལ་སྦྲང་རྒོད་དང་བཙན་དུག་དང་བྱང་བ་དང་སྟག་གི་མུ་ར་དང་རྩབས་སམ་ཆང་སྐྱུར་མོ་ཁྱོར་གང་བག་མེད་ཀྱི་ནང་དུ་བླུག་ལ་ཞག་གསུམ་རུལ་དུ་གཞུག༔ ཞག་གསུམ་ན་བརྫི་དང་སྦྱར་ནས་ཕྱེ་མར་བཏག་ནས་གང་ལ་བྱས་ལ་བརླག་པར་བྱེད་དོ༔ དེ་ཡང་བརྡ་མེད་ན་སྦྱོར་བ་མ་ཡིན་པས་བཙན་དུག་བྱང་པ་ས་ནུ་གསུམ་མནན་པས་རིས་ངེས་པར་སྦྱོར་བ་སྨིན་ནོ༔ དེ་ལ་བསྲུང་བ་དང་མ་ལྡན་ན་སྤྱོད་པ་རང་ལ་ལྡོག་པར་འགྱུར་རོ༔ ན་བུན་འདྲ་བ་རླངས་པ་སྐྱ་བོ་བུན་བུན་པ་བྱུང་ཁུ་དར་དང་བཙན་དུག་བསྲེས་དེའི་རི་ལུ་བྱས་ལ་ཉི་གྲིབ་བར་དུ་བསྐམ་ལ་ཕྱེ་མ་བྱས་ལ་རང་གི་ལུས་ལ་མ་རེག་པར་དགྲའི་ལུས་ལ་སྙུགས་པའམ་དེ་ལྟ་བུའི་ལུས་ལ་སོང་ན་ཞག་གཅིག་ན་ཟ་དེ་ནས་ཤུ་བར་འོང་ཤུབ་སོས་ནས་ལུས་ལ་རྨ་མཆེད་ནས་འགུམ་མོ༔ ནག་པོ་ཡལ་ཡལ་དུ་འདུག་ན་དྷ་ཏུ་ར་དང་བཙན་དུག་དུ་སྦྱར་ནས་བཏང་ན་གར་ཐེབས་པར་ཉ་རྒད་བྱུང་ནས་འབྲས་བུ་འགྲོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ བྱུག་པ་ཕྱེ་མའི་ལེའུ་སྟེ་རྩ་གཉིས་པའོ༔ ༔སྦྲང་ནག་མཆུ་རིངས་ཀྱི་སྦྱོར་བ་ལ༔ ར་མགོ་ཀླད་པ་དང་མ་བྲལ་བ་གཅིག་གི་ནང་དུ་སྦྲང་རྒོད་དང་རྩི་ལུམ་བུ་དང་ཤ་སྦྲང་གི་ཤ་བསྲེས་ལ་ཕྱེ་མ་བྱས་ལ་གདབ་བོ༔ དེའི་ནང་དུ་སྦྲང་བུ་ཤ་སྦྲང་གཅིག་ཀྱང་བཅུག་ལ་ཉི་གྲིབ་མི་མི་འགྲིབ་པ་གཅིག་ཏུ་བཞག་གོ༔ སོ་སོར་འདུག་ན་བཙན་དུག་མཛེ། དེ་ནས་འབུ་བྱུང་ཙ་ན་ར་ཁྲག་ལ་བཙན་དུག་བསྲེས་ལ་འབུ་ལ་མ་སོང་བར་ཀླད་པའི་ནང་དུ་བསྲེས་ལ་འབུ་དེ་ཚེ་ཕལ་ཆེར་འགུམ༔ མ་འགུམ་པ་འགའ་ནི་འབུ་ཧྲི་ད་པ་རིང་པོ་སྤུ་ཡོད་མགོ་ནག་ནག་པ་ཅིག་འོང༔ དེ་ལ་མི་ཤ་དང་དགྲ་བོའི་སྣབས་ལུད་བསྲེས་ལ་སྦྱིན་ནོ༔ དེས་སྦྲང་བུ་འམ་མྱོས་མདོག་ཅན་ཅིག་ཏུ་སོང་བ་དང༔ ཀླད་པ་ཁྲག་ཟད་མ་ཁ་ད་ལ་དགྲའི་ཁང་པའམ༔ ཁང་འགྲམ་མམ་སྡོད་སར་སྦའོ༔ གོང་གི་འབུ་དེ་ལ་དགྲའི་དྲི་ཆེན་སྦྱིན་ནོ༔ དེ་ནས་སྦྲང་བུ་ལྟོགས་པ་དང་ཁོའི་ལུས་སྨིན་པ་དང་ཁོའི་སྣ་བུག་ཏུ་འགྲོའོ༔ ལུས་ལ་གར་གཟེར་ཀྱང་ལྷོག་པ་བཞིན་ཐོར་བ་སྐྲངས་དེ་ནས་ལུས་རྣམས་སྐམ་ནས་འགྲོའོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ སྦྲག་བུ་ཏྲེ་མ་བུ་ག་བསྒྲུབ་པའི་ལེའུ་སྟེ་རྩ་གསུམ་པའོ༔ ༔སྡིག་པ་ཕུང་བྱེད་ལ་གཡག་དུ་དབུགས་དང་མ་བྲལ་བ་གཅིག་གི་ནང་དུ་སྡིག་པ་ནག་པོ་གཅིག་བཟུང་ལ༔ ར་མཆིན་དུམ་བུ་དང་ར་དུག་གསུམ་བཏབ་ལ་ཁོ་ཟར་གཞུག་དེ་ལ་སྡིག་པ་ཟ་ཞིང་རྒྱས་པར་འོང་སྟེ་ཤ་མནན་ཞིང་ཤ་ལ་གོང་མའི་རྫས་ཀྱི་ཁར་བཙན་དུག་གདབ་བོ༔ དེས་སྡིག་པའི་རིགས་བྱེད་དོ༔ དེས་མ་ཤི་བར་ཟ་ན་དགྲ་བོའི་དྲི་ཆེན་དང་བསེ་ཞོ་དང་བཙན་དུག་བསྲེས་ལ་ཟར་གཞུག༔ མི་ཤ་ཡང་སྦྱར་རོ༔ དེ་ཟ་ཞིང་ལུས་རྒྱས་ན་དགྲ་བོའི་ཁང་པ་སྐྱལ་ལོ༔ དགྲའི་ལུས་ལ་སྡིག་པས་ཟ་བར་བྱེད་དོ༔ རྒོང་འབྲུམ་འོང་གར་ཟོས་པར་ཉ་རྒང་ལོ་རེས་ཟླ་བ་མི་འགོར་བར་འགྲོའོ༔ སྡིག་པ་ཀ་ཉོ་ཉི་བྱ་བ་དང་པོ་རང་བུམ་སྟེ་གུམ་ནས་འདུག་ན་སྡིག་པའི་ཤ་དེ་སྐམས་ཏེ་བསེ་ཞོ་དང་བཙན་དུག་ནས་ཙམ་གཅིག་དང་ག་པུར་ནས་ཕྱེད་མ་དེ་ཚེ་སྦྱར་ནས་ཟས་ལ་བསྐྱོན་ནོ་ཞག་གསུམ་གཉེར་མ་རེ་རེས་ཐུབ་སྟེ་ཞག་གསུམ་གསུམ་བཞིན་ནད་སྣ་འགྱུར་ཏེ༔ ནད་སྣ་མི་འདྲ་བ་སྡིག་པའི་གཉེར་མ་ཙམ་འོང་ངོ་༔ ནད་ངོ་མི་ཟིན་ནད་པའི་རྨི་ལམ་དུ་སྡིག་པ་ལུས་ལ་ཟ་བར་རྨིས༔ གཞུགས་ནང་རོལ་དུམ་བུར་ཆད་འགྲོ༔ སྡིག་པ་རྐང་ལག་སྟེང་པ་སར་བསྒྲད་པ་བྱ་་བཙན་དུག་གི་མ་ཤི་བར་འགྲོ་ནུས་ནར་འོང་དེ་ལ་དགྲ་བོའི་དྲི་ཆེན་བྱིན་ན་དྲི་ཆུ་འགག་འགྲོ༔ དེ་ནས་སྡིག་པ་གུམ་པ་དང་དགྲའི་གཞང་ཁར་སྡིག་པར་སྐྱེ་དེས་འགུམ༔ གལ་ཏེ་མ་འགུམ་ན་སྡིག་རོ་སྐམ་པ་དང༔ བཙན་དུག་དང་སྦྲང་རྒོད་དང་མོ་ཤའི་སྣུམ་ལ་བསྡུས་ནས་དགྲའི་ལུས་ལ་བྱུགས་ན་ལུས་འབྲུམ་ནག་ཤང་བ་རྡོལ་ནས་འགུམ་མོ༔ སྡིག་པ་སེར་པོར་གྱུར་ནས་ཤི་ན་སྡིག་པའི་ཤ་དང་དུག་མུ་ཟི་དང་པི་པི་ལིང་དང༔ ཟི་ར་ནག་པོ་ཧ་ཇོ་ཀ་དང་བསྲེས་ནས་དུད་པ་རླུང་ལ་བསྐུར་ན་དགྲ་བོའི་མིག་ལོང་བར་འགྱུར་རོ༔ སྡིག་པ་ལ་མཛེ་བོའི་མཁྲིས་པ་བྱིན་ལ་བཙན་ཐབས་སུ་བསད་པ་ལ་ཏ་ག་དང་བཙན་དུག་དང་ཏི་ཚ་ནག་པོ་སྦྱར་ཏེ་དུ་བ་རླུང་ལ་བསྐུར་ན་མཛེ་གསུམ་ཀ་དང་སྡིག་པ་སྙོམས་འམ་སྐྱ་རྦབས་སམ་རྨུ་ཆུས་འགུམ༔ ཡང་སྡིག་པ་དེ་ལ་སྣན་མ་སྒྲོན་ཤིང་གི་མར་ནག་དང༔ མི་ཁྲག་དང་བྱང་པ་ནག་པོ་དང་དེ་རྣམས་ཁྲག་དང་ཤ་སྦྱར་ནས་བཏང་ན་སྡིག་པ་འགུམ་པ་འགྱུར་དེའི་ཤ་དང་བྱང་བ་ནག་པོ་རུས་ར་བྱང་བུ་ཏྲེའུ་དམར་དང༔ འདི་རྣམས་མཉམས་པར་སྡིག་པ་རྒྱ་རུ་དང་དན་ཏྲའི་མར་ཁུ་རྣམས་དགྲའི་གཙུག་ཏུ་ཐེབས་ན་བུ་ག་དགུ་ནས་ཁྲག་སྐྱུག་ནས་འགྲོའོ༔ སྡིག་པ་དེ་ལ་ཆང་དང་བཙན་དུག་བསྲེས་ནས་བྱིན་ན་དེ་ཀར་འཆི་སྟེ་དུག་གི་ལོ་མའི་ནང་དུ་མནན་ལ་བསེ་ཞོ་འམ་ཐར་ནུ་དང་སྦྱར་ནས་ལུས་ལ་བཀུས་ན་དུམ་བུར་ཆད་འགྲོ༔ སྡིག་པ་ཆང་དང་བཙན་དུག་གི་མ་ཤི་བར་ཟ་ན་དེ་བཙན་ཐབས་སུ་བཀུམ་ལ་དེའི་ཤ་དང་ལ་ལ་ཏ་ཀ་དང་རྒྱ་ཆོལ་དང་ཏི་ཚ་དང་ཚ་བསྲེས་ནས་རླུང་ལ་བསྐུར་ན་ཀླད་པ་ལུག་ནས་འགྲོའོ༔ སྡིག་པ་དེ་ལ་བཙན་དུག་དང་བྱང་བ་དང་ཟི་ར་དང་ཐང་ཕྲོམ་དང་དེ་རྣམས་བྱིན་ནས་ཤི་ན་ཡང་རྫས་དེ་དང་སྦྱར་རི་ཕྱུགས་ལ་བྱིན་ན་ཁྱིམ་བུང་དུ་འགྲོ༔ སྡིག་པ་མགོ་དགུའི་ལེའུ་སྟེ་ཉེར་བཞི་པའོ༔ ༔ཡང་ཧོམ་ནག་གི་ལས༔ སྲེ་མང་གི་ཕྲུ་གུ་བཟུང་ལ་འདི་ནས་འབྲུ་ཆད་ཡོད། མར་ཤས་མ་སུམ་པར་གསོ༔ དེ་ནས་ཤ་ཐག་པར་གྱུར་པ་དང་ར་མཆིན་ལ་བཏག་ལ་སྦྱིན་ནོ༔ དེ་ལ་སྲེ་མང་བྱ་དང་དུར་བྱིད་དང་མཚལ་དང་བྱང་པ་གསུམ་ཆད་ལ་བྱིན་པས་སྲེ་མང་དེ་བཤལ་ལོ༔ བཤལ་ཁ་ལ་འགུམ༔ གུམ་པ་དང་བཤལ་དེ་ལག་པས་མ་རེག་པར་ལོགས་སུ་བཞག་ནས་སྐམ་མོ༔ སྲེ་མོང་གི་ནང་ཆ་དང་དུག་མུ་ཟི་དང་ར་དུག་དང་ཐང་ཕྲོམ་དང་དཀྲུ་ན་གར་ངན་ཀྲུང་ཀར་དང་དེ་ཚེ་བསྲེས་ལ་སྲེ་མོང་ཁོབ་པར་གྲུབ་ལ༔ སྐར་མ་སྨིན་དྲུག་ལ་སྦས་ནས་ཞག་དགུ་བཞག་ནས་ལངས་པ་དང༔ འཇའ་འདྲ་ན་སྨིན༔ དུ་བ་འདྲ་ན་སྨིན༔ དམར་བྲེང་བྲེང་པ་དང་ནག་པོ་ཐིག་ལེ་བྱུང་ན་ཡིན༔ ཧམ་པ་བྱུང་ན་མ་སྨིན༔ ཆང་སྐྱུར་མོ་ཕོ་སྐྱུར་དེ་ཙི་དང་ཚོམས་གཅིག་བླུག་ལ་ཞག་གསུམ་མནན་དེ་ཡི་ཧམ་པ་སྔོན་པོར་འགྲོ༔ ཡང་ན་སེར་པོ་ཡང་ན་དམར་པོར་འགྲོ༔ དེ་དག་ཕལ་ལ་ཏ་ཀ་དང་རྒྱ་ཚིལ་རྩེ་མོ་རྣམས་དུ་བ་རླུང་ལ་བསྐུར་བས་ཡུལ་ཁམས་ཕུང༔ འདི་ནི་རླུང་ཞོན་ནག་པོ་སྟེ༔ སྦྱོར་བས་ནང་ནས་ཁྱད་པར་ཡིན༔ རྟགས་པ་ལ་ཕབ་པའི་རེག་ཕུག་ནག་པོ་དང༔ ཛ་ལ་དར་མའི་རྒས་པའི་ཀླད་པ་ཚིལ་བུ་དང་ཤུ་བ་རྣམས་འོག་གི་བོང་བ་དང་སྤྲ་བར་དྲིལ་ཏེ་དགྲ་བོའི་ཁྱིམ་དུ་བཏང་ན་ཛ་ལ་ནག་པོས་འགུམ༔ ཡང་རྟགས་པ་ལ་ཕེབས་ཚེ༔ རྟགས་ནི་ཧམ་པ་འདྲ་བ་འོང༔ ཧམ་པ་སྔོན་པོ་མ་བྱུང་ན༔ སྦྱོར་བའི་རྒྱལ་པོ་མ་སྨིན་པས་སྦྲང་རྒོད་ཐིག་པ་གཅིག་ཆང་ཕོ་སྐྱུར་གགས་བླུག་ལ་མནན་ནོ༔ ཞག་གསུམ་རྫོགས་ནས་སྐམ་པ་དང་སྲན་མ་ཅིག་ཀྱང་གཏང་ཚད༔ དེ་ཡི་དགྲ་བོ་མྱུར་དུ་ལྕེབས༔ རྒྱ༔ ཡང་ཆང་སྐྱུར་སྦུ་བ་ཁྱོར་གང་དུ༔ བྱ་ཕུག་རོན་གྱི་རུས་པ་དང༔ བུལ་ཏོག་དང༔ ཀ་ཤོ་ཀ་ལྔ་དང༔ རྩངས་པའི་ས་དང་ཐང་ཆུ་དང་བཙན་དུག་དེ་རྣམས་སྦྱར་ནས་ཞག་གསུམ་ཀྱི་ཚང་འོག་ཏུ་མནན༔ དེ་ལངས་པ་དང་དེ་ལ་ཏྲིན་ཡ་ཤོ་ཀྱེང་ཀ་ར་ཀྲོ་དྷ་ནི་ཕྱ་སངས་ཁྱེད་ཁྱེར་ར་ཙ་ས་དོ་ཙཀྲ་པ་མོ་ལ་རྦད༔ ཅེས་སྟིམ་སྟེ་བཏང་ན་དགྲ་བོ་སྨྱོ་གྲིར་འགུམ༔ ༔ཚད་ནི་སྦྱར་ཐབས་གོང་གི་ས་བཙལ་དྲུག་མཉམ་པ་ཆང་ནང་དུ་བླུག་ལ་མནན་པ་ཁྱི་ཚང་དུ་མནན༔ ཚ་ཟས་རྙིང་པའི་ནང་དུ་མནན༔ རྟགས་ནི་ས་རི་འདྲ་ལ་མར་ཏིག་པའོ༔ མེད་ན་སྦྱོར་བ་མ་སྨིན་པས༔ སྦྲང་རྒོད་དང་ནད་ནག་པོ་ཞག་གསུམ་མནན་ནོ༔ བཏང་ཚད་སྲན་མ་ཕྱེད་ཀྱི་ངེས་པར་ལེན་ནོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ གྲི་རྒོད་བཞིའི་ལེའུ་སྟེ་རྩ་ལྔ་པའོ༔ ༔ཡང་བྱུག་པ་སྤྱི་མཐུན་གྱི་ངན་སྔགས་ལ༔ སྦྱར་ཚད་རྟགས་ཡིག་དང་སྦོགས་དང་ལུས་ལ་བསྐུར་ཐབས་ཀྱི་ངན་སྔགས་སྦྱོར་བ་རྫོགས་པར་འདོད༔ བསེ་སྦྱོར་རྩི་སྦྱོར་ཕྱེ་མ་གསུམ་གྱི་བསྒྲལ་བ་ལ༔ དང་པོ་བསེ་སྦྱོར་ནི་བསེ་ཞོ་དང༔ སྦྲང་རྒོད་ཟོ་ཤ་བཙན་དུག་བཞི་ཆ་མཉམ་མོ༔ བྱི་མ་བྱང་པ་རྒྱ་ཚ་དེ་རྣམས་བསྲེས་ལ་ར་རུས་ནང་དུ་བླུག་ལ་ཐང་ཕྲོམ་ལོ་མས་བྱིབས་ལ་ཞག་དགུར་བཞག༔ དགྲའི་ལུས་ལ་བྱུག་ན་ཐེ་ཚོམ་མེད་པར་ལེན༔ ཚད་ནི༔ བསེ་ཟོ་ཤ་སྦྲང་རྒོད་ཞོ་རེ་དང༔ ཏད་པའི་མོད་པ་དང་འདྲ༔ རྒྱ་ཚ་ཞོ་ཕྱེད་བྱང་པ་ཞོ་གཉིས་སྦྱར་ལ་བསུངས་ལོ་བསེ་རུལ་མའི་སྦྱོར་བ་སྟེ༔ རྟགས་ནི༔ ནག་ཁྲ་ཚིག་ཚིག་པ་པ་བྱུང་ན་ལྟོག་པ་ནག་པོ་ཡིན་པས་རྐང་མངས་ཀྱི་ཤ་དང་སྦྱར་ནས་སྒོ་འམ་གཡག་ཤིང་བུ་ག་ལ་བསྐུས་ན༔ དང་པོ་ཐོར་པ་འབྱུང༔ དེ་ནས་ཆུ་སེར་དེར་འདུས་ནས་གསོ་ཞིང་མི་སྟུབ་སྟེ་ཟླ་བ་གཉིས་ན་འགུམ་མོ༔ སེར་ཐིག་བྱུང་ན་ཉ་སྔོ་ནག་གི་ཤ་དང་སྦྱར་ནས་གོས་སམ་ལུས་ལ་ཐེབས་ན་དང་པོ་ཟ་ཚག་ཚག་དེ་ནས་འབྲས་བུ་སོང་ནས་ཟླ་བ་གསུམ་ན་ལེན་ནོ༔ དམར་བྲེང་བྲེང་པ་བྱུང་ན་དེ་དང་མཛེ་ཅན་མཁྲིས་པ་སྦྱར་ནས་སྟན་ན་དང་པོ་ཐོར་པ་དེ་ནས་ཤུ་བར་འགྲོ༔ དེ་ནས་ཛ་ཏྲི་ཛ་ལས་ལེན༔ སྔོ་ཁྲག་འདུག་ན་དུག་དང་བུལ་ཏོག་ཏུ་སྦྱར་ལ་ཐེབ་ན་ཐང་རེ་ནས་ཟ་ཞིང་ཤུ་བར་འགྲོ༔ ཤུ་བ་སོས་སུ་མི་འདོད་ཧོར་མིག་ནག་པོས་འགུམ་མོ༔ རྟགས་དེ་དག་མ་བྱུང་ན་རྫས་གོང་མ་རྣམས་ཕྱེ་མར་སྦྱར་བ་བྱས་ལ་ཆང་ཕོ་སྐྱུར་གང་བླུག་པའི་དུག་རུལ་པ་དང་སེམས་ཅན་ཏི་ལོ་པའི་ཀླད་པ་དང༔ སྤྱང་དུག་དང་གུ་གུལ་ནག་པོ་དང་རྒྱ་ཚིལ་སྦྱར་དུ་བ་རླུང་ལ་བསྐུར་ན་དགྲ་བོ་མགོ་ན་ཁ་སྐོམས་པ་ཡོང་སྟེ་ཁ་ལྐུག་ནས་ལེན་ནོ༔ ཡང་རྟགས་ལ་ཕེབས་པའི་རེག་ཕུང་དང་བྱང་པ་ནག་པོ་བཅོ་བརྒྱད་མགོ་རྐང་ནས་དང་ཏི་ཚ་དང་ཁྱི་ལུད་སྐམས་པ་དང་པོ་ཧི་ཛ་ཧ་དང་པ་ལ་ཏི་ཀ་དང་དུག་བསྲེས་ལ་དུ་བ་རླུང་ལ་བསྐུར་ན་ཁྲག་སྐྱུག་པ་དང་ཁྲག་ནད་ཀྱིས་ལེན་ནོ༔ རྒྱ༔ ཡང་གོང་མའི་རུས་པ་དང་རི་བོང་མཆིན་པ་དང་ཏི་ལོའི་མཁྲིས་པ་དང་འདྲ་སེང་གི་ཚལ་བུ་དང༔ བསེ་ཤིང་པའི་ཚི་བ་སྦྱར་ཏེ༔ རླུང་ལ་བསྐུར་ན་མཁྲིས་ནད་ཀྱིས་ལེན་ནོ༔ ཡང་རྟགས་ལ་ཕེབས་པའི་རེག་ཕུག་དང༔ དྷ་དྷུ་ར་དང༔ སྡིག་པ་ནག་པོའི་ཤ་དང༔ རྩངས་པའི་མཁྲིས་པ་དང༔ སྐྱོབས་སུ་སྦྱར་ནས་བཏང་ན༔ སྨྱོ་འབོག་གི་ངེས་པར་འཆིའོ༔ ཡང་རེག་ཕུང་དང༔ ལྷང་ཚེར་དང༔ ཀེབ་ཀེབ་དང༔ ཀ་ཛི་ཧ་དང་སྦྱར་ལ་བཏང་ན་རྨུ་རྒོད་གཅིག་འགྱེལ་དུ་འགྲོའོ༔ ཡང་ཧོམ་ནག་རེ ག་ཕུང་དང༔ སྟག་གི་མཁྲིས་པ་དང༔ ག་པུར་ཙནྡན་དཀར་པོ་བསྲེས་དུ་བ་བསྐུར་ན་རླུང་གི་འགུམ༔ ཡང་ཧོ་ལ་ནག་རེག་ཕུག་ནག་པོ་དང༔ པ་ལ་ཏ་ཀ་དང༔ དན་འདྲ་ནག་པོ་དང༔ ཕག་པའི་མཁྲིས་པ་སྦྱར་ན་བད་ཀན་སྨུག་པོས་ལེན་ནོ༔ ཡང་ཧོ་ལ་ནག་དང་བྱང་པ་དང་ཟི་ར་དང་ཏི་ལོ་པའི་ཁྲག་དང་ཧ་འཛི་ཀ་དང་སྦྱར་ན་རྒྱུ་གཟེར་གྱིས་ལེན་ནོ༔ ཡང་ཧོ་ལ་ནག་དང་སྦལ་པ་ཁྲ་བོའི་ཁྲག་དང་སྦྲུལ་གྱི་ནང་རོལ་ཏི་ལོ་པའི་སྤུ་བྲུན་དང་དེ་རྣམས་སྦྱར་ནས་རླུང་ལ་བསྐུར་ན་འབྲུམ་ནད་ཀྱིས་ལེན་ནོ༔ ཧོ་ལ་ནག་དང༔ མི་འབྲས་ཀྱི་ཤི་བའི་མཁྲིས་པ་དང་བྱང་པ་དང་མུ་ཟི་སྦྱར་ནས་བཏང་ན་རྩ་འབྲས་སུ་རྒྱས་ནག་པོ་བྱ་བའི་འགུམ་མོ༔ ཧོ་ལ་ནག་གི་ལས་འདི་ལ༔ སྤྱིར་ཕུང་བྱེད་ནག་པོ་དང༔ ཁྱད་པར་ནད་སྣ་ཚོགས་བཏང་ཞིང་བསད་པའོ༔ དང་པོ་ནིའུ་ལེ་ཤིས་གསོ་དེ་ནས་བྱད་པ་བཏང་དེའི་རྗེས་ལ་རྫས་གསུམ་གྱི་བཤལ་གཏོང༔ བཤལ་དེ་དང་བཙན་དུག་གཉིས་ཀྱི་དུ་བས་ཀྱང་ཤེས་པ་སྨྱོ་ནས་ལེན་ནོ༔ ཧོལ་ནག་གི་ཕུང་བྱེད་ནག་པོ་ལ་སྲེ་མོའི་ཁར་རྡོ་ཚན་མོ་གཅིག་ཞིག་ལ་བཞག་ཚ་འུར་གྱི་སོང་པ་དང་རྫས་བདུན་པོ་ཆ་མཉམ་པར་བྱས་ཞིབ་པར་བརྡུངས་ཏེ་སྲེ་མོང་གི་རྒྱུ་ལོང་ནང་ལོག་པར་བསྲེས་ལ་ཞག་གསུམ་བསྲུལ་ལོ༔ དེ་ལ་རྟགས་མེད་ན༔ ཆང་སྐྱུར་དང་བཙན་དུག་བཏབ་ལ་ཞག་གསུམ་བསྲུལ་ལོ༔ དེ་ལ་རྟགས་མེད་ན་ཆང་སྐྱུར་དང་བཙན་དུག་བཏབ་ལ་ཞག་གསུམ་བཞག་གོ༔ དེ་ལ་རྟགས་བྱུང་པ་དང་བཞི་རྩ་བའི་ཧོལ་ནག༔ གོང་གི་བཤལ་ལས་བྱུང་བའི་སྦྲེང་དུག་གཉིས་བསྲེས་ལ་ཚག་བྱས་ལ་གཏོང་བའི་དུས་སུ་རྡོ་ཏི་ཚ་ནག་པོ་དང༔ ལ་ལ་ཏ་ཀ་དང་བཙན་དུག་དང་ཁྱི་ལུད་དཀར་པོ་འམ་རྩེ་མོ་གཉིས་པ་དང་དེ་ཚོ་ནི་གྲོགས་ཡིན་པས་གོང་མ་དང་སྦྱར་ནས་དུ་བ་བསྐུར་ན་ཡུལ་ཁམས་ཕུང་པའི་ནད་ཕབ་བོ༔ དེ་སྤྱིའི་ལས་སོ༔ ཁྱད་པར་བྱ་ནག་ཧོར་ནག་རྫས་ཀྱི་འོ་མ་དང་གྲོགས་ཀྱི་རྫས་དང་སྦྱར་ལ་བཏང༔ རྩ་ཀུན་ཏུ་རྒྱལ་བ་ལས་ཞུགས་ནས་མྱུར་དུ་ལུས་ལ་ཁྱབ་ནས་ཟླ་བ་མི་འགོར་བར་འགྲོའོ༔ བསྲུང་བ་མི་ལྡན་རང་ལ་འོང༔ ཁྲོས་མ་ནག་མོའི་རྒྱུད་ལས༔ དྲི་དུ་བ་རླུང་ཞོན་གྱི་ལེའུ་སྟེ་ཉེར་དྲུག་པའོ༔ ཐོག་སེར་བཙན་ཐབས་སུ་འབེབས་པ་གཟའ་དྲག་པོ་རྒྱུ་བའི་དུས་སུ་ཆུ་མིག་གཉན་པར་ཕྱིན་ལ་འོ་མ་དང་འབྲས་ཆན་གྱི་གཏོར་མ་བཏང་ལ་ཕྱིས་ཀྱི་ཁྲག་སྣ་དང་དུག་སྣ་འཁོལ་དུ་གཞུག༔ དེ་ནས་བ་དང་མཛོ་མོའི་འོ་མ་དང་རྩི་སྨན་བཏབ་པའི་ཐབས་སླུད་དོ༔ དེ་མེའི་སྙིང་པོ་གཅིག་ཁར་སྤྲ་བའི་ནང་དུ་གུ་གུལ་དཀར་པོ་བཞག༔ དེའི་ཁར་སེམས་ཅན་ཏི་ལོ་པའི་ཤ་དང་མཛེ་ཅན་གྱི་ཚི་ལུ་བཞག་ལ་ཚིག་ངེས་པའི་དེའི་ཐལ་བ་ཆུ་མིག་དུ་སྟིབས་པར་བྱས་རང་བྲོས་ལ་རི་རྩེར་ཕྱིན་ལ༔ རྩོད་ཁྲག་མི་རྟ་བྱའི་ཚིལ་བུ་ཉ་སྦྲུལ་གྱི་ཤ་དང་བཙན་དུག་དང་མཛེ་ཏོགས་ཀྱི་ཁྲག་སྤུ་དང་ཁྱི་ཕག་སྤྱང་ཀིའི་དུད་པ་བཏང་ལ་བཞག་གོ༔ ལྷ་སྐྲོག་ཀླུ་གཟེར་གཟའ་ཁྲོས་ནས་སེར་བ་གློ་བུར་དུ་འབབ་བོ༔ ནག་མོ་ཁྲོས་མའི་རྒྱུད་ལས༔ གསང་བ་དྲག་པོ་ཐོག་སེར་གྱི་ལེའུ་སྟེ་རྩ་བདུན་པའོ༔ ལྟས་ངན་གྱི་ཁས་ཤ་བའི་སྙིང་ཁྲག་དང་སྦྲུལ་གྱི་ཤ་དང་གླ་རྩི་དང་ཉའི་ཀླད་པ་རྣམས༔ ཆ་མཉམ་པར་བྱས་ལ་ཞིབ་པར་བྱས༔ ངན་སྔགས་འདི་ཁྲི་ཕྲག་བདུན་བཟླས་སོ༔ དེ་མཁར་ལ་བསྐུས་ནས་མཁར་བདག་གི་ཤེས་པ་ལས་མཐར་དེ་ཁྲག་གི་རྒྱ་མཚོར་མཐོང༔ མ་ཧཱ་དེ་ཝ་ཨ་ཏ་ར་ཧུ་ཡ་ན་ག་ར་མ་རག་ཏ་ཐིབས་ཨ་ཕོབ༔ ཅེས་པས་གྲུབ་བོ༔ ཡང་སྲེ་མོའི་ཤ་དང་སྲིན་བྱའི་ཤ་དང་ཏི་ལོ་བའི་ཤ་དང་པུ་ཤུད་ཀྱི་ཤ་དང༔ ཁྱིའི་རྨོང་ཁ་རྣམས་སྦྱར་ནས་བསྲེག་ན་རླུང་ཕྱོགས་ཀྱི་ཁྱི་ཐམས་ཅད་ཆོ་ངེས་འདེབས་སོ༔ ཡང་འུག་པའི་ཤ་དང་མགོ༔ རྟ་དང་བོང་བུའི་ཤ་བྱ་རོག་དང་འུག་པའི་སྒྲོ༔ ས་ལ་ཏ་ཀ༔ ཅོང་ཟི་རྣམས་སྦྱར་ནས་བྲམ་ལ་སྦས་མཁར་ལ་ལྟས་ངན་གྱི་བྱ་བརྒྱ་འདུའོ༔ ཡང་ཝའི་སྙིང་ཅིག་ལ་སྟག་གི་མཆེ་བ་ཅིག་བཏབ་ལ་ཝ་ཐོད་པར་བཅུག་སྟེ་རུས་པ་སྣ་ཚོགས་ཀྱི་དུད་པ་བཏང་དུར་ཁྲོད་དུ་སྦས་ན་དུར་ཁྲོད་དུ་ཝ་བརྒྱལ་ལོ༔ ཡང་སྤྲེའུ་ཕྲུ་གུ་གསོས་ལ་དུག་ཁད་ཀྱི་ཟར་བཅུག་ལ་འོ་མ་དང་རྡོ་སོལ་དང་མུ་ཟི་རྣམས་བྱིན་ནས་དགྲ་ཡུལ་དུ་བཏང་ན་ཁ་ནས་མེ་འབར་བ་འོང་ངེས་སོ༔ ཡང་མུ་ཟི་དཀར་པོ་དང་རྡོ་སོལ་སྒྲོན་ཤིང་མའི་ཚི་བ་རྒྱ་ཚ་དང་མར་དཀར་དང་སྦྱར་ནས་དགྲ་བོའི་ཁང་པ་ལ་སྦྱར་ནས་བྱུག་ན་ཆར་པའམ་རླུང་བྱུང་ན་མེ་འབར་རོ༔ ཡང་མོན་པ་ནག་པོ་ལ་བྱུང་གི་སྙིང་མོན་པ་ནག་པོའི་སྔགས་བྲིས་ལ་སྙིང་དུ་བཅུག་ལ་མོན་ཐོད་ནང་དུ་སྙིང་དང་དྷ་དྷུ་ར་དང་སྦྲུལ་གྱི་མགོ་དང་ཏི་ལོ་པའི་སྙིང་རྣམས་བཅུག་ལ་སྔགས་འདི་ཁྲི་ཕྲག་དྲུག་བཟླས་པས་བཅུག་ན་མོན་པ་སྒོ་བརྡུང་ཡོང༔ མ་ཧཱ་དེ་ཝ་མན་དྷ་མོན་ཏྲ་ཕྲབ་ཕྲབ་ཕྲིབ་ཕྲིབ་ཕྲོམ་དུ་ལིང་ཧས༔ ཞེས་བཟླས་པའོ༔ ཡང་སྤྲུལ་མ་དེ་བསོས་ལ༔ ཤ་ཐགས་ཀྱི་སོང་བ་དང་སྣལ་ལ་ཟས་སྟེར་ཙ་ན་མི་སྐད་སྒྲག་རྐྱལ་པ་མཉེན་པོར་བཅུག་ལ་ཤ་ལ་ཅར་དེ་ནས་སྦྲུལ་དྲོད་བཀུག་ལ༔ རྡོ་ཕ་ཝང་དཀར་པོ་དང་སྦལ་པའི་ཤ་སྦྲུལ་དེ་ཟར་བཅུག་ལ་དེ་མ་ཐག་ཏུ་དགྲ་ཡུལ་དུ་བསྐྱལ་ལོ༔ དེས་ཁ་རླངས་ཀྱི་དུག་འགྱུར་ནད་ཚ་འབྲུམ་གྱི་དགྲ་ལ་འདེབས་སོ༔ ཡང་རུ་སྦལ་གྱི་ཁྲག་དང་སྦྲུལ་མེ་འབར་གྱི་ཐོད་པ་ཏི་ལོ་པའི་ཐོད་པ་འུག་པའི་ཐོད་པ་ལྕགས་ལྟེ་ཅན་སྦས་ཏེ་མཁར་འགྲམ་དུ་བཅུག་ན་མཁར་རླགས་སོ༔ ཡང་ཕུར་བ་རྩོད་ཁྲག་དྲོན་མོ་དངུལ་ཆུ་དང་ཉའི་མཁྲིས་པ་བྱུག་ན་མར་མེས་དྲོས་པ་དང་འབར་ངེས་སོ༔ བྱ་རྒོད་ཀྱི་མཁྲིས་པ་དང་སྐྱར་མོའི་མཁྲིས་པ་དང་གྲི་གཉན་གྱི་ཀླད་པ་རྣམས་ཕུང་བ་ལ་བྱུག་ན་མར་མེས་བསྲོས་པ་དང་འབར་ངེས་སོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ ལྟས་ངན་གྱི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ༔ ཡང་དྲག་སྔགས་ཧ་ལ་དུག་གི་རལ་པ་ཅན་འདི་དག་གོ༔ མ་ཧཱ་དེ་ཝ་ཁྲག་ཧུ་པ་ཡཾ་ཁཾ་རཾ་ཤག་པྲ་བི་ཤ་ཕཊ༔ ངན་སྔགས་འདིའི་སྦྱོར་བ་ནི༔ གྲི་རྒོད་ཆུ་རྒོད་ཞུན་ཐབས་གསུམ་བསྲེས་ལ༔ མི་ནག་པོ་མཆེ་བ་གཙིགས་པ་བྱས་ལ་སྙིང་གར་དུག་དང་གཡུལ་གྱེས་པའི་ལས་དང་གྲི་རྒོད་ཁྲག་གི་སྦྱར་བའི་འཁོར་ལོ་རྩིབས་བཅུ་ལ་ངན་སྔགས་བྲིས་ལ་དབུས་སུ་ཉེར་དགུ་དང་ཁྲོལ་ཁྲོལ་བྱ་བ་བྲིས༔ སྔགས་བདུན་འབུམ་བཟླས་ནས་མཁར་ལ་སྦས་ན་ཉེ་འབྱེད་དུ་འགྱུར་རོ༔ དེ་ལ་ཐེ་ཚོམ་མེད་དེ༔ ཡང་ས་དཀར་དང་ཅོང་ཞི་དང་འཐུག་རུས་དང་བག་ཕྱེ་ལ་མི་དཀར་པོ་བྱས་ལ་སྙིང་གར་འཁོར་ལོ་བཅུག་ལ་སྔགས་བཟླས་ནས་མལ་དུ་སྦས་ན་ཁྱོ་ཤུག་རྒྱལ་པོ་ཡང་འབྱེད་ངེས་སོ༔ ཡང་དུག་རྒོད་དང་མུ་ཟི་དང་སྦྲུལ་ཤ་དང་རྟ་བོན་དང་གུལ་ནག་དང་རྣེལ་ཁྲག་རྣམས་ཞིབ་པར་བྱས་པ་སྔགས་བཟླས་ཤིང་ཁྱིའི་རྟེན་སྐྱོབས་དུད་པ་རྟེན་སྐྱལ་ན་བསྲུངས་མའི་ལྷ་ནི་གནམ་མཐར་སྐྱེལ༔ ཡང་དགྲའི་རྐང་རྗེས་ལ་བླངས་ལ་ཞིང་ས་རིལ་རུལ་གྲོག་པོ་ཕུག་རྡུགས༔ ཆོས་སྐོར༔ དགྲའི་བུད་མེད་ཀྱི་གཅིན་བཏང་བའི་ས་དེ་རྣམས་ལ་བྱོལ་སོང་གཟུགས་བྱས་ལ་པོ་མ་རྒོང་ངམ་རྨུས་ལོང་ངམ་རོལ་ལ་སོགས་པ་བྱས་ལ་ཐང་ཕྲོམ་དང་ཅོང་ཞི་ཏི་ལོ་པའི་ཤ་སྦྱར་པའི་ཕྱེ་མས་གཟུགས་བུས་ག་འུ་བཅུག་ལ་ངན་སྔགས་འདི་འབུམ་བཟླས་ན༔ མ་ཧཱ་དེ་ཝ་མུག་མུག་བྱེད་ཏི་རྒྱལ་འདམ་དུ་ལིང་ཧས་ལ་ཤལ་ཡའི་ཐིང་ཐིང༔ ཞེས་བཟླས་ན་སྐྱེ་བ་གོ་ལོག་པར་འགྱུར་རོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ སྐྱེ་བ་གོ་ལོག་པའི་ལེའུ་སྟེ་ཉེར་དགུ་པའོ༔ ཡང་སྐྱེས་པའི་ས་བོན༔ ཙནྡན་དཀར་པོ་སྦྱར་ནས་དེ་ནས་རྡོ་ཏི་དང་གསེར་སྲན་མ་ཕྱེད་སྦྱར་ནས་ཟས་ལ་བཀུས་ན་སྐྱེས་པ་རབས་ཆད་དོ༔ རྟའི་ཆུ་དང་ཆང་སྐྱུར་མོ་ཅིག་གཉིས་གཞི་བྱས་ནས་མ༔ དེ་ཚོ་བྱང་པ་དང་ཟོ་ཤར་སྦྱར་ན་ཕུག་རབས་ཆད་དོ༔ ཡང་ཀ་ར་དཀར་པོ་དང་ཤུང་ཞལ་དང་གཉིས་སྟག་ཤ་དང་གསུམ་བྱང་པ་བཞི་སྦྱར་ནས་བཏང་ན་མོ་རབས་ཆད་དོ༔ ཟས་དང་མུ་དང་རླུང་གསུམ་བསྐུར་རོ༔ ཨུད་པའི་མེ་ཏོག་དང་བཙམ་ཅག་ཀའི་མེ་ཏོག་སོང་ཕྲོམ་གྱི་སླངས་ནས་རྟ་ཕྱུགས་རབས་ཆད་དོ༔ རྟའི་ཆུ་དང་ཅང་སྐྱུར་མོ་གཉིས་ལ་གཞི་བྱས་ནག་དང་ར་གཞོབ་དང་རྒྱ་ཚྭ་དང་ཁ་རུ་ཚྭ་ཟེ་ཚ་དང་ནས་རུལ་པ་དང་བུལ་ཏོག་དང་ཚྭ་སྣ་དང་ཞ་ཉེ་སྦྱར་ཉི་གྲིབ་ལ་ཞག་གསུམ་བཞག་སྟེ་རྔ་ཡབ་ཀྱི་ལྗང་བུ་ལ་གཏོར་ན་སྔོ་སེར་ཆིབས་ཀྱི་འགྲོའོ༔ སྐམས་པ་དང་ཞིང་རབས་ཆད་དོ༔ རབས་ཆད་ཀྱི་ལེའུ་སྟེ་སུམ་ཅུ་པའོ༔ ངན་ཐབས་འདུ་བའི་ལས་ལ༔ སྟོན་ཟླ་གསུམ་ལ་དབུགས་བྲལ་བའི༔ སྲ་བ་གཞུག་ན་དེའི་ནང་བས་ལ་རྡོ་པ་ཝང་དཀར་པོ༔ ཙི་ཏ་ཡིད་འཁྲུ།ནག་པོ༔ བྱ་རུ་ཅུ་ནག༔ སྲི་མོང་རྒྱུ་བའི་ནང་ལུས་ལ་དུག་ཐོར་དང༔ སྦ་པ་ནག་པོའི་ཤ༔ བཙན་དུག་དང༔ ས་དུག༔ ཀུན་ཆང་གིས་སླུས་ལ་ཉ་སྔོན་དེ་ནང་ཀླུག་ལ་དུག་གི་ལོ་མས་བྱི་བས་དུག་གི་ནུས་པ་གོས་ལ་ཞག་བཅོ་བརྒྱད་བསྲུལ་ལོ༔ རྟགས་རྩ་ཆུ་དམར་ཁྱུག་ཁྱུག་པའམ་ནག་པོ་ཐིག་ཐིག་པའམ་སྔོ་དམར་རམ་ན་བུན་འདྲ་ན་སྨིན་ན༔ ཧཾ་བ་སྔོ་དམར་ཡིན༔ ཧ་ལ་སྐྱ་བོ་དང་ནག་པོ་བཀྲག་མེད་བྱུང་ན་མ་སྨིན་པས་ཚང་བླུག་ལད་ཀླུག་ནས་ཞག་གསུམ་མནན༔ བསྲུང་བ་མི་ལྡན་ན་རླངས་པ་ཕོག་པ་ཙམ་གྱིས་འགུམ༔ དེ་ལ་བསྐྱུར་ཁ་ཤེས་ན་དགྲ་ལ་འདུ༔ དེ་བར་སྦྱོར་བར་འདུ་བ་འདི་སྟོང་ཕྲག་གསུམ་བཟླས་སོ༔ ཧ་ལ་ཙམ་རི་འདུས༔ རཾ་རཾ་རཾ་ཧ་ལ་ཙམ་རི་འདུ༔ ལཾ་ལཾ་ལཾ་ཧ་ལ་ཙམ་རི་འདུ༔ ཁཾ་ཁཾ་ཁཾ་ཧ་ལ་ཙམ་རི་འདུ༔ ཡཾ་ཡཾ་ཡཾ་ཧ་ལ་ཙ་མ་རི་འདུ༔ དེ་ནས་སྐྲོད་གི་རྫས་དང་དགྲ་གང་ཡིན་པའི་དྲི་ཆེན་བསྲེས་དུག་གམ་རིམས་ཀྱིས་ཤི་བའི་ཐོད་པར་བྲུབ་སྟེ་དགྲ་བོ་འགྲིམ་པའི་ལམ་ལ་སྦས་ན་དེ་ལ་རླངས་པ་ཕོག་པས༔ མྱོག་མྱོག་པོ་ལ་ཤེས་པ་ཐིབས༔ རིམས་ནད་ཚུལ་ཐེབས་ཟླ་མི་འགོར༔ ཡང་རྩ་བའི་རྫས་དང་མཛེ་བོའི་མཁྲིས་པ་མཛེ་བོའི་སྣ་ཁྲག་དྲི་ཆེན༔ དགྲའི་དྲི་ཆེན་རྣམས་ཁམས་སའི་གའུར༔ མེས་སྨིན་པར་བྲུབ་སྟེ་འདུག་སར་སྦས་ན་མཛེས་ཁྱེར༔ ཡང་སྦྱོར་བ་རྩ་བ་དང་བཙན་དུག་དང་རི་བོང་ཤ་སྐྱེར་བ་རློན་པའི་མེ་ལ་བསྲེག་དུད་པ་བདུག༔ ཁོ་འགྲིམ་པའི་ལམ་དུ་སྦས་ན་རླངས་པ་ལངས་པའི་དུས་སུ་དགྲ་ལ་ཕོག་མཁྲིས་པ་བཤས་པའི་ནད་ཀྱིས་ལེན་ནོ༔ ཡང་རྩ་བ་དང་ཏི་ཚག་བུར་ཀ་ཛི་རྣམསཿ ཁམས་སའི་གའུར་སྦས་ན་རླུང་ནད་ཀྱིས་ལེན་ནོཿ ཡང་རྩ་བ་དང་བྱ་ནག་དང་ལི་ཤ་དང་ཀེབ་ཀེབ་བསྲེག་སྟེ་སྦས་ན་ཁྲག་ནད་དོ༔ ཡང་རྩ་བ་དང་མི་ལྷོག་པས་ཤི་བའི་རུས་པ་དང་ཐར་ནུ་རེ་ལྕགས་པ༔ སྦྱང་དུག་ཏི་ལོ་པའི་ཤ་སྦྱར་ནས་གོང་བཞིན་སྦས་ན་ལྷོག་པས་ལེན་ནོ༔ ཐབས་དང་བསྲུང་བ་མེད་ན་རང་ལ་འདུ༔ ཡང་རྩ་བ་དང་སྤྱང་ཀིའི་ཁྲག་ཏི་ལོ་པའི་ཁྲག་གཉེན་དྲག་དུག་མུ་ཟི་སྦྱར་ན་རྒྱུག་གཟེར་རོ༔ ཡང་རྩ་བ་དང་ཁྲི་སྙན་ཀླད་པ་བྱང་བའི་ཀླད་པ་འོ་མ་ལ་སྦྱར་ན་ཀླད་ནད་དོ༔ དེ་དག་འདུ་བའི་དུས་ནི་རླངས་པ་བྱུང་བ་དང་སྦྱར་རོ༔ སྦྱོར་བ་འདུ་བའི་ཐབས་ལ་དུས་ངེས་པར་དྲོད་ཕེབས་པ་སྐར་མ་སྨིན་དྲུག་ལ་བྱའོ༔ རེག་ཕུག་སྤྲུལ་པའི་རྫས་སོ་སོར་ནས་ངོས་བཟུང་བའི་ཚད་གྲོགས་ཀྱི་རྫས་སོ༔ རྫས་རེག་ཕུང་གོང་གི་རྩ་བའོ༔ སོ་སོ་ནས་ངོས་བཟུང་བ་ནི་རང་རང་གི་རྫས་སོ༔ གྲོགས་རྫས་ནི༔ དྲི་ཆེན་ལོ་མ་ལུ༔ མུ་ཟི་རླངས་པ་འབྱིན༔ གུ་གུལ་གྱི་བུ་གར་འགྲོ༔ བཙན་དུག་དྲོད་འབེབས༔ ས་ནུ་དང༔ ཁ་ཤོག་པ་དང༔ ཕབ་དང་ཆང་སྦྱར་ལ་གཏོང༔ ནང་སོ་སོ་རང་རང་ལ་བྱུང་ན་ཐོད་པ༔ མེད་ན་གའུ་བྱའོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ འདུ་བའི་ལས་ལེའུ་སྟེ་སོ་གཅིག་པའོ༔ དགྲ་བོའི་གྲོང་ཁྱེར་གཞོམ་པ་ན༔ ཁྱིམ་བྱ་ནག་མོའི་སྒོང་ང་ལ༔ རྒྱ་ཚྭ་ཁ་རུ་ཚྭ་ར་ཚྭ་ཤིང་ཚྭ་རྣམས་བཏབ་པ་ལ་མུ་ཟི་དཀར་པོ་དང་མར་ནག་རྣམས་མཉམ་ནས་ལྕགས་མདར་བཅུག་ནས་འཕངས་ན་གར་མེ་འབར་ཆུས་བསད་ཆེར་འབར་རོ༔ ཡང་ལྕང་མའི་བལ་དང་སྤྲ་བ་དང་ཚྭ་སྣ་བཞི་རྣམས་སྦྱར་ཏེ་མར་ནག་བཙོས་ལ་འུག་པའི་སྒོ་ང་དང་སྦྱར་ཏེ་བིར་འཕངས་ན་མཁར་པོ་ཆེ་ཡང་འཕུང་ངོ་༔ རྡོ་སོལ་དང་སྒོ་ང་དང་རྒྱ་ཚྭ་རྣམས་གཅིག་ཏུ་བྱས་ལ་ཡུང་བ་བསྲེས་པའི་ནང་དུ་བཅུག་ལ་མགུལ་ཏིག་གི་འཕངས་ན་མེའུ་ཕུང་པོ་འབར་བར་འགྱུར་རོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ དགྲ་བོའི་གྲོང་ཁྱེར་མེས་བསྲེག་པའི་ལེའུ་སྟེ་སོ་གཉིས་པའོ༔ ཡང་དགྲ་སྤྲང་དུ་བཏང་བའི་ལས་ལ༔ དགྲ་བོའི་ཞིང་ས་དང་ཁང་ས་ཕྱུགས་རྗེས་བླངས་ལ་ག་འུ་འམ་སྤྱང་ཐོད་དུ་གཞུག་གོ༔ ལྷ་ཁང་རྙིང་པ་དང་གྲོང་པོ་འདྲེ་ཅན་གྱི་ས་བླངས་ལ༔ སྟག་དང་ལྕེ་སྤྱང་གཟུགས་བྱས་ལ་དེའི་ཁྲག་བྱུག་ལ་མི་རེང་བསྐྱོན་ནས་གའུར་བཅུག་ནས་སྔགས་བཟླས་ལ་ཁྱིམ་སྲང་དུ་སྦས་ན་ཡོ་བྱད་དང་འབྲལ་ལོ༔ མ་ཧཱ་དེ་ཝ་དུ་ན་མུན་ཏྲིག༔ ལིང་ཤག་ཀ་ཀ་ཡེ་ས་ཕྲོལ་ཐུན་ནན་བྱོ་བྱོ་ཐུན་གཡེང༔ ཞེས་པ་སྟོང་གིས་དགྲ་བོ་ཡོ་བྱད་རློག་གོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ དགྲ་བོ་ཡོ་བྱད་སྒྲོལ་བའི་ལེའུ་སྟེ་སོ་གསུམ་པའོ༔ ཡང་ཆང་ལ་ཚ་ནན་བྱས་པའི་སྐྱུར་མོ་དེ་ལ་གཞི་བྱས་སོ༔ དེ་ནང་ས་དུག་ནག་པོ་རྡོ་ལ་ཟ༔ རྩི་དུག་ནག་པོ་དྲི་མི་ཞིམ༔ ཆུ་དུག་ས་ནུ་ས་བལ་མོ༔ བྲག་ཚུར་ས་ཚུར་ནག་ཚུར་གསུམ༔ ཤིང་ཚྭ་རྒྱ་ཚྭ་ཁ་རུ་ཚྭ༔ ར་ཚྭ་ཐལ་ཚ་རྒྱ་ཚྭའོ༔ སེམས་ཅན་སྟག་ཁྲའི་ཤ་དང་ནི༔ པྲ་བ་ཞུང་ནག་ཉ་རུལ་རྣམས༔ ཞག་གྲངས་དགུའི་བར་དག་ཏུ༔ ཉི་གྲིབ་མཚམས་སུ་དཀྲུག་ཅིང་བཞག༔ མཁས་པ་སྣོད་ཀྱང་ཁ་གཡེལ་གྱི༔ གྲོང་ཁྱེར་ལོག་ལ་གཏོར་བར་བྱ༔ ཟླ་བ་ལོ་ནས་བློ་གོག་དང༔ འབའ་སམ་མདོག་ནི་འབྱུང་གྱུར་ཏེ༔ ལོ་གཉིས་ལོན་ནས་འཇིགས་པར་བྱེད༔ ཟེ་ཚྭ་ཞིག་པ་མཆོག་ཏུ་གཅེས༔ ངན་སྔགས་འདི་དྲོད་ཕེབས་པ་ནམ་ལངས་པ་ལ་བྱ༔ ནམ་ཝ་ན་མི་བྱ༔ རྫ་སོ་ལེགས་པར་ཐེབས་པ་ཅིག༔ ས་དུག་བྲག་ལ་ཟ་བ་དེ་ཡིན༔ ཆུ་དུག་བྱ་བ་བུལ་ཏོག༔ རྩི་དུག་མུ་ཟི་ནག་པོ༔ དེའི་ཁར་སྦྱོར་བ་ལ་དེ་སུམ་ཆ་མཉམ་པ་ཆང་ནང་བླུག་གོ༔ དེ་ཆེ་ཆེའོ༔ དེའི་ཁར་ཚུར་གསུམ་མཉམ་གོང་མའི་སུམ་ཆ་བླུག་གོ༔ བྱང་པའི་རོ་རུལ་པ་དང་ཕྲ་བ་གཞུང་ནག་གི་ནང་ཞིབ་པར་བཏགས་ལ་བླུག་གོ༔ ཕབ་བཏབ་ལ་ཉི་གྲིབ་མཚམས་སུ་དུམ་རེ་བསྲོཿ ཉིན་ལན་གསུམ་སྐབས་དུམ་རེ་བསྲོ་དཀྲུག་དེ་སྐུ་ཆེལ་ཆིལ་ཟེ་བ་དང་སྦུ་བ་ཏུག་ཏུག་ཟེར་ན་གཏོར་རོ༔ བཅུ་དྲུག་རྫས་ནི་ཚོགས་པ་ན༔ རྡོ་རྗེའི་བྲག་ཀྱང་ཉིལ་ཉིལ་འགྲོ༔ ཁང་རྩར་གྲུས་ནས་སྐྱོག་རེ་བླུག་ན་ཕུང༔ རྫས་ཚོ་ནུབ་མོ་རླངས་མ་ཤོར་བར་གོས་ཀྱི་བྱིབས་ལ་བསྙལ་ལོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ དགྲ་བོའི་མཁར་ཁྱིམ་བཤིག་པའི་ལེའུ་སྟེ་སོ་བཞི་པའོ༔ ཀུན་གནད་སྟོབས་ཤེས་མན་ངག་ལ༔ མི་རིགས་རྣམ་པ་ལྔ་བཤད་པ༔ ཧ་ལ་ལྔ་ཡི་གྲོགས་དང་སྦྱར༔ མདོག་དམར་མགོ་ཤ་ཆེ་བ་རླུང་གི་མི༔ ཤ་ཆུང་མགོ་སྐམས་སེར་བ་མཁྲིས་པའི་མི༔ ཤ་སྐམས་ལུས་ཕྱེད་དཀར་བ་བད་ཀན་མི༔ རྣལ་ལོག་གེལ་བ་ཁྲག་གི་མི༔ སྔོ་ལ་སྐམས་པ་ཆེ་བ་འདུས་པའི་མི༔ མི་རིགས་བརྟགས་ལ་ན་དེ་རིགས་ཤེས་པར་བཏང༔ ཁྲག་མི་བྱང་པ་མཁྲིས་མི་པ་ཚན་དུག་བཏང༔ འདུས་པའི་མི་ལ་སྟག་ཤ་བཏང་བར་བྱ༔ ཐུན་མོང་སྦྱོར་བ་ཁྱད་པར་ཏེ༔ ཟས་ལ་བསྐྱོན་པ་དག་ལ་ཡིན༔ རྫས་གཞན་གྱི་སུམ་ཆ་རེ་ཧ་ལ་མང་པོ་འདིས་བྱས་ལ་ཉུང་བ་ཐེབས་ཀྱང་འཚོ་བ་མེད༔ བྱུག་པའི་རྩི་དང་བསེ་ཞོ་དང༔ ཀྱེ་མའི་སྦྱོར་བ་དག་ལ་ཡང༔ བྱང་བ་ག་པུར་བཙན་དུག་དང༔ ཀྲུ་བ་དན་འདྲེ་ལྔ་ཡི་བྱས༔ སུམ་ཆ་གྲོགས་སུ་འགྲོ་བ་ཡིན༔ དེ་དག་ཕན་ལ་ཧ་ལའི་ལས༔ རེག་ཕུང་ནག་པོ་ངེས་པ་ཡིན༔ དུ་བ་རླུང་ཞོན་ཐམས་ཅད་ལ༔ ཏི་ཚ་ཐང་ཕྲོམ་བྱང་པ་དང༔ ས་དུག་སྦྲུལ་པ་དུག་གི་ཡིན༔ སུམ་ཆ་ཙམ་གྱི་གྲོགས་ཀྱི་བྱ༔ འདུ་བའི་ལས་ལ་ཧ་ཇི་དང༔ ཉ་ཡི་ཀླད་པ་ཏ་ཀ་དང༔ སྦྲུལ་གྱི་ནང་ཤ་ཏི་ལོའི་ཤ༔ དེ་དག་མ་དུག་ལྔའི་རིགས་འཇོམས་ལ༔ བ་ཐུ་པ་ལ་བྱ་བར་འདོད༔ སྦྱོར་བ་གསར་བ་ཉིད་ཐུས་ལས༔ བཅུ་ཧ་ལ་མེད་གྱུར་ཡང༔ ལས་ལ་སྡུག་པ་མེད་པར་བཤད༔ ཁྲོས་མ་ནག་མོའི་རྒྱུད་ལས༔ ནད་རིགས་བཞི་བརྒྱ་སྦྱོར་བ་སྟོན་པ་སྟེ་སོ་ལྔ་པའོ༔ དྲི་ར་རོག་གི་རྫས་མཐུས་ལ༔ སྤྱི་ནད་ཐ་སྒྲུབ་པའི་མན་ངག་ནི༔ སྔགས་པ་དབང་ཐོབ་དངོས་གྲུབ་ལྡན༔ ཨེ་ཀ་ཛ་ཏྲི་བསྙིང་བསྒྲུབ་ཐེབས༔ ཡང་དག་ལྟ་བ་རྟོགས་པ་དེ༔ ལས་ལ་སྦྱོར་བའི་དུས་དག་ཏུ༔ གང་བྱེད་རྫས་རྣམས་བཤམས་པ་ལ༔ ཚོགས་གཏོར་བཤམས་ལ་ཕྲིན་གཞུང་བསྲང༔ རང་ཉིད་ཧ་ལའི་ཁྲོས་ནག་ནི༔ དུག་གི་འོད་ཟེར་འཕོ་བར་བསྒོམ༔ སྟོང་གསུམ་ཧ་ལའི་བཅུད་བསྡུས་ནས༔ མདུན་གྱི་རྫས་ལ་ཡང་ཡང་བསྟིམ༔ སྔགས་འདི་བརྒྱ་ཡི་རྫས་རང་གདགས༔ ཨེ་ཀ་ཙ་ཏི་ཧ་ལ་ཙ་མ་ར་ཡ་ཧེ་རི་འདུ་དགྲ་བོའི་སྲོག་ཆོམ༔ མ་མོའི་བསྐུལ་བྱང་ཡང་ཡང་གཏོང༔ དེ་ནས་གཞུང་ནས་བཤད་པ་བཞིན༔ སོ་སོའི་རྫས་ཀྱི་ལས་ལ་སྦྱར༔ འདི་ནི་རྣོ་ལ་ངར་འདོག་པ༔ ཀུན་ལ་གཅེས་པའི་སྙིང་ཐིག་ཡིན༔ མ་མོ་ཁྲོས་ནག་གསང་རྒྱུད་ལས༔ ཀུན་ལ་གཅེས་པའི་གནད་ཡིག་སྟེ་ལེའུ་སོ་དྲུག་པའོ༔ རང་བསྲུང་འཇིག་མེད་འཁོར་ལོ་ནི༔ ཁབ་སྒོ་ལམ་གྱི་སྲང་དག་ཏུ༔ རྣོ་མྱུར་གཏི་མུག་ཕག་ཐོད་ནང༔ སྐྱེ་ཚེ་དང་ནི་ཉུངས་ནག་དང༔ ཐང་ཕྲོམ་ར་རོག་སྙིང་ཁྲག་དང༔ ཕག་པ་རོག་པོའི་སྙིང་ཁྲག་དང༔ བཙན་དུག་ནག་པོ་ཡག་ཕྱེ་བསྲེས་ལ་གྲི་རྒོད་ཁྲག་གིས་བྱུག་ལ༔ མི་ནག་པོ་རལ་པ་ཅན་གཅིག་བྱས་ལ་སྙིང་གར་མ་ཧཱ་དེ་ཝ་ཤྲཱི་རལ་པ་ཅན༔ ཅིག་ཆེ་གེ་མོའི་སྲོག་ལ་ཁཾ་ཁཾ་བྷྱོ༔ མན་ཏྲ་གྷུ་ཡ་ཛ་ཐང་ཐང་ལཾ་ལཾ་བྷྱོ༔ ཞེས་པ་གཞུགས༔ དེ་ཕག་ཐོད་དུ་བཅུག་ལ་ཁ་དགྲ་ཕྱོགས་སུ་བསྟན་པ་ས་ཁྲུ་གང་འོག་ཏུ་སྦའོ༔ དེས་ངན་སྔགས་དང་དུག་གི་སྦྱོར་བ་ཐམས་ཅད་བསྲུང་ངོ་༔ ཁྲོས་མའི་རྒྱུད་ལས་བསྲུང་བའི་ལེའུ་སྟེ་སོ་བདུན་པའོ༔ ཟས་དུག་ཀུན་ཐུབ་མན་ངག་ནི༔ ཕེལ་ཀ་རྣམས་ཀྱི་བུ་རཾ་ལས༔ བཅུད་ཀྱི་རྒྱལ་པོ་ཁ་ད་བྱུང༔ ཚ་བ་གསུམ་གྱ་ིནུས་པ་ཡི༔ ནང་རོལ་སྨྲད་ལྔའི་རྩ་ལྔ་བསྲུངས༔ ཛ་ཏི་གུར་གུམ་ལི་ཤི་དང༔ ཅུ་གང་སུག་སྨེལ་ཀ་ཀོ་ལ༔ དོན་སྙིང་སྒོ་ལྔའི་རྩ་སྒོ་བསྲུངས༔ ཟས་ལ་བཀུར་བའི་སྦྱོར་བ་རྣམས༔ རྡོ་རྗེ་བཞིན་དུ་འཇོམས་པར་བྱེད༔ ཕེལ་ཀ་རྣམས་བུ་རམ་བྱ་བ་ཉུང་མ་ལས་ཆར་དམར་དེ་ལ་བྱ༔ གྲིབ་མ་ཉི་མ་མ་ཕོག་པར་སྐོམས་ལ་སྙིམ་པ་སོར་མོས་འདུས་པ་གསུམ་བཙོ༔ ཚོས་པ་དང་ཁད་འདའ་ལོགས་སུ་བསྡུའོ༔ དེ་ནང་དུ་ཚིལ་ལུ་མའི་ཚིལ་ལུ་མཐེབ་ཚིག་ཙམ་གཅིག་ཤ་ཚིལ་དེ་ཙམ་གཅིག་ཕོ་བ་རིས་བཅུ་གཉིས༔ པི་པི་ལིང་བཅུ་གསུམ༔ དེ་དག་མཉམ་པའི་རྒ༔ ཡུངས་དཀར་སེར་པོ་ཕོ་བ་རིས་ཀྱི་ཕྱེད༔ བཟང་དྲུག་སྨན་ཐུན་རྣལ་མ་གཅིག་གི་སུམ་ཆ༔ གླ་རྩི་ཏྲི་ཕྱིན་ཙམ་ཅིག་བཏབ་ལ་གར་བ་རི་ལུ་རིལ་མ་ཙམ་བྱས་ལ༔ ནམ་རེ་ལ་དང་པོ་གཅིག༔ དེ་ནས་གཉིས་གསུམ་དང་པོ་བཞི་བཏང་ངོ་༔ ཞག་དགུ་རྫོགས་ལ་ཟླ་བ་མར་ངོ་ལ་བྱ༔ དེས་ལོ་དུས་བསྲུང་ངོ་༔ དེ་བར་ཆང་སྐྱུར་ཤ་རུལ་སྲུངས་འདོད་ཆགས་སྤང་ངོ་༔ འབྱམས་པས་དྲག་པོས་བཤལ་སྐྱུགས་ན་སྨན་སྦྱར་རོ༔ ཁྲོས་ནག་གསང་རྒྱུད་ལས༔ ཟས་ལ་བསྐུར་པ་བསྲུང་བའི་ལེའུ་སྟེ་སོ་བརྒྱད་པའོ༔ ཡང་བྱུག་པ་བསྲུང་བའི་ལས་དང༔ ཐེབས་པ་འདོན་པ་གཉིས་ལས༔ དང་པོ་རང་གི་སྦྱོར་བའ་ིགཞན་གྱི་བྱུང་གི་དོགས་ན་ཁོང་དུ་ར་ཤས་དང་མ་གི་ཏ་དང་ཁྲག་གིས་ཉེས་དོགས་པའི་ལུས་ལ་བྱུག༔ ལག་པ་དྲོད་སློན་པས་གཏུམ༔ དེ་ཡི་གང་ཡང་ཐུབ་བོ༔ སྡིག་པའི་སྦྱོར་བ་བསྲུང་བ་ན༔ གོང་མ་གཉིས་དང་ཀ་ཀ་རུ་དང་ཛ་ཏིས་བསྲུང་བར་བྱེད༔ ལོག་ནས་ཐོར་པ་བྱུང་ན་དང༔ ཉ་རྐང་ཆུ་བུར་རྨ་ལ་སོགས༔ རྟགས་དང་མཐུན་པར་བྱུང་ན་ནི༔ ཨ་མྲྀ་ཏ་དང་མ་གི་ཏ༔ ར་ལག་ས་ཡི་རྨུ་ཐུན་དང༔ རང་གི་ཆུ་ངན་སྦྱར་ལ་བྱུག༔ མཛེ་འབྲས་ལ་སོགས་བྱུག་པའི་དུག༔ གང་གི་ཐེབས་ཀྱང་འཛེམས་པར་བྱེད༔ ཁོང་དུ་ཀ་ར་བཟང་དྲུག་དང༔ དྲི་ཆུ་སྦྱར་ལ་གཏང་བར་བྱ༔ ར་ཤ་ར་ཁྲག་ཁོང་གཏོང་པས༔ གདུག་པའི་དུག་རྣམས་འཇོམས་པར་བྱེད༔ སྤྱི་བོ་ལ་སོགས་སྣ་སྒོ་རུ༔ ཨ་མྲྀ་ཏ་དང་ཆུ་ངན་ནི༔ ར་ཚིལ་སྦྱར་བྱུག་གཙུག་དུག་བསྲུངས༔ བྱུག་པ་བསྲུང་བའི་ལེའུ་སྟེ་སོ་དགུ་པའོ༔ རྫིའི་ལས་ཀུན་བསྲུང་བྱེད་ན༔ འཇུག་པའི་སྒོ་རྩ་ཀུན་ཏུ་རྒྱལ་བྱ་བ་སྣ་བུག་ན་ཡོད་དེ་རྫི་དུག་རིམ་པ་གདོན་ཕལ་ཆེ་དེ་ནས་འཇུག་དེ་ནས་ལུས་ཁྱབ་འགྲོ༔ རྩ་སྒོ་ཁེབ་ན་དེ་རྣམས་ཀྱི་མི་ཚུགས་སོ༔ ཅོང་ཞིའི་ཆུ་དང་ག་བུར་རང་གི་དྲི་ཆུ་དྲོད་མ་ཡལ་པ་ལག་མཐིལ་སྙེས་ནས་རྔུབས་ཀྱི་གྱེན་ལ་དྲངས་ནས་སྣར་རྡུབ་བོ༔ དེ་རྩ་ཀུན་རྒྱལ་ལ་ཕེབས་པས་རྟགས་ལུས་འདར་ཕྲིལ་སེར་ཁྱེར་ཡོང༔ དེས་སྒོ་ཁེགས་སོ༔ དེ་ནས་སྤང་རྒྱན་དཀར་པོ་ཨུཏྤལ་སྔོན་པོ་ཛ་ཏི་གུར་གུམ་ནག་པོ་དང༔ ཙནྡན་སྨུག་པོ་རྣམས་མར་ཁུ་སྦྱར་ནས་དུ་བ་སྣ་མར་བདུག་གོ༔ དེས་ནི་གཏད་དང་སེར་བ་འབེབས་པ་དང༔ འགོ་ནད་ཀྱི་གསེབ་ཏུ་འགྲོ་བ་དུ་བ་རླུང་ཞོན་གྱི་སྦྱོར་བ་བྱེད་ཀྱང་ཐོབ་བོ༔ ཁྲོས་ནག་གསང་རྒྱུད་ལས༔ རྫི་དུ་བ་རླུང་ཞོན་བསྲུང་བའི་ལེའུ་སྟེ་བཞི་བཅུ་པའོ༔ འདུ་བའི་ངན་ཐབས་བསྲུང་བ་ནི༔ ལུས་དག་པར་བཀྲུས་ཙནྡན་སྨུག་པོའི་གཟོ་ཤི་རྩ་བར་ཤི་མར་མི་ཚིལ་དེ་རྣམས་བསྡུས་ལ་དྲོད་མ་ཡལ་པ་ལ་ཛ་ཏི་དང་གུར་གུམ་བྲག་སྤོས་རྩི་མ་གི་ཏ་སྤང་རྒྱན་དཀར་པོ་བཏང་ནས་ལུས་ཁྱབ་པར་བྱུག་གོ༔ དེས་བ་སྤུའི་བུ་ག་ཁེགས་རྟགས་ལུས་སྤྲིད་པའམ་ལྕི་བ་ཡོད་དོ༔ དེས་ཟླ་བའི་བར་དུ་འདུ་བ་ཐུབ་བོ༔ ཁྲོས་ནག་གསང་རྒྱུད་ལས༔ འདུ་དུག་བསྲུང་བའི་ལེའུ་སྟེ་ཞེ་གཅིག་པའོ༔ ཁྲོས་ནག་གསང་བ་སྙིང་རྒྱུད་འདི་གཏད་རྒྱ་བྱུང་ཚུལ་ནི༔ དང་པོ་ཀ་དག་ཡེ་མེད་ལྷུན་གྲུབ་འོད་གསལ་གྱི་ངང་ནས༔ ཐུགས་རྗེ་ཆེན་པོ་ཚངས་པ་གདོང་བཞི་པར་སྤྲུལ་ནས་ཕར་ཕྱིན་བཞིའི་ཆོས་དེས་མ་ཐུལ་བའི་སེམས་ཅན་རྣམས་ལ་ཐུགས་ཁྲོས་ནས་མ་མོའི་གསང་རྒྱུད་འདི་གསུངས་པ༔ དེ་མཁའ་འགྲོ་མ་སྤུན་གསུམ་གྱི་ནགས་ཚལ་དྲ་བ་ཅན་དུ་གཏེར་དུ་སྦས་སོ༔ དཔལ་ཕྱག་ན་རྡོ་རྗེས་གནས་དེ་ལ་གཟིགས་པ་ཙམ་གྱིས་གཟི་བརྗིད་མ་ཐུབ་ནས་རྒྱུད་འདི་ཕུལ༔ དེས་སློབ་དཔོན་དགའ་རབ་རྡོ་རྗེེ་ལ་གཏད་ནས་རྒྱུད་བཅུ་བདུན་གྱི་བཀའ་བསྲུངས་སུ་བཞག་ནས༔ རིམ་པར་གཅིག་ནས་གཅིག་ཏུ་བརྒྱུད༔ བདག་བི་མ་ལས་བོད་དུ་སྤྱན་དྲངས་ནས༔ སྨོན་ལམ་གྱི་རྒྱ་དང་བཅས་ནས་གཏེར་དུ་སྦས་སོ༔ དེ་ནས་ལྕེ་བཙུན་སེངྒེ་དབང་ཕྱུག་གིས་གཏེར་ནས་བཏོན་པ་འཇིག་རྟེན་ཕུང་གི་དོགས་ནས་སླར་གཏེར་དུ་སྦས་སོ༔ འོ་ཡུག་ཕྱི་ཁོངས་སུ་འོད་ལུས་འགྲུབ་བོ༔ དེ་ནས་སྤྲུལ་པ་རྒྱལ་བ་ཞང་གིས་གཏེར་ཁ་རིམ་པར་སྟོན་ནས་བཀའ་རྒྱ་དང་བཅས་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་དེང་སང་གི་བར་དུ་གསང་ནས་གཅིག་ཏུ་བརྒྱུད་དོ༔ བཀའ་བསྲུངས་གི་རྒྱ་དང་བཅས་ནས་གཏད་པ་ཡིན་ནོ༔ ཁྲོས་མ་ནག་མོ་གསང་བ་སྙིང་གི་རྒྱུད་ལས༔ རྒྱུད་གཏད་པའི་ལེའུ་སྟེ་ཞེ་གཉིས་པ་རྫོགས་སོ༔ ས་མ་ཡ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ གསང་རྒྱ་རྒྱ་རྒྱ༔

སྦྱོར་བདེ་རྣམས་ཀྱི་སྡེབ་ཡིག །

༄༅༔ སྦྱོར་བདེ་རྣམས་ཀྱི་སྡེབ་ཡིག་ལ༔ དེ་ཡང་གསོད་བྱེད་གཤིན་རྗེས་ཁྲམ་ལ་གདབ་པ་ལེའུ་གཉིས་པ་བྱ༔ མྱོས་པ་ཀླུ་ལ་གཏད་པ་ལེའུ་གསུམ་པ་བྱ༔ མུ་སྟེགས་མངོན་དུ་སྐོལ་བ་དང༔ རྒྱལ་པོས་མངོན་དུ་སྨྱོ་བ་དང༔ བཙན་གྱིས་མངོན་དུ་གཟིར་བ་དང༔ གནོད་སྦྱིན་ཁྲག་ཏུ་སྐྱུག་པ་དང༔ མ་མོས་དུག་ཐུན་འབེབས་པ་དང༔ བདུད་པོས་སྲོག་ལ་འབེབས་པ་དང༔ བལ་མོས་ཁྲག་ནད་འབེབས་པ་དང༔ སྡིགས་པ་ནག་པོས་རྒང་ཚལ་དང༔ ཁད་ཀྱིས་བསད་པ་དང་༔ སྤོས་གྲིར་བསད་པ་དང་། ངན་སྔགས་དུག་མདས་བསད་པ་དང༔ སྔགས་པ་ངག་བཅིངས་ཤིང་རང་གཤེད་ལ་དབབས་པའོ༔ ལས་དང་པོ་ལོ་ཏོག་ཐུན་མོང་དང་ཁྱད་པར་གཞོམ་པའོ༔ དེ་རྣམས་ལ་བསད་མནན་གྱི་ངན་སྔགས་བཅུ་གསུམ༔ ལོ་ཏོག་གཞོམ་པ་གཉིས༔ སྔགས་པ་དང་རང་གཤེད་གཉིས་ཏེ་བཅུ་བདུན་ནོ༔ རྒྱུ་ཙམ་གྱི་ལས་སྟོབས་ཐུན་མོང་གི་སྦྱོར་བ་བཅུ་གསུམ་ལེའུ་སྟེ་བཅུ་པ་ལྟར་བྱ༔ གྲི་ཐབས་ཀྱི་ལས་བྱེད་ན་ཉི་ཤུ་པ་ལྟར་བྱ༔ བྱུག་པའི་ལས་ཉེར་གཅིག་པ་དང་ཉེར་གཉིས་པ་ལྟར་བྱ༔ སྡིག་པའི་ལས་དགུ་བྱེད་ན་རྩ་ལྔ་པ་ལྟར་བྱ༔ ཧོལ་ནག་དང་དུ་བ་རླུང་ཞོན་ཉེར་དྲུག་པ་ལྟར་བྱ༔ སྦྱོར་བ་འདུ་བར་འདོད་ན་སོ་གཅིག་པས་བྱ༔ རབས་ཆད་འདོད་ན་སུམ་ཅུ་པས་བྱ༔ ངན་ཐབས་ཀྱི་ལས་སྟོབས་ལེའུ་རྩ་བརྒྱད་པས་བྱ༔ དབྱེ་བ་གསུམ་དང་སྐྱེ་བ་གོ་ལོག་རྩ་དགུ་པ་ལྟར་བྱ༔ ཐོག་སེར་ལོ་གཞོམ་རྩ་བདུན་པ་ལྟར་བྱ༔ སྦྲང་བུ་བསྒྲུབ་པ་རྩ་བཞི་པས་བྱ༔ ཡོ་བྱད་བསྒྲལ་བ་རྩ་གསུམ་པས་བྱ༔ དེ་དག་གི་ལས་ནི་ལེའུ་རེ་རེ་ནས་ཇི་ལྟར་སྣང་བ་ལྟར་བྱས་པས་འགྲུབ་བོ༔ གཞན་གྱི་གྲོགས་ཅི་ཡང་མེད་དོ༔ རང་མི་འཇིགས་པའི་གོ་ཆ་ནི་བསྲུང་བའི་ལེའུ་དེ་བྱའོ༔ ཡང་ལས་ཀྱི་གྲངས་དབྱེ་ན་གསུམ་འབྱུང་བཞིན་མོད་པས་དཀྲུག་པའི་དྲག་སྔགས་ནི་ལེའུ་གཉིས་པ་ནས་བཅུ་བདུན་གྱིས་ཡིན་ནོ༔ གཉིས་པ་མཚན་མ་རྒྱུ་ཙམ་གྱི་རྫས་ཀྱི་དྲག་སྔགས་ལ་བསད་ཐབས་ཀྱི་དགུས་སྟོན་ནོ༔ ངན་སྔགས་སྦྱོར་བ་དྲག་པོ་གསུམ་མོ༔ བསད་ཐབས་ཀྱི་དགུ་ལ༔ ཐུན་མོང་སྦྱོར་བ་དྲུག་ཅུ་རྩ་གསུམ་སྟེ༔ ཚེ་དེ་ར་ལ་བཅུ༔ མཁའ་ལྡིང་བྱ་ལ་བཅུ༔ བོང་སྟག་ཁྲ་བོ་ལ་བཅུ་བཞི༔ དྷ་དུ་ར་ལ་བཅུ་བཞི༔ ཀུ་ཀུ་ར་ལ་གསུམ༔ རིན་པོ་ཆེ་དབྱིག་ལ་ལྔ༔ སྦྱོར་བ་སྣ་ཚོགས་པ་ལ་བཅུ་གཉིས་བཞི༔ དེ་དག་གིས་ངར་ལ་བསྐུར་བའི་ལས་རིམ་མོ༔ ཁྱད་པར་དུ་བསད་པ་ལ༔ གྲི་རྒོད་ཀྱི་ལས་ལ་རྟ་དང་རྦབ་དང་གཡང་དང་ཆུ་དང་སྨྱོ་གྲིར་བསད་པའོ༔ བྱུག་པའི་ལས༔ བསེ་དང་རྩེ་སྦྱོར་ཕྱེ་མ་གཉིས༔ བསེ་ལ་ཤ་འབྲས༔ ལྷོག་པ་ཧོར་མིག༔ རྩི་ལ༴ གཙུག་ནད་མཛེ་ནད་རྩ་བྱེད༔ རྨ་འབྲས༴ རྩི་འབྲས༴ ལྷོག་པ་ལ་སོགས་པའོ༔ རྫི་ལ་ལྷོག་ནག་དང་དུ་བ་རླུང་ཞོན་རྒྱལ་ཁམས་སྤྱིར་ཕུང་བར་བྱ་བ་དང༔ ཁྱད་པ་ནད་གཏང་པ་གཉིས་སྦྱོར་བ་བཅུ་གཉིས་བཞི་སྟེ༔ སྤྱིར་ཕུང་བ་དུ་བ་རླུང་ཞོན༔ ཁྱད་པར་མཛེ་ནད་རླུང་ཞོན༔ ཀླད་ནད༴ ཁྲག་ནད༴ མཁྲིས་པ༴ སྨྱོ་འབོག༴ རྨུ་རྒོད༴ རླུང་ནད༴ རྒྱུ་གཟེར༴ རྩ་འབྲས་རླུང་ཞོན་ཏེ་བཅུ་གཉིས༔ སྦྱོར་བ་འདུ་བའི་ལས་བརྒྱད་ལ་དུག་རིམས་ནད་མཛེ་མཁྲིས་པ༔ ཁྲག་རླུང་ལྷོག་པ་རྒྱུ་གཟེར་ཀླད་ནད་ཁྲག་གཟེར་འདུ་བ་སྦྱོར་བརྒྱད་དོ༔ སྡིག་པའི་ལས་དགུ༔ ལྟས་ངན་བདུན་པ༔ མཁར་ཁྲག་གི་དགོངས་པ༴ ཁྱི་དུ༴ བྱ་འདུ་བ༴ ཝ་བརྒྱལ་བ༴ འོད་དང་༴ སྤེལ་མེ་འབར༔ མོན་སྒོ་བརྡུང་བདུན་ནོ༔ ངན་ཐབས་བཞི་ལ་སྤྲུལ་རེག་དུག༔ ཐོག་འབབ༴ མཁར་འགས་པ༴ སྦྲང་བུ་གཏང་པ༴ སེར་བ་འབབ་པའོ༔ འབྱེད་གསུམ་ལ༴ ཉེ་དུ་འབྱེད་པ༴ ཁྱོ་ཤུག༴ ལྷ་བསྲུངས་དབྱེ་བ་གསུམ༔ རབས་ཆད་གསུམ་ལ༔ མི་དང་ཕྱུགས་ཞིང་རབས་ཆད་པའོ༔ མི་རབས་ཆད་པ་ལ་ཕོ་དང་མོ་དང་སྐྱེ་བ་གོ་ལྡོག་པ་རོ་དང་བྱོལ་སོང་རྨོས་ལོང༔ ཕོ་མ་རྒོད་པ་དང་བཞིའོ༔ རྫུ་འཕྲུལ་གཉིས་ལ་ཕུར་པ་བྲག་ལ་གདབ་པ་ནམ་མཁའ་ལ་འཕང་པ་གཉིས་སོ༔ བསྲུང་བའི་ལས་ལྔ༔ སྔགས་ཀྱི་བསྲུང་༴ ཟས་བསྲུང་༴ བྱུག་བསྲུང་༴ རྫི་དུ་བ་བསྲུང་༴ འདུ་བ་བསྲུང་བའོ༔ དེ་ཚོམ་ལས་ཀྱི་གྲངས་བཞི་བརྒྱ་ལྔ་བཅུ་རྫོགས་སོ༔ རིན་པོ་ཆེ་ཕྲེང་བ་བྱང་ནག་དུག་མདའི་སྡེབས་ཡིག་ཅེས་པ་བི་མ་ལས་གུད་དུ་སྡེབས་པ་རྫོགས་སོ༔ ཡང་དྲག་པོའི་ངན་ཐབས་དགྲ་གློ་བུར་དུ་བྱུང་ན་རྡེག་པའོ༔ སྲེ་འབྲོས་གོ་གྱེ་ནག་པོ༴ ཧ་ལ་ནག་པོ༴ བུད་པའི་མེ་ཏོག པདྨེ་ནག་པོ༴ བྱང་པ་ནག་པོས་འབྲུ། རེག་ཕུང་ནག་པོ༴ བཙན་དུག་ར་སྐད་མ་ཏི་ཚ་ཞ་ཉེ་རྡོ་ནག་པོ༴ ནག་པོ་ལྔའི་སྦྱོར་བ་འདི༔ ཕ་ལ་ཏ་ཀ་ཟད་ཕྲོམ་ནག་པོ་རྒྱ་ཚིལ་ཁྱི་ལུད་དཀར་པོ་སྦྱར༔ དེ་ལ་དབུལ་རྡོའི་དུད་པས་བདུག༔ རེག་ཕུ་ནག་པོ་དགུ་སྦྱོར་ཡིན༔ འདི་བྱེད་ཐབས་ལ་རྫས་ཆ་སྙོམས་ཡིན༔ ཞིབ་པ་བྱས་ལ་རས་སེར་པོའི་ནང་དུ་བླུག་ལ༔ གའུ་ཁ་སྦྱར་བྱ་ལ་སྟེང་མ་ལ་རྫས་བླན༔ འོག་མར་མཚལ་ནག་བྱུག༔ འོག་ཏུ་མེ་བུས་ལ་དེའི་དུ་བ་རང་ལ་མ་སོང་བའི་དགྲ་ལ་མཁས་ཀ་པས་ཁ་བཏང༔ མེས་འོག་ཡངས་པས་བྱ༔ དེ་ལ་རྟགས་ཡིག་མེད་དོ༔ དང་པོ་དུ་བ་བྱ་ལ་བཏང༔ ས་ལ་ལྷུང་ནས་སྤུ་བྱི་གུམ་པ་ན༔ ཞག་གྲངས་དགུ་ན་དགྲ་བོ་འགུམ༔ ཁྱི་ཤི་སྐུ་དེ་མ་བྱིན༔ ཞག་པོ་བཅོ་བརྒྱད་དག་ལ་འཆི༔ བྱ་དེ་ས་ལ་ལྷུང་ནས་མ་ཤི་ན༔ རིམས་ཀྱིས་བཏབ་ནས་ཟླ་བ་གསུམ་ན་འགུམ་མོ༔ བོང་བའི་མེ་ཏོག་ཁོང་རྒྱས་འཁྲུངས་པར་བསྡུ༔ བསེ་འབྲུམ་འབྲས་བུ་སྨིན་དུས་སུ༔ བཙན་དུག་གསེར་སྐམ་འབུར་ཁུའི་དུས༔ པ་ལ་ཏ་ཀ་དུར་བུའི་དུས༔ སྦྱར་བའི་ཕྱེ་མ་གླ་རིལ་ཙམ༔ དེ་ནི་བྱ་ལ་བཏང༔ དེ་ནས་མི་ལ་བཏང༔ རང་གི་བསྲུང་བ་གླ་རྩི་ཙནྡན་སྨུག་པོ་རྣ་བར་བདུག༔ རང་གི་དྲི་ཆུ་དྲོན་མོ་སྣ་རུ་དབུགས་ཀྱི་རྡུབ༔ མི་ཏི་ང་བོང་སྤྲ་བ་ཐབས་བསྟན་པས༔ རང་ལ་མ་སོང་དགྲ་ཕྱོགས་རླུང་ལ་བསྐུར༔ ངན་ཐབས་འདི་འདྲ་བོད་དུ་མི་སྤེལ་ཏེ༔ རྒྱ་ནག་རྒྱ་གར་ཡུལ་ན་བཙལ་དུ་དཀའ༔ བསྟན་པ་འཇིག་པའི་དུས་སུ་སྔགས་བསྒྲུབ་པའི༔ བསྟན་པ་གཉན་པོ་བསྲུང་དང་འཕྲད་པར་ཤོག༔ རྫས་ཀྱི་སྦྱོར་ཀ་ཐམས་ཅད་ལ༔ རྫས་ཀྱི་སྒྲོན་མ་འོད་འདི་གཅེས༔ འབྱུང་བ་སྙོམས་པ་དག་དང་ནི༔ རྫས་ཀྱི་ནུས་པ་དག་ལ་ནི༔ རྫས་རྣམས་བསྡུ་བའི་དུས་རྣམས་གཅེས༔ ཐང་ཕྲོམ་ནག་པོ་དྲི་དུག་ཁ་ཤོག་མི་ཞིམ༔ རྩ་བ་ཕ་ལ་དཀར་པོར་འདོད༔ འབུར་བུའི་དུས་སུ་སོས་ཀ་མེ་ཏོག་འབྱུང༔ འབུར་བུའི་དུས་སུ་བསྡུ་བར་བྱ༔ སྤུ་ནག་དྲི་མ་མི་ཞིམ་པ༔ ནག་པོ་ལེབ་མ་མེ་ཏོག་སེར༔ དེ་ཡང་འབུར་བུའི་དུས་སུ་སོས་ཀ་བསྡུ༔ དཀྲུ་དཀར་དྲི་མ་མི་ཞིམ་པ༔ མེ་ཏོག་དཀར་པོ་གདུགས་འདྲ་བ༔ དེ་ཡང་འབུར་བུའི་དུས་སུ་སོས་ཀ་བསྡུ༔ ཨེ་བ་ཤ་ཡ་ནག་ཐང་ཁུ་ནག་པོ་དང་ཕག་རུ་དང་དང༔ བཙན་དུག་བ་གཅིའི་གཟུགས་འདྲ་བ༔ ཚེ་དེ་ར་ཡི་སྐད་འབྱིན་པ༔ ཁ་བ་ཅན་གྱི་རི་རྒྱུད་ཀྱི༔ རྩིབས་རི་མོན་ནག་ཟོ་མོ་ལ་ཡང་ནག་པོ་དེ་ནས་བླངས༔ སོར་གྱི་མ་བཤིག་པ་གལ་ཆེ༔ སྦྱང་དུག་སེར་པོ་སྔ་ཚུག་འདྲ༔ བསེ་ཤིང་ནག་པོ་ཀུན་ཚོགས་པས༔ འདབ་ཆགས་ས་ལ་ལྷུང་པ་འདྲ༔ མི་རྣམས་སྲོག་ནི་ངེས་ཆད་དོ༔ བཙན་དུག་བོང་བ་སྦྱང་དུག་ལ༔ བཙན་དུག་ཡང་ན་སོ་ཀ་བསྡུ༔ བོང་པ་སེར་ཀ་བསྡུ་བར་བྱ༔ སྦྱང་དུག་བཙན་དུག་ཡང་ན་བསྡུ༔ ཨེ་ར་པ་ཏི་པ་ར་འདུ་ཀ༔ ཨེ་རན་ཏ་ཡི་མར་ཁུ་འམ༔ བེ་ཤིའི་མར་ནི་དགུན་ཟླ་ལ༔ དེས་ན་དུས་ནི་ཤེས་པར་བྱ༔ རྫས་ཀྱི་ཡང་ཏིག་འདི་མེད་ན༔ རྫས་ནུས་མེད་པས་ཕན་མེད་འགྱང༔ དེས་ན་རྫས་ཀྱི་ཡང་ཏིག་གཅེས༔ ས་མ་ཡ་ཁ་ཐམ༔ ངན་སྔགས་གསང་བའི་མན་ངག་ལ༔ འབྱུང་བཞི་སྨོས་པ་གལ་ཆེ་བས༔ དགྲ་གཟུགས་མི་རིགས་རྟག་བརྒྱུད་ལ་གསལ་ངེས་པར་བརྟག་པར་བྱ༔ བད་ཀན་རིགས་ནི་ས་ཡི་གཟུགས༔ དེ་ལ་མེ་རཾ་རཾ་ཅེས་ཡི་དྲག་སྔགས་བརྡེག༔ ཁྲག་གི་རིགས་ནི་ཧྲུ་ཡི་གཟུགས༔ དེ་ལ་རླུང་ཡཾ་ཡཾ་གི་དྲག་སྔགས་བརྡེག༔ མཁྲིས་པའི་རིགས་ནི་མེ་ཡི་གཟུགས༔ དེ་ལ་ཆུ་ཁཾ་ཁཾ་ཡི་ངན་སྔགས་བརྡེག༔ རླུང་ཅན་རླུང་གི་གཟུགས་ཡིན་པས༔ དེ་ལ་རླུང་ཡཾ་ཡཾ་འཇོམས་དྲག་སྔགས་བརྡེག་ཞེས་གཞུག་ལ་གདབ༔ ས་ལ་བསྲེས་པའི་སྦྱོར་ཀ་གཅེས༔ མེ་ལ་ཟེར་གྱི་སྦྱོར་ཀ་བྱ༔ རླུང་ལ་མནན་པའི་ལས་ཀ་བྱ༔ འདི་ལྟར་ལས་ཀྱི་ངན་སྔགས་ལ༔ སྒྲོན་མ་འབྱུང་བཞིའི་ཡིག་ཆུང་གཅེས༔ འབྱུང་བཞིས་ངན་སྔགས་འདི་མེད་ན༔ རྣོ་བའི་མཚོན་ཆ་འབྱམས་འགོར་བས༔ སྔགས་པ་འབྱུང་བཞི་འཁྲུགས་སྡེབས་གཅེས༔ ས་མ་ཡ༔ གསོད་པར་བྱེད་པ་གཤིན་རྗེའི་སྔགས་བསྒྲུབ་པར་བྱ་བའི་ཐབས་དང༔ བསད་པ་དང༔ ཀན་ལ་སོགས་པ་གསུམ་ལས༔ དང་པོ་གྲུ་གསུམ་དུ་གོ་ར་སྔོན་པོའི་ཐོད་པ་དང་བཅས་ལ་སྔགས་བཟླས་ཏེ༔ ཀ་དང་ཁས་བསད༔ སྤྱི་ཏྲི་དགྲ་གཟུགས་དང་སྦྱར༔ ར་རོག་གི་ཙིཏྟར་ལིངྒ་བཅུག་ལ་ཐོད་ནང་དུ་སྔགས་བརྡེག་པ་ནི་གསང་བ་ཙིཏྟ་ལ་བརྟེན་པའོ༔ ཐ་མ་ཡང་དགྲ་དེ་མེར་འདུག་ན༔ ཐུན་ཕབ་ལ་མནན༔ སར་འདུག་ཧོམ་དུ་བསྲེག་ལ་མནན༔ ཆུར་འདུག་སྐྱེར་མདའ་བརྡེག་གོ༔ རླུང་འདུག་ལྕགས་ཀྱི་ཕུར་པ་བཏབ་ལ་མནན་ནོ༔ མུ་སྟེགས་མངོན་དུ་བསྐོལ་བ་ལ༔ ཕྱི་ནང་གསང་བ་གསུམ་ལས༔ གདུག་པའི་ས་ལ་ནག་པོ་གསུམ་གྱི་ཆུས་སྦྲུས་ལ་དགྲ་གཟུགས་དང་སྐྲའི་མནན་པ་བྲིའོ༔ ཡུག་ས་མོའི་གོས་སུ་བཏུམས་ནས་བཅས་པ་དང་བསྒྲུབ༔ ཁྱི་ནག་པོའི་ཙིཏྟར་བཅུག་པ་ནི་གསང་བ་སྒྲུབ་བོ༔ སྔགས་ནི་ཀ་དང་ཁའི་བར་དུ་བསད་པར་བྱ༔ དེ་ཡང་དགྲ་དེ་སར་འདུག་ན་ལིང་ག་དུག་གི་མེར་བསྲེག༔ ཆུར་འདུག་ན་མཆོད་རྟེན་ཧྲུལ་སར་གཏད༔ སར་འདུག་ན་སྐྱེད་པའི་ཧོམ་ལ་བསྲེག༔ རླུང་དུ་འདུག་ན་དཀར་ནག་བྲབ་ལ་བྲག་དམར་ལ་མནན་ནོ༔ བདུད་པོ་སོགས་ཀྱི་འཁོར་ལོ་ལ་ཕྱི་ནང་གསང་གསུམ༔ ཕྱི་རྟེན་ལ་བརྟེན་ནས་གིང་ལྟར་བསྒྲུབ༔ ནང་ཐོད་པ་ལ་བརྟེན་ནས་སྲོག་བདག་ལྟར་བསྒྲུབ༔ གསང་བ་ཙིཏྟ་ལ་བརྟེན་ནས་བདུད་ནག་པོ་ལྟར་བསྒྲུབ་པའོ༔ སྔགས་ནི་ཀ་དང་ཁའི་བར་དུ་བསད༔ ལས་ཀ་ནི་དགྲ་མེར་འདུག་ན་ཐུན་ཏིག༔ སླར་འདུག་ན་ཙིཏྟ་ནས་བྱུང་ལ་བྲ་མའི་མེ་ལ་བསྲེག༔ ཆུར་འདུག་ན་ལྷ་ཁང་ལ་མནན༔ རླུང་དུ་འདུག་ན་མཆོད་རྟེན་ལ་མནན་ནོ༔ མྱོས་པ་ཀླུ་ལ་གཏད་པ་ལ༔ ཕྱི་ནང་གསང་བ་གསུམ་ལས༔ ཕྱི་ལ་སྦལ་དུ་ལ་བཅུག་ལ་བྱ༔ ནང་དུ་རུང་ལིང་ག་གཞུག༔ གསང་བ་ཏོད་པ་གཤགས་པ་ལ་བྱའོ༔ ཀ་དང་ཁའི་བར་དུ་བསད༔ ཀླུ་ལ་གཏོར་མ་སྦྱིན༔ དེ་ནས་མནན་ལ་བྱ་བ་ནི༔ རླུང་དུ་འདུག་ན་མེ་ལོང་ལ་གཏད༔ མེར་འདུག་ན་ཕོ་བྲང༔ ཆུར་འདུག་ན་བྱ་རའི་ས༔ སར་འདུག་ན་ལྐུགས་པར་གཏད༔ དེ་ཡང་བྱང་ཕྱོགས་གདོལ་པ་ལ་བྱ༔ རྒྱལ་པོས་མངོན་དུ་སྦྱོར་བའི་ལས་ལ་ཕྱི་ནང་གཉིས༔ ཕྱི་བསྒྲུབ་པ་ནི་གཏོར་མ་དང་ངར་གླུད་ཀྱི་ལིང་ག་བཅས་ལ་གཏད༔ ནང་བསྒྲུབ་ར་དཀར་ཙིཏྟར་ལིངྒ་བཅུག་ལ་བསད་དོ༔ སྔགས་ཀ་དང་ཁའི་བར་དུ་བསད༔ ལས་ཀ་ནི་དགྲ་བོ་སར་འདུག་ན་ཙིཏྟ་དང་ལིངྒ་བསྲེག་ལ་གཏད༔ ཆུར་འདུག་ན་ཤར་ཕྱོགས་སུ་ནམ་མཁའ་གསུམ་འཕར་ལ་ལིངྒ་བཏགས་ལ་རླུང་ལ་ཕྱར༔ མེར་འདུག་ན་རྨུ་ནག་པོའི་ཆུ་ལ་གཏད༔ རླུང་དུ་འདུག་ན་ལྷ་ཁང་འདྲེ་ཅན་དུ་གཏད་དོ༔ གནོད་སྦྱིན་སྲོག་གི་འཁོར་ལོ་ལ་ཕྱི་ནང་གཉིས༔ ཕྱི་འབྲུབ་ཁུང་ལ་བརྟེན་ནས་བསད་པ་དང༔ ནང་ཕག་ཐོད་ནང་དུ་བསད་པ་དང༔ སྔགས་ནི་ཀ་དང་ཁའི་བར་དུ་བསད༔ རང་གཤེད་སྔགས་འདི་ཀ་གས་སྡེབས༔ ལས་སྦྱོར་དགྲ་དེ་སར་འདུག་སྲོད་ལ་ཕུར་པ་གདབ༔ ཆུར་གདུག་གུང་ལ་སྐྱེར་བས་འདེག༔ མེར་འདུག་ཐོ་རངས་ཐུན་ཏིག༔ རླུང་དུ་འདུག་ན་ནམ་སེར་ལ་མནན་པ་བྱའོ༔ མ་མོ་དུག་རིག་དབང་ཕྱི་བསྒྲུབ་ནང་བསྒྲུབ་གཉིས༔ ཕྱི་འབྲུབ་ཁུང་ལ་བརྟེན་ནས་བསད་པ༔ ནང་སྙིང་ལ་བརྟེན་ནས་བསད་པ་ལས་སོ༔ སྔགས་ནི་ཀ་དང་ཁ་ནས་བསད༔ བར་གྱི་འབྱུང་བཞིའི་སྔགས་གཤེད་མས་བརྡེག་གོ༔ ལས་ཀ་མེ་ལ་ཁྲག་ཟོར༔ ས་ལ་དུག་ཟོར༔ རླུང་ལ་མདའ་ཟོར༔ ཆུ་ལ་ཕུར་ཟོང་བརྡེག་གོ༔ སྔགས་ནི་རྒྱུད་ཀྱི་དོན་དང་ལོ་ཚེ་འོག་མས་ཤེས་པར་བྱའོ༔ ཡང་ངན་ཐབས་ཀྱི་ཐོག་སེར་བཙན་ཐབས་སུ་འབབ་པ་ལ༔ སྒྲུབ་པའི་རྫས་ནི་ཁྲག་སྣ་རྙེད་ཚད་དང་ཡུངས་ནག་དང་ཁྱི་ནག་ཁྲག་དང་རྟ་ནག་པོའི་ཁྲག་དགོས༔ དེ་དོང་བུར་ཐོག་ལྕགས་དང་བཅས་པ་ལ་བསྒྲུབ༔ སེང་ལྡེང་ཕུར་པ་དང་མི་ལག་རྟ་ལག་ལ་གཏལ་མ་བྱ༔ བ་ར་མཛོ་ཡི་འོ་མ་ལ་ཐབས་རྫས་བྱ༔ མཛེ་ཐོད་ཀྱི་སྣོད་བྱ༔ བོང་བུ་དང་མི་ཚིལ་གུ་གུལ་ནག་པོ་ལ་དུད་པ་བྱ༔ གཟའ་ལག་པ་དང་སྐར་མ་གཉིས་ལ་ལས་སྦྱོར་བྱ༔ རང་ནག་པོ་སྐ་རིངས་བསྒོམ་ལ་སྔགས་འདི་བཟླས་སོ༔ ༀ་ཤྲི་མ་ཧཱ་དྷེ་ཝ་བྲེ་ཟེ་ཐའདི་ནས་འབྲུ་ཆད་ཡོད། ཡུང་ཟོ་ཐོབ་བོ༔ བ་ཡུ་ཙ་དམར་ཙ་དམར༔ ཁྲག་དབབ་སྔགས། ཐོག་གི་བདག་མོ་ཕོབ་མ་རུ་ཙེ་དམར་ཁྲག་ཕོབ་མ་ཧཱ་ཧ་བ་ནག་པོ་རུ་རྗེ་ཙ་དམར་ཁྲག་ཕོབ༔ ཁྲུ་ཁུ་ནག་པོ་སྒོག་བ་རོང་རྗེ་ཙ་དམར་ཁྲག་ཕོབ༔ སུ་རིང་རྗེ་ཙ་དམར་ཁྲག་ཕོབ༔ ཡེ་རང་རྗེ་ཙ་དམར་ཁྲག་ཕོབ༔ ཁོང་རླུང་གི་བུ་མོ་རང་རྗེ་ཙ་དམར་ཁྲག་ཕོབ༔ རྒྱ་རོང་རྗེ་ཙ་དམར་ཁྲག་ཕོབ༔ སེང་རོང་རྗེ་ཙ་དམར་ཁྲག་ཕོག༔ རོ་ཁང་རྗེ་ཙ་དམར་ཁྲག་ཕོབ༔ རྗེ་རྒྱ་རོང་རྗེ་ཙ་དམར་ཁྲག་ཕོབ༔ ཆེ་གེ་མོར་ཕོབ་ཕོབ་ཡ་ཡ་དེ་བ་ཁུག་ལོ་ཐོག་ཚོམས་བྷ་ཡུ་ཡཾ་ཡཾ་ཡཾ་ཁཾ་ཁཾ་ཁཾ་ཧྲིལ་ཧྲིལ་ཧྲིལ་ཡུལ་མཱ་ར་ཡ་ཧཱུཾ་ཕཊ༔ དེ་བ་དཀྲུག་བདུད་དཀྲུག་ཀླུ་དཀྲུག་ནཱ་ག་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཧྲིལ་དྲག་ཏུ་ཕོབ༔ ཁྲག་ཕོབ་བརྒྱད་པོ་ཕྱུང་ལ་དོང་བུར་བཟླས༔ མི་ནག་པོ་དང་མོན་པ་ནག་པོ་འབྱུང༔ དེ་ནས་ཁྲག་ཕོབ་བརྒྱད་པོ་བཅུག་ལ་བཟླས༔ མཎྜལ་སྟེང་དུ་དོང་བུ༔ གཡས་སུ་མི་གཡོན་དུ་རྟ་ལག་ལིངྒ་དང་ཕུར་བུ་མཆོད་རྟེན་ཀྱང་བཞག་གོ༔ གཏོར་མ་ཅིག་དང་བཅས་སོ༔ ཞག་ཉེར་གཅིག་ཏུ་འབབ་པའི་ལས་བྱ༔ བསྙེན་བ་ཞག་བདུན་ནམ་བཅུ་བཞི་བྱ༔ འབབ་པའི་དུས་སུ་གཏའ་དང་མཆོད་རྟེན་དུ་བས་བདུག་ལ་མཆོད་རྟེན་རི་རྩེར་སྐྱལ་གཏང་མ་ཡང་དབུས་སུ་བཞག་ཟོར་འཕངས་པས་ཕེབས་སོ༔ རང་གི་ཕྱིར་འབྲེང་ན་གཏོར་མ་དགྲ་ཕྱོགས་འཕོངས༔ གལ་ཏེ་དཀའ་ན་མཛེ་ཐོད་དུ་གོང་གི་ཐབས་རྫས་བླུད་དོ༔ བྷ་ཡུ་མན་ཆད་ཀྱི་སྔགས་འབེབས་ཙ་ན་བཟླས་པས་ཆོག༔ གལ་ཏེ་དཀའ་ན་འཁོར་ལོ་ལ་དུད་པ་སྣ་ཚོགས་ཀྱི་བདུག་སྟེ་མི་དགོས་སོ༔ མུ་སྟེགས་སེར་བ་ཤིན་ཏུ་ཟབ༔ ཡང་སྔགས་ཀྱི་ཀག་མདོའི་བྱང་བསྟན་པ་མི་རིགས་དང་སྦྱར་ཏེ༔ དེ་ལ་བད་ཀན་སའི་མི་ཤ་ལོ་གེལ་པ༔ མཁྲིས་པ་མེའི་མི་སྐམ་ལ་ཤ་སེར་མགེ་ཆུང་པ༔ ཁྲག་ཆུའི་མི་དམར་ལ་ལྷུ་ཆེད་པ༔ འདུ་བ་དཀར་ལ་ཤེས་པ་ཡང་བ་རླུང་གི་བུ་མོ༔ རྩ་བ་མི་འགྱུར་སྔགས་ཀྱི་སྒྲོན་མ་སྡེབ་པ་ནི༔ ཀ་ནི་མགོ་འདྲེན་ཡིན་པ་ལ༔ ཁ་ནི་མཐའ་སྤུང་མཚོན་ཆའོ༔ ག་ང་ཅ་ཆ་བཞི་པོ་འབྱུང་བཞིའི་སྔགས༔ མེ་ལ་རྡེག་པའི་དང་པོ་རྩ་བར་ས་ཆ་ཐམ་ག་སྤུ་གྲི་ས་ཏེ་ཆུས་བསད་དོ༔ རླུང་ལ་རྡེག་པའི་དང་པོ་ཆ་བར་ས་ཅ་ཐ་མ་ང་སྤུ་གྲི་ག་སྟེ་སས་བསད་པར་བྱའོ༔ ཆུ་ལ་དང་པོར་བར་པ་ཅ་ཐ་མ་ག་སྦུ་གྲི་ཆ་སྟེ་རླུང་གིས་བསད་དོ༔ ས་ལ་དང་པོ་ག་བར་པ་ང་ཐ་མ་ཆ་སྤུ་གྲི་ཅ་སྟོ་མི་ཡིས་བསད་དོ༔ དེ་རྣམས་འབྱུང་བ་བཞིའི་ལས་ཏེ་ཀ་ག་ཏིའི་ཡི་གེ་བཏགས་པ་བཟླས་སོ༔ ཏྲི་ལིང་ཤང་ཀ་དུ་ན་རཀྴ་ཡ་དགྲ་བོའི་སྲོག་ལ་ཐུཾ་རིལ༔ ལཾ་ལཾ་༼ག༽ལཾ་ཐུཾ་རི་ལ་རྦད༔ ཁྲག་ཐིབས་ཁཾ་༼ང༽ཁཾ་ཁཾ་རྦད་རྩལ་བྲེང་ཤག༔ རཾ་༼ཅ༽རཾ་རཾ་ཙིཏྟ་འུན་མུག༔ ཡཾ་ཡཾ་༼ཆ༽ཡཾ་རྦད༔ ལིང་ཤག༔ སྲོག་༼ཁ༽ལ་གྲེང་རྣི་ཧུར་ཐུཾ་ཐུཾ་རྦད༔ སའི་གཟུགས་ལ་མེ་བསྔགས་ལ༔ ཆུ་གཟུགས་རླུང་སྔགས་བརྡེག༔ མེ་གཟུགས་ཆུ་སྔགས་བརྡེག༔ རླུང་གཟུགས་ས་སྔགས་བརྡེག༔ སྤུ་གྲི་དེ་ལྟར་ཤེས་པར་བྱ༔ ཀ་དང་ཁའི་བར་དུ་གཞུགས༔ གསོད་པ་གཤིན་རྗེའི་སྔགས་སོ༔ ནག་༼ཀ༽པོ་ཧ་ལ༔ རྩ་བ་རི་སྙིང་རྩལ༔ རཾ་༼ཅ༽རཾ་རཾ་རྩ་ཁག་སྙིང་ལ༔ ཁཾ་༼ང༽ཁཾ་ཁཾ་རྒྱུད་སྙིང་རྩ་མུ་གཏི༔ ལཾ་༼ག༽ལཾ་ལཾ་སྲོག་ཕྱེ་ཤག་ཧུར་ཐུཾ་སྲོག་ལ༔ ཡཾ་༼ཆ༽ཡཾ་ཡཾ་རྩལ་བྲེང་ཤག་མཱ་ར་ཡ༔ ཏྲི་༼ཁ༽རཀྴ་མྱལ་ཏི་རྦད༔ ཁྲག་ཏིག་ཁ་ལ་ཁྲག་ཏིག༔ སྤྱང་པོ་འུར་བ་རྒྱུག༔ སྲོག་གི་མགོ་ལ་རྒྱོར༔ ཀ་དང་ཁའི་བར་དུ་བསད་པ་རྣམས་མའོ༔ ཏྲི་༼ཀ༽རཀྴ་མྱལ་ཏི་རྦད༔ ཁྲག་ཏིག་ཏིག་སྤྱང་པོ་འུར་བ་རྒྱུག་སྲོག་གི་མགོ་ལ་རྒྱོབ༔ ལཾ་ལཾ་ལཾ་སྲོག་ལ་རྦད༔ ཁཾ་ཁཾ་༼ང༽ ཁཾ་སྙིང་ཁྲག་ཁ་ལ་ཏིག༔ རཾ་༼༠༽རཾ་ར་རྩ་ཁྲག་ཙིཏྟ་རྦུད༔ ཡཾ་ཡཾ་༼ཆ༽སྲོག་ལ་མྱལ་ཏི་རྦད༔ ཧལ་༼ཁ༽ཡཾ་སྲོག་རྩ་སྙིང་ལ་རྦུད་རྦུད་སྲོག་ཏིག་རྦང་སྙིང་ཕྱུང་སྲོག་རྦད༔ ཀ་དང་ཁའི་བར་དུ་བསད༔ ཀན་ཀློག་མུ་སྟེགས་མདོན་དུ་སྒོལ་བའི་ལས་སོ༔ དགྲ་བོའི་ནྲྀ་མ་ར་ཡ༔ ཀ་དང་ཁའི་བར་དུ་བསད༔ ཀན་ལོག་དེས་འདྲིའོ༔ བདུད་པོ་སྲོག་གི་འཁོར་ལོའི་སྔགས་སོ༔ ནག་པོ་ཏི་པ་ཙ་ར་ཡ་ནཱ་ག་ར་སྲོག་ལ༔ ལཾ་༼ག༽ལཾ་ལཾ་ཛ་ལ་ལྷན་ལྷན༔ ཁཾ་༼ང༽ཁཾ་ཁཾ་ནཱ་ག་ར་ཙ་ལ༔ རཾ་༼ཅ༽རཾ་རཾ་ཛ་ལ་ཏིག་ཏིག༔ ནཱ་ག་ར་ཙ་དབུགས་ས༔ ཡཾ་༼ཆ༽ཡཾ་ཡཾ་ཧ་ལ་ཡཾ་ཐུཾ་གཟིར་ཛ་ལ་ཛ༔ དགྲ་བོ་མ་ར་ཡ་ནག་པོ་ཙིཏྟ་ཏ་རྒྱོབ་ཀྱིས་ལས་སོ༔ མྱོས་པ་ཀླུ་ལ་གཏད་པའོ༔ ༼ཀ༽ནཱ་ག་ར་ཛ་ལཾ་བ་ཤུ་ཀ་དྷ་ནི་སྲོག་ལ་ཁྲག་ཏིག༔ རཾ་རཾ་རཾ་རྩ་ཁྲག་ཙིཏྟ་རྦད༔ སྙིང་ཁྲག་ཁ་ལ་ཏིག༔ ཁཾ་ཁཾ་ཁཾ་མྱལ་ཏེ་རྦུད་རྩ་ཁྲག་ཙིཏྟ་ཁ་ལ་ཏིག༔ ལཾ་༼ཀ༽ལཾ་ལཾ་བྲེད་ཤག་རྦད་མྱལ་ཏི་ཙི་པ་ཏི༔ ཡཾ་༼ཆ༽ཡཾ་ཡཾ་ཁ་ལ་ཧལ་ཡཾ༔ སྙིང་༼ང༽ཏིག་ཕོབ་རྩ་ཏིག་ཕོབ་སྲོག་ཏིག་ཕོབ་མུ་ཀ་མ་ར་ཡ་རྦད་རྦད༔ ཀ་དང་ཁའི་བར་དུ་བསད་རྣལ་མའོ༔ ནཱ་༼ཀ༽ག་ར་ཙ་ལ་བི་ཤུ་ཀྲོ་དྷ་ནི༔ རཾ་༼ཅ༽རཾ་རཾཿ ཁཾ་༼ང༽ཁཾ་ཁཾ༔ ལཾ་༼ག༽ལཾ་ལཾ༔ ཡཾ་༼ཆ༽ཡཾ་ཡཾ༔ མྱལ་བཾ་ཧི༔ ༼ཁ༽ཧ་ལ་ཧ་ལ་ཡཾ་སྙིང་ཏིག་ཕོབ་རྩ་ཏིག་ཕོབ༔ སྲོག་ཏིག་ཕོབ༔ ཨ་མུ་ཀ་མ་ར་ཡ་རྦད་རྦད༔ ཀ་དང་ཁའི་བར་དུ་བསད༔ ལོག་ཐོན༔ བཙན་མངོན་དུ་གཟིར་བའི་སྔགས་སོ༔ འབྱུང་བ་བཞི་ལ་གཉན་པོ་གཏད༔ ནཱ་༼ཀ༽ག་ཀྲོ་དྷི་ཤུ་རི༔ ལཾ་༼ག༽ལཾ་ལཾ༔ ཁཾ་༼ང༽ཁཾ་ཁཾ༔ རཾ་༼ཅ༽རཾ་རཾ༔ ཡཾ་༼ཆ༽ཡཾ་ཡཾ༔ ༼ཁ༽ནཱ་ག་པེ་ཏི་ཡ་ཙི་དགྲ་བོ་མ་ར་ཡ༔ ཀ་དང་ཁའི་བར་དུ་བསད༔ འབྱུང་བ་བཞི་ལ་གོ་རིམ་ཤེས༔ མྱོས་པ་ཀླུའི་སྔགས་སོ༔ ༼ཀ༽ར་ཙ་སྲོག་ལ་ཕྱེ་ཤག༔ ལཾ་༼ག༽ལཾ་ལཾ༔ ས་མ་ཡ་ཐུམས་ཤིག༔ ཁཾ་༼ང༽ཁཾ་ཁཾ་རཀྟ་ར་ཙ་སྙིང་ཁྲག་པུད་པ་རྦད༔ རཾ་༼ཅ༽རཾ་རཾ་སྲོག་ཏིག་མུར་རྩ་ཧ་ལ་རྦད༔ ཡཾ་༼ཆ༽ཡཾ་ཡཾ་སྲོག་ལ་ཕྱེ་ཤག་རྦད༔ ཏྲི་༼ཁ༽ཁ་ཐུན་གྱི་ཞལ་བསྡུའོ༔ རྣལ་མའོ༔ ཀ་དང་ལའི་བམ་དུ་བསད༔ ༼ཀ༽ར་རྩ་སྲོག་ལ་བྲེང་བྲེང་ཤག་རྦད༔ ར་རྩ་སྲོག་ལ་ཧལ་ཡཾ་རྦད༔ ར་རྩ་སྲོག་ལ་རྩ་ཁྲག་བྱུང༔ ར་ཙ་སྲོག་ལ་མྱལ་ཏིག་རྦད༔ ལཾ་༼ག༽ལཾ་ལཾ༔ རཾ་༼ཅ༽རཾ་རཾ༔ ཁཾ་༼ང༽ཁཾ་ཁཾ༔ ཡཾ་༼ཆ༽ཡཾ་ཡཾ༔ སྲོག་ལ་ཏིག་རྩ་ཏིག་ཁྲག་ཏིག་ར་ཙ་ཙིཏྟ་ཟུང་སྙིང་ཁྲག་མྱོག་ཁ་ལ་ཧེད་ཡེ་ཡེ་ཧེད༔ མ་ཧཱ་སྲོག་ལ་མུག༔ རྩ་སྲོག་ལ་ཙིཏྟ་མ་ར་ཡ༔ ཀ་དང་ཁའི་བར་དུ་བསད༔ ཇི་སྲིད་བདུག་ནས་ཨར་ལ་གཏད་དོ༔ རྒྱལ་པོས་མངོན་དུ་སྨྱོ་བའི་སྔགས་སོ༔ ༀ་བཛྲ་སུཾ་ཏྲི་རག་ཤ་ར་ཙ་དར་མཱ་ར་ཡ༔ ལཾ་༼ག༽ལཾ་ལཾ་ཙཀྲ་ཝར་ཏི་རྦད་ཡ༔ ཁཾ་༼ང༽ཁཾ་ཁཾ་ཙཀྲ་ཝར་ཏི་རྦད་ཡ༔ རཾ་༼ཅ༽རཾ་རཾ་ཙཀྲ་ཝར་ཏི་རྦད་ཡ༔ ཡཾ་༼ཆ༽ཡཾ་ཡཾ་ཙཀྲ་ཝར་ཏི་རྦད་ཡ༔ སུཾ་༼ཁ༽ཏྲཾ་རག་ཤ་གཏུབས་གཏུབས་ཙཀྲ་མ་ར་ཡ་རྦད༔ རྣལ་མའོ༔ ཀ་དང་ཁའི་བར་དུ་བསད༔ ཡ་༼ཀ༽མ་ར་ཙ་ཙཀྲ་མཱ་ར་ཡ༔ ཁཾ་༼ང༽ཁཾ་ཁཾ་རྦད་ཙཀྲ་མཱ་ར་ཡ༔ ལཾ་༼ག༽ལཾ་ལཾ་རྦད་ཙཀྲ་མཱ་ར་ཡ༔ རཾ་༼ཅ༽རཾ་རཾ་རྦད་ཙཀྲ་མཱ་ར་ཡ༔ ཡཾ་༼ཆ༽ཡཾ་ཡཾ་རྦད༔ ༼ཁ༽བཛྲ་སུཾ་ཏྲི་རཀྴ་དགྲ་བོ་ཙིཏྟ་གཏུབས༔ གནོད་སྦྱིན་སྲོག་གི་འཁོར་ལོའི་སྔགས་སོ༔ མ་མ་རག་མོ་ཙིཏྟ་ཁ་ལ་རྩ་མ་རི་ཧ་བ་ཏལ་རྩ་ལ་མུ་རུ་ཡཾ་ན་ཙག་རྦད་སོད༔ རཾ་༼ཅ༽རཾ་རཾ་ཧ་ལ་ཙ་མ་རི་ཐུན་བྷྱོ༔ ལཾ་༼ག༽ལཾ་ལཾ་ཧ་ལ་ཙ་མ་རི་ཐུན་བྷྱོ༔ ཡཾ་༼ཆ༽ཡཾ་ཡཾ་ཧ་ལ་ཙ་མ་རི་ཐུན་བྷྱོ༔ ཁཾ་༼ང༽ཁཾ་ཁཾ་ཧ་ལ་ཙ་མ་རི་ཐུན་བྷྱོ༔ རྩ་ཏིག་སྲོག་ལ་ཁྱིག་བཾ་འདུས་འདུས་སྲོག་སྙིང་ལ་རྦུད་རྦུད༔ ཧ་ཧེ་ལུས་ཧེ་ཧ་ལ་ཡཾ༔ སྲོག་ལ་ཕྲེང་དུ་ན་མ་མ་རག་ག་སྙིང་ཁྲག་རྩ་ལ་རྦད་རྦད་མ་བྷྱོ༔ མ་མོས་དགྲ་བོ་བསད་པའི་སྔགས་སོ༔ ངན་སྔགས་མཚོན་ཆ་ཁྲོས་མའི་གསང་རྒྱུད་འདི༔ སངས་རྒྱས་བསྟན་པ་འཇིག་ཀའི་དུས་སུ་སྤྱད༔ དུས་མིན་སྤྱད་ན་འབྲས་བུ་དམྱལ་ཁམས་འགྲུབ༔ ལྔ་བརྒྱའི་ཐ་མ་བསྟན་པའི་སྙིགས་མའི་དུས༔ ཚེ་ཡང་ཐུང་ལ་རྩ་ཤིང་ནགས་ཚལ་ཟད༔ སྡེ་ནད་རྩོད་པ་སྔགས་པ་མཐུ་རྒྱས་བྱེད༔ མཚོན་གྱི་ལས་དར་ཕལ་ཆེར་གྲི་རུ་འགུམ༔ ཉམས་པ་མང་བས་འགོ་བའི་ནད་རྣམས་དར༔ རྒྱལ་ཁྲིམས་ཞིག་ནས་སྤྱོད་པ་རང་གར་སྤྱོད༔ བདུད་དང་རྒྱལ་པོ་ཀླུ་བཙན་དར་བའི་དུས༔ སོ་སོ་སྐྱེ་བོའི་མནའ་ལ་མི་འཛེམ་པས༔ ཀླུ་དང་ས་བདག་དཀོར་བསྲུང་གདོན་དུ་ཆེ༔ ཟས་ལ་བཅུད་མེད་བུད་མེད་དཔོན་བྱས་པས༔ འདིར་མ་དཔེ་ལ་ཚིག་ཆད་ཡོད། བསྐལ་པ་འབྱུང༔ དེ་ཡང་ལྟ་སྦྱར་བརྟེན་རྣམས་མང་པོ་འབྱུང༔ རྟོག་པ་མེད་པས་ང་རྒྱལ་ལྟ་བ་བསྟེན༔ རྒྱུ་འབྲས་འབྲེལ་བའི་སྤྱོད་པ་ཀུན་སྤངས་ནས༔ བྱར་མེད་འདིར་མ་དཔེ་ལ་ཚིག་ཆད་ཡོད། སྟན༔ སྤང་མེད་ཟེར་ནས་ཉོན་མོངས་རང་གིས་སྤྱོད༔ དེ་འདྲའི་བསྟན་པ་ཉམས་པའི་རྟགས་འབྱུང་བས༔ སྒྲུབ་མཐུ་ཆུང་སྟེ་ཆུ་ཡང་བསྒྲུབ་ལོང་མེད༔ དེ་འདྲའི་དུས་སུ་འདི་ནས་འབྲུ་ཆད་ཡོད། གསལ་ལ་སྒོམ་པའི་མིས༔ བསྙེན་བསྒྲུབ་ལས་སྦྱོར་མང་པོ་དུས་འགྱངས་པས༔ དེ་འདྲའི་དུས་སུ་བསྟན་བསྲུངས་འདི་དགོས་པས༔ སེམས་ཀྱི་དཀྱིལ་དུ་རང་ལ་རྒྱས་བཏབ་ནས༔ བསྟན་པའི་བཙས་སུ་ལུང་དང་མཐུན་པ་སྦ༔ ཅེས་གསུངས་ནས་རིམ་པས་གཏེར་དུ་སྦས་ནས་སུ་ལ་ཡང་མ་སྤེལ་ལོ༔ སྣོད་ཀྱི་སྐྱེས་བུ་ལ་གལ་ཏེ་སྤེལ་ན་ཡང་ག སེར་སྲང་བཅུའི་མཎྜལ་ལོང་ལ་མནའ་རྒྱས་ཐོབ་ལ་བཀའ་བསྲུངས་དཔང་དུ་ཚུགས་ལ་སྦྱིན་ནོ༔ ས་མ་ཡ༔ རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁྲོས་མ་ནག་མོ་སྔགས་བསྲུངས་ཨེ་ཀ་ཙ་ཏིའི་རྒྱ་ཡོད་དོ༔ ཁྲོས་མ་ནག་མོ་གསང་བ་སྙིང་གི་རྒྱུད་ལས༔ ཡང་སྤྲུལ་ཚངས་པས་གསུངས་པའི་རྒྱུད་ལ་མ་བུ་ཆ་ལག་དང་བཅས་པ་རྫོགས་སོ༔ གཏེར་ནས་གཏེར་དུ་འབྱིན་ནོ༔

དགྲ་བོ་གསོད་པ་མཚོན་ཆ་ཐོག་གི་འཁོར་ལོ།

༈ བོད་སྐད་དུ༔ དགྲ་བོ་གསོད་པ་མཚོན་ཆ་ཐོག་གི་འཁོར་ལོ་ཞེས་བྱ་བ༔ དྲག་པོ་ལས་ཀྱི་ལྷ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ དུར་ཁྲོད་ཕུང་ལུང་ནག་པོ་ཞེས་བྱ་བ་སྐྱི་ཟིངས་པའི་གནས་གཅིག་ན༔ མུ་སྟེགས་ཀྱི་སྟོན་པ་ཁྲི་རལ་པ་ཅན་ཞེས་བྱ་བ་སྲོག་གཅོད་ཀྱི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་སོ༔ དེའི་ཚེ་བདུད་ཤན་པ་ལག་དམར་སྟན་ལས་ལངས་ནས་སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ༔ ཀྱེ་ཀྱེ་དྲང་སྲོང་ཁྲོས་པའི་རྒྱལ༔ བསྟན་པའི་དགྲ་བོ་སྒྲོལ་བ་ལ༔ སྒྲུབ་མཐུ་ལས་ཀྱི་རིམ་པ་དང༔ རྣོ་མྱུར་རྫས་ཀྱི་སྦྱོར་ཐབས་དང༔ དགྲ་འཇོམས་མུན་པའི་སྒྲིབ་ཤིང་ཞུ༔ ཞེས་ཞུས་པ་དང་སྟོན་པས་གསུངས་པ༔ ཀྱེ་ཀྱེ་ལས་ཀྱི་གཤིན་རྗེས་ཉོན༔ ཞག་གཉིས་དགྲ་བོ་བསད་འདོད་ན༔ མཎྜལ་དྲག་པོ་མདའ་གང་ཚད༔ དབུས་སུ་གྲུ་གསུམ་ཁྲུ་གང་ཚད༔ ཆག་གང་ཡར་རྩིག་མཛུབ་གང་ཐུར་དུ་རྐོ༔ དུག་དང་ཁྲག་དང་རོ་སོལ་གྱིས༔ འབྲུབ་ཁུང་ཕྱི་ནང་ནག་པོར་བྱུག༔ ཟག་པའི་རྫས་ལ་ངར་གླུད་བྱ༔ ངར་གླུད་སྙིང་ཀར་དཀར་གླུད་གཞུག༔ རོ་བསྲེག་འགལ་དུམ་ལྟེ་སོར་གསུམ་བར་གཟུགས༔ ཤི་བའི་སྐྲ་ལིང་སྤྱི་གཙུག་གདགས༔ རབས་ཆད་ནག་པོའི་ཐོད་པ་ལ༔ ཕུག་ཏུ་གཏིང་དུ་ཕོ་ཡི་སྔགས་བྲིས་ལ༔ གཡས་ཕོ་སྔགས་དང་གཡོན་དུ་མོ་སྔགས་བསྐོར་བར་བྱ༔ བར་དུ་སྔགས་ཀྱི་དགྲ་ཡི་མིང་རུས་གཞུག༔ ཁ་ཐོད་པའི་ཁྱེར་བསད་བཅུ་གསུམ་པའི་རྩ་ལྔ་སྔགས་ཀྱིས་བསྐོར༔ འབྲུབ་ཁུང་གཏིང་དུ་བཙུག་ནས་ཀྱང༔ ཐོད་པ་དབུས་ཀྱི་ས་སྟོང་ལ༔ ངར་གླུད་མགོ་ཡི་རིག་པར་བྱ༔ དེ་ཐོག་རོ་གཡམ་ནག་པོ་ལ༔ དཀྱིལ་དུ་སོང་ཏོང་དོང་ཁ་བཅད༔ དེ་སྟེང་མཆོད་རྟེན་ནག་པོ་ཞིག༔ བུམ་པའི་ནང་དུ་ཐུན་གྱིས་བྲབ༔ ཟུར་གསུམ་ཚ་ཚ་རེ་རེས་མནན༔ ཐབ་ཤིང་ཕུར་པ་རེ་རེས་གཟུགས༔ སོར་བཞི་མ་རེག་པ་ཕྱོགས་སུ་གཞུག༔ མཚན་ངན་དུམ་བུ་དྲུག་པ་རུ༔ ཡུངས་ཀར་ཡུངས་ནག་སྐྱེ་ཚེ་དང༔ བཙན་དུག་ལྕགས་ཕྱེ་ཟངས་ཕྱེ་བླུག༔ འབྲུབ་ཁུང་རྩ་རུ་བཞག་པར་བྱ༔ གཅིག་ཏུ་ཡུངས་ཀར་ཡུངས་ནག་བླུག༔ ཡང་ན་ཐོད་པ་གསུམ་དུ་བགོ༔ ཕྱོགས་ཕྱོགས་དག་བཅུ་བཞག་པར་བྱ༔ གཅིག་ཏུ་ལྕགས་ཕྱེ་ཟངས་ཕྱེ་བླུག༔ གཅིག་ཏུ་དུག་སྣ་ཁྲག་སྣ་བླུག༔ ཐོད་པ་གནག་ཏུ་གཏོར་མ་བཞག༔ མ་གྲུབ་བར་དུ་རྟ་རུ་བཞག༔ རྒྱུན་དུ་གཏོར་མ་རེ་རེ་སྦྱིན༔ ཕོ་མོ་གཉིས་ཀྱི་སྔགས་མཇུག་ཏུ༔ མ་ཧཱ་བ་ལིངྟ་ཁཱ་ཧི༔ འདོད་པའི་དུས་སུ་གཏོར་མ་སྦྱིན༔ སྔགས་ཀྱི་རིམ་པ་བསྟན་པ་ནི༔ ཏྲག་རཀྴ་མ་ཏྲི་སྲོག་ལ་ཀརྨ་བྷྱོ༔ བཛྲ་མུག་ཐིབ་དྷ་ཡ་ཐིབས༔ དྷ་ཀ་ར་ཡ་ཐིབས༔ སྤྲ་ཐ་ཏི་ཛྙཱ་ན་དྷ་ར་པར་ཐིབས་རྦད༔ ཆེ་གེ་ལ་ཐུན་བྷྱོ༔ དགྲ་བོ་མ་ར་ཡ་ཕཊ༔ ཡ་མ་སྙིང་ཡ་མ་ཁྲག༔ ཡ་མ་སྲོག་སྙིང་ཁྲག་ལ་བྷྱོ༔ དགྲ་བོ་ཙིཏྟ་དྷ་ར་ཡ་སྲོག་ཆོད༔ ཁྲག་ལ་ཧུབས༔ དགྲ་བོ་ཆེ་གེ་ལུས་ངག་ཡིད་གསུམ་མགོ་ཆོད༔ ཕུང་པོ་ཤིག་ནྲྀ་མ་ར་ཡ་ཕཊ༔ དགུག་པ་དང་ནི་མོ་ཡི་སྔགས༔ སོ་གསུམ་པོ་ཡི་དྲག་སྔགས་དང༔ ལྔ་བཅུ་པ་ནི་གསང་བའི་སྔགས༔ གོང་གཉིས་དྲིལ་ཏེ་བཟླས་པ་ཡིན༔ རྒད་པོ་སོ་ཡི་སྣ་ཚོགས་པ༔ ཕོ་ཡི་ཆོ་འཕྲུལ་སྣ་ཚོགས་འབྱུང༔ རྡོ་ཆར་འབེབས་དང་མཚོན་ཆ་འབེབས༔ མདའ་མདུང་དྲག་པོ་རྡེབས་པའོ༔ བསྒྲུབ་དུས་དེ་ལྟར་བྱུང་བ་འགྲུབ༔ གཞན་ཡང་རྟགས་ཀྱི་རིམ་པ་ནི༔ རབ་ཏུ་མེ་སྟག་འོད་དུ་འོང༔ འབྲུབ་ཁུང་ནང་གི་ཐོད་པ་འཚག༔ འབྲིང་གི་ཐུན་དང་ཐོད་པ་འཚག༔ ཐ་མ་ཉམས་དང་རྨི་ལམ་དུ༔ ཐོད་པ་ཚེག་པ་ཙམ་ཡང་ཡོང༔ མི་ཁྱི་ར་གཡག་བསད་པ་དང༔ དེ་ལྟར་བྱུང་ན་བརྟགས་ཤིང་བསད༔ །ཡང་ནས་ཡང་དུ་ཐུན་གྱིས་བསད༔ ཡང་ན་ལན་གསུམ་དཔོག་བྱ་སྟེ༔ སྟོད་སྟོད་རྫོགས་ནས་རིམ་པར་བརྡེག༔ ཐུན་ཡང་ཕྱིན་ག་ལོག་ཏུ་གཏོར༔ ཏྲག་དང་བྷྱོ་ཡི་ཐོག་མཐའ་ལ༔ བར་ན་ཡིག་འབྲུ་བདུན་གནས་པ༔ མ་མོ་ནག་མོའི་དྲག་སྔགས་ཡིན༔ བཛྲ་ཕཊ་ཀྱི་ཐོག་མཐའ་ལ༔ བར་ན་ཞེ་བརྒྱད་འབྲུ་གནས་པ༔ བསད་པའི་སྤུ་གྲི་མཚོན་ཆ་ལས༔ སྲོག་རྩ་གཅོད་པའི་དྲག་སྔགས་ཡིན༔ རྡོ་རྗེའི་སྐུ་ཡང་འཇིགས་པར་བྱེད༔ མཆོག་ཏུ་ཆོས་བྱེད་རྣམས་ལ་ཤིས༔ བསྒྲུབ་པའི་ཞག་གྲངས་བདུན་དུ་བཤད༔ དེས་མ་གྲུབ་ན་ལན་གཉིས་བསྐྱར༔ གཉིས་གསུམ་ཉི་ཤུ་རྩ་གཅིག་གིས༔ མི་འགྲུལ་མི་སྲིད་དོ༔ སྔགས་འདི་ལ་འབོད་རྦད་བསད་གསུམ་ཀ་ཚང༔ འདིའི་ལུགས་ཀྱི་མོ་ཡི་སྔགས་ཀྱི་སྣ་འདྲེན་པར་བཤད༔ ལས་དྲུག་དག་ཀྱང་འགྲུབ་པར་བྱེད༔ ལྷ་ནི་འདི་ཞེས་སྒོམ་དུ་མེད༔ སྒོམ་མེད་གཏོར་མ་ལེན་དུ་འོང༔ ནམ་བྱུང་དེ་དུས་གཏོར་མ་སྦྱིན༔ སྔགས་ནི་མ་ཧཱ་བ་ལིང་གདགས༔ ང་ཡི་གཏོར་མ་འདི་བཞེས་ལ༔ དགྲ་སྙིང་ཕྱུང་ལ་ཁྱེར་ལ་ཤོག༔ ཁང་ཁྱིམ་རྡོ་རྗེེ་ཤིག་ལ་ཤོག༔ ནག་པོ་ཆེ་པོ་གཏོར་མ་ལོང༔ མ་མོ་ཆེན་མོ་གཏོར་མ་ལོང༔ སྔགས་བདག་ཆེན་མོ་གཏོར་མ་ལོང༔ རྡོ་ཡི་ཆར་པ་ཕོབ་ལ་ཤོག༔ ཁང་ཁྱིམ་རྡོ་ཡི་ཤིག་ལ་ཤོག༔ གྲོང་ཁྱེར་མེ་ཡི་སྲེག་ལ་ཤོག༔ མཚོན་ཆའི་ཆར་པ་ཕོབ་ལ་ཤོག༔ ཁང་རྣམས་ས་ཡིས་ཁེངས་ལ་ཤོག༔ ཐབ་ཀྱི་མེ་ལ་སློར་ལ་ཤོག༔ མཁར་རྣམས་རྨངས་ནས་སྒྱེལ་ལ་ཤོག༔ ཅེས་བརྗོད་གཏོར་མ་བཏང༔ འདི་ཡི་བསྒྲུབ་པའི་ཆག་ཚད་ནི༔ བརྒྱ་ཚོ་གཅིག་ན་བད་དང་བོང་བ་ཡོང༔ བདུན་ཚོ་གཉིས་ནས་རྡོ་ཡི་ཆར་པ་འབེབས༔ ཉི་ཤུ་གཅིག་ནས་དངོས་སུ་ཡོང༔ བདུན་ཚོ་བཞི་ནས་མེ་རུ་འབར༔ བདུན་ཚོ་ལྔ་ནས་གྲོང་ཁྱེར་འཇིག༔ བདུན་ཚོ་དྲུག་ནས་མཚོན་གྱི་ཆར་པ་འབེབས༔ ལས་ཀྱི་མཇུག་སྡུད་བསྟན་པར་བྱ༔ བསྲེག་བྱེད་ལས་ཀྱི་མཇུག་སྡུད་ནི༔ ཐོན་ནས་ལིང་ག་གསུམ་དུ་བགོ༔ གཅིག་ནི་སྦྱིན་བསྲེག་བྱེད་པ་ཡིན༔ གཅིག་ནི་ཀླུ་གནས་ས་རུ་མནན༔ གཅིག་ནི་འབྲུབ་ཁུང་ནང་དུ་མནན༔ དགྲ་བོ་ཤི་བར་འགྱུར་བ་དང༔ འབྲུབ་ཁུང་ནང་དུ་ལིངྒ་དེ༔ སྦྱིན་བསྲེག་བྱས་ལ་ཐལ་བ་ཕྱར༔ དེ་ནི་གཏང་རག་དོད་པོ་ཡིན༔ བསྲེག་པ་ལས་ཀྱི་དང་པོ་ཡིན༔ བླ་རྡོ་བཟུང་འདི་མོ་གོ་ཉོག་པ་ཡིན་ཐབས་བཤད་པར་བྱ༔ དུར་ཁྲོད་མི་རོའི་རས་དག་ལ༔ ཚིལ་མི་ཁྱི་ཆེན་གཉིས་ཀྱི་ཞལ་བ་བྱ༔ ལུང་པ་ཁ་ནུབ་ཏུ་ལྟ་བ་ནག་པོའི་རྡོ་དག་དང༔ རྡོ་བ་སྲིན་ལུང་ནག་དང་གཉིས་དང༔ ཤི་ཤིང་ཆུ་ཤིང་ནག་པོ་སོར་གསུམ་ཚད༔ རོ་རས་ནང་དུ་བསྟུམ་པར་བྱ༔ མཆོད་རྟེན་བུམ་པ་དག་ལ་གདགས༔ དེ་ན་བླ་རྡོའི་བླ་ཤིང་ཡིན༔ དེ་མིན་ཁོ་ནི་མི་འཁོར་རོ༔ བྱ་ནག་སྒྲོ་ནི་བསྒྲོན་པ་ཡི༔ མདའ་ལ་དར་ནག་མཐོ་གང་གདགས༔ རབས་གྲིར་ཤི་བའི་ཆད་ཤི་བའི་ལག་པ་གཡས་གདགས༔ ཡང་ན་ནལ་ཕྲུག་ལག་པ་གདགས༔ ནུབ་བྱའི་མཚམས་སུ་བཞག་པར་བྱ༔ དེ་གཉིས་མེད་པར་གྱུར་པ་ན༔ ཁོ་གཉིས་བདག་ལ་ཁྲོ་རུ་འོང༔ མཆོད་རྟེན་བང་རིམ་གོང་མ་ལ༔ ར་རོག་ཁྲག་གིས་སྔགས་འདི་བྲིས༔ ནག་པོ་དྷ༔ ནག་པོ་ཁ་ལ་གྷྲིན་ཏེ་ཧེ་ད་འདུ་ཧ་བྷ་ནི་ཏུ་ཏེ༔ ཐོད་པ་གཅིག་གི་ནང་དུ་ནི༔ དུག་དང་ཁྲག་གསུམ་སྦྱར་བར་བྱ༔ སྔགས་བདག་སྐུ་གཟུགས་བྲི་བར་བྱ༔ མགོ་བོ་མཐུར་དུ་བསྟན་ལ་གཞུག༔ དྲག་པོའི་སྔགས་འདི་བྲི་བར་བྱ༔ ཏྲག་ཏི་ཤག་ནག་པོ་རྦད༔ བཛྲ་མུག་ཐིབས་དྷ་ར་ཡ་རྦད༔ ཅེས་པ་གཟུགས་ལ་ཐུན་གྱིས་བྲབ༔ ཁོ་ནི་དངོས་སུ་འོང་བ་ཡིན༔ དེ་ལ་འཇིགས་པར་མི་བྱའོ༔ ལོ་གཅིག་བསྒྲུབ་ན་ཁོལ་པོར་འཁོལ༔ དེ་ནི་བཅུད་ཀྱི་མན་ངག་ཡིན༔ ཁྲོས་ནག་གསང་རྒྱུད་ལས༔ ལྷ་འདྲེ་རྩ་བའི་བསྒྲུབ་ཐབས་ལེའུ་སྟེ་དང་པོའོ༔ སྟོན་པས་སེར་བ་བཀའ་སྩལ་པ༔ མཎྜལ་ཁྲུ་གང་གྲུ་བཞི་པ༔ མི་ལྤགས་གྲུ་བཞི་བུད་མེད་ཀྱི་བཞག་པར་བྱ༔ དེ་སྟེང་རབས་ཆད་ཐོད་པ་བཞག་པར་བྱ༔ ཐོད་པའི་ནང་དུ་བླུག་པར་ནི༔ དགྲ་ཡུལ་སྔན་སྔོན་ཆུ་འཁྱོར་གང༔ ཁྲག་སྣ་ཡང་རྣ་ནི་གང་ཡོད་དག་དང་བསྲེ་དགས་༔ ཐོད་པའི་ནང་དུ་བླུག་པར་བཞག༔ གཡའ་རྡོ་དམར་པོའི་ཕྱེ་མ་དང༔ ཐོད་ནལ་བྱི་མོ་ཡི་ཁྲག་དག་དང༔ ནལ་ཕྲུག་སྐྱེས་པའི་ཤ་མ་དང༔ སྦལ་པ་སྡིག་པ་སྡོམ་གྱི་རོ༔ མཛེ་བོ་རྩོད་དང་དྲེའུ་གསུམ༔ ར་ཁྲག་ཕག་ཁྲག་ཁྱི་ཁྲག་གསུམ༔ བཅུ་གཉིས་དག་ལ་རིལ་བུ་བྱ༔ སྔགས་བཏབ་ཐོད་པའི་ནང་དུ་བླུག༔ ཡབ་ཡུམ་སྔགས་ལ་བརྣག་པར་བྱ༔ བཛྲ་ཏ་ཀི་ནི་རག་ཏ་རཾ་ས་ཐ་རཾ༔ ཀུ་རུ་ཏ་ཀི་ནི་ཀ་ལེ་ཆེ་གེ་ཡུལ་ཐ་རཾ༔ བཛྲ་བི་རུ་རཀྵ་ཀ་རུ་ནི་ཨ་བེ་ཤ་ཡ་ཨེ་ཀ༔ སྟོང་ཚོ་གསུམ་བརྟག་པ་མི་རེངས་ཐོད་པ་ཐོགས་པས་བཙས་མ་བརྔ་བ་སོགས་འབྱུང་གྱིས་འབེབས་པར་ངེས༔ དེ་ལས་མང་ན་རང་ལ་འབབ༔ ཐུན་ནི་ཕྱོགས་སུ་གཏོར་བར་བྱ༔ དྲག་སྔགས་བཟླས་ཤིང་གཟུ་དཔང་གསོལ༔ འོ་འདོད་འབོད་ཅིང་བྲང་ཡང་བརྡུང༔ ཆོ་ངེས་གདབ་ཅིང་དམོད་མོ་བྱ༔ ང་ཡིས་མ་ཉེས་ཁོ་ཡིས་ཉེས༔ ད་རིས་རི་རྡོ་ཀླུང་དུ་ལྡོག༔ དེ་སྐད་གྱིས་ལ་གཡབ་མོ་གདབ༔ སྲེ་མོང་བྱི་བའི་མཇུག་མ་དང༔ འབྲུ་གསུམ་རིན་ཆེན་བྲིས་པ་ནི༔ རང་གི་མགོར་ཡོད་ཐོག་མི་ཡོང༔ བདུན་ཚོ་གསུམ་གྱི་སེར་བ་བསྒྲུབས༔ གོང་གི་སྦྱོར་བ་དང་ལྡན་པའི༔ དྲག་སྔགས་འདི་དག་དྲག་ཏུ་བཟླས༔ གོང་གི་སྔགས་ཀྱི་གཞུག་ཏུ་གདགས༔ ཀ་སོ་ཨཱི་ཡ་ཤརྦ་ཨ་ནོ་ཏ་རུ་ཀྵ་རུ་བི་བཛྲ་རཾ་ཐ་ས་མོ་ར་ཡལ་ཆེ་གེ་ལི་ཀ་ནི་ཀ་ཏ་ཀུ་རཾ་ཐལ་མོད་སྟཾ་རག་ནི་གི་ཏི་བཛྲ་མུན་ཏི་བ་དར་ཡ་རྦད༔ སེར་བ་མི་ཕེབས་མི་སྲིད་དོ༔ སྟོན་པས་ལྟས་ངན་བཀའ་སྩལ་པ༔ མོན་བལ་ལས་བྱུང་ཐོད་པ་རུ༔ ལྟས་ངན་སེམས་ཅན་ཤ་སྙིང་རུས༔ ས་དང་བསྲེས་ལ་གཏུན་དུ་བརྡུངས༔ ཁྱི་དང་སྤྲེལ་གྱི་གཟུགས་བྱས་ལ༔ ཕོ་ནི་སྤྲེའུ་དག་ལ་བསྐྱོན༔ མོ་ནི་ཁྱི་མོ་དག་ལ་བསྐྱོན༔ དེ་གཉིས་ཐོད་པར་བཅུག་ནས་ནི༔ འབྲུབ་ཁུང་ནང་དུ་གཞུག་པར་བྱ༔ སྔགས་ནི་ཕོ་ཡི་སྔགས་ལ་གདགས༔ ཞག་གསུམ་བར་དུ་བཟླས་པར་བྱ༔ རྟགས་ནི་འདི་བཞིན་འོང་བ་ཡིན༔ མོན་པ་གསེར་གྱི་རྣ་བ་ཅན༔ ཞག་གཅིག་རང་གི་གམ་དུ་འོང༔ ཞག་གྲངས་གསུམ་ལ་དགྲ་ལ་འོང༔ རང་ལ་ཅི་ཡོང་དགྲ་ལ་འོང༔ ལྟས་ངན་སྣ་ཚོགས་རུས་ཐུན་བྲབ༔ སྔགས་ཐུན་རིམ་པ་འདི་ཡིས་བྲབ༔ ཏྲི་རག་ཤ་ཁཾ་ལིང༔ ཧ་པ་དེ་ཝ་དམ་ཉམས་དགྲ་བོ་འདི་མྱོག༔ འདུར་ཏ་འདུར་ཏ་མྱོག་མྱོག་རྒྱུག་རྒྱུག་བྷྱོ་བྷྱོཿ དེ་ཡིས་ལྟས་ངན་སྣ་ཚོགས་འབྱུང༔ སྟོན་པས་རྡོ་ཆར་བཀའ་སྩལ་པ༔ བྲ་བོ་མ་ཡིན་འབྲུ་སྣ་རྣམས༔ ཨ་རུ་ལ་སོགས་སྨན་སྣ་དང༔ ཕ་བོང་ལ་སོགས་རྡོ་སྣ་དང༔ དེ་རྣམས་མི་རྐང་ནང་དུ་བླུག༔ ཁུ་བྱུག་ལ་སོགས་བྱ་མགོ་ཡི༔ རྣམ་པ་མང་བསགས་མཆན་དུ་སྦ༔ སྔགས་ནི་ཡུམ་གྱི་སྔགས་མཇུག་གདགས༔ སྟོང་ཚོ་གསུམ་གྱིས་ཕེབས་པར་འགྱུར༔ ཐོག་བར་ཡུག་གྲི་གྷྲིམ་གྷྲིམ་དྷ་ར་ཡ་རྦད༔ ཤར་ཤར་དེས་ཆེམ་དྲག་རྡོབ་ཤར་རྒྱོབ་ཡ༔ ཉི་ཤུ་ཐམ་པ་རྡོ་བར་བསྔགས༔ རྟགས་ནི་ས་བསྲེས་འདེབས་པ་དང༔ བོང་བ་རྡོ་དང་མཚོན་འཕེན་པ༔ དངོས་སུ་བྱུང་ན་གྲུབ་པ་ཡིན༔ རང་ལ་ཤིན་ཏུ་རྡོ་མང་ན༔ བསྒྲུབ་ཁང་རྡོ་རྗེ་རྒྱ་གྲམ་བྲི༔ དེ་ཡིས་ཉུང་ངུ་འགྲོ་བའོ༔ ནམ་དགོས་མི་རྐང་ཐུན་གཏོར་བས༔ རྡོ་འོང་དེ་ནས་ཆུ་རྡོ་འབབས༔ སྣ་ཚོགས་རྡོ་འབབས་ཐབ་མེ་འབར༔ དེ་ནས་མཚན་འབབས་གྲོང་མཁར་འཇིག༔ བཅད་ན་རང་གི་དམ་ཚིག་ཉམས༔ རྡོ་ཆར་གོང་ལ་སྔགས་འདི་གཅེས༔ ཡ་རྒྱོབ་ཤུ་བ་ཡེ་ག་ཏེ་ཏི་ཁྲག་ངེས་ཆོམ་ངེས་ཤར་རྨད་ཡ་དྷ་ཡ་དྷ་ཡ་ཁྲིམས་གྷྲི་མ་ཏི་ཡུག་ས་ཐོང༔ བཛྲ་མུ་ག་ཙི་བ་དྷ་ར་ཡ་རྦད༔ སྟོང་ཚོ་རེ་རེ་ཐུན་ཡང་ཏིག༔ མཚན་མོ་གཅིག་གིས་རྡོ་ཆར་འབབས༔ དགྲ་མཁར་སྒྱེལ་ཐབས་བཀའ་རྩལ་པ༔ གྲོག་མ་དམར་ནག་འཐབ་པ་དང་། ལུང་བསྐམ་ས་གཡོས་བྱུང་བ་དང༔ ས་མཁར་སྒྱོགས་ཀྱིས་བཤིགས་པ་དང༔ མི་ནི་ཕུང་ཤུལ་རེ་རུལ་དང༔ མཆོད་རྟེན་ལྷ་ཁང་རྙིང་པའི་ས་རྡོ་དང༔ སྣོད་ནི་ཁམ་ཕོར་གསར་བ་དང༔ ཡབ་ཡུམ་སྔགས་མཇུག་སྟོང་ཚོ་གསུམ༔ བཟླས་ནས་གོང་གི་ས་རྡོ་ལ༔ རྒྱལ་ཆེན་བཞི་བྱ་ཕྱོོགས་བཞིར་སྦ༔ རྒྱལ་ཆེན་བཞི་པོས་མཁར་ཚལ་བཞི༔ བཏང་ནས་སེར་པོར་ཁྱེར་བར་བསམ༔ རང་ཉིད་ཧ་ལུ་མ་དྷར་བསམ༔ ཞལ་གསུམ་སྤྲེའུ་སེང་གེ་གླང༔ གཡས་གསུམ་སྒྱོགས་ཤིང་ལྕགས་ཐོ་ན༔ འཁོར་ལོ་དབྱུག་ཐོ་འུར་རྡོ་གཡོན༔ མགུལ་ནག་རང་རྟགས་འ ཁོར་ཆུན་རྟགས༔ སྲིན་ཡུལ་ལང་ཀ་བཤིག་པར་བསམ༔ ཉམས་པའི་ཡུལ་མཁར་བཤིག་པ་བཞིན༔ མཇུག་མ་འདོམ་ནི་ལྔ་བརྒྱ་ཡི༔ དམ་ཉམས་མཁར་ལ་འཁྱུད་པར་བསམ༔ མཁར་དེ་མཁའ་ལ་འདེགས་ཚུལ་བྱ༔ མུ་སྟེགས་ཕོ་མོ་ཧ་ལུ་དང༔ རྒྱལ་ཆེན་བཞི་ལ་གཏོར་མ་གཅིག༔ བསོག་པ་ཆེན་འདི་ནས་འབྲུ་ཆད་ཡོད། བརྡུང༔ འོ་དོད་བོས་པས་མཁར་འགྱེལ་འགྲོ༔ སྟོན་པས་ཕྱིར་བཟློག་བཀའ་སྩལ་པ༔ འདི་ཡི་རྦོད་གཏོང་བྱུང་བ་ན༔ འདི་རང་མ་ཡིན་གཞན་གྱི་མིན༔ འདི་ཤེས་སྡེ་བརྒྱད་འཇིགས་མི་དགོས༔ ཕྱིར་བཟློག་བསད་འཁོར་བཅད་ལུགས་ལ༔ འདམ་ལིང་སྙིང་ཀར་མིང་རུས་བཅུག༔ འབྲུ་ནག་དགུ་ཡི་དོད་དུ་གཞུག༔ འཁོར་ལོ་རྩིབས་བཅུ་བྲིས་བྱས་ལ༔ མཆོད་རྟེན་གཡམ་པའི་བར་དུ་གཞུགས༔ ཡབ་ཡུམ་སྔགས་ལ་སྔགས་འདི་གདགས༔ དྷ་བྷ་སད་དྷེ་མ་བྷ་ཏི་པའི་རོ་མ་མ་ཙ་ཙ་བཟློག་སོད༔ ཏྲི་ཡ་ཁ་ལ་མ་ཏེ་བཟློག་སོད༔ ཝར་ཏི་བུ་མ་ཛ་ཛ་སྨོག་སོད༔ ཏྲག་རག་ཤག་མ་ཏི་ན་བཟློག་སོད༔ བྷྱོ་བྷྱོ༔ བྷྱོ་བྷྱོ༔ ཞག་བདུན་བཟླས་ནས་གོང་གཟུགས་ཐོགས༔ ཚིགས་བཤད་འདི་ཡང་བརྗོད་པར་བྱ༔ དགྲ་བོ་ཆེ་གེ་ཁྱོད་རང་གི་མིང་སོང་ངོ༔ བྱས་ལ་བྱད་འགོད་བྱས་ལ་བསྐུར་རོ༔ ཡབ་ཡུམ་སྔགས་འདི་ལ་བཏག་བཟླས༔ སླར་ལོག་སྟེ་ཏོད་ལོག་ཏན་ར་བཟློག༔ མ་མ་ཀེ་ཏ་བཟློག༔ ཤ་ཤ་མ་ཁྲུག་བཟློག༔ ཡ་ཡ་རྒྱུག་རྒྱུག་སྤར་སོད༔ དྲག་ཏུ་བཟླས་ལ་གཟུགས་སྐུར་རོ༔ སྟོན་པས་ཇག་ཆིངས་བཀའ་སྩལ་པ༔ མིག་གི་དབང་པོ་མ་གསལ་བའི༔ ནང་ལྔ་དོན་སྙིང་ཕྱི་ལྔ་དབང་པོ་བསགས་པར་བྱ༔ ཡན་ལག་བཞི་ཡི་ཤ་བཞི་དང༔ སྙིང་ཤུན་ཀླད་རྒྱས་བཅུ་བཞིའོ༔ སྨྱོན་ཁྲག་གོང་གི་གསེབ་ཏུ་གདབ༔ དིགས་པའི་རྐང་བླུགས་ཀླད་རྒྱས་དགབ༔ ཡང་ན་དིགས་པའི་སྙིང་ཤུན་དུ༔ བླུགས་ལ་སྔགས་འ དི་སྟོང་ཚོ་གསུམ༔ པྲ་པྲ་ཏི་གན་ཛར་པ་ངག་རྦུད་རྦུད་པྲ་མ་ཙར་ཡ་གན༔ རྟགས་བཟང་མ་བྱུང་བར་དུ་བཟླས༔ སྣ་ལ་རང་རེ་རེངས་པའོ༔ ལག་པ་རེངས་སོགས་གྲུབ་པ་ཡིན༔ རང་གི་སྒྲུབ་པ་ཚར་བ་དང༔ གྲོལ་འདོད་དྲི་ཆུས་ལུས་ཀུན་བཀྲུ༔ དགྲ་བྱུང་ཐུན་གཏོར་མཐེབ་སོར་གདམས༔ དགྲ་བོ་བརྒྱ་སྟོང་རེངས་པར་འགྱུར༔ རེངས་པ་གྲོལ་འདོད་དྲི་ཆུ་ལ༔ སྔགས་ཀྱི་བཟླས་གཏོར་གྲོལ་བ་ཡིན༔ བུ་ཏ་ཧྲོ་ཧྲིང་པྲ་ཝེ་ཤ་ཡ་ཕཊ༔ འབྱུང་བ་ཤིག་ཁྲོལ༔ ཚིག་བཤད་འདི་ཡང་བརྗོད་པར་བྱ༔ མཐོ་གསུམ་མཐོ་ལ་ཡལ༔ རི་གསུམ་རྩེ་ལ་ཡལ༔ དམའ་གསུམ་དམའ་ལ་ཡལ༔ ལུང་གསུམ་མདོ་ལ་ཡལ༔ ཇག་ཆིངས་ཆེན་པོ་ཡལ་དུ་གསོལ༔ ཞེས་པས་མུ་སྟེགས་གྱེས་པར་བསམ༔ དེ་ནི་བཅིངས་གྲོལ་གདམས་པའོ༔ སྟོན་པས་སྔགས་ཐིམ་བཀའ་སྩལ་པ༔ མ་སྔགས་འབྲུ་བརྒྱད་ཏྲག་རག་ཤག་མི་ཏི་སྲོག་ཀར་མ་བྷྱོཿ བཛྲ་མུག་ཐིམས༔ དྷ་ར་ཡ་ཐིབས་དྷ་ར་ཡ་ཐིབས༔ པྲ་ཏི་ཛྙཱ་ན་དྷ་ཡ་ཐིབས་རྦད་ཐིབ་རྦད་ཆེ་གེ་ལ་ཐུན་བྷྱོ༔ དགྲ་བོ་མ་ར་ཡ་ཕཊ༔ བཤད་པ་ལྔ་བཅུ་ཡོད་ས་མ་ཡ་སྙིང་ལ་ས་མ་ཡ་སྲོག་སྙིང་ཁྲག་ལ་བྷྱོ༔ དགྲ་བོ་ཙི་ར་ད་ར་ཡ༔ སྲོག་ལ་རྩ་ཆོད་ཁྲག་ལ་ཧཱུྃ༔ དགྲ་བོའི་ལུས་ངག་ཡིད་མགོ་ཆོད་ཕུང་པོ་ཤིག་ནྲྀ་མ་ར་ཡ་དུ་མ་ར་ཡ་ཕཊ༔ སེར་བ་བཛྲ་ཏ་ཀི་ནི་རག་སྟཾ་བ་ཐ་རཾ་ཀུ་རུ་ཏ་ཀི་ནི་ཀ་ལི་ཡུལ་ཆེ་གེར་པ་ཐ་རཾ་བཛྲ་བི་དུ་རཀྵ་ག་རུ་ཏ་ནི༔ ཨ་བེ་ཤ་ཡེ༔ ཨེ་ཀ་ཏྲི༔ ཤ་ར་ཁཾ་ལི་ཧ་ས་དེ་ཝ་དམ་ཉམས་དགྲ་བོ་འདི་མྱོས་འདུར་ཏི་འདུར་ཏེ་རྒྱུག་རྒྱུག་བྷྱོ་བྷྱོ༔ ཐོང་ས་ར་ཡུག་ཏི་གྷྲི མ་ཁཾ་ད་ར་ཡ་རྦད༔ ཤར་ཤར་ངེས་ཆོམ་ཁྲག་ཏིག་ཏོ་ཤོ་རྒྱོབ་ཡ༔ མཁར་བཤིག་པ་ཉི་ཤུ་ཧ་ས་དེ་ཝ་ས་སྤྲེའུ་ཏྲིག་ནན་འུར་ཆུམ་ཧྲལ་ངེས་སོད༔ དྷར་དྷར་པྲིལ་པྲིལ་འུར་འུར་ཤིག་རྡོ་ཆར་ཉི་ཤུ་ཤིག་ཡ༔ ཕྱིར་ཟློག་ཞེ་གཅིག་ཧ་བྷ་ས་དྷ་རི་མ་བྷིས་རི་མ་བཟློག་སོད་ཏྲི་ཡ་ཁ་ལ་མ་དེ་བཟློག་སོད༔ ཝར་ཏྲི་བྲུཾ་ཛ་ཛ་བཟློག་སོད༔ ནག་པོ་ལོག་སོད༔ བྷྱོ་བྷྱོཿ བྷྱོ་བྷྱོཿསླར་ལོག་ཏེ་ཏེར་ལོག་ན་ཏེ་ལོག༔ མ་མ་ཀེ་ཏ་བཟློག༔ ཤ་ཤ་འཁྲུག་བཟློག༔ ཡ་ཡཱ་རྒྱུག་རྒྱུག་སླར༔ ངག་ཆིངས་བཅུ་བདུན་པར་པྲཏ་ནན་ཛ་བད་ཀ༔ ངག་འདུད་ཧུང༔ པྲ་མ་ར་ཙ་ནན༔ བུ་ར་ཧྲིང་ཧྲིང་པྲ་བེ་ཤ་ཡ་ཕཊ༔ ཏྲག་ཤ་མ་རི་ཟློག་སོད་ལ་རུང་པ་ཤིག་ཁྲོལ་ནག་པོ་ཁ་ལ་འདུ༔ ནག་པོ་ཏྲི་ན་འདུ༔ ཧེ་ཧེད་འདུ་ཧ་བ་ནི་རྒྱུ་སྟེ༔ ཏྲག་ཏི་ཤད་ནག་པོ་རྦད༔ བཛྲ་མུག་ཐིབ་དྷ་ར་ཡ་རྦད༔ ཅེས་གསུངས་སོ༔ ཁྲོས་ནག་གསང་རྒྱུད་ལས༔ ལས་མཐའི་ལེའུ་སྟེ་གཉིས་པའོ༔ དེ་ནས་ཡང་བཀའ་སྩལ་པ༔ བསྟན་པའི་དགྲ་བོ་རྒང་ཚལ་དུ༔ བསད་པའི་ལས་ནི་འདི་ལྟར་རོ༔ ས་ལ་གྲུ་གསུམ་དོང་བྲུས་ལ༔ དེ་ལ་སྟེང་འོག་གཉིས་བྱ་སྟེ༔ འོག་མ་ས་ཡི་སྟེང་དུ་བྲུ༔ བར་མ་རོ་བསྲེགས་གཡམ་པར་བྱ༔ གཡམ་བུག་སྟེང་དུ་ཁམ་ཀོང་ནང༔ ཁྭ་རཾ་བྱ་རོགས་སྒོང་སེར་བླུག༔ མ་རུལ་པའམ་སྐམ་པའི་ནང༔ གནག་པའི་དགྲ་བོའི་དྲི་ཆེན་བླུག༔ ཁ་ཁ་དམ་པར་བཅད་བྱས་ལ༔ སྨྱུག་མའི་སྲང་བཞི་གྲུ་གསུམ་དང༔ རབ་ཆད་སྐྲ་ཡིས་གའུ་བཅིངས༔ ཤིང་འོམ་བུའི་རྟ་ལ་བསྐྱོན་པར་བྱ༔ དྲི་ཆེན་གསེབ་ཏུ་སྡིག་ནག་ཤ༔ རྣག་ཀྱང་བཏབ་ལ་སྟེང་ཁར་བཞག༔ འོག་ཏུ་དུག་སྣ་བྷ་ནག་མེས༔ ཀོང་བུ་སྲོས་ལ་སྔགས་འདི་ནི༔ ཞག་གསུམ་བཟླས་ནས་གཉན་སར་གཏད༔ མྱུར་དུ་དགྲ་བོ་སྒང་ཚལ་འགྲོ༔ ན་མོ་དྷ་ཀི་ཙ་རི་མན་ཏྲ་རཀྵ༔ ༀ་ཀེ་ཏ་ཀེ་ཏ་སྭཱ་ཧཱ༔ ཀུན་ཏུ་རྒྱུ༔ སྒུལ་སྐྱོད་ཆུག༔ མཐའ་ས་ལ་ཐུམ༔ གཟུགས་ལ་བྲེང༔ ཡིད་ལ་ཁྱིག༔ ཐུག་ལ་རྦད༔ སི་སི་ས་རྡོག༔ ཕེ་པེ་ལེ་པེ༔ ཨན་བུ༔ ཨ་དྷ་ན་རྦད་ཡ༔ ཞེས་གསུངས་སོ༔ ཡང་ནི་བསྐྲད་འདོད་བཀའ་སྩལ་པ༔ རྟ་དང་དྲིའུ་ཁ་སེར་གྱི༔ ཚུལ་ས་གཉིས་ལ་དགྲ་གཟུགས་བྱ༔ ཞག་གསུམ་སྔགས་ཤིང་དུག་ཆུས་བྲབ༔ ཉེར་ལྔའི་ཉིན་པར་ཐོད་པ་གདབ༔ དེ་བུས་ཤར་ནས་རླུང་བྱུང་ན༔ ཤིན་ཏུ་བཟང་བས་ཆུ་ལ་བསྐུར༔ དགྲ་བོ་ཡུལ་གཞན་སྐྲོད་པ་ལ༔ ཐེ་ཚོམ་མེད་དོ་ས་མ་ཡ༔ ས་སི་ས་རྡོག༔ དེ་བི་ཨ་པ་པུ་རུ་ཕོ་རོ༔ རྟེན་དྷེ༔ པ་དེ་པ་དེ༔ ཨུ་ཙ་ཏ་ཡ་ཕཊ་ཕཊ༔ ཅེས་གསུངས་སོ༔ ཡང་ནི་དགྲ་རེངས་བཀའ་སྩལ་པ༔ ཐོད་ངན་དུམ་བུ་དྲུག་པ་རུ༔ ཐང་ཤིང་བྱང་བུ་དགྲ་གཟུགས་བྲི༔ ཐོད་ནང་བཅུག་ལ་ངན་སྔགས་འ དི༔ སྟོང་ཕྲག་གསུམ་བཟླས་རྒྱ་རིང་དུ༔ རྡོ་རྗེ་རྒྱ་གྲམ་ཁ་བཅས་མནན༔ དེ་ཡི་རེངས་པར་ཐེ་ཚོམ་མེད༔ ས་སི་ས་སྟོང་དེ་བའི་ཧ་ས་ཧ་ར་ཐ་ཐ་པྲ་ཏི་ཏ་ར་ཙ་ཐ༔ རེངས་པར་བྱེད་པའི་ངན་སྔགས་སོ༔ དེ་ནས་སྔགས་ནག་ནུས་པ་ཅན༔ བསད་པའི་ཐབས་འདི་བཀའ་སྩལ་པ༔ ནས་ནག་ས་ནག་བཙན་དུག་དང༔ ཁྱི་ནག་ཁྲག་ལ་མི་གཟུགས་བྱ༔ ཕག་པའི་མགོ་ཅན་ཁ་ནང་དུ༔ སྔགས་པ་དེ་ཡིས་ལིངྒ་བརྫང༔ མཛེ་ཐོད་ནང་བཅུག་ས་མཚམས་ཀྱི༔ རྒྱ་གྲམ་ལམ་གྱི་འོག་ཏུ་ནི༔ དགྲ་ལ་ཁ་བསྟན་སྦ་བར་བྱ༔ གཟའ་ནི་ཕུར་བུ་དག་ལ་ཤིས༔ ངན་སྔགས་སྟོང་ཕྲག་བརྒྱད་བཟླས་ནས༔ མཐའ་ཆད་མཆོད་རྟེན་རྙིང་པ་ལ༔ རི་རབ་བྱས་ལ་སྟེང་ནས་མནན༔ གང་བྱས་དགྲ་བོ་བརླག་པར་འགྱུར༔ ས་སི་ས་སྟོག་ཡག་ཤ༔ རག་ཤ༔ ཀྲ་རྡོ༔ པི་ཙུཿ གར་ས་ནི་ཛཿ ཁ་ཡགཿ ནྲྀ་ཛཿ ཡག་ཤ་སི་སི་ཁ་མནན༔ སྔགས་འདིས་ལིངྒའི་མཐའ་ལ་བསྐོར༔ དུག་ཆུས་བྲབ་ཅིང་དག་པར་བསྒྲང༔ དེ་ཡིས་བསྟན་པ་ཐུབ་པར་ངེས༔ དེ་ནས་སེར་བ་བཀའ་སྩལ་པ༔ ཐོད་ངན་ནང་དུ་མུ་ཟི་ནག༔ བཙན་དུག་རབ་ཆད་ནག་པོའི་ཤ༔ ཁྱི་ནག་ཁྲག་ཚོ་ཆ་སྙམས་ཏེ༔ ངན་སྔགས་ཞག་པོ་བཅུ་གཅིག་བཟླས༔ དགྲ་ཡུལ་ཀླུ་སར་ཐབས་བྲུབ་ནས༔ སེར་བ་འཕྲོས་ལུང་མེ་པར་འབབ༔ གསང་ཐབས་བྱ་བ་མན་ངག་གོ༔ ས་རྡོ་ས་སི༔ དེ་ཡི་ཨ་བ༔ འཕ་བེ་ཏོ་ཤི༔ རྦེ་ཎེ་བ་ཏ་ན་ཤ་ཡ་ན་པྲོ་མ་རྦད་ཤར་བྷྱོ༔ ཅེས་གསུངས་སོ༔ དགྲ་བོ་མཛེ་ལ་བསྐུར་ཐབས་ནི༔ དགྲ་གཟུགས་མཚལ་དམར་མཛེ་རུས་དང༔ བར་མེ་རྦ་བ་དགྲ་ཏུག་དང༔ རའི་རྒྱའི་ལོ་མའི་གྲོ་ག་ལ༔ དགྲ་བོའི་ལིངྒ་དཔྲལ་བར་མིང༔ སྙིང་གར་མིང་བྲི་སྔགས་མཐའ་བསྐོར༔ དྲིལ་ལ་སྦལ་སྦྲུལ་ཁོག་པར་བརྫང༔ དབྱར་རའི་ཚེས་བརྒྱད་ཆུ་མིག་གི༔ ཁྲུ་གང་འོག་ཏུ་སྦ་བར་བྱ༔ ལོ་མི་འགོར་བར་མཛེ་ཡིས་ཁྱེར༔ སྔགས་འདི་སྟོང་ཚོ་གསུམ་དུ་བཟླས༔ པི་ས་ཏོག་དི་བི༔ ཕུ་རུ་ལ་སན་ཏེ༔ ཛ་ན་ཛྭ་ལ༔ ས་ག་པ་ལ༔ ནག་དེ་ནག༔ དེ་བི༔ ཙི་ཙི་ཛྭ་ལ་ཁན་ཡན་ཏ་ཧཱུྃ་ཧཱུྃ༔ ཞེས་གསུངས་སོ། །ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ ངན་སྔགས་ཅོག་བརྡུང་གི་ལེའུ་སྟེ་གསུམ་པའོ༔ དེ་ནས་བཤན་པ་ལག་དམར་ལ༔ སྟོན་པས་རྫས་མཐུ་བཀའ་སྩལ་པ༔ བྱང་བ་ནག་པོའི་ཤ་དང་ནི༔ བསེ་ཤིང་ནག་པོའི་འབྲུབ་ཁུང་དང་༔ བཙན་དུག་ནག་པོའི་མེ་ཏོག་གསུམ༔ རྫིས་ས་སྙིང་སུམ་གསུམ་ཆ་གཅིག༔ ག་པུར་བྱས་ལ་ཁོང་སོང་ན༔ ཟླ་བ་གཅིག་སོང་ནང་རོལ་གཏུབ༔ རྩ་བ་གསུམ་ལ་ཐང་ཕྲོམ་མནན༔ སྨྱོ་འབོག་དག་གིས་དགྲ་བོ་འཆི༔ རྩ་བ་གསུམ་ལ་དཀྲུ་ནག་མནན༔ རླུང་ལ་བསྐུར་ན་རིམ་གྱིས་འགུམ༔ རྩ་བ་གསུམ་དང་བསེ་ཞོ་དང༔ ཟོ་ཤར་སྦྱར་ནས་གང་རེག་ཀྱང༔ རྨ་ནག་ཧོལ་མིག་དག་གིས་འགུམ༔ རྩ་བ་གསུམ་དང་ཙན་དན་སྦྱར༔ དགྲ་བོའི་རི་ཕྱུགས་ཀླུང་ཕྱུགས་ལ༔ བྱིན་ན་ཤ་ཟོས་ཐམས་ཅད་འགུམ༔ མཚལ་ནག་ཞོ་གང་དན་རོག་དགུ༔ ཁྲུན་བུ་ཐུན་གཅིག་ཕྱེ་མ་བྱ༔ གང་ཡང་རུང་བའི་རྟ་ལ་བསྐྱོན༔ ལྷོར་སོང་ཡར་མར་ཁྲག་ཏུ་སྐྱུག༔ དེ་ཡང་མན་ངག་གཅིག་ཆོས་ཡིན༔ ཡང་ཅིག་རྒྱས་བཤད་བཀའ་སྩལ་པ༔ མཚལ་ནག་ཏི་ཚ་ནག་པོ་དང༔ བཙན་དུག་ནག་པོ་ཐང་ཕྲོམ་ནག༔ མུ་ཟི་ནག་པོ་ལྗིད་མཉམ་སྟེ༔ ཞིབ་བཏགས་ཆང་བཟང་སྐྱོ་མ་བྱ༔ རྫ་བུམ་ནང་བླུག་ཁ་བཅད་ལ༔ རྟ་ཡི་ལུད་ལུག་ཚ་མོའི་ནང༔ ཞག་གཉིས་དག་ཏུ་བསྙལ་བར་བྱ༔ སྦྲང་རས་སམ་ལྕང་ཤིང་སོ་བ༔ རྟ་བོང་ལྕིང་ལ་ཁ་སྟོམས་རྩེ༔ གྲིབ་སྐམ་བྱས་ལ་གོང་རྫས་སྦྱར༔ དེ་ཡང་གྲིབ་སྐམ་བྱས་ནས་ནི༔ ཐབས་ལ་མཁས་པས་རླུང་ལ་བསྐུར༔ དུད་པ་ཕོག་ཚད་སྨྱོ་ཡིན་འཆི༔ རང་བསྲུང་མན་ངག་འདི་མེད་ན༔ བྱ་བ་མང་ན་རང་ལ་ངན༔ གླ་རྩི་མར་རྙིང་མི་མཁྲིས་དང༔ རང་གི་དྲི་ཆུ་ཨ་རུ་ར༔ ར་ཚིལ་བསྲེས་ལ་དུད་པས་བདུག༔ ལྷོར་བཟའ་ཡན་ལག་ཀུན་ལ་བྱུག༔ དེ་ཡི་རྫས་དུད་གནོད་པ་ཐུབ༔ དེ་ནས་བྱུག་པ་རྒྱས་བཤད་བྱ༔ བྱི་མོང་བརྡུངས་པའི་ཁུ་བ་དང༔ བསྲུབ་མ་བརྡུངས་པའི་ཁུ་བའི་ནང༔ བཙན་དུག་ར་དུག་ཐང་ཕྲོམ་དང༔ ཐར་ནུ་རེ་ལྕག་བུལ་ཏོག་དང༔ དུད་པ་རལ་པ་ཅན་རྣམས་མཉམ༔ ཞིབ་བཏགས་ཁྱི་ལུད་སྐམ་པོ་ཡིས༔ དུད་པས་རྫ་ཡི་བུམ་པར་བདུག༔ གོང་རྫས་ཆང་བཟང་སྐྱོ་མ་སྦྱར༔ བུམ་ནང་འདམ་ཁས་རྒྱས་བཏབ་ལ༔ རྟ་ལུད་ཚ་མོར་ཞག་གཉིས་མནན༔ དེ་ནས་འབྱིན་དུས་རང་བསྲུང་ནི༔ གླ་རྩི་མར་རྙིང་ཆང་རྒན་དང༔ རང་གི་དྲི་ཆུ་རྣམས་བསྲེས་ལ༔ ལྟོར་བཟའ་ཡན་ལག་སྣར་ཡང་བྱུག༔ དེ་ནས་བུམ་པ་ཁ་ཕྱེ་ལ༔ རང་ལ་རླངས་པ་མ་སོང་བར༔ ཤིག་ཀྱོག་བལ་དཀྲིས་དཀྲུགས་བྱས་ལ༔ བལ་དེ་དགྲ་བོའི་གོང་སམ་ཤ༔ ལྷམ་དང་རྟ་སྒ་གཡག་ཤིང་སོགས༔ ཀུན་ལ་རྫས་དེ་བྱུག་གྱུར་ན༔ སུ་ཡི་རེག་པ་ཕོ་ལ་འབྲས་སུ༔ སོང་ནས་མྱུར་དུ་འགྱུར་བར་འགུམ༔ དགྲ་བོའི་རྟ་ཕྱུགས་གསོད་འདོད་ན༔ ནུ་མ་ལག་པར་བླ་ཁྲག་བྱུག༔ རྫས་དེ་ར་རུར་བླུག་བྱས་ནས༔ མཁར་ལ་སྦས་ན་དགྲ་མཁར་འཇིག༔ རྫས་དེ་བ་རུར་བླུག་བྱས་ལ༔ ཐོང་གཤོལ་མི་རླེབ་ཞིང་དཀྱིལ་དུ། སྦས་ན་དགྲ་བོའི་ལོ་ཏོག་སྐམ༔ ཡང་ནི་དུར་བྱིད་ར་མཆིན་གཉིས༔ ཆ་མཉམ་བཟང་བར་ནང་དུ་བླུག༔ ཞག་གསུམ་དྲོད་ལ་བསྙལ་ནས་མནན༔ དེ་ནས་བཏོན་ལ་གྲིབ་བསྐམ་བྱ༔ ཞིབ་བཏགས་དངོས་གཞི་ཞོ་གང་ལྟོར་སོང་ན༔ ལོ་དུས་ན་ནི་ལེན་པ་ཡིན༔ ཞོ་དྲུག་ཟླ་བ་གསུམ་ན་འཕོ༔ སྲང་གཉིས་བཏང་ན་ཞག་གཉིས་ན༔ དེ་དག་གསོ་ན་ཁོང་བཤལ་བཏང༔ ཡང་ནི་དགྲ་བོ་གསོད་འདོད་ན༔ བཙན་དུག་ཐང་ཕྲོམ་ཕུག་རོན་བྲུན༔ བྱ་རྒོད་སྤོས་དང་ར་དུག་ས༔ རླུང་སྤང་ལངས་མ་ཐག་པ་དང༔ གར་ཆང་སྦྱར་ལ་གྲིབ་སྐམ་བྱ༔ ཞིབ་པར་བཏགས་ལ་ལྟོར་སོང་ན༔ མི་ཕྱུགས་གང་ཡང་འདྲ་བ་ཡི༔ མིག་གིས་གཟུགས་མི་མཐོང་སྟེ་ལོང༔ ཁ་ཡིས་སྨྲ་མི་ཤེས་ཏེ་ལྐུག༔ དགྲ་བོའི་གྲོང་ཁྱེར་འཕྲོག་པའམ༔ དམག་དཔུང་འཇོམས་ན་ཤིན་ཏུ་ཟབ༔ དེ་ཉིད་གསོ་ན་མི་བསྐྱོད་པ༔ ཕོ་རིལ་བཟང་དྲུག་བཏབ་ལ་བཏང༔ མི་རེ་སོས་པར་འགྱུར་བ་ཡིན༔ ཡང་ན་ཐང་ཕྲོམ་ནག་པོ་ཡི༔ འབྲུ་ཞིབ་བཏགས་པ་ཐུར་མགོ་གསུམ༔ ལྟོར་སོང་སྨྱོ་གྲིར་འཆི་བ་ཡིན༔ གསོ་ན་མར་ཁུ་ཕུལ་གང་བཏང༔ དེ་ཡི་ཁད་ཀྱི་སོས་པ་ཡིན༔ ཡང་ན་བསྒྲལ་ཐབས་རིགས་གཅིག་ལ༔ གུར་གུམ་མཚལ་དང་ཁྲག་སྐམ་དང༔ སོ་སོ་འཆའ་དང་ལྕམ་རྩ་ལྔ༔ ཞིབ་བཏགས་ལྟོར་སོང་ཁྲག་ཏུ་སྐྱུག༔ ཡང་ཅིག་མུ་ཟི་རྒྱ་སྐྱེགས་སྦྱར༔ ཞག་གཅིག་བསྙལ་ན་སྐམ་པ་དང༔ ཞིབ་བཏགས་ལྟོར་སོང་རབ་ཆད་དོ༔ བོང་ང་ནག་པོ་རི་ཤི་མང༔ རྩ་བ་ཞི་བཏགས་ལྟོར་སོང་ན༔ མི་རྟ་ཁྱི་གསུམ་གང་ཡང་ལེན༔ བོང་དཀར་མར་གཉིས་བཏང་ན་སོས༔ ཡང་ཅིག་དགྲ་བོའི་ཁྱི་གསད་ནས༔ ནོར་གྲོང་འཕྲོག་ན་འདི་བཞིན་བྱ༔ ཁྱི་ཡི་ཤ་མ་སྐམ་པ་དང་། བོང་ང་ནག་པོ་ཐང་ཕྲོམ་དང༔ སྦྱར་ནས་བྱིན་ན་མྱུར་དུ་འཆི༔ མར་ཟན་བྱིན་ན་སོས་པར་འགྱུར༔ དགྲ་བོ་དམག་དང་ཇག་པ་རྣམས༔ རེངས་པར་འདོད་ན་དུད་པ་དང༔ ཚུར་ནག་མཚལ་ནག་བུལ་ཏོག་དང༔ སུག་པ་ཡུང་ཀར་མུ་ཟི་དང༔ ཕ་བ་སྒོར་སྒོར་སྔགས་ཐལ་རྣམས༔ ཞིབ་ཏུ་སྦྱར་ནས་རླུང་གཅིག་བསྟུན༔ དགྲ་བོའི་གདོང་དུ་གཏོར་ན་རེངས༔ འཁུམ་པར་འགྱུར་བ་ཐེ་ཚོམ་མེད༔ ཡང་ཅིག་ཡུངས་ཀར་ཐལ་ཆེན་ལ༔ སྔགས་འདི་བཟླས་ལ་དགྲ་གདོང་དུ༔ གཏོར་ན་དགྲ་བོ་ཉམས་པར་འགྱུར༔ རང་བཞིན་ཧུར་ཕྱུང་འབུར་ཚུགས་བལྟ༔ ཡང་ཅིག་ཡུངས་ཀར་མི་མཁྲིས་ཀྱིས༔ བྱུག་ལ་སྔགས་བཟླས་དགྲ་མཁར་གཏོར༔ གང་ལ་གཏོར་བའི་ཁྱིམ་དེ་ཕུང༔ ༀ་ཤན་ཏ་ཤན་ཁ་ཐུན༔ ཡག་ཤག་སྙིང་ཤད་ཤད་བྷྱོ༔ ༀ་ནི་ཛ་ཛ་ཤ་རྦད༔ སྙིང་ལ་ས་མ་ཡ་རྦུད་ཕཊ༔ ཁྲག་རྩ་འདུས་རྦད༔ སྙིང་ཡ་མ་ཧཱུྃ་ཕཊ༔ སྲོག་ཕྲེང་སྲོག་ཕྲེང་ཆོང༔ སྙིང་ཡཾ་ཧཱུྃ་ཕཊ༔ ངན་སྔགས་ཤུགས་སྒྲོལ་ཤིན་ཏུ་ཟབ༔ ཡང་ཅིག་བསེ་ཞོ་མཛེ་ཁྲག་སྦྱར༔ གང་བྱུག་དགྲ་བོ་མཛེ་ཡིས་འཛིན༔ ཡང་ཅིག་གནམ་སྦལ་ཆེན་པོ་དེ༔ བཟུང་ལ་རྫ་མར་འོ་མས་གསོ༔ དེ་ཉིད་ཆེ་རུ་སོང་བ་དང༔ འོ་མའི་ནང་དུ་བཙན་དུག་དང་། བོང་བ་ནག་པོ་ཀ་ར་དང༔ བཟང་དྲུག་སྦྱར་ལ་སྦལ་པ་གསོ༔ ཤི་ནས་སྦལ་པའི་རོ་དེ་ཉིད༔ བླངས་ལ་གཙང་སར་གྲིབ་སྐམ་བྱ༔ ཀླད་པ་བྱིན་ན་ཀླད་པ་གཟེར༔ སྦལ་ལྤགས་བྱིན་ན་དགྲ་མིག་གཟེར༔ མདོར་ན་སྦལ་པའི་ཤ་དེ་དང༔ བོང་བ་ནག་པོ་ཀ་ར་སྦྱར༔ གང་བྱིན་དགྲ་ལ་དེ་ལྟར་འོང༔ པགས་པ་བྱིན་ན་མཛེས་འོང་ངོ་༔ ཡང་གཅིག་བསྒྲལ་ཐབས་ལུགས་གཅིག་ལ༔ བོང་ནག་སྤྲ་ཚིལ་སྦྱར་བྱས་ན༔ འོ་དོད་འབོད་ཅིང་འཆི་བ་ཡིན༔ སྤྲ་ཚིལ་ལྡུམ་བུ་རེ་རལ་གཉིས༔ བསྲེས་ནས་བྱིན་ན་སྐམས་ནས་འཆི༔ ཡང་ཅིག་སྦལ་པའི་ཤ་ཁྲག་དང༔ ཐང་ཕྲོམ་བསྲེས་ནས་བྱིན་གྱུར་ན༔ བུ་ག་དགུ་ནས་ཁྲག་འབབ་འགྱུར༔ བུལ་ཏོག་མུ་ཟི་དུད་པ་དང༔ བཅའ་སྒ་ཕྱེ་མ་རྣམས་སྦྱར་ནས༔ བཏབ་ན་དགྲ་ཞིང་སྐམ་པར་འགྱུར༔ བུད་མེད་མདོག་སེར་གདོང་སྨེ་གཡས༔ ཡོད་པ་ཅིག་གིས་བལ་ཚོན་ལྔ༔ རྨེད་པའི་ནང་དུ་ཉུངས་ཀར་བསྟུམ༔ ཕུར་ཆུང་གཅིག་གི་སྐེ་ལ་བཅིངས༔ ཤང་རྫས་ལ་ཤག་རྫས་ལ་ཨ་ལི་ནི༔ ཛ་བལ་ཨ་ཀར་ཤ་ལ་ཛ་ལ་བྷྱོ་བྷྱོ༔ འབུམ་ཙམ་བཟླས་ནས་མཁར་ནང་སྦས༔ འགོར་ཡང་ལོ་དུས་ཚུད་ལ་ནི༔ འཇིག་པར་འགྱུར་བ་ཐེ་ཚོམ་མེད༔ ཡང་ཅིག་རྫས་ཀྱི་སེར་བ་ནི༔ སྦལ་པའི་ཤ་དང་སྤྲུལ་གྱི་ཤ༔ ཉ་ཡི་ཤ་དང་རྩངས་པའི་ཤ༔ སྡིག་པའི་ཤ་དང་ཁྱི་ནག་ཁྲག༔ རྩ་ནག་ཁྲག་དང་ཁྱི་རྒྱའི་ཁྲག༔ བུད་མེད་ནལ་ཡུགས་མངལ་ཁྲག་བཟང༔ དེ་ཚོ་སྦྱར་བའི་རིལ་བུ་ནི༔ མཐེ་བོང་ཙམ་པ་བཅུ་གཅིག་བྱ༔ མི་ལུད་ཁྱི་ལུད་བྱ་ལུད་བྱ༔ དགྲ་ཡུལ་ལྷ་ཀླུ་གཉན་པར་བསྲེག༔ རྫས་སེར་ཡུལ་ཁམས་ཕུང་བ་འབབས༔ དེ་ལ་སོགས་པའི་ངན་ཐབས་རྣམས༔ ཤན་པ་ལག་དམར་ཡིད་ལ་འཆོངས༔ ཁྲོས་མ་ནག་མོ་གསང་བ་སྙིང་གི་ཐིག་གི་རྒྱུད་ལས༔ མྱུར་མགྱོགས་རྫས་ཀྱི་སྟོབས་བཤད་པའི་ལེའུ་སྟེ་བཞི་པོའོ༔ དེ་ནས་བཤན་པ་ལག་དམར་ལ༔ མུན་པའི་སྒྲུབ་པ་འདི་གསུངས་སོ༔ འདི་ལ་རྫས་སྔགས་ཏིང་འཛིན་གསུམ༔ རྫས་ནི་བྱ་ལེ་ཤར་བའི་ཚེ༔ རི་གསུམ་རྩེ་དང་ལུང་གསུམ་མདོ༔ རླུང་འཚུབ་ལངས་ཚེ་ས་དྲུག་བླངས༔ རྒྱ་མཚོ་མདོ་གསུམ་གཏིང་ནས་ནི༔ ཐབས་ལ་མཁས་པ་བླངས་པ་ནི། ས་དང་བསྲེ་ལ་ཟངས་སུ་བསྐོལ༔ ཟར་མའི་བྱེ་བཏབ་རིལ་བུ་བྱ༔ དབྱར་མཐའ་ཐ་ཆུང་ཉི་ཤུ་དགུའི༔ ནམ་ནི་སྨུག་པ་འཐིབ་པའི་སར༔ གློག་དམར་འཁྱུག་པའི་དུས་བཟུང་སྟེ༔ ཕ་ཝཾ་ཁོག་པར་རིལ་བུ་གཞུག༔ གཉིས་པ་སྔགས་ཀྱི་རིམ་པ་ནི༔ ཕ་ཝཾ་རོ་ལ་གསང་སྔགས་འདི༔ སྟོང་ཕྲག་དྲུག་ཏུ་བཟླས་པས་འགྲུབ༔ མཐོང་མཐོང༔ ཧྲེབ་ཧྲེབ༔ ཡེལ་ཡེལ༔ བུན་བུན༔ ལོང་ལོང༔ ཕྱོད་ཕྱོད༔ རུ་སི་རུ་པ་ཧྲིབས་ཐིབས༔ དྷེ་བ་རི་ལ་བྱོལ་བྱོལ་ཕྱིས་ཏ་ནི་རུ་ས་ཡེས་ཧྲིལ༔ རིལ་བུ་དང་ནི་ཕ་ཝང་ངོ་༔ ནང་ནུབ་ཉི་ཟེར་གཉིས་ལ་བསྐམ༔ རོ་དང་རིལ་བུ་རྡོ་དཀར་དང༔ རྡོ་ནག་གཉིས་ལ་བསྲེས་ལ་བརྡུངས༔ ཤིང་རིགས་གཉིས་ཀྱི་སླང་ངར་རྔོ༔ རྩི་བཞིན་བཏགས་པའི་ཕྱེ་མ་ནི༔ རིན་ཆེན་གའུའི་ནང་དུ་སྦ༔ འགྲོ་འདོད་དགྲ་བོ་གང་འཇོམས་ཀྱང༔ ཐིག་ལེ་བྱ་ཞིང་རྫས་དེ་བཅངས༔ དེ་ཡིས་ཚུར་ལ་མི་མཐོང་ཞིང༔ ཕར་ལ་མཐོང་བས་དུ་རུ་ཀའི༔ དམག་དཔུང་ལ་སོགས་འཇོམས་པར་ནུས༔ དེ་ནས་རང་ཉིད་གཞན་དག་གིས༔ མཐོང་བར་འདོད་ན་རྫས་དེ་བཀྲུ༔ སྔགས་འདི་བརྒྱ་བཟླས་མཆིལ་མ་ཡིས༔ ལུས་ལ་བྱུག་པས་མཐོང་བ་ཡིན༔ རྡོ་ས་ནི་རུ་ས་སེར༔ ཡེད་ཡེད་སེར་དྲང་ངེས་ནི་ཏི་སྭཱ་ཧཱ༔ གསུམ་པ་ཏིང་འཛིན་རིམ་པ་ནི༔ ཐོག་མ་བར་དང་ཐ་མ་རུ༔ ཕྱོགས་བཅུའི་རྫས་རྣམས་ཐམས་ཅད་དུ༔ མུན་པ་ནག་པོས་འཚུབས་པར་བསམ༔ ཁྲོས་མ་ནག་མོ་གསང་བ་སྙིང་ཐིག་གི་རྒྱུད་ལས༔ དགྲ་བོ་འཇོམས་པ་མུན་ནག་འཁོར་ལོ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ༔ བདུད་ཤན་པ་ལག་དམར་གྱིས་བཀའི་བསྡུ་བ་པོ་བྱས་ནས་གཏེར་དུ་སྦས་པ་ལས༔ ཕྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གཟི་བརྗིད་མ་ཐུབ་པར་ལ་བརྟེན་ནས༔ རང་གི་སྲོག་སྙིང་དང་རྒྱུད་འདི་བཏོན་ནས་བཅོམ་ལྡན་འདས་ལ་ཕུལ་ལོ༔ དེ་ནས་ཕྱག་ན་རྡོ་རྗེས་རྒྱུད་བཅུ་བདུན་གྱི་བཀའ་སྲུངས་སུ་བཞག་ནས་རིམ་པར་གཅིག་ནས་གཅིག་ཏུ་བརྒྱུད་ནས་གཏེར་དུ་གཏམས་ཏེ༔ མི་ནུབ་ཙམ་དུ་བྱས་པ་ལས་སྲོག་ལ་བསྔོ་བ་དང་བསྟན་པ་འཇིགས་པ་བྱུང་ན་སྤྱད་ཀྱི༔ གཞན་ནི་ཚིག་ཙམ་དུ་མ་ཤོར་བར་སྦོས་ཤིག༔ ཟབ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔